cover

ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

གླེགས་བམ། ན༽

ཀུན་མཁྱེན་པདྨ་དཀར་པོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྒྲོལ་མ་སྔོན་མོའི་སྒྲུབ་ཐབས་འདོད་དགུའི་འདོད་འཇོ།

སྒྲོལ་མ་སྔོན་མོའི་སྒྲུབ་ཐབས་འདོད་དགུའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །གང་གི་མིང་རྣམས་དྲན་པས་སེམས་ཅན་རྣམས། །རྟག་པར་བསྒྲལ་བས་འཇིག་རྟེན་ཁམས་ཉིད་དུ། །རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས་དེ་ཡིས། །ཀུན་ནས་བདག་ལ་བདེ་ལེགས་མཛད་གྱུར་ཅིག། འདིར་སྔགས་པས་སྔ་བར་ལངས་ནས་ཁྲུས་དང་གཙང་སྦྲ་ལ་གནས་པས། ཡིད་དུ་འོང་བའི་ས་ཕྱོགས་སུ། དྲིའི་ཆག་ཆག་བཏབ། མེ་ཏོག་བཟང་པོ་གཅལ་དུ་བཀྲམ། སྟན་འཇམ་པོ་དང་། མདུན་དུ་བྲིས་པའམ་འབུར་དུ་དོད་པའི་འཕགས་མའི་སྣང་བརྙན་ལ་མཆོད་པའི་རྫས་ཅི་འབྱོར་བཤམས་ནས། སྐྱིལ་མོ་ཀྲུང་གིས་གནས་པས། རང་གི་སྙིང་གར་ཨ་ལས་བསིལ་ཟེར་བྱེད་པའི་དཀྱིལ་འཁོར། དེའི་དབུས་སུ་ཡིད་དུ་འོང་བའི་ཨུཏྤལ་སྔོན་པོའི་ཟེའུ་འབྲུ་ནང་དུ་དིམ་པ་རི་བོང་གི་མཚན་མ་མེད་པའི་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་ཁུ་ལས་འཕྲོས་པའི་འོད་གསེར་བཙོ་མ་ལྟ་བུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། དེ་དག་ན་བཞུགས་པའི་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེ་ནས། བླ་ན་མེད་པའི་མཆོད་པ་བདུན་མཚོན་པའི་ཚིགས་སུ་བཅད་པ་འདིས་མཆོད་པར་བྱ་སྟེ། སྡིག་པ་ཐམས་ཅད་བདག་གིས་བཤགས་པར་གྱི། །དགེ་ལ་མཆོག་ཏུ་དགའ་བས་རྗེས་ཡི་རང་། །བཅོམ་ལྡན་དམ་ཆོས་འཁོར་ལོ་བསྐོར་བ་དང་། །སྐྱེ་བོའི་དོན་ཕྱིར་བཞུགས་པར་གསོལ་བ་འདེབས། །དཀོན་མཆོག་རིན་ཆེན་གསུམ་ལ་མངོན་དད་པས། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །དམ་པའི་ལམ་དེ་ཡང་དག་བསྟན་པར་བགྱི། །དགེ་བ་བསྒྲུབས་པ་རྫོགས་པའི་བྱང་ཆུབ་བསྔོ། །ཨོཾ་ཨཱཿཧཱུྃ་ཞེས་པས་གཤེགས་སུ་གསོལ་ནས། སྙིང་ཐག་པས་ཚད་མེད་པ་བཞི་འདི་ལྟར་བསྒོམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །དེ་ནས། རྣམ་པར་རྟོག་པ་མཐའ་དག་སྤངས་ཏེ་རྩེ་གཅིག་པའི་རྒྱུན་ལ་མཉམ་པར་གཞག་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པའི་སྔགས་འདིས་བྱིན་གྱིས་བརླབ་བོ།། ཨོཾ་སྭབྷཱཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭབྷཱཝ་ཤུདྡྷཱཱོཧཾ། ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་དུ་བལྟས་ནས། སྟོང་པ་ཉིད་ཀྱི་སྔགས་འདིས་བྱིན་གྱིས་བརླབ་བོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱན་བཛྭ་སྭབྷཱཝ་ཨཱཏྨ་ཀཱོཧཾ། སྟོང་པ་ཉིད་ལས་སྔོན་ན་གནས་པའི་བསིལ་ཟེར་བྱེད་པའི་དཀྱིལ་འཁོར། དེའི་དབུས་སུ་ཡིད་དུ་ཡོང་བའི་ཨུཏྤལ་སྔོན་པོའི་ཟེའུ་འབྲུའི་ནང་དུ་དིམ་པ་རི་བོང་གི་མཚན་མ་མེད་པའི་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་གུ་ལས། རང་ཉིད་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་མརྒཏ་ཀྱི་མཚོ་ལྟ་བུར་ལྗང་ཞིང་མཛེས་པ་ཐམས་ཅད་ཀྱི་དཔྱིད་དུ་གྱུར་པའི་བཞིན་འཛུམ་པ། ཨུཏྤལ་སྔོན་པོའི་ཞགས་པ་ལྟ་བུའི་སྤྱན་ཞི་བས་གཟིགས་ཤིང་། ཡོངས་འདུའི་མེ་ཏོག་གི་སྙེ་མ་དང་། ལྷའི་གསེར་གྱི་ཅོད་པན་བཅིངས་པའི་ཟུར་ཕུད་དོན་ཡོད་གྲུབ་པའི་རིན་པོ་ཆེས་བརྒྱན་པ། ཡིད་བཞིན་གྱི་ནོར་བུའི་རྣ་ཆ་དང་། མགུལ་རྒྱན། ཡིད་དུ་འོང་བའི་དོ་ཤལ་གྱིས་ཤིན་ཏུ་ལྕི་བའི་ནུ་མ་ཟུང་སྤྲས་ཤིང་། དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་སྨད་རྒྱན་ཐམས་ཅད་ཀྱིས་ཀླུབས་པ། གདུ་བུས་ཉེ་བར་མཛེས་པའི་ཕྱག་གཡས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱི་ཨུཏྤལ་ལའི་སྡོང་བུ་ཁ་ཕྱེ་བ་ཐུགས་ཀར་འཛིན་པ། པཉྩྨ་ལི་ཀའི་དོ་ཀེར་དང་ཤམ་ཐབས་ཅན། བཅུ་དྲུག་པའི་ལང་ཚོས་མཆོག་ཏུ་སྒེག་ཅིང་། འཛམ་བུའི་གསེར་གྱི་འོད་ཟེར་བྱེ་བ་ཕྲག་བརྒྱ་འབར་བ། ཤིང་རྟའི་འཁོར་ལོའི་ཚད་ཙམ་པའི་ཆུ་སྐྱེས་དཀར་པོའི་སྟེང་། ཀུ་མུ་ཏའི་གཉེན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་སྐུར་གྱུར་པ་ཇི་སྲིད་འདོད་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས། ཐུགས་ཀར་བསིལ་ཟེར་བྱེད་པའི་དཀྱིལ་འཁོར། དེའི་དབུས་སུ་ཡིད་དུ་འོང་བའི་ཨུཏྤལ་སྔོན་པོའི་ཟེའུ་འབྲུའི་ནང་དུ་དིམ་པ་རི་བོང་གི་མཚན་མ་མེད་པའི་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་ཁུ་ལས་འཕྲོས་པའི་འོད་གསེར་བཙོ་མ་ལྟ་བུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་བཅོམ་ལྡན་འདས་མ་ཡེ་ཤེས་སེམས་དཔའ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། ཚུལ་འདི་ལྟ་བུས་མཆོད་པར་བྱ་སྟེ། ཡན་ལག་བརྒྱད་ལྡན་ལྷ་ཡི་རྫིང་བུ་ནས། འཆི་མེད་བུ་མོའི་ལག་པད་ཀྱིས་བཅུས་ཏེ། །ཡིད་འོང་སྣོད་དུ་བསྐྱིལ་བ་སྤོས་ཀྱི་ཆུས། །བཅོམ་ལྡན་འདས་མའི་སྐུ་ལ་ཁྲུས་བགྱིའོ། །ཨོཾ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭ་ཧཱ། ལྷ་མིའི་འདོད་དགུའི་རྨད་བྱུང་མེ་ཏོག་འཕྲེང་། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་ལྟ་བ། །དེ་ལྟར་གྱུར་པའི་མཆོད་པའི་སྤྲིན་ཕུང་གིས། །འཕགས་མའི་དཀྱིལ་འཁོར་རྣམ་པར་བརྒྱན་པར་བགྱི། །པུཥྤེ། བདུག་པའི་སྤོས། དྷཱུ་པེ། སྣང་བྱེད་སྒྲོན། ཨཱ་ལོ་ཀེ །དྲི་ལྡན་ཆུ། གནྡྷེ། བདུད་རྩི་ཟས། ནཻ་ཝིདྱཱ། རྒྱུད་མངས་ལ་སོགས་སྒྲ་སྙན་ཀུན་སྦྲེང་ཞིང་། །གླིང་བུ་རྣམས་བསྒྱུར་རྔ་འཁར་རྫ་རྔ་བརྡུང་། །ཡན་ལག་འབུམ་ལྡན་སིལ་སྙན་ཕེག་རྡོབ་འཁྲོལ། །དུང་འབུད་དྲིལ་བུའི་སྒྲ་ཅན་མི་ཟད་པ། །ག་མ་ཀས་བཅིངས་དགའ་བའི་གླུ་དབྱངས་དང་། །གློག་འཕྲེང་ལྟར་གཡོ་མེ་ན་ཀ་ཡི་གར། །མ་ལུས་སྦྱར་བ་མིག་དང་རྣ་བ་དང་། །སྙིང་ལ་བདུད་རྩི་སྦྱིན་པས་ཟླ་མཚུངས་པ། །བརྒྱ་བྱིན་ཐོགས་པའི་ནོར་བུ་ལས་གྲུབ་ཅིང་། །རི་དབང་རོལ་པའི་མཚོ་དང་རི་བོ་བདུན། །གླིང་ཆེན་བཞི་དང་ཉེ་བའི་གླིང་ཕྲན་བརྒྱད། །རྒྱ་མཚོ་ཁོར་ཡུག་རིར་བཅས་བཀོད་པའི་མཆོག །ཕྱོགས་ལས་རྒྱལ་བྱེད་གསེར་གྱི་རྩིབས་སྟོང་ཅན། །བུད་མེད་དམ་པ་མཚན་བརྒྱན་འོད་ཟེར་གཡོ། །གླང་ཆེན་མཆེ་བ་དྲུག་ལྡན་གངས་རིར་མཚུངས། །རྟ་མཆོག་རྨ་བྱའི་མགྲིན་ལྟར་འཚེ་བ་དང་། །ནོར་བུ་རེ་སྐོང་ཉི་མ་ལྟ་བུར་གསལ། །འདོད་དགུའི་ཡོན་ཏན་མཛོད་འགེངས་ནོར་གྱི་བདག །དམག་དཔོན་དཔའ་སྡེ་ལྡན་དང་ཉེ་བའི་བདུན། །དཔལ་གྱི་བེའུ་འཁོར་ལོ་པདྨའི་སྡོང་། །རྒྱལ་བའི་མཚན་མ་གདུགས་དཀར་གཏེར་གྱི་བུམ། །གཡས་སུ་འཁྱིལ་དང་གསེར་ཉ་འཛིན་ལྷ་མོ། །གཞན་ཡང་བཀྲ་ཤིས་རྫས་སུ་བྱིན་རླབས་བརྒྱད། །འདོད་འཇོའི་བ་དང་མ་རྨོས་འཁྲུངས་ལོ་ཏོག །བུམ་པ་བཟང་དང་དཔག་བསམ་ཡོངས་འདུའི་ཤིང་། །ཡིད་བཞིན་ནོར་བུ་འཛད་མེད་ནམ་མཁའི་མཛོད། །གཉིས་སྐྱེས་ཡིད་འོང་རི་དྭགས་མཆོག་གི་ཁྱུ། །ཞོན་པར་འོས་པ་ཇི་སྙེད་མཆིས་དེ་སྙེད། །ཁམས་གསུམ་དབང་པོ་རང་རིགས་སྡེར་བཅས་པ། །སྣ་ཚོགས་ཟ་འོག་རྒྱལ་མཚན་དེ་བཞིན་འཕན། །མུ་མེད་བླ་བྲེ་ཡོལ་བ་དར་དཔྱངས་པའི། །མདའ་མཛེས་རྣམ་པ་མང་པོའི་རིན་ཆེན་གདུགས། །བ་དན་ཕྱེ་ཕུར་མུ་ཏིག་དྲ་བའི་མཆོག །ནོར་བུའི་རྒྱལ་པོ་ལས་བྱས་གཞལ་མེད་ཁང་། །ལྷ་ཡི་མལ་ཁྲི་གདན་དང་དམ་པའི་རྒྱན། །ཡོངས་འདུ་ལས་འོངས་རེག་ན་བདེ་བའི་གོས། །རོ་བརྒྱ་སྦྱར་བའི་གཡོས་དང་བཏུང་བའི་ཚོགས། །ལྷ་མིའི་ཡོད་པའི་ཡོན་ཏན་རྨད་བྱུང་བ། །འདོད་དགུའི་དཔལ་འབྱུང་ཡོད་དོས་བདག་མཆོད་ན། །ཡིད་ལ་དགོས་པའི་མཆོག་རྣམས་དེང་སྦྱིན་མཛོ།། དེ་ནས། ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་ཅིང་། །མཚན་བརྒྱ་རྩ་བརྒྱད་འདིས་ཀྱང་བསྟོད་པར་བྱའོ།། ཨོཾ། དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་བྱེད་མ། །སྭཱ་ཧཱ། ཨོཾ་གྱི་རྣམ་པ་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུང་ནི་རྒྱས་པ་མོ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཅན། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་ཆེན་མ། །སྟོབས་མོ་ཆེ་ལ་ཕ་རོལ་བྱིན། །རྩུབ་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་བ་འབར་བའི་འོད། །གློག་གི་འཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །མཚོན་བྱེད་རེངས་བྱེད་ནག་མོ་ནི། །མཚན་མོ་ནག་མོ་མཚན་སྤྱོད་མ། སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །མཛེས་མ་དགེ་མ་འདྲ་བའི་ལྷ། །ཚངས་པ་མོ་དང་རིག་བྱེད་མ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེ་ནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མ། །ཚངས་པ་བདེན་མ་གཞན་མི་རྒྱལ། །དེད་དཔོན་ཆེན་པོ་སྙིང་རྗེར་གནས། །ཆུད་ཟོས་ལམ་ནི་རབ་སྟོན་མ། །མཆོག་སྟེར་དོན་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མ་བདུད་རྩི་མ། །ངེས་མ་ནོར་ཅན་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །དྲག་དང་བརཏལ་ཞུགས་ཆེན་མོ་དག །འགྲོ་ལ་གཅིག་ཏུ་ཕན་པར་བརྩོན། །སྐྱབས་བྱེད་གུས་ལ་གསང་བ་མོ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་པ་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་སྒྲུབ་བྱེད་བཟང་པོ་མ། །གསང་བྱེད་གསོད་བྱེད་ནོར་སྟེར་མ། །མི་འཇིགས་བསོད་ནམས་གོའུ་ཏ་མི།། དེ་ནས་ཐལ་མོ་སྦྱར། གུང་མོ་བསྒྲེངས་པའི་ཚིགས་གསུམ་པའི་སྟེང་དུ་མཛུབ་མོའི་རྩེ་མོ་བཞག མཐེ་བོང་མཉམ་པར་གཤིབས་པ་ཡང་ཚིགས་དེ་དང་ཉེ་བར་བཀོད། །མིང་མེད་ནང་དུ་བཀུག མཐེའུ་ཆུང་སྦྱར་བ་བརྐྱང་བ་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་སྟེ། དེ་བཅིངས་པ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་མཉེས་པར་བྱས་ནས། ཡེ་ཤེས་སེམས་དཔའ་དེ་ཉིད་དམ་ཚིག་སེམས་དཔའི་གཟུགས་ཀྱི་ནང་དུ་ཞུགས་ནས་གཉིས་སུ་མེད་པར་གྱུར། དེ་ནས། སྙིང་གའི་ས་བོན་ལས། སྒྲོལ་མ་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པ་ཐམས་ཅད་དུ་འཕྲོས་པས། དེ་དག་ན་གནས་པའི་སེམས་ཅན་རྣམས་ལ་རིན་པོ་ཆེའི་ཆར་ཕབ་པས་དབུལ་བ་བསལ་ཞིང་། ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་སོགས་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱིས་འགྲོ་བའི་དོན་མཛད། ཁམས་གསུམ་པ་དེ་དག་ཀྱང་སྒྲོལ་མའི་སྐུར་གྱུར་ཏེ། ཏཱཾ་ཡིག་གི་འོད་ཀྱིས་དེ་སྙེད་པའི་ཡེ་ཤེས་པ་བཀུག སླར་ཕྱག་རྒྱ་བཅིངས་པས། དམ་ཚིག་པ་དེ་དག་གི་ནང་དུ་ཞུགས་ཏེ། གཉིས་སུ་མེད་པར་བསམས་པའི་སྤྲོ་བ་དང་བསྡུ་བའི་རིམ་པ་འདི་ཇི་སྲིད་ངལ་བར་མ་གྱུར་པ་དེ་སྲིད་བསྒོམ་བར་བྱའོ། །ངལ་ན། སྙིང་གའི་ས་བོན་གྱི་མཐར་མདུན་ནས་གཡས་སུ་འཁོར་བའི་རིག་སྔགས་ཀྱི་རྒྱལ་མོ། །ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། མརྒཏ་ཀྱི་འཕྲེང་བ་ལྟ་བུ་ལ་དམིགས་ཏེ་ བཟླས་པར་བྱའོ། །དེ་ནས། བསམ་གཏན་ལས་ལངས་ནས་འགྲོ་བ་རྣམས་སྒྲོལ་མའི་སྐུར་བལྟ་ཞིང་ང་རྒྱལ་བྱས་ནས་ཇི་ལྟར་བདེ་བར་གནས་པས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་བྱ་བ་ལ་སོགས་པས་བསྔོ་བར་བྱའོ།། འདིས་དངོས་གྲུབ་ཆེན་པོ་བརྒྱད་རང་ཉིད་ཀྱི་ཕྱོགས་སུ་ལྷུང་བར་བྱེད་དོ། །དེར་ཅི་ཟད། བཅོམ་ལྡན་འདས་མ་མངོན་དུ་མཐོང་ནས། ཡིད་ལ་འདོད་དགུ་སྟེར་བར་མཛད་ལ། མང་པོ་སྨྲས་པས་ཅི་ཞིག་བྱ། མཆོག་ཏུ་རྙེད་པར་དཀའ་བའི་སངས་རྒྱས་ཀྱང་དེའི་ལག་པའི་མཐིལ་ན་གནས་སོ། །སློབ་མ་རྗེས་སུ་འཛིན་པ་ལ་སོགས་པའི་ཚེ། མདུན་བསྐྱེད་བསྒྲུབ་པ་ནི། བའི་ལྕི་བ་སར་མ་ལྷུང་བའམ། དྲིའི་ཆུས་སྦྱངས་པའི་པདྨ་འདབ་མ་བརྒྱད་པའི་མཎྜྻལ་བྱས་ལ། ཨོཾ་བཛྭ་རེ་ཁེ་ཧཱུྃ་ཞེས་པས་བསྲུང་བར་བྱའོ། །དེ་ནས། མཎྜྻལ་གྱི་དབུས་ཀྱི་ཚོམ་བུ། ཨོཾ་སྭབྷཱཝས་སྦྱངས་ནས། སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་སྐུར་གྱུར། ཐུགས་ཀ་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཅེས་པའི་བར་གཞན་སྔར་བཞིན་ལས། རང་ཉིད་ཅེས་པ་འཇོག་པ་ཙམ་མོ། །དེ་ནས། ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་བཅིངས། ཡེ་ཤེས་སེམས་དཔའ་དེ་ཉིད་དམ་ཚིག་སེམས་དཔའི་གཟུགས་ཀྱི་ནང་དུ་ཞུགས་ནས་གཉིས་སུ་མེད་པར་གྱུར། དེ་ལ་སྔར་བཞིན་མཆོད་བསྟོད་བྱ། དེ་ནས། བུམ་རྫས་བཏབ་པའི་བུམ་པ་བཟང་པོ་རས་ཀྱིས་མགུལ་དཀྲིས་པ་ཁ་རྒྱན་ཅན་མཎྜྻལ་གྱི་སྟེང་དུ་བཞག་ལ། ཨོཾ་སྭ་བྷཱ་ཝ་ནས། སྟོང་པ་ཉིད་ལས། བུམ་པ་བཟང་པོའི་ནང་དུ་བསིལ་ཟེར་བྱེད་པའི་བར་མདུན་བསྐྱེད་བཞིན་ལ། དེའི་མཐར་སྔགས་བཟླས་ཏེ་བཅོམ་ལྡན་འདས་མ་འོད་དུ་ཞུ་བ་གོང་བུའི་ལྷར་གྱུར་བར་བསམ་མོ། །དེ་ནས། སློབ་མ་དྲིའི་ཆུས་ཁྲུས་བྱས། གྲལ་ལ་འཁོད། མཎྜྻལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། བླ་མ། བཅོམ་ལྡན་འདས་མ་སྒྲོལ་མར་གསལ་བའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་སྡོམ་པ་བླང་། དེ་ནས་སློབ་མ་ཨོཾ་སྭ་བྷཱ་ཝ་ནས། ཡེ་ཤེས་པ་དང་བསྲེ་བའི་བར་མདུན་བསྐྱེད་བཞིན་བསྒོམ་དུ་བཅུག སླར་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ལས་སྤྲོས་པའི་དབང་གི་ལྷས་བུམ་པ་སྤྱི་བོར་བཀོད་དེ། གཟུངས་སྔགས་ཀྱིས་དབང་བསྐུར། དེའི་ཚེ་དངོས་སུ། སློབ་དཔོན་གྱིས་བུམ་པ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་སློབ་མའི་སྤྱི་བོར་བཞག བུམ་པའི་ཆུ་བྱིན་ནས། རིན་པོ་ཆེའི་ཕྱག་རྒྱས་སྤྱི་བོར་གཏུག རཏྣ་ཨ་བྷི་ཥིཉྩྨ་མཱཾ། ཞེས་བརྗོད་པར་བྱའོ། དེ་ནས་བླ་མའི་ཞལ་ནས། སྔགས་ཀྱི་འཕྲེང་བ་འཐོན། སློབ་མའི་ཁ་ནས་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་པས། སྙིང་པོ་བརྒྱ་རྩ་བརྒྱད་བཟླས། བཅོམ་ལྡན་འདི་ལ་སོགས་དང་། བཅོམ་ལྡན་བདག་གིས་ཞེས་བརྗོད་དུ་བཅུག །དེ་ནས། སློབ་མའི་མོས་གུས་ཀྱིས་དཀྱིལ་འཁོར་གྱི་ལྷ་མོ་སྤྱི་བོར་བྱོན་ནས་ཐིམ། མཚན་མ་མེད་པ་ལ་མཉམ་པར་འཇོག་ཏུ་གཞུག་གོ། མཎྜྻལ་དང་ཡོན་འབུལ་ལོ། །དེ་ལྟར། བཅོམ་ལྡན་འདས་སྒྲོལ་མའི་ཆོ་ག་འདོད་དགུའི་འདོད་འཇོ་ཞེས་བྱས་བ། དཔེ་མེད་བསྲུང་བའི་གཞུང་དང་མཐུན་པར། པད་མ་དཀར་པོས་སྦྱར་བའོ། །སརྦ་མངྒ་ལཾ།། །།

ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དགོས་འདོད་འབྱུང་བ།

ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དགོས་འདོད་འབྱུང་བ་བཞུགས་སོ། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཡིད་ལ་ཅི་དགོས་སློང་རྣམས་ཀྱི། །རེ་བ་སྦྱིན་པས་འདོད་པ་གང་མཛད་ལ། །དཔག་བསམ་ཤིང་ལས་ཡོན་ཏན་ཆེས་ལྷག་པའི། །བཅོམ་ལྡན་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་ལ་དད་པས་འཆི་བདག་གི་བདུད་གཞོམ་པར་འདོད་པ་དག་གིས། དང་པོར་རྗེས་སུ་གནང་བ་ཐོབ་པར་བྱས་ནས། དབེན་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ནས་ཟླ་བ་དྲུག་གི་བར་གྱི་ཆ་རྐྱེན་ཚང་བར་བསགས། རྗེ་བཙུན་མའི་སྐུ་གཟུགས་ལ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་དང་། ཆུ་གསུམ་རྣམ་ལྔ་རོལ་མོ་དང་བཅས་པ་ཡིད་བཞིན་དུ་བཤམ་ནས།ཐོ་རངས་བདེ་བའི་སྟན་ལ་ཁ་ལྷོར་བལྟས་ཏེ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཡིད་བཞིན་འཁོར་ལོར་གསལ་བའི་སྙིང་གར་པད་དཀར་ཟླ་བས་བརྒྱན་པའི་དབུས་སུ་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་ཅིང་། །འཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ཨོཾ་ཏཱ་རེ་ས་པ་རི་ཝཱ་རེ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱེ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ལ་སོགས་པ་བདུན་རྣམ་དག་ལན་གསུམ་བྱ། བཛྭ་མུཿཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་ཡིད་དང་འདྲེ་བར་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿ སྭ་བྷཱ་ཝ་ཤུ་དྡྷོ་ཱ་ཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། པཾ་ལས་པདྨ་དཀར་པོ་དང་། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོས་སྤྲུལ་བའི་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། བལྟ་བས་མི་ངོམས་པར་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས། ཕྱག་ཞབས་བཞིའི་མཐིལ་དང་བཅས་པའི་སྤྱན་བདུན་མ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོའི་རྩ་བ་ཐུགས་ཀར་བཟུང་བ། རྩེ་མོ་གསུམ་དུ་གྱེས་པའི་དབུས་མེ་ཏོག་ཁ་བྱེ་བ། གཡས་བུད་པ། གཡོན་མ་བྱེ་བ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། ལྷའི་དར་ཟབ་ཀྱི་སྟོད་གཡོགས་སྨད་གཡོགས། རིན་པོ་ཆེའི་སྐེ་རགས་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་ཐོན་མཐིང་ལྟག་པར་བཅིངས་པའི་ལན་བུ་ཐུར་དུ་འཕྱང་བ། བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཟླ་བའི་རྒྱབ་ཡོལ་ཅན་གྱི་པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དྲི་མ་མེད་པའི་འོད་ཟེར་དཀར་པོའི་དབུས་ན་བརྗིད་པའི་སྙིང་གར་ཟླ་བའི་འཁོར་ལོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ལྟེ་བར་ཏཱཾ་ཡིག་དང་། ཨོཾ་ཧཱ། བར་དུ་བདག་ཉིད་ཀྱི་མིང་སྤེལ་ཚིག་དང་བཅས་པས་བསྐོར་བ། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་རྣམས་ཀུན་ད་ལྟར་དཀར་ཞིང་གྱེན་དུ་ལངས་པས་གང་བར་བསམས་ལ། ཇི་སྲིད་ཡིད་མི་སྐྱོ་བ་དེ་སྲིད་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་སྔགས་སྒྲ་ཧ་ཅང་མི་ཆེ་མི་ཆུང་རིང་ཐུང་ལྷག་ཆད་མེད་པ་མ་ཡེངས་པར་བཟླས་ཤིང་། འཁོར་ལོ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་དག འོད་ཟེར་ཕྱིར་འཐོན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་སྒྲོལ་མར་གྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་དང་། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་འཆི་མེད་ཚེའི་དངོས་གྲུབ་ཀྱི་རང་བཞིན་འོད་ཟེར་དཀར་པོའི་རྣམ་པར་བྱོན་ནས། ཡིག་འབྲུ་རྣམས་ལ་ཐིམ་པར་བསམས་པས། ཇི་ཙམ་རྣམ་པར་རྟོག་པ་མི་འཕྲོ་བ་དེ་སྲིད་དུ་བཟླས་ནས། མཐར་མདུན་གྱི་སྐུ་གཟུགས་བཅོམ་ལྡན་འདས་མར་དམིགས་ལ། ཨོཾ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། ཏུ་ཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་བཀྲ་ཞིང་། ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོན་པའི་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་ཀུན་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱེད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་བའི་མདོག །སྒེག་ཅིང་དུལ་བའི་ཆ་བྱེད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེས་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱེད་ལ་ཆ་ཙམ་བསྟོད་པ་འདིས། བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་གཟུང་བྱང་ཆུབ་བར། །མི་མཐུན་ཕྱོགས་རྣམས་ཞི་བ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག། ཅེས་དངོས་གྲུབ་བླངས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །དེ་ཡང་། རྨི་ལམ་དུ། དཀོན་མཆོག་མཆོད་པ་དང་། ཆོས་ཐོས་པ་དང་། དགེ་སློང་གི་དགེ་འདུན་དང་མཇལ་བ་དང་། །ཆུ་བོ་ལས་ཐར་བ་དང་། གོས་དཀར་པོ་གྱོན་པ་དང་། ཁྲུས་བྱས་པ་དང་། བུད་མེད་མཛེས་མའི་དབུས་ན་འདུག་པ་དང་། ཚ་ཚ་འདེབས་པ་དང་། མཆོད་རྟེན་བརྩིག་པ་དང་། མཆོད་རྟེན་ལ་བསྐོར་བ་དང་། ཉི་ཟླ་ཤར་བ་དང་། ཨུཏྤལ་དཀར་པོ་འཐུ་བ་དང་། སྒྲོལ་མའི་སྐུ་གཟུགས་རྙེད་པ་དང་མཇལ་བ་ལ་སོགས་པ་འབྱུང་བ་ནི་མཚན་མ་ཡིན་ལ། མཚན་མ་རྙེད་ནས་བསྙེན་པའི་ཁ་སྐོང་སྦྱིན་སྲེག་བྱས་པས་མྱུར་དུ་འགྲུབ་པར་འགྱུར་ཞིང་། གྲུབ་པའི་མཚན་མ་ནི། ཚངས་པ་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྦུའི་རྩེ་མོའང་བསྐྱོད་མི་ནུས། །འཆི་བདག་ལས་ཀྱང་གྲོལ་བས་ན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་བ་ལ་སོགས་སྐལ་ངན་དང་། །སེང་སོགས་འཇིགས་པ་ཆེ་བརྒྱད་ཀྱི། །དུཿཁ་རབ་ཏུ་འཇོམས་བྱེད་པ། །བསྐུལ་བ་མེད་པར་གོས་བཏུང་བ། ཁ་ཟས་རིན་ཆེན་དག་ཀྱང་འདུ། །རལ་གྲི་དང་ནི་མིག་སྨན་དང་། རྐང་མགྱོགས་བུམ་པ་བཟང་སོགས་འགྲུབ། །ཚིགས་བཅད་མཁས་དང་སྙན་དངགས་དང་། །བློ་རྣོ་ཤེས་རབ་ཆེན་པོར་འགྱུར། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་དེ་ལས་འབྱུང་བར་འགྱུར། ཞེས་གསུངས་སོ། །གཞན་རྗེས་སུ་འཛིན་པར་འདོད་པས། དབེན་པའི་གནས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་ལ། དབུས་སུ་ཚོམ་བུ་བཀོད། བུམ་པ་ཚད་ལྡན་བུམ་སྨན་སྦྱར་བའི་ཆུས་སུམ་གཉིས་བཀང་བ། དར་དཀར་པོས་མགུལ་བཅིངས་པ་དབུས་སུ་བཞག མཆོད་གཏོར་གྱིས་མཐའ་བསྐོར། བདག་བསྐྱེད་བྱས། དཀྱིལ་འཁོར་དང་བུམ་པ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། རྡུལ་ཚོན་གྱི་དབུས་དང་བུམ་པའི་ནང་དུ། པཾ་ལས་པདྨ་དཀར་པོ་ནས། འོད་ཟེར་དཀར་པོའི་དབུས་ན་བརྗིད་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྟོད་དུ་ཧཱུཾ། ཆ་སྨད་ཡིད་བཞིན་གྱི་འཁོར་ལོ་ཏཱཾ་ཡིག་གིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་དང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་མ་དཀར་མོའི་རྣམ་པར་བཛྭ་ས་མཱ་ཛཿ སྟེང་གི་ནམ་མཁར་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལ་ཡ་ཧྶཾ་གྱིས་གདན་ཕུལ། ཨོཾ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད། བཛྭ་ཨངྐུ་ཤ་ཛཿབཛྭ་པ་ཤ་ཧཱུཾ། བཛྭ་ཀྵྨྱ་ོཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་དབྱེར་མེད་དུ་བསྲེས། སླར་ཡང་ཐུགས་ཀའི་ས་བོན་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨོཾ་པཉྩྨ་སྭཱ་ཧཱ་ནས་ཤའི་བར་གྱིས་མཆོད། བཛྭ་ཨངྐུ་ཤ་ཛཿབཛྭ་པ་ཤ་ཧཱུཾ། བཛྭ་ཀྵྨྱོཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་དབྱེར་མེད་དུ་བསྲེས། སླར་ཡང་ཐུགས་ཀའི་ས་བོན་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨོཾ་པཉྩྨ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཱཾ་གྱིས་གསོལ་བ་བཏབ། ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ལ་སོགས་ཀྱིས་དབང་བསྐུར། ཆུ་ལྷག་མ་ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། དེ་ནས་གོང་གི་མདུན་བསྐྱེད་བཞིན་མཆོད་བསྟོད་བྱས། བསྙེན་པ་ཇི་ལྟར་རིགས་པ་བྱས་པའི་སྔགས་འཕྲེང་བུམ་པའི་ལྷའི་ཐུགས་ཀར་ཐིམ་པར་བསམ་ཞིང་། མཐར་འོད་དུ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ ཨོཾ་ཨཱཿཧཱུཾ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་ལན་བདུན་གྱིས་ཕུལ། དེ་ནས། སློབ་མས་ཁྲུས་བྱས། གྲལ་ལ་འཁོད། མཎྜྻལ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། བླ་མ་སྒྲོལ་མ་དཀར་མོ་གསལ་བའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་བླངས། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་བསལ་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ། སྭ་བྷཱ་ཝ་ནས་གྱེན་དུ་ལངས་པས་གང་བར་བསམས་ལ་ཞེས་པའི་བར་གྱིས་སློབ་མ་ལྷར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འཁོར་ལོ་དང་ཡིག་འབྲུའི་རྣམ་པར་བྱོན། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་ཡིག་འབྲུའི་འོད་ཀྱིས་ལུས་ཐམས་ཅད་གང་། སྡིག་སྒྲིབ་དང་དུས་མ་ཡིན་པའི་འཆི་བ་ཐམས་ཅད་དག་པར་བསམས་ལ་རོལ་མོའི་སྒྲ་བསྒྲོག་གོ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་གྱིས། ཇི་ལྟར་བལྟམས་པ་སོགས་ཀྱིས་དངོས་སུ་བུམ་པའི་ཆུས་དབང་བསྐུར། དྲི་མ་དག འཆི་མེད་ཚེའི་དངོས་གྲུབ་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་ཨཱརྻ་ཏཱ་ར་ལ་སོགས་པས་མཆོད། སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱས་མེ་ཏོག་གཏོར་བ་སྐུའི་རྗེས་གནང་ངོ་།། དེ་ནས་སློབ་དཔོན་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀའི་འཁོར་ལོ་ལས་སྔགས་ཀྱི་འཕྲེང་བ་བྱུང་བ་ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གའི་ཡིག་འབྲུ་ལ་ཐིམ་པའི་མོས་པ་གྱིས། སྙིང་པོའི་སྔགས་རྗེས་ཟློས་ཀྱི་མཐར། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ། །དེ་ནས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པ་གསུང་གི་རྗེས་གནང་ངོ་།། པདྨའི་སྟེང་གི་ཚོམ་བུ་སློབ་མའི་སྤྱི་བོར་བཞག བཅོམ་ལྡན་འདས་མ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས། སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པའི་ངང་ལ་མཉམ་པར་གཞོག་ཅིག ཐུགས་ཀྱི་རྗེས་གནང་ངོ་།། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད།། ཅེས་ཟློས་སུ་གཞུག གཏང་རག་གི་མཎྜྻལ་འབུལ་ལོ། །དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། ངག་གི་དབང་ཕྱུག་གྲགས་པའི་མཐུ་བོའི་རྒྱ་གཞུང་དང་། རྗེས་གནང་བླ་མའི་ཕྱག་བཞེས་སོར་བཞག་པ། དགེ་སློང་པདྨ་དཀར་པོས་དབེན་གནས་མཁར་ཆུར་སྦྱར་བའོ།། །།མངྒ་ལཾ།། །།

རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ།

རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མ་ཨཱརྻ་ཏཱ་རཱ་ཡཻ། བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་རྗེ་ཡིས། །བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་བྱེད་པ། །འཆི་བདག་ལས་རྒྱལ་གནས་སྐབས་མཐར་ཐུག་གི །དངོས་གྲུབ་མཆོག་སྩོལ་རྗེ་བཙུན་མ་ལ་འདུད།། འདིར་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་འདོད་པ་རྣམས་ཀྱིས། ཡིད་བཞིན་འཁོར་ལོ་འདི་ཉིད་བསྒྲུབ་ཅིང་བསྙེན་པར་བྱེད་པ་ལ། ཡིད་ཆེས་པར་བྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ཉིད་ལས་བྱུང་བའི་སྒྲུབ་ཐབས་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་མ་ཉིད་ཀྱིས་རྗེས་སུ་བཟུང་བ་པཎ་ཆེན་ངག་གི་དབང་ཕྱུག་གྲགས། དེས་བླ་མ་གསེར་གླིང་པ། དེས་པཎྛི་ཏ་དཱི་པཾ་ཀ་ར། དེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དེས་སྤྱན་སྔ་ཚུལ་ཁྲིམས་འབར། དེས་སྒྲེས་པ་རིན་པོ་ཆེ། དེས་རྗེ་སྒམ་པོ་པ། དེས་དཔལ་ཕག་མོ་གྲུ་པ། དེས་སྟག་ལུང་ཐང་པ། དེས་བླ་མ་བ་ལམ་པ། དེས་སློབ་དཔོན་ཚལ་པ། དེས་ཤཀ་གཞོན་པ། དེས་དོན་ཞགས་པ་སངས་རྒྱས་རིན་ཆེན། དེས་བླ་མ་བསོད་ནམས་རྡོ་རྗེ། དེས་འཁྲུལ་ཞིག་བློ་བཟང་གྲགས་པ། དེ་ལ་སྐྱེས་མཆོག་སྨོན་ལམ་པ་དང་། གྲུབ་ཆེན་རྡོ་རྗེ་དཔལ་ལྡན་གཉིས་ཀྱིས་གསན། དེ་གཉིས་ལ་གྲུབ་ཆེན་བློ་གྲོས་ཆོས་རྒྱལ་གྱིས་གསན། དེ་ལ་ཡོངས་འཛིན་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོ་གསན། དེས་དཔལ་ལྡན་བླ་མ་དམ་པ་ངག་གི་དང་ཕྱུག་གྲགས་པ་རྒྱལ་མཚན་ལའོ། །གཉིས་པ་བརྒྱུད་པ་དེ་ཉིད་ལས་བྱུང་བའི་སྒྲུབ་ཐབས་ལ། བདག་བསྐྱེད། མདུན་བསྐྱེད། བུམ་སྒྲུབ། རྗེས་སུ་གནང་བ་དང་གསུམ་ལས། དང་པོ་ནི། ཡིད་དུ་འོང་བའི་གནས་སུ་མཐུན་རྐྱེན་འཛོམ་པར་བྱས་ལ། ར་བ་བཞིའམ་རྟག་པར་ཡང་རུང་སྟེ། ས་བྱི་དོར་བྱས། །གནས་བརྒྱན། བཅོམ་ལྡན་འདས་མའི་སྐུ་བཞུགས་སུ་གསོལ་བའི་སྤྱན་སྔར། མཆོད་རྫས་བཟང་པོ་ཁ་ན་མ་ཐོ་བའི་སྐྱོན་དང་བྲལ་བ་དང་། གཏོར་མ་དཀར་གསུམ་རིན་པོ་ཆེའི་སྣོད་དུ་བཤམས། ཁྲུས་བྱས་གཙང་སྦྲ་དང་ལྡན་པས་སྟན་བདེ་བ་ལ་སེམས་སྐྱིལ་གྱིས་འདུག་ལ། མདུན་དུ་ཉེར་སྤྱོད་རྡོ་རྗེ་དྲིལ་བུ་དང་བཅས་པ་བཞག ཐོག་མར་བར་ཆད་བསྲུང་བའི་ཆེད་དུ། ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་ཕུལ་ལ། ཕྲིན་ལས་བཅོལ་ནས་བསྙེན་བསྒྲུབ་ལ་འཇུག་པ་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་དངོས། །བཅོམ་ལྡན་འདས་མའི་ཞབས་པད་ལ། །བདག་དང་མཁའ་མཉམ་འགྲོ་ཚོགས་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་ལན་ཅི་རིགས་ཀྱི་རྗེས་སུ། འགྲོ་ཀུན་སྡུག་བསྔལ་ལས་བསྒྲལ་ཞིང་། །བདེ་བ་མཆོག་ལ་རབ་བཀོད་དེ། །བླ་མེད་བྱང་ཆུབ་ལ་བཞག་ཕྱིར། །སྒོ་གསུམ་དགེ་ལ་བསྐུལ་བར་བྱ། །རང་ཉིད་སྐད་ཅིག་གིས་པད་དཀར་ཟླ་བའི་གདན་ལ་རྗེ་བཙུན་འཕགས་མ་སྒྲོལ་མར་གསལ་པའི་ཐུགས་ཀར་ཟླ་བའི་གདན་གྱི་དབུས་སུ་ཏཾ་ཡིག་དཀར་པོ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱརྻ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཨརྒྷཾ་གྱི་དོད་དུ། པཱ་དྱཾ། པུཥྤེ། དྡྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་ཞེས་བཀོད་པ་རྣམས་ཀྱིས་མཆོད་ནས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་ཤུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་མཆོག་ཏུ་ཡངས་པའི་སྟེང་དུ། ཨ་ལས་ཟླ་བའི་གདན་གྱི་དབུས་སུ་ཏཱཾ་དཀར་པོ་གནས་པ་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་རྣམས་ཀྱི་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ་འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས།རང་ཉིད་ཚེ་དཔལ་བསོད་ནམས་མཐའ་དག་རབ་ཏུ་འཕེལ་བར་བྱེད་པའི་རྗེ་བཙུན་སྒྲོལ་མ་སྟོན་ཟླའི་འོད་དང་མཚུངས་པའི་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། སྤྱན་དཀྱུས་རིང་ཞིང་འཛུམ་པའི་བཞིན་རས་ཡིད་དུ་འོང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པའི་མཐེབ་སྲིན་སྦྱར་བས་ཨུཏྤ་ལ་དཀར་པོ་ཡལ་འདབ་རྒྱས་པ་ཐུགས་ཀར་བསྣམས་པ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་སུ་བཅིངས་པའི་ལྷག་མ་གཡས་གཡོན་དུ་འཕྱང་བ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ནུ་འབུར་ཟུང་གིས་མཛེས་ཤིང་སྒེག་པའི་ཉམས་དང་ལྡན་པ། དར་གྱི་ཤམ་ཐབས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་མངའ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་དུ་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཏཱཾ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་སྤྱན་དྲངས། པཉྩྨ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ག་ཏ་ཨ་བྷི་ཥི་ཉྩྨ་ཏུ་མཾ། ཞེས་གསོལ་བ་བཏབ་པས། རིགས་ལྔས་བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་གྱུར། བཅོམ་ལྡན་འདས་མའི་ཐུགས་ཀའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འབུམ་གྱི་ནང་མ་ལ། ཨཱ་ལི་བཅུ་དྲུག་གཡོན་བསྐོར བར་པ་ལ། ཀཱ་ལི་སོ་བཞི་གཡས་བསྐོར། ཕྱི་མ་ལ། ཡེ་དྷརྨཱ་གཡས་སུ་འཁོར་བའི་ཡིག་འབྲུ་རབ་ཏུ་དཀར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་དང་མཆིན་ཁ་དྲུག་རིམ་གྱིས་སྤྲོས་པས། ལུས་གང་། ཕྱི་རོལ་ཏུ་བར་ཐག་འདོམ་རེ་ཙམ་ནས་འོད་ཀྱི་གུར་ཁྱིམ་གྱི་རྣམ་པ་དྲུག་ཏུ་གྱུར་པའི་བར་མཚམས་ཐམས་ཅད་ཨུཏྤ་ལ་སྔོན་པོ་གསར་དུ་ཁ་བྱེས་གང་བ། འོད་ཀྱི་ཁ་དོག་གི་དབྱེ་བས་ཞི་རྒྱས་དབང་དྲག་ལས་ཐམས་ཅད་བརྟན་བྱེད་ཀྱི་ནུས་ལྡན་དུ་བསྒོམ། དེ་ལྟར་བུའི་དམིགས་པས་ཅུང་ཟད་ངལ་བའི་ཚེ། ཡི་གེ་བཅུ་པའི་སྔགས་ཅི་ནུས་སུ་བཟླ་བ་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་རྫྙཱ་ན་པུ་ནྱ་པུཥྚི་ཀུ་སུ་རུ་སྭཱ་ཧཱ། ཞེས་པ་ངག་ཐུན་དུ་བཅད་ནས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་གང་འགྲུབ་བཟླའོ། །དེ་ཡང་བགྲང་ཕྲེང་ནི། པདྨའི་རིགས་ལ་པདྨའི་སྙིང་། ཞེས་པ་དང་མཐུན་པ་གྲངས་བརྒྱ་རྩ་བརྒྱད། གཞོན་ནུ་མས་བཀལ་བའི་སྐུད་པ་གསུམ་བསྒྲིལ་ལ་བརྒྱུས་པ། དྲི་བཟང་གི་ཆུས་བཀྲུས་ཏེ་སྙིམ་པར་བཟུང་ནས། ཨོཾ་བ་སུ་མ་རི་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱི་བྱིན་གྱིས་བརླབས་པ། ཐུན་གྱི་ཐོག་མར་ལན་རེ་བྱ་ཡི། ཐམས་ཅད་དུ་ནི་མི་དགོས་སོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། གཏོར་མ། ཨོཾ་ཨཱཿཔདྨཱནཏ་ཀྲྀ་ཏ་ཧཱུཾ་ཕཊ྄་ཀྱིས་བསངས། ཤུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱར་ཨི་དཾ་བ་ལྱ་དི་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་ཕུལ་ལ་འདོད་གསོལ་ནི། །བདག་གི་ཚེ་ཡི་བར་གཅོད་ནི། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཐུན་རྐྱེན་ཚེ་དང་བསོད་ནམས་དང་། མཆོག་རྣམས་སྦྱིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཚུལ་དེས་ཞག་ཉེར་གཅིག་གམ་བདུན་ལ་སོགས་པར་བསྙེན་པར་བྱས་ན། རྨི་ལམ་དུ་མཆོད་རྟེན་གྲངས་ངེས་ཅན་ནམ། ངེས་མེད་གང་བྱུང་ཡང་འཆི་བདག་བཟློག་པར་འགྱུར་རོ། །གཉིས་པ་མདུན་སྐྱེད་བུམ་བསྒྲུབ་ནི། ཡིད་དང་མཐུན་པར་གནས་སུ་བླ་བྲེ་ཡོལ་བ་སོགས་བཀོད་པའི་ཁྱད་པར་དང་ལྡན་པས། བདག་བསྐྱེད་བཟླས་པའི་བར་བྱ། བསངས་སྦྱངས་སྟོང་པའི་ངང་ལས་མདུན་དུ་ཞིང་ཁམས་ཕོ་བྲང་བཀོད་པ་ཚད་མེད་པའི་དབུས་སུ། ཚེ་དཔལ་བསོད་ནམས་རབ་ཏུ་འཕེལ་ཞེས་པ་ནས་རྒྱས་གདབ་ཀྱི་བར་བདག་བསྐྱེད་བཞིན་ལ། མཆོད་རྫས་བྱིན་གྱིས་བརླབ་པ་ནི་བསངས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྭ་ཀྵྨྱ་ར་ཎ་ཁཾ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་པའི་ཤློཀ་བརྗོད་པས་ཕྱག་འཚལ། མཆོད་ཡོན་མེ་ཏོག་མཁའ་ཁྱབ་དྲི་ཞིམ་སྤོས། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་བཀང་བྱས་ཏེ། །བླ་མ་བཅོམ་ལྡན་མ་ལ་འབུལ་བར་བགྱི། ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཨརྒྷཾ་གྱི་གནས་སུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། མཛེས་པའི་གཟུགས་མཆོག་སྒྲ་སྙན་དྲི་ཞིམ་དང་། རོ་བརྒྱ་ལྡན་དང་སྲབ་འཇམ་རེག་མཆོག་སོགས། །ཀུན་བཟང་མཆོད་སྤྲིན་དང་མཚུངས་སྣ་ཚོགས་ཀྱིས། །ཆོས་དབྱིངས་ཀུན་བཀང་བཅོམ་ལྡན་མ་ལ་འབུལ། སྔགས་ཀྱི་ཐོག་མཐའ་སྔར་བཞིན་ལས་ཨརྒྷཾ་གྱི་གནས་སུ། རཱུ་པ། ཤཔྟ། གནྡྷེ། རཱ་སེ། སྤརྴེ། བི་ཤྭ། ཞེས་བརྗོད། རི་རབ་གླིང་བཞི་གླིང་ཕྲན་ནི། །མཆོད་རྫས་དུ་མས་ཡོངས་བཀང་སྟེ། །བླ་མ་བཅོམ་ལྡན་འདས་མ་ནི། །དུས་རྣམ་རྟག་ཏུ་མཆོད་པར་བགྱི། །ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་མཎྜྻལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། ཞེས་པ་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བདུན་རྣམ་དག་བྱ། གཏོར་མ་བསངས་བྱིན་གྱིས་བརླབས་ནས་དབུལ། གསོལ་གདབ་སྔར་བཞིན་བྱ། སྐུ་གསུམ་རྒྱལ་བ་མ་ལུས་ཀུན་གྱི་ཡུམ། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་མ། །དུས་གསུམ་བླ་མ་མཆོག་གི་ངོ་བོ་ཉིད། །རིགས་གསུམ་འཕགས་མའི་ཚོགས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་ཤློ་ཀ་བརྗོད་པས་ཕྱག་འཚལ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་ལྡན་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡེ་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་གཅོད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་མཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀའི་སྔགས་འཕྲེང་ལས་འོད་འཕྲོས། སྣོད་བཅུད་ལ་ཕོག་པས་ཚེ་དང་དཔལ་འབྱོར་ཐམས་ཅད་རྒྱས་པར་གྱུར། དམིགས་པ་དང་ལྷན་ཅིག་ཏུ་བཟླས་པ་བྱ། རིན་པོ་ཆེའི་བུམ་པ་བཀྲུས། སྤོས་ཀྱིས་བདུགས། སྲོག་ཆགས་མེད་པའི་ཆུས་བཀང་། བུམ་རྫས་བཅུག་པའི་སྟེང་དུ་མཆོད་ཡོན་གཟུངས་ཐག་སོགས་བཤམས། བསངས་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་གདན་ལ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཚེ་དཔལ་བསོད་ནམས་ཐམས་ཅད་རབ་ཏུ་འཕེལ་ཞེས་པ་ནས་རྒྱས་གདབ་ཀྱི་བར་བདག་བསྐྱེད་བཞིན་ལ་སྔགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མའི་ཐུགས་ཀར་ཡིད་བཞིན་གྱི་འཁོར་ལོའི་འོད་ཀྱིས། བརྟན་གཡོ་མ་ལུས་པའི་ཚེ་དཔལ་བསོད་ནམས་ཐམས་ཅད་བསྡུས་ཏེ་ཐིམ་པར་གྱུར། བཟླས་པ་ཅི་རིགས་གྲུབ་ནས་མཆོད་པ་འབུལ། བཅོམ་ལྡན་འདས་མ་བདུད་རྩིའི་རང་བཞིན་དུ་ཞུ་བ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། གསུམ་པ་རྗེས་སུ་གནང་བ་ནི། དུས་དགེ་བ་གཟའ་སྐར་བཟང་པོ་དང་དང་ལྡན་པའི་ཚེ། སྐུ་གཟུགས་བཤམས། མཆོད་པའི་བཀོད་པས་གནས་བརྒྱན། དྲི་བཟང་གི་བྱུགས་པའི་མཎྜྻལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོ་ལྟེ་བ་ལྗང་སེར། མུ་ཁྱུད་གོང་རས་ཇི་ལྟར་མཛེས་པའི་དབུས་སུ་ཏཱཾ་ཡིག་གེ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། མཆོད་གཏོར་གྱིས་བསྐོར། དུང་ཆོས་སུ་དྲི་ཆབ་ལ་སྔགས་བཟླས་པ་དང་། བདག་སྐྱེད་མདུན་བསྐྱེད། བུམ་བསྒྲུབ་རྣམས་སྔོན་དུ་འགྲོ་བས་སློབ་མ་རྣམས་ལ་དུང་ཆོས་ཀྱི་ཆབ་ཀྱིས་ཁྲུས་བྱ་མཎྜྻལ་ཕུལ་ནས། སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་ཚེའི་དངོས་གྲུབ་ཀྱི་ཆེད་དུ་བཅོམ་ལྡན་འདས་མའི་རྗེས་སུ་གནང་བ་ཞུ་སྙམ་པའི་མོས་པས་རྗེས་ཟློས་ཀྱི། འཁོར་བ་ལས་སྒྲོལ་ཞེས་པ་ནས། མ་ལུས་བདག་ལ་གནང་བར་མཛོད་ཅེས་པའི་བར་ལན་གསུམ་གྱིས་གསོལ་བ་གདབ། བླ་མ་འཕགས་མ་ཡིད་བཞིན་འཁོར་ལོར་གསལ་བ་ལ། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་འབུལ་སྙམ་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད། སློབ་མ་བསངས་སྦྱངས་སྟོང་པའི་ངང་ལས་ཁྱེད་རང་རྣམས་ཚེ་དཔལ་བསོད་ནམས་ཞེས་པ་ནས་ཐུགས་ཀའི་འཁོར་ལོ་དང་བཅས་པ་བསྒོ། སློབ་དཔོན་བཅོམ་ལྡན་འདས་མ་དང་ཐ་མི་དད་པར་མོས་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ བླ་མ་རིན་པོ་ཆེས་བདག་གི་དུས་མ་ཡིན་པར་འཆི་བ་ཐམས་ཅད་བསལ་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། སློབ་དཔོན་གྱི་ཐུགས་ཀའི་ཡིག་འབྲུ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ཡིག་འབྲུའི་རྣམ་པར་བྱོན། སློབ་དཔོན་གྱི་ཐུགས་ཀར་ཐིམ། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལས། འཁོར་ལོ་ཡིག་འབྲུ་དང་བཅས་པ་དེ་འདྲ་བ་དཔག་མེད་བྱུང་དེ་ཁྱེད་རང་རྣམ་པའི་སྙིང་ཀའི་འཁོར་ལོ་ལ་ཐིམ། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་ཆད་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་གྱིས། སྤོས་ཀྱིས་བདུག རོལ་མོ་བྱ། དེ་ནས་ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་བཛྭ་ས་མཱ་ཛཿ འཕགས་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སྔགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། །དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་མ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏས་མ་ཡེ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། ལུས་གང་དྲི་མ་དག འཆི་མེད་ཚེའི་དངོས་གྲུབ་ཐོབ། ཆུའི་ལྷ་ག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱི་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་མཆོད། ཡང་དཔོན་སློབ་གཉིས་ཀ་རྗེ་བཙུན་མར་གསལ་བའི་བླ་མའི་ཞལ་ནས་སྔགས་མུ་ཏིག་གི་འཕྲེང་བ་ལྟ་བུ་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཐིམ། རྗེ་བཙུན་མའི་གསུང་གི་བྱིན་རླབས་དངོས་གྲུབ་ཐོབ། ངག་སྔགས་ཀྱི་མཐུ་ལྡན་དུ་བསྒོམ། ཡི་གེ་བཅུ་པ་བརྒྱ་བཟླས། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ལན་གསུམ་དང་། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་པདྨའི་སྟེང་གི་མེ་ཏོག་སློབ་མའི་སྤྱི་བོར་བཞག ཡང་སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་འཕྲོས། སངས་རྒྱས་ཀུན་གྱི་ཐུགས་ཀ་ནས་སྔགས་འཕྲེང་མང་པོ་སྤྱན་དྲངས་ལ་ཁྱེད་རང་རྣམས་ཀྱི་སྙིང་ཀར་ཐིམ་པས། ཕྲིན་ལས་ཐམས་ཅད་བསྒྲུབ་པའི་ནུས་ལྡན་གྱི་ཡེ་ཤེས་མངོན་དུ་བྱས་སྙམ་པའི་མོས་པ་གྱིས། ཞེས་བརྡ་སྤྲད། དེ་ནས་དེ་ཕྱིན་ཆད་སྙིང་པོ་ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པ་ཆགས་མེད་དུ་བཟླ་བའི་ཡི་དམ་ལོང་། ཞེས་བསྒོམ། ཇི་ཙམ་ནུས་པའི་དམ་བཅའ་འབུལ་དུ་བཅུག་ལ་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་གཟུང་བ་དང་། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། ཞེས་ལན་གསུམ་བརྗོད། ཕྱག་གཡོན་འབུལ། དེ་ལྟར་རྗེས་སུ་གནང་བ་གྲུབ་ནས། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། ཨོཾ་བཛྭ་ཏཱ་རེ་ས་མ་ཡ་ཞེས་སོགས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མདུན་བསྐྱེད་ཀྱི་ཡེ་ཤེས་པ་འཁོར་བཅས་བཛྭ་མུཿ དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །བདག་དང་སྐྱེ་དགུ་ཐམས་ཅད་ལ། །འཇིགས་པ་ཀུན་ལས་རབ་གྲོལ་ཞིང་། །ཕན་དང་བདེ་བ་རབ་འཕེལ་བས། །འདོད་དོན་ཀུན་འགྲུབ་བཀྲ་ཤིས་ཤོག །འཇིགས་པ་ཀུན་ལས་ཐར་བ་དང་། །ཐུན་མོང་དངོས་གྲུབ་སྣ་ཚོགས་པ། །བདེ་བླག་ཉིད་དུ་འགྲུབ་གྱུར་སྟེ། །རང་གཞན་རྣམས་ལ་ཕན་བྱེད་ཤོག །ཅེས་བཀྲ་ཤིས་སྨོན་ལམ་རྒྱས་བསྡུས་ཅི་རིགས་པར་བྱའོ། །རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ཉིད་ཆོས་མཆོག་རྒྱལ་པོ་དང་ནོར་བུ་རབ་འཕེལ་གྱིས་བསྐུལ་བའི་ངོར། རང་གཞན་འཇུག་པ་བདེ་བའི་ཕྱིར་དུ། །སྤྱན་སྔ་ཐམས་ཅད་མཁྱེན་པ་བཞི་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ་དང་། ཡོངས་འཛིན་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་གི་དབང་པོས་མཛད་པ་ལས་ཉུང་ངུར་བསྡུས་ཏེ། ངག་དབང་ནོར་བུས་གདན་ས་ཆེན་པོ་ར་ལུང་ཐེལ་གྱི་ཀུན་དགའ་ར་བར་སྦྱར་བའི་ཡི་གེ་པ་ནི་བླ་མ་རྒྱ་མཚོས་བགྱིས་པ་འདིས་ཀྱང་། སེམས་ཅན་ཐམས་ཅད་དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་བྲལ་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

སྒྲོལ་མ་དཀར་མོའི་སྦྱིན་སྲེག།

སྒྲོལ་མ་དཀར་མོའི་སྦྱིན་སྲེག་བཞུགས་སོ། །འཇིགས་པ་མ་ལུས་པ་བསྐྱབ་ཅིང་འཆི་བ་མེད་པ་དང་བསོད་ནམས་བློ་གྲོས་ཀྱི་དཔལ་སྩོལ་བར་མཛད་པའི་འཕགས་མ་སྒྲོལ་མ་དཀར་པོ་ལ་ཕྱག་འཚལ་ལོ། །རིག་པ་མཆོག་གི་རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང་། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱེད་པར་བཤད། །ཅེས་བཤད་པ་ལྟར། བཟླས་པ་ཇི་ཙམ་སོང་བའི་བཅུའི་ཆའི་སྦྱིན་སྲེག་བྱ་དགོས་ཤིང་། དེ་བས་ན་སྒྲོལ་མ་དཀར་མོའི་སྦྱིན་སྲེག་བྱ་བར་འདོད་པས། རྒྱལ་བའི་དུས་ཆེན་བཞི་དང་། ཉི་ཟླ་གཟས་གཟུང་བའི་དུས་སམ། གཟའ་ཚེས་སྐར་སྦྱོར་བྱེད་པ་བཟང་པོ་ལ་འཕགས་མའི་བསྙེན་པ་སྔོན་དུ་སོང་བས། བདག་བསྐྱེད་མཆོད་བསྟོད་སྒྲུབ་ཐབས་བཞིན་ཚར་ནས། འཆི་བླུ་ལས། ཞོ་དང་སྦྲང་རྩི་ལ་མར་བསྐུས། །དཱུར་བའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་ལས་མཐུ་ལས་བྱུང་བའི། །འཆི་བ་ངེས་པར་བཟློག་པར་བྱེད། །ཅེས་པས། སྲོག་ཆགས་མེད་པའི་ས་དཀར་པོ་ལ་རྐྱང་ནུལ་ལེགས་པར་བྱས། ཚངས་ཟུར་གྱི་ཐིག་བཏབ་ནས། དེའི་དབུས་ནས་སོར་བཅུ་གཉིས་བཅལ་བའི་མཐའ་ནས་ཟླུམ་པོར་བསྐོར། དེའི་ཕྱི་ནས་ཡང་ཟླུམ་སྐོར་སོར་བཞི་པ་གསུམ་གྱིས་བསྐོར། དབུས་སུ་པདྨ་འདབ་བརྒྱད་དཀར་པོ་མུ་ཁྱུད་དང་བཅས་པ་བྲི། ཕྱིའི་སོར་བཞི་པ་གསུམ་ལ་མུ་རན་ཁ་ཁྱེར་ཁོར་ཡུག་རྣམས་ཀྱང་དཀར་པོར་བྱ། དེ་དག་གི་བཅད་ཀྱི་རེ་ཁཱ་དམར་པོ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་བྲི། པདྨའི་ལྟེ་བར་ཟླ་བ་ལ་ལྷ་མཚན་འགོད། ཞོ་ཅན་གྱི་བུད་ཤིང་སོར་བཅུ་གཉིས་པའམ། དགོན་པའི་བ་ལང་གི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་ལ་དྲི་བཟང་གི་ཆུས་སྦགས་ཏེ། མུ་རན་གྱི་ནང་ནས་ཚགས་དམ་པར་སོར་བཅུ་གཉིས་ཀྱི་ཚད་དུ་བརྩིག མཐའ་མཆོད་པས་བསྐོར། སྒྲུབ་པ་པོ་ཁ་ཤར་དུ་བལྟས་ཏེ་སྐྱིལ་ཀྲུང་ངམ་ཙོག་པུར་འདུག རང་གི་གཡས་སུ་སྲེག་རྫས། གཡོན་དུ་མཆོད་རྫས། མདུན་དུ་རྡོར་དྲིལ་དང་། དགང་གཟར་དགང་བླུགས་ཁ་སྦྱར་ལ་བཞག འདས་གཏོར་དང་མེ་ལྷའི་དཀར་གཏོར་ཡང་བཤམ། ལྷའི་ང་རྒྱལ་དང་ལྡན་པས་ཏལ་འབར་ལ་མེ་སྦར་བ་བཟུང་སྟེ། ཨོཾ་ཏཱ་རེའི་སྔགས་ལན་གསུམ་གྱིས་གཡས་སུ་གསུམ་བསྐོར། རྩྭ་སྐམ་དང་བཅས་པས་མེ་ཐབ་ཏུ་བཅུག་ལ། ཨོཾ་བཛྭ་ཛྙྱཱ་ན་ཧཱུཾ་ཞེས་པ་དང་། སྙིང་པོ་བཟླ་ཞིང་དགང་བླུགས་ཀྱིས་མར་ལན་བདུན་ཕུལ་ལ་མེ་གསོ། ཨོཾ་ཨ་མྲྀ་ཏ་ཨུད་བྷ་ཝ་ཨུད་བྷ་ཝ་ཧཱུཾ་ཕཊ྄། ཅེས་ལས་སྔགས་བཟླས་པའི་ཆུས་ཡོ་བྱད་བསང་ཞིང་། ཨོཾ་སྭ་སྭཱ་ཧཱ། ཨོཾ་ཨཱཿསྭཱ་ཧཱ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཨོཾ་ཛྭིཾསྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཐབ་བསངས། སྭ་བྷཱ་ཝས་སྟོང་པའི་ངང་ལས། ཐབ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་ཐབ་ཁུང་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ། རྒྱར་ཁྲུ་གང་བ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་ལ་རྡོ་རྗེ་འཕྲེང་བས་བསྐོར་བ། ཕྱིའི་གྲྭ་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། དབྱིབས་ཟླུམ་པོ་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། ཡང་མཆོད་རྫས་སྲེག་རྫས་རྣམས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དང་སྲེག་རྫས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་བར་སྣང་ཐམས་ཅད་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨརྒྷཾ་སྭཱ་ཧཱ་ནས་ཤཔྟའི་བར་དང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་སོགས་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་ཐབ་ཀྱི་ནང་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་རཾ་ལས་བགྲང་འཕྲེང་རཾ་གྱིས་མཚན་པ་ལས་འོད་འཕྲོས། ཚུར་འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་གཡས་བགྲང་འཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་དང་ཨག་ཚོམ་ཅན། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་བསམ། རང་གི་ས་བོན་ལས་འོད་འཕྲོས། ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས་པར་མོས་ཏེ། དབྱུག་གུ་གསུམ་པའི་ཕྱག་རྒྱ་རྣ་དྲུང་དུ་བཅས་ལ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེཿཏེ་ཛཿ སརྦ་ཀརྨ་པྲ་སཱ་དྷ་ཀ་ཀཱ་རུ་ཎཱ་ཀྲྀ་ཏེ་ཛ་ས་ཏྭ་ཀཾ་ཨཥྨིན་སནྣི་ཧེ་ཏུ་བྷ་ཝ། ཞེས་པས་སྤྱན་དྲངས་ལ། པདྨ་ཀ་མ་ལ་ཡ་ཧྶཾ་ཞེས་མེ་ཏོག་དོར་ལ་གདན་ལ་བཞུགས་པར་བསམ། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་གྱིས་ཞབས་བསིལ་ཕུལ་ནས། ཨོཾ་རཏྣ་ཨ་བྷི་ཥིཉྩྨ་མཱཾ་ཞེས་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྷ་ལཱ་ཡ་སརྦ་བྷིསྨིཾ་ཀུ་རུ་སརྦ་དུཥྚུཾ་ཧཱུཾ་ཕཊ྄། དྲཱྀ་ཥྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཧྶཾ། ཨ་ཧཾ་གིས་དམ་ལ་བཞག ཨོཾ་བཛྭ་ཨངྐུ་ཤ་ཛཿལ་སོགས་པས་དགུག་གཞུག་བཅིངས་དབང་དུ་བྱས་སྔར་ལྟར་དབང་བསྐུར། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདི་ཡིས་བདག་གི་བགེགས་ཞི་ཞིང་། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །ཨོཾ་བཛྭ་ས་ཏྭ་ཨཱཿཞེས་པས་ཀུ་ཤའི་རྩེ་མོ་གཡས་སུ་བསྟན་ཏེ་ཐབས་ཀྱི་ཕྱོགས་བརྒྱད་དུ་བསྐོར་ཞིང་། སྔར་གྱི་ལས་སྔགས་ཀྱི་ཆུས་བསངས་ནས། མེ་ལྷའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ཁ་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་གྱིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་བཀང་སྟེ་ཁ་སྦྱར་ལ། ཨོཾ་ཨགྣེ་ཡེ་ཨ་དྷི་བྱ་ཨ་ཏི་བྱ། ཨ་བི་ཤ ཨ་བི་ཤ མ་ཧཱ་ཤྲཱི་བྱ། ཧ་བྱ། ཀ་བྱ། མ་ཧཱ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དགང་བླུགས་གསུམ་གྱིས་བྱོན་ཟས་ཕུལ་ལ། མེ་ལྷ་ལ་ཨརྒྷཾ་སོགས་ཀྱིས་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད།། ཅེས་པས་བསྟོད། སྲེག་རྫས་འབུལ་བ་ནི། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབའ་ཞིག་གིས་ཕུལ་ནས། རེ་རེའི་མཇུག་ཏུ་སྤེལ་ཚིག་བརྗོད་དེ། ཡཾ་ཤིང་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ལ། འབྱོར་པ། ཏིལ་ལ། དགེ་བ། ཟས་མཆོག་ལ། བདེ་བ། འབྲས་ལ། བསོད་ནམས་རྒྱས་པ། སོ་བ་ལ། ནོར་དང་འབྲུ། ནས་ལ། ཤུགས། སྲན་མ་ལ། སྟོབས། གྲོ་ལ། ནད་མེད་པ། དཱུར་བ་ལ། ཚེ། ཀུ་ཤ་ལ། བསྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྲེག་རྫས་སོ་སོའི་སྔགས་ཀྱིས་འབུལ་ན། རིམ་བཞིན། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡེ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཨོཾ་བཛྭ་པུཥྚ་ཡ་སྭཱ་ཧཱ། ཨོཾ་བཛྭ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་བཛྭ་གྷསྨ་རི་སྭཱ་ཧཱ། ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡེས་འབུལ་ལོ། །དེ་ནས་སྔར་བཞིན་མཆོད་བསྟོད་བསངས་གཏོར་ཞབས་བསིལ་ཕུལ་ནས། ཨོཾ་བཛྭ་ཛྷ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར། ཐབ་ཀྱི་དབུས་སུ། ལྷ་མཚན་པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ་ནས་ཧཱུཾ་ལས་འོད་འཕྲོས། པོ་ཊ་ལ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་འདྲེན་པར་མོས་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་ཅན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ།། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་པ་ནས། རྒྱས་བཏབ་པའི་བར་སྒྲུབ་ཐབས་བཞིན་བྱས་ནས་ལྷའི་ཞལ་ཅུང་ཟད་གདངས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མར་ལ་སྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་བཀང་ལ། ཨོཾ་ཨགྣེ་ཡ་ཨ་དྷི་བྱའི་སྔགས་ཀྱི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཉེ་བར་འཚེ་བ་དང་། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེར་བླུགས་པ་ལན་གསུམ་བྱ། སྒྲུབ་ཐབས་བཞིན་མཆོད་ཅིང་བསྟོད་ལ། དེ་ནས་རྫས་ཐམས་ཅད་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱས་ཕུལ་ལ། སྤེལ་ཚིག་མེ་ལྷའི་སྐབས་བཞིན་ལ་ཏིལ་སུམ་བརྒྱ་ལ་སོགས་པ་མང་དུ་ཕུལ། གཞན་རྣམས་བརྒྱ་རྩ་རེ་རེ་འབུལ། སྒྲུབ་ཐབས་བཞིན་མཆོད་བསྟོད། གཏོར་མ། འདོད་དོན་གསོལ་བ་འདེབས་པ། ཡིག་བརྒྱ་བཟླ་བ། བཟོད་གསོལ་གཤེགས་སྐྱེམས་མར་ཁུ་ལན་བདུན་འབུལ་བ་གོང་བཞིན་བྱས་ལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་བཛྭ་ཛྷ་ལའི་སྔགས་ཀྱིས་མར་དགང་བླུགས་ལན་གསུམ་གྱིས་མར་ཐབ་ཏུ་བླུགས་ལ། མེ་ལྷའི་སྐུར་བཞེངས་པར་བསམས་ནས། སྔར་གྱི་མེ་ལྷའི་སྐབས་བཞིན་སྲེག་རྫས་ལྷག་མ་རྣམས་ཉི་ཤུ་རྩ་རེ་དང་། གཤེགས་སྐྱེམས་བདུན་དང་། མཆོད་པ་ཕུལ། གཏོར་མ་ཨགྣེ་ཡ་ས་པ་རི་ཝཱ་ར་ཨ་ཀཱ་རོ་ཞེས་སོགས་ཀྱིས་གཏོར་མ་ཕུལ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པ་དང་། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ།། ཞེས་པས་བསྟོད། འདོད་དོན་ལ་གསོལ་བ་གདབ། བསང་གཏོར་སྔར་བཞིན་དང་། འཐོར་འཐུང་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་ལྟར་གནས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣེ་ཡ་ཡ་ཧི། ཞེས་པས་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཁ་བསྐང་བའི་ཕྱིར་ཡིག་བརྒྱ་བཟླ། བཀྲ་ཤིས་བརྗོད། མེ་མ་ཤི་བར་མི་བརྡལ། མི་འགོང་། གལ་ཏེ་མེ་གསོད་ན་འོ་མས་བྲན་ལ་ཐལ་བ་རི་མཐོན་པོའི་རྩེའམ་རྒྱ་མཚོར་འབབ་པའི་ཆུར་གདན་དྲངས་ན་བསོད་ནམས་ཆེའོ། །དེ་ལྟར་རྗེ་བཙུན་མའི་སྦྱིན་སྲེག་འདི་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བསྡུས་པ་དཔལ་ལྡན་བླ་མ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཀས་གྱིས་ཤིག་གསུང་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས། སྒྲུབ་པའི་སྐྱེད་ཚལ་ཕུན་ཚོགས་ནོར་བུའི་གླིང་དུ་སྦྱར་བ། གོང་མའི་ཡིག་ཆ་གཞིར་བཞག་བྱ་རྒྱུད་ཀྱི་སྦྱིན་སྲེག་གཞན་མས་ཁ་བསྐང་སྟེ་དག་པར་བྱས་པའོ།། སརྦ་མངྒ་ལཾ།། །།

གདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག

གདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག་བཞུགས་སོ། །དེ་བཞིན་གཤེགས་པའི་རིགས་དགེ་རྣམས། །དེ་བཞིན་གཤེགས་པར་མཛད་པའི་ཕྱིར། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས། །དེ་བཞིན་གཤེགས་མ་བྱོན་དེར་འདུད། །གང་གི་རིག་རྒྱལ་ཆོ་ག་ཡིས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །མི་མཐུན་ཕྱོགས་རྣམས་ཕྱིར་བཟློག་པས། །དད་ལྡན་ཆེད་དུ་དེ་རྩོམ་བྱ།། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱི་མི་ཐུབ་མ་བསྒྲུབ་པར་འདོད་པས། བསྙེན་པ་དང་། སྒྲུབ་པ་དང་། ལས་ལར་སྦྱོར་བའི་ཚུལ་ཤེས་པར་བྱའོ། །དེ་ལ་དང་པོ་ནི། འདི་ཉིད་ཀྱི་དབང་ངམ་རྗེས་སུ་གནང་བ་ཐོབ་དམ་ཚིག་དང་ལྡན་པས། གནས་དབེན་ཞིང་ཡིད་མཐུན་པར་བྲིས་སམ་འབུར་དུ་དོད་པའི་སྐུ་མཆོད་པ་བཟང་པོས་མདུན་བདར་བ། དེའི་མདུན་ན་རང་ཉིད་ཁྲུས་བྱས། གོས་གཙང་མ་གྱོན། སྨྱུང་བར་གནས་པས་སམ། གཞན་དུ་མངར་གསུམ་དང་དཀར་གསུམ་གྱི་ཁ་ཟས་ལས་གཞན་སྤངས། སྟན་བདེ་བ་ལ་གནས་པར་བྱའོ།། དུས་འདི་ནས་གཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཕྱོག་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས། ཆོས། དགེ་འདུན། བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག། ཅེས་ལན་གསུམ་བྱ། དེ་ནས། རང་ཉིད་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་ཕྱག་གཉིས་པར་གསལ་བའི་སྐུ་ལས་འོད་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཅིས་ཀྱང་མི་ཚུགས་ཅིས་ཀྱང་མི་ཤིགས་ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོར་འབར་བ་ནམ་མཁའི་ཁམས་ཁྱབ་པ་དེ་ལས་ཕྱག་རྒྱའི་ཚོགས་བཅུ་འཕྲོས་ཏེ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་བགེགས་བསྲུང་བའི་ཕྱིར་བཞུགས་པར་གྱུར། ཨོཾ་རྀ་ཥི་ག་ཎ་ཞེས་ནས་རཀྵ་རཀྵ་མཾ་བསྲུང་དུ་གསོལ་ལོ།། ཞེས་པའི་བར་གྱི་སྔགས་བཟླ། དེ་ནས། རང་གི་སྙིང་གར་ཟླ་བའི་སྟེང་ཨོཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་མོ་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྭ་ཨངྐུ་ཤ་ཛཿ སྤྱན་དྲངས། ཨོཾ་པྲ་ཝ་ར་སཏྐྲཱ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཞབས་བསིལ། པུཥྤེ་མ་ལེ་སྭཱ་ཧཱས་མེ་ཏོག་གི་གདན་ཕུལ། བཅོམ་ལྡན་ཤཱཀྱ་སེང་གེ་ཡི། །དབུ་ཡི་གཙུག་ཏོར་ནས་བྱུང་བ། །མཐུ་སྟོབས་རྫུ་འཕྲུལ་མཆོག་མངའ་བའི། །གདུགས་དཀར་འཁོར་དང་བཅས་ལ་བསྟོད། །ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟ། དངོས་དང་སྔགས་རྒྱ་ཡིད་ཀྱིས་སྤྲུལ་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་གསུམ། བཛྭ་མུཿ ཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འགྲོ་བའི་དོན་བྱས་ཏེ། ཚུར་འདུས་པ་ལས་གདུགས་དཀར་པོ་ཨོཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་འོད་ཟེར་ལྷ་མོའི་སྐུ་དང་བཅས་པ་སྤྲོས་པས་འཇིག་རྟེན་ཐམས་ཅད་དུ་ནད་དང་སྡུག་བསྔལ་ཐམས་ཅད་བཀྲོལ་ཏེ། ཚུར་འདུས་པས། འཕགས་མ་གདུགས་དཀར་མོ་ཅན། སྐུ་མདོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱི་གདུགས་དཀར་པོ་འཛིན་པ། སྤྲུལ་པའི་དབུ་སྟོང་ཕྱག་སྟོང་མངའ་བ་ལ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། དབུ་ལ་མི་ཕྱེད་རྡོ་རྗེ་འབར་བའི་མཚན་རྟགས་ཅན། ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ། བདག་དང་གཞན་རྣམས་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། ཕྱག་རྒྱའི་ཚོགས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བར་གྱུར། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་མ། དེའི་ཐུགས་ཀར་ཟླ་བ་ལ་ཨོཾ་དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་མོ་འཁོར་བཅས་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ བདག་བསྐྱེད་གཙོ་འཁོར་དང་གཉིས་སུ་མེད་པར་གྱུར། དེ་ནས་སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དབང་ལྷ་རིགས་ལྔ་སྤྱན་དྲངས་ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པའི་ཚོགས་རྣམས་བྱིན་གྱིས་བརླབས་པའི་ཕྱིར། ལག་པ་སྙིམ་པ་སྦྱར་བསྐྱོད་ཅིང་། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་སརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། བདག་གི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས། འཕགས་མ་གདུགས་དཀར་མོ་ཅན་ཀྱི་དཀྱིལ་འཁོར་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་མཆོད་པའི་སྤྲིན་ཆེན་པོས་ཐམས་ཅད་གང་བར་གྱུར་ཅིག དེ་ནས་མདུན་གྱི་སྐུ་གཟུགས་སམ་དཀྱིལ་འཁོར་རམ་རྟེན་ཅི་ཡོད། ཨོཾ་སྭ་བྷཱ་ཝས་སྦྱངས། བྷྲཱུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་། བ་གཾ་འཛམ་བུ་ན་དཱི་ཧ་རཱ་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་ཐུར་དུ་ཨིནྡྲ་ནཱི་ལའི་ཤར་བུ་དང་། པད་ཀྱི་ཐད་དང་མཉམ་པའི་སྟེང་དུ་ཀརྐེ་ཏའི་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན། རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་གསུམ་བརྩེགས་ཀྱི་དབུས་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་། སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་བཞིས་སྤྲས་པའི་རྩེར། གདུགས་ཀྱིས་ཕུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། པདྨ་ལ་གནས་པ་ལ་རི་དྭགས་ཟུང་མིག་མི་འཛུམ་པར་བལྟ་བ། འབར་བ། བཀྲ་བ་བལྟ་ན་སྡུག་པ། རྣམ་པར་ཕྱེ་བ། ཕྱི་ནས་བལྟས་ན་ནང་གསལ་ཞིང་ནང་ནས་བལྟས་ན་ཕྱི་གསལ་བ་རྒྱ་དང་ཁྱོན་བློས་མི་འཁྱུད་པའི་ནང་དུ་པདྨ་འདབ་མ་བཞི་པ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བར་སེང་གེའི་གདན་དེའི་སྟེང་དུ་ཉི་ཟླ། ལྷ་གནས་རྣམས་སུ་ཉི་ཟླའི་གདན་རེ་འཁོད་པར་གྱུར། དེ་ནས་དྲི་ཞིམ་པོའི་སྤོས་དང་། རོལ་མོ་དབྱངས་སྙན་པོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །རྫོགས་སངས་རྒྱས་ཀྱི་གཙུག་ཏོར་གྱི། །ཞིང་ཁམས་བསམ་མི་ཁྱབ་པ་ནས། །བཅོམ་ལྡན་འདས་མ་གདུགས་དཀར་མོ། །གཞན་གྱིས་མི་ཐུབ་ལྷ་མོ་ཆེ། །ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བ་དང་། །སྤྲུལ་པ་བཀའ་ཉན་ཐམས་ཅད་ཀྱིས། །མདུན་བདར་མཆོད་པའི་གནས་འདིར་བྱོན། །བཛྭ་ཨངྐུ་ཤ་ཛཿ ཨོཾ་པྲ་ཝ་ར་སཏྐྲཱ་ར་མཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བཞུགས་པའི་མཆོད་ཡོན་ཕུལ་བས་གཞལ་ཡས་ཁང་ནང་དུ་བྱོན་ཏེ། དབུས་ཀྱི་གདན་བཅོམ་ལྡན་འདས་མ་གདུགས་དཀར་མོ་ནས་སྐྱོབ་པ་ཞེས་པའི་བར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབུའི་ཐད་ཀྱི་སྟེང་གི་ནམ་མཁའ་ལ་བཞུགས་པ། པད་འདབ་ལ་གཡས་སྐོར་གྱིས་ལྷ་མོ་དྲག་ཤུལ་ཆེན་མོ་དང་། རབ་གཏུམ་མ་དང་། འབར་མ་ཆེན་མོ་དང་། སྟོབས་ཆེན་མ་དང་། ཕྱོགས་ཀྱི་མདོག་ཅན། རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ཅིང་བུམ་པ་ཐུགས་ཀར་བཟུང་བས་འགྱིང་བ་ཕྱེད་སྐྱིལ་གྱིས་བཞུགས་པ། ཤར་གྱི་རྩིབས་བཞི་ལ། འབར་བའི་འཕྲེང་བ་གོས་དཀར་མོ་སེར་མོ། འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན་སྔོ་བསངས། རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས་པ་ལྗང་ཁུ། གཡས་འཕྲེང་བ། གཡོན་ཨུཏྤལ་འཛིན་པ། ལྷོའི་རྩིབས་ལ། གཞན་གྱིས་མི་ཐུབ་མ་འཕྲེང་བ་ཅན་ད་ཀར་མོ། གཡས་རྡོ་རྗེ། རྡོ་རྗེ་མཁར་རྣམས་འཇོམས་པ་མོ་སེར་མོ། གཡས་དབྱུག་པ། ཞི་བའི་ལྷ་རྣམས་ཀྱིས་མཆོད་མ་ནག་མོ། གཡས་སྤོས་ཕོར། གཟུགས་ཞི་གཟི་བརྗིད་ཅན་སེར་མོ། གཡས་རྡོ་རྗེ་ལུ་གུ་རྒྱུད། གཡོན་ཐམས་ཅད་རིན་པོ་ཆེ་བསྣམས་པ། ནུབ་ཀྱི་རྩིབས་ལ། འཕགས་མ་སྒྲོལ་མ་སྟོབས་ཆེན་མ་དམར་མོ། རྡོ་རྗེ་ལུ་གུ་རྒྱུད་གཞན་མ་སེར་མོ། རྡོ་རྗེ་གཞོན་ནུ་རིག་འཛིན་མ་དཀར་མོ། ལག་ན་རྡོ་རྗེ་རིག་འཛིན་མ་ལྗང་ཁུ། བཞི་ཀ་གཡས་རྡོ་རྗེ། གཡོན་བགྲང་འཕྲེང་འཛིན་པ། བྱང་གི་རྩིབས་བཞི་ལ་ལེ་བརྒན་རྩི་རིན་ཆེན་མ་དམར་མོ། སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས་དཀར་མོ། རྣམ་པར་འགྱིང་བའི་རྡོ་རྗེ་མ་ལྗང་ཁུ། གསེར་འོད་ལྟ་བུའི་སྤྱན་མངའ་མ་སེར་མོ། བཞི་ཀ་གཡས་སྣ་ཚོགས་རྡོ་རྗེ། གཡོན་འཕྲེང་བ་འཛིན་པ། སྟེང་དུ་རྡོ་རྗེ་སྒྲོལ་དཀར་མོ། འོག་ཏུ་པདྨའི་སྤྱན་ཟླ་འོད་གཉིས་གཡས་སྐྱབས་སྦྱིན། གཡོན་པདྨ་འཛིན་པ། ལྷ་མོ་དེ་ཐམས་ཅད་ཅུང་ཟད་ཁྲོས་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་ཅན་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པའོ། །གྲྭ་བཞིར། མེ་ཏོག་མ་དང་བདུག་སྤོས་མ། །མར་མེ་མ་དང་དྲི་ཆབ་མ། །དཀར་སྔོ་དམར་ལྗང་བ་རང་མིང་གི་མཆོད་རྫས་འཛིན་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོར་ཞགས་པ་མ་སེར་མོ། ནུབ་ཏུ་ལྕགས་སྒྲོགས་མ་དམར་མོ། བྱང་དུ་དྲིལ་བུ་མ་ལྗང་ཁུ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཕྱི་རོལ་ཀྱི་ཁོར་ཡུག་ལ་ཀུན་ནས་བསྐོར་ཏེ་བཞུགས་པར་གྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ནས། གསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོའི་བར་ཕྱག་བྱ། ན་མཿ སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། སརྦ་ཏྲཱ་སམ་ཀུ་སུ་མ་ཏི། ཨ་དྷི་ཛྙྱཱ་ར་ཤི་ར་ནཱི། ན་མོ་སྟུ་ཏེ་སྭཱ་ཧཱ། གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་རྣམས་ལ། ཡོན་ཏན་བསྔགས་པ་རྒྱ་མཚོ་སྒྲོགས་པའི་དབྱངས་རབ་འབྱམས་སེམས་ཅན་གྱི་ཁམས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་སུ་གྲགས་པ་འཇུག་པ་གྱུར་ཅིག སྲིད་གསུམ་སྟོན་པ་མི་དང་ལྷ་ཡི་ལྷ། །མཚུངས་མེད་བདེ་གཤེགས་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་བའི་སྤྱི་གཙུག་ནས། །ཡ་མཚན་རྨད་བྱུང་ལྷ་མོ་ཁྲོ་རྒྱལ་གཙོ། །ཁམས་གསུམ་དག་ན་ཁྱེད་འདྲའི་མགོན་མེད་དེ། །ཐུགས་རྗེའི་དབང་ཕྱུག་བཀྲ་ཤིས་མཆོག་གི་ལྷ། །སྐུ་མདོག་གངས་རིའི་རྩེ་ལ་ཉི་ཤར་འདྲ། །ཞལ་མང་སྟོང་ལ་སྤྱན་མང་བྱེ་བ་བརྒྱ། །སྲིད་པའི་བཙོན་རར་སེམས་ཅན་ཉམས་ཐག་པ། །དུས་གསུམ་གཟིགས་ནས་སེམས་ཅན་གྲོལ་མཛད་དེ། །ཞལ་སྟོང་ཕྱག་སྟོང་སྤྱན་སྟོང་རྣམས་ཀྱིས་ནི། །ཀུན་ལ་ཁྱབ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མ་རིག་ནོངས་པས་བསླུས་པའི་སེམས་ཅན་རྣམས། །རང་གི་ལས་ཉིད་རྣམ་པར་སྨིན་པ་ཡི། །འདུ་བ་རྣམ་བཞིའི་རིམས་ནད་མི་བཟད་པ། །ཞི་མཛད་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ཁྱོད་ཀྱིས་སེམས་ཅན་མང་པོ་ལ། །ཐུགས་རྗེ་མཆོག་གིས་འགྲོ་དོན་ཉེར་གཟུང་ནས། །སྲིད་གསུམ་འཇིགས་པ་ཆེ་ལས་བསྒྲལ་གྱུར་ཅིང་། །སྡུག་བསྔལ་མང་པོའི་ནད་ལས་ཐར་མཛད་ལྟར། །བདག་ཀྱང་ཁྱོད་བཞིན་འགྲོ་བའི་མགོན་གྱུར་ཏེ། །སེམས་ཅན་ཀླུ་ཡི་ཞགས་པས་ཟིན་པ་དང་། །ནད་ཀྱི་བསྐལ་པས་ཉེན་པའི་སེམས་ཅན་ལ། །སྡུག་བསྔལ་སེལ་བའི་སྐྱབས་སུ་བདག་གྱུར་ཅིག །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ནས། པདྨའི་སྤྱན་དང་ཟླ་འོད་དང་། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་པའི་བར་གྱིས་བསྟོད། །མཆོད་པ་ནི། ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་མདུན་ས་བཞིན་དུ་མཆོད། །ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ལྷ་མོ་གནམ་ཁ་ལྟར་མཐིང་གཟུགས། །དྲི་ཞི་ངད་པ་འཐུལ་བའི་གར། །བདུག་སྤོས་འཕྲེང་བས། མཐོ་རིས། དྷཱུ་པེ། ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། །ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། །མར་མེའི་འཕྲེང་བས། མཐོ་རིས། ཨཱ་ལོ་ཀེ ལྷ་མོ་མར་གད་ལྟར་ལྗང་གཟུགས། །རེག་པས་སིམ་བྱེད་བྱུག་པའི་གར། །དྲི་ཆབ་འཕྲེང་བས། མཐོ་རིས། གནྡྷེ། ལྷ་མོ་གསེར་ལྟར་སེར་བའི་གཟུགས། །མ་མཆུའི་རོ་བརྒྱས་མངར་བའི་གར། །ཞལ་ཟས་འཕྲེང་བས། མཐོ་རིས། ནཻ་ཝི་དྱ། ལྷ་མོ་བཻཌཱུརྻ་ལྟར་སྔོ་གཟུགས། །སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། །རོལ་མོའི་འཕྲེང་བས། མཐོ་རིས། ཤཔྟ། རྒྱས་པར། འཛམ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་སིཏཱ་ཏ་པ་ཏྲ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཐལ་དཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེན། ཧ་སྟི་རཏྣ། སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམ་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེན། ཨ་ཤྭ་རཏྣ། ཀུན་ཏུ་སྔོ་བ་སྣང་བྱེད་བཻཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེན། མ་ཎི་རཏྣ། འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་པ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་གཏེར། །བཙུན་མོ་རིན་ཆེན། ཧླིུ་རཏྣ། ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུངས་པ། ཁོར་ཡུག་གཏེར་གྱི་འདོད་དགུར་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། ཁྱིམ་བདག་རིན་ཆེན། པུ་རུ་ཥ་རཏྣ། སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་བརྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེན ཁཌྒྱ་རཏྣ། འོད་ཟེར་གྱི་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆ། ཨུ་པ་རཏྣ། པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཤྲཱི་བཏྶྱ། འཇིགས་བྱེད་ཀུན་དའི་འོད་ལྡན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །སུ་ཝརྣ་ཙཀྲ། འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །པདྨ་ཀུཉྩྨ་ར། རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་བསྒྲེང་ཞིང་ག་མ་ཀས་བཅིངས་གླུས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཀུནྡ་དྷྭ་ཛ། མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །སི་ཏཱ་ཏ་པ་ཏྲ། དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེད་འཇོ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ནིདྷི་གྷ་ཊ། དྲི་མེད་མར་གད་མདངས་ཅན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོ་སྒེག་གིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཤངྑ་ཝརྟ། ཡིད་གཞུངས་རྨ་བྱའི་མགྲིན་འདྲ་དགའ་བསྐྱེད་མ། །གསེར་གྱི་ཉ་འཛིན་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཀ་ན་ཀ་མཏྶྱ། ཞེས་མཆོད་ནས། ཐུགས་ཀ་གཉིས་སུ་ཨོཾ་ལ་སྔགས་ཀྱི་འཕྲེང་བ་མུ་ཏིག་གི་འཕྲེང་བ་ལྟ་བུས་བསྐོར་བར་དམིགས་ནས་ཞལ་དང་ལྟེ་བར་མགལ་མེ་ལྟར་འཁོར་བས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ལ་སོགས་པ་བསྲེགས་པར་བསམས་ནས། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཤད་དེ་བི་ཤད་དེ། བཻ་རེ་བཻ་རེ། བཛྭ་དྷ་རི། བན་དྷ་བན་དྷ་ཎི། བཛྭ་པཱ་ཎི་ཕཊ྄། ཧཱུྃ་པཱ་ཎི་ཕཊ྄། ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཧཱུྃ་དྲཱུྃ་བན་དྷ་ཕཊ྄་སྭཱ་ཧཱ། འབུམ་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ངལ་ལམ། གཏོང་བར་འདོད་ན། བཟླས་པ་ཡིད་ཀྱིས་འཕགས་པ་གདུགས་དཀར་མོ་ལ་ཕུལ་ཏེ། བདག་ལས་ཀྱི་ལྷ་མོས་འཕགས་པ་རྣམས་ལ་མཆོད་པ་དང་། བསྟོད་པ་བྱ་སྟེ། བཟོད་པར་གསོལ་ཞིང་དགེ་བའི་རྩ་བ་བསྔོས་ནས་གཤེགས་སུ་གསོལ། །དེ་ནས་ལུས་བསྲུང་བར་བྱ་སྟེ་ལྡང་བར་བྱའོ། །ལངས་ནས་ཀྱང་མདོ་སྡེ་ཟབ་མོ་བཀླག་པ་ལ་སོགས་པ་བྱའོ། །རྟག་ཏུ་འཕགས་མ་གདུགས་དཀར་མོ་དྲན་པར་བྱའོ། །ཕྱག་འཚལ་བར་དམིགས་ཤིང་འབྱུང་པོའི་ཁ་ཟས་སྤངས་ཏེ་བསྒྲུབ་པར་བྱའོ། །གཉིས་པ་སྒྲུབ་པ་ལ། རྣམ་དཔྱད་དང་པོ་ས་གཞི་གཟུང་། །གཉིས་པ་ལ་ནི་སྟ་གོན་བྱ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་པའི་དང་པོ་ནི། དཔོན་སློབ་ཀྱི་འབྲེལ་ལེགས་པར་ཤེས་ནས། རྡུལ་མཚོན་གྱི་དཀྱིལ་འཁོར་བྱ་བའི་ཕྱིར་སའི་དབུས་སུ་དྲིའི་ཐིག་ལེ་བྱ། མེ་ཏོག་གི་ཚོམ་བུ་དགྲམ། མཆོད་གཏོར་བཤམས་ལ། གཙང་སྦྲ་བྱ་བ་ནས་བཟླས་པའི་བར་དུ་བྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་མི་བསྐྱོད་པའི་ཕྱག་རྒྱས་རྡོ་རྗེ་བརྡབས་པས། སའི་དབུས་སུ་སའི་ལྷ་མོ་བསྟན་མ་མཛེས་སྡུག་མཚུངས་པ་མེད་པ་རྒྱན་གྱིས་བརྒྱན་ཏེ་འཁོར་འབུམ་ཕྲག་དང་བཅས་པ་ལུས་ཕྱེད་སྣང་བར་འཐོན་པ་ལ། པྲ་ཏི་བྷྱཿ ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཾ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། པྲ་ཏི་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལི་ཏ་སྭཱ་ཧཱ། གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་ཀླུ་རྣམས། །མཆོད་དང་གཏོར་མ་འདི་ལོང་ལ། །སེམས་ཅན་ཀུན་དགེ་དོན་དུ་ཡང་། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་བསླངས་པས་ཕྱོགས་འདིར་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་སྦྱིན་ཏེ་གཞིའི་བདག་པོ་དང་བཅས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར། ཡིད་ཆེས་པའི་ས་མིན་ན་རོ་ལྔ་བསལ། རིན་པོ་ཆེ་ལྔ་ལ་སོགས་པ་བཅུག་ནས་འཐས་པར་བཅགས་ནས་སྟེགས་བུ་གྲུ་བཞི་པ་སྟེང་མེ་ལོང་གི་ངོས་འདྲ་བ་བྱའོ། །དེར་བ་བྱུང་ངཾ་དྲིའི་བྱུག་པ་བྱུགས་མེ་ཏོག་གསིལ་མ་བཀྲམ། བདུད་རྩི་འཁྱིལ་བ་དང་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱངས། སྐུ་གཟུགས་བཞག་པ་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་ཀྱིས་གཟུང་བ་ཡིན་ནོ། །གཉིས་པ་ནི། དེ་ནས་གཟུང་ས་དེར། སྐྱབས་སུ་འགྲོ་བ་ནས་རྣམ་སྣང་གིས་རྒྱས་གདབ་པའི་བར་བྱས་སྟ་གོན་གྱི་བགེགས་ཉེ་བར་ཞི་བའི་ཆོ་ག་བྱ་སྟེ། མ་དང་ཊ་ལས་མིག་གཉིས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་རྡོ་རྗེ། རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེས་མཚན་པའི་ཁྲོ་བོའི་སྐུར་གྱུར། སློབ་མས་འཕགས་མ་གདུགས་དཀར་ལྷ་མོ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ཆེ། །བདག་ལ་ལེགས་པར་བཤད་དུ་གསོལ། །དབང་ལྡན་ནས་དཀྱིལ་འཁོར་གྱི་དབུས་སུ་ཁ་བལྟས་ནས། ཧཱུྃ་ཧཱུྃ་འགྲོ་བ་འཛིན་པ་ཡིས་ནི་བྱས་ཟིན་གྱིས། །ཧཱུྃ་ཧཱུྃ་གདུག་པའི་ཡིད་ཅན་གང་ཡིན་ཕ་ཚད་སོང་། །ཧཱུྃ་ཧཱུྃ་ཁྲོ་བོའི་རྒྱལ་པོ་སྡང་མིག་འབར་བ་ཡིས། །ཧཱུྃ་ཧཱུྃ་ཐལ་བ་བཞིན་དུ་བྱས་ཏ་རེ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབེབས། །མེ་ཕྱོགས་གློ་བུར་སྣང་བ་བྱུང་། །གཤིན་རྗེ་འཆི་བདག་གཟུགས་སུ་བྱུང་། །བདེན་བྲལ་སེམས་ཅན་ལ་འཇིགས་བྱེད། །ཆུ་ཕྱོགས་གཤིན་རྗེ་འབྲུག་སྒྲ་སྒྲོགས། །རླུང་གི་ཕྱོགས་ནས་འཚུབ་མ་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་ནས། །དབང་ལྡན་ཕྱོགས་ནས་སྣ་ཚོགས་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་དང་། །འོག་ནས་ས་འགས་གཡོ་བྱེད་པ། །གང་དག་མཚན་མོ་རྒྱུ་བ་ཡི། །བགེགས་རྣམས་ཐམས་ཅད་འགྲོ་བར་གྱིས།། ཞེས་ཐམས་ཅད་འཇོམས་པའི་སྔགས་རིང་བརྗོད། །རྡོ་རྗེ་འགྲོས་ཀྱིས་སྐོར་བ་ལན་གསུམ་བྱ། །དེ་ནས་དབུས་སུ་འདུག་སྟེ། སྐུ་ལས་འོད་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི་ནས་ནམ་མཁའི་ཁམས་ཁྱབ་པ་དེ་ལས་ཕྱག་རྒྱའི་ཚོགས་བཅུ་སྟོད་ཁྲོ་མོ་སྨད་ཕུར་བུ་ཕྱོགས་ཀྱི་གདོན་ལ་བཏབ་སྟེ་བཞུགས་པ། ཨོཾ་རྀ་ཥི་སོགས་ཀྱི་བསྲུང་སྔགས་བཟླ། དེ་ནས་ལྷ་གནས་མ་འཆོལ་བར། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི། འཁོར་གནས་སུ་ཟླུམ་པོ་ལ་མེ་ཏོག་གི་ཚོམ་བུ་བཀོད་མཐའ་མཆོད་པས་བསྐོར། བདེ་བའི་སྟན་ལ་འདུག་སྟེ། མཆོད་པ་བྱིན་གྱིས་བརླབ། དཀྱིལ་འཁོར་ཨོཾ་སྭ་བྷཱ་ཝས་སྦྱངས་པ་ནས་ལྷ་གནས་རྣམས་སུ་ཉི་ཟླའི་གདན་རེ་འཁོད་པར་གྱུར་གྱི་བར་བརྗོད། དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་འགྲོ་བའི་དོན་བྱས་ཏེ་ཚུར་འདུས་པ་ལས། གདུགས་དཀར་མོ་ཞེས་པ་ནས། འཇིགས་པ་ཐམས་ཅད་ལས་སྐྱོབ་པ། པད་འདབ་ལ་གཡས་སྐོར་གྱིས། ལྷ་མོ་དྲག་ཤུལ་ཆེན་མོ་ནས། འཇིག་རྟེན་པའི་ཚོགས་ཐམས་ཅད་ཕྱི་རོལ་གྱི་ཁོར་ཡུག་ལ་ཀུན་ནས་བསྐོར་ཏེ་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་ལ་ཧཱུྃ། ཐུགས་ཀར་ཟླ་བ་ལ་ཨོཾ། དེ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་ནས་ཨངྐུ་ཤ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། ནས། རྣམ་སྣང་གིས་དབུ་བརྒྱན་པར་གྱུར། མེ་ཏོག་ལ་སོགས་པའི་མཆོད་པ་དང་བསྟོད་པ་བྱ་བ་ལྷ་སྟ་གོན་ནོ། །དེ་ནས་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ་གཅིག མགུལ་དཀྲིས། ཁ་རྒྱན། ནང་རྫས་དང་བཅས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀོད། སྭ་བྷཱ་ཝས་སྦྱངས། བྷྲུཾ་ལས་ཕྱི་བུམ་པ་བཟང་པོ། ནང་གཞལ་ཡས་ཀྱི་ཁང་དེའི་དབུས་སུ་ནས། ལྷ་ཐམས་ཅད་གསལ་བཏབ་པ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་དང་བསྟོད་པ་བྱས། སྔགས་བཟླ་བའི་དུས། ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུ་རྒྱལ་བ་སྲས་བཅས་མཆོད། །ཚུར་འདུས་བདག་གི་སྡིག་པ་སྦྱངས་ནས་བུམ་པར་ཞུགས་ཏེ་ངོ་བོ་ཆུ་ལ་རྣམ་པ་ལྷ་ཤིན་ཏུ་གསལ་བར་བལྟའོ། །དེ་ནས་འོད་དུ་ཞུ་བས་ངོ་བོ་ལྷ་རྣམ་པ་ཆུར་བལྟའོ།། བུམ་པ་སྟ་གོན་ནོ། །དེ་ནས་སློབ་མ་ཁྲུས་བྱས་མེ་ཏོག་ཐོགས་སློབ་དཔོན་དང་ལྷ་ལ་ཕྱག་འཚལ་དུ་བཅུག་ནས། མཎྜྻལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ་སོགས་ཀྱིས་གསོལ་བ་བཏབ། སློབ་དཔོན་གྱིས། རྫོགས་པའི་སངས་རྒྱས་འདས་པ་དང་སོགས་ཀྱིས་སྤྲོ་བ་བསྐྱེད། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི་སོགས་ཀྱིས་ཉན་པར་གདམས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱི་སྐྱབས་སེམས་སྡོམ་པ་ཕོག སློབ་མ་གདུགས་དཀར་དུ་བསྐྱེད། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བྱིན་གྱིས་བརླབ། མཆོད། སོ་ཤིང་གཏད། བཛྭ་ཧཱ་ས་ཨ། ཞེས་པས་དོར་དུ་བཅུག སྲཱིཿབི་ཤུདྡྷཿ སོགས་ཀྱིས་ཁྱོར་ཆུ་སྦྱིན། ཨོཾ་བཛྭ་ཏི་བཾ་གྱིས་བཟླས་པས་ཀུ་ཤ་སྔས་དང་སྟན་དུ་བྱས། རྩ་བའི་སྔགས་བཟླས་པའི་སྲུང་སྐུད་སྐྱེད་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིང་། བཛྭ་རཀྵ་ཞེས་བསྲུང་། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས་སོགས་ཀྱིས་ཆོས་བཤད། བཞིན་བཟང་དག དོ་ནུབ་ཉོལ་ལ་རྨི་ལམ་རྟོག་ཤིག་དང་། སང་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ་ཞེས་བརྗོད། སློབ་མ་སྟ་གོན་ནོ། །དེ་ནས་སྟ་གོན་གྱི་ལྷ་ལ། བཅོམ་ལྡན་འདས་མ་གདུགས་དཀར་མོ། །རིགས་པའི་རྒྱལ་མོར་ཕྱག་འཚལ་བསྟོད། །ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །སང་ནི་དཀྱིལ་འཁོར་བྲི་བར་བྱ། །ཡོ་བྱད་ཅི་འབྱོར་གྱིས་བྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཞེས་སྙན་གསན་ཕབ་བོ། །གསུམ་པ་ནི། དེ་ནས་སྟ་གོན་གྱི་ལྷ་ལ་མཆོད་པ་བྱས་ཏེ། བཛྭ་དྲིཥྚི་མ་ཊ། ཅེས་ནམ་མཁའ་ལ་བཏེག་ལ་ཚོན་སྣ་ལྔའི་སྲད་བུ་གསར་པ་གཙང་མ་མཛེས་པ། ཤིན་ཏུ་རན་པ། དྲི་ཞིམ་པ། རེག་པ་བདེ་བ། ལེགས་པར་བཀལ་བ་སྦོམ་ཕྲ་རན་པ། འཇུར་མདུད་མེད་པ། དཀར་པོ་ལ་རཾ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དམར་པོ་ལ་ཀཾ་ཐུགས་ཀྱི་རང་བཞིན། སེར་པོ་ལ་ཨཾ་ཐུབ་པ་བྱང་ཆུབ་སྙིང་པོའི་རང་བཞིན། ལྗང་ཁུ་ལ་སཾ་ཕྱག་ན་རྡོ་རྗེའི་རང་བཞིན། སྔོན་པོ་ལ་ཧཱུྃ་ཁམས་གསུམ་རྣམ་པར་རྒྱལ་བའི་རང་བཞིན་དུ་བསྐྱེད་ནས། ཨོཾ་བཛྭ་ས་མ་ཡ་སུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བཟླས་ལ་ཉེར་མཆོད་ལྔས་མཆོད་ལ་ཐིག་བཏབ་དེ་ནས་རིན་པོ་ཆེའམ། སཱ་ལུའམ། སའི་ཕྱེ་མ་རྣམ་ལྔ་ལ་སྔར་བཞིན་བསྐྱེད་ནས། ཨོཾ་བཛྭ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བཟླས་མཆོད་ནས་བྲིའོ། །ཚར་ནས་ཚོན་སྐུད་ཀྱི་དྲ་བ་དང་། དཀྱིལ་འཁོར་གྱི་སྟེང་དུ་བླ་བྲེ་ལོགས་ལ་ལྡ་ལྡི་རལ་གྲི་མདའ་བོ་མེ་ལོང་བརྒྱད་དར་དཔྱངས་ལྷབ་ལྷུབ་ལ་སོགས་པ། འོག་ཏུ་མཆོད་པའི་ཚོགས་ཀྱིས་བསྟར་བས་ལྷ་ཡི་རྒྱལ་པོའི་མདུན་ས་ལྟ་བུར་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི། བདག་བསྐྱེད་བྱས། མདུན་བསྐྱེད་དང་བུམ་པ་སྟ་གོན་བཞིན་དུ་བྱས་ནས། འཇུག་པ་དངོས་ནི། ལེགས་ལྡན་མཆེད་གསུམ་ལ་གཏོར་མ་ཕུལ། བར་ཆད་བསྲུང་བར་གསོལ་བ་གདབ། སློབ་མ་ཁྲུས་བྱས། མཎྜྻལ་ཕུལ། གསོལ་བ་གདབ། སྤྲོ་བ་བསྐྱེད། ཉན་པར་གདམས། སེམས་བསྐྱེད། གནས་གསུམ་བྱིན་གྱིས་བརླབ་པའི་བར་སློབ་མ་སྟ་གོན་བཞིན་བྱས་ལ་མིག་དར་བཅིང་ངོ་། །ཕྱི་འཇུག བླ་མ་རྡོ་རྗེ་འཛིན་པ་ཀྱེ། །གཙོ་བོ་འཁོར་བཅས་དགོངས་སུ་གསོལ། །མི་ཤེས་མུན་གྱིས་བསྒྲིབས་པ་ལ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞེས་གསོལ་བ་བཏབ། བླ་མས། ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ཀྱིས་ལམ་འདི་སྒྲུབ་པར་གྱིས། །ལམ་མཆོག་བསྒྲུབ་ལ་རབ་ཏུ་དགའ། །ཉེས་པ་དག་གིས་མ་གོས་པར། །འབྲས་བུ་མྱུར་དུ་འབྱིན་པར་བྱེད། །དམ་ཚིག་འདས་ན་དམྱལ་བར་ལྟུང་།། སློབ་མས། འཕགས་མ་གདུགས་དཀར་ལྷ་མོ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་བླ་མ་དང་དཀྱིལ་འཁོར་ལ་གསོལ་བ་བཏབ་པས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས། བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པས་བྱིན་གྱིས་བརླབ་པར་བསམ་མོ།། བསྙེན་སྔགས་ཀྱི་མཐར་ཨཱ་བེ་ཤ་ཡ་ཨ་ཨ་ཞེས་བཏགས་པ་བཟླའོ།། ཡང་དག་པ་ཡི་དཀྱིལ་འཁོར་འདིར་སོགས་ཀྱིས་མེ་ཏོག་དོར། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས་སོགས་ཀྱིས་མིག་དར་དབྱེ། དཀྱིལ་འཁོར་རྟེན་དང་བཅས་པ་ཁྲ་ལམ་གྱི་མཐོང་བར་མོས་པ་བྱས་ལ་འཇུག་པའོ། །དབང་བསྐུར་བ་ནི། འཕགས་མ་གདུགས་དཀར་ལྷ་མོ་མཆོག། ནས། བདག་ལ་དབང་བསྐུར་སྩལ་དུ་གསོལ།། དེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་སྟན་གཙང་མའི་ཁར་བཞག ཆོ་ག་གསུམ་གྱིས་གདུགས་དཀར་མོ་ཅན་བསྐྱེད། གནས་གསུམ་བྱིན་གྱིས་བརླབ་པ་བྱས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྣམ་སྣང་གཙོ་བོར་གྱུར་པའི་དབང་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བར་བསམས་ལ་བུམ་པ་སྤྱི་བོར་བཞག་སྟེ། བུམ་པ་བཟང་པོ་དག་བྱེད་ཆུས་གང་བ། །གླུ་སྒྲ་རོལ་མོར་ལྡན་པས་དབང་བསྐུར་བས། །ལུས་ཀྱི་སྒྲིབ་སྦྱངས་ཞེ་སྡང་རྣམ་སྦྱངས་པས། །མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག །བཛྭ་ཨ་བྷི་ཥིཉྩྨ་ཨོཾ། ནུབ་ཀྱི་བུམ་པ་མགྲིན་པར་བཞག་ནས། གཞན་འདྲ་བ་ལ། ངག་གི་སྒྲིབ་སྦྱངས་འདོད་ཆགས་རྣམ་དག་པས། །སོ་སོར་རྟོག་པའི་ཡེ་ཤེས་རྟོགས་པར་ཤོག། ཥིཉྩྨ་སྲཱིཿ དབུས་ཀྱི་བུམ་པ་སྙིང་གར་བཞག་ནས། ཡིད་ཀྱིས་སྒྲིབ་སྦྱངས་གཏི་མུག་རྣམ་དག་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པར་ཤོག། ཥིཉྩྨ་ཧཱུྃ། ལྷོའི་བུམ་པ་ལྟེ་བར་བཞག་ནས། ཉོན་མོངས་སྒྲིབ་སྦྱངས་ང་རྒྱལ་རྣམ་དག་པས། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པར་ཤོག ཥིཉྩྨ་ཏྲཾ། བྱང་གི་བུམ་པ་གསང་གནས་སུ་བཞག་ནས། སྒོ་ལྔའི་སྒྲིབ་སྦྱངས་ཕྲག་དོག་རྣམ་དག་པས། །བྱ་བ་གྲུབ་པའི་ཡེ་ཤེས་རྟོགས་པར་ཤོག། ཥིཉྩྨ་ཨ། སློབ་དཔོན་གདུགས་དཀར་མོ་ཅན་དུ་གསལ་བའི་ཐུགས་ཀའི་ཨོཾ་ཡིག་གི་མཐའི་སྔགས་འཕྲེང་ལས་སྔགས་འཕྲེང་ཆད་དེ་ཞལ་་ནས་ཐོན། ཁྱེད་རང་རྣམས་གདུགས་དཀར་མོ་ཅན་དུ་གསལ་བའི་ཞལ་དུ་ཞུགས་ཐུགས་ཀའི་ཨོཾ་ཡིག་གི་མཐར་འཁོད་པའི་མོས་པ་གྱིས་བྱས། བསྙེན་སྔགས་ལན་གསུམ་རྗེས་ཟློས་བྱས། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སོགས་སྤྱི་མཐུན་བྱའོ། །དེ་ནས་སྤྱིའི་རྒྱུད་ལས་གསུངས་པའི་དམ་ཚིག་བསྒྲག་པར་བྱ་སྟེ། དེ་ནི་སྒྲུབ་པོར་བྱ་བའི་དབང་ངོ་། །བགེགས་ཞི་བར་འདོད་ན། བྱབ་པ་དང་། བཀྲུ་བ་དང་བསྲུང་འཁོར་གདགས་པར་བྱའོ། །འབྱོར་པ་རྒྱས་པར་འདོད་ན། བཀྲ་ཤིས་པའི་རྫས་བརྒྱད་མདུན་དུ་བསྟར་ཏེ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས་སོགས་ཀྱིས་དབང་བསྐུར་བར་བྱའོ། །སློབ་དཔོན་དུ་འོས་པ་ཞིག་ན་དེ་སེང་གེའི་ཁྲི་པདྨའི་སྙིང་པོ་ཅན་ལ་བཞག སྟེང་དུ་གདུགས་ཀྱིས་ཕུབ། ཉེར་སྤྱོད་ལྔས་མཆོད་ནས། ལག་པ་གཡས་སུ་རྡོ་རྗེ་དང་། གཡོན་དུ་གསེར་གྱི་འཁོར་ལོ་བཞག་ནས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དག་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། དགང་གཟར་བླུགས་གཏད་དེ། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང་། །བསད་དང་བསྐྲད་པ་དེ་དག་གི །ལས་དེ་རྣམས་ནི་བསྒྲུབ་པར་གྱིས།། གཏང་རག་གི་ཡོན་ཕུལ། བསྒྲུབ་པ་ཆེན་པོ་ནི། རལ་གྲི་ལ་སོགས་པའི་རིག་འཛིན་བསྒྲུབ་པའི་ཆོ་ག་འདིར་མ་བཤད་དོ། །གསུམ་པ་ལས་ལ་སྦྱོར་བ་ལ། བསྲུང་བ་དང་། བཟློག་པ་དང་། བསད་པ་དང་། བསྲེག་པ་དང་། འཕང་བ་དང་། མནན་པ་དང་དྲུག་ལས། དང་པོ་ནི། རྒྱས་པ་ཟུར་དུ་བཤད་པ་བཞིན་ནམ། མདོར་བསྡུ་ན། དེ་ལ་རང་ངམ་གཞན་བསྲུང་བར་འདོད་པས། དང་པོར་གྲོ་གའམ་རས་སམ་ཤིང་ཤུན་ལ། གུར་ཀུམ་གྱིས་རིམ་པ་བཞིར་གནས་པར་བསྐོར་ཏེ། དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བཀོད་པའི་ལྟེ་བ་ལ་བསྲུང་བར་བྱ་བའི་མིང་སྲུང་ཚིག་དང་བཅས་པ་བྲིས་ཏེ། རྩིབས་བརྒྱད་པོ་དག་ལ་ནི། ཨོཾ་རྀ་ག་ཎ། ནས། ཨ་སྟཱ་ནཱཾ་མ་ཧཱའི་བར་དུ་སོ་སོར་བྲིས། གཉིས་པ་ལ་ནི་ཏདྱ་ཐཱ། ཨོཾ། ནས་ཧཱུྃ་དྲུཾ་བན་དྷའི་བར་དུ་སྡེ་ཚན་བརྒྱད་དུ་དགོད་པར་བྱའོ། །རིམ་པ་གསུམ་པར་ནི། ཞི་བར་བྱེད་པའི་རིག་སྔགས། ཏདྱ་ཐཱ། ཧཱུྃ། ནས་མ་མའི་བར་དུ་དགོད་པར་བྱའོ། །རིམ་པ་བཞི་པར་ནི། ཐམས་ཅད་འཇོམས་པའི་རིགས་སྔགས། ཨོཾ་ཨ་སི་ཏཱ། ནས། ལཱརྐ་ཞེས། ནས། ཝ་བི་ནཱི་ཡེའི་བར་དུ་བསྲུང་བའི་ཚིག་དང་བཅས་པ་དགོད་པར་བྱའོ། །དེ་ལྟར་བྲིས་པ་དེ་བུམ་པའི་མཎྜྻལ་སྟེང་དུ་བཞག་ནས། བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ་འཁོར་ལོའི་དབུས་ཀྱི་ཡི་གེ་ལས་འཕགས་མ་གདུགས་དཀར་མོ་ཅན་འཁོར་བཅས་བསྐྱེད་པར་བྱེད་དོ། །དེ་ནས་མདུན་དུ་གཞལ་ཡས་ཁང་བསམས་ཏེ། ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་དྲངས་མཆོད་པར་བྱ་སྟེ་གཟུངས་ནས་འབྱུང་བས་གསོལ་བ་བཏབ་ལ། བཟླས་པ་བརྒྱའམ་སྟོང་ངམ་ཅི་ཙམ་འཚམ་པར་བྱའོ། །དེ་ནས་འཁོར་ལ་ཡང་མཆོད་ཅིང་ཚངས་པ་དང་དབང་པོ་དང་ཉེ་དབང་དང་ལེགས་ལྡན་ལ་སོགས་པ་ལ་གཏོར་མ་ཕུལ་ཏེ། གསོལ་བ་བཏབ་ནས་རང་ངམ་གཞན་སྐྱེས་པའམ་བུད་མེད་དེ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་བྱས་ནས། ཡུངས་ཀར་དང་བཅས་པས་ལུས་སམ་མགུལ་དུ་བཏགས་ན། མེས་མི་ཚུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །བཟློག་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། འཇིག་རྟེན་པའི་དཀྱིལ་འཁོར་གཉིས། དང་པོ་ནི། སྔར་བཤད་པ་ཉིད་དོ། །གཉིས་པ་ནི། མདུན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གཡོན་དུ། དཀྱིལ་འཁོར་གྲུ་བཞི་སྒོ་བཞི། ནང་དུ་ཕོ་བྲང་ཟླུམ་པོ་སྒོ་གཅིག་པ་ཕྱི་མའི་ཕྱོགས་བཞིར། སྣ་ཚོགས་རྡོ་རྗེ་རྒྱ་གྲཾ་རྭ་བཞི། དེའི་ཕྱི་པདྨ་འདབ་བརྒྱད། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པ་བྱས། མཆོད་པས་བསྐོར། མདུན་དུ་འབྲུབ་ཁུང་། དེའི་ནང་དུ། གྲོག་མཁར་གྱི་ས། བ་ལང་གི་ལྕི་བ་དང་རྐང་རྗེས་ཀྱི་ས་ལ། ཕ་རོལ་གྱི་བྱད་མ་མཁན་གྱི་གཟུགས་བྱས། དེའི་སྙིང་གར་འཁོར་ལོ་ནི། དུར་ཁྲོད་ཀྱི་རས་ལ་ཁྲག་དང་དུག་དང་། ལན་ཚྭ་དང་། ཀེ་ཚེ་ལ་སོགས་པའི་ཁུ་བས་འཁོར་ལོ་མུ་ཁྱུད་གཉིས་བསྐོར་བ་བྲིས་ཏེ། ནང་མའི་ལྟེ་བ་ལ་བསྒྲུབ་བྱའི་མིང་བྲིས་པའི་མཐར་ཆེ་གེ་མོ་མཱ་ར་ཡ་བྷན་དྷ་ཡ་ནན། མུ་ཁྱུད་དང་པོར། ཏདྱ་ཐཱ། ཨོཾ། ནས། ཧཱུྃ་དྲུྃ་བནྡྷའི་བར་དུ་བྲིས་པའི་མཐར་ཆེ་གེ་མོ་མཱ་ར་ཡ་བྷནྡྷ་ཡ་ནན། ཞེས་བྲིའོ། །གཉིས་པ་ལ་ཐམས་ཅད་འཇོམས་པའི་སྔགས་མིང་མཱ་ར་ཡ་བྷནྡྷ་ཡ་ནན་བཅས་པ་དགོད་དོ། །དེ་ལྟར་ལིངྒ་འབྲུབ་ཁུང་གི་ནང་དུ་བཅུག ཡུངས་དཀར། ཀེ་ཚེ། རྡོ་ཕྱེ། ལྕགས་ཕྱེ། ཟི་ར། བྲ་བོ་ནག་པོ། སྲན་མ་ནག་པོ་སྐམ་ཐུན། དུག་ཆུ་དང་ཁྲག་རློན་ཐུན། མཆོད་པའི་གཏོར་མ་དང་བཅས་བཤམས་ནས། དང་པོར་བདག་བསྐྱེད་ཡེ་ཤེས་ཀྱི་མདུན་བསྐྱེད་བཟླས་པའི་བར་བྱས། དེ་ནས་ལས་དཀྱིལ་བྷྲུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ནས། དེ་ནས་དེའི་ནང་གི་དབུས་སུ་རིན་པོ་ཆེའི་ཕོ་བྲང་ཟླུམ་པོ་སྒོ་གཅིག་པ། དེའི་ལྟེ་བར་གྲུ་གསུམ་གྱི་དབུས་སུ་སེང་གེའི་གདན། དེའི་ཕྱིར་པདྨ་འདབ་མ་བཞི་པ། ཕྱིར་སྣ་ཚོགས་རྡོ་རྗེ་རྭ་བཞི། དེའི་ཕྱིར་པདྨ་འདབ་མ་བརྒྱད། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པ། དབུས་ཀྱི་སེང་གེའི་གདན་ལ་འཕགས་མ་གདུགས་དཀར་མོ་ཅན། དབུ་སྟོང་། ཕྱག་སྟོང་། ཞབས་སྟོང་། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཤར་གྱི་ཞལ་དཀར་པོ་སྒེག་པ་དང་། དཔའ་བ་ཉིས་བརྒྱ། ལྷོ་ཞལ་སེར་པོ། འཇིག་སུ་རུང་བ་དང་རྒོད་པ་ཉིས་བརྒྱ། ནུབ་ཀྱི་ཞལ་དམར་པོ་གཤེ་བ་དང་། རྔམ་པ་ཉིས་བརྒྱ། བྱང་གི་ཞལ་ལྗང་ཁུ། སྙིང་རྗེ་བ་དང་། ཞི་བ་ཉིས་བརྒྱ། སྟེང་གི་ཞལ་སྔོན་པོ། ངོ་མཚར་བ་དང་། དྲག་པོའི་ཉམས་ཅན་ཉིས་བརྒྱ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ་ཕྱག་གཡས་ཀྱི་དང་པོ་འཁོར་ལོ་དང་བཅས་པའི་སྐྱབས་སྦྱིན། དེ་འོག་དགུ་བཅུ་རྩ་དགུས་འཁོར་ལོ་འཛིན་པ། དེ་འོག་བརྒྱ་རྡོ་རྗེ། དེ་འོག་བརྒྱ་རིན་པོ་ཆེ། དེ་འོག་བརྒྱ་པདྨ། དེ་འོག་བརྒྱ་སྣ་ཚོགས་རྡོ་རྗེ་འབར་བ་འཛིན་པ། གཡོན་དང་པོ་མདའ་དང་བཅས་པའི་གདུགས་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ། དེའི་འོག་དགུ་བཅུ་རྩ་དགུས་མདའ་འཛིན་པ། དེའི་འོག་བརྒྱ་གཞུ། དེ་འོག་བརྒྱ་རལ་གྲི། དེ་འོག་བརྒྱ་ཞབས་པ། དེ་འོག་བརྒྱ་ལྕགས་ཀྱུ་འབར་བ་བསྣམས་པ། ཞབས་གཡས་པ་ལྔ་བརྒྱ་བརྐྱང་བས་རྒྱལ་པོའི་འཇིགས་པ་ལ་སོགས་པ་འཇིགས་པ་ཆེན་པོ་ཐམས་ཅད་གནོན་པར་མཛད་པ། གཡོན་ལྔ་བརྒྱ་བསྐུམ་པས་མདངས་འཕྲོག་པ་ལ་སོགས་པའི་གདོན་ཐམས་ཅད་འཇོམས་པར་མཛད་པ། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེ་འབར་བས་མཚན་པ། དབུའི་སྟེང་དུ་གདུག་བདུན་དང་། སངས་རྒྱས་བཅུ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་བྱེ་བ་ཕྲག་བདུན་གྱི་ཅོད་པན་འཆང་བ། ཟུར་གྱིས་བལྟ་བ་དང་། བགྲོད་པ་དང་། གློག་ལྟར་འགྱུ་བ་དང་། དྲག་ཏུ་གཟིར་བ་ལ་སོགས་པའི་སྤྱན་དང་ལྡན་པར། བ་སྤུའི་ཁུང་ཐམས་ཅད་ནས་བསྐལ་པའི་མེ་འོད་འབར་བ། ཐུགས་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བས་རྡོ་རྗེ་ཡངས་མ་ཆེན་མོ། སྲིད་པ་གསུམ་ལ་མངའ་བརྙེས་པས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ། སེམས་ཅན་ཐམས་ཅད་འཇིགས་པ་མ་ལུས་པ་ལས་སྐྱབས་པའི་བདག་ཉིད་ཅན། ཞི་ཁྲོའི་རྒྱན་དང་ན་བཟས་སྤྲས་པ། དེའི་གཡས་གཡོན་རྒྱབ་གསུམ་དུ་པདྨ་དང་། ཉི་མའི་གདན་ལ། ཧཱུྃ་ལས་ལེགས་ལྡན་ནག་པོ་མཆེད་གསུམ། སྐུ་མདོག་མཐིང་ནག དར་གྱི་བེར་ཆེན་གསོལ་བ། ཕྱག་གཡས་པ་ཙན་དན་གྱི་བེང་ཆེན་བསྣམས་པ། གཡོན་པ་དགྲ་བགེགས་ཀྱི་སྙིང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། ཁྲོ་ཞིང་གཏུམ་པ། མེ་འབར་བའི་དབུས་ན་བཞུགས་པ། པདྨ་ལ་ཚངས་པ་སོལ་ཀ་བ་ལས་བྱེད་སྲིང་མོ་མིང་པོར་བཅས་པ། རྡོ་རྗེའི་རྭ་ལ་རྒྱལ་པོ་ཆེན་པོ་བཞི། པདྨའི་འདབ་མ་ལ། བརྒྱ་བྱིན། མེ་ལྷ། གཤིན་རྗེ། སྲིན་པོ། ཆུ་བདག རླུང་ལྷ། གནོད་སྦྱིན། བགེགས་ཆེན། འཁོར་ལོའི་རྩིབས་ཕྱོགས་ཀྱི་བཞི་ལ། འབྱུང་པོ་དང་། གཟའ་དང་། ས་བདག་དང་། ལྷ་མ་ཡིན། མཚམས་བཞི་ལ། མིའམ་ཅི་དང་། མཁའ་འགྲོ་མ། མ་མོ་དང་། ནམ་མཁའ་ལྡིང་། སྒོ་བཞིར། ལྟོ་འཕྱེ་དང་། རྣལ་འབྱོར་མ་དང་། ཀླུ་དང་། འབྱུང་པོའི་གདོན་དེ་ཐམས་ཅད་རང་རིགས་ཀྱི་སྡེ་དཔུང་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་ནས་རང་ལས་ཀྱི་ལྷ་མོའི་ཐུགས་ཀའི་ཨོཾ་གྱི་འོད་ཟེར་གྱིས་གཙོ་འཁོར་རྣམས་སྤྱན་དྲང་བར་བྱ་སྟེ། ཧཱུྃ་བཅོམ་ལྡན་གདུགས་དཀར་འཁོར་བཅས་རྣམས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །མཆོད་ཡོན་ཞལ་བསིལ་བཞེས་ནས་ཀྱང་། །པདྨའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ། ག་ག་ན་པྲ་ཝ་སཏྐྲ་ར་པདྨ་ལེ་ས་མ་ཡེ་ཧྶཾ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འབྱུང་པོ་གཟའ་གདོན་ས་བདག་དང་། །ལྷ་མིན་མི་འམ་མཁའ་འགྲོ་མ། །མ་ཚོགས་མཁའ་ལྡིང་འདིར་གཤེགས་ཤིག །ལྟོ་འཕྱེ་ཆེ་དང་རྣལ་འབྱོར་མ། །ཀླུ་ཡི་གདོན་དང་འབྱུང་པོའི་ཚོགས། །སྤྱན་འདྲེན་མཆོད་འབུལ་སྙན་གསན་འབེབས། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ཨོཾ་ཨེ་ེ་ཧི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡེ་ཧྶཾ། ཞེས་པས་དཀྱིལ་འཁོར་གྱི་དམ་ཚིག་པ་ལ་བསྟིམ་པར་བྱའོ། །དེ་ནས་གཙོ་མོ་རི་ཁྲོད་མ་ལེགས་ལྡན་འཇིག་རྟེན་པའི་ཚོགས་དང་བཅས་པ་ལ། རྣམ་པ་ལྔ་དང་། འདོད་ཡོན་ལྔ། ལྷ་མོ་བརྒྱད་ལ་སོགས་པས་ཁྱད་པར་མཆོད་ལ། རྒྱུད་ཀྱི་བསྟོད་པས་བསྟོད་པར་བྱའོ། །དེ་ནས་ཐུན་དང་ཟོར་རྫས་རྣམས་གདུག་པ་ཅན་ཐམས་ཅད་སྒྲོལ་བའི་ནུས་ལྡན་དུ་བསམས། ཐམས་ཅད་འཇོམས་པའི་སྔགས་བཟླ་ཞིང་། འཇིག་རྟེན་གྱི་ཁམས་ན་གཞན་གྱི་སྲོག་ལ་གནོད་པའི་དབལ་མི་བཟད་པར་གྱུར་པ་ཐམས་ཅད་དེ་དག་ལ་བསྟིམ། ཕུར་བུ་སྟོད་ལྷ་མོ་སྨད་རྡོ་རྗེ་རྩེ་གཅིག་པ་འབར་བའི་གཟུགས་ཅན་དུ་དམིགས་ལ་མཆོད་བསྟོད། དེ་ནས་གསེར་སྐྱེམས་དང་། གཟུ་དཔང་བརྗོད། རང་ཉིད་སྒྲོལ་གིང་ནག་པོའི་ཆེས་གཅེར་བུ་ཁྲག་གིས་བྱུགས་པའམ། །ཡང་ན་ཞྭ་དང་གོས་ནག་གྱོན་རྔ་དང་འཆམ་སྟབས་སུ་བསྟུན་ཏེ། ཐོག་མར་འབྲུབ་ཁུང་བསྐྱེད་པ་ནི། འབྲུབ་ཁུང་འདི་ཉིད་བྷྲུཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ། ལས་ཀྱི་གཤིན་རྗེའི་བཙོན་ཁང་། རྔམས་ནག་པ། གཏིང་རིང་བ། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སླེབ་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་དཔུང་འབར་བ། གཏི་མུག་གི་མུན་པ་གཏིབས་པ། ང་རྒྱལ་གྱི་བྲག་རི་གཏམས་པ། ཕྲག་དོག་གི་རླུང་དམར་འཚུབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། དུག་དང་ནད་ཐམས་ཅད་ཀྱི་ན་བུན་འཐིབས་པ། དེའི་ནང་དུ་ནྲི་ལས་བྱད་མ་ནག་ལ་ཧཾ་པ། སྔོ་ལ་རིད་པ། ཤིན་ཏུ་ཉམ་ཐག་པ་གན་རྐྱལ་དུ་འགྱེལ་བ། མིག་ཤི་མིག་ཏུ་བལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་ཏུ་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི། དགེ་འདུན་གྱི། ཁྲོ་མོའི་རྒྱལ་མོ་གདུགས་དཀར་མོ་ཅན་གྱི། བདེན་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་ཅག་ལ། སྔ་དགྲ་ལག་ལ་བདར་ཞིང་། ཕྱིས་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། གཟུགས་མེད་གནོད་པར་བྱེད་པའི་བགེགས་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉའུ་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག ལྕགས་སྒྲོགས་ཅན་རྣམས་ཀྱིས་སྡོམས་ཤིག དྲིལ་བུ་ཅན་རྣམས་ཀྱིས་མྱོས་ཤིག སརྦ་ཤ་ཏྲུན། བཛྭ་ཨངྒུ་ཤ་ཛཿ ཆོས་ཀྱི་དབྱིངས་ནས་གཙུག་ཏོར་གདུགས་དཀར་ཅན། །ཤིན་ཏུ་ཁྲོས་ནས་དགྲ་བགེགས་དགུག་པའི་ཕྱིར། །དྲེགས་པའི་ལས་བྱེད་ཐམས་ཅད་ཕོ་ཉར་འགྱེད། །ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཕྲོ། །ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས། །ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འགྱེད། །དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབས། །ཐམས་ཅད་ཁྲོས་པའི་ང་རོ་འབྲུག་ལས་ཆེ། །རྒྱུག་པའི་ཤུགས་ནི་བར་སྣང་འཁྱུག་ལས་མྱུར། །གཏུམ་པའི་བརྗིད་ནི་གནམ་ས་འཕར་ཞིང་ལྡེག །ཡིད་ལ་བརྣག་པའི་དགྲ་བགེགས་གར་འདུག་མཁྱེན། །ལྕགས་ཀྱུས་སྙིང་ཕུག་ཞགས་པས་སྐེ་ནས་ཆིངས། །ལྕགས་སྒྲོག་གིས་སྡོམས་དྲིལ་བུས་མཉེད་བཞིན་དུ། །ལས་ཀྱི་རླུང་དམར་འཚུབ་པའི་ཁར་བསྐྱོན་ལ། གཟུགས་བྱང་འདི་ལ་བསྟིམ་པའི་དུས་ལ་བབ།། ཅེས་བསྐུལ། ཕོ་ཉ་རྣམས་ཀྱིས་བྱད་མ་མཁན་པོའི་སྙིང་གར་ལྕགས་ཀྱུས་བཏབ་ཞགས་པས་རྐེ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུ་དང་མཚོན་ཆ་སྣ་ཚོགས་པས་རྒྱབ་ནས་མཉེ་ཞིང་རྔ་མོང་ལ་བསྐྱོན། དེ་ལས་ཀྱི་རླུང་དམར་གྱིས་བདས་པས་བྱེའུ་ཁྲས་དེད་པ་བཞིན་མདུན་གྱི་ཉའུ་ཐིམ་པར་བསམ། ཁུགས་རྟགས་མ་ཐོན་གྱི་བར་དུ་བྱ། ཁུགས་རྟགས་བསྟན་ནས། བྱ་རོག་དང་འུག་པའི་དང་སྒྲོས་སམ་ཟོར་མདས་འབྱེད་ཅིང་། ཨོཾ་ཀཱ་ཀ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །རྟོག་མེད་ཟས་སུ་ཤ་ལ་དགའ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། ཧཱུྃ་ཨུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་བགོ །ཉིན་མཚན་མེད་པར་འཇིག་རྟེན་རྒྱུ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷ་དང་དགྲ་རུ་ཕྲོལ་ལ་ཤོག །ལུས་དང་སྲུང་མར་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མར་ཕྲོལ་ལ་ཤོག །ཕ་དང་བུ་རུ་ཕྲོལ་ལ་ཤོག །གཉེན་དང་ཉེ་བར་ཕྲོལ་ལ་ཤོག །ཕོ་བོ་ནུ་བོར་ཕྲོལ་ལོ་ཤོག །ལྷ་སྲུངས་གནམ་གྱི་མཐའ་ལ་བདོས། །དགྲ་བོ་རྡུལ་དུ་རླག་པར་གྱིས། །ཐམས་ཅད་འཇོམས་པའི་སྔགས་ཀྱི་མཐར། །དགྲ་བོ་ཕོ་ལྷ་དང་ཕྱེ། མོ་ལྷ་དང་ཕྱེ། ཡུལ་ལྷ་དང་ཕྱེ། དགྲ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཞེས་ཕུར་བུ་བསྒྲིལ་ཞིང་། འཕྲིན་ལས་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཕུར་བུ་ཀཱི་ལཱ་ཡ། །སྟོད་ནི་ཁྲོ་བོ་འབར་བའི་ཞལ། །འཆང་བཟུང་རྡོ་རྗེ་གློག་སྟོང་འཁྱུག །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །སྐུ་སྨད་ཟུར་གསུམ་དབལ་ལྡན་པ། །དགྲ་བགེགས་སྟེང་དུ་ཀཱི་ལཱ་ཡ། །སྐད་ཅིག་ཉིད་ལ་སྲོག་དང་ཕྲོལ།། ཞེས་གཟིར་བས། ཚེ་རྟེན་ཨ་བདག་ཉིད་ཀྱི་ཚེའི་གསོས་སུ་བླངས། སྲོག་རྟེན་ནྲི་ཧཱུྃ་ཡིག་གི་རྣམ་པ་འོག་མིན་ལྷའི་ཞིང་དུ་གཤེགས། དེ་ནས། ལྷའི་གདོན་ནམ། ཀླུའི་གདོན་ནམ། ནས་ནམ་གྲུའི་གདོན་དང་། དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །གཟི་བརྗིད་འཕྲོག་པ་དང་། ནས། ཟས་སུ་སྦྱིན་སྲེག་ཟ་བ་དེ་དག་ཐམས་ཅད་དང་གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་བའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་པོའི་བར་བརྗོད། ཨོཾ་ཨ་སི་ཏཱ་ནས་ལཱརྐ་ཞེས་ནས། ཝ་སིནཱི་ཡེའི་བར་གྱིས་ཐམས་ཅད་འཇོམས་པའི་རིག་སྔགས་བཟླས། ཕུར་བུ་བསྐོར་ཞིག་ཉ་འུར་བཏབ། སླར་ལས་ཕུར་སོར་བརྒྱད་པ་རེ་གནས་སོ་སོར་གདབ་ཅིང་འདི་བརྗོད། ཧཱུྃ། དགྲ་བགེགས་འབྱུང་པོ་ལས་ངན་འདི། །དང་པོར་ཞེ་སྡང་ཕ་ལས་བརྒྱུད། །བར་དུ་འདོད་ཆགས་མངལ་སྒོ་འགྲིམས། །ཐ་མར་ཉོན་མོངས་ལྔ་ཡི་གཟུགས། །ཕུང་པོ་བརྩད་ནས་གཅད་པའི་ཕྱིར། །སྲིད་པའི་ཆགས་ས་ལྟེ་བ་ཡིན། །ལྟེ་བའི་དཀྱིལ་དུ་ཀཱི་ལཱ་ཡ། །རྣམ་ཤེས་གནས་ས་སྙིང་ཡིན་པས། །སྙིང་གི་དཀྱིལ་དུ་ཀཱི་ལཱ་ཡ། །ལྟ་བར་བྱེད་པ་མིག་ཡིན་པས། མིག་གིྎ ཉན་པར་བྱེད་པ་རྣ་བ་ཡིན། རྣ་བའིྎ སྣོམ་པར་བྱེད་པ་སྣ་ཡིན་པས། སྣ་ཡིྎ མྱོང་བར་བྱེད་པ་ལྕེ་ཡིན་པས། ལྕེ་ཡིྎ བསྐྱོད་པར་བྱེད་པ་ཡན་ལག་ཡིན། །ཡན་ལག་བཞི་ལ་ཀཱི་ལཱ་ཡ། །ཐུན་རྣམས་རྡེག་ཅིང་། ཡུངས་ཀར་རྒྱལ་པོ་ཤི་རཱ་རཾ། །ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག །མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། གདུག་པའི་དུག་རླངས་རླུང་ལྟར་འཚུབ། །དུག་ལྔ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། དཔག་མེད་དྲག་པོ་མདའ་ཡི་ཐུན། །བདུད་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། སྟོབས་ཆེན་རྩལ་འཆང་རྡོ་ཡི་ཐུན། །ཕྲ་མེན་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ རྡོ་རྗེ་འཁོར་ལོ་དབྱུག་ཐོ་སོགས། །མཚོན་ཆ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །མཁྱེན་བརྩེ་ནུས་པའི་རལ་གྲི་ཡིས། །ལོག་རྟོག་འཁོར་བ་རྒྱུན་བཅད་དོ། །དུམ་བུར་བྱས་ནས་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་། ཧཱུྃ། བཀའ་ལས་འདའ་བྱེད་སྡིག་ཅན་འདི། །མཚོན་ཆ་རྣོན་པོས་བསྒྲལ་ཟིན་གྱིས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། ཤ་རུས་དམར་མྱོག་གཏང་། དེ་ནས་བསྟབ་པ། ཧཱུྃ། གདུགས་དཀར་མོ་ཡི་ལྷ་ཚོགས་རྣམས། །ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེ་ཞིག །དོན་དམ་ཆོས་ཉིད་ཞལ་ཕྱེ་ཞིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་སྒྲིལ་ལ། །སྟོང་གསུམ་ཙམ་གྱི་མིད་པ་གདོངས། ཁམས་གསུམ་འཁོར་བའི་ཕུང་ཁམས་སྐྱེ། །དགྲ་བགེགས་ཤ་རུས་མ་ལུས་པ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་དྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྒྲལ་ལོ་ས་མ་ཡ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནམ་མཁའ་ལྷ་ཡི་བྱད་བྱེད་དང་། །ས་གཞི་ཀླུ་ཡི་བྱད་བྱེད་དང་། །བར་སྣང་གཉན་གྱི་བྱད་བྱེད་དང་། །སྟོང་གསུམ་མི་ཡི་བྱད་བྱེད་དང་། །སྣང་སྲིད་ལྷ་འདྲེའི་བྱད་བྱེད་དང་། །གླིང་བཞི་བོན་པོ་མུ་སྟེགས་དང་། །ཡུལ་མི་རྗེ་དང་ཁྱིམ་མཚེས་ཀྱི། །འཚེ་བའི་སེམས་ཀྱིས་བསམས་དང་སྨྲ། །ལུས་ཀྱིས་རྩུབ་པའི་སྦྱོར་བྱེད་སོགས། །དེ་དག་གཞི་རྟེན་ལུས་སེམས་རྣམས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་དྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྒྲལ་ལོ་ས་མ་ཡ།། དེ་ནས་ཕྱི་ཕུང་མཆོད་རྫས་སུ་བྱས་པའི་སྙིང་གི་འཁོར་ལོ་ཁྱི་ཐོད་ལ་སོགས་པར་བཅུག ཐུན་རྫས་ཀྱི་སྟེང་རེ་བས་གྲིལ། ཚོན་སྐུད་སྣ་ལྔས་ལེགས་པར་བཅིངས་ནས་ཐེམ་པའི་འོག་གམ། ལམ་རྒྱ་གྲམ་མམ་མཆོད་རྟེན་འོག་ཏུ་དོང་གྲུ་གསུམ་པ་བྲུས། །དེའི་ནང་དུ་བདེན་བདར་དང་དགུག་གཞུག་བྱས་ཏེ་བཅུག དེའི་ཁ་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་རི་རབ་བྲིས་པས་བཅད། དེའི་སྟེང་དུ་མེ་དང་ཆུ་དང་སས་བཅིབས་ཏེ་ལས་ཀྱི་གཤིན་རྗེ་ལ་གཏད་དམོད་བཅོལ་རྒྱས་པ་བྱའོ། །མནན་པའོ། །མངོན་སྤྱོད་ནི། གཞན་འདྲ་བ་ལ་ལྟེ་བའི་མིང་གི་མཐར་མཱ་ར་ཡ་བཏགས་པ་བྲིས། མཐར་གདབ་ལས་བྱས་པའི་ལིང་རོ་སྙིང་ནང་གི་འཁོར་ལོ་དང་བཅས་བརྒྱ་རྩ་བརྒྱད་དུ་གསིལ་ལ་ལིངྒ་བཅོས་དྲག་པོའི་སྦྱིན་སྲེག་གིས་མཐའ་བརཏལ་ལོ། །ཐུན་མོང་དུ་སྟོང་བཟློག་ཞི་བ་དང་འབྲེལ་བ་དང་། མདོས་གཞན་དུ་བཤད། ལྷག་པར་དྲག་པོ་ལ། ཁམས་སའི་མི་མོའི་གཟུགས་བཞི་སྒོང་ཟོར་ཁྲག་གིས་བཀང་བ་དང་། རྡོ་ཟོར་དུར་ཁྲོད་ཀྱི་རྡོ་ནག་བྷྱོ་བྲིས་པ། མདའ་ཟོར་འུག་སྒྲོ་སྐྱེར་པའི་མདེའུ་ཅན་བཞི་དང་། རྭ་དུག་ལ་སོགས་པ་ཟོར་གྱི་རྗེས་སུ་མ་བླུགས་པའི་སྣོད་བཞི། དམར་གཏོར་ཆ་བཞི་འཛོམ་ན་བཅུ་བཅུའམ། བརྒྱད་དམ་མ་འཛོམ་ན་བཞི་བཞི། སྔགས་མཁན་དེ་མཚུངས་སམ་རང་གཅིག་པུ། ལུས་ལ་དུག་དང་ཁྲག་གིས་བྱུགས། ཡེ་ཤེས་དང་ལས་དཀྱིལ་བསྒྲུབ། དེ་ནས་ཁམས་སའི་མི་མོ། །བདུད་གཤིན་རྗེ། གནོད་སྦྱིན་ཀླུའི་བུ་མོ། ཟོར་བཞི་རྣམས་གྱེར་བཞིན་དུ་གསལ་བཏབ་སྟེ་ཐམས་ཅད་འཇོམས་པའི་སྔགས་ལ་བྷྱོ་བཏགས་པས་བྱིན་གྱིས་བརླབ། དེ་ནས་བསྐུལ་བཏང་བ་ནི། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །གཙུག་ཏོར་དབུས་ན་སྤྲུལ་པའི་སྐུ། །གདོན་བཟློག་གཞན་གྱིས་མི་ཐུབ་མ། །ཆོས་བྱེད་རྣམས་ཀྱི་མགོན་བྱེད་ཅིང་། །སྡིག་ལ་དགའ་བ་འདུལ་མཛད་མ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་མ་ལུས་ཚར་ཆོད་ཅིག །གྲུ་གསུམ་མཐིང་ནག་འབར་བ་ནས། །ལེགས་ལྡན་ནག་པོ་མཆེད་གསུམ་ནི། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས། །སྡང་བར་བྱེད་པའི་དགྲ་ལ་བྷྱོ། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུང་། །དྲི་ཟའི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེའི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ཀླུ་ཡི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྱོགས་བཅུ་སྐྱོང་བའི་མགོན་པོ་ནི། །རང་སྡེའི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ལྷ་འདྲེ་དྲེགས་པ་གདུག་པ་ཅན། །གནོད་པ་སྐྱེལ་ཅིང་མི་སྲོག་འཕྲོག །ཕྱོགས་མཚམས་སྟེང་འོག་གནས་པའི་གདོན། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །མི་མོ་བཞི། མཐིང་ནག་འབར་བའི་ཤར་ཕྱོགས་ནས། །བདུད་མོ་གཤིན་རྗེ་མགོ་དགུ་མ། །མགོ་གཅིག་ཕུགས་ཀྱི་ནོར་ལ་རྒྱུག །མགོ་གཅིག་བང་མགོ་ལྷ་ལ་རྒྱུག །མགོ་གཅིག་སྟེང་གི་ཁྱོ་ལ་རྒྱུག །མགོ་གཅིག་མཆན་གྱི་བུ་ལ་རྒྱུག །མགོ་གཅིག་ཆུང་མ་དག་ལ་རྒྱུག །མགོ་གཅིག་ར་བའི་ཕུགས་ལ་རྒྱུག །མགོ་གཅིག་ཐང་གི་ཞིང་ལ་རྒྱུག །མགོ་གཅིག་ཕུགས་ཀྱི་སྲིས་ལ་རྒྱུག །གཤིན་རྗེ་ཁྲོས་པའི་མཐུ་མོ་ཆེ། །ན་བཟའ་དཀར་ནག་སྤེལ་མ་ལ། །ལག་ན་དུང་གི་སྤུ་གྲི་ཐོགས། །དགྲ་བོའི་ཤན་པ་བདུད་ཀྱི་མ། །སྡང་བར་བྱེད་པའི་དགྲ་ལ་བྷྱོ། །ཧཱུྃ། །མཐིང་ནག་འབར་བའི་ལྷོ་ཕྱོགས་ན། །བདུད་མོ་གཤིན་རྗེ་ལག་རིང་མ། །རཱཀྵ་ཁྲོས་པ་སྙིང་སྦྱིན་མ། །ལག་པ་ལྔ་བརྒྱས་བར་སྣང་ཡུག །གཡས་པ་ལྔ་བརྒྱས་དགྲ་བོ་འཛིན། །གཡོན་པ་ལྔ་བརྒྱས་དགྲ་བོ་གསོད། །དྲོངས་ཤིག་དགྲ་བོའི་མགུལ་ནས་དྲོངས། །ཧཱུྃ། མཐིང་ནག་འབར་བའི་ནུབ་ཕྱོགས་ན། །བདུད་མོ་གཤིན་རྗེ་ཕུང་ཁྲོལ་མ། །མི་ཡི་པགས་པ་གོས་སུ་གྱོན། །སྒྱུ་མའི་འཕྲེང་བ་ཐོད་དུ་བཅིངས། །མགོ་ལས་སྤྲུལ་པའི་གཤིན་རྗེ་འགྱེད། །གཡས་པ་ལྕགས་ཀྱི་སེར་བ་ཐོགས། །བསྟན་པ་བསྣུབ་པའི་མགོ་ལུས་འབྲེལ། །ཧཱུྃ། མཐིང་ནག་འབར་བའི་བྱང་ཕྱོགས་ནས། །བདུད་མོ་གཤིན་རྗེ་ལག་བརྒྱ་མ། །གཡས་པ་ལྔ་བཅུ་ཟོར་བ་ཐོགས། །དམ་ཉམས་དགྲ་བོའི་མགོ་ལུས་འབྲེལ། །གཡོན་པ་ལྔ་བཅུ་ཞགས་པ་ཐོགས། །དམ་ཉམས་དགྲ་བོའི་རྐེ་ལ་འདེབས། །ཁྱོད་ནི་ཀླུ་ཡི་ལྕམ་མོ་སྟེ། །དམ་ཉམས་དགྲ་བོ་རྡུལ་དུ་རློག། དེ་ལྟར་བསྐུལ་ནས་སྒོ་དབྱེ་བ་ནི། ཧཱུྃ། ཤར་ཕྱོགས་སྒོ་མ་རྟག་གདོང་དཀར། །བྱམས་པ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །ལྷོ་ཕྱོགས་སྒོ་མ་ཕག་གདོང་སེར། །སྙིང་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །ནུབ་ཕྱོགས་སྒོ་མ་སེང་གདོང་དམར། །དགའ་བ་ལྕགས་སྒྲོག་ཕྱག་རྒྱ་ཡིས། །ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །བྱང་ཕྱོགས་སྒོ་མ་སྤྱང་གདོང་ལྗང་། །བཏང་སྙོམས་དྲིལ་བུའི་ཕྱག་རྒྱ་ཡིས། །བྱང་ཕྱོགས་ལྕགས་སྒོ་ནག་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །ལམ་བསྟན་པ་ནི། ཧཱུྃ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ཤར་དུ་བསྟན། །ཤར་དུ་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་བསྐྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉི་ལི་ལི། །མདའ་ཟོར་སྐར་ལྟར་བྲེང་སེ་བྲེང་། །ཐོར་ཟོར་རྦབ་ལྟར་སྲིལ་ལི་ལི། །ཆུ་ཟོར་ཤ་ར་ཐིབས་སེ་ཐིབས། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །གཏོར་མའི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་རུ་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་གཟུར། གཏོར་མའི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ཏུ་རྒྱལ་པོ་སྤྱན་མི་བཟང་། །ཀླུ་དབང་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར། གཏོར་མའི་ལམ་བསྟན་བྱང་དུ་བསྟན། བྱང་དུ་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་བསྐྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉི་ལི་ལི། །མདའ་ཟོར་སྐར་ལྟར་བྲེང་སེ་བྲེང་། །ཐོར་ཟོར་རྦབ་ལྟར་སྲིལ་ལི་ལི། །ཆུ་ཟོར་ཤ་ར་ཐིབས་སེ་ཐིབས། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །བཟློག་བྱང་ནི། ཧཱུྃ། བཟློག་བསྒྱུར་བསྒྱུར་བའི་མཐུ་མོ་ཆེ། །དགྲ་དཔུང་འཇོམས་པའི་རྩལ་མོ་ཆེ། །ནད་ཁ་གཅོད་པའི་དབང་མོ་ཆེ། །ལྷ་སྲིན་ཁོལ་བའི་གཤེད་མོ་ཆེ། ཁྱོད་ཀྱི་མཐུ་སྟོབས་གཟི་བྱིན་གྱིས། །ཕས་ཀྱི་བྱད་ཁ་ཐམས་ཅད་བཟློག །མི་མཐུན་གནོད་པའི་རྐྱེན་རྣམས་སྒྱུར། །ལྷ་འདྲེའི་ཟ་ཁ་དགྲ་ལ་གཏོང་། །ཧཱུྃ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །གཏུམ་པོ་ཆེན་མོ་སྟོབས་ཆེན་མོ། །ཀླུ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །ལྷ་མིན་གདོན་ཚོགས་བཟློག་ཏུ་གསོལ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །རླུང་ལྷའི་གདོན་ཚོགས་བཟློག་ཏུ་གསོལ། །འབར་བའི་འཕྲེང་བ་གོས་དཀར་མོ། །ནམ་མཁའ་ལྡིང་གི་གདོན་ཚོགས་བཟློག་ཏུ་གསོལ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །དྲི་ཟའི་གདོན་ཚོགས་བཟློག་ཏུ་གསོལ། །རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །མིའམ་ཅིའི་གདོན་ཚོགས་བཟློག་ཏུ་གསོལ། །པདྨའི་མངོན་མཚན་རྡོ་རྗེ་མཚན། །ལྟོ་འཕྱེ་ཆེན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གནོད་སྦྱིན་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་མཁར་རྣམས་འཇོམས་པ་མོ། །སྲིན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །ཡི་དྭགས་གདོན་ཚོགས་བཟློག་ཏུ་གསོལ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །ཤ་ཟའི་གདོན་ཚོགས་བཟློག་ཏུ་གསོལ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །འབྱུང་པོའི་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་ལུ་གུ་རྒྱུད་གཞན་མ། །གྲུལ་བུམ་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །སྲུལ་པོའི་གདོན་ཚོགས་བཟློག་ཏུ་གསོལ། །ལག་ན་རྡོ་རྗེ་རིགས་གསེར་འཕྲེང་། །ལུས་སྲུལ་གདོན་ཚོགས་བཟློག་ཏུ་གསོལ། །ལེ་བརྒན་རྩི་དང་རིན་ཆེན་མ། །སྐེམ་བྱེད་གདོན་ཚོགས་བཟློག་ཏུ་གསོལ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྗེད་བྱེད་གདོན་ཚོགས་བཟློག་ཏུ་གསོལ། །རྣམ་པར་འགྱིང་མའི་རྡོ་རྗེ་ཅན། །སྨྱོ་བྱེད་གདོན་ཚོགས་བཟློག་ཏུ་གསོལ། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །གྲིབ་གནོན་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་སྒྲོས་དང་དཀར་མོ་དང་། །གནོན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །པདྨའི་སྤྱན་དང་ཟླ་འོད་དང་། །ནམ་གྲུ་གདོན་ཚོགས་བཟློག་ཏུ་གསོལ།། ཟོར་གཞན་སྔར་གྱི་ཐུན་རྫས་བཞིན་ལ། སྒོང་ཟོར། བདུན་བརྒྱུད་གཅོད་པའི་སྒོང་ཟོར་འདི། །དྲག་སྔགས་ཡོངས་རྫོགས་གྱད་ཀྱི་སྐུ།། ཞེས་འཕང་། གཏོར་མ་རྣམས་བརྡེག གདུགས་དཀར་མོ་ཅན་འཁོར་དང་བཅས་པས་ཕ་རོལ་གྱི་ཡུལ་ཁམས་སུ་དམག་བཏེག་དགྲ་བོ་འཁོར་དང་བཅས་པ་བརླག་པར་བྱས་པར་བསམ་མོ། །གཏོར་མ་གཏོང་བར་འདོད་པས་སྣོད་གཙང་ཞིང་ཡིད་དུ་འོང་བའི་ནང་དུ་ཟན་དང་། ཁུ་བ་དང་། ཆན་དང་། འབྲུའི་ཚོགས་དང་། ཤིང་ཐོག་དང་། རིན་པོ་ཆེའི་ཚོགས་དང་། སྨན་དང་ལྡན་པར་བྱས་ཏེ། དེ་ནས་བདག་ཉིད་ལྷའི་སྦྱོར་བས་ཨ་ཀཱ་རོས་སྦྱངས་ཏེ། ནམ་མཁའ་མཛོད་ཀྱིས་སྤེལ་ལ། བདུད་རྩིའི་རྒྱ་མཚོར་བསམས་ཏེ། དེའི་ཕྱོགས་རྣམས་སུ་སྲཱིཿལས་པདྨའི་ཚོགས་བསྐྱོད་པ་ལ་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་ཆོས་ཀྱི་སྲུང་མ་དང་། ཁྱད་པར་དུ་ཚངས་པ་དང་། དབང་པོ་དང་། །ལེགས་ལྡན་ལ་སོགས་འཁོར་དང་བཅས་པ་རྣམས་སྤྱན་དྲང་བར་བྱའོ། །ཁ་འབར་མ་བསྔོའོ། །ཡང་། འབྱུང་པོའི་གཏོར་མ་གཉིས་པ་ལྷའི་གདོན་ལ་སོགས་པ་དང་། ཟས་སུ་མདངས་ཟ་བ་སོགས་ཀུན་ལ་སྦྱིན་པར་བྱའོ། །དེ་ཡང་ལྕེ་རྡོ་རྗེར་བསམ་ཞིང་སྦུ་གུས་བདུད་རྩི་ཐམས་ཅད་ངོམས་ཤིང་ཚིམ་པར་བྱ་བ་དང་། འདོད་པའི་ཡོན་ཏན་ལྔ་ཆར་བཞིན་འབྱུང་བར་བསམ་མོ། །དེ་ནས་ཐ་མར་བཟོད་པར་གསོལ་ཏེ། གསོལ་བ་བཏབ་ནས་ཡི་གེ་བརྒྱ་པ་བརྗོད་དོ། །ཐམས་ཅད་གཤེགས་སོ། །འདི་ལྟར་གདུགས་དཀར་མོ་ཅན་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག་འདི། ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་གྱི་རིན་སྡིངས་པའི་སློབ་དཔོན་སྔགས་འཆང་ཆེན་པོ་ཚེ་དབང་དཔལ་འབྱོར་དང་། ཁྱད་པར་དགེ་སློང་འོད་ཟེར་བས་བསྐུལ་བའི་ངོར། པདྨ་དཀར་པོས་ཙན་དྲ་གོ་མིའི་གཞུང་བཞིན་དུ་བསྐུལ་བ་པོའི་འདོད་པ་ལྟར་ཉང་སྟོད་རི་ནང་ནུ་མ་ཆོས་ལུང་གི་དགོན་པ་རྗེ་མི་ལའི་སྒྲུབ་ཕུག་ཏུ་གྲགས་པར་སྦྱར་བ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།

བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ།

བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས། །ཚེ་དཔག་མེད་དངོས་སྐྱབས་ཀྱི་མཆོག །རྣམ་པར་རྒྱལ་མར་རྟག་བཏུད་ནས། །རང་གཞན་འཆི་མེད་འཐོབ་བྱའི་ཕྱིར། །གང་དེ་མཆོད་པའི་ཐབས་ཚུལ་བྲི།། འདིར་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་ག་ཁྲིགས་བསྡེབས་ལག་ཏུ་བླང་བའི་ཚུལ་ལ། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་བུམ་པ་སྤྱི་མཐུན་བཤམས་བུམ་པའི་སྟེང་དུ་གཟུངས་འདིའི་སྙིང་པོ་ཅན་གྱི་རྣམ་རྒྱལ་མཆོད་རྟེན་བཞུགས་སུ་གསོལ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག དེ་ནས་རིམ་བཞིན་མཆོད་ཡོན་ཞབས་བསིལ་ནས་ཞལ་ཟས་ཀྱི་བར་གཡས་སྐོར་དུ་བཤམས། མདུན་དུ་ཡི་དམ་གྱི་གཏོར་མ་དཀར་ཟླུམ་འདབ་བརྒྱད། རྒྱན་གསུམ་བརྩེགས་རྩེ་མོ་བྱིའུ་མཆུ་ཅུང་ཟད་དོད་པ། སྟོང་མཆོད་བྱེད་ན། ལྷ་བཤོས། མར་མེ། བདུག་སྤོས་རྣམས་རེ་རེ་བཞིན་སྟོང་དུ་ཚང་བ་དགོས་པས། དེ་དག་སྟེགས་བུར་བཤམས་ནས་བུམ་པའི་ཕྱོགས་བཞི་ནས་བསྐོར། གདུགས་དང་བ་དན་ཡང་འགྲུབ་ན་སྟོང་དང་མ་འགྲུབ་ན་ཇི་ལྟར་རིགས་པ་དང་། དེ་ཡང་རས་སམ་དར་གྱི་ཚལ་པ་ཕྲ་མོས་ཀྱང་རུང་བར་བཤད། དེ་དག་གི་ཉེ་སྐོར་སྟེགས་དམའ་བར་ཆ་གསུམ་གཏོར་མ། སྐབས་སུ་གང་བབས་ཞིག་ཏུ་གཏོར་ཆུང་རིལ་བུ་སྟོང་དང་། དེ་བཤམས་པའི་སྣོད་བཅས་འདུ་བར་བྱས། ཆོ་ག་དངོས་ལ་སྔོན་འགྲོ། དངོས་གཞི་རྗེས་གསུམ་ལས། དང་པོ་མཆོད་པ་བྱིན་རླབས་ནི། ཨོཾ་བཛྭ་ཨམྲྀཏ་ཀུཎྜྻལི་ཧན་ཧན་ཧཱུྃ་ཕཊ྄། ཨོཾ་སྭབྷཱཝ་ཤུདྡྷཱཿསརྦ་དྷརྨཱཿསྭབྷཱཝ་ཤུདྡྷཱོཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག་བདུག་སྤོས། མར་མེ་དྲི་ཆབ། ཞལ་ཟས་རྣམས་དང་། གཞན་ཡང་རོལ་མོ་དང་། འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྭ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྭ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྭ་པུཥྤཾ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པཾ་སྭཱ་ཧཱ། ཨོཾ་བཛྭ་དཱི་པཾ་སྭཱ་ཧཱ། ཨོཾ་བཛྭ་གནྡྷྱཾ་སྭཱ་ཧཱ། ཨོཾ་བཛྭ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་བཛྭ་ཤཔྟ་སྭཱ་ཧཱ། ཨོཾ་བཛྭ་དྷརྨ་ར་ཎི་ཏ། པྲ་ར་ནི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏི། པྲཛྙྱ་པ་ར་མི་ཏཱ་ནཱ་ད་སཾ་བྷ་ཝི་ཏེ་བཛྭ་དྷརྨ་སྲྀད྄་ཡ་ནི། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། རོལ་ཆེན་གྱིས་བྱིན་དབབ། མཆོད་པ་བྱིན་རླབས་འོག་མ་རྣམས་ལ་དྷརྨ་ར་ཎི་དང་རོལ་ཆེན་མི་དགོས་སོ། །གཉིས་པ་དངོས་གཞི། བདག་མདུན་གྱི་ཆོ་གའི་རིམ་པ་ནི། བདག་དང་འགྲོ་བ་ནམ་མཁའི་མཐར་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།། ལན་གསུམ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱི་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་བགྱིའོ།། ལན་གསུམ། རང་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་རྣམ་རྒྱལ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྭ་ས་མཱ་ཛཿ ཐལ་མོ་སྦྱར་ཏེ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཤ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན། པཱ་དྱཾ་ ནས། ཤཔྟའི་བར་ཐོག་མཐའ་འགྲོ་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་མཐུན། ཨོཾ་ཤུ་ནྱ་ཏཱ་ཛཱ་ན་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ས་འཛིན་གྱི་སྟེང་དུ་ཐེམ་སྐས་དང་བཅས་པའི་ཁྲི་ལ། སྣ་ཚོགས་པདྨ། དེའི་སྟེང་དུ་རིན་པོ་ཆེའི་རང་བཞིན་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། གདུགས་བཅུ་གསུམ་ཆར་ཁེགས་ཏོག་རྣམས་བརྩེགས་ཤིང་། མེ་ཏོག་གི་འཕྲེང་བ་དང་། དར་གྱི་ལྡ་ལྡིས་མཛེས་པར་བྱས་པ། དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ་རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྔ་ཡབ་དང་། གཡོན་རྡོ་རྗེ་སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་ཅིང་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང་སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིགས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་སྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨཿལྗང་ཁུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ ནས། ཤཔྟའི་བར་སྦྱར་བས་མཆོད། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྭ་ས་མཱ་ཛཿཨོཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪསྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ནས། ཤྲི་ཡེ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་སྦྱར་ཏེ་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག། སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ཡིག་བསྲུང་བྱ་སྔགས་འཕྲེང་དང་བཅས་པ་འཁོད་པར་གྱུར། ཨོཾ་ཧཱུྃ་ཏྲཱཾ་སྲཱི་ཿཨཾ་ཨ། བདག་དང་བསྲུང་བྱ་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་ནས། ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་བའི་མཛུབ་མོའི་ཚིགས་གིས་བར་པ་བཅག་ནས་མཐེབ་མཛུབ་རྩེ་སྤྲད་དེ། གཟུངས་རིང་།། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚུ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོདྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨསམ་ས་མནྟ། ཨ་ཝ་བྷཱ་ས་ཀྵྨྱ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུ་དྡྷེ། །ཨབྷི་ཥིཉྩྨནྟུ་མཾ། སརྦྦ་ཏ་ཐཱ་ག་ཏཱ་སུ་ག་ཏཱཿ སུགཏ་པྲ་བ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥི་ཀཻ་ར྄། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བྷི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭབྷཱ་ཝ་བི་ཤུདྡྷེ། ཨུཥྞིུ་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩྨོ་དི་ཏེ། སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊྨཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦྦ་ཏ་ཐཱ་ག་ཏ་སྲྀ་ད་ཡ། ཨ་དྷིཥྛུ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྭ་ཀཱ་ཡ་སཾ་ཧ་ཏན་པ་རི་ཤུདྡྷེ། སརྦྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟྟ་ཡ་མ་མ་ཨཱ་ཡུར྄། བི་ཤུདྡྷེ་སརྦྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏེ། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་ཀྵྨྱཀྵྭ་ཊ། བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། ཀྵྨྱ་ར་ཀྵྨྱ་ར། ཀྵྨྱུ་ར་ཡ་ཀྵྨྱུ་ར་ཡ། སརྦྦ་བུདྡྷ་ཨ་དྷིཥྛུ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྭེ་བཛྭེ། མ་ཧཱ་བཛྭེ། སུ་བཛྭེ། བཛྭ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྭ་ཛྷཱ་ལཱ་གརྦྷེ། བཛྭོདྦྷ་ཝེ། བཛྭ་སཾ་བྷ་ཝེ། བཛྭེ་བཛྭི་ཎི། བཛྭམྦྷ་ཝནྟུ་མམ་ཤ་རཱི་རཾ། སརྦྦ་སཏྭཱ་ནཱཉྩྨ། ཀཱ་ཡ་པ་རི་ཤུདྡྷིརྦྷ་ཝནྟུ། མེ་ས་དཱ་སརྦྦ་ག་ཏི་པ་རི་ཤུདྡྷིཤྩ། སརྦྦ་ཏ་ཐཱ་ག་ཏཱཤྩ། མཱཾ་ས་མཱ་ཤྭ་ས་ཡནྟུ། བུདྷྱ་བུདྷྱ། སིདྷྱ་སིདྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ། བི་ཤོ་དྷ་ཡ། ས་མནྟཱན་྄མོཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦྦ་ཏ་ཐཱ་ག་ཏ་སྲྀ་ད་ཡ། ཨ་དྷིཥྛུ་ན་ཨ་དྷེཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སྲཱཾ་སྲཱིཿཨཾ་ཨཿརཀྵ་རཀྵ་མཱཾ་སརྦྦ་སཏྭཱཾ་ཤྩ་སྭཱ་ཧཱ། བར་ཚང་བར་ལན་གཅིག་རིང་ཕྱག་རྒྱ་བཅས་བཞིན་བརྗོད། དེ་ནས་གཟུངས་རིང་ཉིད་ཅི་ནུས་བཟླས་ཤིང་སྔགས་ཐུང་ཀྱང་བཟླ། གཞན་ཡང་ཚེ་སྤེལ་བའི་གཟུངས་འདི་ཡང་བཟླ་སྟེ། ཨོཾ་ཨ་མྲྀ་ཏེ། ཨམྲྀ་ཏོད་བྷ་ཝེ། ཨམྲྀ་ཏ་བི་ཀྲན་ཏེ། ཨ་མྲྀ་ཏ་ག་ཏྲེ། ཨ་མྲྀ་ཏ་གཱ་མི་ནི། ཨ་མྲྀ་ཏ་ཨཱ་ཡུ་རྡད་དེ། ག་ག་ན་ཀིརྟི་ཁ་རེ་སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། མདུན་རྟེན་མི་དམིགས་པ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ས་འཛིན་གྱི་སྟེང་དུ་ཐེམ་སྐས་དང་བཅས་པའི་ཁྲི་ལ་སྣ་ཚོགས་པདྨ་དེའི་སྟེང་དུ་རིན་པོ་ཆེའི་རང་བཞིན་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། གདུགས་བཅུ་གསུམ་ཆར་ཁེབས་ཏོག་རྣམས་བརྩེགས་ཤིང་། མེ་ཏོག་གི་འཕྲེང་བ་དང་། དར་གྱིས་ལྡ་ལྡིས་མཛེས་པར་བྱས་པ། དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུཾ་གྱིས་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཙུག་ཏོར་རྒྱལ་མ་ཞེས་པ་ནས། འཁོར་དང་བཅས་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྟེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱོད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྭ་ས་མཱ་ཛཿཨོཾ་བཛྭ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ནས། ཤྲི་ཡེ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱུན་པར་གྱུར། དེ་ནས་མཆོད་རྫས་རྣམས་ལ་གོང་བཞིན་བྱིན་གྱིས་རླབས་ཏེ། ཨོཾ་བཛྭ་ཨ་མྲྀ་ཏ་བསངས། ཨོཾ་སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་དང་། གཞན་ཡང་རོལ་མོ་དང་། འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐར་ཀླས་པར་གྱུར། ཨོཾ་བཛྭ་ཨརྒྷཾ་སྭཱ་ཧཱ་སོགས་རིགས་འགྲེ་བས་ཤཔྟ་སྭཱ་ཧཱ། ཞེས་བྱིན་གྱིས་རླབས། འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ཏུ། །མཆོད་ཡོན་རྣམ་པ་ཇི་སྙེད་ཡོད་པ་ཀུན། །མོས་བློས་བཅོམ་ལྡན་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་ཚེ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཐོག་མཐའ་རིགས་འགྲེ་བས། ཞབས་བསིལ་རྣམ་པ་ཇི་སྙེད། མེ་ཏོག་རྣམ་པ། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ཚིག་གི་བསྒྱུར་ཁ་བྱེད། དེ་རྗེས་སླར་ཡང་སྟོང་མཆོད་ཀྱི་ཞལ་ཟས། བདུག་སྤོས། མར་མེ། གདུགས། བ་དན་རྣམས་ལ་སྒེར་གྱིས་དམིགས་ཏེ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། མཆོད་རྫས་རྣམས་ཕྱོགས་བཅུའི་ཞིང་ཐམས་ཅད་ཁྱབ་པར་གང་བའི་རང་བཞིན་དུ་གྱུར། འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ན། །ལྷ་བཤོས་རྣམ་པ་ཇི་སྙེད་ཡོད་པ་ཀུན། །མོས་བློསྎ བཞེས་ཤིགྎ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེནྎ བདུག་སྤོས་རྣམ་པྎ མོསྎ བཞེསྎ ཨོཾྎ བཛྭ་དྷཱུ་པེྎ འཇིག་རྟེནྎ སྣང་གསལ་རྣམ་པྎ མོསྎ བཞེསྎ བཛྭ་ཨཱ་ལོ་ཀེྎ འཇིག་རྟེན་འདི་འམྎ གདུགས་མཆོག་རྣམ་པ་ཇི་སྙེདྎ མོས་བློསྎ བཞེས་ཤིགྎ ཨོཾ་སརྦྎ ས་པ་རི་ཝཱ་ར་ཚཱ་ཏྲཾ་ཀ་པྲྎ འཇིག་རྟེན་འདིའམྎ བ་དན་རྣམ་པྎ མོས་བློསྎ བཞེས་ཤིགྎ ཨོཾྎ པ་ཏཾ་ཀ་པྲ་ཏཱིཙྪྎ དེ་ནས་བསྟོད་པ་༧ཀུན་མཁྱེན་པདྨ་དཀར་པོས་མཛད་པ་འདིས་བསྟོད་དེ། རབ་འབྱམས་རྒྱལ་བའི་བྱིན་རླབས་པད་ཚལ་གྱིས། །རབ་དཀར་པདྨའི་འདབ་མ་རྒྱས་པའི་སྤྱན། །རབ་དགའ་དྲི་བཟང་ཕྱོགས་དུས་ཀུན་འགྱེད་པ། །རབ་མཛེས་བཅོམ་ལྡན་མ་དེར་ཕྱག་འཚལ་ལོ། །རྩ་ཞལ་ཟླ་བཞིན་ཞི་བ་གཡས་སེར་བཞད། །གཡོན་སྔོན་མཆེ་བས་མ་མཆུ་མནོན་པའི་ཞལ། །རེ་རེའང་ཨུ་ཏྤལ་སྔོན་འདྲའི་སྤྱན་གསུམ་པ། །ཀུན་གཟིགས་མ་ལུས་སྐྱོང་དེར་ཕྱག་འཚལ་ལོ། །ཕྱག་བརྒྱད་གཡས་བཞི་སྣ་ཚོགས་རྡོ་རྗེ་དང་། །འོད་དཔག་མེད་མགོན་མདའ་དང་མཆོག་སྦྱིན་ཏེ། །གཡོན་པས་སྡིགས་མཛུབ་ཞགས་པར་བཅས་པ་དང་། །ཚེ་བུམ་གཞུ་འཛིན་སྐྱབས་སྦྱིན་མཛད་ལ་འདུད། །འཆི་མེད་ན་ཆུང་མཆོག་གི་གི་ལང་ཚོ་ཅན། །འཆི་མེད་གོས་དང་རྒྱན་གྱིས་རྣམ་བརྒྱན་མ། །འཆི་མེད་དབང་པོ་ཀུན་གྱི་ཕྱག་བྱས་པ། །འཆི་མེད་ཚེ་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ན་གནས་པའི་ལྷ་བུ་གཉིས། །གང་ལ་ཁྲུས་གསོལ་སྣམ་ལོགས་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་རྔ་ཡབ་འཛིན་པ་དང་། །པད་དཀར་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཕྱོགས་བཞིར་མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་ཕྱག་གཡས་རལ་གྲི་ལྕགས་ཀྱུ་དབྱུག །རྡོ་རྗེ་གཡོན་ཀུན་སྡིགས་མཛུབ་ཕྱག་རྒྱ་ཅན། །མ་ལུས་འདུལ་བར་མཛད་ལ་ཕྱག་འཚལ་ལོ། །ཇི་ལྟར་བདག་གི་མོས་པས་ཁྱེད་བསྐུལ་བ། །དེ་ལྟར་ཁྱོད་ཀྱི་དམ་བཅས་དགོངས་མཛད་ནས། །ཚེ་དབང་ལོངས་སྤྱོད་བསམ་པའི་དོན་ཐམས་ཅད། །མྱུར་དུ་འགྲུབ་པའི་བཀའ་དྲིན་སྩལ་དུ་གསོལ། །སྟོང་མཆོད་དངོས་ནི། ཐུགས་དམ་བསྐུལ་བའི་ཕྱག་རྒྱ་སྔར་བཤད་དེས་མེ་ཏོག་བཟུང་སྟེ། གཟུངས་རིང་ཚར་གཅིག་བརྗོད་རྗེས་མདུན་བསྐྱེད་ལ་མེ་ཏོག་འཐོར། སླར་ཡང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཏཱ། དེ་བཞིན་རིགས་འགྲེས་ཞབས་བསིལ་ནས། ཤཔྟའི་བར་དང་། གདུགས་བ་དན་རྣམས་ཀྱིས་ཀྱང་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར་ཞེས་བརྗོད་ཅིང་། ལག་གཉིས་ཐལ་མོ་སྦྱར་ཏེ་མགོ་བོ་འདུད་པ་དང་བཅས། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚུ་ཡསོགས་ནས་ས་ཏྟྭཱཾཤྩ་སྭཱ་ཧཱ། དེ་ལྟར་གཟུངས་རིང་ཚར་བཅུ་རེ་བཏོན་པའི་རྗེས་སུ། མཆོད་པ་ཁ་གསོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་གོང་ལྟར་མཆོད་ཅིང་། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བ་སོགས། ཤླཽ་ཀའི་རྗེས། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷ་ཡི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད། ཡང་གོང་བཞིན་གཟུངས་རིང་བཟླ་བ་སྟེ་བཅུ་ཚན་རེ་སོང་ནས་མཆོད་བསྟོད་རེ་བྱ། གཟུངས་བཟླ་མཁན་མི་བཅུ་ཡོད་པའི་དབང་དུ་བྱས་ན། གཟུངས་རིང་བཅུ་ཚན་ལན་བཅུས་གཟུངས་སྟོང་ཕྲག་གཅིག་འགྲོ་བ་ཡིན་པ་ལས། གཟུངས་རིང་ལྔ་བརྒྱ་སོང་ནས་བསྐོར་བ་བྱ་སྟེ། གཟུངས་ཚར་རེ་ལ་དལ་བུས་བསྐོར་བ་ལན་གཉིས་གཉིས་འགྲོ་བར་བྱས་པས་བསྐོར་བ་ཡང་སྟོང་འགྲོ། འདིས་རིགས་བསྒྲེས་ཏེ། གཟུངས་ཟླ་མཁན་མི་ལྔ་ལས་མེད་ན། གཟུངས་རིང་བཅུ་ཚན་ལན་གྲངས་ཉི་ཤུ་འགྲོ་དགོས་པ་སྐབས་ཐོབ་མི་གྲངས་བསྟུན་ནས་ཤེས་དགོས་སོ། །གཏོར་མ་སྟོང་བསྔོ་བ་ནི། སྟེགས་ཀྱི་སྟེང་དུ་གཏོར་ཐེབ་བཅུ་ཚར་བཤམས། གཏོར་ཐེབ་རེ་རེའི་ནང་དུ་ཟན་རིལ་བཅུ་བཅུ་བཞག་ཆུ་དང་སྦྱར། བཛྭ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་ལ་དམིགས་ནས། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་བསྔོ། སྔགས་བརྒྱ་རེའི་མཚམས་སུ། མཆོད་སྤྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། ཅེས་འདོད་དོན་གསོལ་ཞིང་རོལ་མོའི་སྒྲ་བྱའོ། །ཡང་གཏོར་རིལ་གསར་པ་གྲངས་གོང་མཚུངས་བཤམས་ནས་བསྔོ་བ་དེ་ལྟར་ལན་བཅུས་གཏོར་མ་སྟོང་འགྲོ། ཡང་ན་གཏོར་རིལ་རྣམས་གཏོར་སྣོད་དུ་སྡེབས་སུ་བཤམས་ནས་སྔགས་ཨ་ཀཱ་རོ་མི་གྲངས་རྩིས་པས་སྟོང་བསགས་ཏེ་བསྔོ་བ་ཡང་ཡིན་ནོ། །མཆོད་གཏོར་འབུལ་བ་ནི། གོང་ལྟར་བཛྭ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཞེས་ནས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། གཟུངས་ཀྱི་མཐར། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས། མཆོད་བསྟོད་བསྡུས་པ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་བརྗོད། དེ་རྗེས་ཆ་གསུམ་གཏོར་མ་གཞན་དུ་འབྱུང་བ་བཞིན་བཏང་། ཨོཾ་ཨཱཿཧཱུྃ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོ་ས་ལ་གཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་འདོགས་སླད་དུ་འདིར་སྤྱོན་ཞིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །གྲོང་ཁྱེར་ཀུན་ན་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གླིང་ན་ལྷག་པར་གངས་གནས་དང་། །རྫིང་དང་མཚོ་དང་ལུ་མ་ལྟེང་ཀ་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུག་ལྷས་དང་ནི་ནགས་ཚལ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །བསོད་ནམས་ཁྱིམ་དང་གླང་པོའི་ཁང་རྣམས་དང་། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་། །སྲང་དང་ཁྱམས་དང་གྲོང་གི་འདུན་ས་དང་། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེར་གནས་དང་། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང་། །གང་དག་འཇིགས་རུང་དགོན་པ་ཆེར་གནས་དང་། །ཆུ་གླིང་མཆོག་དག་ཏུ་ནི་གནས་བྱས་དང་། །གང་དག་འབྲོག་དགོན་དུར་ཁྲོད་དག་ན་གནས། །དགའ་ཞིང་མགུ་ནས་དྲི་མ་མེ་ཏོག་འཕྲེང་། །སྤོས་དང་མེ་ཏོག་མར་མེ་གུས་ཕུལ་བ། །འདི་དག་བསྣམས་ཏེ་སོ་སོར་བཞེས་ནས་ཀྱང་། །ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད།། གདོན་ལ་མཆོད་པ་བྱ་བའི་ཕྱིར་དེ་ལྟར་བྱས་ཏེ། དེ་ནས་ཆ་གཅིག་ལ་ཕྱོགས་སྐྱོང་རྣམས་མཆོད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱའོ།། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། ལྷ་རྣམས་མ་ལུས་ས་ཡི་ཀླུ་དག་དང་། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་འདི་བཞེས་ལ། །རང་རང་གི་ནི་ཕྱོགས་སུ་བཞུགས་ནས་ཀྱང་། །རང་གི་བུ་སྨད་གྲོགས་དང་གཡོག་འཁོར་བཅས། །དཔུང་དང་སྡེ་བཅས་མཉེས་ནས་བཞེས་སུ་གསོལ། །སྤོས་དང་མེ་ཏོག་གཏོར་མ་ཞལ་ཟས་ནི། །འདི་དག་བཞེས་ཤིང་སོ་སོར་བསྣམས་ནས་ཀྱང་། །བྱ་བ་འདི་ནི་འབྲས་བུ་མཆིས་པར་མཛོད།། འདི་ནི་བགེགས་ཉེ་བར་ཞི་བར་བྱེད་པའི་དོན་དུ་འམ། དགོས་པ་གཞན་འདོད་པའི་མཁས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །གཏོར་མ་འདི་ལ་སྔགས་རྣམས་ནི། །ཀུན་ཏུ་འབྱུང་བ་མེད་མོད་ཀྱི། །འོན་ཀྱང་ཚིགས་བཅད་ཙམ་གྱིས་ནི། །འདི་ནི་གདོན་སོགས་ཚིམ་པར་འགྱུར། །དཀའ་ཐུབ་དང་ནི་བདེན་པ་རྣམས། །ལྷག་པ་ཡང་དག་ཐོབ་འགྱུར་བ། །བཅོམ་ལྡན་འདས་ཀྱི་བཀའ་ལུང་ནི། །འདི་ལྟར་སྔགས་དང་མཚུངས་པར་འདོད། །བསླུ་བ་མེད་པའི་ཚིག་གང་ཡིན། །དེ་ནི་གསང་སྔགས་ཉིད་དུ་འདོད། །མུ་སྟེགས་ཀྱིས་ནི་བགྲངས་པའི་སྔགས། །དེ་ཉིད་ཕྱིར་ནི་ཚད་མ་མིན། །དེ་བས་དངོས་གྲུབ་ཐོབ་རྣམས་ཀྱི། །ཚིག་གང་དེ་སྔགས་ཉིད་ཡིན་ཏེ། །སྤྱོད་ལམ་བཞི་པོ་འདི་དག་ནི། །ཕྱག་རྒྱ་ཉིད་དུ་བཤད་པ་ཡིན། །དེ་བས་གཏོར་མའི་ལས་འདི་ལ། །ཚིག་བཤད་གསང་སྔགས་ཉིད་དུ་འགྲུབ། །དེ་བས་འདི་ནི་སྭཱ་ཧཱ་སོགས། །སྤེལ་བའི་སྔགས་ནི་དགོས་པ་མེད། །དེ་ནི་གདོན་དང་ཕྱོགས་སྐྱོང་གི་གཏོར་མའི་ཆོ་གའོ། །ཆ་གཅིག་བགེགས་ལ་བྱིན་ཏེ། ཧཱུྃ། གང་དག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་དང་། །འབྲས་ཆན་འབྲས་བུ་མང་པོར་བཅས། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས།། ཞེས་བྱ་བས་བསྔོ་བར་བྱའོ། །རྗེས་ཆོག་ནི་མཆོད་པ་ཁ་གསོས། བཛྭ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་སོགས་གོང་ལྟར་ནས། ཤཔྟ་སྭཱ་ཧཱ་བར་གྱིས་བྱིན་གྱིས་བརླབ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་རབ་ཏུ་བཀྲམ་བྱས་ཏེ། བདག་ཉིད་ཆེན་མོ་རྣམ་པར་རྒྱལ་མ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཞབས་བསིལ་སོགས་རིགས་འགྲེས་སྦྱར་ཏེ་མཆོད་པའམ། སྔགས་མཆོད་རྐྱང་པ་གང་བདེའི་མཐར། བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་འགལ་རྐྱེན་ཞི་ཞིང་ཚེ་དཔལ་རྒྱས་པ་སོགས་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།། ཡིག་བརྒྱ་དང་། མ་འབྱོར་བ་སོགས་ཀྱིས་བཟོད་གསོལ། འདིར་ནི་གཟུགས་དང་སོགས་ཀྱིས་མཆོད་རྟེན་དང་རས་བྲིས་ལ་དམིགས་ཏེ། བརྟན་བཞུགས་བྱ། བསྔོ་སྨོན་བཀྲ་ཤིས་བྱའོ། །ཚེ་དབང་མ་ལུས་སྟེར་བའི་བཅོམ་ལྡན་མར། །མཆོད་པའི་ཆོ་ག་འདི་ཉིད་བསྒྲུབས་པ་ལས། །བྱུང་བའི་དགེ་བས་བདག་གཞན་སེམས་ཅན་ཀུན། །འཆི་མེད་བདེ་བ་མཆོག་གི་དཔལ་ཐོབ་ཤོག། ཅེས་བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་སྒྲུབ་པའི་ལག་ལེན་འདི་ཉིད། སྔར་གྱི་མཁས་པའི་ཡིག་ཆ་ཅུང་ཟད་མི་འདྲ་བ་ཁ་ཤས་ཡོངས་འདུག་ཅིང་། གྲགས་ཆེ་བའི་ལུགས་སྟོང་མཆོད་བྱེད་ཚུལ་བཀླག་ཆོག་ལྟ་བུར་བཀོད་པ་འདི་བཞིན། ཤེས་བྱ་ཡངས་པ་དབོན་མི་ཕམ་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་གྱིས་བསྐུལ་བའི་ངོར། ༧མི་ཕམ་ཀུན་གཟིགས་ཆོས་ཀྱི་སྣང་བའི་མིང་ཅན་གྱིས་འཁྲིགས་སུ་བཀོད་པའོ། །སརྦ་མདྒ་ལཾ།། །།

རྗེས་སུ་གནང་བ་སྤྱི་ལ་འཇུག་པའི་ཆོ་ག

རྗེས་སུ་གནང་བ་སྤྱི་ལ་འཇུག་པའི་ཆོ་ག་བཞུགས་སོ། །རང་ལྷར་བསྙེན་པའམ། རྗེས་སུ་གནང་བ་སྦྱིན་པར་འདོད་པ་སྤྲོས་པ་ཆུང་ངུ་དག་ལ་མཁོ་བའི་སྤྱིའི་ཆོ་ག་བྲི་བར་བྱའོ།། རང་ཉིད་བཅོམ་ལྡན་འདས་འདིའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ས་བོན་གྱིས་སྙིང་ཀ་མཚན་པར་གྱུར། དེའི་འོད་ཟེར་གྱིས་བླ་མ་དང་ལྷ་འདི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྭ་ས་མཱ་ཛཿ ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻཝིདྱཱ། ཤཔྟ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་བདུན་རྣམ་དག་བྱས་ནས། བཛྭ་མུཿཚོགས་ཞིང་རང་ལ་ཐིམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དངྎ སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དངྎ སྡུག་བསྔལ་མེད་པའི་བདེ་བ་དངྎ བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཡིད་དང་འདྲེ་བར་བསྒོམ། བདག་ཉིད། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷཱོཧཾཿ སྟོང་པའི་ངང་ལས། དེ་ནས་ལྷ་སོ་སོའི་མངོན་རྟོགས་བཞིན་བསྐྱེད། སྙིང་ཀར་ས་བོན་སྔགས་ཀྱིས་བསྐོར་བ་ལས་ལྷའི་སྤྲོ་བསྡུ་བྱེད་པར་དམིགས་ལ་མ་ཡེངས་པར་སྙིང་པོ་བཟླ། བདག་བསྐྱེད་དོ། །དེ་ནས་རྡུལ་ཚོན་ནམ་ཚོམ་བུ། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་ནས་ལྷར་བསྐྱེད། སྔར་བཞིན་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱད་ལྔས་མཆོད། སྲིད་པའི་འཇིགས་རྣམས་སྐྱོབ་པ་དང་། །ཕུན་ཚོགས་དངོས་གྲུབ་ཀུན་སྟེར་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །བཅོམ་ལྡན་ཁྱེད་ལ་ཕྱག་འཚལ་ལོ།། ཅེས་བསྟོད། མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱས་ཏེ། གཏོར་མ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱཱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུྃ་གིས་ཕུལ། ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཞུ་བར་བྱའོ། །བསྙེན་པའི་ཚེ། བདག་བསྐྱེད་ཀྱི་བཟླས་པའི་མཐར། མདུན་དུ་སྐད་ཅིག་གིས་བསྐྱེད་ནས་མཆོད་བསྟོད་གཏོར་མ་ཕུལ། འདོད་གསོལ་གྱི་བར་བྱ། བཛྭ་མུཿ གཤེགས། བདག་བསྐྱེད་མི་དམིགས་པར་སྟོང་པར་བཞག དགེ་བ་འདི་ཡིས་མྱུར་དུ་བདག། ཅེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་རྗེས་གནང་བྱེད་པར་འདོད་པས། སློབ་མ་དྲིའི་ཆུས་བཀྲུས། ཨ་ཀཱ་རོའི་སྔགས་ཀྱིས་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད། མཎྜྻལ་ཕུལ། ལྷ་འདིའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྟ་བུ། འདིའི་རྗེས་སུ་གནང་བ་ཞུ་བའི་ཕྱིར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོའི་བདག་ལ་བཀའ་དྲིན་སྩོལ།། ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྟ་བུ། འདིར་གསལ་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་སྙམ་པས་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་ལན་གསུམ། ཁྱེད་རང་རྣམས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾཿ མི་དམིགས་པ་སྟོང་པའི་ངང་ལས་ལྷ་སོ་སོའི་མངོན་རྟོགས་ཇི་ལྟ་བ་བསྐྱེད་པ་སྐུའི་རྗེས་གནང་ངོ་། །སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་ནས་ཞུགས་ཏེ་སྙིང་ཁའི་ས་བོན་གྱི་མཐར་འཁོད་པའི་མོས་པ་གྱིས་བྱས་ཏེ་འཕྲེང་བ་གཏད། སྔགས་རྣམས་ལན་གསུམ་ལ་སོགས་པ་ཟློས་སུ་བཅུག རྡོ་རྗེ་དང་བཅས་པའི་ལག་པས་མེ་ཏོག་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ།། ཅེས་བརྗོད་ཁྲོམ་ཆེན་པོར་མེ་ཏོག་གཏོར། དེ་ནས་སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཅེས་བརྗོད། གསུང་གི་རྗེས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངང་དུ་ཅུང་ཟད་མཉམ་པར་ཞོག་ཅེས་བསྒོ་ནས་ཡིད་ཇི་ཙམ་གནས་པ་བསྒོམ་དུ་གཞུག་པ་ཐུགས་ཀྱི་རྗེས་གནང་ངོ་། །ལྷ་འདིའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གནས་པར་བྱོས་ཤིག་ཅེས་བསྒོ། སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད།། ཅེས་བརྗོད། རྗེས་གནང་ངོ་། །རིགས་གཏད་ཙམ་བྱེད་ན། སློབ་མས་ཕྱག་ཕུལ། སློབ་དཔོན་གྱི་བདག་ལ་ལྷ་འདིའི་རིག་པ་གཏད་པ་སྩལ་དུ་གསོལ་ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་ཐོན། ཁྱེད་རང་རྣམས་ཀྱི་ཁ་ནས་བརྒྱུད་དེ་སྙིང་ཁར་འཁོད་པའི་མོས་པ་བགྱིས་བྱས་ཏེ། སྔགས་ཀྱི་རྗེས་ཟློས་མན་གསུང་གི་རྗེས་གནང་ཇི་ལྟ་བར་བྱའོ།། །། འབྱུང་པོ་འདུལ་བྱེད་སྒོམ་པར་འདོད་པས། སྟོང་པའི་ངང་ལས། ཟླ་བའི་གདན་ལ་ཧཱུྃ་ལས་པདྨ་འདབ་བརྒྱད་དེའི་སྟེང་དུ་ཨ་ལས་ཟླ་བ་ཧཱུྃ་གི་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཐིང་ནག་རྩེ་ལྔ་པ། དེ་ལས་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཁ་དོག་ནག་པོ་འབར་བའི་འཕྲེང་བ་འཁྲིག་པའི་འོད་ཅན། གཏུམ་པོ་ཆེན་པོ་ཁམས་གསུམ་ཟད་པར་མཛད་པ། རྩ་བའི་ཕྱག་གཉིས་ཀྱི་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་མཛད་པ། འོག་མ་གཉིས་ཀྱི་རྡོ་རྗེ་དང་ཞགས་པ་བསྣམས་པ། འཇིགས་པར་བྱེད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ན་བཟའ་སྔོན་པོ་དང་སྟག་གི་ཤམ་ཐབས་ཅན་ཞབས་གཡོན་བརྐྱང་བས་འབྱུང་པོ་གཞན་གྱིས་མི་ཐུབ་པ་མནན་ཏེ་བཞུགས་པ། འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བཅིངས་ནས་སྙིང་མགྲིན་མཛོད་སྤུ་རྣམས་སུ་བསྲུང་བའི་དོན་དུ་རེག་པར་བྱའོ། །བསྒོམ་པས་ངལ་ན་སྙིང་ཁར་ཟླ་བ་ལ་སྔགས་འཕྲེང་ནག་པོ་མེ་འབར་བ་ལས་ཁྲོ་བོ་སྤྲོ་བ་དང་བསྡུ་བར་དམིགས་ཏེ། ཧཱུྃ་བཛྭ་ཕཊ྄ཿ ཅེས་བཟླའོ།། །། ༢ ཨུ་ཙརྻ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉི། ཀླུ་འབུམ། གཉན་ཁྲིའི་སྟེང་དུ་ཧཱུྃ་མཐིང་ནག །དེ་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། དེ་ལས་ཕྱག་ན་རྡོ་རྗེ་ཨུ་ཙརྻ་སྐུ་མདོག་མཐིང་ཤུན་དྲི་མ་མེད་པ་ལྟ་བུ་ཤིན་ཏུ་གཏུམ་ཞིང་འཇིགས་པར་བྱེད་པའི་སྐུ་ཅན་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་སྤྲས་ཤིང་། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། བ་སྤུའི་བུ་ག་ནས་རྡོ་རྗེའི་ཆར་དང་། ཁྲོ་བོ་དང་། བྱ་ཁྱུང་གི་ཚོགས་སྤྲོ་བ། ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པའི་སྙིང་ཁར་རྡོ་རྗེ་རྩེ་དགུ་པ། ལྟེ་བར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་སྙིང་ཁར་རྡོ་རྗེ། དེའི་ལྟེ་བར་ཧཱུྃ་ལ་སྔགས་འཕྲེང་དམར་ནག་གིས་བསྐོར་བ་ལས་འོད་འཕྲོས། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་སྔགས་འཕྲེང་ལས། ཁྲོ་བོ་དང་བྱ་ཁྱུང་རྡོ་རྗེའི་ཆར་དང་མེའི་ཕུང་པོར་སྤྲོས་པས་གདོན་བགེགས་བརྡུངས་བཏགས་གཞོབ་ཏུ་བསྲེག་པར་བསམ་གྱིན། ཨུ་ཙརྻ་ཡཀྵ་སེ་ན་ཨངྐུ་ཤ་ཛཿཛཿཧཱུྃ་ཧཱུྃཕཊ྄། ཅེས་བཟླས་སོ།། །། ༣ སྤྱན་རས་གཟིགས་སེང་གེ་སྒྲ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བ། ཨ་དཀར་པོ་ལས་སེང་གེ་དཀར་པོའི་སྟེང་དུ་ཨཾ་ལས། པད་དཀར་ཟེའུ་འབྲུར་སྲཱིཿདཀར་པོ་ལས། རྗེ་བཙུན་སེང་གེ་སྒྲ་ཟླ་ཤེལ་གྱི་མདངས་ཅན། ཕྱག་གཡོན་སར་བཙུགས་པ། གཡས་ཆོས་འཆད་དཀའ་ཐུབ་པའི་ཆ་ལུགས་འཛིན་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ། གཡོན་ན་པདྨ་ལངས་པའི་སྟེང་ན་འབར་བའི་རལ་གྲི་འཕྱར་བའི་མདུན་དུ་མེ་ཏོག་གིས་གང་བའི་ཐོད་པ་དཀར་པོ། རལ་པའི་ཟུར་ཕུད་འོད་དཔག་མེད་ཀྱིས་བརྒྱན་ཏེ་འོད་ཟེར་གྱི་པ་ཏྲའི་ཁོང་ན་དེ་བཞིན་གཤེགས་པ་སྤྲིན་རྣམ་པར་འཕྲོ་བ་བསྒོམ་པར་བྱའོ། །དེ་ནས་སྙིང་ཁར་ཟླ་བ་ལ་སྲཱིཿསྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ། ཨོཾ་ཨཱཿསྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ྄ ཅེས་བཟླས་སོ།། །། ༤ ཡེ་ཤེས་ཁྱུང་ཁྲ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་ཀྵིཾ་ལས་ཡེ་ཤེས་ཁྱུང་ཁྲ་སྤྱི་བོ་ལྗང་། དཔྲལ་བ་ནག མགྲིན་པ་དམར། སྙིང་ཁ་དཀར། ལྟེ་བ་མན་སེར་པོ་རྡོ་རྗེའི་གཤོག་པ་ཅན། ཕྱག་གདེངས་ནས་སྦྲུལ་ཆེན་རིགས་ལྔ་ཟ་བ། གཏུམ་པོ་རིན་པོ་ཆེའི་རྒྱན་གྱིས་རྣམ་པར་བརྒྱན་པ། འགྱིང་ཞིང་བག་དང་ལྡན་པ་མེའི་ཀློང་ན་བཞུགས་པའི་གནས་ལྔར་རིམ་པ་བཞིན་ཨོཾ་པ་ཀྵིཾ་སྭཱ་ཧཱས་མཚན་པ་ཐུགས་ཀར་ཉི་མ་ལ་ཀྵིཾ། དེའི་མཐར་སྔགས་དེ་ཉིད་ཀྱིས་བསྐོར་བར་དམིགས་ལ་བཟླ་བར་བྱའོ།། །། ༥ རི་ཁྲོད་མ་ལོ་མ་གྱོན་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་པཾ་སེར་པོ་ལས་རྡོ་རྗེ་པཾ་གྱིས་མཚན་པ་དེ་ལས་བཅོམ་ལྡན་འདས་རི་ཁྲོད་མ་ལོ་མ་གྱོན་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། སྤྱན་གསུམ་མངའ་བའི་ཞལ་གཡས་དཀར་གཡོན་དམར་དབུས་སེར་བ་བཞད་ཅིང་ཁྲོ་བ་གཞོན་ཤ་རྒྱས་ཤིང་ཅུང་ཟད་ལྟོ་འཕྱང་བ་འགྱིང་ཞིང་སྒེག་པའི་སྐུ། ལོ་མ་དང་རྨ་བྱའི་མདོངས་ཀྱི་ཤམ་ཐབས་ཅན། ཕྱག་དྲུག་གི་གཡས་པ་གསུམ་སྣ་ཚོགས་རྡོ་རྗེ། དགྲ་ཧྶ། མདའ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ཡལ་ག་དང་ལྷན་ཅིག་པའི་རྨ་བྱའི་མདོངས། གཞུ་བསྣམས་པ། མེ་ཏོག་བཅིངས་པའི་རལ་པའི་ཅོད་པན་ལ་མི་བསྐྱོད་པ་བཞུགས་པ་ཉི་མའི་འོད་ཅན། བགེགས་མནན་ཏེ་ཞབས་གཡས་ཙོག་པུ། གཡོན་པུས་བཙུགས་རྟིང་པ་གསང་གནས་ལ་བརྟེན་ཏེ་བཞུགས་པ། སྙིང་ཁར་ཟླ་བ་ལ་དབུས་སུ་བཾ། མཐར། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྷ་ར་པྲ་ཤ་མ་ན་སྭཱ་ཧཱ། ཅེས་བསྐོར་བ་བཟླ་བར་བྱའོ།། །། ༦ དུག་སེལ་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཛཾ་ཡིག་སེར་པོ་ལས་འཕགས་མ་དུག་སེལ་མ་སྐུ་མདོག་སེར་མོ། སྔོ་དཀར་སེར་བའི་ཞལ་གསུམ་སྦྲུལ་མགོ་བདུན་གྱིས་མཛེས་པ། ཕྱག་དྲུག་གི་གཡས་ན། རལ་གྲི །རྡོ་རྗེ། མདའ། གཡོན་གསུམ་ན། སྡིགས་མཛུབ་དང་བཅས་པའི་ཞགས་པ། དུག་གི་མེ་ཏོག གཞུ་བཀང་བ། སྦྲུལ་དང་མཛེས་པའི་གོས་དང་རྒྱན་གྱིས་བརྒྱན་པ། གཞོན་ནུའི་མཚན་ཉིད་ཅན་མི་བསྐྱོད་པས་དབུ་བརྒྱན་ཞིང་རོལ་པའི་སྟབས་ཀྱིས་བཞུགས་པར་བསམ་ལ། ཨོཾ་ཛཾ་གུ་ལཱི་སརྦ་ཥི་བ་པྲ་ཤ་མ་ནི་ཕུཿསྭཱ་ཧཱ། ཅེས་བཟླའོ།། །། ༧ འཇམ་དཔལ་སྨྲ་བའི་སེང་གེ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ་མུཾཿཡིག་དམར་སེར་ལས་སེང་གེའི་སྟེང་ན་བཞུགས་པའི་འཇམ་པའི་དབྱངས་སྐུ་མདོག་གསེར་གྱི་མདོག་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་པོ་འཛིན་པའི་ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་ཅིང་མི་བསྐྱོད་པས་དབུ་བརྒྱན་པ། གཞོན་ནུའི་རྣམ་པ་ཅན། སྒེག་ཅིང་འཛུམ་ལ་ཞི་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྙིང་ཁར་ཟླ་བ་ལ་སྔགས་བཀོད་ནས། ཨོཾ་ཝ་གི་ཤྭ་རི་མུཾ། ཅེས་བཟླའོ།། །། ༨ འཇམ་དབྱངས་དཀར་པོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། གླང་པོ་ཆེའི་ཁྱུས་མཛེས་ཤིང་མེ་ཏོག་དང་རིན་པོ་ཆེའི་ཤིང་དང་། མྱུ་གུའི་མཆོག་ཐམས་ཅད་ཀྱིས་བརྟེན་པའི་ནེའུ་གསིང་མཐོན་ཁའི་དབུས་སུ་བཾ་ལས་བདུད་རྩིའི་རྒྱ་མཚོ། སྐད་སྙན་པའི་ཆུ་བྱ་དང་པདྨ་འཁྲིགས་པའི་དབུས་ཀྱི་སྡོང་བུའི་ཟེའུ་འབྲུར་ཟླ་བ་ལ་ཨ་ལས་འཇམ་པའི་དབྱངས་མཛེས་པ་སྟོན་ཀའི་ཟླ་བའི་རྣམ་པ་ཅན་ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལའི་སྡོང་བུ་ཤེར་ཕྱིན་གྱི་པོ་ཏིས་བརྒྱན་པ་བསྣམས་པ། བརྒྱད་གཉིས་ཀྱིས་ལང་ཚོའི་དཔྱིད་ཀྱིས་འགྱིང་ཞིང་རྒྱན་གྱིས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། སྙིང་ཁར་ཟླ་བའི་འཁོར་ལོའི་ལྟེ་བར་ཨ། རྩིབས་དྲུག་ལ། ཨོཾ་ཝཀཀྱཻ་དནྣ་མཿ ཅེས་བཀོད་ནས། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བར་དམིགས་ཏེ་བཟླའོ།། །། ༩ དབྱངས་ཅན་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་སྲཱིཿཡིག་ལས་དབྱངས་ཅན་མ་བཅུ་གཉིས་ཀྱི་ལང་ཚོ་ཅན། ཟླ་བ་ཆུ་ཤེལ་གྱི་མདངས། ནུ་མ་འབུར་ཞིང་། སྐེད་པ་བྱིན་གྱིས་ཕྲ་བ། རྒྱན་ཐམས་ཅད་ཀྱི་བརྒྱན་ཅིང་མཚར་སྡུག་གི་སྙིང་པོར་ཕྱིན་པ། འཇམ་པའི་ཕྱག་གཉིས་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ། ཞོ་འཐུང་བྱིས་པ་དང་མཚུངས་པ་ཅུང་ཟད་ཙོག་པུར་ཟླ་བ་ལ་བཞུགས་པ། སྙིང་ཁར་ཟླ་བ་ལ་ས་བོན་བཀོད། དེའི་འོད་ཀྱི་སྤྲོ་བསྡུ་ལ་དམིགས་ཏེ། སྲཱིཿ ཅེས་བཟླའོ།། །། ༡༠ མི་གཡོ་བ་དཀར་པོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་ཧཱུྃ་ཡིག་དཀར་པོ་ལས་མི་གཡོ་བ་སྐུ་མདོག་གངས་ཀྱི་རིའི་དུམ་བུ་འཁྲུག་པ་ལྟ་བུ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་ལ་ཟླུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་ཙོག་པུ། གཡོན་ཉི་མའི་དཀྱིལ་འཁོར་ལ་རབ་ཏུ་བཙུགས་པ། ལྷའི་ན་བཟའ་མནབས་པ། སྙིང་ཁར་འཁོར་ལོ་རྩིབས་བཅུ་པའི་དབུས་སུ་ཧཱུྃ། རྩིབས་ལ། ཨོཾ་ཙཎྜྻ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ཅེས་བཀོད་དེའི་སྤྲོ་བསྡུ་ལ་དམིགས་ནས་བཟླ་བར་བྱའོ།། །། ༡༡ ཕག་དཀར་ཤེས་རབ་གསལ་བྱེད་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉི་ལ་སྲཱིཿལས་ཕག་མོ་ཤེས་རབ་གསལ་བྱེད་མཆེ་བ་ཅུང་ཟད་གཙིགས་པ་སྤྱན་གསུམ་དམར་ཞིང་སྒེག་པ་ལ་སོགས་པའི་ཉམས་དང་ནུ་འབུར་རྒྱས་པ། ཕྱག་གཡས་བ་དན་དང་བཅས་པའི་རྡོ་རྗེ་འོག་ཏུ་བསྣུན་ཅིང་ཁྲག་གིས་གང་བའི་པདྨའི་སྣོད་ཞལ་གྱེན་དུ་ཕྱོགས་པས་འཐུང་ཞིང་། ཁ་ཊྶཱཾ་དཀར་པོ་རྩེ་མོ་གཅིག་པ། གཡོན་པའི་ཕྲག་པར་བཀལ་བ། དབུ་སྐྲ་ཕྱེད་བཅིངས་པ་སྣ་ཚོགས་པའི་མེ་ཏོག་གིས་མཛེས་ཤིང་རྡོ་རྗེ་ནག་པོའི་འཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་འཕྲེང་དང་ཟུར་ཕུད་གསུམ་བཅིངས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་མགོ་རློན་ལྔ་བཅུའི་དོ་ཤལ་དུ་བྱས་པ། གཅེར་མོ་གཡས་བརྐྱང་གིས་ཉི་མའི་གདན་ལ་གནས་པ། ཉི་མའི་འོད་ལྟ་བུ་རབ་ཏུ་འཕྲོ་བས་སྤྲུལ་པ་སྣ་ཚོགས་པས་ཕྱོགས་བཅུའི་འགྲོ་དོན་མཛད་པར་བསྒོམ་པ་ནས། སྙིང་ཁར་ཉི་མ་ལ་སྲཱིཿཡིག་བཀོད་དེ་སྤྲོ་བསྡུ་ལ་དམིགས་ནས་བཟླའོ།། །། ༡༢ འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་མའི་རིག་པ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མ་གཉིས་ཀྱི་གཡས་ན་བགྲང་འཕྲེང་དང་། གཡོན་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཛེས་སྡུག་གི་དཔྱིད། དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། སྙིང་ཁར་ཟླ་བ་ལ་ས་བོན་སྔགས་འཕྲེང་བཀོད་སྤྲོ་བསྡུ་ལ་དམིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ།། །། ༡༣ སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཏཱཾ་དཀར་པོ་ལས་སྟོན་ཟླ་ལྟ་བུའི་སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ་མཛེས་སྡུག་གི་དཔྱིད་བསྡུས་པ། སྤྱན་བདུན་མངའ་བ། ཞལ་གཅིག་ཕྱག་གཉིས་མའི་གཡས་མཆོག་སྦྱིན། གཡོན་ཨུཏྤལ་དཀར་པོའི་སྡོང་པོ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྙིང་ཁར་ཡིད་བཞིན་གྱི་འཁོར་ལོས་མཚན་པར་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅེས་བཟླའོ།། །། ༡༤ སྒྲོལ་མ་སྔོན་མོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཏཱཾ་ལྗང་ཁ། མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ། རིན་པོ་ཆེའི་རྒྱན་གྱིས་ཡིད་དུ་འོང་བར་འགྱིང་བཞིན་པ། བཅུ་དྲུག་གི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་མཐིང་ཁའི་སྡོང་པོ་འཛིན་པ། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྙིང་ཁར་ཟླ་བ་ལ་ཏཱཾ་ཡིག་དང་སྔགས་འཕྲེང་ལྗང་ཁུ་གཏད་དེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅེས་བཟླའོ།། །། ༡༥ གཙུག་ཏོར་རྣམ་པར་རྒྱལ་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་བྷྲཱུྃ་དཀར་པོ་ལས་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ཟླ་བ་ལྟ་བུར་དཀར་བ། གཡས་ཞལ་སེར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོ་བ། རྩ་ཞལ་མཆེ་བས་མ་མཆུ་མནན་ཅིང་སྤྱན་གསུམ་པ། གཡས་ཀྱི་ཕྱག་བཞིར་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་གནས་པའི་སངས་རྒྱས་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱག་བཞིར། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། མི་འཇིགས་པའི་ཕྱག་རྒྱ་དང་། གཞུ་དང་། བུམ་པ་གང་བ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་སྒེག་པའི་ཉམས་ལྡན། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ནས། མཆོད་རྟེན་གྱི་ཕུག་གི་ནང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་བཏབ་ནས། ཟླ་བ་ལ་སྔགས་འཕྲེང་བཀོད། ཨོཾ་བྷྲཱུཾ་སྭཱ་ཧཱ། ཅེས་སམ་གཟུངས་བཟླའོ།། །། ༡༩ གཙུག་ཏོར་གདུགས་དཀར་མོ་ཅན་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ། ཨོཾ་དཀར་པོ་ལས་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ། གཡས་སྔོ། གཡོན་དམར། དབུས་དཀར་བའི་ཞལ། སྤྱན་གསུམ་མངའ་བ། ཕྱག་དྲུག་གི་གཡས་ན། འཁོར་ལོ། ལྕགས་ཀྱུ། གཞུ། གཡོན་ན་རྡོ་རྗེ། ཞགས་པ། མདའ། ཁྲོ་མོའི་ཉམས་གདོན་ཐམས་ཅད་འཇོམས་པར་མཛད་པ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ། སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བ་ལ་སྔགས་འཕྲེང་བཀོད། ཨོཾ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏེ་སརྦ་གྲ་ཧ་ཎཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུཾ་དྲཱུཾ་ཧཱུྃ་ཧཱུྃ་ཕཊ྄ཿཕཊ྄ཿསྭཱ་ཧཱ། ཅེས་བཟླའོ།། །། ༡༩ སོ་སོ་འབྲང་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ། པྲཾ་སེར་པོ་ལས་སོ་སོ་འབྲང་མ་སྐུ་མདོག་ཤིན་ཏུ་སེར་བ་རིན་པོ་ཆེའི་ཅོད་པཎ་ཅན། སེར་དཀར་སྔོ་དམར་བའི་ཞལ། སྤྱན་གསུམ་མངའ་བ་དང་ལྡན་པ། ཕྱག་གཡས་པ་བཞིས། རལ་གྲི། འཁོར་ལོ། རྩེ་གསུམ། མདའ། གཡོན་པ་བཞིས། ཞགས་པ། དགྲ་ཧྶ། །རྡོ་རྗེ། གཞུ། ལང་ཚོས་སྙེམས་ཤིང་རིན་པོ་ཆེའི་རྒྱན་དང་ལྷའི་ན་བཟའ་འཛིན་པས་རོལ་པའི་སྟབས་ཀྱིས་བཞུགས་པ་བསྒོམས་ལ། སྙིང་ཁར་ཟླ་བ་ལ་སྔགས་འཕྲེང་བཀོད་དེ། ཨོཾ་མ་ཎི་དྷ་རི་བཛྭ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཅེས་བཟླའོ།། །། ༡༨ ཀུ་རུ་ཀུལླེ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ་སྲཱིཿདམར་པོ་ལས་ཨུཏྤལ་དམར་པོའི་ཟེའུ་འབྲུར་ཉི་མ་ལ་སྲཱིཿམཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་པོ་ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། གཞོན་ཞིང་སྟག་ཤམ་ཅན། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་འོད་དཔག་ཏུ་མེད་པ་བཞུགས་པ། རྩ་བའི་ཕྱག་གཉིས་ཀྱི་མེ་ཏོག་དམར་པོའི་གཞུ་དང་ཨུཏྤ་ལའི་མདེའུ་ཅན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་ཨུཏྤ་ལའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་བསྒོམས་ནས། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཅེས་བཟླའོ།། །། ༡༩ ནོར་རྒྱུན་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ་བཾ་ལས་ནོར་རྒྱུན་མ་སྐུ་མདོག་གསེར་ལྟ་བུ། ནོར་སྦྱིན་གྱི་བུ་མོ་བརྒྱད་གཉིས་ལོན་པའི་བྱིན་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པར་བསྒོམས་ལ། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཅེས་བཟླའོ།། །། ༢༠ ཛམྦྷ་ལ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཛཾ་ལས་ཛམྦྷ་ལ་གསེར་ལྟ་བུ། སྐུ་ཐུང་ཞིང་ལྷུ་ལག་རགས་པ་ལྟོ་བ་འཕྱང་བ། ཕྱག་གཡས་ན་བ་ཛི་པུ་ར་ཀ་དང་། ཕྱག་གཡོན་ན་རིན་པོ་ཆེའི་ཆར་རབ་ཏུ་འབབ་པའི་ནེའུ་ལེ་བསྣམས་པ། སངས་རྒྱས་ལྔའི་ཅོད་པཎ་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་དང་པདྨའི་ཡལ་གའི་གཏེར་ཆེན་པོ་དག་མནན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། ཨུཏྤ་ལ་སྔོན་པོ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྐྱེད་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡ་སྭཱ་ཧཱ། ཅེས་བཟླས་ལ། ཆུ་སྦྱིན་ཡང་བྱའོ།། །། ༢༡ ཛམྦྷ་ལ་ནག་པོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཧཱུྃ་ལས་ཛམྦྷ་ལ་ནག་པོ་ལོ་ལྔ་ལོན་པའི་བྱིས་པ་ལྟ་བུ་གཅེར་བུ་རྟགས་བསྒྲེང་ཞིང་ལྟོ་བ་འཕྱང་བ་གེལ་བ་རྒྱན་གྱིས་བརྒྱན་ཞིང་། ཕྱག་གཡས་པས་ཐོད་པ་ཁྲག་གིས་གང་བ་འཛིན་པ་ལ་ཞལ་མངོན་པར་ཕྱོགས་པ། ཕྱག་གཡོན་པ་བརླའི་སྟེང་དུ་རིན་པོ་ཆེ་སྐྱུགས་པའི་ནེའུ་ལེ་ཁ་ཐུར་དུ་བསྟན་པ་བསྣམས་པ། ཤིན་ཏུ་ཁྲོས་པའི་ནོར་སྦྱིན་སེར་པོ་གན་རྐྱལ་བསྒྱེལ་བའི་ཁར་གཡོན་བརྐྱང་གིས་བཞུགས་པ། ཐུབ་པ་མི་བསྐྱོད་པས་དབུ་རྒྱན་པར་གསལ་བཏབ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ཏདྱ་ཐཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཅེས་བཟླའོ།། །། ༢༢ རྣམ་སྲས་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་བཻ་ལས་སེང་གེ་ལ་ཆིབས་པའི་རྣམ་ཐོས་སྲས་གསེར་གྱི་རི་བོ་ལྟ་བུར་བརྗིད་ཅིང་། གནོད་སྦྱིན་གྱི་བྱིན་ཆགས་པ། རིན་པོ་ཆེའི་གོ་ཁྲབ་ལ་སོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཕྱག་གཡས་སྟག་གི་རྒྱན་མཚན། གཡོན་ནོར་བུ་སྐྱུགས་པའི་ནེའུ་ལེ་དཀུར་བརྟེན་ཅིང་། རྒྱལ་པོ་ཆེན་པོ་རོལ་པས་བཞུགས་པར་བསྒོམ། ཨོཾ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ཅེས་བཟླའོ། །པདྨ་དཀར་པོས་སྦྱིན་པར་བྱས་པའི་ཡི་གེ་དགེའོ།། །།

སྒྲུབ་ཐབས་རྒྱ་མཚོའི་ཆོ་ག་རྗེས་གནང་དང་བཅས་ཁྲིགས་སུ་བསྡེབས་པ་གྲུབ་གཉིས་འདོད་རྒུའི་ཆར་འབེབས།

སྒྲུབ་ཐབས་རྒྱ་མཚོའི་ཆོ་ག་རྗེས་གནང་དང་བཅས་ཁྲིགས་སུ་བསྡེབས་པ་གྲུབ་གཉིས་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས། །ན་མོཿབཛྭ་ཝ་ར་ཻ། བྲིས་པས་མིག་ལ་བདུད་རྩིའི་ཆར་ཆེན་པོ། །འདྲ་འབག་གོམས་ལས་ཐུན་མོང་སྔགས་གྲུབ་ཅིང་། །བྱིན་རླབས་ཞུགས་པས་འཚང་རྒྱར་བསླུ་མེད་པ། །ཡི་དམ་ལྷ་ཚོགས་རྒྱ་མཚོའི་ཞབས་ལ་འདུད། །རྣམ་མང་པཎ་གྲུབ་རྣམས་ཀྱིས་ངལ་མཛད་གཞུང་། །རྣམ་གྲོལ་བདེ་བའི་བྱེད་པོ་པུསྟ་ཀ །རྣམ་དག་འཇིགས་མེད་ཕྲག་པའི་ཕྱོགས་འཆང་བ། །རྣམ་ཀུན་འཛིན་ལ་བདག་འབད་ཨུཏྤལ་སྐྱེས།། དེ་ཡང་སྒྲུབ་པའི་ཐབས་རྒྱ་མཚོར་གྲགས་པའི་གླེགས་བམ་རང་དུ་ཅུང་ཟད་སྒྲུབ་པའི་ཚུལ་མི་འདྲ་བ་བཤད་ཀྱང་། བྱ་བའི་རྒྱུད་ཀྱི་རྒྱས་བཏབ་པའོ་ཞེས་བརྒྱུད་པའི་རིམ་པས་ཆོ་ག་འགྲོས་གཅིག་ཏུ་འཆད་པ་ལས། འདིར་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་སྒྲུབ་ཐབས་རྒྱ་མཚོའི་ཆོ་ག་འདི་ཉིད་ཀྱི་སྒོ་ནས་གཞན་ལ་ཕན་འདོགས་པར་འདོད་པ་རྣམས་ལག་ཏུ་བླང་བདེའི་ཆེད་ཁྲིགས་བསྡེབས་སུ་དགོད་པ་ལ། ༡ འཕགས་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་གཙོ་བོར་བསྒྲུབ་པར་འདོད་པས། གོང་དུ་སྤྱི་དང་བྱེ་བྲག་གི་སྐུ་གསུང་ཐུགས་རྟེན་བཞུགས་སུ་གསོལ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་ལ་མཎྜྻལ་ཁར་ལྷའི་སྐུ་མདོག་དང་མཚུངས་པའི་ཚོམ་བུ་དང་། བུམ་པ། མཆོད་གཏོར། མདུན་བུམ་གྱི་མཆོད་པ་རྣམས་བརྒྱུད་པའི་ཕྱག་བཞེས་བཞིན་ཚར་དུ་དངར་བར་བཤམ། རང་གི་མདུན་དུ་རྡོར་དྲིལ་སོགས་ཀྱང་འདུ་བྱས་ནས་བདེ་བའི་སྟན་ལ་འཁོད་དེ། ཐོག་མར་མ་ནམ་བཞི་སྐོར་ལན་གསུམ་དང་། ཐབས་མཁས་ཐུགས་རྗེ་སོགས་བླ་མ་བརྒྱུད་པའི་བསྟོད་ཚོགས་ཇི་ལྟར་འོས་པ་སྔོན་དུ་བཏང་ནས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་རྗེས། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབསྎ ཆོས་ལྎ དགེ་འདུན་ལྎ བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་ལན་གསུམ་དང་། སངས་རྒྱས་ཆོས་དང་སོགས་ལན་གསུམ། དེ་ནས། སྐད་ཅིག་གིས་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཞེས་ཚོགས་ཞིང་ཡིད་ཀྱིས་སྤྱན་དྲངས། དེ་ལ་དམིགས་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་ལན་གསུམ་གྱིས་སྐྱབས་སེམས་བྱས་མཐར། བཛྭ་མུཿ ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་ལན་གསུམ་བསྒོམ། དེ་ནས་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷཱོཧཾ། གིས། བདག་མེད་པའི་རང་བཞིན་གྱི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཾ་ལྗང་ཁུ་ལས་པདྨ་དང་། ཨ་ལས་ཟླ་གདན་གྱི་སྟེང་དུ། ཏྲཾ་ལས་བཅོམ་ལྡན་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་དཔེས་མཛེས་པ་ཤིན་ཏུ་ཞི་ཞིང་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཆོས་གོས་རྣམ་པ་གསུམ་གསོལ་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་སུ་སེམས་དཔའ་རྡོ་རྗེ་འཛིན་དཀར་པོ་ཕྱག་གཉིས་རྡོ་རྗེ་བཟུང་སྟེ་སྙིང་གར་ཐལ་མོ་སྦྱར་བ། གཡོན་དུ་རྡོ་རྗེ་འཛིན་ཆེན་པོ་སེར་པོ་གཡས་ནོར་བུ། མཆན་ཁུང་གཡོན་དུ་དུང་། མདུན་གྱི་གཡས་གཡོན་དུ་ཁྱེའུ་མཐའ་ཡས་སྔོན་པོ་ཁྲོ་བ་རལ་གྲི་དང་ཨུཏྤལ། སྦྲུལ་གྱི་མཆོད་ཕྱིར་ཐོགས་ཅན་དང་། བུ་མོ་མཐའ་ཡས་མ་ལྗང་ཁུ་ཤིན་ཏུ་ཞི་བ་གཡས་ཐལ་མོ་དང་གཡོན་པདྨ་འཛིན་པ། བཞི་ཀའང་རྒྱན་གྱིས་བརྒྱན་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གའི་ཆ་སྟོད་དུ་ཧཱུྃ་སྔོན་པོ། ཆ་སྨད་དུ་ཟླ་བ་ལ་རང་རང་གི་ས་བོན་གྱིས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་མངོན་པར་དབང་བསྐུར། ལུས་གང་དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་ཀྱི་བདག་པོས་མི་བསྐྱོད་པའོ་དབུ་བརྒྱན་པར་གྱུར། སྙིང་གར་ཟླ་བ་ལ་ས་བོན། དེའི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་བསམས་ཏེ། སྔགས་ནི། ན་མཿཧླཻ་ཡ་དྷི་ཀཱ་ནཾ། ཏ་ཐཱ་ག་ཏ་ནཾ། སརྦ་ཏྲུ་པྲ་ཏི་ཧ་ཏ་བསྟི་དྷརྨ་ཏ་བ་ལི་ནཾ། ཨོཾ་ཨཱཿས་མ་ས་མ་ས་མནྟ་ཏོ། ནནྟ་ཁཱསྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར། བི་ག་ཏ་ར་ག བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བཱ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝཱན་མ་ཧཱ་བ་ར་ལ་བ་ཎེ། ཛྷ་ལ་ཛྷ་ལ་ན་པྲ་ག་རེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་བཟླའོ། །མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། ཚོམ་བུ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། མཾ་ལྗང་ཁུ་ལས་པདྨ་དང་། ཨ་ལས་ཟླ་གདན་གྱི་སྟེང་དུ། ཏྲཾ་ལས་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སོགས་ནས། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ཅེས་པའི་བར་བདག་བསྐྱེད་བཞིན་བྱས་ལ། དེ་ལ་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་མོས་ཏེ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ཨཉྩྨ་མ་ནཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟའི་བར་གྱིས་མཆོད། སྲིད་དང་ངན་འགྲོས་དུབ་རྣམས་ལ། །བདེ་དང་ཕུན་ཚོགས་ཀུན་འབྱུང་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །དམ་ཚིག་གསུམ་རྒྱལ་ལ་ཕྱག་འཚལ།། ཞེས་བསྟོད། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་བསམ་སྟེ་སྔགས་བཟླའོ། །བུམ་བསྐྱེད་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ལས། བྷྲཱུཾ་ལས་བུམ་པ་ཡངས་པར་བདུད་རྩི་རྒྱ་མཚོའི་དབུས་སུ། མཾ་ལྗང་ཁུ་ལས་པདྨ་དང་། ཨ་ལས་ཟླ་གདན་གྱི་སྟེང་དུ། ཏྲཱཾ་ལས་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སོགས་ནས། དབུ་བརྒྱན་པར་གྱུར། ཅེས་པའི་བར་དང་། ཨོཾ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། སོགས་ཀྱིས་གོང་བཞིན་མཆོད་ཅིང་། སྲིད་དང་ངན་འགྲོས་དུབ་རྣམས་ལ།། སོགས་ཤླཽ་ཀས་བསྟོད། བདག་གིས་ཐུགས་ཀྱི་འོད་ཀྱིས་བུམ་ལྷའི་ཐུགས་རྒྱུད་བསྐུལ། དེའི་འོད་ཟེར་གྱིས་དོན་གཉིས་བྱས་ཏེ་སླར་ཐུགས་ཀར་ཐིམ་པས། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ནས་སྔགས་བཟླ། མཐར་བུམ་ལྷ་འོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་གཏོར་བསྔོས་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། གཏོར་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གཏོར་སྣོད་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་ཞུ་བར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨ་ཀ་རོ་སོགས་ལན་གསུམ་གྱིས་ཕུལ་ཏེ། ནད་མེད་ཚེ་དང་དབང་ཕྱུག་དང་།། སོགས་ནས། ལས་དངམཆོག་གི་དངོས་གྲུབ་སྩོལ།། ཅེས་པའི་བར་གྱིས་འདོད་དོན་གསོལ། དེ་ནས་ཏིང་ངེ་འཛིན་གྱི་དབང་བླངས་ནས་རྗེས་གནང་ལ་འཇུག་པར་བྱ། སྒྲུབ་ཐབས་མང་པོ་སྦྲེལ་ནས་མཛད་དུས། ཚོགས་ཞིང་ཐོག་མའི་དེ་རང་གིས་འཐུས་པས་རྗེས་མ་རྣམས་ལ་བྱ་མི་དགོས། བདག་བསྐྱེད་ནི། སྔ་མ་དེ་ཁོ་ནས་འཐུས་པར་མཛད་སྲོལ་ཡང་སྣང་མོད། ཕྱོགས་འདིའི་ཕྱག་བཞེས་ལ། ལྷ་སྔ་མ་དེ་གནས་འགྱུར་ནས་ཕྱི་མར་བསྐྱེད་པའི་ཚུལ་གྱིས་བདག་བསྐྱེད་བཟླས་པའི་བར་བྱས་རྗེས། དེ་ནས་མདུན་བསྐྱེད། བུམ་བསྐྱེད། གཏོར་འབུལ་རྣམས་རིམ་པ་བཞིན་བྱ་བ་སྟེ། ལྷ་ཇི་ཙམ་ཁྱོན་གཅིག་ཏུ་གནང་བའི་མཇུག་མ་དེའི་གཏོར་འབུལ་དབང་བླངས་བ་བཅས་གྲུབ་ནས་རྗེས་གནང་གི་རིམ་པ་ལ་འཇུག་པར་མཛད་དོ།། ༢ རྡོ་རྗེ་གདན་གྱི་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་འདིའང་ཆོ་གའི་འགྲོས་དམ་ཚིག་གསུམ་བཀོད་པ་བཞིན་ལ་ཁྱད་པར་ནི་འདི་ལྟ་སྟེ། སྟོང་པའི་ངང་ལས་ཟླ་བ་ལ་ཡི་གེ་ཧཱུྃ་ཨཱ་ལི་ཀཱ་ལིས་བསྐོར་བ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ་ཧཱུྃ་གིས་མཚན་པ། དེ་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པར་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་གདན་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་དཔེས་མཛེས་པ་ཤིན་ཏུ་ཞི་ཞིང་བདུད་འདུལ་བའི་ཕྱག་རྒྱ་མཛད་པ། ཆོས་གོས་རྣམ་པ་གསུམ་གསོལ་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་བདུད་བཞི་བརྩེགས་པའི་ཁྲི་དང་པད་ཟླ་ལ་བཞུགས་པ། གཡས་སུ་བྱམས་པ་སེར་མདོག་རྔ་ཡབ་དང་ཀླུ་ཤིང་། གཡོན་དུ་སྤྱན་རས་གཟིགས་དཀར་པོ་རྔ་ཡབ་དང་པདྨ་བསྣམས་པ། གཉིས་ཀ་སེམས་དཔའི་ཆ་བྱད་ཅན་རྒྱན་གྱིས་བརྒྱན་པ། སྤྱན། སྙན། ཤངས། ལྗགས། དཔྲལ་བ་དང་ནུ་མར་ཟླ་བ་ལ་རིམ་པ་བཞིན། ཀྵིཾ་ཡིག་དཀར་པོ། ཛཾ་སྔོན་པོ། ཁཾ་སེར་པོ། གཾ་དམར་པོ། ཀཾ་སེར་པོ། པཾ་དཀར་པོ། སྤྱི་བོར་ཨོཾ་དཀར་པོ་མན་ཆད་སྔར་བཞིན་ལ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨཱཿབཛྭ་ཧཱུྃ་ཕཊ྄། བསྟོད་པའི་རྐང་པ་མཐའ་མའི་ཚིག། རྡོ་རྗེ་གདན་ལ་ཕྱག་འཚལ་ལོ།། ཞེས་བསྒྱུར་ཁ་བྱ། འདིས་ལྷག་མ་ཀུན་ཀྱང་རིགས་འགྲེ་ཤེས་པར་བྱའོ།། ༣ ཡི་གེ་དྲུག་པའི་རིག་པ་ཆེན་པོའི་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་གདན་ལ་སྲཱིཿདཀར་པོ་ཡོངས་སུ་གྱུར་པའི་གཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ། ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མ་གཉིས་ཀྱི་གཡས་བགྲང་ཕྲེང་དང་གཡོན་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཛེས་སྡུག་གི་དཔྱིད་དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་གཡས་ལོགས་སུ། འཕགས་པ་ནོར་བུ་འཛིན་པ་སེར་མདོག་རལ་པ་དང་ཅོད་པན་ཅན་གོས་སེར་པོ་གྱོན་པ། རྩ་བའི་ཕྱག་ཐལ་མོ་སྦྱར་ཞིང་། གཡས་ནོར་བུ་དང་གཡོན་ཆུ་སྐྱེས་འཛིན་པ། གཡོན་ལོགས་སུ་འཕགས་མ་ཡི་གེ་དྲུག་མ་དཀར་མོ་རྩ་ཕྱག་ཐལ་མོ་སྦྱར་ཞིང་། གཡས་བགྲང་ཕྲེང་གཡོན་ཆུ་སྐྱེས་འཛིན་པ། དབང་པོའི་གཞུའི་གོས་ཅན། གཉིས་ཀའང་གཞོན་ནུའི་ལང་ཚོ་ལ་གནས་ཤིང་ཟུར་ཕུད་གཅིག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སྒེག་པ་དང་བཅས་པའི་སྐྱིལ་ཀྲུང་ཕྱེད་པས་པདྨ་ལ་བཞུགས་པར་གྱུར། སྤྱི་བོར་ཨོཾ་མན་སྔར་བཞིན་ལ། རིགས་བདག་འོད་དཔག་ཏུ་མེད་པའོ། །སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ།། ༤ ཟ་མ་ཏོག་བཀོད་པའི་མན་ངག་གི་ཡི་གེ་དྲུག་པ་གཙོ་རྐྱང་གི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་སྲཱིཿདཀར་པོ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ། ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མ་གཉིས་ཀྱི་གཡས་བགྲང་འཕྲེང་དང་གཡོན་ཆུ་སྐྱེས་ཀྱི་སྡོང་བུའི་ཁར་ནོར་བུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། མཛེས་སྡུག་གི་དཔྱིད་དར་གྱི་ནམ་བཟས་ཀླུབས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་མནབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླའོ།། ༥ འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་སྲཱིཿདཀར་པོ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྐུ་མདོག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ། ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་རྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་མཆོག་སྦྱིན་དང་པདྨ། ལྷག་མ་གཉིས་ཁུ་ཚུར་བཅིངས་ནས་གུང་མོ་གཉིས་པདྨ་ཁ་འབྱེད་པ་ལྟ་བུ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཛེས་སྡུག་གི་དཔྱིད་དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླའོ།། ༦ ཁརྶ་པ་ཎ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བ། དེའི་སྟེང་དུ་སྲཱིཿཡིས་མཚན་པ་ལས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་མཁའ་ལ་སྤྱོད་པའི་མགོན་པོ་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ། ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩི་འཛག་པས། ཡི་དྭགས་ཀྱི་ཚོགས་ཚིམ་པར་མཛད་པ། གཡོན་ཆུ་སྐྱེས་ཀྱི་སྡོང་བུའི་རྩ་བ་མཐེབ་སྲིན་སྦྱར་བས་ཐུགས་ཀར་འཛིན་ཅིང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་སྡུག་གི་དཔྱིད་དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་། མདུན་ན་སྒྲོལ་མ་ལྗང་སྔོན་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ཨུཏྤལ་ལྗང་ཁུའི་སྡོང་བུ་བཟུང་སྟེ་ཕྱེད་སྐྱིལ་གྱིས་བཞུགས་པ། གཡས་སུ་གཞོན་ནུ་ནོར་བཟང་གསེར་མདོག་ཅན། གཡས་ཐལ་མོ་གཡོན་པོ་ཏི་འཛིན་པ། གཡོན་ན་ཁྲོ་གཉེར་ཅན་སེར་མོ་རལ་པའི་ཚོགས་དང་ལྡན་པ། གཡས་ཕྱག་འཚལ་བའི་ཚུལ་དང་བགྲང་འཕྲེང་། གཡོན་རྩེ་གསུམ་དང་སྤྱི་བླུགས་འཛིན་པ། རྒྱབ་ཏུ་རྟ་མགྲིན་དམར་པོ་ཐུང་ཞིང་ལྟོ་བ་འཕྱང་བ་ཁྲོ་བོའི་བཞིན། སྟག་ཤམ་ཅན། སྦྲུལ་གྱིས་བརྒྱན་ཅིང་དབྱུག་པ་བསྣམས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿསྭཱ་ཧཱ། ཞེས་བཟླའོ།། ༧ འཇིག་རྟེན་མགོན་པོ་ཁརྶ་པ་ཎ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླ་ལ་སྲཱིཿལས་འཇིག་རྟེན་མགོན་པོ་ཟླ་བའི་འོད་ཟེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པའི་ཅོད་པན་ཅན། མཆོག་སྦྱིན་དང་ཆུ་སྐྱེས་འཛིན་པ་རོལ་པའི་སྟབས་ཀྱིས་བཞུགས་པ། གཡས་སུ་སྒྲོལ་མ་དང་། གཡོན་དུ་རྟ་མགྲིན། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿསྭཱ་ཧཱ། ཞེས་བཟླའོ།། ༨ འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླ་ལ་ལཾ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་ཟླ་བའི་འོད་ཟེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པའི་ཅོད་པན་ཅན། མཆོག་སྦྱིན་དང་ཆུ་སྐྱེས་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླའོ།། ༩ སྤྱན་རས་གཟིགས་སེངྒེ་སྒྲའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ། ཨོཾ་ལས་ཟླ་བ། ཨ་དཀར་པོ་ལས་སེངྒེ་དཀར་མོའི་སྟེང་དུ། པཾ་ལས་པད་དཀར་ཟེའུ་འབྲུར་སྲཱིཿདཀར་པོ་རྣམས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་སེངྒེ་སྒྲ་ཟླ་ཤེལ་གྱི་མདངས་ཅན། ཕྱག་གཡོན་སར་བཙུགས་ཤིང་གཡས་ཆོས་འཆད། དཀའ་ཐུབ་པའི་ཆ་ལུགས་འཛིན་པ། སྟག་ཤམ་ཅན། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་གཡས་ཀྱི་ཕྱག་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ། གཡོན་སར་བཙུགས་པས་རྩ་བ་བཟུང་བའི་པདྨ་ལངས་པའི་སྟེང་ན་འབར་བའི་རལ་གྲི་འཕྱར་བའི་མདུན་དུ་མེ་ཏོག་གིས་གང་བའི་ཐོད་པ་དཀར་པོ། རལ་པའི་ཟུར་ཕུད་འོད་དཔག་མེད་ཀྱིས་རྒྱན་ཏེ་འོད་ཟེར་གྱི་པ་ཏྲའི་ཁོངས་ན་དེ་བཞིན་གཤེགས་པའི་སྤྲིན་རྣམ་པར་འཕྲོ་བ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཨཱཿསྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༡༠ འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླ་ལ་སྲཱིཿལས་འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལ་ཆེན་པོ་སྐུ་མདོག་དཀར་པོ། དཀར་སྔོ་དམར་བའི་ཞལ་རེ་རེའང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་གཡས་མཆོག་སྦྱིན། བགྲང་འཕྲེང་། མདའ། གཡོན་མས་རིམ་གྱིས་གཞུ། པད་དཀར། ཡུམ་གྱི་ནུ་མ་འཛིན་པ། བརླ་གཡོན་པའི་སྟེང་དུ་ལྷ་མོ་སྒེག་མ་གཡས་པ་བཅོམ་ལྡན་འདས་ལ་འཁྱུད་ཅིང་གཡོན་ཆུ་སྐྱེས། གཡས་ལོགས་སུ་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ། གཡོན་ལོགས་ན་པདྨ་ལ་གནས་པའི་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་གང་བའི་ཐོད་པ་བསྣམས་པ་སྒེག་པའི་ཉམས་ཅན། ཟླ་ཕྱེད་འཛིན་པའི་ཟུར་ཕུད་ཐོད་འཕྲེང་གིས་སྤྲས་པ། རལ་པའི་དབུས་ན་འོད་དཔག་མེད་དང་། རྒྱན་གྱིས་བརྒྱན་པ་སྟག་ཤམ་ཅན། པདྨ་དང་ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་བཛྭ་དྷརྨ་སྲཱིཿ སྙིང་པོ་གཉིས་པ། ཨོཾ་ཧ་ལ་ཧ་ལ་སྲཱིཿ ཞེས་བཟླའོ།། ༡༡ པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླ་ལ་སྲཱིཿདམར་པོ་ལས་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་གྱིས་པད་དམར། གཡས་པས་དེ་ཁ་འབྱེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་དཔག་མེད་པའི་ཅོད་པན་ཅན། གཡོན་ཕྱོགས་ནས་གོས་དཀར་མོས་འཁྱུད་དེ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཤར་དུ་རྣམ་གཟིགས་མ་དཀར་མོ་པད་དམར། ལྷོར་སྒྲོལ་མ་ལྗང་ཁུ་པད་ལྗང་། ནུབ་ཏུ་དབང་ཕྱུག་མ་སེར་མོ་འཁོར་ལོ་ཨུཏྤལ། བྱང་དུ་ཁྲོ་གཉེར་ཅན་དཀར་མོ་པད་སེར། མེར་པདྨའི་གདན་ཅན་མ་པད་དམར། བདེན་བྲལ་དུ་རྡོ་རྗེ་པདྨ་སྔོན་མོ་པད་དཀར། རླུང་དུ་སྣ་ཚོགས་པདྨ་དཀར་མོ་པད་ནག དབང་ལྡན་དུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་མདོག་ཅན། སྣ་ཚོགས་པད་མ་ཐམས་ཅད་ཞལ་གཅིག་ཞི་བ་རྒྱན་གྱིས་སྤྲས་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿཔདྨ་ནྲི་ཏི་ཤྭ་ར་ཧཱུྃ། ཞེས་བཟླའོ།། ༡༢ པདྨ་གར་དབང་ཕྱག་མང་གི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་སྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་དཀར་པོ། ཞལ་གཅིག་ཕྱག་བཅོ་བརྒྱད། ཕྱག་ཐམས་ཅད་ཀྱིས་སྣ་ཚོགས་པདྨ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིམ་པ་དང་པོར་སྒྲོལ་མ། ནོར་བཟང་། ཁྲོ་གཉེར་ཅན། རྟ་མགྲིན། གཉིས་པར། ཤར་དུ་རྣམ་གཟིགས་མ་དཀར་མོ་པད་དམར། ལྷོར་སྒྲོལ་མ་ལྗང་ཁུ་པད་ལྗང་། ནུབ་ཏུ་དབང་ཕྱུག་མ་སེར་མོ་འཁོར་ལོ་ཨུཏྤལ། བྱང་དུ་ཁྲོ་གཉེར་ཅན་དཀར་མོ་པད་སེར། མེར་པདྨའི་གདན་ཅན་མ་པད་དམར། བདེན་བྲལ་དུ་རྡོ་རྗེ་པདྨ་སྔོན་མོ་པད་དཀར། རླུང་དུ་སྣ་ཚོགས་པདྨ་དཀར་པོ་པད་ནག དབང་ལྡན་དུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་མདོག་ཅན། སྣ་ཚོགས་པད་མ་ཐམས་ཅད་ཞལ་གཅིག་ཞི་བ་རྒྱན་གྱིས་སྤྲས་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿཔདྨ་ནྲི་ཏེ་ཤྭ་ར་ཧཱུྃ། ཞེས་བཟླའོ།། ༡༣ ཧ་རི་ཧ་རི་ལ་ཞོན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླ་ལ་སྲཱིཿདཀར་པོ་ལས། ཧ་རི་ཧ་རི་ལ་ཞོན་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་རལ་པའི་ཅོད་པན་ཅན་ཞི་བ། ཕྱག་དྲུག་གི་དང་པོ་དེ་བཞིན་གཤེགས་པ་དཔང་པོར་མཛད་པ། གཉིས་པར་བགྲང་འཕྲེང་། གསུམ་པས་ངན་སོང་ལ་གནས་པའི་སེམས་ཅན་ལ་དགེ་བ་ཉེ་བར་སྟོན་པ། གཡོན་པས་དབྱུག་པ་དང་། རི་དྭགས་ནག་པོའི་པགས་པ་དང་། རིལ་བ་སྐྱི་བླུགས་བསྣམས་ཏེ། སེངྒེ་དང་ནམ་མཁའ་ལྡིང་དང་ཁྱབ་འཇུག་གི་ཕྲག་པ་ལ་ཡང་དག་པར་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་སྲཱིཿཧཱུྃ། ཞེས་བཟླ། གདན་རླུང་མེ་ཆུ་སའི་དཀྱིལ་འཁོར་ལ་བཤད་པའང་ཡོད་དོ།། ༡༤ འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ནི། སྙིང་ཁར་ཨོཾ་དམར་པོ་དེ་ཡོངས་སུ་གྱུར་པའི་སྲཱིཿདམར་པོའི་འོད་ཀྱིས་དེ་བཞིན་གཤེགས་པ་འོད་དཔག་མེད་མཆོད་དེ་སྤྱན་དྲངས་པ། ས་བོན་ལ་ཞུགས་པ་རྣམས་ཡོངས་སུ་གྱུར་པའི་འཇིག་རྟེན་དབང་ཕྱུག་ཡན་ལག་ཐམས་ཅད་ཆགས་པ་ཆེན་པོས་དམར་ཞིང་། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པའི་ཅོད་པན་རྡོ་རྗེས་མཚན་པའི་ཞགས་པ་དང་ལྕགས་ཀྱུ་ཕྱག་ན་བསྣམས་པ། རྒྱན་གྱིས་བརྒྱན་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་ས་གསུམ་པོ་ལུགས་གཉིས་ཀྱི་ཞགས་པས་བཅིངས་པའི་གདན་ལ་བཞུགས་ཤིང་སྣ་ཚོགས་པའི་སྤྲུལ་པ་འགྱེད་པ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། སྲཱིཿཧཱུྃ་ཡཾ། ཞེས་བཟླའོ།། ༡༥ འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས་ནི། སྐད་ཅིག་གིས་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་འཕྲེང་བ་དང་ན་བཟའ་དམར་པོས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཞགས་པ་དང་ལྕགས་ཀྱུ། འོག་མ་གཉིས་མདའ་གཞུ། སྒེག་པའི་ཉམས་དང་ལྡན་པ། གཡས་གཡོན་དུ་སྒྲོལ་མ་དང་ཁྲོ་གཉེར་ཅན་ཞལ་གཅིག་ཕྱག་གཉིས་མ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་ཙི་ཊི་ཙི་ཊི་ན་ཊི་བི་ཀློ་བི་ཀློ་བི་ཨ་མུ་ཀཾ་སྭ་ཌྷྜྷ་ཎ་པ་རི་ཝ་ར་མྨེ་བ་ཤ་མཱ་ནཱ་ཡ་སྭཱ་ཧཱ། ཞེས་བཟླའོ།། ༡༦ ལྷག་པར་དབང་དུ་བྱ་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ནི། སྲཱིཿདམར་པོ་ལས་པད་དམར། དེའི་དབུས་སུ་ཨཱཿཡིག་ཡོངས་སུ་གྱུར་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། གཡོན་ན་པདྨ་དམར་པོ་དང་གཡས་གསལ་བར་མཛད་པ། སྣ་ཚོགས་པའི་རྒྱན་གོས་དང་། རལ་པའི་ཅོད་པན་འོད་དཔག་ཏུ་མེད་པས་མཛེས་ཤིང་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཧཱུྃ། ཞེས་བཟླའོ།། ༡༧ སྤྱན་རས་གཟིགས་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས་ནི། ཨ་ལས་ཟླ་བའི་སྟེང་དུ་སྲཱིཿསེར་པོ་ལས་པདྨ་དམར་པོ། དེ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་སྐུ་མདོག་སེར་པོ་རལ་པའི་ཅོད་པན་ཅན་ཟླ་ཕྱེད་འཆང་ཞིང་འོད་དཔག་ཏུ་མེད་པས་མཛེས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ཐོད་པ་བསྣམས་ཤིང་། ཨེ་ནྱ་ཡི་པགས་པའི་མཆོད་ཕྱིར་ཐོགས་པ་སྟག་ཤམ་ཅན་རྒྱན་གཞན་མེད་པ། མགྲིན་པ་སྔོན་པོའི་ཕྱོགས་སུ་འཕྲེང་བ་སྔོན་པོ་ནོར་བུ་དང་བཅས་པའི་སྦྲུལ་དག་གིས་མཇུག་མ་མངོན་པར་བཅིངས་པ། གཞན་སྦྲུལ་ནག་པོ་གཉིས་སྟེང་དུ་ཕྱོགས་ཏེ་རི་དྭགས་ནག་པོའི་པགས་པ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་ཀྵྨྱཀྵྭ་ལི་གཊྚྷ་ཧ་ས་ཀྵ། ཞེས་བཟླའོ།། ༡༨ སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པའི་རྡོ་རྗེའི་རྭ་གུར་གྱི་དབུས་སུ་མི་བཟད་པའི་དུར་ཁྲོད། དེའི་དཀྱིལ་ན་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ་ལས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་ནག་པོ། གཡས་དཀར་དམར་གཡོན་སེར་ལྗང་སྟེ་ཞལ་ལྔ་མཆེ་བ་གཙིགས་ཤིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ཌཱ་མ་རུ། ཁ་ཊྶཾ་ག ལྕགས་ཀྱུ། ཞགས་པ། རྡོ་རྗེ། མདའ། གཡོན་དྲུག་སྡིགས་མཛུབ། ཐོད་པ། པད་དམར། ནོར་བུ། འཁོར་ལོ། གཞུ། ཕྱག་རྒྱ་དྲུག་དང་མགོ་རློན་གྱི་འཕྲེང་བ་ཅན། གཅེར་བུ་གཡོན་བརྐྱང་གིས་ཉི་མ་ལ་བཞུགས་པའི་སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་ཨཱཿཧཱུྃ་ཨི་ཏི་མུ་ནི་བ་ར་བཛྭེ་སྲཱིཿཧཱུྃ་ཛ། ཞེས་བཟླའོ།། ༡༩ དོན་ཡོད་ཞགས་པའི་སྒྲུབ་ཐབས་ནི། མཚོ་དང་རིན་པོ་ཆེའི་རིར་པདྨ་དང་བྱང་ཆུབ་ཀྱི་སེམས་ཞུ་བ། ཨཱ་ལི་དང་ཀཱ་ལི་ལས་ཟླ་ཉི་ཁ་སྦྱར་གྱི་དབུས་སུ་སྲཱིཿདཀར་པོ་ལས་སྐྱེས་པའི་པདྨ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་ཟེའུ་འབྲུར་ལྡན་པ་རྣམས་གཅིག་ཏུ་གྱུར་པ་ཡེ་ཤེས་ལྔའི་རིམ་པས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་སྐུ་མདོག་དཀར་པོ་ཞི་བའི་སྐུ། ཞལ་གཅིག་ཕྱག་བཅུ་གཉིས་པ། གཡས་དང་པོ་མཆོག་སྦྱིན། གཉིས་པས་ཕྱག་འཚལ་བ་དང་མཛོད་འདྲེན་པ། གསུམ་པར་ནོར་བུའི་ཕྲེང་བ། བཞི་པར་མདའ། ལྔ་པར་མེའི་དཀྱིལ་འཁོར། དྲུག་པར་རིན་པོ་ཆེ་སྣ་ཚོགས་པའི་འཁྲི་ཤིང་། གཡོན་གྱི་དང་པོར་པད་དམར། གཉིས་པར་རི་རབ། གསུམ་པར་རྩེ་གསུམ། བཞི་པར་གཞུ། ལྔ་པར་གསེར་གྱི་སྤྱི་བླུགས། དྲུག་པར་དོན་ཡོད་པའི་འབྲས་བུས་བཅིངས་པའི་ཞགས་པ། རལ་པའི་ཅོད་པན་ལ་འོད་དཔག་མེད་བཞུགས་ཤིང་མཆོད་ཕྱིར་ཐོགས་དཀར་པོས་བརྒྱན་ཅིང་། རིན་པོ་ཆེའི་རིའི་ཕུག་ན་སྣ་ཚོགས་པའི་པད་ཟླ་ལ་མཉམ་པའི་སྟབས་ཀྱིས་བཞུགས་པ། དེའི་མདུན་དུ་པད་ཟླ་ལ་ཧ་དམར་པོ་ལས་ལྕགས་ཀྱུ། དེ་ལས་དོན་ཡོད་ལྕགས་ཀྱུ་སྐྱ་རེངས་ཀྱི་མདོག་ཅན། ཕྱག་བཞིའི་གཡས་པ་ལྕགས་ཀྱུ་དང་རྡོ་རྗེ། གཡོན་ཞགས་པ་དང་པདྨ། རྒྱན་དམར་པོས་བརྒྱན་ཅིང་། རྒྱ་ནག་གི་གོས་དང་རལ་པའི་ཅོད་པན་ཅན། གཡས་སུ་པད་ཉི་ལ་ཧཱུྃ་དམར་པོ་ལས་པདྨས་མཚན་པའི་དབྱུག་པ་དཀར་པོ་ལས་རྟ་མགྲིན་བསྐལ་པའི་མེ་དང་ཉི་མ་འབར་བ་ལྟ་བུ། རྩ་ཞལ་འཇིགས་པ་ཧཱུྃ་གི་སྒྲ་སྒྲོག་པ། སྟེང་ན་རྟ་ཞལ་ལྗང་ཁུ། ཐུང་ཞིང་གསུས་པ་ཆེ་བ། ཕྱག་བཞིའི་གཡས་གཉིས་དབྱུག་པ་དང་རྡོ་རྗེ། གཡོན་གཉིས་སྡིགས་མཛུབ་དང་པདྨ། སྦྲུལ་གྱིས་བརྒྱན་ཅིང་སྟག་ཤམ་ཅན། རྒྱབ་ཏུ་ཧ་སྔོན་པོ་ལས་རལ་གྲི། དེ་ལས་རལ་གཅིག་མ་རལ་པ་དམར་སེར་གཅིག་ཏུ་འཁྱིལ་བ་ཁྲོ་མོ་སྤྱན་གསུམ་པ། གླང་ལྤགས་ཀྱི་སྟོད་གཡོགས་ཤིང་སྟག་ཤམ་ཅན་སྦྲུལ་གྱིས་བརྒྱན་པ། ཕྱག་བཞིའི་གཡས་རལ་གྲི་དང་གྲི་གུག གཡོན་ཨུཏྤལ་དང་ཐོད་པ། གཡོན་དུ་པད་ཟླ་ལ་ཌ་སེར་པོ་ལས་པདྨ། དེ་ལས་ཁྲོ་གཉེར་ཅན་སེར་མོ་དར་ལ་བབས་པའི་གཟུགས་དར་དཀར་གྱི་ན་བཟའ་དང་ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་བཞིའི་གཡས་ན་པདྨ་དང་འཕྲེང་བ། གཡོན་ན་དབྱུག་གུ་དང་སྤྱི་བླུགས་བསྣམས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་པྲ་ཏི་ཧ་ཏ་སྲཱིཿཧ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༢༠ ཡང་དོན་ཞགས་ཕྱག་བཅུ་པའི་སྒྲུབ་ཐབས་ནི། མཚོ་དང་རིན་པོ་ཆེའི་རིར་པདྨ་དང་བྱང་ཆུབ་ཀྱི་སེམས་ཞུ་བ་ཨཱ་ལི་དང་ཀཱ་ལི་ལས་ཟླ་ཉི་ཁ་སྦྱར་གྱི་དབུས་སུ་སྲཱིཿདཀར་པོ་ལས་སྐྱེས་པའི་པདྨ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་པ་ལས། ཟེའུ་འབྲུར་ལྡན་པ་རྣམས་གཅིག་ཏུ་གྱུར་པ་ཡེ་ཤེས་ལྔའི་རིམ་པས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་སྐུ་མདོག་དཀར་པོ་ཞི་བའི་སྐུ། ཞལ་གཅིག་ཕྱག་བཅུ་པ། གཡས་པ་མཆོག་སྦྱིན། རྩེ་གསུམ། ནོར་བུའི་འཕྲེང་བ། མདའ་དང་། ལྕགས་ཀྱུ། གཡོན་ན་པདྨ་དམར་པོ། རི་རབ། གསེར་གྱི་སྤྱི་བླུགས། ཞགས་པ་དང་། གཞུ། རལ་པའི་ཅོད་པན་ལ་འོད་དཔག་མེད་བཞུགས་ཤིང་མཆོད་ཕྱིར་ཐོགས་པ་དཀར་པོས་བརྒྱན་པ། རིན་པོ་ཆེའི་རིའི་ཕུག་ན་སྣ་ཚོགས་པའི་པད་ཟླ་ལ་མཉམ་པའི་སྟབས་ཀྱིས་བཞུགས་པ། དེའི་མདུན་དུ་པད་ཟླ་ལ་ཧ་དམར་པོ་ལས་ལྕགས་ཀྱུ། དེ་ལས་དོན་ཡོད་ལྕགས་ཀྱུ་སྐྱ་རེངས་ཀྱི་མདོག་ཅན། ཕྱག་བཞིའི་གཡས་ལྕགས་ཀྱུ་དང་རྡོ་རྗེ། གཡོན་ཞགས་པ་དང་པདྨ། རྒྱན་དམར་པོས་བརྒྱན་ཅིང་རྒྱ་ནག་གི་གོས་དང་རལ་པའི་ཅོད་པན་ཅན། གཡས་སུ་པད་ཉི་ལ་ཧཱུྃ་དམར་པོ་ལས་པདྨས་མཚན་པའི་དབྱུག་པ་དཀར་པོ་ལས་རྟ་མགྲིན་བསྐུལ་བའི་མེ་དང་ཉི་མ་འབར་བ་ལྟ་བུ། རྩ་ཞལ་འཇིགས་པ་ཧཱུྃ་གི་སྒྲ་སྒྲོག་པ། སྟེང་ན་རྟ་ཞལ་ལྗང་ཁུ། ཐུང་ཞིང་གསུས་པ་ཆེ་བ། ཕྱག་བཞིའི་གཡས་དབྱུག་པ་དང་རྡོ་རྗེ། གཡོན་སྡིགས་མཛུབ་དང་པདྨ། སྦྲུལ་གྱི་བརྒྱན་ཅིང་སྟག་ཤམ་ཅན། རྒྱབ་ཏུ་ཧ་སྔོན་པོ་ལས་རལ་གྲི། དེ་ལས་རལ་གཅིག་མ་རལ་པ་དམར་སེར་གཅིག་ཏུ་འཁྱིལ་བ། ཁྲོ་མོ་སྤྱན་གསུམ་པ། གླང་ལྤགས་ཀྱི་སྟོད་གཡོགས་ཤིང་སྟག་ཤམ་ཅན་སྦྲུལ་གྱིས་བརྒྱན་པ། ཕྱག་བཞིའི་གཡས་རལ་གྲི་དང་གྲི་གུག གཡོན་ཨུཏྤལ་དང་ཐོད་པ། གཡོན་ན་པད་ཟླ་ལ་ཌ་སེར་པོ་ལས་པདྨ། དེ་ལས་ཁྲོ་གཉེར་ཅན་སེར་མོ་དར་ལ་བབ་པའི་གཟུགས་དར་དཀར་གྱི་ན་བཟའ་དང་ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་བཞིའི་གཡས་ན་པདྨ་དང་འཕྲེང་བ། གཡོན་ན་དབྱུག་གུ་དང་སྤྱི་བླུགས་བསྣམས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་པྲ་ཏི་ཧ་ཏ་སྲཱིཿཧ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༢༡ ཡང་དོན་ཞགས་ཕྱག་དྲུག་པའི་སྒྲུབ་ཐབས་ནི། མཚོ་དང་རིན་པོ་ཆེའི་རིར་པདྨ་དང་བྱང་ཆུབ་ཀྱི་སེམས་ཞུ་བ་ཨཱ་ལི་དང་ཀཱ་ལི་ལས་ཟླ་ཉི་ཁ་སྦྱར་གྱི་དབུས་སུ། སྲཱིཿདཀར་པོ་ལས་སྐྱེས་པའི་པདྨ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་པ་ལས། ཟེའུ་འབྲུར་ལྡན་པ་རྣམས་གཅིག་ཏུ་གྱུར་པ་ཡེ་ཤེས་ལྔའི་རིམ་པས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་སྐུ་མདོག་དཀར་པོ་ཞི་བའི་སྐུ། ཞལ་གཅིག་ཕྱག་དྲུག་པ། གཡས་པ་མཆོག་སྦྱིན། རྩེ་གསུམ། ནོར་བུའི་འཕྲེང་བ། གཡོན་ན་པདྨ་དམར་པོ། ཞགས་པ། སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ལ་འོད་དཔག་མེད་བཞུགས་ཤིང་མཆོད་ཕྱིར་ཐོགས་དཀར་པོས་བརྒྱན་པ། རིན་པོ་ཆེའི་རི་ཕུག་ན་སྣ་ཚོགས་པའི་པད་ཟླ་ལ་མཉམ་པའི་སྟབས་ཀྱིས་བཞུགས་པ། དེའི་མདུན་དུ་པད་ཟླ་ལ་ཧ་དམར་པོ་ལས་ལྕགས་ཀྱུ། དེ་ལས་དོན་ཡོད་ལྕགས་ཀྱུ་སྐྱ་རེངས་ཀྱི་མདོག་ཅན། ཕྱག་བཞིའི་གཡས་ལྕགས་ཀྱུ་དང་རྡོ་རྗེ། གཡོན་ཞགས་པ་དང་པདྨ། རྒྱན་དམར་པོས་བརྒྱན་ཅིང་རྒྱ་ནག་གི་གོས་དང་རལ་པའི་ཅོད་པན་ཅན། གཡས་སུ་པད་ཉི་ལ་ཧཱུྃ་དམར་པོ་ལས་པདྨས་མཚན་པའི་དབྱུག་པ་དཀར་པོ་ལས་རྟ་མགྲིན་བསྐལ་པའི་མེ་དང་ཉི་མ་འབར་བ་ལྟ་བུ། རྩ་ཞལ་འཇིགས་པ་ཧཱུྃ་གི་སྒྲ་སྒྲོག་པ། སྟེང་ན་རྟ་ཞལ་ལྗང་ཁུ། ཐུང་ཞིང་གསུས་པ་ཆེ་བ། ཕྱག་བཞིའི་གཡས་དབྱུག་པ་དང་རྡོ་རྗེ། གཡོན་སྡིགས་མཛུབ་དང་པདྨ། སྦྲུལ་གྱིས་བརྒྱན་ཅིང་སྟག་ཤམ་ཅན། རྒྱབ་ཏུ་ཧ་སྔོན་པོ་ལས་རལ་གྲི། དེ་ལས་རལ་གཅིག་མ་རལ་པ་དམར་སེར་གཅིག་ཏུ་འཁྱིལ་བ། ཁྲོ་མོ་སྤྱན་གསུམ་པ། གླང་ལྤགས་ཀྱིས་སྟོད་གཡོགས་ཤིང་སྟག་ཤམ་ཅན་སྦྲུལ་གྱིས་བརྒྱན་པ། ཕྱག་བཞིའི་གཡས་རལ་གྲི་དང་གྲི་གུག གཡོན་ཨུཏྤལ་དང་ཐོད་པ། གཡོན་ན་པད་ཟླ་ལ་ཌ་སེར་པོ་ལས་པདྨ། དེ་ལས་ཁྲོ་གཉེར་ཅན་སེར་མོ་དར་ལ་བབ་པའི་གཟུགས་དར་དཀར་གྱི་ན་བཟའ་དང་ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་བཞིའི་གཡས་ན་པདྨ་དང་ཕྲེང་བ། གཡོན་ན་དབྱུག་གུ་དང་སྤྱི་བླུགས་བསྣམས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་སྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་པྲ་ཏི་ཧ་ཏ་སྲཱིཿཧ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༢༢ ཡང་དོན་ཞགས་ཕྱག་བཞི་པའི་སྒྲུབ་ཐབས་ནི། མཚོ་དང་རིན་པོ་ཆེའི་རིར་པདྨ་དང་བྱང་ཆུབ་ཀྱི་སེམས་ཞུ་བ་ཨཱ་ལི་ཀཱ་ལི་ལས་ཟླ་ཉི་ཁ་སྦྱར་གྱི་དབུས་སུ། སྲཱིཿདཀར་པོ་ལས་སྐྱེས་པའི་པདྨ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་པ་ལས། ཟེའུ་འབྲུར་ལྡན་པ་རྣམས་གཅིག་ཏུ་གྱུར་པ་ཡེ་ཤེས་ལྔའི་རིམ་པས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་སྐུ་མདོག་དཀར་པོ་ཞི་བའི་སྐུ། ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་ཞགས་པ། གཡོན་པདྨ་དམར་པོ་དང་རྩེ་གསུམ། རལ་པའི་ཅོད་པན་ལ་འོད་དཔག་མེད་བཞུགས་ཤིང་མཆོད་ཕྱིར་ཐོགས་དཀར་པོས་བརྒྱན་པ། རིན་པོ་ཆེའི་རིའི་ཕུག་ན་སྣ་ཚོགས་པའི་པད་ཟླ་ལ་མཉམ་པའི་སྟབས་ཀྱིས་བཞུགས་པ། དེའི་མདུན་དུ་པད་ཟླ་ལ་ཧ་དམར་པོ་ལས་ལྕགས་ཀྱུ། དེ་ལས་དོན་ཡོད་ལྕགས་ཀྱུ་སྐྱ་རེངས་ཀྱི་མདོག་ཅན། ཕྱག་བཞིའི་གཡས་ལྕགས་ཀྱུ་དང་རྡོ་རྗེ། གཡོན་ཞགས་པ་དང་པདྨ། རྒྱན་དམར་པོས་བརྒྱན་ཅིང་རྒྱ་ནག་གི་གོས་དང་རལ་པའི་ཅོད་པན་ཅན། གཡས་སུ་པད་ཉི་ལ་ཧཱུྃ་དམར་པོ་ལས་པདྨས་མཚན་པའི་དབྱུག་པ་དཀར་པོ་ལས་རྟ་མགྲིན་བསྐལ་པའི་མེ་དང་ཉི་མ་འབར་བ་ལྟ་བུ། རྩ་ཞལ་འཇིགས་པ་ཧཱུྃ་གི་སྒྲ་སྒྲོག་པ། སྟེང་ན་རྟ་ཞལ་ལྗང་ཁུ། ཐུང་ཞིང་གསུས་པ་ཆེ་བ། ཕྱག་བཞིའི་གཡས་དབྱུག་པ་དང་རྡོ་རྗེ། གཡོན་སྡིགས་མཛུབ་དང་པདྨ། སྦྲུལ་གྱིས་བརྒྱན་ཅིང་སྟག་ཤམ་ཅན། རྒྱབ་ཏུ་ཧ་སྔོན་པོ་ལས་རལ་གྲི། དེ་ལས་རལ་གཅིག་མ་རལ་པ་དམར་སེར་གཅིག་ཏུ་འཁྱིལ་བ། ཁྲོ་མོ་སྤྱན་གསུམ་པ། གླང་ལྤགས་ཀྱིས་སྟོད་གཡོགས་ཤིང་སྟག་ཤམ་ཅན་སྦྲུལ་གྱིས་བརྒྱན་པ། ཕྱག་བཞིའི་གཡས་རལ་གྲི་དང་གྲི་གུག གཡོན་ཨུཏྤལ་དང་ཐོད་པ། གཡོན་དུ་པད་ཟླ་ལ་ཌ་སེར་པོ་ལས་པདྨ། དེ་ལས་ཁྲོ་གཉེར་ཅན་སེར་མོ་དར་ལ་བབས་པའི་གཟུགས་དར་དཀར་གྱི་ན་བཟའ་དང་ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་བཞིའི་གཡས་ན་པདྨ་དང་འཕྲེང་བ། གཡོན་ན་དབྱུག་གུ་དང་སྤྱི་བླུགས་བསྣམས་པ། སྤྱི་བོར་ཨོཾ་སོགས། རིགས་བདག་སྣང་མཐའོ། །སྔགས་ནི། ཨོཾ་སྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤཱ་པྲ་ཏི་ཧ་ཏ་སྲཱིཿཧ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༢༣ འཇིག་རྟེན་གསུམ་དབང་དུ་བྱེད་པ་འཕགས་པ་བྷུགྨའི་སྒྲུབ་ཐབས་ནི། སྲཱིཿགཉིས་ལས་ཟླ་ཉི་ཁ་སྦྱར་གྱི་དབུས་སུ། སྲཱིཿལས་པདྨ་དམར་པོ་སྲཱིཿཡིས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་པ་ཐམས་ཅད་ཡོངས་སུ་གྱུར་པའི་འཕགས་པ་བྷུགྨ་དབང་ཕྱུག་མ་བྱི་རུའི་རི་བོ་ལྟ་བུ། ཞལ་གཅིག་ཞི་ཞིང་མཛེས་པ། ཕྱག་གཡས་མཆོག་སྦྱིན་གཡོན་པདྨ། ལྷ་རྫས་ཀྱི་རྒྱན་དང་གོས་འཛིན་པ། མཉམ་པའི་སྟབས་ཀྱིས་པད་ཟླ་ལ་བཞུགས་པ། ཕྱོགས་ཀྱི་པད་འདབ་དམར་པོ་ལ་ཟླ་བ་བཞི། མཚམས་སུ་ལཾ་མཱཾ་པཾ་ཏཱཾ་ལས་ཟླ་ཉི་ཁ་སྦྱོར་གྱི་དབུས་སུ། ས་བོན་དེ་དག་གིས་མཚན་པ་ཡོངས་སུ་གྱུར་པ་མེར་སྤྱན་མ་དཀར་མོ། བདེན་བྲལ་དུ་མཱ་མ་ཀི་སྔོན་མོ། རླུང་དུ་གོས་དཀར་མོ་དམར་མོ། དབང་ལྡན་དུ་སྒྲོལ་མ་གསེར་མདོག ཐམས་ཅད་པུས་མོ་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་བ། ལྷའི་བུ་མོ་ལོ་བཅུ་དྲུག་མའི་མཛེས་སྡུག་གི་དཔལ་ཐམས་ཅད་དང་རྒྱན་གོས་ཀྱིས་སྤྲས་པ། སོགས་གོང་བཞིན། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཨཱཿསྲཱིཿཧཱུྃ། ཞེས་བཟླའོ།། ༢༤ འཇམ་དཔལ་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་མུཾ་དམར་སེར་གཉིས་སྟེང་ནས་སྟེང་དུ་བརྩེགས་པ་གཉིས་ཡོངས་སུ་གྱུར་པ་ལས། ཟླ་བ་དམར་པོ་དབྱངས་དང་གསལ་བྱེད་ཀྱི་མཚན་པ་གཉིས་ཁ་སྦྱར་བའི་སྟེང་དུ། ཨུཏྤ་ལའི་ཟེའུ་འབྲུ་ས་བོན་དེས་མཚན་པ་རྣམས་གཅིག་ཏུ་འདྲེས་པ་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་སྐུ་མདོག་གསེར་གྱི་མདོག་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་བུ་འཛིན་པའི་ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་ཅིང་། ཟུར་ཕུད་ལྔ་པ་མི་བསྐྱོད་པའི་དབུ་རྒྱན་ཅན་གཞོན་ནུའི་བརཏལ་ཞུགས་འཛིན་པ། སྒེག་ཅིང་འཛུམ་ལ་ཞི་བ་སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་པད་ཟླ་ལ་བཞུགས་པ། ཐུགས་ཀར་མཱུཾ་ཡིག་ལས་སྐྱེས་པའི་བརྟན་པའི་འཁོར་ལོ་རྩིབས་བརྒྱད་པ་འོད་དམར་པོ་འཕྲོ་བ། ལྟེ་བ་དང་ཤར་ནས་གཡས་བསྐོར་གྱིས། ཕྱོགས་ཀྱི་རྩིབས་ལ་ཨ་ར་པ་ཙ་ན། མེ་ལ་སོགས་པའི་མཚམས་བཞི་ལ། ནི་པྲ་པཉྩྨ། ལྟེ་བའི་མུ་ཁྱུད་ལ་ཨཱ་ལི། ཕྱིའི་མུ་ཁྱུད་ལ་ཀཱ་ལིའི་འཕྲེང་བ་རྣམས་དམར་སེར། དེའི་འོད་ཟེར་གྱིས་ལུས་ཐམས་ཅད་གང་ནས་བ་སྤུ་རྣམས་ལས་བྱུང་སྟེ་དོན་གཉིས་བྱས། སླར་དེ་དག་ནས་ཞུགས་པྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨ་ར་པ་ཙ་ན་མུཾཿ ཞེས་བཟླའོ།། ༢༥ འཕགས་པ་འཇམ་དཔལ་སྨྲ་བའི་སེངྒེའི་སྒྲུབ་ཐབས་ནི། པད་ཟླའི་སྟེང་དུ་མཾ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་སླར་འདུས་པ་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་སྐུ་མདོག་གསེར་གྱི་མདོག་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་པའི་གཡོན་ན་ཨུཏྤལ་བསྣམས་ཤིང་སེངྒེ་སྔོན་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། གཡས་སུ་སུཾ་ལས་གཞོན་ནུ་ནོར་བཟང་རྒྱན་གྱིས་མཛེས་པ། ཆོས་ཐམས་ཅད་ཀྱི་པོ་ཏི་གཅིག་མཆན་ན་བཟུང་ནས་ཐལ་མོ་སྦྱར་བ། གཡོན་ལོགས་ན་ཧཱུྃ་ལས་གཤིན་རྗེ་གཤེད་ནག་པོ་ཁྲོ་བོ་ཤིན་ཏུ་འཇིགས་པ། ཕྱག་ན་ཐོ་བ་བསྣམས་པ་སྦྲུལ་གྱིས་བརྒྱན་པ། དེ་གཉིས་ཀྱི་སྣམ་ལོགས་སུ་ཟླ་བའི་འོད་དང་ཉི་མའི་འོད། ཕྱོགས་བཞིར་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ། མཚམས་བཞིར་སྤྱན་མ། མཱ་མ་ཀི གོས་དཀར་མོ། སྒྲོལ་མ་རྣམས་བཞུགས་ཤིངྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་དྷརྨཿདྷཱ་ཏུ་ཝཱ་གི་ཤྭ་རི་མུཾ་སྭཱ་ཧཱ། ཞེས་བཟླའོ།། ༢༦ འཇམ་དཔལ་ངག་གི་རྒྱལ་པོའམ་ཤེས་རབ་འཕེལ་བའི་གཏེར་གྱི་སྒྲུབ་ཐབས་ནི། སྣ་ཚོགས་པད་ཟླའི་སྟེང་དུ་ཐིཾལྷ་དམར་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པའི་འོད་ཟེར་སྤྲོས་ཏེ་དེ་ཉིད་ལ་ཐིམ་པ་ལས། ཨུཏྤ་ལའི་དབུས་སུ་ཟླ་བ་ལ་གནས་པའི་ས་བོན། དེའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་འཇམ་དཔལ་ངག་གི་རྒྱལ་པོར་བསྒྲུབས་ཏེ། སླར་དེ་ཉིད་ལ་ཞུགས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཕགས་པ་འཇམ་པའི་དབྱངས་སྐུ་མདོག་གསེར་གྱི་མདོག་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་པའི་གཡོན་ན་ཨུཏྤལ་བསྣམས་ཤིང་སེངྒེ་སྔོན་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། མི་བསྐྱོད་པའི་དབུ་རྒྱན་ཅནྎ རིགས་བདག་བཤད་མ་ཐག་པ་དེའོ། །སྔགས་ནི། ཐིཾལྷ། ཞེས་པའི་ས་བོན་དེ་ཀའོ།། ༢༧ འཇམ་པའི་དབྱངས་རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས་ནི། མུཾ་དམར་སེར་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་སྐུ་མདོག་གསེར་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ཨུཏྤལ་སྔོན་པོ་བསྣམས་པ། གཡས་ཆོས་འཆད། རོལ་པའི་སྟབས་ཀྱིས་སེངྒེའི་གདན་ལ་བཞུགས་པྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཝ་གི་ཤྭ་རི་མུཾ། ཞེས་བཟླའོ།། ༢༨ འཇམ་དཔལ་ངག་གི་རྒྱལ་པོ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས་ནི། སྙིང་ཁར་ཨ་ལས་ཟླ་བ་ལ་མུཾཿདམར་སེར། དེའི་འོད་ཀྱི་སེམས་ཅན་གྱི་དོན་མཛད། དེ་བཞིན་གཤེགས་པ་རྣམས་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་གསེར་གྱི་མདོག་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་བསྐྱོད་པའི་ཅོད་པན་ཅན། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་གྱི་གཡས་པའི་ཕྱག་གིས་ཨུཏྤ་ལའི་རྩ་བ་བཟུང་བའི་རྩེར་ཤེར་ཕྱིན་གྱི་པོ་ཏི། སྐྱིལ་ཀྲུང་ཕྱེད་པས་སེངྒེའི་སྟེང་དུ་པད་ཟླ་ལ་བཞུགས་པ། ཞབས་གཡོན་པའི་ངར་གདོང་ལ་བརྟེན་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ནག་པོ། ཕྱག་གཡས་བཅོམ་ལྡན་འདས་ཀྱི་རྗེ་ངར་ལ་རེག་ཅིང་། གཡོན་དབྱུག་པ་བསྣམས་པྎ རིགས་བདག་མི་བསྐྱོད་པའོ། སྔགས་ནི། ཨོཾ་དྷརྨ་དྷཱ་ཏུ་ཝཱ་གི་ཤྭ་རི་མུཾཿ ཞེས་བཟླའོ།། ༢༩ འཇམ་དཔལ་ངག་གི་རྒྱལ་པོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་ནི། སྙིང་ཁར་ཨ་ལས་ཟླ་བ་ལ་མུཾཿདམར་སེར། དེའི་འོད་ཀྱིས་སེམས་ཅན་གྱི་དོན་མཛད། དེ་བཞིན་གཤེགས་པ་རྣམས་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཇམ་པའི་དབྱངས་གསེར་གྱི་མདོག་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་བསྐྱོད་པའི་ཅོད་པན་ཅན། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་གྱི་གཡོན་པའི་ཕྱག་གིས་ཨུཏྤ་ལའི་རྩ་བ་ནས་བཟུང་བའི་རྩེར་ཤེར་ཕྱིན་གྱི་པོ་ཏི་སྐྱིལ་ཀྲུང་ཕྱེད་པས་སེངྒེའི་སྟེང་དུ་པད་ཟླ་ལ་བཞུགས་པ། ཞབས་གཡོན་པའི་ངར་གདོང་ལ་བརྟེན་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ནག་པོ། ཕྱག་གཡས་བཅོམ་ལྡན་འདས་ཀྱི་རྗེ་ངར་ལ་རེག་ཅིང་། གཡོན་དབྱུག་པ་བསྣམས་པ། གཡས་ན་གཞོན་ནུ་ནོར་བཟང་རྒྱན་གྱིས་མཛེས་པ་ཆོས་ཐམས་ཅད་ཀྱི་པོ་ཏི་གཅིག་མཆན་ན་བཟུང་ནས་ཐལ་མོ་སྦྱར་བྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཝཱ་གི་ཤྭ་རི་མུཾཿ ཞེས་བཟླའོ།། ༣༠ འཇམ་དཔལ་གྱི་རྟོགས་པ་ལས་གསུངས་པའི་ངག་གི་རྒྱལ་པོའི་སྒྲུབ་ཐབས་ནི། རང་གི་སྙིང་གར་ཧཱུྃ་དམར་པོ་འོད་འབར་བ་ལས་ཉི་མ། དེའི་སྟེང་དུ་ཟླ་བ་དམར་པོ། དེ་ལ་ཡི་གེ་མཾ་ཁ་དོག་ལྔ་དང་ལྡན་པ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་འཇམ་པའི་དབྱངས་གསེར་གྱི་མདོག་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མི་བསྐྱོད་པའི་ཅོད་པན་ཅན། ཆོས་ཀྱིས་འཁོར་ལོའི་ཕྱག་རྒྱ་ཅན་གྱི་གཡས་པའི་ཕྱག་གིས་ཨུཏྤ་ལའི་རྩ་བ་ནས་བཟུང་བའི་རྩེར་ཤེར་ཕྱིན་གྱི་པོ་ཏི། སྐྱིལ་ཀྲུང་ཕྱེད་པས་སེངྒེའི་སྟེང་དུ་པད་ཟླ་ལ་བཞུགས་པྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་མཉྫྱུ་བཛྭ་ཧཱུྃ། ཞེས་བཟླའོ།། ༣༡ ཨ་ར་པ་ཙ་ནའི་སྒྲུབ་ཐབས་ནི། སྙིང་གར་ཨ་ལས་ཟླ་བ་ལ་དྷཱིཿ དེ་ཡོངས་སུ་གྱུར་པ་ལས་རལ་གྲི་ས་བོན་གྱིས་མཚན་པ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད། བཅོམ་ལྡན་འདས་འཇམ་པའི་དབྱངས་སྟོན་ཀའི་ཟླ་བ་ལྟར་དཀར་བ། པདྨ་རྒྱས་པའི་ཞལ་ཅན་བཅུ་དྲུག་ལོན་པའི་ལང་ཚོ། ཕྱག་གཡས་ན་མི་ཤེས་པ་མ་ལུས་པ་གཅོད་པའི་རལ་གྲི། གཡོན་ན་ཐབས་སུ་གྱུར་པ་མ་ལུས་པའི་བསྟན་བཅོས་ཀྱི་པོ་ཏི་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ན་བཟའ་དམར་པོ། ཟུར་ཕུད་ལྔ་པའི་ཅོད་པན་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་པད་དཀར་དང་ཟླ་བ་ལ་བཞུགས་པ། ཐུགས་ཀར་ཨ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པའི་འོད་ཟེར་གྱིས་མི་ཤེས་པའི་མུན་པ་འཇོམས་པ། དེའི་མདུན་གྱི་ནམ་མཁར་ཡང་འཁོར་ལོ་དེ་ལྟ་བུར་འཁོར་བའི་མདུན་དུ་ར་ལས་དྲ་བ་ཅན་གྱི་འོད་རྒྱབ་ཏུ་པ་ལས་ཟླ་འོད་གཉིས་མཆོག་སྦྱིན་དང་པདྨ། གཡས་སུ་ཙ་ལས་སྒྲ་ཅན་མ། གཡོན་དུ་ན་ལས་ཉེ་བའི་སྒྲ་ཅན་མ་མཆོག་སྦྱིན་དང་ཨུཏྤལ། ཐམས་ཅད་དཀར་པོ་ལང་ཚོ་ལ་གནས་པ། རང་གི་ས་བོན་གྱིས་སྙིང་ག་མཛེས་པྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨ་ར་པ་ཙ་ན་དྷཱིཿཞེས་བཟླའོ།། ༣༢ ཨ་ར་པ་ཙ་ན་དམར་པོའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པད་ཟླ་ལ་དྷཱིཿཡོངས་སུ་གྱུར་པ་ལས་རལ་གྲི་ས་བོན་གྱིས་མཚན་པ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད། དབུས་སུ་བཅོམ་ལྡན་འདས་འཇམ་པའི་དབྱངས་སྐུ་མདོག་དམར་པོ་པདྨ་རྒྱས་པའི་ཞལ་ཅན། བཅུ་དྲུག་ལོན་པའི་ལང་ཚོ། ཕྱག་གཡས་ན་མི་ཤེས་པ་མ་ལུས་པ་གཅོད་པའི་རལ་གྲི། གཡོན་ན་ཐབས་སུ་གྱུར་པ་མ་ལུས་པའི་བསྟན་བཅོས་ཀྱི་པོ་ཏི་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ན་བཟའ་དམར་པོ། ཟུར་ཕུད་ལྔ་པའི་ཅོད་པན་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་པད་དཀར་དང་ཟླ་བ་ལ་བཞུགས་པ། ཐུགས་ཀར་ཨ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པའི་འོད་ཟེར་གྱིས་མི་ཤེས་པའི་མུན་པ་འཇོམས་པ། མདུན་དུ་ར་ལས་དྲ་བ་ཅན་གྱི་འོད་ལྗང་ཁུ་ཕྱག་གཡོན་པདྨ་དང་གཡས་མཆོག་སྦྱིན། གཡས་སུ་པ་ཡིག་ལས་སྒྲ་ཅན་སྐུ་མདོག་སེར་མོ་མཆོག་སྦྱིན་དང་པདྨ་དམར་པོ་བསྣམས་པ། རྒྱབ་ཏུ་ཙ་ཡིག་ལས་ཟླ་འོད་སྐུ་མདོག་ཟླ་བ་ལྟ་བུ་མཆོག་སྦྱིན་དང་པདྨའི་ཕྱག་རྒྱ་ཅན། གཡོན་དུ་ན་ཡིག་ལས་ཉེ་བའི་སྒྲ་ཅན་མ་སྐུ་མདོག་དམར་མོ་ཨུཏྤལ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། མདུན་གྱི་ནམ་མཁར་མེའི་འོད་ཀྱི་འཁོར་ལོ་འཁོར་བཞིན་པ་དང་། དེའི་སྟེང་དུ་ཟླ་བ་དང་། དེའི་སྟེང་དུ་འཁོར་ལོ་རྩིབས་བཞི་པ། འཁོར་ལོའི་བར་དུ་སྔགས་སྲམ་མེ་བྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨ་ར་པ་ཙ་ན་དྷཱིཿ ཞེས་བཟླའོ།། ༣༣ འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་ནི། སྣ་ཚོགས་པད་ཉིའི་གདན་ལ་བཾ་སེར་པོ་ཡོངས་སུ་གྱུར་པའི་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སྐུ་མདོག་སེར་པོ་བཅུ་དྲུག་པའི་ལང་ཚོ་དང་རལ་པའི་ཅོད་པན་ཅན། ཞལ་གཅིག་ཕྱག་དྲུག་གི་རྩ་བའི་ཕྱག་གཉིས་ཨུཏྤལ་དམར་པོའི་མདེའུ་དང་བཅས་པའི་མདའ། མེ་ཏོག་གི་གཞུ་དང་སྦྱར་ཏེ་འགེངས་པ། ལྷག་མའི་གཡས་རལ་གྲི། མེ་ལོང་། གཡོན་ན་ཨུཏྤལ་དང་། མྱ་ངན་མེད་པའི་མེ་ཏོག རྒྱན་ཐམས་ཅད་དང་ན་བཟའ། མི་བསྐྱོད་པའི་ཅོད་པན་ཅན། སྒེག་པ་དང་བཅས་པས་ཞབས་གཡོན་བརྐྱང་བྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་མཉྫྱུ་གྷོ་ཥ་སྲཱིཿཛཿཞེས་བཟླའོ།། ༣༤ ཆོས་དབྱིངས་གསུང་གི་དབང་ཕྱུག་གི་སྒྲུབ་ཐབས་ནི། སྣ་ཚོགས་པད་ཟླའི་གདན་ལ་ཨ་ཡིག་དཀར་པོ་ལས། ཆོས་དབྱིངས་གསུང་གི་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ལྷག་མའི་གཡས་རལ་གྲི། མདའ། རྡོ་རྗེ། གཡོན་པོ་ཏི། གཞུ། དྲིལ་བུ། སངས་རྒྱས་ལྔས་དབུ་བརྒྱན་ཅིང་ལྷའི་གོས་དང་རྒྱན། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྙིང་གར་ཟླ་བ་ལ་ཧཱུྃ་སྔོན་པོ་ལས་སྐྱེས་པའི་རྡོ་རྗེའི་ཕྱག་རྒྱ་ཆེན་པོ། སྨིན་མཚམས་སུ་ཏྲཾ་སེར་པོ་ལས་སྐྱེས་པའི་རིན་པོ་ཆེའི་ཆོས་རྒྱ། མགྲིན་པར་སྲཱིཿདམར་པོ་ལས་སྐྱེས་པའི་པདྨ་དམ་རྒྱ། སྤྱི་བོར་ཨ་ལྗང་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལས་རྒྱ་སྟེ་ཕྱག་རྒྱ་བཞི་དང་ལྡན་པྎ རིགས་བདག་རིགས་ལྔའོ། །སྔགས་ནི། ཨོཾ་བཛྭ་ཏིཀྵ་ཎ་དུཿཁ་ཙྪེ་ད་པྲ་ཛྙྱཱ་ཛྙྱཱ་ན་མུརྟ་ཡེ་ཛྙྱཱ་ན་ཀཱ་ཡ་ཝཱ་གི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ ཞེས་བཟླའོ།། ༣༥ ཆོས་དབྱིངས་གསུང་དབང་དམར་པོའི་སྒྲུབ་ཐབས་ནི། པད་ཟླ་ལ་ཧོཿཡིག་དམར་པོ་ཡོངས་སུ་གྱུར་པའི་ཆོས་དབྱིངས་གསུང་གི་དབང་ཕྱུག་སྐུ་མདོག་དང་ཞལ་བཞི་དམར་པོ། ཕྱག་བརྒྱད་ཀྱི་གཡས་པ་བཞི་མདའ། ཞགས་པ། ཤེར་ཕྱིན་གྱི་པོ་ཏི། རྡོ་རྗེ། གཡོན་པ་བཞི་གཞུ། ལྕགས་ཀྱུ། རལ་གྲི། དྲིལ་བུ། ཆགས་པ་ཆེན་པོས་སྒེག་ཅིང་། ལྷའི་རྒྱན་གོས་ཀྱིས་སྤྲས་ཏེ་ཟུར་ཕུད་ལ་འོད་དཔག་ཏུ་མེད་པ་གནས་པ། རོལ་པའི་སྟབས་ཀྱིས་སྣ་ཚོགས་པད་ཟླ་ལ་བཞུགས་པྎ རིགས་བདག་འོད་དཔག་ཏུ་མེད་པའོ། །སྔགས་ནི། ཨོཾ་མ་ཧཱ་རཱ་ག་བཛྭ་རཱ་ག་ཡ་སརྦ་སཏྭཾ་ཧོཿ ཞེས་བཟླའོ།། ༣༦ ཆོས་དབྱིངས་གསུང་དབང་ཕྱག་གཉིས་པའི་སྒྲུབ་ཐབས་ནི། ཟླ་བ་ལ་གནས་པའི་ཨཾ་དཀར་པོ་ལས་བཅོམ་ལྡན་འདས་ཆོས་དབྱིངས་གསུང་དབང་ཟླ་ཤེལ་ལྟ་བུ་རྡོ་རྗེ་སྐྱིལ་ཀྲུང་གི་སྟེང་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཟུར་ཕུད་ལྔ་དང་ལྡན་པ། ཐུགས་ཀར་ཟླ་བ་དང་པདྨར་ཁཾ་ལས་སྐྱེས་པའི་དུང་། ཨོཾ་བཛྭ་ཛི་ཧོཿརཾ་ལས་རྡོ་རྗེའི་ལྕེ། དེའི་སྟེང་དུ་རིན་པོ་ཆེ་དང་པདྨ་ལ་འོད་དཔག་མེད། རང་གི་རྐན་གྱི་ཕྱོགས་སུ་བདུད་རྩི་བབས་བཞིན་པའི་བཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། རྐན་ཞུར་མཾ་བདུད་རྩི་འབབ་པྎ རིགས་བདག་འོད་དཔག་ཏུ་མེད་པའོ། །སྔགས་ནི། ཨོཾ་ཝ་ཀྱེ་དཾ་ན་མ། ཞེས་བཟླའོ།། ༣༧ ཆོས་དབྱིངས་གསུང་དབང་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ནི། པཾ་ལས་པད་མར་ཨཱཿལས་བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལི་ཁྲི་ལྟ་བུ། རྡོ་རྗེ་སྐྱིལ་ཀྲུང་གི་སྟེང་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཟུར་ཕུད་ལྔ་དང་ལྡན་པ། ཐུགས་ཀར་ཟླ་བ་དང་པད་མར་ཁཾ་ལས་སྐྱེས་པའི་དུང་། ཨོཾ་བཛྭ་ཛི་ཧོཿ རཾ་ལས་རྡོ་རྗེའི་ལྕེ། དེའི་སྟེང་དུ་རིན་པོ་ཆེ་དང་པདྨ་ལ་འོད་དཔག་མེད། རང་གི་རྐན་གྱི་ཕྱོགས་སུ་བདུད་རྩི་བབས་བཞིན་པའི་བཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། རྐན་ཞུར་མཾ་བདུད་རྩི་འབབ་པྎ རིགས་བདག་འོད་དཔག་ཏུ་མེད་པའོ། །སྔགས་ནི། ཨོཾ་ཝ་ཀྱེ་དཾ་ན་མ། ཞེས་བཟླའོ།། ༣༨ དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་ནི། སྙིང་གར་པཾ་དཀར་པོ་ལས་པདྨའི་ཟེའུ་འབྲུར། ཨཱ་ལི་བཅུ་དྲུག་ཚར་གཉིས་མཚན་གྱི་ངོ་བོ་ལས་ཟླ་བ་ལ་ཨོཾ་དཀར་པོ། ཨ་དརྴ་ཛྙྱཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེའི་སྟེང་དུ་ཀཱ་ལི་སོ་དྲུག་ཡི་གེ་དྲུག་དང་བཅས་པ་ཉིས་འགྱུར་དཔེ་བྱད་ཀྱི་བདག་ཉིད་ལས་ཟླ་བ་གཉིས་པ། ས་མ་ཏཱ་ཛྙྱཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེའི་སྟེང་དུ་ཨོཾ་ཡོངས་སུ་གྱུར་པ་ལས་ཨུཏྤལ་སྔོན་པོའི་ཟེའུ་འབྲུར་ཨོཾ་དཀར་པོས་མཚན་པ། པྲ་ཏྱ་བེཀྵེ་ཎཱ་ཛྙྱཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾཿ ས་བོན་ལས་འོད་འཕྲོས། འགྲོ་དྲུག་རྣམས་དཔའ་བོ་གཅིག་ཏུ་གྲུབ་པར་སྦྱངས་ནས་ལུས་ལ་ཞུགས། འཇམ་དཔལ་གྱི་བདེ་བ་ལ་བཀོད་དེ་ས་བོན་ལ་ཐིམ། ཀྲཱྀ་ཏྱ་ནུཥྛིན་ཛྙྱཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾཿ དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔའ་བོ་གཅིག་ཏུ་གྲུབ་པ་འགྲོ་བ་རྣམས་འོད་ཀྱིས་སྣང་བར་མཛད་པའི་ཟླ་བ་གསར་པ་ལྟ་བུ། ཞལ་གཅིག་ལྟ་བའི་མིག་གི་བདུད་རྩིའི་ཆར་པ། ཕྱག་གཡས་མཆོག་སྦྱིན་གཡོན་ཨུཏྤལ་ཐུགས་ཀར་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་བ་ལ་བཞུགས་པ། ཐུགས་ཀར་པད་དཀར་ལ་ཨོཾ་ལས་ཨུཏྤ་ལའི་ཟླ་བ། དེ་ལ་ས་བོན། དེ་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་དཔལ་ལྡན་དཔའ་བོ་གཅིག་ཏུ་གྲུབ་པ་རྒྱལ་བར་གྱུར་ཅིག རྒྱལ་བར་གྱུར་ཅིག ཅེས་བརྗོད་ཅིང་ཁྲུས་གསོལ་བས། ཟུར་ཕུད་ལ་མི་བསྐྱོད་པས་བརྒྱན་ཏེ་ཡེ་ཤེས་ལྔའི་བདག་ཉིད། སུ་བི་ཤུདྡྷཱ་དྷརྨཱཿདྷ་ཏུ་ཛྙྱཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཇི་སྲིད་འདོད་ཀྱི་བར་རོ། །རིགས་བདག་མི་བསྐྱོད་པའོ། །བཟླས་པའི་སྔགས་ནི། ཨོཾ་བཛྭ་ཏི་དུཿཁཙྪེ་ད་པྲཛྙྱཱ་ཛྙྱཱ་ན་མུརྟ་ཡེ་ཛྙྱཱ་ན་ཀཱ་ཡ་ཝ་གི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ ཞེས་བཟླ། སྙིང་པོ་ནི། ཨོཾ་ཝ་ཀྱེ་དཾ་ན་མ། ཨོཾ་སྲཱིཿཧཱུྃ། ཞེས་བཟླ། མཐར་མཆོད་ཅིང་བསྟོད་དེ་འདི་ནི་བསྒོམ་པ་འདི་ཁོ་ནའོ།། ༣༩ ངག་གི་རྡོ་རྗེའི་སྒྲུབ་ཐབས་ནི། པཾ་ལས་སྣ་ཚོགས་པདྨར་ཨ་ལས་ཟླ་བ་ལ། སྲཱིཿདམར་པོ་ལས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་རྒྱན་གྱིས་བརྒྱན་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་དེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྙིང་གར་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་དབུས་རའི་རྩེར་ཨ་དམར་པོ། ལྕེ་བཞིའི་རྩེ་མོ་ལ་སྲཱིཿདམར་པོྎ རིགས་བདག་སྣང་མཐའོ། །སྔགས་ནི། ཨཱཿསྲཱིཿ ཞེས་བཟླའོ།། ༤༠ དཔལ་ཧེ་རུ་ཀ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ནི། ཆུ་སྐྱེས་དམར་པོའི་ཟེའུ་འབྲུ་ལ། སྐད་ཅིག་གིས་དཔལ་དགྱེས་མཛད་འཇམ་པའི་རྡོ་རྗེ་དམར་པོ་བདག་མེད་མས་མགུལ་ནས་འཁྱུད་པ། ཞལ་བརྒྱད། ཕྱག་བཅུ་དྲུག ཞབས་བཞིས་བདུད་བཞི་མནན་པ། ཕྱག་རྒྱ་སྣ་ཚོགས་པས་མཛེས་པ། ཡབ་ཀྱི་སྙིང་གར་དམར་བའི་ཨུཏྤལ་འདབ་བརྒྱད་ཀྱི་ཟེའུ་འབྲུར་ཨཱ་ལི་ཀཱ་ལི། དབུས་སུ་ཨཱཿདང་ཧཱུྃ་གིས་མཚན་པ། དེ་གཉིས་ལས་འོད་ཟེར་དམར་པོས་འཇིག་རྟེན་རྣམས་གུར་གུམ་གྱི་ཁུ་བ་ལྟ་བུར་སྦྱངས་ཏེ། འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་དང་ལྷན་ཅིག་ཨཱཿདང་ཧཱུྃ་གི་ཐིག་ལེ་ལ་ཞུགས་པས། དེ་གཉིས་ཡོངས་སུ་གྱུར་པ་ལས་བུང་བ་འཁྲིགས་པའི་རིན་པོ་ཆེ་ཀུ་རུ་བྷིནྡྷ་ལྟ་བུ། སྙིང་རྗེའི་སྦྲང་རྩི་འཐུང་བས་མྱོས་ཤིང་རྒྱུན་མི་འཆད་པར་གྲོལ་བ། ཧཱུྃ་ཞེས་རིང་དུ་སྒྲག་པ། མཛེས་པའི་སྐུ་བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་སྐྱེ་དགུའི་སྙིང་ལེ་བརྒན་ལྟར་དམར་བ། ཆུའི་ཐིགས་པ་ལྟ་བུར་ཤིན་ཏུ་ཕྲ་བའི་ཨ་དང་ཧཱུྃ་རྣམས་ལ་ཞུགས་ནས། དེ་དག་གི་ལུས་ངག་ཡིད་བླངས་ཏེ་དབུགས་རྔུབ་ཧུབ་པའི་བཞོན་པ་ལས། རང་རང་གི་སྙིང་གའི་ཟེའུ་འབྲུ་ལ་ཞུགས་ནས་མཉམ་པ་ཉིད་དུ་གྱུར་པར་བསྒོམ་མོ། །རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཧཱུྃ། ཞེས་བཟླའོ།། ༤༡ འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ནི། སྙིང་གར་ཟླ་བ་ལ་མུཾ་སེར་པོ་ལས་འཇམ་དཔལ་གཞོན་ནུ་སྐུ་མདོག་དམར་སེར། རྩ་ཞལ་སེར་པོ། གཡས་སྔོ། གཡོན་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རལ་གྲི། མདའ། མཆོག་སྦྱིན། གཡོན་ཨུཏྤལ། གཞུ། པོ་ཏི། གཞོན་ནུ་སྒེག་ཅིང་རྒྱན་དང་ན་བཟའ་མཛེས་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་མུཾཿཞེས་བཟླའོ།། ༤༢ རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་འཇམ་དཔལ་གྱི་སྒྲུབ་ཐབས་ནི། པད་ཟླ་ལ་ཐིག་ལེ་དཀར་པོ་འོད་སྤྲོ་བསྡུ་རླུང་འབྱུང་རྔུབ་དང་མཐུན་པར་བྱས་པའི་ནང་དུ། དྷཱིཿདཀར་པོ་ལས་འོད་འཕྲོས། བ་སྤུའི་ཁུང་བུ་ནས་ཐོན། འགྲོ་བ་ཐམས་ཅད་དྷཱིཿརུ་གྱུར་པ་ལས་རལ་གྲི་ས་བོན་གྱིས་མཚན་པ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད། བཅོམ་ལྡན་འདས་འཇམ་པའི་དབྱངས་སྟོན་ཀའི་ཟླ་བ་ལྟར་དཀར་བ་པདྨ་རྒྱས་པའི་ཞལ་ཅན། བཅུ་དྲུག་ལོན་པའི་ལང་ཚོ། ཕྱག་གཡས་ན་མི་ཤེས་པ་མ་ལུས་པ་གཅོད་པའི་རལ་གྲི་དང་། གཡོན་ན་ཐབས་སུ་གྱུར་པ་མ་ལུས་པའི་བསྟན་བཅོས་ཀྱི་པོ་ཏི་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ན་བཟའ་དམར་པོ། ཟུར་ཕུད་ལྔའི་ཅོད་པན་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་པད་དཀར་དང་ཟླ་བ་ལ་བཞུགས་པ། སྙིང་གར་ཟླ་བ་ལ་དྷཱིཿཡིས་མཚན་པར་བསམ་ལ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་དྷཱིཿསྭཱ་ཧཱ། ཞེས་བཟླའོ།། ༤༣ མཚན་ཡང་དག་པར་བརྗོད་པའི་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་སྒྲུབ་པའི་ཐབས་ནི། ཨ་ལས་རལ་གྲིའི་ཆང་ཟུང་ཨས་མཚན་པ་ཡོངས་སུ་གྱུར་པའི་འཇམ་དབྱངས་དཀར་པོ་ཕྱག་གཉིས་པ། གཡས་རལ་གྲི་འཕྱར་ཞིང་གཡོན་པོ་ཏི་ཐུགས་ཀར་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སེམས་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། ལྟེ་བའི་འོག་ཏུ་བྷྲཱུཾ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨཾ། དེ་ཡོངས་སུ་གྱུར་པ་ལས་པདྨ་ཁ་ཟུམ་པ། ལྟེ་བའི་སྟེང་དུ་ཧཱུྃ་ཁ་བྱེ་བ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་སོར་གཅིག་སྤངས་པར་འཁོར་ལོ་རྩིབས་དྲུག་པ། རྩིབས་རྣམས་ལ་དབྱངས་བཅུ་གཉིས་ཀྱི་གཉིས་གཉིས་རྩིབས་ཀྱི་སྟེང་དུ་རྩ་བའི་ཡེ་གེ་ལྟེ་བར་དྷཱིཿ མུ་ཁྱུད་ལ་ཀཱ་ལི། དེའི་སྟེང་དུ་སོར་གཅིག་སྤངས་པར་ཟླ་བ་ལ་ཨ་ར་པ་ཙ་ན་འཁོད་པ་ཤིན་ཏུ་མྱུར་བར་འཁོར་བར་བསྒོམ་མོ། །རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་བཛྭ་ཏི་མུཿ ཞེས་བཟླའོ།། ༤༤ ཆོས་ཀྱི་དུང་གི་འཇམ་དབྱངས་ཀྱི་སྒྲུབ་ཐབས་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པའི་ནང་ན་སྒེག་སོགས་བརྒྱད། དེའི་དབུས་རེ་ཁ་ཟླུམ་པོས་བསྐོར་བའི་ནང་ན། འཆི་བ་འཇོམས་ཤིང་ཆོས་ཐམས་ཅད་གསལ་བར་མཛད་པའི་ཕྱིར། མཾ་ལས་འཇམ་པའི་དབྱངས་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ལྷག་མའི་གཡས་རལ་གྲི། མདའ། རྡོ་རྗེ། གཡོན་པོ་ཏི། གཞུ། དྲིལ་བུ། སངས་རྒྱས་ལྔས་དབུ་བརྒྱན་ཅིང་ལྷའི་གོས་དང་རྒྱན། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྙིང་གར་ཆོས་ཀྱི་དུང་ཡི་གེའི་རང་བཞིན་ཐམས་ཅད་ཀྱིས་བསྐོར་བ་ལས། ཐིག་ལེ་དབྱངས་ཀྱི་སྒྲ་མགྲིན་པའི་ཕྱོགས་བརྒྱུད་ལྕེ་ནས་ཐོན། ནམ་མཁའ་གང་བར་དབྱངས་ཀྱི་སྒྲས་ཁྱབ་པར་བསམ་མོ། །རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཝ་ཀྱེ་དཾ་ན་མ། ཞེས་བཟླའོ། །དེ་ནི་ལྷོ་ནང་གི་གསུང་རྒྱུན་ཇི་ལྟ་བར་བཀོད་པ་ཡིན་ལ། ཡང་དཔེ་ལ་ལར་འདི་ལྟར་བྱུང་སྟེ། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པའི་ནང་ན་སྒེག་སོགས་བརྒྱད། དེའི་དབུས་རེ་ཁ་ཟླུམ་པོས་བསྐོར་བའི་ནང་ན། འཆི་བ་འཇོམས་ཤིང་ཆོས་ཐམས་ཅད་གསལ་བར་མཛད་པའི་ཕྱིར། མཾ་ལས་འཇམ་པའི་དབྱངས་སྐུ་མདོག་དཀར་པོ་ཕྱག་གཉིས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གི་སྟེང་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པ་གཞོན་ནུ་རྒྱན་གྱིས་བརྒྱན་ཅིང་ཟུར་ཕུད་ལྔ་དང་ལྡན་པ། གསལ་ཞིང་དྲི་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན། ཨོཾ་བཛྭ་ཛི་ཧོཿ རཾ་ཞེས་པས་ལྕེ་རྡོ་རྗེའི་རང་བཞིན། ལྕེ་སྟེང་དུ་རིན་པོ་ཆེ་པདྨ་ལ་ཏིང་ངེ་འཛིན་དང་ལྡན་པའི་འོད་དཔག་མེད། དེའི་སྟེང་དུ་རྐན་ལ་བཾ་ཡིག་མགོ་ཐུར་དུ་བསྟན་པ་ལས་བདུད་རྩི་བབས་པ། སྙིང་ཁར་ཆོས་ཀྱི་དུང་ཡི་གེའི་རང་བཞིན་ཐམས་ཅད་ཀྱིས་བསྐོར་བ་ལས་ཐིག་ལེ་དབྱངས་ཀྱི་སྒྲ་མགྲིན་པའི་ཕྱོགས་བརྒྱུད་ལྕེ་ནས་ཐོན་ཏེ་ནམ་མཁའ་གང་བར་དབྱངས་ཀྱི་སྒྲས་ཁྱབ་པར་བསམ་མོ། །རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཝ་ཀྱེ་དཾ་ན་མ། ཞེས་བཟླའོ། །དེ་གཉིས་གང་བཙན་བརྟག་པར་བྱའོ།། ༤༥ མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ནི། ཨོཾ་ཤུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་ལས་ཀུན་ཏུ་འཕྲོས་པའི་རྡོ་རྗེའི་རྭ་གུར་བཞི་དང་བཅས་པའི་ལྟེ་བར་སྲཱིཿལས་པདྨ། ཨ་ལས་ཟླ་བར་དམར་ལ་དཀར་བའི་མུཾ་ཡིག་སངས་རྒྱས་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་ལས། རྗེ་བཙུན་འཇམ་དཔལ་དམར་ལ་དཀར་བ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་བཞིའི་དང་པོ་གཉིས་རལ་གྲི་དང་པོ་ཏི། གཉིས་པ་གཉིས་མདའ་དང་གཞུ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཞོན་ནུའི་སྐུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཐུགས་ཀར་པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པའི་སེམས་མ་རྡོ་རྗེ་མ་དཀར་མོ། གཡས་སྙིང་གར་རྡོ་རྗེ་འདེགས་པ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྨིན་མཚམས་སུ་རིན་ཆེན་རྡོ་རྗེ་མ་སེར་མོ། ཕྱག་གཉིས་སྤྱི་བོར་མེ་ཏོག་གི་འཕྲེང་བ་བཅིངས་པ། མགྲིན་པར་པདྨ་རྡོ་རྗེ་མ་དཀར་དམར། གཡོན་པད་སྡོང་གཡས་པས་ཁ་འབྱེད་པ། སྤྱི་བོར་ལས་ཀྱི་རྡོ་རྗེ་མ་ལྗང་ཁུ་རྡོ་རྗེ་རྩེ་གསུམ་ཕྱག་གཉིས་ཀྱིས་སྤྱི་བོར་འཛིན་པྎ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སརྦ་དྷརྨཱཿཨ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷཿབཛྭ་ཨ་ཨ་ཨཾ་ཨཿཔྲ་ཀྲྀ་ཏི་པ་རི་ཤུདྡྷཱ་སརྦ་དྷརྨཱ་ཡ་ཏུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙྱཱ་ན་ཀཱ་ཡ་མཉྫྱུ་ཤྲཱི་པ་རི་ཤུདྡྷི་ཏ་མུ་པ་ཏ་ཡེ་ཏི་ཨ་ཨཱཿ སརྦ་ཏ་ཐཱ་ག་ཏ་སྲཱྀ་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུྃ་སྲཱིཿ བྷ་ག་ཝཱན་ཛྙྱཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨཿག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨཿདྷརཏ་ཛྙྱཱ་ན་གརྦྷ་ཨ། ཞེས་བཟླའོ།། ༤༦ འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཨཱཏྨ་ཀཱོཧཾ། ཆོས་འབྱུང་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་། རྡོ་རྗེའི་དབུས་སུ་མཆོད་རྟེན། དེའི་ནང་ནུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ཕྱོགས་བཅུའི་སངས་རྒྱས་རྣམས་དེའི་ཞལ་ནས་ཞུགས། བྱང་སེམས་ཀྱི་རྣམ་པས་རྡོ་རྗེའི་ལམ་ནས་འཐོན་པ་ཡི་གེ་གསུམ་གྱི་རང་བཞིན་ལས་ལྷ་མོའི་ཆུ་སྐྱེས་ན་ཧོཿཡིག་གཉིས་ཀྱིས་བརྒྱན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པ་འོད་དུ་ཞུ་བ་ཟླ་བའི་ཁུ་བ། ཕྱོགས་ཀུན་ན་གནས་པའི་ལྷ་མོ་རྣམས་ཀྱི་གླུས་བསྐུལ་བས། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཏེ། མཾ་ལས་འཇམ་པའི་རྡོ་རྗེ་སྐུ་མདོག་དམར་སེར་སྔོ་དཀར་གཉིས་དང་བཅས་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འོད་ཀྱི་རིག་མ་ལ་འཁྱུད་ནས་མ་མཆུ་ཞལ་གྱིས་འཇིབ་པ། གཉིས་པ་གཉིས་རལ་གྲི་དང་མདའ། གསུམ་པ་གཉིས་ཨུཏྤལ་སྔོན་པོ་དང་གཞུ། རྒྱན་ཐམས་ཅད་ཀྱིས་མཛེས་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཨོཾ་དྷརྨཱཿདྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། མིག་སོགས་སྐྱེ་མཆེད་དྲུག་ལ་ཀྵིཾ་ཛཾ་ཁཾ་གཾ་ཀཾ་པཾ་ལས་སེམས་དཔའ་དྲུག་ཉི་མར་བཞུགས་པ། གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དབང་ལྷས་དབང་བསྐུར་བའི་ཆུ་རྒྱུན་མགོ་བོ་སྙིང་ག་ལྟེ་གསང་ཞབས་ལ། ཨོཾ་ཧཱུྃ་སྭཱ་ཨཿཧ་ལས། རྣམ་སྣང་། མི་གཡོ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་རྣམས་བཞུགས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། མཆོད་པའི་ལྷ་མོས་མཆོད་ཅིང་། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བཟའོ།། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཨཱཿམཾ་ཧཱུྃ། ཞེས་བཟླའོ།། ༤༧ མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་ནི། པད་ཉིའི་གདན་ལ་ཧཱུྃ་སྔོན་པོ་ལས་མི་གཡོ་བ་ཟར་མའི་མེ་ཏོག་ཁ་བྱེ་མ་ཐག་པ་ལྟ་བུ། གཡས་ཀྱི་མཆེ་བ་གཙིགས་པས་མ་མཆུ་མནན་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་ཙོག་པུ། གཡོན་ཉི་མའི་དཀྱིལ་འཁོར་ལ་རབ་ཏུ་བཙུགས་པ་ལྷའི་ན་བཟའ་མནབས་པ། སྙིང་གར་རལ་གྲི་ཆང་ཟུང་ལ་ཧཱུྃ་གིས་མཚན་པ། རིགས་བདག་མི་བསྐྱོད་པའོ། སྔགས་ནི། ཨོཾ་ཙཎྜྻ་མ་ཧཱ་རོ་ཁ་ཎ་ཧཱུྃ་ཕཊ྄ཿ ཞེས་བཟླའོ།། ༤༨ སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ནི། པཾ་ལས་པདྨ་ཨ་ལས་ཟླ་བ་ལ། ཏཱཾ་ལྗང་ག་ལས་མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་ཀྱང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་བགྱིད་བཞིན་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་ཨུཏྤལ་མཐིང་གའི་སྡོང་བུ་འཛིན་ཅིང་། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། གཡས་སུ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་དང་། གཡོན་དུ་རལ་གཅིག་མ་གཉིས་གཞོན་ནུ་མ་སེང་ལྡེང་གི་ནགས་སུ་སྣ་ཚོགས་པའི་སེམས་ཅན་གྱི་དོན་མཛད་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༤༩ སྒྲོལ་མ་ཆེན་མོའི་སྒྲུབ་ཐབས་ནི། པཾ་ལས་པདྨ་ཨ་ལས་ཟླ་བ་ལ། ཏཱཾ་ལྗང་ག་ལས་མརྒན་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་ཀྱང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་བགྱིད་བཞིན་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མཐིང་གའི་སྡོང་བུ་འཛིན་ཅིང་། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༥༠ མཆོག་སྦྱིན་སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་ནི། པཾ་ལས་པདྨ་ཨ་ལས་ཟླ་བ་ལ། ཏཱཾ་ལྗང་ག་ལས་མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་ཀྱང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་བགྱིད་བཞིན་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མཐིང་གའི་སྡོང་བུ་འཛིན་ཅིང་། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། གཡས་སུ་མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་བཱ་ཀུ་ལི་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག དེའི་མཐར་རྨ་བྱ་ཆེན་མོ་རྔ་ཡབ་དང་རྨ་བྱའི་སྒྲོ། གཡོན་དུ་རལ་གཅིག་མ་སྔོན་མོ་ཐུང་ཞིང་སྟག་ཤམ་ཅན། སྤྱན་གསུམ་དང་ལྡན་པའི་ཞལ་མཆེ་བ་གཙིགས་ཤིང་གྲི་གུག་དང་ཐོད་པ། དེའི་མཐར་དུག་སེལ་མ་ལྗང་གུ་རྔ་ཡབ་དང་སྦྲུལ་ནག་པོ། ལྷ་མོ་གསུམ་ཞི་བ་རྒྱན་གྱིས་བརྒྱན་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༥༡ དབང་དུ་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་ནི། པཾ་ལས་པདྨ་ཨ་ལས་ཟླ་བ་ལ། ཏཱཾ་ལྗང་ག་ལས་མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་ཀྱང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་བགྱིད་བཞིན་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མཐིང་གའི་སྡོང་བུ་འཛིན་ཅིང་། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་ཅིང་། བཟང་པོའི་སྟབས་ཀྱིས་བཞུགས་པ། རིགས་བདག་དོན་ཡོད་གྲུབ་པའོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆེ་གེ་མོ་དབང་དུ་གྱིས་ཤིག་སྭཱ་ཧཱ། ཞེས་བཟླའོ།། ༥༢ རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབས་ནི། པད་ཟླ་ལ་རཾ་སེར་པོ་ལས་སམ་རཾ་ལས་ཉི་མ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་རྭ་གུར། ནང་དུ་ཆོས་འབྱུང་། དེའི་ནང་དུ་འབྱུང་བ་བཞིའི་དཀྱིལ་འཁོར་དུ། བྷྲཱུཾ་ལས་འཁོར་ལོ་སེར་པོ། འབྱུང་བཞིའི་འཁོར་ལོ་རྣམས་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་རྟ་བབ་ལ་སོགས་མཚན་ཉིད་རྫོགས་པའི་དབུས་སུ། དབྱངས་སོ་གཉིས་ལས་ཟླ་བ་ལ་ཏཱཾ་ལས་རྡོ་རྗེ་ཏཱཾ་གྱིས་མཚན་པ། ཀཱ་ལི་བརྒྱད་ཅུ་ལས་ཉི་མ་གཅིག་ཏུ་འདྲེས་པ། དེ་ལས་རྡོ་རྗེ་སྒྲོལ་མ་གསེར་གྱི་མདོག་ཅན་འོད་དམར་པོ་འཕྲོ་བ། སེར་ནག་དཀར་དམར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ། ཞགས་པ། མདུང་། མདའ། གཡོན་རྡོ་རྗེའི་ལྕགས་ཀྱུ། ཨུཏྤལ། གཞུ། ཞགས་པ་དང་བཅས་པའི་སྡིགས་མཛུབ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། སངས་རྒྱས་ལྔའི་ཅོད་པན་ཅན། གཞོན་ཞིང་ཡིད་དུ་འོང་བ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མདུན་དུཨོཾ་ལས་མེ་ཏོག་སྒྲོལ་མ་དཀར་མོ། ལྷོར་ཏཱ་ལས་བདུག་སྤོས་སྒྲོལ་མ་སྔོན་མོ། ནུབ་ཏུ་རེ་ལས་མར་མེ་སྒྲོལ་མ་སེར་མོ། བྱང་དུ་ཏུཏ་ལས་དྲི་སྒྲོལ་མ་དཀར་དམར། ཤར་སྒོར་ཏཱ་ལས་རྡོ་རྗེ་ལྕགས་ཀྱུ་མ་ནག་མོ། ལྷོ་སྒོར་རེ་ལས་རྡོ་རྗེ་ཞགས་པ་མ་སེར་མོ། ནུབ་སྒོར་ཏུ་ལས་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་རེ་ལས་རྡོ་རྗེ་དྲིལ་བུ་མ་དཀར་མོ་བཞི་ཁྲོ་མོ། ཐམས་ཅད་ཀྱི་ཕྱག་གཡས་ན་རང་མིང་དང་མཐུན་པའི་རྫས་བསྣམས་པ། གཡས་བརྐྱང་གིས་ཉི་མ་ལ་བཞུགས་པ། སྟེང་དུ་སྭཱ་ལས་གཙུག་ཏོར་རྣམ་རྒྱལ་མ་སེར་མོ་འཁོར་ལོ། འོག་ཏུ་ཧཱ་ལས་གནོད་མཛེས་མ་ནག་མོ་སྦྲུལ་ཞགས་འཛིན་པ། ལྷ་མོ་དྲུག་ཀ་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པར་རྡོ་རྗེ། མདའ། མདུང་། མཆོག་སྦྱིན་ཞེས་བཤད་པའང་ཡོད་དོ།། མིག་ལ་གཏི་མུག་རྡོ་རྗེ། རྣ་བར་ཞེ་སྡང་རྡོ་རྗེ། སྣ་ལ་སེར་སྣ་རྡོ་རྗེ། ལྕེ་ལ་འདོད་ཆགས་རྡོ་རྗེ། ལུས་ལ་ཕྲག་དོག་རྡོ་རྗེ། ཡིད་ལ་དབང་ཕྱུག་མ་དང་དྲུག་གོ། རིགས་བདག་ནི། གཙོ་མོ་ལ་རིན་འབྱུང་། མེ་ཏོག་སྒྲོལ་མ་དང་རྡོ་རྗེ་ལྕགས་ཀྱུ་མ་ཟུང་ལ་རྣམ་སྣང་། བདུག་སྤོས་སྒྲོལ་མ་དང་རྡོ་རྗེ་ཞགས་པ་མ་ཟུང་ལ་མི་བསྐྱོད་པ། མར་མེ་སྒྲོལ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་ཟུང་ལ་འོད་དཔག་མེད། དྲི་ཆབ་སྒྲོལ་མ་དང་རྡོ་རྗེ་དྲིལ་བུ་མ་ཟུང་ལ་དོན་གྲུབ། གཙུག་ཏོར་རྣམ་རྒྱལ་མ་ལ་རིན་འབྱུང་། གནོད་མཛེས་མ་ལ་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༥༣ རྡོ་རྗེ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ནི། པཾ་ལས་པད་དཀར་འདབ་བརྒྱད་ཀྱི་སྟེང་དུ་ཨ་ལས་ཟླ་བའི་གདན་ལ། ཏཱཾ་ལས་ཨུཏྤལ་དཀར་པོའི་དབུས་སུ་ཟླ་བ་ཏཱཾ་ཡིག་ཅན་ལས་སྒྲོལ་མའི་སྐུ་འཕྲོ་བས། སེམས་ཅན་གྱི་དོན་མཛད་དེ་ཁམས་གསུམ་དང་བཅས་པ་དེ་ལ་སླར་ཞུགས་པ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྒྲོལ་མ་དཀར་མོ་མཆོག་སྦྱིན་དང་ཨུཏྤལ་བསྣམས་ཤིང་། ཟླ་བ་ལ་རྒྱབ་བརྟེན་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། བདུད་མ་ལུས་པ་འཇོམས་པར་མཛད་ཅིང་བ་སྤུའི་ཁུང་ནས་སངས་རྒྱས་དང་བྱང་སེམས་ཀྱི་ཚོགས་འཕྲོ་བ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༥༤ སྒྲོལ་མ་སྔོན་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་ཏཱཾ་ལྗང་ག་ལས་མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་ཀྱང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་བགྱིད་བཞིན་པ་བཅུ་དྲུག་པའི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མཐིང་གའི་སྡོང་བུ་འཛིན་ཅིང་། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༥༥ འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ནི། པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཏཱཾ་ལས་མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་ཀྱང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་བགྱིད་བཞིན་པ་བཅུ་དྲུག་པའི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མཐིང་གའི་སྡོང་བུ་འཛིན་ཅིང་། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། འདབ་མ་བརྒྱད་ལ། ས་བོན་བརྒྱད་ལས་འཇིགས་པ་བརྒྱད་སྐྱོབ་པའི་ལྷ་མོ་བརྒྱད་གཙོ་མོ་ལྟ་བུ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་གཙོ་མོའི་ཡི་གེ་བཅུ་པ་དང་། ཨོཾ་ཨོཾ་སྭཱ་ཧཱ། ཞེས་ཤར། ཨོཾ་ཏཱ་སྭཱ་ཧཱ། ཞེས་ལྷོའི། ཨོཾ་རེ་སྭཱ་ཧཱ། ཞེས་ནུབ། ཨོཾ་ཏུཏ་སྭཱ་ཧཱ། ཞེས་བྱང་། ཨོཾ་ཏཱ་སྭཱ་ཧཱ། ཞེས་མེ། ཨོཾ་རེ་སྭཱ་ཧཱ། ཞེས་བདེན་བྲལ། ཨོཾ་ཏུ་སྭཱ་ཧཱ། ཞེས་རླུང་། ཨོཾ་རེ་སྭཱ་ཧཱ། ཞེས་དབང་ལྡན་བཅས་ཀྱི་བཟླའོ།། ༥༦ རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ནི། ཨ་ལས་པདྨ་དམར་པོའི་སྟེང་དུ། ཏཱཾ་ལས་ཐོད་པའི་ནང་དུ། ཧཱུྃ་ནག་པོ་ལས་གྲི་གུག་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། སྒྲོལ་མ་སྐུ་མདོག་ནག་མོ་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པའི་གད་རྒྱངས་མི་བཟད་པ། སྤྱན་གསུམ་དམར་པོ། ཕྱག་བཞིའི་གཡས་གཉིས་རལ་གྲི་དང་གྲི་གུག གཡོན་གཉིས་ཨུཏྤལ་དང་ཐོད་པ། མི་བསྐྱོད་པས་དབུ་བརྒྱན་ཅིང་རལ་པ་ཁམ་པའི་ཐོར་ཚུགས་ཅན། ཐུང་ཞིང་ལྟོ་བ་འཕྱང་བ་ཤིན་ཏུ་འཇིགས་པའི་སྐུ། ཀླུ་བརྒྱད་དང་མགོའི་ག་ཤལ། སྟག་ཤམ་གྱིས་བརྒྱན་ཏེ་གཡོན་བརྐྱང་གི་རོའི་གདན་ལ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲཱིཿཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༥༧ འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཏཱཾ་དཀར་པོ་ལས་སྟོན་ཟླ་ལྟ་བུའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་མཛེས་སྡུག་གི་དཔྱིད་བསྡུས་པ། སྤྱན་བདུན་མངའ་བ། ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྙིང་གར་ཡིད་བཞིན་འཁོར་ལོ་དཀར་པོའི་ལྟེ་བར་ཏཱཾ་དང་ཨོཾ་ཧཱ། རྩིབས་བརྒྱད་ལ་ལྷག་མའི་ཡི་གེ་བརྒྱད་ཀྱིས་བརྒྱན་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༥༨ སྒྲོལ་དཀར་ཕྱག་བཞི་མའི་སྒྲུབ་ཐབས་ནི། པཾ་ལས་པད་དཀར་ཨ་ལས་ཟླ་བ་ལ། ཧཱུྃ་དཀར་པོ་གནས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྤྱན་གསུམ་ཕྱག་བཞི་མ། རྩ་ཕྱག་གཉིས་ཨུཏྤ་ལའི་ཕྱག་རྒྱ། ལྷག་མ་ཡིད་བཞིན་གྱི་ནོར་བུ་འཛིན་པའི་མཆོག་སྦྱིན་དང་ཨུཏྤ་ལའི་སྙེ་མ་ཐུགས་ཀར་འཛིན་པ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་སུ་འོད་ཟེར་ཅན་སེར་མོ་རྔ་ཡབ་དང་མྱ་ངན་མེད་པའི་ཤིང་བསྣམས་པ། ན་བཟའ་དམར་པོ། གཡོན་དུ་རྨ་བྱ་ཆེན་མོ་ལྗང་ཁུ་རྔ་ཡབ་དང་རྨ་བྱའི་སྒྲོ་ཕོན་བསྣམས་པའི་ལྷ་མོ་མཛེས་མ། རིགས་བདག་རིགས་ལྔའོ། །སྔགས་ནི། ཨོཾ་ན་མསྟཱ་རེ་མ་ནོ་ཧཱ་རེ་ཧཱུྃ་ཧཱ་ར་སྭཱ་ཧཱ། ཞེས་བཟླའོ།། ༥༩ སྒྲོལ་དཀར་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། པཾ་ལས་པད་དཀར་ཨ་ལས་ཟླ་བ་ལ། ཧཱུྃ་དཀར་པོ་གནས་པ་ཡོངས་སུ་གྱུར་པའི་ཨུཏྤལ་དཀར་པོ་ས་བོན་དང་བཅས་པས་དོན་གཉིས་མཛད་པའི་འོད་ཀྱི་སྤྲོ་བསྡུ་ཅན་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་མ་སྒྲོལ་དཀར། དཀར་སེར་སྔོ་བའི་ཞལ་གསུམ། རེ་རེ་ལའང་སྤྱན་གསུམ་གསུམ་མངའ་བ། ཕྱག་དྲུག་གི་གཡས་པས་མཆོག་སྦྱིན། བགྲང་འཕྲེང་། མདའ། གཡོན་པས་ཨུཏྤལ། པདྨ། གཞུ། ཟླ་ཕྱེད་ཀྱིས་མཛེས་པའི་རལ་པའི་ཐོར་གཙུག་ལ་དོན་ཡོད་གྲུབ་པས་བརྒྱན་པ། ཐོད་པ་ལྔའི་ཅོད་པན་སོགས་རྒྱན་གོས་སྣ་ཚོགས་པས་སྤྲས་པ་བརྒྱད་གཉིས་ཀྱི་ལང་ཚོ་ཅན། སྐྱིལ་ཀྲུང་ཕྱེད་པས་དུར་ཁྲོད་ཀྱི་དབུས་ན་ཟླ་བའི་གདན་ལ་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཨཱ་ཙ་ལེ་ཨ་ནི་མི་ས་ཏཱ་བ་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༦༠ སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས་ནི། པཾ་ལས་པདྨ་དཀར་པོ་འདབ་བརྒྱད། ཨ་ལས་ཟླ་བར། སྲཱིཿདཀར་པོ་ལས་བཅོམ་ལྡན་འདས་སྒྲོལ་མ་དུག་སེལ་མ་དཀར་མོ་རལ་པའི་ཅོད་པན་ཅན། ན་བཟའ་དང་རིན་པོ་ཆེ་དང་སྦྲུལ་གྱི་རྒྱན་ཐམས་ཅད་དཀར་པོ། ཕྱག་བཞིའི་དང་པོ་གཉིས་པི་ཝཾ་སྒྲེང་བ། ལྷག་མ་སྦྲུལ་དཀར་པོ་དང་མི་འཇིགས་པའི་ཕྱག་རྒྱ། ཟླ་བ་ལྟ་བུའི་འོད་ཟེར་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་མགྲིན་ནུ་མའི་བར་དུ་ཟླ་བ་ལ་ཨཱཿསྲཱིཿཧཱུྃ་གནས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། སྲཱི་ཞེས་བཟླའོ།། ༦༡ སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་རཾ་ལས་ཉི་མ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་འཕྲེང་བ་ལས་བྱུང་བའི་རྭ་གུར་ནང་སྣ་ཚོགས་རྡོ་རྗེའི་གུར། པཾ་ལས་པདྨ་ཨ་ལས་ཟླ་བ། བྷྲཱུཾ་ལས་འཁོར་ལོ་རང་གི་ས་བོན་གྱིས་མཚན་པ་རྣམས་གཅིག་ཏུ་འདྲེས་པ་ལས། གཞལ་ཡས་ཁང་གྲུ་བཞི་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་པད་འདབ་བརྒྱད། ཟླ་བ་དགུ སྒོ་བཞིར་ཉི་མ་བཞིའི་གདན་དང་ལྡན་པའི་དབུས་སུ། ཏཱཾ་ཡིག་དོན་གཉིས་མཛད་པའི་འཕྲོ་འདུ་ཅན་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ནོར་སྦྱིན་སྒྲོལ་མ་སྐུ་མདོག་ལྗང་སྔོན། ཞལ་གཅིག་སྤྱན་གཉིས་ཕྱག་བཞི་མ། གཡས་བགྲང་འཕྲེང་དང་མཆོག་སྦྱིན། གཡོན་ཨུཏྤལ་དང་པོ་ཏི་བསྣམས་པ། གོས་དང་རྒྱན་སྣ་ཚོགས་པས་བརྒྱན་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོ། དཔྲལ་བ། སྤྱན། མགྲིན་པ། དཔུང་པ། སྙིང་ག ལྟེ་བ། གསང་གནས། པུས་མོ། རྐང་བཅུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རིམ་པ་བཞིན་འཁོད་པ། ཤར་དུ་རྡོ་རྗེ་སྒྲོལ་མ་ནག་མོ་རྡོ་རྗེ། ལྷོར་རིན་ཆེན་སྒྲོལ་མ་སེར་མོ་རིན་ཆེན། ནུབ་ཏུ་པདྨ་སྒྲོལ་མ་དམར་མོ་པདྨ། བྱང་དུ་སངས་རྒྱས་སྒྲོལ་མ་དཀར་མོ་འཁོར་ལོ། མེར་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག་གི་འཕྲེང་བ། སྲིན་པོར་བདུག་སྤོས་སྒྲོལ་མ་ནག་མོ་སྤོས་ཕོར། རླུང་དུ་མར་མེའི་སྒྲོལ་མ་དམར་མོ་མར་མེ། དབང་ལྡན་དུ་དྲིའི་སྒྲོལ་མ་དཀར་མོ་དུང་ཆོས། གཡོན་རྣམས་ཨུཏྤལ་བསྣམས་པ། མཛེས་ཤིང་རྒྱན་གོས་ཐམས་ཅད་ཀྱིས་སྤྲས་ཏེ་སེམས་སྐྱིལ་གྱིས་བཞུགས་པ། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ། རྡོ་རྗེ་ཞགས་པ་མ། རྡོ་རྗེ་ལྕགས་སྒྲོག་མ། རྡོ་རྗེ་དྲིལ་བུ་མ་རྣམས། གཡས་རང་མིང་གི་ཕྱག་མཚན་དང་གཡོན་ཨུཏྤལ། ཁྲོ་མོ་སྦྲུལ་གྱིས་དཀྲིས་ཤིང་སྟག་ཤམ་གསོལ་ཏེ་གཡས་བརྐྱང་གིས་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་དྷ་ན་མི་སྭཱ་ཧཱ། ཞེས་བཟླའོ།། ༦༢ ངན་སོང་ལས་སྒྲོལ་བའི་སྒྲོལ་མའི་སྒྲུབ་ཐབས་ནི། སྐད་ཅིག་གིས་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་ལྗང་སྔོན་མ། ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་མཆོག་སྦྱིན། གཡོན་གཉིས་ཞགས་པ་དང་ཨུཏྤལ། མཛེས་པའི་འཕྲེང་བ་དང་ན་བཟའ་མནབས་པ། པད་ཟླའི་གདན་ལ་བཞུགས་ཏེ་སྦྲུལ་གྱིས་བཅིངས་པ་ཐམས་ཅད་སྒྲོལ་བར་མཛད་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ན་མཿཨརྻ་ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བྷ་ག་ཝ་ཏེ་ཨཱརྻ་ཏཱ་ར་ཡཻ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བེ་རེ་དུརྒ་ཨུཏྟ་རཱ་ཡ། སྲཱིཾ་སྲཱིཾ་སྲཱིཾ་སྲཱིཾ། སརྦ་དུཿཁ་ཁཏ་ལོ་ཙ་ན་བྷ་ག་ཝ་ཏི་དུརྒ་ཏ་རཱ་ཎི་མ་ཧཱ་ཡོ་གཥྞ་ཏེ་སྲིཾ་ན་མ་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ།། ༦༣ སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་ནི། ཟླ་ཉི་ཁ་སྦྱར་བའི་དབུས་སུ་ཨཱ་ལི་ཀཱ་ལིས་བསྐོར་བའི་ཕྲེཾ་དཀར་པོ་ལས་ཆུ་སྐྱེས་དེ་དག་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། སྣ་ཚོགས་ཡུམ་ཟླ་བ་ལྟ་བུའི་ཞལ་གཅིག་ཕྱག་གཉིས་ཀྱིས་ཆུ་སྐྱེས་འཛིན་ཅིང་ན་བཟའ་དཀར་པོ་མནབས་པ། རྒྱན་དཀར་པོས་བརྒྱན་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཕྲེཾ་སྭཱ་ཧཱ། ཞེས་བཟླའོ།། ༦༤ དོན་ཐམས་ཅད་རབ་ཏུ་སྦྱིན་པའི་སྒྲོལ་མའི་སྒྲུབ་ཐབས་ནི། བྷ་གའི་དབུས་སུ་ཟླ་བ་ལ་ལྷ་མོ་སྒྲོལ་མ་ཆེན་མོ་གསེར་མདོག་ཅན། ཞལ་བརྒྱད་ཀྱི་རྩ་ཞལ་སེར་པོ། གཡས་གསུམ་ནག་ལྗང་སྔོ། གཡོན་གསུམ་དཀར་དམར་སྔོ། སྟེང་ཞལ་དུད་ཁ་འཇིགས་པ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་དྲུག་གི་གཡས་བརྒྱད་རལ་གྲི། ཨུཏྤལ། མདའ། རྡོ་རྗེ། ལྕགས་ཀྱུ། དབྱུག་པ། གྲི་གུག མི་འཇིགས་པའི་ཕྱག་རྒྱ། གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཐོད་པ། གཞུ། ཁ་ཊྶཱཾ་ག རྡོ་རྗེ་དང་བཅས་པའི་ཞགས་པ། ཚངས་མགོ རིན་པོ་ཆེ། བུམ་པ་བསྣམས་པ། མགོ་བོའི་འཕྲེང་བ་འཕྱང་ཞིང་རྒྱན་གྱིས་བརྒྱན་པ། ཉི་མའི་འོད་འཆང་བ། ཞབས་གཡས་བརྐྱང་གིས་དབང་པོ་དང་དྲག་པོ་དང་ཚངས་པ་དང་ཁྱབ་འཇུག་ལ་གནས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་པྲ་པན་ན་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ། ལོ་ཙ་ནི་སརྦ་ཨརྠུ་ས་དྷ་ནི། སརྦ་ས་ཏྭ་ཝ་ཤཾ་ཀ་རི་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༦༥ སྒྲོལ་མ་སྣ་ཚོགས་པའི་མདོག་གི་སྒྲུབ་ཐབས་ནི། སྐད་ཅིག་གིས་བཅོམ་ལྡན་འདས་སྒྲོལ་མ་དམར་ལྗང་ནག་དཀར་སྣ་ཚོགས་པའི་ཁ་དོག་ཅན། ཕྱག་བཞིའི་དང་པོ་གཉིས་ཞགས་པ་དང་དུང་། ལྷག་མ་གཉིས་ཨུཏྤལ་དང་ལྕགས་ཀྱུ། རྒྱན་གྱིས་བརྒྱན་ནས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་ཏྲུཾ་ཏྲུཾ་ཏྲུཾ་ཏྲུཾ་ཏྲུཾ། ཞེས་སྙིང་པོ་དང་། ཏཱཾ་ཏཱ་ཏཱི་ཏཱེ། ཞེས་ཉེ་སྙིང་བཟླའོ།། ༦༦ དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཛཾ་ཡིག་སེར་པོ་ལས་འཕགས་མ་དུག་སེལ་མ་སྐུ་མདོག་སེར་མོ། སེར་སྔོ་དཀར་བའི་ཞལ་གསུམ་སྦྲུལ་མགོ་བདུན་གྱིས་མཛེས་པ། ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། རྡོ་རྗེ། མདའ། གཡོན་གསུམ་སྡིགས་མཛུབ་དང་བཅས་པའི་ཞགས་པ། དུག་གི་མེ་ཏོག གཞུ་བཀང་བ། སྦྲུལ་དང་མཛེས་པའི་གོས་དང་རྒྱན་གྱིས་བརྒྱན་པ་གཞོན་ནུའི་ལང་ཚོ་ཅན། མི་བསྐྱོད་པས་དབུ་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཛཾ་གུ་ལི་སརྦ་བི་ཥ་པྲ་ཤ་མ་ནི་ཕུཿསྭཱ་ཧཱ། རྡོ་རྗེ་རལ་གྲི་ཞེས་ཀྱང་འགའ་ཞིག་ལས་སོ། །ཡང་ན། ཨོཾ་ན་མཿཤ་ཝ་ར་ཀུ་མཱ་རི་ཡི་ཙུར་ཚཾ་ཙོ་དྲི་ཙཱ་ལ་ཡ་ཙུཙྪ་ལ་ཡ་སཾ་གཱིཊྚྷ་མིརྟ་མཱ་ཏཱཾ་གྒི་ཨ་ཊ་བིདྡྷེ་ཨ་་ཨོཾ་ཛ་སྭཱ་ཧཱ། ཞེས་ཀྱང་བཟླའོ།། ༦༧ དུག་སེལ་མ་ལྗང་མོ་ཕྱག་བཞི་མའི་སྒྲུབ་ཐབས་ནི། སྐད་ཅིག་གིས་འཕགས་མ་དུག་སེལ་མ་སྐུ་མདོག་ལྗང་གུ གདེངས་ཀ་བདུན་གྱིས་མཛེས་པའི་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་རྩེ་གསུམ་དང་རྨ་བྱའི་སྒྲོ། གཉིས་པར་གཉིས་སྦྲུལ་དང་མི་འཇིགས་པའི་ཕྱག་རྒྱ། ཡན་ལག་སྦྲུལ་གྱིས་བརྒྱན་ཏེ་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་ཀུན་ཏུ་འབྱུང་བ་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨ་སི་ཛི་ཧྭེ་ཤུ་ལ་ཛི་ཧྭེ་བཛྭ་ཀ་ཡེ་གྲ་ས་གྲ་ས་ཛྷ་ལ་ཛྷ་ལ་མ་ཧཱ་ཛྷ་ལ་མ་ཧཱ་ཡོ་གི་ཤྭ་རཱི་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླ། དཀར་མོ་སྒྲོལ་མའི་ཁོངས་སུ་སོང་ངོ་།། ༦༨ རལ་གཅིག་མ་ཕྱག་ཉེར་བཞི་མའི་སྒྲུབ་ཐབས་ནི། ར་ལས་ཉི་མ་རྭ་གུར་གཞལ་ཡས་ཁང་གྲུ་བཞི་པའི་དབུས་སུ། ཧཱུྃ་ཡིག་ལས་ཐོད་པ་དཀར་པོའི་ཁར་རྡོ་རྗེ་ནག་པོ་གནས་པ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་རལ་གཅིག་མ་ཞལ་བཅུ་གཉིས་ཀྱི་དང་པོ་ནག་པོ། གཡས་ལྔ་དཀར་སེར་དམར་ལྗང་དུ་བའི་མདོག གཡོན་ལྔ་དམར་སེར་ལྗང་དཀར་དམར་བ། སྟེང་ཞལ་དུད་ཁ། ཐམས་ཅད་ཁྲོ་མོ་བཞིན་ལ་འབར་བའི་སྤྱན་གསུམ་མངའ་བ། ཕྱག་ཉི་ཤུ་རྩ་བཞིའི་གཡས་རྣམས་ཀྱིས་རལ་གྲི། རྡོ་རྗེ། འཁོར་ལོ། འཁྲི་ཤིང་། ལྕགས་ཀྱུ། མདུང་། ཐོ་བ། གཏུན་ཤིང་། གྲི་གུག ཌཱ་མ་རུ། བགྲང་འཕྲེང་། མདའ། གཡོན་མས་རིམ་གྱིས་གཞུ། ཞགས་པ། སྡིགས་མཛུབ། བ་དན། དབྱུག་པ། རྩེ་གསུམ། ཆང་སྣོད། ཨུཏྤལ། དྲིལ་བུ། སྟ་རེ། ཚངས་མགོ ཐོད་པ་བསྣམས་ཤིང་། ཀླུ་བརྒྱད་དང་མི་མགོ་དང་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་ཐུང་ལ་ལྟོ་བ་འཕྱང་ཞིང་ནུ་འབུར་རྒྱས་པ། རལ་པ་གྱེན་དུ་བརྫེས་པ་ལ་མི་བསྐྱོད་པས་དབུ་རྒྱན་ཅིང་སྟག་ཤམ་ཅན། ཐོད་པ་དཀར་པོ་ཁྲག་གིས་གང་བའི་སྟེང་རོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཙུག་ཏོར། དཔྲལ་བ། མགྲིན་པ། སྙིང་ག ལྟེ་བ། ལྟེ་འོག གསང་བར་རིམ་པ་བཞིན། ཧཱུྃ་ཨོཾ་ཨཱཿསྲཱི་ཏྲིཾ་ཧཱུྃ་ཏྲཾ། རྐང་པ་དག་ལ། ཨོཾ་ཨཱཿཕཊ྄་སྭཱ་ཧཱ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲིཾ་ཧླིཾ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་སྙིང་པོ་དང་། སྲཱིཾ་ཧླིཾ་ཧཱུྃ། ཞེས་ཉེ་སྙིང་བཅས་བཟླའོ།། ༦༩ རལ་གཅིག་མ་ཕྱག་བཞི་མའི་སྒྲུབ་ཐབས་ནི། སྣ་ཚོགས་པདྨའི་སྟེང་དུ་ཏཱཾ་ལས་ཐོད་པའི་ནང་དུ་ཧཱུྃ་སྔོན་པོ། དེ་ལས་བཅོམ་ལྡན་འདས་རལ་གཅིག་མ་ཁྲོ་མོའི་བཞིན་ལ་འབར་བའི་སྤྱན་གསུམ་མངའ་བ། ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་པ། ལྷག་མ་གཉིས་ཀྱི་གཡས་རལ་གྲི་ཡོངས་སུ་གྱུར་པའི་བགྲང་འཕྲེང་། གཡོན་ཨུཏྤལ། ཀླུ་བརྒྱད་དང་མི་མགོ་དང་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་ཐུང་ལ་ལྟོ་བ་འཕྱང་ཞིང་ནུ་འབུར་རྒྱས་པ། རལ་པ་གྱེན་དུ་བརྫེས་པ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང་སྟག་ཤམ་ཅན། ཐོད་པ་དཀར་པོ་ཁྲག་གིས་གང་བའི་སྟེང་དུ་རོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཙུག་ཏོར། དཔྲལ་བ། མགྲིན་པ། སྙིང་ག ལྟེ་བ། ལྟེ་འོག གསང་བར་རིམ་པ་བཞིན། ཧཱུྃ་ཨོཾ་ཨཱཿསྲཱིཾཿཏྲིཾ་ཧཱུྃ་ཏྲཾ། རྐང་པ་དག་ལ། ཨོཾ་ཨཱཿཕཊ྄་སྭཱ་ཧཱ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲཱིཾ་ཏྲཱིཾ་ཧཱུྃ་ཕཊ྄ཿ ཅེས་བཟླ། རལ་གྲི་དང་ཐོད་པ་མདའ་གཞུ་བསྣམས་པའང་འགྱུར་རོ།། ༧༠ ཕྱག་གཉིས་མ་རལ་གཅིག་མའི་སྒྲུབ་ཐབས་ནི། སྣ་ཚོགས་པདྨའི་སྟེང་དུ་ཏཱཾ་ལས་ཐོད་པའི་ནང་དུ་ཧཱུྃ་སྔོན་པོ། དེ་ལས་བཅོམ་ལྡན་འདས་རལ་གཅིག་མ་ཁྲོ་མོའི་བཞིན་ལ་འབར་བའི་སྤྱན་གསུམ་མངའ་བ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་པ། ཀླུ་བརྒྱད་དང་མི་མགོ་དང་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་ཐུང་ལ་ལྟོ་བ་འཕྱང་ཞིང་ནུ་འབུར་རྒྱས་པ། རལ་པ་གྱེན་དུ་བརྫེས་པ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང་སྟག་ཤམ་ཅན། ཐོད་པ་དཀར་པོ་ཁྲག་གིས་གང་བའི་སྟེང་རོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཙུག་ཏོར། དཔྲལ་བ། མགྲིན་པ། སྙིང་ག ལྟེ་བ། ལྟེ་འོག གསང་བར་རིམ་པ་བཞིན། ཧཱུྃ་ཨོཾ་ཨཱཿསྲཱིཿཏྲིཾ་ཧཱུྃ་ཏྲཾ། རྐང་པ་དག་ལ། ཨོཾ་ཨཱཿཕཊ྄ཿསྭཱ་ཧཱ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། སྲཱིཾ་ཏྲིཾ་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༧༡ རལ་གཅིག་མ་ཕྱག་བརྒྱད་མའི་སྒྲུབ་ཐབས་ནི། སྣ་ཚོགས་པདྨའི་སྟེང་དུ་ཏཱཾ་ལས་ཐོད་པའི་ནང་དུ་ཧཱུྃ་སྔོན་པོ། དེ་ལས་བཅོམ་ལྡན་འདས་རལ་གཅིག་མ་ཁྲོ་མོའི་བཞིན་ལ་འབར་བའི་སྤྱན་གསུམ་མངའ་བ། ཕྱག་བརྒྱད་ཀྱི་གཡས་བཞིར་རལ་གྲི། མདའ། རྡོ་རྗེ། གྲི་གུག གཡོན་བཞིར་ཨུཏྤལ། གཞུ། སྟ་རེ། ཐོད་པ། ཀླུ་བརྒྱད་དང་མི་མགོ་དང་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་ཐུང་ལ་ལྟོ་བ་འཕྱང་ཞིང་ནུ་འབུར་རྒྱས་པ། རལ་པ་གྱེན་དུ་བརྫེས་པ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང་སྟག་ཤམ་ཅན། ཐོད་པ་དཀར་པོ་ཁྲག་གིས་གང་བའི་སྟེང་རོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཙུག་ཏོར། དཔྲལ་བ། མགྲིན་པ། སྙིང་ག ལྟེ་བ། ལྟེ་འོག གསང་བར་རིམ་པ་བཞིན། ཧཱུྃ་ཨོཾ་ཨཱཿསྲི་ཏྲིཾ་ཧཱུྃ་ཏྲཾ། རྐང་པ་དག་ལ། ཨོཾ་ཨཱཿཕཊ྄་སྭཱ་ཧཱ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། སྲིཾ་ཏྲིཾ་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༧༢ ལྷ་མོ་ཙུནྡའི་སྒྲུབ་ཐབས་ནི། པད་ཟླ་ལ་ཨོཾ་ཙུ་ལས་ལྷ་མོ་ཙུནྡ་སྟོན་ཀའི་ཟླ་བ་ལྟ་བུར་མཛེས་མ། ཕྱག་བཞིའི་དང་པོ་གཉིས་མཆོག་སྦྱིན་དང་པོ་ཏིས་མཚན་པའི་པདྨ། ལྷག་མ་གཉིས་ཀྱིས་ལྷུང་བཟེད། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། པད་ཟླ་ལ་སེམས་སྐྱིལ་གྱིས་གནས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། ཞེས་བཟླའོ།། ༧༣ འོད་ཟེར་ཅན་དཀར་མོ་ཕྱག་བཅུ་མའི་སྒྲུབ་ཐབས་ནི། པད་ཟླ་ལ་མཱཾ་དཀར་པོ་ལས། འོད་ཟེར་ཅན་དཀར་མོ་ཞལ་ལྔའི་རྩ་ཞལ་དཀར་པོ། གཡས་ནག རྒྱབ་ལྗང་། གཡོན་ཕག་ཞལ་དམར་པོ། སྟེང་ཞལ་སེར་པོ། ཕྱག་བཅུའི་གཡས་ལྔ་ཉི་མ། རྡོ་རྗེ་སྔོན་པོ། མངའ་དང་། ལྕགས་ཀྱུ། ཁབ་དང་། གཡོན་ལྔ་ཟླ་བ། མྱ་ངན་མེད་པའི་ལོ་མ་དང་། གཞུ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། སྐུད་པ། ཟུར་ཕུད་གསུམ་རིན་པོ་ཆེས་བརྒྱན་པ། གཞོན་ནུ་མ་སྟོད་གཡོགས་དཀར་པོ་ཅན། མཆོད་རྟེན་གྱི་ནང་ན་གནས་ཤིང་། འོག་ན་ཉི་མ་ལ་སོགས་པའི་གཟའ་དགུ་དང་ནད་ཀྱི་ཚོགས་མནན་པའི་ཕག་བདུན་གྱི་ཤིང་རྟ་ལ་ཞོན་པ། ཁྱབ་འཇུག་དང་། དབང་པོ་དང་། བདེ་བྱེད་དང་། ཚངས་པ་རྣམས་ཞབས་བཞིས་མནན་པ། ཤིང་རྟའི་མདུན་དུ་ཆུ་སྲིན་མནན་པའི་ཕག་གདོང་ཅན་ནག་མོ་རྡོ་རྗེ་སྡིགས་མཛུབ་ཅན། གཡས་སུ་ཕག་གདོང་དམར་མོ། གཡས་གཉིས་ལྕགས་ཀྱུ་དང་ཁབ། གཡོན་གཉིས་ཞགས་པ་དང་ལྡན་པའི་སྡིགས་མཛུབ་དང་སྐུད་པ། གཡོན་དུ་ཕག་གདོང་ཅན་དཀར་མོ་རྣ་བའི་དབུས་སུ་བཀང་བའི་གཞུ་དང་མདའ། འོག་མ་གཉིས་རྡོ་རྗེ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མཱ་རི་ཙྱཻ་མཱཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༧༤ འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའམ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་མའི་སྒྲུབ་ཐབས་ནི། ཟླ་བ་ལ་མཾཱ་སེར་མོ་ལས་མྱ་ངན་མེད་པའི་ཤིང་། དེའི་སྟེང་དུ་མཾ། དེ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་མ། མཆོག་སྦྱིན་གྱི་ཕྱག་རྒྱ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག རྣམ་སྣང་གིས་དབུ་བརྒྱན་ཅིང་། གཞོན་ནུ་མ་མཛེས་པའི་རྒྱན་གྱིས་སྤྲས་ཏེ་ཕག་སེར་པོའི་སྟེང་དུ་ཟླ་བ་ལ་འགྱིང་བག་དང་བཅས་ཏེ་བཞུགས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མཱ་རི་ཙྱཻ་མཾ་སྭཱ་ཧཱ། ཞེས་བཟླའོ།། ༧༥ རྟོགས་པ་ལས་གསུངས་པའི་འོད་ཟེར་ཅན་མ་སེར་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས་ནི། ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་དབུས་སུ། ཨོཾ་ལས་རྣམ་སྣང་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ་ཞི་བ། དེའི་ཐུགས་ཀར་མཱཾ་ལས་མྱ་ངན་མེད་པའི་ཤིང་མཱཾ་གྱིས་མཚན་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་དེ་ཉིད་ལ་ཐིམ། ཐམས་ཅད་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་གསེར་མདོག གཡས་ཞལ་དམར། གཡོན་སྔོ་བའི་ཕག་ཞལ་ཁྲོ་བ། ཕྱག་བརྒྱད་ཀྱི་གཡས་བཞིར་རྡོ་རྗེ། ལྕགས་ཀྱུ། མདའ་དང་། ཁབ། གཡོན་བཞིར་མྱ་ངན་མེད་པའི་ཤིང་གི་ཡལ་ག སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ་དང་། སྐུད་པ། རྣམ་སྣང་དང་རིན་པོ་ཆེས་བརྒྱན་པ། གཞོན་ནུ་མ་སྟོད་གཡོགས་དམར་པོ་ཅན། མཆོད་རྟེན་ནང་ཕག་བདུན་གྱི་ཤིང་རྟའི་སྟེང་ན་ཡཾ་ལས་རླུང་དཀྱིལ་ཧཾ་ལས་ཟླ་ཉི་འཛིན་པའི་གཟའ་མནན་ཏེ་གཡོན་བརྐྱང་གིས་བཞུགས་པའི། ཤར་དུ་བརྟ་ལི་དམར་མོ་ཕག་གདོང་། ཕྱག་བཞི་ཁབ་དང་ལྕགས་ཀྱུ། ཞགས་པ་དང་མྱ་ངན་མེད་པའི་ཡལ་ག ལྷོར་བ་དཱ་ལི་སེར་མོ་ཁབ་དང་མྱ་ངན་མེད་པའི་ཤིང་། ནུབ་ཏུ་བ་རཱ་ལི་དཀར་མོ་ཕྱག་བཞིར་རྡོ་རྗེ་དང་ཁབ། ཞགས་པ་དང་མྱ་ངན་མེད་པའི་ཡལ་ག ལྷ་མོ་མཛེས་མ། བྱང་དུ་ཕག་ཞལ་མ་དམར་མོ་མིག་གསུམ་མ། ཕྱག་བཞིར་རྡོ་རྗེ། མདའ། གཞུ་དང་། མྱ་ངན་མེད་པའི་ཤིང་གི་ཡལ་ག་བསྣམས་པ། དེ་ཀུན་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མཱ་རི་ཙྱཻ་མཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་སམ། ཡང་ན། ཨོཾ་མ་རི་ཙྱཻ་སྭཱ་ཧཱ། ཞེས་བཟླའོ།། ༧༦ རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ནི། ཨོཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་འོད་ཟེར་ཅན་དམར་མོ་ལྟོ་བ་འཕྱང་ཞིང་བརྗིད་པ། ཞལ་དྲུག་ལས་ལྔ་པོ་དམར་ནག་ལྗང་སེར་དཀར་བ་རྣམས་གཡས་བསྐོར་དང་། སྟེང་དུ་ཕག་ཞལ་ནག་པོ་བཅས་ཤིན་ཏུ་ཁྲོ་བ། སྤྱན་གསུམ་གསུམ་དང་ལྡན་པ། རལ་པ་རྣམ་སྣང་གིས་བརྒྱན་པ། ཕྱག་བཅུ་གཉིས་ཀྱི་གཡས་པ་དྲུག་ན་རལ་གྲི། གཏུན་ཤིང་། མདའ། ལྕགས་ཀྱུ། རྡོ་རྗེ་རྩེ་གསུམ། དགྲ་སྟ། གཡོན་པ་དྲུག་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཐོད་པ། མྱ་ངན་མེད་པའི་ཡལ་ག ཚངས་མགོ གཞུ། རྩེ་གསུམ། ཁྲོ་མོའི་ཆས་ཀྱིས་བརྒྱན་པའི་ཞབས་ཟུང་གིས་བགེགས་དཔག་ཏུ་མེད་པ་མནན་ཏེ། མཆོད་རྟེན་གྱི་ནང་ན་ཉི་མ་ལ་གཡོན་བརྐྱང་གིས་ཤིང་རྟའི་དབུས་སུ་བཞུགས་པ། ཤིང་རྟ་འདྲེན་པ་སྡིགས་མཛུབ་དང་མྱ་ངན་མེད་པའི་ཡལ་ག་འཛིན་པ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་བཛྭ་དྷཱ་ཏྭཱི་ཤྭ་རི་སརྦ་དུཎྜྻ་ས་ཏྭ་ན་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རི་ཙྱཻ་ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་བཟླའོ།། ༧༧ ཨོ་ཌཱི་ཡ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ནི། མཱཾ་ལས་འོད་ཟེར་ཅན་དམར་མོ་ལྟོ་བ་འཕྱང་བ་བརྗིད་པ། ཞལ་དྲུག་ལས་ལྔ་དམར་ནག་ལྗང་སེར་དཀར་བ་རྣམས་གཡས་བསྐོར་དང་། སྟེང་དུ་ཕག་ཞལ་ནག་པོ་བཅས་ཤིན་ཏུ་ཁྲོ་བ། སྦྱན་གསུམ་གསུམ་དང་ལྡན་པ། རལ་པ་རྣམ་སྣང་གིས་བརྒྱན་པ། ཕྱག་བཅུ་གཉིས་ཀྱི་གཡས་པ་དྲུག་ན་རལ་གྲི། རྡོ་རྗེ། ཆང་སྣོད། མདའ། རྡོ་རྗེ་རྩེ་གཅིག་པ། དགྲ་སྟ། གཡོན་པ་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཏུན་ཤིང་། མྱ་ངན་མེད་པའི་ཡལ་ག ཚངས་མགོ གཞུ། རྩེ་གསུམ། ཁྲོ་མོའི་ཆས་ཀྱིས་བརྒྱན་པའི་ཞབས་ཟུང་གིས་བགེགས་དཔག་ཏུ་མེད་པ་མནན་ཏེ། མཆོད་རྟེན་གྱི་ནང་ན་ཉི་མ་ལ་གཡོན་བརྐྱང་གིས་ཤིང་རྟའི་དབུས་སུ་བཞུགས་པ། འོག་ཏུ་སྣ་ཚོགས་པའི་ཕག་བདུན་གྱིས་ཤིང་རྟ་འདྲེན་པ། ལྷ་མོ་གཞན་ཕྱག་གཉིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་མྱ་ངན་མེད་པའི་ཤིང་བསྣམས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མཱ་རི་ཙྱཻ་མཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླ། ཡང་རལ་གྲི་འཁོར་ལོ་གཏུན་ཤིང་མདའ་དགྲ་སྟ། གཡོན་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དང་མཐུན་པ་ལ། ཁ་ཊྶཱཾ་ག་མཆན་དུ་གཟེར་བ་ཞིག་ཀྱང་བཤད་དོ།། ༧༨ རང་བྱིན་རླབས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ནི། དུར་ཁྲོད་བརྒྱད་ཀྱི་རྡོ་རྗེའི་གུར་ནང་རྡོ་རྗེའི་ས་གཞིར། དཔལ་ཨོ་ཌཱི་ཡཱ་ན་རང་བཞིན་ཆོས་འབྱུང་དམར་པོར། ཉི་མ་ལ་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པའི་འོད་ཟེར་ཅན་དམར་མོ་ལྟོ་བ་འཕྱང་བ། ཞལ་དྲུག་གི་རྩ་ཞལ་དམར་པོ། གཡས་དཀར་ནག གཡོན་སེར་ནག་གཉིས་གཉིས། སྟེང་ཕག་ཞལ་ནག་པོ་ཤིན་ཏུ་ཁྲོ་བ། སྤྱན་གསུམ་གསུམ་དང་ལྡན་པ། རལ་པ་རྣམ་སྣང་གིས་བརྒྱན་པ། ཕྱག་བཅུ་གཉིས་ཀྱི་གཡས་པ་དྲུག་ན་རལ་གྲི། སྣ་ཚོགས་རྡོ་རྗེ། རྡོ་རྗེ་རྩེ་གཅིག་པ། དགྲ་སྟ། མདའ། གཏུན་ཤིང་། གཡོན་པ་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཁབ་དང་རྩེ་གསུམ། མྱ་ངན་མེད་པའི་ཡལ་ག ཞགས་པ། གཞུ། ཚངས་མགོ རྩེ་གསུམ། ཁྲོ་མོའི་ཆས་ཀྱིས་བརྒྱན་པའི་ཞབས་ཟུང་གིས་བགེགས་དཔག་ཏུ་མེད་པ་མནན་ཏེ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་རྣམ་སྣང་ངོ་། །ཞལ་དྲུག་མ་རྣམས་གཞན་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དང་མཐུན་ལ། ཁྱད་པར་བཤད་པ་དག་གོ །སྔགས་ནི། ཨོཾ་བཛྭ་ས་ཏྭ་ཤྭ་རི་སརྦ་དུཥྚཾན་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རི་ཙྱཻ་མཱཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄ཿ ཞེས་བཟླའོ།། ༧༩ འོད་ཟེར་ཅན་པི་ཙུ་པའི་སྒྲུབ་ཐབས་ནི། མཱཾ་ལས་མྱ་ངན་མེད་པའི་ཤིང་། དེ་ལས་འོད་ཟེར་ཅན་པི་ཙུ་པ་གསེར་མདོག སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱི་དང་པོ་གཉིས་གདུག་པ་ཅན་གྱི་ཁ་མིག་ཁབ་ཀྱིས་འཚེམ་ཞིང་། གཉིས་པ་གཉིས་ཀྱིས་སྙིང་ལྕགས་ཀྱུས་ཕུག་ཅིང་ཞབས་པས་བཅིངས་པ། གསུམ་པ་གཉིས་ཀྱིས་མདའ་གཞུས་འབིགས་པར་བྱེད་པ། བཞི་པ་གཉིས་ཀྱིས་རྡོ་རྗེས་མཉེད་ཅིང་མྱ་ངན་མེད་པའི་ཡལ་གས་བྲབས་པ། ཞབས་གཡོན་བརྐྱང་གིས་དབང་ཕྱུག་དང་གཽ་རི་མ་བརྫིས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། སརྦ་དུཥྚ་པྲ་དུཥྚ་ནཾ། ཞེས་བཟླའོ།། ༨༠ འོད་ཟེར་ཅན་དམར་མོ་ཞལ་གསུམ་ཕྱག་བཅུ་བཞི་མའི་སྒྲུབ་ཐབས་ནི། མཱཾ་ལས་འཁོར་ལོའི་ལྟེ་བར་ཉི་མ་ལ་མཱཾ། དེ་ལས་བཅོམ་ལྡན་འདས་མ་འོད་ཟེར་ཅན་སྐུ་མདོག་དམར་པོ། ཞལ་གསུམ་གྱི་གཡས་གཡོན་ཕག་ཞལ། དབུས་མ་ཞི་ཞིང་ཅུང་ཟད་འཛུམ་པ། ཐམས་ཅད་སྤྱན་གསུམ་མ། ཕྱག་དང་པོ་གཉིས་རྣ་བར་བཀང་བའི་མདའ་གཞུ། ལྷག་མའི་གཡས་པ་རྣམས་ཀྱིས་ཁབ་དང་། ལྕགས་ཀྱུ་དང་། བྷི་དི་པཱ་ལ་དང་། རལ་གྲི་དང་། རྡོ་རྗེའི་དབྱུག་པ་དང་། རྡོ་རྗེ། གཡོན་པ་རྣམས་ཀྱིས་མྱ་ངན་མེད་པའི་མེ་ཏོག་སྙིང་གར་འཛིན་པ་དང་། སྐུད་པ་དང་། རྡོ་རྗེའི་ཞགས་པ་དང་། ཐོད་པ་ཆེན་པོ་དང་། མགོ་བོ་དང་། བུམ་པ་བཟང་པོ་བསྣམས་པ། རྣམ་སྣང་དཀར་པོས་དབུ་བརྒྱན་ཅིང་དར་དམར་པོས་སྟོད་གཡོགས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། གཡས་བརྐྱང་གིས་མཆོད་རྟེན་གྱི་ནང་ན་བཞུགས་པ། གཡས་ན་ལུས་མེད་ཐོ་བ་བསྣམས་པས་ཕྱག་འཚལ་ཞིང་། གཡོན་ན་རྡོ་རྗེ་ཞགས་པ་འཛིན་པའི་དབང་པོས་ཕྱག་འཚལ་བ། འོག་ཏུ་ཁྱབ་འཇུག དབང་ཕྱུག ཚངས་པ། ནོར་ལྷ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་འདུད་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། ཞེས་བཟླའོ།། ༨༡ འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ནི། ཨོཾ་རྣམ་པར་སྣང་མཛད་ཉིད་ཞུ་བ་ལས་བྱུང་བའི་མཆོད་རྟེན་ཟླུམ་པོ། ཟླ་བ་ལ་མཱཾ་ལས་མྱ་ངན་མེད་པའི་ཤིང་། དེ་ཡོངས་སུ་གྱུར་པའི་འོད་ཟེར་ཅན་སེར་མོ་གོས་དཀར་ཅན་ཁྲོ་མོ། ཕྱག་གཉིས་ཁབ་སྐུད་བསྣམས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མ་རི་ཙྱཻ་སྭཱ་ཧཱ། ཞེས་བཟླའོ།། ༨༢ ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། པད་ཟླ་ལ་པཾ་སེར་པོ་ལས་རྡོ་རྗེ་པཾ་གྱིས་མཚན་པ། དེ་ལས་བཅོམ་ལྡན་འདས་རི་ཁྲོད་ལོ་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། སྤྱན་གསུམ་མངའ་བའི་ཞལ་གཡས་དཀར་གཡོན་དམར་དབུས་སེར་བ་བཞད་ཅིང་ཁྲོ་བ། གཞོན་ཤ་རྒྱས་ཤིང་ཅུང་ཟད་ལྟོ་བ་འཕྱང་ཞིང་སྒེག་པའི་སྐུ། ལོ་མ་དང་རྨ་བྱའི་མདོངས་ཀྱི་ཤམ་ཐབས་ཅན། ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། དགྲ་སྟ། མདའ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ཡལ་ག་དང་ལྷན་ཅིག་པའི་རྨ་བྱའི་མདོངས། གཞུ་བསྣམས་པ། མེ་ཏོག་བཅིངས་པའི་རལ་པའི་ཅོད་པན་ཅན་ལ་མི་བསྐྱོད་པ་བཞུགས་པ། ཉི་མའི་འོད་ཅན། བགེགས་མནན་ཏེ་ཞབས་གཡས་ཙོག་པུ། གཡོན་པུས་བཙུགས་རྟིང་པ་གསང་གནས་ལ་བརྟེན་ཏེ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་ཛྷ་ར་པྲ་ཤཱ་མ་ན་སྭཱ་ཧཱ། ཞེས་བཟླའོ།། ༨༣ རི་ཁྲོད་མ་ལྗང་མོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ནི། པད་ཟླ་ལ་པཾ་ལྗང་ཁུ་ལས། བཅོམ་ལྡན་འདས་རི་ཁྲོད་ལོ་མ་ཅན་སྐུ་མདོག་ལྗང་ཁུ། ལྗང་ནག་དཀར་བའི་ཞལ་གསུམ་བཞད་ཅིང་ཁྲོ་བ། གཞོན་ཤ་རྒྱས་ཤིང་ཅུང་ཟད་ལྟོ་བ་འཕྱང་ཞིང་སྒེག་པའི་སྐུ། ལོ་མ་དང་རྨ་བྱའི་གདོངས་ཀྱི་ཤམ་ཐབས་ཅན། ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། དགྲ་སྟ། མདའ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ཡལ་ག་དང་ལྷན་ཅིག་པའི་རྨ་བྱའི་གདོངས་དང་། གཞུ་བསྣམས་པ། མེ་ཏོག་བཅིངས་པའི་རལ་པའི་ཅོད་པན་ལ་དོན་གྲུབ་བཞུགས་པ། ཉི་མའི་འོད་ཅན། བགེགས་མནན་ཏེ་ཞབས་གཡས་ཙོག་པུ། གཡོན་པུས་བཙུགས་རྟིང་པ་གསང་གནས་ལ་བརྟེན་ཏེ་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་ཛྷ་ར་པྲ་ཤཱ་མ་ན་སྭཱ་ཧཱ། ཞེས་བཟླའོ།། ༨༤ ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ནི། ཨོཾ་ལས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ། ཤིན་ཏུ་ཡིད་དུ་འོང་བའི་ཞལ་གཅིག ཕྱག་གཉིས་ཀྱི་གཡས་པདྨ་དང་གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ། དབུ་སྐྲ་ཕྱེད་ཕྱེད་དུ་འཁྱིལ་བ་ལ་མི་བསྐྱོད་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་བ་ལ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པི་ཙུ་པི་ཙུ་པྲ་ཛྙྱཱ་ཝརྡྷ་ནི་ཛྷ་ལ་ཛྷ་ལ་མེ་དྷ་ཝརྡྷ་ནི་དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ཞེས་བཟླའོ།། ༨༥ ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་ནི། ཨ་ལས་ཟླ་བ་ལ། དྷཱིཿལས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ། ཡིད་དུ་འོང་བའི་ཞལ་གཅིག ཕྱག་གཉིས་ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ། གཡས་གཡོན་གྱི་ལོགས་ན་ཨུཏྤ་ལའི་སྡོང་བུར་གནས་པའི་ཤེར་ཕྱིན་གྱི་པོ་ཏི། དབུ་སྐྲ་ཕྱེད་དུ་འཁྱིལ་བ་ལ་མི་བསྐྱོད་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སྣ་ཚོགས་པད་ཟླ་ལ། གཡོན་པའི་ཞབས་གཡས་པའི་བརླའི་སྟེང་དུ་གནས་ཤིང་། གཡས་སྐྱིལ་ཀྲུང་ཕྱེད་པ་བཞིན་གྱིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨཱཿདྷཱིཿཧཱུྃ་སྭཱ་ཧཱ། ཞེས་སམ། ཡང་ན། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་ཀྱང་བཟླའོ།། ༨༦ ཤེར་ཕྱིན་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ནི། པྲཾ་ལས་ཤེར་ཕྱིན་མ་སྐུ་མདོག་དཀར་མོ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་ཤེར་ཕྱིན་གྱི་པོ་ཏིས་མཚན་པའི་ཆུ་སྐྱེས་གཉིས་འཛིན་པ། སྣ་ཚོགས་པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པྲཾ་སྭཱ་ཧཱ། ཞེས་བཟླའོ།། ༨༧ ཤེར་ཕྱིན་མ་གསེར་མདོག་ཕྱག་བཞི་མའི་སྒྲུབ་ཐབས་ནི། ཟླ་བ་ལ་དྷཱིཿལས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ། ཡིད་དུ་འོང་བའི་ཞལ་གཅིག ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ། ཕྱག་ལྷག་མའི་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་ཤེར་ཕྱིན་གྱི་པོ་ཏིས་མཛེས་པ་བསྣམས་པ། ཟུར་ཕུད་ཅན་རྒྱན་གྱིས་བརྒྱན་ནས་སྐྱིལ་ཀྲུང་གིས་བཞུགས་པ། མགྲིན་ལྕེ་རྣ་བར། ཨོཾ་དྷཱིཿ ཨོཾ་གཱི། ཛཱིཿ སྙིང་གར་ཨཱཿདམར་པོ་ལས་པདྨ་འདབ་བརྒྱད་ཟེའུ་འབྲུ་དང་བཅས་པའི་ལྟེ་བར། ས་བོན་མདུན་ནས་གཡས་བསྐོར་གྱིས་ཟེའུ་འབྲུ་ལ། ན་མོ་བྷ་ག་ཝ་ཏེ་པྲཛྙྱཱ་པཱ་ར་མི་ཏ་ཡཻ། ཨ་མ་ཏི་གུ་ཎ་ཡེ། བྷ་ཀི་བཙྪ་ལ་ཡེ། སརྦ་ཏ་ཐཱ་ག་ཏཱ་ཛྙྱཱ་ན་པཱ་རི་པཱུ་རི་ཏ་ཡེ། ས་ཏྭ་བཙྪ་ལ་ཡཻ། ཏདྱ་ཐཱ། ཨོཾ་དྷཱིཿ ཀརྞི་ཀ་ཡཱཾ། མདུན་མ་ལ། ཤུ་ཏི། སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བཀོད་དེ་བཟླའོ། །རིགས་བདག་མི་བསྐྱོད་པའོ།། ༨༨ གསེར་མདོག་ཅན་གྱི་ཤེར་ཕྱིན་མའི་སྒྲུབ་ཐབས་ནི། ཨོཾ་ལས་ཟླ་བ་ལ། དྷཱི་སེར་པོ་ལས་ནང་དུ་དབྱངས་དང་ཕྱི་རིམ་ལ་གསལ་བྱེད་སུམ་ཅུ་རྣམས་དཀར་པོ། འདབ་མ་ལ་སྒེག་སོགས་ཀྱི་ལྷ་མོ་བརྒྱད། དེ་ཐམས་ཅད་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་ཟླ་བ། དེ་ལས་པདྨར་ཤེར་ཕྱིན་གྱི་པོ་ཏི། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཤེར་ཕྱིན་གྱི་པོ་ཏི་གཉིས་པ། དེ་ཐམས་ཅད་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ། ཡིད་དུ་འོང་བའི་ཞལ་གཅིག ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ། གཡོན་ལོགས་ན་ཨུཏྤ་ལའི་སྡོང་བུ་ཤེར་ཕྱིན་གྱི་པོ་ཏིས་མཚན་པ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། ཡན་ལག་ཐམས་ཅད་དེ་བཞིན་གཤེགས་པས་རྒྱན་དུ་མཛད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བསྐུར་ཏེ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་བདག་རིགས་ལྔའོ། །སྔགས་ནི། ཨོཾ་ཨཱཿདྷཱིཿཧཱུྃ་སྭཱ་ཧཱ། ཨོཾ་པྲཛྙྱཱ་མཧཱ་པྲཛྙྱཱ་ཤུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བཟླའོ།། ༨༩ འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་དོཿདམར་པོ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྙིང་པོར། བཅོམ་ལྡན་འདས་རྡོ་རྗེ་དབྱངས་ཅན་མ་སྐུ་མདོག་དམར་མོ། དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པདྨ། རལ་གྲི། གྲི་གུག གཡོན་རྡོ་རྗེ། ལྷུང་བཟེད། རིན་པོ་ཆེའི་འཁོར་ལོ། མཛེས་པའི་རྒྱན་གྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་པི་ཙུ་པི་ཙུ་པྲཛྙྱཱ་ཝརྡྷ་ནི། ཛྷ་ལ་ཛྷ་ལ་མེ་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ཞེས་བཟླའོ།། ༩༠ དབྱངས་ཅན་མ་ཆེན་མོ་ལྷ་ལྔའི་སྒྲུབ་ཐབས་ནི། པད་ཟླ་ལ་སྲཱིཿདཀར་པོ་ལས་དབྱངས་ཅན་མ་ཆེན་མོ་བཅུ་གཉིས་མའི་ལང་ཚོ་དང་ཟླ་བ་ཆུ་ཤེལ་གྱི་མདངས་ཅན། ནུ་མ་འབུར་ཞིང་སྐེད་པ་བྱིན་གྱིས་ཕྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚར་སྡུག་གི་སྙིང་པོར་ཕྱིན་པ། འཇམ་པའི་ཕྱག་གཉིས་མཆོག་སྦྱིན། པད་དཀར་ལ་སྐྱིལ་ཀྲུང་གིས་བཞུགས་པ། མདུན་དུ་ཤེས་རབ་མ། གཡས་སུ་བློ་ཅན་མ། རྒྱབ་ཏུ་བློ་གྲོས་མ། གཡོན་དུ་དྲན་པ་མ་རྣམས་གཙོ་མོ་དང་མཚུངས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་སྲཱི་མ་ཧཱ་མ་ཡཾ་གེ་མ་ཧཱ་སྭ་ར་སྭ་ཏྱཻ་ན་མཿ ཞེས་བཟླའོ།། ༩༡ རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་སྲཱིཿལས་རྡོ་རྗེ་དབྱངས་ཅན་མ་བཅུ་གཉིས་མའི་ལང་ཚོ་དང་ཟླ་བ་ཆུ་ཤེལ་གྱི་མདངས་ཅན། ནུ་མ་འབུར་ཞིང་སྐེད་པ་བྱིན་གྱིས་ཕྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚར་སྡུག་གི་སྙིང་པོར་ཕྱིན་པ། འཇམ་པའི་ཕྱག་གཉིས་ཀྱི་གཡས་པདྨ་དམར་པོ། གཡོན་ཨུཏྤལ་པོ་ཏིས་མཛེས་པ་འཛིན་པ། སྤྱན་གསུམ་པ། སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་པའོ། །སྔགས་ནི། ཨོཾ་པི་ཙུ་པི་ཙུ་པྲཛྙྱཱ་ཝརྡྷ་ནི། ཛྷ་ལ་ཛྷ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ཐིཾལྷ།ཞེས་བཟླའོ།། ༩༢ ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་སྲཱིཿལས་དབྱངས་ཅན་མ་བཅུ་གཉིས་ལོན་པའི་ལང་ཚོ་ཅན་སྐུ་མདོག་དཀར་མོ་ཟླ་བ་ཆུ་ཤེལ་གྱི་མདངས་དང་ལྡན་པ། ནུ་མ་འབུར་ཞིང་སྐེད་པ་བྱིན་གྱིས་ཕྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚར་སྡུག་གི་སྙིང་པོར་ཕྱིན་པ། འཇམ་པའི་ཕྱག་གཉིས་རིན་པོ་ཆེའི་རྒྱུད་མངས་སྒྲེང་བ། ཞོ་འཐུང་བྱིས་པ་དང་མཚུངས་པ་ཅུང་ཟད་ཙོག་པུར་ཟླ་བ་ལ་བཞུགས་པ། སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་སྲཱིཾ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། སྲཱིཾ། ཞེས་བཟླའོ།། ༩༣ གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཕྱུང་པའི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ནི། ཟླ་བ་ལ་དོཿལས་ཆུ་སྐྱེས་ས་བོན་དོས་མཚན་པ། འོད་ཀྱིས་སེམས་ཅན་གྱི་དོན་བྱས་ཏེ་རྡོ་རྗེ་དབྱངས་ཅན་མའི་གོ་འཕང་ལ་བཀོད། ཐམས་ཅད་བསྡུས་ནས་དེ་ལ་ཐིམ་པ་ལས། རྡོ་རྗེ་དབྱངས་ཅན་མ་དམར་མོ། དམར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་པོ་ཏིས་མཚན་པའི་པདྨ། རལ་གྲི། གྲི་གུག གཡོན་འཁོར་ལོ། པི་ཝཾ། ཚངས་མགོ སྐྲ་དམར་སེར་བརྫེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཟླ་བ་དམར་མོའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་པི་ཙུ་པི་ཙུ་པྲཛྙྱཱ་ཝརྡྷ་ནི། ཛྷ་ལ་ཛྷ་ལ་མེ་དྷ་ཝརྡྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ཐིཾལྷ། ཞེས་བཟླའོ།། ༩༤ ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་ནི། བྷྲཱཾ་སེར་པོ་ལས་ཁྲོ་གཉེར་ཅན་སེར་མོ་ཞལ་གཅིག་སྤྱན་གསུམ་པ། ཕྱག་བཞིའི་གཡས་མཆོག་སྦྱིན་དང་བགྲང་འཕྲེང་། གཡོན་རྩེ་གསུམ་དང་སྤྱི་བླུགས། གཞོན་ནུ་འོད་དཔག་མེད་དང་རྒྱན་གྱིས་སྤྲས་ཏེ། པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་བྷྲཱུཾ་ཀུ་ཀུ་ཊི་སྭཱ་ཧཱ། ཡང་ན། ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་བཟླའོ།། ༩༥ སྒྲོལ་མའི་རྟོགས་པ་ལས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། པད་ཟླ་ལ་ཨ་ལས་ཨུཏྤལ་དམར་པོའི་སྟེང་དུ། ཨ་ལས་ཟླ་བ་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཀུ་རུ་ཀུལླེ་མ་སྐུ་མདོག་དམར་མོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། ཕྱག་བཞིའི་གཡས་མཆོག་སྦྱིན་དང་མདའ། གཡོན་ཨུཏྤལ་དང་གཞུ། གོས་དང་རྒྱན་དམར་པོ། འོད་དཔག་མེད་ཀྱིས་དབུ་བརྒྱན་ཏེ། ཀུ་རུ་ཀུལླེའི་རིའི་ཕུག་ན་སྒྲ་གཅན་གྱི་སྟེང་གི་པད་དམར་ལ་གནས་པའི་འདོད་ལྷ་ཆུང་མར་བཅས་པའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཾཿསྭཱ་ཧཱ། ཞེས་བཟླའོ།། ༩༦ ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། པད་ཟླ་ལ་ཨ་ལས་ཨུཏྤལ་དམར་པོའི་སྟེང་དུ། ཨ་ལས་ཟླ་བ་ལ་ས་བོན་ཏཱཾ་མམ་སྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་པོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། ཕྱག་བཞིའི་དང་པོ་གཉིས་ཨུཏྤ་ལའི་མདའ་གཞུ་འགེངས་པ། ལྷག་མ་མཆོག་སྦྱིན་དང་ཨུཏྤལ། གོས་དང་རྒྱན་དམར་པོ། འོད་དཔག་མེད་ཀྱིས་དབུ་བརྒྱན་ཏེ། ཀུ་རུ་ཀུལླེའི་རིའི་ཕུག་ན་སྒྲ་གཅན་གྱི་སྟེང་གི་པད་དམར་ལ་གནས་པའི་འདོད་ལྷ་ཆུང་མར་བཅས་པའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཞེས་བཟླའོ།། ༩༧ ཡང་ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། པད་ཟླ་ལ་ཨ་ལས་ཨུཏྤལ་དམར་པོའི་སྟེང་དུ། ཨ་ལས་ཟླ་བ་ལ་ས་བོན་ཏཱཾ་མམ་སྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། ཕྱག་བཞིའི་དང་པོ་གཉིས་མི་འཇིགས་པའི་ཕྱག་རྒྱ་དང་ནོར་བུ། ལྷག་མ་གཉིས་མདའ་དང་གཞུ། གོས་དང་རྒྱན་དམར་པོ། འོད་དཔག་མེད་ཀྱིས་དབུ་བརྒྱན་ཏེ། ཀུ་རུ་ཀུལླེའི་རིའི་ཕུག་ན་སྒྲ་གཅན་གྱི་སྟེང་གི་པད་དམར་ལ་གནས་པའི་འདོད་ལྷ་ཆུང་མར་བཅས་པའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཿཨ་མུ་ཀ་མེ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླའོ།། ༩༨ ཨོ་ཌཱི་ཡ་ཎ་ལས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས་ནི། རྭ་གུར་གྱི་ནང་དུ་ཆོས་འབྱུང་པད་ཟླའི་གདན་ལ། སྲཱིཿདམར་མོ་ལས་ཨུཏྤལ་དམར་པོའི་ཟེའུ་འབྲུར། ཉི་མ་ལ་སྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། གཞོན་ཞིང་སྟག་ཤམ་ཅན། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་འོད་དཔག་ཏུ་མེད་པ་བཞུགས་པ། རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག་དམར་པོའི་གཞུ་དང་ཨུཏྤལའི་མདེའུ་ཅན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་ཨུཏྤ་ལའི་ཞགས་པ་དང་པདྨ་དམར་པོའི་ལྕགས་ཀྱུ་བསྣམས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཿ ཞེས་བཟླའོ།། ༩༩ ཀྱཻ་རྡོ་རྗེ་ལས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། སྲཱིཿདམར་པོ་ལས་ཨུཏྤལ་དམར་པོའི་ཟེའུ་འབྲུར། ཉི་མ་ལ་སྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་འོད་དཔག་ཏུ་མེད་པ་བཞུགས་པ། རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག་དམར་པོའི་གཞུ་དང་ཨུཏྤ་ལའི་མདེའུ་ཅན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཨུཏྤལ་དམར་པོ་བསྣམས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཞེས་བཟླའོ།། ༡༠༠ ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། སྙིང་གར་ཟླ་བ་ལ་ཧཱུྃ་ལས་ཁམས་གསུམ་དབང་དུ་བྱས་པས་ལུས་ལ་ཞུགས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། ཕྱག་དྲུག་གི་དང་པོ་གཉིས་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱ། གཉིས་པ་གཉིས་ལྕགས་ཀྱུ་དང་ཨུཏྤལ། མཐའ་མ་གཉིས་མདའ་གཞུ་རྣ་བའི་བར་དུ་འགེངས་པ། རྒྱན་གྱིས་བརྒྱན་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་པ། རིགས་བདག་རིགས་ལྔའོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཞེས་བཟླའོ།། ༡༠༡ རིག་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས་ནི། གཞལ་ཡས་ཁང་གི་དབུས་སུ་པད་ཟླ་ལ། ཧཱུྃ་ལས་ཁམས་གསུམ་དབང་དུ་བྱས་པས་ལུས་ལ་ཞུགས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ། ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན་དུ་ལྟ་བ། ཕྱག་བརྒྱད་ཀྱི་དང་པོ་གཉིས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ། ལྷག་མའི་གཡས་ལྕགས་ཀྱུ། རྣ་བའི་རྩར་འགེངས་པའི་མདའ། མཆོག་སྦྱིན། གཡོན་ཞགས་པ། གཞུ། ཨུཏྤལ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པད་ཉི་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་དུ་དྭངས་པའི་སྒྲོལ་མ། ལྷོར་རྫོགས་པའི་སྒྲོལ་མ། ནུབ་ཏུ་རྒྱལ་བའི་སྒྲོལ་མ། བྱང་དུ་རྣ་བའི་སྒྲོལ་མ། དབང་ལྡན་དུ་ཙུནྡ། མེར་གཞན་གྱིས་མི་ཐུབ་མ། བདེན་བྲལ་དུ་མར་མེའི་སྒྲོལ་མ། རླུང་དུ་གཽ་རིའི་སྒྲོལ་མ། ཐམས་ཅད་ཀྱང་སེར་མོ་རྒྱན་གྱིས་བརྒྱན་ཏེ། དེ་བཞིན་གཤེགས་པ་ལྔ་ལྔས་དབུ་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་སྒོར་རྡོ་རྗེ་རོ་ལངས་མ་དམར་མོ། གཡས་སྡིགས་མཛུབ་དང་ལྕགས་ཀྱུ། གཡོན་དྲིལ་བུ་དང་ཞགས་པ། ལྷོ་སྒོར་གཞན་གྱིས་མི་ཐུབ་མ་སེར་མོ། གཡས་དབྱུག་པ་དང་ལྕགས་ཀྱུ། གཡོན་དྲིལ་བུ་དང་ཞགས་པ། ནུབ་སྒོར་རལ་གཅིག་མ་ནག་མོ། གཡས་རྡོ་རྗེ་དང་ལྕགས་ཀྱུ། གཡོན་དྲིལ་བུ་དང་ཞགས་པ། བྱང་སྒོར་རྡོ་རྗེ་གནྡྷ་རི་ལྗང་ཁ། གཡས་ཁ་ཊྶཱཾ་དང་ལྕགས་ཀྱུ། གཡོན་དྲིལ་བུ་དང་ཞགས་པ། ཁྲོ་མོའི་ཆས་ཅན་ཞབས་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་རིགས་ལྔའོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཞེས་བཟླའོ།། ༡༠༢ རིག་བྱེད་མ་དཀར་མོའི་སྒྲུབ་ཐབས་ནི། སྲཱིཿལས་ཨུཏྤལ་ཟླ་བ་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རིག་བྱེད་མ་བདུད་རྩི་འཛག་ཅིང་ཟླ་བ་ལྟ་བུའི་སྐུའི་ཕྱག་གཉིས་ཨུཏྤ་ལའི་བགྲང་ཕྲེང་དང་བདུད་རྩི་བུམ་པ་བསྣམ་པ། སྤྱན་གསུམ་པ། སངས་རྒྱས་རིག་མ་དང་བཅས་པས་དབང་བསྐུར་བཞིན་པ། ཀླུ་བརྒྱད་ཀྱིས་བརྒྱན་ཏེ་པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ཞེས་བཟླའོ།། ༡༠༣ རིག་བྱེད་མ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། སྲཱིཿལས་རིག་བྱེད་མ་སྐུ་མདོག་དཀར་མོ་དབུ་སྐྲ་དམར་སེར་ཐོད་པ་ལྔས་བརྒྱན་པ། ཕྱག་དྲུག་གི་དང་པོ་གཉིས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ། དེའི་འོག་མ་གཉིས་མི་འཇིགས་པ་དང་ཀུནྡ་དཀར་པོའི་དོག་པ། ལྷག་མ་གཉིས་བགྲང་འཕྲེང་དང་སྤྱི་བླུགས། རྒྱན་གྱིས་མཛེས་པས་གཞོན་ཞིང་བྱ་ཁྱུང་གི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀྵ་ཀུ་རུ་ཀུལླེ་སྲཱིཿན་མོ་བཽ་ཥ་ཊ་སྭཱ་ཧཱ། ཞེས་བཟླའོ།། ༡༠༤ གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བྷྲཱུཾ་དཀར་པོ་ལས་གཙུག་ཏོར་རྣམ་རྒྱལ་མ་ཟླ་བ་ལྟ་བུར་དཀར་བ། གཡས་ཞལ་སེར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོ་བ། རྩ་ཞལ་མཆེ་བས་མ་མཆུ་ཅང་ཟད་མནན་ཞིང་སྤྱན་གསུམ་པ། གཡས་ཀྱི་ཕྱག་བཞིས་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་གནས་པའི་སངས་རྒྱས་འོད་དཔག་མེད་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱག་བཞིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་། མི་འཇིགས་པའི་ཕྱག་རྒྱ་དང་། བུམ་པ་གང་བ་འཛིན་པ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་སྒེག་པའི་ཉམས་དང་ལྡན་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ནས་མཆོད་རྟེན་གྱི་ཕུག་གི་ནང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོ། དཔྲལ་བ། མགྲིན་པ། ལྟེ་བ། རྐང་པར། ཨོཾ་ཧཱུྃ་ཏྲཾ་སྲཱིཿཨཱཿརྣམས་རིམ་པ་བཞིན་འཁོད་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་བཟླའོ།། ༡༠༥ རྣམ་པར་རྒྱལ་མ་ལྷ་བདུན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བྷྲཱུཾ་དཀར་པོ་ལས་གཙུག་ཏོར་རྣམ་པར་རྒྱལ་མ་ཟླ་བ་ལྟ་བུར་དཀར་བ། གཡས་ཞལ་སེར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོ་བ། རྩ་ཞལ་མཆེ་བས་མ་མཆུ་ཅུང་ཟད་མནན་ཞིང་སྤྱན་གསུམ་པ། གཡས་ཀྱི་ཕྱག་བཞིས་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་གནས་པའི་སངས་རྒྱས་འོད་དཔག་མེད་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱག་བཞིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་། མི་འཇིགས་པའི་ཕྱག་རྒྱ་དང་། བུམ་པ་གང་བ་འཛིན་པ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་སྒེག་པའི་ཉམས་དང་ལྡན་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ནས་མཆོད་རྟེན་གྱི་ཕུག་གི་ནང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོ། དཔྲལ་བ། མགྲིན་པ། ལྟེ་བ། རྐང་པར། ཨོཾ་ཧཱུྃ་ཏྲཾ་སྲཱིཿཨཱཿ རྣམས་རིམ་པ་བཞིན་འཁོད་པ། གཡས་སུ་འཇིག་རྟེན་དབང་ཕྱུག་དཀར་པོ་རྔ་ཡབ་དང་པདྨ་བསྣམས་པ། གཡོན་དུ་ཕྱག་རྡོར་སྔོན་པོ་རྔ་ཡབ་དང་ཨུཏྤལ་ལ་གནས་པའི་རྡོ་རྗེ། ཕྱོགས་བཞིར་མི་གཡོ་བ་རལ་གྲི། འདོད་རྒྱལ་ལྕགས་ཀྱུ། དབྱུག་སྔོན་ཅན་དབྱུག་པ། གནོད་མཛེས་རྡོ་རྗེ། ཁྲོ་བོ་དེ་ཐམས་ཅད་སྔོན་པོ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་བྷྲཱུཾ་སྭཱ་ཧཱ། ཞེས་སྙིང་པོ་དང་། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་ཉེ་སྙིང་དང་། ཨོཾ་ཨཱ་མྲྀ་ཏེ་ཨ་མྲྀ་ཏོཏབྷ་བེ་ཨ་མྲྀ་ཏ་བི་ཀྲནྟེ་ཨ་མི་ཏ་གཱ་ཏེ་ཨ་མི་ཏ་ག་མི་ནི་ཨ་མི་ཏཱ་ཨ་ཡུརྡ་དེ་ག་ག་ན་ཀིརྟེ་ཀ་རེ་སརྦ་ཀ་ལེ་ཤ་ཀྵ་ཡཾ་ཀ་རེ་ཡེ་སྭཱ་ཧཱ། ཞེས་འཕྲེང་སྔགས་དང་། སྤྲོ་ན་རྒྱས་པ་གཟུངས་རིང་བཅས་བཟླའོ།། ༡༠༦ གཙུག་ཏོར་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས་ནི། པད་ཟླ་ལ་ཨོཾ་དཀར་པོ་ལས་གདུགས་དཀར་མོ་གཞན་གྱིས་མི་ཐུབ་མ། གཡས་སྔོ་གཡོན་དམར་དབུས་དཀར་བའི་ཞལ། སྤྱན་གསུམ་གསུམ་མངའ་བ། ཕྱག་དྲུག་གི་གཡས་འཁོར་ལོ་དང་། ལྕགས་ཀྱུ། གཞུ། གཡོན་རིན་པོ་ཆེ་དང་། རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ། མདའ། ཁྲོ་མོའི་ཉམས་ཅན་གདོན་ཐམས་ཅད་འཇོམས་པར་མཛད་མ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ནས་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་བཤད་ཐག་པ་དེའོ། །སྔགས་ནི། ཨོཾ་སི་ཏཱ་ཏ་པ་ཏྲ་ཨ་ར་ཛི་ཏེ་སརྦ་གྲ་ཧཱ་ན་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲུཾ་དྲུཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༠༧ ཕྱིར་བཟློག་མ་ཆེན་མོའི་གཙུག་ཏོར་ནག་མོའི་སྒྲུབ་ཐབས་ནི། ཧཱུྃ་ལས་ཕྱིར་ཟློག་མ་ཆེན་མོ་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་དྲུག་གི་གཡས་རལ་གྲི། ལྕགས་ཀྱུ། མཆོག་སྦྱིན། གཡོན་པད་དམར། རྩེ་གསུམ། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གནས་པ། མི་བསྐྱོད་པས་དབུ་བརྒྱན་ཅིང་། རྒྱན་ཐམས་ཅད་ཀྱིས་སྤྲས་པ། རིགས་བདག་སྨོས་མ་ཐག་པ་དེའོ། །སྔགས་ནི། ཨོཾ་སི་ཏཱ་ཏ་པཱ་ཏྲེ་ཨ་ར་ཛི་ཏེ་སརྦ་གྲ་ཧཱ་ན་ཏྲཱ་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲུཾ་དྲུཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༠༨ གཞན་གྱིས་མི་ཐུབ་མ་གཙུག་ཏོར་སེར་མོའི་སྒྲུབ་ཐབས་ནི། སྐད་ཅིག་གིས་གཞན་གྱིས་མི་ཐུབ་མ་སེར་མོ། ཞལ་གཅིག་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། ཕྱག་གཉིས་ཀྱི་གཡས་པས་ཐལ་ལྕགས་བརྡེག་པའི་ཚུལ་དང་། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གནས་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཏེ་ཚོགས་བདག་གི་སྟེང་ན་བཞུགས་ཤིང་དྲག་པོའི་ལྷ་རྣམས་ཀྱིས་བསྐོར་བ། རིགས་བདག་རྣམ་སྣང་ངོ་། སྔགས་ནི། ཨོཾ་སི་ཏཱ་ཏ་པཱ་ཏྲ་ཨ་ར་ཛི་ཏེ་སརྦ་གྲ་ཧཱ་ན་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲུཾ་དྲུཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༠༩ རྡོ་རྗེ་ཙར་ཙི་ཀའི་སྒྲུབ་ཐབས་ནི། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ཙར་ཙི་ཀ་དམར་མོ། ཞལ་གཅིག་མཆེ་བ་གཙིགས་ཤིང་སྤྱན་གསུམ་མ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། རལ་གྲི། འཁོར་ལོ། གཡོན་ཐོད་པ། ནོར་བུ། ཆུ་སྐྱེས། སྐུ་ཕུང་རིད་ཅིང་མི་མགོའི་འཕྲེང་བ་དང་། ཕྱག་རྒྱ་དང་སྟག་ཤམ་གྱིས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བཛྭ་ཙརྩི་ཀེ་ཧཱུྃ་སྭཱ་ཧཱ། ཞེས་བཟླའོ།། ༡༡༠ སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་པྲཾ་སེར་པོ་ལས་སོ་སོར་འབྲང་མ་སྐུ་མདོག་ཤིན་ཏུ་སེར་པོ། རིན་འབྱུང་དང་རིན་པོ་ཆེའི་ཅོད་པན་ཅན། སེར་དཀར་སྔོ་དམར་བའི་ཞལ་བཞི་སྤྱན་གསུམ་གསུམ་མངའ་བ། ཕྱག་གཡས་པ་བཞིས་རལ་གྲི། འཁོར་ལོ། རྩེ་གསུམ། མདའ། གཡོན་པ་བཞིས་ཞགས་པ། དགྲ་སྟ། རྡོ་རྗེ། གཞུ། ལང་ཚོས་སྙེམ་ཞིང་རིན་པོ་ཆེའི་རྒྱན་དང་ལྷའི་ན་བཟའ་འཛིན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་རིན་འབྱུང་ངོ་། །སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྭི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླ། ཡང་ན། སེར་དཀར་དམར་བའི་ཞལ་ཞེས་བསྒྱུར་ཁྱད་ཙམ་མ་གཏོགས་གཞན་སྔར་བཞིན་ནོ།། ༡༡༡ རྨ་བྱ་ཆེན་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་མཱཾ་ལྗང་གུ་ལས་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་ཁུ། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རྨ་བྱའི་སྒྲོ་མདོངས། མདའ་དང་། མཆོག་སྦྱིན། གཡོན་ན་རིན་པོ་ཆེའི་ཆུན་པོ། གཞུ་དང་། པདྨ་ལ་གནས་པའི་བུམ་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། དོན་གྲུབ་ཀྱིས་དབུ་བརྒྱན་པ། རིགས་བདག་དེ་ཀའོ། །སྔགས་ནི། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་གརྦ་སཾ་རཀྵ་ཎི་ཨ་ཀརྵ་ཎི་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་སམ། ཡང་ན། ཨོཾ་མ་ཧཱ་མ་ཡཱུ་རི་བིདྱཱ་རཱ་ཛྙྱཱི་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༡༢ སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བྷྲཱུཾ་ལས་སྟོང་ཆེན་རབ་ཏུ་འཇོམས་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་དྲུག་གི་གཡས་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་ན་གཞུ། ཞགས་པ། དགྲ་སྟ་འཛིན་པ། རྒྱན་སྣ་ཚོགས་པས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྣམ་སྣང་གིས་དབུ་བརྒྱན་པ། རིགས་བདག་དེ་ཀའོ། །སྔགས་ནི། ཨོཾ་ཨ་མྲྀ་ཏ་པ་རེ་ཝ་ར་བ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༡༣ གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཧཱུྃ་ལས་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་མཆོག་སྦྱིན། གཡོན་གཉིས་ཞགས་པ་དང་དགྲ་སྟ། རྒྱན་སྣ་ཚོགས་པས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་མི་བསྐྱོད་པས་དབུ་བརྒྱན་པ། རིགས་བདག་དེའོ། །སྔགས་ནི། ཨོཾ་བི་མུ་ལེ་བི་པུ་ལེ་ཛ་ཡ་ཝ་རེ་ཨ་མྲི་ཏེ་བེ་ར་ཛེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༡༤ བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་ཛཾ་ལས་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་བཞི་མ། གཡས་བགྲང་འཕྲེང་དང་མཆོག་སྦྱིན། གཡོན་ལྕགས་ཀྱུ་དང་ཐུགས་ཀར་པོ་ཏི་བསྣམས་པ། རྒྱན་སྣ་ཚོགས་པས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲ་ནི་ཡ་ཝ་ཡ་བི་ཤོ་དྷ་ནི་རུ་རུ་ཙ་ལ་ཡེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༡༥ སོ་སོར་འབྲང་མ་ཞལ་གསུམ་ཕྱག་བཅུ་མ་གཙོ་བོར་བྱས་པའི་བསྲུང་བ་ལྔའི་སྒྲུབ་ཐབས་ནི། པད་ཟླ་ལ་པྲཾ་སེར་པོ་ལས་སོ་སོར་འབྲང་མ་སྐུ་མདོག་ཤིན་ཏུ་སེར་བ། རིན་འབྱུང་དང་རིན་པོ་ཆེའི་ཅོད་པན་ཅན། སེར་ནག་དཀར་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ཕྱག་གཡས་པ་ལྔས་རལ་གྲི། རྡོ་རྗེ། མདའ། མཆོག་སྦྱིན། ཐུགས་ཀར་གནས་པའི་ཕྱག་གིས་མདུང་། གཡོན་པ་ལྔས་གཞུ། རྒྱལ་མཚན། རིན་པོ་ཆེའི་ཆུན་པོ། དགྲ་སྟ། དུང་བསྣམས་པ། ལང་ཚོས་སྙེམ་ཞིང་རིན་པོ་ཆེའི་རྒྱན་དང་ལྷའི་ན་བཟའ་འཛིན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། པད་ཟླ་ལ་མཱཾ་ལྗང་ཁུ་ལས་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་ཁུ། ཞལ་གཅིག་ཕྱག་གཉིས་ཀྱིས་རྨ་བྱའི་མདོངས་དང་མཆོག་སྦྱིན། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་དོན་གྲུབ་ཀྱིས་དབུ་བརྒྱན་པ། པད་ཟླ་ལ་བྷྲཱུཾ་ལས་སྟོང་ཆེན་རབ་ཏུ་འཇོམས་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་དྲུག་གི་གཡས་པས་རལ་གྲི། མདའ། མཆོག་སྦྱིན། གཡོན་པས་གཞུ། ཞགས་པ། དགྲ་སྟ་འཛིན་པ། རྒྱན་སྣ་ཚོགས་པས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྣམ་སྣང་གིས་དབུ་བརྒྱན་པ། པད་ཟླ་ལ་ཧཱུྃ་ལས་གསང་སྔགས་ཆེན་པོ་རྗེས་སུ་འཛིན་མ་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་བཞིའི་གཡས་རལ་གྲི་དང་མཆོག་སྦྱིན། གཡོན་ཞགས་པ་དང་དགྲ་སྟ། རྒྱན་སྣ་ཚོགས་པས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་མི་བསྐྱོད་པས་དབུ་བརྒྱན་པ། པད་ཟླ་ལ་ཛཾ་ལས་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་བཞི་མ། གཡས་རལ་གྲི་དང་མཆོག་སྦྱིན། གཡོན་དགྲ་སྟ་དང་ཞགས་པ་འཛིན་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་གཞོན་ནུ་རྣམ་པར་སྒེག་མ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཞིང་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་རྣམས་ཀྱིས་བསྐོར་བ། སོ་སོའི་རིགས་བདག་གོང་གསལ་ལྟར་རོ། །སོ་སོ་འབྲང་མའི་སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྭི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། རྨ་བྱ་ཆེན་མོའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་གརྦ་སཾ་རཀྵ་ཎི་ཨ་ཀརྵ་ཎི་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་སམ། ཡང་ན། ཨོཾ་མ་ཧཱ་མ་ཡུ་རི་བིདྱཱ་རཱ་ཛྙྱཱི་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། སྟོང་ཆེན་རབ་འཇོམས་མའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་པ་རི་ཝཱ་ར་བ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། གསང་སྔགས་རྗེས་འཛིན་མའི་སྔགས་ནི། ཨོཾ་བི་མུ་ལེ་བི་པུ་ལེ་ཛ་ཡེ་ཝ་ར་ཨ་མྲྀ་ཏེ་བི་ར་ཛེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། བསིལ་བའི་ཚལ་མའི་སྔགས་ནི། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲ་ནི་ཡ་ཝ་ཡ་བི་ཤོ་དྷ་ནི་རུ་རུ་ཙ་ལ་ཡེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་རིམ་པས་བཟླའོ།། ༡༡༦ སྲུང་བ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ནི། ཧཱུྃ་ལས་རྡོ་རྗེའི་གུར་དང་ས་གཞི། སུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་པྲཾ་གྱིས་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས་ཏེ་ཐིམ་པ་ལས། སོ་སོར་འབྲང་མ་ཆེན་མོ་སྐུ་མདོག་དཀར་མོ། སྤྱི་བོར་ཟླ་བ་ལ་མཆོད་རྟེན། དཀར་ནག་སེར་དམར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་ན་འཁོར་ལོ། རྡོ་རྗེ། མདའ། རལ་གྲི། གཡོན་ན་རྡོ་རྗེའི་ཞགས་པ། རྩེ་གསུམ། གཞུ། དགྲ་སྟ། ལང་ཚོས་སྙེམ་ཞིང་རིན་པོ་ཆེའི་རྒྱན་དང་ལྷའི་ན་བཟའ་འཛིན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། བྱང་ཆུབ་ཀྱི་ཤིང་གིས་ཉེ་བར་མཛེས་ཤིང་། ཤར་དུ་སྣ་ཚོགས་པདྨར་ཧཱུྃ་གིས་མཚན་པ་ལས་སྟོང་ཆེན་རབ་འཇོམས་ནག་མོ་ཁྲོ་མོ། ཐོད་པས་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་འབྱུང་པོ་དང་གནོད་སྦྱིན་ཆེན་པོ་ཀུན་ནས་གནོན་པ། རྒྱན་གྱིས་བརྒྱན་པ། ནག་དཀར་སེར་ལྗང་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་བཞི་མཆོག་སྦྱིན། ལྕགས་ཀྱུ། མདའ། རལ་གྲི། གཡོན་བཞི་སྡིགས་མཛུབ་དང་བཅས་པའི་ཞགས་པ། དགྲ་སྟ། གཞུ། པདྨའི་སྟེང་དུ་རིན་པོ་ཆེ་ཆ་དྲུག་པ། ལྷོར་པད་ཟླ་ལ་མཱཾ་ལས་རྨ་བྱ་ཆེན་མོ་གསེར་མདོག་ཅན། ཉི་མ་ལ་སེམས་སྐྱིལ་གྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེར་ནག་དམར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱི་གཡས་བཞི་མཆོག་སྦྱིན། བུམ་པ། འཁོར་ལོ། རལ་གྲི། གཡོན་བཞི་ལྷུང་བཟེད་སྟེང་ན་དགེ་སློང་། རྨ་བྱའི་མདོངས། བུམ་པའི་སྟེང་ན་སྣ་ཚོགས་རྡོ་རྗེ། རིན་པོ་ཆེའི་རྒྱལ་མཚན། ནུབ་ཏུ་པད་ཟླ་ལ་མཱཾ་ལས་གསང་སྔགས་རྗེས་སུ་འཛིན་མ་དཀར་མོ། རྒྱན་དང་ཤྲཱི་རི་པའི་ཤིང་གིས་མཛེས་པ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཆོས་ཀྱི་འཁོར་ལོ། གཉིས་པ་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། གཡས་པའི་ལྷག་མས་མཆོག་སྦྱིན། མི་འཇིགས་པ། རྡོ་རྗེ། མདའ། གཡོན་པའི་ལྷག་མས་སྡིགས་མཛུབ་དང་བཅས་པའི་ཞགས་པ། མདའ། རིན་པོ་ཆེའི་དོག་པ། པདྨ། བྱང་དུ་པད་ཟླར་ཏཱཾ་ལས་བསིལ་བའི་ཚལ་མ་སྐུ་མདོག་ལྗང་ཁུ། རྒྱན་གྱིས་བརྒྱན་ཏེ་གཡས་བརྐྱང་གིས་ཉི་མ་ལ་བཞུགས་པ། ལྗང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་མི་འཇིགས་པ། རྡོ་རྗེ། མདའ། གཡོན་རྣམས་རིན་པོ་ཆེའི་རྒྱལ་མཚན། ཞགས་པ་དང་བཅས་པའི་སྡིགས་མཛུབ། གཞུ་འཛིན་པ། དེ་རྣམས་ཀྱིས་བསྐོར་བ། རིགས་བདག་དབུས་ལ་རྣམ་སྣང་། ཤར་དུ་མི་བསྐྱོད་པ། ལྷོར་རིན་བྱུང་། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་གྲུབ་བོ། །སོ་སོར་འབྲང་མའི་སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྭི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། སྟོང་ཆེན་མོའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་པ་རེ་ཝ་ར་བ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། རྨ་བྱ་ཆེན་མོའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ཎི་གརྦྷ་སཾ་རཀྵ་ནི་ཨ་ཀརྵ་ནི་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། གསང་སྔགས་རྗེས་འཛིན་མའི་སྔགས་ནི། ཨོཾ་བི་མུ་ལེ་བི་པུ་ལ་ཛ་ཡེ་ཝ་ར་ཨ་མྲྀ་ཏེ་བི་ར་ཛེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། བསིལ་ཚལ་མའི་སྔགས་ནི། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲ་ནི་ཡ་ཝ་ཡ་བི་ཤོ་དྷ་ནི་རུ་རུ་ཙ་ལ་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་རིམ་པས་བཟླའོ།། ༡༡༧ རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུྃ་ལས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནག་མོ། ནག་དམར་ལྗང་བའི་ཞལ་གསུམ། ཕྱག་བཞིའི་གཡས་རལ་གྲི་དང་ཞགས་པ། གཡོན་རྡོ་རྗེའི་ཁ་ཊྶཱཾ་དང་འཁོར་ལོ། ཐོད་པ་ལྔ་དང་མི་བསྐྱོད་པའི་ཅོད་པན་གྱིས་དབུ་བརྒྱན་པ། སྟོད་གཡོགས་སེར་པོ་དང་སྟག་ཤམ་ཅན། མཆེ་བ་གཙིགས་ཤིང་ལྟོ་བ་འཕྱང་བ། ཉི་མ་ལ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སརྦ་གྲ་ཀྵེ་ཊ་དྷྱ་མི་ཀ་ར་ཎི་སྭཱ་ཧཱ། ཞེས་བཟླའོ།། ༡༡༨ རྒྱལ་མཚན་རྩེ་མོ་ཞལ་བཞི་ཕྱག་བཞི་མའི་སྒྲུབ་ཐབས་ནི། པད་ཉི་ལ་དྷྭ་སེར་མོ་ལས་གཡུལ་ལས་རྒྱལ་བར་བྱེད་པའི་ལྷ་མོ་གསེར་མདོག་མ། སེར་དམར་དཀར་བའི་ཞལ་གསུམ་དང་སྟེང་ཞལ་དུད་ཁ། ཕྱག་བཞིའི་དང་པོ་གཉིས་རལ་གྲི་དང་། སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ། འོག་མ་གཉིས་འཁོར་ལོ་དང་། རྡོ་རྗེ་མཚན་པའི་གཏུན་ཤིང་དཀར་པོ། གཡོན་དུ་རྩེ་གསུམ་ལ་འཁྱུད་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་བཅིངས་པ། ཐོད་པ་ལྔ་དང་མི་བསྐྱོད་པའི་ཅོད་པན་གྱིས་དབུ་བརྒྱན་པ། སྟོད་གཡོགས་སེར་པོ་དང་སྟག་ཤམ་ཅན། མཆེ་བ་གཙིགས་ཤིང་ལྟོ་བ་འཕྱང་བ། ཉི་མ་ལ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སརྦ་གྲ་ཀྵེ་ཊ་དྷྱཱ་མི་ཀ་ར་ཎི་སྭཱ་ཧཱ། ཞེས་བཟླའོ།། ༡༡༩ རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་ནི། སྐད་ཅིག་གིས་རྡོ་རྗེ་གནྡྷཱ་རི་སྐུ་མདོག་ནག་མོ། ནག་དཀར་སེར་དམར་ལྗང་སྔོ་བའི་ཞལ་དྲུག ཕྱག་བཅུ་གཉིས་ཀྱི་གཡས་པས་རྡོ་རྗེ། དྲིལ་བུ། རལ་གྲི། ཏྲི་ཤུ་ལ། མདའ། འཁོར་ལོ་བསྣམས་པ། གཡོན་པས་ཁ་ཊྶཱཾ་ག ལྕགས་ཀྱུ། གཞུ། དགྲ་སྟ། ཞགས་པ། སྙིང་གར་སྡིགས་མཛུབ། ཞབས་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་བཟླའོ།། ༡༢༠ རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། པད་ཟླའི་གདན་ལ་ཧཱུྃ་ལྗང་ག་ལས་རྡོ་རྗེ་ལྕགས་སྒྲོག་མ་སྐུ་མདོག་ལྗང་ག ལྗང་སྔོ་དཀར་བའི་ཞལ་གསུམ་བཞད་ཅིང་། སྤྱན་གསུམ་པ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། ལྕགས་སྒྲོག མདའ། གཡོན་པ་སྡིགས་མཛུབ། ཞགས་པ། གཞུ། རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་དོན་གྲུབ་བོ། །སྔགས་ནི། ཨོཾ་བཛྭ་ཤྲཱི་ཁ་ལེ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༢༡ རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས་ནི། སྣ་ཚོགས་པད་ཉི་ལ་ཧཱུྃ་ལྗང་སེར་ལས་རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ ཞལ་དང་པོ་བཞད་པ། གཡས་སེར་སྐྱ་སྤྱན་སེར་སྐྱ་དང་ལྡན་པ། གཡོན་དམར་ཞིང་ཁྲོ་བ། ཕྱག་བརྒྱད་ཀྱི་གཡས་བཞི་མི་འཇིགས་པ་དང་། རྡོ་རྗེ། ལྕགས་སྒྲོག མདའ། གཡོན་བཞི་ཁྲག་གིས་གང་བའི་ཐོད་པ། སྡིགས་མཛུབ། ཞགས་པ། གཞུ། རོལ་པའི་སྟབས་ཀྱིས་བཞུགས་པ། བྱི་བའི་པགས་པས་སྟོད་གཡོགས་བྱས་ཤིང་དོན་གྲུབ་ཀྱིས་དབུ་བརྒྱན་པ། རིགས་བདག་དེའོ། །སྔགས་ནི། ཨོཾ་བཛྭ་ཤྲཱི་ཁ་ལེ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༢༢ ནོར་རྒྱུན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བཾ་ལས་ནོར་རྒྱུན་མ་སྐུ་མདོག་གསེར་ལྟ་བུ། ནོར་སྦྱིན་གྱི་བུ་མོ་བརྒྱད་གཉིས་ལོན་པའི་བྱིན་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། མདུན་དུ་དཔལ་གྱི་ནོར། གཡས་སུ་ནོར་སྟེར་མ། རྒྱབ་ཏུ་དཔལ་གྱི་ནོར། གཡོན་དུ་ནོར་བུའི་བློ་བརྟན་མ། དེ་ཐམས་ཅད་གཙོ་མོ་དང་མཚུངས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བ་སུ་དྷཱ་རཱི་ཎི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་ནི་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཱ་སུ་མུ་ཁི་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཞེས་བཟླའོ།། ༡༢༣ ཡང་ནོར་རྒྱུན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བཾ་ལས་ནོར་རྒྱུན་མ་སྐུ་མདོག་གསེར་ལྟ་བུ། ནོར་སྦྱིན་གྱི་བུ་མོ་བརྒྱད་གཉིས་ལོན་པའི་བྱིན་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་བཞིན་པའི་བུམ་པ་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། མདུན་དུ་དཔལ་གྱི་ནོར། གཡས་སུ་ནོར་སྟེར་མ། རྒྱབ་ཏུ་དཔལ་གྱི་ནོར། གཡོན་དུ་ནོར་བུའི་བློ་བརྟན་མ། དེ་ཐམས་ཅད་གཙོ་མོ་དང་མཚུངས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བ་སུ་དྷ་རི་ནི་ཀྵེ་ཊེ་སྭཱ་ཧཱ། ཞེས་སམ། ཡང་ན། ཨོཾ་བ་སུ་དྷ་ར་རཏྣ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་བཟླའོ།། ༡༢༤ རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི། ནམ་མཁའ་ལ་ཡཾ་རཾ་བཾ་ལཾ་ལས་འབྱུང་བཞི། སུཾ་ལས་རི་རབ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་རྭ་གུར་དང་བཅས་པའི་ནང་དུ་གཞལ་ཡས་ཁང་གི་ནང་། པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལ། ཨཱ་ལི་ལས་ཟླ་བ་དང་ཀཱ་ལི་ལས་ཉི་མ་ཁ་སྦྱར་བའི་ནང་དུ། རྡོ་རྗེ་བཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཆར་ཀའི་ཁ་དོག་ཅན། ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ཁ་ཊྶཱཾ་ག་ལ་བརྟེན་ཅིང་། ཞལ་གཅིག་ཁྲོ་འཛུམ་སྤྱན་གསུམ་མངའ་བ། སྐྲ་གྲོལ་བ་ཕྱག་རྒྱ་དྲུག་དང་ཐོད་སྐམ་གྱིས་དབུ་བརྒྱན་ཅིང་མགོ་རློན་གྱི་དོ་ཤལ་འཕྱང་བ། གཅེར་མོ་ལྷན་ཅིག་སྐྱེས་དགའི་རང་བཞིན་གྱི་ལང་ཚོ་རྒྱས་པ། ཞབས་གཡས་བརྐྱང་གིས་འཇིགས་བྱེད་དང་དུས་མཚན་མ་མནན་པ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་རྣམས་ཞལ་གཅིག་ཕྱག་བཞིས་གྲི་གུག་དང་། ཌཱ་མ་རུ་དང་། ཐོད་པ་དང་། ཁ་ཊྶཱཾ་ག་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་གཅེར་མོ་གཡས་བརྐྱང་གིས་བཞུགས་པ། མཚམས་ལ་བྱང་ཆུབ་སེམས་སོགས་བདུད་རྩིས་གང་བའི་ཐོད་པ། ལྟེ་བར་ཨོཾ་བཾ། སྙིང་གར་ཧཾ་ཡོཾ། མགྲིན་པར་སྲཱི་མོཾ། དཔྲལ་བར་སྲིཾ་སྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། སྐེད་པར་ཨོཾ་ཧཱུྃ་ཁཾ་ཨཾ་ཏྲཾ་བྷྲཱུཾ་རྣམས་ཀྱིས་མཚན་པ། རིགས་བདག་རྣམ་སྣང་ངོ་། །སྔགས་ནི། ཨོཾ་བཛྭ་བཻ་རོ་ཙ་ན་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༢༥ ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་ནི། པཾ་དམར་པོ་ལས་པདྨ། ཨཾ་ལས་སྐྱེས་པའི་ཉི་མར་ཧཱུྃ་ཡིག་དཀར་པོ་ལས། ཉི་མ་ལ་སྲཱིཿདཀར་པོས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ། དེའི་འོད་ཀྱིས་དོན་གཉིས་མཛད་དེ་ཉི་མ་ལ་ཞུགས་པ་རྣམས་ཡོངས་སུ་གྱུར་པའི་ཕག་མོ་ཤེས་རབ་གསལ་བྱེད། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་དམར་ཞིང་སྒེག་པ་ལ་སོགས་པའི་ཉམས་དང་ནུ་འབུར་རྒྱས་པ། ཕྱག་གཡས་བ་དན་དང་བཅས་པའི་རྡོ་རྗེ་འོག་ཏུ་བསྣུན་ཞིང་། ཁྲག་གིས་གང་བའི་པདྨའི་སྣོད་ཞལ་གྱེན་དུ་ཕྱོགས་པས་འཐུང་ཞིང་། ཁ་ཊྶཱཾ་ག་དཀར་པོ་རྩེ་མོ་གཅིག་པ་གཡོན་པའི་ཕྲག་པར་བཀལ་བ། དབུ་སྐྲ་ཕྱེད་བཅིངས་པ་ལ་སྣ་ཚོགས་པའི་མེ་ཏོག་གིས་མཛེས་ཤིང་། རྡོ་རྗེ་ནག་པོའི་འཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་འཕྲེང་དང་ཟུར་ཕུད་གསུམ་བཅིངས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་མགོ་རློན་ལྔ་བཅུ་དོ་ཤལ་དུ་བྱས་པ། གཅེར་མོ་གཡས་བརྐྱང་གིས་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་ལྟ་བུར་རབ་ཏུ་འཕྲོ་བའི་སྤྲུལ་པ་སྣ་ཚོགས་པས་ཕྱོགས་བཅུར་འགྲོ་བའི་དོན་མཛད་པ། སྙིང་གར་ཉི་མ་ལ་སྲཱིཿལས་རྡོ་རྗེའི་ལྟེ་བ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ། དེ་ཡི་འོད་ཀྱིས་ཁམས་གསུམ་གཟུགས་སུ་སྦྱངས་ཏེ་བསྡུས་ནས་དེ་ལ་ཐིམ། དེའི་སྙིང་གར་སྣ་ཚོགས་པདྨར་ཉི་མ་དཀར་དམར་ལ་སྲཱིཿདཀར་པོ། དེ་ལ་སྔགས་ཀྱིས་བསྐོར་བ། དེ་ལས་སྔགས་འཕྲེང་འཁོར་བ་ཞལ་ནས་འཐོན། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྣང་བ་སྐྱེད་པའི་མཐུ་ཐམས་ཅད་བསྡུས་ཏེ། ལྟེ་བའི་བུ་ག་ནས་རབ་ཏུ་ཞུགས་ཏེ་མི་ཤེས་པའི་མུན་པ་བསྲེག་པར་བསྒོམ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། སྲཱིཿ ཞེས་བཟླའོ།། ༡༢༦ རྡོ་རྗེ་ཕག་མོ་དབང་དུ་བྱ་བའི་སྒྲུབ་ཐབས་ནི། བཾ་ལས་རྡོ་རྗེ་ཕག་མོ་སྤྱན་དྲངས་ཏེ་དེ་ལ་ཐིམ་པ་ཡོངས་སུ་གྱུར་པའི་ཟླ་བ་དམར་པོ་བཾ་གྱིས་མཚན་པ་ལས། བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཕྱག་གཡས་ཨུཏྤལ་དམར་པོ་ཁ་མ་བྱེ་བའི་རྡོ་རྗེའི་ལྕགས་ཀྱུ་ལྟ་བུ། གཡོན་སྲཱིཿཡིག་གི་ཞགས་པ་བསྣམས་པ། དེས་ཁམས་གསུམ་གྱི་བསྒྲུབ་བྱ་ཐམས་ཅད་ཞགས་པས་བཅིངས་ཤིང་ལྕགས་ཀྱུས་བསྐུལ་ཏེ་རང་གི་སེམས་ལ་ཞུགས། དེ་ནས་ལྟེ་བར་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་པ་བསྣམས་ཏེ་གར་མཛད་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཨཱཿཨ་མུ་ཀ་ཀྵྼ་ཙ་ཙིཏྟ་མཱ་ཀ་ཏྲ་ཡ་ཧཱུྃ་ཛཿ ཞེས་བཟླའོ།། ༡༢༧ རྡོ་རྗེ་ཕག་མོ་དོན་ཐམས་ཅད་གྲུབ་པའི་སྒྲུབ་ཐབས་ནི། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པ། དེའི་དབུས་སུ་སུཾ་འབར་བ་ལས། རྡོ་རྗེ་ཕག་མོ་དོན་ཐམས་ཅད་གྲུབ་མ་སྐུ་མདོག་དམར་མོ་གཅེར་བུ་ཞལ་གཅིག་སྤྱན་གསུམ་ཁྲོས་པ། དབུ་སྐྲ་གྱེན་དུ་བརྫེས་པ་ཐོད་པའི་དབུ་རྒྱན་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་ཐོད་པ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ། གྲུ་མོར་ཁ་ཊྶཱཾ་ག་བསྣམས་པ། རི་དྭགས་ཀྱི་གདན་ལ་གཡས་བརྐྱང་གིས་བཞུགས་པ་ལ། མཚམས་ཀྱི་འདབ་མར་བདུད་རྩིས་གང་བའི་པདྨའི་སྣོད། ཕྱོགས་བཞིར་རྡོ་རྗེ་སྣ་མ་དང་། ཤིན་ཏུ་འཇིགས་བྱེད་མ་དང་། ལྟོ་ཆེན་མ་དང་། ལྗགས་བསྐྱོད་མ་གྲི་ཐོད་འཛིན་པས་བསྐོར་བ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་བཛྭ་ཝཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦ་དུཥྚན་སྲཱིཿསྭཱ་ཧཱ། ཞེས་ཉེ་སྙིང་དང་། ཨོཾ་ཧཱུྃ་སྲིཾཿསྲིཾཿ ཞེས་སྙིང་པོ་བཟླའོ།། ༡༢༨ མགོན་པོ་བྱམས་པའི་སྒྲུབ་ཐབས་ནི། ཟླ་བའི་དཀྱིལ་འཁོར་ལ་མཻཾ་ལས་མགོན་པོ་བྱམས་པ་སྐུ་མདོག་གསེར་ལྟ་བུ། སེར་ནག་དཀར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ། ལྷག་མ་གཉིས་མཆོག་སྦྱིན་དང་ནཱ་ག་གེ་སར་གྱི་མེ་ཏོག་གི་སྙེ་མ་བསྣམས་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་མཻ་ཏྲི་ཡེ་སྭཱ་ཧཱ། ཞེས་བཟླའོ།། ༡༢༩ ཁྲོ་ཞིང་དགྱེས་པ་ཛམྦྷ་ལའི་སྒྲུབ་ཐབས་ནི། པད་ཟླ་ལ་རྡོ་རྗེ་ཧཱུྃ་ནག་པོས་མཚན་པ། ཨོཾ་ཨཱཿསངས་རྒྱས་ཐམས་ཅད་ཛམྦྷ་ལའི་རྣམ་པས་དེ་ལ་ཐིམ་པ་ལས། ཛམྦྷ་ལ་ནག་པོ་ལོ་ལྔ་ལོན་པའི་བྱིས་པ་ལྟ་བུ། རྟགས་བསྒྲེང་ཞིང་ལྟོ་བ་འཕྱང་བ་གེལ་བ། ཀླུ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཕྱག་གཡས་པས་ཐོད་པ་ཁྲག་གིས་གང་བ་འཛིན་པ་ལ་ཞལ་མངོན་པར་ཕྱོགས་པ། ཕྱག་གཡོན་པས་བརླའི་སྟེང་དུ་རིན་པོ་ཆེ་སྐྱུག་བཞིན་པའི་ནེའུ་ལེ་ཁ་ཐུར་དུ་བསྟན་ཏེ་བསྣམས་པ། ཤིན་ཏུ་ཁྲོས་པའི་གནོད་སྦྱིན་སེར་པོ་གན་རྐྱལ་དུ་བསྒྱེལ་བའི་ཁར་གཡོན་བརྐྱང་གིས་བཞུགས་པ། ཐུབ་པ་མི་བསྐྱོད་པས་དབུ་བརྒྱན་པ། དཔྲལ་བ། དཔུང་པ་གཉིས། སྙིང་ཁར་རྡོ་རྗེའི་སྟེང་། བརླ་གཉིས། ཞབས་གཉིས། བཤང་གཅིའི་བུ་གར་ཟླ་བ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྡྲ་ཡེ་སྭཱ་ཧཱ། ཞེས་རིམ་པ་བཞིན་གནས་པ། རླུང་ཕྱིར་འཕྲོ་བ་ཧཱུྃ་གི་རྣམ་པས་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་ཉིད་ཀྱི་སྐུར་བྱས། ཚུར་རྔུབ་དུས་དེས་འཇིག་རྟེན་གྱི་ཁམས་ཀྱི་ནོར་བུ་ཐམས་ཅད་ཀླུ་དང་ནེའུ་ལེ་དང་གནོད་སྦྱིན་གྱི་ཁར་བཅུག སླར་དབྱུང་བ་ན། དེ་རྣམས་ཀྱི་ཁ་ནས་སྐྱུགས་པས་འདོད་དགུ་མི་ཟད་པར་འཕེལ་བར་བསམ་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བཟླའོ།། ༡༣༠ ཛམྦྷ་ལ་སེར་པོ་ལྷ་དགུ་ཡུམ་ཅན་གྱི་སྒྲུབ་ཐབས་ནི། པདྨ་འདབ་བརྒྱད་ལྟེ་བ་དང་དགུ་ལ་ཛཾ་དགུ་བཾ་དགུ་ལས། དབུས་སུ་ཛམྦྷ་ལ་སྐུ་མདོག་གསེར་ལྟ་བུ། སྐུ་ཐུང་ཞིང་ལྷུ་ལག་རགས་པ། ལྟོ་བ་འཕྱང་བ། ཕྱག་གཡས་ན་བི་ཛ་པཱུ་རཱ་ཀ་དང་། ཕྱག་གཡོན་ན་རིན་པོ་ཆེའི་ཆར་འབེབས་བཞིན་པའི་ནེའུ་ལེ་བསྣམས་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་དང་། པདྨའི་མགོའི་གཏེར་བདག་ཆེན་པོ་དག་མནན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། ཨུཏྤལ་སྔོན་པོ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ལྷན་ཅིག་ཏུ། ནོར་རྒྱུན་མ་སྐུ་མདོག་གསེར་ལྟ་བུ། ནོར་སྦྱིན་གྱི་བུ་མོ་བརྒྱད་གཉིས་ལོན་པའི་བྱིན་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཤར་ལྷོ་ནུབ་བྱང་དུ་ནོར་བུ་བཟང་པོ། གང་བ་བཟང་པོ། ནོར་སྦྱིན། རྣམ་སྲས། མེ་སྲིན་རླུང་། དབང་ལྡན་དུ་ཀི་ལི་མི་ལི། པི་ཙི་ཀུཎྜྻ་ལི། མུ་ཁེནྡྲ། ཙ་རེནྡྲ། དེ་རྣམས་དང་རིམ་པ་བཞིན། ཆུ་ཤེལ་མ། སོ་ལེགས་མ། འཕགས་མ། ཤིན་ཏུ་བཟང་མོ། རབ་ཏུ་དགའ་མ། སྦས་མ། ལྷ་མོ། དབྱངས་ཅན་མ་རྣམས་ལྷན་ཅིག་པར་གཙོ་བོ་ཡབ་ཡུམ་ཇི་ལྟ་བ། རིགས་བདག་རིན་འབྱུང་ངོ་། །སྔགས་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡེ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡེ་སྭཱ་ཧཱ། ཨོཾ་དྷཱ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡེ་སྭཱ་ཧཱ། ཨོཾ་ཀི་ལི་མི་ལི་ནི་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜྻ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡྲ་ཡ་སྭཱ་ཧཱ། ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻུ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱེ་ཡཻ་སྭཱ་ཧཱ། ཨོཾ་དེ་ཝི་ཡཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏྱཻ་སྭཱ་ཧཱ། ཞེས་པ་རྣམས་བཟླའོ།། ༡༣༡ ནོར་རྒྱུན་མ་ལྷ་མང་གི་སྒྲུབ་ཐབས་ནི། ཁང་པ་བརྩེགས་མའི་དབུས་སུ་ཅུང་ཟད་དམའ་བའི་ཟླ་བའི་དཀྱིལ་འཁོར་ལ། ནོར་སྦྱིན་གྱི་ཤིང་རྟ་ཟུར་གསུམ་པདྨ་འདབ་མ་བརྒྱད་པའི་རྣམ་པ། དེའི་དབུས་སུ་བཾ་ལས་ནོར་རྒྱུན་མ་སྐུ་མདོག་གསེར་ལྟ་བུ། ནོར་སྦྱིན་གྱི་བུ་མོ་བརྒྱད་གཉིས་ལོན་པའི་བྱིན་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་བསྣམས་པ་མི་བསྐྱོད་པས་དབུ་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། བཟང་མོ་དང་། རབ་ཏུ་བཟང་མོ་དང་། རབ་ཏུ་དགའ་མ་དང་། སྦས་མ་དང་། ལྷ་མོ་དང་། དབྱངས་ཅན་མ་དང་། འཕགས་མ་དང་། ཆུ་ཤེལ་མ་རྣམས་གཙོ་མོ་ཉིད་ལྟ་བུའི་རྣམ་པས་བསྐོར་བ། ལྷ་མོ་དེའི་བྷ་གའི་དབུས་སུ། ཛཾ་ཡིག་ལས་སྐྱེས་པའི་ཛམྦྷ་ལ་ནོར་རྒྱུན་མ་ལ་འཁྱུད་པ། བྱང་ཆུབ་ཀྱི་སེམས་ངེས་པར་སྦྱོར་བའི་རིན་པོ་ཆེ་ཕྱག་ན་ཡང་དག་པར་གཏོད་པ། ལྷ་མོ་གཞན་བརྒྱད་ཀྱི་ཉེར་གནས་ཀྱི་དབུས་སུ། ནོར་བཟང་སོགས་བརྒྱད་ཕྱོགས་ཀྱི་མདོག་ཅན་རང་རང་གི་དགའ་མ་ལ་འཁྱུད་པ། ཤར་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་མོ། ལྷོ་སྒོར་གནོད་སྦྱིན་དང་གནོད་སྦྱིན་ཆེན་མོ། ནུབ་སྒོར་ཀི་ལི་མི་ལི་དང་ཀི་ལི་མི་ལི་ཆེན་མོ། བྱང་སྒོར་གང་བ་བཟང་པོ་དང་གང་བ་བཟང་མོ། དེ་ཐམས་ཅད་གཅེར་བུ་རྟགས་བསྒྲེང་ཤིང་འབྲས་བུ་དང་ལྟོ་བ་འཕྱང་བ། རིན་པོ་ཆེའི་ཆར་འབེབས་པའོ། །སྤྱི་བོ་དང་མཛུབ་མོར་ནོར་བཟང་། ནུ་བར་དང་གུང་མོར་གང་བཟང་། མིང་མེད་དང་ལྟེ་བར་ནོར་སྦྱིན། མིག་གཉིས་དང་ཐེའུ་ཆུང་ལ་རྣམ་སྲས། ཁ་ལ་མུ་ཁེནྡྲ། རྐང་པ་དང་མཐེབ་ཆེན་ལ་པི་ཙི་ཀུནྜ་ལི། བརླ་དང་མཁྲིག་མར་ཀི་ལི་མི་ལི། ཡན་ལག་ཐམས་ཅད་ལ་ཙ་རེནྡྲའོ། དཔྱི། དཔྲལ་བ། རྣ་བ། ལྟག་པ། མཁྲིག་མ། མགུལ་པ། ལག་པའི་དབུས་རྣམས་སུ། ཨོཾ་ཛཾལུ་ཙླུཾ་སྭཱ་ཧཱ། ཙླུཾ་སླུཾ་སྭཱ་ཧཱ། སོར་མོ་རྣམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཛཾལུ་ཙླུཾ་སྭཱ་ཧཱ། འཁོད་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ། ཨོཾ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་དྲ་ཡཻ་སྭཱ་ཧཱ། ཨོཾ་གུཔྟེ་ཡཻ་སྭཱ་ཧཱ། ཨོཾ་དེ་ཝི་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏྱེ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡེ་སྭཱ་ཧཱ། ཨོཾ་བཻ་ཤྲ་པ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀི་ལི་མི་ལི་སྭཱ་ཧཱ། ཨོཾ་པི་ཙི་ཀུནྜ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཙ་རེནྡྲ་ཡ་སྭཱ་ཧཱ། ཞེས་པ་རྣམས་བཟླའོ།། ༡༣༢ ཛམྦྷ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཛཾ་ལས་ཛམྦྷ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ། གཡས་མ་དུ་ལུ་ག་དང་། ལྕགས་ཀྱུ་དང་། མདའ། གཡོན་རྩིབས་ལོགས་གཡོན་དུ་གནས་པའི་ཤེས་རབ་མ་ལ་འཁྱུད་པས་ཞགས་པ་དང་། ནེའུ་ལེ་དང་། གཞུ་བཀང་བ། རྒྱན་གྱིས་བརྒྱན་ཏེ་མི་བསྐྱོད་པས་དབུ་བརྒྱན་པ། རིགས་བདག་དེ་ཀའོ། །སྔགས་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བཟླའོ།། ༡༣༣ ཛཾ་སེར་ཕྱག་གཉིས་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཛཾ་ལས་ཛམྦྷ་ལ་སྐུ་མདོག་གསེར་ལྟ་བུ། སྐུ་ཐུང་ཞིང་ལྷུ་ལག་རགས་པ། ལྟོ་བ་འཕྱང་བ། ཕྱག་གཡས་ན་བི་ཛུ་པཱུ་རཱ་ཀ་དང་། ཕྱག་གཡོན་ན་རིན་པོ་ཆེའི་ཆར་འབེབས་བཞིན་པའི་ནེའུ་ལེ་བསྣམས་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་དུང་གི་མགོ་དང་། པདྨའི་མགོའི་གཏེར་ཆེན་པོ་དག་མནན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། ཨུཏྤལ་སྔོན་པོ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིགས་བདག་རིན་འབྱུང་ངོ་། །སྔགས་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བཟླའོ།། ༡༣༤ རྟ་མགྲིན་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས་ནི། པད་ཉི་ལ་ཧཾ་དམར་པོ་ལས་བཅོམ་ལྡན་འདས་་གྲཱྀ་ཝ་སྐུ་མདོག་དང་རྩ་ཞལ་དམར་པོ་བཞད་པ། གཡས་སྔོན་པོ་ལྗགས་འདྲིལ་བ། གཡོན་དཀར་པོ་མཆེ་བས་མ་མཆུ་མནན་པ། ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ། དབྱུག་པ། མཆོག་སྦྱིན། མདའ། གཡོན་སྡིགས་མཛུབ་རང་གི་ནུ་མར་འཛིན་པ་དང་། པདྨ། གཞུ། ཁྲོ་བོ་ཆེན་པོ་མི་བསྐྱོད་པས་དབུ་བརྒྱན་ཅིང་། སྟག་ཤམ་དང་སྦྲུལ་གྱི་རྒྱན་བཟུང་སྟེ་རོལ་པའི་སྟབས་ཀྱིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཾ་་གྲྀ་ཝ་སྭཱ་ཧཱ། ཞེས་བཟླའོ།། ༡༣༥ རྟོགས་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་ནི། ཉི་མ་ལ་ཧཱུྃ་གི་འོད་ཀྱིས་སངས་རྒྱས་ཐམས་ཅད་བསྡུས་ཏེ་དེ་ཉིད་ལ་ཐིམ་པ་ལས། བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་དམར་པོ་ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བོའི་ཞལ་དང་། སྟེང་དུ་རྟ་ཞལ་ལྗང་ཞུར། ཧི་ཧིའི་སྒྲ་མི་བཟད་པར་སྒྲོག་པ། ཕྱག་གཡས་རྡོ་རྗེའི་དབྱུག་པ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ། ཀླུ་བརྒྱད་དང་སྟག་ཤམ་གྱིས་སྤྲས་ཏེ་མིའུ་ཐུང་གི་རྣམ་པས་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༡༣༦ རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས་ནི། པདྨ་འདབ་བཞིའི་ལྟེ་བར་ཟླ་གདན་ལ། ཧཱུྃ་ལས་བཅོམ་ལྡན་འདས་རྟ་མགྲིན་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་དང་སྟེང་དུ་རྟ་ཞལ་ལྗང་ཁུ། ཕྱག་བརྒྱད་ཀྱི་གཡས་བཞི་ལྕགས་ཀྱུ། མདའ། ཐོད་པ། རྡོ་རྗེ། གཡོན་བཞི་ཞགས་པ། གཞུ། ཁ་ཊྶཱཾ། དྲིལ་བུ། རྒྱན་ཐམས་ཅད་ཀྱིས་བརྗིད་པ་ཐོད་པའི་འཕྲེང་བ་ཅན། ཞབས་བཞི་གཡས་བརྐྱང་གཡོན་བརྐྱང་གཉིས་ཀའི་སྟབས་ཀྱིས་བཞུགས་པ། ཤར་དུ་སྲཱིཿལས་རྡོ་རྗེ་འཇིགས་ཆེན་མ་སྣ་ཚོགས་མདོག་རྟའི་གདོང་མ། ཕྱག་བཞི་གཡས་པ་མདའ་དང་ཀེང་རུས། གཡོན་གཞུ་དང་བདུད་རྩིས་གང་བའི་ཐོད་པ། སྣ་ཚོགས་པའི་གཟུགས་ཅན། ལྷོར་ཧཾ་ལས་འབར་བ་ཆེན་མོ་ནག་མོ་ཕག་གདོང་མ། ཕྱག་བཞིར་ཞགས་པ་དང་ཀེང་རུས། ཁ་ཊྶཱཾ་ག་དང་ཐོད་ཁྲག ཐོད་པ་ལ་གནས་པ་ནག་པོ། ནུབ་ཏུ་སྲཱིཿལས་རྡོ་རྗེ་མ་སེར་མོ་ཅེ་སྤྱང་གདོང་མ། ཕྱག་བཞིར་ཌཱ་མ་རུ་དང་ཀེང་རུས། རྒྱལ་མཚན་དང་དྲི་ཆེན་གྱི་ཐོད་པ། བྱང་དུ་སྲཱིཿལས་རྡོ་རྗེ་ལག་མ་དཀར་མོ་གླང་པོའི་གདོང་མ། ཕྱག་བཞིའི་གཡས་རྡོ་རྗེ་དང་ཀེཾ་རུས། གཡོན་ཞགས་པ་དང་དྲི་ཆུའི་ཐོད་པ། དེ་ཐམས་ཅད་ཁྲོ་མོ་གཡས་བརྐྱང་གིས་བཞུགས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་་གྲཱྀ་ཝ་སྲཱིཿ ཨ་ཧཾ་ཨ་ཧཾ། ཨཾ་ཨཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་བཟླའོ།། ༡༣༧ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་ནི། ཧཱུྃ་ནག་པོ་ལས་ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ནག ཞལ་དང་པོ་ཁྲོ་ཞིང་སྒེག་པ། གཡས་དྲག་པོ། གཡོན་རྣམ་པར་འཇིགས་པ། རྒྱབ་ཞལ་དཔའ་བ་སྟེ། ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུར་བཅས་པས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། ལྷག་མའི་གཡས་གསུམ་རལ་གྲི། ལྕགས་ཀྱུ། མདའ། གཡོན་མས་རིམ་གྱིས་གཞུ། ཞགས་པ། རྡོ་རྗེ། ཞབས་གཡོན་བརྐྱང་གིས་དབང་ཕྱུག་ཆེན་པོའི་མགོ་དང་། གཡས་ཀྱིས་གཽ་རིའི་ནུ་མ་ཟུང་མནན་པ། སྣ་ཚོགས་པའི་རྒྱན་དང་ན་བཟའ་ཅན། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་་གྲྀ་་ཧཱུྃ། གྲྀ་་པ་ཡ་གྲྀ་་པ་ཡ་ཧཱུྃ། ཨ་ན་ཡ་ཧོཿབྷ་ག་ཝན་བིདྱཱ་རཱ་ཛ་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༡༣༨ རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས་ནི། ཧཱུྃ་མཐིང་ཁ་ལས་རྡོ་རྗེ་མེ་དང་ཉི་མ་འབར་བ་སྐུ་མདོག་མཐིང་ཁ། སྒེག་པ་འཇིགས་པ་སྙིང་རྗེའི་ཉམས་དང་ལྡན་པའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་བཞིར་རྡོ་རྗེ། རལ་གྲི། འཁོར་ལོ། མདའ། གཡོན་བཞིར་དྲིལ་བུ། ཞགས་པ། ཁ་ཊྶཱཾ་ག གཞུ། ཆུང་མ་དང་བཅས་པའི་ཁྱབ་འཇུག་གཡས་བརྐྱང་གིས་མནན་ནས་སྦྲུལ་ལ་སོགས་པས་བརྒྱན་ཏེ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བཛྭ་ཛྷ་ལཱ་ན་ལརྐ་ཧཱུྃ། ཞེས་བཟླའོ།། ༡༣༩ རྟ་མཆོག་གི་སྒྲུབ་ཐབས་ནི། ཧཱུྃ་མཐིང་ག་ལས་རྡོ་རྗེ་རྟ་མཆོག་དམར་པོ། ཞལ་དང་པོ་ཁྲོ་ཞིང་སྒེག་པ། གཡས་ཞལ་ནག་པོ། གཡོན་ཞལ་འཇིགས་སུ་རུང་བ། སྟེང་རྟ་ཞལ་ལྗང་ཞུར། ཕྱག་བརྒྱད་ཀྱི་གཡས་བཞིར་རྡོ་རྗེ། བ་དན། རལ་གྲི། མདའ། གཡོན་བཞིར་རལ་གྲི་དང་བཅས་པའི་པདྨ། མདུང་། དབྱུག་པ། གཞུ། གཡོན་བརྐྱང་གིས་བཞུགས་པའམ། ཞབས་བཞིའི་གཡས་གཉིས་ཀྱིས་དབང་མོ་དང་དཔལ་མོ། འདོད་ལྷ་དང་འདོད་ལྷའི་ཆུང་མ། གཡོན་གཉིས་ཀྱིས་དབང་པོ་དང་སྦྲང་རྩིར་བྱེད་པ། རྒྱལ་བྱེད་དང་དཔྱོད་བྱེད་མནན་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། ཞེས་བཟླའོ།། ༡༤༠ གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ནི། ཨ་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་དམར་པོ་ལས་མགོ་རློན་གྱིས་བརྒྱན་པའི་དབྱུག་པ་དཀར་པོ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་ཐུང་ཞིང་གེལ་པ། ཕྱག་གཡས་མགོ་བོས་མཚན་པའི་དབྱུག་པ་དཀར་པོ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། སྦྲུལ་གྱིས་བརྒྱན་པ་འཇིགས་སུ་རུང་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གིས་མ་ཧེའི་སྟེང་དུ་བཞུགས་པ། ཐུགས་ཀར་ཉི་མ་ལ་ཧཱུྃ་ལས་བྱུང་བའི་དབྱུག་ཐོ་དཀར་པོ་ཧཱུྃ་གིས་མཚན་པ། གསང་བའི་རྡོ་རྗེར་ཧཱུྃ་དང་། ཤེས་རབ་མའི་གསང་བར་ཨ་ལས་པདྨ་འདབ་མ་བརྒྱད་པར་སོ་སོའི་ས་བོན་གྱིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ལྟེ་འོག་ཏུ་ཆུ་སྐྱེས་དམར་པོའི་སྟེང་དུ་སྲཱིཿ ཤེས་རབ་མའི་གསང་བར་ཨ་ལས་པདྨ་འདབ་མ་བརྒྱད་པར་སོ་སོའི་ས་བོན་གྱིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྭ་སྭ་བྷཱ་ཝ་ཨ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ལྟེ་འོག་ཏུ་ཆུ་སྐྱེས་དམར་པོའི་སྟེང་དུ་སྲཱིཿ རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲཱིཥྚིུ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཨོཾ་ཡ་མནྟ་ཀ་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༡༤༡ གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ནི། ཨཾ་ལས་ཉི་མ་དེའི་སྟེང་དུ་ཧཱུྃ་ནག་པོ་ལས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་གཤེད་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་གཉིས་ཐུང་ཞིང་གེལ་བ། ཕྱག་གཡས་ཀྱིས་རྡོ་རྗེས་མཚན་པའི་དབྱུག་པ་མཐིང་ནག་འཕྱར་ཞིང་། གཡོན་སྡིགས་མཛུབ་མཛད་པ། སྦྲུལ་གྱིས་བརྒྱན་ཅིང་འཇིགས་སུ་རུང་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གིས་མ་ཧེའི་སྟེང་དུ་བཞུགས་པ། ཐུགས་ཀར་ཉི་མ་ལ་ཧཱུྃ་ལས་བྱུང་བའི་དབྱུག་ཐོ་མཐིང་ག་ཧཱུྃ་གིས་མཚན་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲཱིཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཨོཾ་ཡ་མནྟ་ཀ་ཧཱུྃ། ཞེས་བཟླའོ།། ༡༤༢ གཤིན་རྗེ་དགྲ་ནག་གི་སྒྲུབ་ཐབས་ནི། ཧཱུྃ་མཐིང་ནག་ལས་ཤིན་ཏུ་ཞུད་པའི་གཤིན་རྗེ་ནག་པོ། ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། རལ་གྲི། གཏུན་ཤིང་། གཡོན་པ་གསུམ་ན་རོ་ལངས། དགྲ་སྟ། ཞགས་པ་བསྣམས་པ། ཁྲོ་བོའི་བྱིན་ཆེན་པོ་དང་ལྡན་ཞིང་མིའུ་ཐུང་ལྟ་བུ། ཐོད་པ་དང་ཀླུ་བརྒྱད་དང་སྟག་ལྤགས་ཀྱིས་སྤྲས་པ། གཡོན་བརྐྱང་གིས་མ་ཧེའི་སྟེང་དུ་མེ་དཔུང་འབར་བའི་འཕྲེང་བས་དཀྲིགས་ཏེ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲཱིཥྚིུ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླ། ཡང་ན་གཡས་དང་པོ་འཁོར་ལོ་ཞེས་ཀྱང་ངོ་།། ༡༤༣ གཤིན་རྗེ་གདོང་དྲུག་གི་སྒྲུབ་ཐབས་ནི། ཡཾ་ལས་སྟོང་ཉིད་རཾ་ལས་ཉི་མ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་གུར་གྱི་དབུས་སུ། ཟླ་བར་དབྱངས་སོ་གཉིས། ཉི་མར་གསལ་བྱེད་བརྒྱད་ཅུས་མཚན་པ། དེ་གཉིས་ཡོངས་སུ་གྱུར་པའི་ཧཱུྃ་དང་ཡཾ་ལས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆར་སྤྲིན་ནག་པོའི་ཁ་དོག་ཅན། རང་གི་སྐུའི་འོད་ཀྱིས་ཁྲོ་བོ་ལྔ་འཕྲོ་ཞིང་། ཞལ་དྲུག་གི་དང་པོ་ནག་པོ། ལྷག་མ་མཐིང་དཀར་སེར་དམར་ནག་པ། ཟླུམ་ཞིང་དམར་བའི་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྨིན་མ་དང་སྨ་ར་མེ་ལྟར་འབར་བ། ཕྱག་དྲུག་གི་གཡས་ཐོ་བ། རལ་གྲི། རྡོ་རྗེ། གཡོན་གསུམ་ཀ་སྡིགས་མཛུབ་དང་བཅས་པའི་ཞགས་པ། གདེངས་ཅན་དང་ཐོད་པའི་ཅོད་པན། དྲེགས་པའི་མགོ་དང་གླང་ཆེན་མི་ལྤགས་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། ཞབས་དྲུག་གི་གཉིས་གཡོན་བརྐྱང་། གཞན་པ་གཉིས་གར་སྟབས། ལྷག་མ་སེམས་སྐྱིལ་གྱིས་མ་ཧེ་ལ་བཞུགས་པ། མིག རྣ་བ། སྣ། ལྕེ། ནུ་མ། ལྟེ་བར། ཀྵིཾ་བཾ་ཁཾ་ལཾ་ཀཾ་སཾ་ལས། ས་སྙིང་། ནམ་སྙིང་། ཕྱག་རྡོར། འཇིག་རྟེན་དབང་ཕྱུག སྒྲིབ་སེལ། ཀུན་བཟང་། རིམ་པ་བཞིན། འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། མདའ། རྡོ་རྗེ་རྣམས་གཡས་སུ་འཛིན་ཅིང་། གཡོན་སྡིགས་མཛུབ་མཛད་པ། དཀར་ནག་སེར་དམར་ལྗང་དམར་བ། ཨོཾ་ཨཱཿཧཱུྃ་ལས་གནས་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དཀར་དམར་ནག་པའི་འཁོར་ལོ་ཆུ་སྐྱེས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་སྲཱིཥྚིུ་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༤༤ ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས་ནི། ཨཾ་ལས་ཉི་མ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། ཁྲོ་བོ་བགེགས་མཐར་བྱེད་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། ཀླུ་དང་སྟག་ལྤགས་ཀྱིས་སྤྲས་པ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཕཊ྄ཿ ཅེས་བཟླའོ།། ༡༤༥ རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་ཐབས་ནི། རཾ་ལས་ཉི་མ་ལ་ཧཱུྃ་ལས་དྲག་པོ་ཆེན་པོ་ཁམས་གསུམ་ཟ་བར་མཛད་པ་ནག་པོ་ཉི་མའི་འོད་ཅན། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་རབ་ཏུ་སྦྱོར་བའི་ཕྱག་རྒྱ་ཐུགས་ཀར་བཅིངས་པ། གཡོན་བརྐྱང་གིས་འཇིགས་བྱེད་མནན་ཅིང་འཇིགས་པར་བྱེད་པའི་རྒྱན་ཅན། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༤༦ སྟོབས་པོ་ཆེའི་སྒྲུབ་ཐབས་ནི། པད་དཀར་ཉི་མར་ཧཱུྃ་ལས་སྟོབས་པོ་ཆེ་སྐུ་མདོག་དམར་པོ་ཉི་མའི་འོད་ཅན། ཞལ་གཅིག་ཕྱག་བཞིའི་གཡས་དབྱུག་པ་དང་རྔ་ཡབ། གཡོན་ཕྱག་འཚལ་བའི་ཚུལ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ། འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང་། སྟག་ཤམ་ཅན་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་འོད་དཔག་མེད་དོ། །སྔགས་ནི། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། ཞེས་བཟླའོ།། ༡༤༧ ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་ནི། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་ཉི་ཁ་སྦྱར་བའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རྣམས་ཡོངས་སུ་གྱུར་པའི་ཧེ་རུ་ཀ་སྐུ་མདོག་སྔོན་པོ་དྲང་སྲོང་ཁྲོས་པའི་ཉམས་ཅན། རྡོ་རྗེ་གཡས་དང་། ཁ་ཊྶཱཾ་ག་བ་དན་གྱིས་མཛེས་པ་ཅན་གཡོན་པའི་མཆན་ཁུང་དུ་བཅངས་ཤིང་ཐོད་པ་དམར་པོ་བསྣམས་པ། སྐམ་པའི་ཅོད་པན་དང་རློན་པའི་དོ་ཤལ། ཕྱག་རྒྱ་དྲུག་གིས་བརྒྱན་པ། གླང་པོ་ཆེ་དང་སྟག་གི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པས། མི་ལྤགས་དང་རྡོ་རྗེའི་གདན་ལ་གཡས་པ་རོའི་ཁར་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་བཟླའོ།། ༡༤༨ དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་ནི། ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པའི་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་དྲང་སྲོང་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དེས་མཚན་པའི་ཐོད་པ་འཛིན་པ། གྲི་གུག་དང་ཐོད་པ་ཅན་གྱི་བདག་མེད་མ་ལ་འཁྱུད་པ། གར་གྱི་ཉམས་དགུ་དང་། ཕྱག་རྒྱ་དྲུག་དང་ལྡན་པ། སྟག་ཤམ་ཅན་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་སྟེང་ཉི་མ་ལ་བཞུགས་པ། རྣ་བ་མིག་སྣ་ལྕེ་ལུས་ཡིད་ལ་རིམ་པ་བཞིན། བདག་མེད་མ། རྡོ་རྗེ་མ། གཽ་རཱི་མ། ཆུའི་རྣལ་འབྱོར་མ། རྡོ་རྗེ་མཁའ་འགྲོ་མ། བདག་མེད་མ། སྤྱི་བོར་ཧཾ། མགྲིན་པར་ཡཾ། སྙིང་གར་ཧཱུྃ། ལྟེ་བར་ཨཾ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཏྲཻ་ལོ་ཀྱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་བཟླའོ།། ༡༤༩ བདག་མེད་མའི་སྒྲུབ་ཐབས་ནི། ཟླ་བ་ལ་མཱཾ་སྔོན་པོ་ལས་བཅོམ་ལྡན་འདས་བདག་མེད་མ་སྐུ་མདོག་ནག་མོ། ཞལ་གཅིག་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། འབར་བའི་སྤྱན་གསུམ་པ། རལ་པ་སེར་པོ་གྱེན་དུ་བརྫེས་པ་ལ་མི་བསྐྱོད་པས་མཛེས་པ། ཕྱག་གཡས་གྲི་གུག་དང་། གཡོན་ཐོད་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་སྭཱ་ཧཱ། ཞེས་བཟླའོ།། ༡༥༠ ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ནི། ཧཱུྃ་འཁོར་བའི་ཟླ་བ་ལས་སྣ་ཚོགས་ཆུ་སྐྱེས་ཀྱི་དབུས་སུ་ཨོཾ་ཡིག་ལས་སྨན་གྱི་དབང་པོ་སྟེ། ཧཱུྃ་ཡོངས་སུ་གྱུར་པའི་རྡོ་རྗེ་མཐིང་ནག་ལས། ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཁ་དོག་ནག་པོ་འབར་བའི་ཕྲེང་བ་འཁྲིགས་པ་གཏུམ་པོ་ཆེན་པོ་ཁམས་གསུམ་ཟ་བར་མཛད་པ། ཕྱག་བཞིའི་གཡས་རྡོ་རྗེ་དང་ཌཱ་མ་རུ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། རྩེ་གསུམ་མཆན་དང་། ཐོད་པ་བསྣམས་པ། འཇིགས་པར་བྱེད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ན་བཟའ་སྔོན་པོ་དང་སྟག་གི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་གིས་འབྱུང་པོ་གཞན་གྱིས་མི་ཐུབ་པ་མནན་ཏེ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཧཱུྃ་བཛྭ་ཕཊ྄ཿ ཅེས་བཟླའོ།། ༡༥༡ ཡང་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ནི། ཧཱུྃ་འཁོར་བའི་ཟླ་བ་ལས་སྣ་ཚོགས་ཆུ་སྐྱེས་ཀྱི་དབུས་སུ་ཨོཾ་ཡིག་ལས་སྨན་གྱི་དབང་པོ་སྟེ། ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཐིང་ནག་རྩེ་ལྔ་པ། དེ་ལས་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཁ་དོག་ནག་པོ་འབར་བའི་ཕྲེང་བ་འཁྲིགས་པ་གཏུམ་པོ་ཆེན་པོ་ཁམས་གསུམ་ཟ་བར་མཛད་པ། རྩ་བའི་ཕྱག་གཉིས་ཀྱིས་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་མཛད་པ། འོག་མ་གཉིས་ཀྱིས་རྡོ་རྗེ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། འཇིགས་པར་བྱེད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ན་བཟའ་སྔོན་པོ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་གིས་འབྱུང་པོ་གཞན་གྱིས་མི་ཐུབ་པ་མནན་ཏེ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཧཱུྃ་བཛྭ་ཕཊ྄ཿ ཅེས་བཟླའོ།། ༡༥༢ ནག་པོ་ཆེན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ནི། སྣ་ཚོགས་པད་ཉི་ལ་ཧཱུྃ་ནག་པོ་ལས་ནག་པོ་ཆེན་པོ་ཞལ་གཅིག་པ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། འབར་བ་ཆེན་པོའི་སྤྱན་གསུམ་དང་ལྡན་པ། སྨིན་མ་ཨག་ཚོམ་དང་སྐྲ་ཐམས་ཅད་སེར་པོ། དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ། གཡས་གྲི་གུག་འཕྱར་ཞིང་གཡོན་ཐུགས་ཀར་ཐོད་ཁྲག་འཛིན་པ། མིའུ་ཐུང་གེལ་བ་ལྟ་བུ་གཡོན་བརྐྱངས་ནས་རོའི་གདན་ལ་བཞུགས་པ། རིགས་བདག་མི་བསྐྱོད་པའོ། །སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དམ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱི་ཛྙྱཱ་སྨྲ་སི་ཏ་ད། ཨི་དཾ་དུཥྚཾ་ས་ཏྭ་ན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་་གྲྀ་། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀི་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཧཱུྃ་ཕཊ྄་ཧཱུྃ། ཞེས་བཟླའོ།། ༡༥༣ ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་ནི། པདྨ་ལ་ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུྃ་དཀར་པོ་ལས་རལ་གྲི། དེའི་ཁར་ཡང་ཟླ་བ་ལ་ཧཱུྃ། དེ་ཐམས་ཅད་ཡོངས་སུ་གྱུར་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པ་ཤིན་ཏུ་འཇིགས་པའི་བྱད་བཞིན་ཅན། གཡས་རལ་གྲི་དང་མཆོག་སྦྱིན། གཡོན་རྩེ་གསུམ་དང་ཐོད་པ། དཔའ་ཞིང་སྒེག་པ་དྲག་ཤུལ་ཆེན་པོའི་སྐུ། དཔའ་བོ་ཆེན་པོའི་ཆས་ཐམས་ཅད་ཀྱི་སྤྲས་ཏེ་ཉིན་མོར་བྱེད་པའི་སྣང་བ་དང་ལྡན་པས། སེམས་དཔའི་སྐྱིལ་ཀྲུང་གིས་བམ་ཆེན་པོའི་སྟེང་དུ་བཞུགས་པ། རིགས་བདག་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཨཾ་མཾ་སྲཾ་རཾ་ཧཱུྃ་ཕཊ྄ཿ ཅེས་བཟླ་བར་བྱའོ། །དེ་ཡང་ལྷ་སྔགས་གཅིག་ལ་སྒྲུབ་ཐབས་སོ་སོ་བར་མཛད་པ་པོ་མི་གཅིག་པས་བཀོད་པ་དང་། ཡང་ལྷ་མཐུན་ལ་སྔགས་མི་མཐུན་ནས་སྔགས་གཉིས་སུ་བསྡེབས། ལྷ་མདོག་འཁོར་ཞལ་ཕྱག་གི་ཁྱད་པར་མེད་ལ་ཕྱག་མཚན་ཁྱད་ཡོད་པས་ཡང་ན་བར་བཀོད། སྒྲུབ་ཐབས་སོ་སོར་དགོས་པ་རྐང་གྲངས་འདི་ཙམ་མོ། །ཞེས་ཀུན་མཁྱེན་པདྨ་དཀར་པོས་བཞེད་པར་མཛད་དོ།། །། ༈ ད་ནི་དེ་དག་གི་རྗེས་གནང་བྱ་ཚུལ་ལ། ཐོག་མར་སློབ་མ་རྣམས་གྲལ་དུ་འཁོད་པ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས། ཆ་གསུམ་བཤམས་པ་ལ་ཆབ་བྲན་ཏེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ།། སོགས་ཀྱིས་བསྔོས་ནས་བགེགས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས་སྲུང་འཁོར་བསྒོམས་ནས་མཎྜྻལ་འབུལ་དུ་གཞུག དེ་ནས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་གཟིགས་པའི་རྡོ་རྗེ་སློབ་དཔོན་ཞིག་ནས་སྤྱི་དང་བྱེ་བྲག་གི་ཆོས་བཤད་མདོ་རྒྱས་འཚམས་པས་གདུལ་བྱའི་རྒྱུད་སྣོད་རུང་དུ་སྒྲུབ་དགོས་པར་སྣང་མོད། དེང་སང་དེ་འདྲ་དཀའ་བས། ཆོས་བཤད་ཀུན་ཏུ་འོད་ཀྱི་སའི་གྲངས་ལྡན་ལས་བྱུང་བ་ལྟར་སྔོན་དུ་བཏང་ནས། ཚིག་འཕྲོ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་མཐར་ཆགས་སུ་འབུལ་བའི་དབང་དུ་བཏང་སྟེ། ཐོག་མར་འཕགས་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལ་སོགས་པ་འགའ་ཞིག་འབུལ་བ་ལ། སྒྲུབ་ཐབས་དེ་དག་རེ་རེ་བཞིན་གང་ལས་འབྱུང་བའི་སྒེར་བརྒྱུད་འདྲེན་ཚུལ་མི་སྣང་ཞིང་། འདིར་སྤྱིའི་བརྒྱུད་རིམ་འདྲེན་པའི་ཚུལ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་བྷ་ཀ་ར་གུཔྟ། པུ་ཙ་རི་ཀ་ར་གུཔྟ། རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། ཀིརྟ་ཙིནྡྲ། ཡར་ཀླུང་ལོ་ཙཱ་བ་གྲགས་རྒྱལ། བླ་མ་རོང་པ་ཤེར་སེང་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཐེལ་མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་པོ་རིན་ཆེན་འཕེལ། གསང་འདུས་པ་ཡེ་ཤེས་འཕེལ། སློབ་དཔོན་ཀུན་བསོད། མཁན་ཆེན་བྱང་སེམས། མཁན་ཆེན་ཆོས་ཀྱི་འོད། བླ་མ་བསོད་ནམས་བཟང་པོ། ཆོས་རྗེ་ནམ་མཁའ་རྒྱལ་མཚན། སྐུ་ཞང་ཆོས་རྗེ་མཁྱེན་རབ་མཆོག་གྲུབ། འབྲུག་པ་ངག་དབང་ཆོས་རྒྱལ། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ། ཀུན་མཁྱེན་པདྨ་དཀར་པོ། དེས་བསྟན་པའི་ཉི་མ་དང་ལྷ་དབང་བློ་གྲོས་གཉིས་ལ། དེ་གཉིས་ཀས་སྐྱབས་མགོན་ངག་དབང་རྣམ་རྒྱལ་ལ། དེ་ནས་རྗེ་བཙུན་དམ་ཆོས་པད་དཀར། བྱང་སེམས་ངག་དབང་པད་དཀར། མཁན་ཆེན་ཤཱཀྱ་རིན་ཆེན། ཐ་བྲག་བླ་མ་གཙུག་ལག་རྒྱ་མཚོ། འཇིགས་མེད་རྒྱལ་མཚན། ཤེས་རབ་རྒྱལ་མཚན། ཡོན་ཏན་རྒྱལ་མཚན། དེས་བཤད་སྒྲུབ་འོད་ཟེར་དང་ཕྲིན་ལས་རྒྱལ་མཚན་ཟུང་ལ། དེ་ཟུང་གིས་དཔལ་ལྡན་སེངྒེར། དེས་རྡོ་རྗེ་འཛིན་པ་ཤཱཀྱ་བཛྭ་ལ། དེ་ལས་བདག་གིས་ཞུས་པ་ནི་བྱིན་རླབས་ཀྱི་རྒྱུན་མ་ཉམས་པ་ཡིན། བརྒྱུད་པ་དེ་ལྡན་གྱི་གདམས་པ་སོགས། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོར་གསལ་བའི་སྤྱན་སྔར་སྙན་གསན་དབབ་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ།། ཅེས་ལན་གསུམ། སླར་ཡང་ལམ་ལོག་པ་ལས་ཁྱད་པར་དུ་གྱུར་པའི་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ལེན་སྙམ་པས་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱུང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་བར་ཤོག། ཅེས་ལན་གསུམ། དེས་སྐྱབས་སེམས་ཀྱི་སྡོམ་པ་སྔར་མ་ཐོབ་པ་རྣམས་ཐོབ་ཅིང་། ཐོབ་ཟིན་པ་རྣམས་གོང་འཕེལ་དུ་འགྲོ་བ་ཡིན། དེ་ནས་རྗེས་གནང་དངོས་ཞུ་བའི་ཕྱིར་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་གིས་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་བཀའ་དྲིན་རྗེས་གནང་སྩོལ།། ཅེས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པ་ལ་སྤྱན་དམིགས་འདི་བཞིན་དུ་མཛོད། སློབ་མར་ལས་ཆུ་འཐོར་ཞིང་ལས་སྔགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྐུ་ཉིད་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མཱཾ་ལྗང་ཁུ་སོགས་མངོན་རྟོགས་ལ་འཇུག སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀྱི་ཆ་སྟོད་དུ་ཧཱུྃ་སྔོན་པོ། ཆ་སྨད་དུ་ཟླ་བ་རང་གི་ས་བོན་གྱིས་མཚན་པར་གསལ་ཐོབ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྒྱལ་བ་སྲས་བཅས་ཐམས་ཅད་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་སྤྱན་དྲངས་ཏེ་སྐུ་ཉིད་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་དེ་བསྟིམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆུས་གང་བས། ཕྱོགས་རྣམས་ནས་མཆོད་པ་དང་། བཀྲ་ཤིས་ཀྱི་གླུ་རོལ་མོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་དབང་བསྐུར་བའི་མོས་པ་མཛོད། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱིས། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པ་སྤྱི་བོར་བཀོད་ཅིང་ཁྲུས་གསོལ་ནས་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་གང་། མ་རིག་པའི་དྲི་མ་བཀྲུས། རིག་པའི་ཡེ་ཤེས་བསྐྱེད་ནས་ཆུ་རྒྱུན་གྱེན་དུ་རེངས་པ་ལས། རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། དེས་སྐུའི་རྗེས་སུ་གནང་བ་སོང་། དེ་ནས་གསུང་གི་རྗེས་གནང་ལ་སྤྱན་དམིགས་འདི་བཞིན་དུ་མཛོད། སློབ་དཔོན་དམ་ཚིག་གསུམ་བཀོད་པའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་བྱུང་བ་ཞལ་ནས་ཐོན། སྐུ་ཉིད་རྣམས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོར་གསལ་བའི་ཞལ་ནས་ཞུགས་ཏེ་སྙིང་གའི་ས་བོན་གྱི་མཐར་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། སྒྲུབ་ཐབས་ནས་བྱུང་བའི་སྔགས་རྣམས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་ཅིང་འཕྲེང་བ་ལག་ཏུ་གཏད། དེ་ནས་རྡོ་རྗེ་དང་བཅས་མེ་ཏོག་སློབ་མའི་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ།། ཅེས་བརྗོད། ཁྲོམ་ཆེན་པོ་ཡོད་པ་ལྟར་ན་མེ་ཏོག་གཏོར་བས་འཐུས། སྐུ་ཉིད་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ།། ཅེས་ལན་གསུམ། དེས་གསུང་གི་རྗེས་སུ་གནང་བ་སོང་། དེ་ནས་ཐུགས་ཀྱི་རྗེས་གནང་ལ་སྤྱན་དམིགས་འདི་བཞིན་དུ་མཛོད། མདུན་བསྐྱེད་ཀྱི་ཚོམ་བུའི་ལྷ་དེས་སྐུ་ཉིད་རྣམས་ཀྱི་རྒྱུད་བྱིན་གྱིས་རློབས་པར་བཞེད་དེ་སོ་སོའི་སྤྱི་བོར་བྱོན་ནས་ཐིམ་པའི་མོས་པ་མཛོད། ཅེས་མཎྜྻལ་ལ་བཀོད་པའི་ཚོམ་བུ་སྤྱི་བོར་བཞག་སྟེ། ཚོམ་བུའི་ལྷ་སྤྱི་བོར་བྱོན་པ་ཛཿཧཱུྃ་བཾ་ཧོཿ རང་དང་གཉིས་སུ་མེད་པར་གྱུར་པ་ལ་ཅུང་ཟད་མཉམ་པར་ཞོག་འཚལ། ཞེས་མཉམ་པར་བཞག་ཏུ་གཞུག དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་སྟེ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ལེགས་པར་ཕུལ་གྲུབ་པ་ལགས། སླར་ཡང་ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་རྗེས་གནང་འབུལ་བ་ལ། སློབ་དཔོན་དམ་ཚིག་གསུམ་བཀོད་པའི་རྒྱལ་པོར་གསལ་བ་ཡོངས་སུ་གྱུར་ནས། ཐུབ་པ་རྡོ་རྗེ་གདན་པར་གསལ་བའི་སྤྱན་སྔར། སྤྲོ་ན། སྐྱབས་སེམས་འཛིན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་རྗེས་ཟློས་བྱ། བསྡུ་ན། ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ།། ཞེས་སོགས་དང་། དེ་ནས་རྗེས་གནང་གི་གཞི་འགོད་པ་ལ་སྤྱན་དམིགས་འདི་བཞིན་དུ་མཛོད། སོགས་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་འགྲོས་དམ་ཚིག་གསུམ་བཀོད་པ་བཞིན་ལ། ཁྱད་པར་གྱི་ཚིག་རིས་བསྒྱུར་ཁ་རྣམས་ཀྱང་རིགས་འགྲེ་བར་བྱ། དེས་ཕྱི་མ་སྒྲུབ་ཐབས་བརྒྱ་དང་ལྔ་བཅུ་ང་གཅིག་ཡོད་པ་ཀུན་ཀྱང་རིགས་པས་འཕྲུལ་ཏེ་ཤེས་པར་བྱའོ། །ཇི་ཙམ་ཁྱོན་གཅིག་ཏུ་བྱས་པའི་རྗེས་མའི་མཇུག་ཏུ། དེ་ལྟར་འཕགས་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལ་སོགས་པའི་ལྷག་པའི་ལྷ་དུ་མའི་རྗེས་གནང་གི་རིམ་པ་དེ་ཙམ་ལེགས་པར་ཕུལ་གྲུབ་པ་ཡིན་པས། དེ་དག་གི་དུས་སུ་གསུངས་པའི་སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་རྣམས་བསྲུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི།། ཞེས་ལན་གསུམ། དེ་ལྟར་རྗེས་གནང་འབུལ་གསན་གཉིས་ཀ་ལས་བྱུང་བའི་དགེ་རྩ་ཅི་མཆིས་པ་བསྟན་འགྲོའི་དོན་དུ་བསྔོ་སྨོན་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་བསྐུལ་ཏེ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། སོགས་ཇི་ལྟར་འོས་པ་བརྗོད་ནས་སློབ་མ་རྣམས་རང་གནས་སུ་བཀྱེའོ། །དེ་ནས་སློབ་དཔོན་གྱིས་རྗེས་ཆོག་བྱ་སྟེ། ཨོཾ་ཨཱཿབཛྭ་པུཥྤེ་སོགས་རྣམ་ལྔས་མཆོད་ཅིང་། སྲིད་དང་ངན་འགྲོས་དུབ་རྣམས་ལ། །བདེ་དང་ཕུན་ཚོགས་ཀུན་འབྱུང་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད། ཨོཾ་བཛྭ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་ཨོཾ་ཁྱེད་ཀྱིས་སོགས་ཀྱིས་གཤེགས་གསོལ་བྱ། བདག་བསྐྱེད་ནི། བྱ་རྒྱུད་སྤྱི་འགྲོས་བཞིན་བསྡུས་ཏེ་རྣམ་སྨིན་གྱི་ལུས་སུ་ལངས་ནས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ།། སྒྲུབ་ཐབས་རྩ་བའི་སྦྱར་བྱང་ནི། འཇིགས་མེད་གཞུང་གི་ཆུ་གཏེར་ཆེ་མཐོང་ནས། །འཇིགས་བྲལ་དེད་དཔོན་པད་དཀར་མ་ལགས་པ། །འཇིགས་ནས་འཆད་པ་སླར་ལྡོག་གྱུར་དོགས་ཏེ། །འཇིགས་སྐྱོབ་ཕྱག་རྒྱ་མཆོག་འདི་བཅས་པ་ཡིན། །རྣམ་མང་གཞུང་དོན་རི་མོ་ཀུན་གསལ་པོ། །རྣམ་དག་ཉུང་ཚིག་བཀོད་མར་ཚུད་པ་འདི། །རྣམ་གསལ་བསྟན་བཅོས་བྱེད་པ་ཡོངས་ཀྱིས་སུ། །རྣམ་ཀུན་བསྔགས་འོས་མིན་ན་གཞན་པ་ཅི། །ཞེས་སོ། །དེ་ལྟར་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་སྒྲུབ་ཐབས་ཀྱི་དགོངས་དོན་འཁྱོངས་པའི་སྔོན་གྱི་མཁས་གྲུབ་རྣམས་ལ་ཁྲིགས་བསྡེབས་མ་དགོས་ཀྱང་། ད་ལྟ་ལྔ་བརྒྱ་ཐ་མའི་དུས་ཀྱི་རྡོ་རྗེ་འཛིན་པར་ཁས་འཆེ་བ་བདག་དང་བདག་འདྲས། དེ་དག་གི་ལད་མོ་ལ་ཞུགས་དུས་ལྷག་ཆད་འབྱུང་ཉེན་ཆེ་སྙམ་བླ་མ་བརྒྱུད་པའི་གསུང་རྒྱུན་ཇི་ལྟ་བར། ཤཱཀྱའི་དགེ་སློང་ཡོན་ཏན་འོད་དམ་བསྟན་འཛིན་དོན་ཀུན་གྲུབ་པའི་སྡེས་ལྷོ་འབྲུག་གི་རྒྱུད་རྟ་མགོའི་རི་ཁྲོད་དུ་ཁྲིགས་བསྡེབས་སུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།

རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན།

རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན་ཅེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡུལ་ཚོན་སོགས་བྲི་འཕྲེང་བ་བཞིན། །རས་བྲིས་ཡིད་ཀྱི་དཀྱིལ་འཁོར་ཚེ། །བུམ་པ་སློབ་མའི་སྟ་གོན་དང་། །དཀྱིལ་འཁོར་བསྒྲུབ་དང་སློབ་དཔོན་འཇུག །སློབ་མ་དབང་བསྐུར་རྗེས་ཀྱི་ལས། །དང་པོ་ནི། འཕྲེང་བ་ཉིད་དུ། རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ་མངོན་སུམ་དུ་བྱས་པའི་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དུ་ཇི་ལྟར་གསུངས་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་དང་། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་ཡང་བྱའོ། །དེ་ལ་དཀྱིལ་འཁོར་གཞན་དུ་སྔར་གསུངས་པའི་ཆོ་གས་དང་། བུམ་པ་ལྷག་པར་གནས་པར་བྱས་ནས་ཞེས་པ་ལ་སོགས་པས་རྡུལ་ཚོན་ལས་གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་ལ་ས་དང་ལྷའི་ལྷག་གནས་མི་དགོས་པར་བུམ་པ་དང་སློབ་མ་སྐུ་གཟུགས་སྟ་གོན་ཙམ་གསུངས་པ་བཞིན། ཞི་རྒྱས་ལ་བསྔགས་པའི་བུམ་པ་གཉིས་ཆུས་བཀྲུས་ཁ་དོག་བསྒྱུར། མགུལ་ཆིངས་དང་ཁ་བརྒྱན། རྣམ་རྒྱལ་དུ་དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་། ལས་ཐམས་ཅད་པར་ལས་ཐམས་ཅད་པའི་མཚན་མ་དྲི་བཟང་གིས་བྲི། བུམ་རྫས་ཉེར་ལྔ་བཏབ་པའི་ཆུ་སྲོག་ཆགས་མེད་པ་གཙང་མས་བཀང་། ཨོཾ་བཛྭ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུྃ་དང་། ཨོཾ་ཨཱཿཧཱུྃ་ལན་བདུན་བཟླས་པ་ཡེ་ཤེས་ཀྱི་བདུད་རྩི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་ལྡན་པར་མོས་པའི་དྲི་དང་བདུད་རྩི་ལྔས་གང་བའི་དུང་ཆོས་སམ། པདྨའི་སྣོད་མེ་ཏོག་གི་འཕྲེང་བ་དང་བཅས་པའི་རྡོ་རྗེ་ནང་དུ་བཞག་པ་རྣམ་རྒྱལ་གྱི་སྟེང་དུ་བཀོད། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་ལྷའི་ཆུ་བོ་སྤྱན་དྲངས་བ་ལ་དང་། མཚན་མ་རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཇམ་པའི་རྡོ་རྗེ་ནས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པའི་བར་ཞེས་དཀྱིལ་འཁོར་སོ་སོ་ལ་འདོན་པ་བསྒྱུར་བར་བྱའོ། །རང་གི་སྙིང་གའི་འོད་ཟེར་གྱིས་བསྒོམས་པ་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་སྤྱན་དྲངས་པ་ལ། ཕྱག་རྒྱར་བཅས་པས། ཨོཾ་ཨཱཿསྲི་པྲ་ཝ་ར་སཏྐྲ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨརྒྷཾ་གྱི་ཚབ་ཏུ་པཱ་དྱཾ་དང་། པྲོཀྵ་ཎཱཾ་དང་། ཨཉྩྨ་མཱ་ནཱཾ་བརྗོད་པས་ཞབས་བསིལ་དང་བསང་གཏོར་དང་། ཞལ་བསིལ་ཕུལ་ནས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་ཐིམ་ཞིང་ལྷ་ཚོགས་དེ་དག་ཆགས་པ་ཆེན་པོས་ཁུ་བར་ཞུ་བར་གྱུར་པ་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པའི་ཆུ་དང་རོ་གཅིག་ཏུ་གྱུར། དེ་ནས་རྡོ་རྗེ་དང་འབྲེལ་བའི་མེ་ཏོག་གི་འཕྲེང་བ་གཡོན་པའི་ཁུ་ཚུར་གྱིས་ཧཱུྃ་བརྗོད་དེ་བཟུང་ནས་འཁོར་ལོའི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་བཟླའོ། །ཨོཾ་བཛྭ་ཨུ་ད་ཀ་ཧཱུྃ་བསྔགས་པའི་ཆུ། །ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་བཟླས་པའི་མེ་ཏོག་གསུམ་གཞུག་པར་བྱའོ། །དེ་བཞིན་ལས་ཐམས་ཅད་པ་ལ་ཡང་གཞན་འགྲེ་ལ། ལྷ་མི་བཞུ་བར་སྐུ་ལས་བདུད་རྩི་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་བསམ། དེ་ཉིད་ཀྱི་ཁ་རྒྱན་གྱིས་བསང་གཏོར་བྱས་ལ། ལྷ་དེ་འདིར་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་ཅིང་། ཨ་ཀཱ་རོས་གཏོར་མ་ཕུལ་ནས་ཉེ་རེག་བྱས་ཏེ། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད་དོ། སློབ་མ་སྟ་གོན་ནི། བསམ་པ་དབང་དང་གསོལ་གདབ་དང་། སྤྲོ་བསྐྱེད་སྡོམ་གཉིས་སྲུང་བ་དང་། །བྱིན་བརླབ་མཆོད་དང་སོ་ཤིང་ཆུ། །ཀུ་ཤ་བསྲུང་སྐུད་ཆོས་བཤད་པ། །བསྲུང་དང་རྨི་ལམ་བརྟག་རྣམས་སོ། །སློབ་མ་གཅིག་གམ་གཉིས་སམ་མང་པོ་རྣམས་ཁྲུས་བྱས་མཎྜྻལ་ཕུལ་ཏེ་འདུག་པ་ལ། གསང་སྔགས་དངོས་གྲུབ་དོན་གཉེར་གང་། །བསོད་ནམས་འདོད་པ་དེ་ལས་གཞན། །འཇིག་རྟེན་ཕ་རོལ་ལ་གཞོལ་བ། །ཁ་ཅིག་དཀྱིལ་འཁོར་འདིར་འཇུག་བྱེད། །འཇིག་རྟེན་གཞན་དོན་འདོད་པ་ཡི། །བློ་བཟང་དད་པ་ཆེར་བྱས་འཇུག །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་གཞན་དོན་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །འདི་ལས་འཇིག་རྟེན་གཞན་གྱི་མིན། །དེ་ཕྱིར་འཇིག་རྟེན་གཞན་དག་གི །དངོས་གྲུབ་དོན་དུ་ཡིད་བརྟན་གྱིས། །ཞེས་གདམས། རང་འཇམ་པའི་རྡོ་རྗེ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་སློབ་མ་རྣམས་བཀུག ཞལ་ནས་ཞུགས། ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན། གཙོ་བོའི་གཟུགས་སུ་གྱུར་པ་ལ་སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་སྤྱན་དྲངས། ཁ་ནས་ཞུགས། འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་ནས་ཕྱིར་འཐོན་ཏེ་ཤར་སྒོར་གནས་པར་གྱུར་པས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། སྐྱེ་རྒ་ན་འཆི་ན་བཀྲ་བའི། ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། །སློབ་མ་གཅིག་གཙོ་བོར་བྱས་ནས། །བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་བཅས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བྱིན། །སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོ་བདག་ཅག་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་མཆོག་གི་དམ་ཚིག་གི །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་གཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་ཁས་བླངས། །ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་ཀྱིས་བསྲུངས། །རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་སྙིང་མགྲིན་དཔྲལ་བར་རེག་ཅིང་ཧཱུྃ་ཨཿཨོཾ། ཞེས་བརྗོད་པས། སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་ནག་པོ་ཧཱུྃ། མགྲིན་པར་ཉི་མ་དང་ཟླ་བ་ལ་གནས་པའི་པདྨ་དམར་པོ་ཨཱཿསྤྱི་བོར་ཉི་མ་དང་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་དེ་དག་ཏུ་རིམ་པ་བཞིན་ཐིམ་པར་མོས་པས་ཨོཾ་ཨཱཿཧཱུྃ། །ཞེས་བརྗོད་པས་བྱིན་གྱིས་བརླབ། ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་མགོར། དྷཱུ་པེ། ཨཱ་ལོ་ཀེ་གཉིས་མདུན་དུ། གནྡྷེ། སྙིང་གར་ཕུལ་ཏེ། སོ་ཤིང་རྒྱུ་རུང་བ་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ། རྨ་མེད་པ། དྲི་བཟང་གི་ཆུས་བཀྲུས་པ་རྩེ་མོར་མེ་ཏོག་བཅིངས་པ་བྱང་དུ་ཕྱོགས་ཏེ་སྦྱིན། དེ་རྣམས་ཀྱིས་ཁྲུ་བཞི་པའི་གྲུ་བཞི་པ་བ་བྱུང་གིས་བྱུགས་པའི་དཀྱིལ་འཁོར་ལ་ཤར་རམ་བྱང་དུ་ཕྱོགས་པས། ཨོཾ་བཛྭ་ཧཱ་ས་ཧཾ། རྩེ་མོ་སྟེང་དུ་ལྟ་བ་བལྟོས་པ་མེད་པར་དོར་བས། ཤར་བྱང་ནུབ་ལྷོར་སོ་ཤིང་གི་རྩེ་བསྟན་ན་ཞི་རྒྱས་དབང་དྲག སྟེང་འོག་མཁའ་སྤྱོད་དང་ས་འོག་གི་རིག་འཛིན། ཕྱིར་ལྷུང་ན་དངོས་གྲུབ་མེད། བཾ་ཡིག་ལས་བདུད་རྩིའི་ཆུ། །བདུད་རྩི་འཁྱིལ་པ་ལན་བདུན་བཟླས་ལ་འདིས་སྦྱིན་པར་བྱའོ། །ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཱ་ནི་ཙ་ཀྵྼ་ཡ་སརྦཱ་བི་ཀལྤཱན་ཨ་བ་ནཱ་ཡ་ཧཱུྃ་ཞེས་ཁྱོར་བར་ལན་གསུམ་འཐུང་ཞིང་ལྷག་མ་རྒྱབ་ཏུ་དོར་རོ། །དེ་ནས་ཧཱུྃ་ལས་བྱུང་བའི་ཀུ་ཤ་ལ་འཁྱིལ་པ་བཟླས་ནས་རྩེ་མོ་མ་ཉམས་པ་སྟན་ཕྱིར་དང་དྷཱིཿཡི་གེ་ལས་བྱུང་བ་ལ་འཁྱིལ་པ་བཟླས་པ་སྔས་ཀྱི་དོན་དུ། །ཨོཾ་བཛྭ་ཏིཀྵཱ་བཾ་གྱིས་བྱིན་ནོ། །དེ་ནས་སྐུད་དམར་ལུས་ཀྱི་ཚད་གསུམ་དུ་བསྡེབས་པ་ཧཱུྃ་ལས་བསྐྱེད་པ། འཁྱིལ་པ་བཟླས། མདུད་པ་གསུམ་མམ་དྲུག་བྱས་ཏེ་དཔུང་བ་གཡས་གཡོན་ལ་བཅིངས། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་ན་སྭཱ་ཧཱ། རྡོ་རྗེ་རྒྱ་གྲམ་གྱི་རྣམ་པས་བསྲུང་བར་བྱའོ། །དེ་ནས་ཆོས་བཤད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་ནི་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་ལྟར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ན། །རང་བྱུང་སྐལ་བ་ཆེན་པོ་པ། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །དེ་ནས་འཁྱིལ་བའི་སྔགས་ཀྱིས་བསྲུང་། །ནང་པར་བདག་ལ་རྨི་ལམ་རྗོད་ཅིག་ཅེས་སྨྲས་ཏེ། །དཀྱིལ་འཁོར་གྱི་ཕྱོགས་དང་ཉེ་བར་སེང་གེའི་ཉལ་སྟབས་ཀྱིས་ཉལ། །རང་ཉིད་དེ་དག་བསྲུང་བའི་དོན་དུ་འཁྱིལ་པ་བཟླའོ། །སློབ་མ་སྟ་གོན་ནོ། །དེ་ནས་ཕྱི་ཉིན་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་ལེགས་པར་བཀོད། །མཐའ་མ་མཆོད་པས་བརྒྱན། དབང་རྫས་བཤམས། བཀོད་པས་ཁྱད་པར་དུ་འཕགས་པ་བྱས་ཏེ་རྣལ་འབྱོར་གྱི་ཡོ་བྱད་ཚང་བས། ཤར་གྱི་སྒོ་ནས་ནུབ་ཏུ་གདོང་ཕྱོགས་པས་བདེ་བའི་སྟན་ལ་འདུག་ནས། འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་བསངས། ཡི་གེ་གསུམ་དང་འཁྱིལ་པའི་སྔགས་བརྗོད་པས་ཡང་དག་པར་བསྲུངས་ནས་མངོན་རྟོགས་ཇི་ལྟ་བར། མདུན་ཀྱི་དཀྱིལ་འཁོར་དང་བདག་ཉིད་གཉིས་ཀ་སྐད་ཅིག་གིས་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་གཅིག་ཏུ་སྲ་ཞིང་མཁྲེགས་པ་ནས་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར་ཞེས་པའི་བར་གྱིས་དཀྱིལ་འཁོར་སོ་སོ་བསྒོམ། དེ་ནས་ལས་རྒྱ་ཡོད་ནའམ་མེད་ན་བདག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྙོམས་པར་འཇུག་པ་དང་ཡང་དག་པར་བསྐྱོད་པ་ཤིན་ཏུ་དགའ་བའི་སྒྲས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། བུམ་བསྐྱེད་བཞིན་ཆུ་བཞི་ཕུལ་ནས་རང་གི་ཞལ་དུ་ཞུགས་འདོད་ཆགས་ཆེན་པོར་ཞུ་བ་སླར་ཡང་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བ་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་པ་མདུན་གྱི་ནམ་མཁར་སྤྲོས་པ་མདུན་བསྐྱེད་ཀྱི་དམ་ཚིག་པ་སོ་སོ་ལ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ལྷ་མོ་རྐྱང་པ་རྣམས་ལ། བདག་ཉིད་ལྷ་མོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་ཇི་ལྟ་བའི་ནས་ཞུ་བ་གསང་བའི་ཁར་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་པ་མན་འདྲའོ། །དཀྱིལ་འཁོར་དེ་དག་གི་ལུས་ངག་ཡིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་སྐྱེ་མཆེད་རྣམས་སེམས་དཔའི་རང་བཞིན། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྤྱན་དྲངས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་དག་པས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་པས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། རིགས་མ་ངེས་པ་རྣམས་ལ་མི་བསྐྱོད་པའམ་རྡོར་སེམས་ཀྱིས་རྒྱས་བཏབ་བོ། །སྙིང་གའི་ས་བོན་ལས་སྤྲོས་པ་དང་འདོད་སྣམ་གྱི་ལྷ་མོ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་ལས་བྱུང་བའི་མཆོད་པས་མཆོད་པར་མོས་ཏེ། དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་བསྡུས་པའམ། རྒྱས་པར་སྤྲོ་ན། ལྷ་ཡི་གོས་ནི་སྣ་ཚོགས་དང་། །བླ་རེ་ཡོལ་བ་དར་དཔྱངས་མདའ། །གསེར་སོགས་རིན་ཆེན་གཏེར་གྱི་བུམ། །གླང་པོ་རྟ་སོགས་བཞོན་པ་དང་། །ན་ཆུང་ཡིད་འོང་ཐམས་ཅད་དང་། །བདག་ཉིད་དངོས་པོ་ཀུན་གྱིས་ནི། །དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི། །བཟའ་དང་བཅའ་བ་ཡང་དག་ཉིད། །ཁ་དོག་དྲི་དང་རོ་ལྡན་དང་། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་པའི། །རྣམ་པ་མང་པོའི་བཏུང་བས་མཆོད། །ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་འདུན་ས་བཞིན་དུ་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ལྷ་མོ་གནམ་ཁ་ལྟར་མཐིང་གཟུགས། །དྲི་ཞིམ་ངད་པ་འཐུལ་བའི་གར། །བདུག་སྤོས་འཕྲེང་བསྎ དྷཱུ་པེ། ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། མར་མེའི་འཕྲེང་བསྎ ཨཱ་ལོ་ཀེ ལྷ་མོ་མརྒཏ་ལྟར་ལྗང་གཟུགས། རེག་པས་སིམ་བྱེད་བྱུག་པའི་གར། དྲི་ཆབ་འཕྲེང་བསྎ གནྡྷེ། ལྷ་མོ་གསེར་ལྟར་སེར་བའི་གཟུགས། མ་མཆུའི་རོ་བརྒྱ་དངར་བའི་གར། ཞལ་ཟས་འཕྲེང་བསྎ ནཻ་ཝིདྱཱ། ལྷ་མོ་བཻཌཱུར་ལྟར་སྔོའི་གཟུགས། སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། རོལ་མོའི་འཕྲེང་བསྎ ཤབྡ། ཉེར་མཆོད། པི་ཝང་མ་དང་གླིང་བུ་མ། རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མོ་གླུ་གར་མ། །མེ་ཏོག་མ་དང་སྤོས་ཆགས་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ཀྱིས། །དཀྱིལ་འཁོར་ལྷ་ལ་མཆོད་པར་བགྱི། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་མཛད་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེའི་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ནམ་མཁའ་རྡོ་རྗེ་འཛིན། །ས་དང་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་ཅན། །དག་པའི་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། རང་ཤེས་རབ་དང་སྦྱར་བའི་མེ་ཏོག་དང་བཅས་པའི་བྱང་ཆུབ་སེམས་པདྨའི་སྣོད་དུ་བཅུག་པ་ཨོཾ་ཨཱཿཧཱུྃ་ཧོཿབདུད་རྩིར་བྱས་པ། ཨོཾ་བཛྭ་ཨམྲྀ་ཏ་པཱུ་ཛ་ཁཱ་ཧི། བདེ་བ་ཆེན་པོའི་དམ་ཚིག་ཏུ་ལྷག་པར་མོས་པས་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་བཟླའོ། །སྔར་བཞིན་བུམ་པ་བསྒྲུབ། དེ་ནས་ཐབས་དང་ཤེས་རབ་སེམས་མ་གཡོས་པས་བསམས་པ་ཙམ་གྱིས་དཀྱིལ་འཁོར་དབང་པོ་ལ་སོགས་པ་གཏོར་མགྲོན་རྣམས་སྤྱན་དྲངས། ཐབས་དང་ཤེས་རབ་ཚུལ་དེ་ཉིད་ཀྱིས། ཨོཾ་ཡིག་གིས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་ཁ་དོག་དྲི་རོ་བཅུད་ཕུན་སུམ་ཚོགས་པར་སྤར། ཧོཿཡིག་གིས་ཡེ་ཤེས་ཀྱི་བདུད་རྩིར་བཞུ་བའི་གཏོར་མ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། རང་གི་འདོད་པའི་ལྷ་ནས་འབྱུང་པོའི་བར་ཐམས་ཅད་ལ་གཏོར་མ་ཕུལ་ཅི་འདོད་པའི་འཕྲིན་ལས་བཅོལ་ཏེ། རྒྱས་པའི་སྦྱིན་སྲེག་གྲུབ་ན་བྱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་ང་རྒྱལ་གྱིས་མེ་ཏོག་གི་འཕྲེང་བ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀུ་པ་ཡ་གྲྀ་ཤྞུ་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄། རྡོ་རྗེའི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། རྡོ་རྗེའི་རྐང་སྟབས་ཀྱིས་བསྐོར་བ་བྱེད་ངག་ཏུ་ཨོཾ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཨཱཿཕཊ྄། ཨོཾ་ཨཱཿཨཱ་ཿཨཱཿཕཊ྄་ཨོཾ་ཧཱུྃ་ཧ་ན་མཱ་ར་ཡ་སརྦ་དུཥྜུན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཿཨཿཧཱུཾ་སྲཱིཿཕཊ྄། ཅེས་པས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། ཨོཾ་བཛྭ་ཨུདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པའི་སྔགས་ཀྱིས་སྒོ་ཕྱེ་བར་བསམ། དེ་བཞིན་བྱང་དུ་གནས་པ་ནས་ལྷོ་ལ་སོགས་པའི་སྒོ་དབྱེའོ། །ལྷག་པ་དང་ཆད་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ནས་མེ་ཏོག་གི་འཕྲེང་བ། ཨོཾ་པར་མ་སུ་ཁཱ་ཤ་ཡ། སུ་ལ་ལཱི་ཏ། །བི་ལཱ་སི་ན་མི་ཏཻར་ན་མཱ་མི་བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་སྲཱིཿ པྲ་ཏཱིཙྪ་ཀུ་སུ་མཱཉྫྱ་ལིཾ་ནཱ་ཐ་ཧོས། བཅོམ་ལྡན་འདས་མ་ལ་ཕུལ་ཏེ་སླར་མགོ་བོར་བཅིང་། གཡས་སྐོར་དུ་ནུབ་ཏུ་གནས་པས་དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་འཁོར་ལོའི་དབང་ཕྱུག་བླ་མར་མོས་པ་ལ་འཆད་པར་འགྱུར་པ་བཞིན་གྱི་དབང་རྫོགས་པར་བླངས་ནས། སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོས་ནས་སློབ་མ་གཞུག་པའི་དོན་དུ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་མཐའ་མ་མེད་པའི་མཆོག །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་སྟེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོང་ནས་དག་པ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བ། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། སེམས་ཅན་ཀུན་གྱི་སྙིང་ལ་གནས། སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། །ཤེས་རབ་ཐབས་དག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོང་གྱུར་ཅིག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །སློབ་དཔོན་འཇུག་པའོ། །དབང་བསྐུར་བ་ལ་རྣམ་པ་གཉིས། །འཇུག་དང་དབང་བསྐུར་རྣམ་གཉིས་སོ། །སློབ་མ་ལྷག་པར་གནས་པར་བྱས་པ་རྣམས་ཁྲུས་བྱས། དྲི་བཟང་དང་ལྡན་ཞིང་འཁྱིལ་པའི་སྔགས་བརྗོད་པ། ཡོལ་བའི་ཕྱིར་སློབ་མ་རང་རང་གི་འཁོར་ལོའི་དབང་ཕྱུག་གམ་རྣམ་སྣང་དུ་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝ་ཧླ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་སྨད་གཡོགས་བསྐོན། ཨོཾ་བཛྭ་རཀྵ་ཧཾ་ཞེས་པས་སྟོད་གཡོགས། ཨོཾ་བཛྭ་ཨུཥྞིུ་ཥ་ཧཱུྃ་ཕཊ྄། ཅེས་པས་གཙུག་ཏོར་བྱ། འཁྱིལ་པ་བསྔགས་པའི་གོས་དམར་པོའམ་སེར་པོ། ཨོཾ་ཙཀྵུརྦནྡྷ་ཝ་ར་མ་ཎ་ཡ་ཧཱུྃ་ཕཊ྄་ཀྱིས་མིག་བཅིངས། ཨཱཿཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་འཕྲེང་བ་གཏད། ལས་ཐམས་ཅད་པའི་ཆུས་བསངས། རྡོ་རྗེ་དང་བཅས་པའི་དྲིའི་ཆུས་སྙིང་མགྲིན་དཔྲལ་བར་རེག་ཅིང་ཧཱུྃ་ཨཱཿཨོཾ་བརྗོད་པས་སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ་དང་། མགྲིན་པར་ཉི་མ་དང་ཟླ་བ་ལ་གནས་པའི་པདྨ་དམར་པོ་ཨཱཿམཚན་པ་དང་། སྤྱི་བོར་ཉི་མ་དང་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་དག་གི་འོད་ཟེར་གྱིས་ལུས་འོད་ཤིན་ཏུ་དྭངས་ཤིང་གསལ་བར་བསམས་ལ་ཧཱུྃ་ཞེས་བརྗོད་པས་ཤར་སྒོར་བཀོད། ལས་ཀྱི་རྡོ་རྗེས་བཟུང་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བ་བྱའོ། །ཀྱེ་ཁྱོད་ཅི་ལ་དགའ། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཏ་ཡཱ་མི། ཞེས་ལན་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་འཇུག ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿ སིད་དྷྱ་བཛྭ་ཡ་ཐཱ་སུ་ཁཾ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་གོ །དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་མི་སྨྲ་ཞིང་མ་དད་པར་ཡང་མི་བྱའོ། །ཨོཾ་ཡ་མཱནྟ་ཀྲྀ་ཏ་ཧཱུྃ། ཞེས་པས་འཁྲིད་ཨཱ་ཁཾ་བཱིར་ཧཱུྃ་གིས་ཡོལ་བའི་ནང་དུ་གཞུག ཨོཾ་མ་ཧཱ་ར་ཏ་སུ་དྲྀ་ཌྷྜྷཱ་སུ་ཏྭ་ཥྱ་སུ་སུ་ཁོ་བཛྭ་ས་ཏྭ་ཨཱ་དྱ་སིད་དྷྱ་མཱཾ། ཞེས་བརྗོད་དུ་བཅུག་ལ་གཡས་སྐོར་བྱེད་ཅིང་ཐལ་མོ་སྦྱར་ནས་ཤར་སྒོར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཨོཾ་སརྦ་བུད་དྷ་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། ལྷོ་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨཱ་ནཱཾ་ནཱིརྻ་ཏཡཱ་མི། སརྦ་ཏ་ག་ཏ་བཛྭ་རཏྣ་ཨ་བྷི་ཥིཉྩྨ་མཱཾ། ནུབ་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝ་ནཱ་ཡ་ཨཱ་ཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་དྷརྨ་པྲ་ཝརྟ་ཡ་མཱཾ། བྱང་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱ་ཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་ཀརྨ་ཀུ་རུ་ཏ་མཱཾ། ཞེས་མི་བསྐྱོད་པ་སོགས་སངས་རྒྱས་རྣམས་ལ་ཕྱག་བྱེད་དུ་བཅུག་ནས་ཤར་གྱི་སྒོར། ཨོཾ་གུ་རུ་ཙ་ར་ཎོ་པ་ཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། ཨོཾ་སརྦ་ས་ཏྭ་པ་རི་དྲ་ཎ་རྠཾ་ཨཱཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། དེ་ནས་རྡོ་རྗེ་སྤྱི་བོར་བཀོད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱི། ངས་ཁྱོད་ལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག འདི་སྨྲས་ན་མགོ་བོ་འགས་པར་འགྱུར་རོ། །ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག །སྙིང་གར་རྡོ་རྗེ་བཟུང་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་ཉེས་དམིགས་ཀྱི་སྒོ་ནས། རྣམ་རྒྱལ་གྱི་སྟེང་གི་དུང་ཆོས་ཀྱི་ཆུ་མིང་མེད་དང་། མཐེ་བོང་སྦྱར་བས་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩྨ་ཨ་མྲྀ་ཏ་ཨུ་དཀ་ཋ། ཕན་ཡོན་ཉེས་པ་གཉིས་ཀའི་སྒོ་ནས། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པར་བྱའོ། །དེ་ནས་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་ངང་ལས་ཨཱཿལས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་རྒྱན་གྱིས་བརྒྱན་པར་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག ཅེས་བརྗོད་དུ་བཅུག དེའི་ལྟེ་བར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་ཉི་མར་ཧཱུྃ་སྔོན་པོ། མགོ་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། ཟླ་བ་ལ་ཡི་གེ་ཧཿདཀར་པོ་དང་། མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿཡིག་དམར་པོ། སློབ་དཔོན་གྱི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་དང་ཐུགས་གསུང་སྐུའི་རྡོ་རྗེ་རྣམ་སྤྱན་དྲངས་ནས་གོ་རིམ་བཞིན་དུ་ཧཱུྃ་དང་ཨཱཿལ་ཐིམ། སློབ་མའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གིས་སྦར་བའི་རཾ་ལས་མེའི་དཀྱིལ་འཁོར་རམ་གྱིས་མཚན་པ་སྟེང་དུ་ཛྷྱཻཿདེའི་འོད་ཟེར་རྐང་པའི་བུ་ག་ནས་ཞུགས་པ་དང་། ཧཱུཾ་དང་ཨཱཿཡི་འོད་ཟེར་གྱིས་ལུས་ཀུན་ཡོངས་སུ་གང་བར་གྱུར། སྤོས་བདུག་རོལ་མོར་བཅས། ཨཱ་བེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཿཛྷྱཻཿ ཕེབས་ནས། ཨོཾ་ཏིཥྛ་བཛྭ་ཞེས་བརྗོད་དོ། །དེ་ནས་སློབ་མ་དཀྱིལ་འཁོར་བལྟར་བཅུག་ལ་མིག་སྔར་ཅི་སྣང་དྲི། ཁ་དོག་གི་དབྱེ་བས་འཕྲིན་ལས་འགྲུབ་པ་གོ་བར་བྱ། རྡོ་རྗེ་བཟུང་རྡོ་རྗེའི་སྟང་སྟབས་ཀྱིས་གར་དང་བཅས་པས་འཁྱིལ་བ་ཟློས་ཤིང་། དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱེད་དུ་བཅུག སློབ་དཔོན་གྱིས་བདེན་པའི་བྱིན་རླབས་བརྗོད། ཡང་དག་པ་ཡི་དཀྱིལ་འཁོར་འདིར། བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །འཕྲེང་བ་ཆུ་དང་ཅོད་པན་དང་། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །དམ་ཚིག་སློབ་དཔོན་སྔགས་གཏད་པ། །མིག་སྨན་མེ་ལོང་མདའ་གཞུ་དང་། །གསང་བ་ཤེས་རབ་བཞི་པ་དང་། །རིག་མ་རྡོ་རྗེའི་བརཏལ་ཞུགས་ཏེ། །ལུང་བསྟན་རྗེས་གནང་དབུགས་དབྱུང་བའོ། །ཏྲཾ་ཡིག་གིས་མཚན་ཞིང་བསྔགས་པའི་མེ་ཏོག་གི་འཕྲེང་བ་ལས་གཅིག ཨོཾ་ཏིཥྛ་བཛྭ་དྲྀ་ཌྷྜྷོ་མེ་བྷ་བ། ཤཱ་ཤྲ་ཏོ་མེ་བྷ་བ། སྲྀ་ད་ཡམྨེ་ཨ་དྷི་ཏིཥྛ་སརྦ་སིད་དྷིམྨེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ཨཱ་ཁཾ་བཱི་ར་ཧཱུྃ། པྲ་ཏཱིཙྪ་ཀུ་སུ་མཱཉྫྱ་ལི་ནཱཾ་ཐ་ཧོཿ མཎྜྻལ་གྱི་ཚོམ་བུའམ་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པ་ལ་དོར་བར་བྱའོ། །གཙུག་ཏོར་ལ་མཆོག །སྤྱན་ནམ་ཞལ་ལ་སྔགས་ཀྱི། ཡན་ལག་ལ་མཆོག་དམན་བར་མ་ལ་དེ་ཇི་ལྟ་བའི་ཐུན་མོང་གི་ནང་ཚན་ཐག་ཉེ་བ་དེ་ཀ ལྷ་གཉིས་ཀྱི་བར་དུ་འཕོག་ན་གང་ཉེ་བ་དེའི་རིགས། མཉམ་ན་གཉིས་ཀས་བྱིན་གྱིས་རློབ། །རེ་ཁཱི་ནང་ཙམ་དུ་ཕྲ་མོ། །ཕྱི་རོལ་ཏུ་ལྷུང་ངན་སྐྱོར། དེ་ནས་འཕྲེང་བ་དེ་ལྷ་དང་བླ་མས་དེའི་མགོ་བོར། ཨོཾ་པྲ་ཏི་གྲྀ་ཏྭ་མི་མཾ་ས་ཏྭ་མ་ཧཱ་བ་ལ་ཞེས་པས་བཅིང་ངོ་། །སྙིང་གར་ཧཱུྃ། དཔྲལ་བར་རཾ། མིག་གཉིས་བར་དང་བཅས་པར་ཨོཾ་བསྒོམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་ཛྙྱཱ་ན་ཙཀྵུ་ཧཱུྃ་ཨཱཿ སྭཱ་ཧཱ། ཀྱེ་རྡོ་རྗེ་ལྟོས་ཤིག ཅེས་བརྗོད་པས་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་བྱང་གི་སྒོ་སྐྱོང་བསྲུང་འཁོར་གྱི་གནོད་མཛེས་རྒྱལ་པོའི་བར་མིང་བརྗོད་པས་བསྟན་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ད་ནི་དད་པ་རབ་ཏུ་བསྐྱེད། ཁྱེད་རྣམས་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་གྱི་སྣོད་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད། དེ་ནས་དེས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་གྱི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་ངོ་། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར་དུ་གསོལ། ཞེས་དམ་ཚིག་བརྗོད་པར་བྱ། །ཧོཿཧོཿཧོཿ ཆུ་དབང་གི་དོན་དུ་ཇི་ལྟར་འབྱོར་བའི་ཡོན་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སེང་གེའི་ཁྲི་པད་ཟླའི་གདན་ལ་དེ་ཉིད་རྡོ་རྗེ་འཛིན་པར་མོས་པས་དཀྱིལ་འཁོར་ལ་ཕྱོགས་པས་འདུག་སྟེ། ཨོཾ་ཨ་བི་གྷྣཱནྟ་ཀྲྀ་ཏ་ཧཱུྃ། ཞེས་པའམ་འཁྱིལ་པའི་སྔགས། ཡི་གེ་ཧཱུྃ་ལན་བདུན་བཟླས་པའི་ཡུངས་ཀར། གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ནས་སློབ་མ་ལ་སོ་སོར་ལན་གཉིས་གཡོན་དུ་བསྐོར་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡ་བཛྭ་སཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞེས་བཟླས་པས་སྦྱང་བ་བྱ་ཞིང་ཡུངས་ཀར་མེར་དོར། དེ་བཞིན་གཡས་སུ་བསྐོར་བས་ཀྱང་བྱ། དེ་ལྟ་བུ་ཆུས་དང་། ཁམ་ཕོར་དཀར་པོ། ངུར་བའི་མྱུ་གུ་དང་བཅས་པའི་ལྕི་བའི་ཆང་བུ་ཟན་ཆངས་སེང་རས་རྣམས་སོ་སོས་ཀྱང་བྱ་ལ། ཁམ་ཕོར་སོགས་མེར་མི་འདོར། སྙིང་གར་དྲི་བྱུགས། མེ་ཏོག་གི་འཕྲེང་བ་མགོ་ལ་བཅིང་། མདུན་དུ་མཆོད་ཡོན་དབུལ། མར་མེས་ཡོངས་སུ་བསྐོར་ནས་འཁྱིལ་པ་དང་ཡི་གེ་ཧཱུྃ་བཟླས་པའི་མར་དང་བཅས་པའི་སྤོས་དཀར་ལ་བདུག་པར་བྱའོ། །དེ་ལྟར་སྦྱང་བ་བྱས་ནས། སློབ་དཔོན་གྱི་སྙིང་གའི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ཡང་དག་པར་མཆོད། སློབ་མ་ལ་རིགས་ལྔའི་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཕྱིར་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་དབང་བསྐུར་སྩོལ། །ཞེས་བརྗོད་ནས། སློབ་དཔོན་དཀྱིལ་འཁོར་གང་བསྐུར་བའི་གཙོ་བོ་ཡབ་ཡུམ་དུ་མོས་ནས་སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས། ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཧཱུྃ་ལས་རྡོ་རྗེ་ཤེས་རབ་དང་བཅས་པའི་མི་བསྐྱོད་པའི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས། ཁ་ནས་ཞུགས། འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས། དེ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པས་རང་འདྲ་བའི་མཱ་མ་ཀཱི་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པ་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེང་འདིར་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་མཆོག་གསུམ་གྱི་ཤིས་པ་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པར་མོས་པས། རྣམ་པར་རྒྱལ་བའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་དངོས་སུ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྭ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར་ཁྲུས་བྱས། བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བསམ་མོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་གསོལ་བ་བཏབ། སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཨཾ་ལས་རིན་པོ་ཆེ་ཤེས་རབ་དང་བཅས་པའི་རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པས་རང་འདྲ་བའི་རིན་ཆེན་རྡོ་རྗེ་མ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅོད་པན་གྱིས་དབང་བསྐུར་ཞིང་། གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས། ཨོཾ་བཛྭ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩྨ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་ཏྭ་བཛྭཱི་ཨ་བྷི་ཥིཉྩྨ་བྷྲཱུྃ། ཨོཾ་རཏྣ་བཛྭཱི་ཨ་བྷི་ཥིཉྩྨ་ཨཾ། ཨོཾ་དྷརྨྨ་བཛྭཱི་ཨ་བྷི་ཥིཉྩྨ་སྲཱིཿ ཨོཾ་ཀརྨྨ་བཛྭཱི་ཨ་བྷི་ཥིཉྩྨ་ཁཾ། མགོ་བོར་བཞག དབང་བསྐུར་བ་ནི་རྡོ་རྗེ། ཞེས་བརྗོད། ཨོཾ་ཨཱཿབཛྭ་མུ་ཀུ་ཊ་ཨ་བྷི་ཥིཉྩྨ་ཧཱུྃ་སུ་ར་ཏ་ེཧྶཾ། ཨ་ཧཾ། ཨོཾ་བཛྭ་ཏུ་ཥྱ་ཧོཿ དེའི་རྗེས་སུ། ཨོཾ་ཧཱུྃ་ཏྲཱཾ་སྲཱིཿཨཿ ཞེས་པས་དར་དཔྱངས་སྦྱིན། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་ཀྱིས་གསོལ་བ་གདབ། སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་སྲཱིཿ ལས་པདྨ་ཤེས་རབ་དང་བཅས་པའི་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་ཀྱི་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་རང་འདྲ་བའི་གོས་དཀར་མོ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་ལེན་བཞིན་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །རྡོ་རྗེ་སློབ་མའི་སྙིང་མགྲིན་མགོ་བོར་རེག་ཅིང་ལག་པར་སྦྱིན། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་།དེ་རིང་ཁྱོད་ལ་བསྐུར་བར་བྱ། སངས་རྒྱས་ཀུན་ནས་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་ལོང་། །བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཁཾ་ལས་རལ་གྲི་ཤེས་རབ་དང་བཅས་པའི་དོན་ཡོད་གྲུབ་པའི་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པས་རང་འདྲ་བའི་སྒྲོལ་མ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་དོན་གྲུབ་ཀྱི་རང་བཞིན་དྲིལ་བུས་དབང་བསྐུར་ཞིང་། གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས་དྲིལ་བུ་ལག་པ་གཡོན་པར་སྦྱིན་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པས་མངོན་པར་འཁྱུད་པའི་ཚུལ་བྱེད་དུ་བཅུག དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མཱཾ་ཏིཥྛ་བཛྭ་ས་མ་ཡ་ཧྶཾ། ཨོཾ་བཛྭ་གྷཎྜྻེ་ཨཱཿ ཨཱཿབཅོམ་ལྡན་བདག་གིས་གཟུངས་ལགས་ཀྱི། །བདག་ལ་ཉེ་བར་གནས་པར་མཛོད། །ཅེས་བརྗོད། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། །སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཨོཾ་ལས་འཁོར་ལོ་ཤེས་རབ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་རང་འདྲ་བའི་སྤྱན་མ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ་ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གིས་མགོ་བོར་རྡོ་རྗེ་དྲིལ་བུ་གཟུང་ཞིང་རྣམ་པར་སྣང་མཛད་ཀྱི་རང་བཞིན་མིང་གི་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །སོགས་དང་། ཨོཾ་བཛྭ་སཏྭ་ཧྶཾ། ཨ་བྷི་ཥིཉྩྨ་བཛྭ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཁྱོད་ཞེ་སྡང་རྡོ་རྗེ་སོགས་མེ་ཏོག་ལྷུང་བའི་རིགས་ཀྱི་མིང་གདགས་པར་བྱའོ། །དེ་ལྟར་དབང་དྲུག་པོ་རྣམས་ཀྱིས་མ་རིག་པའི་མི་མཐུན་ཕྱོགས་སུ་གནས་པ་རིག་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བྱའོ། །དབང་འདི་རྣམས་ཀྱིས་དབང་བསྐུར་བའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་གང་ཡིན་པ་དག་ཉན་པ་དང་འཆད་པ་དང་སྔགས་སྒྲུབ་པ་ལ་དབང་བྱེད་པར་འགྱུར་རོ། །འདི་དག་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་ལ་ཐུན་མོང་གི་སྡོམ་པ་ཙམ་བྱིན་ལ་བསྐུར། གཉེར་ན་གཉིས་ཀ་བྱིན་ནོ། །ཡོན་ཕུལ་ནས། གང་ཞིག་བདག་གིས་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ། རྡོ་རྗེ་ཧཱུྃ་ལས་བྱུང་བ་རྡོ་རྗེ་སེམས་དཔའི་ངོ་བོར་མོས་པས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙམ་ཚུལ་བདག་པོའི་བདག །ཅེས་བརྗོད་ཅིང་ལག་གཡས་སུ་གཏད་པས་རྡོ་རྗེའི་དེ་ཉིད་གཟུང་དེ་ནས་དྲིལ་བུ་ཨཱཿལས་བྱུང་བ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ནས་གཡོན་དུ་གཏད། །དྲིལ་བུའི་དེ་ཁོ་ན་ཉིད་གཟུང་། སློབ་མས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་ནས་དཀྲོལ། ཡིད་ཀྱི་ལུས་ནི་བརྟན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །དངོས་གྲུབ་དམ་པ་སྦྱིན་པར་བྱ། །རྡོ་རྗེ་སེམས་དཔའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བའི་རིམ་པས་བྱིན་གྱིས་བརླབས་པ་འཁྱུད་པའི་ཚུལ་དུ་བྱའོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྡོ་རྗེ་སྙེམས་མ་དམར་པོ་གྲི་ཐོད་འཛིན་པ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་ནམ་མཁའ་གང་བར་གནས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་། ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར། །ཁྲུས་བྱས། མི་བསྐྱོད་པས་དབུ་བརྒྱན་དང་། གཞན་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་དེ་ཉིད་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། མེ་ཏོག་སོགས་ཀྱིས་དབུ་བརྒྱན། དེ་ནས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་ཡས་ཁང་ངོ་། །ཞེས་པས་དཀྱིལ་འཁོར་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། །ཡན་ལག་དག་གི་ཁྲོ་བོ་བཅུ། །ཞེས་པས་ལྷའི་དག་པ། དོན་དམ་པར་ནི། སྣ་ཚོགས་དེ་བཞིན་ཉིད་བདག་མེད། ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་དེ་བཞིན་ཉིད་ཀྱི་རྣམ་དག་བཤད་པར་སྤྲོ་ན་མན་ངག་སྙེ་མ་བཞིན་བསྟན་ནོ། །དེ་ནས་སློབ་དཔོན་གྱི་ལས་བསྟན་པ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། ཕྱིར་བཟློག །གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱི་ནམ་ཡང་མ་བྱེད་ཅིག །རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་བསྐྱང་བར་བྱའོ། །ཞེས་སྟོན་ནོ། །དེ་དག་ནི་ཕྱིར་མི་ལྡོག་པའི་དབང་ངམ། །མིང་གཞན་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ནས་དཀྱིལ་འཁོར་གྱི་བདག་པོའི་སྔགས་ལན་གསུམ་བཟླས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་པས་སྔགས་གཏད་དོ། །གསེར་དངུལ་གྱི་སྣོད་དུ་སྦྲང་རྩིའི་མིག་སྨན་གསེར་གྱི་ཐུར་མས་བླངས་སློབ་མའི་མིག་ལ་པྲཾ་བསམས་ནས། ཨོཾ་བཛྭ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་ལ་ཨ་བརྗོད་པ་སློབ་མར་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཅིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །སངས་རྒྱས་ཀུན་བདག་རང་བཞིན་ནོ། །ངོ་བོ་མེད་ཅིང་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །དེ་ནས་ཧོཿཡིག་ལས་བྱུང་བའི་མདའ་གཞུ་ཧོཿ བརྗོད་པས་སྦྱིན། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། ཞེས་བརྗོད་ནས་མདའ་འཕང་པའི་ཚུལ་གྱིས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། ཞེས་བརྗོད་ནས་བགེགས་ལ་འབིགས་པའི་བློས་ཕྱོགས་བཞི་སྟེང་དང་འོག་ཏུ་འཕང་བར་བྱའོ། །བུམ་དབང་མཐར་བརྟེན་དང་བཅས་པའོ། །བླ་མ་ལ་གསང་བའི་དབང་གི་དོན་དུ་མཎྜྻལ་ཕུལ་ནས། རྡོ་རྗེ་སེམས་དཔར་མོས་པས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ལན་གསུམ་བརྗོད། མིག་དར་བཅིངས། བླ་མ་འཁོར་ལོའི་དབང་ཕྱུག་གང་ཡིན་པ་དེའི་ང་རྒྱལ་དང་ལྡན་པས་ཕྱག་རྒྱ་སྟོང་པ་ཉིད་ལས་རིགས་ཀྱི་ཡུམ་དུ་བསྐྱེད་པ་དང་རྡོ་རྗེ་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས། ཁ་ནས་ཞུགས་འོད་དུ་ཞུ་བར་གྱུར་པ་ཨ་བ་དྷཱུ་ཏཱི་ནས་བརྒྱུད་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་པ་རང་གི་བྱང་ཆུབ་སེམས་དང་གཉིས་སུ་མེད་པ་སྟེ་གསུང་རྡོ་རྗེའི་ངོ་བོར། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་འཛིན་སོགས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཨོཾ་བཛྭ་དྷྲྀཀ་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁཾ། སློབ་མས་རྡོ་རྗེ་དང་ཤེས་རབ་ཀྱི་ཆུ་སྐྱེས་ནས་དེ་བཞིན་གཤེགས་པ་ཀུན་འདུས་པའི་བློས་བཏུང་བར་བྱའོ། །ཐབས་དང་ཤེས་རབ་དག་གི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དག་གིས་གསང་བའི་དབང་བསྐུར་བས་གསང་དབང་ཞེས་བྱའོ། །ཤེར་དབང་གི་དོན་དུ་མཎྜྻལ་ཕུལ། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། །ཕྱག་རྒྱ་དམ་ཚིག་དང་སྡོམ་པ་ལ་གནས་པ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་དང་ལྡན་པ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པར་བལྟ། །ཞེས་གོ་བར་བྱས་ནས་གཏད། །དེས་ཀྱང་སྐྱེ་གནས་གུར་ཀུམ་ལ་སོགས་པའི་ཆུས་དྲི་ཞིམ་པར་བྱས་གོས་དང་བྲལ་བ་ལག་པས་བགྲད་དེ་སློབ་མ་ལ་སྟོན་ཅིང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བརྟེན་ན། །བདག་ནི་དེ་ཡི་མདུན་ན་གནས། །བདེ་བའི་ཆོ་ག་ལ་ནི་སོགས་པ་ནི། །ཇི་ལྟར་བྱ་བ་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་རྟག་ཏུ་གནས། བྷཱཉྫྱ་མོཀྵ་ཧོཿ དེ་ནས་སློབ་མ་རང་དཀྱིལ་འཁོར་གྱི་བདག་པོ་དང་ཤེས་རབ་ལྷ་མོར་བསྐྱེད་ནས་ཨ་ལས་པདྨ་ཟེའུ་འབྲུ་ཨས་མཚན་པ་དང་། ཧཱུྃ་ལས་རྡོ་རྗེ་ནོར་བུ་ཨོཾ་གྱིས་མཚན་པ་གཉིས་ཀའི་བུ་ག་ཕཊ྄་སེར་པོས་བཀག་པ་བྷ་གའི་གཡོན་པའི་རྩ་རྩེར་སྲཱིཿདམར་པོ། འཛུབ་མོའམ་ལྕེས། ཨོཾ་ཤཱི་ཤཱི་ཧཱི་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་བརྗོད་ཅིང་སྙོམས་པར་འཇུག་དུས་བླ་མས་བསྟན་པ་འདི་དགའ་བའི་དབྱེ་བ་རིག་པས་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ནས་རང་གི་ལུས་ལ་བཅུག་པར་བསམ་ཞིང་བླ་མས་ཀྱང་དམིགས་པར་བྱའོ། །དགའ་བ་བརྩམས་པའི་མཐར་ཤེས་རབ་དང་སྦྱོར་དཔལ་གྱིས་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པར་བལྟ། །ཇི་ལྟར་ནུས་པ་བཏུང་དེ་དལ་བུས་ཕྱུང་ནས་ཆུ་སྐྱེས་ལས་ལྕེས་བླངས་ཏེ་དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ། །དེ་ནས་ཚིག་ཁོ་ནས་དབང་བཞི་པ་སྟེར་ཏེ། དེ་ཉིད་ནི་ཤེས་རབ་ཡེ་ཤེས་ཀྱིས་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་འཕེལ་བ་དང་འགྲིབ་པ་མེད་པ་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དབང་བཞི་པའི་ངོ་བོར་བརྗོད་པར་བྱའོ། །ཞེས་པས་སོ། །དེ་ནས་གཡོན་པས་ཤེས་རབ་ཀྱི་ལག་པ་སློབ་མའི་ལག་པར་གཏད། རྡོ་རྗེ་དང་བཅས་པའི་ལག་པ་སྤྱི་བོར་བཞག་ནས། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །དེ་བཞིན་གཤེགས་པ་རྣམས་དཔང་པོར་བྱས་ནས། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརཏལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །རིག་མའི་བརཏལ་ཞུགས་སོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་མོས་པས། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བསྟན། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཥ་ཡ་ཧྶཾ་དྷ་ར་ཡཱ་མི་བཛྭ་ས་ཏྭ་ཧཱི། ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་པས་གཟུང་། རྡོ་རྗེའི་བརཏལ་ཞུགས་སོ། །དེ་ནས་སྤྱོད་པའི་བརཏལ་ཞུགས་ལ་གསུམ། །བདེ་ཐོད་དགྱེས་གསུམ་གང་ཡང་རུང་བའི་སྔགས་ལན་གསུམ་བཟླས་པའི་ཁ་ཊྶཱཾ་ག ཌཱ་མ་རུ་དཔའ་བོའི་སྣོད་གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེས་ན་ཁཊྶཱཾ་ཅང་ཏེའུ་སྣོད། །སྦྱིན་པ་དཔའ་བོས་གཟུང་བར་གྱིས། །ཞེས་པས། ནང་གི་ཕྱག་རྒྱ་གསུམ་ལ་སྦྱོར་བ་ལྷུར་ལེན་པའི་ཕྱིར་ཏེ། ཁ་ཊྶཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་རུ་བརྟག །ཅེས་དང་། སྔགས་ནི་བཏུང་བ་ཐོད་པའོ། །ཞེས་སོ། །གཉིས་པ་བུད་མེད་དམ་སྐྱེས་པ་སྤྱོད་པའི་བརཏལ་ཞུགས་ལ་ཞུགས་པ་ན། བདག་མེད་མ་ཕག་མོའམ་མེ་ཏོག་ལྷུང་བའི་རིགས་ཀྱི་ལྷ་མོ་དང་། སྐྱེས་པ་བདེ་དགྱེས་ལ་སོགས་པའི་ཧེ་རུ་ཀར་བསམས་ནས། སྙིང་གའི་འོད་ཟེར་གྱིས་བསྒོམས་པ་ལྟ་བུའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པ་ལས། ཕྱག་རྒྱ་ལྔ་སངས་རྒྱས་ལྔར་བསྒོམ། སོ་སོའི་སྙིང་གའི་འོད་ཟེར་གྱིས་བསྒོམས་པ་ལྟ་བུའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བྱས་ནས། ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་མ་རྡྷ་མ་རྡྷ་བཛྭ་དྷྲྀ་ག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་འཁོར་ལོ། །མི་བསྐྱོད་པ་ཡི་ཕྱག་རྒྱ་ཉིད། །ཕྱི་དང་ནང་དུ་ཡང་དག་གནས། །འཁོར་ལོ་མི་བསྐྱོད་པ་ཡི་གཟུགས། །སྦྱིན་པ་དཔའ་བོས་བླང་བར་གྱིས། །བུད་མེད་ཡིན་ན། །ལྷ་མོས་བླང་བར་གྱིས། །སྤྱི་བོར། ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ་ཧུ་ལུ་ཧུ་ལུ་ཨ་རོ་ལྀག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་རྣ་རྒྱན། འོད་དཔག་མེད་པའི་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་གནས། །རྣ་རྒྱན་འོད་དཔག་མེད་པ་ཉིད། །སྦྱིན་པ་དཔའ་བོས་བླང་བར་གྱིས། །རྣ་བར། ཨོཾ་བཛྭ་སཱུརྻ་ཏ་མོ་བིད་མ་ཧཱ་ས་མ་ཡ་ཧྶཾ་ཧཾ་རཏྣ་དྷཱྀ་ག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་མགུལ་རྒྱན། རིན་ཆེན་འབྱུང་ལྡན་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགུལ་རྒྱན་རིན་ཆེན་འབྱུང་ལྡན་ཉིད། །སྦྱིན་པ་དཔའ་བོར་བླང་བར་གྱིས། །མགུལ། ཨོཾ་ཤ་ཤྭ་ཏཾ་པ་རཾ་ཏེ་ཤ་ཤྭ་ཏ་ཨེ་ེ་ཧི་ཛིན་ཛྭྀག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་ལག་གདུབ། རྣམ་པར་སྣང་མཛད་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ལག་གདུབ་རྟག་པའི་བདག་ཉིད་ཅན། །སྦྱིན་པ་དཔའ་བོས་བླང་བར་གྱིས། །ལག་པར། ཨོཾ་ཕུཿཕུཿཧི་ཧི་ཧི་པྲ་ཛྙྱཱ་དྷྲྀག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་སྐ་རགས། དོན་ཡོད་གྲུབ་པའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དོན་ཡོན་གྲུབ་པ་སྐ་རགས་ཉིད། །སྦྱིན་པ་དཔའ་བོས་བླང་བར་གྱིས། །སྐེད་པར་རོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔ་སྐྱེ་བ་ལ་སྦྱོར་བ་ལྷུར་ལེན་པའི་ཕྱིར་ཏེ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་འཕྲེང་བ་རིན་ཆེན་དབང་། །ལག་གདུབ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་གྲུབ་གནས། །ཞེས་སོ། །གསུམ་པ། སྐྱེས་པའམ་བུད་མེད་གང་ནུས་པ་ཐོབ་ནས་གཞན་དུ་ཡང་རུང་སྤྱོད་པའི་བརཏལ་ཞུགས་ལེན་པར་འདོད་ན། །དེ་ལ་བདེ་མཆོག་གམ་ཕག་མོར་བལྟས་ནས་དེའི་སྙིང་གའི་འོད་ཟེར་གྱིས་བསྒོམ་པ་ལྟ་བུའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པ་ལ་ཕྱག་རྒྱ་ལྔ་སངས་རྒྱས་ལྔར་དང་མགོ་བོའི་འཕྲེང་བ་སོགས་རང་རང་གི་སྔགས་ཀྱི་ལྷ་ཉིད་དུ་མོས་པས། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་བཟླས་པའི་འཁོར་ལོ་སྔགས་དེ་ཉིད་ཀྱིས་ཐོད་པ་ལྔ་བསྐོན། ཐོད་པ་དེ་ཉིད་འཁོར་ལོའི་གཟུགས་སུ་ཡང་བཤད་དོ། །ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་བཟླས་པའི་རྣ་རྒྱན་བཏགས། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་བཟླས་པའི་མགུལ་རྒྱན། ཨོོོཾ་ཧཿ ན་མཿཧི། སྭ་ཧ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོཿ ཕཊ྄་ཧཾ། ལན་གསུམ་བཟླས་པའི་གདུ་བུ། ཨོཾ་བཾ་ཧཾ་ཡཽཾ། སྲིཾ་མོཾ། སྲེཾ་སྲིཾ། ཧཱུཾ་ཧཱུཾ། ཕཊ྄་ཕཊ྄། ལན་གསུམ་བཟླས་པའི་སྐ་རགས། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ྄་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ལན་གསུམ་བཟླས་པའི་མགོ་རློན་ལྔ་བཅུ་རྩ་གཅིག་གི་འཕྲེང་བ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ཞེས་ཕག་མོའི་རྩ་སྔགས་ཀྱིས་སྟག་ཤམ། ཨོཾ་པྲ་ཙཎྜྻེ་ཧུཾ་ཧཱུཾ་ཕཊ྄། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། སུམ་ཅུ་རྩ་དྲུག་གི་སྔགས་ལན་གསུམ་བཟླས་པའི་ཐོད་པ་ལག་པར། ཁ་ཊྶཱཾ་ག་དང་ཌཱ་མ་རུ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས། དེ་བཞིན་དེས་ཚངས་སྐུད་མགྲིན་པར་དང་། དོ་ཤལ་དང་རྡོ་རྗེའི་རྒྱན་རྐུན་པོའི་སྐྲའི་ཅོད་པན་སྐོར་གཉིས་པའི་སྐ་རགས་ཐལ་བ་དཔུང་རྒྱན་རྐང་གདུབ་སེ་རལ་ཁ་རྣམས་རང་རང་གི་གནས་སུའོ། །འདིར་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་སེམས་ཀྱི་འབྱུང་བ་ལ་སྦྱོར་ཏེ། འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ལ་ནི། །བརཏལ་ཞུགས་སྤྱོད་པ་ཡིད་འོང་བ། །རིགས་ལྔ་མཉམ་པར་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་ཡང་དག་བརྟག །ཅེས་སོགས་ཀྱིས་སོ། །ཕྱི་མ་འདི་གཉིས་ནི་ནུས་པ་བརྙེད་ནས་དམིགས་བསལ་དུ་གསུངས་ཀྱིས་གཞན་དུ་སྔ་མ་ཙམ་བྱའོ། །དེ་ནས་སློབ་དཔོན་དེ་བཞིན་གཤེགས་པ་ལུང་སྟོན་པའི་ཚུལ་ལྟར་མཛད་པས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཀྱེ་ཆེ་གེ་མོ་སརྦ་ཏ་ཐཱ་ག་ཏ་སིད་དྷྱ་ས་མ་ཡ་ཧྶཾ་བྷུརྦུ་བཿསྭཿ གསང་མཚན་གྱིས་སོ། །གང་ཡང་དེ་ལྟར་ལུང་བསྟན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནོ། །ཞེས་དད་པར་བྱའོ། །དེ་ནས། བྱང་ཆུབ་སེམས་ཀྱི་དབང་གིས་ནི། །སློབ་མ་སྡིག་དང་བྲལ་བ་ལ། །དེ་ནས་རྗེས་སུ་གནང་བ་སྦྱིན། ཞེས་པས། སློབ་མའི་གདན་གྱི་མདུན་དུ་བྷྲུཾ་ལས་བྱུང་བའི་ཆོས་ཀྱི་འཁོར་ལོ་བཞག ཨོཾ་བཛྭ་ཧེ་ཏུ་མཱཾ། ཨོཾ་བཛྭ་བྷ་ཥ་རཾ། ལག་པ་གཡས་སུ་ཨ་ལས་སྐྱེས་པའི་དུང་དང་། གཡོན་དུ་ཨ་ལས་སྐྱེས་པའི་པུ་སྟ་ཀ་བྱིན། ཨཱཿལས་བྱུང་བའི་དྲིལ་བུ་དཀྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སློབ་མ་རྣམ་སྣང་སོགས་རིགས་ལྔར་རིམ་པ་བཞིན་གསལ་བཏབ་སྟེ །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོང་ནས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཆོས་ཀྱི་འཁོར་ལོའི་ཚབ་ཏུ། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་ཚིག་བཅུག་རིམ་པ་བཞིན་རིགས་ལྔའི་ཕྱག་མཚན་གཏད། དེ་ནས་ཕྱག་བཙལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱིད། ཅེས་ཁས་བླང་ངོ་། །དེ་ནས་སྤྱི་བོར་གདུགས་བཟུང་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་བཅུག་སྒོར་ཐལ་མོ་སྦྱར། རྒྱུད་ནི་འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །དཀྱིལ་འཁོར་བདག་པོར་སློབ་དཔོན་གྱིས་གསོལ་བ་བཏབ། །གདུགས་གཞན་དུ་བཞག་ནས། དེ་ནི་ཁྱོད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་འདི་ནི་ཐེ་ཚོམ་མེད། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་མཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག །འདོད་པ་ཀུན་ལ་སྤྱོད་པས་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་སྲུངས། །སྲོག་ཆགས་བསད་པར་མི་བྱ་སྟེ། །བུད་མེད་རིགས་གང་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་སྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་ཆོས་ཉིད་ཀྱི་དགོངས་པས་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་སྡུག་པའི་བུ་དང་འདྲ་བར་ཡིད་རབ་ཏུ་དང་བ་རྣམས་ཀྱི་དགེ་བའི་ཕྱིར་འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱིས་ཡང་དག་པར་དགོངས་པར་འགྱུར་རོ། །དབུགས་དབྱུང་ངོ་། །སློབ་མས། དེ་ལྟར་དབང་ཐོབ་པ་ལས་མངོན་པར་དགའ་བ་དབུགས་ཕྱིན་པས་དགའ་བ་འདི་བཞིན་དུ་བདག་གིས་བགྱིའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་བརྗོད་ཡོན་རིན་ཐང་དཔག་ཏུ་མེད་པ་རྣམས་དབུལ་ལོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་བསྟོད་བྱས། ཡི་གེ་བརྒྱ་པ་བཏོན་ནས། །དཀྱིལ་འཁོར་དེ་རས་བྲིས་ཀྱི་འཁོར་ལོ་དེ་ཉིད་དུ་རྣམ་པ་བསྒྱུར་ཏེ་བཞག་ཚོམ་བུ་ཡིན་ན། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་བརྗོད་དེ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་རང་བཞིན་གྱི་གནས་སུ་གཤེགས་པར་བྱས། མཐར་དགེ་བ་བསྔོ་བཀྲ་ཤིས་བརྗོད་དོ། །རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་འདི་ཡང་དགེ་སློང་པདྨ་དཀར་པོས་གོ་བདེ་བར་བྱར་ཡུལ་གྱི་སའི་ཐིག་ལེ་ཕུན་སུམ་ཚོགས་པ་རབ་ཏུ་བརྟན་པར་སྦྱར་བའོ། །བཀྲ་ཤིས། །མངྒ་ལཾ།། །།

རྣལ་འབྱོར་རྫོགས་པའི་འཕྲེང་བ་ཇི་ལྟ་བའི་མངོན་རྟོགས་གཞན་ཕན་མཐའ་ཡས།

རྣལ་འབྱོར་རྫོགས་པའི་འཕྲེང་བ་ཇི་ལྟ་བའི་མངོན་རྟོགས་གཞན་ཕན་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་དཀར་པོ་ལ་ཕྱག་འཚལ་ལོ། །འཇིགས་མེད་ཞབས་ནས་བླ་མའི་བར། །རྒྱུད་སྡེའི་གསང་བ་འབྱེད་པ་ལ། །ལག་ན་རྡོ་རྗེ་ཅན་ལྟ་བུ། །རིམ་པར་བྱོན་ལ་ཕྱག་འཚལ་ལོ། །རྫོགས་པའི་ཕྲེང་བ་ཞེས་བྱའི་གཞུང་། །ཀུན་གྱིས་འཛིན་བདེར་བྱེད་པ་ལ། །པདྨ་དཀར་པོ་བདག་འོས་སྙམ། །མཁས་པ་སྔ་མས་བཏང་སྙོམས་མཛད། །བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་ཤར་གྱི་རྩིབས་ལ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེ་ཐོ་བ་ནག་པོ་དང་རལ་གྲི། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེའི་དབྱུག་པ་དཀར་པོ་དང་ནག་པོ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། བྱང་དུ་བགེགས་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་ཁྲོ་བོའི་རྡོ་རྗེ་དང་རལ་གྲི། མེར་འདོད་པའི་རྒྱལ་པོ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་ལྕགས་ཀྱུ་དང་རལ་གྲི། བདེན་བྲལ་དུ་དབྱུག་སྔོན་ཅན་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་དབྱུག་པ་སྔོན་པོ་དང་རལ་གྲི་རླུང་དུ་སྟོབས་པོ་ཆེ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྩེ་གསུམ་དང་རལ་གྲི། དབང་ལྡན་དུ་མི་གཡོ་བ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རལ་གྲི་དང་རྡོ་རྗེ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་སེར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་འཁོར་ལོ་སེར་པོ་དང་རལ་གྲི། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི། ཐམས་ཅད་ཀྱང་རྩ་བའི་ཕྱག་གཉིས་རང་འོད་ཀྱི་རིག་མ་ལ་འཁྱུད་པ། གཡོན་འོག་མ་གཉིས་ནོར་བུ་དང་པདྨ་འཛིན་པ། གཙུག་ཏོར་ཅན། འདོད་རྒྱལ། མི་གཡོ་བ། གནོད་མཛེས་རྣམས་རིན་པོ་ཆེའི་རྒྱན་ཅན་འགྱིང་བ་མཆེ་བ་ཅུང་ཟད་གཙིགས་པ། ལྷག་མ་རྣམས་མི་སྡུག་པའི་གཟུགས་ཅན་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྱུར་བ། སྤྱན་གསུམ་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་སེར་པོ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྐུ་བོངས་ཐུང་ཞིང་ཡན་ལག་རགས་པ། ལྟོ་བ་འཕྱང་བ། ཐམས་ཅད་ཀྱང་རང་རང་གི་རིགས་ཀྱི་བདག་པོའི་དབུ་རྒྱན་ཅན། ཉི་མའི་འོད་ཅན་རང་འདྲ་བའི་སྤྲུལ་པའི་སྐུ་དཔག་ཏུ་མེད་པས་ཁམས་གསུམ་མཐའ་ཡས་པའི་བགེགས་ཀྱི་ཚོགས་བརླག་པར་བྱེད་པ། གཡོན་བརྐྱང་གིས་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་པད་ཉི་ལ་གནས་པ། འཁོར་ལོ་རྒྱུན་མི་ཆད་པར་དྲག་ཏུ་འཁོར་བ། དེའི་ལྟེ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཇམ་པའི་རྡོ་རྗེའི་སྐུ་གུར་ཀུམ་གྱི་མདོག་ཅན་དམར་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ལྷག་མའི་གཡས་རལ་གྲི་དང་མདའ། གཡོན་གཉིས་ཨུཏྤལ་དང་གཞུ་འཛིན་པ། རིན་པོ་ཆེ་ལས་བྱས་པའི་ཅོད་པན་སོགས་མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་མཐའ་ཡས་པ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མི་བསྐྱོད་པའི་ཅོད་པན་ཅན། དེའི་ཤར་གྱི་ཕྱོགས་སུ་རྣམ་སྣང་དང་། མེར་སྤྱན་མ་གཉིས་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་འཁོར་ལོ་རྩིབས་བརྒྱད་དཀར་པོ་དང་རལ་གྲི། ལྷོར་རིན་འབྱུང་དང་དབང་ལྡན་དུ་སྒྲོལ་མ་སེར་མོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་མ་རཱ་ག་ཏ་ཟུར་དགུ་པ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ། ནུབ་ཏུ་སྣང་བ་མཐའ་ཡས་དང་རླུང་དུ་གོས་དཀར་མོ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། བྱང་དུ་དོན་གྲུབ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་རལ་གྲི་དང་འཁོར་ལོ། བདེན་བྲལ་དུ་མ་མཱ་ཀཱི་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ཨུཏྤལ་དམར་པོ་དང་རལ་གྲི། བཞི་པོའི་གཡོན་གཉིས་ནོར་བུ་དང་པདྨ། ལྷ་ཁྱམས་ཀྱི་མེར་གཟུགས་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་རིན་པོ་ཆེའི་མེ་ལོང་དང་རལ་གྲི། སྲིན་པོར་སྒྲ་རྡོ་རྗེ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་པི་ཝང་སྔོན་པོ་དང་རལ་གྲི། གཉིས་པོའི་གཡོན་ནོར་བུ་དང་པདྨ། རླུང་དུ་དྲི་རྡོ་རྗེ་མ་སེར་མོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་དྲི་ཆབ་ཀྱི་དུང་ཆོས་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་ཆུ་སྐྱེས། དབང་ལྡན་དུ་རོ་རྡོ་རྗེ་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་རོའི་སྣོད་དམར་པོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། དེ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་རྣམ་སྣང་དང་ལྷ་མོ་བཅུ་ཟླ་བ། གཞན་རྣམས་ཉི་མ་ལ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་སྒོའི་གཡོན་ལོགས་སུ་རེག་བྱ་རྡོ་རྗེ་མ་ལྗང་མོ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་གོས་སྣ་ཚོགས་དང་རལ་གྲི། གཡས་ལོགས་སུ་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཅུང་ཟད་དམར་བའི་མདངས་དང་ལྡན་པ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ཆོས་འབྱུང་དཀར་པོ་དང་རལ་གྲི། གཉིས་པོའི་གཡོན་གཉིས་ནོར་བུ་དང་པདྨ། ཤར་སྒོར་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེ་ཐོ་བ་ནག་པོ་དང་རལ་གྲི། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེའི་དབྱུག་པ་དཀར་པོ་དང་ནག་པོ། ནུབ་སྒོར་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། བྱང་སྒོར་བགེགས་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་ཁྲོ་བོའི་རྡོ་རྗེ་དང་རལ་གྲི། གསུམ་པོ་གཡོན་གཉིས་ནོར་བུ་དང་པདྨ། བཞི་པོ་མི་སྡུག་པའི་གཟུགས་ཅན་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྱུར་བ། སྤྱན་གསུམ་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་སེར་པོ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྐུ་བོངས་ཐུང་ཞིང་ཡན་ལག་རགས་པ། ལྟོ་བ་འཕྱང་བ། གཡོན་བརྐྱང་གིས་ཉི་མ་ལ་གནས་པ། ཐབས་རྣམས་རྩ་བའི་ཕྱག་རང་འོད་ཀྱི་རིགས་མ་དང་། ལྷ་མོ་རྣམས་རང་འོད་ཀྱི་ཡབ་ལ་འཁྱུད་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཟླ་བ་ལ་རལ་གྲིའི་ཡུ་བར་ཟླ་བ་ལ་མཱཾ། སངས་རྒྱས་བཞིའི་ཐུགས་ཀ་ནས་རང་རང་གི་ཕྱག་མཚན་བྷྲུཾ་ཨཾ་ཛྭིཾ་ཁཾ་གིས་མཚན་པ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བ་བྱས་པས་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཞེས་བསྒོམ་ཞིང་གསལ་བཏབ། དབུས་སུ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་མི་བསྐྱོད་པ་མ་མཱ་ཀཱི་ལྟ་བུ་ལ་ཨུཏྤལ་དམར་པོའི་ཚབ་ཏུ་རྡོ་རྗེ། དབུས་སུ་བཅོམ་ལྡན་འདས་གསང་བ་འདུས་པ་རྣམ་པར་སྣང་མཛད་དཀར་པོ། །ཤར་དུ་མི་བསྐྱོད་པ། མེར་རེག་བྱ་རྡོ་རྗེ་མ། ཤར་སྒོའི་གཡོན་ལོགས་སུ་སྤྱན་མ། དབུས་སུ་གསང་བ་འདུས་པ་རིན་འབྱུང་། ལྷོར་མི་བསྐྱོད་པ། བདེན་བྲལ་དུ་རེག་བྱ་རྡོ་རྗེ་མ། ཤར་སྒོའི་གཡོན་ལོགས་སུ་མ་མ་ཱཀཱི །དབུས་སུ་བཅོམ་ལྡན་འདས་གསང་བ་འདུས་པ་འོད་དཔག་མེད་དཀར་པོ་གཡས་གཡོན་ནག་དམར་བའི། ཕྱག་མཚན་གྱི་འོད་ཟེར་གྱིས་འོད་དཔག་མེད་བཞིན། ནུབ་ཏུ་མི་བསྐྱོད་པ། རླུང་དུ་རེག་བྱ་རྡོ་རྗེ་མ། ཤར་སྒོའི་གཡོན་ལོགས་སུ་གོས་དཀར་མོ། །དབུས་སུ་གསང་བ་འདུས་པ་དོན་ཡོད་གྲུབ་པ། བྱང་དུ་མི་བསྐྱོད་དབང་ལྡན་དུ་རེག་བྱ་རྡོ་རྗེ། ཤར་སྒོའི་གཡོན་ལོགས་སུ་སྒྲོལ་མ། ཨོཾ་ཨཱཿམཱཾ་ཧཱུཾ། འཇམ་རྡོར། ཨོཾ་ཨཱཿབཛྭ་དྷྲཱྀཀ྄ཧཱུྃ། མི་བསྐྱོད་པ། ཨོཾ་ཨཱཿཛི་ན་ཛིཀ྄་ཧཱུཾ། རྣམ་པར་སྣང་མཛད་ཀྱིའོ། །ཨོཾ་ཨཱཿརཏྣ་དྷྲྀཀ྄་ཧཱུྃ། རིན་ཆེན་འབྱུང་ལྡན་གྱིའོ། །ཨོཾ་ཨཱཿཨ་རོ་ལྀཀ྄་ཧཱུཾ། སྣང་བ་མཐའ་ཡས་ཀྱིའོ། །ཨོཾ་ཨཱཿཔྲཛྙྱཱ་དྷྲཱྀཀ་ཧཱུྃ། དོན་ཡོད་གྲུབ་པའི་འོ། །ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ། ལས་ཐམས་ཅད་པའོ། །གསང་བ་འདུས་པ་མི་བསྐྱོད་པ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་ཤར་གྱི་རྩིབས་ལ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིག་མཛུབ་དྲིལ་བུ་དགྲ་སྟ། རྣམ་སྣང་གིས་དབུ་བརྒྱན་པ། མེར་མི་གཡོ་བ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དགྲ་སྟ་ཞགས་པ། རྣམ་སྣང་གིས་དབུ་བརྒྱན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་དབྱུག་པ་རལ་གྲི། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ། རིན་འབྱུང་གིས་དབུ་བརྒྱན་པ། བདེན་བྲལ་དུ་འདོད་པའི་རྒྱལ་པོ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ་རལ་གྲི། གཡོན་གཉིས་ཞགས་པ་ལྕགས་ཀྱུ། རིན་འབྱུང་གིས་དབུ་བརྒྱན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་པདྨ་རལ་གྲི་གཏུན་ཤིང་། གཡོན་པ་གསུམ་ན་དྲིལ་བུ་དགྲ་སྟ་ཞགས་པ། འོད་དཔག་མེད་པས་དབུ་བརྒྱན་པ། རླུང་དུ་དབྱུག་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་རལ་གྲི་འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་ཞགས་པ་དགྲ་སྟ། འོད་དཔག་མེད་པས་དབུ་བརྒྱན་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ། དོན་གྲུབ་ཀྱིས་དབུ་བརྒྱན་ཅན། དབང་ལྡན་དུ་སྟོབས་པོ་ཆེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་རལ་གྲི་འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་རྩེ་གསུམ་དགྲ་སྟ། དོན་གྲུབ་ཀྱིས་དབུ་བརྒྱན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་འཛིན་པ། ལྷག་མའི་གཡས་གཉིས་ཀྱིས་རྡོ་རྗེ་པདྨ། གཡོན་གཉིས་ཀྱིས་སྡིགས་མཛུབ་རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་པདྨ་རལ་གྲི། མི་བསྐྱོད་པས་དབུ་བརྒྱན་ཅན། དེ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་དྲག་པོའི་གད་རྒྱངས་ཅན། མཆེ་བ་གཙིགས་པ། སྤྱན་དམར་པོ་གསུམ་གཟིར་ཞིང་སྨིན་མ་ཨག་ཚོམས་མེར་འབར་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ་གོ་རིམ་བཞིན་དུ། རྡོ་རྗེ་རོ་ལངས་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། གཞན་གྱིས་མི་ཐུབ་མ་དང་། སྣ་ཚོགས་རིན་ཆེན་མ་དང་། ཁྲོ་གཉེར་ཅན་མ་དང་། སྣ་ཚོགས་པདྨ་དང་། རལ་གཅིག་མ་དང་། སྣ་ཚོགས་ལས་མ་དང་། ནམ་མཁའི་རྡོ་རྗེ་མ་དང་། ས་འཛིན་མ་རྣམས་ལ་འཁྱུད་པ། གཡས་བརྐྱང་གིས་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་པད་ཉི་ལ་གནས་པ། འཁོར་ལོ་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བ། དེའི་ལྟེ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་མི་བསྐྱོད་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ཁྲོ་བོའི་རྡོ་རྗེ་རྩེ་དགུ་པ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། །རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན་རང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ་ལིང་ཚེ་ཤར་དུ་ཟླ་བ་ལ་བཞུགས་པར་གྱུར། རིན་ཆེན་ཏོག་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ནོར་བུ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ་ལིང་ཚེ་ལྷོར་ཟླ་བ་ལ་བཞུགས་པར་གྱུར། མཐའ་ཡས་རྡོ་རྗེ་ཅན་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་པདྨ་ཁ་འབྱེད་པ། ལྷག་མས་རྡོ་རྗེ་དང་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་ནས་པད་དམར། རིན་ཆེན། རལ་གྲི། འོད་དཔག་མེད་པས་དབུ་བརྒྱན་པ་ལིང་ཚེ་ནུབ་ཏུ་ཟླ་བ་ལ་བཞུགས་པར་གྱུར། དོན་ཡོད་རྡོ་རྗེ་ཅན་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། སྣ་ཚོགས་རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པད་ལྗང་། ནོར་བུ། དོན་གྲུབ་ཀྱིས་དབུ་བརྒྱན་པ་ལིང་ཚེ་བྱང་དུ་ཟླ་བ་ལ་བཞུགས་པར་གྱུར། སྤྱན་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། རྡོ་རྗེ། ཨུཏྤལ་དཀར་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། རྣམ་སྣང་གི་དབུ་བརྒྱན་པ་ལིང་ཚེ་མེར་ཟླ་བ་ལ་བཞུགས་པར་གྱུར། མ་མཱ་ཀཱི་ནག་མོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་རྩེ་དགུ །འཁོར་ལོ། ཨུཏྤལ་སྔོན་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ་ལིང་ཚེ་སྲིན་པོར་ཟླ་བ་ལ་བཞུགས་པར་གྱུར། གོས་དཀར་མོ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་ཨུཏྤལ་ཁ་འབྱེད་པ་དང་། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་ནས་ཨུཏྤལ་དམར་པོ། རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལིང་ཚེ་རླུང་དུ་ཟླ་བ་ལ་བཞུགས་པར་གྱུར། སྒྲོལ་མ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། ཨུཏྤལ་སྔོ་སེར། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། དོན་གྲུབ་ཀྱིས་དབུ་བརྒྱན་པ་ལིང་ཚེ་དབང་ལྡན་དུ་ཟླ་བ་ལ་བཞུགས་པར་གྱུར། གཟུགས་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མེ་ལོང་། ལྷག་མའི་གཡས་རྡོ་རྗེ། ཨུཏྤལ་དཀར་པོ། རྣམ་སྣང་གིས་དབུ་བརྒྱན་པ་ལིང་ཚེའི་ཕྱི་མེར་ཟླ་བ་ལ་བཞུགས་པར་གྱུར། སྒྲ་རྡོ་རྗེ་མ་སེར་མོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པི་ཝང་བརྡུང་བ། ལྷག་མའི་གཡས་འཁོར་ལོ། ཨུཏྤལ་སྔོན་པོ། མི་བསྐྱོད་པས་དབུ་བརྒྱན་པ་ལིང་ཚེའི་ཕྱི་སྲིན་པོར་ཟླ་བ་ལ་བཞུགས་པར་གྱུར། དྲི་རྡོ་རྗེ་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་དྲིའི་དུང་ཆོས། ལྷག་མའི་གཡས་རྡོ་རྗེ། འཁོར་ལོ། འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལིང་ཚེའི་ཕྱི་རླུང་དུ་ཟླ་བ་ལ་བཞུགས་པར་གྱུར། རོ་རྡོ་རྗེ་མ་ལྗང་ཁུ་ལྗང་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རོ་བཅུད་ཀྱི་སྣོད། ལྷག་མའི་གཡས་འཁོར་ལོ། ཨུཏྤལ་དམར་པོ། དོན་གྲུབ་ཀྱིས་དབུ་བརྒྱན་པ་ལིང་ཚེའི་ཕྱི་དབང་ལྡན་དུ་ཟླ་བ་ལ་བཞུགས་པར་གྱུར། བཞི་ཀའི་གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། བྱམས་པ་དང་ས་སྙིང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། བྱམས་པའི་གཡས་དང་པོ་ཀླུ་ཤིང་གི་མེ་ཏོག་རྣམ་སྣང་གིས་དབུ་བརྒྱན་པ་ལྷ་སྣམ་ནང་མའི་ཤར་དུ། ཕྱག་རྡོར་དང་ནམ་སྙིང་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ནོར་བུ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པདྨ། རལ་གྲི། རིན་འབྱུང་གིས་དབུ་བརྒྱན་པ་ལྷ་སྣམ་ནང་མའི་ལྷོར་འཇིག་རྟེན་དབང་ཕྱུག་དང་འཇམ་དབྱངས་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་པདྨ་ཁ་འབྱེད་པ། ལྷག་མས་རྡོ་རྗེ་དང་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་ནས་པད་དམར། རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལྷ་སྣམ་ནང་མའི་ནུབ་ཏུ། སྒྲིབ་སེལ་དང་ཀུན་བཟང་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། སྣ་ཚོགས་རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པད་ལྗང་ནོར་བུ། དོན་གྲུབ་ཀྱིས་དབུ་བརྒྱན་པ་ལྷ་སྣམ་ནང་མའི་བྱང་དུ། དེ་ཐམས་ཅད་ཞི་བ་རིན་པོ་ཆེ་དང་། དར་གྱིས་ཀླུབས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འོད་ཟེར་ཕྲེང་བའི་ཀློང་ན་བཞུགས་པ། གཤིན་རྗེ་མཐར་བྱེད་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། དྲིལ་བུ། དགྲ་སྟ་རྣམ་སྣང་གིས་དབུ་བརྒྱན་པ་ཤར་སྒོར། ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། དབྱུག་པ། རལ་གྲི། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། དྲིལ་བུ། དགྲ་སྟ། རིན་འབྱུང་གིས་དབུ་བརྒྱན་པ་ལྷོ་སྒོར། པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་པདྨ། རལ་གྲི། གཏུན་ཤིང་། གཡོན་པ་གསུམ་ན་དྲིལ་བུ། དགྲ་སྟ། ཞགས་པ། འོད་དཔག་མེད་པས་དབུ་བརྒྱན་པ་ནུབ་སྒོར། བགེགས་མཐར་བྱེད་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། གཏུན་ཤིང་། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། དྲིལ་བུ། དགྲ་སྟ། དོན་གྲུབ་ཀྱིས་དབུ་བརྒྱན་པ་བྱང་སྒོར། མི་གཡོ་བ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ། དགྲ་སྟ། ཞགས་པ། རྣམ་སྣང་གིས་དབུ་བརྒྱན་པ་མེར་འདོད་པའི་རྒྱལ་པོ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ། རལ་གྲི། གཡོན་གཉིས་ཞགས་པ། ལྕགས་ཀྱུ། རིན་འབྱུང་གིས་དབུ་བརྒྱན་པ་བདེན་བྲལ་དུ། དབྱུག་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ་རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ། ཞགས་པ། དགྲ་སྟ། འོད་དཔག་མེད་པས་དབུ་བརྒྱན་པ་རླུང་དུ། སྟོབས་པོ་ཆེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། རྩེ་གསུམ། དགྲ་སྟ། དོན་གྲུབ་ཀྱིས་དབུ་བརྒྱན་པ་བྱང་ཤར་དུ། གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་འཛིན་པ། ལྷག་མའི་གཡས་གཉིས་ཀྱིས་རྡོ་རྗེ། །པདྨ། །གཡོན་གཉིས་ཀྱིས་སྡིགས་མཛུབ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ་སྟེང་དུ། གནོད་མཛེས་རྒྱལ་པོ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། རིན་ཆེན། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་ཅན་འོག་ཏུ། ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་དྲག་པོའི་གད་རྒྱངས་ཅན། །མཆེ་བ་གཙིགས་པ། སྤྱན་དམར་པོ་གསུམ་གཟིར་ཞིང་སྨིན་མ་ཨག་ཚོམ་མེར་འབར་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ་གོ་རིམ་བཞིན་དུ། རྡོ་རྗེ་རོ་ལངས་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། གཞན་གྱིས་མི་ཐུབ་མ་དང་། སྣ་ཚོགས་རིན་ཆེན་མ་དང་། ཁྲོ་གཉེར་ཅན་མ་དང་། སྣ་ཚོགས་པདྨ་དང་། རལ་གཅིག་མ་དང་། སྣ་ཚོགས་ལས་མ་དང་། ནམ་མཁའི་རྡོ་རྗེ་མ་དང་། ས་འཛིན་མ་རྣམས་ལ་འཁྱུད་པ། གཡས་བརྐྱང་གཡོན་བསྐུམ་པས་མེའི་ཕུང་པོ་གཅིག་ཏུ་འབར་བའི་དབུས་ན་པད་ཉི་ལ་བཞུགས་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན། གཙོ་བོའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ལོངས་སྐུའི་བདག་ཉིད་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་རང་གི་ཤེས་རབ་མ་དང་ཁ་སྦྱོར་གྱི་སྦྱོར་བས་ལུས་ཐམས་ཅད་ཚིམ་པར་བྱེད་པ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོའོ། །དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཁ་སྦྱོར་རྡོར་སེམས་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི །དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་ཤར་གྱི་རྩིབས་ལ་གཤིན་རྗེ་གཤེད་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེའི་ལྕགས་ཀྱུ། འཁོར་ལོ། རྡོ་རྗེ། གཡོན་པ་གསུམ་གྱིས་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ། དྲིལ་བུ། དགྲ་སྟ། ཤེས་རབ་མཐར་བྱེད་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེའི་ཞགས་པ། རྡོ་རྗེ། རལ་གྲི། གཡོན་པ་གསུམ་སྙིང་གར་སྡིགས་མཛུབ། དྲིལ་བུ། དགྲ་སྟ། པདྨ་མཐར་བྱེད་ཕྱག་གཡས་པ་གསུམ་ལྕགས་སྒྲོག པདྨ་རལ་གྲི། གཡོན་པ་གསུམ་སྡིགས་མཛུབ། དྲིལ་བུ། ཞགས་པའོ། །བགེགས་མཐར་བྱེད་ཕྱག་གཡས་པ་གསུམ་རྡོ་རྗེ་དྲིལ་བུ། རྡོ་རྗེ་རྒྱ་གྲམ། འཁོར་ལོ། གཡོན་པ་གསུམ་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཏུན་ཤིང་དགྲ་སྟ། མི་གཡོ་བ་ཕྱག་གཡས་པ་གསུམ་ན་རལ་གྲི། འཁོར་ལོ། རྡོ་རྗེ། གཡོན་པ་གསུམ་སྡིགས་མཛུབ། དགྲ་སྟ། ཞགས་པ། འདོད་རྒྱལ་ཕྱག་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་ལྕགས་ཀྱུ། རལ་གྲི། གཡོན་གཉིས་རྡོ་རྗེ། ཞགས་པ། དབྱུག་པ་སྔོན་པོ་ཕྱག་གཡས་པ་གསུམ་རྡོ་རྗེའི་དབྱུག་པ། རལ་གྲི། འཁོར་ལོ། སྡིགས་མཛུབ་དང་བཅས་པའི་ཕྱག་གཉིས་ཀྱིས་ཞགས་པ། པདྨ། དགྲ་སྟ། སྟོབས་པོ་ཆེ་ཕྱག་གཡས་པ་གསུམ་རྩེ་གསུམ། རལ་གྲི། འཁོར་ལོ། གཡོན་པ་གསུམ་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ། པདྨ། དགྲ་སྟ། གཙུག་ཏོར་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་འཁོར་ལོ། པདྨ། གཡོན་གཉིས་སྡིགས་མཛུབ། རལ་གྲི། གནོད་མཛེས་ཕྱག་གཡས་པ་གསུམ་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། གཡོན་པ་གསུམ་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ། པདྨ། རལ་གྲི། ཐམས་ཅད་ཐོད་པའི་ཅོད་པན་དང་རིགས་ཀྱི་བདག་པོས་དབུ་བརྒྱན་པ། མགོ་བོའི་དོ་ཤལ་ཕྱག་རྒྱ་ལྔས་བརྒྱན་པ། གོ་རིམ་བཞིན་དུ་ཤར་ནས་གཡས་སྐོར་དང་སྟེང་འོག་ཏུ་གནས་པ་དེའི་ལྟེ་བའི་ནང་དུ་རླུང་མེ་ཆུ་དང་སའི་དཀྱིལ་འཁོར་རི་རབ་དང་བཅས་པའི་བར། ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཛུམ་པ་དང་བཅས་པའི་སྐུ་མདོག་དཀར་པོ་ཅུང་ཟད་དམར་བའི་མདངས་དང་ལྡན་པ། དཀར་སྔོ་དམར་བའི་ཞལ་གསུམ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཐོར་ཅོག་ནག་པོ་ལ་གནས་པའི་ནོར་བུ་དང་སྣ་ཚོགས་རྡོ་རྗེ། དེའི་འོག་གཡོན་ངོས་ལ་ཟླ་ཚེས། སངས་རྒྱས་ལྔ་ཡི་ཅོད་པན་ཅན། དཔྲལ་བའི་སྟེང་དུ་ཐོད་པ་ལྔ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲ་བའི་ཡུམ་ལ་འཁྱུད་ཅིང་ཆུ་སྐྱེས་ལ་མཉམ་པར་སྦྱོར་བའི་དགའ་བ་དང་ལྡན་པ། ལྷག་མའི་གཡས་གཉིས་རལ་གྲི་དང་། ལྕགས་ཀྱུ། གཡོན་གཉིས་ཐོད་པ་དང་། ཞགས་པ་འཛིན་པ། ཉི་མའི་འོད་ཅན་སྣ་ཚོགས་པདྨ་དང་། ཐོད་པ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། དེའི་ཐུགས་ཀར་སྣ་ཚོགས་པད་ཟླ་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་དམར་སེམས་དཔའི་སྐྱིལ་ཀྲུང་ཅན། སངས་རྒྱས་ལྔའི་ཅོད་པན་དང་རིན་པོ་ཆེས་བརྒྱན་པ། རྡོ་རྗེ་དྲིལ་བུར་བཅས་པའི་ཕྱག་གིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་ཧཱུཾ་ནག་པོའོ། །ཤར་དུ་རྣམ་སྣང་དཀར་པོ་ཞི་བ་ཕྱག་བཞི་པ་གཡས་གཉིས་འཁོར་ལོ། དྲིལ་བུ། གཡོན་གཉིས་ཐོད་པ་དང་ཞགས་པ། ལྷོར་རིན་འབྱུང་སེར་པོ་ཕྱག་བཞིའི་གཡས་གཉིས་རིན་པོ་ཆེ་དང་། །ལྕགས་ཀྱུ། གཡོན་གཉིས་ཐོད་པ་དང་ཞགས་པ། ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་བཞིའི་གཡས་གཉིས་མདའ་དང་པདྨ། གཡོན་གཉིས་གཞུ་དང་། ཞགས་པ། བྱང་དུ་དོན་གྲུབ་ལྗང་ཁུ་ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་དྲིལ་བུ་དང་ཐོད་པ། དབང་ལྡན་དུ་སྤྱན་མ་དཀར་མོ་ཕྱག་བརྒྱད་ཀྱི་གཡས་པ་བཞི་འཁོར་ལོ། རྡོ་རྗེ། རལ་གྲི། མདའ། གཡོན་བཞི་ཐོད་པ། དྲིལ་བུ། ཞགས་པ། གཞུ། མེར་མ་མཱ་ཀཱི་སྔོན་མོ་ཕྱག་བཅུ་གཡས་པ་ལྔ། མདའ། རལ་གྲི། འཁོར་ལོ། རིན་པོ་ཆེ་དང་པདྨ། གཡོན་ལྔ་གཞུ། ལྕགས་ཀྱུ། དྲིལ་བུ། ཞགས་པ་དང་བཅས་ནས་ཐོད་པ། ཁ་ཊྶཱཾ་ག བདེན་བྲལ་དུ་གོས་དཀར་མོ་དམར་མོ་ཕྱག་བརྒྱད་གཡས་བཞིས་མདའ་དང་པདྨ། རལ་གྲི། རྡོ་རྗེ། གཡོན་བཞི། གཞུ། ཐོད་པ། ཞགས་པ། དྲིལ་བུ། རླུང་དུ་སྒྲོལ་མ་ལྗང་ཁུ་ཕྱག་བརྒྱད་གཡས་བཞིས་ཨུཏྤལ་དམར་པོ་དང་རལ་གྲི། ལྕགས་ཀྱུ། མདའ། གཡོན་བཞི་འཁོར་ལོ། ཞགས་པ། ཐོད་པ། གཞུ། རིམ་པ་གཉིས་པའི་ཤར་གྱི་ཕྱོགས་རྡོ་རྗེ་དྲག་མོ་དཀར་མོ་ཕྱག་བཞིའི་གཡས་གཉིས་མདའ་དང་ལྕགས་ཀྱུ། གཡོན་གཉིས་གཞུ་དང་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ། ལྷོར་གཟུགས་མ་སེར་མོ་ཕྱག་བཞིའི་གཡས་གཉིས་ཀྱི་རྡོ་རྗེ་དང་མདུང་། གཡོན་གཉིས་རྡོ་རྗེའི་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ། ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ཆུས་གང་བའི་ཐོད་པ་དང་དྲིལ་བུ། བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་ཁུ་ཕྱག་བཞིའི་གཡས་གཉིས་ཏལ་ དོགས་པ་ པ་ཐུང་དུ་དང་བ་དན་རྩེ་གསུམ། གཡོན་གཉིས་རྡོ་རྗེས་མཚན་པའི་ཁ་ཊྶཱཾ་ག་དང་ཐོད་པ། དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར་ཕྱག་བཞིའི་གཡས་གཉིས་དབྱུག་ཐོ་དང་ཨུཏྤལ། གཡོན་གཉིས་ཐོད་པ་དང་ཌཱ་མ་རུ། མེར་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ཕྱག་བཞིའི་གཡས་གཉིས་པདྨ་དང་མེ་ལོང་། གཡོན་གཉིས་རྐང་མར་གྱིས་གང་བའི་ཐོད་པ་དང་། དགྲ་སྟ། བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོ་དམར་ཕྱག་བཞིའི་གཡས་གཉིས་ཤཀྟི་དང་དུང་། གཡོན་གཉིས་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ། རླུང་དུ་སའི་རྡོ་རྗེ་མ་དཀར་ལྗང་ཕྱག་བཞིའི་གཡས་གཉིས་པདྨ་དང་རྡོ་རྗེ། གཡོན་གཉིས་བདུད་རྩི་ལྔ་དང་ཤ་ལྔས་གང་བའི་ཐོད་པ་མི་ལྤགས་ཀྱིས་གཡོགས་པ་དང་། དྲིལ་བུ། རིམ་པ་གསུམ་པའི་ཤར་དུ་བཞད་མ་དམར་མོ་རྡོར་དྲིལ་འཛིན་པ་མངོན་པར་བཞད་པའི་ཚུལ། ལྷོར་སྒེག་མ་སྔོན་མོ་རྡོར་དྲིལ་འཛིན་པ་སྙེམས་པ་དང་བཅས་པ་སྒེག་མོའི་ཚུལ། ནུབ་ཏུ་གླུ་མ་སེར་མོ་ཅུང་ཟད་གཡོ་ཞིང་སྒེག་པའི་ཕྱག་གིས་ཏིང་ཤག བྱང་དུ་གར་མ་ལྗང་ཁུ་པད་སྐོར་ལ་སོགས་པ་གར་གྱིས་གཡོ་བའི་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་དང་དྲིལ་བུ། དབང་ལྡན་དུ་གླིང་བུ་མ་དམར་མོ། མེར་པི་ཝཾ་མ་སེར་མོ། བདེན་བྲལ་དུ་མུ་ཀུན་ད་དཀར་མོ། རླུང་དུ་རྫ་རྔ་མ་དུ་བའི་མདོག་ཅན་བཞི་པོ་སྒེག་པའི་ཉམས་བག་ཙམ་གྱིས་གཡོ་བ་རང་རང་གི་རོལ་མོ་བརྡུང་བ། སྣམ་བུའི་མེར། མེ་ཏོག་མ་དཀར་མོ་འཁོར་ལོ་དང་མེ་ཏོག་གི་འཕྲེང་བ། བདེན་བྲལ་དུ་བདུག་སྤོས་མ་དུ་བའི་མདོག་ཅན་རིན་པོ་ཆེ་དང་སྤོས་སྣོད། རླུང་དུ་མར་མེ་མ་གསེར་མདོག་པདྨ་དང་། མར་མེའི་སྣོད། དབང་ལྡན་དུ་དྲི་ཆབ་མ་དམར་མོ་རལ་གྲི་དང་དྲིའི་དུང་ཆོས། ཤར་དུ་མེ་ལོང་མ་དཀར་མོ་མེ་ལོང་། ལྷོར་རོ་མ་དམར་མོ་རོ་བཅུད། ནུབ་ཏུ་རེག་བྱ་རྡོ་རྗེ་མ་ལྗང་ཁུ་གོས་སྣ་ཚོགས། བྱང་དུ་ཆོས་མ་དཀར་མོ་ཆོས་འབྱུང་འཛིན་པ། རྣམ་སྣང་ལ་སོགས་པ་ལྷ་དེ་ཐམས་ཅད་ཞལ་གཅིག་སྤྱན་གསུམ་པ་ཅོད་པན་ནག་པོ་ཐོད་པ་ལྔ་འཁོར་ལོ་ལ་སོགས་པས་བརྒྱན་པ་ལྷའི་ན་བཟའ་ཅན་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའི་མདོག་སྔོན་མོ་སྔོ་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ལྕགས་ཀྱུ་རལ་གྲི། འཁོར་ལོ། གཡོན་རྣམས་ཞགས་པ། སྡིགས་མཛུབ། དྲིལ་བུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་མ་སེར་མོ་སེར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་འཁོར་ལོ། དྲིལ་བུ། སྡིགས་མཛུབ་དང་བཅས་པའི་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ལྕགས་སྒྲོག རྡོ་རྗེ་རལ་གྲི། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ལྗང་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་དྲིལ་བུ། རྡོ་རྗེ། རལ་གྲི། གསུམ་པོའི་གཡོན་རྣམས་འཁོར་ལོ། དྲིལ་བུ། ལྕགས་ཀྱུ། བཞི་ཀའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རིགས་ཀྱི་བདག་པོས་དབུ་བརྒྱན་པ། ཐོད་པ་ལ་དུང་འཁོར་ལོ་ལ་སོགས་པས་བརྒྱན་ཅིང་སྟག་ཤམ་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པ་ཉི་མའི་འོད་ཟེར་ཅན། སྒོ་བ་དང་སངས་རྒྱས་རྣམས་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མ་ལ་བཞུགས་པའོ། །གཞན་རྣམས་པདྨ་དང་ཐོད་པ་དང་ཟླ་བའི་གདན་ལ་གནས་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་གཙོ་བོའི་ཐུགས་ཀར་ཧཱུཾ་དེ་ལས་དེ་བཞིན་གཤེགས་པ་དང་ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། རྡོ་རྗེ་སེམས་དཔའི་སྙིང་པོའི་སྔགས་ནི། ཨོཾ་བཛྭ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱུཾ་སྭཱ་ཧཱ། ཞེས་པའོ། རྡོ་རྗེ་དྲིལ་བུ་མའི་སྔགས། ཨོཾ་བཛྭ་གྷཎྜྻེ་ཧོཿསྭཱ་ཧཱ། ཞེས་པ་ནི་ལས་ཐམས་ཅད་པའོ། །ཡེ་ཤེས་མཁའ་འགྲོ་མ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ་དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་སེང་གེའི་གདན་ལྔ། སྟེང་དུ་སྣ་ཚོགས་པད་ཉི། དབང་ལྡན་དུ་གླང་པོ་ཆེ། མེར་རིན་པོ་ཆེ་བདུན་གྱི་ཕུང་པོ། སྲིན་པོར་མ་ཧེ། རླུང་དུ་ཀླུ་བརྒྱད་ཀྱི་མཇུག་མ་བསྡུས་པ། སྒོར་སྣ་ཚོགས་པདྨ་ལ་རོའི་སྙིང་ཀར་ཉི་མ། སྙིང་པོའི་གདུགས་དཀར་པོ་དང་བཅས་པའི་སེང་གེ་ལ་གནས་པའི་པད་ཉིར། ཡེ་ཤེས་དབང་ཕྱུག་མ་སྔོན་མོ་རྩ་བའི་ཞལ་ཁྲོ་བ། གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་པོ་སྒེག་པ། ཧ་ཧའི་གད་རྒྱངས་སྒྲོག་ཅིང་སྤྱན་གསུམ་གསུམ་པ། དབུ་སྐྲ་ཟུར་ཕུད་ལྔ་བཅིངས་པ་ལ་ནོར་བུ་དང་ཟླ་ཚེས་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་ཐོད་པ་ལྔ་རྡོ་རྗེས་མཚན་པའི་རྩ་ཕྲན་ཅན་དང་སངས་རྒྱས་ལྔས་བརྒྱན་པ། ཕྱག་དྲུག་གི་གཡས་པ་གསུམ་ན་སྟེང་དུ་བསྟན་པའི་ཁ་ཊྶཱཾ་ག་དང་། དགྲ་སྟ། རྡོ་རྗེ། གཡོན་པ་གསུམ་ན་དྲིལ་བུ་དང་ཁྲག་གིས་གང་བའི་ཐོད་པ་དང་། རལ་གྲི་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་དམར་པོ་འོད་ཟེར་འབར་བའི་ཕྲེང་བ་ཅན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རང་བཞིན་གྱི་རྡོ་རྗེ་སེམས་དཔའ་ལ་འཁྱུད་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། །བྱང་དུ་དྲག་མོའི་མཁའ་འགྲོ་མ་སེར་མོ། །ནུབ་ཏུ་རོ་ལངས་མཁའ་འགྲོ་མ་དམར་མོ། །ལྷོར་གཏུམ་མོའི་མཁའ་འགྲོ་མ་སྔོན་མོ། །བཞི་ཀ་ཞལ་གཅིག་སྒེག་པའི་ཉམས་དང་ལྡན་པ། ཕྱག་གཡས་སྟེང་དུ་བསྒྲེང་བའི་ཁ་ཊྶཱཾ་ག་དང་། གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་པ། དབང་ལྡན་དུ་སེང་གེ་མ་གཡས་སེར་གཡོན་དཀར་བ། མེར་སྟག་མོ་མ་གཡས་དཀར་གཡོན་ནག་པ། སྲིན་པོར་ཅེ་སྤྱང་མ་གཡས་དམར་གཡོན་ནག་པ། རླུང་དུ་འུག་པ་མ་གཡས་དམར་གཡོན་སེར་བ། གཡས་རྡོ་རྗེའི་ལྕགས་ཀྱུ་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཤར་སྒོར་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཁར་བཅུག་པ། བྱང་དུ་འབར་བྱེད་མ་སེར་མོ་མར་མེ་ལྟ་བུའི་ཐལ་མོ་སྤྱི་བོར་འཛིན་པ། ནུབ་ཏུ་འཇིབ་བྱེད་མ་དམར་མོ་སྙིམ་པ་ཁའི་ཐད་དུ་བཅས་ཏེ་ཁྲག་གི་རྒྱུན་འཐུང་བ། ལྷོར་སྐམ་བུ་ཛི་ནག་མོ་མཐེ་བོང་གཉིས་སྦྱར་མཛུབ་མོ་བརྐྱང་བས་རང་གི་བྷ་གར་བཞག་ནས་གསང་བའི་གནས་སྟོན་པ། ཐམས་ཅད་ཀྱང་སྤྱན་གསུམ་པ་ལྷའི་གོས་དམར་པོ་མནབས་པ། དབུ་ལ་ཐོད་པའི་ཕྲེང་བ་དང་བཅས་པའི་ཕྱག་རྒྱ་ལྔ་དང་ལྡན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཀླུའི་རྒྱལ་པོ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། བསྐལ་པའི་མཐའི་མེ་འབར་བའི་འོད་ལྟ་བུའི་འོད་ཟེར་གྱི་ཚོགས་ཀྱིས་འཇིགས་པར་བྱེད་པ། རིགས་ཀྱི་བདག་པོས་དབུ་བརྒྱན་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་གཙོ་བོའི་ཐུགས་ཀར་ཧཱུཾ་དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་སྲཱིཿསྭཱ་ཧཱ། སྙིང་པོའི་སྔགས་སོ། ཨོཾ་བེ་དྷ་ལི་ཧཱུཾ་སྭཱ་ཧཱ། ལས་ཐམས་ཅད་པའོ།། །། དགྱེས་རྡོར་མཚོན་ཆ་ཅན་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེའི་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་རོའི་གདན། དེའི་སྙིང་གར་ཁྲག་གིས་གང་བའི་ཐོད་པའི་སྟེང་དུ་དགྱེས་པ་རྡོ་རྗེ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་པ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་དམར་ལ་ཟླུམ་པའི་སྤྱན་གསུམ་པ། གཡོན་ཐོད་པ་ཁྲག་གིས་གང་བ་རྡོ་རྗེས་མཚན་པ་འཛིན་པས་བདག་མེད་མ་ནག་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། གཡས་པས་རྡོ་རྗེ་རྩེ་ལྔ་པའི་དབྱུག་པ་བརྡེག་པར་གཟས་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཐོད་པ་ལྔ་ཕྱག་རྒྱ་དྲུག་དང་མི་མགོ་རློན་པའི་ཕྲེང་བས་བརྒྱན་པ། སྟག་གི་ལྤགས་པའི་སྨད་དཀྲིས་ཅན། ཞབས་གཡོན་གྱི་བརླར་གཡས་པའི་སོར་མོ་བརྟེན་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། དེའི་ཤར་གྱི་ཕྱོགས་སུ་རྡོ་རྗེ་དྲག་མོ་དཀར་མོ་ཕྱག་བཞིའི་གཡས་གཉིས་མདའ་དང་ལྕགས་ཀྱུ། གཡོན་གཉིས་གཞུ་དང་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ། ལྷོར་གཟུགས་མ་སེར་མོ་ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་མདུང་། །གཡོན་གཉིས་རྡོ་རྗེའི་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ། ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ཆུས་གང་བའི་ཐོད་པ་དང་དྲིལ་བུ། བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་ཁུ་ཕྱག་བཞིའི་གཡས་གཉིས་ཏལ་པ་ཐུང་དུ་དང་བ་དན་རྩེ་གསུམ་པ་གཡོན་གཉིས་རྡོ་རྗེས་མཚན་པའི་ཁཊྶཱཾ་ག་དང་ཐོད་པ། དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར་ཕྱག་བཞིའི་གཡས་གཉིས་དབྱུག་ཐོ་དང་ཨུཏྤལ། གཡོན་གཉིས་ཐོད་པ་དང་ཌཱ་མ་རུ། མེར་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ཕྱག་བཞིའི་གཡས་གཉིས་པདྨ་དང་མེ་ལོང་། གཡོན་གཉིས་རྐང་མར་གྱིས་གང་བའི་ཐོད་པ་དང་དགྲ་སྟ། བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོ་དམར་ཕྱག་བཞིའི་གཡས་གཉིས་ཤཀྟི་དང་དུང་། གཡོན་གཉིས་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ། རླུང་དུ་སའི་རྡོ་རྗེ་མ་དཀར་ལྗང་ཕྱག་བཞིའི་གཡས་གཉིས་པདྨ་དང་རྡོ་རྗེ། གཡོན་གཉིས་བདུད་རྩི་ལྔ་ཤ་ལྔས་གང་བའི་ཐོད་པ་མི་ལྤགས་ཀྱིས་གཡོགས་པ་དང་དྲིལ་བུ། དེ་དག་གི་ཕྱི་རོལ་གྱི་དབང་ལྡན་གྱི་མཚམས་སུ་གླིང་བུ་མ་དམར་མོ། །མེར་པི་ཝང་མ་སེར་མོ། བདེན་བྲལ་དུ་མུ་ཀུན་ཏ་དཀར་མོ། རླུང་དུ་རྫ་རྔ་མ་དུ་བའི་མདོག་ཅན་བཞི་པོ་སྒེག་པའི་ཉམས་བག་ཙམ་གྱིས་གཡོ་བ་རང་རང་གི་རོལ་མོ་བརྡུང་པ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའི་མདོག་སྔོན་མོ་སྔོ་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ལྕགས་ཀྱུ། རལ་གྲི། འཁོར་ལོ། གཡོན་རྣམས་ཞགས་པ། སྡིགས་མཛུབ། དྲིལ་བུ་འཛིན་པ། ལྷོ་སྒོར་ཞགས་པ་མ་སེར་མོ་སེར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་འཁོར་ལོ། དྲིལ་བུ། སྡིགས་མཛུབ་དང་བཅས་པའི་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ལྕགས་སྒྲོག རྡོ་རྗེ། རལ་གྲི། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ལྗང་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་དྲིལ་བུ། རྡོ་རྗེ། རལ་གྲི། གསུམ་པོའི་གཡོན་རྣམས་འཁོར་ལོ། དྲིལ་བུ། ལྕགས་ཀྱུ། བཞི་ཀའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རིགས་ཀྱི་བདག་པོས་དབུ་བརྒྱན་པ། ཐོད་པ་ལ་དུང་འཁོར་ལོ་ལ་སོགས་པས་བརྒྱན་ཅིང་། སྟག་ཤམ་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པ་ཉི་མའི་འོད་ཟེར་ཅན་སྒོ་བ་བཞི་པདྨ་ཐོད་པ་ཉི་མ་ལ་བཞུགས་པའོ། །གཞན་རྣམས་པདྨ་དང་ཐོད་པ་ཟླ་བའི་གདན་ལ་གནས་པ། དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་རྩ་བའི་ཕྱག་བཞི་པ་རྩ་བའི་ཕྱག་གཉིས་ཀྱི་རང་འདྲ་བའི་རྡོ་རྗེ་ཕག་མོ་ལ་ཡང་དག་པར་འཁྱུད་ཅིང་། ལྷག་མའི་གཡོན་ཐོད་ཁྲག་རྡོ་རྗེས་མཚན་པ་དང་། གཡས་པས་རྡོ་རྗེ་རྩེ་ལྔ་པའི་དབྱུག་པ་བརྡེག་པར་གཟས་པ། དགྱེས་པའི་རྡོ་རྗེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་མདའ་དང་རྩེ་གསུམ། གཡོན་པ་གསུམ་ན་དྲིལ་བུ་གཞུ་དང་ཐོད་པ། དང་པོ་གཉིས་ཀྱི་ཡུམ་ལུ་གུ་རྒྱུད་མ་ལ་འཁྱུད་པ། སྣ་ཚོགས་རྡོ་རྗེས་མཚན་པ་སྔ་མ་བཞིན་ནོ། །ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཟླ་བ་ལ་ས་བོན་གྱིས་མཚན་པ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པས་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཏྲཻ་ལོ་ཀྱ་ཀྵེ་བ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཛྷ་ལ་ཛྷ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཀི་ཊི་ཀི་ཊི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཞེས་སོ། །དགྱེས་རྡོར་མཚོན་ཆ་ཅན་ཕྱག་བཅུ་དྲུག་པ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ། ཕུང་པོའི་བདུད་ཚངས་པ་སེར་པོ། ཉོན་མོངས་པའི་བདུད་ཁྱབ་འཇུག་ནག་པོ། འཆི་བདག་གི་བདུད་དབང་ཕྱུག་དཀར་པོ། ལྷའི་བུའི་བདུད་བརྒྱ་བྱིན་ཁམ་སེར་རྣམས་ཀྱི་སྟེང་དུ། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་སྤྱན་ཉི་ཤུ་རྩ་བཞི་པ། ནག་དམར་དཀར་བའི་ཞལ་གསུམ་སྟེང་མ་དུད་ཁ་རྒྱབ་ཞལ་བཞི་ནག་པ། མཆེ་བ་གཙིགས་པ། ཕྱག་གཡས་བརྒྱད་ན་རྡོ་རྗེ། རལ་གྲི། མདའ། འཁོར་ལོ། ཐོད་པ། དབྱུག་པ། རྩེ་གསུམ། ལྕགས་ཀྱུ། གཡོན་པ་བརྒྱད་ན་དྲིལ་བུ། པདྨ། གཞུ། ཁཊྶཱཾ་ག ཐོད་པ། རིན་པོ་ཆེ། སྡིགས་མཛུབ་དང་ཞགས་པ་འཛིན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཐོད་པ་ལྔ་ཕྱག་རྒྱ་དྲུག་དང་མི་མགོ་རློན་པའི་ཕྲེང་བས་བརྒྱན་པ། སྟག་གི་ལྤགས་པའི་སྨད་དཀྲིས་ཅན། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཕྱེད་པ་དང་། ལྷག་མ་གཉིས་གཡོན་བསྐུམ་གཡས་བརྐྱང་བས་བཞུགས་པ། ཡུམ་བདག་མེད་མ་ནག་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པའོ། །ཤར་གྱི་འདབ་མར་གཽ་རཱི་དཀར་སེར་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་མདའ་ཕྱུང་བ་དང་རྡོ་རྗེ་གྲི་གུག གཡོན་པ་གཉིས་ན་གཞུ་དང་ཉ་རོ་ཧི་ཏ་དང་བཅས་པའི་ཁྲག་གིས་གང་བའི་ཐོད་པ། ལྷོར་ཙཽ་རཱི་མ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་རྡོ་རྗེ་དང་ཌཱ་མ་རུ། གཡོན་པ་གཉིས་ན་ལྕགས་ཀྱུ་དང་ཕག་པ་དང་བཅས་པའི་ཁྲག་གིས་གང་བའི་ཐོད་པ། ནུབ་ཏུ་རོ་ལངས་མ་དཀར་སེར་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་རལ་གྲི་དང་རུས་སྦལ་དང་བཅས་པའི་ཁྲག་གིས་གང་བའི་ཐོད་པ། གཡོན་པ་གཉིས་ན་ཆང་གིས་གང་བའི་ཐོད་པ་དང་དྲི་ཆུས་གང་བའི་ཐོད་པ། བྱང་དུ་གྷསྨ་རཱི་ལྗང་སེར་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་སྦྲུལ་དང་རྐང་མར་གྱིས་གང་བའི་ཐོད་པ་ལ་གནས་པའི་སྦྲུལ་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་གཉིས་རྡོ་རྗེས་མཚན་པའི་མེ་ཐབ་དང་དགྲ་སྟ། དབང་ལྡན་དུ་པུཀྐ་སཱི་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་ཤས་གང་བའི་ཐོད་པ་ལ་གནས་པའི་སེང་གེ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་གཡོན་གཉིས་དཔག་བསམ་ཤིང་གི་ཡལ་ག་དང་རིན་པོ་ཆེ། མེར་ཤ་ཝ་རཱི་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པར་གནས་པའི་དགེ་སློང་དང་རྡོ་རྗེ། གཡོན་གཉིས་ཁཊྶཱཾ་ག་དང་ཞགས་པ། སྲིན་པོར་ཙཎྜྻ་ལཱི་སྔོན་མོ་ཞལ་གཅིག་ཕྱག་བཞིའི་རྩ་བའི་ཕྱག་གཉིས་ཁྲག་གིས་གང་བའི་ཐོད་པ་ལ་གནས་པའི་སྟག་དང་། པད་དཀར། ལྷག་མ་གཉིས་རླུང་རས། རླུང་དུ་ཌོམ་བི་ནཱི་ནག་མོ་ཞལ་གཅིག་ཕྱག་བཞིའི་གཡས་པ་གཉིས་ན་ཆང་གིས་གང་བའི་ཐོད་པ་དང་རྩེ་གསུམ། གཡོན་པ་གཉིས་བདུད་རྩི་ལྔས་གང་བའི་ཐོད་པ་ལ་གནས་པའི་ལྕེ་སྤྱང་དང་གཤོལ། དེ་དག་གི་ཕྱི་ཟུར་དབང་ལྡན་དུ་གླིང་བུ་མ་དམར་མོ། མེར་པི་ཝང་མ་སེར་མོ། བདེན་བྲལ་དུ་མུ་ཀུན་ཏ་དཀར་མོ། རླུང་རྫ་རྔ་མ་དུ་བའི་མདོག་ཅན་བཞི་པོ་སྒེག་པའི་ཉམས་བག་ཙམ་གྱིས་གཡོ་བ་རང་རང་གི་རོལ་མོ་བརྡུང་བ། དེ་དག་ཐམས་ཅད་སྐྱིལ་ཀྲུང་ཕྱེད་པའི་གར་ཅན། ཤར་སྒོར་རྟ་གདོང་མ་ནག་མོ་ནག་དཀར་སེར་བའི་ཞལ་གསུམ་ཁྲོ་ལ་སྟེང་མ་རྟ་གདོང་ལྗང་གུ། །ཕྱག་བཞིའི་གཡས་པ་གཉིས་ན་ལྕགས་ཀྱུ་དང་རལ་གྲི། འཁོར་ལོ། གཡོན་པ་གཉིས་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ། ལྷོར་ཕག་གདོང་མ་སེར་མོ་སེར་ནག་དཀར་བའི་ཞལ་གསུམ་ཁྲོ་ལ་སྟེང་མ་ཞལ་དམར་མོ། ཕྱག་བཞིའི་གཡས་པ་གཉིས་འཁོར་ལོ་དང་དྲིལ་བུ། སྡིགས་མཛུབ་དང་བཅས་པའི་ཞགས་པ། ནུབ་ཏུ་ཁྱི་གདོང་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཁྲོ་ལ་སྟེང་མ་ཁྱི་གདོང་སེར་མོ་ཕྱག་བཞིའི་གཡས་པ་གཉིས་ན་ལྕགས་སྒྲོག་དང་རྡོ་རྗེ། རལ་གྲི། བྱང་སྒོར་སེང་གདོང་མ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཁྲོ་ལ་སྟེང་མ་སེང་གདོང་དམར་མོ། །ཕྱག་བཞིའི་གཡས་པ་གཉིས་ན་དྲིལ་བུ། རྡོ་རྗེ། རལ་གྲི། གསུམ་ཀའི་གཡོན་འཁོར་ལོ། དྲིལ་བུ། ལྕགས་ཀྱུ། སྣ་ཚོགས་པདྨ་དང་ཁྲག་གིས་གང་བའི་ཐོད་པ་ལ་གནས་པའི་རོའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པ། ཐམས་ཅད་ཀྱང་སྤྱན་གསུམ་པ་ཕྱག་རྒྱ་ལྔས་བརྒྱན་པ། སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མ་ལ་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་དཱེ་ཝ་པི་ཙུ་བཛྭ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ྄་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཨོཾ་སྭཱ་ཧཱ། ལས་ཐམས་ཅད་པའོ།། །། བདག་མེད་ལྷ་ཉེར་གསུམ་མ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་། རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞིར་དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་བདག་མེད་མ། རིམ་པ་ནང་མའི་ཤར་ནས་གཡས་སུ་བསྐོར་བའི་འདབ་མར་རྡོ་རྗེ་མ། གཽ་རཱི་མ། ཙཽ་རཱི་མ། རྡོ་རྗེ་མཁའ་འགྲོ་མ། རིམ་པ་ཕྱི་མའི་ཤར་ནས་རིམ་པ་བཞིན། གཽ་རཱི་དཀར་སེར། ཙཽ་རཱི་དམར་སེར། རོ་ལངས་མ་དཀར་སེར། གྷསྨ་རི་ལྗང་སེར། བྱང་ཤར་ནས་གཡས་སུ་རིམ་པ་བཞིན། པུཀྐ་སཱི་སེར་མོ། ཤ་ཝ་རཱི་དཀར་མོ། ཙཎྜྻ་ལཱི་སྔོན་མོ། ཌོམ་བི་ནཱི་ནག་མོ། སྟེང་གི་ཤར་ངོས་ཀྱི་པདྨ་ལ་མཁའ་སྤྱོད་མ་སྟེང་ཞལ་ཅན། འོག་གི་ནུབ་ངོས་ཀྱི་པདྨ་ལ་ས་སྤྱོད་མ་འོག་ཞལ། གཙོ་མོ་སོགས་བདུན་སྔོན་མོ། ཐམས་ཅད་ཀྱང་ཁྲོ་བའི་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་གྲི་གུག གཡོན་གཉིས་ཐོད་པ་དང་ཁཊྶཱཾ་ག སྟག་གི་ལྤགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་སྙིང་ཁར་གནས་པའི་ཟླ་བ་ལ་བཞུགས་པ། དབང་ལྡན་དུ་གླིང་བུ་མ་དམར་མོ། མེར་པི་ཝང་མ་སེར་མོ། བདེན་བྲལ་དུ་མུ་ཀུན་ཏ་དཀར་མོ། རླུང་དུ་རྫ་རྔ་མ་དུ་བའི་མདོག་ཅན་བཞི་པོ་སྒེག་པའི་ཉམས་བག་ཙམ་གྱིས་གཡོ་བ། རང་རང་གི་རོལ་མོ་བརྡུང་བ། ཤར་སྒོར་རྟ་གདོང་མ་དཀར་སྔོ། ལྷོ་སྒོར་ཕག་གདོང་མ་སེར་སྔོ། ནུབ་སྒོར་ཁྱི་གདོང་མ་དམར་སྔོ། བྱང་སྒོར་སེང་གདོང་མ་ལྗང་སྔོ། མིང་དང་རྗེས་སུ་མཐུན་པའི་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཡས་བརྐྱང་བའི་སྟབས་ཀྱིས་ཉི་མ་ལ་གནས་པ། སྟག་ལྤགས་དང་ཕྱག་རྒྱ་ལྔས་བརྒྱན་པ། གཙོ་བོའི་སྙིང་གར་ཧཱུཾ་སྔོན་པོ་དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཨཱཿསྭཱ་ཧཱ། སྙིང་པོ། ཨོཾ་ཨོཾ་སྭཱ་ཧཱ། ལས་ཐམས་ཅད་པའོ། །བདག་མེད་མ་ལྷ་མོ་བཅོ་ལྔ་མ་ནི། །བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་བདག་མེད་མ། ཤར་དུ་རྡོ་རྗེ་མ། ལྷོར་དཀར་མོ། ནུབ་ཏུ་ཆུའི་རྣལ་འབྱོར་མ། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ཀྱི་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། །ཤར་ལྷོར་ཤ་ཝ་རཱི། ལྷོ་ནུབ་ཏུ་ཙཎྜྻ་ལཱི། ནུབ་བྱང་དུ་ཌོམ་བྷི་ནཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ། དེ་ཐམས་ཅད་སྐུ་མདོག་ནག་མོ། ཁྲོ་བའི་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་བཞིའི་སྙིང་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཁ་ཊྶཱཾ་ག་མཆན་གཡོན་པར་བརྟེན་པ། སྟག་གིས་ལྤགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་། ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། གཙོ་བོའི་ཐུགས་ཀར་བཾ་དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་འཕྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། སྔགས་འདྲ་རིག་བྱེད་མ་ལྷ་མོ་བཅོ་ལྔ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མ་གཡས་གཉིས་མདའ་དང་ལྕགས་ཀྱུ། གཡོན་གཉིས་ཨུཏྤལ་དམར་པོ་དང་གཞུ་འཛིན་པ། སྤྱན་གསུམ། སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་ཅན། ཤར་དུ་རྡོ་རྗེ་མ། ལྷོར་དཀར་མོ། ནུབ་ཏུ་ཆུའི་རྣལ་འབྱོར་མ། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ཀྱི་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་པུཀྐ་སཱི། ཤར་ལྷོར་ཤ་ཝ་རཱི། ལྷོ་ནུབ་ཏུ་ཙཎྜྻ་ལཱི། ནུབ་བྱང་དུ་ཌོམ་བྷི་ནཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ། དེ་ཐམས་ཅད་དམར་མོ་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པ། ཐམས་ཅད་ཁྲོ་མོ་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྟག་གི་ལྤགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ་སྐྱིལ་ཀྲུང་ཕྱེད་པས་པདྨ་དམར་པོ་དང་རོའི་སྙིང་གར་གནས་པ། གཙོ་མོའི་སྙིང་གར་སྲཱིཿདེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ལས་ཐམས་ཅད་པ་འདྲ། །རྡོ་རྗེ་བདུད་རྩི་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་དཔལ་རྡོ་རྗེ་བདུད་རྩི་ལྗང་སེར་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། ལྷག་མའི་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ཞགས་པ་དང་ལྕགས་ཀྱུ། འོད་དམར་པོ་འཕྲོ་བ། ཞི་བ་དང་སྒེག་པའི་ཉམས་ཅན། དེ་བཞིན་གཤེགས་པ་ལྔ་དང་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཅོད་པན་དང་། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་ལྷ་རྫས་ཀྱི་གོས་ཅན་རྡོ་རྗེ་སེམས་དཔའི་སྐྱིལ་ཀྲུང་གིས་ཟླ་བ་ལ་བཞུགས་པ། ཤར་ནས་གཡས་བསྐོར་གྱིས་ཕྱོགས་ཀྱི་འདབ་མར་ཞི་བ་མ་དཀར་མོ་དཀར་ནག་དམར་བའི་ཞལ། ཞི་གདོང་མ་སེར་མོ་སེར་ནག་དམར་བའི་ཞལ། ཟླ་ལྡན་མ་དམར་མོ་དམར་ནག་དཀར་བའི་ཞལ། རི་བོང་ཅན་ལྗང་ཁུ་ལྗང་དཀར་དམར་བའི་ཞལ། མེ་ནས་གཡས་བསྐོར་གྱིས་མཚམས་སུ་ཟླ་དཀྱིལ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ། ཟླ་ཚེས་མ་ལྗང་སེར་ལྗང་དཀར་དམར་བའི་ཞལ། ཡིད་འོངས་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ། ཡིད་སིམ་མ་གསེར་མདོག་སེར་དཀར་དམར་བའི་ཞལ་གསུམ་མཆེ་བ་ཅུང་ཟད་གཙིགས་པ། ཐམས་ཅད་ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ་འཛིན་པས་རང་འོད་ཀྱི་ཐབས་དང་། ལྷག་མའི་གཡས་གཉིས་ཟླ་བའི་དཀྱིལ་འཁོར་དང་རལ་གྲི། ཟླ་ཚེས་མ། ཆོས་ཀྱི་ཟླ་བ། ཐམས་ཅད་ཀྱི་གཡོན་གཉིས་ཞགས་པ་དང་ལྕགས་ཀྱུ། རིམ་པ་གཉིས་པར་དབང་ལྡན་ནས་གཡས་བསྐོར་གྱིས་མེ་ཏོག་མ་དཀར་མོ་དཀར་ནག་དམར་བའི་ཞལ། བདུག་སྤོས་མ་སྔོ་སྐྱ་སྔོ་དཀར་དམར་བའི་ཞལ། མར་མེ་མ་གསེར་མདོག་སེར་དཀར་ནག་པའི་ཞལ། དྲི་ཆབ་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ། མཆེ་བ་ཅུང་ཟད་གཙིགས་པ། ཐམས་ཅད་ཕྱག་དྲུག་གི་གཡས་དང་པོས་རིམ་པ་བཞིན་མེ་ཏོག་གི་ཟ་མ་ཏོག་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། དྲིའི་དུང་ཆོས། ལྷག་མའི་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་རྣམས་དྲིལ་བུ་དང་ཞགས་པ་དང་། ལྕགས་ཀྱུ། ཤར་གྱི་སྣམ་བུར་གླིང་བུ་མ་དང་། པི་ཝང་མ་དང་། མུ་ཀུན་ཏ་མ་དང་། རྫ་རྔ་མ་རྣམས་རིམ་པ་བཞིན་དམར་སེར་དུ་བ་སྔོ་བའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ་རང་མིང་གི་རོལ་མོ་སྒྲོག་པ་ལ་བརྩོན་པ། ཤར་སྒོར་ཁྲོ་གཉེར་རིམ་པར་ལྡན་སྔོན་པོ་ནམ་མཁའི་མདོག་ཅན་སྔོ་དཀར་དམར་བའི་ཞལ། ལྷོ་སྒོར་འཇིགས་བསྡིགས་དཀར་པོ་འཇིགས་སུ་རུང་བ་དཀར་ནག་དམར་བའི་ཞལ། ནུབ་སྒོར་རྟའི་གཟུགས་དམར་པོ་དམར་དཀར་ནག་པའི་ཞལ། བྱང་སྒོར་ཚོགས་ཀྱི་གཙོ་བོ་ལྗང་ཁ་ལྗང་དཀར་དམར་བའི་ཞལ། ཐམས་ཅད་འགྱིང་བ་ཁྲོ་བོའི་སྟང་སྟབས་ཀྱིས་བཞུགས་པ། ཕྱག་དྲུག་གི་གཡས་དང་པོ་རིམ་པ་བཞིན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ། ལྷག་མའི་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་རྣམས་དྲིལ་བུ་དང་། ཞགས་པ་དང་། ལྕགས་ཀྱུ། ལྷ་ཉི་ཤུ་པོ་ཐམས་ཅད་བདུད་རྩི་དང་། པོ་ཏི་དང་། རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཅོད་པན་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྷ་རྫས་ཀྱི་གོས་ཅན་ཟླ་བའི་གདན་ལ་བཞུགས་པ། གཙོ་བོའི་ཐུགས་ཀར་ཧཿདེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཧཿབཛྭ་ཨ་མྲྀ་ཏ་སྭཱ་ཧཱ། ལས་ཐམས་ཅད་པ་ཡང་དེ་ཉིད་དོ། །བདུད་རྩི་ཧཱུཾ་མཛད་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གསང་བའི་པདྨ་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་བདུད་རྩི་ཧཱུཾ་མཛད་ཁྲོ་བོའི་གཟུགས་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་གྱི་རྩ་ཞལ་དྲག་ཏུ་བཞད་པ་ཕྱག་དྲུག་གི་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ། དེའི་འོག་མ་གཉིས་མདའ་གཞུ། ལྷག་མ་གཉིས་ཀྱིས་ཀཱི་ལི་ཀཱི་ལི་མ་དང་རྡོ་རྗེ་མཚོན་ཆ་མའི་ནུ་མ་འཛིན་པ། རྡོ་རྗེ་བདུད་རྩིའི་གླེགས་བམ་གྱི་ཅོད་པན། རྒྱན་གྱིས་བརྒྱན་པ། གཽ་རཱི་དཀར་མོའི་སྙིང་ཀར། གཡོན་མནན་པའི་རོལ་པའི་ཞབས། ཤར་ནས་གཡས་བསྐོར་གྱི་ཕྱོགས་བཞིར། རྡོ་རྗེ་དྲེགས་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་དང་བདུག་སྤོས་དང་གཞུ། གཡོན་གསུམ་ཞགས་པ་འཁོར་ལོ་མདའ་འཛིན་པ། རྡོ་རྗེ་མཚོན་ཆ་མ་གསེར་མདོག་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གཞུ་དང་། དེའི་འོག་མ་གཉིས་ཆུ་སྲིན་ཀྱི་རྒྱལ་མཚན། ལྷག་མ་གཉིས་ཞགས་པ་རྡོ་རྗེ། རེག་བྱ་རྡོ་རྗེ་མ་སྔོ་བསང་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྙིང་གར་རྡོ་རྗེ། དེའི་འོག་མ་གཉིས་གཞུ་དང་མདའ། ལྷག་མ་གཉིས་རྡོ་རྗེ་འཁོར་ལོ། ཀཱི་ལི་ཀཱི་ལི་མ་དམར་མོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཙཱུ་ཏའི་སྙེ་མ་དང་མདའ་དང་རྡོ་རྗེ། གཡོན་གསུམ་འཁོར་ལོ་དང་གཞུ་དང་ཞགས་པ། རིམ་པ་གཉིས་པའི་ཕྱོགས་སུ་གླིང་བུ་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གླིང་བུ་འབུད་པའི་ཚུལ། པི་ཝང་མ་སེར་མོ་སེར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པི་ཝང་བརྡུང་བའི་ཚུལ། མུ་ཀུན་ཏ་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མུ་ཀུན་ཏ་བརྡུང་བའི་ཚུལ། མུ་རཉྫྱ་མ་དུ་བའི་མདོག་དུད་ཁ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མུ་རཉྫྱ་བརྡུང་བའི་ཚུལ། མཚམས་དབང་ལྡན་ནས་གཡས་སུ་སྒེག་མོ་དམར་མོ་དམར་དཀར་སེར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་འཁོར་ལོ། ཕྲེང་བ་མ་གསེར་མདོག་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མེ་ཏོག་གི་ཕྲེང་བ། གླུ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་འཁར་རྔ། གར་མ་གསེར་མདོག་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གར་བྱེད་པ། བརྒྱད་པོའི་འོག་མ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་མདའ་དང་གཞུ་འཛིན་པ། རིམ་པ་གསུམ་པའི་ཤར་དུ། བྱམས་པ་གསེར་མདོག་ཞལ་གཅིག་མཆོག་སྦྱིན་དང་ནཱ་ག་གེ་སར་འཛིན་པ། འཇམ་དབྱངས་གསེར་མདོག་མཆོག་སྦྱིན་དང་པོ་ཏི་ཅན། ལྷོར་ནམ་མཁའ་སྙིང་པོ་སྔོན་པོ་རལ་གྲི་དང་རིན་པོ་ཆེ། ཕྱག་རྡོར་སྔོན་པོ་རྡོ་རྗེ་འཛིན་པ། གཡོན་པ་དཀུར་བརྟེན་པ། ནུབ་ཏུ་ཀུན་བཟང་གསེར་མདོག་མེ་ཏོག་གཡོན་དཀུར་བརྟེན་པ། འཇིག་རྟེན་དབང་ཕྱུག་དཀར་པོ་མཆོད་སྦྱིན་དང་པདྨ། བྱང་དུ་སྒྲིབ་སེལ་སེར་པོ་གཡས་དྲི་བའི་ཚུལ་དང་། གཡོན་དཀུར་བརྟེན་པ། ས་སྙིང་ལྗང་ཁུ་གཡས་ལོགས་སུ་ཐལ་སྦྱར། དབང་ལྡན་ནས་རིམ་པ་བཞིན་དྲི་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་དྲིའི་དུང་། མེ་ཏོག་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མེ་ཏོག་གི་སྣོད་དང་འཁོར་ལོ། བདུག་སྤོས་མ་དུ་བའི་མདོག་དུད་ཁ་དང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་བདུག་སྤོས་དང་འཁོར་ལོ། དེ་གསུམ་གྱི་འོག་མ་གཉིས་ཐལ་མོ་སྤྱི་བོར་སྦྱར་བ། གསུམ་པ་གཉིས་མདའ་གཞུ། མར་མེ་མ་གསེར་མདོག་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀོང་བུ་དང་བཅས་པའི་ཐལ་སྦྱར། དེའི་འོག་མ་གཉིས་རྡོ་རྗེ་དང་འཁོར་ལོ། ལྷག་མ་གཉིས་མདའ་གཞུ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དམར་པོ་དམར་དཀར་སེར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ལྕགས་ཀྱུ། རལ་གྲི། མདའ། གཡོན་གསུམ་འཁོར་ལོ། སྡིགས་མཛུབ། གཞུ། ལྷོ་སྒོར་རྡོ་རྗེ་ཞགས་པ་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཞགས་པ། རལ་གྲི། མདའ། གཡོན་གསུམ་རྡོ་རྗེ། སྡིགས་མཛུབ། གཞུ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་སེར་པོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ལྕགས་སྒྲོག འོག་མ་གཉིས་མདའ་གཞུ། ལྷག་མ་གཉིས་རལ་གྲི། སྡིགས་མཛུབ། བྱང་སྒོར་རྡོ་རྗེ་དྲིལ་བུ་ལྗང་ཁུ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་དྲིལ་བུ། རལ་གྲི། མདའ། གཡོན་གསུམ་རྡོ་རྗེ། སྡིགས་མཛུབ། གཞུ། དེ་བཞི་ཁྲོ་བོའི་གཟུགས་ཅན། གཞན་ཐམས་ཅད་བདུད་རྩི་གླེགས་བམ་གྱིས་མཚན་པའི་ཅོད་པན་སྣ་ཚོགས་པའི་རིན་པོ་ཆེས་བརྒྱན་པ། ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ་འོད་ཀྱི་དཀྱིལ་འཁོར་ཅན། གཙོ་བོའི་ཐུགས་ཀར་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། སྔགས་ནི་ཧཱུྃ་ངོ་། །བདུད་རྩི་ཧེ་རུ་ཀ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ཏུ་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་ཧེ་རུ་ཀ་སྔོན་པོ་ཁྲོ་བོའི་གཟུགས་བརྙན་སྔོ་དུད་ཁ་སེར་དཀར་བའི་ཞལ་བཞི་ཕྱག་བརྒྱད་པ་རྩ་བའི་ཕྱག་དག་གིས་འབར་བའི་ཕྱག་རྒྱ་བཅས་པ། རྡོ་རྗེ་དང་ཁ་ཊྶཱཾ་ག ལྷག་མའི་གཡས་རྣམས་རྒྱུ་མ་དང་མགོ་བོ་དང་རྩེ་གསུམ། གཡོན་རྣམས་ཐོད་ཁྲག་དང་སྲིན་པོའི་མགྲིན་པ་ནས་དཔྱངས་པ་དང་། རུས་པའི་ཕྲེང་བ་འཛིན་པ། མཆེ་བ་གཙིགས་ཤིང་ཐོད་པའི་འཕྲེང་བ་དང་རྡོ་རྗེ་བདུད་རྩིའི་གླེགས་བམ་གྱིས་མཚན་པའི་ཅོད་པན་ཅན་རྒྱུ་མའི་ཕྲེང་བས་ཕྲེང་བར་བྱས་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། རོལ་པའི་སྟབས་ཅན། ཤར་ནས་གཡས་བསྐོར་གྱིས་གཙིགས་པ་དང་བཅས་པ་མ་སེར་མོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་། རྡོ་རྗེ་དང་མགོ་བོ། གཡོན་པ་གསུམ་ཁ་ཊྶཱཾ་ག་དང་། ཐོད་པ། རུས་འཕྲེང་། གཙིགས་མ་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་། རུས་ཕྲེང་དང་རྡོ་རྗེ། གཡོན་པ་གསུམ་ན་ཁ་ཊྶཱཾ་ག་དང་ཐོད་པ་དང་མགོ་བོ། གཏུམ་མོ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་མགོ་བོ། གཡོན་པ་གསུམ་རྒྱུ་མའི་འཕྲེང་བ་དང་། ཁཊྶཱཾ་ག་དང་ཐོད་པ། གཡུང་མོ་དུ་བའི་མདོག་དུད་ཀ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་། རུས་ཕྲེང་དང་རྡོ་རྗེ། གཡོན་པ་གསུམ་ཁཊྶཱཾ་ག་དང་། མགོ་བོ་དང་ཐོད་པ། དབང་ལྡན་ནས་གཡས་བསྐོར་གྱིས། དྲག་མོ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་། རྒྱུ་མའི་ཕྲེང་བ་དང་རྡོ་རྗེ། གཡོན་པ་གསུམ་ཁ་ཊྶཱྃ་ག་དང་། ཐོད་པ་དང་མགོ་བོ། སེར་སྐྱ་མ་དམར་མོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི་དང་རྒྱུ་མའི་ཕྲེང་བ་དང་རྡོ་རྗེ། གཡོན་པ་གསུམ་ཁཊྶཱཾ་ག་དང་། ཐོད་པ་དང་སྲིན་མགོ རིགས་ཅན་མ་ནག་མོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་། མགོ་བོ་དང་རྩེ་གསུམ་གཡོན་པ་གསུམ་ཁཊྶཱཾ་ག་དང་། ཐོད་པ་དང་རྒྱུ་མའི་འཕྲེང་བ། དྲག་མོ་སེར་མོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི་དང་། རྡོ་རྗེ་དང་རུས་འཕྲེང་། གཡོན་པ་གསུམ་ཁཊྶཱཾ་ག་དང་། ཐོད་པ་དང་སྲིན་མགོ རིམ་པ་གཉིས་པའི་ཤར་ནས་བསྐོར་བ། མེ་ཏོག་མ་དཀར་མོ། བདུག་སྤོས་མ་ནག་མོ། མར་མེ་མ་སེར་མོ། དྲི་ཆབ་མ་དམར་མོ། མཚམས་སུ་གླིང་བུ་མ་སེར་མོ། པི་ཝང་མ་དམར་མོ། མུ་ཀུན་ཏ་མ་དཀར་མོ། མུ་རཉྫྱ་མ་དུ་བའི་མདོག་ཅན། གཡས་རྣམས་ཀྱིས་རང་རང་གི་མིང་ཅན་གྱིས་མཆོད་པ། གཡོན་རྣམས་རྡོ་རྗེ་འཛིན་ཅིང་ཁཊྶཱཾ་ག་དེའི་གྲུ་ཁུགས་སུ་བརྟེན་པ། ཤར་སྒོར་བ་ལང་གི་རྣ་བ་དཀར་པོ། ལྷོ་སྒོར་གླང་པོ་ཆེའི་རྣ་བ་དམར་པོ། ནུབ་སྒོར་བཞིན་བཟང་སེར་པོ། བྱང་སྒོར་བཞིན་ངན་དུད་ཁ་རྣམས་ཞལ་གཅིག་ཕྱག་གཉིས་ཀྱི་རིམ་པ་བཞིན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་བསྣམས་པ། ཐམས་ཅད་ཀྱང་དྲག་ཅིང་སྣ་ཚོགས་པའི་རྒྱན་དང་། རྡོ་རྗེ་དང་གཙུག་གི་ནོར་བུའི་ཅོད་པན་ཅན་འོད་དམར་པོ་གླུ་ལེན་པ་དང་གར་བྱེད་པའི་ཚུལ་ཅན་ཐོད་པའི་འཕྲེང་བའི་གདན་ལ་གནས་པ། གཙོ་བོའི་ཐུགས་ཀར་ཧཿ དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཛྷ་ལ་ཛྷ་ལ་ཧཱུཾ་ཕཊ྄་བྷྱོ་སྭཱ་ཧཱ། །རྡོ་རྗེ་བདུད་རྩི་ནག་པོ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། །ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ལ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་གདན་ལ་དཔལ་རྡོ་རྗེ་བདུད་རྩི་ནག་པོ་ཁྲོ་བོ་ཆེན་པོའི་གཟུགས་ཅན་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་དགྲ་སྟ་དང་། རྡོ་དང་རལ་གྲི། གཡོན་པ་གསུམ་སྡིགས་མཛུབ་དང་། གཏུན་ཤིང་དང་ཞགས་པ། མཆེ་བ་རྣམ་པར་གཙིགས་པ། སྤྱན་སེར་སྐྱ་འབར་བའི་སྨ་ར་སེར་པོ། སྐྲ་སེར་པོ་གྱེན་དུ་བརྫེས་པ། རྡོ་རྗེ་བདུད་རྩིའི་གླེགས་བམ་གྱིས་མཚན་པ། ལུས་ཐུང་ཞིང་གསུས་པ་འཕྱང་བ། འོད་དམར་པོའི་དཀྱིལ་འཁོར་ཅན། ཤར་ནས་རིམ་པ་བཞིན་བདུད་རྩི་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པདྨ་དང་། བདུད་རྩིའི་སྣོད་དང་རྡོ་རྗེ། བདུད་རྩིའི་ཞལ་མ་སྔོ་བསངས་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པདྨ་དང་། གདོང་གིས་མཚན་པའི་མེ་ལོང་དང་དགྲ་སྟ། གཡོན་ཞགས་པ་དང་གཏུན་ཤིང་དང་སྡིགས་མཛུབ། བདུད་རྩིའི་ལུས་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པདྨ་དང་ཟླ་བའི་སྟེང་དུ་སངས་རྒྱས་ཀྱི་གཟུགས་ཡོད་པ་དང་། རལ་གྲི། བདུད་རྩི་སྤྱན་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པདྨ་དང་མིག་གིས་མཚན་པའི་ཟླ་བ་དང་རལ་གྲི། དབང་ལྡན་ནས་རིམ་པ་བཞིན། བདེ་སྒྲུབ་མ་དམར་མོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་དང་། རལ་གྲི་དང་། རྡོ་རྗེ། དཔག་མེད་མ་སྔོ་བསངས་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་དང་རལ་གྲི་དང་གཏུན་ཤིང་། གཟུགས་མཛེས་མ་གསེར་མདོག་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པདྨ་དང་། རྡོ་རྗེ་དང་རལ་གྲི། སྣ་བཟང་མ་སེར་སྐྱ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་པདྨ་དང་། རྡོ་རྗེ་དང་རལ་གྲི། ལྷག་མ་རྣམས་ཀྱི་གཡོན་གསུམ་དགྲ་སྟ་དང་། ཞགས་པ་དང་སྡིགས་མཛུབ། ཐམས་ཅད་ཀྱང་རྡོ་རྗེ་གཙུག་གི་ནོར་བུ་འཛིན་ཅིང་གར་བྱེད་པའི་ཚུལ་ཅན། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དམར་པོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ལྕགས་ཀྱུ་དང་རྡོ་རྗེ་དང་རལ་གྲི། ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་པོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ཞགས་པ་དང་། རལ་གྲི་དང་རྡོ་རྗེ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ལྕགས་སྒྲོག་དང་། རལ་གྲི་དང་རྡོ་རྗེ། བྱང་སྒོར་རྡོ་རྗེ་དྲིལ་བུ་ལྗང་ཁུ་ལྗང་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་དྲིལ་བུ་དང་། རྡོ་རྗེ་དང་རལ་གྲི། བཞི་ཀའི་གཡོན་གསུམ་གཏུན་ཤིང་དང་དགྲ་སྟ་དང་སྡིགས་མཛུབ། མཆེ་བ་ཆེར་གཙིགས་པ་འབར་བའི་སྨ་ར་སེར་པོ་རྡོ་རྗེ་བདུད་རྩིའི་གླེགས་བམ་ཅོད་པན་དུ་བྱས་པ། ཁྲོས་པའི་སྐུ་ཅན་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། རོལ་པའི་སྟབས་ཀྱིས་གནས་པ། འོད་དམར་པོ་འཕྲོ་བ། གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ས་བོན། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཨཱཿམཾ་སྭཱ་ཧཱ། སྙིང་པོའོ། དགྱེས་རྡོར་ཐོད་པ་ཅན་གྱི་སྙིང་པོ་ཀྱཻ་རྡོ་རྗེ་ནི། རྒྱས་པར་སྤྲོ་ན་འཇམ་པའི་རྡོ་རྗེ་ལྟ་བུའི་བསྲུང་འཁོར་རམ། བསྡུས་ན་བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ་རྩ་བའི་ཞལ་ནག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ་ཆེར་འཇིགས་པ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། །དྲུག་པ་ན་མི་དམར་པོ། བདུན་པ་སེང་གེ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ་རྣམས་གདོང་ནང་དུ་བསྟན་ཏེ་བསྣམས་པ། གཡོན་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་སའི་ལྷ་མོ་སེར་མོ། གཉིས་པ་ན་ཆུའི་ལྷ་མོ་དཀར་མོ། གསུམ་པ་ན་རླུང་གི་ལྷ་མོ་དུད་ཀ བཞི་པ་ན་མེའི་ལྷ་མོ་དམར་མོ། ལྔ་པ་ན་ཟླ་བའི་ལྷ་མོ་དཀར་མོ། དྲུག་པ་ན་ཉི་མའི་ལྷ་མོ་དམར་མོ། བདུན་པ་ན་གཤིན་རྗེ་ནག་པོ། །བརྒྱད་པ་ན་ནོར་བདག་སེར་པོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་ཐལ་མོ་སྙིང་ཀར་སྦྱར་བ་ཞལ་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པ་དང་། ཞབས་གཉིས་གཡོན་བསྐུམ་གཡས་བརྐྱང་བའི་གར་གྱི་ཚུལ་གྱིས་ཚངས་པ་ཁྱབ་འཇུག་དྲག་པོ་ལྷ་དབང་སྟེ་བདུད་རྣམ་པ་བཞིའི་རང་བཞིན་གྱི་སྙིང་ག་མནན་པའི་ཉི་མ་ལ། དེའི་ཡུམ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མིག་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་། སྐམ་པོ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན། མགུལ་རྒྱན། ལག་གདུབ། སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག གཡོན་རོ་ཧི་ཏའི་ཉ་བསྣམས་པ། ལྷོ་ཙཽ་རཱི་དམར་མོ་གཡས་ཅང་ཏེའུ་གཡོན་ཕག་པ་བསྣམས་པ། ནུབ་ཏུ་བཻ་ཏ་ལཱི་སེར་མོ་གཡས་རུས་སྦལ། གཡོན་ཐོད་པ་བསྣམས་པ། བྱང་དུ་གྷས་མ་རཱི་ལྗང་གུ་གཡས་སྦྲུལ། གཡོན་རྣལ་འབྱོར་ལྷུང་བཟེད་བསྣམས་པ། མཚམས་བཞིར་པུཀྐ་སཱི་སྔོན་མོ་གཡས་སེང་གེ གཡོན་དགྲ་སྟ་བསྣམས་པ། ཤ་ཝ་རཱི་དཀར་མོ་གཡས་དགེ་སློང་། གཡོན་གསིལ་བྱེད་བསྣམས་པ། ཙཎྜྻ་ལཱི་སྔོན་མོ་གཡས་འཁོར་ལོ། གཡོན་ཐོད་པ་བསྣམས་པ། ཌོཾ་བྷི་ཎཱི་ཞལ་རས་དཀར་བར། ཐུགས་ཀ་ནག་པ། ལྟེ་བ་དམར་བ། འདོམས་དཀར་བ། བརླ་དང་དཔུང་པ་སེར་བ། ལག་ངར་གཉིས་དང་རྐང་པའི་རྗེ་ངར་ལྗང་ཁུ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་བ། གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རིམ་པ་བཞིན་ཚངས་པ་དབང་པོ་ཉེ་དབང་དྲག་པོ་གཤིན་རྗེ་ལུས་ངན་སྲིན་པོ་ཐགས་བཟང་རིས་ཀྱི་སྙིང་ཀར་ཟླ་བའི་སྟེང་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་ག་ཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་ཞིང་། ཁཊྶཱཾ་ག་དཔུང་པར་བརྟེན་པའི་གཡོན་པའི་ཕྱག་གིས་ཐོད་པ་གཟུང་ཞིང་བདག་མེད་མ་ལ་འཁྱུད་པ། མི་བསྐྱོད་པའི་དབུ་རྒྱན་ཅན། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། དབུ་ལ་མགོ་བོ་སྐམ་པོ་ལྔས་བརྒྱན་ཅིང་རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། སྨིན་མ་འཁྱོག་པོ་དང་བཅས་པའི་ཁྲོ་གཉེར་ཅན། མཆེ་བ་གཙིགས་པ། རོའི་སྙིང་ཀར་ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པས་གར་མཛད་པ། བཅོམ་ལྡན་འདས་དཔལ་དགྱེས་པའི་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་པ་རྩ་བའི་ཕྱག་རྡོ་རྗེ་འཕྱར་ཞིང་ཐོད་པ་འཛིན་པ། ལྷག་མ་རང་འདྲ་བའི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། མི་བསྐྱོད་པའི། བཅོམ་ལྡན་འདས་དཔལ་དགྱེས་པའི་རྡོ་རྗེ་སྐུ་མདོག་ནག་པོ་སྔོ་དཀར་དམར་བའི་ཞལ་ཅན་ཕྱག་དྲུག་གི་གཡས་གཉིས་རྡོ་རྗེ་དང་གྲི་གུག གཡོན་གཉིས་དྲིལ་བུ་དང་རྩེ་གསུམ། ལྷག་མ་དག་གིས་རྡོ་རྗེ་ལུ་གུ་རྒྱུད་མ་ནག་མོ་གྲི་གུག་དང་ཐོད་པ་ཅན་ལ་འཁྱུད་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུཾ་དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པའི་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། འདི་བཞི་པོའི་སྔགས་སྔར་བཞིན་ནོ། སྒྱུ་འཕྲུལ་ཆེན་མོ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་མ་ཧཱ་མཱ་ཡཱ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁཊྶཱཾ་ག་དང་གཞུ་འཛིན་པ། རྩ་བའི་ཕྱག་གིས་རང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་ལྤགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན། འོད་ཟེར་གྱི་ཕྲེང་བའི་དབུས་ན་བཞུགས་པ། ཤར་གྱི་འདབ་མར་རྡོ་རྗེ་མཁའ་འགྲོ་སྔོན་མོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རྡོ་རྗེ་དང་ཀ་པཱ་ལ། གཡོན་པ་གཉིས་ན་དྲིལ་བུ་དང་ཁཊྶཱཾ་ག་འཛིན་པ །ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་སེར་སྔོ་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རིན་པོ་ཆེའི་རྒྱལ་མཚན་དང་ཏྲི་ཤུ་ལ། གཡོན་པ་གཉིས་ན་བ་དན་དང་ལྕེ་སྤྱང་གི་མགྲིན་པ་དམ་དུ་འཛིན་པ། ནུབ་ཏུ་པདྨ་མཁའ་འགྲོ་དཀར་མོ་དཀར་སེར་སྔོ་ལྗང་བའི་ཞལ་ཅན་ཕྱག་བཞི་པ་གཡས་པ་གཉིས་ན་སྣ་ཚོགས་པདྨ་དང་མདའ། གཡོན་པ་གཉིས་ན་ཀ་པཱ་ལ་དང་གཞུ། བྱང་དུ་སྣ་ཚོགས་མཁའ་འགྲོ་ལྗང་མོ་ལྗང་སེར་དཀར་སྔོ་བའི་ཞལ་ཅན་ཕྱག་བཞི་པ་གཡས་པ་གཉིས་ན་རལ་གྲི་དང་ཌཱ་མ་རུ། གཡོན་པ་གཉིས་ན་ཞགས་པ་དང་ཀ་པཱ་ལ། ཐམས་ཅད་ཀྱང་སྤྱན་གསུམ་པ་སྒེག་པ་ལ་སོགས་པའི་ཉམས་དང་མཚན་དང་དཔེ་བྱད་དུ་ལྡན་པ། གཅེར་མོ་ཐོད་སྐམ་གྱི་དབུ་བརྒྱན་ཐོད་རློན་གྱི་དོ་ཤལ་ཕྱག་རྒྱ་ལྔས་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་འོད་ཟེར་འཕྲེང་བའི་དབུས་ན་བཞུགས་པ། རིགས་ཀྱི་བདག་པོས་མཛེས་པ། གཙོ་བོའི་ཐུགས་ཀར་ཧཱུཾ་དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཧཱུཾ་ཧཱུཾ་སྙིང་པོ་ཨོཾ་ཧཾ་ཧཱུཾ། ལས་ཐམས་ཅད་པའོ། སངས་རྒྱས་ཐོད་པ་ལྷ་དགུ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱིས་ས་གཞི །དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའ་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨའི་ཟེའུ་འབྲུའི་རོ་གདན་ལ། ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པོ། ཧཱུཾ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཆང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅན། སྣ་ཚོགས་རྡོ་རྗེ་དང་ཟླ་བ་བྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། འོད་ཀྱི་ཕྲེང་བ་འཁྲུག་པའི་ཀློང་ན་བཞུགས་པ། ཤར་ནས་གཡས་བསྐོར་གྱིས་ཕྱོགས་ཀྱི་འདབ་མར་སྣ་ཚོགས་བདེ་མ་དང་། འདོད་མ་དང་། འོག་ན་གནས་མ་དང་། ལེགས་བཟང་མོ་རྣམས་དཀར་མོ་གྲི་གུག་དང་ཐོད་པ་འཛིན་ཅིང་སྟག་གི་ལྤགས་པའི་ཤམ་ཐབས་ཅན་གཡས་བརྐྱང་གིས་བཞུགས་པ། དབང་ལྡན་ནས་གཡས་བསྐོར་གྱིས་མཚམས་གྱི་འདབ་མར་ཆང་འཚོང་མ་དང་། འབྱུང་མོ་དང་། ཕྱག་བཞི་མ་དང་། ནམ་མཁའ་ལ་གནས་མ་རྣམས་དམར་མོ་ཞལ་གཅིག་མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་པ། ཕྱག་བཞི་གཡས་གཉིས་གྲི་གུག་དང་། ཌཱ་མ་རུ། གཡོན་གཉིས་ཁ་ཊྶཱཾ་ག་དང་ཌཱ་མ་རུའི་སྣོད། གོས་སེར་ཅན་འོད་འཕྲོ་བ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཐོད་པ་ལྔའི་ཅོད་པན། མགོ་བོའི་དོ་ཤལ་ཕྱག་རྒྱ་ལྔས་བརྒྱན་པ། ཡང་ན་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྔོན་པོ། ཕྱོགས་མ་སྔོན་མོ་དང་། མཚམས་མ་སེར་མོ། ཡུམ་མེད་པའམ་འོག་ནས་འཆད་པ་བཞིན་གྱི་ཡུམ་དང་བཅས་པ་གདམ་ངའོ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་བྷ་ུདྷ་ཀ་པཱ་ལི་ཨ་སྲཱི་ཧེ་ཧཱུཾ་ཕཊ྄། སྙིང་པོ། །ལས་ཐམས་ཅད་པ་ཡང་དེ་ཀའོ། །རྡོ་རྗེ་ཧཱུཾ་མཛད་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་སྣ་ཚོགས་པད་ཉིའི་སྟེང་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བཅོམ་ལྡན་འདས་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་འོད་ཟེར་འབར་ཞིང་ཁྲོ་ལ་གཏུམ་པ། མ་ལུས་པའི་བགེགས་ཀྱི་ཚོགས་ཞལ་དུ་གསོལ་བ། སྐུ་མདོག་སྔོན་པོ་སྔོ་སེར་ལྗང་བའི་ཞལ་མི་སྡུག་པ་གདངས་པ། མཆེ་བ་གཙིགས་པ། ལྗགས་འགྲིལ་བ། འཇིགས་སུ་རུང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་ལ་ཟླུམ་པ། སྨིན་མ་གཡོ་བ། ཁྲོ་གཉེར་དང་བཅས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་ཕྲེང་བ་དང་། ཁྲག་འཛག་པའི་མི་མགོ་ལྔ་བཅུ་མགུལ་ནས་འཕྱང་བ་ཀླུ་བརྒྱད་ཀྱིས་བརྒྱན་ཅིང་རྡོ་རྗེ་སེམས་དཔའི་དབུ་བརྒྱན་ཅན། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མའི་གཡས་ལྕགས་ཀྱུ་ཞགས་པ། གཡོན་ཐོད་པ་ཁཊྶཱཾ། གཡོན་བསྐུམ་གཡས་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མནན་པ། ཤར་དུ་རྡོ་རྗེ་དབྱུག་པ་སྔོན་པོ་སྔོ་སེར་ལྗང་བའི་ཞལ། ཕྱག་བཞི་དང་པོ་རྡོ་རྗེ་ཐོ་བ་དང་། བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་སྔོ་ལྗང་བའི་ཞལ། ཕྱག་བཞི་དང་པོ་དབྱུག་པ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་མོ་དམར་དཀར་ལྗང་བའི་ཞལ། ཕྱག་བཞི་དང་པོ་པདྨ་དམར་པོ། ལྷོར་རྡོ་རྗེ་འཁྱིལ་པ་ལྗང་ཁུ་ལྗང་དཀར་སེར་བའི་ཞལ། ཕྱག་བཞིའི་དང་པོ་སྣ་ཚོགས་རྡོ་རྗེ། མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་དུད་ཁ་དང་སེར་ལྗང་པའི་ཞལ། ཕྱག་བཞིའི་དང་པོ་ལྕགས་ཀྱུ། སྲིན་པོར་རྡོ་རྗེ་དུས་མཚན་དམར་པོ་དམར་སེར་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་དགྲ་སྟ། རླུང་དུ་ནག་པོ་ཆེན་པོ་སྔོན་པོ་སྔོ་སེར་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་ཏྲི་ཤུ་ལ་འཛིན་པ། དབང་ལྡན་དུ་རྡོ་རྗེ་འཇིགས་སུ་རུང་བ་ནག་མོ་ནག་སེར་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་རལ་གྲི། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་དཀར་པོ་དཀར་སྔོ་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་འཁོར་ལོ། དེ་ཐམས་ཅད་ཀྱི་ལྷག་མའི་ཕྱག་གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། གཡོན་གཉིས་ཐོད་པ་དང་ཁཊྶཱཾ་ག འོག་ཏུ་རྡོ་རྗེ་ས་འོག་སྔོན་པོ་སྔོ་སེར་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་རྡོ་རྗེ་གཏུན་ཤིང་དང་། གཉིས་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། གཡོན་གཉིས་ཀླུའི་ཞགས་པ་དང་སྡིགས་མཛུབ་དང་བཅས་པས་ཁཊྶཱཾ་ག ཐམས་ཅད་རྩ་བའི་ཕྱག་གིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ཞལ་མི་སྡུག་པར་གདངས་པ། མཆེ་བ་གཙིགས་པ། ལྗགས་འགྲིལ་པ། འཇིགས་སུ་རུང་བ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་ལ་ཟླུམ་པ། སྨིན་མ་གཡོ་བ། ཁྲོ་གཉེར་དང་བཅས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་འཕྲེང་བ་དང་ཁྲག་འཛག་པའི་མི་མགོ་ལྔ་བཅུ་མགུལ་ནས་འཕྱང་བ། ཀླུ་བརྒྱད་ཀྱིས་བརྒྱན་ཅིང་ཉི་མ་ལ་ཕྱོགས་སྐྱོང་བརྒྱད། སྟེང་ཚངས་པ། འོག་ཐག་བཟང་རིས་བརྫིས་ཏེ་གཡས་བརྐྱང་གིས་བཞུགས་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་བཛྭ་དྷྲཱྀཀ་བཛྭ་ཧཱུཾ་ཀཱ་ར། སྙིང་པོ། ལས་ཐམས་ཅད་པ་ནི། ཨོཾ་བཛྭ་ཀུཎྜྻ་ལི་བཛྭ་ཧཱུཾ་ཕཊ྄། ཡང་ན་ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ཞེས་ནས་འཁྱུད་པ་གཡས་བརྐྱང་གིས་པདྨ་ཉི་མར་བཞུགས་པ། ཞེས་གསང་འདུས་མི་བསྐྱོད་པ་བཞིན་ནོ། །ཡང་ན་ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ཐམས་ཅད་གཡོན་བརྐྱང་གིས་པདྨ་ཉི་མར་བཞུགས་པ་ཞེས་འཇམ་རྡོར་བཞིན་ནོ། །ཡང་ན་གཤིན་རྗེ་མཐར་བྱེད་ཕྱག་གཡས་པ་གསུམ་ནས་མི་བསྐྱོད་པས་དབུ་བརྒྱན་པ་ཞེས་པའི་བར་ཁ་སྦྱོར་རྡོར་སེམས་བཞིན། འདི་གསུམ་ལས་ཐམས་ཅད་པའི་སྔགས། ཨོཾ་བིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཕཊ྄། འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་པ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་རི་རབ་ཀྱི་སྟེང་གི་སྣ་ཚོགས་པདྨའི་ཟེའུ་འབྲུར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གྲི་གུག་གི་ཕྲེང་བ་ཅན་གྱི་པད་འདབ་བརྒྱད། དེའི་ཕྱིར་རྡོ་རྗེ་ཕྲེང་བ་ཅན་གྱི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད། དེའི་ཕྱིར་པདྨའི་འཕྲེང་བ་ཅན་གྱི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད། དེའི་ཕྱིར་འཁོར་ལོའི་འཕྲེང་བ་ཅན་གྱི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཡོད་པའི་པདྨའི་ལྟེ་བར་ཉི་མ་ལ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་གཙུག་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ནི་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁཊྶཱཾ་ག བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཐོད་པ་དུམ་བུའི་སྐ་རགས་ཅན། ཁཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པ་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། །བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཕྱོགས་གཡོན་བསྐོར་དུ། །དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མོ། ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ཀེང་རུས་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ། མེ་ནས་གཡས་སྐོར་གྱི་ལྷ་དགྲ་དང་། དཔའ་བོའི་བློ་གྲོས་མ། འོད་དཔག་མེད་དང་མི་ཐུང་མ། རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ། རྡོ་རྗེས་ལུས་དང་ཤིང་གྲིབ་མ་རྣམས་སྔོན་མོ། །རིམ་པ་དེ་ཉིད་ཀྱིས་གསུང་གི་འཁོར་ལོའི་ཕྱོགས་ལས། མྱུ་གུ་ཅན་དང་ས་སྲུང་མ། རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། །དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། མཚམས་སུ་རབ་ཏུ་བཟང་པོ་དང་སྔོ་བཟང་མོ། །རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། །འཇིགས་བྱེད་དང་རྟ་རྣ་མ། མིག་མི་བཟང་དང་བྱ་གདོང་མ་ཐམས་ཅད་དམར་མོ། སྐུའི་འཁོར་ལོའི་ཕྱོགས་ལ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། རྟ་མགྲིན་དང་ཆང་འཚོང་མ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མཚམས་ལ་ཧེ་རུ་ཀ་དང་བཞིན་བཟང་མོ། །པདྨ་གར་དབང་དང་སྟོབས་ཆེན་མ། རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཐམས་ཅད་དཀར་མོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་ཌཱ་མ་རུ་དང་ཁ་ཊྶཱཾ་ག་འཛིན་པ། སྤྱན་གསུམ་རལ་པའི་ཐོར་གཙུག་ཅན། མི་མགོ་སྐམ་པོའི་དབུ་བརྒྱན་དང་། རློན་པའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཞབས་གཡས་བརྐྱང་བ། ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་ཅིང་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། །ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མོ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུཾ་དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། བདེ་མཆོག་ཕྱག་གཉིས་པ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེའི་མདའི་དྲྭ་བ་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་རི་རབ་ཀྱི་སྟེང་གི་སྣ་ཚོགས་པདྨའི་ཟེའུ་འབྲུར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གྲི་གུག་གི་ཕྲེང་བ་ཅན་གྱི་པད་འདབ་བརྒྱད། དེའི་ཕྱིར་རྡོ་རྗེའི་འཕྲེང་བ་ཅན་གྱི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད། དེའི་ཕྱིར་པདྨའི་ཕྲེང་བ་ཅན་གྱི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ཕྱིར་འཁོར་ལོའི་འཕྲེང་བ་ཅན་གྱི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཡོད་པའི་པདྨའི་ལྟེ་བར་ཉི་མ་ལ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་གཙུག་ཅན། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གཅེར་མོ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཁ་ཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པ་ཡབ་ལ་འཁྱུད་ཅིང་། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁར་འཕྱར་བ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་ཡབ་དང་ལྷན་ཅིག་ཏུ་བརྐྱང་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་མི་བསྐྱོད་པའི་དབུ་བརྒྱན་ཅན། ཤར་དུ་མཁའ་འགྲོ་མ་ནག་མོ། །བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཕྱོགས་གཡོན་བསྐོར་དུ། དཔའ་བོ་ཐོད་པའི་དུམ་བུ་དང་། དཔའ་མོ་རབ་གཏུམ་མོ། ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ཀེང་རུས་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། མེ་ནས་གཡས་བསྐོར་གྱིས། ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། འོད་དཔག་མེད་དང་མི་ཐུང་མ། རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མ། རྡོ་རྗེའི་ལུས་དང་ཤིང་གྲིབ་མ་རྣམས་སྔོན་མོ། རིམ་པ་དེ་ཉིད་ཀྱིས་གསུང་གི་འཁོར་ལོའི་ཕྱོགས་ལ། མྱུ་གུ་ཅན་དང་ས་སྲུང་མ། རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། མཚམས་སུ་རབ་ཏུ་བཟང་པོ་དང་སྔོ་བསངས་མོ། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། འཇིགས་བྱེད་དང་རྟ་རྣ་མ། མིག་མི་བཟང་དང་བྱ་གདོང་མ་ཐམས་ཅད་དམར་མོ། སྐུའི་འཁོར་ལོའི་ཕྱོགས་ལ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། རྟ་མགྲིན་དང་ཆང་འཚོང་མ། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མཚམས་ལ་ཧེ་རུ་ཀ་དང་ཤིན་ཏུ་བཟང་མོ། པདྨ་གར་དབང་དང་སྟོབས་ཆེན་མོ། །རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཐམས་ཅད་དཀར་མོ། ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མོ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་དཔའ་བོ་རྣམས་རྡོ་རྗེ་དང་དྲིལ་བུ། དཔའ་མོ་རྣམས་གྲི་གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་མ་གཅེར་མོ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། བདེ་ཆེན་དང་དམ་ཚིག་གི་ལྷ་མོ་རྣམས་ཕྱག་གཡས་ཌཱ་མ་རུ། གཡོན་ཐོད་པ་དེའི་གྲུ་མོ་ལ་བརྟེན་པའི་ཁ་ཊྶཱཾ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན། །ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། བདེ་མཆོག་སེར་པོ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ། རི་རབ་ཀྱི་སྟེང་གི་སྣ་ཚོགས་པདྨའི་ཟེའུ་འབྲུར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གྲི་གུག་གི་ཕྲེང་བ་ཅན་གྱི་པད་འདབ་བརྒྱད། དེའི་ཕྱིར་རྡོ་རྗེའི་ཕྲེང་བ་ཅན་གྱི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད། དེའི་ཕྱིར་པདྨའི་འཕྲེང་བ་ཅན་གྱི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད། དེའི་ཕྱིར་འཁོར་ལོའི་འཕྲེང་བ་ཅན་གྱི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཡོད་པའི་པདྨའི་ལྟེ་བར་ཉི་མ་ལ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། གཡས་རྡོ་རྗེ་གསོར་ཞིང་གཡོན་ཐོད་པ་འཛིན་པ་གྲུ་མོའི་ངོས་ལ་ཁཊྶཱཾ་ག་བརྟེན་པ་ཡུམ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། མི་མགོ་སྐམ་པོ་ལྔས་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱིས་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གཅེར་བུ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁ་ཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པ་ཡབ་ལ་འཁྱུད་ཅིང་། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁར་འཕྱར་བ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་པ་ཡབ་དང་ལྷན་ཅིག་བརྐྱང་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་མི་བསྐྱོད་པས་དབུ་བརྒྱན་ཅན། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ། བྱང་དུ་ལཱ་མ། ནུབ་ཏུ་དུཾ་སྐྱེས་མ། ལྷོ་རུ་གཟུགས་ཅན་མ་ཐམས་ཅད་སེར་མོ། །གཡས་ཌཱ་མ་རུ། གཡོན་ཐོད་པ། ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཕྱོགས་གཡོན་བསྐོར་དུ། དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ། ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ཀེང་རུས་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། མེ་ནས་གཡས་བསྐོར་གྱིས། ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། འོད་དཔག་མེད་དང་མི་ཐུང་མ། རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མ། རྡོ་རྗེའི་ལུས་དང་ཤིང་གྲིབ་མ། དཔའ་བོ་རྣམས་ནག་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པས། དཔའ་མོ་དཀར་མོ་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ། གཡོན་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གསུང་གི་འཁོར་ལོའི་ཕྱོགས་ལ། མྱུ་གུ་ཅན་དང་ས་སྲུང་མ། རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། །དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། མཚམས་སུ་རབ་ཏུ་བཟང་པོ་དང་སྔོ་བསངས་མོ། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། འཇིགས་བྱེད་དང་རྟ་རྣ་མ། མིག་མི་བཟང་དང་བྱ་གདོང་མ། དཔའ་བོ་རྣམས་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་དཔའ་མོ་ནག་མོ་གཡས་པདྨ་དང་བཅས་པའི་སྡིགས་མཛུབ། སྐུའི་འཁོར་ལོའི་ཕྱོགས་ལ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། རྟ་མགྲིན་དང་ཆང་འཚོང་མ། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མཚམས་ལ་ཧེ་རུ་ཀ་དང་ཤིན་ཏུ་བཟང་མོ། །པདྨ་གར་དབང་དང་སྟོབས་ཆེན་མ། རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། །དཔའ་བོ་རྣམས་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ། དཔའ་མོ་རྣམས་དམར་མོ་གཡས་འཁོར་ལོ་དང་བཅས་པའི་སྡིགས་མཛུབ། ཤར་སྒོར་ཁ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། །ལྷོ་སྒོར་ཕག་གདོང་མ་སེར་མོ་རྣམས་གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག ལྷ་མོ་ཐམས་ཅད་ཀྱི་གཡོན་ཐོད་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མོ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། གཡས་ཌཱ་མ་རུ་དང་། གཡོན་སྡིགས་མཛུབ་དང་བཅས་པའི་མི་མགོ་འཛིན་པ། ལྷ་མོ་བཅུ་གཉིས་གྲུ་མོའི་ངོས་ལ་ཁ་ཊྶཱཾ་ག་བརྟེན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་ནོ། །ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུཾ། དེ་ལས་བཞིན་གཤེགས་པ་དང་། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས། གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པས་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སམྦ་རཾ་སྭཱ་ཧཱ། སྙིང་པོ། ཨོཾ་ཁཎྜྻ་རོ་ཧེ་ཧུཾ་ཧཱུཾ་ཕཊ྄། ལས་ཐམས་ཅད་པའོ། །ཕག་མོ་གསུམ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱི་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གྲི་གུག་གི་འཕྲེང་བ་ཅན་གྱི་པད་འདབ་བརྒྱད། དེའི་ཕྱིར་རྡོ་རྗེའི་ཕྲེང་བ་ཅན་གྱི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད། དེའི་ཕྱིར་པདྨའི་ཕྲེང་བ་ཅན་གྱི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད། དེའི་ཕྱིར་འཁོར་ལོའི་ཕྲེང་བ་ཅན་གྱི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཡོད་པའི་པདྨའི་ལྟེ་བར་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་འབར་བ། ཁྲོ་བའི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བ། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་བྱེད་པ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཆང་བ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁཊྶཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་བས་འཇིགས་བྱེད་དང་དུས་མཚན་གྱི་སྟེང་ན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། གཡོན་བསྐོར་དུ་དཔའ་མོ་རབ་གཏུམ་མ། གཏུམ་པའི་མིག་ཅན་མ། འོད་ལྡན་མ། སྣ་ཆེན་མ། འཚམས་མེ་ནས་གཡས་བསྐོར་དུ། དཔའ་བོའི་བློ་གྲོས་མ། མི་ཐུང་མ། ལངྐའི་དབང་ཕྱུག་མ། ཤིང་གྲིབ་མ་རྣམས་སྔོན་མོ། རིམ་པ་དེ་ཉིད་ཀྱི་གསུང་གི་འཁོར་ལོའི་ཕྱོགས་ལ། ས་སྲུང་མ། འཇིགས་བྱེད་ཆེན་མོ། །རླུང་གི་ཤུགས་ཅན་མ། ཆང་འཐུང་མ། མཚམས་ལ་ལྷ་མོ་སྔོ་བསངས་མ། རབ་ཏུ་བཟང་མོ། རྟ་རྣ་མ། བྱ་གདོང་མ་རྣམས་དམར་མོ། སྐུའི་འཁོར་ལོའི་ཕྱོགས་ལ། འཁོར་ལོའི་ཤུགས་ཅན་མ། དུམ་སྐྱེས་མ། ཆང་འཚོང་མ། འཁོར་ལོའི་གོ་ཆ་མ། མཚམས་ལ་ཤིན་ཏུ་བཟང་མོ། སྟོབས་ཆེན་མ། འཁོར་ལོས་སྒྱུར་མ། བརྩོན་འགྲུས་ཆེན་མོ་རྣམས་དཀར་མོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ། གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེའི་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་མ་རྣམས་སུ་གྱུར། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་མོའི་ཐུགས་ཀར་བཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། སྙིང་པོའོ། ལས་ཐམས་ཅད་པ་གོང་བཞིན་ནོ། ཕག་མོ་སྔོན་མོ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གྲི་གུག་གི་ཕྲེང་བ་ཅན་གྱི་པད་འདབ་བརྒྱད། དེའི་ཕྱིར་རྡོ་རྗེའི་འཕྲེང་བ་ཅན་གྱི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད། དེའི་ཕྱིར་པདྨའི་འཕྲེང་བ་ཅན་གྱི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ཕྱིར་འཁོར་ལོའི་འཕྲེང་བ་ཅན་གྱི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཡོད་པའི་པདྨའི་ལྟེ་བར། རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་ཨིནྡྲ་ནཱི་ལའི་འོད་ལྟར་འབར་བ། ཁྲོ་བའི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བ། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་བྱེད་པ། །གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཆང་བ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁཊྶཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་བས་འཇིགས་བྱེད་དང་དུས་མཚན་གྱི་སྟེང་ན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། །བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། །གཡོན་བསྐོར་དུ་དཔའ་མོ་རབ་གཏུམ་མ། གཏུམ་པའི་མིག་ཅན་མ། འོད་ལྡན་མ། སྣ་ཆེན་མ། མཚམས་མེ་ནས་གཡས་བསྐོར་དུ། དཔའ་བོའི་བློ་གྲོས་མ། མི་ཐུང་མ། ལངྐའི་དབང་ཕྱུག་མ། ཤིང་གྲིབ་མ་རྣམས་སྔོན་མོ། །རིམ་པ་དེ་ཉིད་ཀྱིས་གསུང་གི་འཁོར་ལོའི་ཕྱོགས་ལ། ས་སྲུང་མ། འཇིགས་བྱེད་ཆེན་མོ། རླུང་གི་ཤུགས་ཅན་མ། ཆང་འཐུང་མ། མཚམས་ལ། ལྷ་མོ་སྔོ་བསངས་མ། རབ་ཏུ་བཟང་མོ། རྟ་རྣ་མ། བྱ་གདོང་མ་རྣམས་དམར་མོ། སྐུའི་འཁོར་ལོའི་ཕྱོགས་ལ་འཁོར་ལོའི་ཤུགས་ཅན་མ། དུམ་སྐྱེས་མ། ཆང་འཚོང་མ། འཁོར་ལོའི་གོ་ཆ་མ། མཚམས་ལ་ཤིན་ཏུ་བཟང་མོ། སྟོབས་ཆེན་མ། འཁོར་ལོས་སྒྱུར་མ། བརྩོན་འགྲུས་ཆེན་མོ་རྣམས་དཀར་མོ། ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། །ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་མ་གཅེར་མོ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། བདེ་ཆེན་དང་དམ་ཚིག་གི་ལྷ་མོ་རྣམས་ཕྱག་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་དེའི་གྲུ་མོ་ལ་བརྟེན་པའི་ཁ་ཊྶཱཾ་ག་བསྣམས་པ། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ། སྐུ་དྲག་མོའི་གཟུགས་ཅན། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་གྱི་བདག་པོས་དབུ་བརྒྱན་པ། གཙོ་མོའི་ཐུགས་ཀར་བྃ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། སྔགས་འདྲ། ཕག་མོ་སེར་མོ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་། ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ། ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གྲི་གུག་གི་ཕྲེང་བ་ཅན་གྱི་པད་འདབ་བརྒྱད། དེའི་ཕྱིར་རྡོ་རྗེའི་ཕྲེང་བ་ཅན་གྱི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད། དེའི་ཕྱིར་པདྨའི་ཕྲེང་བ་ཅན་གྱི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ཕྱིར་འཁོར་ལོའི་ཕྲེང་བ་ཅན་གྱི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཡོད་པའི་པདྨའི་ལྟེ་བར། རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཁྲོ་བའི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བ། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་བྱེད་པ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་པ་གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་བས་འཇིགས་བྱེད་དང་དུས་མཚན་གྱི་སྟེང་ན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། གཡོན་བསྐོར་དུ་དཔའ་མོ་རབ་གཏུམ་མ། གཏུམ་པའི་མིག་ཅན་མ། འོད་ལྡན་མ། སྣ་ཆེན་མ། མཚམས་མེ་ནས་གཡས་བསྐོར་དུ། དཔའ་བོའི་བློ་གྲོས་མ། མི་ཐུང་མ། ལངྐའི་དབང་ཕྱུག་མ། ཤིང་གྲིབ་མ་རྣམས་དཀར་མོ་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ། གཡོན་ཐོད་པ་འཛིན་པ། གསུང་གི་འཁོར་ལོའི་ཕྱོགས་ལ། ས་སྲུང་མ། འཇིགས་བྱེད་ཆེན་མོ། །རླུང་གི་ཤུགས་ཅན་མ། ཆང་འཐུང་མ། མཚམས་ལ་སྔོ་བསངས་མ། རབ་ཏུ་བཟང་མོ། རྟ་རྣ་མ། །བྱ་གདོང་མ་རྣམས་ནག་མོ་གཡས་པདྨ་དང་བཅས་པའི་སྡིགས་མཛུབ། སྐུའི་འཁོར་ལོའི་ཕྱོགས་ལ། འཁོར་ལོའི་ཤུགས་ཅན་མ། དུམ་སྐྱེས་མ། ཆང་འཚོང་མ། འཁོར་ལོའི་གོ་ཆ་མ། མཚམས་ལ་ཤིན་ཏུ་བཟང་མོ། སྟོབས་ཆེན་མ། འཁོར་ལོས་སྒྱུར་མ། བརྩོན་འགྲུས་ཆེན་མོ་རྣམས་དམར་མོ་གཡས་འཁོར་ལོ་དང་བཅས་པའི་སྡིགས་མཛུབ། ཤར་སྒོར་ཁཱ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ་རྣམས་གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག ལྷ་མོ་ཐམས་ཅད་ཀྱི་གཡོན་ཐོད་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། གཡས་ཌཱ་མ་རུ། གཡོན་སྡིགས་མཛུབ་དང་བཅས་པའི་མི་མགོ་འཛིན་པ། ལྷ་མོ་བཅུ་གཉིས་གྲུ་མོའི་ངོས་ལ་ཁ་ཊྶཱཾ་ག་བརྟེན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་ནོ། །ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་མོའི་ཐུགས་ཀར་བཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུཾ་ཕཊ྄། སྙིང་པོ། ལས་ཐམས་ཅད་གོང་བཞིན་ནོ། །སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་མ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས། འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་ནག་པོ་ལ་གནས་པའི་སྣ་ཚོགས་པད་མ་འདབ་བརྒྱད་པ། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་དམར་པོ། རྩིབས་མཆན་ལྗང་ཁུ། དེའི་ཕྱིར་རྩིབས་བརྒྱད་དཀར་པོ། རྩིབས་མཆན་ནག་པོ་རིམ་པ་བཞིན་གསུམ་པོ་མུ་ཁྱུད་རྡོ་རྗེ་སྔོན་པོ་དང་པད་དམར་དང་རྡོ་རྗེ་དཀར་པོས་བྱས་པ། ལྟེ་བའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ། དེའི་སྟེང་དུ་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་ཕྲེང་བ་འཆང་ཞིང་། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་སངས་རྒྱས་ལྔས་བརྒྱན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་བདེ་མ་དམར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་པ་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀ་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། ནང་མའི་ཤར་ནས་གཡོན་བསྐོར་གྱིས་རྩིབས་ནས་འཕྲེང་བཟང་མ། བྱང་དུ་འོད་ཅན་མ། ནུབ་ཏུ་འཇིགས་མ། ལྷོར་ཐུབ་དཀའ་མ། མཚམས་གཡས་བསྐོར་གྱི་གཞིར་བདུད་རྩིས་གང་བའི་ཐོད་པ་བཞི། གསུང་གི་འཁོར་ལོའི་རྩིབས་ལ་དགེ་བའི་སྐ་རགས་མ་དང་། གཟུགས་ཅན་མ་དང་། རྣམ་རྒྱལ་མ་དང་། བྱེད་མ་ཕྱོགས་ལ། ཐོད་པ་ཅན་དང་། མཚོ་ཆེན་མ་དང་། རྒྱུད་བྱེད་མ་དང་། གསོད་བྱེད་མ་མཚམས་ལ། སྐུའི་འཁོར་ལོའི་རྩིབས་ལ། སྒྲོལ་བྱེད་མ་དང་། འཇིགས་མ་དང་། ལཱ་མ་དང་། མི་ཕམ་མ་རྣམས་ཕྱོགས་ལ། དགེ་མ་དང་། འཇུར་བྱེད་མ་དང་། དུས་མཚམས་མ་དང་། གྲགས་ཆེན་མ་རྣམས་མཚམས། དེ་ཐམས་ཅད་ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། ཤར་སྒོར་མཛེས་མ། བྱང་སྒོར་འཛིན་མ། ནུབ་སྒོར་སྐལ་བཟང་མ། ལྷོ་སྒོར་གྲགས་མཐོང་མ། ཉི་མ་དང་རོའི་སྟེང་དུ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། ལྷ་མོ་སྐུ་མདོག་ནག་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་པ། སྟག་གི་པགས་པས་རྐེད་པ་དཀྲིས་ཤིང་རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཟེར་རྣོན་པོ་གཏིབས་པ། སྐྲ་སེར་པོ་གྱེན་དུ་འབར་བ། ཁ་ནས་ཁྲག་འཐོར་བ། ཁུ་བ་དང་ལྡན་པ་ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་ཅན། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུྃ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་བུད་དྷ་ཀ་པཱ་ལི་ནི་ཨ་སྲི་ཧཻཿཧཱུྃ་ཕཊ྄། སྙིང་པོའོ། ལས་ཐམས་ཅད་པ་ཡང་དེའོ། །གདན་བཞི་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ། རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱ་མཚོ་ཆེན་པོ་ལ་སོགས་པས་བསྐོར་བའི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་གྲུ་བཞི། དེའི་དབུས་སུ་རྟ་བབས་མེད་པའི་གཞལ་ཡས་ཁང་གྲུ་བཞིའི་ནང་རེ་མིག་དགུ་པ་ཕྱི་རོལ་ཏུ་རྡོ་རྗེ་འཕྲེང་བ་ནང་དང་། ཕྱི་རིམ་པ་ལྔས་བསྐོར་བའི་ཟླུམ་པོ། དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་སེང་གེའི་གདན་པད་ཉིའི་སྟེང་དུ་གདུགས་དཀར་པོ་དང་ལྡན་པ། རེ་མིག་གི་ཤར་དུ་གླང་པོ། བྱང་དུ་རྨ་བྱ། ནུབ་ཏུ་ཁྱུང་། ལྷོར་ཀིངྐ་ར། དབང་ལྡན་དུ་སེང་གེ མེར་རྡོ་རྗེ་ཕག་མཆུ། བདེན་བྲལ་དུ་མ་ཧེ། རླུང་དུ་སྤྱང་ཀི སྒོ་བཞིར་རོ། །གཞན་ལྷ་གནས་ཐམས་ཅད་དུ་པད་ཟླ། དབུས་སུ་རྣལ་འབྱོར་ནམ་མཁའ། སྐུ་མདོག་སྔོན་པོ་རྩ་བའི་ཞལ་ཁྲོ་བ། །གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་པོ་སྒེག་པ། ཧ་ཧའི་གད་རྒྱངས་སྒྲོག་ཅིང་སྤྱན་གསུམ་ཟླུམ་པ། དབུ་སྐྲ་ཟུར་ཕུད་ལྔ་བཅིངས་པ་ལ་ནོར་བུ་དང་ཟླ་ཚེས་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་ཐོད་པ་ལྔ་རྡོ་རྗེས་མཚན་པའི་རྩེ་ཕྲན་ཅན་དང་སངས་རྒྱས་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་སྦྲུལ་ལ་སོགས་པའི་བརྒྱན། ན་བཟའ་དམར་པོ་དང་སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་ཅུང་ཟད་བསྙིལ་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་། ལྷག་མའི་གཡས་གཉིས་ཤེས་རབ་ཀྱི་ནུ་མ་དང་མདའ། གཡོན་གཉིས་པདྨའི་སྣོད་དང་གཞུ་འཛིན་པ། དཔག་ཏུ་མེད་པའི་འོད་ཟེར་འཕྲོ་ཞིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་སེང་གེའི་སྟེང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ། དེའི་པང་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཤིན་ཏུ་མཛེས་པ་ཁཊྶཱཾ་ག་དང་བདུད་རྩིས་གང་བའི་ཐོད་པ་བསྣམས་པའི་ཕྱག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་མ་མཆུ་ཚེམས་ཀྱིས་འདེབས་པ། ཞབས་གཉིས་ཀྱིས་སྐུ་བཅིངས་ཤིང་རྡོ་རྗེ་པདྨར་ཐིམ་པ། ལྷ་མོའི་རྒྱན་ཐམས་ཅད་དང་མཛེས་པའི་གོས་ཅན། ཤར་དུ་གླང་པོ་ཆེའི་རྒྱལ་པོ་ལ་རོལ་པས་གནས་པའི་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། བྱང་དུ་རྨ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་དྲག་མོའི་མཁའ་འགྲོ་མ་སེར་མོ་སྦྲུལ་གྱིས་བརྒྱན་པ། ནུབ་ཏུ་བྱ་ཁྱུང་ལ་ཙོག་པུར་གནས་པའི་རོ་ལངས་མཁའ་འགྲོ་མ་དམར་མོ། ལྷོར་ཀིངྐ་རའི་གདན་ལ་པུས་མོའི་སྐྱིལ་ཀྲུང་གིས་གནས་པའི་གཏུམ་མོ་མཁའ་འགྲོ་མ་སྔོན་མོ། དབུ་སྐྲ་སྦྲམ་པ་གྲོལ་ཞིང་སྤྱི་བོར་ཐལ་མོ་སྦྱར་བ། ལྷ་མོ་བཞི་ཀའང་ཞལ་གཅིག་ཕྱག་གཉིས་ཁཊྶཱཾ་ག་དང་ཐོད་པ་འཛིན་པ། གླང་པོ་ཆེའི་པགས་པས་སྨད། མིའི་ཞིང་གིས་སྟོད་གཡོགས་པ། དབང་ལྡན་དུ་སེང་གེ་ལ་རོལ་པའི་སྟབས་ཀྱིས་གནས་པའི་སེང་གེ་མ་གཡས་སེར་གཡོན་དཀར་བ། གཡས་ཁཊྶཱཾ་ག་འཕྱར་བ། མེར་རྡོ་རྗེ་ཕག་མཆུ་ལ་ཟླུམ་པོའི་སྟབས་ཀྱིས་གནས་པའི་སྟག་མོ་གཡས་དཀར་གཡོན་ནག་པ། གཡས་ལྕགས་ཀྱུ་འཕྱར་བ། སྲིན་པོར་མ་ཧེ་ལ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་གནས་པའི་ལྕེ་སྤྱང་མ་གཡས་དམར་གཡོན་ནག་པ། གཡས་དགྲ་སྟ་འཕྱར་བ། རླུང་དུ་ཅེ་སྤྱང་ལ་ཙོག་པུའི་སྟབས་ཀྱིས་གནས་པའི་འུག་པ་མ་གཡས་དམར་གཡོན་སེར་བ། གཡས་དབྱུག་པ་འཕྱར་བ། གཡོན་ཐམས་ཅད་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཤར་གྱི་སྒོ་མ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་པ། བྱང་གི་མར་མེ་མ་སེར་མོ་སྤྱི་བོར་ཐལ་མོ་སྦྱར་བ། ནུབ་ཀྱི་འཇིབ་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་གང་བ་ཞལ་དུ་གསོལ་བ། ལྷོའི་སྐམ་བུ་ཛི་ནག་མོ་ཐུགས་ཀར་གཏུན་ཤིང་འཛིན་པ། ཕྱིའི་ཟླུམ་པོའི་ཤར་དུ་པུཀྐ་སཱི་དང་། ཁྲོ་གཉེར་མ་དང་། གཏུམ་མོ་རྣམས་དཀར་མོ་ཕྱག་ན་བདུད་རྩིའི་སྣོད། བྱང་དུ་དྲག་མོ་དང་། ཁྲག་འཐུང་མ་དང་། ཤ་ཟ་མ་རྣམས་སེར་མོ་ཕྱག་ན་ཤ་ལྔས་གང་བའི་པདྨའི་སྣོད། ནུབ་ཏུ་ཁྲོ་མོ་དང་འབར་མ་དང་། འཇིགས་བྱེད་མ་རྣམས་དམར་མོ་ཕྱག་ན་གཏོར་སྣོད། ལྷོར་ཐོད་འཕྲེང་མ་དང་། རྡོ་རྗེ་མ་དང་། བུམ་པ་མ་རྣམས་ནག་མོ་ཕྱག་ན་དམ་ཚིག་གི་ཟས་དང་བཏུང་བའི་སྣོད་འཛིན་པ། གྲྭ་བཞིའི་དབང་ལྡན་དུ་སྒེག་མོ་སྙེམས་པའི་ཕྱག་རྒྱ་ཅན་དང་དྲི་ཆབ་མ་དྲིའི་སྣོད་སེར་མོ། མེར་པི་ཝཾ་མ་པི་ཝཾ་བསྒྲེང་བ་དང་། མེ་ཏོག་མ་མེ་ཏོག་འཐོར་པ་དཀར་མོ། བདེན་བྲལ་དུ་གླུ་མ་ཁའི་ཐད་ཀར་མཛུབ་མོ་གཡོ་བ་དང་། བདུག་སྤོས་མ་སྤོས་ཕོར་ནག་མོ། རླུང་དུ་གར་མ་གར་གྱི་ཚུལ་དུ་སྟེང་དུ་ཐལ་མོ་སྦྱར་བ་དང་། མར་མེ་མ་མར་མེ་བསྒྲེང་བ་དམར་མོ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་སྤྱན་གསུམ་མ་དབུ་སྐྲ་གྲོལ་བ་ཐོད་པ་ལྔས་བརྒྱན་པའོ། །དེའི་ཕྱི་སྣམ་བུའི་ཤར་ལ་ཀེང་རུས་འཇིགས་བྱེད་དང་། ཁཊྶཱཾ་གའི་སྲིན་པོ་དང་ཚོགས་ཀྱི་དབང་ཕྱུག་དང་། དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོ། བྱང་དུ་གཏུམ་མོའི་དབང་ཕྱུག་དང་། འདུན་པའི་ལྷ་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིགས་སུ་རུང་བ་རྣམས་སེར་པོ། ནུབ་ཏུ་འདོད་པའི་དྲག་པོ་དང་། ཥ་ཎ་ཌི་ལའི་དབང་ཕྱུག་དང་། ཌཱ་མ་རུའི་འདུལ་བྱེད་དང་། རྔ་སྒྲས་འཇིགས་བྱེད་རྣམས་དམར་པོ། ལྷོར་ཏཾ་བུ་རའི་དབང་ཕྱུག་དང་། ཧྶྭ་ར་ཎ་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་པ་རྣམས་ཆུང་མ་དང་བཅས་པ། ཤར་གྱི་སྒོ་བ་ཁྱབ་འཇུག་ནག་པོ། བྱང་གི་སྒོ་བ་ཚངས་པ་དམར་པོ། ནུབ་ཀྱི་སྒོ་བ་ལྷ་ཆེན་དཀར་པོ། ལྷོའི་སྒོ་བ་བརྒྱ་བྱིན་སེར་པོ། གྲྭའི་དབང་ལྡན་དུ་དབང་པོ་སེར་པོ། མེར་ནོར་ལྟ་ཀུ་བེ་ར་སེར་སྐྱ། སྲིན་པོར་འབྱུང་པོའི་བདག་པོ་གཤིན་རྗེ་ནག་པོ། རླུང་དུ་ཆུ་ལྷ་ཝ་རུ་ཎ་དཀར་པོ་རྣམས་ཆུང་མ་དང་བཅས་པ། དེ་ཐམས་ཅད་ཞལ་གཅིག་སྤྱན་གསུམ་པ་ཕྱག་བཞིའི་གཡས་པ་གཉིས་ཁ་ཊྶཱཾ་དང་རྩེ་གསུམ་གཡོན་ཡུམ་ལ་འཁྱུད་པ་དང་ཐོད་པ་འཛིན་པ། རལ་པ་ནག་པོའི་ཐོར་ཅོག་ཅན་ཐོད་འཕྲེང་གིས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྟག་གི་ཤམ་ཐབས་ཅན། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཧཱུྃ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཧཱུྃ་ཧ་སྭཱ་ཧཱ། སྙིང་པོ། ཨོཾ་གྷུཾ་གྷཱ་སྭཱ་ཧཱ། རོ་ལངས་མའི་ལས་ཐམས་ཅད་པའོ། །དགྲ་ནག་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་དཀར་དམར་བའི་ཞལ་མི་སྡུག་པར་གདངས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། འཇིགས་སུ་རུང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་ལ་ཟླུམ་པ། སྨིན་མ་གཡོ་བ་ཁྲོ་གཉེར་དང་བཅས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་ཕྲེང་བ་དང་ཁྲག་འཛག་པའི་མི་མགོ་ལྔ་བཅུ་མགུལ་ནས་འཕྱང་བ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྤོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། ཕྱག་དྲུག་གི་རྩ་བའི་ཕྱག་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། དེའི་འོག་མ་གཉིས་རྡོ་རྗེ་དང་འཁོར་ལོ། ལྷག་མ་གཉིས་རལ་གྲི་དང་པདྨ་འཛིན་པ། པད་ཉིའི་སྟེང་དུ་མ་ཧེ་ནག་པོ་ཁྲོས་པ། རུས་པའི་རྒྱན་གྱིས་བརྒྱན་པའི་རྒྱབ་ཏུ་པད་ཉི་གཤིན་རྗེའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་དཀར་ནག་དམར་བའི་གདོང་ཕྱག་དྲུག་གི་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ། ལྷོར་ང་རྒྱལ་གཤིན་རྗེ་གཤེད་སེར་པོ་སེར་སྔོ་དཀར་བའི་གདོང་ཕྱག་དྲུག་གི་གཡས་གཉིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དམར་ནག་དཀར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་ལྗང་ནག་དཀར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པདྨ། མེར་ཙརྩི་ཀ་མ་ཀེཾ་པོ་དཀར་པོ་དཀར་ནག་དམར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ། བདེན་བྲལ་དུ་ཕག་མོ་རྩ་བ་ཕག་གདོང་སེར་པོ་གཡས་སྔོ་གཡོན་དཀར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ། རླུང་དུ་རྡོ་རྗེ་དབྱངས་ཅན་མ་དམར་མོ་དམར་ནག་དཀར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། དབང་ལྡན་དུ་དཀར་མོ་ལྗང་ཁུ་ལྗང་ནག་དཀར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པདྨ། ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་ནག་པོ་དཀར་དམར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་རྡོ་རྗེ་ཐོ་བ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ། ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་སྔོ་དམར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་རྡོ་རྗེ་དབྱུག་པ་དང་རལ་གྲི། གཡོན་གཉིས་པདྨ་དང་འཁོར་ལོ། ནུབ་སྒོར་པདྨའི་གཤིན་རྗེ་གཤེད་དམར་པོ་དམར་ནག་དཀར་བའི་གདོང་། ཕྱག་དྲུག་གི་གཡས་གཉིས་པདྨ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། བྱང་སྒོར་རལ་གྲིའི་གཤིན་རྗེ་གཤེད་ལྗང་ཁུ་ལྗང་ནག་དཀར་བའི་གདོང་ཕྱག་དྲུག་གི་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པདྨ། ཐམས་ཅད་ཀྱང་ཞལ་མི་སྡུག་པ་གདངས་པ། མཚེ་བ་གཙིགས་པ། ལྗགས་འདྲིལ་པ། འཇིགས་སུ་རུང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་ལ་ཟླུམ་པ། སྨིན་མ་གཡོ་བ་ཁྲོ་གཉེར་དང་བཅས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་ཕྲེང་བ་དང་ཁྲག་འཛག་པའི་མི་མགོ་ལྔ་བཅུ་མགུལ་ནས་འཕྱང་བ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། རྩ་བའི་ཕྱག་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཤེས་རབ་མ་དང་། ལྷ་མོ་རྣམས་རང་འདྲ་བའི་ཐབས་ལ་འཁྱུད་པ། གཏི་མུག་གཤིན་རྗེ་གཤེད་དང་ལྷ་མོ་རྣམས་པད་ཟླ། གཞན་རྣམས་པད་ཉི་ལ་གནས་པ། མཚམས་བཞིར་ཐོད་པ་བདུད་རྩི་ལྔས་གང་བ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཡཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། །ཨོཾ་སྲཱིཿཥྚིུཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ལས་ཐམས་ཅད་པ་ཡང་དེའོ། །རྡོ་རྗེ་སྒྲོལ་མ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ། ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་སྒྲོལ་མ་གསེར་བཙོ་མ་ལྟ་བུ་སེར་དཀར་སྔོ་དམར་བའི་ཞལ་བཞི་ཕྱག་བརྒྱད་མ་གཡས་རྣམས་རྡོ་རྗེ་ཞགས་པ། མདའ། དུང་། གཡོན་རྣམས་ཨུཏྤལ་སེར་པོ། གཞུ། ལྕགས་ཀྱུ། སྡིགས་མཛུབ། རིན་འབྱུང་གི་ཅོད་པན་ཅན། ཤར་གྱི་འདབ་མར་མེ་ཏོག་སྒྲོལ་མ་དཀར་མོ་ཕྱག་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ། ལྷོར་བདུག་སྤོས་སྒྲོལ་མ་ནག་མོ་ཕྱག་གཉིས་ཀྱིས་བདུག་སྤོས། ནུབ་ཏུ་མར་མེ་སྒྲོལ་མ་སེར་མོ་ཕྱག་གཉིས་ཀྱིས་མར་མེ། བྱང་དུ་དྲིའི་སྒྲོལ་མ་ལྗང་ཁུ་ཕྱག་གཉིས་ཀྱིས་དྲིའི་དུང་ཕོར། དེ་དག་ཟླ་བ་ལ་གནས་པ། གྲྭ་ནང་མའི་མེ་ལ་སོགས་པའི་མཚམས་སུ་སངས་རྒྱས་བཞིའི་རང་བཞིན་འཁོར་ལོ་དཀར་པོ། རྡོ་རྗེ་སྔོན་པོ། པདྨ་དམར་པོ། རལ་གྲི་ལྗང་ཁུ། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་གཡས་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ། རྡོ་རྗེ་ལྕགས་སྒྲོགས་མ་དམར་མོ་ལྕགས་སྒྲོག་རྡོ་རྗེས་མཚན་པ། རྡོ་རྗེ་དྲིལ་བུ་མ་རྡོ་རྗེའི་དྲིལ་བུ། མེ་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་ལ་ཡུམ་བཞིའི་རང་བཞིན་གྱི་བུམ་པ་དང་། རི་རབ་དང་། མེ་ཐབ་དང་། རྒྱལ་མཚན་ཆེན་པོ། སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་སྔོན་མོ་ཀླུའི་ཞགས་པ་འཛིན་པ། དེ་དག་གི་གཡོན་རྣམས་སྡིགས་མཛུབ། ཐམས་ཅད་ཀྱང་གསེར་གྱི་རྣ་ཆ་གཡོ་བ། སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་པདྨ་རཱ་གའི་འོད་ཟེར་འཕྲོ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཙོ་མོའི་ཐུགས་ཀར་ཏྲཱཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལས་ཐམས་ཅད་པ་ཡང་དེའོ། །འོད་ཟེར་ཅན་མ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ། འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱི་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་མཆོད་རྟེན་གྱི་ཕུག་གི་དཀྱིལ་དུ་སྣ་ཚོགས་པད་ཟླ་ལ་བཅོམ་ལྡན་འདས་འོད་ཟེར་ཅན་མ་སེར་མོ་སེར་དཀར་བའི་ཞལ་གཉིས་ཁྲོ་བ། གཡོན་ཕག་གདོང་ཁྲོ་གཉེར་དང་སྤྱན་ཟུར་མིག་ཏུ་ལྡན་པ། ལྗགས་འདྲིལ་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་དང་རིན་པོ་ཆེས་བརྒྱན་པ་ཟུར་ཕུད་ལ་མཆོད་རྟེན་གྱིས་མཛེས་པ། གོས་སྔོན་པོ་གྱོན་ཞིང་ཕག་སེར་པོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ་ཕག་སེར་པོས་བསྐོར་བ། ཕྱག་དྲུག་གི་གཡས་གསུམ་མདའ་དང་རྡོ་རྗེ་ཁབ། གཡོན་རྣམས་ཀྱིས་གཞུ། སྐུད་པ། མྱ་ངན་མེད་པའི་ཤིང་མེ་ཏོག་དང་བཅས་པའི་ཡལ་ག རྣམ་སྣང་གི་དབུ་རྒྱན་ཅན། ཤར་ཕྱོགས་སུ་ཀརྐ་མ་སི་དང་། མེར་ཨུཏྟ་མ་སི་གཉིས། དམར་མོ་ཁབ་སྐུད། ལྷོར་ཀ་མ་སི་དང་བདེན་བྲལ་དུ་གུལ་མི་སི་གཉིས་སེར་མོ་སྐུད་པ་དང་བཅས་པའི་ཁབ་དང་། མྱ་ངན་མེད་པའི་ཡལ་ག ནུབ་ཏུ་ཨཏྟ་ར་དྷ་མ་སི་དང་། རླུང་དུ་བ་དན་མ་སི་གཉིས་དམར་མོ་མྱ་ངན་མེད་པའི་ཡལ་ག་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ། བྱང་དུ་ཏེ་ཛོ་མ་སི་དང་། དབང་ལྡན་དུ་ཙི་བར་མ་སི་གཉིས་དམར་མོ་མདའ་དང་གཞུ་འཛིན་པ། ཤར་གྱི་སྣམ་བུ་ལ་མ་ཧཱ་བར་མ་སི་དང་། བར་ཧ་ལུ་ཁི་ནི་ནག་མོ་མཆེ་བ་གཙིགས་པ་འཇིགས་སུ་རུང་བ་དང་རྡོ་རྗེའི་ལྕགས་ཀྱུ་དང་རྡོ་རྗེའི་ཞགས་པ། ལྷོར་པ་ཌཱ་ཀྲ་མ་སི་དང་བ་ར་ལེ་སེར་མོ་མྱ་ངན་མེད་པའི་ཡལ་ག་དང་རྡོ་རྗེ། ནུབ་ཏུ་པར་ཀྲ་མ་སི་དང་བ་ད་ལེ་དམར་མོ་མདའ་གཞུ། བྱང་དུ་ཨུཏྨ་མ་སི་དང་། བ་ར་ལི་ལྗང་ཁུ་ཁབ་དང་སྐུད་པ། མེར་པ་དྷ་ལི་དམར་མོ་ཁབ་དང་སྐུད་པ། བདེན་བྲལ་དུ་བ་ར་ལི་སེར་མོ་སྐུད་བཅས་ཀྱི་ཁབ་དང་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ། རླུང་དུ་བ་ར་ལི་དཀར་མོ་མྱ་ངན་མེད་པའི་ཡལ་ག་དང་ཞགས་པ། དབང་ལྡན་དུ་ཝ་ར་ཧ་ལུ་མུ་ཁི་དམར་མོ་གཞུ་དང་མདའ། ཤར་ལ་སོགས་པའི་སྒོར་ཨ་ལོ་དང་ཏཱ་ལོ་དང་སད་ཚ་ལོ་དང་སཾ་བ་མུཏ་དྷ་ཌི་རིམ་པ་བཞིན་དཀར་སེར་དམར་ལྗང་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ། དེ་དག་ཐམས་ཅད་གསར་པའི་ལང་ཚོ་ཅན་ཞལ་གཅིག་མ་ཕག་གདོང་ཁྲོ་གཉེར་དང་སྤྱན་ཟུར་མིག་དུ་ལྡན་པ། ལྗགས་འདྲིལ་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་དང་རིན་པོ་ཆེས་བརྒྱན་པ་ཟུར་པུད་ལ་མཆོད་རྟེན་གྱིས་མཛེས་པ་གོས་སྔོན་པོ་གྱོན་ཞིང་ཕག་སེར་པོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། སྒོ་སྐྱོང་མ་རྣམས་གཡས་བརྐྱང་བའི་པད་ཉིའོ། །གཙོ་མོའི་ཐུགས་ཀར་མཱཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། སྙིང་པོ། ཨ་ོཾམཱ་རི་ཙྱཻ་ཧཱུྃསརྦ་བྷིགྷྣཱན་ཨུཏྤ་ད་ཡ་ཧཱུྃ་ཕཊ྄་སྭཱ་ཧཱ། ལས་ཐམས་ཅད་པའོ། གཟུངས་གྲྭ་ལྔ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་སྣ་ཚོགས་པད་ཟླ་ལ་བཅོམ་ལྡན་འདས་སོ་སོར་འབྲང་མ་ཆེན་མོ་སེར་མོ་སེར་དཀར་སྔོ་དམར་བའི་ཞལ་བཞི་ཕྱག་བཅུ་གཉིས་ཀྱི་གཡས་རྣམས་རིན་པོ་ཆེའི་པ་ཏྲ་འཁོར་ལོ། རྡོ་རྗེ། མདའ། རལ་གྲི། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་རྣམས་ཀྱིས་རྡོ་རྗེ། ཞགས་པ། རྩེ་གསུམ། གཞུ། དགྲ་སྟ། དུང་། དབུ་ལ་མཆོད་རྟེན་གྱིས་བརྒྱན་པ། འོད་ཟེར་དམར་པོ་འཕྲོ་བ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་ཕྱོགས་སུ་སྣ་ཚོགས་པད་ཟླ་ལ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དཀར་མོ་དཀར་སྔོ་སེར་ལྗང་པའི་ཞལ་བཞི་ཕྱག་བཅུ་པ་གཡས་རྣམས་ཀྱིས་པདྨ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ། མཆོག་སྦྱིན། ལྕགས་ཀྱུ། མདའ། རལ་གྲི། གཡོན་རྣམས་ཀྱིས་རྡོ་རྗེ་སྡིགས་མཛུབ། ཞགས་པ། གཞུ། དགྲ་སྟ། འོད་ཟེར་དཀར་པོ་རོལ་པས་བཞུགས་པ། ལྷོར་སྣ་ཚོགས་པད་ཉི་ལ་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་ནག་མོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་བཅུ་གཉིས་ཀྱི་བཅུ་གཉིས་པ་དང་གཡས་པའི་གཉིས་པ་ཆོས་འཆད་ཀྱི་ཕྱག་རྒྱ། གཞན་གཉིས་བསམ་གཏན་གྱི་ཕྱག་རྒྱ། གཡས་པའི་ལྷག་རྡོ་རྗེ། མདའ། མཆོག་སྦྱིན་མི་འཇིགས་པའི་ཕྱག་རྒྱ། གཡོན་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། རིན་པོ་ཆེའི་པ་ཏྲ། པདྨས་མཚན་པའི་བུམ་པ་ཉི་མའི་འོད་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ནུབ་ཏུ་སྣ་ཚོགས་པདྨར་བསིལ་བའི་ཚལ་ཆེན་མོ་དམར་མོ་དམར་དཀར་ནག་པའི་ཞལ་གསུམ་ཕྱག་བརྒྱད་ཀྱིས་གཡས་རྣམས་པདྨ་དང་བཅས་པའི་མི་འཇིགས་པའི་ཕྱག་རྒྱ་མདའ། རྡོ་རྗེ། རལ་གྲི། གཡོན་རྣམས་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། རིན་པོ་ཆེ་སྙིང་ཀར་གནས་པའི་པོ་ཏི་ཉི་མའི་འོད་ཅན་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། བྱང་དུ་སྣ་ཚོགས་པད་ཟླ་ལ་རྨ་བྱ་ཆེན་མོ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་རྣམས་རྨ་བྱའི་མཇུག་སྒྲོ་དང་མདའ་དང་མཆོག་སྦྱིན། རལ་གྲི་གཡོན་རྣམས་ལྷུང་བཟེད་ན་གནས་པའི་དགེ་སློང་གཞུ་པང་དུ་གནས་པའི་བུམ་པ་རིན་པོ་ཆེ་འབར་བ་འབབ་པ་སྣ་ཚོགས་རྡོ་རྗེ་ཅན་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། ལྷ་སྣམ་གྱི་མེ་ནས་མཚམས་སུ་ནག་མོ་ནག་མོ་དུང་འཛིན་པ། དུས་མཚན་མ་སེར་མོ་རྡོ་རྗེས་མཚན་པའི་རྒྱལ་མཚན། རྣམ་ནག་མོ་དམར་མོ་དགྲ་སྟ། དཀར་མོ་དཀར་མོ་རྩེ་གསུམ། གཙོ་འཁོར་དེ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གོས་ཅོན་པན་ཅན་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། སྒོ་བཞིར་སྣ་ཚོགས་པད་ཉི་ལ་རྡོ་རྗེ། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ། དཀར་སེར་དམར་ལྗང་རང་མིང་གི་ཕྱག་མཚན་ཅན། གཡས་བརྐྱང་གིས་བཞུགས་པའོ། འདི་ལྔ་ཡང་གཙོ་བོའི་གནས་སུ་གང་འདོད་པ་དེ་དང་དེའི་གནས་སུ་བཞག་པས་བསྲུང་བ་ལྔའི་དཀྱིལ་འཁོར་ལྔའོ། །གཙོ་མོའི་ཐུགས་ཀར་པྲཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་སྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་མ་ཎི་དྷ་རི་བཛྭི་ཎི་མ་ཧཱ་པ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། བུཾ། །ཨོཾ་ཨཱཿམཧཱ་ས་ཧ་སྲ་པྲ་མརྡྷ་ནི་བུཾ་ཧཱུྃཧཱཱུུྃྃ། ཨོཾ་ཨཱཿམ་ཧཱ་མནྟྲ་ཨ་ནུ་པ་རི་ཎི་ཧཱུྃ་ཧཱཱུུྃ། ཛྭིཾ། ཨོཾ་ཨཱཿམཧཱ་ཤཱི་ཏ་བཏི་བཛྭ་ཧཱུྃ། མཾ། ཨོཾ་མ་ཧཱ་མ་ཡུ་རི་བིདྱཱ་རཱ་ཛྙྱི་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། རྡོ་རྗེ་དབྱིངས་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ། གླིང་དང་ཉེ་བའི་གླིང་ཕྲན་རྒྱ་མཚོ་བདུན་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱི་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གཞལ་ཡས་ཁང་ལྔ་ཚོམ་གྱི་དབུས་མར་སེང་གེའི་སྟེང་དུ་སྣ་ཚོགས་པདྨའི་ཟེའུ་འབྲུར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་དཀར་སེར་དམར་ལྗང་ཞི་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ། འོག་མ་གཉིས་ཀྱི་བསམ་གཏན་དང་བཅས་པའི་ཕྱག་རྒྱ། ལྷག་མའི་གཡས་གཉིས་བགྲང་ཕྲེང་དང་མདའ། གཡོན་གཉིས་འཁོར་ལོ་དང་གཞུ། ཉི་མའི་འོད་ཅན་སངས་རྒྱས་ལྔས་སྤྲས་པའི་རིན་པོ་ཆེའི་ཅོད་པན་གྱིས་མཛེས་པའི་རལ་པའི་ཐོར་ཅོག་ཅན་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་གོས་དང་ལྡན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་འདྲ་བའི་རྡོ་རྗེ་སེམས་དཔས་རྒྱས་གདབ་པ། ཤར་གྱི་འདབ་མ་ལ་སེམས་མ་རྡོ་རྗེ་མ་སྔོན་མོ་རྡོ་རྗེ་རྩེ་ལྔ་དམར་པོ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ། ལྷོར་རིན་ཆེན་རྡོ་རྗེ་མ་སེར་མོ་རྡོ་རྗེ་རྩེ་ལྔས་རྩེ་མོར་མཚན་པའི་རིན་པོ་ཆེ། སྡིགས་མཛུབ། ནུབ་ཏུ་ཆོས་ཀྱི་རྡོ་རྗེ་མ་དམར་མོ་རྡོ་རྗེ་རྩེ་ལྔས་མཚན་པའི་འདབ་བརྒྱད་དཀར་དམར་དང་པདྨ། བྱང་དུ་ལས་ཀྱི་རྡོ་རྗེ་མ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཁ་དོག་ལྔ་པ་དང་སྡིགས་མཛུབ། ཤར་གྱི་དཀྱིལ་འཁོར་དུ་གླང་པོ་ཆེའི་སྟེང་སྣ་ཚོགས་པདྨའི་ལྟེ་བར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་རྡོ་རྗེ་རྩེ་ལྔ་སྔོན་པོ་བཟུང་ནས་ས་གནོན་མཉམ་བཞག དེའི་ཤར་གྱི་འདབ་མར་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་པའི་གུང་མོས་སྙིང་ཀར་འགྱིང་བའི་ཚུལ་གྱིས་རྡོ་རྗེ་གསོར་པ། གཡོན་རྡོ་རྗེ་ཁུ་ཚུར་བསྙེམས་པས་དྲིལ་བུ་དཀུར་བརྟེན་པ། ལྷོར་རྡོ་རྗེ་རྒྱལ་པོ་སེར་པོ་ཕྱག་གཡས་ལྕགས་ཀྱུ་འགུགས་པའི་ཚུལ་གྱིས་བཅིངས་པ། གཡོན་པས་ཞགས་པ། བྱང་དུ་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ། ནུབ་ཏུ་རྡོ་རྗེ་ལེགས་པ་ལྗང་ཁུ། རྡོ་རྗེ་དང་བཅས་པའི་ཕྱག་གཉིས་སྙིང་ཀར་ལེགས་པར་འབྱིན་པའི་ཚུལ། ལྷོར་རྟའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་རིན་ཆེན་འབྱུང་ལྡན་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་རྡོ་རྗེས་མཚན་པའི་རིན་པོ་ཆེ་བཟུང་ནས་མཆོག་སྦྱིན་གྱི་ཚུལ། གཡོན་མཉམ་བཞག དེའི་ཤར་གྱི་འདབ་མར་རིན་ཆེན་རྡོ་རྗེ་སེར་པོ་གཡས་རྡོ་རྗེ་ཁུ་ཚུར་གྱི་མཐའ་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་འཕྲེང་བ་བཟུང་ནས་རང་རང་གི་དབང་བསྐུར་བའི་གནས་སུ་འཆིང་བར་བྱེད་ཅིང་། གཡོན་རྡོ་རྗེ་དྲིལ་བུ་སྙེམས་པས་དཀུར་བརྟེན་པ། ལྷོར་རྡོ་རྗེ་གཟི་བརྗིད་དམར་པོ་སྙིང་ཀར་ཕྱག་གཉིས་ཀྱི་ཉི་མ། བྱང་དུ་རྡོ་རྗེ་ཏོག་ལྗང་ཁུ་ཕྱག་གཉིས་ཀྱིས་གཡོན་གྱི་བར་ལྷུར་གནས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། ནུབ་ཏུ་བཞད་པ་དཀར་པོ་ཕྱག་གཉིས་སོའི་འཕྲེང་བ་དང་ལྡན་པའི་རྡོ་རྗེའི་ཁར་བཞག་པ། ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་སྣང་བ་མཐའ་ཡས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་རྡོ་རྗེས་མཚན་པའི་པདྨ་བཟུང་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས་པ། དེའི་ཤར་གྱི་འདབ་མར་རྡོ་རྗེ་ཆོས་དམར་སྐྱ་གཡོན་འགྱིང་བའི་ཚུལ་གྱིས་པདྨའི་ཡུ་བ་ནས་བཟུང་ཞིང་། གཡས་པས་དེ་ཁ་འབྱེད་པ། ལྷོར་རྡོ་རྗེ་རྣོན་པོ་ནམ་མཁའི་མདོག་ཅན་གཡོན་པ་ཐུགས་ཀར་ཤེར་ཕྱིན་གྱི་པོ་ཏི། གཡས་པ་རལ་གྲི་འཕྱར་བའི་ཚུལ། བྱང་དུ་རྡོ་རྗེ་རྒྱུ་སེར་པོ་གཡོན་པའི་གུང་མོས་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ནུབ་ཏུ་རྡོ་རྗེ་གསུང་བ་དམར་པོ་ཆོས་ཀྱི་དུང་དང་། གཡས་པས་རྡོ་རྗེ་རྩེ་གཅིག་པའི་རྩེ་འཛིན་པ། བྱང་དུ་ཁྱུང་གི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་དོན་ཡོད་གྲུབ་པ་ལྗང་ཁུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་སྣ་ཚོགས་རྡོ་རྗེ་བཟུང་ནས་མི་འཇིགས་པའི་ཚུལ། གཡོན་མཉམ་བཞག དེའི་ཤར་གྱི་འདབ་མར་རྡོ་རྗེ་ལས་ལྗང་ཁུ་གཡས་སྙིང་ཀར་བསླང་བའི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་དང་། གཡོན་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་དཀུར་བརྟེན་པ། ལྷོ་རུ་རྡོ་རྗེ་བསྲུང་བ་སེར་པོ་ཕྱག་གཉིས་རྡོ་རྗེའི་གོ་ཆ། བྱང་དུ་རྡོ་རྗེ་གནོད་སྦྱིན་ནག་པོ་མཐེའུ་ཆུང་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་གྱི་རྩེ་མོ་རང་གི་ཁར་བཅུག་པས་བདུད་རྣམས་བསྡིགས་པར་བྱེད་པ། ནུབ་ཏུ་རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་རྩེ་ལྔ་པ། དབུས་ཀྱི་གཞལ་ཡས་ཁང་གི་མེའི་པདྨ་ལ་རྡོ་རྗེ་སྒེག་མོ་དཀར་མོ་དཀུར་བརྟེན་པའི་ཕྱག་གཉིས་ཀྱི་རྡོ་རྗེ་རེ་རེ། བདེན་བྲལ་དུ་པདྨ་ལ་འཕྲེང་བ་མ་སེར་མོ་ཕྱག་གཉིས་རིན་པོ་ཆེའི་ཕྲེང་བ། རླུང་དུ་པདྨ་ལ་གླུ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝང་གི་རྒྱུད་སྦྲེང་བ། དབང་ལྡན་དུ་པདྨ་ལ་གར་མ་ལྗང་ཁུ་རྩེ་གསུམ་པ་གཉིས་བཟུང་ནས་ཕྱག་གཉིས་གར་མཛད་པ། ཕྱི་མའི་སྣམ་བུ་ཤར་གྱི་པདྨ་ལ་བྱམས་པ་དང་། དོན་ཡོད་གྲུབ་པ་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་རྡོ་རྗེ་རྩེ་ལྔ་བཟུང་ནས་ས་གནོན་མཉམ་བཞག ལྷོའི་པདྨ་ལ་སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་རྣམས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱིས་རྡོ་རྗེས་མཚན་པའི་རིན་པོ་ཆེ་གཟུང་ནས་མཆོག་སྦྱིན་གྱི་ཚུལ། ནུབ་ཀྱི་པདྨ་ལ་འོད་དཔག་མེད་དང་། ཟླ་བའི་འོད་དང་བཟང་སྐྱོང་དང་། དྲྭ་བ་ཅན་གྱི་འོད་རྣམས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་རྡོ་རྗེས་མཚན་པའི་པདྨ་བཟུང་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས་པ། བྱང་གི་པདྨ་ལ་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་མི་ཟད་པ་དང་། ཀུན་ཏུ་བཟང་པོ་རྣམས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་སྣང་གིས་དབུ་བརྒྱན་པ། གཡས་ཀྱི་གུང་མོས་སྣ་ཚོགས་རྡོ་རྗེ་བཟུང་ནས་མི་འཇིགས་པའི་ཚུལ། མེའི་པདྨ་ལ་རྡོ་རྗེ་བདུག་སྤོས་མ་དཀར་མོ། སྲིན་པོའི་པདྨ་ལ་རྡོ་རྗེ་མེ་ཏོག་མ་སེར་མོ། རླུང་གི་པདྨ་ལ་རྡོ་རྗེ་མར་མེ་མ་དཀར་དམར། དབང་ལྡན་གྱི་པདྨ་ལ་རྡོ་རྗེ་དྲི་ཆབ་མ་ལྗང་ཁུ། མིང་དང་མཐུན་པའི་ཕྱག་མཚན། ཤར་སྒོ་ལ་སོགས་པའི་པདྨ་ལ་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་སྒྲོགས། རྡོ་རྗེ་འབེབས་པ་རྣམས་རིམ་པ་བཞིན་དཀར་སེར་དམར་ལྗང་རང་མིང་གི་ཕྱག་མཚན་འཛིན་པ། གཙོ་འཁོར་ཐམས་ཅད་ཉི་མའི་འོད་ཟེར་ཅན། གོས་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་ཅོད་པན་ཅན། རྡོ་རྗེ་སེམས་དཔའ་ལ་སོགས་བཅུ་དྲུག་མ་གཏོགས་དཀྱིལ་འཁོར་གྱི་ལྷ་ལ་མངོན་པར་ཕྱོགས་པ། སེམས་དཔའ་བཅུ་དྲུག་ནི་རང་རང་གི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པ་དེ་དག་གཙོ་བོ་ལ་མངོན་དུ་ཕྱོགས་པ། ཐམས་ཅད་ཀྱང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཡང་ན་གཙོ་བོ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་བཅས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གཞན་འདྲ། ཕྱིའི་གཞལ་ཡས་ཁང་གི་སྣམ་བུ་ལ་བྱམས་པ་སོགས་བསྐལ་བཟང་གི་སངས་རྒྱས་སྟོང་དུ་བཞི་མ་ཚང་བ་འགོད་པ་འདམ་ཀའོ། །ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཨཱཿདེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་བ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ། སྙིང་པོ། ཨོཾ་བཛྭ་ཡཀྵ་ཧཱུཾ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལས་ཐམས་ཅད་པའོ། །འཇམ་རྡོར་ལྷ་ཞེ་གསུམ་མ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་རོ་གཅིག་ཏུ་ངེས་པར་བྱས་ཏེ། འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་ཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་ཤར་གྱི་རྩིབས་ལ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེ་ཐོ་བ་ནག་པོ་དང་རལ་གྲི། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེ་དབྱུག་པ་དཀར་པོ་དང་ནག་པོ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ། བྱང་དུ་བགེགས་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་ཁྲོ་བོའི་རྡོ་རྗེ་དང་རལ་གྲི། མེར་འདོད་པའི་རྒྱལ་པོ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་ལྕགས་ཀྱུ་དང་རལ་གྲི། བདེན་བྲལ་དུ་དབྱུག་སྔོན་ཅན་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་དབྱུག་བ་སྔོན་པོ་དང་རལ་གྲི། རླུང་དུ་སྟོབས་པོ་ཆེ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྩེ་གསུམ་དང་རལ་གྲི། དབང་ལྡན་དུ་མི་གཡོ་བ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རལ་གྲི་དང་རྡོ་རྗེ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་སེར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་འཁོར་ལོ་སེར་པོ་དང་རལ་གྲི། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི། ཐམས་ཅད་ཀྱང་རྩ་བའི་ཕྱག་གཉིས་རང་འོད་ཀྱི་རིག་མ་ལ་འཁྱུད་པ། གཡོན་འོག་མ་གཉིས་ནོར་བུ་དང་པདྨ་འཛིན་པ། གཙུག་ཏོར་ཅན། འདོད་རྒྱལ། མི་གཡོ་བ། གནོད་མཛེས་རྣམས་རིན་པོ་ཆེའི་རྒྱན་ཅན་འགྱིང་བ་མཆེ་བ་ཅུང་ཟད་གཙིགས་པ། ལྷག་མ་རྣམས་མི་སྡུག་པའི་གཟུགས་ཅན་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྱུར་བ། སྤྱན་གསུམ་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་སེར་པོ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྐུ་བོངས་ཐུང་ཞིང་ཡན་ལག་རགས་པ། ལྟོ་བ་འཕྱང་བ། ཐམས་ཅད་ཀྱང་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་ཅན། ཉི་མའི་འོད་ཅན་རང་འདྲ་བའི་སྤྲུལ་པའི་སྐུ་དཔག་ཏུ་མེད་པས་ཁམས་གསུམ་མཐའ་ཡས་པའི་བགེགས་ཀྱི་ཚོགས་རླག་པར་བྱེད་པ། གཡོན་བརྐྱང་གིས་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་པད་ཉི་ལ་གནས་པ། འཁོར་ལོ་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བ། དེའི་ལྟེ་བར་མཆོད་རྟེན་དཀར་པོའི་ནང་དུ་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གཞལ་ཡས་ཁང་ཉིས་སྦྲག དེའི་ནང་མའི་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་སྐུ་མདོག་གསེར་བཙོ་མ་ལྟ་བུ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རལ་གྲི། མཆོག་སྦྱིན། མདའ། གཡོན་པ་གསུམ་ཤེར་ཕྱིན་གྱི་པོ་ཏི་དང་ཆུ་སྐྱེས་སྔོན་པོ་གཞུ། མེ་ཏོག་སྣ་ཚོགས་དཀྲིས་པའི་གཙུག་ཕུད་གསུམ་ལྷའི་གོས་དང་རྒྱན་ཐམས་ཅད་ཀྱིས་ཀླུབས་པ། བལྟ་ན་སྡུག་པ། སེམས་དཔའི་སྐྱིལ་ཀྲུང་གིས་བདག་ལྟ་བུའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སྙོམས་པར་འཇུག་པ། ཤར་ཕྱོགས་ཀྱི་ལིང་ཚེར་གླང་པོ་ཆེའི་སྟེང་དུ་པད་ཉི་ལ་མི་བསྐྱོད་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་དང་པོའི་གུང་མོས་སྙིང་ཀར་རྡོ་རྗེ་གྱེན་དུ་བསྒྲེང་ཞིང་། གཡོན་དང་པོས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀུར་བརྟེན་པ། ལྷག་མའི་གཡས་རལ་གྲི། ལྕགས་ཀྱུ། མདའ། གཡོན་རྣམས་ཀྱིས་ནུ་མ་དང་ཞགས་པ་གཞུ་འཛིན་པ་འགྱིང་བའི་ཚུལ་གྱིས་གནས་པ། ལྷོར་རྟའི་སྟེང་གི་པད་ཉི་ལ་རིན་ཆེན་འབྱུང་ལྡན་སེར་པོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མཉམ་བཞག ལྷག་མའི་གཡས་རིན་པོ་ཆེ་དང་རལ་གྲི། གཡོན་ནུ་མ་དང་རྡོ་རྗེ། ནུབ་ཏུ་རྨ་བྱའི་སྟེང་གི་པད་ཉིར་སྣང་བ་མཐའ་ཡས་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་དང་པོ་སྒེག་པ་དང་བཅས་པས་པདྨའི་ཡུ་བ་སྙིང་ཀར་གཟུང་སྟེ་གཡས་དང་པོས་དེ་ཁ་འབྱེད་པ། ལྷག་མའི་གཡས་གཉིས་བགྲང་ཕྲེང་དང་རྡོ་རྗེ། གཡོན་གཉིས་ནུ་མ་དང་སྤྱི་བླུགས། བྱང་དུ་བྱ་ཁྱུང་གི་སྟེང་གི་པད་ཉིར་དོན་ཡོད་གྲུབ་པ་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་བསམ་གཏན་གྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ནུ་མ་དང་ལྕགས་ཀྱུ། བཞི་ཀའང་བདག་ལྟ་བུའི་ཤེས་རབ་མ་ལ་སྙོམས་པར་འཇུག་པ། དབང་ལྡན་དུ་སྤྱན་མ་སེར་མོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་བརྒྱད། གཡོན་རྣམས་ཀྱི་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་རིན་པོ་ཆེའི་སྙེ་མ་དང་། བགྲང་འཕྲེང་དང་གཞུ། མེར་མཱ་མ་ཀི་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཁྲོ་བ་དང་བཅས་པས་རྒོད་པ། ཕྱག་དྲུག་གི་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་གཞུ་འཛིན་པ། བདེན་བྲལ་དུ་གོས་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་རྣམས་ཀྱིས་པདྨ་དང་བགྲང་འཕྲེང་དང་གཞུ། རླུང་དུ་སྒྲོལ་མ་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་རྣམས་སྡིགས་མཛུབ་དང་། ཨུཏྤལ་དང་གཞུ། སྤྱན་མ་གཡས་དང་པོ་མཆོག་སྦྱིན། ལྷག་མ་གསུམ་དང་གཞན་ཐམས་ཅད་ཀྱི་གཡས་མི་འཇིགས་པ་དང་། རྡོ་རྗེ་དང་། མདའ། དེའི་རིམ་པ་གཉིས་པའི་ཤར་ནས་བརྩམས་པའི་ཕྱོགས་ལ་སེམས་མ་རྡོ་རྗེ་མ་སྔོན་མོ་དཀར་དམར་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་དང་པོའི་གུང་མོས་སྙིང་ཀར་རྡོ་རྗེ་གྱེན་དུ་བསྒྲེང་ཞིང་གཡོན་དང་པོས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀུར་བརྟེན་པ། ལྷག་མའི་གཡས་རལ་གྲི། ལྕགས་ཀྱུ། མདའ། གཡོན་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་གཞུ་འཛིན་པ། རིན་ཆེན་རྡོ་རྗེ་མ་སེར་མོ་སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མཉམ་བཞག ལྷག་མའི་གཡས་རིན་པོ་ཆེ་དང་རལ་གྲི། གཡོན་སྡིགས་མཛུབ་དང་རྡོ་རྗེ། ཆོས་ཀྱི་རྡོ་རྗེ་མ་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་དང་པོ་སྒེག་པ་དང་བཅས་པས་པདྨའི་ཡུ་བ་སྙིང་ཀར་བཟུང་སྟེ་གཡས་དང་པོས་དེ་ཁ་འབྱེད་པ། ལྷག་མའི་གཡས་གཉིས་བགྲང་འཕྲེང་དང་རྡོ་རྗེ། གཡོན་པ་གཉིས་ཞགས་པ་དང་སྤྱི་བླུགས། ལས་ཀྱི་རྡོ་རྗེ་མ་དམར་མོ་དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི དང་པོ་གཉིས་བསམ་གཏན་གྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་སྡིགས་མཛུབ་དང་ལྕགས་ཀྱུ། དབང་ལྡན་དུ་ཙུན་དཱ་དཀར་མོ་རྩ་ཞལ་དང་གཡས་ཞལ་སྔོ་བ་ལྗགས་འགུལ་ཞིང་མཆེ་བ་ཅུང་ཟད་གཙིགས་པ། གཡོན་སེར་པོ་མ་མཆུ་མནན་པ། ཕྱག་ཉི་ཤུ་རྩ་དྲུག་མ། དང་པོ་གཉིས་སྙིང་ཀར་རྩ་བའི་ཕྱག་རྒྱ་བཅས་པ། ལྷག་མའི་གཡས་རྣམས་རལ་གྲི། མི་འཇིགས་པ། རིན་ཆེན་ཕྲེང་། བི་ཛ་པཱུ་ར། མདའ། དགྲ་སྟ། མདུང་ཐུང་། ཐོ་བ། ལྕགས་ཀྱུ། རྡོ་རྗེ། བ་དན་གསུམ་གྱི་ཚུལ་དང་བགྲང་འཕྲེང་། གཡོན་རྣམས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། པདྨ། སྤྱི་བླུགས། ཞགས་པ། གཞུ། ཤཀྟི། འཁོར་ལོ། རལ་གྲི། སྡིགས་མཛུབ། བུམ་པ་བཟང་པོ། བི་དཱི་པ་ལ་ཤེར་ཕྱིན་གྱི་པོ་ཏི། ཀན་ཛུ་ཀའི་སྟོད་གཡོགས་བཅིངས་ཤིང་བླ་གོས་ཕྲག་པར་གཟར་བ། གར་གྱི་ཉམས་དགུའི་རང་བཞིན་ཅན། མེར་རིན་ཆེན་སྐར་མདའ་སེར་མོ་ཕྱག་དྲུག་གི་དང་པོ་གཉིས་སྙིང་ཀར་རིན་པོ་ཆེ་ཁ་སྦྱོར་འཛིན་པ། ལྷག་མའི་གཡས་གཉིས་མི་འཇིགས་པ་དང་མདའ། གཡོན་གཉིས་སྡིགས་མཛུབ་དང་གཞུ། བདེན་བྲལ་དུ་ཁྲོ་གཉེར་ཅན་དཀར་མོ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ། དབྱུག་པ། མདའ། གཡོན་གསུམ་སྡིགས་མཛུབ། སྤྱི་བླུགས། གཞུ། རླུང་དུ་རྡོ་རྗེ་ལྕགས་སྒྲོག་མ་ལྗང་ཁུ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ལུ་གུ་རྒྱུད། མདའ། གཡོན་གསུམ་སྡིགས་མཛུབ། ཞགས་པ། གཞུ། དེ་ཐམས་ཅད་རོལ་པའི་ཀུན་ཏུ་བསྐྱོད་པ་དང་ལྡན་ལ་ཟླ་བའི་གདན་ལ་བཞུགས་ཤིང་འོད་དམར་པོ་འཕྲོ་བ། རིམ་པ་གསུམ་པའི་ཤར་དུ་བྱམས་པ་གསེར་མདོག་ཕྱག་བཞིའི་དང་པོ་གཉིས་ཆོས་འཆད། གཡས་འོག་མ་མཆོག་སྦྱིན་གཡོན་མེ་ཏོག་དང་བཅས་པའི་ཀླུ་ཤིང་གི་ཡལ་ག འཇམ་དཔལ་དམར་པོ་དང་པོ་གཉིས་ཆོས་འཆད། ལྷག་མ་མཆོག་སྦྱིན་དང་རལ་གྲི། སྤོས་ཀྱི་གླང་པོ་ལྗང་ཁུ་མཆོག་སྦྱིན་དང་བུམ་པར་གནས་པའི་གླང་པོ་ཆེའི་སྣ་འཛིན་པ། ཡེ་ཤེས་ཏོག་སེར་པོ་གཡས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། གཡོན་མཆོག་སྦྱིན། ལྷོར་བཟང་སྐྱོང་དམར་པོ་གཡས་མཆོག་སྦྱིན་དང་། གཡོན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་དམར་པོ་ཕྱག་གཉིས་སོར་མོ་ཐམས་ཅད་བརྐྱང་བ་ཆུ་རློབས་པའི་ཚུལ་བྱེད་པ། བློ་གྲོས་མི་བཟད་པ་གསེར་མདོག་གཡས་མཆོག་སྦྱིན། གཡོན་ཁུ་ཚུར་སྙིང་ཁར། སྤོབས་པ་བརྩེགས་པ་ལྗང་ཁུ་གཡས་སེ་གོལ་གཏོགས་པ། གཡོན་ཁུ་ཚུར་མཁལ་ཁུང་དུ་བཞག་པ། ནུབ་ཏུ་མཐུ་ཆེན་ཐོབ་དཀར་པོ་གཡས་མཆོག་སྦྱིན། གཡོན་བག་ཙམ་ཁ་བྱེ་བའི་པདྨ། ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་སྡིག་པ་སྤྲུག་པའི་ཚུལ། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཕྱག་གཉིས་ཁ་སྦྱར་བ་བཏེག་པའི་ཚུལ། དྲྭ་བ་ཅན་གྱི་འོད་དམར་པོ་གཡས་མཆོག་སྦྱིན། གཡོན་ཨུཏྤལ་ལ་གནས་པའི་ཉི་མ། བྱང་དུ་ཟླ་འོད་དཀར་པོ་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལར་གནས་པའི་ཟླ་བ། འོད་དཔག་མེད་དམར་པོ་ཕྱག་གཉིས་དབང་བསྐུར་བའི་བུམ་པ། ནམ་མཁའ་མཛོད་སེར་པོ་གཡོན་རྡོ་རྗེ་ཁུ་ཚུར་འགྱིང་བ་དཀུར་བརྟེན་པ། གཡས་པས་ནམ་མཁའ་ལ་བསྐོར་བ། སྒྲིབ་སེལ་དཀར་པོ་གཡོན་ས་ལ་རེག་པ། གཡས་མཐེ་བོང་གི་ཁུ་ཚུར་སྡིགས་མཛུབ་སྦྱར་ཏེ་དྲི་བའི་ཚུལ་གྱིས་གནས་པ། ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་ཀྱི་བདག་པོ་བཞིན་དུ་ཞལ་གསུམ་ཕྱག་དྲུག་གི་བྱམས་འཇམ་དབྱངས་མ་གཏོགས་ཐམས་ཅད་ཀྱི་གཉིས་པ་གཉིས་མཉམ་བཞག ཀུན་གྱི་ལྷག་མ་གཉིས་གཞུ་དང་མདའ་འཛིན་པ། འཁོར་ཚོགས་ཐམས་ཅད་གཙོ་བོ་དང་མཚུངས་པར་བརྒྱན་ཅིང་འཛུམ་བག་དང་ལྡན་པའི་ཞལ་སྒེག་པའི་ཉམས་ཅན། ཤར་སྒོར་མ་ཧེའི་སྟེང་དུ་གཤིན་རྗེ་མཐར་བྱེད་ནག་པོ་སྔོ་བའི་ཞལ་བཞད་པ། གཉིས་པ་འཇིགས་པ། གསུམ་པ་གདངས་པ། བཞི་པ་འཇིགས་སུ་རུང་བ། ལྔ་པ་རྡོ་རྗེའི་མཆེ་བ་ཅན། དྲུག་པ་མགོ་བོའི་སྟེང་དུ་གནས་པ་ལྗགས་འགུལ་བ། ཕྱག་དྲུག་གི་གཡས་རལ་གྲི། རྡོ་རྗེ། མདའ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་གྱེན་དུ་བགྲེང་བས་སྡིགས་པར་བྱེད་པ། གཉིས་པ་ལྷ་མོ་དཀར་མོ་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་པད་དཀར་འཛིན་པའི་ནུ་མ་འཛིན་པ། གསུམ་པ་དངུལ་གྱི་གཞུ། གཡས་ལོགས་སུ་ལྷ་མོ་ལྗང་ཁུ་ཨུཏྤལ་སྔོན་པོ་དང་། གཡོན་པས་ཡབ་ཀྱི་སྐེ་ནས་འཁྱུད་པ། ཞབས་དྲུག་གསུས་པ་འཕྱང་བ། ལྷོར་གཞན་གྱིས་མི་ཐུབ་པ་སེར་པོ། ཕྱག་དྲུག་གི་གཡས་རྣམས་རྡོ་རྗེ། དབྱུག་ཐོ། མདའ། ནུབ་ཏུ་རྟ་མགྲིན་དམར་པོ་ཕྱག་དྲུག་གི་གཡས་རྣམས་རྡོ་རྗེ་དབྱུག་པ། ཀ་ན་ཡ་དང་མདའ། བྱང་དུ་བདུད་རྩི་འཁྱིལ་པ་རྐང་པས་བགེགས་མནན་པ་ཕྱག་དྲུག་གི་གཡས་རྣམས་རལ་གྲི། དགྲ་སྟ། མདའ། དབང་ལྡན་དུ་རིན་པོ་ཆེའི་རི་བོའི་སྟེང་མི་གཡོ་བ་ཕྱག་དྲུག་གི་གཡས་རྣམས་རལ་གྲི། ཞགས་པ། མདའ། གཡོན་ངོས་སུ་འཆང་བའི་གོས་སྔོན་པོ་ཁྲག་གིས་བརླན་པའི་ལྗགས་འགུལ་ཞིང་ཞལ་གདངས་པའོ། མེར་འདོད་རྒྱལ་ཕྱག་དྲུག་གི་དང་པོ་གཉིས་རང་གི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ་དང་མདའ། གཡོན་ནུ་མ་དང་གཞུ། བདེན་བྲལ་དུ་དབྱུག་སྔོན་ཅན་ཕྱག་དྲུག་གི་གཡས་རྣམས་རྡོ་རྗེ། མདའ། དབྱུག་པ། རླུང་དུ་སྟོབས་པོ་ཆེ་ཕྱག་བརྒྱད་ཀྱི་གཡས་རྣམས་རྡོ་རྗེ་དབྱུག་པ། རལ་གྲི། མདའ། གཡོན་རྣམས་སྡིག་མཛུབ་དང་བཅས་པའི་ཞགས་པ། ནུ་མ། ཐོ་བ། གཞུ། གཙོ་བོའི་སྟེང་དུ་གནོད་མཛེས་རྒྱལ་པོ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ། འོག་མ་གཡས་གཉིས་རལ་གྲི། མདའ། གཡོན་གཉིས་ནུ་མ་དང་གཞུ། འོག་ཏུ་རྡོ་རྗེ་ས་འོག་ཕྱག་དྲུག་གི་གཡས་རྣམས་རྡོ་རྗེ། ལྕགས་ཀྱུ། མདའ། ཐམས་ཅད་ཀྱིས་གཡོན་རྣམས་ཀྱིས་ཞགས་པ་དང་བཅས་པའི་སྡིགས་མཛུབ། ནུ་མ་དང་གཞུ་འཛིན་པ། བདུད་རྩི་འཁྱིལ་པ་མན་གྱི་ཁྲོ་བོ་རྣམས་སྔོན་པོ། ཐམས་ཅད་ཀྱང་ཞལ་གསུམ་ཁྲོས་པའི་སྟང་སྟབས་ཅན་སྤྱན་རྩ་དམར་བ་སྨིན་མ་གཡོ་བ། བག་ཙམ་རྩ་བའི་ཞལ་ཁ་ཕྱེ་བ། གཡོན་མ་མཆུ་མནན་པ། མཆེ་བ་གཙིགས་པ། སྟག་ལྤགས་སྨད་དུ་གྱོན་པ། ཐོད་པའི་ཕྲེང་བས་དབུ་བརྒྱན་པ། དབུ་སྐྲ་འབར་བ་གྱེན་དུ་བཅིངས་ཤིང་འཁྱིལ་བ། སྨ་ར་དམར་སེར། ཕུད་ཀྱི་སྒྲ་སྒྲོག་པ་དང་བཅས་པའི་ཀླུ་བརྒྱད་ཀྱིས་བརྒྱན་པ། འཇིགས་སུ་རུང་བ། ཤེས་རབ་མ་གཡོན་དུ་གནས་པ། སྣ་ཚོགས་པད་ཉིའི་གདན་ལ་གཤིན་རྗེ་མཐར་བྱེད་གཡས་བརྐྱང་བ་དང་གཞན་ཐམས་ཅད་གཡོན་བརྐྱང་གིས་གནས་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་གཙོ་བོའི་ཐུགས་ཀར་མཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པས་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཨཱཿསྙིང་པོ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་བིགྷ་ནཱནྟ་ཀ་ཧཱུཾ་ཕཊ྄། ལས་ཐམས་ཅད་པའོ། །ཆོས་དབྱིངས་གསུང་དབང་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་ཐམས་ཅད་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་ཤར་གྱི་རྩིབས་ལ་མ་ཧེ་ལ་གཤིན་རྗེ་མཐར་བྱེད་ནག་པོ་སྔོ་བའི་ཞལ་བཞད་པ། གཉིས་པ་འཇིགས་པ། གསུམ་པ་གདངས་པ། བཞི་པ་འཇིགས་སུ་རུང་བ་ལྔ་པ་རྡོ་རྗེའི་མཆེ་བ་ཅན། དྲུག་པ་མགོ་བོའི་སྟེང་དུ་གནས་པ་ལྗགས་འགུལ་བ། ཕྱག་དྲུག་གི་གཡས་རྣམས་ལྕགས་ཀྱུ། རལ་གྲི། མདའ། གཡོན་རྣམས་སྡིགས་མཛུབ་དང་བཅས་པའི་ཞགས་པ། དྲིལ་བུ། གཞུ། ཞབས་དྲུག་གསུས་པ་འཕྱང་བ། ལྷོར་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་རྩ་བའི་ཞལ་སྒེག་པ། གཡས་གདངས་པ། རྒྱབ་དྲག་པོ་ཆེན་པོ། གཡོན་ཞི་བ། ཕྱག་བརྒྱད་ཀྱི་གཡས་རྣམས་ཞགས་པ། རྡོ་རྗེ། རལ་གྲི། མདའ། གཡོན་སྙིང་ཀར་ལྕགས་ཀྱུ། དྲིལ་བུ། མདུང་། གཞུ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་ཞལ་བཞི་དམར་པོ་རྩ་ཞལ་སྒེག་པ། གཡས་དྲག་པོ་རྒྱབ་བཞད་པ། གཡོན་ཞི་བ་ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་། ལྕགས་སྒྲོག ལྷག་མ་གཡས་གསུམ་རྡོ་རྗེ། རལ་གྲི། མདའ། གཡོན་གསུམ་དྲིལ་བུ། སྡིགས་མཛུབ་དང་བཅས་པའི་ཞགས་པ་གཞུ། དེ་གསུམ་རོལ་པའི་ཀུན་ཏུ་བསྐྱོད་པས་གནས་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ་སྔོ་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་དྲིལ་བུ་དང་། ལྷག་མའི་གཡས་གསུམ་རལ་གྲི། མདའ། ལྕགས་ཀྱུ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། དྲིལ་བུ། ཚོགས་བདག་གཡོན་བརྐྱང་གིས་མནན་པ། དབང་ལྡན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྔོན་པོ་སྔོ་པའི་ཞལ་བཞི་རྩ་ཞལ་ཁྲོ་བ་དང་བཅས་པའི་སྒེག་པ། གཡས་དྲག་པོ། རྒྱབ་དཔའ་བ། གཡོན་མི་སྡུག་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོར་དྲིལ་དང་བཅས་བཟུང་ནས་ཐུགས་ཀར་ཧཱུཾ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གསུམ་རལ་གྲི། ལྕགས་ཀྱུ། མདའ། གཡོན་གསུམ་རྡོ་རྗེ། ཞགས་པ། གཞུ། ཞབས་གཡས་བསྐུམ་པས་དབང་ཕྱུག་ཆེན་པོའི་མགོ་བོ་མནན་པ། གཡོན་བརྐྱང་བས་ཨུ་མའི་ནུ་མ་བརྫིས་པ། མེར་རྡོ་རྗེ་ཉི་མ་མེ་ལྟར་འབར་བ། ནག་པའི་ཞལ་བཞི་སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེའི་རོ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་རྣམས་རྡོ་རྗེ། རལ་གྲི། མདའ། འཁོར་ལོ། གཡོན་ན་དྲིལ་བུ། ཞགས་པ། གཞུ། ཁཊྶཱཾ་ག་དང་འབྲེལ་བའི་བ་དན། ཆུང་མ་དང་བཅས་པའི་ཁྱབ་མཇུག་གཡས་བརྐྱང་གིས་མནན་པ། བདེན་བྲལ་དུ་ཧེ་རུ་ཀ་རྡོ་རྗེ་སྔོན་པོ་སྔོ་བའི་ཞལ་བཞི་དྲག་པོ་དང་། བཞད་པ་དང་། ཟ་བར་རྔམ་པ་དང་། སྒེག་པ། ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ་རྩེ་ལྔ་དང་། མདའ། ཁྲག་གིས་གང་བའི་ཐོད་པ། གཡོན་སྙིང་ཀར་པདྨ་ཁ་བྱེ་བ། གཞུ། དྲིལ་བུ། བ་དན་དང་བཅས་པའི་ཁ་ཊྶཱཾ་ག ལྷག་མའི་ཕྱག་གཡས་ཀྱིས་འཇིགས་བྱེད་ཀྱི་ལྤགས་པ་རླུང་གིས་གཡོ་བ་འཛིན་པ། ཆུང་མ་དང་བཅས་པའི་ཚངས་པ་གཡོན་བརྐྱང་གིས་མནན་པ། རླུང་དུ་རྟ་མཆོག་ལྗང་ཁུ་ལྗང་བའི་རྩ་ཞལ་ཁྲོ་བ་དང་བཅས་པའི་སྒེག་པ། གཡས་དྲག་པོ་དང་། གཡོན་ཚངས་པ་ལྟ་བུ། སྤྱི་གཙུག་རྟ་མགོ་ལྗང་ཞུར། ཕྱག་བརྒྱད་ཀྱི་གཡས་རྣམས་སྣ་ཚོགས་རྡོ་རྗེ་བ་དན་གསུམ་པའི་ཚུལ་དང་། རལ་གྲི་དང་མདའ། གཡོན་རྣམས་ཕུབ་དང་བཅས་པའི་ཕྱག་གིས་སྣ་ཚོགས་ཆུ་སྐྱེས། ཤཀྟི། དབྱུག་པ། གཞུ། ཞབས་བཞིའི་གཡས་བརྐྱང་གཅིག་གིས་དབང་མོ་དང་དཔའ་མོ། གཡས་བསྐུམ་གཅིག་གིས་དགའ་མོ་དང་ཚིག་མ། གཡོན་བསྐུམ་གཅིག་གིས་དབང་མོ་དང་སྦྲང་རྩིར་བྱེད་མ། གཡོན་བརྐྱང་གཅིག་གིས་རྒྱལ་བར་བྱེད་པ་དང་དཔྱིད་ཀྱི་ལྷ་མནན་ནས་གནས་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་སེར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་རྣམས་འཁོར་ལོ། ལྕགས་ཀྱུ། རལ་གྲི། མདའ། གཡོན་རྣམས་ཀྱིས་དྲིལ་བུ། ཞགས་པ། བགྲང་འཕྲེང་། གཞུ། རོལ་པའི་ཀུན་ཏུ་བསྐྱོད་པས་གནས་པ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ཞལ་དྲག་པོ་དང་། ཞི་བ་དང་། བཞད་པ་དང་། སྒེག་པའི་ཉམས་ཅན་བཞི། ཕྱག་བརྒྱད་ཀྱི་གཡས་རྣམས་རྡོ་རྗེ་དང་། ལྕགས་ཀྱུ་དང་། རལ་གྲི། མདའ། གཡོན་རྣམས་དྲིལ་བུ་དང་། ཞགས་པ་དང་། བགྲང་འཕྲེང་། གཞུ། རོལ་པའི་ཀུན་ཏུ་བསྐྱོད་པས་གནས་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། སྨིན་མ་འཁྱོག་པ། སྟག་ལྤགས་སྟོད་སྨད་དུ་དཀྲིས་པ། ཐོད་ཕྲེང་གིས་ཅོད་པན་ཅན་དབུ་སྐྲ་དམར་སེར་གྱེན་དུ་བཅིངས་པ། སྨ་ར་སེར་པོ། ཀླུ་བརྒྱད་ཀྱིས་བརྒྱན་པ། འཇིགས་སུ་རུང་བ། འཁོར་ལོ་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བ། དེའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། ཕྱི་མ་ཟླུམ་པོ་ནང་མ་གྲུ་བཞི་གསུམ་བཞི་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་སེང་གེའི་སྟེང་དུ་པད་ཟླ་ལ་འཇམ་པའི་དབྱངས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཉི་མ་འཆར་ཀའི་འོད་དང་ལྡན་པ་སྐུ་མདོག་གསེར་ལྟ་བུ་ཨིནྡྲ་ནཱི་ལ་འདྲ་བའི་ཟུར་ཕུད་རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་དང་། སྣ་ཚོགས་རྡོ་རྗེ་འཕྲེང་བའི་ཅོད་པན་གྱི་སྟེང་དུ་སངས་རྒྱས་ལྔ་དང་རིན་པོ་ཆེའི་ཅོད་པན་དང་། རང་ལྟ་བུའི་རྡོ་རྗེ་སེམས་དཔས་རྒྱས་གདབ་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་ན་བཟའ་རྣམ་པ་མང་པོ་མནབས་པ། སྒེག་པའི་ཉམས་ཐམས་ཅད་དང་ལྡན་པ། སེར་སྔོ་དམར་དཀར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ལྷག་མའི་གཡས་རྣམས་རལ་གྲི། མདའ། རྡོ་རྗེ། གཡོན་རྣམས་ཤེར་ཕྱིན་གྱི་པོ་ཏི། གཞུ། དྲིལ་བུ། འདབ་མ་བརྒྱད་ལ་སེང་གེའི་སྟེང་དུ་པད་ཟླ་ལ་ཤར་ནས་ཕྱོགས་བཞིར། གཙུག་ཏོར་ཆེན་པོ་དང་། གདུགས་དཀར་པོ་དང་། གཟི་བརྗིད་ཕུང་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར། དབང་ལྡན་ནས་མཚམས་བཞིར་འོད་ཟེར་རྣམ་པར་འཕྲོ་བ་དང་། འཕགས་པ་དང་། ཆེར་འཕགས་པ་དང་། རྒྱལ་བ་རྣམས་སེར་པོ། ཕྱག་གཡས་ཀྱིས་འཁོར་ལོ་བཟུང་བ་དང་གཡོན་རང་གི་གདན་གནོན་པ། རྡོ་རྗེ་སྐྱིལ་ཀྲུང་ཅན། དེའི་ཤར་གྱི་རེ་མིག་གི་དབུས་སུ་གླང་པོ་ཆེའི་རྒྱལ་པོ་ལ་མི་བསྐྱོད་པ་སྔོན་པོ། ཞལ་བཞི་རྩ་ཞལ་སྔོན་པོ་ཁྲོ་བ་དང་བཅས་པའི་རོལ་པར་ལྡན་པ། གཡས་ཞལ་དཀར་པོ་ཁ་གདངས་པ་དྲག་པོ། རྒྱབ་སེར་པོ་དཔའ་བ། གཡོན་མཆེ་བས་མ་མཆུ་མནན་པ། ཕྱག་བརྒྱད་ཀྱི་གཡོན་དང་པོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། དེའི་ཤར་གྱི་འདབ་མར་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་པའི་གུང་མོས་སྙིང་ཀར་འགྱིང་བའི་ཚུལ་གྱིས་རྡོ་རྗེ་གསོར་བ། གཡོན་རྡོ་རྗེ་ཁུ་ཚུར་བསྙེམས་པས་དྲིལ་བུ་དཀུར་བརྟེན་པ། ལྷོར་རྡོ་རྗེ་རྒྱལ་པོ་སེར་པོ་གཡས་ལྕགས་ཀྱུ་འགུགས་པའི་ཚུལ་གྱིས་བཅིངས་པ། གཡོན་པས་ཞགས་པ། བྱང་དུ་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ། ནུབ་ཏུ་རྡོ་རྗེ་ལེགས་པ་ལྗང་ཁུ་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་སྙིང་ཀར་ལེགས་པར་འབྱེད་པའི་ཚུལ། ལྷོའི་རེ་མིག་གི་དབུས་སུ་རྟ་མཆོག་གི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་སེར་ནག་དཀར་དམར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡོན་དང་པོ་རྡོ་རྗེ་རིན་པོ་ཆེ་སེར་པོ་བཟུང་ནས་མཆོག་སྦྱིན་གྱི་ཕྱག་རྒྱ། དེའི་ཤར་གྱི་འདབ་མར་རྡོ་རྗེ་རིན་ཆེན་སེར་པོ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐའ་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་གཟུང་ནས་རང་རང་གི་དབང་བསྐུར་བའི་གནས་སུ་འཆིང་བར་བྱེད་ཅིང་། གཡོན་རྡོ་རྗེ་དྲིལ་བུ་སྙེམས་པས་དཀུར་བརྟེན་པ། ལྷོར་རྡོ་རྗེ་གཟི་བརྗིད་དམར་པོ་སྙིང་ཀར་ཕྱག་གཉིས་ཀྱིས་ཉི་མ། བྱང་དུ་རྡོ་རྗེ་ཏོག་ལྗང་ཁུ་ཕྱག་གཉིས་ཀྱིས་གཡོན་གྱི་བར་ལྷུར་གནས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། ནུབ་ཏུ་རྡོ་རྗེ་བཞད་པ་དཀར་པོ་ཕྱག་གཉིས་སོའི་འཕྲེང་བ་དང་ལྡན་པའི་རྡོ་རྗེ་ཁར་བཞག་པ། ནུབ་ཀྱི་རེ་མིག་གི་དབུས་སུ་རྨ་བྱའི་སྟེང་དུ་སྣང་བ་མཐའ་ཡས་དམར་པོ་དམར་ནག་སེར་དཀར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡོན་དང་པོ་པདྨ། དེའི་ཤར་གྱི་འདབ་མར་རྡོ་རྗེ་ཆོས་དམར་སྐྱ་གཡོན་འགྱིང་བའི་ཚུལ་གྱིས་པདྨའི་ཡུ་བ་ནས་གཟུང་ཞིང་། གཡས་པས་དེ་ཁ་འབྱེད་པ། ལྷོར་རྡོ་རྗེ་རྣོན་པོ་ནམ་མཁའི་མདོག་ཅན་གཡོན་པ་ཐུགས་ཀར་ཤེར་ཕྱིན་གྱི་པོ་ཏི། གཡས་པ་རལ་གྲི་འཕྱར་བའི་ཚུལ། བྱང་དུ་རྡོ་རྗེ་རྒྱུ་སེར་པོ་གཡོན་པའི་གུང་མོས་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་། གཡས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ནུབ་ཏུ་རྡོ་རྗེ་བསྲུང་བ་དམར་པོ་ཆོས་ཀྱི་དུང་དང་། གཡས་པས་རྡོ་རྗེ་རྩེ་གཅིག་པའི་རྩེ་འཛིན་པ། བྱང་གི་རེ་མིག་གི་དབུས་སུ་ཁྱུང་གི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་རྩ་ཞལ་མཆེ་བ་གཙིགས་པ། གཡས་ཞལ་སེར་པོ་ཞི་བ། རྒྱབ་ཞལ་དམར་པོ་སྒེག་པ། གཡོན་ཞལ་དཀར་པོ་ཞི་བ། ཕྱག་བརྒྱད་ཀྱི་གཡོན་དང་པོ་སྡིགས་མཛུབ། དེའི་ཤར་གྱི་འདབ་མར་རྡོ་རྗེ་ལས་ལྗང་ཁུ་གཡས་སྙིང་ཀར་བསླང་བའི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་དང་གཡོན་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་དཀུར་བརྟེན་པ། ལྷོ་རུ་རྡོ་རྗེ་བསྲུང་བ་སེར་པོ་ཕྱག་གཉིས་རྡོ་རྗེའི་གོ་ཆ། བྱང་དུ་རྡོ་རྗེ་གནོད་སྦྱིན་ནག་པོ་མཐེའུ་ཆུང་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་གྱི་རྩེ་མོ་རང་གི་ཁར་བཅུག་པས། བདུད་རྣམས་སྡིགས་པར་བྱེད་པ། ནུབ་ཏུ་རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གྱིས་གཟུང་བའི་རྡོ་རྗེ་རྩེ་ལྔ་པ། སངས་རྒྱས་གཙོ་བོ་ཐམས་ཅད་ཀྱི་ཕྱག་ལྷག་མ་གཡོན་རྣམས་དྲིལ་བུ། གཞུ། ཞགས་པ། གཡས་རྣམས་རལ་གྲི། རྡོ་རྗེ་མདའ། ལྕགས་ཀྱུ། ཐམས་ཅད་ཆིབས་ཀྱི་སྟེང་དུ་པད་ཉིའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་སྣ་ཚོགས་པའི་རྒྱན་དང་། ལྷ་རྫས་ཀྱི་ན་བཟའ་དང་། སེམས་དཔའ་བཅུ་དྲུག་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པ། དབང་ལྡན་ནས་མཚམས་ཀྱི་རེ་མིག་ཏུ་སྣ་ཚོགས་པད་ཟླ་ལ་སངས་རྒྱས་སྤྱན་མ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཉི་མ་འཆར་ཀའི་འོད་དང་ལྡན་པ་སྐུ་མདོག་གསེར་ལྟ་བུ་ཨིནྟྲ་ནཱི་ལ་འདྲ་བའི་ཟུར་ཕུད་རྡོ་རྗེ་དང་པདྨ་རིན་པོ་ཆེ་དང་། སྣ་ཚོགས་རྡོ་རྗེའི་འཕྲེང་བའི་ཅོད་པན་གྱི་སྟེང་དུ་སངས་རྒྱས་ལྔ་དང་རིན་པོ་ཆེའི་ཅོན་པན་ཅན། རང་ལྟ་བུའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་ན་བཟའ་མང་པོ་མནབས་པ། སྒེག་པའི་ཉམས་ཐམས་ཅད་དང་ལྡན་པ་སེར་སྔོ་དམར་དཀར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ལྷག་མའི་གཡས་རྣམས་རལ་གྲི། མདའ། རྡོ་རྗེ། གཡོན་རྣམས་ཤེར་ཕྱིན་གྱི་པོ་ཏི། གཞུ། རྡོ་རྗེ། དྲིལ་བུ། མ་མཱ་ཀཱི་སྔོན་མོ་ཞལ་བཞི་རྩ་ཞལ་སྔོན་པོ་ཁྲོ་བ་དང་བཅས་པའི་རོལ་པར་ལྡན་པ། གཡས་ཞལ་དཀར་པོ་ཁ་གདངས་པ་དྲག་པོ། རྒྱབ་ཞལ་སེར་པོ་དཔའ་བ། གཡོན་མཆེ་བས་མ་མཆུ་མནན་པ། ཕྱག་བརྒྱད་ཀྱི་གཡོན་དང་པོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། གོས་དཀར་མོ་དམར་མོ་དམར་ནག་སེར་དཀར་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་གཡོན་དང་པོ་པདྨ། སྒྲོལ་མ་ལྗང་ཁུ་རྩ་ཞལ་ལྗང་ཁུ་མཆེ་བ་གཙིགས་པ། གཡས་ཞལ་སེར་པོ་ཞི་བ། རྒྱལ་ཞལ་དམར་པོ་སྒེག་པ། གཡོན་ཞལ་དཀར་པོ་ཞི་བ། ཕྱག་བརྒྱད་ཀྱི་གཡོན་དང་པོ་སྡིགས་མཛུབ། ལྷག་མ་གཡོན་རྣམས་དྲིལ་བུ། གཞུ། ཞགས་པ། གཡས་རྣམས་རལ་གྲི། རྡོ་རྗེ། མདའ། ལྕགས་ཀྱུ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དམར་སེར་རྡོ་རྗེའི་ལྕགས་ཀྱུ་དང་། ཞགས་པ་འཛིན་པ། གཡས་བརྐྱང་། ལྷོར་རྡོ་རྗེ་ཞགས་པ་སེར་པོ་རྡོ་རྗེའི་ཞགས་པ་འཛིན་པ་གཡོན་བརྐྱང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་མོ་རྡོ་རྗེའི་ལྕགས་སྒྲོག་ཕྱག་གཉིས་ཀྱིས་འཛིན་པ་ས་ཀའི་སྟང་སྟབས། བྱང་དུ་རྡོ་རྗེ་འབེབས་པ་ལྗང་ཁུ། ཕྱག་གཉིས་ཀྱིས་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲིལ་བུ་འཛིན་པ་ཟླུམ་པོའི་སྟང་སྟབས་ཀྱིས་གནས་པ། བཞི་ཀའང་སྣ་ཚོགས་པད་ཉིར་གནས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་དབུ་སྐྲ་དམར་སེར་བརྫེས་པ། སྨ་ར་སེར་པོ་དང་ལྡན་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། གཞལ་ཡས་ཁང་གཉིས་པའི་ཤར་གྱི་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་གྱིས་མོས་པས། སྤྱོད་པ་དམར་མོ་པདྨ་དཀར་པོ། རབ་ཏུ་དགའ་བ་དམར་མོ་ཡིད་བཞིན་གྱི་ནོར་བུ། དྲི་མེད་མ་དཀར་མོ་ཆུ་སྐྱེས། འོད་བྱེད་མ་དམར་མོ་སྣ་ཚོགས་པདྨར་གནས་པའི་ཉི་མ། འོད་འཕྲོ་མ་ལྗང་ཁུ་ཨུཏྤལ་སྔོན་པོ། སྦྱངས་དཀའ་མ་སེར་མོ་པང་པར་གནས་པའི་ཕྱག་གན་རྐྱལ་གྱིས་མ་རཱ་ཀ་ཏའི་ནོར་བུ། མངོན་དུ་གྱུར་མ་གསེར་མདོག་པདྨའི་སྟེང་དུ་ཤེར་ཕྱིན་གྱི་པོ་ཏི། རིང་དུ་སོང་བ་མ་སྔོན་མོ་སྣ་ཚོགས་པདྨར་གནས་པའི་སྣ་ཚོགས་རྡོ་རྗེ། མི་གཡོ་བ་དཀར་མོ་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་དམར་པོས་མཚན་པའི་པདྨའི་ཡུ་བ། ལེགས་པའི་བློ་གྲོས་མ་དཀར་མོ་རལ་གྲིས་མཚན་པའི་ཨུཏྤལ། ཆོས་ཀྱི་སྤྲིན་མ་སེར་མོ་ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེར་ཕྱིན་གྱི་པོ་ཏི། ཀུན་ཏུ་འོད་མ་ཉི་མ་བྱེ་བའི་མདོག་ཅན་པདྨའི་སྟེང་དུ་བདེ་བར་གཤེགས་པའི་སྐུ། ཐམས་ཅད་ཀྱི་གཡས་རྡོ་རྗེ། ལྷོར་རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་མ་དམར་མོ། །གཡོན་པདྨ་ལ་གནས་པའི་ཟླ་བ། སྦྱིན་པའི་ཕར་ཕྱིན་མ་དཀར་དམར་གཡོན་འབྲས་ཀྱི་སྙེ་མ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་མ་དཀར་མོ་གཡོན་མྱ་ངན་མེད་པའི་ཡལ་ག་དང་བཅས་པའི་མེ་ཏོག་གི་ཆུན་པོ། བཟོད་པའི་ཕར་ཕྱིན་མ་སེར་མོ་གཡོན་ཆུ་སྐྱེས་དཀར་པོ། བརྩོན་འགྲུས་ཀྱི་ཕར་ཕྱིན་མ་མ་རཱ་ཀ་ཏ་ལྟ་བུ་གཡོན་ཨུཏྤལ་སྔོན་པོ། བསམ་གཏན་གྱི་ཕར་ཕྱིན་མ་སྔོ་བསངས་གཡོན་པདྨ་དཀར་པོ། ཤེས་རབ་ཀྱི་ཕར་ཕྱིན་མ་གསེར་མདོག་ཕྱག་བཞིའི་གཡོན་དང་པོ་པདྨ་ལ་གནས་པའི་ཤེར་ཕྱིན་གྱི་པོ་ཏི། གཡས་གཡོན་གྱི་འོག་མ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ཐབས་ཀྱི་ཕར་ཕྱིན་མ་ལྗང་ཁུ་གཡོན་པད་སེར་ལ་གནས་པའི་རྡོ་རྗེ། སྨོན་ལམ་གྱི་ཕར་ཕྱིན་མ་སྔོན་མོ་གཡོན་ཨུཏྤལ་སྔོན་པོ་ལ་གནས་པའི་རལ་གྲི། སྟོབས་ཀྱི་ཕར་ཕྱིན་མ་དམར་མོ་གཡོན་ཤེར་ཕྱིན་གྱི་པོ་ཏི། ཡེ་ཤེས་ཀྱི་ཕར་ཕྱིན་མ་དཀར་མོ་གཡོན་རིན་པོ་ཆེ་སྣ་ཚོགས་པའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཤིང་གི་ཡལ་ག རྡོ་རྗེ་ལས་ཀྱི་ཕར་ཕྱིན་མ་སྣ་ཚོགས་པའི་མདོག་གཡོན་ཨུཏྤལ་ལ་གནས་པའི་རྡོ་རྗེ། ཐམས་ཅད་ཀྱི་གཡས་ཡིད་བཞིན་གྱི་ནོར་བུ། ནུབ་ཚེ་ལ་དབང་བ་མ་དཀར་ལ་དམར་བ་གཡོན་པ་ཏིང་ངེ་འཛིན་གྱིས་ཕྱག་རྒྱས་པདྨ་རཱ་ག་ལ་གནས་པའི་ཚེ་དཔག་མེད་ཀྱི་སྐུ། སེམས་ལ་དབང་བ་མ་དཀར་མོ་རྡོ་རྗེ་རྩེ་ལྔ་པ་དམར་པོ། ཡོ་བྱད་ལ་དབང་བ་མ་སེར་མོ་ནོར་བུའི་རྒྱལ་མཚན་ལས་ལ་དབང་བ་མ་ལྗང་ཁུ་སྣ་ཚོགས་རྡོ་རྗེ། སྐྱེ་བ་ལ་དབང་བ་མ་སྣ་ཚོགས་མདོག་མེ་ཏོག་ཛ་རི་ཁ་དོག་སྣ་ཚོགས་པ། རྫུ་འཕྲུལ་ལ་དབང་བ་མ་སྔོ་བསངས་པདྨ་ལ་གནས་པའི་ཉི་ཟླ། མོས་པ་ལ་དབང་བ་མ་དཀར་པོ་གཡོན་པྲི་ཡང་ཀུ་ལྟ་བུའི་མེ་ཏོག་གི་སྙེ་མ། སྨོན་ལམ་ལ་དབང་བ་མ་དམར་སེར་ཨུཏྤལ་སྔོན་པོ། ཡེ་ཤེས་ལ་དབང་བ་མ་སྔོན་མོ་ཨུཏྤལ་སྔོན་པོ་ལ་གནས་པའི་རལ་གྲི། ཆོས་ལ་དབང་བ་མ་དཀར་མོ་པདྨ་ལ་གནས་པའི་བུམ་པ་བཟང་པོ། །ཐམས་ཅད་ཀྱི་གཡས་པདྨ། དེ་བཞིན་ཉིད་མ་དཀར་མོ་གཡས་པད་དཀར། གཡོན་རྡོ་རྗེ་རིན་པོ་ཆེའི་སྙེ་མ། སངས་རྒྱས་བྱང་ཆུབ་མ་གསེར་ཞུན་ལྟ་བུ། གཡས་པད་སེར། གཡོན་ནོར་བུའི་རྒྱལ་མཚན་གྱི་སྟེང་དུ་འཁོར་ལོ། བྱང་དུ་དབྱིག་གི་བློ་གྲོས་མ་སེར་མོ་གཡོན་འབྲས་ཀྱི་སྙེ་མ། རིན་ཆེན་སྐར་མདའ་མ་དམར་མོ་ནོར་བུའི་རྒྱལ་མཚན། །གཙུག་ཏོར་རྣམ་རྒྱལ་མ་དཀར་མོ་ཟླ་ཤེལ་གྱི་བུམ་པ། འོད་ཟེར་ཅན་དཀར་དམར་སྐུད་བཅས་ཀྱི་ཁབ། རི་ཁྲོད་ལོ་མ་གྱོན་མ་སེར་མོ་རྨ་བྱའི་མཇུག་སྒྲོ། །ཛཾ་གུ་ལི་ལྗང་སེར་དུག་གི་མེ་ཏོག་གི་ཆུན་པོ། སྒོ་མཐའ་ཡས་མ་ལྗང་ཁུ་ཆུ་སྐྱེས་དམར་པོ་ལ་གནས་པའི་གཏེར་བུམ། ཙུན་དཱ་མ་དཀར་མོ་བགྲང་འཕྲེང་འཆང་བའི་སྤྱི་བླུགས །ཤེས་རབ་འཕེལ་མ་དཀར་མོ་ཨུཏྤལ་སྔོན་པོ་ལ་གནས་པའི་རལ་གྲི། ལས་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་མ་ལྗང་ཁུ་རྡོ་རྗེ་རྩེ་གསུམ་གྱིས་མཚན་པའི་པདྨ་དཀར་དམར། ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་མ་དམར་མོ་རིན་པོ་ཆེའི་ཟ་མ་ཏོག སངས་རྒྱས་ཐམས་ཅད་ཀྱི་ཆོས་མཛོད་མ་སེར་མོ་པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་དཔེ་སྒྲོམ། ཐམས་ཅད་ཀྱི་གཡས་སྣ་ཚོགས་རྡོ་རྗེ། ཤར་སྒོར་ཆོས་སོ་སོ་ཡང་དག་པར་རིག་པ་མ་དཀར་མོ་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ། ལྷོ་སྒོར་དོན་སོ་སོར་ཡང་དག་པར་རིག་པ་མ་མ་རཱ་ཀ་ཏའི་མདོག་ཅན་ཕྱག་གཉིས་རིན་པོ་ཆེའི་ཞགས་པ། ནུབ་སྒོར་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་མ་དམར་མོ་ཕྱག་གཉིས་ཀྱི་མཐའ་གཉིས་སུ་པདྨས་མཚན་པའི་ལྕགས་སྒྲོག བྱང་སྒོར་སྤོབས་པ་སོ་སོར་ཡང་དག་པར་རིག་པ་མ་ལྗང་ཁུ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུ། མེར་སྒེག་མོ་སེར་མོ་སྒེག་པ་དང་བཅས་པའི་ཕྱག་གཉིས་ཀྱི་རྡོ་རྗེ་རེ་རེ། བདེན་བྲལ་དུ་འཕྲེང་བ་དམར་སེར་ཕྱག་གཉིས་ཀྱིས་རིན་པོ་ཆེའི་འཕྲེང་བ། རླུང་དུ་གླུ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་བ། དབང་ལྡན་དུ་གར་མ་ལྗང་ཁུ་གར་བྱེད་པའི་ཚུལ་གྱིས་རྡོ་རྗེ་རྩེ་གསུམ་དང་རྡོ་རྗེ་དྲིལ་བུ། མོས་སྤྱོད་མ་ནས་བརྩམས་པའི་ལྷ་མོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱལ་མཚན། ཅོད་པན་གོས་སྣ་ཚོགས་པ་ཅུང་ཟད་འཛུམ་དང་སྒེག་པའི་ཉམས་སྣ་ཚོགས་པད་ཟླར་སེམས་སྐྱིལ་གྱིས། སྒོ་སྐྱོང་མ་རྣམས་ཉི་མའི་དཀྱིལ་འཁོར། གཞལ་ཡས་ཁང་གསུམ་པའི་དབང་ལྡན་ནས་བརྩམས་ཏེ་ཤར་གྱི་སྣམ་བུ་ལ་ཀུན་ཏུ་བཟང་པོ་སེར་པོ་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་ལ་གནས་པའི་རལ་གྲི། བློ་གྲོས་མི་ཟད་པ་སེར་པོ་རལ་གྲི་དང་མི་འཇིགས་པའི་ཕྱག་རྒྱས་པདྨ། ས་སྙིང་སེར་པོ་ས་གནོན་དང་པདྨ་ལ་གནས་པའི་དཔག་བསམ་ཤིང་། ནམ་སྙིང་ལྗང་ཁུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ་དང་ཡིད་བཞིན་ནོར་བུ། ལྷོ་ཕྱོགས་ཀྱི་སྣམ་བུ་ལ་ནམ་མཁའ་མཛོད་སེར་པོ་ཡིད་གྱི་བཞིན་ནོར་བུ་དང་བུམ་པ་བཟང་པོས་བཅིངས་པའི་དཔག་བསམ་ཤིང་། ཕྱག་ན་རིན་ཆེན་ལྗང་ཁུ་རིན་པོ་ཆེ་དང་པདྨ་ལ་གནས་པའི་དཀྱིལ་འཁོར། བློ་གྲོས་རྒྱལ་མཚོ་དཀར་པོ་དུང་དང་། རྡོ་རྗེ། རལ་གྲི། རྡོ་རྗེ་སྙིང་པོ་སྔོན་པོ་རྡོ་རྗེ་དང་མདོ་སྡེ་ས་བཅུ་པའི་པོ་ཏི། ནུབ་ཀྱི་སྣམ་བུར་སྤྱན་རས་གཟིགས་དཀར་པོ་མཆོག་སྦྱིན་དང་ཆུ་སྐྱེས་དཀར་པོ། མཐུ་ཆེན་ཐོབ་སེར་པོ་རལ་གྲི་དང་པདྨ། ཟླ་འོད་དཀར་པོ་རྡོ་རྗེ་འཁོར་ལོ་དང་པདྨ་ལ་གནས་པའི་ཟླ་བ། དྲྭ་བ་ཅན་གྱི་འོད་དཀར་དམར་རལ་གྲི་དང་པདྨ་ལ་གནས་པའི་ཉི་མ། བྱང་གི་སྣམ་བུ་ལ་འོད་དཔག་མེད་དཀར་པོ་སྣ་ཚོགས་པདྨ་དང་པདྨ་ལ་གནས་པའི་བུམ་པ། སྤོབས་པ་བརྩེགས་པ་སེར་པོ་སེ་གོལ་དང་པདྨ་ལ་གནས་པའི་རལ་གྲི། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་གུར་ཀུམ་ལྟ་བུ་རྡོ་རྗེ་རྩེ་ལྔ་པ་དང་ཤཀྟི། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོ་རལ་གྲི་དང་སྣ་ཚོགས་རྡོ་རྗེས་མཚན་པའི་བ་དན། བཅུ་དྲུག་པོ་ཐམས་ཅད་པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པ་རིན་པོ་ཆེའི་རྒྱན་དང་། ཅོད་པན། གོས་སྣ་ཚོགས་པ་ཞལ་གཅིག་ཕྱག་གཉིས་པ། ཤར་གྱི་སྒོར་མ་ཧེ་ལ་གཤིན་རྗེ་མཐར་བྱེད་ནག་པོ་སྔོ་བའི་ཞལ་བཞད་པ། གཉིས་པ་འཇིགས་པ། གསུམ་པ་གདངས་པ། བཞི་པ་འཇིགས་སུ་རུང་བ། ལྔ་པ་རྡོ་རྗེའི་མཆེ་བ་ཅན། དྲུག་པ་མགོ་བོའི་སྟེང་དུ་གནས་པ། ལྗགས་འགུལ་བ། ཕྱག་དྲུག་གི་གཡས་རྣམས་ལྕགས་ཀྱུ། རལ་གྲི། མདའ། གཡོན་རྣམས་སྡིག་མཛུབ་དང་བཅས་པའི་ཞགས་པ། དྲིལ་བུ། གཞུ། ཞབས་དྲུག་གསུས་པ་འཕྱང་བ། ལྷོར་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་རྩ་བའི་ཞལ་སྒེག་པ། གཡས་གདངས་པ། རྒྱབ་དྲག་པོ་ཆེན་པ་ོ། གཡོན་ཞི་བ། ཕྱག་བརྒྱད་ཀྱི་གཡས་རྣམས་ཞགས་པ། རྡོ་རྗེ། རལ་གྲི། མདའ། གཡོན་སྙིང་ཀར་ལྕགས་ཀྱུ། དྲིལ་བུ། མདུང་། གཞུ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་ཞལ་བཞི་དམར་པོ་རྩ་ཞལ་སྒེག་པ། གཡས་དྲག་པོ། རྒྱབ་བཞད་པ། གཡོན་ཞི་བ། ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་། ལྕགས་སྒྲོག ལྷག་མའི་གཡས་གསུམ་རྡོ་རྗེ། རལ་གྲི། མདའ། གཡོན་གསུམ་དྲིལ་བུ་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། དེ་གསུམ་རོལ་པས་གནས་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ་སྔོ་བའི་ཞལ་བཞི་ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་དྲིལ་བུ་དང་། ལྷག་མའི་གཡས་གསུམ་རལ་གྲི། མདའ། ལྕགས་ཀྱུ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། དྲིལ་བུ། ཚོགས་བདག་གཡོན་བརྐྱང་གིས་མནན་པ་དབང་ལྡན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྔོན་པོ་སྔོ་བའི་ཞལ་བཞི་རྩ་ཞལ་ཁྲོ་བ་དང་བཅས་པའི་སྒེག་པ། གཡས་ཞལ་དྲག་པོ། རྒྱབ་དཔའ་བ། གཡོན་མི་སྡུག་པ་ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོར་དྲིལ་དང་བཅས་བཟུང་ནས་ཐུགས་ཀར་ཧཱུཾ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གསུམ་རལ་གྲི། ལྕགས་ཀྱུ། མདའ། གཡོན་གསུམ་རྡོ་རྗེ། ཞགས་པ། གཞུ། ཞབས་གཡས་བསྐུམ་པས་དབང་ཕྱུག་ཆེན་པོའི་མགོ་བོ་མནན་པ། གཡོན་བརྐྱང་པས་ཨུ་མའི་ནུ་མ་བརྫིས་པ། མེར་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནག་པའི་ཞལ་བཞི་སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེའི་རོ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་རྣམས་རྡོ་རྗེ། རལ་གྲི། མདའ། འཁོར་ལོ། གཡོན་རྣམས་དྲིལ་བུ། ཞགས་པ། གཞུ། ཁཊྶཱཾ་ག་དང་འབྲེལ་བའི་བ་དན། ཆུང་མ་དང་བཅས་པའི་ཁྱབ་མཇུག་གཡས་བརྐྱང་གིས་མནན་པ། བདེན་བྲལ་དུ་ཧེ་རུ་ཀ་རྡོ་རྗེ་སྔོན་པོ་སྔོ་བའི་ཞལ་བཞི་དྲག་པོ་དང་། བཞད་པ་དང་། ཟ་བར་རྔམ་པ་དང་སྒེག་པ། ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ་རྩེ་ལྔ་དང་། མདའ། ཁྲག་གིས་གང་བའི་ཐོད་པ་དང་། གཡོན་སྙིང་ཀར་པདྨ་ཁ་བྱེ་བ། གཞུ། དྲིལ་བུ། བ་དན་དང་བཅས་པའི་ཁཊྶཱཾ་ག ལྷག་མའི་ཕྱག་གཡས་ཀྱིས་འཇིགས་བྱེད་ཀྱི་པགས་པ་རླུང་གིས་གཡོ་བ་འཛིན་པ། ཆུང་མ་དང་བཅས་པའི་ཚངས་པ་གཡོན་བརྐྱང་གིས་མནན་པ། རླུང་དུ་རྟ་མཆོག་ལྗང་ཁུ་ལྗང་བའི་རྩ་ཞལ་ཁྲོ་བ་དང་བཅས་པའི་སྒེག་པ། གཡས་དྲག་པོ་དང་། གཡོན་ཚངས་པ་ལྟ་བུ། སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར། ཕྱག་བརྒྱད་ཀྱི་གཡས་རྣམས་སྣ་ཚོགས་རྡོ་རྗེ་བ་དན་གསུམ་པའི་ཚུལ་དང་། རལ་གྲི་དང་མདའ། གཡོན་རྣམས་ཕུབ་དང་བཅས་པའི་ཕྱག་གི་སྣ་ཚོགས་ཆུ་སྐྱེས། ཤཀྟི། དབྱུག་པ། གཞུ། ཞབས་བཞིའི་གཡས་བརྐྱང་གཅིག་གིས་དབང་མོ་དང་དཔའ་མོ། །གཡས་བསྐུམ་གཅིག་གིས་དགའ་མོ་དང་ཚིལ་མ། གཡོན་བསྐུམ་གཅིག་གིས་དབང་མོ་དང་སྦྲང་རྩིར་བྱེད་མ། གཡོན་བརྐྱང་གཅིག་གིས་རྒྱལ་བར་བྱེད་པ་དང་། དཔྱིད་ཀྱི་ལྷ་མནན་ནས་གནས་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་སེར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་རྣམས་འཁོར་ལོ། ལྕགས་ཀྱུ། རལ་གྲི། མདའ། གཡོན་རྣམས་ཀྱིས་དྲིལ་བུ། ཞགས་པ། བགྲང་འཕྲེང་། གཞུ། རོལ་པའི་ཀུན་ཏུ་བསྐྱོད་པས་གནས་པ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་པའི་ཞལ་བཞི་དྲག་པོ་དང་། ཞི་བ་དང་། བཞད་པ་དང་། སྒེག་པའི་ཉམས་ཅན་ཕྱག་བརྒྱད་ཀྱི་གཡས་རྣམས་རྡོ་རྗེ་དང་། ལྕགས་ཀྱུ་དང་། རལ་གྲི། མདའ། གཡོན་རྣམས་དྲིལ་བུ་དང་། ཞགས་པ་དང་། རྩེ་གསུམ། གཞུ། གཡོན་བརྐྱང་གིས་གནས་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། སྨིན་མ་འཁྱོག་པ། སྟག་ལྤགས་སྟོད་སྨད་དུ་དཀྲིས་པ། ཐོད་འཕྲེང་གི་ཅོད་པན་ཅན། དབུ་སྐྲ་དམར་སེར་གྱེན་དུ་བཅིངས་པ། སྨ་ར་སེར་པོ། ཀླུ་བརྒྱད་ཀྱིས་བརྒྱན་པ། འཇིགས་སུ་རུང་བ། ཁྲོ་བོའི་ཕྱི་རོལ་གྱི་གྲྭ་བཞིའི་གཡས་ལོགས་སུ་རིམ་པ་བཞིན་མེ་ཏོག་མ་སེར་མོ་མེ་ཏོག་གི་སྣོད། བདུག་སྤོས་མ་ནག་མོ་བདུག་སྤོས། མར་མེ་མ་དཀར་མོ་སྒྲོན་མེ། དྲི་ཆབ་མ་ལྗང་ཁུ་དྲིའི་དུང་ཆོས། །གཡོན་ལོགས་སུ་རིམ་པ་བཞིན། གཟུགས་མ་སེར་མོ་མེ་ལོང་། སྒྲ་མ་ལྗང་ཁུ་པི་ཝང་། རོ་མ་དམར་མོ་རོ་སྣོད། རེག་བྱ་མ་སྣ་ཚོགས་མདོག་ཅན་གོས་སྣ་ཚོགས། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱན་དང་ཅོད་པན་གོས་སྣ་ཚོགས་ཅུང་ཟད་འཛུམ་པ་དང་། སྒེག་པའི་ཉམས་སྣ་ཚོགས་པད་ཟླར་སེམས་སྐྱིལ་གྱིས་བཞུགས་པ། དཀྱིལ་འཁོར་བཞི་པའི་ཤར་གྱི་ཕྱོགས་སུ་དབང་པོ་སེར་པོ་གླང་པོ་ཆེ་ས་སྲུང་གི་སྟེང་ན་གནས་པ་རྡོ་རྗེ་དང་ནུ་མ། ལྷོར་མ་ཧེའི་སྟེང་དུ་གཤིན་རྗེ་ནག་པོ་དབྱུག་ཐོ་དང་རྩེ་གསུམ། ནུབ་ཏུ་ཆུ་སྲིན་གྱི་སྟེང་དུ་ཆུ་བདག་དཀར་པོ་གདེང་ཀ་བདུན་པ་ཀླུའི་ཞགས་པ་དང་དུང་དཀར། བྱང་དུ་མིའི་སྟེང་དུ་ལུས་ངན་སེར་པོ་ལྕགས་ཀྱུ་དང་དབྱུག་ཐོ། བྱང་ཤར་དུ་གླང་གི་སྟེང་དུ་དབང་ལྡན་དཀར་པོ་རལ་པའི་ཐོར་ཅོག་ལ་ཟླ་ཕྱེད་བཅིངས་པ་སྤྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་ལྡན་པ་མགྲིན་པ་སྔོན་པོ་རྩེ་གསུམ་དང་ཐོད་པ། མེར་ར་ལ་མེ་ལྷ་དམར་པོ་བླུགས་གཟར་དང་སྤྱི་བླུགས། བདེན་བྲལ་དུ་རོ་ལ་སྲིན་པོའི་བདག་པོ་སྔོན་པོ་རལ་གྲི་དང་ཕུབ། རླུང་དུ་རི་དྭགས་ལ་རླུང་ལྷ་སྔོན་པོ་རླུང་རས་དེ་བརྒྱད་པོ་ཕྱག་བཞི་གཡས་དང་པོས་ཕྱག་མཚན་སོ་སོ་དང་པོ་ཏི། གཡོན་དང་པོས་ཕྱག་མཚན་སོ་སོ་དང་རང་སྣང་གི་བཙུན་མོ་ལ་འཁྱུད་ཅིང་རླུང་རས་འཛིན་པ། ལྷག་མའི་ཕྱག་གཉིས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་ཐལ་མོ་སྤྱི་བོར་སྦྱར་བ། དབང་ལྡན་དང་ཉེ་བའི་ཕྱི་རོལ་ཏུ་དེ་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཚངས་པ་གདོང་བཞི་སེར་པོ་ངང་པ་ལ་ཞོན་པ་ཕྱག་བཞིའི་དང་པོ་གཉིས་བགྲང་འཕྲེང་དང་པདྨ། འོག་མ་གཉིས་དབྱུག་པ་དང་སྤྱི་བླུགས་གཟུང་ནས་སྤྱི་བོར་ཐལ་མོ་སྦྱར་བ། ཁྱབ་འཇུག་ནག་པོ་ཁྱུང་ལ་ཞོན་པ་ཕྱག་བཞིའི་དང་པོ་གཉིས་འཁོར་ལོ་དང་དུང་། འོག་མ་གཉིས་མདུང་ཐུང་དང་སྭ་རཾ་གའི་གཞུ་འཛིན་པས་སྤྱི་བོར་ཐལ་མོ་སྦྱར་བ། དབང་ཕྱུག་ཆེན་པོ་དཀར་པོ་གླང་ལ་ཞོན་པ་རལ་པའི་ཐོར་ཅོག་ཟླ་ཚེས་ཀྱིས་སྤྲས་པ་ཕྱག་བཞིའི་དང་པོ་སྤྱི་བོར་ཐལ་མོ་སྦྱར་བ། ལྷག་མ་གཉིས་རྩེ་གསུམ་དང་ཐོད་པ། གདོང་དྲུག་དམར་པོ་རྨ་བྱ་ལ་ཞོན་པ་གདོང་དང་ཕྱག་དྲུག་གཡས་གཉིས་ཤཱཀྟི་དང་རྡོ་རྗེ། གཡོན་གཉིས་ཁྱིམ་བྱ་དང་དྲིལ་བུ། ལྷག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། དེ་རྣམས་རང་རང་གི་བུ་མོ་ལ་འཁྱུད་པ། ཚངས་པ་གདོང་བཞི་སེར་པོ་ངང་པ་ལ་ཞོན་པ། ཕྱག་བཞིའི་དང་པོ་གཉིས་བགྲང་འཕྲེང་པདྨ། འོག་མ་གཉིས་དབྱུག་པ་དང་སྤྱི་བླུགས་བཟུང་ནས་སྤྱི་བོར་ཐལ་མོ་སྦྱར་བ། དྲག་མོ་དཀར་མོ་གླང་ལ་ཞོན་པ་ཐོར་ཅོག་ཟླ་ཚེས་ཀྱིས་སྤྲས་པ་ཕྱག་བཞིའི་དང་པོ་སྤྱི་བོར་ཐལ་མོ་སྦྱར་བ། ལྷག་མ་གཉིས་རྩེ་གསུམ་དང་ཐོད་པ། ཁྱབ་འཇུག་མ་ནག་པོ་ཁྱུང་ལ་ཞོན་པ་ཕྱག་བཞིའི་དང་པོ་གཉིས་འཁོར་ལོ་དང་དུང་། འོག་མ་གཉིས་མདུང་ཐུང་དང་སྭ་རཾ་གའི་གཞུ་འཛིན་པས་སྤྱི་བོར་ཐལ་མོ་སྦྱར་བ། གཞོན་ནུ་མ་དམར་མོ་རྨ་བྱ་ལ་ཞོན་པ་གདོང་དང་ཕྱག་དྲུག་གི་གཡས་གཉིས་ཤཀྟི་དང་རྡོ་རྗེ། གཡོན་གཉིས་ཁྱིམ་བྱ་དང་དྲིལ་བུ། ལྷག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། དབང་མོ་སེར་མོ་གླང་པོ་ཆེ་ས་སྲུང་གི་སྟེང་དུ་གནས་པ། རྡོ་རྗེ་དང་ནུ་མ། ཕག་མོ་ནག་མོ་འུག་པ་ལ་ཞོན་པ་ཕྱག་བཞིའི་དང་པོ་གཉིས་རོ་ཧི་ཏའི་ཉ་དང་ཐོད་པ། ཙཱ་མུཎྜྻི་དམར་མོ་རི་དྭགས་ལ་ཞོན་པ་ཕྱག་བཞིའི་དང་པོ་གཉིས་གྲི་ཐོད། བྷྲྀངྒི་མ་ནག་མོ་ཤིན་ཏུ་སྐེམ་པ་ཕྱག་བཞིའི་དང་པོ་གཉིས་འཕྲེང་བ་དང་སྤྱི་བླུགས། གསུམ་ཀའི་ཕྱག་ལྷག་མ་གཉིས་ཐལ་སྦྱར། ཚོགས་བདག་དཀར་པོ་བྱི་བ་ལ་ཞོན་པ་གླང་པོ་ཆེའི་གདོང་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཕྱག་བཞིའི་གཡས་གཉིས་བགྲང་འཕྲེང་དང་རྩེ་གསུམ། གཡོན་གཉིས་དགྲ་སྟ་དང་ལ་ཕུག ནག་པོ་ཆེན་པོ་སྔོན་པོ་རྩེ་གསུམ་དང་ཐོད་པ། དགའ་བྱེད་དབང་ཕྱུག་ནག་བོ་རྫ་རྔ་ལ་ཞོན་པ་རྫ་རྔ་བརྡུང་བ་ལ་བརྩོན་པ། ཉི་མ་དམར་པོ་རྟ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་ཞོན་པ་ཕྱག་གཉིས་ཀས་པདྨ་ལ་གནས་པའི་ཉི་མ་འཛིན་པ། ཟླ་བ་དཀར་པོ་ངང་པ་ལ་ཞོན་པ་ཕྱག་གཉིས་ཀས་ཀུ་མུ་ད་ལ་གནས་པའི་ཟླ་བ་འཛིན་པ། མིག་དམར་དམར་པོ་ར་ལ་ཞོན་པ་གྲི་གུག་དང་མི་མགོ་ཟ་བའི་ཚུལ། ལག་པ་སེར་པོ་པདྨའི་སྟེང་དུ་མདའ་གཞུ། ཕུར་བུ་དཀར་པོ་ཐོད་པ་ལ་ཞོན་པ་ཕྲེང་བ་དང་། སྤྱི་བླུགས། པ་ཝ་སངས་དཀར་པོ་པདྨ་ལ་གནས་པ་འཕྲེང་བ་དང་སྤྱི་བླུགས། སྤེན་པ་ནག་པོ་རུས་སྦལ་ལ་གནས་པ་དབྱུག་པ། སྒྲ་གཅན་དམར་ནག་ལག་གཉིས་ཉི་མ་དང་ཟླ་བ་འཛིན་པ། མཇུག་རིངས་ནག་པོ་རལ་གྲི་དང་ཀླུ་ཞགས། སྟོབས་བཟང་དཀར་པོ་གླང་པོ་ལ་གནས་པ་རལ་གྲི་དང་གཤོལ། རྒྱལ་བར་བྱེད་པ་ལྗང་ཁུ་བྱ་ཀོ་ཀ་ལའི་ཤིང་རྟ་ལ་ཞོན་པ་ཕྱག་བཞིའི་གཡས་གཉིས་མེ་ཏོག་གི་ཕྲེང་བ་དང་། མདའ། གཡོན་གཉིས་བཏུང་བའི་སྣོད་དང་གཞུ། སྦྲང་རྩིར་བྱེད་པ་དཀར་པོ་ནེ་ཙོའི་ཤིང་རྟ་ལ་གནས་པ་ཕྱག་བཞིའི་གཡས་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ། གཡོན་གཉིས་བཏུང་བའི་སྣོད་དང་གཞུ། དཔྱིད་ཀྱི་ལྷ་དཀར་པོ་སྤྲེའུ་ལ་ཞོན་པ་ཕྱག་བཞིའི་གཡས་གཉིས་མདའ་དང་རལ་གྲི། གཡོན་གཉིས་བཏུང་བའི་སྣོད་དང་གཞུ། ཀླུ་མཐའ་ཡས་དང་། ནོར་རྒྱས་དང་། འཇོག་པོ་དང་། སྟོབས་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་རྣམས་སྦྲུལ་མགོ་བདུན་དང་ལྡན་པ་ཐལ་མོ་སྦྱར་བ། ཐག་བཟང་རིས་དང་སྟོབས་ལྡན་དང་། ཚིམ་བྱེད་དང་། རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་རྣམས་མདོག་ནག་པོ་གོ་ཆ་སྣ་ཚོགས་བགོས་པ་རལ་གྲི་དང་། བེར་ཀ་ལ་སོགས་པའི་མཚོན་ཆ་འཆང་བ། ནམ་མཁའ་ལྡིང་གི་དབང་པོ་གཤོག་པ་བརྐྱང་བ་པུས་མོའི་བར་དུ་དཀར་པོ། དེའི་སྟེང་ལྟེ་བའི་བར་སེར་པོ། དེའི་སྟེང་མགྲིན་པའི་བར་དམར་པོ། དེའི་སྟེང་མགོ་བོའི་བར་ནག་པོ། ལག་གཉིས་ཐལ་མོ་སྦྱར་བ། མིའམ་ཅིའི་རྒྱལ་པོ་ལྗོན་པ་དམར་སེར་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་སེར་པོ་གཉིས་པི་ཝཾ་གི་སྒྲ་སྒྲོག་པ། རིག་པ་འཛིན་པའི་རྒྱལ་པོ་དོན་ཀུན་གྲུབ་པ་དཀར་པོ་མེ་ཏོག་གི་འཕྲེང་བ་ཅན། གང་བ་བཟང་པོ་སྔོན་པོ། ནོར་བུ་བཟང་པོ་སེར་པོ། ནོར་སྦྱིན་དམར་པོ། རྣམ་ཐོས་ཀྱི་བུ་སེར་པོ། པི་ཙི་ཀུཎྜྻ་ལི་དཀར་པོ། ཀི་ལི་མི་ལི་ལྗང་ཁུ། སྒོའི་དབང་པོ་སེར་པོ། དེ་ཐམས་ཅད་གཡས་བི་ཛ་པཱུ་ར་ཀ གཡོན་ནེའུ་ལེ། འཕྲོག་མ་སེར་མོ་ཕྱག་གཉིས་ཀྱིས་ཟན་ཆང་། ཐ་སྐར་དཀར་པོ། བྲ་ཉེ་ལྗང་ཁུ། སྨིན་དྲུག་སྔོ་བསངས། སྣར་མ་དམར་སྐྱ། མགོ་ནག་པོ། ལག་དང་ནབས་སོ་སེར་པོ། རྒྱལ་སྔོ་བསངས། །སྐག་དཀར་པོ། མཆུ་སེར་པོ། གྲེ་ལྗང་སེར། སྦོ་ལྗང་ཁུ། མེ་བཞི་དཀར་པོ། ནག་པ་ལྗང་ཁུ། ས་རི་སེར་པོ། ས་ག་ནག་པོ། ལྷ་མཚམས་ལྗང་ཁུ། སྣྲོན་སེར་པོ། སྣྲུབས་སེར་པོ། ཆུ་སྟོད་ནག་པོ། ཆུ་སྨད་དཀར་པོ། གྲོ་བཞིན་དཀར་སེར། མོན་གྲེ་ནག་པོ། མོན་གྲུ་སེར་པོ། ཁྲུམས་སྟོད་ལྗང་ཁུ། ཁྲུམས་སྨད་སེར་པོ། ནམ་གྲུ་དཀར་སེར། བྱི་ཞུན་སྔོ་བསངས། དེ་ཐམས་ཅད་སྟོད་གཡོགས་གཡོ་བ་དང་བཅས་པ་ཐལ་མོ་སྦྱར་བ། དབང་པོ་ལ་སོགས་པ་པདྨ་དང་། གཞན་རྣམས་ཤིང་རྟ་ལ་གནས་པ། རིན་པོ་ཆེའི་རྒྱན་གོས་སྣ་ཚོགས་པས་བརྒྱན་པ། དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱག་འཚལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཐམས་ཅད་དུ་སྒྲོག་པ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དམར་སེར་རྡོ་རྗེའི་ལྕགས་ཀྱུ་དང་། ཞགས་པ་འཛིན་པ་གཡས་བརྐྱང་། ལྷོར་རྡོ་རྗེ་ཞགས་པ་སེར་པོ་རྡོ་རྗེའི་ཞགས་པ་འཛིན་པ་གཡོན་བརྐྱང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་མོ་རྡོ་རྗེའི་ལྕགས་སྒྲོག་ཕྱག་གཉིས་ཀྱིས་འཛིན་པ་ས་ཀའི་སྟང་སྟབས། བྱང་དུ་རྡོ་རྗེ་འབེབས་པ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲིལ་བུ་འཛིན་པས་ཟླུམ་པོའི་སྟང་སྟབས་ཀྱིས་གནས་པ། བཞི་ཀའང་སྣ་ཚོགས་པད་ཉི་ལ་གནས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དམར་སེར་བརྫེས་པ། སྨ་ར་སེར་པོ་དང་ལྡན་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་མཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨ་ཨ་སརྦ་ཏ་ཐཱ་ག་ཏ་སྲི་ད་ཡ། ཧ་ར་ཧ་ར་ཨོཾ་ཧཱུཾ་སྲཱི། བྷ་ག་ཝན་ཛྙྱཱ་ན་མུརྟི་ཝ་གཱི་ཤྭ་ར་མ་ཧཱ་པ་ཙ་སརྦ་དྷརྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུད་དྷཱཿདྷརྨ་དྷ་ཏུ་ཛྙྱཱ་ན་གརྦྷ་ཨཱཿ སྙིང་པོ། ཨོཾ་ཨམྲྀ་ཏ་ཀུཎྜྻ་ལི་བིགྷ་ནཱནྟ་ཀ་ཧཱུཾ། ལས་ཐམས་ཅད་པའོ། །ངན་སོང་སྦྱོང་བ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་དུ་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་བ། དེའི་ལྟེ་བར་སྣ་ཚོགས་པདྨ་ལ་གནས་པའི་སེང་གེའི་སྟེང་དུ། བཅོམ་ལྡན་འདས་དཔལ་ཤཱཀྱ་སེང་གེ་རྣམ་པར་སྣང་མཛད་ཆེན་པོ་གསེར་གྱི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཉིད་དང་མཚུངས་པའི་རྣམ་སྣང་གིས་རྒྱས་གདབ་པ། ཤར་གྱི་རྩིབས་ལ་རྡོ་རྗེ་གཙུག་ཏོར་དཀར་པོ་ས་གནོན། ལྷོར་རིན་ཆེན་གཙུག་ཏོར་སྔོན་པོ་མཆོག་སྦྱིན། ནུབ་ཏུ་པདྨའི་གཙུག་ཏོར་དམར་པོ་བསམ་གཏན་གྱི་ཕྱག་རྒྱ། བྱང་དུ་སྣ་ཚོགས་གཙུག་ཏོར་ལྗང་ཁུ་མི་འཇིགས་པའི་ཕྱག་རྒྱ་མེར་གཙུག་ཏོར་གཟི་བརྗིད་སྐུ་མདོག་དཀར་དམར་གཡས་ཉི་མ་གཡོན་དཀུར་བརྟེན་པ་བདེན་བྲལ་དུ་གཙུག་ཏོར་རྒྱལ་མཚན་དཀར་ནག་འདྲེས་མ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན། རླུང་དུ་གཙུག་ཏོར་རྣོན་པོ་སྔོ་བསངས་རལ་གྲི་དང་པོ་ཏི། དབང་ལྡན་དུ་གཙུག་ཏོར་གདུགས་དཀར་པོ་ཕྱག་དྲུག་གིས་གདུགས་འཛིན་པ། རྡོ་རྗེ་འཕྲེང་བའི་ཕྱིའི་མེ་ལ་སོགས་པའི་མཚམས་སུ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་དཀར་སེར་དམར་སྣ་ཚོགས་མདོག་ཅན་ཕྱག་གཉིས་མ། སྣམ་བུ་ལ་སྒོའི་གཡོན་ལོགས་སུ་བྱམས་པ་སེར་པོ་གཡས་ཀླུ་ཤིང་གི་མེ་ཏོག གཡོན་སྤྱི་བླུགས། མཐོང་བ་དོན་ཡོད་སེར་པོ་སྤྱན་མ་དང་བཅས་པའི་གཡས་པདྨ། གཡས་ལོགས་སུ་ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་དཀར་སེར་འདྲེས་པ་གཡས་དབྱུག་པ། ལྷོའི་གཡོན་ལོགས་སུ་སྤོས་ཀྱི་གླང་པོ་དཀར་ལྗང་གཡས་དྲིའི་དུང་ཕོར། དཔའ་བར་འགྲོ་བ་དཀར་པོ་གཡས་རལ་གྲི། གཡས་ལོགས་སུ་ནམ་མཁའ་མཛོད་དཀར་སེར་པདྨ་ལ་གནས་པའི་ཆོས་ཀྱི་མཛོད། ཡེ་ཤེས་ཏོག་སྔོན་པོ་གཡས་ནོར་བུའི་རྒྱལ་མཚན། ནུབ་ཀྱི་གཡོན་ལོགས་སུ་བདུད་རྩིའི་འོད་དཀར་པོ་གཡས་ཅོད་པན་གྱི་སྟེང་དུ་བདུད་རྩིས་གང་བའི་བུམ་པ། ཟླ་བའི་འོད་དཀར་པོ་གཡས་པདྨ་ལ་གནས་པའི་ཟླ་བ། གཡས་ལོགས་སུ་བཟང་སྐྱོང་དཀར་པོ་གཡས་རིན་པོ་ཆེ་འབར་བ། དྲྭ་བ་ཅན་གྱི་འོད་དམར་པོ་གཡས་རྡོ་རྗེའི་གུར། བྱང་གི་གཡོན་ལོགས་སུ་རྡོ་རྗེ་སྙིང་པོ་སྔོ་སྐྱ་གཡས་རྡོ་རྗེ་དང་བཅས་པའི་ཨུཏྤལ་སྔོན་པོ། བློ་གྲོས་མི་ཟད་པ་དཀར་པོ་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ། གཡས་ལོགས་སུ་སྤོབས་པ་བརྩེགས་པ་དཀར་པོ་གཡས་ཆུ་སྐྱེས་ལ་གནས་པའི་རིན་པོ་ཆེ་བརྩེགས་པ། ཀུན་བཟང་གསེར་མདོག་གཡས་རིན་པོ་ཆེའི་སྙེ་མ། གཡོན་ཐམས་ཅད་ཁུ་ཚུར་དཀུར་བརྟེན་པ། མེར་མེ་ཏོག་མ་དཀར་མོ། བདུག་སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་ཆབ་མ་ལྗང་ཁུ། ཕྱག་གཉིས་ཀྱིས་རང་མིང་གི་མཆོད་པ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ། ལྷོར་རྡོ་རྗེ་ཞགས་པ་སྔོན་མོ་ཞགས་པ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་མོ་ལྕགས་སྒྲོག བྱང་དུ་རྡོ་རྗེ་འབེབས་མ་ལྗང་ཁུ་རྡོ་རྗེའི་དྲིལ་བུ། གཙོ་འཁོར་དེ་ཐམས་ཅད་ལྷའི་གོས་སྣ་ཚོགས་པ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན་སྣ་ཚོགས་པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པ། པདྨའི་འཕྲེང་བས་ཡོངས་སུ་བསྐོར་བའི་འཁོར་ཡུག་གི་ནང་དུ། དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་གྱིས། གླང་ལ་མགྲིན་སྔོན་ཅན་དམར་པོ་མཆོད་ཕྱིར་ཐོགས་པ་ཅན་གཡས་གཉིས་རྡོ་རྗེ་དང་མཆོད་སྦྱིན། གཡོན་གཉིས་རྩེ་གསུམ་དང་རལ་གྲི། ནམ་མཁའ་ལྡིང་ལ་ཁྱབ་འཇུག་ནག་པོ་གཡས་རྡོ་རྗེ་དང་དབྱུག་ཐོ། །གཡོན་གཉིས་དུང་དང་འཁོར་ལོ། ཕྱག་མཚན་དེ་དང་འདྲ་བའི་གསེར་གྱི་རྡོ་རྗེ་མ་གསེར་མདོག་ཅན། རྨ་བྱ་ལ་རྡོ་རྗེ་དྲིལ་བུ་གདོང་དྲུག་པ་དམར་པོ་གཡས་གཉིས་ཁྱིམ་བྱ་དང་དྲིལ་བུ། དེ་དང་མཚུངས་པའི་རྡོ་རྗེ་དྲིལ་བུ་གཞོན་ནུ་མ། ངང་པ་ལ་སྒྲ་རྡོ་རྗེ་སེར་པོ་ཞལ་བཞི་གཡས་གཉིས་རྡོ་རྗེ་དང་ཟླ་བའི་འཕྲེང་བ་གཡོན་གཉིས་དབྱུག་པ་དང་སྤྱི་བླུགས། དེ་དང་མཚུངས་པའི་རྡོ་རྗེ་ཞི་བ་མ། གླང་པོ་ཆེ་མཆེ་བ་དྲུག་པ་དང་ཟླ་བ་ལ་རྡོ་རྗེ་མཚོན་ཆ་དཀར་པོ་རོལ་པའི་ཀུན་ཏུ་བསྐྱོད་པས་གནས་པ་གཡས་རྡོ་རྗེ། གཡོན་རྡོ་རྗེ་དཀུར་བརྟེན་པ། དེ་དང་མཚུངས་པའི་རྡོ་རྗེ་ཁུ་ཚུར་མ། རྟ་བདུན་གྱི་ཤིང་རྟ་ལ་རྡོ་རྗེ་འཁྱིལ་པ་དམར་པོ་ཁྲོས་པ་གཡས་པདྨ་དང་གཡོན་པདྨ་ལ་གནས་པའི་ཉི་དཀྱིལ། དེ་དང་མཚུངས་པ་རྡོ་རྗེ་བདུད་རྩི་མ། ངང་པ་ལ་རྡོ་རྗེ་དཀར་པོ་ཁྲོ་བ་གཡས་རྡོ་རྗེ། གཡོན་པདྨ་ལ་གནས་པའི་ཟླ་བ། དེ་དང་མཚུངས་པའི་རྡོ་རྗེ་འོད་དཔག་མ། ར་ལ་རྡོ་རྗེ་དམར་སེར་ཁྲོ་བོ་གཡས་རྡོ་རྗེ་དཀར་པོ། གཡོན་མི་གཟུང་ནས་ཟ་བ། དེ་དང་མཚུངས་པའི་རྡོ་རྗེ་སྐ་རགས་མ། པདྨ་ལ་རྡོ་རྗེ་ཞི་བ་ཁྲོ་བོ་སེར་པོ་གཡས་མདའ། གཡོན་གཞུ། དེ་དང་མཚུངས་པའི་རྡོ་རྗེ་ཞི་བ་མ། སྦལ་པ་ལ་རྡོ་རྗེ་བླ་མ་ཁྲོ་བོ་སེར་པོ་གཡས་བགྲང་འཕྲེང་། གཡོན་སྤྱི་བླུགས། དེ་དང་མཚུངས་པའི་རྡོ་རྗེ་བླ་མ་མ་པདྨ་ལ་རྡོ་རྗེ་པ་བ་སངས་ཁྲོ་བོ་དཀར་པོ་གཡས་བགྲང་འཕྲེང་དང་གཡོན་སྤྱི་བླུགས། དེ་དང་མཚུངས་པའི་རྡོ་རྗེ་པ་བ་སངས་མ། རུས་སྦལ་ལ་རྡོ་རྗེ་དབྱུག་པ་ཁྲོ་བོ་ནག་པོ་གཡས་པ་ན་དབྱུག་པ། དེ་དང་མཚུངས་པའི་རྡོ་རྗེ་དབྱུག་པ་མ། རྡོ་རྗེ་སྒྲ་གཅན་ཁྲོ་བོ་དམར་ནག་གཡས་ཟླ་བའི་དཀྱིལ་འཁོར། གཡོན་ཉི་མ། དེ་དང་མཚུངས་པའི་རྡོ་རྗེ་ལྷ་མིན་མོ། །རྡོ་རྗེ་མཇུག་རིང་ཁྲོ་བོ་ནག་པོ་གཡས་རལ་གྲི། གཡོན་སྦྲུལ་ཞགས། དེ་དང་མཚུངས་པའི་རྡོ་རྗེ་གླུ་མ། གླང་པོ་ཆེ་ལ་རྡོ་རྗེ་གླང་དཀར་པོ་གཡོན་གཤོལ་རྡོ་རྗེ་དུལ་བ་མ་གཡོན་ཁཊྶཱཾ་ག་འཛིན་པ་ལ་གཞན་དེ་བཞིན། བྱ་ཀོ་ཀ་ལའི་ཤིང་རྟ་ལ་རྡོ་རྗེ་འཕྲེང་བ་ཅན་ལྗང་ཁུ་གཡོན་མེ་ཏོག་གི་འཕྲེང་བ། རྡོ་རྗེ་གདན་མ་གཡོན་དུང་འཛིན་པ་གཞན་དེ་བཞིན། ནེ་ཙོའི་ཤིང་རྟ་ལ་རྡོ་རྗེ་དབང་ཅན་སེར་པོ་གཡོན་ཆུ་སྲིན་གྱི་རྒྱལ་མཚན། རྡོ་རྗེ་དབང་ཅན་མ་སྐུ་མདོག་དམར་མོ་གཞན་དེ་བཞིན། སྦལ་པ་ལ་རྡོ་རྗེ་རྣམ་པར་རྒྱལ་མ་དཀར་མོ་གཡོན་རལ་གྲི། རྡོ་རྗེ་གདན་མ་གཞན་དེ་བཞིན་ལ་མེ་ཏོག་འཛིན་པ། རྡོ་རྗེ་གཏུན་ཤིང་སེར་པོ་གཡས་དབྱུག་ཐོ་གཡོན་གཏུན་ཤིང་། རྡོ་རྗེ་ཕོ་ཉ་མོ་གཡོན་ཁཊྶཱཾ་ག་འཛིན་པ་གཞན་དེ་བཞིན། ར་ལ་རྡོ་རྗེ་མེ་དམར་པོ་གཡས་གཉིས་རྡོ་རྗེ་དང་གོ་ཆ། གཡོན་གཉིས་དབྱུག་ཐོ་དང་སྤྱི་བླུགས། རྡོ་རྗེ་འབར་མ་དེ་བཞིན། མ་ཧེ་ལ་རྡོ་རྗེ་ནག་པོ་གཡོན་ལྕགས་ཀྱུ། རོ་ལངས་རྡོ་རྗེ་མ་ནག་མོ་གཡོན་ཁཊྶཱཾ་ག ཀླུ་ལྷག་མ་ལ་རྡོ་རྗེ་ལྕགས་ཀྱུ་སྔོན་པོ། ཕག་ཞལ་གཡོན་ལྕགས་ཀྱུ། མི་ལ་རྡོ་རྗེ་གདོང་མ་གཡོན་རལ་གྲི། ཆུ་སྲིན་ལ་རྡོ་རྗེ་ཀླུ་དཀར་པོ་སྦྲུལ་མགོ་བརྒྱད་དང་ལྡན་པ་གཡོན་རྡོ་རྗེས་མཚན་པའི་ཆུ་སྲིན། རི་དྭགས་ལ་རྡོ་རྗེའི་རླུང་སྔོན་པོ་གཡོན་རླུང་སྒྲིབ་པའི་གོས་འཛིན་པ། རྡོ་རྗེ་ཤུགས་ཅན་མ་དེ་བཞིན། རོ་ལངས་རྡོ་རྗེ་འཇིགས་བྱེད་སྔོན་པོ་གཡོན་དབྱུག་པ། རྡོ་རྗེ་རྣམ་པར་གཙིགས་མ་གཡོན་ཞགས་པ་འཛིན་པ་གཞན་དེ་བཞིན། བྱི་བ་ལ་རྡོ་རྗེ་ལོག་འདྲེན་དཀར་པོ་གླང་པོ་ཆེའི་ཞལ་གཡས་གཉིས་རྡོ་རྗེ་དང་དགྲ་སྟ། གཡོན་གཉིས་རྩེ་གསུམ་དང་དབྱུག་ཐོ་སྦྲུལ་གྱི་མཆོད་ཕྱིར་ཐོགས། བྲ་བ་བྱི་བ་ལ་སྤྲུལ་མ་སྔོན་མོ་གཡོན་ཕྱགས་ཤིང་། དབྱངས་ཅན་མ་དཀར་མོ་གཡོན་པི་ཝཾ། སེང་གེ་བགྲོད་དཀའ་མ་ལྗང་ཁུ་གཡས་གཉིས་རྡོ་རྗེ་དང་འཁོར་ལོ། གཡོན་གཉིས་ལྡེ་མིག་དང་རལ་གྲི། ཐམས་ཅད་ཀྱི་གཡས་རྡོ་རྗེ། ནུབ་ཏུ་རྡོ་རྗེ་ཀླུ་དང་ཉེ་བར་པདྨ་ལ་གནས་པའི་ལྷ་མོ་གསེར་གྱི་མདོག་ཕྱག་གཉིས་བདུད་རྩིའི་བུམ་པ། ལྷ་མ་ཡིན་རྣམས་མདོག་སྣ་ཚོགས་པ་གོ་བགོས་ནས་རལ་གྲི་འཛིན་པ་རས་བལ་གྱི་གདན་འཇམ་པ་ལ་གནས་པ་ཀླུ་རྣམས་ནོར་བུ་དང་ལྡན་པའི་གདེངས་ཀ་ཅན་བཙུན་མོ་དང་བཅས་པ་ཐལ་སྦྱར། ཁོར་ཡུག་གི་ཕྱིའི་མེར་དམྱལ་བ། བདེན་བྲལ་དུ་ཡི་དྭགས། རླུང་དུ་དུད་འགྲོ། དབང་ལྡན་དུ་མིའི་འགྲོ་བ་རྣམས་སོ།། །། གཙོ་བོའི་ཐུགས་ཀར་ཟླ་བ་ལ་མཱུྃཿདེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏ་ེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། སྙིང་པོ། ཨོཾ་ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་པ་རི་ཤོདྷ་ན། རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀ་སཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུད་དྷེ་བི་ཤུད་དྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། འཕྲེང་སྔགས། རྡོ་རྗེ་འབེབས་པའི་སྔགས། ཨོཾ་སརྦ་བིཏ་ཨ་པཱ་ཡ་ག་ཏི་མ་ཧཱ་ན་བྷི་ཤོདྷ་ན་ཧཱུཾ་ཕཊ྄། ལས་ཐམས་ཅད་པའོ། །འབྱུང་པོ་འདུལ་བྱེད་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་རི་རབ་ཀྱི་སྟེང་ན་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་དབུས་སུ་གླང་པོ་ཆེའི་རྒྱལ་པོ་དེའི་སྟེང་དུ་སྣ་ཚོགས་པད་ཟླ་ལ། བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་དྲག་པོ་ཆེན་པོ་སྐུ་མདོག་སྔོན་པོ་ཐོད་པ་ལྔས་ཚན་པའི་ཅོད་པན་ལ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན། སྐྲ་དམར་སེར་གྱེན་དུ་བཅིངས་པ། གོས་སྔོན་པོ་གྱོན་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དམར་པོ་སྒེག་པའི་བགད་མོ་མཛད་པ། ཕྱག་གཡས་རྡོ་རྗེ་སྔོན་པོ་འཇིགས་པར་གསོར་ཞིང་། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ལྷག་མའི་ཕྱག་གཉིས་ཀྱིས་རང་གི་ཕྱག་རྒྱ་མཛད་པ་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། འབྱུང་པོ་གཞན་གྱིས་མི་ཐུབ་པ་དཀར་པོ་ཟླ་ཕྱེད་ཀྱིས་མཚན་པའི་རྡོ་རྗེ་ཅན། མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བ། ཐོད་པ་ལྔ་དང་སྦྲུལ་གྱི་མཆོད་ཕྱིར་ཐོགས། སྟག་གི་པགས་པས་སྨད་དཀྲིས་པ། ལག་པ་བཞི་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་རྩེ་གསུམ་འཛིན་པ། གཡོན་བརྐྱང་གིས་མནན་པ། འབར་བའི་འཕྲེང་བ་འཁྲུག་པ། ཤར་གྱི་རེ་མིག་ལ་གླང་དང་ཉི་མར་དབང་ཕྱུག་ཆེན་པོ་མཚན་མ་གྱེན་དུ་ལངས་པ་ཐོད་པ་ཅན་ཐལ་བའི་མདོག སྤྱན་གསུམ་པ། ཟླ་ཕྱེད་ཀྱིས་བརྒྱན་པའི་ཐོར་ཙུགས་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས། གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་རྩེ་གསུམ། ལྷོར་མཁའ་ལྡིང་དང་ཉི་མར་ཁྱབ་འཇུག་ནག་པོ་ཅོད་པན་དམར་པོ་ཅན་གཡས་གཉིས་རྔ་ཡབ་དང་དུང་། གཡོན་གཉིས་འཁོར་ལོ་དང་དབྱུག་པ། ནུབ་ཏུ་ངང་པ་དང་ཟླ་བའི་སྟེང་ཚངས་པ་དཀར་པོ་གདོང་བཞི་གཡས་གཉིས་བགྲང་འཕྲེང་དང་གདུགས། གཡོན་གཉིས་པདྨ་དང་སྤྱི་བླུགས། བྱང་དུ་རྨ་བྱ་དང་ཉི་མའི་སྟེང་དུ་སྨིན་དྲུག་གི་བུ། དམར་པོ་གཙུག་ཕུད་གསུམ་དང་ལྡན་པ་རྔ་ཡབ་དང་ཤཀྟི། དབང་ལྡན་དུ་བྲ་བ་བྱི་བ་ལ་ཚོགས་བདག་དཀར་པོ་གླང་པོ་ཆེའི་ཞལ་སྤྱན་གསུམ་སྤྱི་བོར་ཟླ་ཕྱེད་ཀྱིས་མཚན་པ། གཡས་གཉིས་ལ་ཕུག་དང་དགྲ་སྟ། གཡོན་གཉིས་རྩེ་གསུམ་དང་ཐོད་པ། མེར་ཉི་མ་ལ་ཉི་མ་དམར་མོ། ཕྱག་གཉིས་ཀྱིས་མཚོ་སྐྱེས་ལ་གནས་པའི་ཉི་དཀྱིལ། བདེན་བྲལ་དུ་ཤིང་རྟའི་སྟེང་དུ་ཉི་མ་ལ་གནས་པའི་སྒྲ་གཅན་དམར་ནག་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། མཆེ་བ་བཞི་གཙིགས་པ། ཞལ་གདངས་པ། ཕྱག་གཉིས་ཉི་ཟླར་བཅས་ཏེ་ཐལ་མོ་སྦྱར་བ། རླུང་དུ་ཟླ་བའི་སྟེང་དུ་དགའ་བྱེད་དབང་ཕྱུག་སེར་པོ་གར་བྱེད་ཅིང་སྤྱི་བོར་ཟླ་ཕྱེད་དང་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཌ་མ་རུ་དང་རྩེ་གསུམ། རིམ་པ་གཉིས་པའི་ཤར་དུ་དཔལ་མོ་དཀར་མོ་ཐུགས་ཀར་ཐལ་མོ་སྦྱར་བས་མེ་ཏོག་པདྨ། ལྷོར་ཐིག་ལེ་མཆོག་མ་དམར་མོ་གར་བྱེད་ཅིང་སྤོས་སྣོད། ནུབ་ཏུ་ཟླ་བ་མ་དམར་མོ་མར་མེ། བྱང་དུ་བཀའ་བཟློག་མ་སེར་མོ་གདེངས་ཀའི་ལག་པ་བཟློག་ནས་སྤྱི་བོར་བཞག་ནས་གར་བྱེད་པ། མེར་དཔལ་མོ་དྲིའི་དུང་ཕོར། བདེན་བྲལ་དུ་དབྱངས་ཅན་མ་ལྗང་ཁུ་པི་ཝཾ་སྒྲོག་པ། རླུང་དུ་མཛེས་མ་ནག་མོ་རིན་པོ་ཆེའི་ཕྲེང་བ། དབང་ལྡན་དུ་དབང་པོ་འབྱོར་མ་སེར་མོ་ཕྱག་ན་རྩེ་གསུམ། དེ་ཐམས་ཅད་ཟླ་བ་ལ་གནས་པ། རིམ་པ་གསུམ་པའི་ཤར་དུ་གླང་པོ་ཆེ་ས་སྲུང་དང་ཟླ་བར་བརྒྱ་བྱིན་སེར་པོ་མིག་སྟོང་དང་ལྡན་པ་རིན་པོ་ཆེའི་ཅོད་པན་ཅན་གཡས་པའི་སྐྱབས་སྦྱིན་གཡོན་པས་བརྟེན་པ། ལྷོར་མ་ཧེ་དང་ཉི་མར་གཤིན་རྗེ་ནག་པོ་གསུས་པ་འཕྱང་བ། སྤྱན་སྨིན་མ་སྨ་ར་ཐམས་ཅད་སེར་པོ་གོས་སེར་པོ་གྱོན་པ། ཐོད་པས་མཚན་པའི་དབྱུག་ཐོ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ། ནུབ་ཏུ་སྦྲུལ་དང་ཟླ་བར་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་དང་ལྡན་པ་མཆོག་སྦྱིན་དང་སྦྲུལ་ཞགས། བྱང་དུ་གནོད་སྦྱིན་གྱི་སྟེང་དུ་ལུས་ངན་པོ་སེར་པོ་ཤ་རྒྱས་ཤིང་གསུས་པ་འཕྱང་བ་རིན་པོ་ཆེའི་ཅོད་པན་ཅན་དབྱུག་ཐོ་དང་ནེའུ་ལེ་འཛིན་པ། མེར་ར་དང་ཉི་མར་མེ་ལྷ་དམར་པོ་རལ་པ་གསུམ་དང་ལྡན་པ་སྐྲ་དང་སྨ་ར་དམར་སེར་གསུས་པ་འཕྱང་བ་ཕྲག་པ་ལ་ཕྱག་ཚང་ཀུ་བ་བཏགས་པ་མཆོད་ཕྱིར་ཐོགས་པ་ཅན། གཡས་གཉིས་མཆོག་སྦྱིན་དང་བགྲང་འཕྲེང་། གཡོན་གཉིས་རྩེ་གསུམ་དང་སྤྱི་བླུགས། བདེན་བྲལ་དུ་རོ་ལངས་དང་ཉི་མར་སྲིན་པོ་ནག་པོ་སྨ་ར་དམར་སེར་རལ་གྲི་དང་མི་ཤས་གང་བའི་ཐོད་པ། རླུང་དུ་རི་དྭགས་དང་ཟླ་བ་ལ་རླུང་ལྷ་སྔོན་པོ་གཙུག་ཕུད་གསུམ་པ་ཕྱག་གཉིས་རླུང་རས། བྱང་ཤར་དུ་ངང་པ་དང་ཟླ་བ་ལ་དབང་ལྡན་དཀར་པོ་ཀུ་མུ་ཏ་ལ་གནས་པའི་ཟླ་བ་དང་མཆོག་སྦྱིན། རིམ་པ་བཞི་པའི་ཤར་དུ་སེང་གེའི་རྒྱལ་མཚན་འཛིན་མ་དཀར་མོ་མིང་གིས་མཚོན་པའི་ཕྱག་མཚན། ལྷོར་རྣམ་པར་རྒྱལ་མ་དམར་མོ་ལྕགས་ཀྱུ། ནུབ་ཏུ་པད་ལྡན་མ་སེར་དཀར་མདའ་གཞུ། །བྱང་དུ་ཆང་འཕྲོག་མ་དམར་མོ་ནོར་བུའི་རྒྱལ་མཚན། དབང་ལྡན་དུ་མཆོག་འཕྲོག་མ་སེར་མོ་ཐུགས་ཀར་མེ་ཏོག་དང་བཅས་པའི་ཐལ་སྦྱར། མེར་རིན་ཆེན་དབང་ཕྱུག་མ་སེར་མོ་སྤོས་ཕོར། བདེན་བྲལ་དུ་རྒྱན་མ་ལྗང་ཁུ་དྲིའི་དུང་ཆོས། རླུང་དུ་འགྲོ་སྐྱོང་མ་སེར་མོ་མར་མེའི་མཆོད་སྡོང་། དེ་ཐམས་ཅད་ཟླ་བ་ལ་གནས་པ། འཁོར་གྱི་ལྷ་ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་ཅན་གོས་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། གཙོ་བོའི་ཐུགས་ཀར་ཉི་མ་ལ་ས་བོན་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཧཱུཾ་བཛྭ་ཕཊ྄། སྙིང་པོ། དེ་ཉིད་ལས་ཐམས་ཅད་པ་ཡང་ངོ་། གུར་རིགས་བསྡུས་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ། ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་འོད་ཟེར་གྱིས་འགེངས་པའི་གཞལ་ཡས་ཁང་། དེའི་དབུས་སུ་ཡང་གཞལ་ཡས་ཁང་ལྔ་ཚོམས་ཀྱི་དབུས་མ་ལ་མི་བསྐྱོད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ། རྩ་བའི་ཞལ་ནག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ་ཆེར་འཇིགས་པ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོང་ཐལ་ཀ དྲུག་པ་ན་མི་དམར་པོ། བདུན་པ་ན་སེང་གེ་སྔོན་པོ། བརྒྱད་པ་ནི་བྱི་ལ་གྭ་པ་རྣམས་གདོང་ནང་དུ་བསྟན་ཏེ་བསྣམས་པ། གཡོན་པའི་ཐོད་པ་བརྒྱད་གྱི་དང་པོ་ན་སའི་ལྷ་མོ་སེར་མོ། གཉིས་པ་ན་ཆུའི་ལྷ་མོ་དཀར་མོ། གསུམ་པ་ན་རླུང་གི་ལྷ་མོ་དུད་ཁ། བཞི་པ་ན་མེའི་ལྷ་མོ་དམར་མོ། ལྔ་པ་ན་ཟླ་བའི་ལྷ་མོ་དཀར་མོ། དྲུག་པ་ན་ཉི་མའི་ལྷ་མོ་དམར་མོ། བདུན་པ་ན་གཤིན་རྗེ་ནག་པོ། བརྒྱད་པ་ན་ནོར་བདག་སེར་པོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། ཐལ་མོ་སྙིང་ཀར་སྦྱར་བ་ཞལ་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པ་དང་། ཞབས་གཉིས་གཡོན་བསྐུམ་གཡས་བརྐྱང་བའི་གར་གྱིས་ཚུལ་གྱིས་ཚངས་པ་ཁྱབ་འཇུག་དྲག་པོ་ལྷ་དབང་སྟེ་བདུད་རྣམ་པ་བཞིའི་རང་བཞིན་གྱི་སྙིང་ཀ་མནན་པའི་ཉི་མ་ལ། དེའི་ཡུམ་མཱ་མ་ཀི་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང་། །སྐམ་པོ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ་ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཉི་མ་ལ་བཞུགས་པ། ཤར་དུ་གཽ་རཱི་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོར་ཙཽ་རཱི་མ་སེར་མོ་ཞགས་པ། ནུབ་ཏུ་བཻ་ཏ་ལི་དམར་མོ་ལྕགས་སྒྲོག བྱང་དུ་གྷསྨ་རཱི་ལྗང་ཁུ་དྲིལ་བུ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་རི་རབ། ཤར་ལྷོར་ཤ་ཝ་རཱི་དཀར་མོ་བྱང་སེམས་ཀྱིས་གང་བའི་བུམ་པ། ལྷོ་ནུབ་ཏུ་ཙཎྜྻ་ལཱི་སྔོན་མོ་མེ་ཐབ་གྲུ་གསུམ། ནུབ་བྱང་དུ་ཌོཾ་བི་ནཱི་ལྗང་ཁུ་རྒྱལ་མཚན། གཞལ་ཡས་ཁང་ཆེན་པོའི་ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག བྱང་སྒོར་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་བསྣམས་པ། ཤར་གྱི་གཞལ་ཡས་ཁང་དུ་རྣམ་སྣང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དཀར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དམར་བ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། རྨ་བྱ། མ་ཧེ། ཆུ་སྲིན། ཉ་ཉ་ཁྲབ་ཆེན། །རུས་སྦལ། ཀླུ་ལག་ལྡན། ངང་མོ་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། ད་བྱིད། སྦྲུལ་ཁྲ། །ནག དཀར་བ། བྱི་བ། འབྲི། བྱ་རྒོད། བཞད་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། ཤར་གྱི་འདབ་མ་ལ་རིམ་པ་དེ་ཉིད་ཀྱིས། སྐམ་པ་མ་དཀར་མོ་སྐམ་པ། ཞགས་ལྡན་མ་སེར་མོ་ཞགས་པ། ཉ་དོལ་མ་དམར་མོ་ཉ་རྒྱ། ལྕགས་ཀྱུ་མ་དམར་མོ་ལྕགས་ཀྱུ། མེ་ཏོག་མ་དཀར་མོ་མེ་ཏོག་གི་སྣོད། བདུག་སྤོས་མ་དུ་བའི་མདོག་ཅན་བདུག་སྤོས་ཀྱི་སྣོད། མར་མེ་མ་དམར་མོ་མར་མེའི་སྣོད། དྲི་ཆབ་སེར་མོ་དྲིའི་དུང་ཆོས། ལྷོའི་གཞལ་ཡས་ཁང་དུ་རིན་འབྱུང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་སེར་པོ། གཡས་ཞལ་སྔོ་བ། གཡོན་ཞལ་དཀར་བ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་། སྤྱན་རྩ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། བྱ་ཀ་ལན་ཏ་ཀ ངུར་པ། ལུག ཙ་ཀོ་ར། བྱི་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན། སྟོབས་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པད་བཟང་། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཡུམ་སྒྲོལ་མ་སེར་མོ། འདབ་མ་ལ་རིམ་པ་དེ་ཉིད་ཀྱིས། ཉི་ཕྱག་མ་དཀར་མོ་ཉི་མ། མར་མེ་མ་སྔོན་མོ་མར་མེ། རིན་ཆེན་སྐར་མདའ་མ་སེར་མོ་རིན་པོ་ཆེ། གློག་ཕྱག་མ་ལྗང་ཁུ་གློག་ཕྱག སྒེག་མོ་ལྗང་ཁུ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ། གླུ་མ་དམར་མོ་ཕྱག་གཉིས་ཏིང་ཏིང་ཤག གར་མ་ལྗང་ཁུ་ཕྱག་གཉིས་རྡོ་རྗེ་དང་བཅས་གར་བྱེད་པ། ནུབ་ཀྱི་གཞལ་ཡས་ཁང་དུ་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དམར་པོ། གཡས་ཞལ་ནག་པ། གཡོན་ཞལ་དཀར་བ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། དབུ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། དྲེད། བྱ་རྒོད། བསེ། བ་མེན། སྟག སྤྲེའུ། ཆུ་སྲིན། ལྕེ་སྤྱང་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན། ཁྭ་ཏ། འུག་པ། ཆུ་བྱ་དཀར་པོ། སེང་གེ བཞད། ར། ཀྲྀཥྞ་ས་ར། ཕག་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཡུམ་གོས་དཀར་མོ་དམར་མོ། འདབ་མ་ལ་རིམ་པ་དེ་ཉིད་ཀྱིས། པདྨ་མ་དཀར་མོ་པདྨ། ཆོས་འབྱུང་མ་སེར་མོ་ཆོས་འབྱུང་། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག རང་འཁྱུད་མ་ལྗང་ཁུ་སངས་རྒྱས་ཐམས་ཅད་ལ་རྗེས་སུ་ཆགས་པའི་ཕྱག་ན་རྡོ་རྗེ་ཐོད་པ་གཟུང་ནས་རང་ལ་འཁྱུད་པ། གླིང་བུ་མ་དམར་མོ་ཕྱག་གཉིས་ཀྱིས་གླིང་བུ་འབུད་པ། པི་ཝཾ་མ་སེར་མོ་པི་ཝང་བསྒྲེང་བ། མུ་ཀུན་ད་མ་དཀར་མོ་ཕྱག་གཉིས་ཀྱིས་རྔ་བརྡུང་བ། རྫ་རྔ་མ་ལྗང་ཁུ་ཕྱག་གཉིས་ཀྱིས་རྫ་རྔ་བརྡུང་བ། བྱང་གི་གཞལ་ཡས་ཁང་དུ་དོན་གྲུབ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་ལྗང་ཁུ། གཡས་ཞལ་ནག་པ། གཡོན་ཞལ་དཀར་བ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། དབུ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་། སྤྱན་རྩ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། གཟའ་ལྷག་པ། ཕུར་བུ། མཇུག་རིང་། སྒྲ་གཅན། མིག་དམར། པ་བ་སངས། སྤེན་པ། ཁྱབ་མཇུག་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། དབང་པོ། ཚངས་པ། དྲག་པོ། འདོད་ལྷ། ཐོད་པ་ཅན། གཅེར་བུ། ཐག་བཟང་རིས། སྟོབས་ལྡན་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཡུམ་སྒྲོལ་མ་ལྗང་ཁུ། འདབ་མ་ལ་རིམ་པ་དེ་ཉིད་ཀྱིས། རྡོ་རྗེ་སྒོ་ལྕགས་མ་དཀར་མོ་སྒོ་ལྕགས། ལྡེ་མིག་མ་སེར་མོ་ལྡེ་མིག སྒོ་འཛིན་མ་དམར་མོ་སྒོ་གླེགས། ཡོལ་འཛིན་མ་ནག་མོ་ཡོལ་བ། སྤྱན་མ་དཀར་མོ་འཁོར་ལོ། མ་མཱ་ཀཱི་སྔོན་མོ་རྡོ་རྗེ། གོས་དཀར་མོ་དམར་མོ་པདྨ། སྒྲོལ་མ་ལྗང་ཁུ་ཨུཏྤལ་སྔོན་པོ་བསྣམས་ཤིང་། གཡོན་དམིགས་བསལ་མེད་པ་རྣམས་སྡིགས་མཛུབ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཡུམ་བཞི་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་། གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ལྔ་པོ་གང་ཡང་རུང་བ་དབུས་སུ་བསྒོམས་ན་སོ་སོའི་དཀྱིལ་འཁོར་དུ་འགྱུར་རོ། །གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ལྷག་མའི་ས་བོན། ཨོཾ་ཏྲཾ་ཨ་ཁཾ། སྙིང་པོའི་སྔགས། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མ་ར་ད་མ་ར་ད། བཛྭ་ཌྷྭཱྀཀ་ཕཊ྄་སྭཱ་ཧཱ། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཏ་ཨེ་ེ་ཧི་ཛིཀ྄་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་བཛྭ་སུརྻ་ཏ་མོ་བི་ཏ་མ་ན་ས་མ་ཡ་ཧྶཾ་ཨ་ཧྃ་རཏྣ་ཌྷྭཱྀཀ་ཕཊ྄་སྭཱ་ཧཱ། ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ་ཧུ་ལུ་ཧུ་ལུ་ཨ་རོ་ལྀཀ྄་ཧཱུཾ་ཕཊ྄། ཨོཾ་ཕུ་ཕུ་ཧི་ཧི་པྲཛྙྱཱ་དྷྲྀཀ྄་ཕཊ྄་སྭཱ་ཧཱ། སྙིང་པོའོ། ན་མཿསམནྟ་བུདྡྷེ་བྷྱོ། ན་མཿབཛྭ་ཀྲོ་དྷ་ཡ་མ་ཧཱ་དཾཥྚོ་ཏ་ཨུ་ཏ་ཀ་ཊ་བྷཻ་ར་བཱ་ཡཱ། བཛྭ་སནྟོ་ཧ་དར་སཱ་ཡ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུཾ། ལས་ཐམས་ཅད་པའོ། །བདེ་མཆོག་འཁོར་ལོ་སྒྱུར་དྲུག་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས། དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་འོད་གསལ་བ་ལ་རབ་ཏུ་འཇུག་གོ། དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེའི་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་ཤར་གྱི་རྩིབས་ལ་རྡོ་རྗེ་དབྱུག་པ་སྔོན་པོ་སྔོ་སེར་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་རྡོ་རྗེ་ཐོ་བ། བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་སྔོ་ལྗང་བའི་ཞལ། ཕྱག་བཞིའི་དང་པོ་དབྱུག་པ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་དམར་དཀར་ལྗང་བའི་ཞལ། པདྨ་དམར་པོ། ལྷོར་རྡོ་རྗེ་འཁྱིལ་པ་ལྗང་ཁུ་ལྗང་དཀར་སེར་བའི་ཞལ་སྣ་ཚོགས་རྡོ་རྗེ། མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་དུད་ཁ་དང་སེར་ལྗང་བའི་ཞལ། ལྕགས་ཀྱུ། སྲིན་པོར་རྡོ་རྗེ་དུས་མཚན་དམར་པོ་དམར་སེར་ལྗང་བའི་ཞལ། དགྲ་སྟ། རླུང་དུ་ནག་པོ་ཆེན་པོ་སྔོན་པོ་སྔོ་སེར་ལྗང་བའི་ཞལ། ཏྲི་ཤུ་ལ་འཛིན་པ། དབང་ལྡན་དུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ་ནག་སེར་ལྗང་བའི་ཞལ། རལ་གྲི། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ་དཀར་སྔོ་ལྗང་བའི་ཞལ། འཁོར་ལོ། དེ་ཐམས་ཅད་ལྷག་མའི་ཕྱག་གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། གཡོན་གཉིས་ཐོད་པ་དང་ཁཊྶཱཾ་ག འོག་ཏུ་རྡོ་རྗེ་ས་འོག་སྔོན་པོ་སྔོ་སེར་ལྗང་བའི་ཞལ། རྡོ་རྗེ་གཏུན་ཤིང་དང་། གཉིས་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། གཡོན་གཉིས་ཀླུའི་ཞགས་པ་དང་སྡིགས་མཛུབ་དང་བཅས་པས་ཁཊྶཱཾ་ག ཐམས་ཅད་རྩ་བའི་ཕྱག་གིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ཞལ་མི་སྡུག་པར་གདངས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། འཇིགས་སུ་རུང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་ལ་ཟླུམ་པ། སྨིན་མ་གཡོ་བ། ཁྲོ་གཉེར་དང་བཅས་པ། དཔྲལ་བའི་སྟེང་དུ་ཐོད་པ་ལྔའི་འཕྲེང་བ་དང་། ཁྲག་འཛག་པའི་མི་མགོ་ལྔ་བཅུ་མགུལ་ནས་འཕྱང་བ། ཀླུ་བརྒྱད་ཀྱིས་བརྒྱན་ཅིང་ཉི་མ་ལ་ཕྱོགས་སྐྱོང་བརྒྱད། སྟེང་ཚངས་པ། འོག་ཐག་བཟང་རིས་བརྫིས་ཏེ་གཡས་བརྐྱང་གིས་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་པད་ཉི་ལ་གནས་པ། འཁོར་ལོ་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བ། དེའི་ལྟེ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་། དེའི་ནང་དུ་གཞལ་ཡས་ཁང་དྲུག་ཚོམས་ཀྱི་དབུས་མའི་ནང་དུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་དང་ལྡན་པ། ནོར་བུ་དང་། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་གཅེར་མོ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཁཊྶཱཾ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་ཅིང་། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁར་འཕྱར་བ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་ལ་འཁྱུད་པ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཤར་ནས་གཡོན་དུ་སྐོར་བའི་སྒོ་བཞིར། ཐོད་པའི་དུམ་བུ་དང་། ཀེད་རུས་ཆེན་པོ་དང་། ཀེང་རུས་དང་། མཆེ་བ་རྣམ་པར་གཙིགས་པ་རྣམས་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས། །རབ་ཏུ་གཏུམ་མོ་དང་། གཏུམ་པའི་མིག་ཅན་མ་དང་། འོད་ལྡན་མ། སྣ་ཆེན་མ། ཐལ་བ་དཀར་པོའི་མདོག་ཅན་རྣམས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། ཐོད་པ་འཛིན་མ་རྣམས་ལ་འཁྱུད་པ། རིམ་པ་བཞིན་དུ་མདུན་གྱི་གཞལ་ཡས་ཁང་དང་པོའི་ནང་དུ་སེང་གེའི་སྟེང་དུ་སྣ་ཚོགས་པད་ཟླ་ལ་ཚངས་པའི་སྙིང་ཁར་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་འཁོར་ལོ་སྡོམ་པ་རྣམ་པར་སྣང་མཛད་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་དང་ལྡན་པ། ནོར་བུ་དང་། སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐམས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། སྒོ་རྣམས་སུ་ལྷ་དགྲ་དང་། འོད་དཔག་མེད་དང་། རྡོ་རྗེའི་འོད་དང་། རྡོ་རྗེའི་ལུས་རྣམས་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ། དཔའ་བོའི་བློ་གྲོས་མ་དང་། མི་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་རྣམས་སེར་མོ་འཁོར་ལོ་དང་བཅས་པའི་སྡིགས་མཛུབ་འཕྱར་ཞིང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། དེ་ནས་གཡས་སུ་བསྐོར་བའི་གཞལ་ཡས་ཁང་གཉིས་པའི་དབུས་སུ་རྟའི་སྟེང་དུ་སྣ་ཚོགས་པད་ཉིར་ལྷའི་བུ་ཉི་མའི་སྙིང་ཀར་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་འཁོར་ལོ་སྡོམ་པ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་རིན་ཆེན་མཁའ་འགྲོ་མ་སེར་མོ་ལ་འཁྱུད་པ། སྒོ་བཞིར་མྱུ་གུ་ཅན་དང་། རྡོ་རྗེའི་རལ་པ་ཅན་དང་། དཔའ་བོ་ཆེན་པོ་དང་། རྡོ་རྗེ་ཧཱུཾ་མཛད་རྣམས་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པས་ས་སྲུང་མ། འཇིགས་བྱེད་ཆེན་མོ། རླུང་གི་ཤུགས་ཅན་མ། ཆང་འཐུང་མ་ལྗང་ཁུ་རིན་པོ་ཆེ་དང་བཅས་པའི་སྡིགས་མཛུབ་དང་། ཐམས་ཅད་གཡོན་ཐོད་པ་འཛིན་པ་རྣམས་ལ་འཁྱུད་པ། གཞལ་ཡས་ཁང་གསུམ་པའི་དབུས་སུ་རྨ་བྱའི་སྟེང་དུ་སྣ་ཚོགས་པད་ཉིར་དབང་ཕྱུག་ཆེན་པོའི་སྙིང་གར་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་འཁོར་ལོ་སྡོམ་པ་པདྨ་མཁའ་འགྲོ་སྐུ་མདོག་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་པདྨ་མཁའ་འགྲོ་མ་ལ་འཁྱུད་པ། སྒོ་བཞིར་རྡོ་རྗེ་བཟང་མོ་དང་། རྡོ་རྗེའི་འོད་དང་། འཇིགས་བྱེད་ཆེན་པོ་དང་། མིག་མི་བཟང་རྣམས་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་སྔོ་བསངས་ལྷ་མོ་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣ་མ་དང་། བྱ་གདོང་མ་དཀར་མོ་པདྨ་དང་བཅས་པའི་སྡིགས་མཛུབ་དང་། ཐམས་ཅད་གཡོན་ཐོད་པ་འཛིན་པ་རྣམས་ལ་འཁྱུད་པ། གཞལ་ཡས་ཁང་བཞི་པར་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མར་ཁྱབ་མཇུག་གི་སྙིང་ཀར་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་འཁོར་ལོ་སྡོམ་པ་རྡོ་རྗེ་མཁའ་འགྲོ་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པ། སྒོ་བཞིར་རིན་ཆེན་རྡོ་རྗེ། སྟོབས་པོ་ཆེ། རྟ་མགྲིན། ནམ་མཁའི་སྙིང་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པས་འཁོར་ལོའི་ཤུགས་ཅན་མ། དུམ་སྐྱེས་མ། ཆང་འཚོང་མ། འཁོར་ལོའི་གོ་ཆ་མ་སེར་མོ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། ཐམས་ཅད་གཡོན་ཐོད་པ་འཛིན་པ་རྣམས་ལ་འཁྱུད་པ། གཞལ་ཡས་ཁང་ལྔ་པའི་དབུས་སུ་མཁའ་ལྡིང་གི་སྟེང་དུ་སྣ་ཚོགས་པདྨ་ཉི་མར་ལྷའི་བུ་ཟླ་བའི་སྙིང་ཀར་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་འཁོར་ལོ་སྡོམ་པ་དོན་ཡོད་གྲུབ་པ་སྣ་ཚོགས་མཁའ་འགྲོ་སྐུ་མདོག་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་དྲིལ་བུ་འཛིན་པས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་ལ་འཁྱུད་པ། སྒོ་བཞིར་ཧེ་རུ་ཀ་དང་། པདྨ་གར་དབང་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའི་དྲིལ་བུ་འཛིན་པས་ཤིན་ཏུ་བཟང་མོ་དང་། སྟོབས་ཆེན་མ་དང་། འཁོར་ལོས་བསྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་སྔོ་སྐྱ་སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། ཐམས་ཅད་གཡོན་ཐོད་པ་འཛིན་པ་རྣམས་ལ་འཁྱུད་པ། དཔའ་བོ་ཉི་ཤུ་རྩ་བཞི་གཡས་བརྐྱང་གིས་གནས་པ། སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ་མཆོད་ཕྱིར་ཐོགས་པ་ཅན། མི་མགོ་རློན་པའི་འཕྲེང་བ་མགྲིན་པ་ལ་འཕྱང་བ། རལ་པ་ནག་པོའི་ཐོར་ཅོག་ཅན། དཀྱིལ་འཁོར་ཆེན་པོའི་ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་མོ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྣམས་རིམ་པ་བཞིན་ལྕགས་ཀྱུ། དྲིལ་བུ། ལྕགས་སྒྲོག ཞགས་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམ་མ་གཡས་ལྗང་གཡོན་སྔོ་བ། ཕྱག་གཡས་རྣམས་རིམ་པ་བཞིན་མེ་ལོང་། པི་ཝཾ། དྲིའི་དུང་ཆོས། ལྷ་མོ་ཐམས་ཅད་ཀྱིས་གཡོན་ཐོད་ཁྲག ཁཊྶཱཾ་ག ལྷ་མོ་རྣམས་གཅེར་བུ་སྐྲ་གྲོལ་ཞིང་མི་མགོ་སྐམ་པོའི་འཕྲེང་བ་མགུལ་ནས་འཕྱང་བ། ཐམས་ཅད་ཀྱང་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་ཕྱག་རྒྱ་ལྔས་སྤྲས་པ། གཡས་བརྐྱང་གིས་བཞུགས་པ། གཞལ་ཡས་ཁང་གི་མཚམས་སུ་སྣ་ཚོགས་པདྨ་ལ་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ། འཁོར་རྣམས་རང་རང་གི་དཀྱིལ་འཁོར་གྱི་བདག་པོ་དང་། འཁོར་ལོས་སྒྱུར་བ་ལྔ་པོ་དཀྱིལ་འཁོར་གྱི་གཙོ་བོ་ལ་མངོན་དུ་ཕྱོགས་པ། གཙོ་བོའི་ཐུགས་ཀར་ཉི་མ་ལ་བཾ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། བྷྲུཾ་ཨཱཾཿསྲཱིཿཧཱུཾ་ཁཾ། ལྷག་མའི་ས་བོན་ནོ། །ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྭ་སཏྭ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཨཱཿཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨ་ལ་ལ་བྷྲུཾ་ཨཱཿཧཱུཾཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཏྲཾ་ཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་སྲིཿཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཤྲཱི་བཛྭ་ཌཱ་ཀ་ཧཱུཾ་ཨཱཿཧཱུཾ་ཕཊ྄་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཤྲཱི་བི་ཤྭ་ཌཱ་ཀ་ཧོཿ ཁཾ་ཨཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ལས་ཐམས་ཅད་པ་ནི། ཨོཾ་ཁཾ་ཧཱུཾ་ཕཊ྄། དུས་ཀྱི་འཁོར་ལོ་ནི། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པས་དེའི་ཆེད་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་ཏུ་ངེས་པར་བྱས་ཏེ་ཐམས་ཅད་འོད་གསལ་བ་ལ་རབ་ཏུ་འཇུག་གོ །དེའི་ངང་ལས་སྐད་ཅིག་གིས་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེ་ནས་སྟེང་དུ་ཤིན་ཏུ་མཐོ་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེའི་གུར་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱིའི་སྟེང་དུ་རྡོ་རྗེ་མདའི་དྲྭ་བ་དང་ནང་དུ་རྡོ་རྗེ་བླ་རེ། བསྐལ་པའི་མཐའི་མེ་དང་འདྲ་བའི་འོད་ཟེར་གྱི་འཕྲེང་བ་ཀུན་ནས་འཕྲོ་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་གཡས་སུ་འཁོར་བའི་སྟེང་གི་རྩིབས་ལ་གཙུག་ཏོར་ཅན་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་ཅན་ཕྱག་དྲུག་གི་གཡས་ན་རྡོ་རྗེ་དང་། གྲི་གུག་དང་དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་། ཐོད་པ་དང་། ཚངས་མགོ་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ་སྔོ་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་དང་། གྲི་གུག་དང་དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་། ཐོད་པ་དང་ཚངས་མགོ་འཛིན་པ། ཤར་གྱི་རྩིབས་ནས་གཡས་བསྐོར་དུ་བགེགས་མཐར་བྱེད་ནག་པོ་ནག་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རལ་གྲི་དང་། གྲི་གུག་དང་རྩེ་གསུམ། གཡོན་ན་ཕུབ་དང་། ཐོད་པ་དང་། ཁཊྶཱཾ་ག་དཀར་པོ་འཛིན་པ། དབྱུག་སྔོན་ཅན་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ཕུབ་དང་སྦྲུལ་འཛིན་པ། ཤེས་རབ་མཐར་བྱེད་དམར་པོ་དམར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་མེའི་མདའ། རྡོ་རྗེའི་ལྕགས་ཀྱུ་དང་། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་དང་། རྡོ་རྗེ་ཞགས་པ་དང་། རིན་པོ་ཆེ་ཆ་དགུ་པ་འཛིན་པ། འདོད་རྒྱལ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ན་གཞུ་དང་ཞགས་པ་འཛིན་པ། པདྨ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་ཐོ་བ་དང་། མདུང་དང་། རྩེ་གསུམ་པ། གཡོན་ན་པད་དཀར་འདབ་མ་བརྒྱད་པ་དང་། མེ་ལོང་དང་། བགྲང་འཕྲེང་འཛིན་པ། མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་ཐོ་བ་ད་ང་། མདུང་། གཡོན་གཉིས་ན་པདྨ་དང་མེ་ལོང་འཛིན་པ། གཤིན་རྗེ་མཐར་བྱེད་སེར་པོ་སེར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་འཁོར་ལོ་དང་དབྱུག་པ་དང་། འཇིགས་བྱེད་རྡོ་རྗེ་གཡོན་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག་དང་། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། སྟོབས་པོ་སེར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ན་དུང་དང་རིན་པོ་ཆེ་འཛིན་པ། ཐམས་ཅད་ཀྱང་སྐྲ་དམར་སེར་གྱེན་དུ་བརྫེས་པ། རང་རིགས་ཅོད་པན་ཅན། སྦྲུལ་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་གདོང་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན་གཡས་བརྐྱང་གི་སྟབས་ཀྱིས་གནས་པ། དེའི་ལྟེ་བའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ་རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་ལྷུན་པོའི་སྟེང་དུ་སྣ་ཚོགས་པདྨ་ཟླ་ཉི་སྒྲ་གཅན་གྱི་གདན་ལ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་འོད་ཟེར་གྱིས་འགེངས་པའི་གཞལ་ཡས་ཁང་། སྐུ་གསུང་ཐུགས་ཀྱི་ཁང་པ་བརྩེགས་པའི་དབུས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ་སྔོ་དམར་དཀར་བའི་མགྲིན་པ་གསུམ་དང་ལྡན་པ། རྩ་ཞལ་སྔོན་པོ་དྲག་ཅིང་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་དང་བཅས་པ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་ནོར་བུ་དང་། རྡོ་རྗེ་རྣ་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུ་བུ་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་དར་དཔྱངས་དང་། རྡོ་རྗེ་འཕྲེང་བ་དང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གཡས་གཡོན་གྱི་ཕྲག་པ་མདུན་ནས་ནག་དམར་དཀར་བ་གསུམ་རེ་ལས་གཉིས་གཉིས་གྱེས་པའི་དཔུང་པ་དྲུག་དྲུག དེ་ལས་གཉིས་གཉིས་གྱེས་པའི་ཕྱག་བཅུ་གཉིས་བཅུ་གཉིས་རང་རང་དང་མདོག་མཚུངས་པ། ཕྱག་ཐམས་ཅད་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེའུ་ཆུང་ལྗང་ཁུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་འཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་སོར་གདུབ་རྣམས་ཀྱིས་མཛེས་ཞིང་། འོད་འཕྲོ་བ་གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་རྡོ་རྗེ་གཉིས་པར་རལ་གྲི། གསུམ་པར་རྩེ་གསུམ། བཞི་པར་གྲི་གུག དམར་པོ་བཞིའི་དང་པོར་མེའི་མདའ། གཉིས་པ་རྡོ་རྗེ་ལྕགས་ཀྱུ། གསུམ་པར་སྒྲ་དང་བཅས་པའི་ཌཱ་མ་རུ། བཞི་པར་ཐོ་བ། དཀར་པོ་བཞིའི་དང་པོར་འཁོར་ལོ། གཉིས་པར་མདུང་། གསུམ་པ་དབྱུག་པ། བཞི་པར་དགྲ་སྟ། གཡོན་གྱི་ནག་པོ་བཞིའི་དང་པོར་རྡོ་རྗེ་དྲིལ་བུ། གཉིས་པར་ཕུབ། གསུམ་པར་ཁཊྶཱཾ་ག་རྣམ་པར་རྒྱས་པ། བཞི་པར་ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིའི་དང་པོར་གཞུ། གཉིས་པར་རྡོ་རྗེ་ཞགས་པ། གསུམ་པར་རིན་པོ་ཆེ། བཞི་པར་པདྨ་དཀར་པོ། དཀར་པོ་བཞིའི་དང་པོར་དུང་། གཉིས་པར་མེ་ལོང་། གསུམ་པར་རྡོ་རྗེ་ལྕགས་སྒྲོག བཞི་པར་ཚངས་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་ཤིན་ཏུ་རོལ་པའི་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པ་དམར་པོའི་འོག་ཏུ་འདོད་ལྷ་དམར་པོ་གདོང་གཅིག་པ་ལག་པ་བཞི་པ། ལག་ན་མེ་ཏོག་གི་མདའ་ལྔ་དང་། གཞུ་དང་ཞགས་པ་དང་། ལྕགས་ཀྱུ་འཛིན་པ། གཡོན་པ་དཀར་པོའི་འོག་ཏུ་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ། ལག་པ་བཞི་པ་རྩེ་གསུམ་དང་། ཌཱ་མ་རུ་དང་། ཐོད་པ་དང་། ཁཊྶཱཾ་ག་འཛིན་པ། བདུད་དང་དྲག་པོའི་ལྷ་མོ་དགའ་མ་དང་ཨུ་མས་ཞབས་ཀྱི་མཐིལ་ལ་འཛིན་ཅིང་། གདོང་དམན་པར་བྱེད་བཞིན་པ། དེ་ལ་མདུན་ནས་འཁྱུད་པའི་སྣ་ཚོགས་ཡུམ་གསེར་མདོག་གཡས་བསྐོར་གྱིས་སེར་དཀར་སྔོ་དམར་བའི་ཞལ་བཞི་རེ་རེ་ལ་སྤྱན་གསུམ་གསུམ། ཕྱག་བརྒྱད་ཀྱི་གཡས་ཀྱིས་གྲི་གུག ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། བགྲང་འཕྲེང་། གཡོན་ན་ཐོད་པ། ཞགས་པ། པདྨ་དཀར་པོ་འདབ་མ་བརྒྱད་པ་དང་རིན་པོ་ཆེ་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་པ། དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་འཁོར་ལོའི་ཤར་དང་མེའི་འདབ་མར་ནག་མོ་འབར་མ་དུ་བ་མ་གཉིས་ནག་མོ་ནག་དམར་དཀར་སེར་བའི་ཞལ་ཅན། དང་པོའི་ཕྱག་བརྒྱད་ཀྱི་གཡས་སྤོས། ཙན་དན་གུར་ཀུམ། ག་བུར། གླ་རྩི་སྦྱར་བའི་སྣོད། གཡོན་དྲིལ་བུ། པདྨ། ལྷ་ཤིང་གི་མེ་ཏོག འཕྲེང་བ་འཛིན་པ། ལྷོ་དང་སྲིན་པོར་དམར་མོ་འབར་མ་དང་། སྨིག་སྒྱུ་མ། གཉིས་དམར་མོ་དམར་སེར་སྔོ་དཀར་བའི་ཞལ་ཅན། དང་པོའི་ཕྱག་བརྒྱད་ཀྱི་གཡས་མར་མེ། དོ་ཤལ། ཅོད་པན། གདུ་བུ། གཡོན་ན་བཟའ། སྐ་རགས། རྣ་རྒྱན། རྐང་གདུབ་འཛིན་པ། བྱང་དང་དབང་ལྡན་དུ་དཀར་མོ་འབར་མ་དང་མཁའ་སྣང་མ་གཉིས་དཀར་མོ་དཀར་ནག་སེར་དམར་བའི་ཞལ་ཅན། དང་པོའི་ཕྱག་བརྒྱད་ཀྱི་གཡས་འོ་མ། ཆུ་མཆོག་གི་སྨན། ཆང་གི་སྣོད། གཡོན་བདུད་རྩི། གྲུབ་པའི་བཅུད་ཨ་རུ་ར། ཟན་གྱི་སྣོད་འཛིན་པ། ནུབ་དང་རླུང་དུ་སེར་མོ་འབར་མ་དང་མར་མེ་མ་གཉིས་སེར་མོ་སེར་དཀར་དམར་སྔོ་བའི་ཞལ་ཅན། དང་པོའི་ཕྱག་བརྒྱད་ཀྱི་གཡས་དུང་། གླིང་བུ། ནོར་བུ། ཌཱ་མ་རུ། གཡོན་རྒྱུད་མང་། རྔ་། མཁར་རྔ་། ཟངས་དུང་། མཚམས་མ་ཐམས་ཅད་ཕྱག་བརྒྱད་ན་རང་རང་གི་མདོག་ཅན་གྱི་རྔ་ཡབ་འཛིན་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན་མཉམ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །ཟུང་བཞིའི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ། །བདེན་བྲལ་དུ་ཆོས་ཀྱིས་གཎྜྻཱི་དམར་པོ། མེར་ནོར་བུ་ནག་པོ། རླུང་དུ་དཔག་བསམ་གྱི་ཤིང་སེར་པོ། དོན་གྲུབ་སྤྱན་མས་འཁྱུད་པ། བདེ་གཤེགས་འཕར་མའི་ཤར་གྱི་ལིང་ཚེར། སྒྲོལ་མ་རྣམ་སྣང་གིས་འཁྱུད་པ་མེད། ཁྲོ་བོ་བགེགས་མཐར་བྱེད་རེངས་བྱེད་མས་འཁྱུད་པ་ཤར་སྒོར། ནམ་མཁའི་སྙིང་པོ་དྲི་རྡོ་རྗེ་མས་འཁྱུད་པ་ཤར་སྒོའི་གཡས་སུ། རེག་བྱ་རྡོ་རྗེ་མ་སྒྲིབ་པ་རྣམ་སེལ་གྱིས་འཁྱུད་པ་མེར། འཁྱུད་བྱ་ཐམས་ཅད་ནག་པོ་གཡས་བསྐོར་གྱི་ནག་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རལ་གྲི་དང་། གྲི་གུག་དང་རྩེ་གསུམ། གཡོན་ན་ཕུབ་དང་ཐོད་པ་དང་། ཁཊྶཱཾ་ག་དཀར་པོ་འཛིན་པ། འཁྱུད་བྱེད་ཐམས་ཅད་སེར་པོ་སེར་དཀར་ནག་པའི་ཞལ་ཅན། །ཕྱག་དྲུག་གི་གཡས་ན་འཁོར་ལོ་དང་། དབྱུག་པ་དང་། འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག་དང་། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། རིན་འབྱུང་མ་མ་ཱཀཱིས་འཁྱུད་པ་ལྷོའི་ལིང་ཚེར། གོས་དཀར་མོ་འོད་དཔག་མེད་ཀྱིས་འཁྱུད་པ་བདེན་བྲལ། ཁྲོ་བོ་ཤེས་རབ་མཐར་བྱེད་ཁེངས་བྱེད་མས་འཁྱུད་པ་ལྷོ་སྒོར། ས་སྙིང་གཟུགས་རྡོ་རྗེ་མས་འཁྱུད་པ་ལྷོ་སྒོའི་གཡས་སུ། རོ་རྡོ་རྗེ་མ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ་བདེན་བྲལ་དུ། འཁྱུད་བྱ་ཐམས་ཅད་དམར་པོ་དམར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་མེའི་མདའ་དང་། རྡོ་རྗེ་ལྕགས་ཀྱུ་དང་། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་དང་། རྡོ་རྗེ་ཞགས་པ་དང་། རིན་པོ་ཆེ་ཆ་དགུ་པ་འཛིན་པ། འཁྱུད་བྱེད་ཐམས་ཅད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་ཐོ་བ་དང་། མདུང་དང་། རྩེ་གསུམ་གཡོན་ན་པད་དཀར་འདབ་མ་བརྒྱད་པ་དང་། མེ་ལོང་དང་། བགྲང་འཕྲེང་འཛིན་པ། འོད་དཔག་མེད་གོས་དཀར་མོས་འཁྱུད་པ་བྱང་གི་ལིང་ཚེར། མ་མཱ་ཀཱི་རིན་འབྱུང་གིས་འཁྱུད་པ་དབང་ལྡན། ཁྲོ་བོ་པདྨ་མཐར་བྱེད་རྨུགས་བྱེད་མས་འཁྱུད་པ་བྱང་སྒོར། འཇིག་རྟེན་དབང་ཕྱུག་རོ་རྡོ་རྗེ་མས་འཁྱུད་པ་བྱང་སྒོའི་གཡས་སུ། གཟུགས་རྡོ་རྗེ་མ་སའི་སྙིང་པོས་འཁྱུད་པ་དབང་ལྡན་དུ། འཁྱུད་བྱ་ཐམས་ཅད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་ཐོ་བ་དང་། མདུང་དང་རྩེ་གསུམ་པ། གཡོན་ན་པད་དཀར་འདབ་མ་བརྒྱད་པ་དང་། མེ་ལོང་དང་། བགྲང་འཕྲེང་འཛིན་པ། འཁྱུད་བྱེད་ཐམས་ཅད་དམར་པོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་མེའི་མདའ། རྡོ་རྗེ་ལྕགས་ཀྱུ་དང་། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་དང་། རྡོ་རྗེ་ཞགས་པ་དང་། རིན་པོ་ཆེ་ཆ་དགུ་པ་འཛིན་པ། རྣམ་སྣང་སྒྲོལ་མས་འཁྱུད་པ་ནུབ་ཀྱི་ལིང་ཚེར། སྤྱན་མ་དོན་གྲུབ་ཀྱིས་འཁྱུད་པ་རླུང་དུ། ཁྲོ་བོ་གཤིན་རྗེ་མཐར་བྱེད་རབ་བརྩོན་མས་འཁྱུད་པ་ནུབ་སྒོར། སྒྲིབ་པ་རྣམ་སེལ་རེག་བྱ་རྡོ་རྗེ་མས་འཁྱུད་པ་ནུབ་སྒོའི་གཡས་སུ། དྲི་རྡོ་རྗེ་མ་ནམ་མཁའི་སྙིང་པོས་འཁྱུད་པ། རླུང་དུ། འཁྱུད་བྱ་ཐམས་ཅད་སེར་པོ་སེར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་འཁོར་ལོ་དང་། དབྱུག་པ་དང་། འཇིགས་བྱེད་རྡོ་རྗེ་གཡོན་ན་དུང་དང་། རྡོ་རྗེ་ལྕགས་སྒྲོག་དང་སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། འཁྱུད་བྱེད་ཐམས་ཅད་ནག་པོ་གཡས་བསྐོར་གྱི་ནག་དམར་དཀར་བའི་ཞལ་ཅན་ཕྱག་དྲུག་གི་གཡས་ན་རལ་གྲི་དང་གྲི་གུག་དང་རྩེ་གསུམ། གཡོན་ན་ཕུབ་དང་ཐོད་པ་དང་། ཁཊྶཱཾ་ག་དཀར་པོ་འཛིན་པ། ཕྱག་ན་རྡོ་རྗེ་སྒྲ་རྡོ་རྗེ་མས་འཁྱུད་པ་ལྷོ་སྒོའི་གཡོན་དུ། ཆོས་དབྱིངས་རྡོ་རྗེ་མ་ཀུན་ཏུ་བཟང་པོས་འཁྱུད་པ་ནུབ་སྒོའི་གཡོན་དུ། གཉིས་ལྗང་ཁུ་ལྗང་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་དང་། གྲི་གུག་དང་དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་། ཐོད་པ་དང་། ཚངས་མགོ་འཛིན་པ། ཀུན་ཏུ་བཟང་པོ་ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པ་ཤར་སྒོའི་གཡོན་དུ། སྒྲ་རྡོ་རྗེ་མ་ཕྱག་རྡོར་གྱིས་འཁྱུད་པ་བྱང་སྒོའི་གཡོན་དུ། གཉིས་སྔོན་པོ་སྔོ་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་དང་། གྲི་གུག་དང་། དགྲ་སྟ། གཡོན་ན་རྡོ་རྗེ་དྲིལ་བུ་དང་། ཐོད་པ་དང་ཚངས་མགོ་འཛིན་པ། སངས་རྒྱས་དང་སེམས་དཔའ་པདྨ་དཀར་པོ་དང་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཡུམ་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། གཤེགས་མ་དང་སེམས་མ་པདྨ་དམར་པོ་དང་ཟླ་བའི་གདན་གྱི་སྟེང་དུ་པདྨའི་གདན་གྱིས་བཞུགས་པ་ལ་ཡབ་རྡོ་རྗེའི་གདན་གྱིས་འཁྱུད་པ། ཐམས་ཅད་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། དོན་གྲུབ། རིན་འབྱུང་། རིན་འབྱུང་། འོད་དཔག་མེད། རྣམ་སྣང་། རྣམ་སྣང་། མི་བསྐྱོད་པའི་ཅོན་པན་ཅན། གཞན་རྣམས་ལ་རང་རིགས་ཀྱི་གཙོ་བོའི་ཕྱག་མཚན་གྱིས་རྒྱས་བཏབ་པ་ཡབ་ཕྱག་རྒྱ་དྲུག ཡུམ་རྣམས་ལ་ཕྱག་རྒྱ་ལྔས་བརྒྱན་ཅིང་ལྷ་རྫས་ཀྱི་ན་བཟས་མཛེས་པ། ཁྲོ་བོ་ཐམས་ཅད་ཀྱང་ནས་ཤམ་ཐབས་ཅན་ཞེས་པའི་བར་བསྲུང་འཁོར་བཞིན་པད་དཀར་ཉི་མའི་སྟེང་དུ་གཡས་བརྐྱང་གིས་བཞུགས་པ་ལ་ཁྲོ་བོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། བདེ་གཤེགས་བཞིའི་གཡོན་དང་གཡས་ཀྱི་ལིང་ཚེར། རྐང་དག་པའི་བུམ་པ་གཉིས་ཤར་དུ། ཁྲག་དག་པའི་བུམ་པ་གཉིས་ལྷོར། དྲི་ཆུ་དག་པའི་བུམ་པ་གཉིས་བྱང་དུ། དྲི་ཆེན་དག་པའི་བུམ་པ་གཉིས་ནུབ་ཏུ། ཁུ་བ་དང་རྡུལ་དག་པའི་བུམ་པ་གཉིས་སྟེང་འོག་ཏུ། པདྨའི་གདན་ལ་གནས་ཤིང་པདྨས་ཁ་བརྒྱན་པ། འདིར་འདབ་མའི་ལྷ་མོ་བརྒྱད་དང་། བུམ་པ་རྣམས་དང་ཆོས་ཀྱི་དུང་སོགས་བཞག་པ་ཉེར་ལྔའི་ལྷ་བསྒོམ་པར་ཡང་གསུངས་སོ། །གསུང་དཀྱིལ་གྱི་པདྨ་ཤར་མར་ཙརྩི་ཀ་དབང་པོས་འཁྱུད་པ་རོ་དམར་པོའི་སྟེང་གི་པདྨའི་ལྟེ་བར། འདབ་མར་གཡས་བསྐོར་གྱིས་འཇིགས་མ་དང་། དྲག་མོ་དང་དུས་ཀྱི་མཆེ་བ་མོ་དང་། མེ་འབར་གདོང་མ་དང་། རླུང་ཤུགས་མ་དང་། རབ་གཏུམ་མ་དང་། དྲག་ཅན་མ་དང་། སྣ་ཆེན་མས་བསྐོར་བ། ཐམས་ཅད་ནག་པོ་ཞལ་གཅིག་ཕྱག་བཞིའི་གཡས་ན་གྲི་གུག་དང་རྩེ་གསུམ། གཡོན་ན་ཐོད་པ་དང་ཁཊྶཱཾ་ག མེར་ཁྱབ་འཇུག་མ་ཚངས་པ་གདོང་བཞིས་འཁྱུད་པ་མཁའ་ལྡིང་གི་སྟེང་གི་པདྨའི་ལྟེ་བར། འདབ་མར་གཡང་མོ་དང་། སྒྱུ་མ་དང་། གྲགས་མ་དང་། དཔལ་མོ་དང་། རྣམ་པར་རྒྱལ་མ་དང་། དཔལ་ལྡན་རྒྱལ་མ་དང་། རྒྱལ་བྱེད་མ་དང་། དཔལ་ལྡན་འཁོར་ལོ་ཅན་མས་བསྐོར་བ། ཐམས་ཅད་ནག་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་འཁོར་ལོ་དང་། བེ་ཅོན། གཡོན་ན་པདྨ་དང་དུང་། ལྷོར་ཕག་མོ་དྲག་པོས་འཁྱུད་པ་མ་ཧེའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ཀེང་རུས་མ་དང་། དུས་མཚན་མ་དང་། རབ་ཏུ་ཁྲོས་པའི་གདོང་མ་དང་། དུས་ཀྱི་ལྕེ་དང་། གཙིགས་མ། ནག་མོ་དང་འཇིགས་རུང་མ་དང་། གཟུགས་ངན་མས་བསྐོར་བ། ཐམས་ཅད་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་དབྱུག་པ་དང་རལ་གྲི། གཡོན་ན་ལྕགས་སྒྲོག་དང་ཕུབ། བདེན་བྲལ་དུ་གཞོན་ནུ་མ་ཚོགས་བདག་གིས་འཁྱུད་པ་རྨ་བྱའི་སྟེང་གི་པདྨའི་ལྟེ་བ། འདམ་མར་པདྨ་དང་། ལུས་མེད་མ་དང་། གཞོན་ནུ་མ་དང་། རི་དྭགས་བདག་པོས་འགྲོ་མ་དང་། རིན་ཆེན་འཕྲེང་བ་མ་དང་། མིག་བཟང་མ་དང་། རུལ་མ་དང་། བཟང་མོས་བསྐོར་བ། ཐམས་ཅད་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་མདུང་ཐུང་དང་། ལྕགས་ཀྱུ། གཡོན་ན་རིན་པོ་ཆེ་དང་ཞགས་པ། བྱང་དུ་དྲག་མོ་གཤིན་རྗེས་འཁྱུད་པ་ཁྱུ་མཆོག་གི་སྟེང་གི་པདྨའི་ལྟེ་བར་འདབ་མར་གཽ་རཱི་མ་དང་། གངྒ་མ་དང་། རྟག་མ་དང་། མྱུར་མ་དང་། ཏོ་ཏ་ལ་དང་། མཚོན་བྱེད་མ་དང་། དམར་སེར་མ་དང་། ནག་མོས་བསྐོར་བ། ཐམས་ཅད་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་རྩེ་གསུམ་དང་། ཌཱ་མ་རུ། གཡོན་ན་ཁཊྶཱཾ་ག་དང་སྦྲུལ། དབང་ལྡན་དུ་དཔལ་ཆེན་མོ་གདོང་དྲུག་གིས་འཁྱུད་པ་སེང་གེའི་སྟེང་གི་པདྨའི་ལྟེ་བར་འདབ་མར་དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་དང་། རི་བོང་འཛིན་པའི་གདོང་མ་དང་། ངང་པའི་མདོག་མ་དང་། འཛིན་མ་དང་། པདྨའི་དབང་མོ་དང་། སྐར་མིག་མ་དང་། དྲི་མེད་རི་བོང་འཛིན་མས་བསྐོར་བ། ཐམས་ཅད་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་པདྨ་དང་། བགྲང་འཕྲེང་། གཡོན་ན་མེ་ཏོག་དང་རིན་པོ་ཆེ་ནུབ་ཏུ་དབང་མོ་བདེན་བྲལ་གྱིས་འཁྱུད་པ། གླང་པོ་ཆེའི་སྟེང་གི་པདྨའི་ལྟེ་བར་འདབ་མར་རྡོ་རྗེ་འོད་མ་དང་། རྡོ་རྗེའི་ལུས་མ་དང་། གསེར་ལྡན་མ་དང་། ཨུ་ར་བ་སཱི་དང་། བཀྲ་བའི་རི་མོ་དང་། རམྦྷ་དང་། ཟུག་རྔུ་མེད་མ་དང་། ཤིན་ཏུ་སྒྲོལ་མས་བསྐོར་བ། ཐམས་ཅད་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་རྡོ་རྗེ་དང་། མདའ། གཡོན་ན་དྲིལ་བུ་དང་གཞུ། རླུང་དུ་ཚངས་མ་གདོང་བཞི་ཁྱབ་འཇུག་གིས་འཁྱུད་པ་ངང་པའི་སྟེང་གི་པད་མའི་ལྟེ་བར། འདབ་མར་སཱ་བི་ཏྲཱི་དང་། པདྨའི་མིག་དང་། ཆུ་སྐྱེས་ཅན་མ་དང་། བློ་མ་དང་། ངག་གི་དབང་ཕྱུག་མ་དང་། ག་མ་ཏྲཱི་དང་། གློག་མ་དང་། བྲན་མས་བསྐོར་བ། ཐམས་ཅད་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་ན་པདྨ་དང་། ཚངས་པའི་དབྱུག་པ་དང་། གཡོན་ན་སྤྱི་བླུགས་དང་ལྷུང་བཟེད། གཙོ་མོ་རྣམས་ས་གའི་སྟབས་ཀྱིས་བཞུགས་ཤིང་དཀྱིལ་འཁོར་གྱི་གཙོ་བོ་ལ་མངོན་དུ་ཕྱོགས་པ་ཡབ་རྣམས་ས་གའི་སྟབས་ཀྱིས་འཁྱུད་པ། འཁོར་རྣམས་ནི་རོལ་པའི་སྟབས་ཀྱིས་བཞུགས་ཤིང་། ཐམས་ཅད་ཀྱང་སྤྱན་གསུམ་པ། རང་རིགས་ཀྱི་ཕྱག་རྒྱས་བཏབ་པའི་ཅོད་པན་སོགས་ལྷའི་རྒྱན་དང་གོས་ཀྱིས་སྤྲས་པ། སྐུའི་དཀྱིལ་འཁོར་གྱི་སྣམ་བུའི་ཤར་སྒོའི་གཡས་སུ་སྲིན་པོ་ཛྭྀ་རྡོ་རྗེ་མས་འཁྱུད་པ་རོ་དམར་པོའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ཉ་རྡོ་རྗེ་མ་སོགས་ནག་པ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་འདབ་མ་རིམ་པ་གསུམ་ལ་རིམ་པ་བཞིན་བསྐོར་བ་ཐམས་ཅད་ནག་པོ་ཞལ་གཅིག་ཕྱག་བཞི་པ་གཡས་རལ་གྲི་དང་གྲི་གུག གཡོན་ན་ཕུབ་དང་ཐོད་པ་འཛིན་པ། མེར་རླུང་ལྷ་ཛྭཱྀ་རྡོ་རྗེ་མས་འཁྱུད་པ། ཤ་བའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ཙཱ་རྡོ་རྗེ་མ་སོགས་ས་ག་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་ནག་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ན་དཔག་བསམ་གྱི་ཤིང་དང་ཡོངས་འདུ་བའི་མེ་ཏོག གཡོན་ན་ཨིནྡྲ་ནཱི་ལ་དང་ཨུཏྤལ་སྔོན་པོ་འཛིན་པ། ལྷོ་སྒོའི་གཡས་སུ་མེ་ལྷ་ཌྭཱྀ་རྡོ་རྗེ་མས་འཁྱུད་པ་ལུག་གི་སྟེང་གི་པདྨའི་ལྟེ་བར་འདབ་མར་ཎ་རྡོ་རྗེ་མ་སོགས་སྣོན་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་ཤཀྟི་དང་། དབྱུག་པ། གཡོན་ན་པདྨ་དང་། སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་གདོང་དྲུག་ཌྭཱྀ་རྡོ་རྗེ་མས་འཁྱུད་པ་རྨ་བྱའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ཊཱ་རྡོ་རྗེ་མ་སོགས་ཆུ་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་ན་མདུང་ཐུང་དང་མདུང་། གཡོན་ན་རིན་པོ་ཆེ་དང་། མེ་ལོང་འཛིན་པ། བྱང་སྒོའི་གཡས་སུ་ཆུ་ལྷ་བྲྀ་རྡོ་རྗེ་མས་འཁྱུད་པ་ཆུ་སྲིན་གི་སྟེང་གི་པདྨའི་ལྟེ་བར། འདབ་མར་མཱ་རྡོ་རྗེ་མ་སོགས་གྲོ་བཞིན་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ན་ཞགས་པ་དང་། རིན་པོ་ཆེ། གཡོན་ན་སྦྲུལ་ཞགས་དང་ཟླ་བ་ཆུ་ཤེལ་འཛིན་པ། དབང་ལྡན་དུ་ཚོགས་བདག་བྲཱྀ་རྡོ་རྗེ་མས་འཁྱུད་པ་བྱི་བའི་སྟེང་གི་པདྨའི་ལྟེ་བར། འདབ་དམར་སཱ་རྡོ་རྗེ་མ་སོགས་ཁྲུམས་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་དཀར་པོ་ཞལ་གཅིག་ཕྱག་བཞིའི་གཡས་ན་དགྲ་སྟ་དང་རྡོ་རྗེ། གཡོན་ན་ཞགས་པ་དང་། རིན་པོ་ཆེ། ནུབ་སྒོའི་གཡས་སུ་དབང་པོ་དྲཱི་རྡོ་རྗེ་མས་འཁྱུད་པ། གླང་པོ་ཆེའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ནཱ་རྡོ་རྗེ་མ་སོགས་ཐ་སྐར་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་རྡོ་རྗེ་དང་། མེའི་མདའ། གཡོན་དྲིལ་བུ་དང་གཞུ་འཛིན་པ། རླུང་དུ་ཚངས་པ་དྲཱི་རྡོ་རྗེ་མས་འཁྱུད་པ་ངང་པའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ཏཱ་རྡོ་རྗེ་མ་སོགས་སྨིན་དྲུག་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་ཁབ་དང་བགྲང་འཕྲེང་། གཡོན་ན་པདྨ་དང་། སྤྱི་བླུགས་འཛིན་པ། བྱང་སྒོའི་གཡོན་དུ་དྲག་པོ་ཥརའྀ་རྡོ་རྗེ་མས་འཁྱུད་པ་ཁྱུ་མཆོག་གི་སྟེང་གི་པདྨའི་ལྟེ་བར། འདབ་མར་ྈྐ་རྡོ་རྗེ་མ་སོགས་མགོའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རྩེ་གསུམ་དང་མདའ། གཡོན་ན་ཁཊྶཱཾ་ག སྦྲུལ་དང་བཅས་པའི་གཞུ་འཛིན་པ། ནུབ་སྒོའི་གཡོན་དུ་གནོད་སྦྱིན་ཥརའྀ་རྡོ་རྗེ་མས་འཁྱུད་པ་སེང་གེའི་སྟེང་གི་པདྨའི་ལྟེ་བར། འདབ་མར་སཱ་རྡོ་རྗེ་མ་སོགས་རྒྱལ་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་རིན་པོ་ཆེ་དང་། བེ་ཅོན། གཡོན་ན་ནེའུ་ལེ་དང་། པདྨ་འཛིན་པ། ཤར་སྒོའི་གཡོན་དུ་ཁྱབ་འཇུག་གྲྀ་རྡོ་རྗེ་མས་འཁྱུད་པ་ནམ་མཁའ་ལྡིང་གི་སྟེང་གི་པདྨའི་ལྟེ་བར། འདབ་མར་རྡོ་རྗེ་མ་སོགས་མཆུའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ་གཡས་ན་འཁོར་ལོ་དང་། དབྱུག་ཐོ། གཡོན་ན་པདྨ་དང་། སྐྱེ་བ་ལྔ་པའི་དུང་འཛིན་པ། ལྷོ་སྒོའི་གཡོན་དུ་གཤིན་རྗེ་གྲཱྀ་རྡོ་རྗེ་མས་འཁྱུད་པ་མ་ཧེའི་སྟེང་གི་པདྨའི་ལྟེ་བར། འདབ་མར་ཀཱ་རྡོ་རྗེ་མ་སོགས་དབོའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ན་དབྱུག་པ་དང་རལ་གྲི། གཡོན་ན་ལྕགས་སྒྲོག་དང་ཞགས་པ་འཛིན་པ། ཐམས་ཅད་ཀྱང་ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དཀྱིལ་འཁོར་གྱི་དབང་པོ་ལ་ཕྱོགས་པའི་ཚུལ་གྱིས་གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་ལྷ་མོ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་པ། གནོད་མཛེས་ལྟ་བུའི་ཤིན་ཏུ་སྔོན་མོས་འཁྱུད་པའི་གཙུག་ཏོར་ཅན་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་དགྲ་སྟ་དང་རྩེ་གསུམ། གཡོན་གཉིས་ན་སྦྲུལ་ཞགས་དང་ཁཊྶཱཾ་ག་འཛིན་པ་སྟེང་གི་ནམ་མཁའ་ལྡིང་ཨ་ནཱི་ལས་དྲང་བའི་ཤིང་རྟ་ལ། ཤར་སྒོར་སྟོབས་པོ་ཆེ་ལྟ་བུའི་འོད་ཟེར་ཅན་མས་འཁྱུད་པའི་དབྱུག་སྔོན་ཅན་ནག་པོ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ཕུབ་དང་སྦྲུལ་འཛིན་པ། ཕག་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ། ལྷོ་སྒོར་མི་གཡོ་བ་ལྟ་བུའི་ཙུནྡས་འཁྱུད་པའི་འདོད་རྒྱལ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ན་གཞུ་དང་ཞགས་པ་འཛིན་པ། རྟ་དམར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ། བྱང་སྒོར་འདོད་རྒྱལ་ལྟ་བུའི་ཁྲོ་གཉེར་ཅན་མས་འཁྱུད་པའི་མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཐོ་བ་དང་། མདུང་། གཡོན་གཉིས་ན་པདྨ་དང་། མེ་ལོང་འཛིན་པ་སེང་གེ་དཀར་མོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ། ནུབ་སྒོར་དབྱུག་སྔོན་ལྟ་བུའི་ལྕགས་སྒྲོག་མས་འཁྱུད་པའི་སྟོབས་པོ་ཆེ་སེར་པོ། ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་འཁོར་ལོ་དང་། དབྱུག་པ། གཡོན་གཉིས་ན་དུང་དང་། རིན་པོ་ཆེ་འཛིན་པ་གླང་པོ་ཆེ་སེར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ། གཙུག་ཏོར་ཅན་ལྟ་བུའི་དྲག་ཅན་མས་འཁྱུད་པའི་གནོད་མཛེས་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་གྲི་གུག་དང་རྡོ་རྗེ། གཡོན་གཉིས་ན་ཐོད་པ་དང་དྲིལ་བུ་འཛིན་པ། ས་འོག་ཏུ་སེང་གེ་རྐང་པ་བརྒྱད་པས་དྲངས་པའི་ཤིང་རྟའི་སྟེང་དུ། ཐམས་ཅད་སྐྲ་དམར་སེར་གྱེན་དུ་བརྫེས་པ། རང་རིགས་ཀྱི་ཅོད་པན་ཅན། སྦྲུལ་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་གདོང་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡས་བརྐྱང་གིས་སྟབས་ཀྱིས་གནས་པ་ལ་ཁྲོ་མོ་རྣམས་གཡོན་བརྐྱང་གིས་འཁྱུད་པ། སྐུའི་དཀྱིལ་འཁོར་གྱི་རྟ་བབས་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ་འབྱུང་བཞིའི་དཀྱིལ་འཁོར་ལ་སྟོབས་རྒྱུ་དང་། པདྨ་ནག་པོ་ལྕེ་སྤྱང་གདོང་མ་དང་། མཁའ་ལྡིང་གདོང་མས་འཁྱུད་པ་ཤར། ནོར་རྒྱས་དང་དུང་སྐྱོང་དམར་པོ། སྟག་གདོང་མ་དང་། འུག་གདོང་མས་འཁྱུད་པ་ལྷོར། རིགས་ལྡན་དང་མཐའ་ཡས་དཀར་པོ། ཕག་གདོང་མ་དང་བྱ་རྒོད་གདོང་མས་འཁྱུད་པ་བྱང་། འཇོག་པོ་དང་པདྨ་ཆེན་པོ་སེར་པོ། ཁྱི་གདོང་མ་དང་། བྱ་རོག་གདོང་མས་འཁྱུད་པ་ནུབ། ཐམས་ཅད་ཀྱང་སྦྲུལ་མགོ་ལྔ་པ། ཞལ་གཅིག་ཕྱག་བཞི་པ། གཡས་ན་བུམ་པ་དང་རྡོ་རྗེ། གཡོན་ན་པདྨ་དང་། རིན་པོ་ཆེ་འཛིན་པ་ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། རྡོ་རྗེའི་གདན་སའི་དཀྱིལ་འཁོར་གྱི་དབང་ལྡན་དུ་ཟླ་བ། བདེན་བྲལ་དུ་ཉི་མ། མེ་དང་རླུང་གི་དཀྱིལ་འཁོར་གྱི་མཚམས་ཤར་རྩེ་མོས་འབིགས་པའི་དུར་ཁྲོད་དུ་བསེའི་སྟེང་གི་འཁོར་ལོའི་ལྟེ་བར། ཁྱི་གདོང་མ་ནག་མོ། མེ་ལྷག་མ་ཟ་བའི་དུར་ཁྲོད་དུ་བྷེ་རུནྜའི་སྟེང་གི་འཁོར་ལོའི་ལྟེ་བར། བྱ་གདོང་མ་ནག་མོ། །ལྷོར་རོ་སྲེག་པའི་དུར་ཁྲོད་དུ། དོམ་གྱི་སྟེང་གི་འཁོར་ལོའི་ལྟེ་བར། ཕག་གདོང་མ་དམར་མོ། ལྷོ་ནུབ་མི་བཟད་པའི་གཡུལ་གྱི་དུར་ཁྲོད་དུ། ཁྲུང་ཁྲུང་གི་སྟེང་གི་འཁོར་ལོའི་ལྟེ་བར། བྱ་རྒོད་གདོང་མ་དམར་མོ་བྱང་རུལ་པ་དང་བཅས་པའི་དུར་ཁྲོད་དུ། འབྲིའི་སྟེང་གི་འཁོར་ལོའི་ལྟེ་བར། སྟག་གདོང་མ་དཀར་མོ། །དབང་ལྡན་བྱིས་པ་ཤི་བའི་དུར་ཁྲོད་དུ་བཤང་གདོང་གི་སྟེང་གི་འཁོར་ལོའི་ལྟེ་བར། འུག་གདོང་མ་དཀར་མོ། ནུབ་རྣག་གི་དྲིའི་དུར་ཁྲོད་དུ་སེང་གེའི་སྟེང་གི་འཁོར་ལོའི་ལྟེ་བར། ཅེ་སྤྱང་གདོང་མ་སེར་མོ། རླུང་སྦྲུལ་གྱིས་ཟོས་པའི་དུར་ཁྲོད་དུ། མིག་སྔོན་གྱི་སྟེང་གི་འཁོར་ལོའི་ལྟེ་བར། མཁའ་ལྡིང་གདོང་མ་སེར་མོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། །གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མགོ་བོའི་འཕྲེང་བ་འཕྱང་བ། ཟླུམ་པོའི་སྟབས་ཀྱིས་བཞུགས་པ། ཀླུས་འཁྱུད་པ། གཞན་ཡང་མ་མོ་དང་། ཀླུ་དང་། སྲིན་པོ་དང་། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཞིང་ཆེན་དང་། གཟའ་དང་། རི་བོ་དང་། མེ་ལྷ་དང་། མཆོད་རྟེན་དང་། རྣལ་འབྱོར་པ་དང་། རོ་དང་། ཅེ་སྤྱང་དང་། ལོ་དང་། ཟླ་བ་དང་། ཞག་དང་། དུས་ཀྱི་ལྷ་རྒྱུ་སྐར་དང་དགའ་བྱེད་དབང་ཕྱུག་དང་། དྲིལ་བུའི་རྣ་བ་ཅན་དང་། ནག་པོ་ཆེན་པོ་དང་། ཞིང་སྐྱོང་ཐམས་ཅད་དང་། ཕོ་ཉ་ཐམས་ཅད་དང་། འཕྲོག་མ་དང་། གྲུབ་པ་བྱེ་བ་ཕྲག་ཕྱེད་དང་བཞིས་གང་བ་ཅེས་པ་རླུང་གི་ནང་ཙམ་དུ་དགོད་པར་བཤད་དོ། །ཐུགས་ཀྱི་སྣམ་བུའི་ཁ་ཁྱེར་ལ་མཆོད་པའི་གཟུངས་མ། གསུང་ལ་འདོད་མ་སོ་དྲུག འདིར་དུར་ཁྲོད་ལ་དགོད་པར། སྐུའི་ལ་ཕྱིར་འདོད་མ་སུམ་ཅུ་སོ་དྲུག་སྟེང་འོག་གནས་པའི་ཀླུ་རྒྱལ་བ་རྣམ་རྒྱལ་དང་། རབ་གཏུམ་མ་སྔོན་མོ་རྡོ་རྗེའི་མིག་གཉིས་རྣམས་འཁོད་པར་གྱུར། ཐམས་ཅད་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ། གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུཾ་གིས་མཚན་པ། དེ་ལས་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག སླར་བསྡུ་བར་བྱས་པ་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར། ཨོཾ་ཨཱཿཧཱུཾ་ཧོཿཧཀྵམལཝརཡཾ་སྙིང་པོའོ། །འཇིགས་མེད་ཆུ་འཛིན་བཟང་པོ་དེས། རྒྱུད་སྡེ་རྒྱ་མཚོ་ནས་བླངས་པའི། །མངོན་རྟོགས་ཆར་གྱི་ཐར་དོད་གཞི། །དག་པར་རློན་འདི་པད་དཀར་དབྱར། །རྣལ་འབྱོར་རྫོགས་- པའི་འཕྲེང་བ་ཇི་ལྟ་བའི་མངོན་རྟོགས་འཛིན་བདེ་བར་སྦྱར་བ་ལེགས་བཤད་གཞན་ཕན་མཐའ་ཡས་པ་འདི། པདྨ་དཀར་པོས་བདུད་བཞི་འཇོམས་པའི་དམག་སྡེའི་དབུས། ཐུབ་བསྟན་ལང་ཚོ་བདོ་བའི་ཐང་། བྱམས་པ་ཆེན་པོའི་ཆོས་ཀྱི་གླིང་དུ་སྦྱར་བ་ཀུན་ཏུ་ཁྱབ་པར་གྱུར་ཅིག། །།

གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ།

གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ། །ལྷན་ཅིག་སྐྱེས་པ་གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ། མགོན་པོ་ཐམས་ཅད་མཁྱེན་པ་དཔལ་ངག་དབང་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བགྲོད་མིན་རྣམ་པ་ཐམས་ཅད་པ། གསུང་གི་རྡོ་རྗེ་འགྲོ་བ་རྣམས་ལ་རང་རང་སྐད་དུ་ཆོས་ནི་གོ་བར་སྟོན་བྱེད་ཉིད། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས་པ་སྟེ། དྲི་མེད་ནོར་ལྟར་དངོས་རྣམ་འཛིན་བྱེད་གང་ཡིན་ཡེ་ཤེས་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ཀྱི་མི་བཟད་སྡུག་བསྔལ་རྣམས་བསལ་ཏེ། བདེ་ཆེན་སངས་རྒྱས་ཉིད་ཐོབ་བྱ་ཕྱིར་བདག་གིས་འདིར། གསུང་རབ་དག་ལས་སྦས་པའི་སྒྲ་ཡིས་བཤད་པ་གང་། གསལ་བར་སྟོན་པ་ཀུན་ལས་བཏུས་པ་འདི་བརྩམ་མོ། །འདིར་སྡེ་སྣོད་རྣམས་ཀྱི་སྦས་པའི་དེ་ཁོ་ན་ཉིད། བྱིས་པའི་སྐྱེ་བོ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མན་ངག་གི་ཡན་གལ་སྒྲོན་མ་ལྟ་བུ་འདི་བཤད་པར་བྱ་སྟེ། དེ་ལ། ལམ་ངེས་པའི་མདོར་བསྡུས། རྒྱས་པར་བཤད་པའི་ངེས་པ། མཐར་ཕྱིན་པའི་དོན་བསྡུ་བ་དང་གསུམ་མོ། །དེ་ལས་དང་པོ་ནི། དེ་བཞིན་གཤེགས་པ་ཆོས་ཀྱི་འཕོང་གི་སློབ་དཔོན་མཁས་པ་དེ་ཉིད་ཀྱིས་ཆོས་ཀྱི་ཚུལ་སྣ་ཚོགས་ལ་འཇུག་པ་ཁམས་དང་། བསམ་པ་དང་། མོས་པ་ཐ་དད་པའི་སེམས་ཅན་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཅིག་ལས་ཐེག་པ་གསུམ་སྟོན་པར་མཛད་དོ། །དེ་ལ། །ཁ་ཅིག་འདི་སྐད་དུ། བདེ་བར་གཤེགས་པ་སེམས་ཅན་ལ་ལ་ལ་ཐེག་པ་ཆེན་པོ་སྟོན། །ལ་ལ་ལ་ནེ་རང་སངས་རྒྱས་ཀྱི་ཐེག་པ་སྟོན། ལ་ལ་ནི་ཉན་ཐོས་ཀྱི་ཐེག་པ་གསུམ་སྟོན་པར་མཛད་དོ། །དེ་ལྟ་ན། དེ་བཞིན་གཤེགས་པ་ནི། སེམས་ཅན་ཡོངས་སུ་མ་དག་༼༢ན༣༽པ་དང་། སེམས་མི་སྙོམས་པ་དང་། མངོན་པར་ཆགས་པ་དང་། ཉེ་ཚེ་བའི་སྙིང་རྗེ་དང་ལྡན་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་ཀྱིས་སྐྱོན་དུ་ལྟུང་བ་དང་། ཆོས་ཀྱི་དཔེ་མཁྱུད་བྱེད་པ་རྣམས་སུ་འགྱུར་རོ། །དེ་ལྟ་བས་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་གང་སྟོན་ཀྱང་རུང་། ཆོས་དེ་ཉིད་ཐེག་པ་ཆེན་པོ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐེག་པ་ཆེན་པོ་ལ་བབས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པ། ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་སྟེ། ཐེག་པ་ཐ་དད་པ་རྣམ་པར་བཤད་པ་མེད་དོ། །དེ་ལྟ་བས་ན་ཆོས་དེ་ཉིད་ངེས་པར་རྟོགས་པ་རྡོ་རྗེའི་ཚིག་གིས་བཤད་པ་ལ་འཇུག་པར་བྱ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འགྲོ་བ་དང་ནི་འཆག་པ་དང་། །ཉལ་དང་འདུག་པ་ཐམས་ཅད་དུ། །མཚན་མའི་རྣམ་པས་མི་གཡེང་བར། །ལྷན་ཅིག་སྐྱེས་པ་བལྟ་བར་གྱིས། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པའི་ངེས་པ་ལ་གསུམ་སྟེ། ཁོ་ན་ཉིད་བསྟན་པ་གཞིའི་ངེས་པ། སྒྲོ་འདོགས་གཅོད་པ་ལམ་གྱི་ངེས་པ། མངོན་དུ་བྱས་པ་འབྲས་བུའི་ངེས་པའོ། །དང་པོ་ནི། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་བརྩམས་སོ། །དེ་ནས་བཅོམ་ལྡན་འདས་གྱིས། །བསྐལ་བ་བྱེ་བ་རྣམས་སུ་ཡང་། དེ་ཉིད་བྲལ་བས་འགྲུབ་མི་འགྱུར། །ཞེས་དང་། ལྷ་མོ་བཞིས་ཞུས་པའི་རྒྱུད་ལས། ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་། གང་གི་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། །ཅེས་པས། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་བར་གསུངས་པ། དེ་བས་ན་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ན། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་གྱི་ངེས་པས་སོ། །དེ་ཡང་ཇི་ལྟར་ཞེ་ན། སྨྲས་པ། དངོས་པོ་དང་དངོས་པོ་མེད་པ་དང་། ཡིན་པ་དང་མ་ཡིན་པ་དང་། གཅིག་པ་དང་གཅིག་པ་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། སྲིད་པ་དང་༼༢བ༤༽མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་ཡིན་པ་དང་། སྒྲ་དང་སྒྲ་མ་ཡིན་པ་དང་། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང་། ཆགས་པ་དང་ཆགས་པ་མ་ཡིན་པ་དང་། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་། གཏི་མུག་དང་གཏི་མུག་མ་ཡིན་པ་སྟེ། དེ་དག་ལ་སོགས་པའི་ཕྱོགས་དང་བྲལ་བ་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ། རང་བཞིན་མེད་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་གང་གི་ཡིན་ཞེ་ན། །ཡང་དག་པ་གང་ཡིན་པའོ། །ཅིའི་ཕྱིར། ཡང་དག་པ་ཞེ་ན། མི་བསླུ་བས་སོ། །མི་བསླུ་བ་གང་ཞེ་ན། ཤིན་ཏུ་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། །དེ་ཡང་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་ཏེ། ཆོས་ཐམས་ཅད་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། འགྲོ་བ་དང་། རྒྱུ་བ་དང་། མཉམ་པ། དྲི་མ་མེད་པའི་ངོ་བོ་ཉིད། ལུས་དང་ངག་དང་ཡིད་དང་བྲལ་བ། མེད་པ་མ་ཡིན་པ། རྒྱུ་བ་མ་ཡིན་པ། མི་རྒྱུ་བ་མ་ཡིན་པ། ཐག་རིང་བ་མ་ཡིན། ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་མ་ཡིན་པ། འདི་ནི་དོན་དམ་པའི་བདེན་པའོ། །དེ་བས་ན། དེ་ནི་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རྐྱེན་ཅན་ནོ། །རྒྱུ་རྐྱེན་གྱིས་འབྱུང་བ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཁྲུལ་དང་། གཟུགས་བརྙན་ལྟར་སྣང་བ་དང་ལྡན་པ་སྒྱུ་མའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཀྱིས་ཚངས་པའི་གནས་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་ངུ་འབྲེལ་བར་འཇུག་པའི་རིམ་པ་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་༼༣ན༥༽པ་དེ་ནི་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། །གཉིས་པ་སྒྲོ་འདོགས་གཅོད་པ་ལ་མ་གྱི་ངེས་པ་ལ། ཐོས་བསམ་གྱིས་གཏན་ལ་འབེབས་པ་སྒྲོ་འདོགས་ཕྱི་ནས་གཅོད་པ་ཐུན་མོང་གི་ལམ། མན་ངག་གིས་གཏན་ལ་འབེབས་པ་སྒྲོ་འདོགས་ནང་ནས་གཅོད་པ་ཐུན་མོང་མ་ཡིན་པའི་ལམ་དང་གཉིས་སོ། །དེ་ལས། དང་པོ་ནི། བལྟ་བར་བྱ། ཞེས་པ་ཐོས་པ་དང་བསམ་པའི་སྒོ་ནས་སོ། །དེ་ཡང་། ཐོས་པ་གང་ཞེ་ན། འདི་ལྟ་སྟེ། ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་འདི་ཉིད་ཀྱི་དཔེར། དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་འགྱུར་ཏེ། ཆོས་མི་མཐུན་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་གྱི་དཔེ་བུམ་པ་དང་ཆོས་མི་མཐུན་པ་ནམ་མཁའི་མེ་ཏོག་ནི་མེད་པ་ཐམས་ཅད་ཀྱི་མེད་པ་དང་། དེ་བཞིན་ནམ་མཁའ་མེ་ཏོག་དང་ཆོས་མི་མཐུན་པ་བུམ་པ་དང་དངོས་པོ་ཐམས་ཅད་ཀྱི་ཡོད་པ་གཉིས་ཕན་ཚུན་ཆོས་མི་མཐུན་པའི་དཔེར་འགྱུར་རོ། །དེ་ལྟར་ཆད་པའི་མི་མཐུན་པ་དངོས་པོ་ཐམས་ཅད་ཀྱི་ཡོད་པ་དང་། སྲིད་པའི་མི་མཐུན་པ་ཆད་པ་མེད་པ་ཐམས་ཅད་ཀྱི་མེད་པའོ། །དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་དཔེར། བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་འགྱུར་ཏེ། ཆོས་ཐམས་ཅད་མི་མཐུན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་དེ་གཉིས་གཅིག་པ་མེད་དེ། ཕན་ཚུན་འགལ་བའི་ཕྱིར། གང་གི་གང་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང་། གང་མེད་པ་དེ་ཡང་ཡོད་པར་མི་འགྱུར་བ་སྟེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ། །གང་ཡོད་པའི་མཚན་ཉིད་དང་། མེད་པའི་མཚན་ཉིད་ཀྱིས་སེམས་སུ་གྱུར་པ་སྟེ། མེད་པ་དང་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ། འགལ་བའི་ཕྱིར། འདིར། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་པྲ་ཕབ་པ་ལྟ་བུ་ནི། གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། རྡུལ་ཕྲ་རབ་མེད་པའི་ཕྱིར་གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། སྟོང་པ་ལ་གཟུགས་ཡོད་པའི་ཕྱིར། དེས་ན་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་དང་། སྟོང་༼༣བ༦༽ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་དེ། འཇིག་རྟེན་པའི་དཔེ་ལས་འདས་པའི་ཕྱིར། སེམས་གང་ཡོད་པའི་སེམས་དེ་མེད་པ་དང་། རྟག་ཆད་ཀྱིས་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའོ། །འདི་ནི། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་ཀྱིས་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་སོ། །གཉིས་ཀ་ལའང་མི་གནས་ཏེ། ཕན་ཚུན་འགལ་བའི་ཕྱིར། དེ་གཉིས་གཅིག་པ་ཉིད་མ་ཡིན་ཏེ། ཉི་མ་དང་གྲིབ་མ་བཞིན། དེ་ནི་སྐྱེ་བ་མེད་པ། གནས་པ་མེད་པ། འཇིག་པ་མེད་པ་སྟེ། སྐད་ཅིག་གང་ལ་སྐྱེ་བར་འགྱུར་བའི་སྐད་ཅིག་དེ་ལ། གནས་པ་དང་འཇིག་པ་མེད་དོ། །སྐད་ཅིག་ལ་གནས་པའི་སྐད་ཅིག་དེ་ལ་སྐྱེ་བ་དང་འགག་པ་མེད་དོ། །སྐད་ཅིག་གང་ལ་འཇིག་པའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་རིམ་པ་ཅི་ལྟ་བ་བཞིན་ཆོས་ཐམས་ཅད་སྐད་ཅིག་སྐྱེ་བ་དང་། སྐད་ཅིག་གནས་པ་དང་། སྐད་ཅིག་འཇིག་པར་མི་འགྱུར་རོ། །ཅིག་ཅར་ཡང་མི་སྲིད་དེ། ཆོས་ཐམས་ཅད་དུས་གཅིག་ཏུ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་སྐད་ཅིག་རྣམས་གཅིག་པ་ཉིད་ཡོད་པ་མ་ཡིན་ནོ། །ཅི་སྟེ་རིམ་པ་ཅི་ལྟར་བར་སྐྱེ་བའི་སྐད་ཅིག་ལ་གནས་པའི་སྐད་ཅིག་དང་། དེ་ལས་འཇིག་འི་སྐད་ཅིག་དང་། དེ་ལས་སྐྱེ་བའི་སྐད་ཅིག་འབྱུང་ངོ་། །ཞེ་ན། དོན་དམ་པའི་རིགས་པས་མི་འཐད་དེ། སྐད་ཅིག་སྔ་མ་འགགས་པ་ལས་སྐད་ཅིག་གཞན་མི་འབྱུང་ཞིང་། དེ་བཞིན་དུ་འགགས་པས་ལས་ཀྱང་མི་འབྱུང་ངོ་། །དཔེར་ན། ས་བོན་མ་ཉམས་པ་ལས་མྱུ་གུ་འབྱུང་བ་དང་། ཉམས་པ་ལས་མི་འབྱུང་བ་བཞིན་ནོ། །དེ་ལྟར། དོན་དམ་པར་ནི་དངོས་པོ་མེད་པ་མེད་པའི་ཕྱིར་སྐད་ཅིག་མེད་ལ། གཅིག་དང་དུ་མ་འགལ་བས་སོ། །དེ་ཡང་སྐད་ཅིག་ཐམས་ཅད་མེད་པ། གཅིག་དང་དུ་མ་དང་བྲལ་བ། མཆོག་གི་གཉིས་སུ་མེད་པ་སྟེ། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་འདས། གཉིས་མེད་༼༤ན༧༽དངོས་དང་དམོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །ཞེས་གསུངས་པས་སོ། །འོ་ན་བསམ་པ་ཇི་ལྟར་ཞེ་ན། འདིར་སྨྲས་པ། མཚན་མའི་རྣམ་པས་མི་གཡེང་བར། ཞེས་པ་སྟེ། མཚན་མ་ནི། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཀུན་ཏུ་རྟོག་པ་དང་། སོ་སོར་རྟོག་པ་དང་། རྗེས་སུ་རྟོག་པའོ། །དེ་དག་ཀྱང་རིམ་པ་བཞིན། འདི་ལྟ་སྟེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་འཁྲུལ་བའི་ཤེས་པ་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆགས་སུ་འབྱུང་བ་དང་། ཤེས་པ་ཡུལ་དང་ཡུལ་ཅན། གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་སྒྲོ་བཏགས་ཤིང་། གཉིས་སུ་མངོན་པར་ཞེན་པ། ཨ་འཐས་པའི་གཉིས་འཛིན་གྱི་རྣམ་པ་ཅན་དང་། གྲངས་དང་རིས་སུ་མ་ཆད་པར་སྣ་ཚོགས་སུ་འཆར་ཞིང་། སྣ་ཚོགས་སུ་འཁྲུལ་པའི་སྒོ་མཐའ་ཡེས་པ་ཁམས་གསུམ་གྱི་སྣང་གྲགས་མཐའ་ཡས་པ་དང་། དེ་ཉིད་ཀྱི་སྟེང་དུ་སྐྱོན་ཡོན་གྱི་ཆ་མ་འདྲེས་པར་བླང་དོར་གྱི་གནད་རྣམས་ཚུལ་བཞིན་དུ་འཇལ་བ་དང་། ཤིན་ཏུ་ཕྲ་བའི་གནས་རྣམ་པར་འབྱེད་པའི་བློ་རྣམས་སོ། །རྣམ་པར་མི་གཡེང་བ་ནི། དེ་དག་འཁོར་བའི་གནས་ཚུལ་དུ་ཤེས་པས་འཇིག་པར་བལྟ་ཞིང་སྐྱོན་གྱི་རང་བཞིན་དུ་མངོན་པར་འདུ་ཤེས་ནས་དེ་དག་ལས་ཐར་པའི་དོན་དུ་གཉེར་བ་སྟེ། འཁོར་བ་དེ་ཉིད་དཔྱད་ན་བདེན་པའི་དངོས་པར་མ་གྲུབ་ཅིང་རང་བཞིན་གྱིས་མ་གྲུབ་པས་སྟོང་ཉིད་དུ་རྟོགས་པས་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། དེ་ལྟར་ཡོངས་སུ་ཤེས་པ་ལས་ནི་སྤངས་པར་བྱ་བའི་དངོས་པོ་རྡུལ་ཙམ་ཡང་མ་དམིགས་ཤིང་མཚན་མར་འཛིན་པའི་རྟོག་པ་ལས་གྲོལ་བས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། དངོས་པོའི་རྩོལ་བ་ཡོངས་སུ་ཟད་པ་དེ་དག་ལས་མངོན་པར་འདོད་པའི་དོན་༼༤བ༨༽བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་མེད་ཅིང་དེ་ལ་བརྟེན་ནས་ཡོངས་སུ་ཐོབ་པ་མེད་པས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་འཇུག་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་མ་དག་པའི་དྲི་མ་རང་བཞིན་གྱིས་མེད་པར་ཤེས་པས་ཡང་དག་པའི་དོན་སྙིང་པོའི་ཚུལ་དུ་རྟོགས་པར་ནུས་ཏེ། རང་བཞིན་དང་སྙིང་པོ་རྙེད་པ་ལས་ཉེ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ན། སྡེ་སྣོད་གསུམ་གྱི་ཚུལ་ལས། གཅིག་པུར་འགྲོ་ཞིང་རིང་དུ་རྒྱུ། ལུས་མེད་དབང་པོའི་ཕུག་ན་གནས། གདུལ་བར་དཀའ་བའི་སེམས་འདུལ་བྱེད། ཅེས་གསུངས་སོ། །གཉིས་པ་ནི། འགྲོ་བ་དང་ནི་འཆག་པ་དང་། ཉལ་དང་འདུག་པ་ཐམས་ཅད་དུ། ཞེས་པ་ནི། གང་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པའི་ཆོས་ཐམས་ཅད་ནི་དགེའོ། །ཞེས་བྱ་བའི་དོན་གྱི་དབང་ནི་གསལ་བར་བྱེད་པའོ། །དེ་ཡང་ཇི་ལྟར་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། མྱ་ངན་ལས་འདས་པ་སྟེ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱ་ཞེས་བྱ་བའི་མདོ་ལས། དེ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་སོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། ཆོས་ཆོས་ཞེས་བགྱི་བའི་ཆོས་དེ་གང་གི་ཚིག་བླ་དགས་ལགས། ཞེས་གསོལ་པ་དང་། བཀའ་སྩལ་པ། རིགས་ཀྱི་བུ་དག །ཆོས་ཆོས་ཞེས་བྱ་བ་དེ་ནི་འགྱུར་བ་མེད་ཀྱང་རྣམ་པར་རྟོག་པ་མེད་པའི་ཚིག་བླ་དགས་སོ། །གསོལ་པ། དེ་ཉིད་གང་གི་ལགས། དམིགས་པ་མེད་པའི་ཚིག་བླ་དགས་སོ། །དེ་གང་ལགས། མི་ཟད་པའི་ཚིག་བླ་དགས་སོ། །དེ་ཡང་མི་སྐྱེ་བའི། དེ་མི་འགོག་པའི། དེ་གདུང་བ་མེད་པའི། དེ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ཡང་ལྟ་བའི་རྣམ་པ་ཐམས་ཅད་ངེས་པར་རྟོགས་པར་འགྱུར་བ་དང་། ༼༥ན༩༽རྣམ་པར་རྟོག་པ་ཐམས་ཅད་ལས་འདའ་བར་འགྱུར་བ་དང་། འགྲོ་བ་ཐམས་ཅད་ལས་འདའ་བར་འགྱུར་བ་དང་། སྣ་ཚོགས་ལས་འདའ་བར་འགྱུར་བ་དང་། བདག་མེད་པར་འགྱུར་བ་དང་། འདོད་ཆགས་ཀྱི་རང་བཞིན་མེད་པར་འགྱུར་བ་དང་། ཆོས་ཐམས་ཅད་དེའི་རང་བཞིན་དུ་སྟོན་པ་རྣམས་ཀྱི་རྡོ་རྗེའི་ཚིག་གོ། །དེ་བས་ན། ཆོས་ཐམས་ཅད་ལ་བལྟོས་པ་མེད་པ་བསྒོམ་པར་བྱ་བ་སྟེ། གཟུགས་ལ་གནས་པར་མི་བྱ། ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་མ་ཡིན། སའི་ཁམས་ལ་མ་ཡིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་དང་། རླུང་གི་ཁམས་དང་། སྟོང་པའི་ཁམས་དང་། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་ཤེས་ཀྱི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་ཤེས་ཀྱི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་ཤེས་ཀྱི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་ཤེས་ཀྱི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་ཤེས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་རྣམས་ལ་གནས་པར་མི་བྱའོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་བསམ་པ་མེད་པ་ལ་གནས་པར་བྱ་བས་ཏེ། བླ་མ་དམ་པའི་བྱིན་རླབས་ཀྱི་དབང་གིས་སོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པར་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི། ཐམས་ཅད་མཁྱེན་པ་སྟེ། ཐམས་ཅད་གཟིགས་པ་ཉིད་དོ། །མཚན་མ་མེད་པའི་རྣམ་པར་ཐར་བས་༼༥བ༡༠༽རྣམ་པར་དག་པ་ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ། མཐའ་ཡས་པས་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི། པདྨའི་འདབ་མ་རྒྱས་པའི་སྤྱན་ཏེ། མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །ཞེས་བཤད་པ་དག་རྟོག་པའི་སྐད་ཅིག་ཉིད་ལ་མངོན་དུ་ཐོབ་པར་འགྱུར་རོ། །གསུམ་པ་མཐར་ཕྱིན་པའི་དོན་བསྡུ་བ་ནི། བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་། འབྲས་བུ་དག་གཉིས་སུ་མེད་པའོ། །རྒྱུ་འབྲས་གཉིས་སུ་མེད་པས་ན། ཐོབ་པ་དང་ཐོབ་པར་བྱ་བ་ཡང་གཉིས་སུ་མེད་དོ། །ཐོབ་བྱ་ཐོབ་བྱེད་གཉིས་སུ་མེད་པས། སྒོམ་པ་པོ་དང་། སྒོམ་པ་དང་། བསྒོམ་པར་བྱ་བ་གཉིས་སུ་མེད་པ་ཡིན་ནོ། །དེ་དག་གཉིས་སུ་མེད་པས་ན། སློབ་པ་དང་ཡོངས་སུ་རྫོགས་པ་དག་ལ་ཁྱད་པར་མེད་དོ། །འོན་ཀྱང་གནས་སྐབས་སུ་བསླབ་པ་དང་སློབ་པར་བྱེད་པ་དག་སྣང་སྟེ། རྒྱུ་དང་འབྲས་བུ་དག་ཀྱང་འབྱུང་བར་འགྱུར་རོ། །རྒྱལ་བའི་གསུང་མཆོག་མཆོག་ཏུ་ཟབ་པ་ཚུལ་བཞིན་བསྟན་པའི་དོན། །དོན་བཞིན་སྟོན་མཁས་མཁས་པའི་མན་ངག་ཡང་དག་ལམ་སྟེ་སྙིང་པོའི་གཞུང་། གཞུང་གི་རྒྱ་ས་འགྲེལ་འགྲེལ་པ་འདི་ནི་ཕན་དང་བདེ་བའི་དཔལ། དཔལ་ཡོན་མ་ལུས་ལུས་ཅན་ཀུན་གྱིས་ཐོབ་པའི་ཕྱིར་དུ་བཤད། ཐུབ་༼༦ན༡༡༽དབང་བསྟན་ལ་བྱ་བ་བྱེད་པའི་མཁས་གྲུབ་རྣམས་ནི་སྟོན་དུས་བྱ་བཞིན་སོ་སོར་གྱེས། རྣམ་དཔྱོད་གསལ་ལྡན་རབ་བྱུང་རྣམས་ནི་བ་མོས་ཕོག་པའི་མེ་ཏོག་ཇི་བཞིན་བརྙིངས་པར་གྱུར། དགེ་བའི་ལུས་ཅན་རྒྱལ་པོ་རྣམས་ནི་པདྨོའི་གཉེན་དྲུང་ཀུ་མུད་ཉིད་བཞིན་ཟུམ་པ་ཉིད། བསོད་ནམས་མིན་ལས་སྤྱོད་པ་རྣམས་ནི་དབྱར་གྱི་ལྗོན་པའི་འདབ་མ་བཞིན་རྒྱས་བདག་སེམས་སྐྱོ། སྐྱོབ་པ་རྣམས་ཀྱིས་ལེགས་གཟིགས་ནས། གཞན་ལ་སྩལ་བའི་སྙིང་པོའི་ལམ། གང་འདིར་བློ་ཅན་རྣམས་ཞུགས་ཏེ། གོ་འཕང་དམ་པ་དེ་བགྲོད་ཤོག །ཅེས་པ་འདི། ཤཱཀྱའི་དགེ་སློང་ཆོས་ཀྱི་མགོན་པོས་བསྐུལ་བའི་ངོར། ཀློག་པ་དང་སྤོང་བའི་བརཏལ་ཞུགས་འཛིན་པ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའམ། མིང་གཞན་མིའི་མཆོག་གིས། དཔལ་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བ་རྫོགས་སོ།། །།མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ།

ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ། །ངོ་སྤྲོད་ཞལ་གདམས་ཀེའུ་ཚང་མ་ཞེས་བྱ་བའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ། རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ལ་དང་བས་ཕྱག་བགྱིའོ། །གང་ཞིག་སྒྲིབ་པ་མ་ལུས་སྤངས་ཤིང་མཁའ་ལྟར་རོ་མཉམ་རྟོགས་དཀའ་བ། ཡོད་དང་མེད་པ་ཀུན་ལས་རྣམ་གྲོལ་མཁའ་ཁྱབ་ལྷན་ཅིག་སྐྱེས་པ་ཉིད། གཅིག་དང་དུ་མིན་ཕུན་ཚོགས་ཕན་བདེའི་འབྱུང་གནས་མཁའ་ཡི་རྡོ་རྗེ་ཅན། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དེ་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག །རྒྱལ་བའི་དབང་པོ་གང་གི་གསུང་རབ་རིན་ཆེན་འབྱུང་བའི་གནས་དེ་ཉིད། རྒྱལ་སྲས་ལྷ་མིན་རྗེ་བོས་མཁྱེན་རབ་ལྷུན་པོ་དེ་ཡིས་བསྲུབས་པ་ལས། རྒྱལ་མཆོག་གོ་འཕང་མྱུར་དུ་ཐོབ་བྱེད་གདམས་པའི་བདུད་རྩི་རྙེད་པ་འདི། །རྒྱལ་རྣམས་དགྱེས་ཕྱིར་བདག་གིས་འདིར་ནི་འགྲོ་ལ་རིས་མེད་སྦྱིན་པར་བྱ། དེ་ཡང་འདིར་རྒྱལ་བའི་བདག་པོ་རྣམས་རང་རང་གི་སྐལ་བ་དང་རྗེས་སུ་མཐུན་པར་བསྟན་པའི་སྡེ་སྣོད་རིན་པོ་ཆེ་མཐའ་དག་གི་བརྗོད་བྱ་ཉེ་བར་བསྡུས་ནས་རྡོ་རྗེའི་ཚིག་ཏུ་བཤད་པ་རྣམ་པར་འགྲེལ་པ་ལ། དགོས་འབྲེལ་གྱི་རྣམ་གཞག་གོ་བླ་མས་མི་སྤྲོ་ལ། རྗོད་བྱེད་ཀྱི་དོན་བཤད་པ་ལ་ལུས་རྣམ་པར་དག་པ་རྡོ་རྗེའི་ཚིག་བསྟན། ཡན་ལག་རྒྱས་བཤད་ཀྱིས་དེ་རྣམ་པར་ཕྱེ་སྟེ་སྟོན་པའོ། །དང་པོ་ནི། བུ་འཁྲུལ་པའི་རྩ་བ་ཆོད་ལ་སྐྱེ་མེད་ཀྱི་ངང་ལ་གཞོག །སྣང་ཐོག་ཏུ་རོ་སྙོམས་ལ་འགག་མེད་ལ་རྩལ་སྦྱོངས། ཆགས་སྡང་གི་དབང་དུ་མ་བཏང་བར་གཉིས་མེད་ཀྱི་བཙན་ས་གཟུང་། གཟུང་འཛིན་གྱི་བློ་དང་ཕྲོལ་ལ་ཡེངས་མེད་ཀྱི་དྲན་པ་བསྟེན། བུ་དེ་ལྟར་བྱས་ན་མང་དང་ནམ་དུ་ཡང་འབྲལ་བ་མེད་དོ། །ཞེས་པའོ། །གཉིས་པ་ལུང་རིགས་ལ་བརྟེན་ནས་སྒྲོ་འདོགས་ཕྱི་ནས་གཅོད་པའི་གདམས་ངག་མདོའི་ལུགས། བླ་མའི་༼༢ན༣༽མིན་དག་ལ་བརྟེན་ནས་སྒྲོ་འདོགས་ནང་ནས་གཅོད་པ་སྔགས་ཀྱི་ལུགས་སོ། །དང་པོ་ལ། གང་སྤང་བར་བྱ་བའི་ཡུལ་བཤད། དེ་སྤོང་བྱེད་ཀྱི་གཉེན་པོ་བཤད་པའོ། །དང་པོ་ནི། འཁྲུལ་པའི་རྩ་བ་ཞེས་པ་སྟེ། གནས་ཚུལ་ཡང་དག་པའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་འཁྲུལ་པ་དང་། རྩ་བ་ཞེས་པ། གནས་ལུགས་མ་རྟོགས་པས་མ་རིག་པ་སྟེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་མ་ཤེས་པར་མངོན་རྟགས་སུ་ཞེན་པ་རློམ་པར་སེམས་པའོ། །དེ་ལྟར་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། ཡང་དག་པར་ནི་རྟོགས་པ་གང་། དེ་ལ་སྟོན་པས་མ་རིག་གསུངས། ཞེས་གསུངས་སོ། །དེ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ། །དང་པོ་ལ་ཡང་། འཁོར་བ་སྐྱེད་བྱེད་ཀྱི་ཉོན་སྒྲིབ་དང་། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ལས། དང་པོ་མ་རིག་པ་ཙམ་དང་། ཕྱི་མ་ཆགས་སྡང་གཉིས་སོ། །ཤེས་སྒྲིབ་ལའང་བག་ལ་ཉལ་དང་མངོན་གྱུར་གྱི་ཤེས་སྒྲིབ་བོ། །སྔ་མ་རྟོག་མེད་ཀྱི་ཤེས་པ་ཧད་པོ་ལུང་མ་བསྟན་དང་། རྗེས་མ་དེ་མ་ཡིན་ལ་དེ་འཛིན་གྱི་ཤེས་པ་ལ་འཆད་དོ། །རྩ་བའི་དབྱེ་གཞི་གཉིས་ལ། གསུང་རབ་འགའ་ཞིག་ཏུ་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཞེས་དང་། ལ་ལར་ཉོན་མོངས་པ་ཅན་གྱི་མུན་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་ཞེས་དང་། སྤང་བྱ་ལ་མཐོང་སྤང་དང་སྒོམ་སྤང་དུ་འཆད་པ་ཡང་ཡོད་དོ། །མདོར་ན་མ་རིག་པ་དེས་བདག་འཛིན་སྐྱེས། དེ་ལས་བདག་གཞན་གཉིས་འཛིན་པ་སྐྱེས། དེ་ལས་སྤང་བྱའི་ཆོས་མཐའ་དག་སྐྱེས་པའི་ཕྱིར་རྩ་བཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཡང་རིག་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལ་འཛིན་དང་སྡང་། །ཞེས་དང་། ཡང་། དེ་མ་རིག་དེ་དེ་ལ་ཆགས། དེ་ལས་ཞེ་སྡང་ལ་སོགས་འབྱུང་། དེ་ཉིད་ཀྱིས་ནི་ཉེས་རྣམས་ཀྱི། རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་པས་སོ། །གཉིས་པ་ལ། བདག་མེད་རྟོགས་པའི་ཤེས་རབ་༼༢བ༤༽ཀྱིས་སྟོང་ཉིད་བྱེ་བྲག་ཏུ་བཤད་པ་ཟབ་མོ་ལྟ་བའི་ཕྱོགས་དང་། སྡུག་བསྔལ་བྱང་སེམས་སུ་བློ་སྦྱོང་བས་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་རྒྱ་ཆེན་སྤྱོད་པའི་ཕྱོགས་སོ། །དང་པོ་ནི། ཆོད་ལ་སྐྱེ་མེད་ཀྱི་ངང་ལ། ཞེས་པ་མ་རིག་པ་དང་བདག་འཛིན་དང་སྐྱེ་བའི་དངོས་པོ་ལ་སོགས་པ་སྤང་བྱ་ཐམས་ཅད་གཏན་ཚིགས་ཀྱིས་དགག་བྱར་བྱས་ནས་བདག་མེད་པ་དང་། བདེན་པར་མ་གྲུབ་པ་དང་། སྐྱེ་བ་མེད་པ་དང་། ངོ་བོ་མེད་པ་དང་། མཚན་ཉིད་མེད་པ། རང་བཞིན་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཅན་དུ་གཏན་ལ་འབེབས་པར་བྱེད་པ་སྟེ་བདག་ཉིད་ཆེན་པོའི་ཚད་མའི་བསྟན་བཅོས་རྣམ་འགྲེལ་དུ། འདི་ཡུལ་སུན་དབྱུང་མེད་པར་ནི། དེ་སྤོང་བར་ནི་ནུས་མ་ཡིན། ཞེས་གསུངས་པས་བདག་འཛིན་སྐྱེ་བའི་ཡུལ་སུན་འབྱིན་གྱི་རིགས་པས་ཚར་བཅད་པས། གཟུང་བ་མེད་པས་དེ་འཛིན་མེད། ཅེས་བཤད་པ་བཞིན། ཡུལ་བདེན་མེད་དུ་གཏན་ལ་འབེབས་པའི་ཚེ། ཡུལ་ལ་བདེན་འཛིན་གྱི་སྤྲོས་པ་འཇིག་པར་བྱེད་པའི་ཕྱིར་རོ། །འོ་ན་གཏན་ཚིགས་ཀྱི་རིགས་པས་ཆགས་སྡང་སྐྱེ་བའི་ཡུལ་བདེན་མེད་གཏན་ལ་ཕེབས་པ་རིགས་པ་མ་ཡིན་ནོ་ཞེ་ན། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པ་ལས། ཡིད་ཉེ་བར་རྟོགས་ཤིག །སྐྱེ་མེད་ཅེས་པ་ལྟ་བས་ཐག་གཅོད་པ་ཡིན་ཏེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། ས་བོན་ཞིག་དང་མ་ཞིག་ལས། མྱུ་གུ་སྐྱེ་བ་མ་ཡིན་ཏེ། ཁྱོད་ཀྱི་སྐྱེ་བ་ཐམས་ཅད་ནི། སྒྱུ་མ་འབྱུང་བ་བཞིན་དུ་གསུངས། ཞེས་པས་འབྲས་བུ་དོན་དམ་པར་དཔྱད་ན་མ་སྐྱེ་བ་སྟེ་རང་རྒྱུ་ཞིག་པའི་ཚེ་ན་ཡང་མ་སྐྱེས། རང་རྒྱུ་མ་ཞིག་པའི་ཚེའང་མ་སྐྱེས་པའི་ཕྱིར་རོ། །དང་པོ་གྲུབ་སྟེ་དེའི་ཚེ་དེ་འདས་ཟིན་པའི་ཕྱིར་དང་། དེ་རང་རྒྱུར་འགྱུར་བས་ཧ་ཅང་ཐལ་ལོ། །ཕྱི་མ་གྲུབ་སྟེ་དེ་དང་དེ་གཉིས་དུས་མཉམ་དུ་འགྱུར་བའི་ཕྱིར། །རྒྱུ་དུས་སུ་འབྲས་བུ་སྐྱེ་ན་དུས་མཉམ་དང་། འབྲས་དུས་སུ་འབྲས་བུ་སྐྱེ་ན་དེའི་རྒྱུ་མེད་པས་རྒྱུ་མེད་དུ་འགྱུར་རོ། །༼༣ན༥༽དེ་ལྟར་ཡང་། ཡོད་པ་ཡོད་ཕྱིར་མི་སྐྱེ་སྟེ། མེད་པ་ནམ་མཁའི་མེ་ཏོག་གི་བཞིན། ཞེས་གསུངས་སོ། །ཡང་རྒྱུ་ལས་འབྲས་བུ་དངོས་པོ་ཞིག་སྐྱེའམ་དངོས་མེད་ཅིག་སྐྱེ། དང་པོ་ལྟར་ན་དེ་སླར་སྐྱེ་བ་མི་སྲིད་དེ། དངོས་པོ་ཡིན་ན་འདུས་བྱས་པ་ཁྱབ། །འདུས་བྱས་ཐམས་ཅད་ནི་སྐྱེས་པ་ཡིན་པའི་ཕྱིར། ཁྱབ་སྟེ་བཏགས་ཟིན་མི་འཐག་པ་བཞིན་སྐྱེས་ཟིན་སྐྱེ་བར་རིགས་པ་མ་ཡིན་ནོ། །ཕྱི་མ་ལྟར་ན་རྐྱེན་ལ་བལྟོས་པ་དང་འགལ་ལ། དེ་དངོས་མེད་དངོས་པོར་འགྱུར་བ་ཡོད་ན་རྟག་པ་མི་རྟག་པར་འགྱུར་པ་ཡོད་དགོས་པ་སོགས་ཀྱི་སྐྱོན་མཆིས་ཏེ། སྤྱོད་འཇུག་ལས། དངོས་པོ་ཡོད་པར་གྱུར་པ་ལ། རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། ཅེས་སོགས་ཚིགས་སུ་བཅད་པ་གཞིས་བསྟན་པས་སོ། །གཞན་ཡང་འཛིན་པ་སྔོ་འཛིན་མིག་གི་རྣམ་ཤེས་ལ་སོགས་པ་རང་གི་གཟུང་དོན་ལས་སྔར་སྐྱེའི་ལྷན་ཅིག་སྐྱེའམ་ཕྱིས་སྐྱེ་བ་མི་འཐད་པ་ལའང་གནོད་བྱེད་རིགས་བསྒྲེའོ། །མདོར་ན་ཆོས་ཐམས་ཅད་ལ་དེ་ལྟར་དཔྱད་པས་སྐྱེ་འགག་གནས་གསུམ་དང་བྲལ་ནས་སྟོང་ཉིད་དུ་རྟོགས་པར་འགྱུར་རོ། །ཇི་སྐད་དུ། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱིས། སྐྱེ་བ་རྟོགས་པར་འཐུར་མ་ཡིན། ཞེས་དང་། དེ་ལྟར་འགག་པ་ཡོད་མིན་ཞིང་། །དངོས་པོའང་ཡོད་མིན་དེ་ཡི་ཕྱིར། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །མྱ་ངན་འདས་དང་མ་འདས་ང་། །དེ་ཉིད་དུ་ནི་ཁྱད་པར་མེད། །ཅེས་གསུངས་པས་སོ། །དེ་ལྟར་དཔྱད་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་དོན་དམ་དང་། སྐྱེ་བ་དང་བཅས་པ་ཐམས་ཅད་ནི་ཀུན་རྫོབ་བོ། །ཇི་སྐད་དུ་མདོ་ལས། མི་སྐྱེ་བ་ནི་བདེན་པའོ། །སྐྱེ་བ་ལ་སོགས་པའི་ཆོས་གཞན་ནི་བདེན་པ་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་རྒྱ་ཆེར་གསུངས་སོ། །སྐྱེ་བ་མེད་པ་ཞེས་པ་དེ་ཡང་འགྱུར་བ་མེད་ཅིང་རྟག་ཏུ་གནས་པ་ཉིད་དེ་སློབ་དཔོན་གྱིས། མྱ་ངན་འདས་པ་བདེན་གཅིག་པུར། རྒྱལ་བ་རྣམས་ཀྱིས་གང་གསུངས་པ། ༼༣བ༦༽དེ་ཚེ་ལྷག་ས་ལོག་པ་ཞུས། མཁས་པ་སུ་ཞིག་རྟོག་མི་བྱེད། ཅེས་གསུངས་པ་དང་། སྨྲ་བའི་སེང་གེ་ཟླ་བ་གྲགས་པས། དངོས་པོ་རྣམས་ཀྱི་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོ། ངོ་བོ་འདི་ཡང་གང་ཞིག་ཡིན་ཞེ་ན་སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་ཡང་གང་ཞིག་ཡིན་ཞེ་ན་རང་བཞིན་མེད་པའོ། །རང་བཞིན་མེད་པ་འདི་ཡང་གང་ཞིག་ཡིན་ཞེ་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན་དེ་བཞིན་ཉིད་ཀྱི་ངོ་བོར་འགྱུར་བ་མེད་པ་ཉིད་དང་རྟག་ཏུ་གནས་པ་ཉིད་དེ་རྣམ་པ་ཐམས་ཅད་དུ་སྐྱེ་བ་མ་ཡིན་པ་ཉིད་བཅོས་མ་མིན་པའི་ཕྱིར་དང་། གཞན་ལ་བལྟོས་པ་མེད་པའི་ཕྱིར་མེ་ལ་སོགས་པའི་རང་བཞིན་ཡིན་ཏེ་ཞེས་གསུངས་སོ། །ངང་ལ་གཞོག །ཅེས་པ་ནི་སྒོམ་པས་ཉམས་སུ་བླངས་པ་སྟེ། དེ་ཡང་ཐོག་མར་ཞི་གས་ནི་ཚུལ་བཞིན་ཡིད་བྱེད་ཀྱིས་རྣམ་པར་རྟོག་པ་ཞི་ནས། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པས་ལུས་དང་སེམས་ལས་སུ་རུང་བའི་སྒོ་ནས་ཤིན་ཏུ་སྦྱངས་པ་ཐོབ་པ་ལ་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་། དེས་ན་དེ་ཡི་ལུས་དང་སེམས། ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། ཡིད་ལ་བྱེད་དང་བཅས་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །ལྷག་མཐོང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དེའི་སྟེང་ནས་ཆོས་ཀྱི་སྒོ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་དང་། མ་འདྲེས་པར་འབྱེད་པ་དང་། རང་དང་སྤྱིའི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡོངས་སུ་ངེས་པ་ཐམས་ཅད་ཡང་དག་པའི་རིགས་བས་འཇལ་ཞིང་རྟོག་པ་དང་དཔྱོད་པ་དང་། ཕྱིན་ཅི་མ་ལོག་པའི་དོན་ལ་ཞུགས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཅེས་སམ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྗོད་དོ། །དེ་ལྟར་མགོན་པོ་བྱམས་པས་མདོ་སྡེ་རྒྱན་དུ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྡུག་བསྔལ་བྱང་སེམས་སུ་བློ་སྦྱོང་བས་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་རྒྱ་ཆེན་སྤྱོད་པའི་༼༤ན༧༽ཕྱོགས་ནི། ཆགས་སྡང་གི་དབང་དུ་ཞེས་པ་གོང་དུ་བཤད་པ་ལྟར་ཡིན་ལ། མ་བཏང་བར་གཉིས་མེད་ཀྱི་བཙན་ས་གཟུང་ཞེས་པ་གཉེན་པོ་ཡིན་ལ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ནས་སྙིང་རྗེ་བསྒོམ་པ་ཡིན་ནོ། །དེ་ཡང་བྱང་ཆུབ་ཀྱི་སེམས་གང་ཞེ་ན། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་མཁྱེན་པའོ། །དེའི་དམིགས་པའང་དངོས་དམིགས་རྫོགས་བྱང་དང་། ཆེད་དུ་བྱ་བའི་དམིགས་པ་གཞན་དོན་ནོ། །དེ་ལྟ་བུའི་སེམས་བསྐྱེད་པ་དེ་ཡང་། ངོ་བོའི་སྒོ་ནས་སྨོན་དང་འཇུག་པ་གཉིས་སོ། །དེའི་ངོ་བོའང་བྱང་སེམས་ཀྱི་སེམས་བསྐྱེད་གང་ཞིག་དེའི་བསླབ་པའི་གྲོགས་ཀྱིས་ཟིན་པ་དང་མ་ཟིན་པ་གཉིས་སོ། །དེ་ཡང་ལམ་ལ་འགྲོ་བར་འདོད་པ་དང་འགྲོ་བཞིན་པའི་ཁྱད་པར་ཏེ། རྒྱལ་སྲས་ཞི་བལྟས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་པ། ཞེས་གསུངས་པས་སོ། །གཞན་ཡང་དེ་ལ་ཕྲ་རགས་སྒོ་ནས་ནི། །དོན་དམ་ཀུན་རྫོབ་རྣམ་པ་གཉིས། །དང་པོ་ཐེག་ཆེན་མཐོང་ལམ་ནས། །སངས་རྒྱས་ས་ཡི་བར་ན་ཡོད། །གཉིས་པ་ཐེག་ཆེན་ཚོགས་ལམ་ནི། །ཆུང་ནས་སངས་རྒྱས་ས་ཡི་བར། །དབྱེ་གྲོགས་སྟོབས་རྒྱུ་རིགས་དང་། །དགེ་རྩ་རྒྱས་དང་མང་ཐོས་དང་། །ཐོས་བསམ་གོམས་སྟོབས་ལས་ཐོབ་ལྔ། །ས་མཚམས་སྒོ་ནས་མོས་སྤྱོད་དང་། །ལྷག་བསམ་དག་དང་རྣམ་པར་སྨིན། །སྒྲིབ་པ་སྤངས་དང་རྣམ་པ་བཞི། །བློ་སྦྱོང་སྒོ་ནས་རྒྱལ་པོ་དང་། །རྫི་བོ་གཉན་པ་ལྟ་བུའི་སེམས། །གྲུབ་མཐའི་སྒོ་ནས་དབུ་སེམས་གཉིས། །བླང་ཡུལ་ལེན་པའི་གང་ཟག་དང་། །ལེན་ཚོག་ཉམས་ན་ཕྱིར་བཅོས་དང་། །ལྟུང་བའི་རྐང་གྲངས་མི་འདྲ་ཁྱད། །དཔེ་ཡི་སྒོ་ནས་ས་ལ་སོགས། ༼༤བ༨༽གཉིས་དག་ཏུ་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སེམས་བསྐྱེད་དེའི་མཚམས་ཀྱང་ཉེར་གཉིས་པོ་དེ་དག་ལས། །དང་པོ་གསུམ་ནི་ཐེག་པ་ཆེན་པོའི་ཚོགས་ལམ་ཆུང་འབྲིང་ཆེན་པོ་ཉིད་ཀྱིས་བསྡུས་སོ། །དེའི་འོག་ཏུ་གཅིག་ནི་ས་དང་པོ་ལ་འཇུག་པ་སྦྱོར་ལམ་གྱིས་བསྡུས་སོ། །དེ་ནས་བཅུ་ནི་རབ་ཏུ་དགའ་བལ་སོགས་པ་བཅུས་བསྡུས་ཏེ་མཐོང་ལམ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ནོ། །དེ་ནས་ལྡན་ནི་ཁྱད་ལམ་གྱིས་བསྡུས་སོ། །དེ་ནས་གསུམ་ནི་སྦྱོར་ལམ་རྡོ་རྗེ་ལྟ་བུ་དང་། དངོས་གཞི་མཉམ་གཞག་དང་། མཇུག་རྗེས་ཐོབ་གསུམ་གྱི་སྒོ་ནས་རྫོགས་པའི་སངས་རྒྱས་ཀྱིས་ས་བསྡུས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་ཀྱང་སྙིང་རྗེ་ལ་ནན་ཏན་དུ་བྱ་དགོས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་ལ། སྙིང་རྗེ་དེ་ཡང་གང་ཞེ་ན་རྣམ་པ་གསུམ་པོ་འདི་ལྟ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་ནས་སྙིང་རྗེ་བསྒོམ་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །འཁྲུལ་པ་ཞི་མེད་རྩ་བྲལ་དུ་རྟོགས་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་རྒྱུད་འཕྲུལ་པའི་རང་བཞིན་ལ་དམིགས་པའི་སྙིང་རྗེ་ནི་ཆོས་ལ་དམིགས་པའི་སྙིང་རྗེའོ། །བདག་གཞན་གཉིས་སུ་འཛིན་པ་མི་དམིགས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ན་རྟོགས་པ་འདུ་འབྲལ་མེད་པའི་གདངས་༼༥ན༩༽སྙིང་རྗེར་ཤར་བ་ནི་དམིགས་པ་མེད་པའི་སྙིང་རྗེའོ། །དེ་ཡང་བསྒོམ་ཚུལ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་བ་ཡིན་པས་སྙིང་རྗེ་བསྒོམ་པ་སྟེ། ཐོག་མ་ཁོ་ནར་རྒྱ་ཆེན་པོ་སྒོམ་མི་ནུས་ན། དང་པོར་རང་གི་ཕ་མ་ཡིད་ལ་བསམས་ཏེ་འདི་རྣམས་ཀྱིས་བདག་ལ་མཁོ་བའི་ཡོ་བྱད་དུ་མས་ཕན་བརྗོད་དུ་མེད་པ་བཏགས་པས་བདག་ལ་དྲིན་ཆེ་བ་ཞིག་ཡིན། ཁྱད་པར་དུ་མ་འདིས་བདག་ལུས་ལ་ཁུར་བའི་དུས་ནས་གཟུང་སྟེ་སྐྱེད་མ་རྫོགས་ཀྱི་བར་དུ་བདག་ལ་ཕན་དཔག་ཏུ་མེད་པ་ཞིག་བཏགས་ཀྱང་འཁོར་བའི་རྒྱ་མཚོར་བྱིང་བ་བདེ་ཆེན་སྐམ་སར་ཕྱིན་པའི་ཐབས་ཤིག་བྱ་དགོས། དེ་ཡང་བླ་མ་དཀོན་མཆོག་མཁྱེན་ཞེས་གསོལ་བ་བཏབ་ནས་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་ཏེ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་ངག་ཏུ་བརྗོད། །ངེས་ཤེས་མ་སྐྱེས་ཀྱི་བར་དུ་བསྒོམ། དེ་ནས་རྒྱ་རྡེ་ཆེར་བཏང་སྟེ་གཉེན་དང་དགྲ་དང་སེམས་ཅན་ཐམས་ཅད་ལ་རིམ་བཞིན་བསྒོམ་པར་བྱའོ། །དེ་ནས་ཡང་སེམས་ཅན་འདི་རྣམས་མི་དགའ་བ་དང་ཕྲད་དོགས་པ་དང་། དགའ་བ་དང་བྲལ་དོགས་པ་དང་། རབ་འབྲས་བུ་མེད་པའི་སྡུག་བསྔལ་ཁོ་ནས་མནར་བར་འདུག་པ་ལ་སྙིང་རྗེ་བསྒོམ་པ་སྔར་བཞིན་ནོ། །དེ་ནས་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་ཨ་འཐས་ཀྱིས་དེ་མ་ཡིན་ལ་དེ་འཛིན་གྱི་བློས་ཡོད་དོ་སྙམ་དུ་གཟུང་བས་བདེན་ཞེན་གྱི་དབང་གིས་ཁམས་གསུམ་དུ་འཁོར་བ་ལ་སྙིང་རྗེ་བསྒོམ་པ་སྟེ། མདོ་སྡེ་རྒྱན་ལས། བདེ་དང་སྡུག་བསྔལ་རྒྱུ་ལས་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་གསུངས་པས་སོ། །གཉིས་པ་བླ་མའི་མན་ངག་ལ་བརྟེན་ནས་སྒྲོ་འདོགས་ནང་ནས་གཅོད་པ་སྔགས་ཀྱི་ལུགས་ལ། གཞི་སྨིན་པར་བྱེད་པ་དབང་བཤད། གྲོལ་བར་བྱེད་པ་རིམ་གཉིས་བསྟན། དམ་ཚིག་དང་སྤྱོད་པ་བཤད་པའོ། །དང་པོ་ནི། གཟུང་འཛིན་གྱི་བློ་དང་གྲོལ་ལ་༼༥བ༡༠༽ཞེས་པས་སྟོན་ཏེ། དེ་ཡང་གཟུང་འཛིན་གྱི་བློ་ནི་འདིར་ལུས་དང་ངག་དང་སེམས་དང་ཡེ་ཤེས་སོ། །ཕྲོལ་ཞེས་པ་དེ་དག་རྣམ་པར་བྱེད་པའི་དོན་དུ་དབང་བསྐུར་བའོ། །དེ་ཇི་ལྟ་བུ་ཞེ་ན། འདི་ལྟར་དྲི་མ་རྣམ་པ་བཞི་སྦྱངས་ནས་ནུས་པ་བཞི་འཇོག་པར་བྱེད་པའི་བདག་ཉིད་ཅན་ཏེ། མཆོག་གི་དང་པོའི་སངས་རྒྱས་ལས། དབང་བསྐུར་གསུམ་གྱི་རིམ་པ་ལས། ལུས་ངག་སེམས་ནི་ཡང་དག་སྦྱོང་། བཞི་པ་ཡེ་ཤེས་དག་པ་སྟེ། ཞེས་གསུངས་ལ། ཅིའི་ཕྱིར་དེ་ལ་དབང་ཞེས་བྱ་ན། ཉོན་མོངས་པའི་གདུད་བའི་དྲི་མ་དག་པ་དང་འཁྲུད་པའི་ཕྱིར་ནའོ། །ཇི་སྐད་དུ་གྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་འདི། དེས་ན་དབང་ཞེས་བརྗོད་པར་བྱ། ཞེས་སོ། །དབང་དེ་ལ་འཇིག་པ་དང་། འགྱུར་བ་དང་། འཛག་པ་དང་། འགྱུར་བ་མེད་པའི་དབྱེ་བས་བུམ་པ་དང་། གསང་བ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོའི། དང་པོ་ནི། འཇིག་རྟེན་ཀུན་རྫོབ་ཏུ་བུམ་པས་དབང་བསྐུར་བ་དང་། དེ་བཞིན་དུ་གསང་བ་ལྟ་བར་བདུད་རྩི་མྱང་བ་དང་། ལས་ཀྱི་ཕྱག་རྒྱ་གཏང་པས་དབང་པོ་གཉིས་ནས་སྐྱེས་པར་གྱུར་པའི་རྟོགས་པ་ནི་ཤེས་རབ་དང་། ནོར་བུའི་ནང་དུ་ཚུད་པའི་བྱང་ཆུབ་སེམས་ཀྱི་བདེ་བ་རྟོགས་པ་དེ་བཞིན་གྱི་དབང་ངོ་། །དོན་དམ་པར་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་བུམ་པ་དང་། གསང་བར་རྡོ་རྗེ་སྤྲོས་པ་ལས་འགྱུར་བའི་བདེ་བ་གང་ཡིན་དེ་གསང་བ་དང་། དབང་པོ་གཉིས་སྙོམས་པར་ཞུགས་པ་ན་གང་ཞིག་འཛག་པའི་བདེ་བ་ནི་གསུམ་པ་དང་། ཕྱག་རྒྱ་ཆེན་པོའི་རྗེས་སུ་ཆགས་པས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ནི་ཤེས་རབ་ཆེན་པོའོ། །དེ་ལྟར་ཡང་། དང་པོའི་སངས་རྒྱས་ལས་བུམ་པ་གསང་བའི་དབང་བསྐུར་དང་། ཤེས་རབ་ཡེ་ཤེས་ཞེས་བྱ་དང་། སླར་ཡང་ཤེས་རབ་ཆེན་པོ་ཉིད། དེ་ནི་ཡེ་ཤེས་སུ་བརྗོད་དོ། །འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་དང་། འདུས་པ་ཕྱི་མར་ཡང་དབང་བསྐུར་རྣམ་གསུམ་ཐ་དད་པར། རྒྱུད་འདི་རུ་ནི་རབ་ཏུ་བསྟན། །༼༦ན༡༡༽དང་པོ་བུམ་པའི་དབང་ཞེས་ཏེ། གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས། རྣམ་པ་ཐམས་ཅད་རྣམ་པ་མེད། བཅུ་དྲུག་ཕྱེད་ཕྱད་ཐིག་ལེ་ཅན། ཆ་མེད་ཆ་ལས་འདས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་དང་། དགྱེས་རྡོར་ལས། སློབ་དཔོན་གསང་བཤེས་རབ་དང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། བདེ་མཆོག་ཉུང་ངུ་ལས། རྒོད་དང་བལྟ་དང་ལག་འཛིན་དང་། འཁྱུད་དང་གཉིས་སྤྲོད་ལ་སོགས་པ། དབང་བསྐུར་བར་ནི་འགྱུར་བ་ཡིན། །ཞེས་དང་། དང་པོ་དགའ་བ་རབ་ཏུ་བརྗོད། མཆོག་ཏུ་དགའ་བ་གཉིས་པ་སྟེ། དགའ་བྲལ་དགའ་བ་གསུམ་པའོ། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། ཅེས་གསུངས་སོ། །གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོ་ནས་རྣམ་པ་བཅུ་གཅིག་ཏུ་བཤད་དེ། དབང་མདོར་བསྟན་ལས། དང་པོ་དབང་བསྐུར་བདུན་པོ་གང་། བྱིས་པ་རྣམས་ནི་གཟུང་ཕྱིར་རོ། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་སྟེ། དམ་པའི་དོན་གྱི་བཞི་པའོ། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་ལས། ཆུ་ཡི་དབང་ནི་དང་པོ་སྟེ། ཅོན་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་བསྐུར་ཏེ། རྡོ་རྗེ་དྲིལ་བུ་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། སངས་རྒྱས་རྗེས་གནང་བདུན་པར་འདོད། །བརྒྱུད་པ་བུམ་པའི་དབང་ཡིན་ཏེ། གསང་བའི་དབང་ནི་གྲུབ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེ་བརཏལ་ཞུགས་ཀུན་སྦྱིན་ཞིང་། །རང་ཉིད་སྟོན་པར་ལུང་སྟོན་པ། །འདི་ནི་དབང་བསྐུར་ཆོ་ག་ཡིན། །ཞེས་གསུངས་སོ། །གཉིས་པ་གྲོལ་བྱེད་རིམ་གཉིས་བསྟན་པ་ནི། ཡེངས་མེད་ཀྱི་དྲན་པ་བསྟེན། དེ་ལྟར་བྱས་ནམ་ང་དང་ནམ་དུ་ཡང་འབྲལ་བ་མེད་དོ། །ཞེས་བྱ་བ་ལས། ཡེངས་མེད་ཀྱི་དྲན་པ་ནི་དྲང་བའི་དོན་དུ་བསྐྱེད་པའི་རིམ་པ་དང་། ༼༦བ༡༢༽ངེས་པའི་དོན་དུ་རྫོགས་པའི་རིམ་པའོ། །བསྟེན་ཞེས་པ་དེ་གཉིས་ཟུང་འཇུག་ཏུ་བསྒོམ་པ་སྟེ། །དགྱེས་རྡོར་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ན། རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་པ་ལྟར། བསྐྱེད་རིམ་ནི་འཁོར་ལོ་བཞི་ལ་གནད་དུ་བསྣུན་པ་གང་ཞིག་སྦྱངས་འབྲས་གཟུགས་ཀྱི་སྐུ་འགྲུབ་པ་གཙོ་བོར་གྱུར་པ་ཡིན་ལ། ཅིའི་ཕྱིར་དེ་ལ་བསྐྱེད་རིམ་ཞེ་ན། ཐ་མལ་གྱི་ཆ། སྣང་བའི་ཆ། ཞེན་པའི་ཆ་གསུམ་གྱི་འཁོར་ལོ་ལྷན་ཅིག་ཏུ་གཅོད་པར་བྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཆེད་དུ་དམིགས་པས་ཡེ་ཤེས་རིམ་གྱིས་སྐྱེད་པར་བྱེད་པའི་ཕྱིར་ནའོ། །དེ་ཡང་ལྷའི་དེ་ཁོ་ན་ཉིད་དྲན་པ་རྩ་བར་གཟུང་ནས་དེའི་ཡན་ལག་ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག །ངག་རྫོགས་པ་ལས་རྒྱལ་མཆོག །བདེ་བ་རྫོགས་པ་ཐིག་ལེའི་རྣལ་འབྱོར། ཡེ་ཤེས་རྫོགས་པ་ཕྲ་མོའི་རྣལ་འབྱོར་དང་བཞིའོ། །རིགས་ལྔ་རྡོ་རྗེ་སེམས་དཔའི་ཡན་ལག་དང་དྲུག་གིས་རྩལ་སྦྱོང་བར་བྱེད་ལ། དེའི་ཚུལ་ཡང་ང་རྒྱལ་བརྟན་པས་ཐ་མལ་དུ་འཛིན་པ་སྦྱོང་། རྣམ་པ་གསལ་བས་འཁྲུལ་པའི་རྣམ་རྟོག་སྟེ་སྣང་བའི་ཆ་སྦྱོང་ངོ་། །རྣམ་དག་དྲན་པས་དེ་མ་ཡིན་ལ་དེར་འཛིན་གྱི་དམིགས་པ་སྟེ་ཞེན་པའི་ཆ་སྦྱོང་བར་བྱེད་དོ། །དེ་ལྟར་ཡང་དགྱེས་རྡོར་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། ཅེས་སོ། །འོ་ན་རྫོགས་པའི་རིམ་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྦྱང་གཞི་སྲིད་པར་སྐྱེ་བའི་རིམ་པ་དང་མཐུན་པར་སྦྱོང་བྱེད་རྣལ་འབྱོར་བཞིའི་རིམ་པ་ལ་གནད་དུ་བསྣུན་པས། སྦྱངས་འབྲས་ཆོས་ཀྱི་སྐུ་འགྲུབ་པ་གཙོ་བོར་གྱུར་པ་སྟེ་ཅིའི་ཕྱིར་ན་ཡེ་ཤེས་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ཡང་སོ་སོར་སྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་ནོ། །འདིར་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མིག་སོགས་དབང་པོ་རྣམས་ཀྱི་མིག་གི་རྣམ་ཤེས་སོགས་མི་འཇུག་པར་ནང་གི་ཡུལ་རྣམས་སུ་ལྷའི་མིག་༼༧ན༡༣༽དབང་སོགས་ཀྱི་ལྷ་མིག་གི་རྣམ་ཤེས་སོགས་འཇུག་པ་སྟེ་ནང་དུ་སྟོང་པ་ཉིད་ལ་དམིགས་པས་སྟོང་པ་ལམ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་པྲ་ཕབ་པས་མེ་ལོང་ལ་གཞོན་ནུ་མས་གཟུགས་བརྙན་མཐོང་བ་ལྟར། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ལ་སོགས་པ་ནི་སོ་སོར་སྡུད་པའི་ཡན་ལག་གོ། །བསམ་གཏན་ནི་ཡན་ལག་ལྔ་སྟེ། ཡོད་པའི་དངོས་པོ་ཐམས་ཅད་སྟོང་པར་མཐོང་བ་རྣམས་ལ་ཤེས་རབ་ཅེས་བྱ་བ་དངོས་པོ་རྣམས་ལ་སེམས་འཇུག་པའོ། །རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་འཛིན་པའི་དངོས་པོ་རྟོགས་པའོ། །དགའ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། །བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་གཡོ་བ་མེད་པའི་བདེ་བ་ཕུན་སུམ་ཚོགས་པའོ། །སྲོག་རྩོལ་ནི་ལ་ལཱ་ན་ད་ང་ར་སཱ་ན་གཡོན་པ་དང་གཡས་པའི་ལམ་འགགས་པ་ལས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱིར་ཨོཾ་ཡིག་གིས་དབྱུང་བ་དང་། ཧཱུཾ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་འཇུག་པ་ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་གོམས་པར་བྱའོ། །འཛིན་པ་ནི་ལྟ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་དབང་ཆེན་དང་། མེ་དང་། རླུང་གི་དཀྱིལ་འཁོར་ལ་སྲོག་ཞུགས་པའི་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་གནས་པའོ། །རྗེས་དྲན་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ནས་འོད་ཟེར་དུ་མ་འཕྲོ་བའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ་དེ་ལས་རྣམ་པ་དུ་མ་འཕྲོ་བའི་རང་བཞིན་ཁམས་གསུམ་པར་སྤྲོ་བ་ཞེས་བྱ་བའོ། །འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་འཛིན་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དེ་ལྟར་ཡང་བསྡུས་པའི་རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་༼༧བ༡༤༽དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །སྲོག་གི་རྩོལ་བདག་ཀྱང་ལམ་ནི་གཉིས་པོ་སྐྱེལ་ཞིང་དབུ་མར་སྲོག་ཏུ་ཞུགས་པ་དག་ཏུ་འགྱུར། ཐིག་ལེར་སྲོག་ཏུ་རབ་ཏུ་འུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། ཞེས་དང་། བདེ་མཆོག་ཉུང་ངུ་ལས། གསང་སྔགས་ཟློས་དང་བསམ་གཏན་དང་། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཞེས་དང་། དགྱེས་པ་རྡོ་རྗེ་ལས། དང་པོར་ནག་པོ་རབ་ཏུ་བསྒོམ། གཉིས་པ་དམར་པོ་རྣམ་པར་བསྒོམ། གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་ཁུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་དང་། དཔལ་འདུས་པ་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་བཤད། །དབང་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པས་སོ་སོར་སྡུད་པས་ན། །སོ་སོ་བསྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིན། །རྟག་པར་བསམ་གཏན་ཞེས་བཤད་དོ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་གི་ཐིག་ལེར་གྱུར་པར་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་༼༨ན༡༥༽འགོག་པའི་རྡོ་རྗེར་འགྱུར། །མཚན་མར་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བ་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེས། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །གོང་བུའི་ཚུལ་གྱིས་བསྡུས་ནས་སུ། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བྱ་བར་གནས། །ཞེས་གསུངས་སོ། །དེ་ལྟར་བྱས་ན། ཞེས་པ་དེ་བསྒོམས་ནའོ། །མང་དང་ནམ་དུའང་འབྲལ་བ་མེད། ཅེས་པ་ཕུང་པོ་ལྔ་དང་ཁམས་ལྔ་རྣམ་པར་དིག་ནས་སྐུ་བཞིའི་བདག་ཉིད་ཅན་ཚེ་འདིར་འགྲུབ་པར་འགྱུར་ཏེ་གཟུགས་ཀྱི་ཕུང་པོ་ནི་དམ་ཚིག་རྒྱལ་བ་སྟེ་རྣམ་སྣང་དུ་འགྱུར་རོ། །ཚོར་བ་ནི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པ་རིན་ཆེན་འབྱུང་ལྡན་དུ་འགྱུར་རོ། །འདུ་ཤེས་ནི་འཕོ་བ་མེད་པའི་བདེ་བ་སྟེར་བར་བྱེད་པ་སྣང་མཐར་འགྱུར་རོ། །འདུ་བྱེད་ནི་སེམས་སྒྲིབ་པ་མེད་པར་བྱེད་པ་སྟེ་བདུད་ལ་སོགས་པ་སྒྲིབ་པ་རྣམ་པར་འཇོམས་པར་བྱེད་པ་དོན་གྲུབ་ཏུ་འགྱུར་རོ། །རྣམ་ཤེས་ནི་འཕོ་བ་མེད་པའི་ཆོས་ཀྱི་གདུང་བ་རྣམས་སྨིན་པར་བྱེད་པ་མི་བསྐྱོད་རྡོ་རྗེའོ། །སའི་ཁམས་དག་པས་གཏི་མུག་ཆེན་མོ་ལས་སྤྱན་མའོ། །ཆུའི་ཁམས་ནི་ང་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བའི་མཱ་མ་ཀཱི་དང་། མེའི་ཁམས་ཆགས་པ་ཆེན་པོ་ལས་གྱུར་པ་གོས་དཀར་དང་། རླུང་གི་ཁམས་ཕྲག་དོག་ཆེན་པོ་ལས་སྒྲོལ་མ་དང་། ནམ་མཁའི་ཁམས་ཞེ་སྡང་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སྣ་ཚོགས་ཡུམ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་འགྱུར་རོ། །དེ་བས་རང་དོན་༼༨བ༡༦༽ཕུན་སུམ་ཚོགས་པ་མཐའ་བཞི་ཡོངས་སུ་དག་པས་ཆ་བཅུ་དྲུག་པ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་སྐུ་དང་། གཞན་དོན་ཕུན་སུམ་ཚོགས་པ་འཛིན་པར་བྱེད་པ་དང་གཟུང་བར་བྱ་བའི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཞན་གྱི་དོན་བྱེད་པ་པོ་ནི་ཆོས་སྐུ་དང་། ཤེས་རབ་དང་ཐབས་ཀྱི་རང་བཞིན་འཛིན་པར་བྱེད་པ་ལྷའི་རྣ་བའི་རྣམ་པར་ཤེས་པ་དང་། གཟུང་བར་བྱ་བ་སྒྲ་བརྙན་གྱིས་སེམས་ཅན་དུ་མའི་དོན་བྱེད་པ་པོ་ལོངས་སྐུ་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གཅིག་གིས་སེམས་ཅན་རྣམས་ལ་སྤྲུལ་པ་སྣ་ཚོགས་སྟོན་པར་བྱེད་པ་སྤྲུལ་པའི་སྐུའི་བདག་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའི་རིང་བ་མ་ཡིན་པར་ཚེ་འདི་ཉིད་ལ་གདན་མི་ཟ་བར་འགྲུབ་པར་འགྱུར་ཏེ། དཔལ་འཁོར་ལོ་སྡོམ་པ་ཉུང་ངུ་ལས། ཡེ་ཤེས་ལོངས་སྤྱོད་རྫོགས་དང་སྤྲུལ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། དགྱེས་རྡོར་ལས། ཟླ་དྲུག་བསྒོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །གསུམ་པ་དམ་ཚིག་དང་སྤྱོད་པ་བཤད་པ་ནི། སྣང་ཐོག་ཏུ་རོ་སྙོམས་ལ་འགག་མེད་ལ་རྩལ་སྦྱོངས། ཞེས་པས་སྟོན་ཏེ། དེ་ཡང་སྣང་ཐོག་ཏུ་རོ་སྙོམས་ཞེས་པ་ཀུན་ཏུ་བཟང་པོ་དང་གསང་བའི་སྤྱོད་པ་ཡིན་ལ། འགག་མེད་ལ་རྩལ་སྦྱོངས་ཞེས་པ་ཚོགས་ཀྱི་སྤྱོད་པ་དང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དེ་ལ་ཐོག་མར། དམ་ཚིག་རྣམས་ནི་བྱེ་བ་ཡི། འདོད་པའི་དངོས་པོ་ཐོབ་མི་འགྱུར། ཞེས་གསུངས་པས། ཕྱི་དང་ནང་གི་དམ་ཚིག་བསྲུང་བར་བྱའོ། །དེ་ཡང་ཕྱིའི་དམ་ཚིག་ངེས་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསག་པ་དང་། ཆང་དང་གོ་ཀུ་ལ་སོགས་པ་ལྔ་ཟ་བ་དང་། ཡུལ་དང་རིགས་ཀྱི་ཐ་སྙད་བསྲུང་བ་དང་། རིགས་གཞན་ལས་བྱུང་དང་དམ་ཚིག་དང་མི་ལྡན་པ་ལ་བགྲོད་པར་མི་བྱ་ཞིང་འདོད་ལ་ཆགས་པས་བགྲོད་ན་དེའི་ཚེ་དམ་ཚིག་ཉམས་པས་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་འགྱུར་བ་དང་། ཕོ་ཉ་དང་དཔའ་བོ་༼༩ན༡༧༽དུས་གཅིག་ལ་གཉིས་མེད་ཀྱི་བྱང་སེམས་དར་བདེ་བ་མྱོང་བའོ། །གཞན་ཡང་བསྙེན་པ་དང་དམ་ཚིག་རྣམས་ཀྱི་སྤྱོད་པ་དང་། རིགས་ལས་བྱུང་བའི་ཕོ་ཉ་མོའི་སྤྱོད་པ་དང་། བདེ་བ་དེ་བཞིན་དུ་བསྲུབས་པས་རྡོ་རྗེའི་སྒོར་འཕོ་བའི་དུས་དང་། འདྲེན་པ་དང་འཛིན་པར་བྱེད་པ་རྣམས་སོ། །ནང་གི་དམ་ཚིག་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་དམ་ཚིག་སྟེ། འདུས་པ་ལས། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡི། །དམ་ཚིག་བཞི་པ་བསྲུང་བར་བྱ། །ཤ་ཚ་ན་རྟག་ཏུ་བཟའ་བྱ་སྟེ། འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་སོགས་གསུངས་སོ། །དེ་ལྟ་བུའི་དམ་ཚིག་དང་ལྡན་པས་བདག་དང་དེ་ལས་གཞན་པའི་སྐྱེ་བོ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཐར་འགྲོ་བར་བྱ་བའི་ཕྱིར་སྤྱོད་པ་ལ་འཇུག་པར་བྱ་བ་ཡིན་ཏེ། དགྱེས་རྡོར་རྩ་བའི་རྒྱུད་ལས། ཆོ་ག་ཡང་དག་ཀུན་ལྡན་ཡང་། སྤྱོད་པ་མ་བརྩམས་དངོས་མི་འགྲུབ། དེ་བས་ཕྱག་རྒྱའི་དངོས་གྲུབ་རྒྱུ། ཆགས་མེད་སྤྱོད་པ་འདི་ཡིན་ནོ། །ཞེས་གསུངས་ལ། དེའི་ཐོག་མར་ཀུན་ཏུ་བཟང་པོའི་སྤྱོད་པ་ནི། ཐོག་མཐའ་བར་གསུམ་དུ་དགེ་བའི་བརཏལ་ཞུགས་མི་ཉམས་པར་བྱེད་པའི་ཡན་ལག་སྟེ་ལུས་ངག་ཡིད་གསུམ་མི་མཐུན་ཕྱོགས་ཀྱི་འཇུག་པ་ཐམས་ཅད་ཡང་དག་པར་སྡོམ་པའི་ལུས་ཅན་དགེ་བ་ཐམས་ཅད་ཀྱི་མཐར་ཐུག་པའོ། །ཅིའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེ་ན། ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར་ནའོ། །གསང་སྤྱོད་ནི་ཕན་གནོད་ཀྱི་འཇིགས་སྐྲག་ཏུ་སྒྲོ་བཏགས་པའི་རྣམ་པ་ཐམས་ཅད་རང་སེམས་སུ་ཤེས་ནས་ཕྱི་རོལ་དུ་བདེན་འཛིན་གྱི་དམིགས་གཏད་ཞིག་ཅིང་སྟོང་ཉིད་ཀྱི་རྩལ་གྱིས་དངོས་འཛིན་སྤངས་པའི་གདངས་བདེ་བར་ཤར་ཏེ། ཅིའི་ཕྱིར་ན་དམ་ཚིག་དང་བརཏལ་ཞུགས་མི་ཉམས་པར་བསྲུང་ཞིང་འཕེལ་བའི་སླད་དུ་གསང་བའི་སྒོ་ནས་སྤྱོད་པའི་ཕྱིར་ནའོ། །ཚོགས་སྤྱོད་ནི་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ཡིན་ཏེ། དེ་ཡང་རང་བཞིན་དང་རྣམ་འགྱུར་བྱེད་ལས་ཐམས་ཅད་རྣམ་པར་དག་པ་ཁོ་ནའི་རྩལ་དུ་འཆར་བའི་རྣལ་འབྱོར་རྐྱེན་བཟང་ངན་ཐམས་ཅད་མི་སྤོང་བར་༼༩བ༡༨༽ལམ་དུ་འཁྱེར་བའོ། །ཅིའི་ཕྱིར་ན། ཚུལ་དེས་སྣང་བ་ཟིལ་གྱིས་གནོན་ཞིང་། །ལམ་དུ་འཁྱེར་ནུས་པས་མང་པོའི་ཡང་ཁྲོད་དུ་སྤྱོད་པའི་ཕྱིར་ནའོ། །ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི། །དྲི་མ་དང་བྲལ་བའི་སྤངས་པ་དང་། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་རྟོགས་པ་གཉིས་གང་ལ་གཉིས་སུ་མེད་པར་ལྡན་པས་ཆོས་ཐམས་ཅད་རང་གི་ངང་གིས་རྫོགས་པས་མངོན་པར་བྱང་ཆུབ་པའོ། །ཅིའི་ཕྱིར་ན། ཕྱི་ནང་གི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཆོས་ཐམས་ཅད་ལ་རང་དབང་དུ་སྤྱོད་པར་བྱ་བའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་བའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་བརྗོད་དོ། །དེ་སྐད་དུ། དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་ཕྱིར་རྒྱལ་བ་ཀུན་གྱི་གསུང་རབ་རབ་ཏུ་བརླིང་ཞིང་ཕ་མཐའ་མེད་པས་འགྲོ་བ་རྣམས་ལ་ཕན་དང་བདེ་བ་ཉིད་དུ་བྱེད། དེ་ལྟ་མིན་ན་ཤེས་ལྡན་མིན་རྣམས་རྣམ་པ་ཀུན་ཏུ་ངལ་བར་འགྱུར་བར་དེ་ཉིད་དང་ནི་སྐལ་བ་འཚམ་པར་རྗེས་སུ་བསྟན། །དེ་ཡང་མདོ་དང་རྒྱུད་སྡེའི་དོན་ཚུལ་བཞིན་བཤད་ལ་ནོར་བ་མེད་ཅིང་རྒྱལ་བའི་བསྟན་པ་འབའ་ཞིག་གིས་ནི་དབང་བྱས་ནས། དེ་ནི་རྣམ་གཡེང་མེད་ཡིད་ཀྱིས་བཤད་བཤད་དེ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པས་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། གཉིས་སྐྱེས་རྒྱལ་པོ་མཁའ་ཡི་ཐིག་ལེ་དང་བཅས་མཚན་མོ་རྒྱུ་བ་འདི་དོར་ནས། ཆུ་གཏེར་དངས་པར་གཟུགས་བརྙན་ཤར་བ་དག་ལ་མཆོག་ཏུ་གཟུང་བྱེད་མང་གྱུར་པ་བཞིན། ཚེ་འདིར་སངས་རྒྱས་མངོན་སུམ་སྟེར་བྱེད་ཟབ་དང་རྒྱ་ཆེའི་ལེགས་བཤད་ལྡན་པ་ལས། ཕྱིར་ཕྱོགས་གྱུར་པའི་ཕྲན་བུའི་ཆོས་ལ་བྱིས་པ་རྣམས་ནི་གུས་པར་བྱེད་པ་ཉིད། སྟོན་པའི་གསུང་རབ་ལུང་རྟོགས་གཉིས། འཛིན་བྱེད་རྣམ་དཔྱོད་གསལ་ལྡན་པའི། མཁས་པ་འགས་ཀྱང་གཞུང་ལུགས་དོན། དྲང་པོར་མ་བཤད་འཁྱོག་པོ་ཡིས། །ལམ་བསྟན་པ་ཡང་དེང་འདིར་དོར། ཆོས་དང་ཆོས་མིན་འབྱེད་པ་ལ། །མཚུངས་པ་མེད་པའི་སྤོབས་པ་ཅན། །མཁས་དང་གྲུབ་པའི་དབང་པོ་ཡིས། །བཤད་པ་ཕལ་༼༡༠ན༡༩༽མོ་བརྙིངས་པར་གྱུར། བཤད་དང་གྲུབ་པའི་ཚུལ་འཛིན་པ། །ཕལ་ཆེར་ཀློག་པ་ཐོས་བསམ་དང་། །བསམ་གཏན་དོར་ཏེ་འདོད་པའི་ཆུ། །ཁོ་ན་གཉེར་བས་ཕྱོགས་རྣམས་གང་། །འགའ་ཞིག་བླ་མའི་མཛད་པ་ལ། །བསྒྲོས་པའི་བསྟན་བཅོས་མིང་བཟང་ཅན། །རང་བཟོས་སྐྱེ་བོ་འདྲིད་པའི་ཐབས། །རྩོམ་པར་བྱས་པའང་ཕྱོགས་འདིར་དར། །ལྗོངས་འདིར་ཆོས་སྲིད་དག་དང་ནི། །གཉིས་ཀ་འཛིན་པར་རློམ་པ་ཡང་། །བླུན་མང་བཏེག་དང་འཁྲུལ་ཅན་ལ། །མཁས་དང་བཙུན་ཞེས་སྨྲ་བ་མཚར། །ལུང་དང་རྟོགས་པའི་དཀྱིལ་འཁོར་རབ་རྒྱས་བདེ་གཤེགས་སྟོན་པའི་གསུང་རབ་བདུད་ལས་རྒྱལ། བཤད་དང་སྒྲུབ་པའི་ཤར་རིའི་རྩེར་སོན་ལྟ་བ་ངན་པའི་ཚང་ཚིང་མ་ལུས་སྲེག །ལམ་གོལ་མུ་སྟེགས་ཀུ་མུད་ཚོགས་རྣམས་བྲུམ་བྱས་སྐལ་བཟང་པདྨ་རྒྱས་བྱེད་པ། འཛམ་གླིང་ལྷ་ལམ་ཡངས་པར་ལེགས་འོངས་དེ་ནི་དུས་ཀུན་དག་ཏུ་རྒྱས་གྱུར་ཅིག །ཅེས་པ་འདི་ཉིད་ནང་གི་རྣལ་འབྱོར་ཡིད་ཤེས་ཀྱི་ངེས་པ་ཐོབ་པའི་དགེ་སློང་སངས་རྒྱས་རྒྱ་མཚོས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ངག་དབང་ནོར་བུའི་སྡེ་ཞེས་བྱ་བས་དཔལ་མཁའ་སྤྱོད་དབང་པོའི་གནས་ཆེན་གྱི་འདབ་མར་སྦྱར་བའོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

ན་ལནྡ་མཁན་པོའི་དྲིལ་ན།

ན་ལནྡ་མཁན་པོའི་དྲིལ་ན་བཞུགས་སོ། །བྱིན་རླབས་ཛམྦུའི་གསེར་ཐུར་དཔྱད་བཟང་གིས། །རབ་རིབ་བསལ་ནས་ཆོས་ཀྱི་སྤྱན་དབྱེ་བའི། །གཟིགས་པ་མཁའ་མཉམ་མཐོང་གིན་འཇམ་དབྱངས་ལ། །པད་དཀར་སྙིང་ལ་རོལ་བར་མཛོད་ཅེས་གསོལ། །བོད་ཁམས་མ་ལ་ཆེར་རྒྱང་གཏམ་ལ་གཙི། །ཕྱོགས་ཞེན་གྱིས་སྦྱར་ཇི་བཞིན་བརྗོད་པས་འཕོངས། །རང་དང་མི་མཐུན་ཁུངས་ལ་བཟོ་བགྱིད་ན། །ཀུན་གྱི་ཡིད་རྟོན་བྱེད་པར་སུ་ཡིས་ནུས། །འོན་ཀྱང་རྒྱལ་བ་ཉིད་མཁས་སྙམ་ནས་ལུང་། །གནས་གསུམ་གཞལ་བའི་གཏན་ཚིགས་ཡིན་མཐོང་ནས། །བདག་ནི་དད་པས་ལུགས་ལས་མི་འགོང་བས། །དེ་ལས་ཅི་གསུངས་ཙམ་ཞིག་བཤད་པ་ཡིན། །ན་ལནྡ་ནས་ཆོས་རྗེ་ལུམ་པ་ནས་ཀྱི་དོགས་གཅོད་བརྒྱད་ཚན་ཞིག་གནང་། །དྲི་བའི་སྙིང་པོ་དྲིལ་ཏེ་ལན་ཕུལ་བ་ནི། །སྟོན་པ་འཁྲུངས་སོ། །གཞན་མིག་དམར་ལ་བྱེད་པ། དུས་ཀྱི་འཁོར་ལོའི་རྗེས་སུ་འབྲངས་པ་བུ་སྟོན་གྱིས་གསུངས་པ་བཞིན་ཁས་ལེན། ལྷུམས་སུ་ཞུགས་པར་ཀུན་མཐུན་པས་ཞུ་མ་དགོས། །བལྟམས་དུས་ས་གའི་ཉལ་བྱེད་པ། །འདུལ་བ་གཞུང་དམ་པ་སོ་བདུན་པ་ལས། །བཅོམ་ལྡན་འདས་ལ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། །བཅོམ་ལྡན་འདས་ཟླ་བ་གང་ལ་བཙས། །ཞེས་ཞུས་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱིམ་བདག་དཔྱིད་ཟླ་ཆུང་ལ་བཙས་སོ། །ཞེས་གསུངས་པ་ལུང་ཡིན། །འདི་ལ་ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་མ་དག་ཅེས་གསུངས་པ་རང་གི་བཞེད་པ་དང་མ་མཐུན་པ་ཁོ་ན་ཡིན། །ཤེས་བྱེད་འགོད་རྒྱུ་ཅི་ཡང་མེད། །རྗེ་ཡེ་བཟང་རྩེ་པ་གཞན་མའི་སྨིན་དྲུག་ཟླ་མགོའི་ཟླ་བར་བཞེད་པ་སོགས་ལུགས་མི་མཐུན་པ་མང་ཆེས་པས་རྗེས་སུ་འབྲང་མི་ཐུབ། འདི་ལ་པད་དཀར་ཞལ་ལུང་ལས། དེ་ལྟར་ཟླ་བ་བཅུ་གཉིས་མངལ་དུ་བཞུགས་དགོས་པར་ཐལ་བ་འཕངས་པ་ནི་འདོད་ལན། དེ་ལའང་༼༢ན༣༽ལུང་ནང་ལེའི་འགྲེལ་ཆེན་དུ། དེ་ནས་བུག་པ་ཞེས་པ་ཟླ་བ་དགུ་རྫོགས་པར་གྱུར་པའང་། ཁ་ཅིག་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་འཕགས་པའི་དངོས་པོའི་ཞེས་འབྱུང་བས་དེ་ནི་ཧ་མི་ཆེ། རྒྱ་རོལ་དུ་ཟླ་བ་རྫོགས་པ་ཞེས་པ་བཅུ་ཁོ་ན་ལ་མི་འཛིན་པར། བརྟག་གཉིས་ལས། འདི་རྣམས་ས་ནི་བཅུ་གཉིས་ཏེ། ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་པ་ལྟ་བུར་འགྲེལ་དགོས། །སྟོན་པ་ལོ་གཅིག་མངལ་དུ་བཞུགས་པ་གདུལ་བྱའི་དོན་ཁོ་ན་སྟེ། དེའི་རིང་སྔར་སློབ་པ་ལམ་གྱི་གནས་སྐབས་ལས་བཏུལ་བ་ཆེས་མང་བར་བཤད་པ་ཡིན། །རྒྱལ་ལ་སྐྱེས་ཞེས་པ་ལྟ་བུ་ལ་རྒྱ་རོལ་རང་དུ་སྐར་མ་ས་ག་ལ་བབ་པ་ཞེས་དང་། རྒྱལ་དང་ལྡན་པ། ཞེས་གཉིས་ཀ་ཅིག་ཅར་དུ་གསུངས་བྱུང་བས། རྒྱལ་དེ་ཟླ་སྐར་རམ་ཉི་སྐར་གང་དང་འགྲིག་བསྒྲིག་པ་བླུན་པོ་ཡིན། དོན་ལ་དུས་སྦྱོར་གང་འཆར་བའི་སྐྱེས་སྐར་ཡིན་པས། གདན་བཞི་ལ་སོགས་པར་ཡང་། རོ་ཧི་ཏིའི་དུས་སྦྱོར་ལ་སྐྱེས་པའི་ཚེ་ལོ་དྲུག་ཅུ་ཐུབ་པར་ལུང་སྟོན་པ་སོགས་མཛད་པ་ཡིན་གྱིས་ཉི་སྐར་སོགས་ལ་དེ་ལྟར་མ་བཤད་པས་སོ། །དྲི་བ་གཉིས་པ། བཀའ་བསྡུའི་ཐད་དུ། འདི་སྐད་བདག་གི་ཐོས་ལ་སོགས་པར་སྟོན་པ་ལ་དངོས་སུ་ཐོས་ནས་རྗེས་སུ་བཟླས་པ་དགོས་ཀྱི། བརྒྱུད་ནས་ཐོས་པ་སོགས་ཀྱི་བཤད་པ་ནི་མི་སྣང་ལ། བདེན་བཞིའི་ཆོས་འཁོར་གྱི་ཚེ། འཕགས་པ་ཀུན་དགའ་བོ་ནི་འཁྲུངས་ནས་ཟླ་བ་གཅིག་ལྟག་ཙམ་ལས་མ་ལོན་པས་རབ་ཏུ་བྱུང་ཡང་མཚན་ན་འཁོར་དུ་འདུས་པ་ལྟ་ཅི། དེས་ན་སངས་རྒྱས་ཀྱི་རྣམ་པར་རོལ་པ་དེ་ལྟ་བུའི་དུས་མཚུངས་མི་དགོས་པའམ། བརྒྱུད་ནས་ཐོས་པ་ལ་ཡང་འདི་སྐད་བདག་ཐོས་ཀྱི་སྒྲ་སྦྱར་རུང་བ་ཇི་ལྟར་ལགས། སྔ་རབས་པ་སུས་ཀྱང་འདི་འདྲའི་དོགས་སྤོང་མཛད་པ་མི་སྣང་བས་ཐེ་ཚོམ་ལེགས་པ་རབ་བསལ་བ་ཞིག་མཁྱེན། ཅེས་པའི་ལན་དུ། དེའི་དོགས་གཅོད་བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལ་ཉེས་པ་མེད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་༼༢བ༤༽པ་དང་། དེའི་མཐུས་གཞལ་ཐོས་པ་ཡང་བཅོམ་ལྡན་འདས་ཀྱི་ཐད་ནས་ཐོས་པ་ཡིན་ནོ། །ཡང་ན་གཞན་དག་ལས་ཐོས་ན་ཡང་ཆོས་འཛིན་པའི་མཆོག་ཡིན་པས་དོན་ངེས་པར་བྱ་བའི་ཕྱིར། དེས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །ཞེས་གསུངས་པ་ཉིད་ཀྱིས་དགོངས་མཆི། །དྲི་གསུམ་པ། གྲུབ་ཐོབ་ཁྱུང་པོའི་རྣམ་པར་ཐར་པའི་ཐད་དུ་དངས་དྲགས་ན་ཆུ་ལ་ཉ་མི་འཆགས་པས། གཞན་དག་གིས་ཕྱོགས་འཛིན་དུ་གོ་དོགས་མ་ཕུལ། བཞི་པར། འདོད་པའི་མདའ་ལྔ་ཞེས་པ་ལྟ་བུ་དྲང་དོན་ཁོ་ན་ཡིན་པས། འཆི་མེད་མཛོད་སོགས་ལས་ཇི་ལྟ་བྱུང་བ་བཞིན་ལ་ངོས་འཛིན། དྲི་བ་ལྔ་པར། དུས་འཁོར་རྒྱུད་ཕྱི་མ་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན། དེར་ཀླུ་སྒྲུབ་ཀྱི་ལུང་དྲངས་པའང་ལུང་བསྟན་མིན། ཀླུ་སྒྲུབ་ཀྱི་ལུགས་དངོས་སུ་སྐྱོར་བ་ཡིན། དེ་དུས་ཀླུ་སྒྲུབ་དགུང་ལོ་སུམ་བརྒྱ་ཙམ་ཁོ་ན། འཇམ་དབྱངས་གྲགས་པས་བསྡུས་རྒྱུད་བསྡུས་པའི་ལོ་དེ་ཀར་འདི་མཛད་པ་ཡིན། བཀའི་ནང་དུ་བསྟན་བཅོས་ཀྱི་ལུང་དྲང་བའང་མི་འཐད་པ་མ་ཡིན་ཏེ། བྱམས་སྨོན་བཟང་སྤྱོད་སོགས་བཞིན་ནོ། །འདི་དང་། འགྲེལ་ཆེན་གྱི། སངས་རྒྱས་པའི་མཛོད་མཐོང་ནི། ཞེས་པའི་མཛོད་དབྱིག་གཉེན་གྱི་ཡིན་དགོངས་པ་མི་མཚུངས། དབྱིག་གཉེན་དེ་དུས་བྱོན་མཚར་ཏེ། ཐོགས་མེད་སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་འབྱོན་པའི་ལུང་གསལ་པོར་བཞུགས་པ་ཡིན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱང་པད་དཀར་གྱི་དུས་བྱུང་མ་ཚར་ཏེ། ཨཱརྻ་དེ་ཝ། ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱའི་ནང་གི་སློབ་མ་ཡིན་ནོ། །དྲི་བ་དྲུག་པ་ལ། སེམས་ཅན་གྱི་རྒྱུད་ལ་བདེར་གཤེགས་སྙིང་པོ་ཡོད་པར་བཤད་པས་གཞན་སྟོང་དུ་འགྲོ་དགོས་པའི་ངེས་པ་མི་སྣང་། བྱམས་མགོན་གྱི་མདོ་རྒྱན་དུ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པ་ལྟ་བུར་འདོད་པ་ཡིན། །མར་མི་དྭགས་གསུམ། །ཕག་གྲུ། གླིང་རས། རྒྱ་༼༣ན༥༽རས་ལ་སོགས་པ་ལྟ་བ་རབ་ཏུ་མི་གནས་པ་ཡིན། དེ་ལའང་རྒྱུན་རབ་ཏུ་མི་གནས་པ་དང་། ཟུང་འཇུག་རབ་ཏུ་མི་གནས་པ་གཉིས་འབྱེད་པ་མཻ་ཏྲི་པའི་དགོངས་པ། དྲང་ངེས་གར་ཡང་། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་ལྟར་ཁས་ལེན་པས། སེམས་ཅན་འདུས་བྱས་ཡིན་པའི་རྒྱུ་མཚན་གྱིས། གསར་སྐྱེས་ཁས་ལེན་ན་ནི་བླངས་པས་ཆོག །དྲི་བ་བདུན་པར། དཀར་བརྒྱུད་ཀྱི་སྒྲ་བཤད། རྒྱལ་དབང་རྗེས། རྟོགས་པ་དྲི་མ་མེད་པས་དཀར་བ། ཞེས་གསུངས་ཁོ་བོའི་རྗེ་བླ་མ་དེ་ལ་དགྱེས། དེའི་རྗེས་སུ་འབྲངས་པ་ཡིན། དྲི་བ་བརྒྱད་པ། སྤྲུལ་པ་ལ་སྒྱུ་མ་སྤྲུལ་པ་ལྟ་བུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་དང་། སྣང་ཙམ་དུ་ཡོད་པའི་དཔེར་སྨོས་པ་དང་། ལྷ་ཀླུ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའང་ཡོད། མཆོག་གི་སྤྲུལ་སྐུ་ལྟ་བུ་ལོངས་སྐུ་ལས་བཞེངས་པའི་གཟུགས་སྐུལ་བཞག་པ་དང་། དགའ་ལྡན་གྱི་བྱམས་པ་ལྟ་བུ་སྐྱེ་བ་སྤྲུལ་སྐུའི་ཚུལ་གཟུང་བ་དང་། ལས་ཉོན་གྱི་སྐྱེ་བ་སྔ་ཕྱི་ལྟ་བུ་ལ་སྤྲུལ་པའི་སྐུ་ཞེས་པ་བླུན་པོའི་ཆེ་བརྗོད་དུ་གྱུར་པ་སོགས་མང་དུ་སྣང་། སངས་རྒྱས་ཀྱི་གཟིགས་ངོར་སེམས་ཅན་གྱི་ལས་སྣང་འདི་དག །འདི་འཆར་འདི་མི་འཆར། ཉིད་ལམ་འབྲས་འཆད་པ་པོ་ཡིན་པས་སྣང་གསུམ་དུ། སངས་རྒྱས་ལ་དར་བ་རབ་འབྱམས། ཞེས་གསུངས་པ་དཀར་རྙིང་གསུམ་འདིར་གྲུབ་མཐའ་གཅིག །ཅེས་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ལས་ཞག་དྲུག་སོང་བའི་ཚེ་བྲག་བར་སྒར་ནས། གང་གི་དགེ་ལེགས་ནོར་འཛིན་གཞིས། །བདེ་བའི་ལོ་ཏོག་རྣམས་བསྐྱེད་པས། །རྣམ་གྲོལ་འདོད་དགུའི་ཚོགས་ཀུན་གྱིས། །མ་ལུས་སེམས་ཅན་ཚིམ་གྱུར་ཅིག། །།སརྦ་མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དཔུང་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

བཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན།

བཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན་བཞུགས་སོ། །ལུང་དང་རིགས་པ་སྨྲ་བའི་བཤེས་གཉེན་ཆེན་པོ་རྣམ་རྒྱལ་གྲགས་པའི་མཚན་འཛིན་པ་གང་གི་ཕྱག་ཏུ་ཕུལ་བ། རི་མོ་བཀྲ་ཤིས་ཁ་རྟགས་གསེར། རྟེན་ཁེབས་དང་བཅས་པ། ཉེ་གནས་པས་གཙང་ཆུའི་འཇིགས་པ་ཁྱད་དུ་གསད་དེར་མ་སྟོད་དུ་ཡོད་ཐོག་འབྱོར་པས་ཡིད་ཚིམ། ཉིད་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ལུགས་ལ་ལེགས་པར་སྦྱངས་པ། ཀརྨ་ཀམ་ཚང་གི་ཚོགས་ཀྱི་དབུས་སུ་ལེགས་པར་འདོམས་པའི་འཆད་ཉན་ཐུགས་ཀ་རྫོགས་པར་བགྱིས་ཏེ། ཆོས་གྲྭ་དེ་ཉིད་དུ་ལྷུན་ཆགས་པར་བཞུགས་མཆིས་པ་སྤྲོ། ད་ལམ་ཁོ་བོའི་སྤྱོད་ཚུལ་ལ་བརྟེན་པའི་དྲི་བ་མཛད་འདུག་པ་བདག་ལ་བསྟོད། །གཞན་ལ་སྨོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་མ་ཡིན། ང་ཆེའོ་སྙམ་རློམ་སེམས་དང་དེ་སྒྲུབ་པའང་སྔ་མ་དང་མཚུངས་པར་མཐོང་ཀྱང་། ད་ལམ་ཉིད་རྒྱལ་བའི་ཆོས་ལ་སྦྱངས། །རྣམ་སྤྱོད་ཀྱི་སྤྱན་ཡངས་པས་གླེང་བསླང་བ་འདི་ལྟ་བུ་ལ། ལྐུགས་པའི་ཚུལ་གཟུང་ན་འོས་མིན་པར་བསམས་ནས། །གཞན་གླེང་བ་པོ་དང་། །བདག་གི་ཚུལ། ཤཱཀྱ་ཐུབ་པའི་ལུགས་སུ་མཐུན། ཉིད་ཀྱི་དཔྱད་གཞིར་མཛོད་ཅིག་ཅེས་དྲང་པོར་སྨྲས་སོ། །དེ་ལ་ཉིད་ཀྱི་ཚིག་འདིར་མ་བཀོད་ན་བདག་གིས་ཅི་སྨྲས་སམ། དགོངས་སྲིད་པས། དེ་ཡང་བཀོད་དེ་ལན་དུ་བགྱིས་པ། མཁྱེན་པའི་སྣང་བས་ཤེས་བྱའི་གནས་ཀུན་ཁྱབ། །བརྩེ་བའི་ཐུགས་རྗེས་འགྲོ་བ་དབང་དུ་སྡུད། །ནུས་པས་རྒོལ་ངན་སྤོབས་པ་མཐའ་དག་འཇོམས། །རྒྱལ་བའི་སྲས་པོ་རྒྱལ་བའི་མྱུ་གུ་ལ། །བདག་གཡོ་རྒྱུ་དང་ཟོལ་ཟོག་མིན་པར་རང་གི་ཐེ་ཚོམ་དང་ཡིད་གཉིས་ཀྱི་དྲ་བ་གཅོད་པའི་ཕྱིར། ཚིག་འགའ་ཞིག་ཞུ་ན། ཉིད་ཀྱི་སྙན་པ་དང་གྲགས་པ་ཡང་ཐོས། སྐབས་དེ་དང་དེའི་མི་མཐུན་ཕྱོགས་ཀྱང་ཐོས་ཤིང་། །ཉིད་པཎ་ཆེན་ནཱ་རོའི་སྐྱེ་བའོ་ཞེས་རླུང་ལྟར་གྲགས་ཤིང་། ཞལ་གྱིས་ཡང་བཞེས་འདུག་ཟེར་བ་ལ་དཔག་གསན། རྒྱུ་མཚན་གཞན་ཡོད་༼༢ན༣༽པ་ཡང་སྲིད། ལོ་རས་ཀྱི་རྣམ་ཐར་བཀའ་རྒྱ་མ་ན། སློབ་དཔོན་པདྨའི་ཞལ་ནས། མཁན་པོ་བོ་དྷི་ས་ཏྭ་ཁྱོ་ད་མ་འོངས་པ་ན་ནཱ་རོ་པར་འགྱུར་ཞིང་། དེ་ནས་གཙང་པ་རྒྱ་རས། དེ་ནས་རྒྱལ་པོའི་ཚུལ་གྱིས་འགྲོ་དོན་མཛད་གསུང་བ་ཅིག་འདུག་པ་ལ་དགོངས། རྒྱལ་པོ་བྱ་བ་ཆོས་རྒྱལ་དུ་བྱས། དེའི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་པ་ཡིན་ན། ཞེས་གསུང་བ་འདིའི་ཐད་དུ། འདི་ན་གཏེར་ནས་ཆོས་ཚད་ལྡན་མ་འཐོན་དེ་ཐམས་ཅད་བརྫུས་མའོ་ཞེས་སྨྲས་པ་དང་། བདག་ཉིད་ཆེན་པོར་བསྒྲུབ་པ་དང་གཞན་སྨོད་པ་ལ་གཏེར་ཡིག་གི་ལུང་བསྟན་འདི་རྣམས་འདི་ཡོད་ཅེས་སྨྲ་བའང་མཐོང་། དེ་ལྟ་བུ་མིན་པར་བདག་ནི་རྙིང་མ་བཀའ་གཏེར་ཚད་ལྡན་ལ་གུས། །གཏེར་རྫུས་ལ་དཔྱད་དེ་བཏང་སྙོམས་སུ་འཇོག་པས། ལུང་དྲངས་ཀྱང་འོས་པ་ཉིད་ཡིན་པས། །ཆོས་རྗེ་རྒྱ་རས་ལ། །ས་རལ་ཞེས་བྱའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་བྱུང་། །ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ། །ཞེས་སྤྱན་རས་གཟིགས་མུ་ལུང་བསྟན་པ། ཆོས་དབང་གི་གཏེར་ཡིག །གཞན་ཡང་ཀོང་གཏེར་ལྷོ་གཏེར་མང་པོར་ནཱ་རོ་པར་ལུང་བསྟན་འདུག །དཀར་བརྒྱུད་རང་གི་ཞང་གཡུ་བྲག་པས། །ནཱ་རོ་པའི་དབུ་སྐྲ་གཅོད་མཁན་ང་མིན་པ་སུ་ཡོད་ཅེས། རྒོད་མ་དཀར་མོ་ལ་ཞོན་ནས་བརྒྱུག་པ་ཀུན་མཐུན་གྲུབ་ཏུ་གླེང་། དེ་བཞིན་གླིང་རས་ཀྱི་གདན་ས་ཐེལ་གྱི་གནས་བསྟོད་དུ། དཔྲལ་བའི་དཀྱིལ་ནས་མདོངས་ཅིག་བྱུང་། མདོངས་དེ་གླིང་ཆེན་རས་པ་ཡིན། །མདོངས་ཀྱི་དཀྱིལ་ནས་འོད་ཅིག་བྱུང་། འོད་དེ་ནཱ་རོ་པཎ་ཆེན་ཡིན། །ཟེར་བ་འདུག །ཐམས་ཅད་བཀོད་ཀྱང་མང་སྣང་། །གཙང་པ་རྒྱ་རས་ཉིད་ཀྱིས། །སྐྱེ་བཞིའི་གོང་རོལ་ཁ་ཆེའི་ཡུལ་གྱི་ལྷོ། །ཀོ་ས་ལ་ཞེས་གྲགས་པའི་གྲོང་ཁྱེར་དེར། །མུ་སྟེགས་མ་ཡིན་བྲམ་ཟེའི་རིགས་སུ་སྐྱེས། །དེ་ཚང་མིང་ཡེ་ཤེས་དངོས་གྲུབ་འབོད། །ཅེས་ནཱ་རོ་པར་ཞལ་གྱིས་བཞེས། །འདིར་ཡང་གདུང་གསོ་བ་བརྒྱད་ཅུ་རྩ་བཞིའི་དགུས། །ཅེས་གདུང་རབས་དེ་ཉིད་དུ་སྤྲུལ་པའི་སྐུ་དགུ་༼༢བ༤༽འབྱུང་བར་ལུང་བསྟན་པའི་ཐོག་མར་རྒྱལ་དབང་རྗེ་ཡིན་པ་གཏན་ཚིགས་མང་དུ་སྣང་། །དེའི་སྤྲུལ་པ་བྱ་རིགས་སུ་བྱོན་པ་སོམ་ཉི་མ་མཆིས། །ཁོ་བོ་དེའི་སྤྲུལ་པར་བྱ་པཎྜྻི་ཏ་བཀྲ་ཤིས་རྣམ་རྒྱལ་ལ་སོགས་པས་བརྟགས་དཔྱད་བྱས་པས་མགུ། །ཁྱད་པར་རྡོ་རྗེ་ཆོས་ཀྱི་སྤྱན་ལྡན་འབྲུག་པ་རིན་པོ་ཆེས་དཀོན་མཆོག་ལ་ཟླ་བ་གཅིག་ཏུ་ཆེད་དུ་བྱ་བ་འདི་ཁོ་ནས་གསོལ་བ་བཏབ་པས་སླུ་བ་མེད་པར་ལུང་བསྟན་ནོ་གསུང་བའི་བཀའ་ཐམ་འབྱོར་པ་དང་། ཆུང་ངུའི་དུས་ཁས་འཆེ་བ་ཡང་བྱས་འདུག །ད་ལྟ་ཡིན་པར་འདོད་པ་ལ་ཡིན། མན་པར་འདོད་པ་ལ་མན་བྱས་པས་ཆོག་པར་མཆིས། སྒྲུབ་བྱེད་དགོས་པའི་དལ་བ་མེད་དོ། །ཡང་ཉིད་ཀྱིས། དེའི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་པ་ཡིན་ན། །གཞན་ཕྱོགས་པའི་སྐྱེ་བོ་འགའ་དང་འགའི་བསམ་པ་ལ། །སྐྱེས་བུ་དམ་པ་དེ་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པ་གང་ཡིན་རུང་། བསྟན་པ་དང་སེམས་ཅན་གྱི་བསྲུང་སྐྱོབས་མཛད་པ་མ་གཏོགས་བག་མེད་ཀྱི་སྤྱོད་པ་འདི་ལྟ་བུ་ཅི་ལ་མཛད། །འདི་ནི་འཚེ་བ་ཆོས་སུ་སྨྲ་བ་སེམས་ཅན་བསླུ་བར་བྱེད་པ་ཞིག་གོ། །སྙམ་དུ་བྱེད་པ་ཡོད་སྲིད་པས། །སྐྱེས་བུ་དམ་པ་རྣམས་ལ་ལོག་ལྟ་སྐྱེས་ན། །མེད་པར་ལྟ་བས་རྩ་བ་གཅོད། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་ཞེས་གསུངས། །རང་རྒྱུད་ལ་ཡོད་པའི་འདོད་པའི་སས་བསྡུས་ཀྱི་དགེ་བ་ཆད་ན་ངན་སོང་དུ་ལྷུང་བར་འགྱུར་ལ། བདག་ལ་བརྟེན་ནས་ནམ་དུ་ཡང་། །འགའ་ཡང་གནོད་པར་མ་གྱུར་ཅིག །སྐྱེས་བུ་དམ་པ་ལ་བརྟེན་ནས་སེམས་ཅན་རྣམས་གཡང་སར་ལྷུང་ན་མི་རུང་བས། །ཐབས་སྣ་ཚོགས་ཀྱི་སྒྲོ་ནས་སྐྱེ་བོ་ངན་པའི་ལོག་ལྟ་སྲོལ་དགོས་ཅིང་། དེ་ཡང་སོ་སོ་སྐྱེ་བོ་རྣམས་རྫུ་འཕྲུལ་ལ་ཡིད་གཏོད་པར་བྱེད་པ་ཡིན་ལ། རྫུ་འཕྲུལ་སྔགས་དང་སྨན་དང་ལས་ལས་སྐྱེས་པ་དང་། བསྒོམས་པའི་སྟོབས་ཀྱིས་སྐྱེས་པ་ལ་སོགས་པ་ལས། མི་ལ་སྐྱེས་སྟོབས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་མོད། འབྱུང་པོས་བརླམས་པ་ནི་མ་ནི་ལ་ཆེ། །རྫུ་འཕྲུལ་གྱི་མངོན་ཤེས་༼༣ན༥༽སམ། ཕ་རོལ་གྱི་སེམས་དྲི་བཅས་དྲི་མེད་གང་རུང་ལ་བརྟེན་ནས། །སྐྱེ་བོ་ངན་པ་རྣམས་ཀྱི་ཐེ་ཚོམ་ལོག་ལྟ་བསལ་ཏེ། ཡང་དག་པའི་ལྟ་བ་ལ་འཇུག་པ་ཅིག་ཅིས་ཀྱང་གནང་བ་མཁྱེན་མཁྱེན། དེ་ལྟར་མ་གནང་བར་སེམས་ཅན་བློ་རིགས་སྣ་ཚོགས་པ་དེ་དག་དགེ་ཡང་རུང་། །སྡིག་ཀྱང་རུང་། །ཅི་དགའ་གྱིས་སྙམ་དུ་བོར་ནས། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་བློས་བཏང་བ་དང་། རྫུ་འཕྲུལ་སྡིག་ལ་སོགས་མ་བྱེད་ཅེས་ཉེས་པར་འགྱུར་བ་མ་ལགས་སམ། །ཞེས་གསུང་བ་ལ། བདག་ལོ་དགུ་ནས་དཀར་བརྒྱུད་རིན་པོ་ཆེའི་བསྟན་འཛིན་ལ་གཏུགས་གསུང་གི་བདུད་རྩི་མྱངས། ལོ་བཅུ་བཞི་ནས་དཀར་བརྒྱུད་ཀྱི་གདམས་ངག་ཚིག་ཤེས་ཙམ་བྱུང་ནས་དོན་གཉེར་ལ་བཤད། ལོ་བཅུ་བདུན་ནས་བསྙེན་པར་རྫོགས། དགེ་སློང་གི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པའི་ཕྱིར་འདུལ་བ་ལུང་སྡེ་བཞིའི་པུསྟ་ཀ་མིག་གིས་ལྟས། དོན་ལ་དཔྱད། ཞར་ལ་ཕར་ཚད་དབུ་མངོན་གྱི་གཞུང་ཐོས་པ་བགྱིད་བསམ། པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་གྱི་གསུང་ངག་རྣམས་ཐོག་མར་ལྟ་བའི་མིག་ཏུ་བྱས། །རྒྱ་བོད་ཚད་ཐུབ་ཀྱི་གཞུང་གླེགས་བམ་དུ་མ་ལ་སྦྱངས་པས་ལུང་དང་རིགས་པ་སྨྲ་བ་ལ་འགྲན་ཟླ་མེད་པར་གྲགས། དེ་གཞན་མའི་ཐུགས་སུ་མ་ཤོང་བས་ཕྱོགས་འཛིན་ཅན་རྣམས་ཀྱིས་བདུད་དུ་གླེང་བས། །སྨྲ་བའི་སེང་གེ་རྩོད་ཁབ་ལ་འདྲེར་སྐྱེས་ཟེར་སྨད་པ་དང་འདྲ། ངེད་ཀྱིས་བདུད་བྱས་དེ་འདུལ་བར་རློམས་ན། གཞན་འཕྲུལ་དབང་བྱེད་ཀྱི་གནས་ནས་ཕེབས་དགོས་པ་འདྲ་ལགས། གཞན་གྱི་དད་པས་ཕུལ་བའི་ནོར་ཆུད་ཟོས་ན་མི་རུང་སྙམ། དཔལ་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་། རྒྱལ་བྱེད་ཚལ། ཡང་རྩེ། དཔལ་རི། བྱམས་པ་ཆོས་གླིང་། ཙ་རི། གསང་སྔགས་ཆོས་གླིང་སོགས་ནང་བཞུགས་རྟེན་ཆེན་དགེ་འདུན་གྱི་སྡེ། ལོག་འཚོ་མེད་པའི་འཚོག་ཆས། དབུས་གཙང་ནའང་འགྲན་ཟླ་མེད་པ་འགའ་ཞིག་བསྒྲུབས། གོས་སྐུ་གསུམ་དང་། ༼༣བ༦༽རྒྱལ་བའི་གསུང་རབ་བཞེངས། དབུས་གཙང་དུ་སྡོད་དུས། ས་དགེ་ཀར་རྙིང་ཀུན་ལ་སྲིད་ཞུར་བྱས་པས། དིང་སང་ངམ་རིང་། དཔལ་འཁོར་བདེ་ཆེན། རྟ་སེ་སྐྱེད་ཚལ། བྱ་གཤོངས། བསང་ཕུ་སེར་འབྲས་དགེ་གསུམ་ཀུན་ཏུ། ཁོ་བོ་དང་ཆོས་ཀྱི་འབྲེལ་བ་ཅན་མང་། བློ་གསལ་དེ་དག་བདག་ལ་བསྟོད་པའི་གནས་སུ་བྱེད་པ་འདི་ཁོ་བོས་བྱས་པའི་བག་མེད། གཞན་གྱི་བག་ཡོད་ཅིར་འདུག་ལྟས་ན། སྐྱེ་བོ་མགོ་བསྐོར། བརྒྱ་ཤིག་ནས་སྟོང་འགུགས་ཐབས་སོགས་རྒྱུ་ནོར་རང་ཤེད་འཐོན་པར་གཞན་ཕྱོགས་ཀྱི་དགོན་པ་བསྒྱུར། །རང་འོག་ཏུ་འཛུད་ཐབས་ཀྱི་གཡོ་སྒྱུ་ཁྲམ་གསུམ་མ་ལགས་སམ་གཟིགས། སངས་རྒྱས་སུ་ཁས་ལེན་པ་དང་མངོན་ཤེས་རྫུ་འཕྲུལ་ཡོད་རྒྱུད་བྱེད་པ་ནི། མི་ཚེས་བླ་མའི་རྫུན་དུ་སྣང་བས། བླུན་པོའི་ངོ་ན་མཛེས་ཀྱང་སྟོན་པས་སྡོམ་པ་འཇིག་པའི་རྐྱེན་དུ་གསུངས་འདུག་པས་མ་ནུས་སོ། །ནོར་ལོངས་སྤྱོད་སྤྲིན་བཞིན་འདུས་ཙ་ན། ཁོང་ཆེན་པོ་ཕལ་གྱི་གཉིད་ཐབས་བཅག །གསུང་བ་ལྟར་ལགས། དོན་ལ་སྟོན་པ་སངས་རྒྱས་ལ་ལྷས་བྱིན་གྱིས་རྒྱོགས་རྒྱབ། དཀྲོད་རྩེས་བྱས། མ་སྐྱེས་དགྲས་གླང་པོ་ཆེ་འབྲས་ཆང་གི་མྱོས་པ་རྦད། བྲམ་ཟེའི་གྲོང་དུ་དགེ་སྦྱོང་གོའུ་ཏ་མ་འོང་བའི་ཤུལ་ལམ་དུ་སྤུ་གྲིའི་ཆར་འབབ་པ་ལ་སོགས་པ་ཁྲམ་བྱས་པ་བདེན་སྙམ། རྒྱལ་པོས་མཚམས་བཅད་པས་སྟོན་པ་འཁོར་བཅས་ཟླ་བ་གསུམ་དུ་རྟ་ཆག་རུལ་བ་གསོལ་དགོས་པ་བྱུང་འདུག །མ་སྐྱེས་དགྲས་འགྱོད་ཚང་བྱས། ལྷས་བྱིན་ལུས་དེ་ཉིད་ཀྱི་དམྱལ་བར་སོང་བ་མ་གཟིགས་སམ། བདག་མཐོང་ངམ་ཚུལ་ཐོས་ན་དེ་དག་ལ་སྡིག་ཏོག་མི་དགེ་བའི་བསམ་པ་སྐྱེ་བ། སྐྱེས་བུ་གཅིག་ལ་དགྲ་གཉེན་བར་མའི་མཐོང་འདུས་་་་་་་་་་་་་ཉིད་དགོང་མ་དགོས། ་་་་་་་་་་་། །་་་་་་་་་་་་་་། འཕྲལ་བར་རྒྱལ་པོ་ལ་གནོན་ཀྱང་། ཕུགས་་་་་་སྲོང་གི་སྨོན་ལམ་སྟོབས་ལས་སྟོན་པའི་བསྟན་པ་ལ་ཐོག་མར་ཉོན་༼༤ན༧༽མོངས་པའི་དགྲ་རྩད་ནས་བཅད་པར་འདུག་པས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བར་འགྲོ་བསམ་མོ། །ཡང་། ཉིད་མདོ་རྒྱུད་ཀྱི་གཞུང་རྣམས་འཆད་རྩོང་རྩོམ་མ་ལ་སྤོབས་པ་ཐོགས་པ་མི་འདུག་ཅེས། སྐྱེ་བོ་སུས་ཀྱང་སྐུ་མདུན་ཕྱིན་ཡང་ཡིད་འཕྲོག་ཅིང་རབ་ཏུ་དད་པ་ཅིག་ཡོད་འདུག །དེ་ལྟར་གནང་བ་དེ་རང་གི་ཇི་ལྟར་ཐུགས་ཉམས་སུ་བཞེས་པའི་དོན་དེ་གཞན་ལ་སྟོན་པ་ཡིན་ན་ནི་ཆོས་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། རྣམ་པ་ཐམས་ཆད་ཆོས་ཡོངས་སུ་བསྒྲགས་པས་སངས་རྒྱས་མཉེས་པར་བྱེད་པ། ཞེས་དང་། ཆོས་སྦྱིན་ཉོན་མོངས་ཅན་མིན་པའི། །འགྲོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་དང་། ཆོས་སྨྲ་བའི་གང་ཟག་དེ་ཡོན་གནས་མཆོག་ཏུ་འགྱུར་བར་གསུངས་ཤིང་། གཞུང་ལུགས་དེ་དག་གི་དོན་གྱི་རྩ་བ། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་དགེ་སྡིག་གི་བླང་དོར་ལ་ཐུག་པ་མ་ལགས་སམ། ཡང་བྱང་ཆུབ་སེམས་ཀྱི་ཀུན་ནས་བླངས་པའི་ཉམས་རྟོགས་གང་ཡང་མེད་པར་ཟང་ཟིང་བསྡུ་བའི་ཕྱིར་ཉན་བཤད་དབང་ཁྲིད་སོགས་བྱེད་པ་དེ་ནི་བུམ་པ་སྟོང་པ་ཕར་ཇེ་ཚུར་ཇོ་བྱེད་པ་དང་འདྲ་བར། ཇོ་བོས་བཀའ་གདམས་འཐོར་བུ་བ་ལས་གསུངས་པ་དེ་ཐུགས་ལ་མངའ་མོད། མདོར་ན་ཉིད་ཡུལ་ཕྱོགས་དང་ཡུལ་ཕྱོགས་སུ་བྱོན་ནས་ལུང་རིག་གི་ཉན་བཤད། དབང་ཁྲིད་མན་ངག་སོགས་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་འགྲོ་བ་མཐའ་ཡས་པའི་དོན་མཛད་པ། སྐབས་ལ་ལར་རབ་ཏུ་བྱུང་བ་རྣམས་ཀྱིས་གོ་གྱོན་མཚོན་ཆ་བསྣམས་ཏེ། ཕ་རོལ་པའི་ལུས་དང་སྲོག་དང་ལོངས་སྤྱོད་འཁོར་དང་གནས་རྟེན་སོགས་དྲག་པོའི་སྒོ་ནས་འཇོམས་པར་བྱེད་པ་འདི་གཉིས་ཚ་གྲང་ལྟར་འགལ་བ་འདུས་པའི་ཕུང་པོར་མཐོང་བྱུང་བས། འགལ་འདུ་སྐྱོན་མེད་ཀྱི་ལན་བདག་ཉིད་དང་བདག་དང་སྐལ་བ་མཉམ་པའི་སྐྱེ་བོ་ཀུན་གྱི་ཡིད་ཡུལ་དུ་འབབ་པ་ཅིག་གནང་བ་མཁྱེན། གསུང་བ་འདི་ལ། ཆོས་བཤད་ཚད་རང་གི་རྟོགས་པ་སངས་༼༤བ༨༽རྒྱས་ཁོ་ནའི་ཁྱད་ཆོས། སྐྱོབས་པ་ཉིད་གཟིགས་ལམ་གསུང་བ་ཞེས་པར་འདུག་པས་ཁས་མི་ལོན། །ཚོགས་ལམ་པས་ཐོས་བསམ་གྱི་ཤེས་རབ་ཀྱིས་གོ། དེ་བཞིན་དུ་ཁོ་བོ་ཅག་གིས་ཀྱང་སོ་སོ་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་སའི་བར། ལུང་ཚད་མར་བྱས་པའི་བསྟན་དོན་གནས་བཤད་པ་བྱས་པ་ཡིན། གསུང་རབ་ལས་སྡིག་པ་སྤངས་དགེ་བསྒྲུབ་པ་ཨ་ཅང་། ལར་ཐེག་ཆེན་ལ་འཇུག་འོས་པ་ཐེག་པ་དམན་པར་ཁྲིད་པ་དང་། ཐེག་དམན་དུ་འཇུག་འོས་པ་ཐེག་ཆེན་དུ་བཙན་ཁྲིད་བྱས་པ་ཡིན་ན་གཉིས་ཀ་རྩ་ལྟུང་དུ་བཤད་པའང་གོ། །ལག་ལེན་ལ་འཆུགས་བསམ་པ་མེད། ཁོ་བོའི་བྱས་ཚུལ་གོང་དུ་བྱས་པ་ལྟར་ཡིན་པས་སྡིག་གམ་དགེ་ཐུགས་བསམ་ཐོང་། དམག་བྱས་གསུང་བ་དེ། ཀོང་ཕྱོགས་སུ་ངེད་ཀྱི་གཞན་ལ་གནོད་པ་སྦྱོང་དགོངས་པ་འདྲ་བས་ཅུང་ཟད་བརྗོད་པར་འོས་འདུག །དེ་ཡང་ཁོ་བོས་ཀོང་པོར་ཀར་སྲིད་པའི་ཕྱོགས་ཅི་བྱེད་ཀྱི་འདུག་ཀྱང་། མི་ཆུང་གཅིག་དང་ས་གདན་གང་ཙམ་ཤོང་བའང་ཕྲོགས་པ་མེད། ཁོང་རྣམས་ཀོང་པོ་ལུང་པར་གཞན་དགག་བཞེད་པར་འདུག །ཁྱད་པར་ད་ལོ་སྒར་ཆེན་ནས་ཀོང་པོ་གྲྭ་པོད་ཐམས་ཅད་རྫོང་ལྟར་མཛད། དགས་མན། ལོང་པོ་མན་སྤོ་བོ་ཡན་གྱི་ཀརྨ་པའི་བླ་སློབ་དཔོན་གྲྭ་རིགས་ཚང་མས་གོ་གྱོན་མཚོན་ཐོགས། ཡོན་བདག་འཁུལ་ཚད་བསྐུལ་ཏེ་བསྐོར། རྒྱོགས་དང་མེ་རྒྱོགས། དུག་སྦྱར་མ་ཆུར་བླུག་པ་སོགས་ཁོ་ངན་པ་ལས་ཀྱང་ངན་པའི་ཚུལ་ལ་དཔོན་སློབ་ཐམས་ཅད་རྩེ་མཐུན། ངེད་ཅག་ཁ་ཕུང་དུ་གཏོང་རྩིས་མཛད་སོང་། ངེད་ཀྱི་འཁྲིས་སུ་གནས་པ་རྣམས་ཀྱི་ཕྱག་མཚན་ནི་རྡོ་བ། ཕུབ་དང་གོ་ནི་ལྕགས་རི་ལ་བཅོལ་བ་ཙམ། རྡས་སློབས་སར་ནི་ཁོང་རྣམས་འབྱོན་མ་ཐུབ། ཕྱིར་ནི་ངེད་ཀྱིས་མ་བརྫངས་པས་སྡིག་པ་ཡི་རང་ཙམ་གྱིས་བྱུང་ཤས་ཁ། ཟླ་བ་ལྔའི་རིན་འབུངས་པས་ནི་མཐོ་བ། ངེད་ཀྱི་གཙུག་ལག་ཁང་ཀོང་ཡུལ་བའི་དཔེར་འོས་པ་ཅིག་རྒྱབ་པ་དེ་མེར་བསྲེག་ཐུབ་པ་ལ་༼༥ན༩༽སྤ་ལོར་རྩི། ཁྱོད་ཆོས་ཀྱི་སྤྱན་ལྡན་ཡིན་པས། གཙུག་ལག་ཁང་རྒྱབ་པ་སྡིག་གམ། །བཤིག་པ་སྡིག་ཡིན། བཤིག་པ་དགའ་ན་གླང་དར་མ་བསྟོད་འོས་སུ་འགྲོ་བ་འདྲ། དེས་ན་བསླབ་སྟོན་འདི་ཀརྨ་པ་དཔོན་སློབ་ཀྱི་སྙན་དུ་ཕུལ་འོས་པ་འདྲ་བསམ། ཡང་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ། སྤྲེའུ་རང་གི་མི་གཙང་བ་སྤྲེའུ་གཞན་ལ་བསྐུད་པ་མཐོང་བ། མ་འོངས་པ་ན་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་རང་གི་ཉེས་པ་གསངས་ནས་གཞན་གྱི་ཡིན་པར་བསྒྲག་པ་བྱུང་ཞེས་པར་འདུག །ཡང་དྲག་པོའི་ལས་དེ་དག་བསྟན་པ་སྤྱི་སྒོས་ལ་གནོད་པའི། སེམས་ཅན་མ་རུངས་པ་ཞི་བས་འདུལ་བར་མ་ནུས་པ་དེ་དག །དྲག་པོའི་སྒོ་ནས་ཚར་གཅད་པ་ཡིན་དགོངས་ན་ནི། དུག་གསུམ་གྱིས་ཀུན་ནས་བླངས་ཏེ་ཚར་བཅད་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ་ཡིན་པས་མ་ཡགས་ཐག་ཆོད། བྱམས་སྙིང་རྗེས་ཀུན་ནས་བླངས་པ་ཡིན་ན་རབ་ཕ་རོལ་པོའི་བསམ་སྦྱོར་ངན་པ་འདོར་དུ་བཅུག་ནས། མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་འགོད་པ་ཅིག་དགོས། དེ་མ་བྱུང་ན་ཕ་རོལ་པོའི་གནོད་སེམས་སྤངས། ཞུ་བཤགས་ཕུལ་བཀའ་ཉན་གསུང་བསྒྲུབ་བྱས་དབང་དུ་འདུས་པ་ཅིག་དགོས་རྒྱུ་ཡིན་པ་ལ། ཕྱི་རོལ་དགྲ་བོ་བཏུལ་རུང་གོང་ནས་གོང་དུ་འཕེལ་བ་འདི་ཡང་བྱང་ཆུབ་སེམས་དཔའི་དྲག་པོའི་ལས་ཚོགས་རང་མིན་པ་འདྲ་སྙམ། གསུང་བ་ལ་སྡུག་ལ་རྟག་ཏུ་བྱམས་ལྡན་པ། ཞེས་བསྒྲལ་འོས་མ་བསྒྲལ་ན་རྩ་ལྟུང་། ཁོ་བོ་ལ་མཐུ་བྱས་ཞེས་ཀུན་གླེང་བསླང་། སངས་རྒྱས་ཀྱི་བསྟན་པ་འཛིན་པ་རྣམས་ལ་མི་བྱེད་པར་ཡི་དམ་བཅས་པ་ཡིན། བདག་དང་མི་མཐུན་ཕྱོགས་སུ་གནས་པ་རྣམས། རྣ་རྡོ་གཅིག་ཟོས་ཀྱང་འཐུག་པའི་མཐུ་ཡིན་སྨྲའོ། །ད་སྒོས་རབ་བྱུང་གི་གཟུགས་ཅོམ་བསྟན་འཛིན་དུ་མི་སྣང་བས། དྲག་སྔགས་བཀྲོལ་ཀྱང་དམ་བཅའ་ལས་འགལ་མའི་འགྲོ་འམ་སེམས། མི་ནག་པ་རྣམས་སྔར་བཤགས་པ་ཕུལ་བའང་ཡོད། ད་ལྟ་དགྲ་བྱས་པས་འགྱོད་པའང་ཡོད། ཡང་ད་བྱུང་གནོད་གང་ཚུགས་བྱེད་༼༥བ༡༠༽འོང་བསམ་པའང་ཡོད་པ། འཚེངས་བསམ་པ་ཐོག་ཏུ་ཁེལ་བ་དཀའ། མཐུ་རབས་བདུན་བརྒྱུད་རྩད་ནས་གཅོད་པ་ཟེར། ཆོས་པ་ལ་དགྲ་བྱུང་ན་རམ་ཟླ་བསྟན་སྲུང་ཀློག་པ་ཨ་ཅང་། ཡང་མདོར་ན་ཁྱེད་ཐེག་པ་ཆེན་པོའི་མཛད་སྤྱོད། རྣམ་ཐར་བསམ་གྱིས་མི་ཁྱབ་པས་གནས་པ་ཡིན་པས། དེ་ལ་སྦར་ཚོད་བྱས་ན་བཟོད་པར་གསོལ། བདག་ནི་བློ་ཆུང་ཐེག་པ་དམན་པ་ཡིན་པས། དགེ་འདུན་དམག་འཁྲུག་བྱས་ཏེ་ཤི་བས་དབྱུང་ན། དམག་ལ་སོགས་པ་དོན་གཅིག་ཕྱིར། ཐམས་ཅད་བྱེད་པ་པོ་བཞིན་ལྡན་ཞེས་པ་དེ་བདེན་ན་ནི་ཅི་དགའ་ཟིན་འདུག །གཞན་ཡང་རྩོད་པ་ནི་ཉེས་དམིགས་ཆེ་ཞིང་། རྩོད་པ་མེད་པ་ནི་ཕན་ཡོན་ཆེ་བ་ཡིན་ཏེ། འདུལ་བ་ལས་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གསུངས་པ་དང་། རྩོད་པས་གཉིས་ཀ་རྒྱལ་བ་མེད་ཅེས་དང་། བགྲེས་མོས་ཞུས་པའི་མདོ་ལས་ཡང་ན་རྩོད་པ་མེད་པ་དེ་ནི་དགེ་སློང་གི་ཆོས་རྣམས་ཀྱི་མཆོག་གོ། །ཞེས་དང་། ཨ་ཏི་ཤས་གང་ན་རྩོད་པ་ཡོད་པའི་ཕྱོགས་ནས་དཔག་ཚད་བརྒྱའི་བར་བྲོས་པར་བྱ་ཞེས་གསུངས་པས། འདི་ལྟར་ཕུལ་བ་འདི། གློག་ལ་མུན་པའི་གསལ་འདེབས་ལྟ་བུར་མི་དགྲོངས་པར་འདི་རྣམས་ལེགས་བཤད་ལས། དམ་པ་བདེན་པར་སྨྲ་ན་དགེ། ཞེས་གསུངས་པ་ལྟར་ལགས། བདག་རང་སྐུ་མདུན་དུ་འོངས་ཕྱག་འབུལ་བྱས་པ་ཞུ་འདོད་ཡོད་རུང་ཁམས་ཀྱིས་མ་ལྕོགས་པས་བདག་རྔོ་མ་ཐོགས། བདག་ནི་སྔོན་ནས་སྐྱེས་སྟོབས་དང་སྦྱོར་བྱུང་གི་ཤེས་རབ་དམན་པས་ཞུ་བའི་ཡི་གེ་དང་སྡེབས་སྒྲ་དག་མཚམས་སྦྱོར་མཁས་པ་དགྱེས་པ་མ་བྱུང་རུང་། དོན་ལ་དགོངས་དཔྱོད་གནང་ནས་ལན་གཅིག་གནང་བ་མཁྱེན་མཁྱེན། ཞེས་པའི་རི་མོ་སྤྱན་རས་གཡོ་བའི་ཡོན་མི་འགྱུར་བར་སངས་རྒྱས་རིན་ཆེན་གསེར། དར་དཀར་དྲི་མེད་ཆོས། སྣ་ཚོགས་དགེ་འདུན་གོས་ཟུང་སྟེ། དཀོན་མཆོག་གསུམ་མཚོན་རྒྱ་ལྡན་འབུལ། མེ་ཕག་གྲོ་ཞུན་ཟླ་བའི་གྲལ་ཚེས་བརྒྱད་ལ་དགོན་གསར་བླ་བྲང་ནས་ཕུལ་བའི་ཞུ་ཡིག །གསུང་བ་ཉིད་ཀྱི་ཐུགས་ལ་ཕ་རོལ་གྱིས་གནོད་པ་ཅི་སྐྱལ་ཀྱང་བྱོལ་ལམ་ཡ་མ་བྱས་ན་འཐུས་༼༦ན༡༡༽དགོངས་པ་འདྲ། །དེ་ནི་རང་གཅིག་པོ་ལ་འཐུས་ཏེ། མང་པོའི་མགོན་དུ་སོང་བས་དེ་ལྟར་མ་འཐུས་ཕར་རྩོད་སུ་ལའང་བྱེད་མ་མྱོང་། དབུས་གཙང་ལྷོ་ཀོང་གང་དུ་ཡང་། གཞན་ལ་ཆགས་སྡང་མེད་པའི་ཁར་ཕན་འདོགས་པོའི་བློ་རིགས་བྱས། གཞན་གྱིས་མ་འཐུས་པ་སྙིགས་དུས་སུ་སོང་བས་ཡིན་མོད། དེ་ཀ་ཁམ་པ་བཟོད་པ་བསྒོམས་པའི་དཔེ་ཁོ་ན། ལན་རེ་ལན་གཉིས་རྒུར་པས་མ་ཁྱབ་པ་ཅིག་བྱུང་། དེ་ན་བདག་གི་བྱ་བ་ཁོ་ན་ལ་རག་མ་ལས། ས་དགེ་རྙིང་མ་སུ་དང་མི་མཐུན་པ་མ་བྱུང་ཀྱང་། རྗེ་ཀརྨ་དཔོན་སློབ་དང་མ་མཐུན་པ་ཅིག་བྱུང་། ངེད་ཀྱི་འདིར་མ་འཐུས་པ་བྱས་གསུང་བ་ནི་མེད། བརྟགས་ན། མ་འཇལ་མ་བཏུད་པ་ལ་དགོངས་པར་མ་བདེ་བ་ལོས་ཡིན། འདུད་པ་ལ། ཆོས་འདོད་ནས་དགེ་བའི་བཤེས་གཉེན་བསྟེན་དགོས་པ་ཡིན། དེ་ལྟ་བུ་ནི་ཆོས་ཅི་ཞུ་ལས་མི་སྣང་། ས་སྐྱ་པའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ལྟ་བུ་བོད་གངས་ཅན་ལ་ལུང་བསྒྱུར་བ་ཞིག་ན། བོད་དུ་སྡོད་མི་སྡོད་དེ་ལ་རག་ལས་པས་འདུད་དགོས་པར་མཆི། དེ་ལྟར་ནི་མི་སྣང་། དང་པོ་བརྒྱུད་པའི་འདེད་ཁུངས་དེ་ཡིན་ནའང་འདུད་དགོས་ཏེ། དེད་ཅག་དཔལ་ཕག་མོ་གྲུ་པའི་རིང་ལུགས་འཛིན་པར་སོང་བས་འབྲེལ་མི་སྣང་། ཆོས་གོ་བའི་མི་ལ་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་ནས་ཀྱང་རྟེན་ཐབས་མ་ནོར་བ་ཅིག་་་་ །གཞན་དུ་ཁྱིའི་སྐྱེ་བ་བརྒྱད་སྐྱེས་ནས། རྨེ་ཤ་ཅན་དུའང་སྐྱེ་བར་འགྱུར། གསུང་པ་འདུག་པས། བླ་མ་འཚོལ་བ་ལ་མི་དགའ་བ་དེ་ལྟར་ཡིན། རྩོད་པ་མེད་པའི་རྒྱུ་དེར་ཐུག་བྱུང་བས། མ་ནུས་པ་ལ་ཚིག་གིས་སྦྱངས་ཟེར་བ་ལྟར་འདུག །ཉིད་དགེ་བའི་བཤེས་གཉེན་བགྲེས་པོར་སོང་ཐུགས་ཀྱིས་མ་བཟོད་པར་བསླབ་སྟོན་ཕབས་པའི་དོན་ཞུ་ལན་ནང་གཙང་བས་དྲང་པོར་ཕུལ། འདི་རྣམས་ལ་ཀུན་དཔང་དུ་བཟང་ཆོག་པ་ཡོད། ༼༦བ༡༢༽ཡང་བདག་སྤྱོད་པ་རུངས་ན། ཁོང་གྲུབ་མཐའ་མི་གཅིག་པ་གཞན་རྣམས་ཁོ་བོ་ལ་དད་དང་། དུད་དུད་ཅི་ལ་བྱེད་ཀྱང་གཟིགས་པར་འཚལ།། །།དགེའོ། །ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

རྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན།

རྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན་བཞུགས་སོ། །ཟས་གཙང་སྲས་ཀྱི་དུས་འཁོར་རྒྱུད་བསྟན་ཚུལ། །རྡོར་དབྱིངས་ཆོས་དབྱིངས་གསུང་དབང་སོགས་སྤྲུལ་པར། །དངོས་སུ་གསུངས་ཕྱིར་ཐེ་ཚོམ་ཅི་ལ་སྐྱེ། །གཞན་ནི་སྣ་ཚོགས་སྐུ་ཕྱིར་བར་འདུལ་བ། །དུས་གཅིག་ཉིད་ཀྱི་བསྟན་དང་སྔགས་མིན་ན། །ཐེག་གསུམ་ཐམས་ཅད་བསྟན་པར་མི་འགྲུབ་པ། །ཚེ་ཚད་སྤྱིར་བཏང་དམིགས་བསལ་ཉིད་ཡིན་ནོ། །ཕུང་སོགས་རྟེན་དང་ཡེ་ཤེས་རྟེན་ཉིད་དུ། །རྒྱུད་མང་ལས་གསུངས་འགྱུར་བ་ཡོད་རིང་ལའོ། །ཨེ་ཝ་སྒྲ་སྒྲུབ་འདི་ལ་ཀ་ལཱ་པའི། །སྤྱི་དོན་དུ་འཆད་རྒྱུད་ལས་གང་བ་གཉིས། །དམར་ཆའི་གང་མཐའི་ཚེག་དྲག་ཝ་སྲོག་མེད། །ཕྱི་མ་ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་ཇུལ་གསུང་དང་ནི། །ཨ་ཡིག་མུན་ཅན་ཞེས་ཝས་བསྒྲུབས་པ་དང་། །དང་པོའི་ཨ་ཡིག་མཁའ་ཁམས་ཨེ་ཡིག་གྲུབ། །དེ་ཕྱིར་འདི་ལ་ཆད་ལྷག་གང་ཡང་མེད། །མེ་ཏོག་དོར་བ་ལྷ་ཡི་མཚན་མ་ལ། །གནོད་ན་འཇིག་ཉེས་འབྱུང་དྲང་དོན་དང་། །དེ་བཞིན་དྲང་ངེས་སོ་སོ་རང་བྲེ་བ་གཟིགས། །བུད་མེད་གཟུངས་སུ་རྒྱལ་བ་སྲས་བཅས་སྤྲུལ། །དེ་ལ་རྟེན་གྱི་དམད་ན་ཉེས་ལྕི་བས། །མཐའ་བགག་ཕྱིར་དང་དུས་འཁོར་ཡབ་ཡུམ་ནི། །རྒྱུ་འབྲས་ཉིད་ལ་ནམ་མཁའ་ཡེ་ཤེས་ཏེ། །ཀུན་གྱི་གྲོགས་ཕྱིར་དགྲ་སྤྲོད་རིགས་མ་ཡིན། །རྫོགས་པའི་རིམ་པ་དྲུག་རིགས་དྲུག་གི། །རྣམ་གཞག་སོ་སོར་དབྱེ་ཕྱིར་འགལ་བ་ཅི། །ཡུལ་ལ་བཞིར་བཤད་ཕྱ་བསྡུས་མཁན་པོས་ཡིན། །མདོ་དང་སྡེ་༼༢ན༣༽བདུན་མཛད་པས་ཞེན་ཡུལ་དང་། །འཇུག་ཡུལ་དོན་གཅིག་གསུངས་པས་ཉིད་དགོངས་ཤིང་། །རྡོ་རྗེའི་ལམ་ཞུགས་ཞེས་སྒྲ་གཉིས་སུ་འཆད། །དང་པོ་ལམ་ཞུགས་ཞེས་པའི་ལམ་དེ་ནི། །ཐར་ལམ་ཡིན་པར་སྨྲ་དང་ཁྱད་ཅི་ཡོད། །གཉིས་པ་དངོས་ཏེ་སོར་སྡུད་དུས་བྱུང་ན། །གྲོལ་བ་ཚད་ལྡན་ཉིད་དུ་ཅིས་མ་སོང་། །གང་ཟག་རིགས་ལས་ཕྱག་རྒྱ་རིམ་པ་གསུམ། །དངོས་འབྲེལ་ཐ་དད་པ་དང་གཅིག་འགྱུར་བའི། །འཕྲུལ་ཤེས་མན་ངག་ལྡན་པ་དེ་འདྲར་ཟེར། །དམ་རྒྱར་སློབ་དང་མི་སློབ་ཟུང་འཇུག་གཉིས། །སྔ་མ་རྒྱུར་བཅས་ཕྱི་མ་འབྲས་བུར་བཏགས། །དེས་ན་དེས་དེ་སྐྱེད་པའི་ཐ་སྙད་སྦྱར། །འདི་བསྟན་ཕྱག་ཆེན་དམིགས་བཅས་སྟོང་ཉིད་ཡིན། །དེས་ན་འཕགས་ལམ་དངོས་སུ་འགྲུབ་པ་དཀའ། །ཆོས་སྐུས་གཞན་དོན་མཛད་པའི་ཚུལ་འདི་ནི། །འཇུག་པར་ཞི་སྐུ་དཔག་པ་ལམ་ཤིང་སོགས་དཔེས། །སྐུ་གཉིས་ཟུང་འཇུག་བསྒྲུབས་པ་དེ་ལ་གཟིགས། །གང་གི་དྲི་ཚིག་གོས་དཀར་ཟངས་རྟེན་བཅས། །ཕོ་ཉས་སྨིན་ཀྱང་རེ་ཞིག་སར་འགྱངས་པ། །ཉིད་ཐུགས་ཁྲོ་བ་བྲལ་བས་སྙམ་བསམ་སྟེ། །ད་རེས་མདོ་ཙམ་བྲིས་འདི་གཟིགས་པར་འོས། །མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

བྱང་བདག་པོའི་ཟླ་གསང་དྲི་ལན།

བྱང་བདག་པོའི་ཟླ་གསང་དྲི་ལན་བཞུགས་སོ། །བཀྲ་ཤིས་ལྷ་ཡི་རི་བོ་ཉམས་དགའ་བ། །བསོད་ནམས་སྟོབས་རྒྱས་ཚངས་པའི་མདུན་ས་ནས། །རྣམ་དཔྱོད་ཀླུ་དབྱངས་བྱེ་བ་ཕྲག་བརྒྱ་པའི། །བསིལ་བུར་འདར་ལྡན་དྲི་ཚིག་བུ་མོའི་མཚོ། །ཁྱབ་འཇུག་རྐང་པར་བཅོས་པའི་ལུས་ཀྱིས་སུ། །མགྲིན་སྔོན་རལ་པའི་ཕྱོགས་སུ་མངོན་པར་བབས། །དེ་དེར་ཐག་རིངས་བཤད་པས་ངལ་བ་བཞིན། །རྒྱང་རིང་གཉིད་ལོག་དེ་ནས་རབ་སད་པ། །ཐུགས་བཞེད་ལྦུ་དཀར་ཤེལ་གྱི་རྒྱན་ཅན་འདིའོ། །པད་ལུགས་ལས་གཞན་གནུབས་ལུགས་གང་ཡིན་ཞེས། ཟླ་གསང་ཕྱོགས་འདིར་ཁྱོད་ཐུགས་དོགས་དེ་ལ། །ལྕགས་སྡིག་ཆོས་ཀྱི་བཀའ་འབྱེད་ལྡེ་མིག་ཏུ། །ཨུ་རྒྱན་པདྨས་མཛད་པ་ལ། །ཆོས་མཚན་སུམ་ཅུ་རྩ་བརྒྱད་ཡོད། །འཁོར་ལོ་ཉི་ཤུ་རྩ་བདུན་ཡོད། །ཤོག་ལྡེབ་གསུམ་ལ་ཚང་བ་ཡོད། །སྡིག་པའི་ཆོས་ལ་བསྒྲིལ་ཏུ་མེད། །ཐུན་མོང་བསྲུང་མཚམས་ཙམ་དུ་འགྲོ། །ཞེས་པ་སངས་རྒྱས་ཡེ་ཤེས་ཉིད་གསུང་ལགས། །དེ་བས་དང་པོར་པད་ལུགས་ཕྱི་མ་ལ། །གནུབས་ལུགས་ཞེས་སུ་དྲག་སྔགས་མཁས་པས་བསྒྲགས། །པདྨས་མི་མཁྱེན་གནུབས་ཀྱིས་ཤེས་སྨྲ་མིན། །དང་པོར་ཟབ་སྦས་ཕྱི་མར་གསལ་བསྟན་ཕྱིར། །ལུགས་ཕྱི་ལྷག་པར་དངོས་སུ་འཐོན་མིན་ནམ། །མཆོད་རྟེན་སྲོག་ཤིང་དབྱིབས་མདར་གསུངས་པ་ལ། །ད་ལྟའི་མདའ་ཚད་དགོས་དགོངས་འཁྲུལ་བ་འདི། །བློ་ལྡན་ཁྱོད་ཐུགས་རྨོངས་པ་མི་སྲིད་ཀྱང་། །གཞན་ལ་ཅོ་འདྲིར་བརྫུ་བ་ཡིན་ནམ་སྙམ། །སྲོག་ཤིང་ལྷག་ལ་ལས་གཤིན་གསུམ་དགོས་པ། །རྩ་རྒྱུད་གཞུང་གིས་དངོས་སུ་མ་ཟིན་ཀྱང་། །དགོས་དོན་ལྷ་ཐེམས་ཡི་གེས་བཤད་པ་ཡིན། །གྱད་གནོན་ལྟ་བརྒྱད་དཀྱིལ་འཁོར་དགོད་ནོར་ལོ། །འཁྲུལ་བསམ་མི་འཚལ་ལྕགས་སྡིག་འདི་ཉིད་ཀྱི། །སྒྲུབ་ཐབས་སྙིང་གཟེར་ནག་པོར་འདི་སྐད་གསུངས། །ལྷོ་ན་གཤིན་རྗེ་ནག་པོ་ནི། །འཁོར་ལོ་ཙིཏྟའི་འཕྲེང་བ་བསྣམས། །ཞེས་སོགས་༼༢ན༣༽ཉིད་དང་མཆོད་རྟེན་སྒྲོན་རྒྱས་པར། །དབུས་སུ་ཕྱག་རྒྱ་ཟིལ་གནོན་བསྐྱད། །ཤར་ཐུགས་ལྷོ་སྐུ་ནུབ་ཏུ་སྦལ། །བྱང་དུ་ཀ་རུ་མཚམས་གྱད་གནོན། ཟླ་གམ་སྤྲུལ་པ་གསུམ་པོ་ལ། ཞེས་པས་གཞུང་ཉིད་གཟིགས་པས་གསལ་བར་མཆིས། དཔེ་ན་མི་སྣང་ཁྱོད་གསུང་ཐོས་ལོ་ལ། ཐོད་སྐུ་ཐོད་ཚལ་གསར་མའི་རྒྱས་འགེབས་ཡིན། ཚེ་བདག་གཞུང་ལས་དེ་འདྲ་བཤད་པ་མེད། འདི་ཅི་རྒྱས་འདེབས་གར་ཡིན་སྒྲུབ་ཐབས་སུ། ཐོད་སྦྱོར་འབྲུ་སྣ་སྨན་གྱིས་བཀང་། ཞེས་གསུངས། དེ་ཡི་ཞལ་བཞེས་ནང་དེ་ན། ཕོ་ཐོད་མ་ཐོད་བཟང་པོ་ལ། ལྷ་བཟོ་སྟོབས་ལྡན་མཁས་པ་ཡིས། །རྒྱལ་ནས་གཟུང་སྟེ་ཡབ་ཡུམ་སྐུ། །སྲས་མཆོག་ཡབ་ཡུམ་མཁའ་ལྡིང་བཞི། །ཞེས་གསུངས་ཉེས་པར་བཏགས་ཏེ་སྐྱོན་མེད་དོ། །ེ་རིང་བར་གྱི་འབྲུ་གསུམ་མི་འཐད་ལོ། །སྙིང་གཟེར་ཨུར་མོ་ལས་བཞི་རྣལ་བཟླ་ལ། འབྲུ་གསུམ་བཙུག་ཝ་བརྒྱ་དང་ཞེ་དགུ་པ། ཕྱི་ནི་མཆོད་རྟེན་ལ་བརྟེན་སུམ་སྦྲལ་གྱི། །ཻ་རིང་བསྲུང་བར་བགྲང་ལ་བཤད་པ་ཡིན། །སྤྱི་སྡེ་བ་བཅུ་གཉིས་ལ་སོགས་སྐབས་ཀྱིས་ཤེས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱང་མཐའ་གཅིག་མིན། །དཔེར་བརྗོད་དྲུག་པོ་སྔགས་བྱང་བུ་ཡིག་ཏུ། །བཅུ་གཉིས་པ་དང་འབྲུ་བརྒྱད་གསུངས། །བཅུ་གཉིས་སླད་དུ་བགྲང་བ་ནི། གཙོ་འཁོར་ཐ་དད་བསྙེན་དང་བཟླ་ཚུལ་ལུང་། །གཙོ་བོ་བརྒྱ་ལ་འཁོར་ལ་བདུན། །ཞེས་པ་སྙིང་གཟེར་དུ་བྱུང་མཆོད་སྒྲོན་དུ། །གཙོ་ལ་ཁྲི་ལ་ཡུམ་ལ་སྟོང་། །འཁོར་ལ་བརྒྱ་ཡིས་འཛབ་དགོངས་རྫོགས། །སོ་སོར་བསྙེན་པའི་དུས་སུ་ནི། །སྒྲོལ་ཡུམ་ཐུགས་ཀའི་ཛཿལས་ནི། །རྐང་བྱེད་སྙིང་གཟེར་ལུང་ཡིན་དེས་བཤད་དོ། །རྣལ་བཟློག་དཀྲུག་དང་བཟླ་བའི་ཚུལ་སོགས་ལ། ཞི་དྲག་ཁྱད་པར་བགྲང་ཡས་མཆིས་པ་ནི། །མཚན་ལྡན་བླ་མའི་ཞལ་སྐྱིན་མྱངས་པ་ན། །སྤྱི་རྒྱུད་མང་ཡང་འདིར་ནི་སྙིང་འཛིངས་ཉིད། །རྒྱུད་གཞུང་རྟོགས་དཀའ་རིག་འཛིན་ཆེ་གཞུང་བསྙེན། །དེ་བས་བདག་ཚིག་བདག་དང་སྐྱོན་རྟོགས་མཁན། །ཟླ་བ་རབ་རིབ་མིག་ཅན་ལྟ་བུར་མཚུངས། །ཟླ་གསང་ཆོས་ཀྱི་རྒྱ་༼༢བ༤༽མཚོའི་གཏམ་འདིས་ཀྱང་། །སྔགས་རློམ་ཁྲོན་པར་སྐྱེས་རྣམས་སྙིང་འགས་པས། །བདག་ལ་སྡིག་འགྱུར་ཚིག་འདི་ཁྱོད་ཁོ་ནས། །ཉན་ནས་བགས་ཀྱིས་གཞན་ལ་བསྙད་པར་འོས། །འདི་ནི་ལ་སྟོད་བྱང་ནས་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱས་ཀྱིས་ཟླ་གསར་ཆོ་ག་ལ་བརྟེན་པའི་དྲི་ཚིག་ཅུང་ཟད་མཛད་པའི་ལན་དུ། སྔགས་འཆང་པདྨ་དཀར་པོས་བདུད་བཞི་འདུལ་བའི་དམག་གི་སྡེའི་དབུས། ཐུབ་བསྟན་ལང་ཚོ་བདོ་བའི་ཐང་། དཔལ་བྱམས་པ་ཆེན་པོ་ཆོས་ཀྱི་གླིང་གི་གཙུག་ལག་ཁང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ། ཆོས་ཡིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

ཇོ་ནང་པའི་སྦྱོར་དྲུག་བཤད་པར་ཁས་འཆེ་བ་རྣམས་ལ་དྲིས་པ།

ཇོ་ནང་པའི་སྦྱོར་དྲུག་བཤད་པར་ཁས་འཆེ་བ་རྣམས་ལ་དྲིས་པ་བཞུགས་སོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །མཐའ་དྲུག་ཚུལ་བཞི་ཕྱི་ནང་གཞན་གསུམ་གྱིས། །བཅིངས་པའི་རྒྱུད་སྡེ་འབྱེད་པའི་མན་ངག་ནི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག །ཇི་བཞིན་མཁྱེན་པ་ཐམས་ཅད་ཕྱག་བྱའི་འོས། །ཚིག་ཙམ་སྨྲ་ལ་གནད་རྣམས་མ་ཟིན་པས། །ད་དུང་དགེ་བའི་བཤེས་ཀྱི་ཞབས་བསྟེན་ནས། །ལམ་འདིར་ཐོས་བསམ་སྒོམ་པར་མཐར་ཕྱིན་པའི། །ཆེད་དུ་ཡིན་གྱི་གཞན་དུ་དྲིས་པས་ཅི། །སོར་སྡུད་སྐབས་འདིར་རླུང་སེམས་ཟིན་པའི་རྟགས། །བཤད་པའི་ས་ཆུ་མེ་དང་རླུང་གི་རླུང་། །ཟིན་པའི་གནས་གང་ཟིན་ཉིད་ཅི་ལ་དང་། །དབུ་མར་ཚུད་དང་དེ་ལ་ཁྱད་པར་ཅི། །རྩ་རྣམས་དག་ཚེ་དབུ་མ་ལས་གཞན་པའི། །རྣམ་གཞག་རྒྱུད་ལས་མ་མཐོང་ཀུན་མཁྱེན་ཆེ། །འཁོར་བ་གནས་གྱུར་མྱང་འདས་མི་བཞེད་པས། །རོ་རྐྱང་འཁོར་བའི་རྩ་ཚོགས་གང་དུ་སོང་། །སོར་སྡུད་ཉིད་ཀྱིས་གྲོལ་བའི་གང་ཟག་དེའི། །རྩ་མདུད་གང་གིས་བཤིག་དང་དཀར་དམར་གྱི། །འཕོ་བ་དག་དང་བཅུ་གཉིས་བདེན་དོན་ས། །རྒྱུ་རྐྱེན་ཅི་ལས་བྱུང་འདི་གསལ་བར་སྨྲོས༑ །སྲོག་རྩོལ་དུས་སུ་ཕྱི་ནས་རྔུབས་པའི་རླུང་། །དབུ་མར་འཇུག་པའི་གནས་དེ་འཁོར་ལོ་གང་། །དེ་ཉིད་དབུ་མའི་ནང་དུ་མི་འཇུག་ན། །བརྔུབས་ཏེ་ནང་དུ་བཀང་བའི་དགོས་པ་ཅི། །རླུང་རྣམས་ཕྱི་རོལ་འཕོས་པའི་སྐྱོན་གསུངས་ནས། །ཡང་འདིར་མཉམ་རྒྱུའི་འཕོ་བ་བསྒྲུབ་བྱར་བསྟན། །གཞན་ལས་དེ་ཉིད་སྒྲ་གཅན་འཆི་ལྟས་བཤད༑ །འདི་འདྲ་འགལ་མེད་སྟོན་པའི་རིགས་པ་ཅི། །སྲོག་རྩོལ་གྱིས་ནི་རླུང་རྣམས་འགགས་བྱས་ནས། །འཛིན་པས་རིགས་དྲུག་རྩེ་མོར་འཆིངས་དེ་ལ། །སླར་ཡང་ཏིང་ངེ་འཛིན་དེར་ཉི་ཁྲི་དང་། །ཆིག་སྟོང་དྲུག་བརྒྱ་འགགས་དགོས་ཅི་སྟེ་གསུང་། །ཏིང་ངེ་འཛིན་དེར་རྩ་མདུད་གྲོལ་བ་དང་། །འཛག་བདེ་དག་གསུང་སྔུན་མ་རྣམས་ལ་མིན། །ལམ་འདིར་ཁྱད་ཆོས་ལྷག་པ་ཅི་ཞིག་ཡོད། །མེད་ན་སྐབས་འདིར་གསུངས་པའི་རྒྱུ་མཚན་གང་། །ལུས་གཅིག་ཉིད་ཀྱིས་ཡེ་ཤེས་སྐུ་འགྲུབ་པར། །གསལ་བར་གསུང་ན་རྩ་སོགས་སྙིགས་མའི་ཁམས། །ཇི་ལྟར་དྭངས་འགྱུར་སྙིགས་མའི་ཕུང་པོ་འདི། །སྤངས་ན་ལུས་གཅིག་དེ་ཡང་ཇི་ལྟར་འགྱུར། །གཞན་ཡང་ཚུལ་འདིར་དཔྱད་པ་མང་མོད་ཀྱང་། །རེ་ཞིག་ཡི་གེས་འཇིགས་པས་ངས་མ་བཀོད། །རྣལ་ལན་མི་ཐེབས་མཁས་པའི་ཁུར་བོར་ལ། །སློབ་མའི་འདུ་ཤེས་གཟུང་ལ་འདིར་ཤོག་ཅིག །མཁས་པར་སྙེམས་པ་འགའ་ཞིག་ཡོད་མཆིས་ན། །རྒྱུད་དང་སེམས་འགྲེལ་འཕགས་ཡུལ་གྲུབ་པའི་གཞུང་། །ཚད་ཐུབ་དཔང་པོར་བཞག་ནས་རྩོད་བྱ་ཡིས། །རིགས་པས་དཔྱད་བཟོད་ཡོད་ན་འདིར་ཤོག་ཅིག །པདྨ་དཀར་པོས་སྦྱར་བའོ།། །།མངྒ་ལཾ།། །།

བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ།

བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་དབང་རྣམས་ཀྱི་སྙིང་སྟོབས་པད་ཚལ་གྱི། མཁྱེན་པའི་གེ་སར་ལེགས་བཤད་རྡུལ་གསར་པ། །ཅི་ཡང་འཐོར་བའི་འཇམ་མགོན་མཎྜྻ་ར། །བདག་ཡིད་རྫིང་བུར་རིང་དུ་རོལ་བར་མཛོད། །རྒྱུད་སྡེའི་མེ་ཏོག་བནྡྷུ་ཛཱི་བ་ཀ །འབྱེད་པར་ནུས་པའི་མཁས་པའི་ཉི་མ་འགའ། །འཚོལ་ཕྱིར་ལེགས་བཤད་བུང་བ་གཞོན་ནུ་འདི། །དཔྱོད་ལྡན་དགའ་བའི་ཚལ་ནས་འཕུར་ཏེ་སོང་༑ །རྒྱུད་དང་མི་མཐུན་དོར་བའི་གཏམ་སྙན་ཀྱང་། །ཀུན་ལ་དབང་བསྐུར་སྟོན་པས་དོན་ལ་མིན། །གསང་སྒྲོགས་ཉེས་པར་བཤད་པས་མི་གནོད་དམ། དབང་ལ་མིན་ན་རིམ་འཇུག་གང་ཟག་ཅི། །སྣོད་རུང་གང་ཟག་ཉེར་ལྔ་ལས་གཞན་པ། །འཇུག་པ་བླ་མེད་རྒྱུད་སྡེ་གང་དུ་བཀག །བྱ་བའི་རྒྱུད་ལས་སྐབས་འདིར་བཙན་པའི་ལུང་། །དཔལ་ལྡན་དུས་ཀྱི་འཁོར་ལོར་གནང་མིན་ནམ། །བྱ་བའི་རྒྱུད་ལས་བཀག་ན་དེ་ཉིད་ཀྱི། །རིག་གཏད་རྗེས་གནང་ཁྲོམ་ལ་བྱེད་པའང་འགལ། །སྐབས་འདིའི་རྗེས་གནང་དབང་ལ་དགོས་པའི་ཁྱད། །ཅི་ཡང་མ་མཐོང་ཚིག་ལ་རྩོད་པས་ཅི། །རིགས་པས་ཆོ་ག་རྫོགས་པར་མི་འགྱུར་རོ། །དུས་འཁོར་འཕྲེང་བའི་དབང་ཉིད་མང་པོ་ལ། །སྟོན་བཞིན་དེ་སྐད་སྨྲས་ཀྱང་མཛེས་པ་མིན༑ །བདེ་དགྱེས་ཉུང་བར་མངོན་སུམ་ཉིད་ཀྱིས་གྲུབ། །རྩ་བའི་རྒྱུད་འདིར་སློབ་དཔོན་དབང་བསྐུར་བ། །བུམ་དབང་དངོས་གཞིར་གསུངས་ཀྱི་དུས་འཁོར་ལས། དེ་གཉིས་ཐ་དད་བཤད་པའི་དགོངས་གཞི་གང་། །འགལ་མེད་ལུང་དང་དངོས་སྟོབས་རིགས་པ་ཅི། །མཆོག་དབང་གསུམ་ལ་དཀྱིལ་འཁོར་བསྒོམ་པས་རུང་། །བུམ་པའི་དབང་ལ་དེ་ལྟ་མ་ཡིན་པའི། །རྒྱུད་ལུང་ཅི་ཡོད་མེད་ན་སྨིན་བྱེད་དབང་། །རྡུལ་ཚོན་ཉིད་དུ་བསྐུར་ཞེས་སྨྲས་ཀྱང་ཅི། །འགའ་ཞིག་སྡོམ་བཟུང་སྐབས་དང་བུམ་དབང་དུས། །སྔགས་སྡོམ་རྫོགས་ཟེར་འདི་དང་རྣལ་འབྱོར་རྒྱུད། །སྡོམ་པའི་དབྱེ་བ་གང་གིས་ཕྱེད་པར་འགྱུར། །སྔགས་ཀྱི་དགེ་སློང་དགེ་ཚུལ་གསུངས་པའང་འཇིག །གསུམ་པའི་དབང་དུས་ཡས་བབས་དགའ་བ་བཞི། །རྫོགས་པར་གྱུར་ན་བཞི་པའི་ལྷན་སྐྱེས་ཅི༑ །འཛག་བདེ་ཤེས་རབ་དབང་དང་བཞི་པ་ལ། །འགྱུར་མེད་བདེ་བར་གསུངས་འདི་གནོད་མིན་ནམ། །བཞི་པའི་དུས་སུ་མཆོག་གི་ཟེ་བ་རུ། །སེམས་ལྷུང་ལྷན་ཅིག་སྐྱེས་དགའ་དེ་ཉིད་ཀྱང་༑ །དབང་པོ་གཉིས་སྦྱོར་བདེ་བ་ཉིད་ཡིན་པས། །དབང་ལས་བྱུང་བའི་རང་བྱུང་ཡེ་ཤེས་གང་། །དབང་དུས་ཁོ་ནར་སྐྱེ་བའི་སོར་སྡོམ་ཡང་། བྱང་ཆུབ་སྙིང་པོའི་བར་དུ་ཅིས་མི་འབྲང་། །ཐེག་ཆེན་སྐྱབས་འགྲོ་དེ་སྲིད་བྱེད་པའི་ཕྱིར། །སྐྱབས་འགྲོའི་དབང་གིས་སྡོམ་འདི་བཟོས་མིན་ནམ། །དབང་ངམ་བསྐུར་བར་དངོས་གྲུབ་མི་འབྱུང་ན༑ །ལྷན་ཅིག་སྐྱེས་གྲུབ་འགྲེལ་པར་བྱུང་བའི་གཏམ། །རོལ་པ་མོ་དང་གཞན་ཡང་ཀཽ་རཀྵས། །དབང་བསྐུར་སུ་ལས་ཞུས་དེ་གསལ་བར་སྨྲོས། །ཚེ་འདིར་དབང་མ་བསྐུར་ཀྱང་ཐོབ་པ་ཞིག །མེད་ན་སྔགས་སྡོམ་སེམས་རྗེས་འབྲང་བ་ཅི། །ཡོད་ན་ཁས་བླངས་མཐུན་ཕྱིར་དགག་བཞག་གི །གཏན་ཚིག་རང་མགོར་ལྡོག་པ་མ་ཡིན་ནམ། །བཤེས་གཉེན་ཆུ་ཁུར་ཅན་རྣམས་འདས་གྱུར་པས། །སྙིང་སྟོབས་མེ་ཏོག་བཟང་པོས་འཕོངས་དུས་འདིར། །སྒྲོ་བཏགས་སྟག་མའི་མེ་ཏོག་འབར་གྱུར་ན། །ཕྱོགས་འཛིན་སྦྲང་སྨྱོན་འབའ་ཞིག་ཅིས་མི་འབྱུང་། །འོན་ཏེ་བཤེས་གཉེན་འདབ་བརྒྱའི་སྡོང་བུ་འགའ། །དུས་ཀྱིས་མ་ཡོལ་ས་འདིར་མཛེས་མཆིས་ན། །ལེགས་བཤད་ཟིལ་དངར་ཞིམ་པོས་བློ་གསལ་ལུས། །དར་བབ་ཡིད་འཕྲོག་མདངས་ལ་ཅིས་མི་སྦྱོར། །པད་མ་དཀར་པོས་སྦྱར་བའོ།། །། ༈ བརྟག་གཉིས་ཀྱི་དྲི་བ་ལ་དཔྱད་པའི་ཡངས་ལན་མཁས་པ་དགའ་བའི་གཏམ་བཞུགས་སོ།། གང་གི་རིང་ལུགས་ནང་ཞུགས་བྱེ་བ་སྙེད། །མཆོག་གི་ས་ལ་བདེ་བླག་སོང་དེ་ཡིས། །བཀའ་བརྒྱུད་པ་ཞེས་ཡིན་ལུགས་གྲུབ་མཐའི་སྲོལ། །འབྱེད་པའི་ཤིང་རྟ་ཆེར་གྲགས་ཀུན་ལ་འདུད། །རྡོ་རྗེ་གདན་ཞེས་གསང་སྔགས་རྒྱ་མཚོའི་ཀློང་། །ཟབ་པར་རྩེ་བའི་བློ་གསལ་གདེངས་ཅན་ཞིག །དྲི་ལན་ནོར་བུར་སེམས་ལ་བརྟག་པའི་ཆེད། །ཡངས་ལན་ཀ་ཤི་ཀ་ཡི་རྡོ་འདི་སྦྱིན། །ཕྱོགས་ལྷུང་ཁ་རླངས་དུག་སྤྲིན་གྱིས་བཅིངས་པའི། །མཁས་པ་ལྟོ་འཕྱེའི་བློ་གྲོས་སྤྱི་བོ་ན། །ལེགས་བཤད་རིན་ཆེན་མཆིས་ཀྱང་ལེན་པ་ལ། །ཤེས་ལྡན་དོན་མཐུན་སུ་ཡང་སྤྲོ་བ་མིན། །གཟུར་གནས་ཀརྐ་ཊ་མའི་མིག་གི་ཟེར། །ཨནྡྲི་ནཱི་ལའི་ཞུན་མ་འདྲས་ཁྱབ་པའི༑ །ཟབ་རྒྱས་དྲི་དང་ལན་བློན་ཆུ་གཏེར་དུ། །མཁས་པའི་སྐྱེ་བོ་ཐམས་ཅད་འདུ་བར་འགྱུར། །དེ་ཡང་། ཚིགས་སུ་བཅད་པ་ཕྱེད་ཀྱི་ལན་དུ། །ཞུ་མི་ཀུན་ལ་དབང་བསྐུར་བ་རྒྱུད་དང་མི་མཐུན་པ་བདེན་ཞེས་པ་དང་། དམ་པའི་ཆོས་ནུབ་པར་འཕངས་པའི་བསམ་པས་ཕར་བཤད་གང་ཐུབ་བྱེད་པ་ལེགས་པར་བསྔགས་པའི་གནས་ཡིན་ཞེས་བཀོད་པ་རྣ་བར་འབབ་པའི་གཏམ་སྟེ། ཁོ་བོས་ཀྱང་རང་ཉིད་ལག་ལེན་ཕུན་སུམ་ཚོགས་སོ། །གཞན་དག་ནི་འཁྲུལ་པར་སྤྱོད་པའོ་སྙམ་ནས་ཞེ་ཐག་པས་སྨྲེང་བ་ལ། རྒྱུད་དང་མི་མཐུན་པ་ཐམས་ཅད་འདོར་བ་ཁྱེད་ཅག་རང་ལ་ཡང་མི་སྣང་ངོ་། །ཞེས་སྨྲས་སོ། །སྣོད་མིན་ལ་དབང་བསྐུར་བ་ལ་གསང་སྒྲོག་གི་ཉེས་པ་དང་རྩ་ལྟུང་དུ་འཆད་པའི་ལུང་རྣམ་དག་ཀྱང་མེད་པའི་ཕྱིར་ཞེས་པ་ནི། མ་དཔྱད་པ་སྟེ༑ ལུང་འཁྲུལ་སྤོང་དུ། གཉིས་པ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཁོངས་སུ་སྣོད་མིན་པ་དག་འོང་དུ་འཇུག་པ་དང་། འོང་དུ་མི་གཞུག་ཀྱང་། སྣོད་མིན་དེ་ལ་འདི་སྐད་དུ་དབང་བསྐུར་བ་ནི་འདི་ལྟ་བུའོ་ཞེས་དང་། ཡང་། གསུམ་པ་ནི་སྣོད་མིན་གྱི་དྲུང་དུ་རྡོ་རྗེ་ཐེག་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་སྟོན་པའོ། །ཡུལ་གསུམ་པོ་དེ་ཡང་བརྡ་ཤེས་ཤིང་དོན་གོ་བ་ཞེས་སོགས་གསུང་པ་དང་། རྡོ་རྗེ་སྙིང་པོ་རྒྱན་དུ། སྣོད་མི་རུང་ལ་གསང་བ་བསྟན། ཞེས་དང་། གུར་དུ། དེ་ཉིད་སྐལ་མེད་ལ་མི་སྨྲ། །ཞེས་ལྟུང་བ་བདུན་པ་སྟོན་པའི་སྐབས་ཁོ་ནར་གསུངས་པ་དང་༑ སྤྱིར་སློབ་དཔོན་ཤྲདྡྷཱ་ཀ་རས། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་བཞི་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །དེ་དག་ཀྱང་གསང་ཞིང་སྦས་པས་འགྲུབ་ལ། སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །དེ་ནི་སྔགས་ཀྱི་ཐེག་པ་ཞེས་ཀྱང་བྱ་སྟེ་སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་རྣམས་འགྲུབ་པའི་ཕྱིར་དང་། དེས་ཡིད་སྐྱོབ་པར་བྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་དཀའ་བ་མེད་པར་མྱུར་དུ་སྒྲོལ་བའི་ཕྱིར་དང་། ཉན་ཐོས་ལ་སོགས་པ་བློ་དམན་པ་རྣམས་སྐྲག་པར་བྱེད་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པའི་ཕྱིར་དང་། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་སྔགས་སོ། །དེ་ནི་སྐུ་དང་། ལོངས་སྤྱོད་དང་། གནས་དང་། མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་ཐོབ་པར་བྱེད་པའི་རྡོ་རྗེའོ། །དེ་ནི་ཐེག་པ་ཡང་ཡིན་ཏེ་ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་གསུངས་པ་ཡིན་ནོ་ཞེས་སོ། །བྱེ་བྲག་སློབ་དཔོན་དཱ་རི་ཀ་པས༑ སྣོད་དང་ཆོ་གས་མ་སྨིན་ཉམས་པ་དང་། །ཟབ་མོས་འཇིགས་ནས་མ་སྨིན་ལ་སོགས་ལ། །གསང་སྔགས་ཕྱག་རྒྱ་བརྡ་དང་སྔགས་ལ་སོགས། །ཟབ་མོའི་གསང་བ་བསྒྲགས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཤིང་། དེའི་དོན་ནག་པོའི་འགྲེལ་པར། ཡོངས་སུ་མ་སྨིན་པའི་སེམས་ཅན་ནི་ལྔ་སྟེ། སྣོད་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ནོ༑ །ཆོ་གས་མ་སྨིན་པ་ནི་བུམ་པའི་དབང་མ་ཐོབ་པའོ། །ཆོ་ག་མ་རྫོགས་པས་མ་སྨིན་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་མ་ཐོབ་པའོ། །ཉམས་པས་མ་སྨིན་པ་ནི། རྩ་བའི་ལྟུང་བ་ལ་སོགས་བྱུང་ནས་ཕྱིར་མ་གསོས་པའོ། །ཟབ་པས་འཇིགས་པའི་མ་སྨིན་པ་ནི་བཞི་པའི་དེ་བཞིན་ཉིད་མ་ཐོབ་པའོ། །གསང་བ་ནི། དཀྱིལ་འཁོར་དང་། དམ་ཚིག་གི་ཕྱག་རྒྱ་ཙམ་དང་། བརྡ་དང་༑ གསང་བའི་དམ་ཚིག་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་ལ་འདུས་པ་གཅིག་པ་དང་། ཟུང་དུ་འཇུག་པའི་ཡེ་ཤེས་བསྟན་པར་མི་བྱ་སྟེ། བསྟན་ན་གསང་སྔགས་ཀྱང་ཉམས་པར་འགྱུར་བ་དང་། མཁའ་འགྲོ་མ་རྣམས་ཀྱིས་འཚེ་བ་དང་། བརྒྱུད་པའི་གཞུང་ལུགས་ཀྱི་བྱིན་རླབས་ཉམས་པར་འགྱུར་བ་དང་། ཟབ་མོ་ལ་སྐུར་བ་བཏབ་པས། བསྐལ་པ་སྟོང་དུ་ཆོས་ཀྱི་སྒྲ་མི་གྲག་ཅིང་། སྡུག་བསྔལ་བར་འགྱུར་བའི་ཉེས་པ་ནི་ཕལ་ཆེར་སློབ་དཔོན་ལ་འབྱུང་བ་སྟེ། འདོད་པས་ཀུན་ནས་བསླངས་པའི་ཉེས་པ་འདི་ཐམས་ཅད་སྤང་བར་བྱའོ། །ཞེས་གསུངས་པ་དང་༑ རྟོག་པ་བདུན་པ་ལས་ཀྱང་། དམ་ཚིག་མ་ཉམས་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དམ་པའི་བརཏལ་ཞུགས་ཅན་དཔའ་བོ། བླ་མ་ལ་གུས་པ། དུལ་བ། དེ་བཞིན་གཤེགས་པའི་བསྟན་པ་ལ་ངེས་པར་འཛིན་པ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་མཆོག་ཏུ་གུས་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་བསམ་གཏན་ལ་ཕྱོགས་པ། རྣམ་པར་སྨིན་པ་ལ་འཛེམ་པ། འདི་ལྟ་བུའི་ཡོན་ཏན་ཅན་ནི་སློབ་མ་བཟང་པོ་སྟེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན་ནོ། །སྔགས་པས་གཞན་ལ་བྱིན་ན་དེ་དང་སློབ་མར་བཅས་ཏེ་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། །འཇིག་རྟེན་འདིར་ནི་འཇིགས་པ་ཆེན་པོར་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བར་འགྲོའོ། །དམ་ཚིག་ཀྱང་ཉམས་པར་འགྱུར་རོ༑ །ཞེས་གསུངས་སོ། །དུས་འཁོར་དུ་སློབ་མ་མཆོག་འབྲིང་མཐའ་གསུམ་གསུངས་པའི་དང་པོ་གོང་མའི་སྣོད་དང་། འབྲིང་པོ་དབང་བདུན་ཙམ་གྱི་དང་། མཐའ་མ་དབང་མི་བསྐུར་བར་གསུངས་པ་ལས། འབྲིང་པོ་ལ་གོང་མ་དང་། མཐའ་མ་ལ་དབང་བདུན་བྱིན་ན་ཡང་། མ་སྨིན་མི་ལ་གསང་བ་བསྒྲགས་པར་འགྱུར་རོ། །ཞེས་བདག་ཉིད་སྨྲ་སྟེ་ཞེས་མཐུ་བཙུན་བསོད་ནམས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་གསུངས་སོ། །ལར་དབང་བསྐུར་ནས་གསང་སྒྲོགས་མི་འབྱུང་རྒྱུ་ཞིག །དེང་དུས་ཀྱི་གསང་སྔགས་པ་ཕལ་མོ་ཆེ་ལ་སྣང་སྟེ༑ རྒྱུད་སྡེ་འོག་མའི་དབང་ཙམ་བསྐུར་བ་ལ་གོང་མ་གོང་མའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་། རྣལ་འབྱོར་བླ་མེད་རང་ལ་ཡང་། བུམ་དབང་ཙམ་ཐོབ་པ་ལ་དབང་གོང་མ་གསུམ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ངོ་། །དེ་བས་མ་སྨིན་པ་ཞེས་པ་དབང་གིས་མ་སྨིན་པ་ཁོ་ན་ལ་བྱེད་པ་རྣམས་ནི་ཐོས་པ་ཆུང་བའི་གཏམ་མོ། །གཞན་ཡང་། དེང་དུས་ཀྱི་ས་སྐྱ་པ་མང་པོ། སྨིན་བྱེད་དབང་བསྐུར་བས་ཆོས་ཀྱི་སྒོ་འབྱེད། དེ་ལས་ཟབ་པའི་རིམ་པ་གཉིས་གདོད་སྟོན་རྒྱུ་བ་ཞིག་བྱེད་ཀྱིན་སྣང་མོད། །དེ་ནི་སྡོམ་གསུམ་མཛད་པས། དབང་བསྐུར་ཆོས་སྒོ་ཙམ་ཡིན་གྱི། །འཚང་རྒྱ་བ་ཡི་ཆོས་གཞན་ཞིག །སྒོམ་རྒྱུ་ལོགས་ན་ཡོད་དོ་ཞེས། །བླུན་པོ་རྣམས་ཀྱིས་མུན་སྒོམ་བྱས། །ཞེས་ཕྱོགས་སྔ་མར་མཛད་པ་ཉིད་དོ། །ཡང་རིམ་འཇུག་བྱས་པ་ཙམ་གྱིས་དབང་བསྐུར་བའི་སྣོད་ལྡན་དུ་འགྱུར་བ་ཡིན་ནམ་མིན། །ཞེས་པ་ལ་མིན་ཞེས་ལན་གདབ་བོ། །རིམ་འཇུག་གི་བྱ་བ་ཡོངས་སུ་རྫོགས་ཀྱང་། བླ་མེད་ལ་མོས་པ་མ་ཐོབ་པའི་གང་ཟག་སྲིད་པས་དེ་ལ་བླ་མེད་ཀྱི་དབང་བསྐུར་རུང་བར་འགྱུར་ཞེས་སྨྲ་བ་ནི་རིམ་འཇུག་གི་བྱ་བ་རྫོགས་པར་རྒྱུད་འདིར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས༑ །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་པས་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཐོབ། རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་དགོས་པ་ཡིན་ནོ༑ །གཞན་ཡང་། དབང་བསྐུར་གྱིས་གསང་སྒྲོགས་མི་འབྱུང་ན། སྐལ་མེད་ཀྱི་སེམས་ཅན་རིམ་གྱིས་འཇུག་མི་དགོས་པར། དང་པོ་ཉིད་དུ་དཀྱིལ་འཁོར་ཆེན་པོ་འདིར་བཅུག དབང་བསྐུར༑ དེ་ནས་བསྐྱེད་རྫོགས་བསྒོམ་དུ་བཅུག་ཆོག་པར་སྣང་ལ། དེ་ལྟ་ན་བདག་མེད་མས། སྐལ་མེད་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དང་པོར་གསོ་སྦྱོང་ཞེས་སོགས་ཀྱིས་ལན་བཏབ་པ་བུལ་མེད་དུ་སོང་སྟེ། དེ་ལྟ་བུའི་གདུལ་བྱ་དེ་ཅིག་ཅར་བའི་ལམ་ཉིད་ཀྱིས་འདུལ་བར་ནུས་པའི་ཕྱིར་རོ། །འདུལ་ནུས་ཀྱང་གོ་རིམ་ལོག་པས་རྡོ་རྗེ་སློབ་དཔོན་ལ་ཉེས་པ་འབྱུང་ངོ་སྙམ་ན། རྩ་བ་དང་ཡན་ལག་གི་ལྟུང་བ་ནི་མི་ཕོག གཞན་གདུལ་བྱ་ལ་དོན་དུ་འགྱུར་ན༑ རྡོ་རྗེ་འཛིན་པ་རང་ཉིད་ཀྱི་སྲོག་ཀྱང་ཡལ་བར་དོར་ནས་ཕན་འདོགས་དགོས་ཀྱི། མ་བཏགས་ན་བྱང་ཆུབ་སེམས་དཔའི་ལྟུང་བ་འཕོག་པར་འགྱུར་རོ། །དེ་ཁྱེད་རང་ལ་ཡང་རིགས་འགྲེའོ་སྙམ་ན། ཁོ་བོ་ཅག་ལ་དེ་ལྟ་བུ་རྩ་ལྟུང་དུ་འགྱུར་བས། རྩ་བའི་ལྟུང་བ་འཕོག་ན་གཞན་དོན་རླབས་པོ་ཆེའི་རྟེན་ཉམས་པས་འཛེམ་པ་ཤིན་ཏུ་འོས་པ་ཡིན་ནོ། །འདུལ་བར་མི་ནུས་ན་ནི་དབང་གིས་རྒྱུད་སྨིན་པར་བྱེད་མ་ནུས་པ་ལས་འོས་ཅི་ཡོད། དེ་ལྟ་ན་དེ་ལ་དབང་བསྐུར་ཀྱང་མ་ཐོབ་པར་སོང་བས། སློབ་དཔོན་རང་ཉིད་ཉེས་པས་འཐུམས་པ་ཞིག་མ་གཏོགས་ཕན་ཡོན་ཅི་ཡང་མ་བྱུང་བར་ཟད་དོ། །ན་ལནྡ་ནས་ཆོས་རྗེས། དབང་བསྐུར་བྱས་པ་ལ་གསང་སྒྲོག་གི་ཉེས་པ་ཡོང་བ་འདི་འདྲ་རྒྱ་བོད་ཀྱི་གྲུབ་མཐའ་སུ་ལའང་མི་སྣང་ཞེས་པའང་ཕྱོགས་གཅིག་པའི་སྤྱན་དུ་ཟད་པར་འདིས་ཤེས་སོ། །ཚིགས་སུ་བཅད་པ་གཉིས་པའི་ཚེ། སྤྱི་རྒྱུད་ནས་གྲངས་ངེས་གསུངས་པ་དམིགས་བསལ་མ་གཏོགས་རྒྱུད་སྡེ་སྤྱིའི་ཁྱབ་བྱེད་དུ་ཁས་ལེན་དགོས་ཞེས་པ། གསང་བ་སྤྱི་རྒྱུད་ཀྱི་མིང་གིས་འཁྲུལ་ནས། རྒྱུད་སྡེ་གཞན་གསུམ་གྱིའང་ཁ་མ་ཚང་བ་ཁ་སྐོང་བ་ཡིན་ནོ་སྙམ་མོ། །དེ་ལྟ་ན་འདིར་རྣལ་འབྱོར་ཆེན་པོ་ལ་སོགས་པ་རྒྱུད་སྡེ་གོང་མའི་བརྡ་ཆད་ཟུར་ཙམ་ཞིག་བྱུང་ན་ཡིན་དུ་ཆུག་སྟེ། ཅི་ཡང་མ་བྱུང་བས་ཐམས་ཅད་ཀྱི་སྤྱི་རྒྱུད་མིན་པར་རིགས་པས་གྲུབ། བྱ་བའི་རྒྱུད་འདིའི་ལུང་། མཁས་པས་སློབ་མ་གཅིག་གམ་གསུམ། ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་ཡོངས་སུ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བ་མི་ཤེས་སོ། །ཞེས་པ་འདི་ཀུན་ལ་སྦྱོར་བཏུབ་ལ། རྣམ་སྣང་མངོན་བྱང་ལས༑ བཅུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་བཞི་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་འདི་ཀུན་ལ་སྦྱོར་ཏུ་མི་བཏུབ་པ་ཅི་ལྟར། འཐད་ལྡན་གྱི་རིག་པས་བརྟགས་ན། བྱ་རྒྱུད་ལས་སྤྱོད་རྒྱུད་ཕུལ་དུ་གྱུར་པ་ཡིན་པས་དེ་དབང་བཙན་པར་བྱེད་དགོས་སོ། །ཡང་། སྔགས་ཀྱི་དབང་བསྐུར་བྱེད་པ་ན། གྲངས་ངེས་མེད་པར་དབང་བསྐུར་བྱེད༑ །འདི་ནི་རྡོ་རྗེ་འཆང་གི་བཀག །ཅེས་སྒྲ་ཇི་བཞིན་པ་ཡིན་ན། ཆོས་རྒྱལ་འཇམ་དབྱངས་གྲགས་པས། ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་དབང་ཚར་གཅིག་གིས་བསྐུར་བ་འགྲེལ་ཆེན་དུ་དངོས་བསྟན་དུ་བྱུང་བ། སྟོན་པ་ལ་མ་བརྩིས་པར་སོང་། །དེ་ལྟ་ན། ཇོ་བོས། བཀག་པ་སྤྱད་པར་གྱུར་པ་ཡིས། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ༑ །བརཏལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །ཞེས་པས་རིགས་ལྡན་ལ་ལྟུང་བ་འཕོག་པར་འགྱུར་རོ། །དེར་སྣོད་ལྡན་པ་མང་པོ་ལ་བསྐུར་བ་དངོས་སུ་གསུངས་པས་ལུང་གིས་གོ་མི་ཆོད་ན། གཞན་ལུང་ཅི་དྲངས་ཀྱང་དེ་དང་འདྲ་བར་ཟད་ལ། ལྐོག་ཏུ་བཅུ་བདུན་སྡེས་ག་ག་ཚིལ་བྱས་པས་གཅིག་ཤི་བས་ཕྱིན་ཆད་མི་བྱེད་པར་བཅས་པ་དང་འདྲ་བར་བཤད་པ་ནི་ནམ་ཡང་ལེགས་པ་མ་ཡིན་ཏེ། རྒྱུ་མཚན། འདུལ་བར་བཅས་པ་དེ་མཛད་ཕྱིན་ཆད་སྟོན་པ་དང་འཕགས་པ་རྣམས་ཀྱང་མི་འདའ་ལ། དེ་བཞིན་འདི་ཡང་བཅས་པ་ཡིན་ན། དེ་བཅས་ནས་སྟོན་པ་དང་འཕགས་པ་རྣམས་ཀྱང་འདའ་བར་ཇི་ལྟར་མཛད། བཅས་པ་མ་ཡིན་པས། སྟོན་པ་ཉིད་ཀྱིས་ཟླ་བཟང་འཁོར་དང་བཅས་པ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གྲགས་པས་མཛད་པ་སོགས་གནོད་པ་རྫ་རི་ཉིལ་བ་ལྟ་བུ་སྣང་བས་སོ། །སློབ་དཔོན་ཀོང་ཀ་ནའི་ཞལ་ནས། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བསྡུ་བར་བྱ། །ཞེས་གསུངས་པ་དང་། རྩ་རྒྱུད་འདི་ཉིད་དུ། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བལྟ། །ཞེས་གསུངས་པ་བླ་མེད་ནང་ཕན་ཚུན་ལ་བརྟེན། དེར་མི་གསལ་ན་རྣལ་འབྱོར་གྱི་རྒྱུད་དེར་མི་གསལ་ན་སྤྱོད་རྒྱུད། དེར་མི་གསལ་ན་བྱ་རྒྱུད་ཀྱིས་ཁ་འགེངས་དགོས་པ་བདེན་མོད། གོང་མ་དེ་དག་ཏུ་གསལ་ཁ་ཡོད་བཞིན་པ་ཅིག་བཞག འོག་མའི་ལུང་སྦྱོར་བ་ནམ་ཡང་འཐད་པ་མ་ཡིན་ནོ། །འཕགས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་སྨྲས་པས་ཀྱང་མི་འཐུས་པ། སྡོམ་གསུམ་མཛད་པས། འཕགས་པ་རྣམས་ཀྱིས་གང་ཟག་རབ། །སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྔོན་གྱི་ཆོ་ག་འཕགས་པའི་ཡིན། །ཞེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་པ་དམིགས་ཀྱིས་བསལ་ནས་སྔོན་གྱི་ཆོ་ག་ཞེས་གསུངས་པ་མ་གཏོགས། དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་འཕགས་པས་མཛད་པ་སོ་སྐྱེས་བྱེད་མི་རུང་ཞེས་མ་གསུངས་ཤིང་། རིགས་ལྡན་གྱིས་བློས་བསླང་གི་དཀྱིལ་འཁོར་དུ་ཆོ་ག་རྒྱས་པ་ཉིད་ཀྱིས་བསྐུར་བའི་ཕྱིར་དང་། ལུང་གིས་ཀྱང་འཕགས་པས་མཛད་པ་ཇི་ལྟ་བ་སློབ་མ་ལ་བྱ་དགོས་པ་རྡོ་རྗེ་གུར་དུ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསུངས་པ་དང་། སློབ་དཔོན་པདྨ་མཉྫྱུས། དཔལ་ལྡན་བདེ་བའི་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བ་དེ་ཉིད་བསྟན་པ་ལྟར། །མགོན་པོ་དེ་བཞིན་བཀའ་དྲིན་སྩོལ། །ཅེས་གསུངས་པས་སོ། །ཚིགས་བཅད་གསུམ་པའི་དུས་སུ། རྗེས་གནང་ནི་དེ་ལྟ་བུའི་སྨིན་བྱེད་ཐོབ་ནས་ལྷ་དེ་དང་དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བྱས་ནས། ལྷ་དེ་དང་དེའི་བསྒོམ་བཟླས་ལ་སོགས་པ་བྱེད་པ་ལ་བྱིན་རླབས་དང་ལྡན་པའི་དགོས་པ་ཡོད་པས་སོ། །ཞེས་པའང་རྗེས་གནང་ཐམས་ཅད་ཀྱི་སྔོན་དུ་སྨིན་བྱེད་ཅིག་འགྲོ་དགོས་པར་སྣང་ལ། དེ་ལྟ་ན་སྨིན་བྱེད་ཀྱི་དབང་གི་དམའ་ཤོས་བུམ་དབང་ཡིན་པས་བྱ་རྒྱུད་ཀྱི་རྗེས་གནང་ཐམས་ཅད་ཀྱི་སྔོན་དུ་བུམ་དབང་བསྐུར་དགོས་པ་ཡ་མཚན་ཅན་གྱི་གཏམ་དུ་འདུག་གོ །ཆུ་ལ་སོགས་པའི་དབང་ཙམ་སྨིན་བྱེད་དུ་ཚད་ཐུབ་སུ་བཞེད། དེ་ཙམ་གྱི་དབང་བསྐུར་ནས། དེའི་དབང་དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་མ་ནུས་པར་གདོད་རྗེས་གནང་བྱ་དགོས་ན་ནི་དབང་ལས་རྗེས་གནང་ཕུལ་དུ་གྱུར་པའོ། །འཇུག་ནུས་ན་ནི་དབང་ལས་རྗེས་གནང་གུད་དུ་ཕྱེ་ནས་ཅི་བྱ། ལར་སྒྲུབ་པའི་ཐབས་བརྒྱ་རྩ་རྒྱ་མཚོ་ལ་སོགས་པ་ཁྲོམ་ལ་བསྐུར་བའི་ཚེ། སྔོན་དུ་བྱ་རྒྱུད་ཀྱི་དབང་ཞིག་བསྐུར། དེ་ནས་སློབ་མ་ཐམས་ཅད་བསགས་ནས་རྗེས་གནང་དེ་དག་མཛད་ཀྱི་ཡོད་ན། ཁོ་བོས་ཇི་ལྟར་སྨྲ། དེ་མཛད་ཀྱི་མི་འདུག་པས་ལེགས་པར་གྲུབ་པ་ཡན་ཆད་དུ། རང་གིས་དབང་བསྐུར་མ་ཐོབ་ན། །སེམས་བསྐྱེད་ཐོབ་ཀྱང་གསང་སྔགས་བཀག །དེ་ཡང་ལེགས་པར་གྲུབ་པ་ལས། །དབང་བསྐུར་མ་བྱས་པ་དག་ལ། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །ཞེས་སྡོམ་གསུམ་དུ་བྱུང་བ་དང་འགལ་ལོ་ཞེས་སྨྲས་སོ། །དབང་བསྐུར་ནི་ལམ་ཉམས་ལེན་ལ་སྣོད་རུང་བྱེད་ལ་ཞེས་བྱེ་བྲག་ཏུ་བཀར་བས་རྗེས་གནང་གིས་མི་ནུས་པར་ཤུགས་ལ་སོང་བ་དེ་ལྟ་ན༑ དོན་ཡོད་ཞགས་སོགས་འགའ་ཞིག་ལ། །དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང་། །སྨྱུང་གནས་ལ་སོགས་བྱེད་ནུས་ན། །གང་ཟག་ཀུན་གྱིས་འགྲུབ་པར་གསུངས། །དམ་ཚིག་གསུམ་བཀོད་ལ་སོགས་པ། །འཇུག་པ་སེམས་བསྐྱེད་ཐོབ་ནས་ནི། །འཕྲིན་ལས་འགའ་ཞིག་སྒྲུབ་པའི་ཕྱིར། །ཆོ་ག་ཤེས་ན་བསྒྲུབ་པར་གནང་། །ཞེས་གསུངས་པ་སྣོད་དུ་མི་རུང་བཞིན་དུ་བྱེད་པར་སོང་ངོ་། །གཞན་ཡང་སྤྱི་རྒྱུད་དུ། དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །ཞེས་གསུངས་པ་དང་དོན་ཡོད་ཞགས་པ་སོགས་འགྲུབ་པར་བཤད་པས་སྦྱིན་དུ་རུང་བའི་འགལ་བ་གང་གིས་སྤོང་། ཚིགས་བཅད་བཞི་པའི་དུས། དེ་ལས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས༑ །དེ་ཡི་མཚན་མོ་མ་ཚར་ན། །ཆོ་ག་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་པས། འགའ་ཞིག་ཆོ་ག་མི་ཚར་བའི་རིག་པས་ཉེར་ལྔ་ལས་མི་བཏུབ་པའི་གྲངས་ངེས་བཅད་དོ་ཞེས་ཟེར་བའང་སྣང་བས། དེ་ལྟ་ན། དུས་འཁོར་ཆོ་ག་རྒྱས་པ་དེར་འཇུག་པའི་གདུལ་བྱ་བཅུ་ཙམ་ལ་མང་མཐའ་བྱེད་དགོས་ལ། རྡོ་རྗེ་རྩེ་མོ་ལ་སོགས་པ་བསྐུར་བའི་ཚེ་གཅིག་ཙམ་ལས་བཟུང་དུ་མི་བཏུབ་སྟེ། བདེ་དགྱེས་དང་དེ་དག་ཆོ་ག་བསྡུས་རྒྱས་ཤིན་ཏུ་ཆེ་བས་སོ། །ཡང་བྱ་རྒྱུད་ཀྱི་དབང་བདེ་བ་རྣམས་ལ་སུམ་ཅུ་ལས་བརྒལ་བ་ཡང་རུང་སྟེ། ཆོ་ག་མཚན་མོ་གཅིག་ལ་ཚར་བས་སོ༑ །དུས་འཁོར་མང་པོ་ལ་བསྐུར་བ་དག་ལ་ནི་དེའི་ཆོ་ག་རྫོགས། བདེ་དགྱེས་བསྡུས་པ་མི་རྫོགས་པ་ནི་ཡ་མཚན་ནོ། །དེ་བས་ན་གྲངས་ངེས་རིགས་པ་དེས་བཞག་པ་ནི་དཔྱད་བཟོད་པ་མ་ཡིན་ནོ་ཞེས་སོ། །ཚིགས་བཅད་ལྔ་པའི་སྐབས་སུ་དུས་ཀྱི་འཁོར་ལོ་དང་རྒྱུད་སྡེ་གཞན་རྣམས་ཆོས་སྐད་མི་མཐུན་པ་མང་བ་ལ། སྐབས་འདི་ཁོ་ནའི་དགོངས་གཞི་དང་འགལ་སྤོང་དྲི་བ་ཇི་ལྟར་ཞེས་པ༑ །རྡོ་རྗེ་སྙིང་འགྲེལ་དང་། ནཱ་རོ་ཞབས་ཀྱི་འགྲེལ་ཆེན་གྱིས་རྩ་རྒྱུད་འདི་དུས་ཀྱི་འཁོར་ལོ་དང་མཐུན་པར་བཀྲལ་བ། གཞན་བྱང་ཆུབ་སེམས་དཔའི་འགྲེལ་པ་ཕྱག་རྡོར་སྟོད་འགྲེལ་དང་༑ དྲི་མེད་འོད་དུ་ཡང་ཆོས་སྐད་གཅིག་པའི་དབང་གིས་ལུང་ཁུངས་སུ་འདྲེན་པར་མཛད་པས་དྲིས་པ་ལ་སྐྱོན་ཅི་ཡོད། སྤྱིར་རྒྱུད་ནི་གདུལ་བྱའི་བློ་རིགས་དང་བསྟུན་ནས་གསུངས་པའི་ཕྱིར་འགལ་སྤོང་དྲིས་ན་བདེན་གྱི། རྡོ་རྗེ་སྙིང་འགྲེལ་རང་ལུགས་སུ་ས་སྐྱ་པ་གོང་མ་རྣམས་ཀྱིས་ཞལ་གྱིས་བཞེས་ནས། རྩ་རྒྱུད་འདི་བསྡུས་པའི་རྒྱུད་དུ་བཞེད་པ་ཡིན་ལ། འགྲེལ་ཆེན་དེ་གཉིས་མ་གཏོགས་ཚད་ཐུབ་གང་དུ་ཡང་བསྡུས་པའི་རྒྱུད་དུ་མ་བཤད་དོ། །དུས་ཀྱི་འཁོར་ལོར་ཡང་བུམ་དབང་གི་གཙོ་བོར་སློབ་དཔོན་གྱི་དབང་གསུངས་པ་ཡིན་ཏེ། ཞེས་པ་དང་། དབང་བཞི་ཀ་རྫོགས་ནས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཤད་པ་ནི་རྒྱུད་འདིའི་ཁྱད་པར་གྱི་ཆོས་གཅིག་ཏུ་སྣང་ངོ་། །ཞེས་པ་དང་། རྩ་རྒྱུད་བརྟག་པ་གཉིས་པའི་རྗེས་སུ་འབྲངས་པའི་བཤད་སྲོལ་དང་མ་མཐུན་ཀྱང་ཞེས་པ་དང་། དུས་ཀྱི་འཁོར་ལོའི་བུམ་དབང་གི་གཙོ་བོར་སློབ་དཔོན་གྱི་དབང་བསྟན་པའི་ཆེད་དུ་བརྟག་གཉིས་ཀྱི་ལུང་དྲངས་པ་ཆོས་རྗེ་ན་ལནྡ་པའི་དྲི་ལན་ལྟ་བུ་བབ་ཅོལ་དུ་སྣང་ངོ་། །དོགས་པའི་གནད་དེ་ཅུང་ཟད་བཤད་པར་བྱ་སྟེ། དུས་ཀྱི་འཁོར་ལོར། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་གསུངས་པ། ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པའི་རྒོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པ་ལས་སྐྱེས་པའི་བདེ་བ་ནི་དེ་ཁོ་ན་ཉིད་མ་ཡིན་པས། སེམས་ཅན་ལམ་ལ་གཞུག་པའི་ཆེད་དུ་བསྟན་པ་འཇིག་རྟེན་ཀུན་རྫོབ་པའི་དབང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་ནི་དོན་དམ་པའི་དབང་ངམ་སློབ་དཔོན་ཆེན་པོའི་དབང་སྟེ། དྲི་མེད་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་ཡོངས་སུ་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས་པ། དེང་སང་གོང་ཆུང་གོང་ཆེན་གྱི་ཐ་སྙད་སྦྱར་བ་འདི་ཡིན་ལ༑ སློབ་དཔོན་ཆེན་པོའི་དབང་བཞི་པོ་དེ་ཉིད་རྩ་རྒྱུད་འདིར། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་ལྟུང་བར་བྱ། །སྟོན་པས་ཤེས་རབ་རབ་ཏུ་མཆོད། །བརྗོད་པར་བྱས་ནས་གཏད་པར་བྱ། །སྟོན་པས་སྒྲུབ་པ་སེམས་དཔའ་ཆེ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །སློབ་མ་ཆེར་གྱུར་ཤེས་ནས་ནི༑ །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་གོང་ཆེན་བདག་པོ་ཆེན་པོའི་དབང་དང་བཅས་གསུངས། གསང་དབང་བུ་སྟོན་གྱིས་ལུང་དུ་འདྲེན་པར་མཛད་ཀྱི། བུམ་དབང་གི་གཙོ་བོ་བདག་པོ་ཆེན་པོའི་དབང་སྟོན་པའི་ལུང་དུ་མ་མཛད་དོ། །འདིར་དྲི་བའི་རྒྱུ་མཚན་ནི། ཡང་རྒྱུད་འདི་ཉིད་དུ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་བཟུང་༑ །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་གསུངས་པ་འདིར་རིགས་ལྔའི་དབང་གི་རྗེས་སུ་བསྟན་པའམ་བུམ་དབང་གི་དངོས་གཞིར་མཛད་པ། དེང་སང་གི་ཀྱེ་རྡོར་བ་ཐམས་ཅད་ཀྱི་ཕྱག་ལེན་དུ་བྱུང་བས། འདི་བུམ་དབང་རང་གི་ངོ་བོ་ཚུགས་ཐུབ་པ་ཞིག་ཡིན་ན། དུས་འཁོར་གྱི་ལུགས་བཞིན་དབང་བཞི་པའི་མཐར་བསྐུར་ན་ཡང་བུམ་དབང་ཉིད་དུ་འགྱུར་ལ། བུམ་དབང་ལུས་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས། སློབ་དཔོན་གྱི་དབང་འདིའི་སྦྱང་བྱའི་སྦྱང་གཞི་ཡང་ལུས་ཉིད་དུ་ངེས་སམ། དེ་ལྟ་ན་ལུས་ངག་ཡིད་ཐ་དད་དུ་འཛིན་པའི་དྲི་མ་དག་ནས་སླར་ལུས་ཀྱི་དྲི་མ་དག་པར་བྱེད་དགོས་པ་ཞིག་དུས་འཁོར་དང་བསྟུན་པའི་བཤད་པའི་བབས་འདིར་རིགས་པས་ཐོབ། རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྦྱང་གཞི་སྦྱོང་མི་ནུས་ན། བུམ་དབང་གི་ངོ་བོས་སྦྱང་གཞི་སྦྱོང་མ་ནུས་པར་ཟད་པས་ལུང་རིགས་ཤེས་པ་དག་གིས་དཔྱོད་ཅིག་ཅེས་བྱས་པ་ཡིན་ནོ། །ཚུལ་འདིས་ན་ལནྡ་པའི་ལན་དུ། དགྱེས་དུས་འདི་གཉིས་དབང་གི་རིམ་པ་མི་གཅིག་པར་འཕགས་ཡུལ་དང་བོད་དུ་གྲགས་པ་ཡིན་ཞེས་བྱས་པ་བསལ་ལོ། །ཚིགས་བཅད་དྲུག་པའི་དུས་སུ། བུམ་པའི་དབང་ལ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྒོམ་དགོས་པ་ཁོ་ན་ལས། རྡུལ་ཚོན་བྲིས་ནས་བཞག་པ་ཙམ་གྱིས་གང་ལ་ཡིན་ཞེས་དང་། གཞན་དེར་ཏིང་ངེ་འཛིན་དང་ལྡན་ཞིང་བསྒོམ་དགོས་ཏེ། ཞེས་པ་གཉིས་སྨྲ་རྒྱུ་ཟད་པའི་གཏམ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་མེད་པར་ཐལ། དེར་རྩིག་པ་བཤིག་ནས་ཀྱང་འཇུག་པ་མེད་ལ། རྩིག་པ་ལ་འགོངས་ནས་ཀྱང་། སྒོ་ལ་འཛུལ་ནས་ཀྱང་འཇུག་པ་མེད་པའི་ཕྱིར་རོ། །ཞེས་སྨྲ་བ་དང་འདྲ་བས་བཏང་སྙོམས་སུ་བཞག་ནས། ཇོ་བོས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། གསང་བ་ཤེས་རབ་དབང་བསྐུར་ནི༑ །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ༑ །ཞེས་གསུངས་པའི་ལུང་ལ་བརྩི་རྒྱུ་བའི་ཁུངས། །གསང་དབང་དུ་སློབ་དཔོན་ཡབ་ཡུམ་དང་། །དབང་གསུམ་པའི་ཕྱག་རྒྱ་ཡིད་ཀྱིས་བཏགས་ནས་ཚིག་ཙམ་དུ་དབང་བསྐུར་བས་ཐོབ་པ་ཞིག་བྱས། དེས་ཐོབ་པ་ཞིག་ན། བུམ་པའི་དབང་རང་ལ་བཤད་ཚོད་བཞིན་མེད་ན་མི་ཐོབ། གཞན་གཉིས་ལ་བཤད་ཚོད་བཞིན་མི་དགོས་པར་ཐོབ་པའི་རྒྱུ་མཚན་ཅི་ཡོད། ཅེས་དྲིས་པ་སྟེ། ལུང་དེ་ཀས་སོ་ཞེ་ན། ལུང་འདི་ནི་བཅས་ལྡན་དགེ་སློང་དབང་གོང་མར་མི་འཇུག་པའི་དབང་དུ་མཛད་པ་སྟེ། དེ་ཉིད་ཀྱི་གོང་དུ། བླ་མ་མཉེས་པར་བྱས་པ་ཡི༑ །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་འདི་ཉིད་ནི། །དངོས་གྲུབ་བསྒྲུབ་པའི་སྐལ་ལྡན་འགྱུར། །ཞེས་གསུངས་པ་དང་། དུས་འཁོར་དུ་འདུལ་བའི་བསྟན་པ་ཞིག་དོགས་བཀག་པ་གཉིས་ཀ་འདྲའོ། །སློབ་དཔོན་དབང་བསྐུར་རྙེད་གྱུར་ཅིང་། །དེ་ཉིད་རིག་ལས་ཉེས་པ་མེད། །དེའི་ཚེ་དེ་ཉིད་འཇུག་པ་ན་བཤད་ཚོད་ཇི་ལྟ་བ་དགོས་པར་བཤད་དོ༑ །ཡང་། རྒྱུད་དང་འགྲེལ་པ་དཀྱིལ་ཆོག་ཐམས་ཅད་དུ་བུམ་དབང་ལ་རྡུལ་ཚོན་བཤད་ལ། ཞེས་སོགས་ཀྱི་ཚིག་ནི་འཐད་པར་མ་མཐོང་སྟེ། དུས་ཀྱི་འཁོར་ལོར་བྱིས་པ་འཇུག་པའི་དབང་བདུན་སློབ་མ་འབྱོར་པ་དང་ལྡན་ན་རྡུལ་ཚོན་དུ་བསྐུར་བར་གསུངས་པ་སྟེ་བསྡུས་རྒྱུད་ལས། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེའི་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་དབང་བདུན་ཁོ་ན་ལ་གསུངས་པ་དང་། བུམ་པའི་དབང་ནི་རྡུལ་ཚོན་དང་མ་འབྲེལ་བར། དབང་མདོར་བསྟན་དུ། ལུས་ཀྱི་དབང་པོ་བྷ་ག་སེམས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་གསུངས་པས། གོང་ཆུང་གི་དབང་བཞི་ཡང་། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱིས་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་པའི་ཚུལ་གྱིས་གསུངས་པ་དང་། །སློབ་དཔོན་ཆེན་པོའི་དབང་ངམ། གོང་ཆེན་ནི། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གི་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་གསུངས་ཤིང་། རྩ་རྒྱུད་འདི་ཁའི་རྡོ་རྗེ་སྙིང་འགྲེལ་དུ་ཡང་། དབང་བདུན་དུས་འཁོར་ཇི་ལྟ་བར་གསུངས་ཏེ། བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡིས་འཁྲུས་བྱེད་དབང་བསྐུར་རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་པ་ལོངས་སྤྱོད་བརཏལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་ཉིད། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད༑ །ཅེས་དང་། རྒྱུད་ཀྱི་དངོས་བསྟན་དུ་དབང་གོང་མ་དུས་འཁོར་ཇི་ལྟ་བར་བཤད་པའི་དབང་གིས། སྨིན་བྱེད་ཀྱི་བུམ་དབང་རྡུལ་ཚོན་དུ་བསྐུར་དགོས་པ་དང་མི་དགོས་པ་གཉིས་ཀ་ཡོད་པའི་ཕྱིར་རོ། །མངོན་བརྗོད་བླ་མའི་དགོངས་པ་དང་། གྲུབ་ཐོབ་གོང་མའི་ཕྱག་བཞེས་ལ་ཡང་སྐབས་རེ་ན་ཡོད་འདུག་པས་མཐའ་གཅིག་ཏུ་མི་རུང་བ་ཡིན་མོད་ཅེས་སྨྲས་བ་སྡོམ་གསུམ་མཛད་པས༑ དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་རྡུལ་ཚོན་མ་གཏོགས་མི་རུང་བར་མཐའ་གཅིག་ཏུ་གསུངས་པ་དང་འགལ་ལོ། །དབང་བདུན་ལ་སྨིན་བྱེད་དུ་བཞག་པ་མེད་ལ། དེས་ན་སྨིན་བྱེད་གྱི་དབང་བཞི་རྡུལ་ཚོན་ངེས་པར་མི་དགོས་པ་དུས་འཁོར་དང་རྒྱུད་འདི་ཉིད་ཀྱི་ལུང་གིས་གྲུབ། སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཐའ་གཅིག་ཏུ་དགོས་པར་གསུངས་པ་དང་། དེ་ལས་གཞན་རྒྱུད་ལས་བཀག་གསུང་བའི་རྒྱུད་དེ་ས་སྐྱ་པ་ཐམས་ཅད་ལོག་ནས་སྟོན་པར་འོས་སོ་ཞེས་ཀྱང་སྨྲས་སོ། །དྲི་ལན་གཞན་དེར། སྤྱིར་དབང་ཆོག་གཅིག་ལ་ཡོད་པའི་དབང་གི་གོ་རིམ་དེ་གཞན་ལ་ཡོད་པས་མ་ཁྱབ། ཁྱབ་ན་སྟོན་པས་དབང་ཆོག་གཅིག་ཁོ་ན་གསུངས་ཆོག་པ་ལ་མ་གསུངས་པ། རྒྱུད་སྡེ་བཞི་སོ་སོ་ལ་དབང་གི་བབས་མི་འདྲ་བ་རེ་རེ་དང་། ནང་གསེས་ཀྱི་དབྱེ་བས་གོ་རིམ་བབས་མི་འདྲ་བ་དུ་མ་གསུངས་པས་དགོས་པ་སོ་སོར་ཡོད་དོ། །ཞེས་མཛད་སྣང་བས། དེ་ཀ་ཁོ་བོ་ཅག་ཀྱང་། རྡུལ་ཚོན་གྱི་དཀྱིལ་འཁོར་རང་དུ་མཐའ་གཅིག་ཏུ་བསྐུར་དགོས་པའི་ངེས་པ་མེད། །དབང་གི་བབས་མི་འདྲ་བ་སྣ་ཚོགས་གདུལ་བྱ་སྣ་ཚོགས་པས། ཏིང་ངེ་འཛིན་གྱི་དབང་ཡང་སྨིན་བྱེད་དུ་བཞག་ཆོག་པའི་སྐབས་སྲིད་པར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །ཚིགས་བཅད་བདུན་པའི་སྐབས་སུ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས། དབང་བཞི་ཡོངས་སུ་རྫོགས་པའི་ཚེ་སྔགས་སྡོམ་རྫོགས་པར་ཐོབ་གསུང་བ་འདི། ལུང་རིགས་དང་མཐུན་པར་མཐོང་ནས༑ འདིའི་རྗེས་སུ་འབྲང་ངོ་ཞེས་བྱས་པ་ནི། བླ་མ་དང་གྲུབ་མཐའ་ཐམས་ཅད་ཚད་མར་སྣང་བས་ལེགས་སོ་ལེགས་སོ་དེ་དེ་བཞིན་ནོ་ཞེས་བྱའོ། །སྡོམ་གཟུང་གི་སྐབས་སུ་ཐོབ་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བཞེད་ལ། བུམ་དབང་དུ་སྔགས་སྡོམ་རྫོགས་པ་མུས་ཆེན་གྱི་གྲུབ་མཐའ་སྟེ། དེ་དག་ཡེ་ཤེས་ཐིག་ལེ་ལས། །ཆུ་ཡི་དབང་དང་ཅོད་པན་དབང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་། །རྣལ་འབྱོར་རྒྱུད་ལ་རབ་ཏུ་གསལ། །དེ་ནི་དྲུག་གི་བྱེ་བྲག་དབང་། །རྡོ་རྗེ་སློབ་དཔོན་དབང་ཞེས་བྱ། །རྡོ་རྗེ་བླ་མ་ཡི་ནི་མཚན། །གསང་བ་ཡིས་ནི་དབང་རྒྱས་པ། །ཤེས་རབ་ཡེ་ཤེས་དེ་བཞིན་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ལུང་སྒྲ་ཇི་བཞིན་པར་ཞལ་གྱིས་བཞེས་པས། རྣལ་འབྱོར་གྱི་རྒྱུད་དང་། བླ་མེད་ཀྱི་སྔགས་སྡོམ་དབྱེར་མེད་པར་འགྱུར་ཏེ། དེ་གཉིས་ཀ་རྒྱུ་ཚོགས་གྲངས་ཚང་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སྨྲས་པ། བུམ་དབང་གི་སྡོམ་པ་དང་རྣལ་འབྱོར་རྒྱུད་ཀྱི་སྡོམ་པ་ཁྱད་མེད་དུ་ཁས་བླངས་ན་ཐལ་འགྱུར་འདིས་གནོད་མོད་ཅེས་པ་མིན་ཏེ། ཁྱད་མེད་དུ་ཁས་བླངས་ན་མ་གནོད། མ་བླངས་པས་གནོད་པའི་ཕྱིར་རོ། །ལུང་འདི་སྒྲ་ཇི་བཞིན་ཁྱེད་ཅག་ཀྱང་ཁས་ལེན་ན་རྣལ་འབྱོར་བླ་མེད་ཀྱི་བུམ་དབང་གི་སྡོམ་པ་དང་། རྣལ་འབྱོར་རྒྱུད་ཀྱི་གཉིས་ཁྱད་མེད་དུ་འགྱུར་ཏེ། ལུང་དེར་རྒྱུད་སྡེ་ཕྱི་ནང་དེ་གཉིས་ཀྱི་སློབ་དཔོན་གྱི་དབང་ཁྱད་མེད་པར་བཤད་པས་སོ། །ཁོ་བོ་ཅག་ལུང་དེ་སྒྲ་ཇི་བཞིན་པར་ཁས་མི་ལེན་པས་གནོད་པ་ཅི་ཡང་མེད་དོ། །སྔགས་ཀྱི་དགེ་ཚུལ་དགེ་སློང་ལ་སོགས་པའི་ཐ་སྙད་རྩ་རྒྱུད་འདི་ནས་མ་བཤད་པས་ཤིན་ཏུ་ཡང་མི་གནོད་པར་གནོད་ཅེས་སྦྱར་བ་དུས་འཁོར་རྒྱུད་མཚན་ཉིད་པ་མིན་ན་བདེན་མོད། དེར་དབང་གོང་མ་ལ་གསར་ཐོབ་བཟོས་པས་ཤིན་ཏུ་མི་གནོད་བྱས་པ་འཐུས་པར་སྣང་། ཆོས་རྗེ་ན་ལནྡ་ནས། བརྟག་གཉིས་ཀྱི་སྔགས་སྡོམ། སམ་པུ་ཊའི་སྔགས་སྡོམ། དུས་འཁོར་ལས་གསུངས་པའི་སྔགས་སྡོམ༑ དང་པོ་དབང་བཞི་པའི་དུས་སུ་རྫོགས་པར་ཐོབ། གཉིས་པ་བུམ་དབང་གི་སྐབས། གསུམ་པ་ནི། སངས་རྒྱས་ཐོབ་པ་དང་དུས་མཉམ་དུ་རྫོགས་ཞེས་གསུངས་པས། སྔགས་སྡོམ་རྫོགས་པའི་སོ་སྐྱེ་མི་སྲིད་པར་སོང་ཞིང་། བརྟག་གཉིས་དང་། སམ་པུ་ཊའི་སྔགས་སྡོམ་ཐ་དད་དུ་འབྱེད་པ་ནི། དཔལ་ལྡན་ས་སྐྱ་པའི་རིང་ལུགས་ལས་གཞན་དུ་སོང་བ་ཡིན་ནོ། །ཚིགས་བཅད་བརྒྱད་པའི་སྐབས་སུ། ཡས་བབས་ཀྱི་དགའ་བ་བཞི་རྫོགས་པའི་དོན། དོན་གྱི་ཡེ་ཤེས་སྐྱེས་པ་ལ་ཟེར་བ་ཡིན་ནམ་ཞེས་པའི་ཚིག་ནི་དབང་དོན་གྱི་ཡེ་ཤེས་ལ་མུན་པའི་གཏམ་དུ་ཟད་ལ༑ དབང་གསུམ་པའི་དུས་སུ་དངོས་ཀྱི་རིག་མ་ལ་བརྟེན་ནས་རིམ་གྱིས་ཡས་བབས་ཀྱི་དགའ་བ་བཞིའི་ཡེ་ཤེས་རྫོགས་སྟེ། མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་དོན་གྱི་ཡེ་ཤེས་སྐྱེས་ན་གང་ཟག་དེ་ནི་དབང་གསུམ་པའི་དུས་དེ་ཉིད་དུ་གྲོལ་བ་ཡིན་པས་ཞེས་པ་དགའ་བ་བཞི་རྫོགས་ནས་མཚན་ཉིད་དང་བྲལ་བའི་སྐད་ཅིག་འཆར་བ་མ་ཡིན། དགའ་བ་བཞི་པར་ལྷན་སྐྱེས་བཞག་པའི་ལྷན་སྐྱེས་འཆར་བའི་དུས་དེ་ཁ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ཡིན་པས་སོ། །དེ་དོན་གྱི་ཡེ་ཤེས་སུ་བཞག་པ། ཐུ་སྟོན་འཇིགས་མེད་དཔའ་བོའི་ཞལ་སྔ་ནས་གསུང་བ་ནི་མི་སྲིད་དེ། དེ་ནི་ཟག་པ་དང་བཅས་པའི་བདེ་བའི་མཐའ་ཡིན་པས་སོ། །ལར་ས་སྐྱ་པ་གོང་མའི་གཞུང་ཐམས་ཅད་དུ་ཡས་བབས་ཀྱི་ལྷན་སྐྱེས་ཁོ་ན་དབང་དུས་ཀྱི་ཡེ་ཤེས་སུ་བཞག དེ་དཔེའི་ཡེ་ཤེས་སུ་གསུངས་པ་དེ༑ སྡོམ་གསུམ་དུ། ཇོ་བོ་ནཱ་རོ་ཏ་པ་ནི། དབང་བསྐུར་དུས་སུ་མཐོང་ལམ་སྐྱེ། །དེ་ནི་སྐད་ཅིག་དེ་ལ་འགག །ཆོས་མཆོག་རྗེས་ཀྱི་ཡེ་ཤེས་ལ། །འགག་པ་མེད་ཅེས་གསུང་པར་གྲགས༑ །འདི་ནི་དཔེ་ཡི་ཡེ་ཤེས་ལ། །མཐོང་བའི་ལམ་དུ་བཏགས་པར་ཟད། །འཕགས་པ་ལྷ་ཡི་སྤྱོད་བསྡུས་སུ། །བདེན་པ་མཐོང་ཡང་ལས་མཐའ་ལ། །ཆགས་པར་གསུངས་པ་རྫོགས་རིམ་གྱི། །རང་བྱུང་ཡེ་ཤེས་རྟོགས་པ་ནི། །དཔེ་ཡི་ཡེ་ཤེས་ཉིད་ལ་དགོངས། །དེ་དང་ལམ་འབྲས་ལ་སོགས་པ། །གྲུབ་ཐོབ་རྣམས་ཀྱི་དགོངས་པ་མཐུན། །ཞེས་གསུངས་པས་སོ། །འོན་ཀྱང་འདིར་རྗེ་བཙུན་ནཱ་རོ་པའི་བཞེད་པ་ནི་དེ་མིན་ཏེ། ཡས་བབས་ཀྱི་ལྷན་སྐྱེས་དེ་ཀ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་ལ། དེའི་སྐད་ཅིག་ཕྱི་ལོགས་ནས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཟག་པ་མེད་པ་ཐབས་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་པ་མཐོང་ལམ་ཡིན་པར་བཞེད་དེ། ཚུལ་དེ་ལྟ་བུའི་ཡེ་ཤེས་དབང་དུས་སུ། མར་པས་མངོན་དུ་མཛད་ཅིང་༑ ནཱ་རོ་ཞབས་ཀྱིས་ཕྱིན་ཅི་མ་ལོག་པར་ངོ་སྤྲད་པ། མར་པའི་མགུར་དུ། དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་ལ། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་རྟོག་ཁོང་ནས་ཤར། །བག་ཆགས་གཉིད་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ཞེས་གསུངས་པས་སོ། །ཡས་བརྟན་གྱི་ལྷན་སྐྱེས་ངོས་ཟིན་པའི་སྐད་ཅིག་ལས་གཞན་པའི་ཆོས་མཆོག་ཐ་མའི་ཡེ་ཤེས་ཤིག་ཞལ་གྱིས་བཞེས་སོ་སྨྲ་བ། རྣལ་འབྱོར་གྱི་དབང་ཕྱུག་དེ་ལ་སྐུར་པའི་ཚིག་གོ །གལ་ཏེ་རང་ཉིད་ཀྱང་བཞེད་པ་ན། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་མན་ངག་ཟབ་མོ་ལ་མི་མོས་པའམ། ཐུགས་སུ་མ་ཆུད་པ་ལས་མ་འདས་སོ། །གསུམ་པའི་དུས་སུ་རྫོགས་ན་བཞི་པའི་དུས་སུ་མི་དགོས་ཞེས་སྨྲ་བ་བདག་ཅག་ལ་འཐད་པའི་གཏམ་དུ་བྱུང་ངོ་། །ཡང་ན་ལནྡ་པས། གསུམ་པའི་དུས་སུ་སྐྱེས་པའི་ལྷན་སྐྱེས་ཡེ་ཤེས་ནི་ནུས་པ་དང་ཡེ་ཤེས་ཁྱབ་ཆུང་ཞིང་གྲོལ་བ་ཐོབ་པ་ཅུང་ཟད་དཀའ། བཞི་པའི་དུས་ཀྱི་ལྷན་སྐྱེས་ནི་ནུས་པ་དང་ཡེ་ཤེས་ཐོབ་པ་ཁྱབ་ཆེ་ཞིང་གྲོལ་བ་ཐོབ་པ་མྱུར་བས་མཐོང་ལམ་གྱི་ཡེ་ཤེས་དངོས་མིན་ཀྱང་མཐོང་ལམ་དང་འདྲ་བའི་དཔེའི་ཡེ་ཤེས་ཞེས་བླ་མེད་ཀྱི་ཁྱད་ཆོས་ཡིན་ནོ། །དེས་ན་འདི་གཉིས་ལ་ཁྱད་ཆེ་བ་ཡོད་པར་མར་རྔོག་གཉིས་ཀ་བཞེད་པ་ངེས་པར་དགོས་སོ་ཞེས་སྨྲ་བ། དངོས་པོ་གཅིག་ལ་བཟང་ངན་ཕྱེ་བ་ཤིན་ཏུ་འཁྲུལ་པའི་གཏམ་ཡིན་མིན་སྔགས་ཀྱི་གཞུང་ལ་སྦྱངས་པ་དག་གིས་ཤེས་པར་འགྱུར་རོ། །དཔེའི་ཡེ་ཤེས་དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མ་ཡིན་པས། དེ་ཙམ་གྱི་དབང་རྫོགས་པར་བཤད་པས་དུས་འཁོར་གྱི་ལུང་གིས་གནོད་དེ་ཞེས་སྦྱར་རོ། །ཚིགས་བཅད་དགུ་པའི་དུས་སུ། བཞི་པ་རྟེན་ཅན་གྱི་དབང་དུ་བྱས་ནས་དྲིས་པ་ལ། ནོར་བུའི་རྩེ་ལས་ཕྱིར་ལྷུང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་མིན་ཏེ་དེ་ནི་དགའ་བ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེས་ན་བྱང་སེམས་ནོར་བུའི་རྩེ་ལས་ཕྱིར་མ་འཕོས་པའི་དུས་དེར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ལ། དེ་ནི་དབང་པོ་གཉིས་སྦྱོར་ལས་བྱུང་བ་ཡིན་ཀྱང་། ཐབས་ཁྱད་པར་ཅན་གྱིས་ཟིན་པས་དེའི་དུས་སུ་སྐྱེས་པའི་ཡེ་ཤེས་ལ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ་ཞེས་པ། དབང་པོ་གཉིས་སྦྱོར་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ཡིས་དེ་ཉིད་མཐོང་བ་ནི། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་པའི་སྐྱོན་ཅན་དུ་ཟད་དོ། །འདིར་མཆོག་གི་ཟེ་བར་སེམས་ལྷུང་ཞེས་སྨྲས་པ་མ་གོ་བར་སྣང་སྟེ། ཕྱག་རྒྱ་པདྨ་ཅན་གྱི་རྩ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དེ་ལ་མཆོག་གི་ཟེ་བ་ཞེས་ལམ་འབྲས་པ་རང་རྣམས་འདོན་ལ། དེ་ནོར་བུར་སོན་པའི་ཕྱིར་ཕྱིར་ལྷུང་བ་ནི་མིན་ལ། ཚུལ་འདིས་གཉིས་ཤོར་གཉིས་མཉམ་ཞེས་སྨྲ་བའི་གནད་ཀྱང་ལྷོངས་པར་འགྱུར་རོ། །ཚིགས་བཅད་བཅུ་པའི་དུས་སུ། །སོ་སོ་ཐར་པ་རང་གི་ཆོ་གས་མ་བླངས་པར། དབང་བསྐུར་གྱི་ཆོ་གའི་ཞར་ལས་ཐོབ་པའི་སོ་སོ་ཐར་པའི་སྡོམ་པའི་ངོ་བོ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བ་དེ་ཡིན་ལ། དེ་འདྲ་ནི་ཚེ་བརྗེས་སུ་ཟིན་ཀྱང་སྔགས་སྡོམ་ནམ་གནས་ཀྱི་བར་དུ་གནས་པ་ཡིན་ནོ། །ཞེས་པ་ལེགས་པར་སྣང་ཡང་། སྡོམ་གསུམ་མཛད་པས། དེས་ན་སོ་སོ་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་གསུངས་པ་དང་འགལ་ལོ། །འགའ་ཞིག་འདི་འདུལ་བ་རང་གང་དུ་གསུངས་ཀྱི་སྔགས་ཀྱི་སྐབས་སུ་མ་གསུངས་སོ། །ཞེས་ཟེར་མོད། དེ་ནི་ནམ་ཡང་འཐད་པ་མ་ཡིན་ཏེ༑ གཞུང་འདིའི་ཕྱོགས་སྔ་མ་དགོངས་གཅིག་པ་ཡིན་པས། དེས་ནི་སྔགས་ཀྱི་དབང་དུ་བྱས་ནས་སྨྲས་པ་ལ་སྐྱོན་དུ་གསུངས་པའི་ཕྱིར་རོ། །ལར་ཡང་སྔགས་ཀྱི་སྐབས་སུ་དེ་འདྲ་བ་ཞིག་ཡོད་ན༑ སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་མི་གསུང་བར། འདུལ་བའི་རྣམ་དབྱེ་མེད་པར་ཟད་ཅེས་གསུང་བར་རིགས་སོ། །བསླབ་པའི་གཞི་ལྔ་འཛིན་དགོས་པའི་དོན་གྱིས་ཡོངས་རྫོགས་དགེ་བསྙེན་ཡིན་མོད། དེ་འདྲའི་ཐ་སྙད་དུ་དངོས་སུ་སྦྱར་བ་མེད་ཅིང་། ཐེག་ཆེན་སྐྱབས་འགྲོ་སྒོ་ནས་སྐབས་འདིའི་སོར་སྡོམ་དུ་འཇོག་པའི་ཁུངས་མ་འཚལ་ཞེས་པ། བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་ཡིན་ཟེར་བ་རང་སྐྱབས་འགྲོས་ཐོབ་པའི་སྡོམ་པ་ལ་བློ་རྩེ་གཏད་པས་ཡིན་ལ། རྡོ་རྗེ་གུར་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་སོགས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་ལེན་པའི་ཆོ་ག་བཤད་པས་སོ། །ཚིགས་བཅད་བཅུ་གཅིག་པའི་སྐབས་སུ། རླུང་གི་རྣལ་འབྱོར་སོགས་བསྒོམ་པའི་སྔོན་དུ་དབང་ཞུས་པའི་གསལ་ཁ་མི་འབྱུང་བ་ནི། རང་ཉིད་གང་ལས་གྲོལ་བའི་ལམ་གྱི་གཙོ་བོ་ཙམ་མ་གཏོགས་རྣམ་ཐར་རྒྱས་པར་མ་བཤད་པ་ཡིན་མོད། ཅེས་པ་འཐད་པ་མིན་ཏེ། ལྷ་མོ་དཔལ་མོས་མཛད་པའི་འགྲེལ་པ་དེར། དྲང་སྲོང་འགྲོ་བ་དབུགས་འབྱིན་གྱིས། རྒྱལ་པོའི་བུ་མོ་རོལ་པ་མོ་རྗེས་སུ་འཛིན་པ་ལ་ཡང་དབང་བསྐུར་བའི་ལོ་རྒྱུས་མི་སྣང་། །རོལ་པ་མོས་དཔའ་བོ་རྡོ་རྗེ་དང་། །དེས་འདུན་ན་འདོན་དམ་ཚིག་གི་རྡོ་རྗེ་དང་། དེས་པདྨ་མཉྫྱུ་དང་། དེས་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་བར་དུ་སྐད་ཅིག་རེ་རེས་གྲོལ་བ་རྐྱང་ཡིན་ལ། དེ་ནས་དགའ་བའི་རྡོ་རྗེ་ཞེས་བྱ་བ་ལ། དཀྱིལ་འཁོར་སྔོན་དུ་འགྲོ་བས་མངོན་པར་དབང་བསྐུར་བ་བླངས་ནས། ཐེག་པ་དེ་མཚན་མ་མེད་པའི་གནས་ལ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡང་དག་པ་ཐོབ་ཅིང་། ཞེས་ཇི་ལྟར་དབང་བསྐུར་བ་ལ། སྐུར་པ་སྨོས་འདུག་པས་རྒྱས་པར་མ་བསྟན་པ་གང་ལ་ཡིན༑ ཉིད་ཀྱི་ལུགས་ལ་ཡང་སྐབས་རེ་ན་སྨིན་པར་བྱ་བའི་ཕྱིར་དུ་དབང་བསྐུར་བས་གསང་སྒྲོགས་སུ་འགྱུར་ལ། རེས་འགའ་རྫོགས་རིམ་ཟབ་མོ་བསྟན་པ་ལ་ཡང་གསང་སྒྲོགས་མེད་པ་ནི༑ དབང་བཙན་པར་འགྱུར་བ་མ་ལགས་སམ། ཞེས་པ། ཆོས་ནས་གསང་དང་མི་གསང་བའི། །ལུགས་གཉིས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སྡོམ་གསུམ་དུ་བྱུང་བ་ཉིད་ངེས་པར་བྱོས་ཤིག ལར་དབང་མ་ཐོབ་པར་མཆོག་ཐོབ་པ་མེད་ལ། དབང་ཐོབ་པ་ལ་ཆོ་གས་བསྐུར་དགོས་པའི་ངེས་པ་མེད་པར། དཔལ་ཕག་མོ་གྲུ་པ་དང་། ཞང་ཚལ་པ་ལ་སོགས་པའི་གྲུབ་པའི་མཐའ་ལས་བྱུང་བ། རྒྱུད་ཐམས་ཅད་མཐར་ཐུག་པའི་དོན་དུ་འདྲིལ་བ་སློབ་མ་ལ་བཤད་པ་ཞེས་མིང་རྐྱང་དུ་མ་ལས་པའི་ལུང་རིགས་ཤེས་མོད་ཀྱང་། དེང་སང་ཟབ་མོས་འཇིགས་པའི་མ་སྨིན་པའི་གདུལ་བྱ་མང་པོ་སྐྲག་དོགས་མ་བྲིས་སོ། །རྡོ་རྗེ་མཁའ་འགྲོ་ལས། དབང་བསྐུར་ནས་ནི་དེ་ཉིད་བསྟེན། །གཞན་དུ་དག་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཞེས་དང་། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ༑ །ཞེས་གསུངས་པས་ནི་མི་གནོད་དེ། ལུང་འདི་རིགས་དབང་དོ་གལ་དུ་མི་འཛིན་པ་ལ་དགོངས་ནས་གསུངས་པ་སྟེ། སྤྱིར་ཐུན་མོང་གི་བསྟན་པ་ལ་གྲགས་པ། རྗོད་བྱེད་གཙོ་བོར་གྱུར་པ་སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས། བརྗོད་གཞི་གཙོ་བོར་དགོངས་པ་ཅན་དང་། དགོངས་པ་ཅན་མ་ཡིན་པ། བརྗོད་དོན་གཙོ་བོར་དྲང་དོན་དང་ངེས་དོན་རྣམས་སོ། །གཉིས་པ་ལ་བརྡ་གཙོ་བོར་གྱུར་པ་དང་། ཡི་གེ་གཙོ་བོར་གྱུར་པ་གཉིས། གསུམ་པ་ལ་གཞུག་པ་ལ་ལྡེམ་དགོངས། མཚན་ཉིད་ལ་ལྡེམ་དགོངས། བསྒྱུར་བ་ལ་ལྡེམ་དགོངས། གཉེན་པོ་ལ་ལྡེམ་དགོངས་བཞིའོ། །དེ་དག་བསྟན་པ་སྤྱིའི་ཕྱག་རྒྱ་ཡིན་ལ། རྒྱུད་སྡེ་ཐུན་མོང་མ་ཡིན་པ་ལ། ཡི་གེའི་དོན་སྤྱིའི་དོན་དྲང་དོན་གཙོ་ཆེ་བ། སྦས་པ་དང་མཐར་ཐུག་གཉིས་ངེས་དོན་ཏེ། མཐའ་དྲུག་ལ་ཚུལ་བཞི་མ་ཞུགས་པ་ཐུན་མོང་གཙོ་ཆེ་བ། བཤད་པ་བཞི་ཞུགས་པ་ཐུན་མོང་མ་ཡིན་པ་གཙོ་ཆེ་བ་གཉིས་ངེས་པར་ཤེས་དགོས་པས་ལུང་དྲངས་པ་རང་གི་གནོད་པ་མ་ཡིན་ནོ། །ཚིགས་བཅད་བཅུ་གཉིས་པའི་སྐབས་སུ། ཚེ་འདིར་དབང་མ་བསྐུར་བ་ཚེ་རབས་སྔ་མ་ནས་ཐོབ་པ་དེ་དབང་ཐོབ་པ་ཡིན་ཀྱང་། ཚེ་འདིར་དབང་ཐོབ་པ་མིན་ཏེ། ཚེ་རབས་སྔ་མ་ནས་དབང་ཐོབ་ཟིན་པའི་ཕྱིར། ཞེས་བཅས་སོ། །འོ་ན་ཚེ་སྔ་མ་དབང་ཐོབ་ལ། ཚེ་འདིར་ཡང་དབང་ཐོབ་པའི་གང་ཟག་ཆོས་ཅན། དེར་ཐལ་དེའི་ཕྱིར། ལར་ཡང་། ཚེ་འདིར་དབང་མ་བསྐུར་བ་ཚེ་རབས་སྔ་མའི་སྔགས་སྡོམ་རྫོགས་པར་ཐོབ་ལ་མ་ཉམས་པ་ཆོས་ཅན། ཚེ་འདིར་དབང་ཐོབ་པ་ཡིན་པར་ཐལ། ཚེ་འདིར་དབང་གིས་སྨིན་པའི་གང་ཟག་ཡིན་པའི་ཕྱིར༑ ཁྱབ་པ་མེད་ན་ནི། དབང་གིས་སྨིན་ལ་དབང་མ་ཐོབ་པ་རང་ལུགས་དང་འགལ། རྟགས་མ་གྲུབ་ན་ནི། དེར་ཐལ། སྔགས་སྡོམ་རྫོགས་པར་ཐོབ་ལ་མ་ཉམས་པའི་གང་ཟག་ཡིན་པའི་ཕྱིར༑ ཞེས་ཞུ་མཁན་བྱུང་ན་དབུ་གུག་གུག་པ་མ་གཏོགས་མཛད་རྒྱུ་ཅི་ཡང་མེད་དོ། ཡང་། རང་བཞིན་གྱིས་དབང་ཐོབ་པ་ནི་ག་ལ་སྲིད། ཅེས་པ་ལ། དེ་ཡང་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་ལས་གཞན་ཆོས་མེད་དོ། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། ཞེས་གསུངས་པ་འདི་ཁས་ལེན་པར་ནུས་ན། བསྐྱེད་རྫོགས་གང་ཐོབ་ཀྱང་དབང་ཐོབ་པར་སོང་སྟེ་དེ་ཀ་དབང་བསྐུར་ཡིན་པའི་ཕྱིར་རོ། །གལ་ཏེ་མི་ནུས་ན་ནི། སྡོམ་གསུམ་མཛད་པའི་གྲུབ་མཐའ་ཅི་རེད་དེས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་གསུངས་པས་སོ། །དེ་བས། ལ་ལ་དབང་བསྐུར་མུ་བཞིར་འདོད། །དབང་བསྐུར་བྱས་ཀྱང་མ་ཐོབ་དང་། །མ་བྱས་ཀྱང་ནི་ཐོབ་པ་དང་། །བྱས་ན་ཐོབ་ལ་མ་བྱས་པ། །མི་ཐོབ་པ་དང་རྣམ་བཞིར་འདོད། །བསྟན་པ་དཀྲུག་པའི་སྙད་ཀར་ཟད༑ །ཅེས་གསུངས་པའི་རིགས་པ་རང་གི་མགོར་ཅིས་མི་བཟློག་ཅེས་སྦྱར་བ་སྟེ། འཁྱོག་འགྲོས་ཆུ་བོའི་གཞུང་ལྟ་བུར་མ་སོང་བའི་དྲང་པོའི་ལུང་རིགས་ཀྱིས་དཔྱད་པར་བྱའོ། །རྒྱལ་བའི་རྒྱུད་གཞུང་མཐའ་མི་འཚལ་བས་གལ་ཏེ་སྨྲ་བར་མི་འོས་པ། །འགའ་ཡང་འགྲེལ་རྩོམ་ཅི་བགྱིད་འདི་ཡི་ཟབ་རྒྱས་སུས་ཀྱང་རྟོགས་པ་མིན། །འོན་ཀྱང་མཁས་རྣམས་དཔྱད་པ་མཛད་ལ་ཇི་ལྟར་ནོངས་པ་མ་མཆིས་པ། །དེ་ཕྱིར་བདག་ནི་བློ་གྲོས་ཤིན་ཏུ་གཞོན་ནའང་དེ་སླད་རྩོམ་པར་འགྱུར། ཁོ་བོའི་སྦྱངས་སྟོབས་ཤར་རིའི་བ་གམ་གྱིས་སྤྲོས་པའི། །ཞིབ་མོར་དཔྱད་པའི་ཉིན་བྱེད་ཟེར་གྱིས་ཕོག་པ་ན། །ཐུབ་བསྟན་དར་བབ་ཡིད་སྲུབས་བཞིན་དང་ལྷན་ཅིག་ཏུ། །གཞན་གྱི་བློ་གྲོས་ཀུ་མུ་ཏ་ཡི་ནགས་རྣམས་ཟུམ། །ས་སྐྱོང་གཡོ་སྒྱུའི་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པས༑ །སྡུག་བསྔལ་མེ་ལྕེ་འབར་བའི་ནང་དུ་ལྷུང་བ་མ་བཟོད་ནས། །བདག་གི་ཡིད་ནི་ཕན་པའི་བདུད་རྩི་ཆར་ཆེན་དབབ་པའི་ཆེད། །དབེན་པའི་རི་ཕུག་གྲུབ་པའི་ཆུ་འཛིན་བསྒྲུབ་པ་ཉིད་ཀྱིས་བྲེལ༑ །ཐུ་བཙུན་མཁས་པ་གྲུབ་པའི་རྗེ་བོར་བཀུར་དེ་ལ། །གུས་པའི་མིག་འབྲས་ལྷུང་ནས་ཞལ་སྐྱིན་ལ་ཆགས་པའི། །བློ་གསལ་ཚིག་གིས་རིང་ནས་བསྐུལ་བས་བདག་གིས་ནི། །མཁས་པའི་སྙིང་ལ་ཀུན་རྟོག་སྤེལ་བ་འདི་སྦྱར་རོ། །གཡུ་རུ་རྡོ་རྗེའི་གདན་ཞེས་བྱ་བའི་རྡོ་རྗེ་འཛིན་པའི་འདུན་ས་ཆེན་པོ་ནས། བློ་གསལ་ཚེ་དབང་ཀུན་མཁྱེན། མིང་གཞན་མཁྱེན་རྩེ་ཆོས་མཛད་ཅེས་བྱ་བས༑ དྲི་ལན་ཚིག་གི་འཕྲེང་བ་སྐྱེས་སུ་བསྐུར་ནས། སླད་ཀྱིས་དྲི་བ་དྲི་ལན་དང་བཅས་པ་ལ་མཐའ་ཆོད་པའི་རྩོམ་པ་ཞིག་དགོས་ཞེས་བསྐུལ་བའི་ངོར། རིག་པའི་གནས་ཕལ་མོ་ཆེ་ལ་བློ་མིག་རྒྱས་པའི་ལུང་རིགས་སྨྲ་བ་པདྨ་དཀར་པོས། ལྷོ་བྲག་མཁར་ཆུ་ནས་བསྲིངས་པ་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །། ༄༅། །གྲ་ཐང་མཁན་པོའི་དྲི་ལན་བཞུགས་སོ།། ཆོས་ཀྱི་ལུང་གིས་འགྲོ་བ་མང་པོ་ནི། །བློ་གྲོས་ཆེན་པོའི་གོ་འཕང་ཆེར་བཀོད་པ། །ཀུན་ཏུ་བཟང་པོའི་རྣམ་ཐར་མངའ་བདག་པའི། །རྗེ་བཙུན་མཆོག་གིས་མ་ལུས་བདེ་ལེགས་མཛོད༑ །གང་གི་བཤད་རྒྱུན་རིན་ཆེན་གདུགས་དམ་པ། །ཐུབ་བསྟན་ནམ་མཁའི་རྒྱུན་དུ་བགྱིས་པ་གང་། །གངས་ཅན་པ་རྣམས་སྐྱོབ་པའི་བསིལ་གྲིབ་ཏུ། །རྔོག་སྟོན་རིམ་པའི་ཚོགས་ཀྱི་སྟེང་དུ་བཀུར། །དེ་འགྲེལ་དར་གྱི་དཔྱངས་ཐག་ཀུན་འཛིན་པ། །སྨྲ་བའི་སྤྲིན་དབུས་མིག་མི་འཛུམ་པའི་བུ། །གཅིག་པུར་ཅི་བདེར་སྡོད་པ་གཟིགས་པས་སུ། །གཞན་ལ་སྟོན་ཕྱིར་དྲི་ཚིག་མཛུབ་མོ་བསྒྲེང་། །དོགས་པའི་དྲི་ལན་མདུན་དུ་འོངས་པ་ལ། །ལན་བཟང་བསིལ་བྱེད་ག་པུར་མི་འཐུལ་ན། །མཁས་དབང་ཧ་རི་ཙན་དན་འཁྲི་ཤིང་དུ། །གང་གིས་མཚོན་ཞེས་སྨྲ་འདི་དག་པར་མཐོང་། །འགྲོ་བའི་བླ་མས་སྤངས་པ་དེ་ཁོ་ན། །རྟགས་ཙམ་འཛིན་པ་འདི་དག་ངོམ་པར་བྱེད། །དེས་ན་བློ་གསལ་དེ་ནང་འཁྱམས་ནའང་། །འདོད་བྲལ་ནམ་མཁའི་མེ་ཏོག་ལེན་འདྲ་འང་བདེན། །ཀུན་མཁྱེན་རྒྱལ་བ་མིན་པ་མ་འཚལ་བས། །ཀུན་ལན་འདེབས་འཁུར་བདག་ལ་མ་མཆིས་ཀྱང་། །ཀུན་དགའ་རྣམ་རྒྱལ་བསྔགས་འོས་དེ་གཉིས་པར། །ཀུན་གཟིགས་མཛད་ན་ཁྱོད་འོས་ཆེད་དུ་སྨྲ། །དེ་ཡང་ཐོ་བཙུན་འཇིགས་མེད་དཔའ་བོའི་ཞལ་སྔ་ནས་ཀྱི་རིགས་ཀྱི་དབོན་ཆོས་ལས་འཁྲུངས་པའི་སྲས། ཆོས་གྲྭ་གྲ་ཐང་གི་མཁན་པོ་ཆེན་པོས་དྲི་བར་མཛད་པའི་ཚིག་ནི། གངས་ཅན་མུན་སེལ་སྤྲུལ་པའི་སྐུ། །མདོ་སྔགས་བསྟན་གཙོའི་ཞབས་དྲུང་དུ། །སྡེབས་ལེགས་ཚིག་སྙན་མ་མཆིས་ཀྱང་། །དོགས་གནས་ཞུ་ཚིག་འདི་འབུལ་ལོ༑ །རིན་ཆེན་རྒྱན་འདྲ་ལ་སོགས་ནས། །དགྱེས་རྡོར་རྒྱུད་འདི་ལྷོ་རྒྱུད་དུ། །འདྲེན་བྱེད་ཀླུ་སྒྲུབ་ཡིན་གསུངས་སྣང་། །དེ་གོང་གྲུབ་ཆེན་དག་ལ་ཅི། །ཞེས་སོ། །ལན་གསོལ་བ་ནི། ཀླུ་སྒྲུབ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པ་ཡིན་མོད་ཀྱང་སྤྱན་དྲངས་སོ་ཞེས་པའི་རྣམ་གཞག་ཕྱོགས་དེར་ནི་མ་ཡིན་ཏེ། ཡུལ་དབུས་ཁོ་ནར་དང་པོར་སྤྱན་དྲངས་ཞེས་པའོ། །སློབ་དཔོན་དེའི་སྔོན་དུ་གྲུབ་ཐོབ་བྱོན་པ་དཔལ་ས་ར་ཧ་ཆེན་པོ་ཡིན་ལ། དེས་རྡོ་རྗེ་ཐེག་པ་སུ་ལ་གསན་པ་ཞེ་ན་འདུས་པ་འཕགས་ལུགས་པའི་གཏམ་ལ། རྒྱལ་པོ་བི་སུ་ཀལྤ་ཞེས་པ་ཞིག་ལ་གསན་ཞེས་གྲག དཔྱད་ན་དེ་སྟོན་པའི་སྲས་སྒྲ་གཅན་འཛིན་ཡིན་ནོ། །གཞན་པའི་གྲུབ་ཐོབ་ནི་དུས་དེའི་ཚེ་མི་སྣང་སྟེ། དེ་ཕན་ཕྱོགས་དེར་ཉན་ཐོས་ཀྱི་ལུང་དར། དེ་དག་ཤེར་ཕྱིན་སོགས་ཀླུ་སྒྲུབ་ཀྱི་ཟོག་ཆོས་ཡིན་ཞེས་སྨྲ་བར་གྲགས་སོ། །གྲུབ་ཐོབ་ཆེན་པོ་དེས་ཀྱང་། །བདེ་གསང་སངས་རྒྱས་ཐོད་པ་སོགས་བཤད་པ་ནི་རྒྱུན་ལས་མཐོང་མོད། ཀྱེའི་རྡོ་རྗེ་ནི་བཤད་པའི་གཏམ་མི་སྣང་ངོ་། །སློབ་དཔོན་ཀླུ་སྒྲུབ་ནས་རྒྱུའི་ཐེག་ཆེན་ཕྱོགས་དེར་དར་ལ། སྔགས་ནི་གསང་ནས་ཀྱང་རེ་རེ་ཙམ་གྱིས་སྤྱོད་པར་ཟད་དོ། །དེ་ནས་ཕྱིས་ལཱ་བ་པ་སོགས་ཀྱིས་བསྣམས་པའང་འཐད་དེ། རྒྱ་གར་ནས་བརྒྱུད་འབྲོག་མི། འགོས། རྗེ་མར་པ་སོགས་ཀྱིས་སྤྱན་དྲངས་པ་ལ་བྱའོ། །གཉིས་པ། བདག་མེད་མ་སོགས་ཡུམ་རྐྱང་གི །དཀྱིལ་འཁོར་ཆེ་རུ་གསང་དབང་ནི། །ལེན་ཚུལ་ཡབ་དང་འགྲེ་གསུང་ན། །གཙོ་བོ་ཐབས་སམ་ཤེས་རབ་ཅི། །བུད་མེད་ཀྱིས་བུད་མེད་འདུལ་བ་དང་། །དེ་ཡང་དངོས་དབང་ཡིན་པའི་དབང་དུ་བྱས་ན་ནི་གསང་དབང་དུ་སློབ་དཔོན་དང་༑ ཤེར་དབང་དུ་སློབ་མ་གཉིས་ཀ་ཤེས་རབ་ལ། ཕྱག་རྒྱ་ཐབས་སུ་རིགས་ཏེ། ལེའུ་བརྒྱད་པར། རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པ་ཉིད། །ཅེས་དང་༑ རེ་ཞིག་སྐྱེས་བུ་རྣམ་པ་གཉིས་གསུང་བའི་གནད་ལས་སོ། །ཡང་ཕ་རྡོ་རྗེ་སློབ་དཔོན་དང་སློབ་མ་ཡིན་ན་ཧེ་རུ་ཀར་བསྒྱུར་བ་རིགས་པ་སྟེ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་ནི། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བུད་མེད་གཟུགས་ནི་སྤངས་ནས་ནི། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ཞེས་པའི་ལུང་གིས་གྲུབ་བོ། །གཙོ་བོ་ནི་རྣམ་པ་ཀུན་ཏུ་ཤེས་རབ་ཉིད་དོ་ཞེས་ཀྱང་སྨྲས་སོ། །ཡང་། རིགས་ལྔ་སྐུ་ཡི་ས་བོན་སོགས། །གདོད་ནས་འགྲོ་ལ་ཡོད་མོད་ཀྱི། །དབང་དུས་གསར་གནས་ངང་ཚུལ་དེ། །ཅི་ལགས་ལེགས་པར་གསུང་དུ་གསོལ། །དང་པོ་ཉིད་ནས་གནས་པ་ནི་མཚན་ཉིད་ཐེག་པ་ནས་བཤད་པའི་རང་བཞིན་གནས་རིགས༑ དབང་དུས་ཐོབ་པ་དེ་ནི་དེ་དག་ཏུ་རྒྱས་འགྱུར་གྱི་རིགས་སུ་བཤད་པ་དང་ཡང་མཐུན་ཏེ། དོན་རིགས་མ་སད་པའི་སྐབས་དང་རིགས་སད་པའི་སྐབས་ཞེས་ཐ་སྙད་བཞག་པ་དེ་ཀའོ། །ཡང་༑ ཁྲོ་ཆགས་སྐུ་ཡི་རྣམ་པ་ལ། །མཚན་དཔེ་ཚང་བར་གསུངས་ལགས་ན། །ལྤགས་གསེར་སྦ་བ་སྦུབས་ནུབ་སོགས། །མི་འབྱུང་ལྷ་མོ་དག་ལའང་ཅི། །འདི་ལ་ཞ་ལུ་ལོ་ཆེན་གྱིས་པགས་པ་མདོག་བཟང་ཞེས་འགྱུར་བཅོས་སྣང་མོད་ཕྱོགས་རེ་བར་ཟད། དོན་འདི་དང་འོད་འདོམ་གང་བ་འོ་སྐོལ་གྱི་སྟོན་པ་རང་གི་དབང་དུ་བྱས་ཀྱི། གཞན་བདེ་བ་ཅན་པའི་སྟོན་པ་མདོག་དམར་པོ་འོད་ཀྱིས་རང་གི་ཞིང་ཁམས་ཐམས་ཅད་ཁྱབ་པར་བཤད་པས། དེ་དག་དེའི་མཚན་གྱི་དབྱེ་བར་བཞག་དགོས་པས་ཤེས་པར་བྱའོ། །དེས་ན་ཁྲོ་ཆགས་ལ་རལ་པ་དམར་སེར་བཤད་པའི་ཚེ་དེ་ག་དཔེ་བྱད་དུ་འདོད་ཀྱི། བུང་བ་ལྟར་གནག་ཅེས་འདོན་མི་དགོས་སོ། །སྦ་བ་སྦུབ་ནུབ་ཅེས་པ་ལ། རྟགས་སོར་གཅིག་ནུབ། གཙུག་ཏོར་སོར་གཅིག་འཕགས་ཞེས་བཤད་པ་ལ་འཁྲུལ་ནས་མི་ཤེས་པ་ལ་ཤེས་པར་རློམ་པ་རྣམས་རྟགས་གཙུག་ཏོར་དུ་སོང་ངོ་སྙམ་ནས་དེ་སྐད་སྨྲའོ། །དེ་འདྲ་ག་ལ་ཡིན། རྟ་ཅང་ཤེས་ཀྱི་ལྟ་བུའོ། །དེ་ལྟ་མིན་ན་རྒྱལ་བུ་དོན་གྲུབ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ནས་ལྟས་མཁན་དག་གིས་སངས་རྒྱས་དང་འཁོར་ལོ་བསྒྱུར་བར་ལུང་བསྟན། ཕྱིས་དྲང་སྲོང་ནག་པོས་མཚན་དཔེ་གསལ་རྫོགས་སུ་མཐོང་ནས་སངས་རྒྱས་ཉིད་དུ་ལུང་བསྟན་པ་དང་། དེས་གྲགས་འཛིན་ལ་སྲས་སྒྲ་གཅན་འཛིན་བསྐྲུན་པ་དང་དེའི་དགོས་པ་དོན་གྲུབ་ལ་སྐྱེས་པ་མ་ཡིན་པར་དོགས་པ་སྟེ། དེ་སེལ་བའི་ཕྱིར་བསྟན་པ་བཤད་པ་དང་འགལ་བར་འགྱུར་རོ། །འོ་ན་སྔར་གྱི་བཤད་དོན་ཅི་ཞེ་ན། སྒོམ་སྟོབས་ཅན་ལ་སྦ་བ་སྦུབས་སུ་ནུབ་པ་དང་གཙུག་ཏོར་གྲུབ་རིམ་དུས་མཉམ་པ་ལ་དགོངས་སོ། །གཞན་རྒྱུད་འདི་ཉིད་དུ༑ བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཞེས་ཁུ་རྡུལ་ལས་འབྱེད་པ་ཞིག་ཀྱང་བཤད་པས༑ མཚན་དཔེ་མདོ་ནས་བཤད་པ་རང་ལ་མཐའ་གཅིག་ཏུ་མི་འཛིན་ནོ། །དེས་ན་ལྷ་མོ་ལ་མཚན་དཔེ་ཡང་དེས་འགྲེ་བ་ཡིན་ལ། འདི་ལ་བུད་མེད་རིན་པོ་ཆེའི་མཚན་ཉིད་ཅེས་བྱེ་བྲག་ཏུའང་གསུངས༑ རྟགས་ཀྱི་དོད་ནུ་འབུར་ཡིན་ཏེ། །ནུ་མ་སྤངས་པ་བོ་ལར་གྱུར་དང་། །གསོ་དཔྱད་ལས་རྟགས་ཀྱི་གཏར་རྩའི་དོད་ནུ་མ་ལ་འཚོལ་བ་ཡིན་ནོ། །གཏུམ་མོ་བསྒོམ་ཚེ་རྩ་འཁོར་ལ༑ །ཡི་གེ་འགོད་སོགས་གདོད་མ་ནས། །གྲུབ་པའི་ཡིན་ནམ་བློས་བྱས་ཡིན། །དང་པོ་ལྟར་ན་ཡིག་རྣམས་ཅི། །གཏུམ་མོ་བསྒོམ་པ་ལ་གནས་ཚུལ་དང་མཐུན་པ་དང་བློས་བཏགས་སོགས་སྒོམ་ཚུལ་གཉིས་ཀ་ཡོད། གནས་ཚུལ་ལ། ཧཾ་དང་ཨ་ཤད་གཉིས་སམ། མགྲིན་པར་ཨོཾ་དང་། སྙིང་གར་ཧཱུྃ་དང་ལྟེ་བར་ཨཾ་སོགས། དེ་བཞིན་སམྤུ་ཊ་རིམ་བཞིར་གསུངས་པ་སོགས༑ དོན་ལ་དབྱིབས་ཀྱི་ཡི་གེ་དང་། གདངས་ཀྱི་ཡི་གེ་གཉིས་ཀར་མི་འགལ་བའང་ཡོད་དེ། འཁོར་ལོ་དྲུག་གི་ཡིག་གཟུགས་ལྟ་བུའོ། །གདངས་ནི་སྒྲ་སྤྱི་ལ་བྱེད་པའོ། །ཡང་༑ ཐེག་ཆེན་མཐོང་ལམ་ཐོབ་པ་ནས། །འཕགས་པའི་ས་ལ་ལས་རླུང་གི །འགགས་ཚུལ་བཤད་པ་འབྱུང་མོད་ཀྱི། །དེ་ཚེ་ལས་ཉོན་མ་སྤངས་སམ། །ཐེག་ཆེན་མཐོང་ལམ་ཐོབ་པ་ནས༑ །ཉོན་མོངས་པ་སྤངས་པའང་ཡོད། ཉོན་ཤེས་ཅིག་ཅར་དུ་སྤོང་བར་འདོད་པའང་ཡོད། ཤེས་སྒྲིབ་སྔོན་ལ་སྤངས། ཉོན་སྒྲིབ་ཕྱིས་ནས་སྤོང་བར་བཤད་པའང་ཡོད་དེ་བློ་རྩེ་གཏད་ས་སོ་སོར་ཡོད་པ་ཡིན། སྤྱི་མཐུན་དེ་ནས་ཉོན་སྒྲིབ་སྤངས་པས་ཉོན་མོངས་སྤངས་པར་བཞག་གོ །ལས་མི་དགེ་བ་གསར་གསོག་མེད་པས་དེ་སྤངས་ཀྱི། གཞན་སྔོན་ལས་ཀྱི་ནུས་པ་མ་སྤངས་ཏེ། དེ་སྤངས་ན་སེམས་དང་པོ་བསྐྱེད་པ་ལ་བརྟེན་ནས་འཚང་རྒྱ་བར་མི་འགྲུབ་པས་སོ། །དེ་བཞིན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཆུང་ངུར། ལས་དག་པ་མེད་པར་བཤད་དོ། །ས་ཐོབ་ནས་ལས་རླུང་འགག་ཟེར་བ། ལས་རླུང་གི་ཟད་པ་ཡིན། འདིར་འགག་བྱའི་ལས་རླུང་ལས་ཉོན་གྱི་འདུས་བྱས་མིན། འོ་ན་གང་ཞེ་ན་མཉམ་རྒྱུ་འབའ་ཞིག་པ། མཉམ་རྒྱུ་དེ་ཡང་དབུ་མའི་དབུགས་སོ། །རླུང་དེ་མ་རིག་བག་ཆགས་ཀྱི་སའི་ཕྲ་བ་ཡིན་པས་དེ་ཇི་སྲིད་བར་རོ། །ཡང་། འབྲས་བུ་སྐུ་དང་ཡེ་ཤེས་སོགས། །ངོ་བོ་གཅིག་རྒྱུ་ཡིན་པ་ལ། །དེང་སང་སྐུ་གསུམ་འགལ་ལོ་ཞེས། །གསུང་རྣམས་དོན་ལ་གནས་མཆིས་སམ། །སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །ཐོས་སྒོམ་སྙིང་པོ་ལོན་དུ་རེ། །དོགས་གནས་ཀྱི་ཐེ་ཚོམ་མ་ཆོད་པར༑ །སྒོམ་བློ་རེ་མུན་པའི་ལམ་དུ་འཆེལ། །མཁས་གྲུབ་ཀྱི་བླ་མ་ལ་འདི་དྲི་མོད། །ནོར་གཉེར་གྱི་དཀོར་ཟན་ལ་བཅོལ་དོགས་མེད། །ཚིག་སྐམ་གྱི་ཁ་བཤད་འདིར་མི་མཁོ། །བླང་དོར་གྱི་ལམ་སྲང་བསྟན་དུ་གསོལ། །སྐུ་གསུམ་འགལ་ཟེར་བའི་ཞེ་འདོད། །སྤྲུལ་ལོངས་གཞན་སྣང་ལ་འདོད་ནས་དེ་དང་ངོ་བོ་ཉིད་སྐུ་རྒྱུད་སོ་སོ་བས་བསྡུས་པ་ལ་བྱེད་ནས་འཐད། གཞན་ལོངས་སྐུ་སོར་རྟོག་ཡེ་ཤེས། སྤྲུལ་སྐུ་བྱ་གྲུབ་ཡེ་ཤེས་ལ་བྱས་ན་སྐུ་གསུམ་དབྱེར་མེད། ལར་སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་གཟུགས་ཀྱིས་ཤེས་པར་བྱ། །སོགས་ཀྱི་རྣམ་པར་བཞག་པ་མང་ངོ་ཞེས་པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་རྒྱལ་པོའི་ཁབ་ནས་ཕུལ་བའོ།། །། ༄༅། །སྡེ་པ་བཤག་པའི་རྣམ་པར་དཔྱོད་པས་སྨྲ་བའི་ལན་དུ་བགྱིས་པ་བཞུགས།། ༄༅། །སེམས་ཀྱི་གནས་ལུགས་ཉམས་སུ་བསྟར་མཛད་པས། །ཤེས་བྱ་ཀུན་ལ་མཁས་པའི་རྩེར་བྱོན་པ། །བཀའ་བརྒྱུད་པ་ཞེས་ས་གསུམ་མཆོད་གནས་ཀྱི། །སངས་རྒྱས་མི་གཟུགས་ཅན་རྣམས་རྒྱལ་གྱུར་ཅིག །ས་སྤྱོད་ཕལ་ཆེར་དགེ་བའི་གོ་སྐབས་དང་། །བྲལ་བའི་དུས་ངན་འདི་འདྲར་རྫོགས་ལྡན་མིའི། །སྤྱོད་ཚུལ་འཛིན་པ་ཁྱོད་འོངས་གཏམ་གསར་ནི༑ །དགའ་བས་ཨུཏྤལ་འཕྲེང་བཞིན་རྣ་བར་གཟུང་། །སྤྲོ་བས་གཤེར་བའི་ཡིད་ཀྱི་རྫིང་བུའི་འགྲམ། །གསར་སྐྱེས་ལེགས་བཤད་ཆུ་སྐྱེས་དག་གི་འཕྲེང་། །རྣམ་དཔྱོད་ལྡན་པ་རྣམས་ཀྱི་མགོར་མཛེས་པ། །ཁྱོད་ཀྱི་སྤྱི་བོར་འཕངས་འདི་བཅད་བར་རིགས། །དེ་ཕྱིར་སློབ་དཔོན་སོ་སྐྱེས་ཐུབ་སྤྱོད་དུ། །ཀུན་ལ་དབང་བསྐུར་སྩོལ་བར་སུ་ཞིག་བཞེད༑ །དེ་ཀས་ཞུ་མི་ཀུན་ལ་དབང་བསྐུར་བའི། །ཕྱག་ལེན་འཁྲུལ་པ་ཡིན་ཞེས་སྨྲས་པར་སྣང་། །སྤྱི་རྒྱུད་བྱ་བ་འདི་ལ་བྱ་རྒྱུད་ལ་མ་གྲགས་པའི་བརྡ་ཆད་གཞན་ཅི་ཡང་མ་བྱུང་བས་སྤྱི་ཡིན་ལར་ཡང་ནི། །ལུང་དོན་རིགས་པས་དཔྱད་ནས་འདྲེན་དགོས་དཔེར། །རྣམ་འཇོམས་རྒྱུད་ཀུན་རྒྱུ་དོ་ཅོག་གི་རྩ་བ་སྟེ་རྩ་བར་གསུངས་ལ་བཞིན། །བླ་མེད་ཀུན་ཏུ་དྲངས་ངེས་བཤད་པ་མེད། །བྱ་རྒྱུད་ཕལ་ཆེར་རྗེས་གནང་ཉིད་ཀྱིས་གསུངས། །ཚུལ་དེའི་སྔོན་འགྲོ་བྱང་ཆུབ་སེམས་སྡོམ་དང་། །མཇུག་ཏུ་རང་རིགས་དམ་ཚིག་ལེན་པས་ན། །དེ་བས་ལྷག་པའི་སྔགས་སྡོམ་རྒྱུད་འདིར་མེད། །འཕགས་པས་ཇི་ལྟར་མཛད་བཞིན་སློབ་མ་ལ། །དེང་སང་དབང་བསྐུར་རིགས་པར་རྒྱུད་ཉིད་དུ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ་མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ།། སོགས་ཀྱི། །ཚིག་འདིས་འགྲུབ་པར་མངོན་སུམ་ཉིད་ཀྱིས་བསྟན། །དགྱེས་རྡོར་ལ་ནི་ངེས་པར་གྲངས་སུ་བཅད། །དུས་འཁོར་འཕྲེང་བ་མང་པོར་སྟོན་པ་ནི། །དེང་སང་མངོན་སུམ་མཛད་པས་ཆོ་ག་ཡང་། །མང་ཟིན་ཉུང་བ་མི་རྫོགས་ཡ་མཚན་ལོ། །སྣོད་མིན་པ་ལ་དབང་བསྐུར་སྦྱིན་པ་ཉིད། །གསང་སྒྲོགས་མི་འགྱུར་བློན་པོའི་བསྙོན་གཏམ་སྟེ། །དབང་ལས་ལྷག་པའི་སྔགས་ཀྱི་ཐབས་མེད་པ། ས་དཀར་སྡོམ་གསུམ་ལས། རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ།། མཁས་པ་ཀུན་གྱི་རིང་ལུགས་ཡིན། །དུས་དགྱེས་དབང་གི་རྣམ་གཞག་མ་འཚལ་བས། །འགལ་མེད་ལུང་གི་རེ་བ་མ་མཆིས་མོད། །རྒྱུད་ཀུན་སྟོན་པའི་རྡོ་རྗེའི་སློབ་དཔོན་ལས། །ལྷག་པའི་གྲུབ་པ་ལུང་སྦྱིན་འདི་ཡང་ཅི། །སྨིན་བྱེད་དབང་བསྐུར་རྡུལ་ཚོན་ཉིད་ངེས་ན༑ །རྒྱལ་བས་དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན་གསུངས་པ། །དམ་པ་དང་པོར་བྱུང་སྟེ་འཁྲུལ་ལམ་ལོ། །རྒྱུད་ལས་ཕྱིར་མི་ལྡོག་པ་སློབ་དཔོན་དབང་༑ །རྣལ་འབྱོར་རྒྱུད་ལ་རབ་ཏུ་གྲགས་ཞེས་གསུངས། །རིགས་དྲུག་མེད་པའི་འཐད་པ་སུ་ཡི་གཏམ། །གོང་མ་གཉིས་ཀྱི་མིང་ཡང་འདི་རུ་བསྟན། །བཞི་པར་མཆོག་གི་ཟེ་བར་སེམས་ལྷུང་བའི། །དགའ་བ་དེ་ཡང་ཡས་བབས་ལྷན་སྐྱེས་ཏེ། །བཟང་ངན་འབྱེད་པ་རྨོངས་པའི་ཅལ་རྒྱུགས་ཡིན། །དེས་ན་གསུམ་པར་རྫོགས་ན་བཞི་པར་ལྷན་སྐྱེས་དགའ་པ་འཇོག་པ་ལྷག་པས་ཉེས། །སོར་སྡོམ་ཤི་འཕོས་ན་ཡང་འབྲང་འགྱུར་ན། །སྡོམ་གསུམ་མཛད་པའི་ལུགས་དེས་ན་སོ་སོ་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད།། དང་མི་འགལ་ལམ། །མདོ་ལུགས་ཡིན་གྱིས་སྔགས་ལ་མི་འཐད་ན། །སྡེ་སྣོད་རྣམ་དབྱེ་མེད་གསུངས་རྩོམ་པའི་སྐྱོན། །དབང་བསྐུར་མེད་པར་གསང་སྔགས་ཐབས་བསྒོམས་པས། །དངོས་གྲུབ་ཐོབ་པ་ཡོད་ན་དེ་ཉིད་ཀྱི། །ཐབས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་ལེགས་བཏབ་ནས། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས།། དེ་དབང་བསྐུར་ཡིན་པས་མ་བསྐུར་ཀྱང་། །ཐོབ་པའི་རྣམ་གཞག་བཟོས་པ་དོན་ལྡན་འགྱུར། །ཚེ་འདིར་དབང་མ་བསྐུར་ཀྱང་མཆོག་ཐོབ་པའི། །དཔེར་བརྗོད་རོལ་པ་མ་སོགས་དྲངས་པའི་ཕྱིར། །དྲི་བའི་ཚིག་ལས་གཞན་པའི་མཐའ་ཆོད་ཅིག །དགོས་པར་མ་མཐོང་དེ་ཕྱིར་བཏང་སྙོམས་བཞག །ཅེས་སྨྲས་སོ།། །།

དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར།

དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར་བཞུགས་སོ། །བདེན་དོན་བཅུ་གཉིས་རླུང་གི་རྗེས་འགྲོ་བ། །དེ་ཉིད་བཅུ་དྲུག་རིག་པའི་གང་བའི་ཆ། །ནང་གི་གདུང་བ་སེལ་ལ་མཐོ་རིས་པའི། །བདུད་རྩིའི་ཁོར་ཡུག་འགོངས་དེ་ཕྱག་བྱའི་གནས། །རྒྱལ་པོའི་ཁབ་ཆེན་པོ་རིན་ཆེན་སྤུངས་ནས་མིའི་བརྒྱ་བྱིན་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་དཔལ་བཟང་པོ་དེས། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པའི་ནང་གསེས་ནས། བོད་དུ་འགྱུར་བ་ཅི་ཙམ་ཡོད། དབང་མདོར་བསྟན་སོགས་རྩ་རྒྱུད་ཀྱི་ཁོངས་སུ་གཏོགས་སམ་ཇི་ལྟར་ལགས། དུས་ཀྱི་འཁོར་ལོར་བྱིས་པ་འཇུག་པའི་དབང་བདུན། བླ་ན་མེད་པའི་སའི་ལམ་སྟེགས་དང་མཚུངས་པའི་འཇིག་རྟེན་པའི་དབང་བཞི་འཇིག་རྟེན་ལས་འདས་པ་སངས་རྒྱས་ཀྱིས་ངེས་པ་དང་། ཁྱད་པར་ས་བཅུ་གཅིག་པ་དབང་བཞི་གང་གི་ཁོངས་སུ་བསྡུ། མིང་གི་ངེས་གནས་སོགས་སྒྲོ་འདོགས་ཆོད་ཅིང་། རྣམ་པར་རྟོག་པའི་ས་བོན་མི་འཕེལ་བའི་བཀའ་སྩལ་གྱི་རིམ་པ་མཁྱེན་ཅེས་དྲི་བ་སྩལ་བ་ལ། ལན་དུ་གསོལ་བ་ནི། དུས་ཀྱི་འཁོར་ལོའི་རྒྱུད་བོད་དུ་འགྱུར་བ་དབང་མདོར་བསྟན། བསྡུས་རྒྱུད། རྒྱུད་ཕྱི། དབང་རབ་བྱེད་རྣམས་ལས། དང་པོ་རྩ་བའི་རྒྱུད་ནས་ཁོལ་བུར་བཏོན་པ་རྩོད་པ་མེད་པ་ཡིན། གཞན་རྩ་རྒྱུད་ཀྱི་ལུང་ཁོལ་དུ་བཏོན་པའི་རྒྱུད་ཀྱི་རིགས་ནི་མི་སྣང་། འགྲེལ་ཆེན་དྲི་མེད་འོད་དང་། རྡོ་རྗེ་སྙིང་འགྲེལ་ལ་སོགས་པར་རྩ་རྒྱུད་ཀྱི་ལུང་དྲངས་པ་མང་པོ་ནི་འདུག དབང་རབ་བྱེད་བསྡུས་རྒྱུད་ལས་ཁོལ་བུར་ཕྱུང་བ་ཡིན། སྦས་པ་བཀོལ་བ་ལ་སོགས་པའི་རྒྱུད་གསུམ་རྒྱུད་ཚད་ལྡན་མིན་ཞེས་དུས་འཁོར་བ་སྔ་རབས་དང་། བུ་སྟོན་རིན་པོ་ཆེས་གསུངས་འདུག་ལགས། དུས་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་ཞེས་པ། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་བྱིས་པ་འཇུག་པའི་དབང་བདུན་སློབ་མ་འབྱོར་པ་དང་ལྡན་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྦྱིན་པར་བྱ། དེ་ཡང་། བྱིས་པ་སྐྱེས་མ་ཐག་མས་ཁྲུས་བྱེད་པ་བཞིན་དུ། ཡུམ་ལྔའི་ཆུའི་དབང་། བྱིས་པ་ལ་འབྲེག་མཁན་གྱིས་གཙུག་ཕུད་བཞག་པ་བཞིན་དུ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་དང་། བྱིས་པ་རྣ་བ་འབུགས་པ་བཞིན་དུ་ནུས་མ་བཅུའི་དར་དཔྱངས་ཀྱི་དབང་དང་། བྱིས་པ་རྒོད་པ་དང་སྨྲ་བར་བྱེད་པ་བཞིན་དུ་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དྲིལ་བུའི་དབང་དང་། བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བྱེད་པ་བཞིན་དུ་སེམས་དཔའ་སེམས་མའི་བརཏལ་ཞུགས་ཀྱི་ཆེན་པོའི་དབང་དང་། བྱིས་པ་ལ་མིང་བཏགས་པ་བཞིན་དུ་ཁྲོ་བོ་ཁྲོ་མོའི་མིང་གི་དབང་དང་། བྱིས་པ་ལ་ཕས་ཀློག་ལ་སོགས་པ་བྱེད་དུ་འཇུག་པ་བཞིན་དུ་རྡོ་རྗེ་སེམས་དཔས་རྗེས་སུ་གནང་བ་དང་ཡང་དག་པར་ལྡན་པའི་དབང་སྟེ། རྒྱུན་མཚན་དེས་བྱིས་པ་འཇུག་པའི་དབང་བསྐུར་རྣམ་པ་བདུན་ཞེས་བཞག་གོ །དེ་ལྟ་བུའི་དབང་བསྐུར་བདུན་པོ་དེ་ཡང་གསང་སྔགས་ལ་གཞུག་པ་དང་། སྔགས་བཟླས་པ་དང་། དཀྱིལ་འཁོར་རྟོག་པའི་སྒོམ་པ་བསྒོམ་པའི་དོན་ཏེ། དེ་དག་ནི་འདི་ནས་བཤད་པའི་བསོད་ནམས་ཀྱི་ཚོགས་ཏེ། དྲི་མེད་འོད་ལས། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་དབང་བདུན་སྦྱིན་པར་བྱ་ཞིང་། མི་འཚེ་བ་ལ་སོགས་པའི་བརཏལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པར་བྱའོ། །ཞེས་སོ། །དབང་འདིའི་དག་པ། དང་པོ་གཉིས་ཀྱིས་ལུས། དེའི་འོག་མ་གཉིས་ཀྱིས་ངག དེའི་འོག་མ་གཉིས་ཀྱིས་སེམས་དང་། ཐ་མས་ཡེ་ཤེས་དག་པར་བྱེད་གསུངས་པ་ཡང་རྒྱུད་ནས་ནུས་པ་ཙམ་ལ་དགོངས་སོ། །འཇིག་རྟེན་པའི་དབང་བཞི་ཞེས་པ་ནི། བུ་སྟོན་རིན་པོ་ཆེས། གོང་མ་ཆུང་བའི་ཐ་སྙད་མཛད་པ་དེ་ཡིན་ཏེ། འདི་ལ་དབང་བཞི་པ་ཞིག་བཟོ་བ་ཡང་། འཛག་པའི་མཐའི་སྐད་ཅིག་བཞི་ཡས་བརྟན་གྱི་ལྷན་སྐྱེས་ཞེས་བཞག་པ་དེས་ཡིན། འཇིག་རྟེན་ལས་འདས་པའི་དབང་ཡང་རྣམ་པ་བཞིར་བཤད་ནས། དེ་ལ་བུ་སྟོན་གྱིས་གོང་མ་ཆེན་པོའི་དབང་ངམ་སློབ་དཔོན་ཆེན་པོའི་དབང་ཞེས་གསུངས། འདིའི་དབང་གསུམ་པ་ཚུན་ཡང་འཛག་བདེ་ཁོ་ན་ཡིན་པས་དོན་འཇིག་རྟེན་པའི་དབང་དུ་འདུས། ཤེས་རབ་ཀྱི་དཀར་འཛིན་བུམ་པར་བྱས་ནས་དེས་དབང་བསྐུར་བས་བུམ་དབང་། གསང་བར་བལྟས་ནས་དེའི་བདུད་རྩིས་དབང་བསྐུར་བས་གསང་དབང་། ཤེས་རབ་མི་མོ་ལས་སྐྱེས་པའི་བདེ་བས་དབང་བསྐུར་བས་ཤེར་དབང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བས་དབང་བསྐུར་བས་ཤེས་རབ་ཆེན་པོའི་དབང་ངམ་དབང་བཞི་པ་ཞེས་བྱའོ། །དེ་ལྟར་གཉིས་སུ་ཕྱེ་བའི་དགོས་པ། དྲི་མེད་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས། དང་པོའི་དབང་དུ་བྱས་ནས་བསྡུས་རྒྱུད་ལས། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་དང་། གཉིས་པའི་དབང་དུ་བྱས་ནས། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུར་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བར་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་གསུངས་པས། དང་པོ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའམ་བསྐྱེད་པའི་རིམ་པ་ཁོ་ནའི་དབང་དུ་བྱས་པ་དང་། གཉིས་པ་འཇིག་རྟེན་ལས་འདས་པ་དོན་དམ་པའི་བདེན་པའམ་རྫོགས་པའི་རིམ་པ་ཁོ་ནའི་དབང་དུ་བྱས་པ་སྟེ། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འདས་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་གོང་ཆེན་གྱི་དབང་ཐོབ་ན་རྫོགས་པའི་རིམ་པ་ཤེས་པ་ཉིད་ཀྱིས་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་དུ་འགྱུར་ལ། སྔ་མ་ཙམ་གྱི་དབང་བཞི་ཐོབ་པས་ནི་རྡོ་རྗེ་སློབ་དཔོན་དུ་མི་འགྱུར་ཏེ། རྫོགས་པའི་རིམ་པ་ལ་རྨོངས་པ་དང་བཅས་པའི་ཕྱིར་རོ་ཞེས་དགོངས་ནས་སེམས་འགྲེལ་པ་རྣམས་ཀྱི་ལུགས་ལ་དབང་བཞི་པ་ཐོབ་ནས། རྒྱུད་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་མཛད་པ་ཡིན་ནོ། །དེ་ལྟར་རིམ་འཇུག་པའི་དབང་དུ་བྱས་ན་བྱིས་པ་འཇུག་པའི་དབང་བདུན། གོང་ཆུང་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་ཡིན་ལ། འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་བརྒྱད་མི་བསྒྲུབ་པར་གཟུགས་ཀྱི་མཐར་ཐུག་པའི་འོག་མིན་གྱི་དངོས་གྲུབ་བསྒྲུབ་ན་གོང་ཆུང་ཙམ་གྱིས་ཆོག་པ་དང་། ཁམས་གསུམ་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཁོ་ན་ལ་མོས་པ་ཞིག་ན་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་ཆོག་པའོ། །ལུགས་འདི་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། བསྡུས་པར་འདོད་ན། ཐུན་མོང་བྱིས་པ་འཇུག་པའི་དབང་བདུན། བུམ་གསང་ཤེས་རབ་གསུམ་གྱི་དབང་གི་ངོ་བོ་འཇིག་པ་འགྱུར་བ། འཛག་པའི་བདེ་བ་གསུམ་ལ་རིམ་པ་བཞིན་དུ་བྱེད་པས་འཇིག་རྟེན་པ། ཕྱག་རྒྱ་ཆེན་མོ་ལ་འཁྱུད་པའི་མི་འགྱུར་བའི་བདེ་བ་དབང་བཞི་པ་འཇིག་རྟེན་ལས་འདས་པར་བཞག་ནས་གོང་ཆེན་གོང་ཆུང་གི་ཐ་སྙད་མི་བྱེད་པ་ཞིག་ཀྱང་དབང་མདོར་བསྟན་ལས། འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་དང་། ལུས་ངག་སེམས་ནི་ཡང་དག་དག །དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་ཡིད་རྣམས་དག་པ་ཅན། །ཞེས་གསུངས་པ་ལྟར། ཕྱག་རྡོར་སྟོད་འགྲེལ་དང་། དབང་མདོར་བསྟན་གྱི་འགྲེལ་ཆེན་དུས་ཞབས་པ། ནཱ་རོ་ཞབས་ཀྱིས་མཛད་པ་གཉིས་ཀ་ལས་གསལ་བར་བྱུང་ངོ་། །མདོར་ན་དབང་བཞི་པའི་ཡེ་ཤེས་མཚན་ཉིད་པ་འཛག་མེད་ཀྱི་བདེ་བ་ལ་བྱེད་པར་མཐུན། དེ་ཇི་ལྟ་བ་མངོན་སུམ་དུ་བྱེད་པའི་ས་མཚམས་ཡ་མཐའ་ས་དང་པོ་ནས་ཡིན། དབང་དུས་སུ་རྟོགས་ན་དེ་ཀར་གྲོལ། གལ་ཏེ་མ་གྲོལ་ན་སྦྱོར་བ་ཡན་ལག་ལྔ་བསྒོམས་པའི་མཐར། དབང་བཞི་པ་མཚན་ཉིད་པ་དེ་ཐོབ་པ་ན། ཏིང་ངེ་འཛིན་ཐོབ་པ་དང་ས་ཐོབ་པ་དོན་གཅིག་ཏུ་འཇོག །རྒྱུ་དུས་ཀྱི་དབང་མཚན་ཉིད་པ་དུས་དེ་ནས་རྫོགས་པར་ཐོབ་པར་བརྩི། དེ་ཡན་ཆད་དུ་མོས་པ་དང་། དེའི་ཡང་སྔོན་དུ་རྒྱུ་རྐྱེན་ཚོགས་པ་ཙམ་གྱིས་སྨིན་པར་བཞག་གིས། སྨིན་པ་མཚན་ཉིད་པ་མེད། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་གསུངས་པའི་དབང་གིས་དབང་བཞི་པ་ཐོབ་པ་དེ་ཉིད་ལ་ཡང་བཅུ་དྲུག་ཏུ་ཕྱེ་ནས། དང་པོ་རྒྱུ་དབང་ཐ་མ་བཅུ་དྲུག་པ་དེ་ཐོབ་པ་ལ་འབྲས་བུའི་དབང་ཐོབ་པ་ཞེས་བྱ་ཞིང་། བཅུ་བཞི་པ་མན་ཆད་ལམ་དབང་དུ་འཇོག འབྲས་དབང་དེ་ཀ་སངས་རྒྱས་ཀྱི་ས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་དྲི་མེད་འོད་དུ། འདིར་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྐད་ཅིག་མ་རྣམས་ཀྱི་ཐ་མ། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མི་ཆོད་པ་སྟེ། བཅོམ་ལྡན་འདས་གང་གི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །ཞེས་སོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་དབང་བཞིའི་བཞི་པ། དེའི་ནང་ནས་ཀྱང་བཞི་པའི་བཞི་པ་ལྷན་སྐྱེས་དེ་སངས་རྒྱས་ཀྱི་སར་མཐུན་སྣང་གྲུབ། གཞན་ཐམས་ཅད་ནི་སློབ་སའོ། །སའི་རྣམ་གཞག་ལ་མཚན་བརྗོད་དང་། དུས་འཁོར་རྩ་རྒྱུད་གཉིས་ཀར། བདེན་དོན་རྣམ་པ་བཅུ་གཉིས་འཆང་། །ཞེས་པས། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའི་དབང་ལས་ས་བཅུ་གཉིས་པ་སངས་རྒྱས་ཀྱི་སར་བཞག་པ་ཅིག་བྱུང་། དེའི་དབང་གིས་ཀྱང་ས་བཅུ་གཅིག་པ་བྱང་ཆུབ་སེམས་དཔའི་ས། ཡང་། དེ་ཉིད་རྣམ་པ་བཅུ་དྲུག་རིག ཅེས་མས་བརྟན་གྱི་དགའ་བ་ལ་བཅུ་དྲུག་ཏུ་ཕྱེ་བ་རིག་པའི་ས་བཅུ་དྲུག དེའི་དབང་དུ་བྱས་ཀྱང་བཅུ་དྲུག་པ་སངས་རྒྱས། གཞན་ཐམས་ཅད་སློབ་ས། རྡོ་རྗེ་འཕྲེང་བར། དབང་བསྐུར་རེ་རེ་ས་རེའོ། །ཞེས་ས་བཅུ་བཞི་བཤད་པའི་བཅུ་བཞི་པ་སངས་རྒྱས། བཅུ་གསུམ་པ་མན་ཆད་སློབ་ས། མངོན་བརྗོད་བླ་མར། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པའི་བཅུ་གསུམ་རྡོ་རྗེའི་ས་ཁོ་ན་སངས་རྒྱས། ལྷག་མ་བཅུ་གཉིས་སློབ་ས་ཡིན་ཅིང་། དེ་བས་ན་ཁྱད་གཞི་ཁྱད་ཆོས་མ་སྦྱར་བའི་ས་བཅུ་གཅིག་པ་ཙམ་པོ་དེ་སློབ་ས་ཁོ་ནར་ངེས། ཡང་བཅུ་གཅིག་ཀུན་ཏུ་འོད་ཅེས་ཁྱད་གཞི་ཁྱད་ཆོས་སྦྱར་བ་དེའི་ཚེ་དེ་སངས་རྒྱས་ཀྱི་ས་ཁོ་ན་ཡིན། སངས་རྒྱས་ཀྱི་ས་ལ་བཅུ་གཅིག ཀུན་ཏུ་འོད་ཀྱི་མིང་བཤད་པ་འདི་ཡང་ཡེ་ཤེས་ཐིག་ལེའི་རྒྱུད་དུ་སློབ་ས་བཅུ། སངས་རྒྱས་ཀྱི་ས་ལ་ཀུན་ཏུ་འོད་ལ་སོགས་པ་ལྔ་བགྲངས་པས་དེའི་ལྔ་ཀ་སངས་རྒྱས་ཀྱི་ས་མཚན་ཉིད་པ་ཁོ་ན་ཡིན། ཡང་ཀུན་ཏུ་འོད་ཅེས་ས་བཅུ་གཅིག་པ་དང་མ་སྦྱར་ན་ས་དང་པོའི་དོན་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་དོ། །དེ་ལྟར་རྒྱུད་སོ་སོའི་རྣམ་དབྱེ་མི་ཤེས་པར་མདོ་སྔགས་ཀྱི་ས་ལམ་གུང་བསྒྲིག་པ་དང་། གཅིག་གཟུང་ནས་གཞན་འདོར་བ་འདི་དག་ནི་གད་མོའི་གནས་སུ་གདའ་ལགས་སོ། །རྣ་ཐོས་གྱེར་བའི་དབྱར་ཟླ་ར་བའི་ཆབ། །སོམ་ཉིའི་ནད་སེལ་ཅི་ཡིན་བློ་གྲོས་ཀྱི། །ཧུབ་རེར་རྒྱུད་སྡེའི་ཆུ་གཏེར་ཀུན་སོང་བའི། །ལེགས་བཤད་དམོད་པས་གཟུང་དེ་བཞེས་པར་འོས། །མི་ཤེས་མུན་པར་འཁྱམས་ཀྱིན་རྒྱུད་ཀྱི་ཡུལ། །མཐོང་རློམ་བླུན་པོའི་ཁེངས་པ་འདི་ན་མོད། །རྒྱུད་གཞུང་ཉི་མ་དྲངས་ནས་གཟིགས་མཛོད་ལ། །སུ་བརྫུན་ཚར་གཅོད་བྱ་བ་ཁྱོད་ཀྱི་ལས། །ཞེས་དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར་ཞེས་བྱ་བ། གད་པ་གསེར་གྱི་བྱ་སྐྱིབས་ཅན་གྱི་སྒྲུབ་སྡེའི་བྱ་འདབ་ཅོག་སྒར་ཤེལ་གྱི་གཞལ་མེད་ཁང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།

ན་མཿམཆོད་པ་དག་པ།

ན་མཿམཆོད་པ་དག་པ་བཞུགས་སོ། །ཨོཾ་བུདྡྷ་ཡ་ན་མཿ ཨོཾ་དྷརྨཱ་ཡ་ན་མཿ ཨོཾ་སཾ་གྷཱ་ཡ་ན་མཿ ཨོཾ་བཛྭ་ས་ཏྭཱ་ཡ་ན་མཿ ཨོཾ་པྲཛྙྱཱ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་སྭ་བྷཱ་ཝི་ཀ་ཀཱ་ཡཱ་ཡ་ན་མཿ ཨོཾ་དྷརྨཱ་ཀཱ་ཡཱ་ཡ་ན་མཿ ཨོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ ཨོཾ་ནིརྨཱ་ཎ་ཀཱ་ཡཱ་ཡ་ན་མཿ ཨོཾ་ཛྙྱཱ་ན་བཛྭཱ་ཡ་ན་མཿ ཨོཾ་ཙིཏྟ་བཛྭཱ་ཡ་ན་མཿ ཨོཾ་ཝཱ་ག་བཛྭཱ་ཡ་ན་མཿ ཨོཾ་ཀཱ་ཡ་བཛྭཱ་ཡ་ན་མཿ ཨོཾ་ཙ་ཏུརྦི་མོ་ཀྵེ་བྷྱོ་ན་མཿ ཨོཾ་ཙ་ཏུར་བྲ་བི་ཧཱ་རེ་བྷྱོ་ན་མཿ ཨོཾ་སཔྟ་ཏྲིཾ་ཤཏ་བོ་དྷི་པཱཀྵི་ཀདྷརྨེ་བྷྱོ་ན་མཿ ཨོཾ་ཙ་ཏུ་ར་ཤཱི་ཏི་ས་ཧ་སྲ་དྷརྨ་སྐནྡྷེ་བྷྱོ་ན་མཿ ཨོཾ་སརྦ་དྷརྨ་དེ་ཤ་ཀེ་བྷྱོ་ན་མཿ ཨོཾ་རཏྣ་ཏྲ་ཡཱ་ཡ་ན་མཿ ཨོཾ་ཤཱཀྱ་མུ་ན་ཡཻ་ན་མཿ ཨོཾ་ཀཱ་ལ་ཙཀྲཱ་ཡ་ན་མཿ ཨོཾ་དཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཤཱི་ལ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཀྵནྟི་པཱ་ར་མི་ཏཱ་ཡེ་ན་མཿ ཨོཾ་བཱིརྻ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་དྷྱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་པྲ་ཛྙྱཱ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་པྲ་ཎི་དྷཱ་ན་པཱ་ར་མི་ཏཱ་ཡེ་ན་མཿ ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཛྙྱཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ ཨོཾ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ ཨོཾ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ ཨོཾ་སརྦ་ཙིཏྣེ་བྷྱོ་ན་མཿ ཨོཾ་སརྦ་མུ་དྲཱ་བྷྱོ་ན་མཿ ཨོཾ་ཙིནྟཱ་མ་ཎ་ཡེ་ན་མཿ ཨོཾ་དྷརྨ་གཎྜྼྱཻ་ན་མཿ ཨོཾ་དྷརྨ་ཤཾ་ཁཱ་ཡ་ན་མཿ ཨོཾ་ཀལྤ་བྲྀཀྵ་ཡ་ན་མཿ ཨོཾ་ཨ་ཀྵོ་ཡ་ན་མཿ ཨོཾ་ཨ་མོ་གྷ་སིདྡྷ་ཡེ་ན་མཿ ཨོཾ་རཏྣ་སཾ་བྷ་ཝཱ་ཡ་ན་མཿ ཨོཾ་ཨ་མི་ཏཱ་བྷཱ་ཡ་ན་མཿ ཨོཾ་བཻ་རོ་ཙ་ན་ཡ་ན་མཿ ཨོཾ་ལོ་ཙ་ནཱ་ཡཻ་ན་མཿ ཨོཾ་མཱ་མ་ཀྱཻ་ན་མཿ ཨོཾ་པཱཎྜྻ་ར་ཡཻ་ན་མཿ ཨོཾ་ཏཱ་རཱ་ཡཻ་ན་མཿ ཨོཾ་བཛྭ་དྷཱ་ཏྭཱི་ཤྭ་རེ་ན་མཿ ཨོཾ་བཛྭ་པཱ་ཎ་ཡེ་ན་མཿ ཨོཾ་ཁ་གརྦྷ་ཡ་ན་མཿ ཨོཾ་ཀྵི་ཏི་གརྦྷ་ཡ་ན་མཿ ཨོཾ་ལོ་ཀེ་ཤྭ་རཱ་ཡ་ན་མཿ ཨོཾ་སརྦ་ནི་བ་ར་ཎ་བི་སྐམྦྷི་ནི་ན་མཿ ཨོཾ་ས་མནྟ་བྷ་དྲཱ་ཡ་ན་མཿ ཨོཾ་གནྡྷ་བཛྭཱ་ཡཻ་ན་མཿ ཨོཾ་རཱུ་པ་བཛྭཱ་ཡཻ་ན་མཿ ཨོཾ་ར་ས་བཛྭཱ་ཡཻ་ན་མཿ ཨོཾ་སྤརྴ་བཛྭཱ་ཡཻ་ན་མཿ ཨོཾ་ཤཔྟ་བཛྭཱ་ཡཻ་ན་མཿ ཨོཾ་དྷརྨ་དྷཱ་ཏུ་བཛྭ་ཡཻ་ན་མཿ ཨོཾ་ཨུཥྞི་ཥཱ་ཡ་ན་མཿ ཨོཾ་བིགྷྣནྟ་ཀཱ་ཡ་ན་མཿ ཨོཾ་པྲ་ཛྙྱཱནྟ་ཀཱ་ཡ་ན་མཿ ཨོཾ་པདྨནྟ་ཀཱ་ཡ་ན་མཿ ཨོཾ་ཡ་མཱནྟ་ཀཱ་ཡ་ན་མཿ ཨོཾ་སྟམྦྷི་ནྱཻ་ན་མཿ ཨོཾ་མཱ་ནི་ནྱཻ་ན་མཿ ཨཱོཾ་སྟོ་བྷི་ནྱཻ་ན་མཿ ཨོཾ་ཨ་ཏི་བཱིརྻ་ཡཻ་ན་མཿ ཨོཾ་ཨ་ཏི་ནཱི་ལཱ་ཡཻ་ན་མཿ ཨོཾ་སརྦ་དྷཱ་རི་ཎཱི་བྷྱོ་ན་མཿ ཨོཾ་ཥ་ཌཾ་གཱ་ཡ་ན་མཿ དེ་ཡན་ཐུགས་དཀྱིལ་གྱིའོ། །ཨོཾ་བཛྭ་ཙ་རྩི་ཀཱ་ཡཻ་ན་མཿ ཨོཾ་བཛྭ་ཝཱ་རཱ་ཻ་ན་མཿ ཨོཾ་བཛྭ་མ་ཧེ་ཤྭརྻཻ་ན་མཿ ཨོཾ་བཛྭ་ཨཻནྡྲཻ་ན་མཿ ཨོཾ་བཛྭ་བྲ་ཎྭཻ་ན་མཿ ཨོཾ་བཛྭ་མ་ཧཱ་ལཻ་ན་མཿ ཨོཾ་བཛྭ་ཀཽ་མཱ་རྻཻ་ན་མཿ ཨོཾ་བཛྭ་བཥྞི་བྱཻ་ན་མཿ ཨོཾ་ཨཥྚ་ཨཥྚ་ཀེ་ན་ཙ་ཏུཿཥཥྛི་བཛྭ་ཡོ་གི་ནཱི་བྷྱོ་ན་མཿ ཨོཾ་ཥཊ་ཏྲིཾ་ཤད་ཨིཙྪ་བྷྱོ་ན་མཿ གསུང་དཀྱིལ་གྱིའོ། །ཨོཾ་བཛྭ་བཻཥྞ་ཝ་ན་མཿ ཨོཾ་བཛྭ་ནཻ་རི་ཏྱཱ་ཡ་ན་མཿ ཨོཾ་བཛྭ་ཨགྣ་ཡེ་ན་མཿ ཨོཾ་བཛྭེནྡཱ་ཡེ་ན་མཿ ཨོཾ་བཛྭེ་ཤྭ་རཱ་ཡ་ན་མཿ ཨོཾ་བཛྭ་བྲ་ཎེ་ན་མཿ ཨོཾ་བཛྭ་བི་ནཱ་ཡ་ཀཱ་ཡ་ན་མཿ ཨོཾ་བཛྭ་ཀརྟི་ཀེ་ཡཱ་ཡ་ན་མཿ ཨོཾ་བཛྭ་ཝཱ་ཡ་ཝེ་ན་མཿ ཨོཾ་བཛྭ་ཡ་མཱ་ཡ་ན་མཿ ཨོཾ་བཛྭ་ཡཀྵེ་བྷྱོ་ན་མཿ ཨོཾ་ཝཱ་རུ་ཎྭཻ་ན་མཿ ཨོཾ་ཝཱ་ཡ་བྱཻ་ན་མཿ ཨོཾ་ཡཱ་མི་ནྱཻ་ན་མཿ ཨོཾ་ཡག་ཥི་ཎྭཻ་ན་མཿ ཨོཾ་མཧཱ་བ་ལཱ་ཡ་ན་མཿ ཨོཾ་ཨ་ཙ་ལཱ་ཡ་ན་མཿ ཨོཾ་ཊཀྐི་རཱ་ཛཱ་ཡ་ན་མཿ ཨོཾ་ནཱི་ལ་དཎྜྻཱ་ཡ་ན་མཿ ཨོཾ་སུམྦྷརཱ་ཛཱ་ཡ་ན་མཿ ཨོཾ་རོ་ཏྲཱ་ཻ་ན་མཿ ཨོཾ་བཛྭ་ཤཱི་ཁ་ལཱ་ཡཻ་ན་མཿ ཨོཾ་ཙུནྡཱ་ཡཻ་ན་མཿ ཨོཾ་བྷྲྀ་ཀུ་ཊྭཻ་ན་མཿ ཨོཾ་མཱ་རཱི་ཙཻ་ན་མཿ ཨོཾ་པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་ཥཥྛི་ཨུཏྟ་ར་ཏྲི་ཤ་ཏ་ཐི་དེ་ཝཱི་བྷྱོ་ན་མཿ ཨོཾ་ཥཊ་ཏྲིཾ་ཤཏ་པྲ་ཏཱིཙྪཱ་བྷྱོ་ན་མཿ ཨོཾ་བཛྭ་ཛ་ཡཱ་ཡ་ན་མཿ ཨོཾ་བཛྭ་ཀརྐོ་ཊ་ཀཱ་ཡ་ན་མཿ ཨོཾ་བཛྭ་ཝཱ་སུ་ཀ་ཡེ་ན་མཿ ཨོཾ་བཛྭ་ཨ་ནནྟཱ་ཡ་ན་མཿ ཨོཾ་བཛྭ་ཏཀྵཱ་ཡ་ན་མཿ ཨོཾ་བཛྭ་མ་ཧཱ་པདྨཱ་ཡ་ན་མཿ ཨོཾ་བཛྭ་ཀུ་ལི་ཀཱ་ཡ་ན་མཿ ཨོཾ་བཛྭ་ཤཾ་ཁ་པཱ་ལཱ་ཡ་ན་མཿ ཨོཾ་བཛྭ་པདྨཱ་ཡ་ན་མཿ ཨོཾ་བཛྭ་བི་ཛ་ཡཱ་ཡ་ན་མཿ ཞེས་པ་སྐུ་དཀྱིལ་གྱིའོ། །ཨོཾ་ཤྭཱ་ནཱ་ཀྵྼུ་ཡཻ་ན་མཿ ཨོཾ་སཱུ་ཀ་རཱ་ཀྵྼ་ཡཻ་ན་མཿ ཨོཾ་བྱཱ་གྷཱ་ཀྵྼུ་ཡཻ་ན་མཿ ཨོཾ་ཛམྦུ་ཀཱ་ཀྵྼུ་ཡཻ་ན་མཿ ཨོཾ་ག་རུ་ཌཱ་ཀྵྼ་ཡཻ་ན་མཿ ཨོཾ་ཨུ་ལཱུ་ཀཱ་ཀྵྼ་ཡཻ་ན་མཿ ཨོཾ་གྲཱྀ་དྷཱ་ཀྵྼུ་ཡཻ་ན་མཿ ཨོཾ་ཀཱ་ཀཱ་ཀྵྼ་ཡཻ་ན་མཿ ཨོཾ་སརྦ་བྷཱུ་ཏེ་བྷྱོ་ན་མཿ དུར་ཁྲོད་བརྒྱད་ཀྱིའོ། །ཨོཾ་བཛྭ་ཙནྡྲ་ཡ་ན་མཿ ཨོཾ་བཛྭ་སཱུརྻུ་ཡ་ན་མཿ ཨོཾ་བཛྭ་མཾ་ག་ལཱ་ཡ་ན་མཿ ཨོཾ་བཛྭ་བུདྷཱ་ཡ་ན་མཿ ཨོཾ་བཛྭ་བྲི་ཧསྤ་ཏ་ཡ་ན་མཿ ཨོཾ་བཛྭ་ཤུ་ཀྲཱ་ཡ་ན་མཿ ཨོཾ་བཛྭ་ཤ་ནེ་ཤྩ་རཱ་ཡ་ན་མཿ ཨོཾ་བཛྭ་ཀེ་ཏ་ཝེ་ན་མཿ ཨོཾ་བཛྭ་རཱ་ཧ་ཝེ་ན་མཿ ཨོཾ་བཛྭ་ཀཱ་ལ་ཨགྣ་ཡེ་ན་མཿ ཨོཾ་བཛྭ་དྷྲུ་ཝེ་ན་མཿ ཨོཾ་བཛྭ་ཨ་གཧྱ་ཡ་ན་མཿ ཨོཾ་སརྦ་ནཀྵ་ཏྲེ་བྷྱོ་ན་མཿ ཨོཾ་དྭ་ད་ཤ་རཱ་སི་བྷྱོ་ན་མཿ ཨོཾ་ཥོ་ཌ་ཤ་ཀཱ་ལཱ་བྷྱོ་ན་མཿ ཨོཾ་ད་ཤ་དི་ཀ་པཱ་ལེ་བྷྱོ་ན་མཿ ཨོཾ་བཛྭ་ནནྡི་ཀེ་ཤྭ་རཱ་ཡ་ན་མཿ ཨོཾ་བཛྭ་མ་ཧཱ་ཀཱ་ལཱ་ཡ་ན་མཿ ཨོཾ་བཛྭ་གྷཎྛ་ཀརྞ་ཡ་ན་མཿ ཨོཾ་བཛྭ་བྷྲིཾ་གི་ཎེ་ན་མཿ ཨོཾ་སརྦ་ཀྵེ་ཏྲ་པཱ་ལེ་བྷྱོ་ན་མཿ ཨོཾ་སརྦ་དཱུ་ཏཱི་བྷྱོ་ན་མཿ ཨོཾ་ཧཱ་རི་ཏྱཻ་ན་མཿ ཨོཾ་སརྦ་སིདྡྷི་བྷྱོ་ན་མཿ ཨོཾ་དྷརྨ་ཙཀཱ་ཡ་ན་མཿ ཨོཾ་བྷ་དྲ་གྷ་ཊཱ་ཡ་ན་མཿ ཨོཾ་བཛྭ་དུནྡུ་བྷྱོ་ན་མཿ ཨོཾ་བོ་དྷི་བྲྀཀྵ་ཡ་ན་མཿ ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱོ་ན་མོ་ན་མཿ རྡོ་རྗེ་འཇིགས་བྱེད་ཀྱི་རྩ་སྔགས་རྐང་པ་བཅུ་དྲུག་པ། ཨོཾ་ན་མོ་བཛྭ་ས་ཏྭཱ་ཡ། ན་མོ་བུདྡྷ་བོ་དྷི་ས་ཏྭཱ་བྷྱཿ ན་མོ་བཛྭ་ཀྲོ་དྷེ་ནྡྲ་རཱ་ཛེ་བྷྱཿ ན་མོ་བི་ཤྭ་མ་ཏྲེ། ན་མོ་བུདྡྷ་བོ་དྷི་ས་ཏྭ་དེ་ཝཱི་བྷྱཿ ན་མོ་བཛྭ་ཌཱ་ཀི་ནཱི་བྷྱཿ ཨོཾ་ན་མོ་བྷ་ག་ཝ་ཏེ་ཀཱ་ལ་ཙ་ཀྲཱ་ཡ། ༡ བཛྭེ་བྷཻ་ར་ཝ་བྷཱི་ཀ་རཱ་ཡ། ༢ མ་ཧེནྡྲ་ནིཾ་ལ་ཝརྞ་ཤ་རཱི་རཱ་ཡ། ༣ མཱ་ར་ཀླེ་ཤ་སྲི་ད་ཡཱ་ཀྲཱནྟེ་སི་ཏ་རཀྟ་ཙ་ར་ཎཱ་ཡ། ༤ ཀྲྀཥྞ་རཀྟ་སི་ཏ་ཀཎྜཱ་ཡ། ༥ ནཱི་ལ་སི་ཏ་པཱི་ཏཾ་རཀྟ་དཾཥྚུ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ༦ ཀྲྀཥྞ་རཀྟ་སི་ཏ་ས་བྱེ་ཏ་ར་སྐནྡྷཱཡ། ༧ དྭཱ་ད་ཤ་བྷུ་ཛཱ་ཡ། ༨ ཥ་ཊ་བིཾ་ཤ་ཏི་ཀ་ར་ཡ། ༩ བཛྭ་ཁདྒ་ཏྲི་ཤཱུ་ལ་ཀརྟི་ཀཱ། བཱ་ཎ་ཨཾ་ཀུ་ཤ་ཌ་མ་རུ་ཀ་མུངྒ་ར། ཙཀྲ་ཀུནྟ་དཎྜྻ་པརྴཀྵྭ། བཛྭ་གྷཎྛ་ཁེ་ཊ་ཁ་ཊྶཱཾ་ག་ཀ་པཱ་ལ། ཙཱ་པ་པཱ་ཤ་རཏྣ་ཀ་མ་ལ། ཤཾ་ཁ་ཨཱ་དརྴ་ཤྲིཾ་ཁ་ལཱ། བྲ་ཤི་རོ། ག་ཛ་ཙརྨ་དྷྲྀ་ཏཱ་ཀ་རཱ་ཡ། ༡༠ བྱཱ་གྷྲ་ཙརྨ་ནི་བ་ས་ནཱ་ཡ། ༡༡ སྐནྡྷེ་མུཎྜྻ་མཱ་ལཱ་བ་ལམྦི་མེ། ༡༢ ཤིར་སི་བཛྭ་པཊྚྷ་མུ་ཀུ་ཊེ་བ་བཛྭ་ཀ་པཱ་ལ་མཱ་ལཱ་ཨརྡྷ་ཙནྡྲ་དྷ་རཱ་ཡ། ༡༣ ཀུཎྜྻ་ལ་རུ་ཙ་ཀ་ཀཎྜི་ཀྵ་མེ་ཁ་ལཱ་ནཱུ་པུ་ར་བྷསྨ་ཡ་ཛྙྱཱོ་པ་ཝི་ཏ་ཤི་རོ་མ་ཎི་མཧཱ་མུ་དྲཱ་ནཱ་གེནྡྲ་བི་བྷཱུ་ཥ་ཎཱ་ཡ། ༡༤ བཛྭ་ཌཱ་ཀི་ནཱི་སནྟོ་ཥི་ཏ་སྲི་ད་ཡཱ་ཡ། ༡༥ ཨིནྡྲ་ཨགྣི་ཡ་མ་ནི་རི་དྱ་བ་རུ་ཎ་ཝཱ་ཡུ་ཀུ་བེར་ཨི་ཤཱ་ན་བྲ་བིཥྞཀྵྭ་བི་ནཱ་ཡ་ཀ་གརྟི་ཀ་ཡ་ནནྡི་མཧཱ་ཀཱ་ལ་གྲ་ཧ་ར་ནཀྵ་ཏྲ་ཀྵེ་ཏྲ་པཱ་ལ་སུ་རེནྡྲ་ཨ་སུ་རེནྡྲ་པ་ཎཱིནྡྲ་བྷཱུ་ཏེནྡྲ་ན་རེནྡྲ་སཾ་སྟུ་ཏ་ཙ་ར་ཎཱ་ཡ།། ༡༦ །། དུས་ཀྱིས་འཁོར་ལོ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྲེང་སྔགས་རྐང་པ་བདུན་ཅུ་རྩ་གཉིས་པ། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ ཧཀྵམལཝརཡཾ ཀཱ་ལ་ཙཀྲ། ༡ དུརྡཱནྟ་ད་མ་ཀ །ཛཱ་ཏི་ཛ་རཱ་མ་ར་ཎཱནྟ་ཀ ༢ ཏྲཻ་ལོ་ཀྱ་བི་ཛ་ཡ། ༣ མཧཱ་ཝཱི་རེ་ཤྭ་ར། ༤ བཛྭ་བྷཻ་རཝ། ༥ བཛྭ་ཀཱ་ཡ། ༦ བཛྭ་གཱ་ཏྲ། ༧ བཛྭ་ནེ་ཏྲ། ༨ བཛྭ་ཤྲོ་ཏྲ། ༩ བཛྭ་གྷྲ་ཎ ༡༠ བཛྭ་ཛི་ཧྭེ ༡༡ བཛྭ་དནྟ ༡༢ བཛྭ་ན་ཁ ༡༣ བཛྭ་ཀེ་ཤ ༡༤ བཛྭ་ལོ་མ ༡༥ བཛྭ་ཨཱ་བྷ་ར་ཎ ༡༦ བཛྭ་ཧཱ་ས ༡༧ བཛྭ་གཱི་ཏ ༡༨ བཛྭ་ནྲྀ་ཏྱ ༡༩ བཛྭ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི ༢༠ བཛྭ་ཀྲོ་དྷ་རཱ་ཛ་ཨདྷི་པ་ཏ ༢༡ བཛྭ་ཌཱ་ཀ ༢༢ བཛྭ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲི་ཏ ༢༣ ཤྲི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ ༢༤ བཛྭ་ས་ཏྭཱ་ཛྙྱ་ཡཱ་སརྦ་མཱ་ར་བིགྷྣ་བི་ནཱ་ཡ་ཀ་ཀིནྣ་རི་ཀཾཔུ་རུ་ཥ་ག་རུ་ཌ་གནྡྷ་རྦ་ཡཀྵ་རཀྵ་ས་བྷུ་ཏ་མ་ཧཱ་པྲེ་ཏ་ཀུམྦྷཱ་ཎ་ཨ་པ་སྨཱ་རཀྵེ་ཏྲ་པཱ་ཡ་བ་ཏཱ་ཌ་པཱུ་ཏ་ད་ན་དུཥྚ་ནཱ་ག་གྲཧཱ་ད་ཡོ་ཡེ། སརྦ་ཛྷ་ར་སརྦ་བྱ་དྷི་ཀྵུ་དྲོ་བ་དྲ་བ་ཀཱ་རི་ཎཿསརྦ་ས་ཏྭ་ནཱཾ། སརྦ་ཨ་པ་ཀ་རར་ཏཱཾ་སྟཱན། སརྦཱ་ན་ཛ་ཤཱི་གྷྲཾ་བཛྭ་ཨཾ་ཀུ་ཤེནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༢༥ ཨཱུརྡྷུ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༢༦ བཱུརྦ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༢༧ དཀྵི་ཎ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༢༨ ཨུཏྟ་ར་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུཀྲྀ་ཥྱ ༢༩ པཤྩི་མ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༠ ཝཱ་ཡ་ཝ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུུ་ཀྲྀ་ཥྱ ༣༡ ཨི་ཤཱ་ན་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༢ ནཻ་རི་ཏྱ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༣ ཨཱགྣེ་ཡ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༤ ཨ་དྷོ་དེ་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༥ ཨ་ཀཱ་ཤ་མཎྜྻལ་དེ་ཤི་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲ་ཥྱ ༣༦ ཝཱ་ཡུ་མཎྜྻལ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༧ ཏེ་ཛོ་མཎྜྻལ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༨ ཏོ་ཡ་མཎྜྻལ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༣༩ པྲ་ཐཱ་མཎྜྻལ་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༠ ཀཱ་མ་དྷཱི་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༡ རླུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༢ ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༣ ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༤ ཝཱ་ག་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༥ ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༦ པཉྩྨ་སྐནྡྷ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༧ པཉྩྨ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༨ པཉྩྨེནྡྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༤༩ པཉྩྨ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༥༠ པཉྩྨ་ཀརྨ་ནྡྲི་ཡ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༥༡ པཉྩྨ་ཀརྨེནྡྲི་ཡ་བི་ཥ་ཡ་ག་ཏཱ་ནཱ་ཀྲྀ་ཥྱུུ་ཀྲྀ་ཥྱ ༥༢ སརྦ་ཏོ་ཡ་ཏྲ་ཙི་ཏྲ་ག་ཏཱ་ནཱ་ཀྲྀ་ཥྱུ་ཀྲྀ་ཥྱ ༥༣ མ་ཧཱ་ཤྨ་ཤཱ་ནེ་བཛྭ་ཨགྣི་ཛྷ་ལ་ཏ་བྷཱ་མྱན། ནི་པཱ་ཏ་ཡ་ནི་པཱ་དཱ་ཡ ༥༤ བཛྭ་པཱ་ཤེ་ན་སརྦ་བྷུ་ཛ་ཥུ། བནྡྷ་ཡ་བནྡྷ་ཡ ༥༥ བཛྭ་ཤྲི་ཁ་ལ་ཡཱ། སརྦ་པཱ་དེ་ཥུ། ནི་རོ་དྷ་ཡ་ན་རོ་དྷ་ཡ ༥༦ སརྦ་ས་ཏཱེ་ཥུ་ཀཱ་ཡ་ཝཱཀྩིཏྟ། ཨུ་པ་དྲ་ཝ་ཀཱ་རར་ཏཱཾ་སྟཱ་ན། མ་ཧཱ་ཀྲོ་དྷེ་བཛྭ་ཎ་ཙཱུརྞ་ཡཙཱུརྞ་ཡ ༥༧ བཛྭ་ཁཾ་ཌྒྱ་ན་ནི་ཀྲྀནྟ་ཡ་ནི་ཀྲྀནྟ་ཡ ༥༨ བཛྭ་ཏྲི་ཤཱུ་ལེ་ནི་བྷེ་ད་ཡ་བྷེ་ད་ཡ། ༥༩ བཛྭ་ཀརྟི་ཀ་ཡཱ་ཧ་ན་ཧ་ན ༦༠ བཛྭ་ཝཱ་ཎེ་ན་བནྡྷི་བནྡྷི ༦༡ བཛྭ་ཀཱེ་ལ་ཀེཿཀཱི་ལ་ཡ་ཀཱི་ལ་ཡ ༦༢ བཛྭ་མུངྒ་རེ་ཎ་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ ༦༣ བཛྭ་ཙ་ཀྲེ་ཎ་ཙྪེ་ད་ཡ་ཙྪེ་ད་ཡ ༦༤ བཛྭ་ཀུནྟེ་ན་བྷིནྡ ༦༥ བཛྭ་དཎྜྻེ་ན་ཏཱ་ཌ་ཡ་ཏཱ་ཌ་ཡ ༦༦ བཛྭ་པརྴཀྵྭ་ནཱ་ཙྪིནྡ་ཙྪིནྡ ༦༧ སཱརྡྡྷ་ཏྲི་ཀོ་ཊ་ཁཎྜྻཾ་ཀྲི་ཏཱ་ཤྨུ་ཤཱ་ན། བྷཱུ་མྱཾ་སརྦ་བྷཱུ་ཏེ་བྷྱོ་བ་ལིང་ཀུ་རུ་ཀུ་རུ། ༦༨ བཛྭ་ཌ་མ་རུ་ཀེ་ན་བཛྭ་ཌཱ་ཀི་ནི་རཱ་བཱ་ཧ་ཡ་བཱ་ཧ་ཡ ༦༩ བཛྭ་ཌཱ་ཀི་ནཱི་བྷྱོ་མ་ར་ཀཱ་ཡི་ཀཱ་ནཱི་རུ་དྷི་རཾ་ནི་བེ་ད་ཡ་ནི་བེ་ད་ཡ། ༧༠ པཉྩྨ་ཨ་མྲྀ་ཏ་ཧཱ་རི་ཎཱི་བྷྱཿཔཉྩྨ་ཨ་མྲི་ཏཾ་ནི་བེ་ད་ཡ་ནི་བེ་ད་ཡ ༧༡ བཛྭ་ཌཱ་ཀི་ནཱི་ས་ཧི་ཏཿསརྦ་ས་ཏྭཱ་ནཱཾ་ཤཱནྟི་ཀམྤཽ་ཥྚི་གཾ་རཀྵཱ་ཝ་ར་ཎ་གུབྟིཾ་ཀུ་རུ་ཀུ་རུ་ཧཱུྃ་ཕཊ྄།། ༧༢ །