cover

ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

གླེགས་བམ། ཙ༽

ཀུན་མཁྱེན་པདྨ་དཀར་པོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས།

འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས་བཞུགས་སོ། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་ཅན། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྒྱ་ནག་རི་བོ་རྩེ་ལྔ་ནས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་ཅན། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཨུ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །རིག་འཛིན་ཤྲཱི་སེང་ཧ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་ཅན། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྒྱ་གར་དུར་ཁྲོད་ནག་པོ་ནས། །པཎ་ཆེན་ཤིནྟཾ་གརྦྷ་ལ། །གསོལ་བྎ །བདག་ལྎ །བལ་ཡུལ་ཡམ་བུའི་གྲོང་ཁྱེར་ནས། །རྒྱལ་པོ་བྷ་སུ་དྷཱ་ར་ལ། །གསོལ་བྎ །བདག་ལྎ །བོད་ཡུལ་སྒྲག་ཀྱི་ཡངས་རྫོང་ནས། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ། །གསོལ་བྎ །བདག་ལྎ །གཡས་རུ་གཙང་གི་རྒྱལ་ཁམས་ནས། །གཏེར་སྟོན་རྒྱ་ཡི་ཞང་ཁྲོམ་ལ། །གསོལ་བྎ །བདག་ལྎ །ལྕགས་གཏུན་ནག་པོ་ཆོས་ཀྱི་གྲགས། །གནུབས་སྟོན་བྱ་བྲལ་མཚན་ཅན་ལ། །གསོལ་བྎ །བདག་ལྎ །སྐལ་ལྡན་རྡོ་རྗེ་རྒྱལ་པོ་དང་། །དྷཱརྨ་ཀེ་ཏུ་སློབ་དཔོན་ལ། །གསོལ་བྎ །བདག་ལྎ །གནུབས་ཆེན་གུ་རུ་མཆོག་ལྡན་དང་། །མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་ལ། །གསོལ་བྎ །བདག་ལྎ །སྔགས་འཆང་ཚེ་བདག་བཀྲ་ཤིས་དང་། །རིག་འཛིན་པདྨ་དཀར་པོ་ལ། །གསོལ་བྎ །བདག་ལྎ །ཡོངས་འཛིན་ངག་དབང་བཟང་པོ་དང་། །རྒྱལ་བ་དཔག་བསམ་དབང་པོ་ལ། །གསོལ་བྎ །བདག་ལྎ །འདྲེན་མཆོག་ཀུན་དགའ་ལྷུན་གྲུབ་དང་། །ཆོས་ཀྱི་དབང་ཕྱུག་དགེ་ལེགས་ཞབས། །གསོལ་བྎ །བདག་ལྎ །ཟིལ་གནོན་ཡེ་ཤེས་རོལ་པ་དང་། །གྲུབ་མཆོག་ངག་དབང་བདེ་ཆེན་ལ། །གསོལ་བྎ །བདག་ལྎ །དཔལ་ཆེན་དྷརྨ་སུརྻ་དང་། །ཡོངས་འཛིན་འཇམ་དཔལ་དཔའ་བོ་ལ། །གསོལ་བྎ །བདག་ལྎ །མི་ཕམ་འཇམ་དཔལ་རྡོ་རྗེ་དང་། །ལས་རབ་བདེ་ཆེན་རྩལ་གྱི་ཞབས། །གསོལ་བྎ །བདག་ལྎ །རིག་འཛིན་ཆོས་སྐྱོང་མགོན་པོ་དང་། །བདུད་འཇོམས་པདྨ་དགྱེས་པ་ལ། །གསོལ་བྎ །བདག་ལྎ །མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་དང་། །དྲིན་ཆེན་རྩ་བའི་བླ་མ་ལ། །གསོལ་བྎ །བདག་ལྎ །འདིར་བརྒྱུད་རིམ་གྱི་འཕྲོའཐུད། གཞན་ཡང་བཀའ་གཏེར་བརྒྱུད་པ་ཡི། །རིག་འཛིན་དཔའ་བོ་མཁའ་འགྲོ་ལ། །གསོལ་བྎ །བདག་ལྎ །སྔོན་ཚེ་བསོད་ནམས་བསགས་པ་ཡིས། །བླ་མེད་ཐེག་མཆོག་འདི་དང་མཇལ། །བདེ་ཆེན་ངང་ནས་སྐུ་བཞེངས་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་ཡིས། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །འབྲུ་བརྒྱད་སྔགས་ཀྱི་བྲོ་ཆེན་བརྡུང་། །ཧཱུྃ། དང་པོའི་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་དང་འཆི་བ་བྱ་བ་མེད། །འཁོར་བ་ཡེ་ནས་སངས་རྒྱས་ཏེ། །ངན་སོང་གསུམ་པོ་ལྟ་བས་བསྒྲལ། །རྣམ་རྟོག་གདོད་ནས་ཆོས་སྐུ་ཡིན། །སྣང་སྲིད་མ་བཅོས་ཕྱག་རྒྱའི་ཞིང་། །ཐམས་ཅད་དྲེགས་པའི་ལྷ་ཚོགས་ལ། །འབྲུ་བརྒྱད་སྔགས་ཀྱི་མཆོད་པ་འབུལ། །ཐམས་ཅད་གྲགས་སྟོང་ཡེ་ཤེས་སྟེ། །གསུང་གི་དངོས་གྲུབ་ཆེན་པོ་སྩོལ། །འདི་ནི་ཡེ་ཤེས་ཆེན་པོའི་བྲོ། །འཁོར་འདས་གཉིས་སུ་མེད་པར་བརྡུང་། །ཕྱག་རྒྱ་ཟིལ་གནོན་མཆོག་གི་ལམ། །ལམ་འདི་ཀུན་གྱི་ཐོབ་གྱུར་ཅིག །

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན།

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞུགས་སོ། །བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོ་ལ་ཕྱག་འཚལ་ལོ། །ལྟ་བའི་དྲེགས་པ་ཐུ་བོ་སྡེར་བཅས་རྣམས། །གཡུལ་ངོར་བསད་པའི་ཁྲག་གིས་རབ་མྱོས་གར། །བདེ་ཆེན་ས་ལ་རྣམ་པར་རྩེ་བའི་ལྷ། །དབྱིངས་ནས་ཁྲོས་པ་ཚེ་བདག་དེར་བཏུད་ནས། །ཟླ་གསང་རྒྱུད་སྡེ་ཉལ་འགྲོའི་ཉིང་ཁུ་གང་། །ལྕགས་སྡིག་ཆོས་ཀྱི་བཻ་ཌཱུརྻར་ཆགས་པ། །འཕྲིན་ལས་དོན་ཀུན་བསྒྲུབ་ལ་མཐུ་སྟོབས་གཟི། །འབར་བའི་ཟླ་ཉི་ལས་འགོང་འདི་ན་སྟོན། །དཀྱིལ་འཁོར་གསུམ་ལས་ཨེ་ཐུང་ལ། །བཅའ་བཞི་སེམས་བསྐྱེད་བསྲུང་འཁོར་བསྒོམ། །བགེགས་བསྐྲད་མཚམས་བཅད་སྒོ་དབྱེ་ཕྱག །དམ་བཅའ་བྱིན་དབབ་བཤགས་པ་དང་། །མཆོད་རྫས་བྱིན་བརླབ་ཏིང་འཛིན་བསྒོམ། །འབྱུང་བརྩེགས་གཞལ་ཡས་ལྷ་བསྐྱེད་དྲང་། །བཞུགས་གསོལ་དབང་ཕྱག་མཆོད་བསྟོད་འཛབ། །བཤགས་པ་བྱ་རྣམས་སྟོད་ཀྱི་ལས། །སྒྲུབ་ཆེན་གཞུང་བཞིན་བཅས་འདུག་སེམས། ཧཱུྃ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་སུ་མཛད་དུ་གསོལ། །ལན་གསུམ་བྱ་ལ་བསྲུང་འཁོར་ནི། ཧཱུྃ སྣང་སྲིད་འཁོར་ལོ་རྩིབས་བཅུར་སོང་། །ལྟེ་བར་བདག་ཉིད་ཟིལ་གནོན་སྐུ། །འཇིགས་བྱེད་ཀཱི་ལ་ཡ་སྒྲོག་པའི། །ཐུགས་ལས་ཧཱུྃ་བཅུ་རྩིབས་སུ་འཕྲོས། །ཨེ་ཨ་ཀྲོ་ཏེ་ཀ །ཡ་མནྟ་ཀ། ཀ་ལ་རུ་པ་སྲཱིཥྚིུ་ཨ་པ་ཡེ་ཧཱུྃ། སྟེང་དུ་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །ཚངས་པའི་སྙིང་ཟུག་སྟེང་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄། ཤར་དུ་ཁྲོ་རྒྱལ་བི་ཛ་ཡ། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །དྲི་ཟའི་སྙིང་ཟུག་ཤར་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཕཊ྄། ལྷོ་རུ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །གཤིན་རྗེའི་སྙིང་ཟུག་ལྷོ་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄། ནུབ་ཏུ་ཁྲོ་རྒྱལ་རྟ་མགྲིན་ཆེ། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །ཀླུ་དབང་སྙིང་ཟུག་ནུབ་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄། བྱང་དུ་ཁྲོ་རྒྱལ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །གནོད་སྦྱིན་སྙིང་ཟུག་བྱང་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྛ་ལི་ཧཱུྃ་ཕཊ྄། ཤར་ལྷོར་ཁྲོ་རྒྱལ་དབྱུག་སྔོན་ཅན། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །མེ་ལྷའི་སྙིང་ཟུག་མེ་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ནཱི་ལ་དཎྜྻ་ཧཱུྃ་ཕཊ྄། ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །སྲིན་པོའི་སྙིང་ཟུག་སྲིན་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཨ་ཙ་ལེ་ཧཱུྃ་ཕཊ྄། ནུབ་བྱང་ཁྲོ་རྒྱལ་འདོད་པའི་རྒྱལ། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །རླུང་ལྷའི་སྙིང་ཟུག་རླུང་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཊཀྐི་རཱ་ཛ་ཧཱུྃ་ཕཊ། བྱང་ཤར་ཁྲོ་རྒྱལ་གསུམ་ལས་རྒྱལ། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །དབང་ལྡན་སྙིང་ཟུག་དབང་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ྄། འོག་ཏུ་ཁྲོ་རྒྱལ་སྟོབས་པོ་ཆེ། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །ས་བདག་སྙིང་ཟུག་འོག་གདོན་འཇོམས། །ཨོཾ་མ་ཧཱ་ཀྲོ་དྷ་མཧཱ་བ་ལ་ཧཱུྃ་ཕཊ྄། བགེགས་བསྐྲད་བཤོས་ཆང་ཏིང་ལོ་རྣམས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་བྱིན། ཧཱུྃ ཡང་གསང་ལྷ་ཡི་དུར་ཁྲོད་གཞལ་ཡས་འདིར། །འདུ་བའི་དབང་ལྡན་ལས་བྱེད་མ་གཏོགས་པ། །བར་ཆད་འབྱུང་པོ་སུ་ཡང་གནས་མི་རུང་། །དེ་བས་མ་ཐོགས་མྱུར་བ་ཉིད་དུ་སོང་། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་་གྲྀ་་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་་པ་ཡ་གྲྀ་་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྭ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄། ཻ་རིངས་ཀྱིས་བསྐྲད་མཚམས་བཅད་མེའི། །ཧཱུྃ གཤིན་རྗེ་གཤེད་པོ་ཁྲོས་པའི་མེ། །སྟེང་འོག་ཕྱོགས་མཚམས་བར་མེད་པ། །ཡེ་ཤེས་མེ་དཔུང་གཅིག་གིས་བཅད། །རྡོ་རྗེའི་ཚྭ་ཚྭ་ཞུགས་སུ་འཕྲོ། །ཨོཾ་བཛྭ་ཀྲོ་དྷ་ཀརྨ་རཾ་རཾ་ཧཱུྃ་ཕཊ྄། མཚོན་ཆ་འཆོལ་བའི་མཚམས་བཅད་པ། ཧཱུྃ། སྟེང་ཡང་མཚོན་ཆའི་བླ་བྲེ་ལ། །འོག་ཀྱང་མཚོན་ཆའི་ས་གཞིར་བཅས། །བར་སྣང་མཚོན་ཆ་སྐར་ལྟར་འཁྲུག །སྤུ་གྲི་ཅན་ལྟར་གཏུབ་ཅིང་སྙོལ། །ཨོཾ་བཛྭ་ཀྲོ་དྷ་ཏི་ཧཱུྃ་ཕཊ྄། ཁྲོ་བོ་འཆོལ་པའི་མཚམས་བཅད་པ། །ཧཱུྃ དཔའ་བོ་བདུད་དགྲ་བདུད་འདུལ་ཕྱིར། །ནམ་མཁའ་ཁྲོ་བོ་རོལ་པས་བཀང་། །བར་སྣང་ཁྲོ་མོ་གཏུམ་མོས་གཏམས། །ས་གཞི་ཁྲོ་སྲས་འཆོལ་བས་ཁྱབ། །ཨོཾ་མཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄། དེ་ནས་གསང་མཚམས་བཅད་པ་ནི། །ཧཱུྃ ཆོས་དབྱིངས་རྣམ་དག་སྐྱེ་བ་མེད་པའི་དབྱིངས། །མ་བཅོས་ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ། །ཕྱག་རྒྱ་ཟིལ་གནོན་ཐུགས་རྗེའི་འཕྲོ་འདུ་ལས། །བགེགས་དང་བར་ཆད་ཅང་མེད་རང་བཞིན་མཚམས། །ཨོཾ་ཨ་ཨེ་ས་མ་ཡེ་ཧཱུྃ། བརྡ་སྒོ་དབྱེ་ནས་ཕྱག་བྱ་བ། ཧཱུྃ། དཀྱིལ་འཁོར་གཉེན་པོ་རྣམ་པར་དག་པའི་སྐུ། །སྒོ་ཕྱོགས་ལྷུན་གྲུབ་ཡེ་ཤེས་གནས་ཡུལ་དུ། །དཀྱིལ་འཁོར་ལྷ་དང་བཅས་པའི་བརྡ་སྒོ་དབྱེ། །མཉམ་ཉིད་དག་པའི་ཚུལ་གྱིས་བརྡ་ཕྱག་འཚལ། །བླ་མེད་སེམས་ཀྱི་དམ་བཅའ་ནི། །ཧཱུྃ གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། །རང་བྱིན་བརླབ་པའི་ཐབས་ཤེས་ལ་བརྟེན་ནས། །བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་གཟུང་ངོ་། །ཨོཾ་བོ་དྷི་ཙིཏྟ་ཨ་དྲ་ཨུ་པ་ཏ་ཡཱ་མི། །དེ་ནས་དམ་རྫས་བྱིན་དབབ་པ། །ཧཱུྃ ཡེ་ཤེས་སྒྱུ་མར་རོལ་པའི་ཐུགས་རྗེ་ལས། །བྱིན་རླབས་ཀུན་འབྱུང་རྟགས་དང་མཚན་མ་སྟོན། །དབང་དང་དངོས་གྲུབ་མ་ལུས་བདག་ལ་སྩོལ། །མཐུ་ཕྱུང་དམ་རྫས་འདི་ལ་བྱིན་ཅིག་ཕོབ། །ས་མ་ཡ་ཧོཿ ས་མ་ཡ་ཧྶཾ། ས་མ་ཡ་ཨ་བེ་ཤ་ཡ་ཧཱུྃ། །དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །སྣང་ཚད་ཡེ་ཤེས་ལགས་པ་ངོ་མ་ཤེས། །རིག་ཚད་དངོས་གྲུབ་ཡིན་པར་བརྡ་མ་འཕྲོད། །དེ་ཀུན་མི་འཆབ་ནོངས་པའི་སེམས་ཀྱིས་བཤགས། །ཨོཾ་ཡ་མཱནྟ་ཀ་ས་མ་ཡ། སོགས་པའི་ཡིག་བརྒྱ་ལན་གསུམ་བརྗོད། མཆོད་རྫས་བྱིན་བརླབ་ལ་བཞི་ལས། ཧཱུྃ ཡཾ་རཾ་ཁཾ་གིས་མཆོད་རྫས་ཐམས་ཅད་སྦྱངས། །ཨོཾ་ལས་ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར། །ཨཱཿལས་ཐམས་ཅད་འདོད་དགུར་སྣང་བའི་ཆར། །ཧཱུྃ་ལས་ནམ་མཁའི་ཁམས་ཀུན་ཁྱབ་པར་འབབ། །ཨོཾ་ཨཱཿཧཱུྃ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ་སྲཱི་ཐ། །ནང་མཆོད་བདུད་རྩི་བྱིན་བརླབ་ནི། ཧཱུྃ ཐོད་དབུས་རིགས་ལྔ་སྙོམས་ཞུགས་བདུད་རྩི་ཞུ། །ཉི་བཀབ་རྟ་མགྲིན་སྦྱོར་མཚམས་བྱང་སེམས་ཕབ། །བདག་གི་མཐེབ་མཛུབ་ཟླ་བས་ཟག་དང་འདྲེས། །མདངས་དྲི་རོ་བཅུད་གཏེར་ཆེན་དཔའ་བོས་བསྲུང་། །ཨོཾ་ཧཱུྃ་སྲཱིཿསྭཱཧཱ། མུཾ་ཁཾ་པཾ་ཏཾ་ལཾ། ཨོཾ་ཨཱཿསརྦ་པཉྩྨ་ཨ་མྲྀ་ཏ་ཧཱུྃ་སྲཱི་ཐ། །གཏོར་མ་ཆེན་པོ་བྱིན་བརླབས་པ། །ཧཱུྃ རླུང་མེ་ཐོད་སྒྱེད་ཀཱ་ལིར་ལྔ་གཉིས་ཞུ། །ཨོཾ་ལས་འདོད་ཡོན་ཨཱཿལས་ཟླ་བས་བཀབ། །ཧཱུྃ་ལས་རྡོ་རྗེ་ཕྱེད་ལྟེར་དཀྱིལ་འཁོར་ལྷ། །བདུད་རྩི་བཀུག་གསོལ་རྗེས་ཆགས་དབྱིངས་ཕབ་དཀྲུགས། ཨོཾ་ཨཱཿམཧཱ་བ་ལིཾ་ཏ་ཏེ་ཛོ་བྷཱ་ལིཾ་ཏ་བྷ་ཏ་གུ་ཡ་ས་མ་ཡ་སྭཱཧཱ། །རཀྟ་རྣམ་བཞི་བྱིན་བརླབ་ནི། །ཧཱུྃ བྷནྡྷ་ཟླ་བའི་གདན་དབུས་པདྨ་ར། །ཡོངས་གྱུར་རཀྟའི་རྒྱ་མཚོ་རྦ་ཀློང་ཅན། །ནམ་མཁའ་ཁྱབ་དབྱིངས་ལྦུ་བའི་གུར་ནང་དུ། །གཱིརྟི་དམར་མོ་བྷ་གའི་རཀྟ་འབེབ། །ཨོཾ་ཨཱཿམ་ཧཱ་རཀྟ་ཛྷ་ལ་མཎྜྻ་ལ་ཧཱུྃ་སྲཱིཿ །ཏིང་འཛིན་གསུམ་ལས་དེ་བཞིན་ཉིད། །ཧཱུྃ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེ་རོལ་པའི་བྱེ་བྲག་ཅི་བསྟན་ཀྱང་། །གཉིས་མེད་འབྲས་བུ་ཕྱག་རྒྱ་ཆེན་པོར་རྫོགས། །སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙྱཱ་ན་སྭ་བྷ་ཝ་ཨཱཏྨ་ཀཱོ་ཧཾ། །ཀུན་ཏུ་སྣང་བའི་ཏིང་འཛིན་ནི། ཧཱུྃ ངོ་བོ་ཉིད་ནི་ཆོས་སྐུ་སྐྱེ་བ་མེད། །སྐྱེ་བའི་ཆོ་འཕྲུལ་སྣང་ལ་རང་བཞིན་བྲལ། །ཡོན་ཏན་ཡེ་ཤེས་མཚན་དང་དཔེ་བྱད་ལྡན། །སྙིང་རྗེ་འགྱུར་བ་མེད་པའི་ངང་ལ་འཆར། །ཨཱཿདྷརྨ་སྲི་ཏུ་སྭ་བྷཱ་ཝ་བི་ཤུདྡྷོ་ཱ་ཧཾ། །རྒྱུའི་ཏིང་འཛིན་སྒོམ་པ་ནི། ཧཱུྃ སྐུ་ནི་སྒྱུ་མའི་ཕྱག་རྒྱ་ཅིར་ཡང་སྣང་། །གསུང་ནི་ཁྲོ་བོའི་རྔམ་སྒྲ་ལྔ་དང་ལྡན། །ཐུགས་ནི་སྣ་ཚོགས་ཆོ་འཕྲུལ་མཚོན་ཆ་བཞིན། །ལས་ཀྱི་སྐབས་ཀྱིས་ཕྱེ་བས་ཨེ་རུ་ཤར། །ཨོཾ་བཛྭ་ཙིཏྟ་ཧཱུྃ། །འབྱུང་བ་བརྩེགས་མར་གསལ་བཏབ་པ། །ཨེ་ལས་ཨེ་ཡཾ་མཾ་སུཾ་ཀེཾ་རཾ་ཆད། །ནམ་མཁའ་གྲུ་གསུམ་རླུང་གཞུ་ཁྲག་མཚོ་ཟླུམ། །གསེར་གཞི་གྲུ་བཞི་ཐོད་པའི་ལྕགས་རི་དང་། །པདྨ་དུར་ཁྲོད་རྡོ་ར་མེ་རིས་བསྐོར། །ཨེ་ཡཾ་མཾ་སུཾ་ཀེཾ་རཾ་མཎྜྻལ་ཧཱུྃ། །དེ་ནས་གཞལ་ཡས་ཁང་འདི་འདྲར། ཧཱུྃ མཐའ་དབུས་མེ་ཀློང་སྣ་ཚོགས་རྡོ་རྗེར་བྷྲཱུཾ། །ཕྱི་བལྟས་ཀུན་བཟང་རྒྱན་བཀོད་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་དབུས་དང་བཅས་པ་བབས་མཆོད་རྟེན་དབྱིབས། །ཁྱུང་གི་ཏོག་མཛེས་ནང་བལྟས་དུར་ཁྲོད་ཁང་། །མ་ཐེམ་གླང་ཆེན་ཡས་འབྲུག་འགྲམ་གཉིས་སེང་། །སྒོ་ནི་སྟག་གཟིག་ཉི་ཟླའི་རྒྱ་སྐར་ཅན། །རུསྦལ་ཀ་གདན་ལྷ་ཆེན་བརྒྱད་ཀྱི་ཀ །གཟའ་གཞུ་ཀླུ་གདུང་ཚངས་ལྕམ་ཞིང་གི་ཐོག །ཆུ་སྲིན་བད་སྐོར་རྒྱུ་སྐར་དྲྭ་མིག་ཅན། །ཉ་སྦྲུལ་ཟར་ཚགས་ལྷ་མོ་རྒྱུ་སོགས་བརྒྱན། །དབུས་གླིང་མཁར་དགུ་ཕྱི་ཨེ་ཟླ་གམ་གསུམ། །འཁོར་ལོ་བཅུ་གཉིས་རྩིབས་ཁ་གྲུ་ཆད་བཞི། །ཁྱམས་འོབས་སོ་གཉིས་མུ་རན་དྲུག་ཅུ་སྟེ། །ཀུན་ལ་གྲུ་གསུམ་ཐོད་པ་ལྕགས་ཀྱི་མཁར། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུཾ། །གཙོ་བོ་འཁོར་བཅས་ལྷ་བསྐྱེད་པ། །ཧཱུྃ ཨེ་ཉིད་ཨེ་ཀ་ཛ་ཊཱི་འཕྲོ་འདུས་ཐིམ། །རྒྱུ་མེད་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ལྷ་ཆེན་ཕྱོགས་སྐྱོང་མ་ཧེས་བཏེགས་པའི་ཁྲིར། །འཁོར་ལོ་རྩིབས་སྟོང་པདྨ་ཟླ་ཉིའི་སྟེང་། །བཅོམ་ལྡན་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་སྐུ། །དུག་ཆེན་འཁྱིལ་འདྲ་མཐིང་ནག་གར་དགུའི་ཉམས། །སྦོམ་ཞིང་གསུས་འཕྱང་ཡན་ལག་རགས་ལ་བརྗིད། །དབུ་གསུམ་ཕྱག་དྲུག་ཞབས་བཞི་གཡོན་པ་བརྐྱང་། །གཡས་དཀར་གཡོན་དམར་དབུས་མཐིང་དྲག་པོའི་ཞལ། །གདུག་པའི་མཆེ་གཙིགས་ཀླུ་གཉན་ས་བདག་ཟ། །ལྗགས་བསྒྲིལ་སྨ་ར་ཨག་ཚོམས་སྨིན་མ་སེར། །སྤྱན་དམར་གསུམ་གསུམ་གཟིར་གཟིགས་ཁྲོ་གཉེར་བསྡུས། །རལ་པ་གཤོར་པོ་ཐོད་པ་རིགས་ལྔས་བརྒྱན། །གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ་འཕེན། །གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད། །དྲེགས་པའི་མགོ་བཅད་སྙིང་བཅས་ག་ཤར་བྱས། །གླང་ལྤགས་སྟོད་གསོལ་ཞིང་དཀྲིས་སྟག་ཤམ་ཅན། །ཁྲག་ཞག་ཕྱག་རྒྱ་དྲུག་དང་སྦྲུལ་གྱིས་སྤྲས། །གཤོག་བརྒྱངས་འབར་བའི་འཕྲེང་བ་འཁྲུག་པར་རོལ། །གཡོན་ལོག་སྦྱོར་ཡུམ་པེ་ཏཱ་ལི་མཐིང་ནག །སྙིང་བཟུང་ཁྲག་གི་མཚོ་བརྔུབ་གཟིག་ཤམ་ཅན། །གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྔོ། །རལ་གྲི་གཡུ་སྤྱང་རེ་ལྡེའི་སྨད་གཡོགས་བརྒྱན། །གཡོན་དུ་དབྱིངས་ཡུམ་མུ་ཁ་ལེ་དམར་སྨུག །ཁྲམ་འདེབས་ནད་རྐྱལ་བ་ལང་ཀོ་བས་དཀྲིས། །གསུམ་ཀ་གཏུམ་སྦེག་དུར་ཁྲོད་ཆས་ཀྱིས་བརྒྱན། །རལ་པ་མུན་གཏིབས་རྔམ་པའི་གར་གྱིས་རོལ། །ལིང་ཚེ་ཕྱོགས་བཞིར་ཕྱོགས་སྐྱོང་ཕོ་མོའི་གདན། །ཕྱག་ཤར་རྡོར་ལྗང་ནག་རྡོ་རྗེ་སྙིང་འཕྲེང་འཛིན། ཡ་ལྷོར་མ་སྨུག་པོ་འཁོར་ལོ་ཙིཏྟ་བསྣམས། །གཉིས་ཀ་དྲག་ཤུལ་ཆེ་ལ་ཆས་བརྒྱད་འཆང་། །གཡོན་བརྐྱང་འབར་བའི་དབུས་ན་བརྗིད་པར་འགྱིང་། །རུས་ནུབ་སྦལ་རྔམ་པ་མི་ཟན་དམར་སེར་ལ། མཆེ་སྡེར་གནམ་ལྕགས་ལྟོ་བ་སྲིད་པའི་ཁྱམས། །བྱང་བྱ་ཁྱུང་དཀར་པོ་གཤོག་པ་མེ་དང་མཚོན། །མཆུ་སྡེར་རྭ་ལྕགས་གཟི་མིག་སྦྲུལ་བཟུང་ཟ། །མཚམས་བཞིར་ཕྱོགས་སྐྱོང་ཕོ་མོ་བརྫི་བའི་ལྷ། །སེང་མེ་གེ་སྟག་སྲིན་སྦྲུལ་རླུང་ཁྱུང་དབང་གདོང་གཤེད་པོ་བཞི། །རང་འདྲའི་ཡུམ་བཅས་རུསྦལ་གཡང་གཞི་གསོལ། །ཅེ་སྤྱང་ལ་ཞོན་རལ་གྲི་སྙིང་འཕྲེང་བཟུང་། །ཟླ་གམ་མཁར་ནང་གཉན་ཀླུ་ས་བདག་ཁྲིར། །སེང་གེ་སྟག་དང་སྦྲུལ་ཞོན་ལས་གཤིན་གསུམ། །ཚེ་བདག་རྒྱབ་དབུ་དགུ་ཁྱུང་གསུམ་སྟག་གཟིག་དོམ། །དཀར་དམར་མཐིང་ཁྲོ་མདོག་ནག་བཅོ་བརྒྱད་ཕྱག །འཁོར་ལོ་རལ་གྲི་རྡོ་རྗེ་རྩེ་གསུམ་མདུང་། །མདའ་དབྱུག་རྒྱ་གྲམ་ལྕགས་ཀྱུ་གཡས་དགུས་བསྣམས། །བེ་ཅོན་གཏུན་ཤིང་ཞགས་སྦྲུལ་སྡིགས་མཛུབ་དང་། །སྤུ་གྲི་དགྲ་སྟ་གཡང་གཞི་ཙིཏྟ་གཡོན། །དབྱིངས་ཕྱུག་རྒྱལ་མོ་དང་རོལ་ཞབས་བརྒྱད་བགྲད། །གཡས་སུ་འཆི་བདག་ནག་པོ་ཆུ་སྲིན་གདོང་། །གདེངས་ཀ་དགུ་གཡོབ་སྨད་སྦྲུལ་རུསྦལ་གོས། །བེ་ཅོན་འཁོར་ལོ་བཟུང་ཡུམ་དུག་སྲུལ་མ། །གཡོན་དུ་སྲོག་བདག་དམར་པོ་མགོ་བཅུ་པ། །སྟེང་མ་བྱ་རོག་གཞན་ཁྲོ་བསེ་ཁྲབ་གྱོན། །ཁྲམ་ཤིང་འཁོར་ལོ་འཛིན་ཡུམ་ཁྲག་འཇིབ་མ། །རྩིབས་དབུས་ཡ་མ་ར་ཤར་མཐིང་ཁྲག་མདོག་མ། །མྱོས་བྱེད་ལྷོ་འབར་བ་སེར་པོ་གསོད་བྱེད་མ། །ཨཱརྻ་ནུབ་དམར་པོ་སྲོག་ལེན་ནག་མོ་དང་། །རལ་བྱང་པ་ཚར་དགུ་ལྗང་ཁ་རལ་གཅིག་མ། །ཡབ་རྣམས་བེ་ཅོན་འཁོར་ལོ་གླང་ལྤགས་བགོས། །ཡུམ་རྣམས་ཁྲམ་རྐྱལ་རུསྦལ་རླིད་བུ་གྱོན། །གཡས་ཕྱོགས་པའི་ཤར་གྱི་མདུན་ཟུར་དུང་མོན་སེང་མགོ་བླ་རྐུན་མ། །ལྕགས་མཐིང་མོན་སྟག་མགོ་གཡུ་ཡི་རལ་ཅན་མ། །བསེ་དམར་སེར་མོན་དྲེད་མགོ་ཚེ་སྲོག་ཁྲག་རལ་ཅན། །གསེར་སེར་མོན་ཁྱུང་མགོ་སྙིང་འབྱིན་མོན་མོ་སྟེ། །ཕོ་རྣམས་ཧྶ་གྲི་ཙིཏྟ་གླང་ཆེན་ལྤགས། །མོ་རྣམས་ལྕགས་ཀྱུ་ཞགས་ཐོགས་རུསྦལ་གོས། །གཡོན་ཕྱོགས་པའི་ཤར་གྱི་རྒྱབ་ཟུར་ཧེ་ལེ་ཁྱབ་ནག་པ་མི་གཟན་མ། །ནག་པོ་ནག་འཛུམ་མེད་སྙིང་ཁྲག་དུག་འཐུང་མ། །སོ་འདར་ནག་འཕྲིག་པ་ཤ་ལ་གཟེར་འབེབས་མ། །རལ་ནག་པ་སྤྱིར་བཅིངས་བདུད་མོ་ཁྲག་རལ་མ། །བདུད་རྣམས་ཁྲམ་ཞགས་ལྤགས་པའི་གོ་ཟུ་དང་། །བདུད་མོ་སྤུ་གྲི་མི་སྙིང་རུསྦལ་ལྤགས། །གྲུ་བཞིའི་སྟེང་བར་འོག་ཁང་རབ་འབྲིང་ཐ་གསུམ་གྱི་ཟླ་གཤེད་དུ་སྒོ་ལོགས་གཡོནགསུམ། །བེ་བ་ས་ནག་ནོར་བུ་དགེ་འཕེལ་སེར། །འཇོམས་བྱེད་སེར་ནག་ཕུང་བྱེད་རེ་མ་ཏི། །དགུ་ཁྲི་ནག་ལ་རཱཀྴ་གློག་འཕྲེང་དམར། །ཡཀྵ་གསོད་བྱེད་མཐིང་ནག་ཙཱ་མུཎྜྻི། །གཏུམ་པོ་ཀུན་འཇོམས་གཉིས་དཀར་རལ་གཅིག་དམར། །འབར་མ་ཏི་དང་སྦྲུལ་མགོ་ཀུན་འཛིན་སྔོ། །ངང་པ་སྟོབས་སེར་གྱད་སྟོབས་ནག་འབར་མ། །ཕྱག་ན་བེ་ཅོན་འཁོར་ལོ་ཆུ་སྲིན་གོས། །མོ་བཞི་ཐལ་མདོག་ཁྲམ་རྐྱལ་མི་ལྤགས་ཅན། །ཁྱམས་འོབས་བདུད་གསུམ་རིམ་དུ་བསྐོར་བ་ཕྱོགས་མཚམས་སུ་ལྕོག་བརྒྱད་བརྒྱད་ཡོད་པའི་ཤར་དང་མེར་ནག་ཁྲམ་ཐོགས་རྟ་ཞོན་བརྒྱད། །གཤིན་རྗེ་ལྷོ་སྲིན་བེ་ཅོན་འཁོར་ཐོགས་གླང་ཞོན་བརྒྱད། །མ་ནུབ་རླུང་མོ་ནད་ནག་རྐྱལ་ཟོར་ཐོགས་དྲེལ་ཞོན་བརྒྱད། །གནོད་བྱང་དབང་སྦྱིན་རལ་ནག་གྲི་ཞགས་ཐོགས་བྱ་ཞོན་བརྒྱད། །སྒོ་བཞིར་དུས་བཞིའི་བདག་པོ་ཁྲོ་རྒྱལ་བཞི་དཀར་སེར་དམར་ལྗང་། །དཀར་པོ་སྙིང་འབྱིན་མཧཱ་ཀཱ་ལ་དང་། །ཡབ་རྗེ་ནག་པོ་གནོད་སྦྱིན་དམར་པོ་རྣམས། །བེར་གསོལ་འཁོར་ལོ་བསྐོར་ཅིང་ཐུན་ཁྲག་འཕེན། །གཡོན་དུ་ཡུམ་ཆེན་རོ་ལངས་ཆེན་མོ་བཞི། །ཕྱག་གཡས་ཐམས་ཅད་རོ་དབྱུག་གཡོན་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ་འཛིན། །ཕྱི་ཁྱམས་གཤིན་རྗེ་བདུན་བརྒྱ་ཉི་ཤུའི་འཕྲུལ། །ཟ་གཤེད་ཕོ་མོ་དྲུག་ཅུ་སྨུག་ནག་དུར་ཁྲོད་ན། །རྒྱལ་ཆེན་ཕྱོགས་སྐྱོང་བརྟན་མ་མཁའ་འགྲོ་དང་། །གཤན་པ་ཁྲག་སྐྱུག་དྲེགས་པ་ཀུན་གྱིས་བསྐོར། །འོད་ཟེར་ལྕགས་ཀྱུས་སྤྱན་དྲངས་པ། །ཧཱུྃ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །གདན་དྲངས་གཤེགས་སུ་གསོལ་རྒྱུ་ཅི་ཡོད་ཀྱང་། །ཐུགས་རྗེ་འགྱུར་བ་མེད་པའི་ངང་ཉིད་ནས། །དྲག་པོ་ཨེ་ཡི་དཀྱིལ་འཁོར་ཆེན་པོ་རུ། །བདུད་སྡེར་ཁྲོས་འཁྲུག་རྔམ་པར་ཆས་བཞིན་པའི། །འཇམ་དཔལ་ཚེ་བདག་རྩ་བ་གྱད་ཀྱི་ལྷ། །སྤྲུལ་པ་ལས་གཤིན་བཀའ་ཉན་འཁོར་བཅས་སུ། །ཡེ་ཤེས་སྒྱུ་མར་རོལ་པས་སྤྱན་འདྲེན་ནོ། །ཨེ་ཀ་ཧེ་དུན་ཡ་མ་རཱ་ཙ་ས་མ་ཡ་ཧཱུྃ་ཛཿབསྒོམས་དང་གཉིས་མེད་བཞུགས་གསོལ་བ། ཧཱུྃ དམ་ཚིག་པ་དང་ཡེ་ཤེས་སེམས་དཔའ་ཞེས། །མ་དག་གཉིས་འཛིན་སྣང་བས་གཟུང་བ་ཙམ། །གདོད་ནས་མཉམ་ཉིད་དབྱེ་རུ་མི་འཚལ་བས། །ཆུ་ལ་ཆུ་བཞག་ལྟ་བུར་བཞུགས་སུ་གསོལ། །ཡ་མ་རཱ་ཙ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། །དེ་ལ་དབང་བསྐུར་བྱ་འདོད་པས། །ཡེ་ནས་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་རྒྱལ་སྤྱི་གཟུགས་ཡིན་མོད་ཀྱང་། །མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར། །ཁྲོ་བོ་རོལ་པའི་ནུས་མཐུས་དབང་བསྐུར་རོ། །ཨོཾ་ཧཱུྃ་སྭཱ་ཨཾ་ཧ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ཨོཾ་ཨཱཿཧཱུྃ་གིས་རྒྱས་བཏབ་བོ། །དད་ཅིང་མོས་པས་ཕྱག་བྱ་བ། །ཧཱུྃ ལྷ་ཡི་རྒྱལ་པོ་ལྷ་མཆོག་གཤིན་རྗེའི་གཤེད། །འགྲོ་བའི་དོན་མཛད་འཇམ་དཔལ་ཚེ་བདག་ནག །ཡབ་ཡུམ་སྤྲུལ་པ་བཀའ་ཉན་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨེ་ཀ་ཧེ་དུན་ཡ་མ་རཱ་ཙ་ས་མ་ཡ་ནཱ་མོ་བྷྱོ། །མཆོད་པ་འབུལ་བ་བཞི་ལས་ཕྱི། །ཧཱུྃ སྣ་ཚོགས་མེ་ཏོག་འཕྲེང་བས་བཅིངས་པ་ནི། །འཇའ་ཚོན་སྣ་ལྔ་བས་ཀྱང་བཀྲག་རེ་མཚར། །བདུག་པ་སྤོས་ཀྱི་དུད་སྤྲིན་གཏིབ་པ་ནི། །དཔག་བསམ་ཡོངས་འདུ་བས་ཀྱང་བསུང་རེ་ཞིམ། །གསལ་བྱེད་མར་མེ་མདུན་དུ་བདར་བ་ནི། །ཉི་མ་ཟླ་བ་བས་ཀྱང་མདངས་རེ་གསལ། །ཚངས་པའི་དག་བྱེད་གནྡྷེ་སྦྲེང་བ་ནི། །རྒྱ་མཚོ་ཆེན་པོ་བས་ཀྱང་གཏིང་རེ་ཟབ། །ཞིམ་དགུའི་ཞལ་ཟས་གཙང་མར་བཤམས་པ་ནི། །ལྷ་ཡི་བདུད་རྩི་བས་ཀྱང་རོ་རེ་བདའ། །རྔ་སིལ་དུང་གླིང་རོལ་མོ་འབུལ་བ་ནི། །དྲི་ཟའི་པི་ཝང་བས་ཀྱང་སྒྲ་རེ་སྙན། །ཕྱག་རྒྱ་གར་འཆམས་མཆོད་པར་སྦྱར་བ་ནི། །མཐོ་རིས་ཟློས་གར་བས་ཀྱང་བལྟ་རེ་བྲོད། །འདོད་པ་ལྔ་ཡི་ལྷ་མོ་བསྒྲིགས་པ་ནི། །འཆི་མེད་བུ་མོ་བས་ཀྱང་སྙིང་རེ་སྡུག །བླ་རེ་འཕན་གདུགས་རྒྱལ་མཚན་ཕྱེ་ཕུར་རྣམས། །ཀུན་བཟང་མཆོད་སྤྲིན་བས་ཀྱང་ཡ་རེ་མཚན། །རལ་གྲི་མདའ་མདུང་མཚོན་ཆས་མཆོད་པ་ནི། །གཤིན་རྗེའི་འདུན་ས་བས་ཀྱང་ཞུད་རེ་ཆེ། །ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། །ནང་མཆོད་སྨན་རཀ་གཏོར་མ་བསྒྲེང་། །ཧཱུྃ རང་བྱུང་གདོད་ནས་རྣམ་དག་རིགས་ལྔའི་རྫས། །རྩ་བརྒྱད་སྟོང་ལ་སྦྱར་བའི་ར་ས་ན། །ཡེ་ཤེས་ལྔ་ལས་རང་བྱུང་དུག་ལྔའི་སྨན། །དམ་ཚིག་བདུད་རྩི་མཆོག་གི་མཆོད་པ་འབུལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩྨ་ཨ་མྲྀྀ་ཏ་པཱུ་ཛ་ཧོཿ ཧཱུྃ

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་འབྲེལ་བའི་སྲི་གནོན་རབ་བརྗིད་རྡོ་རྗེའི་རི་དབང་།

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་འབྲེལ་བའི་སྲི་གནོན་རབ་བརྗིད་རྡོ་རྗེའི་རི་དབང་ཞེས་བྱ་བ་བཞུགས་སོ། །ན་མོཿགུ་རུ་མཉྫྱུ་ཤྲཱི་མཎྜྻལ་དེ་ཝ་བྷྱཿ གང་ཞིག་སྙིང་རྗེ་ཁྲོས་འཁྲུག་ནག་པོ་ཡི། །བདུད་སྡེ་དགྲ་བགེགས་ཟིལ་གནོན་ཚར་གཅོད་པ། །རྒྱལ་ཀུན་གསང་གསུམ་མཐུ་སྟོབས་འཕྲིན་ལས་ནུས། །གཅིག་བསྡུས་ཕྱག་རྒྱ་ཟིལ་གནོན་རྩལ་ལ་འདུད། །དེ་ཡི་ལས་བྱང་མཆོད་ཕྲེང་དང་སྦྱར་སྟེ། །སྲི་གནོན་ཕྱོགས་སྒྲིག་ངག་འདོན་བལྟས་ཆོག་པ། །རབ་བརྗིད་རྡོ་རྗེའི་རི་དབང་འདིར་བཤད་བྱ། །དེ་ལ་འདིར་བྱང་གཏེར་ཕུར་པའི་ཕྲིན་ལས་ཀྱི་སྲི་ཆུང་བཅུ་གསུམ་མནན་པ་ཉིད་རྩ་བར་བཟུང་། བཀའ་བརྒྱད་རང་ཤར་གྱི་ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཁ་དང་། ནག་རྩིས་འབྱུང་བ་རིན་ཆེན་ཀུན་འདུས་ཀྱི་རྒྱུད་ལས་ཝང་ཐེ་འཕྲུལ་གྱི་རྒྱལ་པོས་སྲི་རབ་ཁོལ་དུ་བྱུང་བ་སོགས་མན་ངག་ཏུ་སྡེབ་ཅིང་། འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱི་གནོན་པའི་ལས་བྱང་ཀུན་ཏུ་བཟང་པོའི་མཆོད་ཕྲེང་དང་སྦྱར་སྟེ་བཤད་པར་བྱའོ། །དེ་ཡང་སྔོན་སྲིད་པ་ཆགས་པའི་དུས་རི་རབ་ཀྱི་དབུས་ནས་ཤིང་ཡོངས་འདུ་ས་བརྟོལ་སྐྱེས་པའི་རྩ་བར་ཡ་བདུད་ཐོད་པའི་ཕྲེང་བ་ཅན་དང་། མ་བདུད་པདྨ་གར་གྱི་དབང་ཕྱུག་མ་གཉིས་འདུས་པ་ལས། བུ་སྲི་ཆུང་བཅུ་གསུམ་སྐྱེས་པ་སོགས་བྱང་གཏེར་ཕུར་པ་ལས་བཤད་ཅིང་། བྱང་གཏེར་བཀའ་བརྒྱད་ཀྱི་སྲི་རབ་ལྟར་ན། སྲི་ཡུལ་གླིང་དགུའི་སྲི་མཁར་ཐོད་པ་དགུ་བརྩེགས་སུ་སྲིའི་མེས་པོ་གནམ་སའི་སྲི་གཉིས་ལས། ཕ་གནམ་གྱི་བྱ་ནག་དང་། མ་ས་ཡི་བྱི་བ་གཉིས་འདུས་པ་ལ་སྒོ་ང་བཅུ་གསུམ་སྐྱེས་པ་རྡོལ་བ་ལས་སྲི་ཆུང་བཅུ་གསུམ་བྱུང་བ། གུ་རུ་པདྨས་བརཏལ་ཞིང་མནན་པའི་ལོ་རྒྱུས་བྱུང་བ་ལྟར་རྗེས་འཇུག་རྣམས་ཀྱི་ཚུལ་དེ་ལྟར་ལག་ལེན་དུ་ལྟར་ཞིང་མནན་དགོས་པའི། དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་བཅའ་བཤམ་བགྱིད་ཚུལ་ལ་གཉིས་ཀྱི་དང་པོར་དངོས་གཞི་ཆོ་གའི་བཅའ་བཤམ་ནི༑ ལས་གཞུང་གི་རྟེན་གཏོར། མཆོད་གཏོར། སྨན་རཀ ཟོར་གཏོར། ཚོགས་སོགས་གཞུང་ལྟར་ཚང་བར་བཤམ་པ་དང་། ཐུན་རྫས་བསྒྲལ་ཆེན་ཟོར་ཐུན་སོགས་ཚང་བར་བཤམ། གཉིས་པ་ལས་མཐའ་འཕྲིན་ལས་ཀྱིས་བཅའ་བཤམ་ནི༑ ལས་གཞུང་གི་དཀྱིལ་འཁོར་གཏོར་མ་སོགས་ཀྱི་མདུན་འོག་ཏུ། སྲི་ཆས་རྣམས་འཇོག་ཅིང་། ལིངྒ་རྣམས་མནན་རྫས་ཀྱིས་གནོན་ཅིང་བྱད་ཐག་མདུན་བསྐྱེད་ཀྱི་གཙོ་བོ་ལ་བཏག དེ་ལ་སྲི་ཆས་འགོད་ཚུལ་ནི། དང་པོ་དམིགས་བྱའི་ལིངྒ་བྲི་བ་ལ། ཤོག་བུ་གཙང་མ་ལ་ཁྱད་པར་རང་གི་དྲི་མས་མ་གོས་པ་གལ་དུ་ཆེ་ཞིང་། བྲི་སྣག་ཀྱང་དེ་ནི་ཤིན་ཏུ་གཙང་མ་རང་གི་དྲི་མས་མ་གོས་པས་བྲིའོ། །བྲི་བྱ་མི་ལུས་མགོ་བོ་དབུས་མི། གཡས་སྤྲ། གཡོན་སྤྲེལ། སྟེང་བྱ་ཡི་མགོ་དང་མགོ་བོ་བཞི་པ་ཅན། རྐང་པ་བྱ་སྡེར་ཅན། ཡན་ལག་དང་མགུལ་དུ་ལྕགས་སྒྲོག་བརྒྱབ་པ་བྲི་བ་ནི་དམ་སྲིའི་ལིངྒ་སྤྱི་མཐུན་ནོ། །བྱེ་བྲག་སོ་སོར་བྲི་ན། ལུས་དང་ཡན་ལག་སྔ་མ་ལྟར་ལ། ཕོ་སྲི་དཀར་པོ་སྤྱང་ཀིའི་མགོ་ཅན། མོ་སྲི་མཐིང་ནག་རྔ་མོང་གི་མགོ་ཅན། ཆུང་སྲི་སྲེ་མོང་མགོ་ཅན་ཁ་དོག་ངེས་མེད་དམ། ཡང་ན་བསྲུང་བྱའི་གདོན་ངོས་བཟུང་བ་དང་བསྟུན་ལ། གདོན་ཆེན་བཅོ་ལྔའི་གང་གནོད་ཀྱི་མགོ་ཅན་ནམ། སྤྱི་ལྟར་ན་ཕག་མགོ་ཅན་གཅིག ཁྱི་མགོ་ཅན་གཅིག ར་མགོ་ཅན་གཅིག་དང་གསུམ་བྲིའོ། །བདུད་སྲི་ནག་པོ་ཁྱུང་གི་མགོ་ཅན། བཙན་སྲི་དམར་པོ་འུག་པའི་མགོ་ཅན། རྒྱལ་སྲི་དཀར་པོ་བྱ་ཕོའི་མགོ་ཅན། དམ་སྲི་ནག་པོ་ཕག་མགོ་ཅན། ཀླུ་སྲི་སྔོན་པོ་སྦྲུལ་མགོ་ཅན༑ དགྲ་སྲི་སྔོ་སྐྱ་གཡག་མགོ་ཅན། གྲི་སྲི་དམར་པོ་ཤྭ་བའི་མགོ་ཅན། རྒན་སྲི་དང་དུར་སྲི་དམར་སྐྱ་ཝ་ཡི་མགོ་ཅན། བྱད་སྲི་སེར་པོ་རྟ་ཡི་མགོ་ཅན། ཞིང་གི་ལོ་སྲི་ལ་འགོང་པོ་སྤུན་གྱི་ལིངྒ་གསུམ་བྲི་དགོས་པར། གནམ་འགོང་བྱ་མགོ བར་འགོང་སྤྲེལ་མགོ ས་འགོང་སྦྲུལ་མགོ་ཅན་དང་གསུམ་བྲི། གོད་སྲི་ནག་པོ་ར་དང་འཕར་བ་སྤྱང་ཀིའི་མགོ་དང་གསུམ་ཅན་བྲི་བར་བྱ་སྟེ། དེ་དག་གང་བྲི་ཡང་སྤྱི་བོར་མུན་པ་གཏིབ་པ། སྟ་ཟུར་གཉིས་ལ་མེ་འབར་བ། གསང་བར་རྒྱ་མཚོ་འཁྲུགས་པ། རྐང་མཐིལ་རླུང་གཡོ་བ། སྤྱི་བོར་ནས་རི་རབ་བང་རིམ་བཞི་ལྡན་གྱི་མནན་པ་རྣམས་བྲི་བར་བྱའོ། །དེ་དག་ལ་གནས་ཡིག་ནི། སྤྱི་བོར་ནོན་བྱ་བ་བྲི། དེ་བཞིན་དགྲ་སྲིའམ་ཆུང་སྲི་གང་དམིགས་ཁ་བསྒྱུར་དུ་དཔྲལ་བར་ཏྲི་ཛཿ དམ་སྲི་ཏྲི་ཛཿ ལག་གཡས་ཀྱི་དཔུང་པ་ཛཿ གཡོན་ལ་ཧཱུྃ། རྐང་པ་གཡས་ལ་བཾ། གཡོན་ལ་ཧོཿ གསང་གནས་སུ་ཕཊ྄ཿ སྙིང་ཁར་ཛཿཁ་སྤྲད་བྲིས་པའི་དབུས་སུ་ཏྲི་བྲི། རྐང་མཐིལ་གཉིས་སུ་ཡཾ་རེ་རེ། སྤྱི་བོའི་རི་རབ་ཀྱི་བར་རིམ་བཞི་ལ་གཡས་ནས་རིམ་བཞིན། ལཾ། སུཾ། སྟམྦྷཡ། ནན་རྣམས་བྲི། རྣ་བར་འོན། མིག་ལ་ལོང་། ཁ་ལ་དུང་དུང་། བརླ་གཉིས་ལ་བརླ་དག་གམ་དམོད་སྲི་གང་ཡིན་ཁ་སྒྱུར་ཚིག་གང་ཚུད་བྲི། དེ་རྣམས་ཀྱི་སྔགས་མགོ་ལིངྒའི་མགོ་ཕྱོགས་སུ་བསྟན་པ་བྲི། སྙིང་གའི་ཛཿཏྲིཿཟ་ཡི་སྟེང་ནས་བརྩམ་སྟེ་སྔགས་འདིས་བསྐོར།། ཨོཾ་སརྦ་ཛ་ཏྲི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཤནྟྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་དནྟྲི་ནི་གུཾ་གུཾ་ཛ་ཛ་ཛ་ཧཱུྃ་ཨོཾ་སརྦ་ཏྲི་ནི་ཧཱུྃ་ཛཿ སུ་ཏྲི་ནི་ཧཱུྃ་ཛཿ ཤནྟྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ནི་ཏྲི་ནི་ཧཱུྃ་ཛཿ གྲུཾ་གྲུཾ་གྲུཾ་ཛ་ཛཿ གཉའ་པ་ལག་རིང་ཏྲི་ཛཿ ནན་ཡམ་ཤུད་དམར་པོ་ཏྲི་ཛཿ ནན་ཐེའུ་རང་སྟོང་སྡེ་ཏྲི་ཛཿ ནན་སྲིན་མོ་སྤུན་དགུ་ཏྲི་ཛཿ ནན་འགོང་པོ་སྤུན་དགུ་ཏྲི་ཛཿ ནན་གནོད་བྱེད་དམ་སྲི་ཏྲི་ཛཿནནཿཅེས་བྲི། ལྟེ་བར་སྔགས་སྔ་མ་འདི་རྣམས་ལ་ཁྱད་པར་དུ་ཧཱུྃ་ཛཿ ཞེས་པའི་ཚབ་ཏུ། རྦད་ནན༑ བཅུག་པ་དང་། ཏྲི་ཛ་ཡི་ཚབ་ཏུ། ཏྲི་མཱ་ར་ཡ་ནན། བཅུ་དྲུག་པ་མ་གཏོགས་སྔ་མ་ལྟ་བུས་བསྐོར། ལུས་ཀྱི་མཐའ་གང་དམིགས་ཁ་བསྒྱུར་བསྐོར་དུ་སྤྱི་བོར་ནས་བརྩམས་ཏེ་སྔགས་འདིའི་བསྐོར། ཨོཾ་སརྦ་ཏྲི་ནི་རྦད་ནན་སུ་ཏྲི་ནི་རྦད་ནནཿ ཤནྟྲི་ནི་རྦད་ནན་ཀ་ཏྲི་ནི་རྦད་ནན་ནི་རྦད་ནན་གྲུཾ་གྲུཾཿ ཏྲིག་ནན་ཨུ་ན་ཨེ་ཧུར་བྲེང་ཤགས་རྦད་ཐུཾ་ཛཿ ཨོཾ་ལོག་ཏྲི་པཱ་ལ་ནནཿ ས་ག་པ་ཤ་ནནཿ ན་ག་དུ་དུ་ནནཿ མ་མཾ་མ་མཾཿ ཙི་ཙ་རཿ ཙི་ཙ་རཿ བཾ་རུ་ལུ་རྦད་ཀྲ་ཀོ་ཤ་ཡ། རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར་ནན། གནོད་བྱེད་རྩི་དུ་སོད། ལུས་ཤིག ཧུར་གཏུབ། ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ། ཀ་ཝ་ཙི་གནོད་བྱེད་ཕུང་སྲི་ཞེས་སྤྱི་ཚང་ཡིན་ཏེ་དམིགས་བྱ་བསྒྱུར་ཀྱང་ཆོག འོག་མ་ཀུན་ལ་འགྲེའོ།། སྲི་ཕོ་མོ་མཱ་ར་ཡ་ནནཿ ལྐོང་ལྐང་དུ་ར་དུ་ར་ཧབ་ཤ་ཧབ་ཤ གནོད་བྱེད་ཕོ་མོ་སྐྱུགས་ཤིག་སྐྱུགས་ཤིག ཁ་ཐམ་ཁ་ཐམ༔ མཆུ་ཆིངས་མཆུ་ཆིངས། དནྡྷ་དནྡྷ་བྷནྡྷ་ཡེ་སྭཱ་ཧཱཿ ཧ་ཤཾ་ཏྲི་རུ་ཏི་བ་ཏི་ཤ་ཤ་རྦད་ནན། ཏྲིའུ་ཏྲིའུ་ཏུ་ཏྲི་ཁ་ཤ་ཏྲིའུ་ཛཿ ར་ཏྲི་ཡེ་རྦད་ནན༑ དུ་ཏྲི་ཏྲི་རྦད་ཡ་ཏྲི་ནི་མཱ་ར་ཡ་རྦད་ནན། རཾ་བཾ་རིལ་རུ་ཏྲི་བེ་ཏེ་ན་རྦད་ནན། སརྦ་ན་ཏྲི་ནི་རྦད་ནན། སུ་ཏྲི་ནི་རྦད་ནན། ཤནྟྲི་ནི་རྦད་ནན། ཀ་ཏྲི་ནི་རྦད་ནན། གྲུཾ་གྲུཾ་ཕུང་སྲི་ཕོ་མོའི་སྲོག་ལ་ཏྲི་མཱ་ར་ཡ་རྦད་ནན། གནོད་བྱེད་འབྱུང་པོ་ཕོ་མོ་ཨ་མུ་ཀ་སྙིང་དུ་ནན་ཏྲི་དུ་ནན་ཛཿ ཏྲི་ནན་སྙིང་གཟེར་རྦུད་ནན་གཉའ་པ་ལག་རིང་ཏྲི་ཛཿ སྟམྦྷ་ཡ་ནན། རྒྱལ་པོ་ཐེའུ་རང་ཏྲི་ཛཿ ཨོཾ་སུམྦྷ་ཡ་ནན་གནོད་བྱེད་དམ་སྲི་ཆེ་ཆུང་སྲི་གོད་སྲི་དགྲ་སྲི་གནོད་བྱེད་འབྱུང་པོ་བསེ་རག་ཐེའུ་རང་མ་མོ་རྒྱལ་འགོང་གནོད་བྱེད་ཕོ་མོ་སརྦ་ཀ་ཡ་ཝཀྐཱ་ཙིཏྟ་ཧཱུྃ་ལམ་སྟམྦྷ་ཡ་ནན༔ ཏྲི་ཛཱ། ཏྲི་བྲིཾ་མཱ་ར་ཡ་སུ་ཏྲི་ཡཀྵ་ད་ར་ཎི་ཛཿ གནོད་བྱེད་འབྱུང་པོ་ཕུང་སྲི་ཕོ་མོ་ཆིངས་ཆིངས། ནན་པཀྵ་པཀྵ་རཀྵ་རཀྵ་ཧཱུཾགནོད་བྱེད་རེངས་རེངས་གྲྀ་གྲྀ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་གནོད་བྱེད་མཱ་ར་ཡ་རྦད་ནན་ཁུམས་ཤིག་ཁྲག་སྐྱུགས་ཤིག ནན་ཆིངས་ཆིངས་ཕུང་སྲི་ཕོ་མོ་ནན་ཆེ་སྲི་ཆུང་སྲི་ནན་ཕུགས་ཀྱིས་སྲིས་ལ་ཟ་བ་ནན་གནོད་བྱེད་འབྱུང་པོ་ཕུང་སྲི་ཐམས་ཅད་སྟཾ་བྷ་ཡ་ནན། ཅེས་བྱ་བ་བྲི། ཞིང་གི་ལོ་སྲི་ཡིན་ན་གནས་ཡིག་རྣམས་སྔ་མ་ལྟར་ལ། ཁྱད་པར་བླ་གཉིས་ལ་ལིངྒ་གསུམ་སོ་སོར། གནམ་གྱི་འགོང་པོ་ཏྲི་ཛཿ བར་སྣང་གི་འགོང་པོ་ཏྲི་ཛཿ ས་ཡི་འགོང་པོ་ཏྲི་ཛཿ སྙིང་ཀར་ཕཾ་ཡཾ་ཡཾ། ཡང་ལིངྒ་ནམ་མཁའ་ལ་གཡུགས་ཤིང་། ལིང་ཁྲུས་འདི་ལས་རྒྱས་འདོད་ན་ལོགས་སུ་ཤེས་སོ། །དེ་ནས་ལིངྒར་ལག་རྗེན་གྱིས་མི་རེག་ཤིང་སྐྱེར་པའི་སྐམ་པས་འཛིན་པར་བྱའོ། །དེ་ནས་རང་ཕྱོགས་ཀྱི་གནས་ཁང་དང་རྟེན་གསུམ་རྣམས་མི་བཞུགས་པའི་ས་འགོལ་སར་ཕྱིན་ནས། ཁྲག་སྣ་དུག་སྣའི་གཙང་རྫས་རིགས་རྣམས་མེ་ལ་བསྲེག་པའི་དུད་པས་ལིངྒར་བདུག་ཅིང་། རང་གི་ཁ་སྣར་དྲི་མ་མ་ཤོར་བར་འཛེམས། དེ་ནས་ལིངྒར་བྱུག་རྫས་ནི། ཡི་གེ་རྣམས་ཀྱི་ཡིག་འབྲུ་རྣམས་ལ་ཞིབ་པར་བརྟགས་ལ་སྔགས་སོགས་ཀྱི་ཤན་འབྱེད་ངེས་ལ། ལྷ་སྔགས་ཀྱི་རིགས་ལ་འབྲུ་སྨན་སྤོས་སྣ་རིན་པོ་ཆེ་སྣ་ཚོས་ཀྱིས་བྱུགས། དྲག་སྔགས་ལ་དུག་ཁྲག་གཞུང་ཆེན་རྣམས་ནས་བྱུང་བཞིན་བསྒྲུབ་པས་ངར་བླུད་པ་ཡང་ཡོད། གནོད་བྱེད་རྣམས་ཀྱི་མིང་དང་སྔགས་ལ་ཁྲག་སྣ་དུག་སྣ་དང་མི་གཙང་མནོལ་རྫས་གང་འཛོམས་བྱུག་དགྲ་རྐུན་ལྟ་བུ་ལ་ནི་དེའི་བྱུག་རྫས་གང་རྙེད་བྱུག་པར་ཡང་བཤད་ཀྱང་འདིར་མ་དགོས་དེ་ལྟ་བུའི་ལིངྒ་དེ་ཕྱལ་མོ་ཚུད་པའི་འབྲུབ་ཁུང་ཁ་རུབ་ཅིང་གཏིང་ཟབ་པ། ཕྱི་རིམ་དུ་སེ་སྐྱེར་འོམ་གསུམ་གྱིས་གཙང་དམར་སྲིན་མོ་འགྲོས་དང་། མཚེ་ཡུངས་གཟུགས་པ། ཁ་ཆོད་བར་སྲུབ་ཀྱི་སེང་མེད་པར་བྱེད་རྒྱུ་ཡོད་པའི་ནང་དུ་བཀོད་པའི་ལིངྒའི་སྲོག་ཡིག་ལ་བྱད་ཐག་གི་སྣེ་མོ་སྤྲ་ཚིལ་ལྟ་བུས་སྦྱར་བར་བྱས། འདི་གཙོ་བོའི་གཏོར་མ་ཞལ་ཕོད་ན་དེའི་ཞལ་བཏབ་བ་ཕྱག་ལེན་ཡིན། ར་ཡི་སོག་པའི་མེ་ལོང་འདི་ཡི་མཐིལ་དུ་སྲི་གང་ཡིན་དང་མཐུན་པའི་ཏྲི་ཡིག་བྲི་བའང་ཡོད་བ་ར་རྟ་གསུམ་གྱི་འོ་མ་དང་གོ་ཁའི་ཐལ་བ་སྦྱར་བའི་ཐལ་སྐྱོ། སྲི་བཤོས་འབྲང་རྒྱས། སྲི་ཡོས་ཡོས་ཚིག བ་ཚྭ་བུལ་ཏོག ལན་ཚྭ་གསུམ། དེ་རྣམས་སོ་སོར་བཤམ། ཐུན་རྫས་ནི་གྲི་ལྕགས་ཀྱི་ལྕགས་ཕྱེ། ཟངས་ཕྱེ། དཀར་གོང་དང་དུར་ཁྲོད་རྡོ་ནག ཐོག་རྡོ་རི་གཟར་རྦབ་རྡོ་སོགས་ཕྱེ། ཀེ་ཚེ་ཤང་ཚེ༑ ལུང་ཐང་རྩེ། ཡུངས་ཀར་ནག འཚེ་སྣ་ཕྱེ་མ་རྣམས་སོ། བལ་ཚོན་སྣ་ལྔའི་ཚོན་སྐུད་ཀྱི་སྣལ་མ། སྲི་གནོན་པའི་སྣོད་ཐོད་པའི་བཤད་པ་ནི། ཕོ་སྲི་གནོན་ན་གཡག་རོག་པོའི་ཐོད་པ། མོ་སྲིར་ཁྱི་མོ་ནག་མོའི་ཐོད་པ། ཆུང་སྲིར་སྲེ་མོང་གི་ཐོད་པའམ། ཁྱི་ར་རྟ་གསུམ་གྱི་ཐོད་པར་བཅུག་པའམ། སོ་སོར་བྲིས་པའི་ཕག་མགོ་ཅན་དེ་བཅུག་པ་སྲེ་མོང་ངམ་རྟ་ཐོད། ར་མགོ་ཅན་དེ་བཅུག་པ་ར་ཐོད་དུ། ཁྱི་མགོ་ཅན་དེ་བཅུག་པ་ཁྱི་ཐོད་དང་གསུམ་ལགས་སོ། །བཙན་སྲིར་ཉ་ཐོད་སྲམ་ཐོད་དུང་དཀར་དང་གསུམ་གང་རུང་། དམ་སྲིར་ར་ཁྱི་ཕག་གསུམ་གྱི་ཐོད་པ་གང་རྙེད། ཀླུ་སྲིར་ཁྱུང་གི་ཐོད་པ། དགྲ་སྲིར་སྤྱང་ཀིའི་ཐོད་པ། གྲི་སྲིར་དགྲ་ཐོད་གྲི་བོ་མཛེ་ཕོ་གང་རུང་གི་ཐོད་པ། རྒན་སྲི་ར་དང་དུར་སྲི་ཁྱི། ཝ་གྲུམ་པ་གསུམ་གྱི་ཐོད་པ་གང་འཛོམས། གོད་སྲི་ཁྱི་གུ་ཕག་གུ་རེའུ་ལུག་གུ་སོགས་ཆུང་གསུམ་གྱི་ཐོད་པའོ། །གོད་ཐོད་ལྷ་སྲིར་ཁྱུང་རྒོད་གླག་གསུམ་གྱི་ཐོད་པ། འགོང་པོ་དང་ཐེའུ་རང་ལ་རི་བོང་གི་ཐོད་པ། ཞིང་སྲི་ལ་རྭ་ཡི་རྭ་ཅོ། དེ་ལས་གཞན་དམིགས་སུ་མི་བསལ་བ་རྣམས་ཁྱི་ཐོད་ཀྱི་འཐུས་པར་བཤད། སྲི་རིགས་གང་གནོད་པ། ལོ་ཟླ་ཞག་དུས་ཀྱི་སྲི་སོགས་དང་སྦྱར་ན་ཐོད་པའི་བཤད་པ་དང་ཐུན་གྱི་བཤད་སོགས་ས་བདག་སྤྱང་ཀིའི་ནང་གི་འཇིགས་པའི་ལྕེ་གདུང་བཅུ་གསུམ་དུ་བལྟ་བར་བྱའོ། །ཐོད་པ་དེ་རྣམས་གང་ཡིན་ཀྱང་དཔྲལ་བར་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན་བྱ་བ་བྲི། འགྲམ་པ་གཡས་ལ་ཕོ་སྲི་ནན། གཡོན་ལ་མོ་སྲི་ནན་བྱ་བ་བྲི། ཁྱད་པར་དུ་གོད་སྲི་གོད་ཐོད་དུ་གནོན་ན་གོད་ཐོད་དེ་ཡི་ལྟག་པར་གཡུང་དྲུང་བོན་སྐོར་བྲི༑ དཔྲལ་བར་རྡོ་རྗེ་རྒྱ་གྲམ་བྲི། རྣ་ལྟག་གཉིས་ལ་ཁྲམ་རྒྱ་གྲམ་བྲི། འགྲམ་པ་གཡས་པར་གོད་སྲི་ཁ་ཐམ་བྱ་བ་བྲི། གཡོན་པ་གོད་ཁ་ཆོད་བྱ་བ་བྲི། ཐོད་པར་གོད་སྲི་ཐམས་ཅད་བྲུབ་བོ་མནན་ནོ་བཅད་དོ་མ་ལྡངས་ཤིག་བྱ་བར་བྲི། ཐུམ་ནི་རེ་བ་དང་ཡུག་སའི་ཤ་གོས་གང་རུང་། སེ་སྐྱེར་འོམ་གསུམ་གྱི་རྩང་སྟེ་གཉིས་ཀར་ཕུར་སོ་ལྟར་ཟུར་གསུམ་བྱས་པ་མང་ཙམ་རྡོ་རྗེ་རྒྱ་གྲམ་རིས་བྲིས་པའི་ཐེའུ་ལ་ཆ། རྡོ་རྗེ་རྒྱ་གྲམ་བྲིས་པའི་རོ་གཡམ་སམ། རབ་ཆད་ཀྱི་རང་འཐག་ལ་རི་རབ་གླིང་བཞི་བྲིས་པ་སོགས་དགོས་པའི་ཡོ་བྱད་རྣམས་ཚང་བར་བཤམས་པའོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ནི། ལས་གཞུང་བཀའ་བརྒྱད་ལྟར་ན། ལས་བྱང་། གཏེར་སྲུང་། མཆོད་བསྐང་། ཚོགས་ལས་སྔོན་དུ་བཏང་། གསེར་སྐྱེམས་གཟུ་དཔང་ནས་སྲི་རབ་ལ་འཇུག་ཚེ་བདག་ལས་བྱང་གི་གཞུང་བསྲང་ཛབ྄་བཟླས་ནས། ཡ་མཱནྟ་ཀ་གསན་ཅིང་དགོངས་སུ་གསོལ། །སོགས་བཟོད་གསོལ་ནས། ཚོགས་ལྷག་མ་སོང་ནས། བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ། །སོགས་ཆད་མདོ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སོགས་གསེར་སྐྱེམས་སམ། བཀའ་དྲིན་འཁོར་མེད་རྡོ་རྗེ་སློབ་དཔོན་དང་། །སོགས་མཁྱེན་གསོལ་གཟུ་དཔང་བསྐྱེད། དེ་ནས་མནན་པའི་གཟེར་ཁ་ལས༑ མནན་པའི་ལས་དངོས་བསྟན་པ་ལ། སྔོན་གྱི་བྱུང་ཚུལ་བསྟན་པ། བར་དུ་མནན་ཚུལ་བསྟན་པ། ཐ་མར་གནོན་ཚུལ་བསྟན་པ་དང་གསུམ་ལས། དང་པོ་བྱུང་ཚུལ་ནི་ཞེས་གསུངས་པ། ཀྱཻ༔ སྲི་ཡུལ་གླིང་དགུ་བྱ་བ་ན༔ སྲི་མཁར་ཐོད་པ་དགུ་བརྩེགས་ན༔ དང་པོ་སྲི་ཡི་མེས་པོ་ནི༔ གནམ་སྲི་གལ་དང་གོལ་བ་ཡིན༔ ས་ཡི་ཆ་མ་ཆོད་དགུ་ཡིན༔ དེ་གཉིས་བྱུང་བའི་བྱུང་ཚུལ་ནི༔ ཡ་མ་དམ་སྲི་ཞེས་བྱ་བ༔ སྔོན་ཚེ་དམ་ཚིག་ཉམས་ལས་སྐྱེས༔ སྲི་མོ་མ་དེས་དགུ་ཤོར་ཏེ༔ སྔོན་ཚེ་ལྟ་བ་ལོག་ལས་སྐྱེ༔ དེ་གཉིས་སྲི་རུ་ལངས་པ་ཡིན༔ ཕ་གནམ་གྱི་བྱ་ནག་གཤོག་ཆགས་དང་༔ མ་ས་ཡི་བྱི་བ་ཁྲ་མོ་གཉིས༔ དེ་གཉིས་སྲེད་ཅིང་སྤྲུལ་པ་ལས༔ སྲིད་པའི་སྒོ་ང་བཅུ་གསུམ་བྱུང་༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་སྤྱང་ཀིའི་མགོ་ཅན་བྱུང་༔ གནས་པ་རི་བོའི་རྩེ་ལ་གནས༔ ཟ་བ་སྐྱེས་པ་ཕོ་ལ་ཟ༔ མིང་ནི་ཕོ་སྲི་རལ་ཅན་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་རྔ་མོང་མགོ་ཅན་བྱུང་༔ གནས་པ་རྒྱ་མཚོའི་གཏིང་ན་གནས༔ ཟ་མ་མོ་ཡི་སྲི་ལ་ཟ༔ མིང་ནི་མོ་སྲི་ཟ་བྱེད་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་སྲེ་མོང་མགོ་ཅན་བྱུང་༔ གནས་པ་ལམ་གྱི་འོག་ན་གནས༔ ཟ་བ་བྱིས་པ་ཆུང་ལ་ཟ༔ མིང་ནི་ཆུང་སྲི་ཕུང་བྱེད་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་ཁྱུང་གི་མགོ་ཅན་བྱུང་༔ གནས་ནི་བདུད་རིའི་རྩེ་ལ་གནས༔ ཟ་བ་མོ་ཡི་སྲི་ལ་ཟ༔ མིང་ནི་བདུད་སྲི་ནག་པོ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་འུག་པའི་མགོ་ཅན་བྱུང་༔ གནས་པ་བཙན་གྱི་རི་ལ་གནས༔ མིང་ནི་བཙན་སྲི་དམར་པོ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་བྱ་ཕོའི་མགོ་ཅན་བྱུང་༔ གནས་པ་ལྷ་ཁང་ནང་ན་གནས༔ མིང་ནི་རྒྱལ་སྲི་དཀར་པོ་ཟེར། གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་ཕག་གི་མགོ་ཅན་བྱུང་༔ གནས་པ་ལུང་གསུམ་མདོ་ན་གནས༔ མིང་ནི་དམ་སྲི་ཕུང་བྱེད་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་སྦྲུལ་གྱི་མགོ་ཅན་བྱུང་༔ གནས་པ་རྒྱ་མཚོའི་གཏིང་ན་གནས༔ མིང་ནི་ཀླུ་སྲི་སྔོན་པོར་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་གཡག་གི་མགོ་ཅན་བྱུང་༔ གནས་པ་དགྲ་བོའི་མཚམས་ན་གནས༔ མིང་ནི་དགྲ་སྲི་དར་མ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་ཤ་བའི་མགོ་ཅན་བྱུང་༔ གནས་པ་མཚོན་གྱི་རྩེ་ལ་གནས༔ མིང་ནི་གྲི་སྲི་ངན་པ་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་ཝ་ཡི་མགོ་ཅན་བྱུང་༔ གནས་པ་མཆོད་པའི་སྟེང་ན་གནས༔ མིང་ནི་རྒན་སྲི་རལ་ཅན་ཟེར༔ གཅིག་ནི་བརྟོལ་བའི་ནང་ཤེད་ན༔ མི་ལུས་རྟ་ཡི་མགོ་ཅན་འབྱུང་༔ གནས་པ་རི་གུའི་མགོ་ལ་གནས༔ མིང་ནི་སྐྱེས་པའི་བྱེས་སྲི་ཟེར༔ སྐྱེས་པ་བྱེས་སུ་སོང་བའི་ཚེ༔ གཏམ་ངན་ཡུལ་དུ་སླེབ་པ་དང་༔ རྟ་ཕོ་བྱེས་སུ་སོང་བའི་ཚེ༔ སྒ་སྟན་ཁྱེར་ནས་ཡོང་བའི་སྲི༔ གཅིག་ནི་བརྟོལ་བའི་ནང་ཤེད་ནས༔ མི་ལུས་ར་ཡི་མགོ་ཅན་བྱུང་༔ གནས་པ་ར་བའི་ཕུག་ན་གནས༔ མིང་ནི་གོད་སྲི་བྱན་མོ་ཟེར༔ ཕྱུགས་ལུག་ར་བ་སྟོང་པའི་སྲི༔ དེ་དག་སྲི་ཡི་བྱུང་ཚུལ་ཡིན༔ གཉིས་པ་ནི། དེ་ནས་སྲི་ཡི་མནན་ཚུལ་ནི༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ སྲི་ཅན་གནོན་དུ་བྱོན་པའི་ཚེ༔ སྲི་ཅན་འཁོར་དང་བཅས་པ་ཡི༔ ཟངས་ཞུ་དགུ་ནི་མགོ་ལ་གྱོན༔ སླ་ང་དགུ་ནི་བྲང་ལ་བཀབ༔ འབྲིང་ཞགས་དགུ་ནི་སྐེ་ལ་བཅིང་༔ སྟ་རེ་དགུ་ནི་སྐེད་ལ་བཙུགས༔ ཕྱོགས་རྣམས་ཀུན་ཏུ་ཕྱིན་པ་ལས༔ སློབ་དཔོན་པདྨ་འབྱུང་གནས་དང་༔ འགྱུར་མེད་ཐང་ལ་ཐུག་སྟེ་འཕྲད༔ སྲི་ཅན་ནང་ནས་གདོང་དྲག་པའི༔ སྲི་ལྕམ་དྲ་མ་བྱ་བ་དེ༔ སྐད་ཅིག་ཉིད་ལ་བྲོས་ལ་ཤོར༔ སྲི་ཅན་སྤུན་དགུའི་ལྕམ་ཅིག་མ༔ དེ་ཡི་མཆོད་ནས་འདི་སྐད་ཟེར༔ སློབ་དཔོན་ཆེན་པོ་ཚུར་གསོན་དང་༔ ང་ནི་སྲི་ལྕམ་དྲ་མ་ཡིན༔ མིང་པོ་སྲི་ཅན་སྤུན་དགུ་ཡིན༔ ང་ཡི་ཕ་མ་འཁོར་དང་བཅས༔ སྐྱེ་འགྲོ་ཀུན་གྱི་སྲི་རུ་ཆེ༔ ཁྱེད་ཧབ་ཀྱིས་ཟའི་ཧུབ་ཀྱིས་འཐུང་༔ དེ་སྐད་ཙམ་ཞིག་ཟེར་བ་དང་༔ སློབ་དཔོན་ཆེན་པོས་འདི་ལྟར་གསུངས༔ ང་ནི་ཁྱོད་ཀྱིས་ཐུབ་པའི་གང་ཟག་མིན༔ ལྟ་སྒོམ་སྤྱོད་པ་འབྲས་བུར་ལྡན༔ སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས༔ ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ༔ ཁྱོད་འཁོར་དང་བཅས་པ་ཐམས་ཅད་ཀུན༔ ང་ཡི་འཁོར་གཡོག་བྲན་དུ་བྱས༔ དེ་སྐད་གསུངས་པས་སྲི་མོ་བྲོས། །དེ་ནས་སློབ་དཔོན་ཆེན་པོ་ཡི། སྔགས་དང་ཕྱག་རྒྱས་བཅིངས་ནས་བཀུག །ངག་ཏུ་ཡང་ནི་འདི་སྐད་བརྗོད། །ཀྱེ། སྲི་ཅན་འཁོར་བཅས་འདིར་ཤོག་ཅིག །དེ་རིང་ཙམ་ལས་དགའ་བ་མེད། འདི་ན་རིན་ཆེན་གཞལ་ཡས་ཁང་། །མཐོང་བ་ཙམ་གྱིས་སྤྲོ་བ་བསྐྱེད། །དགའ་ཞིང་བྲོད་པས་གནས་འདིར་ཤོག །སྲི་ཅན་རྒོད་ཅིང་འདུར་ཞིང་ཤོག །གླུ་ལེན་བྲོ་བརྡུང་ཡོད་པས་ཤོག །རི་རབ་ཙམ་གྱི་ཟས་ཀྱང་ཡོད། །རྒྱ་མཚོ་ཙམ་གྱིས་སྐོམ་ཡང་ཡོད། །ཤ་གསུར་དུད་པ་སྣོམ་དུ་ཤོག །འཇའ་ཚོན་ལུས་ལ་གྱོན་དུ་ཤོག །འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག །སྐྱོ་མ་བལ་སྐྱོ་འདག་ཏུ་ཤོག །ལྷ་ཡི་གཞལ་ཡས་བལྟ་རུ་ཤོག །དུང་ཁང་ནང་དུ་ཉལ་དུ་ཤོག །གསེར་ཟན་ཁམས་སུ་ཟ་རུ་ཤོག །དེ་སྐད་ཙམ་ཞིག་གསུངས་པ་དང་། །ལས་ཀྱི་དབང་གི་སྲི་ཅན་རྣམས། །རང་དབང་མེད་པར་མདུན་དུ་བཀུག །ཕྱག་རྒྱ་ཆེན་པོས་ཟིལ་གྱི་མནན། །དུས་དང་གནས་སྐབས་དེ་ཙམ་ན། །སྲི་མོ་བྱ་བའི་ལས་ངན་དེ། །གཉིད་དུ་སོང་བའི་རྨི་ལམ་དུ། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ། །རྨི་ལམ་མི་ངན་རྨི་ལམ་བཟང་། །རྟ་ནག་གཅིག་ལ་ཞོན་པ་རྨིས། །ཐང་ནག་གཅིག་ལ་ཕྱིན་པ་རྨིས། །གསེར་ཟན་ཁམས་སུ་ཟོས་པ་རྨིས༑ །སྐྱོ་མ་བལ་སྐྱོ་འདག་པ་རྨིས། །དངུལ་དཀར་མེ་ལོང་བལྟས་པ་རྨིས། །དུང་ཁང་ནང་དུ་ཉལ་བ་རྨིས། །ལུས་ལ་འཇའ་ཚོན་ཤར་བ་རྨིས། །གཡས་སུ་ཐོག་ཅིག་བབ་པ་རྨིས། །གཡོན་དུ་འབྲུག་ཅིག་ལྡིར་བ་རྨིས། །བར་དུ་གློག་ཅིག་འཁྱུགས་པ་རྨིས། །གཞལ་ཡས་ཁང་དུ་ཕྱིན་པ་རྨིས། །སྲི་རྨི་ལམ་མཁན་གྱི་བཤད་དུ་གསོལ། །དེ་སྐད་ཙམ་ཞིག་བརྗོད་པ་དང་། །རྨི་ལམ་མཁན་གྱི་ལན་བཏབ་པ། །སྲི་མོ་ལས་ངན་ཚུར་ཉོན་དང་། །དེ་རིང་ཕན་ཆད་སུ་དང་འཕྲད། །སྲི་འདུལ་ཆེན་པོ་ཞིག་དང་མ་འཕྲད་དམ། །རྨི་ལམ་མི་བཟང་རྨི་ལམ་ངན། །གཡས་སུ་ཐོག་ཅིག་བབས་པ་དེ། །རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིན། །གཡོན་དུ་འབྲུག་ཅིག་ལྡིར་བ་དེ། །གསང་བའི་རྔེའུ་ཆུང་ལྡིར་བ་ཡིན། །བར་ན་གློག་ཅིག་འཁྱུགས་པ་དེ། །སློན་དཔོན་ལྕེ་ནི་གློག་ལྟར་འཁྱུགས། །གསེར་ཟན་ཁམས་སུ་ཟོས་པ་དེ། །སྦང་ཟན་ཁམ་གསུམ་ཟ་བ་ཡིན། །སྐྱོ་མ་བལ་སྐྱོ་འདག་པ་དེ། །ཐལ་སྐྱོ་ནུར་མོ་འདག་པ་ཡིན། །འཕྲུལ་གྱི་མེ་ལོང་བལྟ་བ་དེ། །ར་སོག་སྐྱ་མོ་བལྟ་བ་ཡིན། །འཇའ་ཚོན་ལུས་ལ་ཤར་བ་དེ། །བལ་ཚོན་སྣ་ལྔས་བཅིངས་པ་ཡིན། །རྟ་ནག་གཅིག་ལ་ཞོན་པ་དེ། །འགལ་པ་ཁ་ནག་ཞོན་པ་ཡིན། །དུང་ཁང་ནང་དུ་ཉལ་བ་དེ༑ །ཁྱི་ཐོད་སྐྱ་མོར་བཅུག་པ་ཡིན། །གླུ་ལེན་བྲོ་བརྡུངས་བྱེད་པ་དེ། སྔགས་དང་ཕྱག་རྒྱའི་བྲོ་རྡུང་ཡིན། །སྲི་ཅན་ཕོ་མོ་འགུགས་པ་ཡིན། །དེ་སྐད་ཟེར་བ་ཐོས་པ་དང་། །སྲི་མོ་དམ་སྲི་ལས་ངན་དེ། །ལ་དགུ་ལུང་དགུ་བརྒལ་ནས་བྲོས། །སློབ་དཔོན་ཆེན་པོ་པདྨ་ཡིས། །ཕོ་ཉ་མགྱོགས་བྱེད་བསྐུལ་ནས་ནི། །དྲག་པོའི་སྟོབས་ཀྱིས་མྱུར་དུ་འགུགས༑ །ཐར་ས་མེད་པའི་རྒྱ་ཅིག་བཏབ། །དེ་ནས་སྲི་མོས་འདི་སྐད་སྨྲས། །སློབ་དཔོན་ཆེན་པོ་ཚུར་གསོན་དང་། །སྲི་ཅན་བྲོས་ཀྱང་འགུགས་པ་དེ། །དགོས་དོན་ཅི་ཞིག་ཡོད་པ་ཡིན༑ །དེ་སྐད་ཙམ་ཞིག་སྨྲས་པ་ལས། །སློབ་དཔོན་ཆེན་པོས་འདི་ལྟར་གསུང་། །ཁྱོད་སྲི་ཅན་འཁོར་དང་བཅས་པ་ཡི། །འགྲོ་བ་ཀུན་ལ་གནོད་འགལ་བྱས། །ད་ནི་དམ་སྲི་གནོན་པ་ཡིན༑ །སངས་རྒྱས་བསྟན་ལ་གནོད་འགལ་བྱས༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་བྱས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་༔ བསད་ཅིང་མནན་པའི་དུས་ལ་བབས༔ དེ་སྐད་ཙམ་ཞིག་གསུངས་པ་དང་༔ སྲི་མོས་འདི་སྐད་ལན་བཏབ་བོ༔ ཀྱེ་སློབ་དཔོན་ཆེན་པོ་བདག་ལ་གསོན༔ སྤྱིར་མི་རིགས་སུམ་བརྒྱ་དྲུག་ཅུ་ལ༔ སྲི་ཅན་འཁོར་བཅས་མ་གཏོག་པའི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡོད༔ ཡང་བགེགས་སུམ་བརྒྱ་དྲུག་ཅུ་ཡོད༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད༔ ཚེ་རབས་བགྲངས་བའི་ལྷ་འདྲེ་ཡོད༔ ཕྲལ་ལ་གནོད་པའི་རྐྱེན་བགེགས་ཡོད༔ ལས་ཀྱི་དབང་གི་གནོད་འགལ་བྱས༔ དེ་དག་སྲི་ཡི་ལན་པ་མིན༔ བདག་ཅག་སྲི་ཅན་ལན་པ་མིན༔ དུས་ཀྱི་དབང་གི་གནོན་འདོད་ན༔ ཐོད་པའི་ཐོད་རབ་བཤད་ཀྱང་འཚལ༔ མི་རིགས་སུམ་བརྒྱ་དྲུག་ཅུ་ལ༔ ཐོད་བསྡུས་སུམ་བརྒྱ་དྲུག་ཅུ་ཡོད༔ དེ་དག་གང་དང་གང་ལ་ཟེར༔ བཙལ་ཀྱང་མི་རྙེད་ཐོད་གསུམ་ཡོད༔ མནན་པས་མི་ནོན་ཐོད་གསུམ་ཡོད༔ མནན་དུ་མི་རུང་ཐོད་གསུམ་ཡོད༔ མེད་ཐབས་མེད་པའི་ཐོད་གསུམ་ཡོད༔ མནན་མི་དགོས་པའི་ཐོད་གསུམ་ཡོད༔ མགོ་ལས་མ་བྱུང་ཐོད་གསུམ་ཡོད༔ ཤིང་ལས་མ་བྱས་མགལ་གསུམ་ཡོད༔ དེ་དག་གང་དང་གང་ལ་ཟེར༔ འགྲོ་གསུམ་ཐོད་པ་གང་ལ་ཟེར༔ འཛུལ་གསུམ་ཐོད་པ་གང་ལ་ཟེར༔ འཕྱོ་གསུམ་ཐོད་པ་གང་ལ་ཟེར༔ དེ་སྐད་ཙམ་ཞིག་ཟེར་བ་དང་༔ སློབ་དཔོན་ཆེན་པོས་འདི་སྐད་གསུངས༔ བཙལ་ཀྱང་མི་རྙེད་ཐོད་གསུམ་པོ༔ བྱ་ཁྱུང་ཀ་རུའི་ཐོད་པ་དང་༔ སེང་གེ་དཀར་མོའི་ཐོད་པ་དང་༔ གཡུ་འབྲུག་སྔོན་མོའི་ཐོད་པ་ཡིན༔ མནན་པས་མི་ནོན་ཐོད་གསུམ་ནི༔ བཙད་པོ་དར་མའི་ཐོད་པ་དང་༔ བན་བོན་དར་མའི་ཐོད་པ་དང་༔ བྲམ་ཟེ་དར་མའི་ཐོད་པ་ཡིན༔ མནན་དུ་མི་རུང་ཐོད་གསུམ་ནི༔ ཡོངས་ཀྱི་དགེ་བཤེས་ཐོད་པ་དང་༔ དགེ་སློང་ཁྲིམས་ལྡན་ཐོད་པ་དང་༔ རྣལ་འབྱོར་རྟོགས་ལྡན་ཐོད་པ་ཡིན༔ མེད་ཐབས་མེད་པའི་ཐོད་གསུམ་ནི༔ དུ་རུ་ཕག་གི་ཐོད་པ་དང་༔ ཀུ་ཀུ་ར་ཛའི་ཐོད་པ་དང་༔ ཚེ་ཚེ་ར་ཡི་ཐོད་པ་ཡིན༔ མནན་མི་དགོས་པའི་ཐོད་གསུམ་ནི༔ རྒྱ་མོ་སྣ་རིང་ཐོད་པ་དང་༔ ཧོར་མོ་སྤྱི་རིང་ཐོད་པ་དང་༔ མོན་མོ་ནག་མོའི་ཐོད་པ་ཡིན༔ མགོ་ལས་མ་བྱུང་ཐོད་གསུམ་ནི༔ ཕྱག་ཚངས་ཀུ་བའི་ཐོད་པ་དང་༔ བྱ་མོ་ནག་མོའི་སྒོ་ང་དང་༔ ཁམས་པ་ས་ལས་གྲུབ་པ་གསུམ༔ ཤིང་ལས་མ་བྱས་འགལ་གསུམ་ནི༔ ར་རུ་གཉེར་མ་ཅན་དང་གཅིག༔ ལུག་རུ་ཁུག་པ་དེ་དང་གཉིས༔ གཡག་རུ་ལྡིང་བ་དེ་དང་གསུམ༔ ཁྱུང་རྒོད་གླག་གི་ཐོད་པ་གསུམ༔ ལྡིང་གསུམ་ལྡིང་གི་ཐོད་པ་ཡིན༔ ཤ་འགྲོས་རྣ་འགྲོས་རྐྱང་འགྲོས་གསུམ༔ འགྲོ་གསུམ་འགྲོ་ཡི་ཐོད་པ་ཡིན༔ ཝ་འཛུལ་བྱི་འཛུལ་གྲུམ་འཛུལ་གསུམ༔ འཛུལ་གསུམ་འཛུལ་གྱི་ཐོད་པ་ཡིན༔ ཉ་འཕྱོ་སྲམ་འཕྱོ་དུང་འཕྱོ་གསུམ༔ འཕྱོ་གསུམ་འཕྱོ་ཡི་ཐོད་པ་ཡིན༔ དེ་སྐད་ཙམ་ཞིག་གསུངས་པ་དང་༔ ཡང་ཅིག་སྲི་མོས་འདི་སྐད་ཞུས༔ ཀྱཻ༔ སློབ་དཔོན་ཆེན་པོ་ཚུར་གསོན་དང་༔ ལྡིང་གསུམ་ལྡིང་གི་ཐོད་པ་དེ༔ དགོས་ཆེད་གང་དང་གང་ལ་དགོས༔ མེད་ཐབས་མེད་པའི་ཐོད་པ་དེ༔ མེད་ཐབས་གང་དང་གང་ལ་མེད༔ ཚྭ་དང་བུལ་ཏོག་བ་ཚྭ་གསུམ༔ དགོས་ཆེད་གང་དང་ཅི་ལ་དགོས༔ བལ་ཚོན་སྣ་ལྔ་ཅི་ལ་དགོས༔ བ་ར་རྟ་ཡི་འོ་མ་དེ༔ དགོས་པ་གང་དང་གང་ལ་དགོས༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དེ༔ མེད་ཐབས་གང་དང་གང་ལ་མེད༔ གུ་གུལ་དུད་པ་གང་ལ་དགོས༔ སྐྱེར་པའི་ཚེར་མ་ཅི་ལ་དགོས༔ དེ་སྐད་ཙམ་ཞིག་ཟེར་བ་དང་༔ དེ་ནས་སློབ་དཔོན་འདི་སྐད་གསུངས༔ ལྡིང་གསུམ་ཐོད་པས་ལྷ་སྲིན་འདུལ༔ འཕྱོ་གསུམ་ཐོད་པས་བཙན་སྲི་འདུལ༔ འགྲོ་གསུམ་ཐོད་པས་གོད་སྲི་འདུལ༔ འཛུལ་གསུམ་ཐོད་པས་སྒོས་སྲི་འདུལ༔ འཕྱོ་གསུམ་ཐོད་པས་ཚེ་སྲི་འདུལ༔ ར་ཁྱི་ཕག་གསུམ་ཐོད་པ་དེ༔ དམ་སྲིད་འདུལ་ན་དགོས་པ་ཡིན༔སེ་སྐྱེར་འོམ་བུའི་རྩང་རྣོན་དེ༔ དམ་སྲི་གསོད་པའི་མཚོན་ཆ་ཡིན༔ གུ་གུལ་ནག་པོའི་དུད་པ་དེ༔ ལྷ་དང་དབྱེ་ན་དགོས་པ་ཡིན༔ དུག་ཆེན་དུ་བ་བུལ་ཏོག་གསུམ༔ རྫོངས་གསུམ་འདེབས་པའི་རྫས་ཡིན་ནོ༔ བ་ར་རྟ་ཡི་འོ་མ་དེ༔ ཐལ་སྐྱོ་བྱེད་པའི་ཁུ་བ་ཡིན༔ བལ་ཚོན་སྣ་ལྔའི་སྐུད་པ་དེ༔ སྲི་ཅན་འཆིང་པའི་ཐག་པ་ཡིན༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དེ༔ སྲི་ཅན་གནོན་པའི་གཡམ་པ་ཡིན༔ སློབ་དཔོན་ཆེན་པོས་དེ་སྐད་གསུངས༔ སྲི་མོས་ཡང་གཅིག་འདི་སྐད་ཞུས༔ ཕོ་སྲི་ལྡང་ན་གང་ནས་ལྡང་༔ ཕོ་སྲི་བརྫུ་ན་གང་ནས་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ གནོན་པའི་ཐོད་པ་གང་ལ་བྱེད༔ མོ་སྲི་མནན་ན་གང་དུ་མནན༔ མོ་སྲི་ལྡང་ན་གང་ནས་ལྡང་། མོ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་ཡིན༔ གནོན་པའི་ཐོད་པ་གང་ལ་བྱེད༔ མནན་ས་གང་དང་གང་ལ་བྱེད༔ དགྲ་སྲི་ལྡང་ན་གང་ནས་ལྡང་༔ དགྲ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ དགྲ་སྲི་གནོན་པའི་ཐོད་པ་གང་༔ མནན་ས་གང་དང་གང་ལ་བྱེད༔ དུར་སྲི་ལྡང་ན་གང་ནས་ལྡང་༔ དུར་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ དུར་སྲི་གནོན་པའི་ཐོད་པ་གང་༔ མནན་ས་གང་དང་གང་ལ་བྱེད༔ ཕུང་སྲི་ལྡང་ན་གང་ནས་ལྡང་༔ ཕུང་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ ཕུང་སྲི་གནོད་པའི་ཐོད་པ་གང་༔ མནན་ས་གང་དང་གང་ལ་བྱེད༔ གོད་སྲི་ལྡང་ན་གང་ནས་ལྡང་༔ གོད་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ གོད་སྲི་གནོན་པའི་ཐོད་པ་གང་༔ མནན་ས་གང་དང་གང་ལ་བྱེད༔ ཆུང་སྲི་ལྡང་ན་གང་ནས་ལྡང་༔ ཆུང་སྲི་བརྫུ་ན་གང་ནས་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང་༔ ཆུང་སྲི་གནོན་པའི་ཐོད་པ་གང་༔ མནན་ས་གང་དང་གང་དུ་བྱེད༔ དེ་སྐད་ཙམ་ཞིག་ཞུས་པ་དང་༔ སློབ་དཔོན་ཆེན་པོས་འདི་ལྟར་གསུངས༔ ཕོ་སྲི་གངས་དཀར་སྟེང་ནས་ལྡང་༔ བརྫུ་བ་གཡའ་དང་གངས་ལ་བརྫུ། དབྱིབས་དང་ཁ་དོག་དཀར་ལ་འཚེར༔ གནོན་པ་གཡག་རོག་ཐོད་པར་ནོན༔ མནན་ས་གངས་དཀར་སྟེང་དུ་ནོན༔ མོ་སྲི་རྒྱ་མཚོའི་གཏིང་ནས་ལྡང་༔ མོ་བརྫུ་ཁྱི་མོ་ནག་མོར་བརྫུ༔ དབྱིབས་དང་ཁ་དོག་མཐིང་ལ་ནག༔ ཁྱི་མོ་ནག་མོའི་ཐོད་པ་རུ༔ མནན་ས་རྒྱ་མཚོའི་གཏིང་དུ་ནོན༔ དགྲ་སྲི་ལ་བཙས་འོག་ནས་ལྡང་༔ བརྫུ་བ་ལྕགས་ཀྱི་སྤྱང་མོར་བརྫུ༔ དབྱིབས་དང་ཁ་དོག་སྔོ་ལ་སྐྱ༔ སྤྱང་ཀི་སྔོན་པོའི་ཐོད་པར་ནོན༔ མནན་ས་ལ་བཙས་འོག་ཏུ་ནོན༔ དུར་སྲི་དུར་གྱི་སྒབ་ནས་ལྡང་༔ བརྫུ་བ་ཝ་མོ་དར་མར་བརྫུ༔ དབྱིབས་དང་ཁ་དོག་དམར་ལ་སྐྱ༔ ཝ་མོ་དར་མའི་ཐོད་པ་རུ༔ མནན་ས་དུར་གྱི་འོག་ཏུ་ནོན༔ ཕུང་སྲི་གྲོགས་པོའི་ནང་ནས་ལྡང་༔ བརྫུ་བ་རྔ་མོང་གྭ་བ་བརྫུ༔ རྔ་མོང་གྭ་བའི་ཐོད་པ་ནོན༔ མནན་ས་གྲོགས་པོའི་ནང་དུ་ནོན༔ གོད་སྲི་ར་བའི་ཕུག་ནས་ལྡང་༔ བརྫུ་བ་འཕར་སྤྱང་གཉིས་སུ་བརྫུ༔ འཕར་སྤྱང་གཉིས་ཀྱི་ཐོད་པར་ནོན༔ མནན་ས་ར་བའི་ཕུགས་སུ་ནོན༔ ཆུང་སྲི་མལ་གྱི་འོག་ནས་ལྡང་༔ བརྫུ་བ་ཁྱི་གུ་ཕག་གུར་བརྫུ༔ རེས་འགའ་རེའུ་ལུག་གུར་བརྫུ༔ དབྱིབས་དང་ཁ་དོག་གང་ཡང་སྟོན༔ ཆུང་གསུམ་ཐོད་པའི་ནང་དུ་ནོན༔ མནན་ས་མལ་གྱི་འོག་ཏུ་ནོན༔ དེ་ནས་སྲི་ཡི་ལན་མ་ཐེབས༔ དེ་ཚེ་སློན་དཔོན་པདྨ་ཡིས༔ སྲི་རྣམས་མནན་པའི་དུས་ལ་བབས༔ གནམ་གྱི་བྱ་ནག་གཤོག་ཆགས་དེ༔ ཉིན་མོ་ཕོ་བརྒྱའི་ཤ་ལ་ཟཿ ནུབ་མོ་མོ་བརྒྱའི་ཁྲག་ལ་འཐུང་༔ ནང་ནུབ་བྱིས་པ་ཕྱགས་མས་གདབ༔ མ་རྣམས་བུ་དགའ་ཟེར་བ་ལ༔ སྲི་ཅན་རྣམས་ཀྱིས་ཟ་རེས་བབས༔ བུ་དགའ་ཟེར་བའི་གནས་སུ་འབྱུང་༔ ཁྱོད་ཀྱི་ཕ་ཡང་ངས་ཀྱང་ཟོས༔ ད་ཡང་ཁྱོད་ལ་ཟ་རེས་བབས༔ དེ་བས་སྲིང་མོ་ཆུང་མར་གནང་༔ ཟེར་བ་གྱུར་པ་ཐོས་མ་ཐག༔ མིང་པོས་སྲིང་མོའི་ས་རུ་ཕྱིན༔ སྲིང་མོས་ཅི་ཉེས་དྲིས་པ་ལ༔ མིང་པོས་སྔར་གྱི་ལོ་རྒྱུས་བཤད༔ དེ་ནས་སྲིང་མོས་འདི་སྐད་སྨྲས༔ མིང་པོ་དེ་ལ་མ་འཇིགས་ཤིག༔ ངས་ཤིག་དེ་རུ་ཕྱིན་ནས་ཀྱང་༔ ཕ་ཡི་མི་ཤ་བླངས་ཤིག་ཟེར༔ ནང་གྲོས་བྱས་ནས་སྲིང་མོ་ཕྱིན༔ བུད་མེད་གཡོ་དང་ཁྲམ་ཆེ་བས༔ ཆུང་མར་བྱས་ནས་ཁ་བསླུ་བྱས༔ ཅི་ལ་འཇིགས་ཞེས་དྲིས་པ་ལས༔ སྡེ་བརྒྱད་ཡོངས་ལ་ང་མི་འཇིགས༔ ཐོག་རྗེ་བཙན་ལ་ང་མི་འཇིགས༔ བརྔན་པ་བྱིན་ནས་གསོད་དུ་བཅུག༔ ཐོག་རྗེ་བཙན་པོས་འཕྲང་ལ་བསྒུགས༔ འགྱུར་བ་མེད་པའི་སྲི་དང་འཕྲད༔ མདའ་རྒྱབ་དཔྲལ་བའི་དབྱིངས་སུ་ཐེབས༔ ཆུང་མས་ངུ་བརྫུ་རྒྱས་ནས་བརྫུས༔ ཁྱོད་ལ་སུས་བརྒྱབ་མི་འཆི་ཡི༔ ང་ཡི་བློ་ལྟོས་སུ་ལ་འཆའ༔ ཟེར་ཞིང་མཚང་ནས་བྲུས་པ་ལས༔ སྲི་ཡི་བདེན་སྙམ་སྙིང་གཏམ་སྨྲས༔ མ་ངུ་ང་ནི་མི་འཆི་ཡིས༔ བླ་རུ་བྱིའུ་ཆུང་བདུན་ཡོད་པས༔ བྱིའུ་ཆུང་དེ་རྣམས་མ་ཤི་ན༔ ཁོ་བོ་བསད་ཀྱང་འཆི་རེ་ཀན༔ དེ་སྐད་ཟེར་ཞིང་སྙིང་གཏམ་བཤད༔ ཆུང་མས་ཡང་གཅིག་ཁ་རྐུ་བྱས༔ བླ་ཡི་བྱིའུ་ཆུང་བདུན་པོ་དེ༔ གང་ཟ་གང་འཐུང་གང་དུ་ཉལ༔ ཅིར་བརྫུ་འབོད་ན་གང་དུ་འབོད༔ འབོད་པའི་རྫས་ནི་ཅི་ཞིག་ཡིན༔ དེ་སྐད་བྱས་པས་འདི་སྐད་ཟེར༔ བླ་ཡི་བྱིའུ་ཆུང་བདུན་པོ་དེ༔ ཉིན་མོ་གངས་ཀྱི་སྟེང་དུ་ཉལ༔ མཚན་མོ་རྒྱ་མཚོའི་གཏིང་དུ་ཉལ༔ འབོད་ན་རྒྱ་མཚོའི་གཏིང་ནས་འབོད༔ ལྕི་བ་སེར་ཀའི་དུད་པ་དང་༔ མི་རྐང་གླིང་བུའི་སྒྲ་དང་བཅས༔ སྲི་སྐད་ལན་གསུམ་བོས་ནས་སོང་༔ དེ་ལྟར་བྱས་ནས་ནམ་ཕྱེད་ན༔ ཡོང་ངོ་བྱས་ཏེ་རྩོལ་བ་བྱས༔ རིན་པོ་ཆེའི་བྱིའུ་ཆུང་བདུན༔ རྒྱ་མཚོ་དེའི་འགྲམ་དུ་བྱུང་༔ ཡས་བཟུང་དེ་ནི་མགོ་ནས་བཟུང་༔ མས་བཟུང་དེ་ནི་རྐང་ནས་བཟུང་༔ ར་ཁྱི་ཕག་གསུམ་ཐོད་པར་བཅུག༔ བལ་ཚོན་སྣ་ལྔས་རྒྱ་ཆིང་བྱས༔ རྡོ་རྗེ་རྒྱ་གྲམ་འོག་ཏུ་མནན༔ དེ་རུ་སྲི་ཡི་བླ་ཞིག་བསད༔ དེ་བྱས་དེ་ཐུབ་གནོན་པ་ཡིན༔ ཞེས་པའི་བར་སྲི་རབ་ཀྱི་ཚུལ་དུ་གཏོང་༔ དེའི་འཕྲོས་ལས་གཉིས་པ་བར་དུ་གནོན་ཚུལ་བསྟན་པ་ནི༔ དང་པོར་གཟུགས་བཅའ་བ༔ བར་དུ་དགུག་གཞུག་བྱ་བ། ཐ་མ་མནན་པ་བྱ་བ་དང་གསུམ་དུ་བཤད་པ་ནི། གཟུགས་བཅའ་བ་སྔོན་དུ་སོང་ཟིན་ཏེ༔ གཉིས་པ་དགུག་གཞུག་བྱ་བའི་སྔོན་དུ། མནན་པའི་གཟེར་ཁ་ལས། ཕོ་ཉས་དགུག་པར་གསུངས་པས། ཧཱུྃ༔ དཔལ་ཆེན་སྲི་འདུལ་ཆེན་པོ་ནི༔ འཇམ་དཔལ་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་བཞེངས་ཟིལ་གནོན་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས་མཛོད་ཅིག༔ སྦྱོར་སྒྲོལ་དབྱིངས་ཡུམ་མ་གསུམ་བཞེངས༔ སྲི་ངན་འགུགས་པའི་ལས་མཛོད་ཅིག །དེ་བཞིན་དུ་འདི་མན་འགྲེས། བཀའ་བརྒྱད་ཀྱི་མཚན་བསྒྱུར། ཡེ་ཤེས་བཞི་ཡི་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའིྎ གྱད་གནོན་སྤྲུལ་པ་ལྷ་བརྒྱད་བཞེངས༔ སྲི་ངནྎ སྐུ་སྤྲུལ་འཆི་བདག་ཡབ་ཡུམ་བཞེངས༔ སྲི་ངནྎ གསུང་སྤྲུལ་སྲོག་བདག་ཡབ་ཡུམ་བཞེངས༔ སྲི་ངནྎ ཐུགས་སྤྲུལ་ཚེ་བདག་ཡབ་ཡུམ་བཞེངས༔ སྲི་ངནྎ གསང་བའི་གཤེད་བཞི་ཡབ་ཡུམ་བཞེངས༔ སྲི་ངནྎ ནང་གཤེད་ཡབ་ཡུམ་བརྒྱད་པོ་བཞེངས༔ སྲི་ངནྎ ཡང་སྤྲུལ་ཕྱི་གཤེད་ཡབ་ཡུམ་བཞེངས༔ སྲི་ངནྎ ཉིད་སྤྲུལ་ཟླ་གཤེད་བཅུ་གཉིས་བཞེངས༔ སྲི་ངནྎ ཞག་གཤེད་སུམ་ཅུ་རྩ་གཉིས་བཞེངས༔ སྲི་ངནྎ སྒོ་བཞིའི་སྒྲོལ་གིང་འཁོར་བཅས་བཞེངས༔ སྲི་ངནྎ ཟ་མའི་གཤེད་ཆེན་དྲུག་ཅུྎ སྲི་ངནྎ གཤིན་རྗེ་བདུན་བརྒྱ་ཉི་ཤུྎ སྲི་ངནྎ ལས་གཤེད་ཕོ་ཉ་འཁོར་བཅས་བཞེངས༔ སྲི་ངན་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འཇམ་དཔལ་སྒྲུབ་ཆེན་བཀའ་བརྒྱད་ལྷ་ཧེ་རུ་ཀ༔ ཤིན་ཏུ་ཁྲོས་ནས་ཕུང་སྲི་འགུགས་པའི་ཕྱིར༔ གཤིན་རྗེའི་ལས་བྱེད་ཐམས་ཅད་ཕོ་ཉར་འགྱེད༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཕྲོ༔ ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འགྱེད༔ དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབས༔ ཐམས་ཅད་ཁྲོས་པའི་ང་རོ་འབྲུག་ལས་ཆེ༔ རྒྱུག་པའི་ཤུགས་ནི་བར་སྣང་འཁྱུགས་ལས་མྱུར༔ གཏུམ་པའི་བརྗིད་ནི་གནམ་ས་འཕར་ཞིང་ལྡེག༔ ཡིད་ལ་གནག་པའི་དགྲ་བགེགས་གར་འདུག་མཁྱེན༔ ལྕགས་ཀྱུའི་སྙིང་ཟུངས་ཞགས་པས་སྐེ་ནས་ཆིངས༔ ལྕགས་སྒྲོག་གིས་སྡོམས་དྲིལ་བུས་མཉེས་བཞིན་དུ༔ ལས་ཀྱི་རླུང་དམར་འཚུབ་པའི་ཁར་སྐྱོན་ལ༔ གཟུགས་བྱང་འདི་ལ་བསྟིམ་པའི་དུས་ལ་བབས༔ ེ་རིང་ཤམ་བུར་འདི་བཏག་བཟླ། གནོད་བྱེད་ཕུང་སྲི་ཨ་ཀརྵ་ཡ་ཛཿ གནོད་བྱེད་ཕུང་སྲི་ཨ་ཡུརྫྙཱ་ན་ཨ་ཀརྵ་ཡ་ཛཿ གནོད་བྱེད་ཕུང་སྲི་ཏྲི་ཡ་ནི་ཨ་ཀརྵ་ཡ་ཛཿ གནོད་བྱེད་ཕུང་སྲི་རཱུཔ་སྐནྡྷ་ཨ་ཀརྵ་ཡ་ཛ་ཛཿ པྲ་ཝེ་ཤ་ཡ་ཕཊ྄ཿ ལིངྒའི་ཁོག་ཕྱེར་དེར་བསྟིམ་ཕྱིར། ཨ་ཝེ་ཤ་ཡ་ཨཱ༔ དེ་ནས་བྲུབ་ཁུང་བསྐྱེད་པ་ནི། ཨེ་ལས་བྲུབ་ཁུང་འདི་ཉིད་གནམ་ལྕགས་ཀྱི་ཁང་སྒྲོམ༔ ལས་ཀྱིས་གཤིན་རྗེའི་བཙོན་ཁང་། ངམ་ནག་ལ་གཏིང་རིང་བ༔ དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སླེབ་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་འབར་བ༑ གཏི་མུག་གི་མུན་པ་གཏིབ་པ། ང་རྒྱལ་གྱི་བྲག་རིས་གཏམ་པ། ཕྲག་དོག་གི་རླུང་དམར་འཚུབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། དུག་དང་ནད་ཐམས་ཅད་ཀྱི་ན་བུན་འཐིབས་པ་ཅིག་ཏུ་གྱུར། ལིངྒ་བསྐྱེད་པ་ནི། དེའི་ནང་དུ་ཏྲི་ལས་ཕུང་སྲི་ནག་ལ་ཧཾ་པ། སྔོ་ལ་རིད་པ། ཤིན་ཏུ་ཉམ་ཐག་པ། གན་རྐྱལ་དུ་བསྒྱེལ་བ་མིག་ཤི་མིག་ཏུ་ལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་ཏུ་གྱུར། དགུག་གཞུག་བྱ་བ་ནི། ལྕི་བ་སེར་ཀ་མ། ར་ཤའི་ར་ཚིལ། མི་རྐང་རྟ་རྐང་རྣམས་མེ་ལ་བསྲེགས་པའི་གསུར་དུད་དང་བཅས་ཏེ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་༑ ཆོས་ཀྱི་བཀའྎ དགེ་འདུན་གྱིྎ ཁྲོ་བོའི་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད་པོ་ཕྱག་རྒྱ་ཟིལ་གནོན་གྱི་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བཀའྎ བདེན་པ་ཆེན་པོ་འདི་ཡི་བྱིན་གྱིས་བརླབས་ཀྱི། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བསྒྲུབ་པ་ལ་བར་དུ་གཅོད་པ། ཕུག་གི་སྲིས་ལ་ཟ་བ། མི་དང་ཕྱུགས་ཀྱི་སྲིད་ལ་རྐུ་བར་བྱེད་པའི་དམ་སྲི། ཕུང་སྲི། ཆེ་སྲི། ཆུང་སྲི། དུར་སྲི་དགྲ་སྲི་གོད་སྲི་ཕོ་མོ་གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉ་ཧོ་དཀར་བྱང་དུ་བྲིས་པ་འདི་ལ། ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག ལྕགས་སྒྲོག་ཅན་རྣམས་ཀྱིས་སྡོམས་ཤིག དྲིལ་བུ་ཅན་རྣམས་ཀྱིས་མཉེད་ཅིག ལན་གསུམ་བྱས་ལ། ན་མོ༔ རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ ཕྱག་རྒྱ་ཟིལ་གནོན་བདེ་གཤེགས་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ མ་ལུས་བཀའ་ཡི་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ། ཕྱག་རྒྱ་ལྷ་སྔགས་ཏིང་འཛིན་མཐུས། །བརྟན་འགྲོགས་གནོད་བྱེད་དགྲ་བོ་དང་། །དམ་སྲི་འབྱུང་པོ་གདོན་གྱི་རིགས། །ཁྱད་པར་བདུད་པོ་ཐོད་ཕྲེང་དང་། །མ་བདུད་གར་དབང་གཉིས་ཚོགས་བུ། །རྒྱལ་བློན་ཡུལ་ཁམས་ཕུང་བའི་སྲི། །དམ་སྲི་དགྲ་སྲི་གོད་སྲི་དང་། །སྒོས་སྲི་ཆུང་སྲི་དུར་གྱི་སྲི༑ །གཡལ་མོའི་གོད་སྲི་སྟོང་པའི་སྲི། །ཆེ་ཆུང་ཞང་ཚ་རྗེ་ཁོལ་སྲི། །མ་བུ་ཕུ་ནུ་ལྕམ་དྲལ་སྲི། །ཡོད་མེད་སྲི་སོགས་སྲི་ངན་གྱི། །བླ་སྲོག་རྣམ་ཤེས་རྟེན་འདི་ལ། །ཁུག་ཆིངས་སྡོམས་མྱོས་ལྷ་དང་དབྱེ། །དབྱེར་མེད་ངོ་བོ་ཅིག་ཏུ་གྱུར། །མནན་པའི་གཟེར་ཁ་ལྟར། ཆེ་སྲི་ཆུང་སྲི་དགྲ་སྲི་གོད་སྲི་ཕུང་སྲི་དུར་སྲི་མེ་སྲི། ཆུ་སྲི། མཚོན་སྲི། དམ་སྲི་ལ་སོགས་པའི་སྲི་རིགས་ཐམས་ཅད་སྐད་ཅིག་ལ་ཛཿཛཿ ཞེས་ཀྱང་བརྗོད། སྐབས་འདིར་མཛེས་རྒྱན་དུ་རིན་ཆེན་ཀུན་འདུས་ལྟར། སྲི་མོ་དགའ་ཡིན་དགའ་ཡིན་ཤོག །སྲི་མོ་རྒོད་ཀྱིན་རྒོད་ཀྱིན་ཤོག །ལྕམ་མོ་འདུར་གྱིན་འདུར་གྱིན་ཤོག །དོ་ནུབ་ཙམ་ལས་དགའ་བ་མེད་དོ་ཤོག༔ དོ་ནུབ་ཙམ་ལས་གཞའ་བ་མེད་དོ་ཤོག༔ དགའ་བོ་གཞའོ་ཡོད་དོ་ཤོག༔ བྲོ་བརྡུང་གླུ་ལེན་བྱེད་དུ་ཤོག༔ རི་རབ་ཟས་སུ་ཟའོ་ཤོག༔ རྒྱ་མཚོ་སྐོམ་དུ་འཐུང་དུ་ཤོག༔ འཇའ་ཚོན་ལུས་ལ་གྱོན་དུ་ཤོག༔ འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག༔ དུང་ཁང་ནང་དུ་འཛུལ་དུ་ཤོག༔ གཞལ་ཡས་ཁང་ལ་བལྟ་རུ་ཤོག༔ སྤོས་ཀྱི་དུད་པ་བསྣམ་དུ་ཤོག༔ གསུར་གྱི་དུད་པ་བསྣམ་དུ་ཤོག༔ སྲི་ཤ་ཁམ་གཅིག་ཟ་རུ་ཤོག༔ སྲི་ཟན་ཆང་ཅིག་ཟ་རུ་ཤོག༔ སྲི་ཆང་ཧུབ་ཅིག་འཐུང་དུ་ཤོག༔ སྲི་ཡོས་སུན་ཅིག་འགམ་དུ་ཤོག༔ དེ་ནས་བླ་འགུག་པའི་སྔགས་ནི། ༈ སྲི་མཱ་ར་ཡ་མཱ་ར་ཡ་ཤོག༔ སརྦ་ཛ་ཏྲི་ནི་ཛ་ཤོགཿ སྲི་མོ་གུཾ་གུཾ་ཤོག༔ ཀ་ཏྲི་ནི་ཛ་ཤོག༔ ཤནྟྲི་ནི་ཛ་ཤོག༔ ན་ཏྲི་ནི་ཛ་ཤོག༔ སུ་ཏྲི་ནི་ཛ་ཤོག༔ དུ་ཏྲི་ནི་ཛ་ཤོག༔ སྲི་མོ་གུཾ་གུཾ་ཤོག༔ སྲི་མཱ་ར་ཡ་ཤོག༔ ཨོཾ་ཡ་མཱནྟ་ཀ་སྲི་ངན་ཛཿཧཱུྃ་བཾ་ཧོ༔ སྲི་ངན་གྱི་བླ་ཤ་རེ་མ་ཏི་འགྲིམས་འགྲིམས༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག་ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོ༔ ཞེས་བླ་འགུགས་ཀྱི་སྔགས་བཟླ། དེ་ལྟར་དགུག་ཞུགས་དང་བླ་དགུག་གི་སྔགས་འདི་སྤེལ་ལ་འབུང་། དེ་ཡང་ལན་རེར་སྔགས་བརྒྱ་ཕྲག་མང་པོའམ་གང་འགྲུབ་བྱས་ལ། ཡང་དགུག་གཞུག་བྱེད་པ་ཡིན། དེ་ལྟ་བུ་ལན་གྲངས་བདུན་ནམ་གསུམ་སོགས་བྱེད་པ་ཡིན། འདི་དུས་སྲི་འགུག་པའི་དམིགས་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོག་པ་མང་པོ་དཔག་ཏུ་མེད་པ་སྤྲོས། སྲི་ཡུལ་གླིང་དགུ་རི་བོའི་རྩེ། རྒྱ་མཚོའི་འགྲམ་སོགས་སྲི་རིགས་སོ་སོའི་གནས་ཡུལ་རྣམས་དང་། ཁྱད་པར་གང་དམིགས་ཀྱི་སྲིའི་གནས་ཡུལ་ཐམས་ཅད་གང་བྲོས་ས་མེད་པ་སྲུང་འཁོར་གྱི་ར་བས་བསྐོར། ཕོ་ཉ་ལྕགས་ཀྱུ་ཅན་རྣམས་ཀྱིས་དབང་མེད་དུ་བཀུག ཞགས་པ་ཅན་རྣམས་ཀྱིས་དམ་པོར་བཅིངས། ལྕགས་སྒྲོག་ཅན་རྣམས་ཀྱིས་འགུལ་མི་ཤེས་པར་བསྡམས། དྲིལ་བུ་ཅན་རྣམས་ཀྱིས་དྲན་མེད་དུ་མྱོས་སུ་བཅུག སྐད་ཅིག་རང་དབང་མེད་པར་བྱིའུ་ཁྲས་དེད་པ་ལྟར་བྱུང་བ་གཟུགས་རྟེན་རྣམས་དང་གཉིས་མེད་དུ་འདྲེས། བཅིངས། བརྟེན་པར་བསམ་པ་རྩེ་གཅིག་ཏུ་དམིགས། འདི་ལ་ཁུག་རྟགས་མ་བྱུང་བར་དུ་དགུག་པ་ཁོ་ན་གལ་དུ་ཆེ་ལ་འགུགས་པ་ལ་ཡང་ཚིག་སྔགས་ཙམ་གྱིས་ཁུག་པར་མི་འགྱུར་བའི། ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་གལ་དུ་ཆེ་ཞེས། རང་ཉིད་ལྷའི་བསྐྱེད་རིམ་གྱི་ང་རྒྱལ། ཕོ་ཉ་སྤྲོ་འགུགས་ཀྱི་གསལ་སྣང་དེ་དག་ཀྱང་ཏིང་འཛིན་ཡེ་ཤེས་ཀྱི་འཁོར་ལོས་ཟིན་པ། ལྷག་པར་རང་ཉིད་ནུས་སྟོབས་ཀྱིས་གདུག་པ་ཅན་དེ་རྣམས་ཡིད་གཡོ་བར་མི་ནུས་པའི། སྐྱབས་ཡུལ་རྣམས་ལ་གསོལ་བ་འདེབས་པ་གནད་དུ་ཆེ་བར། རང་འདོད་ཤ་སྟག་མ་ཡིན་པའི་སྙིང་རྗེའི་སེམས་བསྐྱེད། མོས་པའི་གདུང་བ་བཅས། དཀོན་མཆོག་རྩ་གསུམ་ལ་གསོལ་བཏབ་ཐུགས་རྗེ་ནུས་རྩལ་བདེན་པའི་སྟོབས་ཀྱིས་དཔུང་གྲོགས་རྒྱབ་བརྟེན་དང་བཅས་པས། གནོད་བྱེད་ཐམས་ཅད་མི་ཡོང་དབང་མེད་དུ་བསམ་པ་གཅིག་དྲིལ་དུ་བྱའོ། །རྩ་བར་སྲི་རྣམས་ཁུག་སྟེ་བྲེད་ནས་སློབ་དཔོན་ལ་ཕྱག་བྱས་པར་བསམ་ལ། སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ༔ བདེ་ཆེན་འདུ་འབྲལ་མེད་པའི་ཐུགས༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ༔ ལུས་ངག་ཡིད་གསུམ་ཕྱག་བགྱིད་དོ༔ དེའི་ལན་དུ། ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ དུས་འདི་ཉིད་དུ་སྲི་རྣམས་བྱུང་༔ རྣལ་འབྱོར་ང་ཡི་གཤེད་མར་བྱུང་༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱི༔ གསང་བའི་གནས་འདིར་འདུས་འཚོགས་ཤོག༔ ཏྲི་བཛྭ་ཨངྐུ་ཤ་ཛཿཛཿ གནོད་པར་བྱེད་པའི་ཕུང་སྲི་འདི༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ དུས་འདི་ཉིད་དུ་སྲི་རྣམས་བྱུང་༔ སངས་རྒྱས་བསྟན་པ་འདི་ཡི་བཤིག༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་ཕྲོགས༔ ཡོན་མཆོད་རྣམས་ལ་གནོད་པའི་བགེགས༔ སྡང་བའི་དགྲ་དང་གནོད་པའི་སྲི༔ སྐད་ཅིག་ཙམ་གྱི་འདུལ་བའི་ཕྱིར༔ གྲུ་གསུམ་འབར་བ་འདིར་གསོལ་ཞིག༔ ད་ལྟ་ཉིད་དུ་མཆིས་པར་གྱུར༔ ནོར་གྱི་དོགས་ནས་མིང་རུས་བྲིས༔ བརླག་གིས་དོགས་ནས་ལིང་གར་བྱས༔ ཟག་གིས་དོགས་ནས་ཐོད་པར་བཅུག༔ ཁྱོད་ཀྱི་རྡུལ་བརླག་བྱ་བའི་ཕྱིར༔ ད་ལྟ་ཉིད་དུ་འདིར་སོང་ཞིག༔ ཡང་། ན་མོ༔ རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ ཞེས་པ་ནས་སྔ་མ་ལྟར། ད་ལྟར་ཉིད་དུ་འདིར་སོང་ཞིགཿ ཞེས་པ་འདི་ཡན་ལན་གཅིག་བསྐྱང་ལ། ༈ ཡོད་མེད་སྲི་སོགས་སྲི་ངན་དང་༔ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ སྙིང་ནས་ཁུགས་ཅིག་བཛྭ་ཨཾ་ཀུ་ཤ་ཛཿ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ སྐེ་ནས་ཆིངས་ཤིག་བཛྭ་པཱ་ཤ་ཧཱུྃ༔ ཕུང་སྲིྎ ཡན་ལག་སྡོམ་ཤིག་བཛྭ་ཀྵྨྱོ་ཊ་བཾ༔ ཕུང་སྲིྎ མྱོས་པར་གྱིས་ཤིག་བཛྭ་གྷཎྜྻེ་ཧོ༔ གུ་གུལ་གྱིས་འདུག་ཅིང་ཐུན་རྫས་རྣམས་ཀྱི་བྲུབ་ཁུང་དུ་རྡེག་ཚུལ་ཚིག་དང་བསྟུན་ཏེ། ཛཿ གུ་གུལ་སྦྱར་བས་སྲི་བདུག་པས༔ གནོད་པ་སྲི་མི་རྫུ་འཕྲུལ་ཉམས་པར་ཤོག༔ ཆང་དང་དུག་ཁྲག་སྣ་ཚོགས་པ༔ དྲག་པོའི་དམར་གཏོར་མཚོན་དབལ་བརྡར༔ ལྕགས་ཟངས་མཁར་གོང་སྐྱེ་ཚེ་དང་༔ དཀར་ནག་ཡུངས་ཐུན་གྱིས་བྲབ་པས༔ གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག༔ ཨོཾ་སརྦ་ཛ་ཏྲི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཤནྟྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་དནྟྲི་ནི་ཀུཾ་གུཾ་ཛ་ཛ་ཛཿཧཱུྃ༔ ཞེས་བཟླས་པ་འདིར་ནན་ཏན་དུ་བྱའོ། །སྔགས་འདིར་འདྲ་མིན་མང་ཀྱང་ཕུར་ལུགས་ལྟར་བཀོད་པ་ཡིན༑ མནན་པའི་གཟེར་ཁ་ལྟར་ན། ཨོཾ་སརྦ་ཏྲི་ནི་ཧཱུྃ་ཛཿ སུ་ཏྲི་ནི་ཧཱུྃ་ཛ༔ ཤནྟྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ནི་ཏྲི་ནི་ཧཱུྃ་ཛཿ གྲུཾ་གྲུཾ་གྲུཾ་ཛཿཛཿ ཞེས་གསུངས་པ་ཡང་གང་འགྲུབ་ཙམ་བཟླས་ན་ལེགས༑ བཟླས་པའི་དམིགས་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོ། མཚོན་ཆ་དུག་དབལ། ནད་རླངས་མི་བཟད་པ་སྤྲོས། འོད་ཀྱི་དམིགས་བྱ་སྲི་ལ་ཕོགས་པས་མཐུ་དང་། རྫུ་འཕྲུལ་སྟོབས་དང་གཟི་བརྗིད་ཐམས་ཅད་མེ་ཏོག་ལ་བ་མོ་ཕོག་པ་བཞིན་སོང་། ཁྲོ་བོ་ཁྲོ་མོས་བཅོམ་སྟེ་ལོ་ཐོག་ལ་སེར་བ་དྲག་པོ་ཕོག་པ་བཞིན་དུ་གྱུར། དུག་དབལ་གྱི་ནང་གི་དོན་སྣོད་ཉོག་སིལ་དུ་བཏང་། མཚོན་ཆས་ཕྱིའི་ལུས་དང་དབང་པོ་ཡན་ལག་རྨས་ནད་ཀྱི་ཟིན་པས་ཕྱི་ནང་གི་ལུས་ངག་ཡིད་གསུམ་གཟིར་ཞིང་མྱོས། དུད་རླངས་ཀྱིས་འཚུབ་པས་བརྒྱལ་ཞིང་དྲན་མེད་ཉམ་ཐག་པའི་རང་བཞིན་དུ་གྱུར་བར་བསམ་པ་ཡེངས་མེད་ཉག་གཅིག་ཏུ་བྱའོ།། ཞིང་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ཀྱང་སྙིང་རྗེའི་དབང་གིས་ཐུགས་རྗེ་དྲག་པོའི་སྐུར་བཞེངས་པ་རྣམས་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ཁྲོ་བོ་ཁྲོ་མོ། མཚོན་ཆ་དུག་དབལ། ནད་རླངས་མི་བཟད་པ་སྤྲོས། འོད་ཀྱི་དམིགས་བྱ་སྲི་ལ་ཕོགས་པས་མཐུ་དང་རྫུ་འཕྲུལ་སྟོབས་དང་གཟི་བརྗིད་ཐམས་ཅད་མེ་ཏོག་ལ་བ་མོ་ཕོག་པ་བཞིན་སོང་། ཁྲོ་བོ་ཁྲོ་མོས་བཅོམ་སྟེ་ལོ་ཐོག་ལ་སེར་བ་དྲག་པོ་ཕོག་པ་བཞིན་དུ་གྱུར། དུག་དབལ་གྱི་ནང་གི་དོན་སྣོད་ཉོག་སིལ་དུ་བཏང་། མཚོན་ཆས་ཕྱིའི་ལུས་དང་དབང་པོ་ཡན་ལག་རྨས་ནད་ཀྱི་ཟིན་པས་ཕྱི་ནང་གི་ལུས་ངག་ཡིད་གསུམ་གཟིར་ཞིང་མྱོས། དུད་རླངས་ཀྱི་འཚུབ་པས་བརྒྱལ་ཞིང་དྲན་མེད་ཉམ་ཐག་པའི་རང་བཞིན་ཅན་དུ་གྱུར་བར་བསྒོམ་པ་དང་། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་སོགས་དམིགས་པ་དྲག་ཏུ་བྱ། སྔགས་ཚན་གཉིས་ལས་གཞུང་ལུགས་ཀྱང་ཅི་མང་དང་རྗེས་ཀྱི་སྔགས་ཀྱང་ཅི་འགྲོར་བཟླས། ཨོཾ་སརྦ་ཛ་ཏྲི་ནི་རྦད་ནན། ན་ཏྲི་ནི་རྦད་ནན། སུ་ཏྲི་ནི་རྦད་ནན། ནི་ཏྲི་ནི་རྦད་ནན། ཤནྟྲི་ནི་རྦད་ནན། ཀ་ཏྲི་ནི་རྦད་ནན། དནྟྲི་ནི་རྦད་ནན། གྲུཾ་གྲུཾ་གྲུཾ་ཛཿཛཿ མཱ་ར་ཡ་རྦད་ནན། འདི་དག་གི་ཚེ་ལག་ལེན་ནི་ཞལ་ལས་ཤེས་པར་བྱ་དགོས་སོ། །རྗེས་ཀྱི་དམིགས་ཁམས་དང་། མདུན་བསྐྱེད་དམིགས་པ་བྱ་བ་གོང་གི་འགུགས་དམིགས་ལའང་རིགས་འདྲེས་བྱའོ། །ཕུར་པའི་སྲི་ཆུང་བཅུ་གསུམ་གྱི་རྩ་བ་ལས། འགུགས་འདྲེན་བྱ། སྟོངས་གྲོགས་དང་འབྲལ་བ་ལ་སོགས་བྱ་ཞིང་གཟུགས་ལ་དབབ་བོ། །ཞེས་གསུངས་པས། གུ་གུལ་གྱིས་བདུག་ལ། རིན་ཆེན་ཀུན་འདུས་ལས། དམ་ཉམས་དགྲ་བྲལ་འགུགས་པའི་ཕྱིར༔ འགོ་བའི་ལྷ་དང་ཕྲལ་བའི་ཕྱིར༔ གུ་གུལ་སྦྱར་བའི་དུད་པ་ཡི༔ དམ་སྲི་འབྱུང་སྲིའི་སྣར་བདུག་པས༔ གནོད་པར་བྱེད་པའི་འབྱུང་པོ་དང་༔ སྲི་ཅན་མཐུ་དང་རྫུ་འཕྲུལ་འཕྲོགས༔ ཞེས་དང་། ལས་གཞུང་བཞིན་བྱ་རོག་འུག་པའི་དང་རུས་བྱབ་ཅིང་། ཧཱུྃ༔ ལས་ཀྱི་གཤིན་རྗེ་ཐམས་ཅད་དང་༔ བདག་གི་སྲུང་མ་དམ་ཅན་རྣམས༔ ཕུང་སྲིའི་ལྷ་ལྔ་དབང་དུ་བསྡུས༔ ཕུང་སྲིའི་ཡུལ་ལྷ་མནན་དུ་ཆུག༔ སྲི་ངན་ལྷ་དང་གྱེས་སུ་ཆུག༔ སྲི་ལྷ་ཡང་ནི་འཐོར་དུ་ཆུག༔ མ་ལྷ་མ་སྨན་ཡར་དུ་ཆུག༔ སྲོག་ལྷ་དང་ནི་ཕྲོལ་ལ་ཤོག༔ ཨོཾ་ཀ་ཀ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ རྟོག་མེད་ཟས་སུ་ཤ་ལ་དགའ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཧཱུྃ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་མགོ༔ ཉིན་མཚན་མེད་པར་འཇིག་རྟེན་རྒྱུ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྷ་དང་སྲི་རུ་ཕྲོལ་ལ་ཤོག༔ ལུས་དང་སྲུང་མར་ཕྲོལ་ལ་ཤོག༔ ཁྱོད་དང་ཆུང་མར་ཕྲོལ་ལ་ཤོག༔ ཕ་དང་བུ་རུ་ཕྲོལ་ལ་ཤོག༔ གཉེན་དང་ཉེ་བ་ཕྲོལ་ལ་ཤོག༔ ཕོ་བོ་ནུ་བོ་ཕྲོལ་ལ་ཤོག༔ ལྷ་སྲུང་ཉམས་ཀྱི་མཐའ་ལ་བདོས༔ ཕུང་སྲི་རྡུལ་དུ་བརླག་པར་གྱིས༔ ཨེ་རིང་གི་ཤམ་བུར་འདི་བཏགས་ལ་བཟླས། གནོད་བྱེད་ཕུང་སྲི་དེ་ཝ་ཀ་པ་ཡེ་ཨེ་ཛ་ལ་ཛ་ལ། ར་ཙ་ཕྱེ། ཨ་ཤག་ཤག ཡ་མ་ཕྱེ། ཡ་མ་ཕྱེ་ཡ། སྤུ་ར་སྤུ་ར། ཡུས་ཡུས། ལང་ལང་། སེང་སེང་། ཕུས་ཕུས། གནོད་བྱེད་ཕུང་སྲི་ཡུལ་ལྷ་དང་ཕྱེ༑ དགྲ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཕོ་ལྷ་དང་ཕྱེ། མོ་ལྷ་དང་ཕྱེ། དེ་ནས་གཤག་གདབ་འདི་ལྟར་བྱ། ཧཱུྃ དམ་སྲི་བྱ་བའི་སྡིག་ཅན་ཁྱོད། དུག་གསུམ་ཉོན་མོངས་དབང་དུ་སོང་༑ གསང་བའི་དཀྱིལ་འཁོར་((འདིར་མ་དཔེར་ལྡེབ་ངོས་གཅིག་མི་འདུག་)དཔྱད་)བཀའ་ལ་མི་གདགས་སུ། །ཕྱིན་ཆད་ངན་སོང་དགག་པར་བྱེད། །ཅེས་བརྗོད། དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ། སྣ་ཚོགས་མེ་ཏོག་ཕྲེང་བས་བཅིངས་པ་ནི། སོགས་ཀྱི་མཆོད་ཅིང་། ལྷ་ཡི་རྒྱལ་པོ་ལྷ་མཆོག་གཤིན་རྗེ་གཤེད། །སོགས་ཤླཽ་ཀས་བསྟོད། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་། །སོགས་ཀྱི་གཞུང་བཞིན་བསྡུས་ལ་ཐུན་གྲོལ་ལོ། །རྩ་བར། དེ་ལྟར་དུས་དྲུག་ཏུ་གཡེང་བ་མེད་པར་གདབ་སྔགས་དང་སྲི་སྔགས་ཀྱི་གཅུན་ལ་བརྡེག་གོ །ཞེས་གསུངས་པ་ཐུན་དྲུག་གམ་བཞིར་བྱ་ཞིང་དེ་ལ་ཐུན་སྔོན་མར་གཞུང་བསྲང་བ་འདི་བཞིན་བྱས་ལ། ཐུན་ཕྱི་མ་རྣམས་ལ་ལས་བྱང་མི་གྱེར་བའི། ཡ ཀུན་གཞི་མ་བཅོས་ཡེ་རྫོགས་ཆེན་པོའི་ཀློང་། །དྲན་རིག་ཡེ་ཤེས་རང་གསལ་སྣང་བའི་མདངས། །སྐད་ཅིག་བརྫུས་སྐྱེས་ཚུལ་དུ་བདག་ཉིད་བསྐྱེད། །འཇམ་དཔལ་ཁྲོས་པ་ལས་ཀྱི་གཤིན་རྗེ་གཤེད། །སྐུ་མདོག་མཐིང་ནག་དྲག་ཤུལ་ཆེན་པོའི་གཟུགས། །རབ་ཁྲོས་འཇིགས་སུ་རུང་ལ་རྔམ་པའི་ཞལ། །གནམ་ས་ཙམ་གདངས་མཆེ་བ་རི་ལྟར་གཙིགས༑ །ལྗགས་སྤྱོད་ཁམས་སུ་མ་ལུས་ཤར་ཟ་ཞིང་། །སྲིད་པའི་ཁྲག་གིས་རབ་མྱོས་དམར་བའི་སྤྱན། །ཤིན་ཏུ་ཞུད་པ་ཉི་མ་འབུམ་གྱི་གཟི། །སྨིན་འཁྱོགས་བསྐལ་པའི་མེ་ལྟར་འབར་ཞིང་འཁྱིལ། །ཁྲོ་གཉེར་གསུམ་ལྡན་ཤངས་ཀྱི་བུ་ག་ནས། །འཇིག་རྟེན་འཐོར་བའི་རླུང་དམར་མི་བཟད་གཡོ། །སྨ་ར་ཨག་ཚོམ་རྡོ་རྗེ་མེ་སྟག་འཕྲོ། །ཁམས་ནག་རལ་པ་ཕྱེད་མར་གྱེན་ལ་བརྫེས༑ །ཕྱེད་མ་ཐུར་འཕྱང་རྟིང་པར་ཤམ་མོ་བ། །ནམ་མཁར་གདེང་པའི་ཕྱག་གཡས་སྡིགས་མཛུབ་རྩེར། །གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བརྒྱད་པ། །མི་བཟད་དྲག་པོར་བསྐོར་ཞིང་ཕྱག་གཡོན་ན། །གནོད་བྱེད་ཀུན་འཇོམས་ལྕགས་ཀྱི་ཐོ་བ་བསྣམས། །སྦྲུལ་དང་ཐོད་ཕྲེང་སྟག་གི་ཤམ་ཐབས་ཅན། །ཀླུ་གཉན་ས་བདག་ལྷ་ཆེན་མ་ཧེ་མནན། །ཞབས་གཉིས་རྒྱ་མཚོའི་གཏིང་དུ་གར་བསྒྱུར་བ། །སྲིད་པའི་རྩེ་ནས་ལྕགས་སྲེག་ས་གཞིའི་བར། །སྐུ་བོངས་ཀྱིས་མཉམ་སྣང་སྲིད་དྲེགས་པའི་ཚོགས། །ཐམས་ཅད་བྲལ་ཁོལ་ཅི་བསྒོའི་ཕྲིན་ལས་བསྒྲུབ། །སྟོབས་ལྡན་མེ་རླུང་འཁྲུག་པའི་དབུས་སུ་གསལ། །ཞེས་བསྐྱེད་ལ་ཨེ་རིང་གང་འགྲོ་ཙམ་ནས་ཨེ་ཐུང་བརྒྱ་ཙམ་བཟླས། དེ་ནས། ཕྱོགས་བཅུར་བཞུགས་པའི་སོགས་གསེར་སྐྱེམས་ཕུལ༑ བཀའ་དྲིན་འཁོར་མེད་སོགས་གཟུ་དཔང་བསྐྱེད། དེ་ནས་སྲི་རབ་སྔོན་ལྟར། ཀྱེ སྲི་ཡུལ་གླིང་དགུ་བྱ་བ་ན། །ཞེས་པ་ནས། དེ་བྱས་ད་ཐུབ་མནན་པ་ཡིན། །ཞེས་པའི་བར་དང་། ཕོ་ཉ་དགུག་པ། ཧཱུྃ༔ དཔལ་ཆེན་སྲི་འདུལ་ཆེན་པོ་ནི༔ སོགས། ཆོས་ཀྱི་དབྱངས་ནས་འཇམ་དཔལ་ཧེ་རུ་ཀ༔ སོགས་སྔགས་བཟླས། བྲུབ་ཁུང་ལིངྒ་བསྐྱེད་པ་ནི། ཨེཿ དེ་མདུན་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །དུག་གསུམ་ལས་ཀྱི་བཙོན་ཁང་གྲུ་གསུམ་པ། །འདོད་ཆགས་མཚོ་འཁྲུག་ཞེ་སྡང་མེ་དཔུང་འབར། །གཏི་མུག་མུན་གཏིབས་ཁ་རུབ་གཏིང་ཟབ་པ། །ཟིན་ནས་ཐར་མེད་གཤིན་རྗེའི་ལྕགས་ཁང་ན། །ཏྲི བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ། །དམ་ཉམས་ཕུང་སྲི་ནག་ལ་རིད་པའི་གཟུགས། །ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །དགུག་གཞུག་ནི། བླ་མ་ཡི་དམ་མཆོག་གསུམ་རབ་འབྱམས་ལྷ། །གཤིན་རྗེ་གཤེད་པོ་འཁོར་བཅས་བཀའ་བདེན་པས། །རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ། །ཐོག་མཐའ་བར་དུ་སྡང་ཞིང་གནོད་སེམས་པའི། །གནོད་བྱེད་ཕུང་སྲིའི་བླ་སྲོག་རྣམ་ཤེས་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་སེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱོབས། །མདོར་ན་འཁོར་འདས་སྲིད་པའི་གནས་དང་རྟེན། །གང་ན་འདུག་ཀྱང་དམིགས་པའི་རྟེན་འདི་ལ། །ལོ་ཟླ་ཞག་དང་ཟ་མའི་འགྱང་མེད་པས། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཅིག་ལ། །མྱུར་དུ་ཁུག་ཅིག་ཆིངས་སྡོམས་མྱོས་པས་ཛཿ ཨོཾ་མཉྫྱུ་ཡ་མཱནྟ་ཀ་ཡ་མ་ར་ཙ་དངོས་འདིར་གནོད་བྱེད་ཕུང་སྲི་ཨཀརྵཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གནོད་བྱེད་ཕུང་སྲི་དེ་ཝ་ཨུ་ཙ་ཏ་ཡ་ཕཊ྄ཿ ཅེས་དང་། ན་མོ་རྩ་བརྒྱུད་བླ་མ། སོགས་དང་། ཡོད་མེད་སྲི་སོགས་སྲི་ངན་དང་། །སོགས་རེ་འགུགས་སྔགས་དམིགས་བཅས་སྔ་མ་ལྟར་ནན་ཏན་བྱའོ། །ཁུག་རྟགས་བྱུང་ན་དྷ་ཏི་དང་ལིངྒའི་ཡན་ལག་གི་སྔགས་རྣམས་ཀྱང་བྲི་བཟླས་གཉིས་ཀ་བྱ་བར་གསུངས་པས། ཁུག་རྟགས་ནི་རྨི་ལམ་གྱི་སྐབས་དང་། ཤོག་ལིང་བེམ་སོགས་གཞུང་ཆེན་རྣམས་ལྟར་རོ། །དྷ་ཏི་དང་ཡན་ལག་གི་སྔགས་ཞེས་པ་འདིའོ།། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་དྷ་ཏི་མ་མ་ཀརྨ་ཤི་ཀུ་ཀྲཾ་ཀཾ་ཀ་ར་ཉེ་ཡ་ཏྲི་མཱ་ར་ཡ་རྦད། བཛྭ་ཨཾ་ཀུ་ཤ་ཛཿ བཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་གྷཎྜྻེ་ཧོཿ དབང་པོ་ཡན་ལག་ཐམས་ཅད་ཐུལ་ཐུལ༑ མྱོག་མྱོག་མཱ་ར་ཡ་རྦད། ཅེས་པའི་སྔགས་ཚན་ལྔ་པོ་ཡང་བཟླས་ལ། ལྷ་དབྱེ་བ་ནི། དང་རུ་གཉིས་ཀྱིས་བྱབ་ཅིང་། ཧཱུྃ བདག་ཉིད་ལྷར་གསལ་ཐུགས་ལས་སྤྲུལ་པའི་ཚོགས། །གཤིན་རྗེའི་ཕོ་ཉ་དཔག་ཏུ་མེད་འཕྲོས་པས། །དམ་ཉམས་ཕུང་སྲིའི་རྣམ་པར་ཤེས་པ་ནི། །སྐྱོབ་བྱེད་ལྷ་དང་བན་བོན་སྲུང་མའི་སྐྱབས། །མདོར་ན་གར་ཡོད་གར་གནས་གར་འདུག་ཀྱང་། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རག་དམྱལ་ཁམས་ཡན་ཆོད་དུ། །བྲོས་དང་ཐར་པའི་རང་དབང་མེད་པས་ན། །ལྕགས་ཀྱུས་སྙིང་ཟུང་ཞགས་པས་སྐེ་ནས་ཆིངས། །ལྕགས་སྒྲོག་གིས་བསྡོམས་དྲིལ་བུས་མྱོས་བྱས་ཏེ། །སྐྱོབ་བྱེད་འགོ་བའི་ལྷ་ཀུན་རིང་བསྐྲད་ནས། །འཇིགས་པའི་མུན་པ་ནག་པོས་མདུན་བསུས་ནས། །ལས་ཀྱི་རླུང་དམར་འཚུབ་པས་རྒྱབ་ནས་དེད། །ལྷ་སྲིན་དྲེགས་པའི་ཧབ་སྒྲ་དི་རི་རིས། །རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་། །གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་ལ་བསྐོར། །འཇོམས་བྱེད་ཐོ་བས་སྤྱི་བོའི་གཙུག་ནས་བརྡུངས༑ །ཛབ྄་བཟླས་སྔགས་ཀྱི་འོད་ཟེར་ཕོ་ཉའི་ཚོགས། །རྣོ་བའི་དབལ་དང་དུག་གི་ནུས་པར་ལྡན། །འཇིགས་པའི་མཚོན་ཆ་སྣ་ཚོགས་ཐོག་ལྟར་ཕབ། །དྲག་པོ་ཐུན་གྱི་ཤ་རུས་དུམ་བུར་བསིལ༑ །ཕུར་བུས་སྙིང་བཏབ་བླ་སྲོག་རྦད་ཀྱིས་བཅད། །ཁོང་སེང་ནས་དྲང་ཚེ་བཅུད་བདག་ལ་ཐིམ། །དངོས་གྲུབ་གསོས་གྱུར་བཀྲག་མདངས་གཟི་བྱིན་རྒྱས། །ཕུང་སྲི་བཅུད་བྲལ་དབང་མེད་ནག་སྐེམ་སོང་། །བླ་དང་རྣམ་ཤེས་དབང་སྟོབས་མཐུ་ཉམས་ནས། །ནུས་མེད་མར་མེ་འཆི་ཁའི་འོད་བཞིན་པ། །འགུལ་སྤྱོད་བྲོས་པའི་གོ་སྐབས་བྲལ་བར་གྱུར། །གུ་གུལ་སྦྱོར་བས་སྲི་བདུག་པས། །གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཆང་དང་དུག་ཁྲག་སྣ་ཚོགས་པ། །དྲག་པོའི་དམར་གཏོར་མཚོན་དབལ་བདར། །ལྕགས་ཟངས་མཁར་གོང་སྐྱེ་ཚེ་དང་། །དཀར་ནག་ཡུངས་ཐུན་གྱིས་བྲབ་པས། །གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཅེས་བརྗོད་ཀུན་གྱིས་བྲབ་ཅིང་སྔགས་འདི་བརྗོད། ཨོཾ་ཧཱུྃ་ཏྲིག་ཁྲོམ་བྷྱོ༔ མ་ཎི་མཱ་ར་ནི་བྷྱོཿ མ་ར་དུ་ན་བྷྱོཿ རཀྨོ་རཀྵན་བྷྱོཿ ཏིང་ཡ་རཀྵ་བྷྱོཿ མཱ་ར་ཡ་ཡ་མ་རཱ་ཙ་ཀཱི་ལ་ཡ་བྷྱོཿ ཅེས་གང་མང་བཟླས། ཤམ་བུར་འདི་བཏག ཨོཾ་ཨཱཿཧཱུྃ་ཡ་མ་ཐ། ཨེ་དུ་རཀྵ། ས་པ་ཏྲིང་ཕུར་ནྲྀ་ཏྲི་གྷ། ནྲྀ་ཨ་བྷྱོ་ཛཿ གནོད་བྱེད་སརྦ་ཏྲིག་ནན་བྷྱོ་བཟློག མཱ་ར་ཡ་ཐུམ་ཤིག དང་བཟླས་པ་དང་བཟླས་དམིགས་སྔ་མ་ལྟར་ལ་འབད། དགོང་མོའི་ཐུན་ཐ་མའི་དུས། སྐབས་འདིར་ཆོས་སྐྱོང་གི་གཏོར་འབུལ་སོགས་བྱས་ལ༑ མཐར་ན་མོ། རྩ་བརྒྱུད་བླ་མ་མཆོག་གསུམ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །སྔགས་འཆང་བདག་གི་བསྐྱེད་རིམ་ལྷ་སྔགས་ནུས། །ཏིང་འཛིན་འཇམ་དཔལ་བཤོལ་སྲང་འཕྲིན་ལས་མཐུས། །གཤིན་རྗེ་གཤེད་པོ་དྲེགས་པའི་ལྷ་སྲིན་ཚོགས། །མ་ལུས་འཁོར་བཅས་བཀའ་བདེན་བདེན་མཐུ་འདིས། །བླ་མའི་སྐུ་དགྲ་བསྟན་དང་སེམས་ཅན་གནོད༑ །དངོས་འདིར་སྡང་ཞིང་གདུག་པའི་སེམས་ལྡན་པ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་ལྟ་གནོད་ཅིང་འཚོ་བའི་དགྲ་བགེགས་སྲི། །ཁ་འཇམ་གཏིང་རྩུབ་ཞེ་གནག་མཐུས་དགོ་ཅན། །དོ་བརྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་པ། །ལྷར་བསྙེག་མཐུ་ནུས་བུ་ལོན་ལྟར་བསྙེགས་པ། །འགྲོ་ལམ་གཙང་འཇུག་ཟ་ལམ་དུག་སྦྱོར་ཤོམས། མགོ་ཐོག་གཡམ་པ་རྐང་འོག་རྡེལ་བྱེད་པའི། །དམིགས་བྱའི་དམ་ཉམས་ཀུན་དང་ཁྱད་པར་དུ། །ཕྱོགས་མཚམས་སྟེང་འོག་ཕྱི་ནང་ཐམས་ཅད་ནས། །བན་བོན་ལ་སོགས་མི་དང་མི་མ་ཡིན། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་མཐུས། །ངག་མནན་དབྱེན་དཀྲུག་བསྐྲད་གཟིར་རྨོངས་རེང་བཤོར། །མནན་གཏད་ཧོམ་བསྲེག་གཏོར་ཟོར་རྦད་བསད་བཅིངས༑ །འབྱུང་བཞིའི་འཁོར་ལོ་འགོང་ཆོག་ངན་སྔགས་སྡེབས། །རྨིས་ལྟས་མཚན་མ་ངན་དང་མི་ཁ་སྲི། །དུག་སྦྱོར་ཁྲམ་ཁ་ཤོ་རྡེལ་རྫས་ནུས་འཕྲུལ། །ཕྲ་མན་རིགས་སྔགས་ངན་པའི་གནོད་པ་ཀུན། །མ་ལུས་ད་ལྟ་ཉིད་དུ་ཕྱིར་བཟློག་ལ། །སྐད་ཅིག་འཇམ་དཔལ་ཕྱག་གི་ཉི་ཟླའི་བར། །བྱད་མ་བརྡབ་བསད་ཕྱེད་མར་བརླག་པའི་རྡུལ། །མེ་ཆུ་རླུང་གི་ལྷག་མེད་བསྲེག་གཏོར་བས༑ །དམིགས་མེད་ངང་དུ་བཟློག་ཅིག་ས་མ་ཡ། །གནོད་བྱེད་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །བྱད་མཁན་རང་གི་གཤེད་དུ་རྦད་ཡ་བཟློག །ཨེ་ས་བྷྱོ་བཟློག་དགྲ་ལ་རྦད་ཡ་བཟློག །ཁམ་ཤག་རོ་མྱག་མུག་ཏི་རྦད་ཡ་བཟློག །ཅེས་ཡང་བཟློག་ཤམ་བཅས། དམོད་མོ་དང་སྦྲག ཐུན་གཏོར་ཡོད་ན་འཕངས། ཐལ་མོ་རྡབ་རྗེས་དམིགས་མེད་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག དཀྱིལ་འཁོར་ལྷ་ཚོགས་མཆོད་བསྟོད་དོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་། ཅེས་སོགས་ཀྱི་རྗེས་ཆོག་ལྷག་ཆད་ཁ་བསྐང་དང་ཡིག་བརྒྱ། བཀྲ་ཤིས་བསྔོ་སྨོན་གྱི་མཐའ་བརྒྱན་པར་བྱ། ཐུན་མཚམས་སོགས་སྤྱོད་ལམ་རྣམ་བཞིར་རྒྱུན་ཁྱེར་གྱི་ཉམས་ལེན་ནི། བྲབ་བཟླས་ཚར་ནས་བྲུབ་ཁུང་དེ་ཁ་བཅད་ལ། དེའི་སྟེང་དེ་རུ་ཕུར་པ་འཛུགས་པའམ་རྟེན་བྱིན་ཅན་བཞག་མཐའ་ཐུན་རྫས་ཀྱི་བསྐོར་ལ་བཞག །བྲུབ་ཁུང་དེ་ཉིད་དབང་ཆེན་གསེར་གྱིས་ས་གཞིའི་འོག་ཏུ་སླེབ་པའི་གནམ་ལྕགས་ཀྱི་ཁང་སྒྲོམ་ལྕགས་བསྲེག་གི་ས་གཞིའང་མི་ཤིག་པ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གཤིན་རྗེའི་བཙོན་ཁང་གཏིང་རིང་པ། སྟེང་འོག་བར་གསུམ་བར་མཚམས་སྲུབ་མེད་པ་ཕྱི་ནང་དང་སྟེང་འོག་ཐམས་ཅད་ནད་དང་དུག་གི་མུན་རླངས་འཐུལ་ཞིང་གཏིབ་པ། དུག་མཚོན་གྱི་ཆར་འབབ་པ། ཕྱི་རོལ་གྱི་གཙང་དམར་རྣམས་ཀྱང་བསྲུང་བའི་ཁྲོ་བོ་ཁྲོ་མོ་བསམ་ཀྱི་མི་ཁྱབ་པས་བསྲུངས་པ། ཕྱི་ནས་རིམ་བཞིན་ས་ཆུ་མེ་རླུང་མི་བཟད་པའི་གུར་ཁང་བང་རིམ་མང་པོ་ཅན་དུ་བསམ། སྟེང་དུ་རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོ་ལས་ཀྱི་ཚེ་བདག་ནག་པོས་དྲག་རྩལ་སྟོབས་ཀྱི་གཟིར་ཞིང་མནན་ནས། ཕུང་སྲི་དེ་ཉིད་སྒོ་གསུམ་དབང་མེད་དུ་བརྒྱལ་བས་འགུལ་སྤྱོད་དང་ཕྲལ་བར་བྱས་ཏེ། བསྐལ་པའི་བར་དུ་ཡང་མི་གཏོང་བར་རྒྱས་གདབ་བརྡབ་པར་བསྡམས། རང་ཉིད་ཀྱང་གསལ་བ་གསུམ་དང་མ་བྲལ་བའི་ངང་ནས་ཕུང་སྲི་དེ་ཉིད་བཀུག་གཟིར་བཅིངས་མནན་བསྲུང་བ་སོགས་ཀྱི་ང་རྒྱལ་དང་མ་བྲལ་བ་ནི་གནད་ཀྱི་གདམ་པའོ། །དེ་ལྟ་བུའི་སྒྲུབ་པ་རྟགས་མ་ཐོན་བར་རམ། མིན་ཀྱང་ཞག་གསུམ་ལྔ་བདུན་སོགས་ཅི་རིགས་པར་བསྒྲུབ། དེ་ཡི་ཕྱི་རིང་ལ་གདོང་མཚམས་དང་ངག་མཚམས་ཤིན་ཏུ་དམ་པར་བྱས་ལ་ནན་ཏན་དུ་བསྒྲུབ། ཐ་ན་ཡུན་དུ་མི་བསྒྲུབ་པའི་ཞག་ཅིག་གཉིས་ལྟ་བུའི་མནན་ཆོག་བྱེད་པ་ནའང་། ཐུན་རེའི་རིང་ལའང་མཚམས་དམ་པོ་དང་། ལུས་ཀྱི་སྤྱོད་འགྲོས་ཚད་མེད་པ་དང་། ཁྱད་པར་སེམས་གཡེང་བ་གཞན་གྱི་རྗེས་སུ་མ་འབྲང་བ་ནི་བསྐྱེད་རྫོགས་ལས་མ་འདས་པ་ཤིན་ཏུ་གནད་ཀྱི་ཆེ་བ་ཡིན་ནོ། །ལྷ་སྔགས་ཀྱི་སྙིང་པོ་མ་གཏོགས་པའི་གོང་འོག་གི་སྔགས་བཟླ་ཚེ་མཆི་མ་ཁོང་དུ་མ་སོང་བ་ཕྱིར་དོར་བ་མནན་ངག་གོ ༈ གསུམ་པ་རྗེས་ཀྱི་རིམ་པ་ནི། ལས་སྦྱོར་ཉིན་མོ་དེ་ནི་མར་ངོ་ལྟ་བུའམ་མནན་པའི་ལས་ལ་ཤིས་པའི་གཟའ་སྐར་དུས་སྦྱོར་དང་འཕྲོད་པར་བྱས་ལ། ལས་གཞུང་གི་བཟླས་པ་ཡན་བྱས་བཟོད་གསོལ་ནས། ཆོས་སྐྱོང་གི་གཏོར་བསྔོ་མཆོད་བསྟོད་ཀྱི་རིམ་པ་རྣམས་སོང་ནས། ལས་གཞུང་གི་ཚོགས་དང་། ཆོས་སྐྱོང་སྲུང་མ་བསྐང་བའི་རིམ་པ་དང་། ལྷག་མ་བཏང་ལ། སློབ་དཔོན་གྱི་མདུན་དུ་བྲུབ་ཁུང་དེ་ཉིད་དམ་ལྕགས་སླང་ལྟ་བུར་ལིངྒ་དཀར་བྱང་དེ་ཉིད་དང་ཟན་ལིང་ཆེ་བ་གཅིག་བཤམ་ལ། ཆད་མདོ་སོང་ནས། ཧཱུྃ དཔའ་བོ་འཇམ་དཔལ་གཤིན་རྗེའི་དགྲ། །སོགས་བསྐུལ་རྒྱས་པ་བྱས། གསེར་སྐྱེམས་གཟུ་དཔང་། བྲུབ་ཁུང་དང་ལིངྒ་བསྐྱེད་པ། དགུག་གཞུག་ལན་གསུམ། ཕོ་ཉ་བསྐུལ་བ་ལྷ་དབྱེ་རྣམས་གཞུང་ལྟར་གྱི་བཤགས་པ་ནི། ཧཱུྃ༔ དུག་ལྔ་འདུས་པའི་སྡོང་པོ་ལ༔ ནས། ལུས་ངན་འདི་ལ་མ་ཞེན་ཅིག༔ བར་ལས་བྱང་ལྟར་ནས། ཧཱུྃ༔ འཇམ་དཔལ་གཤིན་རྗེ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཡ་མཱནྟ་ཀའི་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ ནྲྀ་ཏྲི་མཱ་ར་ཡ་རྦད༔ མགྱོགས་ཕུར་བླང་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ལས་གཤིན་ཕོ་ཉའི་དུས་ལྎ བདུད་དང་གཤིན་རྗེའིྎ མ་མོ་གནོད་སྦྱིནྎ གཏུམ་པོ་སྒོ་བཞིའིྎ ཁྱེད་རྣམས་ཐུགས་དམྎ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ ཨོཾ་ཀརྨ་ཡ་མཱནྟ་ཀ་བཛྭ་ཀི་ལི་ཀཱི་ལ་ཡ་དྷ་ཏི་མ་མ་ཀརྨ་ཤི་ཀྲཾ་ཀཾ་ཀ་ར་ཉེ་ཡ་ནྲྀ་ཏྲི་མ་ར་ཡ་རྦད༔ ཅེས་སྙིང་ཀར་བཏབ། གདབ་ཕུར་བླང་ལག་ཏུ་བསྒྲིལ་ཞིང་བསྐྱེད་པ་ནི། ཧཱུྃ བདག་ནི་འཇམ་དཔལ་ཧེ་རུ་ཀ །གཡས་པ་ཐབས་ཀྱི་རང་བཞིན་ལས། །རིགས་ཀྱི་ཡབ་ལྔའི་ངོ་བོར་གསལ། །གཡོན་པ་ཤེས་རབ་རང་བཞིན་ལས། །རིགས་ཀྱི་ཡུམ་ལྔའི་ངོ་བོར་གསལ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །མཐིང་ནག་ཧཱུྃ་ལས་སྐྱེས་པའི་ལྷ། །སྲས་མཆོག་བཛྭ་ཀི་ལ་ཡ། །ལྟེ་བ་ཡན་ཆད་སྐུ་སྟོད་ནི། །དབུ་གསུམ་ཕྱག་དྲུག་རྡོར་གཤོག་ཅན། །དུས་གསུམ་ཕྲིན་ལས་འདུས་པའི་སྐུ །ལྟེ་བ་མན་ཆད་སྐུ་སྨད་ནི། །ཡེ་ཤེས་ཕུར་པའི་དབལ་དང་ལྡན། །སྟེང་དུ་བླ་མ་དཀོན་མཆོག་གསུམ། །འཆང་ཟུང་ཚེ་བདག་དཀྱིལ་འཁོར་ལྷ། །ཟུར་གསུམ་སེང་ལ་བཀའ་ཉན་རྣམས། །གནས་གསུམ་ཡི་གེར་འོད་ཟེར་འཕྲོས། །ཉ་བོས་ལུས་ངག་ཡིད་བཀྲུས་ནས། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། །རྡོ་རྗེ་ཕུར་པ་ཉིད་ལ་ཞུགས། །མཐུ་རྩལ་རྨད་བྱུང་མངའ་གསོལ་བར། །འགྱིང་བས་སྐྲག་དང་གཡོ་ཙམ་གྱིས༑ །ཁམས་གསུམ་དུས་ཅིག་སྒྲོལ་ནུས་གྱུར། །བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར། །ཕྱར་བ་ཙབ་ཀྱི་ཁམས་གསུམ་དངངས། །བཏབ་ན་སྟོང་གསུམ་ཡུད་ཀྱིས་བརླག །གནོད་བྱེད་དགྲ་བགེགས་སྨོས་ཅི་དགོས། །ཨོཾ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཁྲུས་ལུང་བྱ་བ་འདི་ལ་དགོངས། །ཡེ་ཤེས་ལྷ་ལ་གཏད་ཅིང་བསྒྲིལ། །དེ་དག་འོད་ཞུ་ཕུར་པར་ཐིམ། །ཕྱོགས་གཏད་བསྒྲིལ་ཞིང་སྣོད་བཅུད་བསྟིམ། །རྫུ་འཕྲུལ་མཐུ་དང་ལྡན་པར་བསམ། །ཕུར་ཐུན་དགྲ་བོའི་གཤེད་དུ་འབེབས།། ཧཱུྃ རྡོ་རྗེ་ཕུར་པ་ཀཱི་ལ་ཡ། །སངས་རྒྱས་ཡོངས་རྫོགས་འཕྲིན་ལས་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་བསྐོར་ཞིང་ཉ་ཐོར་བརྡེག སླར་ཡར་མགྱོགས་ཕུར་བླང་ནས་ནི། ཧཱུྃ དགྲ་བགེགས་འབྱུང་པོ་ལས་ངན་འདི། །དང་པོ་ཞེ་སྡང་ཕ་ལས་བརྒྱུད། །བར་དུ་འདོད་ཆགས་མངལ་སྒོ་འགྲིམ། །ཐ་མ་ཉོན་མོངས་ལྔ་ཡི་གཟུགས། །ཕུང་པོ་རྩད་ནས་བཅད་པའི་ཕྱིར། །སྲིད་པའི་ཆགས་པ་ལྟེ་བ་ཡིན། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ༑ །རྣམ་ཤེས་ཆགས་པ་སྙིང་ཡིན་པས། །སྙིང་གི་དཀྱིལ་དུ་ཀཱི་ལ་ཡ། །ལྟ་བར་བྱེད་པ་མིག་ཡིན་པས། །མིག་གི་དཀྱིལ་དུྎ ཉན་པར་བྱེད་པ་རྣ་བ་ཡིན། །རྣ་བའི་དཀྱིལ་དུྎ སྣོམ་པར་བྱེད་པ་སྣ་ཡིན་པས། །སྣ་ཡི་དཀྱིལ་དུྎ མྱོང་བར་བྱེད་པ་ལྕེ་ཡིན་པས། །ལྕེ་ཡི་དཀྱིལ་དུྎ སྐྱོད་པར་བྱེད་པ་ཡན་ལག་ཡིན། །ཡན་ལག་བཞི་ལ་ཀཱི་ལ་ཡ། །ཡུངས་ཐུན་མཚོན་ཆ་ཐོག་ཏུ་བསྒོམ། ཧཱུྃ ཡུངས་དཀར་རྒྱལ་པོ་ཤ་རི་རམ། །ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ། །སྡང་བའི་དགྲ་ལ་རྦད་པའི་ཚེ། །སྤྱི་བོའི་སྟེང་དུ་ཐོག་ལྟར་འབེབས། །ཀླད་པའི་དཀྱིལ་དུ་ཞོ་ལྟར་དཀྲུག །སྙིང་གི་དཀྱིལ་དུ་ཉ་ལྟར་འཕྱོ། །ཤ་རུས་བར་དུ་མིག་ལྟར་རྒྱུ། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཨེ་ཀ་ཧེ་དུན་ཏྲག་རཀྵ་ཡ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ། ཡོ་ད་ཡ། ར་ལ་ཡོ་ནི། ར་ལ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ། དགྲ་བོ་ཨེ་མྱག་ཡ་རུབས་མུག་ཤག་ཀ་དུན་བྷྱོ་ནྲྀ་ཏྲི་ཧུར་ཐུམ་ཛཿ མཱ་ར་ཡ་རྦད། ཀུན་མཐར་ཁྲག་སྣ་ནད་བསམ་བརྡེག ཧཱུྃ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག །མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ། དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །མཚེ་ཐུན་བརྡེག་ཅིང་འདི་སྐད་དོ།། ཧཱུྃ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུག །དྲེགས་པ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུངྎ བཅོལ་བའིྎ དུག་སྣ་ནད་སྣས་བརྡེག་ལ་བརྗོད། ཧཱུྃ གདུག་པའི་དུག་རླངས་རླུང་ལྟར་འཚུབ། །དུག་ལྔ་ཡོངས་རྫོགསྎ དགྲ་བགེགསྎ བཅོལ་བའིྎ ལྕགས་ཕྱེ་ལ་སོགས་མཚོན་ཆར་འབེབས། ཧཱུྃ ཐོག་མ་མེད་པ་ལས་ཀྱི་མཚོན། །ཕྱག་མཚན་ཡོང་རྫོགསྎ དགྲ་བགེགསྎ བཅོལ་བའིྎ མདའ་ཐུན་སྙིང་ལ་གཟེར་བས་སྟེ། ཧཱུྃ དཔག་མེད་དྲག་པོ་མདའ་ཡི་ཐུན། །བདུད་འཇོམས་ཡོངས་རྫོགསྎ དགྲ་བགེགསྎ བཅོལ་པའིྎ དུར་ཁྲོད་རྡོ་སོགས་ཐོག་ཆར་འབེབས། ཧཱུྃ སྟོབས་ཆེན་རྩལ་འཆང་རྡོ་ཡི་ཐུན། །ཕྲ་མན་ཡོངས་རྫོགསྎ དགྲ་བགེགསྎ བཅོལ་བའིྎ མཚོན་ཆ་བརྡེག་ཅིང་འདི་སྐད་བརྗོད། ཧཱུྃ རྡོ་རྗེ་འཁོར་ལོ་དབྱུག་ཐོ་སོགས། །མཚོན་ཆ་ཡོངས་རྫོགས་གྱད་ཀྱི་སྐུ། དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྡེག་ཅིང་། ཧཱུྃ པ་ར་བི་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄ཿ བིནྡྷ་བིནྡྷ་ཧཱུྃ་ཕཊ྄ཿ གྲྀ་གྲྀ་ཧཱུྃ་ཕཊ྄ཿ ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄ཿ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄ཿ ཧ་ས་ཡ་ར་ཧ་ས་ཡ་ར་ཧཱུྃ་ཕཊ྄ཿ ཤཱི་ཀྲིན་བཱི་ཀྲིན་ཨ་ན་ཡ་ཧཱུྃ་ཕཊ྄ཿ ཛྷ་ལ་པ་ཡ་ཛྷ་ལ་པ་ཡ་ཧཱུྃ་ཕཊ྄ཿ ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧཱུྃ་ཕཊ྄ཿ བྷི་དྷ་ཡ་བྷི་དྷ་ཡ་ཧཱུྃ་ཕཊ྄ཿ ཅེས་བྲབ་བོ། །དེ་ནས་ཟོར་ཕུར་ཐོགས་ལ། ཧཱུྃ བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །སྔོན་ཆད་ཇི་ལྟར་ཁས་བླངས་པ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། ཧ་ན་ཧ་ན་བཛྭཿ ད་ཧ་ད་ཧ་བཛྭཿ པ་ཙ་པ་ཙ་བཛྭཿ མ་ཐ་མ་ཐ་བཛྭཿ ཛྷ་ལ་ཛྷ་ལ་བཛྭཿ མུ་རུ་མུ་རུ་བཛྭཿ ཀ་ཏཾ་ཀ་ཏེ་ཛ་ཡེ་བི་ཛ་ཡེ༔ ཨ་ཙིཏྟ་ཨ་པ་ར་ཙིཏྟ་མ་ར་ས་ནི་པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ྄ཿ གྲི་གུག་ཐོགས་ལ། ཧཱུྃ༔ འཇམ་དཔལ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་མ་འདའ་ཞིགཿ ས་མ་ཡཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤྲཱི་ཀྲཾ་ཀཾ་ཀ་ར་ཉེ་ཡ། དུག་ཁྲག་དང་སྦྱར་བའི་རློན་ཐུན་ཐོགས་ལ། ཧཱུྃ༔ གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པའི་སྲིའི༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ སརྦ་ཨ་ན་ཡ་ཧཱུྃ་ཕཊ྄ཿ ཏ་ཐ་ཡ་ཏ་ཡ་ཧཱུྃ་ཕཊ྄ཿ ཅེས་བཏབ་བོ། །ཐོ་བ་དང་ཧོམ་གཟར་རམ། གྲུ་སྲོག་དཔྱི་མིག་གཏུན་བུ་ཐོགས་ལ། ཧཱུྃ༔ བཀའ་ལས་འདའ་བྱེད་སྡིག་ཅན་འདི༔ མཚོན་ཆ་རྣོན་པོས་བསྒྲལ་ཟིན་གྱིས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ རྡོ་རྗེ་མེ་འདྲས་སྙིང་བསྲེག་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄ཿ ཅེས་བརྡུང་ངོ་། །སེ་སྐྱེར་འོམ་གསུམ་གཙང་གི་བྲབ་ཅིང་། ཧཱུྃ༔ སྲི་ལས་སྣ་འདྲེན་ཆེ་བ་མེད༔ སྲི་ལས་ནི་སྐྱེས་རིང་བ་མེད༔ ན་བའི་གཟེར་དུ་ཆེ༔ ཚ་བའི་དབལ་དུ་ཆེ༔ གསོན་གྱི་བདུད་དུ་ཆེ༔ གཤིན་གྱི་གཤེད་དུ་ཆེ༔ ཆེ་སྲི་ཆུང་གི་སྲི༔ རྒྱལ་སྲི་བློན་གྱི་སྲི༔ ཞང་སྲི་ཚ་བོའི་སྲི༔ རྗེ་སྲི་ཁོལ་གྱི་སྲི༔ མ་སྲི་ནུ་བོའི་སྲི༔ བུ་སྲི་ནུ་ཡི་སྲི༔ ལྕམ་དང་དབལ་གྱི་སྲིཿ ཡོད་སྲི་མེད་ཀྱི་སྲིཿ ཡུལ་སྲི་དུར་གྱི་སྲི༔ གོད་སྲི་སྒོ་ཡི་སྲི༔ སྲི་རྣམས་ཐམས་ཅད་གདུལ་བྱའི་ཕྱིརཿ འཇམ་དཔལ་གཤིན་རྗེའི་སྐུར་བསྒོམ་སྟེ༔ དྲག་པོར་གྱུར་པའི་གཙང་ཕུར་གྱིས༔ སྲི་རྣམས་ཐམས་ཅད་རྡུལ་དུ་རློགས༔ གཤིན་རྗེའི་ལས་རྣམས་འགྲུབ་པར་མཛོད༔ པ་ར་བི་ད་ན་ཧཱུྃ་ཕཊ྄ཿ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄ཿ བྷིནྡྷ་བིནྡྷ་ཧཱུྃ་ཕཊ྄ཿ གྲྀ་གྲྀ་ཧཱུྃ་ཕཊ྄ཿ ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ ད་ཧ་ད་ཧ་ཧཱུྃ་ཕཊ྄ཿ པ་ཙ་པ་ཙ་ཧཱུྃ་ཕཊ྄ཿ གུ་གུལ་སོགས་སྲི་བདུག་ཅིང་ཐུན་སྣ་ཚོགས་ཀྱི་བྲབ་ལ། ཛཿ གུ་གུལ་སྦྱར་བས་སྲི་བདུག་པས༔ གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག༔ ཆང་དང་དུག་ཁྲག་སྣ་ཚོགས་དང་༔ དྲག་པོའི་དམར་གཏོར་མཚོན་དབལ་བརྡར༔ ལྕགས་ཟངས་མཁར་གོང་སྐྱེ་ཚེ་དང་༔ དཀར་ནག་ཡུངས་ཐུན་གྱིས་བྲབ་པས༔ གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག༔ ཅེས་བརྡེག་གོ །དེ་ནས་རལ་གྲི་ཐོགས་ལ། ཧཱུྃ ང་ནི་དུས་གསུམ་བཞུགས་པ་ཡི། སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །མཁྱེན་བརྩེ་ནུས་པའི་རལ་གྲི་ཡི། ལོག་རྟོགས་འཁོར་བའི་རྒྱུན་བཅད་དེ། ནྲྀ་ཏྲི་ཨེ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད༔ རལ་གྲིས་བཏུབ་བོ། །དེ་ནས་བསྟབ་པ་ནི། ཧཱུྃ ཚེ་བདག་ནག་པོའི་ལྷ་ཚོགས་རྣམས། །ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །དོན་དམ་ཆོས་ཉིད་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་དྲིལ་ལ། །སྟོང་གསུམ་ཙམ་གྱི་མིད་པ་གདངས། །ཁམས་གསུམ་འཁོར་བའི་ཕུང་ཁམས་སྐྱེ༑ །དགྲ་བགེགས་ཤ་ཁྲག་མ་ལུས་པ། ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་དྲིལ་ལོ་ཨ་རཱ་ལི། དབྱིངས་སུ་སྒྲོལ་ལོ་ས་མཱ་ཡ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནམ་མཁའ་ལྷ་ཡི་བྱེད་བྱེད་དང་། །ས་གཞི་ཀླུ་ཡི་བྱེད་བྱེད་དང་། །བར་སྣང་གཉེན་གྱི་བྱེད་བྱེད་དང་། །སྟོང་གསུམ་མི་ཡི་བྱེད་བྱེད་དང་། །སྣང་སྲིད་ལྷ་འདྲེའི་བྱེད་བྱེད་དང་། །གླིང་བཞི་བོན་པོ་མུ་སྟེགས་དང་། །ཡུལ་མི་རྗེ་དང་ཁྱིམ་མཚེས་དང་། །འཚེ་བའི་སེམས་ཀྱི་བསམ་དང་སྨྲ། །ལུས་ཀྱི་རྩུབ་པའི་སྦྱོར་བྱེད་སོགས། །དེ་དག་གཞི་རྟེན་ལུས་སེམས་རྣམས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་དྲིལ་ལོ་ཨ་རཱ་ལི། །དབྱིངས་སུ་སྒྲོལ་ལོ་ས་མཱ་ཡ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཉམས་པའི་གདོན་དང་ཕུང་བའི་སྲི། །སྲི་ཅན་གྱི་ནི་རྫུ་འཕྲུལ་དང་༑ །ལོག་འདྲེན་གདུག་པའི་ལྟས་ངན་རྣམས། །ཐམས་ཅད་རྡུལ་དུ་བརླག་བྱའི་ཕྱིར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དམིགས་པའི་དགྲ་བགེགས་གཟུགས་སུ་བྲིས། །ཉ་ཧོའི་རྟེན་འདིར་བཀུག་བྱས་ནས། །ཕུར་འདེབས་ཐུན་དང་མཚོན་ཆས་བསད། །བསྒྲལ་བའི་ཞིང་བཅུ་ལས་ལ་སྦྱར། །དཔལ་ཆེན་ཚེ་བདག་ཞལ་དུ་བསྟབ། །མ་མོ་མཁའ་འགྲོའི་ཞལ་དུ་བསྟབ། །འཁོར་བཅས་གཤིན་རྗེ་འབུམ་གྱི་ཞལ་དུ་བསྟབ། །ཆོས་སྐྱོང་སྲུང་མའི་ཞལ་དུ་བསྟབ། །དགྱེས་པར་རོལ་གཅིག་ཁ་རཾ་ཁཱ་ཧི། །ལྷག་མ་མེད་པར་ཞལ་དུ་བསྟབ། །གཟུགས་ཕུང་ཤ་ཁྲག་མཆོད་པར་བཞེས། །དམ་ཚིག་ཉམས་ཆགས་སོ་སོར་བཤགས། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །བར་ཆད་རྐྱེན་ངན་གདུག་རྩུབ་བཟློག །བསམ་པ་སྒྲུབ་ལ་རེ་བ་སྐོང་། །འཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད། །འདི་ཡན་ལྟར་གདབ་ལས་ཚར་ནས་མནན་ཆས་བྱ་བ་ནི། གཙང་སྦྲ་དང་ལག་འབགས་སོགས་སྔགས་བྲི་དུས་བཞིན་དུ་རང་དྲིས་མ་གོས་པ་བྱ་ཞིང་༑ ཞིང་གི་ལོ་སྲི་ཡིན་ན་ས་འགོང་གི་ལིངྒ་ཁ་ཡར་གནམ་ལ་བསྟན་པའི་སྟེང་དུ་བར་འགོང་གི་ལིངྒ་ཡང་དེ་ལྟར་ཡར་བསྟན་དུ་བཞག དེའི་སྟེང་དུ་གནམ་འགོང་གི་ལིངྒ་ཁ་སྦུབ་ལ་བཞག་པའི་ལིངྒ་སུམ་སྦྲག་བྱེད་ལ་སྟོབས། ལིངྒ་གང་ཡིན་ཡང་དེ་རྣམས་ལྟེབ་དུས་ཀྱི་སྔགས་དམིགས་དང་ལྟེབ་ལུགས་ནི། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛཱ་དྷ་ཏི་མ་མ་ཀཱརྨ་ཤྲཱི་ཀྲཾ་ཀཾ་ཀ་ར་ཉེ་ཡ་ནྲྀ་ཏྲི་མཱ་ར་ཡ་རྦད༔ ཅེས་བརྗོད་ལ་ལིངྒ་དེ་ཡི་མགྲིན་པ་ནས་མགོ་བོ་བྲང་དུ་སྦྱར་ལ་བལྟབས་ཅིང་༑ ཕུང་སྲི་དེ་ཉིད་ལྟ་ཉན་སྣོམ་སྨྲ་མྱོང་ལྔའི་དབང་པོ་དང་བྲལ་བར་བསམ། བཛྭ་ཨངྐུ་ཤ་ཛཿ ཞེས་ལག་གཡས་སྟོབས། བཛྭ་པཱ་ཤ་ཧཱུྃ༔ ལག་གཡོན་སྟོབས། བཛྭ་ཀྵྨྱོཊ་བཾ༔ རྐང་གཡས་སྟོབས། བཛྭ་གྷནྜེ་ཧོཿ རྐང་གཡོན་སྟོབས། ཡན་ལག་བཞི་ཀ་བཅག་པས་གཡོ་བར་བྱེད་པའི་དབང་པོ་ཉམས་ནས་འགུལ་སྤྱོད་དང་བྲལ་བར་བསམ། སྙིང་དཀར་ནག་མཚམས་ནས་སྟོབས། ཨོཾ་སརྦ་ཛ་ཏྲི་ནི་རྦད་ནན། ན་ཏྲི་ནི་རྦད་ནན། སུ་ཏྲི་ནི་རྦད་ནན། ནི་ཏྲི་ནི་རྦད་ནན། ཤནྟྲི་ནི་རྦད་ནན། ཀ་ཏྲི་ནི་རྦད་ནན། དནྟྲི་ནི་རྦད་ནན། གྲུཾ་གྲུཾ་གྲུཾ་ཛ་ཛཿ རྦད་ནན་མཱ་ར་ཡ་ཕཊ྄ཿ བྱས་ལ་ལུས་ངག་ཡིད་གསུམ་གྱི་དབང་པོ་དྲན་མེད་དུ་ཉམས་ཤིང་བརྒྱལ་བར་གྱུར་བའི་མོས་པ་བྱས། ཁམ་ས་དང་ཡོས་ཚིག་ཅུང་ཟད་ལིང་སྙིང་དུ་བཅུག་ལ་ཕན་ཚུན་ལྟོབས་ཡས་མས་སྟོབས། དེ་ལྟ་བུ་ལག་ཚགས་དམ་པོར་བྱས་ལ་དགུ་བལྟབ་སོགས་གང་བདེ་ཤིན་ཏུ་དམ་པར་བྱས། དེ་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་རིས་སུ་དམ་པར་བཅིངས་ལ། རང་ཡི་དམ་དུ་གསལ་བའི་གནས་ལྔ་ལས་འཕྲོས་པའི་འོད་ཟེར་གྱིས་བ་ཐག་ཚོན་སྐུད་སྣ་ལྔའི་རྣམ་པ་ལ། ངོ་བོ་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་མཐུ་ནུས་སྟོབས་རྩལ་གཅིག་ཏུ་བསྡུས་པའི་བདག་ཉིད་དེའི་ཕུང་སྲིའི་དབང་པོ་ལྔ་སོགས་བཅིངས་པར་བསམ་ལ་བཅིང་ཚེ་སྔགས་འདི་བཟླས། ས་ར་བི་དན་ཧཱུྃ་ཕཊ྄ཿ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄ཿ བྷིནྡྷ་བིནྡྷ་ཧཱུྃ་ཕཊ྄ཿ བྷནྡྷ་ཡ་བྷནྡྷ་ཡ་ཧཱུྃ་ཕཊ྄ཿ གྲྀ་གྲྀ་ཧཱུྃ་ཕཊ྄ཿ ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ ད་ཧ་ད་ཧ་ཧཱུྃ་ཕཊ྄ཿ པ་ཙ་པ་ཙ་ཧཱུྃ་ཕཊ྄ཿ ཅེས་བཟླས། སྣས་ཆིངས་ཀྱི་རྒྱ་གྲམ་མཚམས་སུ་བླུག་པར་རྡོ་རྗེ་རྒྱ་གྲམ་གྱི་ཐེའུས་རྒྱས་བཏབ། སླན་ཆད་ཀྱང་ཇི་སྲིད་བསྐལ་པ་གནས་ཀྱི་བར་དུ་ཕུང་སྲི་དེ་ཉིད་ལྡང་མི་ནུས་པར་མི་གཤིགས་པ་རྡོ་རྗེ་བཞིའི་ཕྱག་རྟགས་སུ་ཕྱག་མཚན་རྒྱ་གྲམ་གྱི་རྒྱས་བཏབ་པར་བསམ། ལིང་ག་དེ་ཉིད་སྲི་འདྲེ་སོ་སོར་ཆེད་དུ་གསལ་བའི་གཤེད་ཐོད་གང་ཡིན་པ་དེ་ཉིད་དུ་བཅུག ཐལ་སྐྱོ་ཡང་བླུག ཀླད་ཁུང་དུ་མ་དམིགས་བཅས་སྔ་མ་ལྟར་བསྟབ། རེ་བའམ་ཡུགས་སའི་ཤ་གོས་ཀྱིས་དྲིལ་ནས། ཐུམ་དེ་ཉིད་རྣམ་པ་བསྐལ་པའི་མུན་པ་མི་བཟད་པ་རབ་ཏུ་གནན་པས་གཡོགས་པ་སྟེ། ངོ་བོ་སྔོན་ཆད་རྒྱལ་བའི་བཀའ་དང་དམ་ལས་འདས་ཤིང་སེམས་ཅན་ཡོངས་ཀྱི་སྲི་རུ་ལྡང་བར་བྱས་པའི་རྣམ་པར་སྨིན་པའི་ཆ་ལས་གྲུབ་པའི་རྒྱུ་དང་རྐྱེན་གྱིས། ཞི་ཁྲོ་རབ་འབྱམས་རྒྱལ་བའི་ཐུགས་སྙིང་རྗེར་ཁྲོས་པའི་གཟི་བརྗིད་ཀྱིས་འཕྲིན་ལས་གང་འདུལ་དུ་བཞེངས་པ་རབ་ཏུ་གནག་ཅིང་གཞོམ་གཞིག་མི་ནུས་པས་རབ་ཏུ་གཡོགས་ཅིང་བསྲུངས་བར་བསམ། ཚོན་སྐུད་སྣ་ལྔས་བཅིང་། དམིགས་པ་སྔ་མ་ལྟར་བྱས། བཅིང་མཚམས་རྣམས་སུ་སེ་སྐྱེར་འོམ་གསུམ་གྱི་རྩང་ཕུར་གསུམ་ཁྲམ་རིས་སུ་བཙུགས་ལ། ཡི་དམ་སྲུང་མར་བཅས་པའི་མཐུ་སྟོབས་ཀྱི་རྡོ་རྗེ་རྣོ་ངར་མི་བཟད་པ་རེག་འཇོམས་མཚོན་ཆའི་གུར་ཁང་མེའི་ཚ་ཚ་དང་ཐོག་ཟེར་ལ་སྤྲུལ་པ་སྣ་ཚོགས་སྤྲོ་བས་བསྲུངས་བར་བསམ་ལ། སླར་ཡང་དེ་ཉིད་ཨེ་ཡི་ནང་དུ་གཞུག་ཅེས་པས། གྲུབ་ཁུང་དུ་བཅུག་ལ། མནན་ཆས་བྱས་ཟིན་པའི་སྐབས་སུ་འདི་གྱེར་རོ།། ཀྱཻ༔ སྔོན་གྱི་ལས་ངན་བསགས་པ་ཡིཿ ད་ལྟ་ལུས་ངན་བླང་པ་ཡིན༔ སྲི་ཅན་འཁོར་དང་བཅས་པ་འདི༔ རིགས་ནི་ཡི་དྭགས་རྫུ་འཕྲུལ་ཅན༔ ལས་ནི་ངན་དགུ་གདུག་བཅུ་བྱེད༔ ཐལ་བའི་མདོག་ལ་སྐྲ་གཟིངས་སྐྱེས༔ བོང་ཆུང་མདོག་ཆེ་བཞིན་མི་སྡུག༔ ལྟས་ངན་རྟགས་སུ་ཡ་སོ་རྟོལ༔ སྔོན་ནས་སེམས་ལ་གདུག་རྩུབ་ཚང་༔ ལས་ངན་བྱས་པས་གྲུབ་པ་ཡིན༔ ཁྱོད་ཕ་ཡི་སྲི་ལ་བུ་ཡི་སྲི༔ ཆེ་ཡི་སྲི་ལ་ཆུང་གི་སྲི༔ ནོར་གྱི་སྲི་ལ་ཕྱུགས་ཀྱི་སྲི༔ རྒྱལ་པོའི་སྲི་ལ་བློན་པོའི་སྲི༔ བསྟན་པ་གཉེན་པོ་ཁྱོད་ཀྱིས་བཤིག༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་སྨད༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་ཁྱོད༔ ཐེག་ཆེན་ཆོས་ལ་ཁྱོད་ཀྱིས་སྨད༔ སེམས་ཅན་ཡོངས་ལ་གནོད་པ་བྱས༔ རྣལ་འབྱོར་ཡི་ཚེ་བདུད་བྱས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་༔ བརྗོད་ཀྱི་དོགས་ནས་ལིང་གར་བྱས༔ ནོར་གྱི་དོགས་ནས་མིང་རུས་བྲིས༔ བྲོས་ཀྱི་དོགས་ནས་ལྕགས་སྒྲོག་བརྒྱབ༔ མཚོན་ཆ་རྣམས་ཀྱིས་མཐའ་ལ་བསྐོར༔ ཕོ་ཉ་རྣམས་ཀྱིས་འགུགས་འདྲེན་བྱས༔ རཀྟ་ཁོལ་མའི་རྦབ་ལ་གཡེངས༔ ཡུངས་ཀར་སྦྱར་བའི་ཐུན་གྱིས་བྲབ༔ གུ་གུལ་དུད་པ་སྦྱར་བས་བདུག༔ སྐྱེར་པའི་ཚེར་མ་སྙིང་ལ་གཟེར༔ རེ་བ་ནག་པོའི་ཐུམ་གྱིས་བཏུམ༔ ཚོན་སྐུད་སྣ་ལྔས་རྒྱ་ཆིངས་བྱས༔ སོ་སོའི་སྲི་ཐོད་ནང་དུ་བཅུག༔ ཀླད་ཁུང་ལ་ཆའི་རྒྱ་ཡིས་བཏབ༔ སྙིང་རྗེ་མེད་པའི་ལག་ཏུ་གཏད༔ སྲི་ཁུང་གྲུ་གསུམ་ནང་དུ་བྲུབ༔ འཇིག་རྟེན་ཁམས་འདི་མ་ཞིག་བར༔ ནམ་ཡང་ཐར་པའི་སྐལ་བ་མེད༔ ནམ་ཞིག་བྱང་ཆུབ་སེམས་སྐྱེས་ན༔ ཡི་གེ་ཧཱུྃ་དུ་བསྡུས་ནས་ཤོག༔ ཅེས་བརྗོད། སྐབས་འདིར་ཐོད་དབང་བསྐུར་བའི་དམིགས་པ་ནི། སྲི་འདྲེ་སོ་སོར་ཆེ་རུ་གསལ་བའི་ཐོད་པའི་མནན་ཁང་དེ་ཉིད། གནམ་ལྕགས་ཀྱི་ས་གཞི་དང་། མི་ཤིགས་པ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་བྲུབ་ཁུང་གཏིང་རིང་བ་སྟེང་འོག་བར་གསུམ་དུ་བར་མཚམས་དང་སྲུབ་མེད་པ། ཕྱི་ནང་སྟེང་འོག་ནད་དང་དུག་གི་དུད་པ་འཐུལ་ཞིང་མཚོན་ཆའི་ཆར་བབ་པ། ཕྱི་རོལ་རྣམས་སུ་སྲུང་བའི་ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པས་བསྲུང་བ། ཕྱི་ནས་རིམ་བཞིན་ས་ཆུ་མེ་རླུང་མི་བཟད་པའི་གུར་ཁང་རིམ་པ་མང་པོ་ཅན་དུ་བསམ། རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པས་རྒྱས་བཏབ་བདེན་པའི་ཚིག་གི་གཟིར། དྲག་རྩལ་སྟོབས་ཀྱི་མནན་པར་བསམ། དེ་ཉིད་ལས་ཀྱི་གཤིན་རྗེ་ལ་གཏད་པས། བཟུང་ཞིང་ཟིན་ནས་བཏང་མི་ཤེས་པར་བཟུང་བར་དམིགས་པར་བྱའོ།། ༈ དེ་ནས་ལས་གཞུང་ལྟར་སྒོ་དབྱེ་ལམ་བསྟན་བྱས། ཐུན་རྫས་གཏོར་མ་སོགས་གང་འཕེན་པར་འོས་པའི་ཟོར་ཆས་རྣམས་དང་། གནོན་པར་བྱ་བ་དེ་ཉིད་བཅས་ཟོར་ལམ་དུ་ཆས། གཏོར་ཚུགས་བྱས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་སྤྱི་གཟུགས་པ༔ སོགས་བཟློག་པ་དང་ཆོས་སྐྱོང་གི་བཟློག་པ་ཡང་ཁྱེར། མནན་གཟེར་ལས། དེ་ནས་མནན་གནས་སོ་སོ་ཡང་ན་ལམ་རྒྱ་གྲམ་དུ་མནན་པས་ཐམས་ཅད་ནོན་པ་ཡིན༑ ཞེས་གསུང་བའི། མནན་གནས་སོ་སོ་ཞེས་པ་ནི། ཕོ་སྲི་གངས་དཀར་གྱི་སྟེང་དུ་མནན། མོ་སྲི་རྒྱ་མཚོའི་གཏིང་དུ། ཆུང་སྲི་རའི་ཐོད་པ་དེ་མ་སྒྱེད་ཞབས་སུ། སྲེ་མོང་ཐོད་པ་ཅན་དེ་སྒོ་ཐེམ་ཞབས་སུ། ཁྱི་ཐོད་ཅན་དེ་ལམ་རྒྱ་གྲམ་ལམ་གྲོང་ཁྱེར་གྱི་སྲང་མདོར། སྤྱིར་བཏང་མ་ཡི་ཉལ་འོག་ཏུ་མནན་པར་གསུངས། བདུད་སྲི་བདུད་གཅོད་ཕྱོགས་སུ། བཙན་སྲི་ལུང་གསུམ་མདོའམ་ལ་བཙས་འོག་ཏུ། རྒྱལ་སྲི་ལྷ་ཁང་ཐེམ་འོག་ཏུ། དམ་སྲི་ཐེམ་འོག་གམ་ཡང་ན་མཆོད་རྟེན་འོག་གམ་ལམ་རྒྱ་གྲམ་འམ་ལྷོ་ཕྱོགས་ཀྱི་ཤིང་ཅིག་འོག་ཏུ། ཀླུ་སྲི་བྲག་བྱ་ཁྱུང་འདྲ་བའི་འོག་ཏུ། དགྲ་སྲི་དགྲ་སྡང་ཕྱོགས་སམ། དགྲ་སྲི་ཕུང་ཤུལ་དུ། དུར་སྲི་དུར་མཆེད་ཀྱི་ཞབས་སུ། རྒན་སྲི་དུར་འོག་གམ་ཐེམ་འོག་ཏུ། བྱིས་སྲི་ལམ་རྒྱ་གྲམ་འོག་ཏུ། ཞིང་གི་ལོ་སྲི་ལམ་རྒྱ་གྲམ་འོག་ཏུ། གོད་སྲི་ལམ་འོག་གམ་ར་བའི་ཕུག་གི་སྟོངས་སམ། ས་མདོ་སོགས་ས་བཅད་གཞུང་དང་བསྟུན་པའི། མ་ཎི་བུམ་པ་སོགས་ཀྱི་འོག་ཏུ་མནན་པ་དང་། དམིགས་སུ་མི་གསལ་བ་རྣམས་ལམ་རྒྱ་གྲམ་ལམ་གྲོང་ཁྱེར་གྱི་སྲང་མདོའོ། །སྒོ་ཡི་ཐེམ་འོག་གམ། ལུང་གསུམ་འཛོམ་མདོ་མཚམས་སོགས་སུ་མནན་པ་ཡིན་པས། ༈ དེ་ལྟ་བུའི་གནོན་ས་གང་རིགས་སུ་ཕྱིན་ནས། སྤྲོ་ན་ཕྱོགས་དེའི་གཞི་བདག་ལ་གཏོར་མ་བྱིན། མིན་ཀྱང་གསེར་སྐྱེམས། གཟུ་དཔང་། ཐུན་ཟོར་རྣམས་རིམ་པ་བང་བ་དང་གཏོར་ཟོར་ཀྱང་འཕངས། མནན་གཟེར་ལས། རྡོ་རྗེ་སློབ་དཔོན་གྱི་ཨེ་བྲུབ་ཁུང་བྲིས་ལ་བྲུབ་ཁུང་གཏིང་རིང་བར་བྱའོ། །ཞེས་གསུང་པ་ལྟར་དོང་བྲུས་ལ་དེ་ཉིད་ལས་རང་ཡི་དམ་ལྷ་ཡི་ང་རྒྱལ་གྱིས་འདི་སྐད་དོ། །ཅེས་གསུང་པ་ལྟར། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ དགྲ་བགེགས་འདུལ་བའི་གཉེན་པོ་ཡིན༔ ལས་ཀྱི་མནར་བའི་དམ་སྲི་འདི༔ སྐྱོན་ནམ་དེ་ནི་མི་སྐྱོན་ན༔ འཁོར་ལོ་ཆེན་པོའི་རྩིབས་ལ་སྐྱོན༔ མཚོན་ཆ་སྟོང་གིས་བསྐོར་ནས་བཞག༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྤྱུག༔ རོལ་པའི་མཚོ་བདུན་བསྐོར་ནས་བཞག༔ རི་རབ་ཆེན་པོའི་འོག་ཏུ་མནན༔ གསེར་གྱི་རི་བདུན་བསྐོར་ནས་བཞག༔ རེ་བ་ནག་པོའི་གོས་ཀྱིས་དྲིལ༔ སྔོ་དམར་སྐུད་པས་རྒྱ་གྲམ་བཞག༔ ལས་ཀྱི་གཤིན་རྗེས་ཞབས་འོག་གཟིར༔ ཅེས་རྡོ་རྗེ་སློབ་དཔོན་གྱི་ཞབས་འོག་ཏུ་མནན་ནོ། །དེ་ནས་དང་པོ་དེ་ཉིད་བྲུབ་ཁུང་དུ་བསྐྱེད་པ་ནི། ཨེ༔ མདུན་དུ་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་༔ དུས་གསུམ་ལས་ཀྱི་བཙོན་ཁང་གྲུ་གསུམ་པ༔ འདོད་ཆགས་མཚོ་འཁྲུགས་ཞེ་སྡང་མེ་དཔུང་འབར༔ གཏི་མུག་མུན་གཏིབ་ཁ་རུབ་གཏིང་ཟབ་པ༔ ང་རྒྱལ་རི་བསྙིལ་ཕྲག་དོག་རླུང་དམར་འཚུབས༔ ཟིན་ནས་ཐར་མེད་གཤིན་རྗེའི་ལྕགས་ཁང་གྱུར༔ ཅེས་བསྐྱེད། གནོན་རྒྱུའི་ཐོད་པ་དེ་ལག་ཏུ་ཐོགས་ནས། ལས་ཀྱི་གཤིན་རྗེ་ལ་གཏད་པ་ནི། ཧཱུྃ༔ འབྱུང་བ་རྟེན་བཞིའི་རྔམ་འོག་ནས༔ ལས་ཀྱི་ཚེ་བདག་ནག་པོ་ནི༔ ཡ་མཚན་ཆེན་པོ་རྨད་དུ་བྱུང་༔ མུན་ནག་འཐིབ་པའི་ནང་དུ་བཞུགས༔ གཡས་པའི་ལག་ན་རི་རབ་ཐོགས༔ གཡོན་པའི་ལག་ན་རྒྱ་མཚོ་འཁྲུགས༔ ཞབས་ཀྱིས་རླུང་གི་འཁོར་ལོ་མནན༔ དམ་ཉམས་ལས་ཀྱི་དམ་སྲི་ལ༔ མནན་པ་ལས་ཀྱི་དུས་ལ་བབ༔ སྒོ་མེད་ལྕགས་ཁང་ནང་དུ་ཆུག༔ གཤིན་རྗེ་རྣམས་ལ་ཟས་སུ་སྦྱིན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུག༔ རི་རབ་ཆེན་པོའི་རྨང་དུ་ནོན༔ ནམ་ཡང་གཏོང་བར་མ་བྱེད་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ གནོད་བྱེད་སྲི་ངན་འབྱུང་པོ་འདི༔ ཟས་སུ་བཏབ་བོ་གཏད་དོ་ནྲྀ་ཏྲི་ཛ༔ ཞེས་ཐོད་པ་དོང་ནང་དུ་བསྐྱུར་ཏེ་ཐོད་པ་མགོ་མཇུག་ལྡོག་ལ་བཞག་ལ། ཧཱུྃ༔ སྲི་ལས་སྣ་འདྲེན་ཆེ་བ་མེད༔ སྲི་ལས་ནི་སྐྱེས་རིང་བ་མེད༔ ན་བའི་གཟེར་དུ་ཆེ༔ ཚ་བའི་དབལ་དུ་ཆེ༔ གསོན་གྱི་བདུད་དུ་ཆེ༔ གཤིན་གྱི་གཤེད་དུ་ཆེ༔ ཆེ་སྲི་ཆུང་གི་སྲི༔ རྒྱལ་སྲི་བློན་གྱི་སྲི༔ ཞང་སྲི་ཚ་བོའི་སྲི༔ རྗེ་སྲི་འཁོར་གྱི་སྲི༔ མ་སྲི་ནུ་བོའི་སྲི༔ བུ་སྲི་ནུ་ཡི་སྲི༔ ལྕམ་དང་དཔལ་གྱི་སྲི༔ ཡོད་སྲི་མེད་ཀྱི་སྲི༔ ཡུལ་སྲི་དུར་གྱི་སྲི༔ གོད་སྲི་སྒོ་ཡི་སྲི༔ སྲི་རྣམས་ཐམས་ཅད་འདུལ་བྱའི་ཕྱིར༔ འཇམ་དཔལ་ཟིལ་གནོན་སྐུར་བསྒོམ་སྟེ༔ དྲག་པོར་སྤྲུལ་པའི་ཕོ་ཉ་ཡི༔ སྲི་རྣམས་ཐམས་ཅད་རྡུལ་དུ་རློགས༔ གཤིན་རྗེའི་ལས་འདི་འགྲུབ་པར་མཛོད༔ པ་ར་བི་དན་ཧཱུྃ་ཕཊ྄ཿ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄ཿ བིནྡྷ་བིནྡྷ་ཧཱུྃ་ཕཊ྄ཿ གྲྀ་གྲྀ་ཧཱུྃ་ཕཊ྄ཿ ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ ད་ཧ་ད་ཧ་ཧཱུྃ་ཕཊ྄ཿ པ་ཙ་པ་ཙ་ཧཱུྃ་ཕཊ྄ཿ མནན་གཟེར་ལས། དེ་ནས་ཨེ་ཡི་སྟེང་དུ་མགོ་མཇུག་སློག་ལ་དམ་པར་མགལ་བ་རྣམས་ཀྱི་རྫས་དང་མི་ཁའི་རྫས་ཀྱི་གཏམ་པ་བཞག དེ་ནས་ས་རེ་བཀབ་ལ་འདི་གྱེར་རོ། །ཞེས་པ་ལྟར་ས་རིམ་པ་རེས་མནན་པའི་རིང་ལ་འདི་སྐད་གྱེར། ཧཱུྃ༔ གནོད་པར་བྱེད་པའི་དམ་སྲི་འདི༔ ཉ་མོ་རྟ་རུ་སོང་ཡང་མ་ལྡང་ཞིག༔ བོང་བ་གཡག་ཏུ་སོང་ཡང་མ་ལྡང་ཞིག༔ དཀར་གོང་ལུག་ཏུ་སོང་ཡང་མ་ལྡང་ཞིག༔ གཡའ་མ་ར་རུ་སོང་ཡང་མ་ལྡང་ཞིག༔ ཅེས་བརྗོད། དེའི་ཁར་ཐོད་ནོན་བཞག སྲི་ཆང་འབྲང་རྒྱས༑ ཆང་བུ། སྲི་ཤ སྲི་ཡོས་རྣམས་བསྐྱུར་ལ། ཧཱུྃ༔ ཁོང་ཚུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་༔ ཕྲུ་གུ་ཐམས་ཅད་ཙི་སྒྲ་དིར་དིར་སྒྲོག༔ མནན་པའི་ལས་སྦྱར་དམ་ཉམས་ཕུང་སྲི་རྣམས༔ བསྐལ་པ་མ་སྟོངས་བར་དུ་མ་ཐར་བར༔ ཆུ་སྲིན་ཁ་བསྡམ་ཉི་ཟླ་གཟས་ཟིན་བཞིན༔ མུན་ནག་རུམ་གྱི་རང་གནས་རྒྱ་མཚོའི་གཏིང་༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་༔ ཞེས་བརྗོད་པས་མནན་པ་ནུབ་ཙམ་སྟེང་དུ་རོ་གཡམ་གྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་དང་། རང་ཐག་ཡང་ཁོད་ལ་གླིང་བཞི་གླིང་ཕྲན་བྲིས་པ་དང་། སླར་ཡང་། ལཾ་ལཾ་ལཾ་སྟམྦྷ་ཡ་ནན༔ སས་ནོན། ཝཾ་ཝཾ་ཝཾ་སྟམྦྷ་ཡ་ནནཿ ཆུས་ནོན། རཾ་རཾ་རཾ་སྟམྦྷ་ཡ་ནན༔ མེས་ནོན། དེ་ལྟར་ཚར་གསུམ་གྱིས་རིམ་དགུའི་མནན། དམིགས་པ་ནི། ཐུན་བར་གྱི་ཉམས་ལེན་དང་ཐོད་དབང་བསྐུར་བའི་དམིགས་པ་འདྲེས། རྣལ་འབྱོར་པ་བདག་ཅག་སློབ་དཔོན་འཁོར་དང་བཅས་པ་ལ་བར་དུ་གཅོད་པར་བྱེད་པའི་དམ་སྲི་ཕུང་སྲི་གནོད་བྱེད་འབྱུང་པོ་རྒྱལ་བསེན་གསོན་སྲི་ཤི་སྲི་ཐམས་ཅད་མ་ར་ཡ་སྟམྦྷ་ཡ་ནན་ཚིནྡྷ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་ལ་སྲི་ཁ་གཅོད་པའི་རྫས་རྣམས་དང་བཅས་ཏེ། མནན་གཟེར་ལྟར། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱཿ གཉིས་པ་ཐབས་དང་ཤེས་རབ་རྒྱཿ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱཿ བཞི་པ་ཚད་མེད་བཞི་ཡི་རྒྱ༔ ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ༔ དྲུག་པ་ཐུབ་པ་དྲུག་གི་རྒྱཿ བདུན་པ་མ་མོ་བདུན་གྱི་རྒྱཿ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་པ་ཐེག་པ་རིམ་དགུའི་རྒྱ༔ བཅུ་པ་ཁྲོ་བོ་བཅུའི་རྒྱཿ བཅུ་གཅིག་ཀུན་ཏུ་འོད་ཀྱི་རྒྱ༔ བཅུ་གཉིས་མ་ཆགས་པདྨའི་རྒྱ༔ བཅུ་གསུམ་རྡོ་རྗེ་འཛིན་པའི་རྒྱཿ བཅུ་གསུམ་རྒྱ་ལས་མ་འདའ་ཞིག༔ གལ་ཏེ་བྱང་ཆུབ་སེམས་སྐྱེས་ན༔ ཡི་གེ་ཧཱུྃ་དུ་བརྫུས་ནས་ཤོག༔ ཅེས་པ་ཁྲམ་དགུ་དང་བསྟུན་ནས། སློབ་དཔོན་གྱི་རྫས་རེ་འདེབས་ཤིང་བརྗོད་དགོས་ཏེ། དེའི་འཕྲོས་ལས་ཞེས་རང་ཐག་ཡ་ཁོད་ལ་རྡོ་རྗེ་རྒྱ་གྲམ་དང་བཅས་པས་བཀབ་ལ། རྒྱ་རེ་དང་ས་རེ་སྤེལ་ལ་མནན་ཞེས་གསུངས་པའི་ཕྱིར་རྫས་གཞན་རྣམས་མ་འབྱོར་ན། ཚྭ། བ་ཚྭ། བུལ་ཐོག་གསུམ་ལ་སྲི་གཅོད་པའི་རྫས་གསུམ་དུ་གྲགས་པ་དེས་འཐུས་པས་མ་ཁེངས་ཙམ་ལ་མི་ཁའི་རྫས་རྣམས་བསྐུར་བའི་སྟེང་ས་རྡོས་མནན་ལག་ཚགས་དམ་པར་བྱས་ལ། དེ་ནས་གསེར་སྐྱེམས་སྦྱར་བའི་ཕྱེ་མ་དང་བཤལ་ཆུ་འབྲུ་སྣའི་སྐྱེམས་དང་བཅས། ཧཱུྃ༔ འཛམ་གླིང་ལྷོ་ཕྱོགས་གངས་ཅན་བོད་ཀྱི་ཡུལ༔ སོགས་གྱེར། གཏོར་བྲོ་གཞུང་བཞིན་བརྡུངས་ལ་སློབ་དཔོན་གྱི་ཞབས་ཀྱིས་བརྡེག་གོ །ཐེམ་འོག་དང་། མཆོད་རྟེན་ཤིང་དྲུང་སོགས་སུ་མནན། ཡ་ཐེམ་སོགས་དང་། གཞན་དུ་ཡིན་ན་བྱང་གཏེར་ལུགས་འགའ་ཞིག་ཏུ་སྟེང་དུ་གཏོར་མ་འཇོག་པར་བཤད་པ་དང་། སྟེང་དུ་མཐོ་བརྩེགས་པ་སོགས་གང་རིགས་པ་དེ་ཉིད་བྱིན་བསྐྱེད་ཕྱིར། མཆོད་པ་དང་གཏོར་མ་སོགས་ཀྱིས་མཐར་བསྐོར་ལ། ཧཱུྃ༔ ཕོ་བྲང་ཐོད་པ་ལྕགས་མཁར་ཧཱུྃ་ཡིག་ལས༔ གཤིན་རྗེའི་རྒྱལ་པོ་མཐིང་ནག་མ་ཧེའི་གདོང་༔ དུར་ཁྲོད་ཆས་བརྒྱན་ཐོད་བྱུག་འཁོར་ལོ་བསྐོར༔ དྲེགས་པའི་སྡེ་ལ་དབང་བསྒྱུར་མ་ཧེ་བརྫིས༔ ཨོཾ་ཨཱཿཧཱུྃ་ཡ་མཱ་ར་ཛ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དེ་ལ། ཨོཾ་ཀརྨཱ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་རྣམ་ལྔ་རོལ་མོ་བཅས། པྲ་ཏིཙྪ་ཡེ་སྭཱ་ཧཱཿ མཆོད་ལ། ཨོཾ་ཀརྨ་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨེ་དཾ་བ་ལིཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ སྲིད་པའི་ལྷ་སྲིན་འབྱུང་པོ་ཀུན༔ ཁྱེད་ཀྱི་འཁོར་དང་གཡོག་ལགས་ཀྱིས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ ས་འདི་ཡན་ལ་བགེགས་མ་གཏོང་༔ ཡ་མ་རཱ་ཛ་ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱི་མིག་མི་ལྟ་བར་རང་གནས་སུ་ལོག་ལ། ཆོས་སྲུང་ལ་མཆོད་བསྟོད་བསྡུས་པ་ཕུལ་ཡིག་བརྒྱས་ལྷག་ཆད་ཁ་བསྐང་། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་༔ སོགས་ཀྱི་རྗེས་ཆོག་ལྷག་བསྐང་། བཀྲ་ཤིས་བསྔོ་སྨོན་རྣམས་ལས་གཞུང་ལྟར་རྗེས་མི་མངོན་པར་བྱའོ། །དེ་ལྟར་སྲི་གནོན་གྱི་ཆོ་ག་རབ་བརྗིད་རྡོ་རྗེའི་རི་དབང་ཞེས་བྱ་བ་སྒྲུབ་ཐབས་ལས་ཚོགས་དང་བཅས་མནན་བསད་འཕང་གསུམ་དགོས་པ་ཀུན་ཚང་དུ་བཀོད་པ་ནི། དཔལ་ལྡན་བླ་མ་དམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་ཇི་ལྟར་གསུངས་པ་རིམ་བཞིན་རེག་ཟིག་ཏུ་བཀོད་པའི་ཡི་གེ་པ་ནི། དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བགྱིས་ཤིང་། སླར་ཡང་། རིན་པོ་ཆེ་ཉིད་ཀྱི་སྤྱན་ལམ་དུ་ཕབ་སྟེ་ཞུས་ཤིང་དག་པར་བགྱིས་པའི་རྣམ་པར་དཀར་བའི་དགེ་རྩ་མི་ཟད་པའི་མཐུས་རྒྱལ་བའི་བསྟན་པ་དང་འགྲོ་བའི་བདེ་ལ་ཉེ་བར་འཚེ་བ་ཐམས་ཅད་ཞི་ནས་སྲིད་ཞིའི་དཔལ་འབྱོར་ནམ་མཁའི་ཁྱོན་ལྟར་རྒྱས་པའི་རྒྱུར་ཅིག །།སརྦ་མངྒ་ལཾ། །བསྟན་འགྲོ་ཐམས་ཅད་ལ་བཀྲ་ཤིས་པར་མཛད་དུ་གསོལ།།

འཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངག

འཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངག་བཞུགས་སོ། །སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤཱུ་ཨཿདྷརྨ་དྷཱ་ཏུྎ ཧཱུྃ་བཛྭ་ཙིཏྟྎ ཀ་ནས་དག་པ་དེ་བཞིན་ཉིད་ཀྱི་དབྱིངས་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀུན་ཏུ་སྣང་བའི་རྩལ་གཉིས་སུ་མེད་ཅིང་དབྱེར་མེད། དབྱེར་མེད་པའི་ཐུགས་རྗེའི་འཕྲོ་འདུ་ཨེ་ལས། སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པ། མར་སྣ་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་དང་། ཡར་སྣ་སྲིད་པའི་རྩེ་མོར་ཟུག་པ། དེ་ལས་འོད་ཟེར་འཕྲོས། འོག་རྡོ་རྗེའི་ས་གཞི། འཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་འཁོར་ལོ་པདྨ་རིན་པོ་ཆེ་རལ་གྲིའི་གུར་མཚོན་ཆ་རྣོ་བའི་ངར་དང་ལྡན་ཞིང་དབལ་རྩུབ་པ་ཐམས་ཅད་ཀྱིས་བར་མཚམས་མེད་པར་གཏམས་ཤིང་སྲུབ་མེད་པ་ཅིས་ཀྱང་མི་ཚུགས་པ་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་དམར་འུར་འུར་འབར་བའི་ལྟེ་བར། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། ཕྱོགས་སྐྱོང་མ་ཧེ་བརྫིས་པའི་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར། རྒྱུ་དང་རྐྱེན་མེད་པར་བདག་ཉིད་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱན། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཡན་ལག་རགས་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིང་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་ལྗགས་ལ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པ། སྨ་ར་ཨག་ཚོམས་སྨིན་མ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་གསུམ་སྡང་མིག་ཏུ་གཟིར་ནས་བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་བཅིངས་པའི་ཤངས་ཀྱི་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབ་པ། ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔའི་ཅོད་པན་བདུད་དང་མུ་སྟེགས་དང་སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་ལྔ་བཅུ་རྩ་གཅིག་དང་སྙིང་སྤེལ་བའི་རྒྱུ་མའི་ག་ཤ རུས་པའི་རྒྱན་དྲུག་དང་། སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་ཞིང་ཆེན་གྱིས་སྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཆོམ་བུ། མཁུར་ཚོས་དང་སྣ་ལ་རཀྟའི་ཐིག་ལེ་བྲང་གི་འཛོམས་སུ་ཞག་གི་སོར་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེའི་མཚོན་ཆ་ངར་མའི་གཤོག་པ་བརྒྱངས་པ་གཡོན་བརྐྱང་ནས་འབར་བའི་འཕྲེང་བ་འཁྲུག་པའི་ཀློང་ན་བཞུགས་པར་གྱུར། སྤྱི་བོར་དེ་བཞིན་གཤེགས་པའི་ཁྲོ་བོ་བྱ་ཁྱུང་དཀར་པོ། རྡོ་རྗེའི་རྭ་དང་མཆུ་སྡེར་ཉི་ཟླའི་མིག མཚོན་ཆ་མི་བཟད་པའི་སྤུ་གཤོག་ཅན། སྦྲུལ་ཆེན་པོ་བཟུང་ནས་ཁར་ཟ་བ། དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་དབུས་སུ། སྐུའི་ཁྲོ་བོ་ཡ་མ་རཱ་ཛ་སྨུག་ནག་འཁོར་ལོ་དང་བེ་ཅོན་ཅན། མགྲིན་པར་པདྨ་དམར་པོ་འདབ་བརྒྱད་དབུས་སུ་གསུང་གི་ཁྲོ་བོ་རྟ་མཆོག་རོལ་པ་དམར་ནག་འཁོར་ལོ་དང་རྡོ་རྗེའི་ཞགས་པ་ཅན། སྙིང་གར་རྡོ་རྗེ་རྩེ་དགུ་པའི་དབུས་སུ་ཐུགས་ཀྱི་ཁྲོ་བོ་ཕྱག་རྡོར་ལྗང་ནག་རྡོ་རྗེ་དང་སྙིང་འཕྲེང་ཅན། ལྟེ་བར་རིན་པོ་ཆེ་ཆ་བརྒྱད་པའི་དབུས་སུ་ཡོན་ཏན་གྱི་ཁྲོ་བོ་རུ་སྦལ་རྔམ་པ་མི་གཟན་དམར་སེར་མཆེ་སྡེར་གནམ་ལྕགས་ལས་གྲུབ་ཅིང་ཁྲག་གི་ཐིག་ལེ་དང་དུག་གི་སྨེ་བ། ཡན་ལག་དྲུག་ལ་མཆོད་རྟེན་གྱིས་མཚན་པ། སྙིང་གར་ལྷ་སྲིན་གྱིས་སྲོག་འཆང་ཞིང་ལྟོ་བ་སྲིད་པའི་ཁྱམས་ཁང་དུ་སྣང་བ། གསང་གནས་སུ་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ་མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་ཕྱག་དྲུག་རྡོ་རྗེ་རྩེ་དགུ་རྩེ་ལྔ། མེ་དཔུང་ཁ་ཊྶཱཾ་ཐ་མ་གཉིས་ཀྱིས་ཕུར་བུ་བསྒྲིལ་བ་ཁྲོ་བོ་ཐམས་ཅད་དཔལ་གྱི་ཆས་ཀྱིས་བརྒྱན་པའོ། །བསྲུང་འཁོར་ལྟར་བསྒོམ་ན། སྤྱི་བོར་བྱ་ཁྱུང་དཀར་པོ། སྙིང་གར་སྲས་མཆོག་ཡ་མ་རཱ་ཙ། དེའི་སྙིང་གར་དྲེགས་པ་ཕྱག་རྡོར། དེའི་སྙིང་གར་རུ་སྦལ་རྔམ་པ་མི་གཟན་ཞེས་བྱའོ། །ཕྲག་གོང་གཉིས་སུ་ཁྱུང་མོ་སྨུག་ནག ནུ་ཁ་གཉིས་སུ་སེང་གེ་དཀར་མོ་རལ་པ་སྤྲུག་པ། སོག་གཞུག་གཉིས་སུ་སྟག་མོ་མི་རོ་ཟ་བ། སྟ་ཟུར་གཉིས་སུ་སྦྲུལ་ནག་ཁ་ནས་དུག་རླངས་འགྱེད་པ། སེང་སྟག་སྦྲུལ་ལས་གཤིན་གསུམ་ཡིན་ནོ། །གཡོན་དུ་སྦྱོར་ཡུམ་པེ་ཏཱ་ལི་མཐིང་ནག་སྙིང་དང་ཐོད་ཁྲག་འཛིན་པ་དང་། དབྱིངས་ཡུམ་མུ་ཁ་ལེ་དམར་སྨུག་ཁྲམ་ཤིང་ནད་རྐྱལ་འཛིན་པ། གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྔོ་སྐྱ་རལ་གྲི་དང་གཡུ་སྤྱང་འཛིན་པ། ཁྲོ་མོ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྩིབས་སྟོང་ལ་ཕྱི་ནང་གསང་བ་ལོ་ཟླ་ཞག་དུས་བཞི་ཟ་མའི་གཤེད་ཕོ་མོ་ཐམས་ཅད་གདུག་པ་ཅན་གྱི་མཚོན་ཆ་བཟུང་ཞིང་དྲག་ཤུལ་ཆེན་པོའི་སྐུ་གླང་པོ་ཆེའི་གོ་ཟུ་གྱོན་ཞིང་ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཅིང་རྔམ་པའི་འཆམས་ཀྱིས་རོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཀྱིས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཀུག དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔས་བཀང་བས་དབང་བསྐུར། ལུས་གང་དྲི་མ་དག ཆུ་རྒྱུན་གྱེན་དུ་ལུད་པས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔ་ཐོད་པའི་གཞལ་ཡས་ཁང་དུ་བཞུགས་པས་རྒྱས་བཏབ་པར་གྱུར། དེ་ནས་བསྙེན་པ་གཞུང་བཞིན་བྱ། རྗེས་ལྷ་ཚོགས་རང་ལ་བསྟིམ། དགེ་བ་བསྔོ་བར་བྱའོ། །པདྨ་དཀར་པོས་སྦྱར་བའོ།། །།མངྒལཾ།། །།

འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ།

འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ་ཞེས་བྱ་བ་བཞུགས་སོ།། ན་མོ་མཉྫྱུ་གྷོ་ཥཱ་ཡ། སྣ་ཚོགས་རྙོགས་བྲལ་ཆུ་ལ་ཟླ་བརྙན་ལྟར། །མོས་པའི་རྗེས་སོང་དཀྱིལ་འཁོར་འཁོར་ལོ་བཞིན། །གཅིག་པུ་དུ་མར་ཤར་བ་ལྷ་ཡི་འཕྲུལ། །འགག་མེད་ཆུ་ཟླའི་གར་བསྒྱུར་དེ་ལ་འདུད། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །སྒྱུ་འཕྲུལ་རབ་བཀྲམས་འདས་ལ་སྙིང་པོའི་མཆོག །སྒྲུབ་པ་བཀའ་བརྒྱད་ལས་ཀྱང་ཡང་སྙིང་སྐུའི། །དཀྱིལ་འཁོར་ཡངས་པོར་འཇུག་པའི་ཆིང་འདིར་བྲི། །དེ་ཡང་འདིར་འཇམ་དཔལ་ཚེ་བདག་ནག་པོའི་སྨིན་དབང་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་དགོངས་དོན་གསལ་བའི་ཆིངས་མཚམས་སྦྱོར་བ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྟ་གོན་གྱི་རིམ་པ་ལ། གཞུང་ལས། སློབ་དཔོན་མཚན་ཉིད་དེ་ཡི་ལས། །སློབ་མ་འཇུག་ཅིང་ལྷ་ངོ་བསྟན། །དབང་བསྐུར་བ་བཞི་སྤྱི་ཡི་ཆིངས། །ཞེས་གསུངས་པའི་དང་པོ་སློབ་དཔོན་གྱི་མཚན་དང་དེའི་བགྱི་འོས། ཡང་དེ་ཉིད་ལས། གཉིས་པ་བསྙེན་དང་ས་ཆོག་དང་། སྟ་གོན་དཀྱིལ་འཁོར་སྒྲུབ་པའོ། །ཞེས་སྤྱི་ཁྱབ་སྡོམ་དང་། ནང་ཚན་དུ་དབྱེ་བ་ལ་བསྙེན་པ་ཁ་གསོ། ས་ཆོག་ལ་ནི་བསྲུང་དང་བརྟག །ས་བླ་དབང་བྱ་ཆག་ཆག་འདུལ། །བམ་བླངས་པའང་ཞར་ལས་སོ། །སྟ་གོན་ལའང་། དཀྱིལ་འཁོར་རྫས་བུམ་ལྷ་དང་ནི། །སློབ་མ་བམ་གྱི་སྟ་གོན་སྟོན། །ཞེས་གསུངས་པའི་ས་ཆོག་སྟ་གོན་ལའང་། དཀྱིལ་འཁོར་སྟ་གོན། རྫས་སྟ་གོན། བུམ་པ་སྟ་གོན། ལྷ་སྟ་གོན། ཞེས་གསུངས་པའི་སློབ་དཔོན་གྱི་བགྱི་འོས་དེ་དག་ནི་གཞུང་ཉིད་དུ་འཐུས་པ་བཞིན་སྒྲུབ་པ་སྔོན་དུ་སོང་ནས། འདིར་སློབ་མ་གཞུག་པའི་ཐབས་ལ་སྟ་དངོས་གཉིས་ཀྱི། དང་པོ་སྟ་གོན་ནི། གཞུང་ལས། དེ་ནས་ཡོལ་བས་དེར་བཅད་ལ། །ཁྲུས་བསྐྲད་གསོལ་དྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །སྒྲིབ་བསལ་བྱིན་རླབས་སོ་ཤིང་དང་། །ཁྱོར་ཆུ་ཀུ་ཤ་བསྲུང་ཆོས་བཤད། །རྨི་ལམ་བརྟག་སྟེ་བཅོ་ལྔའོ། །ཞེས་གསུངས་པས། ས་བཅད་ནང་ཚན་དབྱེ་ན་དང་པོ་ཁྲུས་བྱ་བ། གཉིས་པ་བགེགས་བསྐྲད་པ། ཞར་བྱུང་མཚམས་བཅད་པ། གསུམ་པ་སྒོ་བར་གསོལ་བར་གདབ་པ། བཞི་པ་ལས་ཀྱི་སློབ་དཔོན་གྱིས་ཡོལ་བའི་ནང་དུ་དྲངས་པ། ལྔ་པ་ཕྱག་བྱས་རྡོ་རྗེ་སློབ་དཔོན་ཆེན་པོར་གསོལ་བ་འདེབས་པ། དྲུག་པ་སྤྲོ་བ་སྐྱེད་པ། བདུན་པ་ཉན་པར་གདམས་པ། བརྒྱད་པ་སེམས་བསྐྱེད་གཉིས་ཀྱི་སྡོམ་པ་བཟུང་བ། དགུ་པ་སྒྲིབ་པ་སྦྱང་བ། བཅུ་པ་བྱིན་གྱིས་བརླབས་པ། བཅུ་གཅིག་པ་སོ་ཤིང་འདོར་བ། བཅུ་གཉིས་པ་ཁྱོར་ཆུ་སྦྱིན་པ། བཅུ་གསུམ་པ་ཀུ་ཤ་གཏད་པ། བཅུ་བཞི་པ་བསྲུང་བ་འདོགས་པ། བཅོ་ལྔ་པ་ཆོས་བཤད་པ་རྣམས་ལས། དང་པོ་ནི། རྩ་འཕྲོས་ནི་སློབ་དཔོན་དང་སློབ་མའི་བར་དུ་ཡོལ་བས་བཅད་ལ། སློབ་མའི་གྲངས་ངེས་ནི། བྱ་བ་སྤྱི་རྒྱུད་ཀྱི་རྩ་ཆིངས་གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་པས་རྒྱུད་སྡེ་ཐམས་ཅད་ལ་འགེབ་པའི་གྲངས་ངེས་མཛད་པོ་དག་མཆིས་ཀྱང་། འདིར་ནི་བྱ་བ་བྱེ་བྲག་གི་རྒྱུད་དམ་ཚིག་གསུམ་བཀོད་དང་རྡོར་འཕྲེང་དུས་འཁོར་སོགས་རྒྱུད་སྡེ་གོང་མར་གྲངས་ངེས་མི་དགོས་པར་བཤད་བཞིན་རང་ལུགས་ཕྱག་ལེན་ལྟར་གྲངས་གང་རུང་ལ། དང་པོ་ཁྲུས་བྱ་བ་ནི། ལས་བུམ་གྱི་བུམ་ཆུ་སྦྱིན་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས། ཤྲཱི་ཡེ་ཧཱུྃ་བར་གྱིས་ཁྲུས་བྱས་ལ་གྲལ་དུ་འཁོད། གཉིས་པ་བགེགས་བསྐྲད་ནི། བགེགས་གཏོར་ཡི་གེ་གསུམ་གྱིས་བརླབས་ལ། ཧཱུྃ། ཡང་གསང་ལྷ་ཡི་དུར་ཁྲོད་གཞལ་ཡས་འདིར། སོགས་ཀྱིས་བཀའ་བསྒོ །གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། ཞལ་བཞི་པའི་སྔགས་དང་ཻ་རིང་གཉིས་ཀྱིས་བསྐྲད། དེ་ནས་གཞུང་གི་ས་བཅད་དུ་མི་གསལ་ཡང་ཞར་ཤུགས་ལ་འཐོན་པར་མཚམས་བཅད་པ་ནི། འབར་བ་མེ། མཚོན་ཆ་འཆོལ་བ། ཁྲོ་བོ་འཆོལ་བ། གསང་བ་དོན་དམ་བཞིའི་མཚམས་གཅོད་ཚིག་དོན་བཞིན་གསལ་འདེབས་པར་གྱིས་ཤིག །ཧཱུྃ། གཤིན་རྗེ་གཤེད་པོ་ཁྲོས་པའི་མེ། །སོགས་དང་། ཧཱུྃ། སྟེང་ཡང་མཚོན་ཆའི་བླ་རེ་སོགས་དང་། ཧཱུྃ། དཔའ་བོ་བདུད་དགྲ་བདུད་འདུལ་སོགས་དང་། ཧཱུྃ། ཆོས་དབྱིངས་རྣམ་དག་སྐྱེ་བ་མེད་པའི་དབྱིངས་སོགས་རང་རང་སྔགས་བཅས་ཀྱིས་བཅད་དོ། །གསུམ་པ་གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱི་སྒོའི་དྲུང་དུ་འཁོད་པས་སྒོ་བ་ཡབ་ཡུམ་རྣམས་ལ་ནང་དུ་གཞུགས་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ། ཧཱུྃ། མི་ཤེས་འཁོར་བར་འཁྱམས་བསྒྲལ་ཏེ། །ཐེག་པ་ཆེན་པོར་འགོད་པའི་ཕྱིར། །དཔའ་བོ་ཆེན་པོ་དཔའ་བྱེད་ཅན། །ཡེ་ཤེས་སྒོ་འདི་བདག་ལ་ཕྱེས། །ལན་གསུམ་གསོལ། བཞི་པ་དྲངས་པ་ནི། སྒོ་བས་ཕྱི་སྒོ་ཕྱེས་ནས་ལས་ཀྱི་མཁན་པོའི་ཕྱག་གི་རྡོ་རྗེ་ལ་འཆང་བཞིན་པའི་ཁྲིད་པའི་མོས་པ་གྱིས། ཧཱུྃ། འབྲས་བུ་རྡོ་རྗེ་འཆང་བའི་ལམ། །འདི་ནི་ཐེག་ཆེན་བླ་ན་མེད། །གཟུངས་འཕྲེངས་རྡོ་རྗེ་འདི་ལ་འཇུས། །ཐར་པའི་ལམ་མཆོག་འདི་ལ་ཤོག །ཅེས་སྩལ་བཞིན་ནང་དུ་ཁྲིད་ནས་ནང་ཡོལ་གྱི་རྩ་བར་བཞག་པར་མོས་ཤིག །ལྔ་པ་ནི། རང་ཉིད་སློབ་དཔོན་ལ་ཕྱག་བྱས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པའི་སྟོབས་ཀྱིས་ཚུལ་བསྟན་པའི། །བརཏལ་ཞུགས་དམ་པ་བདག་ལ་སྩོལ། །ཞེས་ལན་གསུམ་གདབས། དྲུག་པ་ནི། སྤྲོ་བསྐྱེད་དང་ཉན་པར་གདམས་པ་ས་བཅད་གོང་འོག་དུ་གསུངས་ཀྱང་འཁྲུགས་སྡེབ་ཕྱག་ལེན་དུ་མཛད་པར་འདུག་ཕྱིར། ཉན་པར་གདམས་པ་ནི། འགྲོ་བ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཟབ་མོ་གསན་ནས་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པས་ཉན་དགོས་ཏེ། ཇི་སྐད་དུ། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་སོགས་པ། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པ་དང་། ཉན་པའི་ཚུལ་ཡང་། རྒྱུད་ལས། ཁ་སྦུབ་ཞབས་རྡོལ་དྲི་མ་ཅན། །སྣོད་གསུམ་སྐྱོན་ནི་སྤང་གྱིས་ལ། །རྩེ་གཅིག་གཡོ་མེད་ཉན་པར་གྱིས། །ཞེས་གསུངས་པ་དང་། ཉན་པའི་ཕན་ཡོན་ནི། རྣམ་བཤད་རིག་པ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཉན་པ་ལ་ཕན་ཡོན་ལྔ་གསུང་སྟེ། ལྔ་གང་ཞེ་ན། མ་ཐོས་པ་ཐོས་པར་འགྱུར་བ་དང་། །ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤངས་པ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱི་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བའོ། །ཞེས་གསུང་ལ། ཐོས་དགོས་པའི་རྒྱུ་མཚན་ཡང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་སོ། །བདུན་པ་ནི། དེ་ལྟར་ཉན་པར་བསྐུལ་ནས་གང་ཉན་ན། སྨིན་ལམ་ཟབ་མོ་འདིའི་ཚུལ་ཏེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་མཐུན་པའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་ཐེག་པ་གསུམ་དུ་འདུ་བ་ལས། འདི་ཐེག་པ་ཆེན་པོ་དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། འདི་འབྲས་བུ་སྔགས་ཀྱི་ཐེག་པ་སྟེ། རྒྱུད་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །ཞེས་གསུངས་ས་ོ། །གསང་སྔགས་ཀྱི་སྤྱོད་པ་ཡང་རྣམ་པ་བཞི་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་དོ། །བླ་མེད་དེ་ལ་ཡང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་དུ་ཡོད་པ་ལས། འདི་རྫོགས་པ་ཆེན་པོ་ཨ་ཏི་ལྟར་ཉམས་སུ་ལེན་པ་འདི་ལ་ཡང་། དམོད་པའི་ལས་རྣམ་པ་གསུམ་ལས། དྲག་སྔགས་གནམ་ཐོག་ཆེན་པོའི་སྦྱོར་བ། དེ་ལ་ཡང་ལས་ཀྱི་མཐའ། ཚེ་བདག་སྲོག་བདག་འཆི་བདག་གསུམ་ལས། འདི་ཚེ་བདག །དེ་ཡང་ལྷུན་གྱིས་གྲུབ་པའི་ཚེ་བདག །ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག །ཕྱག་རྒྱ་གཅིག་པའི་ཚེ་བདག །སྤྲུལ་པའི་ཚེ་བདག །ལས་ཀྱི་ཚེ་བདག་དང་ལྔ་ཡོད་པ་ལས། འདི་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཞེས་བྱ་བ་ཡིན་ནོ། །ལུང་ལས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་དེར་ཡང་དབྱེ་ན། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར། སྤྲུལ་པ་སྒྱུ་མའི་དཀྱིལ་འཁོར། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་གསུམ་གསུངས་པ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་གདུལ་བྱའི་དབང་པོ་ལ་དཔག་ནས། དབང་རབ་བླ་མའི་ལུས་དཀྱིལ་བསྟན་པ། འབྲིང་ཚོམ་བུའི་དཀྱིལ་འཁོར། ཐ་མ་རས་བྲིས། ཡང་མཐའ་འཇུག་པ་ལ་རྡུལ་ཚོན་ཏེ་རྣམ་པ་བཞི་ལས། དམ་ལམ་རས་བྲིས་ལ་བརྟེན་ནས། རྡུལ་ཚོན་ནམ་རས་བྲིས་སམ་ཚོམ་བུ་ལ་བརྟེན་ནས་དབང་བསྐུར་བར་མཛད་པའི་ཚུལ་སྐབས་སུ་བབས་པའི་ཕྱག་ལེན་ཏེ། རྡུལ་ཚོན་ལྟར་ན། ས་ཆོག་སྟ་གོན་བྱ་བ་དང་། ཞེས་པས་ནུབ་དང་པོ་ས་ཆོག་དང་། གཉིས་པ་སྟ་གོན། རས་བྲིས་ལྟར་ན། ནུབ་དང་པོ་སྟ་གོན་གྱི་ཆོ་ག་དང་། ཚོམ་བུའི་དཀྱིལ་འཁོར་ནུབ་དང་པོའམ་སྐབས་དེ་ཉིད་དུ་བསྒྲུབས་པ་སྟེ། དེ་ལའང་གསུམ་གྱི་ལྷ་དང་བུམ་པའི་སྟ་གོན་སྔོན་དུ་སོང་བས། ད་ནི་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་ལ་སྐབས་སུ་བབས་པ་སྟེ། འདིར་ཡང་སྔོན་ནས་དཀྱིལ་འཁོར་དུ་མ་ཞུགས་པའི་སློབ་མ་གསར་པ་ལྟར་ན་དཀྱིལ་འཁོར་དུ་འཇུག་རུང་མིན་བརྟག་ཕྱིར་སྟ་གོན་ཞག་ཆོད་སྔོན་དུ་དགོས་ལ། དེ་མ་ཡིན་པའི་སློབ་མཚན་སྟ་གོན་གྱིས་བརྟག་པ་འདི་འཇུག་རུང་དུ་བགྱིས་ནས། དཀྱིལ་འཁོར་དུ་ཞུགས་ནས་དབང་རྫོགས་པ་རྣམས་ལ་ནི་སྟ་དངོས་སྦྲེལ་ནས་གནང་བ་ལས་ཞག་ཆོད་མི་དགོས་པར་དཀྱིལ་འཁོར་གྱི་ལྷ་རྣམས་གདུལ་བྱ་འདུལ་བྱེད་དུ་སོ་སོར་བསྟན་པ་ཙམ་མ་གཏོགས་པར་དོན་ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་གཅིག་པའི་ཕྱིར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པས་མཚོན་མདོ་རྒྱུད་དུ་མ་ལས་ཐམས་ཅད་བསམ་པའི་རང་གཟུགས་ཡིན་པར་ལན་དུ་མར་གསུང་བཞིན་ད་ལྟ་བོད་དང་བོད་ཆེན་དུ་བཞུགས་པའི་བཤད་སྒྲུབ་ཀྱི་གྲུབ་མཐའ་རིས་མེད་ཐམས་ཅད་ཀྱིས་སྦྲེལ་གནང་མཛད་པར་སྣང་བས་འདིར་ཡང་རྨི་ལམ་བརྟགས་པ་སོགས་འདུན་པ་སྒོམ་ཡང་ཆོག་པ་ལ། མི་ཆོག་པ་ལྟར་ན་ཞག་ཆོད་ཀྱང་སོང་བ་ཙམ་གྱིས་མི་ཆོག་པར་རྨི་ལམ་སོགས་ལྟས་མཚན་དམན་པར་ཤར་ཚེ་སྦྱིན་བསྲེགས་སོགས་སྤོག་ཆོག་མ་བགྱིས་པར་འཇུག་ཏུ་མི་རུང་ཡང་དེ་ཙམ་མི་གཞིབ་པར་ཞག་ཆོད་མཚོན་པ་ཙམ་མཛད་པའང་འདུན་པ་རྫོགས་བྱེད་ཙམ་དུ་ཟད་དོ། །ཞེས་ནས་ངེས་པར་ཞག་ཆོད་མི་དགོས་པའི་དབང་དུ་བྱས་སམ། ཞག་ཆོད་བྱེད་ན། དང་པོ་ཕྱག་ལེན་འབྲིང་པོ་མི་ཉམས་པའི་ཕྱིར་སྟ་གོན་ཞག་ཆོད་དུ་སྔོན་དུ་གཏོང་བ། དཀྱིལ་འཁོར་ཆེན་པོར་རིམ་འཇུག་བྱ་བའི་སྐལ་བ་མཆོག་ལ་ལོངས་སུ་སྤྱོད་པ་སྐབས་སུ་བབས་པས་མཆོག་ཏུ་སྤྲོ་བ་སྐྱེད་ཅིག །བརྒྱད་པ་སེམས་བསྐྱེད་ཀྱི་སྡོམ་པ་གཉིས་ལེན་པའི། སྔོན་དུ་འཇུག་པ་སེམས་བསྐྱེད་ནི། ཁྱེད་རྣམས་འདི་ཕྱི་རང་དོན་ཞི་བདེའི་ཆེད་དུ་མ་ཡིན་པར་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཐོབ་པར་བྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་དང་པོ་ཐུན་མོང་དུ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ནས། མཛད་དུ་གསོལ་བར་ལན་གསུམ། གཉིས་པ། ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། །རང་བྱིན་བརླབ་པའི་ཐབས་ཤེས་ལ་བརྟེན་ནས། །བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་བཟུང་ངོ་། །ཨོཾ་བོ་དྷི་ཙིཏྟ་ཨཱ་དྲ་ཨུ་པ་ད་ཡ་མི། ལན་གསུམ། རིགས་ལྔའི་སྡོམ་པ་འདི་ཡིས་བླངས། ཞེས་པས་རིགས་ལྔའི་སྡོམ་པ་ལེན་པ་འདི་ཡི་རྗེས་ཟློས་མཛོད། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བསྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ལན་གསུམ། དགུ་པ་སྒྲིབ་པ་སྦྱོངས་བ་ནི། རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་འཇམ་དཔལ་ཟིལ་གནོན་རྩལ་གྱི་ཡི་གེ་བརྒྱ་པ་འདི་ལན་གསུམ་དུ་བཟླ་བ་འདིའི་རྗེས་ཟློས་མཛོད། ཡང་ལན་འགའ་ཞིག་བཟླ་བར་གྱིས་ཤིག །ཨོཾ་ཡ་མཱནྟ་ཀ་ས་མཱ་ཡ་སོགས་ཡིག་བརྒྱ་ལན་འགའ་བཟླས་སུ་བཅུག་གོ །བཅུ་པ་བྱིན་གྱིས་རློབས་པ་ལ། དམིགས་པ་འདི་བཞིན་མཛོད་ཅིག །ཁྱེད་རང་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་འཇམ་དཔལ་ཟིལ་གནོན་དུ་གསལ་བའི་སྒོ་གསུམ་སོ་སོ་ལ་སྔགས་ཀྱི་རྒྱས་གདབས་པའི་མོས་པ་མཛོད། དཔྲལ་བར་དྲིའི་ཐིག་ལེ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། མགྲིན་པར་དྲིའི་ཐིག་ལེ་བྱས་ལ་སྔགས་ཐོག་མཐའ་འདྲ་བར། ཝཱཀྐ་བཛྭ་བཅུག །སྙིང་ཁར་དྲིའི་ཐིག་ལེ་བྱས་ལ། ཙིཏྟ་བཛྭ་བཅུག །དེའི་སྔགས་དོན་ནི་ཕྱག་འཚལ་དེ་བཞིན་གཤེགས་སྐུ་རྡོ་རྗེའི་བདག་ཉིད་ངའོ། །ཞེས་པའི་འགྲེས་ཀྱིས་གསུངས་དང་ཐུགས་རྡོ་རྗེ་གསུམ་གྱི་རྒྱས་གདབས་བཞིན་ང་རྒྱལ་འཛིན་པར་མཛོད་ཅིག །ད་ནི་དངོས་གྲུབ་ཀྱི་སྐལ་བ་བརྟགས་པ་ལ་གཉིས་ཀྱི་དང་པོ་ནི། སོ་ཤིང་དོར་བ་ནི། མཉྫྱིའི་ར་བ་ཁྲུ་གང་པ་གྲུ་བཞི་པར་བ་བྱུང་ལྔའི་དྲི་བཟང་བྱུག་པ་ཚོམ་བུ་ལྔ་པ་འཇམ་དཔལ་ཟིལ་གནོན་ཆེན་པོའི་རིགས་ལྔར་གསལ་བ་ལ། རིགས་ཀྱི་བདག་པོར་མོས་ལ། ཧཱུྃ་ལས་བྱུང་བའི་སོ་ཤིང་འོ་མ་ཅན་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་འཕྲེང་བ་བཅིངས་ཤིང་དྲིས་བྱུག་པ་འདི་རྩ་བ་རང་གི་སོ་ལ་དྲུད་ཅིང་དམོད་བོར་ནས། བཛྭ་ཧཱ་ས་ཧཿ ཞེས་བརྗོད་བཞིན་དོར་ཅིག །ཅེས་དོར་དུ་གཞུག །དེ་ལྟའི་སོ་ཤིང་དེ་ཡང་གང་ལ་ཕོག་པར་དངོས་གྲུབ་ཀྱི་པྲ་བརྟགས་པའི་ཕྱིར་ཏེ། དེ་ནི་དབུས་སུ་ཟུག་ན་མཆོག་སྟེ་རིགས་ཀུན་འདུས་རྒྱལ། ཤར་དུ་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ཞི་རྒྱས་ལ་སོགས་པའི་ཐུན་མོང་སྟེ། དེ་ཡང་ཤར་ལྷོར་ཞི་རྒྱས་ཐུན་མོང་། དེ་བཞིན་ལྷོ་ནུབ་ཏུ་རྒྱས་དབང་། ནུབ་བྱང་དུ་དབང་དྲག །བྱང་ཤར་དུ་ཞི་དྲག་ཐུན་མོང་། སྟེང་དུ་མཁའ་སྤྱོད་འོག་ཏུ་ས་སྤྱོད་རྣམས་འགྲུབ་པ་ཡིན་པས་ངེས་པར་མཛོད་ཅིག །འདི་རྟགས་སུ་བབས་པས་སོ་སོའི་གང་ལ་ཕོག་པ་དེ་རང་རང་གི་འཕྲོས་བབས་སུ་ཟུངས་ཤིག །བཅུ་གཉིས་པ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་གིས་སྦག་པའི་ཆུ་ཆོས་ཉིད་རྣམ་པར་དག་པའི་རང་བཞིན་གྱི་རྒྱུན་འདི་ཧུབ་གསུམ་བཏུང་བའི་ལྷག་མ་རྒྱབ་ཏུ་དོར་བས་སྡིག་པ་དང་སྐལ་བ་ངན་པ་ཐམས་ཅད་དོར་བའི་མོས་པ་མཛོད། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙཱ་ཀྵྼ་བི་ཤྭ་དྷ་ཡ་སརྦ་བི་ཀལྤནྡ་ཨ་པ་ན་ཡ་ཧཱུྃ། ཞེས་བརྗོད་ལ་སྦྱིན། བཅུ་གསུམ་པ་ནི། ཀུ་ཤ་སྦྱིན་པ་སྟེ། དྷཱི་དང་ཧཱུྃ་ལས་བྱུང་བ་ཀུ་ཤ་སྔོ་ལྗང་རྩེ་མོ་མ་ཉམ་པ་འདི་དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་སྔས་དངཧཱུྃ་བཟླས་པའི་ཀུ་ཤ་ཆེ་བ་སྟན་དུ་རྨི་ལམ་བག་ཆགས་ཀྱིས་མི་འཁྲུགས་པར་བྱེད་པའི་ནུས་ལྡན་དུ་སྦྱིན་པའོ། །བཛྭ་ཏིཀྵ་ཎ་བཾ། ཅེས་བརྗོད་བཞིན་སྦྱིན་པས་ཀུ་ཤ་ཞེས་པ་བོད་སྐད་དུ་ངན་སེལ་ཞེས་པ་ཡིན་བཞིན་ལྟས་ངན་པ་སེལ་བའི་དགོས་པའོ། །བཅུ་བཞི་པ་སྲུང་སྐུད་ནི། སྐུད་པ་སྔོ་དམར་བསྲུང་བྱའི་ལུས་ཚད་སུམ་སྒྲིལ་རྡོ་རྗེའི་མདུད་པ་སུམ་བརྩེགས་སུ་བྱས་པར་ཐུགས་ཀྱི་ཛབ་བཟླས་བཏབ་པ་ལས་བུམ་གྱི་ཆུས་བྲན་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བཞིན་དུ་ཁྱེད་རང་རྣམས་ཀྱི་དཔུང་པ་གཡོན་དུ་བཏགས་པས་སྲུང་བའི་མོས་པ་མཛོད། ཕོའི་དཔུང་གཡོན་དང་བུད་མེད་ཀྱི་དཔུང་གཡས་སུ་བཅིངས་པ་ལ་ལས་བུམ་གྱི་ཆུས་བྲན་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་ཅིང་། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཞེས་བརྗོད་པས་རྨི་ལམ་བར་ཆད་ཀྱིས་མི་བསྒྲིབ་པའི་དགོས་པའོ། །བཅོ་ལྔ་པ་མི་ལྡོག་པའི་ཕྱིར་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་བས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབས་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། ཞེས་དཔེ་དང་བཅས་གསུངས་པ་ལྟར་ཨུ་དུམ་ཝ་རའི་མེ་ཏོག་འཆར་བ་ནི། མུན་བསྐལ་དཔག་ཏུ་མེད་པ་རེའི་མཚམས་སུ་སྒྲོན་བསྐལ་རེ་འབྱུང་ཚེ། སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དང་མེ་ཏོག་རེ་འཆར་བ་དེ་བས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་དཀོན་པ་ནི། སངས་རྒྱས་བྱུང་ངོ་ཅོག་གིས་གསང་སྔགས་མི་གསུངས་པས་སོ། །དེ་ལྟར་དཀོན་པས་རྙེད་པར་དཀའ་བ་དང་། མཇལ་ཞིང་དཀྱིལ་འཁོར་མཐོང་བ་ཙམ་ན་བསྐལ་པ་དུ་མའི་སྡིག་སྒྲིབ་འདག་ན། དེར་ཞུག་ཅིང་དབང་ཐོབ་ནས་དབང་དོན་ཉམས་སུ་བླང་ན་སྲིད་པ་ལས་ཐར་པ་ལྟ་ཅི་སྨོས། དེས་ན་འཇུག་ཏུ་རུང་མིན་བརྟག་ཕྱིར་བཞིན་བཟང་ཁྱེད་ཅག་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་སྟོན་ལ་དྲག་པོའི་དཀྱིལ་འཁོར་དུ་དབང་ཞུ་བ་ལ་མོས་གུས་ཆེན་པོའི་ཉལ་ནས་དངོས་གྲུབ་ཀྱི་མཚན་མ་བཟང་ངན་རྨི་ལམ་དུ་བརྟག་དགོས་ཏེ། ཇི་སྐད་དུ། བུ་ཀྱེ་ཀུ་ཤའི་སྔས་གདན་ལ། །མི་སྨྲ་དགེ་བའི་སེམས་ཀྱིས་ཉོལ། །རྨི་ལམ་མཚན་མ་གང་མཐོང་བ། །ནང་པར་ང་ལ་སྨྲ་བར་གྱིས། །ཞེས་གསུངས་པ་ལྟར་ཏེ། ནམ་གྱི་ཆ་སྟོད་བག་ཆགས་འཁྲུལ་རྨིས་དང་། །གུང་ཐུན་བར་ཆད་དབང་བཙན་གཉིས་མི་ངེས། ཆ་སྨད་ཐོ་རང་སོགས་ལ་བཟང་ངན་འཆར་བར་འགྱུར་བས་ལེགས་པར་རྟོགས་ཤིག །བར་ཆད་དུ་མ་གྱུར་ན་སང་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །ཅེས་བསྒོའོ། །དགེ་བ་བསྔོ་བ་ལ་སློབ་མ་རང་གནས་སུ་གཏོང་། དེ་ནས་སློབ་དཔོན་གྱིས་དབང་སྒྲུབ་གཞུང་གི་ས་བཅད་དྲུག་པ་བམ་ཆོག་ཀྱང་གཞུང་བཞིན་བསྒྲུབ་པ་དང་རྗེས་ཆོག་བྱའོ།། ༈ །།ད་ནི་དངོས་གཞི་དབང་བསྐུར་བ་ལ། གཞུང་ལས། གསུམ་པ་འཇུག་བསྟན་དབབ་དང་སྤྱོད། ཞེས་གསུངས་པར། གསུམ་པ་དཀྱིལ་འཁོར་དུ་འཇུག་པ། ལྷ་ངོ་བསྟན་པ། ལྷ་དབབ་པ། དབང་ལ་སྤྱོད་པ་དང་བཞི་སྟེ། དེའི་དང་པོ་ནི། ཡང་གཞུང་ལས། འཇུག་པ་ཕྱི་ནང་ཕྱི་ལ་ཡང་། །ཁྲུས་བསྐྲད་གསོལ་དྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །ཞེས་གསུངས་པས། དང་པོ་ཕྱི་འཇུག་ལ་ཡང་། ཁྲུས་གསོལ། གཉིས་པ་བགེགས་བསྐྲད། གསུམ་པ་སྒོ་བར་གསོལ་གདབ། བཞི་པ་ལས་སློབ་ཀྱིས་ཡོལ་ནང་དུ་དྲངས་པ། ལྔ་པ་རྡོ་རྗེ་སློབ་དཔོན་ལ་ཕྱག་བྱ་བ། དྲུག་པ་གསོལ་བ་འདེབས་པ། བདུན་པ་སྤྲོ་བ་བསྐྱེད་པ། བརྒྱད་པ་ཉན་པར་གདམས་པ། དགུ་པ་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་སྡོམ་པ་ཁས་ལེན་པ་རྣམས་ཡོད་པ་ལས་ཞེས་ནས་སྟ་དངོས་སྦྲེལ་ན་ཕལ་ཆེར་སྔོན་དུ་སོང་ཞིང་། ད་ཆ་ཉན་གདམས་སྤྲོ་བསྐྱེད་ཀྱི་ཁ་སྐོང་དུ། སླར་ཡང་ཆོས་སྐོར་འདི་ཉིད་ཀྱི་ཚུལ་ཅུང་ཟད་སྤྲོས་པ་ནི། ཞེས་ལོ་རྒྱུས་འོག་འདིར་འབྱུང་བ་འཆད་པ་མན་ལ་རིམ་པས་འཇུག །སྟ་གོན་སྔོན་དུ་ཞག་ཆོད་པར་སོང་རྗེས་ཡིན་ན། སྔ་ཉིན་སྟ་གོན་བགྱིས་པའི་སློབ་མ་རྣམས་ཚང་བར་བསྡུས་ལ་ཡོལ་རྒྱབ་ཏུ་འཁོད་ཅིང་། དེ་རྣམས་ལ། སྐལ་བཟང་དག་མདངས་གསུམ་ཉལ་བའི་རྨི་ལམ་ཏུ་རྨིས་ལྟས་གང་ལྟར་བྱུང་སྒྲིབ་ཟོལ་སྤང་པར་བདག་ལ་སྨྲོས་ཤིག །ཅེས་དྲིས་ནས། རྨི་ལམ་དེར་དགེ་བའི་མཚན་མཐོང་ན་དེ་ལ། ཁྱེད་རྣམས་རྨི་ལམ་སྒྱུ་མའི་ནང་ཚན་ལ་ཞེན་དུ་མི་གཏུབ་ཀྱང་། ཁར་སང་དཀྱིལ་འཁོར་དུ་དམོད་བོར་བའི་ལྟས་ཀྱིས་མི་བསླུ་ཕྱིར་ལྟས་དེ་དག་ནི་དཀྱིལ་འཁོར་དུ་འཇུག་པར་རུང་བའི་སྐལ་པ་ཅན་དུ་གྱུར་ལགས་པས་དེ་རིང་གི་སྐབས་སུ་ལེ་ལོ་གཡེང་བ་སྤང་ཏེ་ཡིད་ཤིན་ཏུ་བསྒྲིམ་ལ་ཉམས་སུ་བླང་ན་དཀྱིལ་འཁོར་ལྷའི་གོ་འཕང་ཐོབ་པར་མི་རིང་ཞིང་། སངས་རྒྱས་པའི་ལམ་བྱེད་དུ་ཉེ་བའོ། །ཞེས་གཟེང་བསྟོད། ཅི་ཡང་མ་མཐོང་ན་འབྲིང་ཞིང་། ངན་ལྟས་བྱུང་ན་ཞི་དྲག་གང་འོས་ཀྱི་སྦྱིན་སྲེག་གམ་སྒྲིབ་སྦྱོང་བགེགས་བསྐྲད་སོགས་གང་འཚམས་ཀྱིས་བཟློག་པའི་ཐབས་བྱ་བའམ། ཡང་ན་ཀུན་ཀྱང་མཉམ་ཉིད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པས་རྒྱས་གདབ་པས་ཐུབ་བོ། །ངན་ལྟས་བྱུང་བ་བསལ་ནས་དེ་རྣམས་ལ་ཡང་། ཁྱེད་དག་བར་ཆད་ཏུ་འགྱུར་པའི་ལྟས་དེ་རྣམས་རྒྱལ་བ་ཐབས་ལ་མཁས་པའི་ཐུགས་རྗེས་བཟློག་ཅིང་བསལ་བའི་སྤོག་ཆོག་འདི་ལྟར་བགྱིས་པས་ད་ནི་དཀྱིལ་འཁོར་དུ་འཇུག་པར་འོས་པའི་རིགས་སུ་གྱུར་ཏོ། །ཞེས་ངལ་འཚོ་བར་བྱས་ལ། ༈ ད་དེ་རིང་གི་སྐབས་གཉིས་པ་དངོས་གཞིའི་དབང་བསྐུར་བ་སྐབས་སུ་བབས་པ་ལས། དེ་ཡང་འཇུག་པ། བསྟན་པ། དབབ་པ། དབང་དངོས་དང་བཞི་ཡོད་པའི་ཕལ་ཆེར་ཁར་སང་སྟ་གོན་གྱི་སྐབས་སུ་སོང་ཟིན་ཀྱང་། གཞུང་ལས། སྟ་གོན་ཇི་བཞིན་འདིར་ཡང་ངོ་། །ཞེས་གསུངས་པས་དང་པོ་འཇུག་པ་ཕྱི་ནང་གཉིས་ཀྱི། དང་པོ་ཕྱི་འཇུག་ལ་ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་སོགས་ནས། གོང་གི་སྟ་གོན་གྱི་སྐབས་བཞིན། ཁྲུས་བགེགས་བསྐྲད། མཚམས་བཅད། གསོལ་དྲངས་ཕྱག་བྱ་གསོལ་བ་ཡན་ས་བཅད་ལྔ་པ་སོང་ནས། དྲུག་པ་ཉན་གདམས་སྤྲོ་བསྐྱེད་ཁར་སང་གི་སྐབས་སུ་མདོ་ཙམ་སོང་རུང་། སླར་ཡང་ཆོས་སྐོར་འདི་ཉིད་ཀྱི་ཚུལ་ཅུང་ཟད་སྤྲོ་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པས་མ་ཡེངས་པར་གསན་འཚལ། དེ་ཡང་གནས་ཕུན་སུམ་ཚོགས་པའི་ཀློང་། མཐའ་དབུས་བྲལ་བའི་ཕོ་བྲང་རྒྱ་ཡོངས་སུ་མ་ཆད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་གཡས་ཁང་དུ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོ། འཁོར་ཕུན་སུམ་ཚོགས་པ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའི་ངོར། ཡེ་ཤེས་ཕུན་སུམ་ཚོགས་པ་མི་རྟོག་པའི་དབྱིངས་ལས་ཐུགས་རྗེ་ཆེན་པོས་རྗེས་སུ་ཆགས་པའི་སྐུར་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་བ་དང་། གདུག་པ་ཅན་འདུལ་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ཆོས་ཕུན་སུམ་ཚོགས་པ་གསང་བ་སྔགས་ཀྱི་ཡང་སྙིང་རྩ་རྒྱུད་སྡིག་པ་སྙིང་འཛིན་གྱི་ཆོས་སྐོར་ཡོངས་སུ་ཚང་བར་གསུངས་པ་དང་། ཆོས་སྐོར་དེ་ལས་བྱུང་བ་ཡེ་ཤེས་ཁྲོ་བོ་སྤྲུལ་པའི་དགོས་ཆེད་ཀྱང་། སྔོན་བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་སུ་འཛམ་བུའི་གླིང་འདིར་བདེ་བའི་དབང་ཕྱུག་དེད་དཔོན་ཞེས་བྱ་བ་རིགས་ཀྱི་བདག་པོར་གྲགས་པ་གཅིག་བྱུང་བ། སྔགས་ཀྱི་སྒོར་ཞུགས་ཀྱང་བརྡ་མ་འཕྲོད་བཟོད་པ་མ་ཐོབ་པས་རིགས་ངན་དང་འགྲོགས་ཤིང་ཤ་ཁྲག་རོལ་པས་སྔགས་ཚོགས་ཕྲ་མོའི་ཡོན་ཏན་ཡོད་ཀྱང་སྟོབས་དང་ལྡན་ཕྱིར་བརྟགས་པའི་ཁྲོ་བོ་ཡོད་པར་རློམ་པ་དེ་གསང་བ་སྔགས་ཀྱི་བཀའ་བསྒོ་ལོག་པས། དུས་མ་ཡིན་པར་ཚེ་ཡི་དུས་བྱས། རྡོ་རྗེ་དམྱལ་བར་སྡུག་བསྔལ་མྱོང་བའི་མཐར་རྫུ་འཕྲུལ་གྱིས་ལུས་བླང་ཏེ་གཤིན་ཡུལ་འཇིགས་ཤིང་སྐྱི་གཡའ་བའི་ལྕགས་མཁར་བཅུ་དྲུག་པ་འོབས་བཅུ་གཉིས་དང་ལྡན་པ་ཐོད་མཁར་ཆེན་པོའི་ཕོ་བྲང་དུ་ལས་ཀྱི་གཤིན་རྗེ་ནག་པོར་གྱུར་ནས་འཇིག་རྟེན་ཕུང་བར་བྱས་པའི་ཚེ། རྒྱལ་བ་ཀུན་གྱི་ཐུགས་བརྒྱུད་ནས་བཀའ་བགྲོས་ཏེ། སྤྲུལ་པ་སྣ་ཚོགས་བཀྱེ་བས་སྐུ་འཁོར་སྤྲུལ་ནས་འཐབ་ཀྱང་མ་ཐུབ་པས། རྒྱལ་བ་ཀུན་གྱིས་སླར་ཡང་ཁྱད་པར་ཁྲོ་བོ་སྨེ་བ་བརྩེགས་པར་བསྔགས་པས་དེའི་ཐུགས་ལས་ཡེ་ཤེས་ཀྱི་མེ་སྲས་མཆོག་ཡ་མ་རཱ་ཛ་སྤྲུལ་ཏེ་གཤིན་རྗེ་ནག་པོ་དེའི་དམར་ནག་ཙིཏྟའི་དཀྱིལ་དུ་ཞུགས་ཏེ་གཟེར་བཏབ་སྟེ་རྒྱལ་བ་རིགས་ལྔའི་གཙོ་བོ་སྤྱིའི་གཟུགས་ཅན། ཟིལ་གནོན་ཕྱག་རྒྱ་ཆེན་པོར་བཞེངས་ཏེ་འཁོར་བཅས་གདན་དུ་མནན་པས། དེ་དག་གིས་ཁས་བླངས་པ་ནི། རྫུ་འཕྲུལ་རྨད་བྱུང་ངོ་མཚར་ཆེ། །བདག་ཅག་རྒྱལ་བའི་འཁོར་བགྱིད་པས། །སྲོག་དང་མ་ཕྲལ་བྲན་དུ་ཞོག །ཅི་བཅོལ་ལས་རྣམས་བཀའ་ལ་ཉན། །ཞེས་ཞུས་པར། ཟིལ་གནོན་ཆེན་པོས་བཀའ་སྩལ་པ། ང་ཡི་བསྒོ་བའི་ལས་རྣམས་ཀྱིས། །སངས་རྒྱས་བཀའ་འཁོར་སྲུང་ལ་སྐྱོབ། །བསྟན་པ་འཇིག་ན་དྲེགས་པས་སྒྲོལ། །རྣལ་འབྱོར་ཅན་གྱི་འཕྲིན་ལས་གྱིས། །བསྟན་འགྲོའི་དཔལ་དུ་ཅི་སྨོན་པ། །འབད་མེད་ཡིད་བཞིན་སྒྲུབ་པར་གྱིས། །ཞེས་པ་བཞིན། རྟེན་བརྟེན་པའི་དཀྱིལ་འཁོར་ཆེན་པོར་བསྒྱུར་བ་ཡིན་ལ། དེ་ལྟའི་སྤྲུལ་རྒྱུད་ཀྱི་ཆོས་སྐོར་འདི་ནི་བཀའ་གཏེར་གཉིས་ལས་གཏེར་མ། དེ་ཡང་སྦ་བའི་གནས་བསྲུང་ནི། སྔོན་ཚེ་གཤིན་ཡུལ་དམེ་ནག་ཏུ་གཤིན་རྗེའི་བླ་མཚོ་གཏིང་ཁོལ་ཀློང་དུ། འཆི་བདག་གཤིན་རྗེ་ནག་པོ་ཁ་གདང་གློག་ཕྲེང་དང་། བདུད་མོ་ཁྲག་རལ་མ་ཁྱོ་ཤུགས་ཀྱིས་སྲིད་གསུམ་ཟ་བར་བྱེད་པ་དེ་ལ་བུ་གསུམ་བྱུང་བ་མི་སྡུག་པའི་སྤྲུལ་པ་སྣ་ཚོགས་བཀྱེ་བ། དུག་གི་སྡིག་པ་ནག་པོ་དང་། བསྭེ་ཡི་སྡིག་པ་དམར་པོ། ལྕགས་ཀྱི་སྡིག་པ་སྔོན་པོ་གསུམ་བྱུང་བས་འཇིག་རྟེན་ཕུང་བར་བྱས་ཚེ། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཁྲོ་བོའི་སྐུར་བཞེངས་ཏེ་ཟིལ་གྱིས་མནན་དབང་དུ་བསྡུས་ནས་ཕྱག་རྒྱ་ཆེན་པོ་ཟིལ་མནོན་རྔམས་པའི་སྐུས་དེ་རྣམས་ཀྱི་སྲོག་གི་སྙིང་པོ་འཕྲོག་སྟེ་བཀའི་བསྟན་པ་བསྲུང་ཕྱིར་འཆི་བདག་སྲོག་བདག་ཚེ་བདག་གསུམ་དུ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ལ། དེ་ལྟར་སྡིག་པ་གསུམ་ལས་ལྕགས་ཀྱི་སྡིག་པ་སྔོན་པོའི་ལུས་ལ་གནམ་ལྕགས་སྡིག་པའི་ཆོས་སྐོར་ཐམས་ཅད་ཚང་བར་སྦས་པ། ལྷོ་ཕྱོགས་དུག་མཚོ་ཁོལ་མའི་གླིང་དུ་གནས་པ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱིས་སྲས་མཆོག་ཡ་མ་རཱ་ཛ་བསྐུལ། སྲས་མཆོག་ཡ་མ་རཱ་ཙས་དྲེགས་པ་ཕྱག་ན་རྡོ་རྗེ་བསྐུལ་ཏེ། ལྕགས་ཀྱི་སྡིག་པ་སྔོན་པོའི་ལུས་ལས་འཇམ་དཔལ་ཁྲོ་བོའི་ཆོས་སྐོར་རྫོགས་པར་བླངས་བ་ལས་རིམ་པར་འཕྲོས་པ་ལས། དེ་ཡང་ལྷོ་ཕྱོགས་དུག་མཚོ་ཁོལ་མའི་གླིང་དུ་ལྕགས་ཀྱི་སྡིག་པ་ཆེན་པོ་ཡོད་ཅིང་དེའི་ལུས་ལ་འཇམ་དཔལ་ཁྲོ་བོའི་ཆོས་སྐོར་ཚང་བར་ཡོད་པ་དེ་ལོང་ལ་ཤོག་ཅིག་ཞེས་གསུངས་པ་བཞིན་བྱོན་ཏེ་ལྕགས་ཀྱི་སྡིག་པར་གསུངས་པས། དང་པོ་མེད་ཅེས་གབ་པས་ཕྱག་ན་རྡོ་རྗེས་མངོན་པར་ཤེས་པས་གཟིགས་ཀྱང་རྗེས་སུ་སྡིག་པ་ཉིད་ཀྱིས་ཀྱང་ཕུལ་བ་དེ་ལས་རིམ་པར་འཕྲོས་པ་ལས་ལྕགས་སྡིག་གི་སྐོར་ཞེས་པ་དང་། རྗེས་སུ་བོད་ཀྱི་ཡུལ་དུ་གནུབས་བན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་རྒྱས་པར་ཕྱེས་པ་ལྕགས་འདྲ་ཞེས་པའི་ཆོས་སྐོར་གཉིས་སུ་ཡོད་པ་ལས་དམ་ལམ་གཞུང་བསྡུས་པ། ལྕགས་སྡིག་གི་ཆོས་སྐོར་ཞེས་གྲགས། དེ་ཡང་ལྕགས་སྡིག་ཁམས་ལྔའི་མདངས་ལས་བུམ་ཆོག་མུ་ཏིག་འཕྲེང་བ་བྱུང་བ་དང་། མཆུ་ཡི་རྩེ་མོ་ལས་སྡིག་པ་ནག་པོའི་སྐྱེ་རྒྱུད། ལུས་པོ་མཐིང་ནག་ལས་རྩ་རྒྱུད་སྡིག་པ་སྙིང་འཛིན། མགོ་བོ་གྲུ་གསུམ་ལས་སྒྲུབ་ཐབས་སྙིང་གཟེར་ནག་པོ། དེ་ལ་སྒྲོལ་མ་རྒྱས་འབྲིང་བསྡུས་གསུམ་སྟེ་གནམ་ལྕགས་འཕྲུལ་གྱི་ལྡེའུ་མིག །ཨུར་མོ་གྱང་འགྱེལ་ལས་བཞི་ལྕགས་སྡིག་གཏན་ལ་ཕབ་པ། བརྡུང་བའི་རྭ་གཉིས་ལས་ཨུར་མོ་བཞི། བལྟ་བའི་མིག་གཉིས་ལས་བཀའ་འབྱེད་གསེར་གྱི་ལྡེ་མིག །རྒྱབ་སྟོད་གཉེར་མ་གསུམ་ལས་སྒྲུབ་ཐབས་ཞལ་གདམས་ཆེ་འབྲིང་ཆུང་གསུམ། སྨད་ཀྱི་གཉེར་མ་གསུམ་ལས་བསྟོད་བསྐུལ་ཆེ་འབྲིང་ཆུང་གསུམ། བར་གྱི་གཉེར་མ་གསུམ་ལས་མངོན་རྟོགས་ཆེ་འབྲིང་ཆུང་གསུམ། ཡན་ལག་དྲུག་ལས་ལྕགས་སྡིག་ནག་པོའི་གཏོར་བཟློག །བསྐང་བ་དམ་རྫས་བམ་བསྐང་། གཡས་ཀྱི་ཡན་ལག་ལས་གནམ་ལྕགས་ཨུར་མོ་ལས་བཞི། གཡོན་གྱི་ཡན་ལག་ལས་ཨུར་མོ་མནན་པའི་ལས། བུ་ག་བརྒྱད་ལས་དམར་ལེན་སྲོག་གི་སྤུ་གྲིའི་ཡི་གེ །སྟོད་དྲིལ་ཉི་མ་ཤར་བ་ལས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ། བར་གྱི་སྒལ་ཚིག་ལས་གནམ་ལྕགས་ཨུར་མོའི་ཆོས་སྡེ། སྨད་ཀྱི་དུག་གི་རྩ་བ་ལས་མཚོན་ཆ་ལས་སྦྱོར་དུག་འཁོར། སྨད་ཀྱི་སྣོད་རྣམས་ལས་གཅེས་པའི་འཁོར་ལོ་བཅུ་གསུམ་སྟེ། ཏྲི་ཀ་རིན་ཆེན་འཕྲེང་བ། གཞང་ཁ་ཚིལ་གྱི་འཁོར་ལོ་ལས་གཏད་བཟློག་ནང་འགྲས་འཁོར་ལོ། རྒྱུ་མ་ཁུག་པ་པ་རིང་མོ་ལས། བྱས་པ་བཤིག་པའི་འཁོར་ལོ། གྲོད་པ་སྣོད་བཞིའི་རྫིང་བུ་ལས། བསད་བཟློག་སྦྲག་པའི་འཁོར་ལོ། མཚེར་པ་རྒྱ་ཟོར་ཁུག་པ་ལས། མན་ངག་གསེར་གྱི་ཡང་ཞུན། ཞེ་སྡང་ཁྲོས་པའི་ཆུ་རྒྱུས་ལས། སྦྲུལ་ནག་རྭ་ཅན་འཁོར་ལོ། གསང་བ་མཇུག་མ་རིང་མོ་ལས་སྟོང་བཟློག་སོ་མཚམས་གཅོད་པའི་བསམ་གཏན་སྲིད་པའི་མཆོད་རྟེན། མཁྲིས་པ་དྭངས་མའི་མཛོད་ཕུག་ལས། གནམ་ལྕགས་སོ་བདར་འཁོར་ལོ། གཡས་ནས་རྒྱུ་བའི་རྐྱང་མ་ལས། བཤིག་པ་གནོད་སྦྱིན་མཛེ་ཐོད། གཡོན་ནས་རྒྱུ་བའི་རོ་མ་ལས། མནན་པ་རི་རབ་སྟོབས་ཆེན། སྲོག་རྩ་དྭངས་མ་དཀར་པོ་ལས་ཨུར་མོ་སོ་འདེབས་འཁོར་ལོ། དོན་སྣོད་རྩ་ལས་ཆད་པའི་ཆོས་སྡེ་ཊིཀྐ་རིན་ཆེན་ཕྲེང་བ། རྣམ་ཤེས་སྙིང་གི་ཕོ་བྲང་ལས་སྔགས་བྱང་སྙེ་མ་དཀར་མོ། གློ་བ་ལས་ལག་ལེན་དོན་སྡེབས་ཆེན་མོ། མཆིན་པ་ལས་སྔོན་འགྲོ་གནད་ཀྱི་ལས་རིམ། མཁལ་མ་ལས་རབ་གནས་ཡེ་ཤེས་ཟུང་འཇུག །མཚེར་པ་ལས་བྱུང་བའི་མན་ངག་ཐམས་ཅད་ཀྱི་རྩ་བ་ལྡེ་མིག་རིན་ཆེན་འཕྲུལ་གྱི་སྒོ་འབྱེད་ཞེས་བྱ་བ་མན་ངག་གསེར་གྱི་ཡང་ཞུན་སྒྲོན་མ་དྲུག་གི་རྩ་བ། ཟིལ་གནོན་ཚེ་བདག་ནག་པོའི་འཕྲིན་ལས་འབྲིང་པོ། སྒོམ་ཁོག་ཞལ་གདམས་གནད་ཀྱི་ཊིཀྐ་ཟབ་པའི་མཐར་ཐུག །གཡུ་སྤྱང་བཅུ་བཞི། དྲག་སྔགས་སྤུ་གྲི་གཅིག་དྲིལ། འཁོར་ལོ་བཅོ་བརྒྱད་ཀྱི་དཔེའུ་རིས་སོགས་ལས་ཚོགས་མང་དུ་ཡོད་པ་ལས། འདི་ནི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་བ་སྟེ། དེ་ལའང་རྒྱས་འབྲིང་བསྡུས་པའི་རྣམ་གྲངས་མང་བ་ལས། འདིར་རྒྱས་པ་སྒྲུབ་དཀྱིལ་དུ་དབང་བསྐུར་བའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། དེས་རྒྱ་ནག་བཀྲ་ཤིས་ཁྲི་སྒོར་འཁྲུངས་པ་ཤྲཱི་སེང་ཧ་ལ། དེ་ནས་རིམ་བཞིན་ཤནྟིཾ་གརྦྷ། བལ་པོའི་རྒྱལ་པོ་བ་སུ་དྷཱ་ར། སློབ་དཔོན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། དེས་གཏེར་དུ་བཞེས་པ་ནས་བཀའ་གཏེར་གཉིས་ཀ་ཚང་ཡང་གཙོ་བོར་གཏེར་མ་པད་ལུགས་དང་གནུབས་ལུགས་གཉིས། དེ་ཡང་ལྕགས་སྡིག་གཞུང་ལ་གསལ་བའི་ཡི་གེ་བསྡུས་འབྲིང་། ཨོ་རྒྱན་རིན་པོ་ཆེས་མཛད་པ་རྒྱས་པ་ནི། སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་དེ་དང་དོན་དུ་གཅིག །དེ་ཡང་ཨོ་རྒྱན་རིན་པོ་ཆེས་མཛད་པ་སྔ་མ་དང་། སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ཕྱི་མ་ཡིན། དེའི་གཏེར་གཉིས་རྒྱ་ཞང་ཁྲོམ་གྱིས་བཞེས་པ་ལས་འདིར་ནི་ཐམས་ཅད་མཁྱེན་ཅིང་གཟིགས་པའི་བདག་ཉིད་ཆེན་པོ་ཀུན་མཁྱེན་པདྨ་དཀར་པོས་གནུབས་ལུགས་རྗེས་འབྲངས་སུ་མཛད་པའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་དུ་གྲགས་པའི་སྟེང་ནས་དབང་བསྐུར་བ་ལས་འདིར་ནི་རྒྱས་པ་གནུབས་ལུགས་ཏེ། འདིར་ཡང་གཞུང་གཏེར་མ་ཉིད་དང་། རྗེས་སུའང་ཀུན་མཁྱེན་པད་དཀར་གྱིས་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་ཆེས་ཟབ་རྒྱས་དེའི་གཞུང་གིས་དབང་བསྐུར་བ་ཡིན། དེ་ནས་གཏེར་སྟོན་ཉིད་ནས་བརྒྱུད་རིམ་ནི། ལྕགས་གཏུན་ཆེན་པོ་ནག་པོ་ཆོས་གྲགས། གནུབས་སྟོན་བྱ་བྲལ་མཚན་ཅན། རྡོ་རྗེ་རྒྱལ་པོ་ཆོས་ཀྱི་རྒྱལ་མཚན། གནུབས་ཆེན་གུ་རུ་མཆོག་ལྡན། མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ། དེས་སྲས་ཚེ་བདག་བཀྲ་ཤིས། དེ་ནས་རིམ་པ་བཞིན། ཀུན་མཁྱེན་པདྨ་དཀར་པོ། རྗེ་བཙུན་ངག་དབང་བཟང་པོ། རྒྱལ་བ་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། དེས་མི་ཕམ་ཆོས་ཀྱི་དབང་ཕྱུག་འཇིགས་མེད་རིག་པ་འཛིན་པའི་དཔའ་བོ། འཇམ་དཔལ་དགའ་བའི་བཤེས་གཉེན་རྗེ་དགེ་ལེགས་བཞད་པ། ངག་དབང་ཀུན་དགའ་བསྟན་འཛིན། གྲུབ་མཆོག་ངག་དབང་བདེ་ཆེན། པཎ་ཆེན་ཆོས་ཀྱི་ཉི་མ། གསང་བདག་གྲུབ་པའི་དཔའ་བོ། ཀུན་མཁྱེན་སྒྲུབ་བརྒྱུད་ཉི་མ། དེས་རྗེ་རིག་པ་འཛིན་པ་ཆོས་སྐྱོང་མགོན་པོ། ཁམས་སྤྲུལ་བསྟན་པའི་ཉི་མ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ། ཀུན་མཁྱེན་པདྨ་དྲི་མེད་གྲུབ་པའི་དབང་པོ། ཁྱབ་བདག་བླ་མ་རྫོགས་པའི་སངས་རྒྱས་དེའི་བཀའ་དྲིན་ལས་བདག་གིས་ལེགས་པར་ཐོབ་པའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ཡིན། བརྒྱུད་པ་དེ་ལྡན་གྱི་སྨིན་དབང་ཟབ་མོ་ཞུ་བ་སྔོན་དུ་འགྲོ་བ་སེམས་གཉིས་སྡོམ་པ་སྟེ། དེ་ལ་དམིགས་པ་འདི་བཞིན་མཛད་པར་ཞུ། བླ་མ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྤྱན་སྔར་ཁྱེད་རང་རྣམས་ལམ་ལོག་པ་ལས་ཁྱད་པར་གྱུར་པའི་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་འཕགས་པའི་ཐེག་པ་ཆེན་པོའི་སེམས་བསྐྱེད་འདི་གཉིས་མེད་དུ་མི་རུང་ཕྱིར་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ནས། ཐུགས་ཀྱི་སྲས་སུ་མཛད་དུ་གསོལ། བར་ལན་གསུམ། གཉིས་པ་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་དང་སྡོམ་པ་ལེན་པ་འདིའི་རྗེས་ཟློས་མཛོད། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། སོགས་སྔགས་བཅས་ལན་གསུམ། རིགས་ལྔའི་སྡོམ་པ་འདིས་ཡིས་བླང་། ཞེས་པས་རིགས་ལྔའི་སྡོམ་པ་བཟུང་བ་འདི་ཡི་རྗེས་ཟློས་མཛོད། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བསྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ཅེས་ལན་གསུམ། དེ་ལྟར་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་ཕྱིའི་འཇུག་པ་སོང་ནས། གཉིས་པ་ནང་འཇུག་ལ་དབྱེ་ན། གདོང་གཡོག་པ། མཎྜྻལ་ཕུལ་བ། གསོལ་བ་གདབ་པ། ནང་དུ་དྲངས་པ། དྲི་བ། ཁས་ལེན་པ་དང་དྲུག་གི །དང་པོ་སྔར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཆེན་པོའི་དཀྱིལ་འཁོར་མ་མཐོང་བ་མཚོན་པའི་ཕྱིར། གདོང་གཡོགས་དམར་པོ་རེ་འཆིང་བར་མཛོད། ཨོཾ་ཨཱཿཧཱུྃ ཞེས་པས་བཅིངས། དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་སློབ་མས་མཎྜྻལ་ཕུལ། དེ་ལྟར་མཎྜྻལ་ཕུལ་ནས་མོས་གུས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཧཱུྃ། ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱིས། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སོང་ནས། གཉིས་པ་ནང་དུ་དྲངས་བ་ལ། སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ་གཏད་པ་འདི་ལ་འཇུས་ནས་རིམ་བཞིན་ནང་དུ་དྲངས་བའི་མོས་པ་གྱིས། ཧཱུྃ། འཁོར་བའི་སེམས་ཅན་མ་ལུས་ཀུན། རྒྱུད་ལྔ་ལམ་གྱི་སྒོ་བཅད་དེ། །མཐོ་རིས་ཐར་པའི་སྒོ་ཕྱེས་ནས། །བླ་མེད་གནས་སུ་དྲངས་བར་བྱ། །ཡོལ་བ་ཕྱེས། ཨོཾ་བཛྭ་ས་མ་ཡ་ཛཿཛཿ དེས་ནང་དུ་དྲངས་པ་སོང་ནས། ལྔ་པ་དམ་ཚིག་བསྲུང་བར་ནུས་སམ་འདྲི་བ་ནི། འདི་ལྟར་བྱ་བ་ཡིན་ཏེ། དེ་ལ་རྡོ་རྗེ་མགོ་བོར་བཞག་ནས། སྐལ་ལྡན་རིགས་ཀྱི་བུ་ཁྱོད་རྣམས། །གསང་བའི་དམ་ཚིག་བསྲུང་ནུས་སམ། །བསྒྲུབ་མཆོག་བརཏལ་ཞུགས་སྤྱོད་ནུས་སམ། །མངོན་སྤྱོད་ལས་རྣམས་བྱེད་ནུས་སམ། །ལན་གསུམ། དེ་ལྟར་བདག་གིས་ལན་གསུམ་དུ་དྲིས་པ་ལ། དྲིས་ལན། ཁྱེད་རང་རྣམས་ཀྱིས་ཀྱང་དྲིས་ལན་དུ་གྱུར་པ་འདིའི་རྗེས་ཟློས་གྱིས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཁྱོད་ཀྱིས་བཀའ་སྩལ་བདག་རྗེས་སྒྲུབས། །དམ་ཚིག་སྡོམ་པ་གང་ཡིན་དང་། །གསང་བའི་ལས་ཀུན་བསྒྲུབ་པར་འཚལ། །བརཏལ་ཞུགས་ཆེན་པོ་བླ་མེད་པ། །མཐར་ལ་ཕྱིན་པར་སྤྱོད་པར་འཚལ། །འཕྲིན་ལས་རྣམ་བཞིའི་བྱ་བ་རྣམས། །ཇི་ལྟར་གསུངས་པ་ཉན་པར་འཚལ། ལན་གསུམ། དེས་ཁས་བླངས་པ་སྟེ། དེ་ལྟར་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པ་ཕྱི་ནང་སོང་ནས་ད་རྩ་བའི་ས་བཅད་གཉིས་པ་ལྷ་ངོ་བསྟན་པ་སོགས་ལ་ནང་ཚན་དུ་དབྱེ་ན་དགོངས་གསོལ། ཕྱོགས་བཞིའི་སྒོ་ཕྱེ་བ། ཕྱག་བྱ་བ། ལྷ་བསྟན་པ། ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱིན་གྱིས་རླབས་པ་སོགས། ཡོད་པའི་དང་པོ་དགོངས་གསོལ་ནི། སློབ་དཔོན་བདག་གིས་དཀྱིལ་འཁོར་གྱི་ལྷར་གསོལ་བ་འདི་ལྟར་འདེབས་ཏེ། ལྷ་དང་རྡོ་རྗེ་སློབ་དཔོན་མཆེད། །ཕྱོགས་མཚམས་ཀུན་ནས་མཁྱེན་པའི་དཔལ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། དེས་དཀྱིལ་འཁོར་གྱི་ལྷར་གསོལ་གདབ་སོང་ནས། སྒོ་ཕྱེ་བ་ནི་འདིར་ལྟར་རོ། །ཧོཿཡེ་ཤེས་རྣམ་པ་ཀུན་ལྡན་ཞིང་། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཡུལ་ལས་འདས་པའི་ཡེ་ཤེས་ཀྱིས། །མཁའ་དབྱིངས་དག་པའི་ཤར་སྒོ་ཕྱེ། །ཞེས་པའི་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ཤག་གིས་བྱེ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཁྲ་ལྷམ་མེར་མཐོང་བར་གྱུར་པའི་མོས་པ་གྱིས། དེ་ནས་ཕྱག་འཚལ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་དཀྱིལ་འཁོར་ཤར་སྒོར་ཞུགས་ཏེ་ཕྱག་འཚལ་བར་མོས་ལ་འདི་ཡི་རྗེས་ཟློས་མཛོད། མཉམ་ཉིད་དག་པའི་ཚུལ་གྱིས་ཕྱག་འཚལ་ལོ། །དེས་ཕྱག་འཚལ་བ་སོང་ནས། ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་ཆེན་པོ་འདིའི་དབུས་སུ་ཚོམ་བུའི་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ། རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་གསུམ། ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་མའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི། ཟ་མའི་གཤིན་རྗེ། བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་ཞལ་མངོན་སུམ་དུ་སྲམ་མེར་བཞུགས་པ་རྣམས་ལ་མོས་གུས་དུངས་པར་གྱིས་ཤིག །དེས་ལྷ་ངོ་བསྟན་པ་སོང་ནས། བྱིན་གྱིས་རླབས་པ་ལ་དམིགས་པ་འདི་བཞིན་དུ་གྱིས། དེ་ནས་དཀྱིལ་འཁོར་གྱི་ལྷའི་མཛོད་སྤུའི་དབུས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཞུགས། ལུས་ལ་ཐིམ་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེག །མགུལ་གྱི་དབུས་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་ལ་ཐིམ། ངག་གི་སྒྲིབ་པ་དག །ཐུགས་ཀའི་དབུས་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུག །ཡིད་ལ་ཐིམ། ཡིད་ཀྱི་སྒྲིབ་པ་དག་པར་གྱུར་པའི་མོས་པ་མཛོད། དེ་ནས་སླར་དཀྱིལ་འཁོར་ཆེན་པོའི་ལྷོ་སྒོར་ཕྱིན་པའི་མོས་པ་དང་བཅས་སྒོ་ཕྱེ་བ་ནི། ཧོཿ ཡེ་ཤེས་རྣམ་པ་ཀུན་ལྡན་ཞིང་། །ཞེས་པ་ནས། མཁའ་དབྱིངས་དག་པའི་ལྷོ་སྒོ་ཕྱེ། །ཞེས་པས་དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ། སོགས། ཕྱག་འཚལ་ལྎ །ཁྱེད་རང་རྣམས་དཀྱིལ་འཁོར་ལྷོ་སྒོར་ཞུགས་ནསྎ །མཉམ་ཉིདྎ །དེས་ཕྱག་འཚལ་བ་སོང་ནས། དཀྱིལ་འཁོར་ཆེན་པོ་འདིའི་ཞེས་པ་ནས། ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག་པར་གྱུར་པའི་མོས་པ་གྱིས། །ཞེས་པའི་བར། དེ་ནས་ནུབ་སྒོར་ཕྱིན་པའི་ཞེས་སོགས། བྱང་དང་བཅས་པར་འདོན་པ་བཅས་ཕྱོགས་བསྒྱུར་ལ་སྔར་ལྟར་འགྲེའོ། །དེ་ལྟར་རྣམས་ཀྱི་ཕྱོགས་བཞིའི་བྱིན་རླབས་ཞུ་བ་སོང་ནས། ད་ནི་རྩ་བའི་ས་བཅད་གསུམ་པ་ཡེ་ཤེས་དབབ་པ་ལ་ནང་ཚན་དུ་དབྱེ་ན། དང་པོ་དམ་ཚིག་བསྒྲག་པ་གཉིས། ཡོན་གྱི་མཎྜྻལ། གསོལ་བ་འདེབས་པ། ཁྱེད་རང་རྣམས་ལྷར་བསྐྱེད་པ། ཡེ་ཤེས་པ་དགུག་པ། བསྟིམ་པ། སྔགས་བཟླ་མེ་ཏོག་དོར་བ། བརྟག་པ། ལྷ་བསྟིམ་པ་རྣམས་ཀྱི་དང་པོ་ལ་གཉིས་ལས་ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་མནའ་ཆུ་བླུད་པ་འདི་ལྟ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྭ་ཡཀྴ་ཀྲོ་དྷ་ཛ་ཧཱུྃ་ཋ་ཋ་ཨི་དནྟ་ན་ར་ཀན། དེས་གཉིས་ཀའི་སྒོ་ནས་མནའ་ཆུ་བླུད་པ་སོང་ནས། གཉིས་པ་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རཀྴའི་ཕྲེང་བ་མགོ་བོར་བཀོན་པར་བྱ་སྟེ། རིགས་ཀྱི་བུ་མཆོག་རྡོ་རྗེ་ཁྱོད། །དེ་རིང་ཕན་ཆད་ང་ཡི་བུ། །ང་ཡིས་བསྒོ་བར་བྱ་བ་དང་། །དམ་ཚིག་ལ་ཡང་གནས་པར་བགྱི། །དངོས་གཞི་ཡེ་ཤེས་དབབ་པའི་ཡོན་དུ་མཎྜྻལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཡིས། །ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །ཡེ་ཤེས་ཁྲོ་བོའི་སྤྲིན་ཆེན་པོ། །མ་ལུས་བདག་ལ་དབབ་ཏུ་གསོལ། །དེས་གསོལ་བ་འདེབས་པ་སོང་ནས། དེ་ནས་ལྷ་བསྐྱེད་པ་ལ་དང་པོར། བུམ་པའི་མགུལ་གྱི་ཨོཾ་བྱང་རྣམས་ཁྱེད་རང་རྣམས་སོ་སོར་གཏད་པའི་ཚེ། སློབ་མའི་མགོ་བོར་བཞག །ཞེས་གཞུང་ནས་གསུངས་ཏེ། དང་པོ་ནས་སློབ་མ་ཇི་སྙེད་པའི་གྲངས་དེ་སྙེད་པའི་ཨོཾ་བྱང་གཙོ་བོ་བུམ་པའི་མགུལ་དུ་བཏགས་པ་ད་ལམ་སོ་སོར་གཏད་རྒྱུ་ཡིན་ནའང་། དེ་ལྟར་མ་འགྲུབ་པས་ན། ད་ལམ་མཚོན་བྱེད་གཅིག་འདི་ཉིད་མགོ་བོར་འཇོག་སྟེ་དེ་ལ་དམིགས་པ་འདི་བཞིན་དུ་གྱིས། དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཐུགས་ཀ་ནས་ཨོཾ་རེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་མོས་པ་གྱིས། ཧཱུྃ། ཐིག་ལེའི་ངོ་བོ་འཇམ་དཔལ་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ན་རོ་རྡོ་རྗེ་སེམས་པའི་སྐུ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཟླ་ཚེས་པདྨ་དབང་གི་སྐུ། །ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད། །འ་ནི་དོན་ཡོད་གྲུབ་པའི་སྐུ། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨུ་ནི་སངས་རྒྱས་བདེ་གཤེགས་སྐུ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཡིག་འབྲུ་ལྔ་ཡིས་བྱིན་བརླབས་པས། །སྐུ་ལྔ་ཡེ་ཤེས་ལྡན་པར་ཤོག །ཨོཾ་དེ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས། ལུས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྒྱུ་དང་རྐྱེན་མེད་པར་ནས། དཔལ་གྱི་ཆས་ཀྱིས་བརྒྱན་པའོ། །ཞེས་པའི་བར། རྒྱུ་མེད་ཅེས་སོགས། དྲེག་པ་ཀུན་གྱི་བསྐོར་བར་ཨེ་རིང་བསྙེན་པའི་མན་ངག་ཇི་བཞིན་བརྗོད། དེས་ཁྱེད་རང་རྣམས་དམ་ཚིག་གི་ལྷར་བསྐྱེད་པ་སོང་ནས། ད་ནི་བརྒྱུད་པའི་བླ་མའི་བྱིན་རླབས་འཇུག་པའི་ཕྱིར་གསོལ་བ་འདེབས་ཏེ། དེ་ཡང་ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ་མོས་གུས་ཆེན་པོས་གསོལ་བ་འདེབས་པའི་རིམ་པ་འདི་བཞིན་དུ་མཛོད། ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །སོགས་གསོལ་འདེབས་བྱ། དེ་ནས། བླ་མ་རྣམས་འོད་དུ་ཞུ་ནས་མཐར་ཐམས་ཅད་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་གྱིས། དེས་བརྒྱུད་པའི་བླ་མའི་བྱིན་རླབས་ཞུ་བ་སོང་ནས་དཀྱིལ་འཁོར་གྱི་ལྷའི་ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ས་བོན་ཡི་གེ་ཧཱུྃ་མཐིང་ནག །དེ་ལས་ཛཿཧཱུྃ་བྃ་ཧོཿས། སྒྲ་དང་བཅས་པའི་འོད་ཟེར་བླ་མའི་ཐུགས་ཀར་ཕོག །བླ་མའི་ཐུགས་ཀ་ནས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་ཐོགས་པའི་ཕོ་ཉ་སྤྲོས་ཏེ། ཆོས་ཀྱི་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ཁང་ནས། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ་རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་ཡབ་ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལང་མ་བཞི། ཟ་མའི་གཤིན་རྗེ་བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཛྭ་ས་མ་ཛཿ ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། སོགས་དང་། དམ་ཚིག་པ་དང་ཡེ་ཤེས་ཤེས་སེམས་དཔའ་སོགས། ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྙིང་ཁར་ལྕགས་ཀྱུས་ཛཿ ཞགས་པས་ཧཱུྃ། ལྕགས་སྒྲོག་གིས་བྃ། དྲིལ་བུས་ཧོཿ མདུན་གྱི་ནམ་མཁར་ཆར་པ་བབ་པ་བཞིན་དུ་བྱོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱི་མཐར། ཛྙྱཱ་ན་ཨ་བེ་ཤ་ཡ་ཨཱཿ ཞེས་པ་བཏག་ལ་དྲག་ཏུ་བཟླ། སྤོས་ཀྱིས་བདུག་ཅིང་རོལ་མོ་བསྒྲགས། གར་དང་བརྡ་སྐད་འཕར་སོགས་འབྱུང་། དེས་ཡེ་ཤེས་པ་དབབ་པ་སྐུ་གསུང་ཐུགས་ཀྱི་སྔགས་བཟླ་བ་སོང་ནས། མེ་ཏོག་དོར་བའི་དང་པོ་རིགས་བརྟག་པ་ནི། དཀྱིལ་འཁོར་ཆེན་པོའི་ནང་དུ་གསུང་ཀྱང་ཕྱག་ལེན་མཎྜྻལ་ཐོག་ཏུ། དེ་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོར་སྣང་བ་ཙམ་ལས་དོན་དམ་ཆོས་དབྱིངས་ཡེ་ཤེས་ཀློང་དུ་གཅིག་པས་འདིར་མཎྜྻལ་གྱི་སྟེང་དུ་ཟིལ་གནོན་རིགས་ལྔ་ཧེ་རུ་ཀའི་ས་བོན་རང་མདོག་བྲིས་པ་རང་སྐལ་ལྷ་གང་ཡིན་པ་ལ་འབབ་པར་ཤོག་སྙམ་པའི་མོས་པ་གྱིས། ཧཱུྃ། བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ལས་འཕྲོ་ཡོད་པའི་ལྷ། །གང་ཡིན་མཆོག་ལ་འབབ་པར་ཤོག །ཞེས་པའི་སྨོན་ལམ་དང་བཅས་པས། ཨེ་ཀ་ཡ་མ་མུ་དྲ་ཏྲཾ་པུཥྤེ་ས་མཱ་ཡ་པཱུ་ཛ་ཧོཿ ཞེས་ལྟོས་པ་མེད་པར་མེ་ཏོག་དོར་ཅིག །སླར་དེ་དངོས་གྲུབ་ཀྱི་དོན་དུ་མགོ་བོར་བཅིངས་པའི་ཚེ། གང་ལ་ཕོག་པའི་ལྷ་དེ་ཉིད་ལུས་ལ་ཐིམ་པའི་མོས་པ་གྱིས། དེས་མེ་ཏོག་དོར་བ་སོང་ནས། དེ་ནས་ལྷ་ངོ་སྤྲད་པ་ལ་དང་པོ་མིག་དར་དབྱེ་བ། དངོས་གཞི་ལྷ་ངོ་སྤྲོད་པ། རྗེས་སུ་དོན་དམ་པའི་རྣམ་པར་དག་པ་གསུམ་གྱི་དང་པོར་གསོལ་བ་གདབ་པ་འདིིའི་རྗེས་ཟློས་གྱིས། ཤིན་ཏུ་མ་རིག་མུན་པ་ཡིས། །བདག་ཉིད་ལོང་བར་གྱུར་པ་ལས། །འཇམ་དཔལ་ཐུགས་རྗེ་ཆེན་པོ་ཡིས། བདག་གི་མིག་འདི་དབྱེ་རུ་གསོལ། ཨོཾ་བཛྭ་པྲ་བེ་ཤ་ཡ་ཕཊ། དེས་གསོལ་བ་བཏབ་པ་སོང་ནས། མིག་དབྱེ་བ་དངོས་ནི་མིག་ཐུར་ཐོག་པས་དབྱེ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་འཇམ་དཔལ་བདག་གིས་བསལ། ཙཀྵུ་པྲ་བེ་ཤག །ཅེས་མིག་དར་ཕྱེ། དེས་མིག་དབྱེ་བ་སོང་ནས། དངོས་གཞིའི་དཀྱིལ་འཁོར་གྱི་ལྷ་ངོ་སྤྲད་པ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། རྩོལ་བའི་སེམས་སྟོབས་ལས་བྱུང་བ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། གཞན་ལ་གསང་བ་མ་སྨྲ་ཞིག །དེ་ནས་ལྷ་ངོ་བསྟནཔ་ལ་རྒྱས་པ་དཀྱིལ་འཁོར་ཆེན་པོའི་མངོན་པར་རྟོགས་པ་ཕྱི་ནང་གསང་བའི་དག་སྦྱར་བཅས་སྣང་སྟོང་ལྷ་སྐུར་ངོ་སྤྲད་པ། འབྲིང་པོ་རྒྱུ་མཚན་རྣམ་གཞག་བཅས་གྲང་ངེས་ཟུང་འཇུག་ངོ་སྤྲད། བསྡུས་པ་མཚོན་བྱ་དཔེ་དང་མཚོན་བྱེད་དུ་དོན་དུ་བསྡུ་བ་གསུམ་ལས་དམ་ལམ་ཕྱི་མ་འདི་ལྟར་ངོ་སྤྲད་བསྡུ་བ་ལས། གཞི་ཆོས་དབྱིངས་རྣམ་པར་དག་པའི་མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་ཁྱབ་གདལ་ཡངས་པ་ཆེན་པོའི་ཀློང་དུ་གང་འདུལ་སྣ་ཚོགས་དེར་སྣང་སྐུ་གཉིས་ཀྱི་ཆོ་འཕྲུལ་མི་ཟད་པ་ལས། འབྱུང་བརྩེགས་རི་རབ་དང་བཅས་པའི་ལྟེ་བར་པདྨ་དུར་ཁྲོད་རྡོ་ར་མེ་རིའི་སྲུང་བའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་མེད་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་དཀྱིལ་འཁོར་ཆེན་པོའི་དབུས་ཆོས་འབྱུང་གྲུ་གསུམ་མཐིང་ནག་དབུས་སུ་ལིང་ཚེ་བརྒྱད་དབུས་དང་དགུའི་དབུས་སུ་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཡུམ་གསུམ་དང་བཅས་པ་སྟེ་རྩ་བའི་ལྷ་བཞི། ཕྱོགས་བཞིའི་ལིང་ཚེར། ཡ་མ་རཱ་ཙ་སོགས་སྲས་མཆོག་བཞི། མཚམས་སུ་གཤེད་ཆེན་བཞི་སྟེ་གྱད་ནོན་ལྷ་བརྒྱད། ཆོས་འབྱུང་ཕྱིའི་ཟླ་གམ་དམར་པོ་གསུམ་དུ་སྤྲུལ་པ་གསུམ་ཡུམ་བཅས་ཏེ་དྲུག །དེའི་ཕྱིའི་འཁོར་ལོ་རྩིབས་བཅུ་གཉིས་ལ་ལོ་གཤེད་བཅུ་གཉིས། ཡུམ་བཅས་ཏེ་ཡབ་ཡུམ་ཉེར་བཞི། དེའི་ཕྱིའི་གྲུ་ཆད་བཞི་ལ་གྲུ་ཆད་རེ་རེར་ལྷ་གསུམ་རེ་སྟེ་ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི་བཅས། དེའི་ཕྱི་ཁྱམས་འོབས་སོ་གཉིས་ལ་ཞག་གཤེད་སོ་གཉིས། སྒོ་བཞི་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི་བཅས་ཏེ་དཀྱིལ་འཁོར་ནང་མའི་ལྷ་རྣམས་དང་། གཞན་ཡང་འཁོར་ཡུག་ཏུ་ཟ་མའི་གཤིན་རྗེ་རྣམས། མཐར་བཀའ་ཉན་གྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་འཕྲུལ་འཁོར་མི་ཟད་པའི་རྣམ་པ་མེ་ལོང་ལ་པྲ་ཕབ་པ་བཞིན་སྣང་ལ་རང་བཞིན་མེད་པའོ། །མངོན་སུམ་དུ་གསལ་ཐོབ་མཛོད། གསུམ་པ་དོན་དམ་པའི་རྣམ་པར་དག་པའི་བཤད་པ་ནི་འདི་ལྟ་སྟེ། ངོ་བོ་ཆོས་ཉིད་སྤྲོས་པ་དང་བྲལ་བས་ན་ཀ་དག་རྣམ་པ་རང་བྱུང་གི་ཡེ་ཤེས་ལས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་རང་ཤར་བས་ལྷུན་གྲུབ། དེ་ཡང་དོན་བླ་ན་མེད་པའི་ས་ལ་ལྷུན་གྱིས་རྫོགས་པ་དང་། རྟགས་ཀྱི་གདུག་པ་ཅན་བསྒྲལ་བར་བསྟན་པ་སྟེ། ཡང་དག་པར་ན་དོན་རྟགས་གཉིས་སུ་མེད་པའོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཉིད་སྦྱོར་བ་སྣ་ཚོགས་མ་འགགས་པར་སྤྱོད་པན་ི་ཐུགས་རྗེ་སྟེ་སྲིལ་གྱིས་བསྒྲིལ་ན། ཡ་གི་འཇམ་དཔལ་གཤིན་རྗེ་གཤེད་པོ་ནས་མ་གི་དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་ལ་གནས་པའི་འབྱུང་པོའི་བར་རྟེན་དང་བཅས་པ་གཞི་མ་བཅོས་པ་དེ་ཁོ་ན་ཉིད་ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་མཚན་མའི་གཟུགས་སུ་སྣང་བ་ཀུན་ནི་སྒྱུ་མ་ལྷུན་གྲུབ་ཡེ་ཤེས་ལོངས་སྤྱོད་རྫོགས་པར་གཅིག །ལས་སྣ་ཚོགས་སོ་སོ་ནས་འདུལ་བ་ནི་སྤྲུལ་པའི་སྐུ་རུ་གཅིག་སྟེ། དེ་ལྟར་སྐུ་གསུམ་གྱི་གྱི་རོལ་པར་རང་རང་གི་དོན་ལ་སྤྱོད་པ་ནི། ཆོས་ཉིད་ལ་ཆོས་ཉིད་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ། སྤྲུལ་པ་ལ་སྤྲུལ་པར་རོལ་པ་སྟེ། རྒྱུད་ལས་ཀྱང་། ངོ་བོ་མ་བཅོས་ཆོས་ཀྱི་སྐུ། །ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་དང་མཚན་མར་བཏགས་པ་ཀུན། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་ལྷུན་གྲུབ་སྤྲུལ་པས་འདུལ། །རོལ་པའི་ཕྱག་རྒྱར་སྣང་བའོ། །དེ་ལྟར་རྣམས་ཀྱིས་དཀྱིལ་འཁོར་ལྷ་ངོ་བསྟན་པ་དང་དོན་དམ་གནས་ལུགས་བཤད་པ་དག་སོང་བ་སྟེ། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་དབང་བསྐུར་བའི་སྔོན་འགྲོ་སོང་ནས། དངོས་གཞི་དབང་ལ་སྤྱོད་པ་ལ་བཞི། བུམ་དབང་ཕྱི་ལ་བསྐུར་བ། གསང་དབང་ནང་ལ་བསྐུར་བ། ཤེས་རབ་ཡེ་ཤེས་ཀྱི་དབང་གསང་བར་བསྐུར་བ། ཞོར་དུ་མཚན་དབང་དང་། བླ་མེད་དབང་སོགས་ཏེ། དང་པོ་བུམ་དབང་ལ། བུམ་པ། ཅོད་པན། རྡོ་རྗེ། དྲིལ་བུ། མིང་གི་དབང་སྟེེ་རིགས་པའི་དབང་ལྔ། ལྷ་ཚོགས་སྐུ་གསུང་ཐུགས་དབང་དང་དྲུག་སྟེ་དེ་རྣམས་ཞུ་བའི་ཡོན་དུ་མཎྜྻལ། དེ་ནས་ཁྱེད་རང་རྣམས་མོས་གུས་གདུང་བ་དང་བཅས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། ཧཱུྃ། ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྟོང་གསུམ་ཡུམ་དུ་བསྒྲུབ་པའི་ཕྱིར། །དུས་གསུམ་སངས་རྒྱས་དབང་བསྐུར་སྩོལ། འཇམ་དཔལ་གསང་བའི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །དཀྱིལ་འཁོར་ལས་མཐའ་བསྟན་པའི་ཕྱིར། །ཕྱི་ནང་གསང་བའི་དབང་བསྐུར་སྩོལ། །གཤེད་བཞི་སྦྱོར་བ་འཁོར་ལོ་དང་། །བན་དགྲ་གསོད་དང་བསྒྲལ་བ་དང་། །ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར། །མཐུ་རྩལ་དབང་བསྐུར་སྩལ་དུ་གསོལ། །ལན་གསུམ། དེས་གསོལ་བ་གདབ་པ་སོང་ནས། དང་པོ་མི་བསྐྱོད་པའི་དབང་ལ། ལས་ཀྱི་བུམ་པ་ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱིས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་མ་ལུས་པ་ཡོངས་སུ་དག་པའི་མོས་པ་གྱིས། ཧཱུྃ། རིན་ཆེན་དངུལ་གྱི་བུམ་པ་ནི། བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང་། །བྱང་ཆུབ་ཆུ་ཡིས་ཁྲུས་བྱས་པས། ཉོན་མོངས་བག་ཆགས་བྱང་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཱཧཾ། དེ་ལྟར་ཁྲུས་བྱས་པས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་པའི་མོས་པ་གྱིས། དེས་ཕྱི་དྲི་མ་འཁྲུད་པར་བྱེད་པ་ལས་ཀྱི་བུམ་པའི་དབང་བསྐུར་བ་སོང་ནས། ཟིལ་གནོན་རཏྣ་ཧེ་རུ་ཀའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་རཏྣ་ཧེ་རུ་ཀ་གཡས་ཐོད་དབྱུག་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་མཱ་མ་ཀི་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ །བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས། ཧཱུྃ། ངོ་བོ་མཉམ་ཉིད་ཡེ་ཤེས་ལས། རང་བཞིན་ཡོན་ཏན་ལྷ་རུ་གསལ། རྣམ་པ་བུམ་ཆུས་དབང་བསྐུར་བས། རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་རཏྣ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་ཆུ་དང་བཅས་པའི་དབང་བསྐུར་བས་ང་རྒྱལ་རྣམ་པར་དག་ནས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་ཡེ་ཤེས་ལྷ་ཚོགས་ཀྱི་བྱིན་རླབས་འཇུག་པར་བྱེད་པ་ཟིལ་གནོན་རཏྣ་ཧེ་རུ་ཀ་བུམ་ཆུས་དབང་བསྐུར་བ་སོང་ནས། ད་ནི་ཟིལ་གནོན་པདྨ་ཧེ་རུ་ཀ་དར་དཔྱངས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་ན་བཟའ་དཀར་མོ་ཏྲི་ཤཱུ་ལྎ །གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་དར་དཔྱངས་ཀྱི་ཕུར་མ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོགས། ཧཱུྃ། ངོ་བོ་སོར་རྟོགས་ཡེ་ཤེས་ལས། །རང་བཞིན་གསུང་གི་ལྷ་རུ་གསལ། །རྣམ་པ་ཅོད་པན་དབང་བསྐུར་བས། །པདྨ་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་པདྨ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་ཅོད་པན་དར་དཔྱངས་དང་བཅས་པའི་དབང་བསྐུར་བས་འདོད་ཆགས་རྣམ་པར་དག་ནས་པདྨ་རིགས་ཀྱི་དབང་དང་ལྡན་ཏེ་སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་གསང་བ་ཡོན་ཏན་རྒྱས་པར་བྱེད་པ་ཟིལ་གནོན་པདྨ་ཧེ་རུ་ཀ་དར་དཔྱངས་ཀྱིས་དབང་བསྐུར་བ་སོང་ནས། ཟིལ་གནོན་ཀརྨ་ཧེ་རུ་ཀ་དྲིལ་བུས་དབང་བསྐུར་བ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རལ་གྲི། གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་དམ་ཚིག་སྒྲོལ་མ་ཏྲི་ཤཱུྎ །གཤེགས་མ་རྣམས་ཀྱིས་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོགས། ཧཱུྃ། ངོ་བོ་བྱ་གྲུབ་ཡེ་ཤེས་ལས། །རང་བཞིན་ཕྲིན་ལས་ལྷ་རུ་གསལ། །རྣམ་པ་དྲིལ་བུས་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་ཀརྨ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་དྲིལ་བུ་སྒྲ་དང་བཅས་པའི་དབང་བསྐུར་བས་ཕྲག་དོག་རྣམ་པར་དག་ནས་ལས་ཀྱི་དབང་དང་ལྡན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་ཟིལ་གནོན་ཀརྨ་ཧེ་རུ་ཀ་དྲིལ་བུས་དབང་བསྐུར་བ་སོང་ནས། སླར་ཡང་ཟིལ་གནོན་བཛྭ་ཧེ་རུ་ཀ་རྡོ་རྗེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་བཛྭ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྡོ་རྗེ་ཁྲོས་མ་ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ་ཏྲི་ཤཱུྎ །གཤེགས་མ་རྣམས་ཀྱིས་རྡོ་རྗེ་གསོར་བ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་སོགས། ཧཱུྃ། ངོ་བོ་མེ་ལོང་ཡེ་ཤེས་ལས། །རང་བཞིན་ཐུགས་ཀྱི་ལྷ་རུ་གསལ། །རྣམ་པ་རྡོ་རྗེའི་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་བཛྭ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་རྡོ་རྗེ་གསོར་བ་དང་བཅས་པའི་དབང་བསྐུར་བས་ཞེ་སྡང་རྣམ་པར་དག་ནས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་ཟིལ་གནོན་བཛྭ་ཧེ་རུ་ཀ་རྡོ་རྗེས་དབང་བསྐུར་བ་སོང་ནས། ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་མིང་གིས་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་སངས་རྒྱས་སྤྱན་མ་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་ཀྱིས་བརྗིད་པ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་དེ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་མིང་འདི་ཞེས་བྱ་བར་འབོད་པ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས། ཧཱུྃ། ངོ་བོ་ཆོས་དབྱིངས་ཡེ་ཤེས་ལས། །རང་བཞིན་སྐུ་ཡི་ལྷ་རུ་གསལ། །རྣམ་པ་མིང་གི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག །ཨོཾ་ཨེ་ཀ་ཡ་མ་བུདྡྷཱ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་མིང་འབོད་པ་དང་བཅས་པའི་དབང་བསྐུར་བས་གཏི་མུག་རྣམ་པར་དག་ནས་བདེ་བར་གཤེགས་པའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེ་ནི་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་མིང་གི་དབང་བསྐུར་བའོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྒོ་ནས་ཧེ་རུ་ཀ་ལྔའི་དབང་བསྐུར་བས་ཉོན་མོངས་ལྔ་གནས་སུ་དག །རིག་པ་ཡེ་ཤེས་ལྔའི་དབང་ཐོབ་པས། ཕུང་པོ་ལྔ་ཁྲག་འཐུང་རིགས་ལྔར་གནས་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་རྣམས་ཀྱིས་རིགས་པའི་དབང་ལྔ་བསྐུར་བ་སོང་ནས། དྲུག་པ་ནུས་པ་རྫོགས་པར་བྱེད་པ་ཡེ་ཤེས་ལྷའི་དབང་བསྐུར་བ་ལ་གསུམ་སྟེ། སྐུའི་ནུས་པ་རྫོགས་པར་བྱེད་པ་ཕྱག་རྒྱའི་དབང་དང་། གསུང་གི་ནུས་པ་སྐྱེད་པར་བྱེད་པ་སྔགས་ཀྱི་དབང་། ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ཕྱག་མཚན་གྱི་དབང་བསྐུར་བའོ། །དང་པོ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་མི་དམིགས་པ་སྟོང་པའི་ངང་ལས་རྣམ་པར་ཤེས་པའི་ངོ་བོ་རྒྱུ་དང་རྐྱེན་མེད་པར་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཡན་ལག་རགས་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིང་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་ལྗགས་ལ་ཁྲག་གི་རྒྱ་མཚོ་འཁྲུག་པ། སྨ་ར་ཨག་ཚོམ་སྨིན་པ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་སྡང་མིག་ཏུ་གཟིར་ནས་བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་བཅིངས་པའི་ཤངས་ཀྱིས་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབས་པ། ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔ་ཡི་ཅོད་པན། བདུད་དང་མུ་སྟེགས་དང་སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་ལྔ་བཅུ་རྩ་གཅིག་དང་སྙིང་སྦྲེལ་བའི་རྒྱུ་མའི་ག་ཤ། རུས་པའི་རྒྱན་དྲུག་དང་སྦྲུལ་ཆེན་བརྒྱད་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་། ཞིང་ཆེན་གྱིས་རྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་སྣ་ལ་རཀྟའི་ཐིག་ལེ། བྲང་གི་འཛོམས་སུ་ཞག་གི་སོར་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེའི་མཚོན་ཆ་ངར་མའི་གཤོག་པ་བརྒྱངས་པ། ཡུམ་བེ་ཏ་ལི་མཐིང་ནག་སྙིང་དང་ཐོད་ཁྲག་འཛིན་པར་སྙོམ་པར་འཇུག་པ། གཡོན་བརྐྱང་ནས་འབར་བའི་ཕྲེང་བ་འཁྲུག་པའི་ཀློང་ན་བཞུགས་པར་གྱུར། འབྱུང་བའི་དྭངས་མ་བཞི་གཙོ་བོའི་ལྷ་བཞི། འབྱུང་བའི་སྙིགས་མ་བཞི་གྱད་གནོན་གྱི་ལྷ་བཞི། དུག་གསུམ་ལས་གཤིན་གསུམ། ཉོན་མོངས་པ་བཞི་གསང་བའི་གཤེད་བཞི། རྣམ་ཤེས་བཞི་མོན་པ་བདུད་བཞི། སེམས་བྱུང་གི་རྒྱུ་བ་ཞག་དང་ཟ་གཤེད། གནས་སྐབས་བཞིའི་ཐིག་ལེ་སྒོ་བ་བཞི་ལ་སོགས་པ་ལུས་གདོད་མ་ནས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ཕྱིར། ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་ཕོ་བྲང་ནང་ན་དཀྱིལ་འཁོར་ལྷ་ཚོགས་ཁྲ་ལམ་མེར་བཞུགས་པ་རྣམས་ལས་རང་འདྲ་བ་ཆད་དེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་དྲེགས་པ་སྐུའི་དབང་ཐོབ་པའི་མོས་པ་གྱིས་ཤིག །གཙོ་བོའི་ཙཀ་ལི་སོགས་རིམ་པས་མགོ་ཐོག་ཏུ་བཞག་སྟེ། ཧཱུྃ། ཆོས་ཀྱི་དབྱིངས་ནས་གོ་འབྱེད་གཟུགས་ཕུང་དགྲར། ནས། བདེ་གཤེགས་ཁྲོ་བོའི་ཚོགས་རྗེས་དབང་བསྐུར་རོ། །ཞེས་སོགས་དེ་བཞིན་ཕྲིན་ལས་བསྟོད་པའི་ཕྱག་འཚལ་ཚབ། །དབང་བསྐུར་རོ་ཞེས་སྦྱར་བས་བསྐུར། ཡུམ་དང་རྩ་དང་གྱད་ལས་གཤིན། །གཤེད་དང་མོན་བདུད་ཞག་དང་སྒོ། །ལྷག་མ་ཐམས་ཅད་གཅིག་ཏུ་བྱ། །རྒྱས་འདོད་རེ་རེས་བསྐུར་བ་ཡིན། དེ་ལྟར་ཡེ་ཤེས་ལྷ་རྣམས་ཀྱི་སྐུའི་དབང་བསྐུར་བ་སོང་ནས། སླར་ཡང་རྡོ་རྗེའི་ཕྱག་རྒྱས་དཔྲལ་བར་དྲི་ཡི་ཐིག་ལེ་བྱས་པས་དངོས་གྲུབ་དེ་ཉིད་བརྟན་པར་གྱུར་པའི་ཐུགས་མོས། སྐུ་རྡོ་རྗེའི་དངོས་གྲུབ་བརྟན་པར་བྱ་བའི་ཆེད་དུ་དཔྲལ་བར་དྲི་ཡི་ཐིག་ལེ་བྱ་བ་ཡིན་ཏེ། དཔྲལ་བར་རྡོ་རྗེས་དྲིའི་ཐིག་ལེ་བྱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨོཾ། སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོས་རྒྱས་བཏབ་པའི་མོས་པ་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དྲེགས་པའི་སྐུའི་དབང་ཐོབ་པ་ཡིན་པས་དེང་ཕྱིན་ཆད་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུར་ཁྲོད་ཀྱི་དཀྱིལ་འཁོར་གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་ཆེན་པོའི་ལྷ་ཚོགས་སུ་ཤེས་པར་གྱིས་ཤིག །གསུང་གི་དབང་ནི། གཉིས་པ་ནི་ཡེ་ཤེས་ལྷའི་གསུང་གི་ནུས་པ་བསྐྱེད་པར་བྱེད་པ་སྔགས་ཀྱི་དབང་བསྐུར་བ་ལ། དང་པོ་ཛབ་བྲོ་བརྡུང་བ་སྟེ། དེ་ཡང་ཁྱེད་རང་རྣམས་སྔོན་ཆད་ཚེ་རབས་རྣམས་སུ་བསོད་ནམས་རྒྱ་ཆེན་པོ་བསགས་པས་དེའི་མཐུས་ད་ལྟ་གསང་སྔགས་བླ་མེད་ཉེ་ལམ་འདི་ལྟ་བུ་དང་མཇལ། འདིིའི་སྒོར་བཞུགས་པས་འབྲས་བུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོ་ཡང་དཀའ་བ་མེད་པར་མྱུར་དུ་འགྲུབ་པར་འགྱུར་བ་འདི་ལྟ་བུ་ནི་ཤིན་ཏུ་སྐལ་པ་བཟང་སྟེ། དེ་ལྟར་གོ་བས་དགའ་སྤྲོའི་བྲོ་བརྡུང་གླུ་ལེན་བྱེད་པ་སྟེ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་མཐའ་ལ་བསྐོར་བཞིན་དུ་བརྗིད་པ་དཔའ་བོའི་བྲོ་ཆེན་དགྱེས་པ་དཔའ་མོའི་གླུ་དབྱངས་འདི་ལྟར་སྒྲོགས་པའི་མོས་པ་མཛོད། །སྔོན་ཆད་བསོད་ནམས་བསགས་པ་ཡིས། །བླ་མེད་ཐེག་མཆོག་འདི་དང་མཇལ། །བདེ་ཆེན་ངང་ནས་སྐུ་བཞེངས་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །འབྲུ་བརྒྱད་སྔགས་ཀྱི་བྲོ་ཆེན་བརྡུངས། །ཞེས་བསྐུལ་ཐམས་ཅད་བརྒྱན་པས་བཞེངས། །དཀྱིལ་འཁོར་མཐའ་ལ་བསྐོར་བཞིན་དུ། །བརྗིད་པ་དཔའ་བོའི་བྲོ་ཆེན་དང་། །དགྱེས་པ་དཔའ་མོའི་གླུ་དབྱངས་བསྟུན། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧཱུྃ་ཕཊ། ཧཱུྃ། དང་པོའི་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་དང་འཆི་བ་བྱ་བ་མེད། །འཁོར་བ་ཡེ་ནས་སངས་རྒྱས་ཏེ། །ངན་སོང་གསུམ་པོ་ལྟ་བས་བསྒྲལ། །རྣམ་རྟོག་གདོད་ནས་ཆོས་སྐུ་ཡིན། །སྣང་སྲིད་མ་བཅོས་ཕྱག་རྒྱའི་ཞིང་། །ཐམས་ཅད་དྲེགས་པའི་ལྷ་ཚོགས་ལ། །འབྲུ་བརྒྱད་སྔགས་ཀྱི་མཆོད་པ་འབུལ། །ཐམས་ཅད་གྲགས་སྟོང་ཡེ་ཤེས་ཏེ། །གསུང་གི་དངོས་གྲུབ་ཆེན་པོ་སྩོལ། །འདི་ནི་ཡེ་ཤེས་ཆེན་པོའི་བྲོ། །འཁོར་འདས་གཉིས་སུ་མེད་པར་བརྡུང་། །ཕྱག་རྒྱ་ཟིལ་གནོན་མཆོག་གི་ལམ། །ལམ་འདི་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་བརྗོད་དུས་སུ། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དྲགས་སྔགས་ཆར་བཞིན་དུ་བབས་པ་ཁྱེད་རང་རྣམས་ཀྱི་ངག་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་གྱེན་དུ་ཁ་ཕྱོགས་པའི་སྙིང་ཚིལ་ཟླ་གདན། སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཧཱུྃ་མཐིང་ནག །བླ་མའི་ཐུགས་ཀའི་ས་བོན་ལས་ཐུགས་ཀྱི་སྔགས་ཕྲེང་འོད་ཟེར་མགལ་མེ་འཁོར་བ་ལྟ་བུ་འཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། །སྙིང་གའི་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་སྲམ་མེ་འདུག་པས་རྡོ་ཚན་ལ་སྣུམ་མི་ཆགས་པ་བཞིན་དུ་ཡིད་ཀྱི་སྒྲིབ་པ་སྦྱངས་བའི་ཐུགས་མོས་དང་བཅས་སྔགས་འདིའི་རྗེས་ཟློས་གྱིས། ེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧཱུྃ་ཕཊ། ལན་གསུམ། ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་གསུང་གི་སྔགས་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས། ངག་གི་སྒྲིབ་པ་དང་སྡིག་པ་ཐམས་ཅད་དག་པའི་མོས་པས་འདིའི་རྗེས་ཟློས་གྱིས། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ། ཅེས་གསུང་གི་སྔགས་ནི་ལན་གསུམ་བྱིན། སྐུའི་བུ་ག་ཐམས་ཅད་ནས་སྐུའི་སྔགས་འཇའ་ཚོན་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་བུ་ག་ཐམས་ཅད་ནས་ཞུགས། ལུས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་དག་པའི་མོས་པས་འདིའི་རྗེས་ཟློས་གྱིས། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྵ་དུན་དུན་ཛ་ཡ་ཧཱུྃ་ཕཊ། །ཅེས་པ་སྐུའི་སྔགས་ནི་ལན་གསུམ་བྱིན། དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་སློབ་དཔོན་གྱི་གནས་ཐམས་ཅད་ནས། སྔགས་ཕྲེང་ལ་ལ་དཀར་པོ་ཞི་བར་བྱེད་པའི་ནུས་པ་ཅན་མགལ་མེ་འཁོར་བ་ལྟ་བུ། ལ་ལ་སེར་པོ་སྒྲོའི་ཆུན་པོ་ལྟ་བུ་རྒྱས་པར་བྱེད་པའི་ནུས་པ་ཅན། ལ་ལ་དམར་པོ་ལྕགས་སྒྲོག་འཁྱིལ་བ་ལྟ་བུ་དབང་དུ་བྱེད་པའི་ནུས་པ་ཅན། ལ་ལ་ནག་པོ་མེའི་ཚྭ་ཚྭ་ལྟ་བུ་དྲག་པོ་དགྲ་བགེགས་སྒྲོལ་བར་བྱེད་པའི་ནུས་པ་ཅན་སྤྲིན་ལས་ཆར་པ་བཞིན་དུ་ཐོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་རོ་གཅིག་ཏུ་གྱུར་པས། དྲག་སྔགས་ཀྱི་དབང་ཐོབ་པའི་མོས་པ་གྱིས། དེས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་གསུང་གི་དབང་བསྐུར་བ་སོང་ནས་སླར་ཡང་གསུང་རྡོ་རྗེའི་དངོས་གྲུབ་བརྟན་པར་བྱ་བའི་ཆེད་དུ་མགྲིན་པར་དྲིའི་ཐིག་ལེ་བྱས་པས་དངོས་གྲུབ་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ནས་རྡོ་རྗེས་མགྲིན་པར་ཐིག །ན་མཿསརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨཱཿ མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཨཱཿདམར་པོས་རྒྱས་བཏབ་པས། རིགས་ཀྱི་བུ་ཁྱོད་ཀྱིས་དྲག་པོ་སྔགས་ཀྱི་དབང་ཐོབ་པ་ཡིན་པས་ངག་གི་བརྗོད་པ་ཐམས་ཅད་སྔགས་ཀྱི་སྒྲར་ཤེས་པར་གྱིས་ཤིག །གསུམ་པ་ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ལ་ཕྱག་མཚན་གྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟུག །ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་དང་མཚན་མའི་རྣམ་པར་ཆར་བཞིན་བབ་པ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པའི་མོས་པ་གྱིས། སློབ་མའི་ལག་གཡས་ཕྱག་མཚན་གཏད། ཧཱུྃ། འཁོར་བ་སྒྲོལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་བྱེ་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཱུ་བཛྭ་ཡཱ་ཧོཿ གཡོན་པར་གཏད་ཅིང་འདི་སྐད་དུ། ཧཱུྃ། བེ་ཅོན་དུག་ལྔ་ཡེ་ཤེས་སྒྲོལ། །གཏུན་ཤིང་དགྲ་བགེགས་འདུལ་བར་བྱེད། །སྡིག་མཛུབ་བག་ཆགས་བསྡིགས་པ་སྟེ། །རིག་པའི་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་ཡ་མ་བྷི་ས་ཧཱུྃ་ཏི་ར་ཧོཿ སླར་ཡང་ཐུགས་རྡོ་རྗེའི་བྱིན་རླབས་བརྟན་པར་བྱ་བའི་ཆེད་དུ་སྙིང་གར་དྲིའི་ཐིག་ལེ་བྱས་པས་དངོས་གྲུབ་བརྟན་པར་གྱུར་པའི་མོས་པ་མཛོད། ཧཱུྃ་ཏི་ར་ཧོཿ །སྙིང་གར་རྡོ་རྗེས་དྲི་ཐིག་བྱ། ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཧཱུྃ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་རྒྱས་བཏབ་པས། རིགས་ཀྱི་བུ་ཁྱོད་ཀྱིས་དྲེགས་པ་ཐུགས་ཀྱི་དབང་ཐོབ་པ་ཡིན་པས་ཡིད་ཀྱི་རྒྱུ་བ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་རོལ་བ་ཡིན་པར་ཤེས་པར་གྱིས་ཤིག །དཀྱིལ་འཁོར་རྡུལ་ཚོན་ནམ་ཚོམ་བུ། དེ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཁྱེད་རང་རྣམས་ཀྱི་ལུས་ལ་བུམ་པའི་ཆོས་དྲུག་གི་དབང་བསྐུར་བས་བུམ་པའི་དབང་ཐོབ། བྱེད་པ་ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ། སྐུའི་ཕྲིན་ལས་ཀྱི་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ལྟར་རྣམས་ཀྱིས་བུམ་དབང་མཐའ་བརྟེན་དང་བཅས་པ་སོང་ནས། ད་ནི་དབང་གཉིས་པ་གསང་དབང་ལ་དངོས་གཞི་བྱང་སེམས་ཀྱིས་དབང་བསྐུར་བ། ཞོར་དུ་རཀྟ་གཏོར་མ་རྒྱན་ཆས་རྣམས་དང་ཚེ་དབང་ཚོགས་ཀྱི་དབང་བསྐུར་བ་སྟེ་དྲུག་ཡོད་པ་དེ་རྣམས་སྔར་མ་ཐོབ་པ་མཚོན་པའི་ཕྱིར། ཨོཾ་ཨཱཿཧཱུྃ། ཞེས་པས་མིག་དར་བཅིངས། གསང་དབང་ཞུ་བའི་ཡོན་ཏན་མཎྜྻལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། འགྱུར་མེད་བདེ་ཆེན་ཕོ་བྲང་ནས། དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །གསང་བའི་སྒྲོན་མ་བདག་ལ་སྩོལ། །དེ་ལྟར་གྱི་གསོལ་བ་གདབ་པ་སོང་ནས། བྱང་སེམས་གྱི་དབང་ལ་དམིགས་པ་འདི་བཞིན་དུ་གྱིས བླ་མ་ཡབ་ཡུམ་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཡབ་ཡུམ་དུ་གསལ་བའི་གསང་བ་དང་མཁའ་ཧཱུྃ་དང་སྲཱིཿལས་སྐྱེས་པའི་རྡོ་རྗེ་དང་པདྨ་ནོར་བུ་དང་ཟེའུ་འབྲུར་ཨོཾ་ཨཱཿས་བྱིན་གྱིས་བརླབས་པ་འདུས་བྱས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་འཁོར་ལོ་བཞིའི་ལྟེ་བར་བབས། དགའ་བཞིའི་ཡེ་ཤེས་མངོན་དུ་མཛད། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཡུམ་གྱི་རྩ་ཀཱ་ཀ་མུ་ཁའི་སྒོར་དཀར་དམར་རོ་གཅིག་ཏུ་འདྲེས་པར་གྱུར། རིག་པའི་སྟོབས་ལྡན་སྦྱོར་བའི་མཐུས། །འཁྲུལ་པའི་བག་ཆགས་སྤྲིན་གཏོར་ནས། །ཡེ་ཤེས་ནམ་མཁའ་གསལ་བྱེད་པ། །གཉིས་མེད་བརཏལ་ཞུགས་ཆེན་པོ་ལོངས། ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ བླ་མས་དེ་བརྗོད་སླར་གཟུངས་མས། འདི་སྟེ་ཁྲག་འཐུང་ཡབ་ཡུམ་གྱི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དམ་པ་མྱོང་བར་གྱིས། །བདུད་རྩི་སྦྱིན། སྐྱེ་གནས་བྱང་སེམས་གནང་བ་སྟེ། །ཨ་ཧོཿམ་ཧཱ་སུ་ཁཾ། ཞེས་བརྗོད་དེ་ལྕེ་ཡིས་མྱང་། མིག་དར་དཀྲོལ། རྟོགས་ཅན་ཤ་ལྔ་བདུད་རྩི་ལྔས། །མགྲིན་པའི་འཁོར་ལོ་གཙོ་བོར་གྱུར་པའི་རྩ་ཐམས་ཅད་ཁྱབ། སྐྱེ་གནས་མཐོང་བས་ལྷག་པར་བསྐུལ་པའི་བདེ་བ་སྒྱུ་མའི་སྣང་བ་སྣ་ཚོགས་སུ་གསལ་བ་སོ་སོ་རང་རིག་པའི་ངོ་བོ་ཉིད་དུ་བྱེད་པར་གྱུར། དེ་ལྟར་བྱང་སེམས་ཀྱི་དབང་བསྐུར་བ་སོང་ནས། གཉིས་པ་དང་གསུམ་པ་རཀྟ་དང་གཏོར་མས་དབང་བསྐུར་བ་ཡིན་ཏེ། དེ་དག་ལག་ཏུ་གཏད་པས་ཁྱེད་རང་རྣམས་ཀྱིས་མཆོད་པའི་ཚོགས་ཀྱི་ཡན་ལག་ཐམས་ཅད་ལ་དབང་ཐོབ་པའི་མོས་པ་གྱིས། ཧཱུྃ། དྭངས་མ་སྙིང་ཁྲག་བསྒྲལ་བ་ཤོ་ནའི་ཁྲག །སོགས། ཨེ་ཀ་ཡ་མ་གུ་་རཀྟ་བོ་དྷི་ཙིཏྟ་ཨ་བྷི་ཥིཙྪ་ཧོཿ རཀྟ་དང་། ཧཱུྃ། ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་སྣོད་ཆེན་པོར། །སོགས། ཨེ་ཀ་ཡ་མ་བ་ལིང་ཛྙྱཱ་ན་པཱུ་ཛ་ཨ་བྷི་ཥིཉྩྨ་ཧོ། །གཏོར་མར་བཅས་མཆོད་པའི་ཚིག དབང་བསྐུར་འདོན་པ་བསྒྱུར་ལ་བསྐུར། །དེས་རཀྟ་དང་གཏོར་མའི་དབང་བསྐུར་བ་སོང་ནས། བཞི་པ་རྒྱན་ཆས་ཀྱིས་དབང་བསྐུར་བ་ལ། ཁྱེད་རང་རྣམས་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་གསལ་བ་ལ་ཆས་དང་རྒྱན་རྣམས་རིམ་པ་བཞིན་བཏགས་པའི་དང་པོ་ཐོད་ཕྲེང་མགོ་ལ་བཀོན་པའི་མོས་པ་གྱིས། ཧཱུྃ། ཐོད་པ་ཚར་གསུམ་ཕྲེང་བ་འདི། །དུག་གསུམ་སྐུ་གསུམ་དུ་བསྒྲལ་ནས། །འདས་དང་མ་འོངས་ད་ལྟར་གྱི། །རྒྱལ་བ་ཀུན་གྱི་དབང་ཐོབ་ཤོག །མགོ་རློན་དོ་ཤལ་ཁྱེད་རང་རྣམས་ལ་སྦྱིན་པའི་མོས་པ་གྱིས། ཧཱུྃ། ཁྲག་འཛག་མགོ་བོའི་ག་ཤལ་འདིས། །སེམས་བྱུང་ཡེ་ཤེས་སུ་བསྒྲལ་བས། །ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་གྱུར་ཅིག །ཐལ་ཆེན་ཚོམ་བུ་དཔྲལ་བར་བཏབ་པའི་མོས་པ་གྱིས། ཧཱུྃ། ཐལ་ཆེན་ཚོམ་བུ་འདི་བཏབ་པས། །ཐུགས་རྗེ་མཐའ་རུ་ཕྱིན་པའི་དབང་། །སྐྱེ་འགྲོ་མ་ལུས་དབུགས་ཕྱུང་ནས། །སྨིན་གྲོལ་བྱེད་པའི་དབང་ཐོབ་ཤོག །མཁུར་འཛུམ་སྣ་རྩེར་ཁྲག་ཆེན་བསྐུ་བའི་མོས་པ་གྱིས། ཧཱུྃ། རཀྟའི་ཐིག་ལེ་འདི་བཏབ་པས། །ཐུགས་རྗེའི་ཆགས་པའི་དབང་ཉིད་དེ། །རྟག་ཏུ་མྱ་ངན་མི་འདའ་བར། །འགྲོ་དོན་བྱེད་པའི་དབང་ཐོབ་ཤོག །ཞག་ཆེན་གྱི་ཟོ་རིས་བཏབ་པའི་མོས་པ་མཛོད། འདྲ་བ་གཉིས་འདུག །སྙིང་གར་རྩེ་གསུམ་ཞག་གིས་བྲིས་པ་བཞག་པའི་མོས་པ་གྱིས། ཧཱུྃ། ཞག་ཆེན་ཟོ་རིས་འདི་བཏབ་པས། །དམ་རྫས་བཅུད་ཀྱི་དབང་མཆོག་སྟེ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །སྐྱེ་འཆི་མེད་པའི་དབང་ཐོབ་ཤོག །སྦྲུལ་ཆུན་སྐེད་ལ་བཅིངས་ཕྱིར་སྦྱིན་པའི་མོས་པ་གྱིས། ཧཱུྃ། སྦྲུལ་ནག་ཆུན་པོའི་སྐེ་རགས་འདིས། །ཞེ་སྡང་རྩད་ནས་གཅོད་པའི་དབང་། །ན་རཀ་དམྱལ་བ་བསྒྲལ་བའི་ཕྱིར། །ཞེ་སྡང་དག་པའི་དབང་ཐོབ་ཤོག །གླང་ཆེན་ཀོ་རློན་སྟོད་གཡོགས་སུ་བགྱིས་པའི་མོས་པ་གྱིས། ཧཱུྃ། གླང་ཆེན་ཀོ་རློན་ཆེན་པོ་འདི། །ཐེག་པ་ཆེན་པོ་ཐོབ་པའི་དབང་། །མ་ལུས་དེ་ལ་གནས་པའི་ཕྱིར། །ཐེག་ཆེན་ཆོས་ཀྱི་དབང་ཐོབ་ཤོག །ཞིང་ལྤགས་གཡང་གཞི་སྐེད་པར་དཀྲི་བའི་མོས་པ་གྱིས། ཧཱུྃ། ཞིང་གི་གཡང་གཞི་ཆེན་པོ་འདི། །གཏི་མུག་རྩད་ནས་གཅོད་པའི་དབང་། །ཏིར་ཡ་ཀ་ནི་བསྒྲལ་བའི་ཕྱིར། །གཏི་མུག་དག་པའི་དབང་ཐོབ་ཤོག །སྟག་གི་ཤམས་ཐབས་སྨད་ལ་དཀྲིས་པའི་མོས་པ་གྱིས། ཧཱུྃ། སྟག་ལྤགས་ཤམ་ཐབས་ཆེན་པོ་འདི །ཕྲིན་ལས་རྣམ་བཞི་རྫོགས་པའི་དབང་། །ཞི་རྒྱས་དབང་དྲག་ལས་བྱའི་ཕྱིར། །ཐབས་ཀྱི་དོན་བྱེད་དབང་ཐོབ་ཤོག །རུས་པའི་རྒྱན་གྱིས་བརྒྱན་པའི་མོས་པ་གྱིས། ཧཱུྃ། རུས་པའི་རྒྱན་དྲུག་ཆེན་པོ་འདི། །འདོད་ཆགས་རྩད་ནས་གཅོད་པའི་དབང་། །པྲེ་ཏ་ཀ་ནི་བསྒྲལ་བའི་ཕྱིར། །འདོད་ཆགས་དག་པའི་དབང་ཐོབ་ཤོག །དེ་ལྟར་རྣམ་ཀྱིས་ཆས་ཀྱི་དབང་བསྐུར་བ་སོང་ནས། ལྔ་པ་ཚེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཀྱི་སྙིང་གྲུ་གསུམ་པའི་ནང་དུ་ཉི་མ་འོག་དང་སྟེང་དུ་ཟླ་བ་ཁ་སྦྱོར་བའི་གྭའུའི་ནང་དུ་ཚེའི་གཟུངས་ནྲི་དེའི་གི་གུ། ན། ར་ཏ་གསུམ་ལས་འོད་དཀར་དམར་མཐིང་ག་འཕྲོས། སྲིད་པ་གསུམ་གྱི་ཚེ་སྲོག་ཐམས་ཅད་བསྡུས་ནས་དེ་ལ་ཐིམ། འོད་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པའི་མོས་པ་གྱིས། ཧཱུྃ། བཀྲ་ཤིས་བརྟན་པའི་གའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ེ་ེ་ེ་ཡ་མ་ནྲྀ་བྷྲཱུྃ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཚེ་ཡི་ལྷ་མོ་བདུད་རྩིར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཞུགས། འཆི་མེད་ཚེ་ཡི་བདུད་རྩིའི་ལུས་དཀར་མེར་གྱིས་གང་བའི་མོས་པ་གྱིས། དེས་ཚེ་ཡི་དབང་བསྐུར་བ་སོང་ནས། དེ་ནས་ཚོགས་ཀྱི་དབང་བསྐུར་བ་ལ་ཚོགས་རྫས་གཏད་པས་ཚོགས་ཀྱི་ལས་ལ་དབང་བའི་མོས་པ་གྱིས། ཧཱུྃ། འཆི་མེད་བདུད་རྩི་རཱ་ས་ན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་དབང་ཐོབ་ཤོག །འཆི་བ་མེད་པ་ཞལ་ཟས་ཀྱི་དབང་བསྐུར་བས་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་དབང་བསྐུར་བ་རྣམས་ནི་དཀྱིལ་འཁོར་སློབ་དཔོན་གྱི་ལུས། བསྐུར་ཡུལ་ཁྱེད་རྣམས་ཀྱི་ངག་ལ། བྱང་ཆུབ་སེམས་ལ་སོགས་པ་དྲུག་གི་དབང་བསྐུར་བས་གསང་བའི་དབང་ཐོབ། བྱེད་པ་ངག་གི་སྒྲིབ་པ་དག །ལམ་ཁྱེར་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། །འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ་གསུང་གི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེས་དབང་གཉིས་པ་གསང་དབང་སོང་ནས་དབང་གསུམ་པ་ཤེས་རབ་ཡེ་ཤེས་ལ་གསོལ་བ་འདེབས་པ། སྤྲོ་བ་འདྲི་བ་གཉིས། དེའི་ལན་གདབ་པ། ཐིག་ལེ་བྱ་བ། དྲི་ལན་གདབ་པ། ཕྱག་རྒྱ་གཏད་པ། ཡེ་ཤེས་དབབས་པ། སློབ་མ་སྟོང་ཉིད་དུ་སྦྱངས་པ། ལྷར་བསྐྱེད་པ། སྙོམ་པར་འཇུག་པ། དེའི་དོན་བཤད་པ་སྟེ་བཅུ་གཉིས་ཡོད་པ་དེ་རྣམས་ཞུ་བའི་ཡོན་དུ་མཎྜྻལ། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་གྱིས། །བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། དམ་ཚིག་ཚངས་སྤྱོད་སྡོམ་པའི་མཆོག །ཡེ་ཤེས་རོལ་པ་བདག་ལ་སྩོལ། །དེས་དང་པོ་གསོལ་འདེབས་སོང་ནས། ཤེར་དབང་སྔར་མ་ཐོབ་པ་མཚོན་པའི་ཕྱིར། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་བཅིངས། དེ་ནས་དང་པོ་གཟུངས་མ་ལ་སྤྲོ་བ་དྲི་བ་ནི། བྷ་ག་གསང་བའི་དཀྱིལ་འཁོར་གྱི། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷས། །རིགས་ཀྱི་བརཏལ་ཞུགས་སྦྱིན་བྱེད་པ། །གཟུངས་མ་ཡིད་འོང་སྤྲོ་བར་གྱིས། །ཞེས་དྲིས་པར་སྤྲོ་ཞེས་ཁས་བླངས་པའི་མོས་པ་གྱིས། དེ་ནས་ཁྱེད་རང་རྣམས་ལ་སྤྲོ་བ་དྲི་བ་ནི། འདི་འདྲའི་དཀྱིལ་འཁོར་བླ་ན་མེད། །ཡང་དག་གསང་བའི་ལམ་མཆོག་སྟེ། །བུ་ཁྱོད་སྐལ་པ་རབ་ཏུ་གྱུར། །འདི་དང་མཇལ་ལ་དགའ་བ་སྐྱེད། །དེའི་ལན་དུ་གྱུར་པ་འདིའི་རྗེས་ཟློས་གྱིས། བདག་ཅག་ཤིན་ཏུ་སྤྲོ་བ་ལགས། །དཔའ་བོ་ཆེན་པོ་བཀའ་དྲིན་ཆེ། །དེ་ལྟར་རྣམས་ཀྱིས་སྤྲོ་བ་དྲི་བ་གཉིས་ལན་བཅས་སོང་ནས། ཐིག་ལེ་འགོད་པ་ནི། ལས་མཁན་གྱིས་གསུང་ཀྱང་ད་ལམ་བདག་གིས་བྱ་སྟེ་གནས་ལྔར་བྱིན་གྱིས་བརླབས་པའི་མོས་པ་གྱིས། ཅེས་སློབ་མའི་གནས་ལྔར་ཐིག་ལེ་བཀོད། དེས་ཐིག་ལེ་བཀོད་པ་སོང་ནས ཚིག་འདི་ལྟར་དྲི་སྟེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བྷ་གའི་གནས་ལ་ལོངས་སྤྱོད་དང་། །གཟུངས་མ་མཚན་ལྡན་རྟག་ཏུ་བསྟེན། །འདོད་ཡོན་ལྔ་ལ་བདེ་བར་རོལ། །གཙང་དམེ་ངོ་ཚའི་རྟོག་པ་སྤོངས། །དེ་ལྟར་ནུས་ན་བརཏལ་ཞུགས་སྦྱིན། །དེའི་ལན་དུ་གྱུར་པ་འདིའི་རྗེས་ཟློས་གྱིས། །དཔའ་བོ་ཆེན་པོས་བཀའ་སྩལ་ལྟར། །བདག་ནི་དེ་ལྟར་རྗེས་སུ་འཇུག །དེས་དམ་ཚིག་དྲིས་ལན་སོང་ནས། མིག་དར་དབྱེ། དངོས་གཞི་ཁྱེད་རང་རྣམས་ཀྱི་ལག་གཡོན་དུ་རིག་མ་གཏད་དེ། གཅེར་བུ་བྷ་ག་རྒྱས་པར་བསྟན་པའི་མོས་པ་གྱིས། དུས་གསུམ་སངས་རྒྱས་བྱོན་པའི་གནས། །བདེ་བ་ཀུན་གྱི་འབྱུང་གནས་ཆེ། །གཉིས་མེད་ཆོ་གས་སྙོམས་ཞུགས་ནས། །སངས་རྒྱས་ཐམས་ཅད་མཉེས་པར་བྱོས། །དེས་གཏད་པ་སོང་ནས་ཡེ་ཤེས་དབབས་པ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་འོད་དཔག་མེད་དང་དེའི་མདུན་གྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་དང་བཅས་པར་གསལ་བ་ལས། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འོད་ཀྱིས་དམར་ལམ་ལམ་གྱུར་པའི་མོས་པ་གྱིས། ཁྱེད་རང་རྣམས་མེ་ལོང་ལ་ཧས་བཏབ་པ་ལྟར་འོད་དཔག་མེད་དུ་གསལ་བའི་སྐུ་དེ་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་སྟོང་པ་ཉིད་དུ་ཡལ་བར་མོས། དེས་སྦྱངས་བ་སོང་ནས་ལྷ་བསྐྱེད་སྙོམས་འཇུག་ལ་དམིགས་པ་འདི་བཞིན་དུ་སྒོམ་ཅིག །ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུ། གཟུངས་མ་རྡོ་རྗེ་ཁྲོས་མ་རྗེས་ཆགས་ཀྱི་སྦྱོར་བས་བསྐུལ་བའི་ནང་གི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་འདྲེས་པའི་རྒྱུན་གྱིས་ལུས་ཐམས་ཅད་གང་ཞིང་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས་པས་ཡུམ་གྱི་བྷ་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་མཆོད་དེ་ཐབས་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་མཉེས་ནས་བྱང་ཆུབ་ཀྱི་སེམས་ཐིག་ལེར་ཞུ་བ་དུང་ཅན་གྱི་ནང་ནས་གྱེན་དུ་གཤེགས་པས་རིམ་གྱིས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་རང་ཤར་ཆོས་ཀྱི་དབྱིངས་བདེ་སྟོང་ལྷན་སྐྱེས་ཀྱི་ལྷའི་རོལ་མོར་སད་པའི་མོས་པ་གྱིས། དེས་ལྷར་བསྐྱེད་པ་དང་སྙོམས་པར་འཇུག་པ་སོང་ནས། རྗེས་དེའི་དོན་བཤད་པ་ནི། འདི་ནི་གསང་བའི་ཐེག་མཆོག་སྟེ། །ཡེ་ཤེས་བླ་ན་མེད་པའི་དོན། །རང་བྱུང་ཡེ་ཤེས་འདི་ལས་ཐོབ། །འདི་ལས་མཆོག་ཏུ་གཞན་མེད་དོ། །སྦྱོར་དུ་བཅུག་ན་དེ་བརྗོད་དོ། །དཀྱིལ་འཁོར་ཤེས་རབ་མའི་བྷ་ག །ཁྱེད་རང་རྣམས་ཀྱི་ཡིད་ལ་སྙོམས་པར་འཇུག་པའི་ཡེ་ཤེས་ཀྱིས་དབང་བསྐུར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བྱེད་པ་ཡིད་ཀྱི་སྒྲིབ་པ་དག །ལམ་ཁྱེར་ཕོ་ཉ་སྒོམ་པ་ལ་དབང་། །འབྲས་བུ་ཆོས་ཀྱི་སྐུ་ཐོབ་སྟེ་ཐུགས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེས་གསུམ་པ་ཤེར་དབང་སོང་ནས། དབང་བཞི་པ་ཚིག་དབང་ནི། མི་རྟོག་པ་མཚོན་བྱེད་དུ་བམ་གྱི་དབང་བསྐུར་བ་སྟེ། དེ་ལའང་རྗེས་གནང་གསོལ་གདབ། བསྐྱེད་བསྐུར་རྒྱས་གདབ། བསྒྲལ་བ་དངོས་གྲུབ་བླང་བ། ངོ་སྤྲོད་གཟེངས་བསྟོད་དབུགས་དབྱུང་བ་རྣམས་ལས། དང་པོ་རྗེས་གནང་ནི། བདག་ཉིད་ཀྱི། ཧི་ཧི་ཞེས་པའི་བཞད་སྒྲ་ཡིས། །སྟེང་འོག་ཕྱོགས་མཚམས་ཅི་སྣང་བ། །ཐམས་ཅད་དཔའ་བོ་དཔའ་མོའི་ཚོགས། །མ་ལུས་ཀུན་གྱི་ནང་ན་ཡང་། །བླ་མེད་ཟིལ་གནོན་རྔམ་པའི་སྐུ། །གཉིས་མེད་རོལ་པའི་ཆ་ལུགས་ཀྱི། །བདེ་ཆེན་ལྷག་པའི་ང་རོ་འབྱུང་། །མཉམ་པའི་བརཏལ་ཞུགས་སྦྱིན་པར་བྱའོ། །དེས་རྗེས་སུ་གནང་བ་སོང་ནས། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ན་མོ། ཆེ་བའི་ནང་ནས་ཆེ་བའི་མཆོག །ཕྱག་བཙལ་ཕྱག་རྒྱ་ཟིལ་གནོན་ལའོ། །མཉམ་ཉིད་བརཏལ་ཞུགས་ཆེན་པོ་ཡིས། །བམ་ཆེན་རྟོགས་མེད་བདེ་ཆེན་གང་། །ད་ལྟ་ཉིད་དུ་ཅི་ནུས་ཕོབསྦྲེལ། །ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། འདི་འདྲའི་ཐེག་ཆེན་བླ་ན་མེད། །བརཏལ་ཞུགས་ད་ལྟ་ཉིད་དུ་ཐོབ། དེས་རྨད་བྱུང་བཤད་ནས། དེས་སྤྲོ་བའི་སེམས་ཀྱིས་གསོལ་བ་གདབ་པ་སོང་ནས། ཁྱེད་རང་རྣམས་ལྷར་བསྐྱེད་ཅིང་དབང་བསྐུར་བ་གཉིས་ལ་རིམ་པ་བཞིན་དམིགས་པ་འདི་ལྟར་གྱིས། ཧཱུྃ་མུྃ། རིགས་ཀྱི་བུ་ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ནས་གསར་སྒྲིགས་བམ་སྙིང་ལྟར་གྱི་དཀྱིལ་འཁོར་ཆེན་པོར་གསལ་བར་གྱུར་པའི་དཀྱིལ་འཁོར་མངོན་རྟོགས་དོན་བསྡུས། དཀྱིལ་འཁོར་གྱི་ལྷར་སྐད་ཅིག་གིས་གསལ་བའི་དམ་ཚིག་སེམས་དཔའ་ལ། བམ་ཆེན་སྙིང་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཀྱི་ཡེ་ཤེས་སེམས་དཔའ་ཐམས་ཅད་ཆིལ་ཆིལ་ཐིམ་པས་གཉིས་མེད་བདེ་བ་ཆེན་པོའི་ངོ་བོ་གཅིག་ཏུ་གྱུར་པས་ཡེ་ཤེས་བླ་ན་མེད་པའི་དབང་ཐོབ་པའི་མོས་པ་གྱིས། རོལ་སྒྲ་སྤོད་ངད་ཅི་ལི་ལི། །ེ་རིང་། ཛཿཧཱུྃ་བྃ་ཧོཿ བཏགས་པ་ལན་གསུམ་བཟླས། དེས་བམ་ཡེ་ཤེས་ཀྱི་དབང་བསྐུར་བ་སོང་ནས་སླར་ཡང་དེ་རྒྱས་བཏབ་པའི་ཕྱིར་རྡོ་རྗེའི་ཕྱག་རྒྱའི་རྩེ་མོས་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པས་བརྟན་པར་གྱུར་པའི་མོས་པ་མཛོད། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། ཝཱཀྐ་ཙིཏྟ་སྔགས་སྔར་བཞིན་བརྗོད། དེས་རྒྱས་བཏབ་པ་སོང་ནས་བསྒྲལ་བར་བྱ་བའི་ཕྱིར་རལ་གྲི་གཏད་པས་འདིས་བམ་དུམ་བུར་གཏུབ་ཅིག །ཧཱུྃ། གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་ལས། །དཔག་མེད་ཕྲིན་ལས་མཐར་ཕྱིན་ཞིང་། །སྟོང་གསུམ་སྲིད་པ་ཟིལ་མནན་ནས། །སྣང་སྲིད་སྐུར་སྒྲོལ་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་ཀྲོ་དྷ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་དངོས་གྲུབ་ལེན་པའི་རིམ་པ་ལ་དང་པོ་བམ་རོ་དུམ་བུར་བཏུབ་ཅིང་སྤུང་པའི་ཁར་བདུད་རྩིའི་ཀ་པཱ་ལ་བཞག་པ་བྱིན་གྱིས་རླབས་པ་བཞིན་བསྒོམ་པར་གྱིས། །ཧཱུྃ། ཐོད་དབུས་རིགས་ལྔ་སྙོམས་ཞུགས་བདུད་རྩི་ཞུ། །ནས། ཧཱུྃ་སྲཱིཿཋ། བར་བདུད་རྩི་བཞིན་དུ་བྱིན་གྱིས་བརླབས། དེ་ནས་དེ་ཐམས་ཅད་བདུད་རྩིའི་རང་བཞིན་དུ་སྐྱ་མེར་གྱིས་ཞུ་བ་ལ་ལོངས་སྤྱོད་པའི་མོས་པ་མཛོད། ཨ་ཧོ། འདི་ནི་ངོ་མཚར་རྨད་ཀྱི་ཐབས། །འཆི་མེད་རང་བྱུང་བདུད་རྩིའི་གཏེར། །ལོངས་སྤྱོད་དག་པས་དབང་བསྐུར་བས། །ཐམས་ཅད་རྫོགས་པའི་དབང་ཐོབ་ཤོག །བདུད་རྩི་སྦྱིན། དེ་ནས། བམ་ཆེན་མཾ་སས་དབང་བསྐུར་བ་ནི། ཧཱུྃ། མཉམ་པ་ཉིད་ཀྱི་བརཏལ་ཞུགས་ཀྱིས། ནས། བདེ་ཆེན་མཉམ་ཉིད་ཐོབ་པར་ཤོག །ཨེ་ཀ་ཡ་མ་ཨ་དྷི་པ་ཏི་ཏི་ར་ཧོཿ གཙང་རྨེའི་རྟོག་པ་མེད་པར་མཉམ་ཉིད་ཆེན་པོའི་ངང་དུ་རོལ་པས་ལུས་ཐམས་ཅད་ཟག་པ་མེད་པའི་བདུད་རྩིས་སྐྱ་མེར་གྱིས་གང་བས་བདེ་ཆེན་ལྷུན་གྱིས་གྲུབ་པའི་མཆོག་གི་སྐལ་པ་ཅན་དུ་གྱུར་པའོ། །བམ་རོ་དུམ་བུ་བྱིན། ཞེས་བརྗོད་ཆང་དང་ཤ་ལ་རོལ། །དེས་དངོས་གྲུབ་ལེན་པ་སོང་ནས་སླར་དེའི་དོན་ངོ་སྤྲད་པ་ནི་འདི་ལྟ་སྟེ། རང་སེམས་མ་བཅོས་པའི་ངང་ལ་བཞག་པས་ཆོས་ཉིད་སྐྱེ་བ་མེད་པ་ཀུན་བཟང་བདེ་ཆེན་ཡངས་པའི་ཀློང་ན་འཁོར་འདས་འདམ་ཀ་མེད་པ་མཉམ་ཉིད་ཆེན་པོར་ཁྱབ་གདལ་བ་ཆོས་ཀྱི་སྐུ་ད་ལྟ་རང་གི་རིག་པ་འདི་ཁོ་ན་དབང་བཞི་པ་ཡིན་ནོ། །འདིར་དཀྱིལ་འཁོར་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཁྱབ་གདལ་ཆེན་པོ་དེ་ཡང་བམ་གྱི་རྣམ་པར་མཚོན་ཏེ། བམ་ལ་རྟོག་པ་སྐད་ཅིག་ཀྱང་མེད་པ་བཞིན། སྐྱེ་མཆེད་ཐམས་ཅད་བཀྲ་ལམ་མེར་སྣང་བ་ནི་དཀྱིལ་འཁོར་གྱི་རང་བཞིན། དོན་རྣམ་པར་མི་རྟོག་པས་ཆོས་ཉིད་ཡིན་པས་སོ། ཁྱེད་རང་རྣམས་ཀྱི་ཀུན་གཞིའི་རྣམ་ཤེས་ལ་རྣམ་པར་མི་རྟོག་པའི་རྫས་ཀྱི་དབང་བསྐུར་བས་དབང་བཞི་པ་ཡང་དག་ཆོས་ཉིད་མི་རྟོག་པའི་ཡེ་ཤེས་སུ་ཐོབ། བྱེད་པ་ཤེས་སྒྲིབ་དག་ལམ་ཁྱེར་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་རྡོ་རྗེའི་སྐུ་ཐོབ། ཕྲིན་ལས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་པ་སྟེ། རིགས་ཀྱི་བུ་ཁྱེད་རྣམས་དེ་ལྟ་བུའི་དོན་དང་ལྡན་པས་རྒྱུད་ཡོངས་སུ་སྨིན་པ་ཡིན་ནོ། །དེས་གཟེངས་བསྟོད་སོང་ནས་གཉིས་པ་དབུགས་དབྱུང་བ་ནི། དེ་ལྟར་དབང་བཞི་ཐོབ་ནས་དམ་ཚིག་མ་ཉམས་པར་ལམ་བསྙེན་བསྒྲུབ་རྣམ་པ་བཞིའི་སྒོ་ནས་བསྒྲུབ་ན་བརྩོན་འགྲུས་ཅན་ཚེ་གཅིག་གིས་འཚང་རྒྱ་བས། དམན་པ་ཉན་རང་ལྟར་བསྐལ་པ་གྲངས་དུ་མར་དཀའ་བ་སྤྱད་མི་དགོས་ཏེ་ལམ་མཆོག་ཆེན་པོའི་སྐལ་པས་དགེ་བ་ཡིན་ནོ། །དབུག་དབྱུངས་བ་སོང་ནས། རྗེས་ཀྱི་བྱ་བ་རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་བ་ལ། མཐུས་དབང་བསྐུར་བ་དང་། ཐུན་གྱིས་དབང་བསྐུར་བ་དང་། ཟོར་གྱིས་དབང་བསྐུར་བ་སྟེ་བཞི་ཡི་དང་པོ་སློབ་དཔོན་དུ་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ལྷར་གསལ་བའི་འོག་ཏུ་སེངྒེའི་ཁྲི། སྟེང་དུ་གདུགས། རྐང་པར་འཁོར་ལོ། ཁར་དུང་། ལག་པར་རྒྱུད་ཀྱི་གླེག་བམ་རྣམས་གཏད་པའི་མོས་པ་གྱིས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ། །ཁྱེད་ཀྱི་དབང་རྣམས་རྫོགས་པར་ཐོབ། ད་ནི་ཁྱེད་ཀྱིས་སློབ་དཔོན་གྱིས། སློབ་མ་སྨིན་ཅིང་གྲོལ་བར་མཛོད། དེས་སློབ་དཔོན་དུ་དབང་བསྐུར་བ་སོང་ནས། གཉིས་པ་མངོན་སྤྱོད་ཀྱི་མཐུ་ཡི་དབང་ནི། གཞུང་ལས། བྲུབ་ཁུང་ཐོད་ནང་ལིངྒ་བཅུག །ཕུར་བུས་བཏབ་ཅིང་མཚོན་གྱིས་གཏུབ། །ཞེས་གསུངས་པ་ལྟར་ལ་དམིགས་པ་འདི་བཞིན་དུ་མཛོད། བྲུབ་ཁུང་ཡངས་ཤིང་སོགས། ད་ལམ་རྒྱས་པར་བྱ་སྟེ། དེར་དབང་ཕྱིར། དང་པོ་ཁྱེད་རང་རྣམས་ལ་བསྒྲལ་ཆས་གཏད་པས། དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ལ་དབང་བའི་མོས་པ་གྱིས། ཧཱུྃ། གདུག་པ་ཅན་གྱི་དགྲ་བགེགས་ལ། །སྙིང་རྗེས་མ་རུངས་སེམས་ཅན་ནི། །ཕྲིན་ལས་དྲག་པོས་བསྒྲལ་བའི་ཕྱིར། །མངོན་སྤྱོད་མཐུ་ཡི་དབང་བསྐུར་རོ། །བསྒྲལ་ཆས་གཏད། དགྲ་བོ་མཱ་ར་ཡ་ཨ་བྷི་ཥིཉྩྨ་མཾ། བསྒྲལ་ལས་བྱ། དེ་རྣམས་ཀྱིས་དྲག་པོ་མངོན་སྤྱོད་ཀྱི་དབང་བསྐུར་བ་སོང་ནས། གསུམ་པ་ཐུན་གྱི་དབང་བསྐུར་བ་ལ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་ཐུན་དང་གཡོན་དུ་ཕྲེང་བ་གཏད་པ་ནི། ཧཱུྃ། དྲག་པོ་སྔགས་ཀྱི་དབང་ཐོབ་ནས། དགྲ་བགེགས་གདུག་པ་འཇོམས་པའི་ཕྱིར། །གཟི་བྱིན་བསྐྱེད་པའི་ཐུན་དང་ནི། །བགྲང་ཕྲེང་རཀྵའི་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཏྲག་རཀྵ་ཡ་མ་རཱ་ཙ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ་དགྲ་བོ་ེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་བྷྱོ་ཎི་ཧུར་ཐུཾ་ཛ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩྨ་མཾ། ཅེས་གཏད། དེས་ཐུན་གྱི་དབང་བསྐུར་བ་སོང་ནས། ཟོར་གྱིས་དབང་བསྐུར་བ་ལ་ཟོར་རྫས་རྣམས་ལག་ཏུ་གཏད་པས་འཕེན་པའི་ལས་རབ་འབྱམས་ལ་དབང་ཐོབ་པའི་མོས་པ་གྱིས། ཧཱུྃ། ཐབས་ཤེས་ནུས་པ་མཐར་ཕྱིན་ནས། །བྱད་མ་རྡུལ་དུ་བརླག་པ་ལ། །ང་རྒྱལ་ཆེན་པོས་འཕེན་བྱེད་པའི། །ཟོར་རྫས་རྣམས་ཀྱི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་བྷྱོ་བཟློག །ཡ་མ་རཱ་ཙ་བྷྱོ་བཟློག །མ་མོ་ཨེ་ཀ་ཛ་ཊི་བྷྱོ་བཟློག མཱ་ར་ཡ་བཟློག །མ་མོ་ཨེ་ཀ་ཙ་ཏི་ཐུན་བྷྱོ་བཟློག །ཕུ་ས་ན་ག་གཏད་ཁྲོཾ་བྷྱོ་བཟློག་ཕྱུང་ཕྱུང་། ཤིག་ཤིག །ཁྲོལ་ཁྲོལ། མཱ་ར་ཡ་ཧྶཾ་བྷ་ཡ་ལཾ་ནན། ཨ་བྷི་ཥིཉྩྨ་མཾ། དེས་ཟོར་དབང་བསྐུར་བ་སྟེ། དེ་ལྟར་རྣམས་ཀྱིས་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་ཐོབ་ཀྱིས་དེང་ཕྱིན་ཆད་བསྐྱེད་རྫོགས་བསྙེན་བསྒྲུབ་ལེགས་པར་གྱིས་ལ་འདིའི་སྒོ་ནས་དབང་དང་བྱིན་རླབས་འཆད་ཉན་དང་གདུག་པ་ཅན་ལ་དྲག་པོའི་ཕྲིན་ལས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛོད་ཅིག །ཞེས་བརྗོད་སློབ་མས་འདི་སྐད་ཞུ། དེ་ལྟར་གདམས་པ་རྣམས་ཁས་ལེན་པ་འདི་ཡི་རྗེས་ཟློས་མཛོད། དཔའ་བོ་ཆེན་པོའི་བཀའ་བཞིན་དུ། །སེམས་ཅན་དོན་ལ་བརྩོན་པར་བགྱི། །བླ་མའི་སྐུ་ཆུ་ལྷ་ཚོགས་དེར། །ཉ་ལྡང་འདྲ་བསམ་ཡོན་ཕུལ་ལ། །ཚོགས་ལ་རོལ་ཞིང་ལས་ཀྱི་རྗེས། །སྐབས་དང་བསྟུན་ཏེ་བསྡུ་བར་བྱ། །སྒྲུབ་རྫོགས་རྫས་ཀྱི་དངོས་གྲུབ་བླང་། །ལུས་བསྲུང་རྡུལ་ཚོན་ཆུ་བོར་དྲངས། །ཞེས་གསུངས་པའི་རིམ་པ་རྣམས་ནི་སྒྲུབ་པ་ཆེན་པོའི་སྤྱིའི་འགྲོས་བཞིན་བྱའོ། །དེ་ལྟར་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ཉིད་ལས་ཆོས་ཐམས་ཅད་ཅི་དགར་སྤྱོད་པའི་ལུང་ཐོབ་པ་ཀུན་མཁྱེན་པདྨ་དཀར་པོས། རྒྱུད་དང་མན་ངག །གནུབ་སངས་རྒྱས་ཡེ་ཤེས་ལ་སོགས་པའི་ལུང་འཐོར་བ་གཅིག་ཏུ་བསྡུས་ནས་སྐལ་ལྡན་འཇུག་པ་བདེ་བར་བགྱིས་པ་འདི་ཡང་ཅུང་ཟད་བསྡུས་དྲག་པར་མཚམས་སྦྱོར་རྣམས་གསལ་དུ་བཀྲལ་བ་ཞིག་དགོས་ཞེས་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བསྐུལ་ངོར། ངག་དབང་ཀུན་དགའ་བསྟན་འཛིན་གྱིས་དམར་མཆན་བཏབ་དང་གཞན་དུ་ཞལ་འཕེན་གནང་བ་རྣམས་ཇི་ལྟ་བར་དཀྱུས་སུ། ཡི་གེ་ཁྲིགས་སུ་སྡེབས་པ་བསྐུལ་པ་པོ་ཉིད་དང་མཆོད་དཔོན་བིདྱཱ་དྷ་ཀཱརྻ་གཉིས་ཀྱིས་མ་ནོར་བར་བསྒྲིག་པ་ཡི་གེར་བཏབ་པའི་དགེ་བས་ཀུན་ཀྱང་འཇམ་པའི་རྡོ་རྗེའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་ཞལ་གྲོ། དགེའོ།

འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས།

འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས་བཞུགས་སོ། །བླ་མ་དང་འཇམ་དཔལ་ཚེ་བདག་ནག་པོའི་ཞབས་ལ་ཕྱག་འཚལ་ལོ། །འདིར་ཚེ་བདག་སྒྲུབ་དབང་ཆེན་མོར་གྲགས་པ་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་སྟེང་ནས་ཇི་ལྟར་བསྐུར་བའི་དབང་དངོས་ཀྱི་གསལ་བྱེད་ཟིན་བྲིས་རྗེའི་གསུང་བཞིན་བྲི་བ་ལ། དང་པོ་སློབ་མ་སྟ་གོན་སྐབས་མཚམས་བཅད་བཞི་པོ་བྱེད་དགོས། བསྡུས་པར་ན་བཛྭ་རཀྵས་ཀྱང་རུང་། གང་ལྟར་མཚམས་བཅད་ཀྱི་ས་ཁུལ་མ་སྟོང་ཙམ་ངེས་པར་དགོས། བསྒོ་བ་ལ་གསོལ་གདབ་ལན་གཅིག་གིས་ཆོག ཁྲུས་ཆུ་ཡང་ཁང་པའི་འགགས་ཕྱི་ནས་གཏོང་སྡོམ་གྱི་ཚིགས་བཅད་སྐབས། ཁྲུས་བསྐྲད་གསོལ་དྲང་ཕྱག་བྱ་གསོལ། །ཞེས་པ་ལ་དཔེ་ཆ་མ་དག་རྒྱུན་འབྱམས་པས་ཕྱག་རྒྱ་ཞེས་བྲིས་པ་ནི་ནོར་བ་སྟེ། ཕྱག་བྱ་བའི་དོན་ཡིན། དེ་ཡང་ལས་རྡོར་གྱི་འགགས་ནས་ཆབ་བཏང་བསྒོ་བས་སྒོ་ཕྱེས་སློབ་དཔོན་གྱི་དྲུང་དུ་སླེབ་ཞོར་ནས་སློབ་མས་ཕྱག་འཚལ་བ་གཞིར་བཅས་པའི་ཕྱིར་དེ་ལ་དགོངས་ཀྱི་འདོན་ཆ་སོགས་དང་དམིགས་པ་ནི་གང་ཡང་མི་དགོས། མཎྜྻལ་འབུལ་མཚམས་མི་གསལ་ཡང་། ཧོ བསྟན་པའི་སྒྲོན་མེ་བཅོམ་ལྡན་འདས། །ཞེས་པའི་གསོལ་བཏབ་ཀྱི་མགོ་དེར་སྟ་དངོས་གཉིས་ཀ་ལ་ཡིན། གསོལ་གདབ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་ཀྱི་ཐུན་མོང་སེམས་བསྐྱེད་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། རང་བྱིན་རླབས་པའི་སོགས་ནས། བོ་དྷི་ཙིཏྟ་ཨ་དྲ་ཨུ་པ་ད་ཡ་མི་བར་གྱིས་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྡོམ་པ་བཟུང་བ། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ་སོགས་ཀྱིས་རིགས་ལྔའི་སྡོམ་བཟུང་བྱ་བ་ཡིན་གྱི། གསང་བ་མཆོག་གི་དཀྱིལ་འཁོར་ཆེར། །རིགས་ལྔའི་སྡོམ་པ་འདི་ཡིས་བླངས། །སོགས་བྲིས་པ་ནི། ཀུན་མཁྱེན་ཆེན་པོ་དང་རང་གི་བླ་མ་གཉིས་ཀའི་དགོངས་པ་མ་ལོན་བཞིན་དུ་ཚིག་བཅོས་ནས་བྲིས་པའི་སློབ་མ་རྣམས་ཀྱི་རྨོངས་བློའོ། །ཡིག་བརྒྱ་དཔོན་སློབ་ཆབས་ཅིག་ཏུ་གསུམ་ལྔ་བདུན་སོགས་གང་རུང་བརྗོད། བཛྭ་དང་བཛྭ་ས་ཏྭ་གར་ཡོད་ལ་ཡ་མནྟ་ཀ་བཅུག་ལ་བཟླའོ། །སོ་ཤིང་དོར་བའི་ཚོམ་བུ་འབྲུའི་ཚོམ་བུ་ལྔ་ཆུང་ཆུང་རང་མིན་པ་ཞིག་བཀོད་པ་ལ། ཚོམས་བུ་ལྔ་པོ་འདི་ཉིད་རྒྱལ་བ་རིགས་ལྔའི་རང་བཞིན་དུ་ཤེས་པས་དེ་ལ་དངོས་གྲུབ་ཀྱི་པྲ་བརྟག་པའི་ཕྱིར་སོ་ཤིང་དོར་བ་ཞུ་སོགས་ལྟ་བུའི་ཚིག་གང་འོས་བློ་ནས་སྤྲོས་ཏེ་བརྗོད་པ་མ་གཏོགས་རིགས་ལྔའི་མངོན་རྟགས་སྐུ་མདོག་དང་ཞལ་ཕྱག་ལྟ་བུའི་དམིགས་པ་བྱེད་མི་དགོས། མཆོད་བསྟོད་དང་དམ་ཡེ་བསྲེ་བ་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་མོས་པ་སོགས་ཀྱང་མི་དགོས། སློབ་མས་འདོར་ཚུལ་ལག་གཡས་གཡོན་གྱི་མཛུབ་མོ་རྣམས་དང་མཐེ་བོང་མཐོ་འཇལ་སྟབས་སུ་བརྐྱང་བ་ཁ་སྦྱོར་དུ་བྱས་པའི་མཐེ་བོང་དང་གུང་མོ་གཉིས་ཀྱི་བར་དུ་སོ་ཤིང་བཟུང་ནས། །རྩ་བ་སོ་ལ་དྲུད་པ་དང་། རྩེ་མོ་སོས་འཆའ་ཚུལ་བྱེད་པ་སོགས་བཤད་ཚོད་གང་ཡིན་དང་བསྟུན་པས་འདོར་བའོ། །དེ་ཡང་སོ་ཤིང་། ཁྱོར་ཆུ། ཀུ་ཤ སྲུང་སྐུད་ཐམས་ཅད་ལ་བྱིན་རླབས་ཀྱི་སྔགས་བསྒྲགས་རྒྱུ་རེ་དང་། ལས་ཆུས་བསངས་བ་རེ་ངེས་པར་ཡོད་པ་སྐུ་ཞབས་རྗེ་དབོན་གྱི་ཟིན་བྲིས་ལ་དེ་ཀུན་དབང་སྒྲུབ་སྐབས་ནས་བྱ་བར་གསུངས་ཀྱང་། སོ་སོའི་དུས་དེར་བྱིན་རླབས་བྱས་ནས་སྤྲོད་པ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཕྱག་བཞེས་ལ་ཡོད་པ་ལྟར་ལེགས་པས། དེ་ལྟར་ན་འདིར་ཡང་ལས་ཆུས་བསངས། ཨོཾ་ཨཱཿཧཱུྃ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་བདུན་ཕྲག་ཙམ་བླ་མས་བསྒྲང་། དེས་རིགས་འགྲེས་ཏེ་ཁྱོར་ཆུ་བསངས། ཨོཾ་སྲཱིཿབི་ཤུདྡྷ་སོགས་ཚར་བདུན་བགྲང་། ཀུ་ཤ་བསངས། ཨོཾ་ནི་མེད། བཛྭ་ཏིཀྵ་ཎ་བཾ་ཚར་བདུན་བགྲང་། སྲུང་སྐུད་བསངས། ཨེ་མྱགས་ལ་ཧཱུྃ་ཕཊ྄་བཏགས་པ་ཉེར་གཅིག་བསྒྲང་། འདི་ལ་མདུད་པ་གསུམ་བྱས་ཕུ་ཡང་རྒྱག་དགོས་ཞེས་གོང་མ་ཚོར་མི་དགོས། དེ་ཐམས་ཅད་སོ་སོ་ལ་འདུན་པ་གཏོད་ནས་སྔགས་བསྒྲང་བ་ཙམ་ལས་དམིགས་པས་དབྱིབས་རྣམས་སུ་བསྒོམ་རྒྱུ་ནི་ཅང་མེད། དཔུང་པར་བཅིངས་ཟིན་ནས་མདུད་མཚམས་སུ་མཛུབ་རྩེའམ་ལས་བུམ་ཁ་རྒྱན་གྱི་རྩ་བས་དྲི་ཐིག་དང་། རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་རྣམས་བྱ། སྟ་གོན་གི་མཇུག་ཏུ་གཏང་རག་མཎྜྻལ་བྱེད་པ་དང་མི་བྱེད་པའི་ལུགས་གཉིས་ཡོད་པར་གཉིས་ཀར་ཕྱག་བཞེས་ཀྱི་ཁྱད་པར་རེ་ནི་ཡིན་ཀྱང་། མི་བྱེད་པ་ཉིད་ལེགས་པ་ཡིན་གསུངས། གཉིས་པ་དངོས་གཞི་ལ། ཁྲུས་བསྐྲད་གསོལ་གྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམས། །སྟ་གོན་ཇི་བཞིན་འདིར་ཡང་ངོ་། །ཞེས་གསུངས་པས་གཟིམ་ཆུང་འགགས་ནས་བསྒོ་བ་ལ་གསོལ་གདབ་དྲི་ལན་དངོས་སུ་འགྲུབ་ན་དང་། དེ་མིན་ཀྱང་། དེ་དག་མོས་པས་བྱར་གཞུག་སྟེ་ཇི་ལྟར་བལྟམས་པའི་ཁྲུས་ནས། བྱང་ཆུབ་སེམས་གཉིས་ཀྱི་སྡོམ་བཟུང་། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་སོགས་ལན་གསུམ་པའི་མཐའ། ཨ་དྲ་ཨུ་པ་ད་ཡ་མི་བར་སྟ་གོན་ཇི་ལྟ་བ་བཞིན་དུ་གཏོང་། དང་པོའི་མནྜལ་ཡང་། ཧོ བསྟན་པའི་སྒྲོན་མེའི་མགོར་འབུལ་ཞིང་། དེ་ལ་བླ་མ་དང་འཇམ་དཔལ་ཟིལ་གནོན་ཆེན་པོ་དབྱེར་མ་མཆིས་པའི་དྲུང་དུ་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བཞི་རྫོགས་པར་ཞུ་བའི་ཡོན་དུ་འབུལ་བར་བགྱི་ཞེས་འདོན། མིག་དར་འཆིང་རྒྱུ་ཐམས་ཅད་ལ་དཔོན་སློབ་གཉིས་ཀའམ། ཡང་ན་བླ་མས་ཨོཾ་ཨཱཿཧཱུྃ་ཞེས་ངེས་པར་བརྗོད་དགོས། མནྜལ་གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་ཞེས་འདོན། སྟ་དངོས་གཉིས་ཀ་ལ་འདྲ་སྟེ་ལག་གི་རྡོ་རྗེ་ལ་འཆང་ནས་ནང་དུ་འཇུག་པའི་མོས་པ་བྱ་རྒྱུ་ཡོད་ཚད་ལ། སློབ་དཔོན་ཕྱག་གི་རྡོ་རྗེར་སློབ་མས་ལག་པ་རེག་ཙམ་བྱེད་དུ་འཇུག་དགོས། རྗེས་ཟློས་དགོས་རིགས་གྲངས་ཀ་དམིགས་བསལ་མེད་པ་ཚོར་གསོལ་གདབ་གལ་ཆེ་སྙམ་པ་འདུག་ན་ཚར་གསུམ་རེ་དང་། དྲི་བ་དྲི་ལན་ལྟ་བུ་གནད་ཆུང་རིགས་ལ་ཚར་རེས་ཆོག་པ་བབས་བལྟས་ཏེ་རིག་པས་དཔྱོད། སློབ་མའི་དྲིས་ལན། བརཏལ་ཞུགས་ཆེན་པོ་བླ་ན་མེད་པ། མཐར་ལམ་ཕྱིན་པ་སྤྱོད་པར་འཚལ། ཞེས་པ་དག་དགོངས་གསོལ་ལ། སློབ་དཔོན་གྱིས་ནི་དཀྱིལ་འཁོར་ལྷར། །ཞེས་གསུངས་རྒྱུ་ཡིན་འདུག་པས། དགོངས་གསོལ་དངོས་ལྷ་དང་སོགས་ཚིག་རྐང་གསུམ་ལས་མ་བྱུང་། སྒོ་དབྱེ་བའི་ཕྱག་རྒྱ་སོར་མོ་ཀུན་བསྣོལ་ནས་དེ་འགྲོལ་བ་དང་སྦྲགས་དབྱེ་ཚུལ་བྱེད་པ་དང་། སྲིན་ལག་མཐེའུ་ཆུང་གཉིས་བཀུག་པའི་རྩེ་མོའི་ཕྱི་ངོས་ནས་མཐེ་བོང་བཀུག་པས་མནན། མཛུབ་མོ་དང་གུང་མོ་གཉིས་བརྐྱང་བས་དབྱེ་ཚུལ་བྱེད་པ་གཉིས་ཀ་སྒོ་དབྱེ་བའི་ཕྱག་རྒྱ་ཡིན་པ་གང་བྱས་ཀྱང་མི་འགལ། ཕྱག་བྱ་བ་ནི་ཕྱོགས་བཞི་ཆར་ལ་འདྲ་སྟེ། མཉམ་ཉིད་དག་པའི་ཚུལ་སོགས། ཚིགས་རྐང་གཅིག་ཁོ་ན་ལན་བཞིར་ལྡབ་པས་སོ། །སྐབས་འདིའི་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ། ཡབ་ཡུམ་རྩ་བའི་ལྷ་བཞི་ནས། འཁོར་དང་བཅས་པ་ཞལ་མངོན་སུམ་དུ་ཁྲ་སྲམ་མེར་བཞུགས་པ་སོགས་གསུངས་པ་དང་། གཤམ་གྱི་ལྷ་ངོ་སྟོན་པ་གཉིས་ཟློས་པ་ལྟར་བྱུང་ཞིང་། དགོངས་གསོལ་སྒོ་དབྱེ་ཕྱག་ལྷ་བསྟན། །ཞེས་ལྷ་སྟོན་པའི་བརྡ་ཆད་ཀྱང་སྦྱར་བར་མཛད་མོད་ཀྱི། དོན་དུ་འདིར་ནི་ཁང་པ་འདིའི་ནང་དུ་མི་འདི་དང་འདི་ཞེས་བྱ་བ་རྣམས་ཡོད་དོ། །ཞེས་མིང་ཙམ་སྟོན་པ་དང་། འོག་ཏུ་མི་འདི་ནི་འདི་ཡིན། འདི་ནི་འདི་ཞེས་བྱ་བ་ཞིག་གོ །ཞེས་མཛུབ་མོ་བཙུགས་ཏེ་ངོ་སྤྲོད་པ་ལྟ་བུ་ཡིན་པས་དེ་ལ་ནི་ངེས་དོན་གྱི་དག་སྦྱོར་དང་བཅས་ཏེ་སྟོན་པ་ཡིན། དེའི་ཕྱིར་མིག་དབྱེ་གསོལ་དབྱེ་ལྷ་ངོ་སྤྲད། །ཞེས་ངོ་སྤྲད་པའི་ཐ་སྙད་མཛད་པའི་ཁྱད་པར་རོ། །སློབ་མའི་རྒྱུད་བྱིན་གྱིས་རླབས་པ། མཛོད་སྤུའི་དབུས་ནས་འོད་ཟེར་དཀར་པོ་དང་། མགུལ་གྱི་ནས་དམར་པོ། ཐུགས་ཀའི་དབུས་ནས་སྔོན་པོ་སོགས་སྦྲེལ་ཏེ་འདོན་པ་མ་གཏོགས། ཡེ་ཤེས་དབབ་པ་དངོས་མ་ཡིན་པས་བར་མཚམས་སུ་སྤོས་རོལ་མི་དགོས། མཎྜྻལ་གསུམ་པ་ལ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་ཞེས་འདོན། ཨཱོཾ་བྱང་གྱི་ཨཱོཾ་འོད་དུ་ཞུ་བ་སློབ་མའི་ལུས་ལ་ཐིམ་པའི་རྐྱེན་གྱིས་སྟོང་པར་སྦྱངས། དེའི་ངང་ལས་སློབ་མ་ལྷར་བསྐྱེད་དུས་ཀྱི་མངོན་རྟོགས། རྒྱུ་མེད་ཀླུ་འབུམ་གཉེན་ཁྲི་ས་བདག་སྟོང་། །ནས། གཤན་པ་ཁྲག་སྐྱུག་དྲེགས་པ་ཀུན་གྱིས་བསྐོར་བར་ལས་བྱང་བཞིན་བཏགས་ཀྱང་མི་རུང་བ་མེད་མོད། ཨེ་རིང་ཇི་ལྟར་བརྗོད་ཞེས་གསུང་པས། ེ་རིང་བསྙེན་པའི་མན་ངག་བཞིན་གཏོང་ན་ཡང་རྒྱུ་དང་རྐྱེན་མེད་པར་ནས་གནས་གསུམ་བྱིན་རླབས་བར་མཐར་ཆགས་སུ་བཏང་བས་ལྷ་ཚོགས་ཡོངས་རྫོགས་བསྐྱེད་པ་ཡིན་གྱི་འདོར་ལེན་དགོས་པ་གང་ཡང་མེད། སློབ་མ་མང་ན་བྱིན་འབེབས་དངོས་གཞིར་རོལ་ཆེན་རེ་ངེས་པར་བྱེད། སློབ་མ་གཅིག་པུའམ་ཉུང་ངུ་ལས་མེད་ཅིང་སྤྲོས་མེད་ཀྱི་སྐབས་ཡིན་ནའང་། སྤོས་བདུག སློབ་དཔོན་གྱིས་ཌཱ་དྲིལ་བྱ། མཐར་ཡོངས་གྲགས་ཡིན་པས་གཞན་གྱི་རིགས་འགྲེ་ཤེས་འགྱུར་དུ་དགོངས། དངོས་གསལ་མི་འདུག་ཀྱང་ཏིཥྛ་བཛྭ་གྱིས་བརྟན་བཞུགས་སྤྱི་ལྟར་བྱ་ཞིང་། སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཇོག་པ་དེ་ངེས་པར་དགོས། །མེ་ཏོག་འདོར་ས་དཀྱིལ་འཁོར་དངོས་ལ་བྱེད་ན་ཡང་རས་བྲིས་ལྟ་བུ་ལ་ནི་རུང་། རྡུལ་ཚོན་ཡིན་ན་ལྷ་མཚན་ཟུབ་པར་འགྱུར་བའི་ཉེས་པ་འབྱུང་བ་འགོག་པའི་ཕྱིར། སྟེང་ནས་མ་རེག་པར་དར་ལ་སེང་ལྟ་བུ་ཕྱི་ནང་མི་སྒྲིབ་པ་ཞིག་བཀབ་པ་ལ། མེ་ཏོག་དོར་བས་ལྷའི་མཚན་མ་མི་སུབ་ཅིང་གང་ལ་ཕོག་པ་ངོས་ཟིན་པའི་དགོས་པ་ཡོད་པས། རིག་བཟོའི་ལག་ལེན་ཡིན་ཀྱང་དོན་དང་མི་འགལ་བས་བྱེད་དུ་རུང་བ་མ་ཟད་ལེགས་པ་ཡིན་ཡང་དཀྱིལ་འཁོར་དངོས་ལ་མི་འདོར་ན་ཡང་རས་བྲིས་ཀྱི་དཀྱིལ་འཁོར་གཞན་ཞིག་ལ་འདོར་བའི་ལུགས་ཀྱང་ཡོད། དེ་མིན་སྟེགས་བུའམ་མཎྜྻལ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་ལྕོག་ན་དང་། གཞན་མཎྜྻལ་པདྨ་འདབ་བརྒྱད་ལ་འབྲུའི་ཚོམ་བུའམ། རིགས་ལྔའི་མཚན་མའམ། བུམ་མཚན་ནམ། རིགས་བརྟགས་ཤིང་གསང་མཚན་འདོགས་པ་ལ་ཕན་པའི་ལྷ་ཚོགས་ཀྱི་གཙོ་བོ་ལྔའམ་དགུའི་ཕྱག་མཚན་སོགས་གང་རུང་བཀོད་པ་ཡིན། འདི་ནི་སོ་ཤིང་འདོར་ས་ལ་ཡང་འདྲ། འོན་ཀྱང་དེ་ལ་ལྷ་བསྐྱེད་མཆོད་བསྟོད་བཟླས་པ་རྣམས་བྱེད་སྲོལ་མེད། དེ་ཡང་ཕྱོགས་ཤར་ལ་སོགས་པའི་རྗེས་འབྲང་མཚམས་ཤར་ལྷོ་སོགས་རིམ་པས་ཡིན་ཕྱིར་མཚན་མ་མ་བཀོད་ཀྱང་། མཚམས་གང་ལ་མེ་ཏོག་ཕོག་པ་དེའི་རིགས་ཤེས་པར་འགྱུར་བས། ཕྱོགས་བཞི་ལྟེ་བ་དང་བཅས་པར་བཀོད་གཞན་ལ་མ་བཀོད་ན་ལྔ་དང་། མཚམས་རྣམས་སུའང་བཀོད་པས་དགུར་འགྱུར་བ་ཡིན། དེ་ལ་དགུར་བྱེད་པ་སྤྲོ་ན་ཡང་། རིགས་ལྔའི་མཚན་མ་དགོད་ན། ཤར་དང་ཤར་ལྷོར་རྡོ་རྗེ་ནས། བྱང་དང་བྱང་ཤར་རལ་གྲིའི་བར་དང་། ལྷ་ཚོགས་ཀྱི་གཙོ་བོའི་ཕྱག་མཚན་དགོད་ན། ལྟེ་བར་གཙོ་བོའི་ཕྱག་མཚན་འཁོར་ལོ་བཀོད། ཡུམ་རྣམས་ལ་མེ་ཏོག་ཕོག་ཀྱང་རིགས་ངོས་འཛིན་རྒྱུ་དང་། མིང་འདོགས་རྒྱུ་ལོག་པ་མེད་པས། ཡུམ་གསུམ་གྱི་ཕྱག་མཚན་འགོད་མི་དགོས་ཤར་དུ་ཕྱག་རྡོར་གྱི་ཕྱག་མཚན་རྡོ་རྗེ། ལྷོར་གཤིན་རྗེའི་ཕྱག་མཚན་འཁོར་ལོ། ནུབ་ཏུ་རུ་སྦལ་ལ་མཆོད་རྟེན། བྱང་དུ་བྱ་ཁྱུང་ལ་སྦྲུལ་རྣམས་དང་། མཚམས་རྣམས་སུ་གྱད་གནོན་གྱི་ཕྱག་མཚན་རལ་གྲི་རྣམས་འགོད་པ་ཡིན་ཀྱང་ཕལ་ཆེར་སྔ་མ་བཞིན་ལེགས། དུས་འཁོར་ལས་ནི་རྣམ་རྒྱལ་བུམ་པའི་ཁར་མནྜལ་ལ་བུམ་མཚན་དགུ་བཀོད་ནས་འདོར་བ་ཡང་གསུང་། དེ་རྣམས་གང་ལ་ཡིན་ཀྱང་འདྲ་སྟེ། དཀྱིལ་འཁོར་དངོས་ལ་དོར་བ་ལས་གཞན་པ་ཀུན་ལ་རྒྱ་གར་ལུགས་ཀྱི་ཕྱག་ལེན་ཕྱིས་དར་ལ། ལྷའི་མཚན་མ་ལྔའམ་དགུ་པོ་གང་ཡིན་དེ་ལ་ལྷ་སོ་སོའི་མཚན་ཙམ་སློབ་དཔོན་གྱིས་སྨོས་ཏེ་སློབ་མར་སྐད་ཅིག་གིས་གསལ་འདེབས་སུ་བཅུག་པའི་དམ་ཚིག་པར་དཀྱིལ་འཁོར་གྱི་ལྷ་དང་དེའི་ཐུགས་ཀ་ནས་རང་འདྲ་བ་རེ་ཆད་དེ་བྱོན་པའི་ཡེ་ཤེས་པ་བསྲེ་བའམ། ཡང་ན་ཐོག་མ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ངོ་བོར་གསལ་འདེབས་སུ་བཅུག་པ་ལ། ཡ་མནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་ནས་ཤཔྟའི་བར་དང་། ལྷའི་རྒྱལ་པོའམ་ཆོས་ཀྱི་དབྱིངས་ནས་གོ་འབྱེད་སོགས་གང་རུང་ཤྭ་ལོ་ཀས་བསྟོད། ཨ་ཀྲོ་ཏེ་ཀ་སོགས་ཨེ་ཐུང་བརྒྱ་ཕྲག་ནས་བདུན་གྱི་བར་གང་རུང་བཟླ་བའོ། །བོད་རྙིང་པའི་ཕྱག་ལེན་གྲུབ་མཐའ་ཡོངས་གྲགས་ལ་ནི། ལྷར་བསྐྱེད་མཆོད་བསྟོད་སྔགས་བཟླ་བ་སོགས་དེ་རྣམས་མི་མཛད་པ་ཡིན། དེ་ནས་མེ་ཏོག་འདོར་དུ་གཞུག་དུས་རང་རིགས་ཀྱི་ལྷ་མ་བརྗེད་པར་ཟུངས་ཤིག་ཅེས་གདམས། མེ་ཏོག་སྤྱི་བོར་འཇོག་དུས་གང་ལ་ཕོག་པའི་སྔགས་བརྗོད་ཅེས་གསུངས་པ་ལྟར་ན། གཙོ་བོ་ལ་ཕོག་ན་གཙོ་སྔགས། ཕྱག་རྡོར་ལ་ཕོག་ན། ཕྱག་རྡོར་གྱི་སྔགས། མཚམས་རྣམས་སུ་ཕོག་ན་གྱད་གནོན་གྱི་སྔགས་ཀྱི་བར་འདོན་བཞིན་སྤྱི་བོར་འཆིང་རྒྱུ་ཡིན་ཀྱང་། ཕལ་ཆེར་བཤད་ཚོད་བཞིན་མི་འགྲུབ་པ་ཤས་ཆེ་བས་ཨེ་ཐུང་རང་བསྒྲང་ཀྱང་ཆོག མེ་ཏོག་འདོར་བའི་སྔགས་གཞུང་ནས་བཤད་ལྟར་ལ་སློབ་མ་མང་པོར་བྱེད་དུས་སྔགས་རིང་བ་མ་ལྕོག་ན། པུཥྤེ་ས་མ་ཡ་པཱུ་ཛ་ཧོ། ཞེས་པ་ཙམ་གྱིས་ཆོག ལྷ་ངོ་སྟོན་ཚུལ་རྒྱས་པར་སྤྲོ་ན་དག་སྦྱོར་སོགས་ཕྱག་རྒྱ་གསལ་སྒྲོན་ལས་ལེན། མནྜལ་ལྔ་པ་ལ་བླ་མ་སྐུ་རིན་པོ་ཆེའི་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ་ལུས་ཀྱི་སྒྲིབ་པ་སྦྱངས་ཤིང་སྐུ་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་འབུལ་བ་བགྱི་ཞེས་འདོན། རིན་ཆེན་དངུལ་གྱི་བུམ་པ་སོགས་ཀྱི་མཇུག ཁྲུས་བྱས་སྡིག་སྒྲིབ་དག་པར་བསམ། ཞེས་པའི་སྐབས་སྭ་བྷཱ་ཝ་བརྗོད། ལས་བུམ་གྱི་ཆུ་འཐུང་དུ་གཞུག ཀུ་ཤས་ལས་བུམ་གྱི་ཆུ་གཏོར་མགོ་བོར་བཞག་ནི་མི་དགོས། མིང་དབང་སྐབས་གསང་མིང་འདོགས་དགོས་ཏེ། དེ་ཡང་སྔར་མེ་ཏོག་གང་ལ་ཕོག་པ་ཡིན་དྲིས་ཏེ། དེ་དང་བསྟུན་པའི་མིང་འདོགས་ཚུལ། རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐས་རྡོ་རྗེ་ཕུར་པའི་དབང་གི་སྐབས། རྙིང་མ་རང་ལུགས་ཀྱི་རྡོ་རྗེ་ཐོད་ཕྲེང་རྩལ་སོགས་རིགས་ལྔ་དང་། མི་འགྱུར་ལྷུན་གྲུབ། མི་ལྡོག ཡང་དག དྲི་མེད། གྲུབ་པ་རྣམས་ལ་རྩལ་གྱི་མཐའ་ཅན་དུ་དབྱེ་བ་སོགས་ཀྱང་འདུག་ཅིང་། མེ་ཏོག་གང་ལ་ཕོག་པའི་ལྷའི་མཚན་རྟགས་ཀྱང་ལེགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། འདིར་ཡང་སྟེ། དེ་ཡང་དཔེར་ན་མེ་ཏོག་ཤར་ལྟ་བུ་ལ་ཕོག་ན་རྡོ་རྗེ་མི་འགྱུར་རྩལ་ནས། རྡོ་རྗེ་གྲུབ་པ་རྩལ་གྱི་བར་དང་། བུད་མེད་ལ་ལྷོ་དང་ནུབ་ཏུ་མེ་ཏོག་ཕོག་ན། རིན་ཆེན་མྱུ་གུ་དང་། པདྨ་མྱུ་གུ་ཞེས་ཀྱང་འདོགས་པའི་སྲོལ་སྣང་། གཞན་ཆགས་པ་རྡོ་རྗེ་དང་གཏི་མུག་རྡོ་རྗེ་སོགས་ཀྱང་། དོན་དུ་འདོགས་རུང་ཙམ་དུ་མ་ཟད་བཤད་ཚོད་ཀྱང་དེ་ག་ཡིན་མོད་ཀྱི། རྣམ་པ་མིང་མི་སྙན་པས། བླུན་པོ་འགའ་རེ་མ་དགའ་བ་བྱེད་ཀྱི་དོགས། དེང་སང་དེ་ལྟར་འདོགས་པ་ཉུང་བ་ཡིན། ཡང་སྐབས་འདིར་ནི་དབུས་སུ་ཕོག་པའི་རིགས་ལ། འཇམ་དཔལ། ཟིལ་གནོན། སྣང་མཛད། རྣམ་སྣང་སོགས་སྦྱོར། རིགས་ལྔ་ཀ་ལ་བཞད་པ། དགའ་བ། དགྱེས་པ་སོགས་ཀྱང་སྦྱར་ན་ལེགས་པ་ཡིན་གསུངས། ཡེ་ཤེས་ལྷ་དབང་གི་མགོར། གཙོ་བོ་ལུས་དཀྱིལ་བཞིན་དུ་བསྒོམ། ཞེས་པར་སྒོམས་ལུགས་ཟིན་བྲིས་ཟུར་དུ་ཡོད་པ་ལྟར་ཤེས་པར་བྱའོ། །ཙ་ཀ་ལིའི་ལྷ་དབང་སློབ་མ་མང་བ་དང་། མདོར་བསྡུས་ཀྱི་སྐབས་བསྟོད་པ་ཁ་བསྒྱུར་གྱི་མཐར་སོ་སོའི་སྔགས་ལ་ཨ་བྷི་ཥིཉྩྨ་མཾ་བཏགས་པས་བསྐུར། སློབ་མ་ཉུང་ཞིང་སྤྲོ་ན། རྒྱས་འདོད་རེ་རེས་བསྐུར་བ་ཡིན། ཞེས་གསུངས་པའི་ཕྱིར། མུ་ཏིག་འཕྲེང་བ་སོགས་ལེན་འོས་པ་ནས་ཀྱང་བླང་བའམ། ཙ་ཀ་ལིའི་རྒྱབ་བྱང་བཞིན་ལྷ་རེ་དང་བསྐུར་ཚིག་ཤྭ་ལོ་ཀ་རེ་ཙ་ཀ་ལི་རེ་རྣམས་སྦྲགས་ནས་བསྐུར་བ་ཡིན། རྡོ་རྗེའི་དྲི་ཐིག་དགོས་ཚད་ནི་སློབ་དཔོན་ལག་གིས་རྡོ་རྗེའི་རྩེ་མོས་སོ། །བརྗིད་པ་དཔའ་བོའི་བྲོ་ཆེན་དང་། དགྱེས་པ་དཔའ་མོའི་གླུ་དབྱངས་ཀྱི་སྐབས། སྔོན་ཚེ་བསོད་ནམས་བསགས་པ་དང་། ེ་མྱགས་འབྲུ་བརྒྱད་ཀྱི་ཛ྄བ་དབྱངས་དང་། དང་པོའི་སངས་རྒྱས་སོགས་དབྱངས་དང་བཅས་པས་བརྗོད་བཞིན་སློབ་མ་ཚོས་དཀྱིལ་འཁོར་གྱི་མཐའ་ལ་བསྐོར་བ་དངོས་སུའམ་མོས་པ་བྱ། དེའི་དུས་སུ་དཀྱིལ་འཁོར་པའི་ལྷའི་ཐུགས་ཀ་ནས་དྲག་སྔགས་ཀྱི་ཆར་ཆེན་པོ་བྱུང་བ་སློབ་མ་རང་རང་གི་ངག་ལ་ཐིམ་པའི་མོས་པ་བྱར་གཞུག་དགོས་ཀྱང་། སྔགས་ཀྱི་བཟླས་ལུང་དངོས་ནི་གཤམ་དེ་མ་ཐག་ནས་རིམ་པས་འབྱུང་བ་རྣམས་ཡིན་ནོ། །མཎྜྻལ་དྲུག་པ་ལ། བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ་ངག་གི་དྲི་མ་སྦྱངས་ཞིང་གསུང་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་ཞེས་འདོན། གཉིས་མེད་བརཏལ་ཞུགས་ཆེན་པོ་ལ་སོགས་ཨེ་ཀ་ཡ་མ་སོགས་ཀྱི་སྐབས། བླ་མའི་བྱང་སེམས་དཀར་ཆར་མོས་པས་ཐོད་ཆང་ཚར་གཅིག་དང་། ཡང་བདེ་བ་དམ་པ་མྱང་བར་གྱིས། ཨ་ཧོ་མ་ཧཱ་སུ་ཁཾ་སོགས་ཀྱིས་སྐབས་ཀྱང་། ཡུམ་གྱི་བྱང་སེམས་དམར་ཆར་མོས་པས་ཐོད་ཆང་ཚར་གཅིག་ཏུ་ལན་གཉིས་སྦྱིན་དགོས། འདི་ནས་མིག་དར་དཀྲོལ། རཀྟ་དང་གཏོར་མའི་བསྐུར་ཚིག་ཆོས་ཀྱི་དབྱིངས་གོ་འབྱེད་སོགས་བསྟོད་པའི་ཤྭ་ལོ་ཀ་དང་པོ་ཁ་བསྒྱུར་བའམ་ལྷའི་རྒྱལ་པོ་ལྷ་མཆོག་སོགས་ཀྱིས་ལྷ་དབང་གི་གཙོ་ཙ་ཀ་བཞིན་དུ་བསྐུར་ན་ཡིད་ལ་བདེ་མདོག་ཁ་བ་ཞིག་སྣང་ཡང་། ཀུན་མཁྱེན་ཆེན་པོ་རང་གིས། རཀྟ་གཏོར་མ་མཆོད་པའི་ཚིག །དབང་བསྐུར་འདོན་པ་བསྒྱུར་ལ་བསྐུར། །ཞེས་གསུངས་པར་མ་ཟད། ལུགས་གཞན་གྱི་དབང་ལ་ཡང་རཀྟ་དང་གཏོར་མའི་བསྐུར་ཚིག་འདིར་བཤད་པ་བཞིན་དུ་འདུག་པས་དྭངས་མ་སྙིང་ཁྲག་དང་། ཕྱི་སྣོད་འཇིག་རྟེན་སོགས་ཀྱི་ཤྭ་ལོ་ཀའི་ཚིག་མཐའ་དབང་བསྐུར་རོ་ཞེས་བསྒྱུར་བས་བསྐུར། རཀྟ་ལ་སྔགས་ཨེ་ཀ་ཡ་མ་གུ་ཡེ་རཀྟ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩྨ་ཧོ། ཞེས་བརྗོད་ནས་ལག་པར་གཏད་པ་དང་། གཏོར་མ་ལ་ཨེ་ཀ་ཡ་མ་བ་ལིཾ་ཛྙྱཱ་ན་པཱུ་ཛ་ཨ་བྷི་ཥིཉྩྨ་ཧོ། ཞེས་འདོན་བཞིན་དུ་དབང་གཏོར་མགོ་བོར་འཇོག་པ་ཡིན། མགོ་རློན་ག་ཤལ་སྦྱིན་པའི་ཚིགས་བཅད་དཔེ་ལ་ལར་ཡོད། ལ་ལར་མེད་པ་ཞིག་སྣང་བ་རེ་ཞིག་ཡོད་པའི་ལུགས་སུ་བྱས་ན་ལེགས་པས། དེ་ལྟ་ན་ཚིགས་བཅད་སྔ་མ་ཐོད་སྐམ་གྱི་དབུ་རྒྱན་ལྔ་པོ་གཡས་དཀར་གཡོན་དམར་དབུས་མཐིང་གི་ཞལ་གསུམ་པོ་རེ་རེ་ལ་ཡང་ཚར་རེ་ཡོད་པ་ལ་དགོངས་ནས་ཚར་གསུམ་ཞེས་བརྡ་ཆད་སྦྱོར་བར་མཛད་འདུག་པ་ལྟར་ན། ཙ་ཀ་ལི་སོགས་ལའང་དེ་བཞིན་འབྲི་དགོས་པ་འདྲ། འོན་ཀྱང་རྙིང་མ་སོགས་སྤྱི་གྲགས་ཐམས་ཅད་ལ་ཐོད་པ་ཚར་གསུམ་ཟེར་ན་མི་མགོ་སྐམ་རྙིང་རློན་གསུམ་ལས་འོས་མེད་པས་སྐབས་འདིར་ཡང་ཇི་ལྟར་ཡིན་ད་དུང་བརྟག་དགོས་པར་སྣང་ངོ་། །ཚེ་གལ་སྤྱི་བོར་དང་། ཚོགས་ལག་པར་བསྐུར། མཎྜྻལ་བདུན་པ་ལ། བླ་མའི་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ། ཡིད་ཀྱི་དྲི་མ་སྦྱངས་ཤིང་ཐུགས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཞེས་འདོན། དྲི་ལན་གྱི་རིགས་དབང་འདིའི་ཐོག་མཐའ་བར་གསུམ་དུ་ཡོད་པ་ཀུན་ལ་རྗེས་ཟློས་བྱར་གཞུག གཟུང་མ་ལ་སྤྲོ་བ་འདྲི་བར་མན་དམིགས་གསལ་བཤད་པ་མི་འདུག་ཀྱང་། སྤྲོ་ཞེས་ཁས་བླངས་པར་མོས་དགོས། འདི་ལས་མཆོག་ཏུ་གཞན་མེད་དོ་ནས་མིག་དར་དཀྲོལ། མནྜལ་བརྒྱད་པ་དབང་བཞི་པའི་མནྜལ་འབུལ་མཚམས་མི་གསལ་ཡང་། ན་མོ། ཆེ་བའི་ནང་ནས་ཆེ་བའི་མཆོག །སོགས་ཀྱིས་གསོལ་གདབ་ཀྱི་གོང་དེར་འབུལ་བ་ཡིན་པས་དེ་ལ། བླ་མ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱི་དྲུང་དུ་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས་ཤིང་། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་དབང་བཞི་པ་ཚིགས་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་ཞེས་འདོན། དྲག་པོ་མཐུ་ཡི་དབང་བསྐུར་གྱི། །བྲུབ་ཁུང་ཐོད་ནང་ལིངྒ་བཅུག །ཞེས་པའི་སྐབས་དབང་རྒྱས་པ་སྤྲོས་བཅས་འཆམས་སོགས་དང་འབྲེལ་བ་ཡིན་ན། ལས་བྱང་གི་བསྒྲལ་ལས་སྟབས་པ་དང་བཅས་བྱས་ཀྱང་འགལ་བ་མེད་ཅིང་ལེགས་པ་ཡིན། གཞན་བྲུབ་ཁུང་བསྐྱེད་ཆོག་བྱ། བདེན་བརྡར་འགུགས་གཞུག་ཚར་གསུམ་ནས། ཐུགས་རྗེ་ཐབས་ཀྱི་སྦྱོར་བ་སོགས་ཀྱིས་ཕུར་པ་བཏབ། གདུག་པ་ཅན་གྱི་དགྲ་བགེགས་ལ། །སོགས་སྔགས་དང་བཅས་པས་ལིངྒ་ཕུར་པ་དང་སྦྲགས་པ་ལག་ཏུ་བཞག་སྟེ་དབང་བསྐུར། སླར་ཡང་ལིངྒ་སློབ་མའི་གཙོ་བོའི་མདུན་དུ་བཀོད། ཐུན་གྱི་དབང་ནི་ལག་གཡས་སུ་ཡུངས་ཀར་དང་ཁྲག་ཐུན་སོགས་རྫས་ཡོངས་རྫོགས་དང་། གཡོན་དུ་རཀྴ་གཏད་དེ་དྲག་པོའི་སྔགས་སོགས་ཚིགས་བཅད་བརྗོད། ཐུན་སྔགས་ནི། ཡུངས་ཀར་རྒྱལ་པོའི་གཤམ་གྱི་ཨེ་ཀ་ཧེ་དུན་ཏྲག་རཀྴ་ཡ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་སོགས་ཡིན། ཡང་ཐུན་རྣམས་ཀྱང་སློབ་མའི་གཙོ་བོ་མདུན་དུ་བཀོད་དེ། རྒྱས་པར་སྤྲོ་ན། ཐུན་སོ་སོའི་ཚིགས་བཅད་ལས་བྱང་ལྟར་ལེན་པས་སམ། བསྡུ་ན་ཐུན་སྔགས་ཁོ་ནས་རིམ་བཞིན་རྡེག་ཏུ་གཞུག་ཟོར་དབང་བསྐུར་རྒྱུ་དབང་རྫས་ལ། དམར་གཏོར་ནི་མི་དགོས། བྱས་ཀྱང་མི་རུང་བ་ནི་མེད། གཏོར་མ་ཡོད་ཕྱིན་སྐབས་དེར་འཕེན་དུ་གཞུག གཞན་འུར་རྡོ་སོགས་ཟོར་རྫས་ཚང་མ་དགོས་པ་ཡིན་ནོ། །ཟོར་སྔགས་ནི་བཟློག་བསྒྱུར། དུས་གསུམ་སངས་རྒྱས་སྤྱི་གཟུགས་པ། །སོགས་ཀྱི་གཤམ་ཨེ་ཀ་ཧེ་དུན་བྷྱོ་བཟློག་སོགས་སོ། །གཤམ་དུ་གཙོ་བོས་ཇི་ལྟར་དང་། དེང་ནས་བརྩམས་ཏེ་བདག་བྲན་སོགས་ཀྱང་དགོས་གསུངས། དེ་ལྟར་ན་འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་ལག་ལེན་མི་བདེ་བའི་འཕྲང་སེལ་འདིའང་རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་བཀའ་དྲིན་ལས་བྱུང་བ་བརྗེད་ཐོར་བཀོད་པ་མངྒ་ལཾ་བིསྟཱ་ར་ཀུ་རུ། སརྦ་མངྒ་ལཾ།། །།

སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན།

སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྤྱི་གཟུགས་ཁྲོ་བོའི་རྒྱལ་ལ་འགྱུར་བ་མེད་པ་མཐིང་ཁར་ཆགས། །རྣམ་ཐར་སྒོ་གསུམ་རྔམ་པའི་ཞལ་དང་ཕ་རོལ་ཕྱིན་དྲུག་ཕྱག་སྟེ་བསྡུ་བ་བཞི་དངོས་ཞབས། །གསུང་ནི་དྲག་པོའི་སྔགས་སོ་རྗེས་ཆགས་ཐུགས་ལས་གར་དགུའི་ཉམས་བྱུང་མི་ཟད་ཡོན་ཏན་བརྒྱན། །འཕྲིན་ལས་འོད་ཀྱི་འཕྲེང་བ་ཆེར་འཁྲུག་འཇམ་དཔལ་དཔའ་བོ་གཤིན་རྗེའི་དགྲ་དེར་ཕྱག་འཚལ་ལོ། །རྨོངས་ཞེན་མུན་པའི་སྙེམས་པ་བཅིལ་གྱུར་པས། །ལེགས་བཤད་སྣང་བའི་གཏམ་ཡང་བསྐལ་དུས་འདིར། །དགོངས་དོན་ནམ་མཁའི་ཐིག་ལེ་ལྷག་བསམ་གྱིས། །དྲང་བར་འོས་ཞེས་རིག་འཛིན་ཆེས་བསྐུལ་ཚེ། །བགྲོད་པ་གསུམ་གྱིས་ཐམས་ཅད་མཁྱེན་འདོད་རྣམས། །ངག་དབང་རྡོ་རྗེའི་ཨཱ་ར་ལིས་རོལ་བས། །སྒྱུ་འཕྲུལ་ཉམས་བརྒྱའི་འཁོར་ལོ་ཆེར་འཆང་བའི། །ཀུན་བཟང་སྤྱོད་པའི་གསང་ཚིག་འདོན་ལ་ཞུགས། །སློབ་དཔོན་མཚན་ཉིད་དེ་ཡི་ལས། །སློབ་མ་འཇུག་ཅིང་ལྷ་ངོ་བསྟན། །དབང་བསྐུར་བ་བཞི་སྤྱི་ཡི་ཆིངས། །དང་པོ་འཇམ་དཔལ་བཤེས་གཉེན་གྱིས། །གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རིག་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་ཟུང་འཇུག་ཏུ། །བླ་མའི་མན་ངག་ཐོབ་པའི་གདེངས་ལྡན་པའི། །ཡོན་ཏན་རྫོགས་པ་བླ་མ་དམ་པར་བྱ། །གཉིས་པར་བསྙེན་དང་ས་ཆོག་དང་། །སྟ་གོན་དཀྱིལ་འཁོར་བསྒྲུབ་པ་འོ། །དུས་གྲངས་མཚན་མ་རྫོགས་པས་སླར། །དབང་བསྐུར་སྔོན་དུ་ཁ་གསོ་བྱ། །ས་ཆོག་ལ་ནི་བསླང་དང་བརྟག །ས་ལྷ་དབང་བྱ་ཆག་ཆག་འདུལ། །བཾ་བླང་བ་ཡང་ཞར་ལས་སོ། །སྣང་བ་ཡུལ་གྱི་བདག་པོར་བསླང་། །མི་སྣང་དེར་ཕྱིན་གསེར་སྐྱེམས་གཏོར། །གཏོར་མ་བྱིན་བརླབས་འདི་བརྗོད་དོ། །ཧཱུྃ གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་ཀླུ་རྣམས། །མཆོད་དང་གཏོར་མ་འདི་ལོངས་ལ། །སེམས་ཅན་ཀུན་དགེ་དོན་དུ་ཡང་། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཕྱོགས་འདིར་ཅི་དགར་སྤྱོད་ཅིག་ཅེས། །གནང་བ་བྱིན་ནས་མི་སྣང་སོང་། ༈ དེ་ནས་ལྟོ་འཕྱེ་བརྟག་པ་ནི། །རང་གི་ཕོ་བྲང་འཁོར་བས་ཏེ། །གཞོགས་གཡོན་འོག་ཏུ་བཅུག་ནས་ནི། །ཟླ་བ་དག་ལ་བསྐོར་བ་ཡིན། །དཔྱིད་གསུམ་མགོ་ནི་ནུབ་ཏུ་བསྟན། །དབྱར་གསུམ་མགོ་བྱང་སྟོན་གསུམ་ཤར། །དགུན་གསུམ་ལྷོར་བསྟན་གླིང་ཕྱེད་ཁྱབ། །བྱང་ཤར་ལྟོ་ཉེའི་ཐད་ནས་བརྐོ། །ཡིད་ཆེས་མིན་ན་རོ་ལྔ་བསལ། །རིན་པོ་ཆེ་དང་ལྷོ་ཕྱོགས་ཀྱི། །བཀྲ་ཤིས་སས་དགང་སྟེགས་བུ་བཅའ། ༈ དེ་ནས་ས་ལྷ་མཆོད་པའི་ཕྱིར། །ཟིལ་གནོན་ལུས་དཀྱིལ་བཞིན་དུ་བསྒོམ།་་་་་ེ་རིང་བསྙེན་པའི་མན་ངག་བཞིན་བྱ། །སྟེགས་བུ་དྲིས་བྱུགས་ཚོམ་བུ་བཀོད། །མཆོད་ཡོན་ཉེར་སྤྱོད་གཏོར་མ་བཤམ། །མི་བསྐྱོད་ཕྱག་རྒྱ་སར་བརྡབས་གས། །ཧཱུྃ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བསྟན་མ་གསེར་མདོག་མཛེས་མའི་ལུས། །ཕྱེད་སྣང་འབུམ་ཕྲག་འཁོར་བཅས་འཐོན། །པྲི་ཐི་བཱི་དེ་ཝཱི་ཨཱ་ཀརྵ་ཡ་ཛཿ པྲ་ཏི་བྱཿཨརྒྷཾྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻཝིདྱྎ ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། པྲ་ཏི་བྱཿན་མརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་བ་ལིཾ་ཏ་སྭཱཧཱ། དགྱེས་ཏེ་གནང་བ་བྱིན་ནས་ཐིམ། རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག །ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། དབང་བྱ་ཕུར་པ་ཟླ་གམ་དབལ། བདག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀའི་སྐུར་གསལ་བར་གྱུར། ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། །ཅེས་པས་སྟེགས་བུའི་དབུས་སུ་བཏབ། །པདྨ་དབང་གྱུར་འོད་དམར་གྱིས། །བར་གཅོད་ཚར་བཅད་ཚུར་འདུས་ཐིམ། །ས་ཆེན་དབང་བྱས་སར་འཛིན་སྦྱངས། ཕུར་བུ་དེ་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་གྱི་སྐུར་ལམ་གྱིས་གསལ་བར་གྱུར། དེ་ལས་འོད་ཟེར་དམར་པོ་འཕྲོས་པས་བར་དུ་གཅོད་པ་ཐམས་ཅད་ཚར་བཅད། ཚུར་འདུས་ནས་ཐིམ་པས་ཐམས་ཅད་དབང་དུ་བྱས། དཀྱིལ་འཁོར་གྱི་ས་གཞི་ལ་འཕྲོས་པས་སར་འཛིན་པའི་རྟོག་པ་ཐམས་ཅད་སྦྱངས་པར་གྱུར། །དེ་ནས་བདུད་རྩི་ལྔ་བཏབ་པའི། །ཁྲག་ཆེན་བྱུག་བཞིན་འདི་སྐད་འདོན། །ཧཱུྃ རང་བྱུང་དམ་རྫས་བདུད་རྩི་ལྔ་ལྡན་པས། །འཇམ་དཔལ་གཤིན་རྗེའི་རིགས་མཆོག་བསྒོམ་པའི་ཕྱིར། །བཀའ་གསང་བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ། །དམ་རྫས་གསང་བ་བདུད་རྩིའི་ཆག་ཆག་འདེབས། །ཨོཾ་མ་ཧཱ་རཀྟ་ཨ་མྲྀ་ཏ་མཎྜྻ་ལ་ཧཱུྃ། ཆོས་ཉིད་ཁྱབ་གདལ་གྱུར་པར་བསམ། །དེ་ནས་འདུལ་ཞིང་བྱིན་བརླབས་པ། །དཔོན་སློབ་ཚང་མ་ཞྭ་དང་ཕོད། །ནག་གྱོན་ཕུར་བྷན་ཐོགས་ནས་སུ། །གསེར་སྐྱེམས་ནས་བརྩམས་་་་་་ལོག་པ་རྩེ་གསུམ་འགྲོས།་་་་་ཀྱི །བར་དུ་གང་བཤད་འཆམས་ཀྱིས་བསྒྲུབས། །གལ་ཏེ་མ་གྲུབ་འདི་ཡིས་བྱ། །རྡོ་རྗེ་རྒྱལ་པོ་དབུས་སུ་འདུག །རྒྱལ་ཐེབ་བཞི་ནི་སྒོར་འཁོད་ལ། །འབྱུང་བརྩེགས་ནས་གཟུང་འཛ྄བ་བར་བྱས། ཨེ་ལས་ཨེ་ཡཾ་མཾ་སུམ་ཀེཾ་རཾ་ཆད། །ཅེས་པ་ནས་ཛ྄བ་བར་ལས་བྱང་བཞིན་དང་མཐར། ཡ་མཱནྟ་ཀ་གསན་ཅིང་དགོངས་སུ་གསོལ། སོགས་ཀྱིས་བཤགས་པ་གྲུབ་རྗེས། །སློབ་དཔོན་མཆོད་བསྟོད་གསོལ་གདབ་འདི། ཞེས་པས། ཕྱོགས་བཞིའི་མཆོད་པ་དང་སྨན་རཀ་གཏོར་གསུམ་རྣམས། །ཧཱུྃ རཾ་ཡཾ་ཁཾ་གིས་མཆོད་རྫས་ཐམས་ཅད་སྦྱངས། །སོགས་ནས། མ་ཧཱ་རཀྟ་ཛྷ་ལ་མཎྜྻ་ལ་ཧཱུྃ་སྲཱིཿཋ། བར་གྱིས་བྱིན་གྱིས་བརླབས་ལ། སྣ་ཚོགས་མེ་ཏོག་ཕྲེང་བས་བཅིངས་པ་ནི། སོགས་ཀྱིས་ཏི་ར་སིདྡྷི་ཧོཿ བར་གྱིས་མཆོད། ཧཱུྃ་ཆོས་ཀྱི་དབྱིངས་ནས་གོ་འབྱེད་གཟུགས་ཕུང་དགྲར། །སོགས་བསྟོད་པ་ཡོངས་རྫོགས་རྗེས་གསོལ་གདབ་འདི་ལྟར། ཧཱུྃ ཀུན་གྱི་རང་བཞིན་ཉིད་ལས་བྱུང་། །སེམས་ཉིད་རྡོ་རྗེ་འཛིན་པ་ཁྱོད། །མི་རྟོག་རང་བཞིན་ཏིང་འཛིན་ལས། །སྟོབས་ཆེན་རྡོ་རྗེའི་སྐུར་བཞེངས་ལ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། །ཕྱག་རྒྱ་ཆེན་པོ་རྫོགས་པར་མཛོད། །སློབ་དཔོན་གྱིས་ནི་ལྷ་རྣམས་བསྡུས། བཛྭ་མུཿ ཡུམ་དང་བཅས་པའི་རྟེན་བརྟེན་པར་བཅས་པ་ཐམས་ཅད་བདག་ཉིད་ལ་ཐིམ་པར་གྱུར། །ཟིལ་གནོན་ཆེན་པོའི་ང་རྒྱལ་གྱིས། རང་ཉིད་ཟིལ་གནོན་དཔལ་ཆེན་པོའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་ལྟར་འབར་བས་འཇིག་རྟེན་འདི་ལ་ཀུན་ཏུ་བརྡིག་ཅིང་འབར་བའི་སྐུར་གྱུར། བཤོས་ཆང་ཏིང་ལོ་རྣམས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཧཱུྃ ཡང་གསང་ཞེས་སོགས་བཀའ་བསྒོས་ནས། ཧཱུྃ་བཞི་དང་། ེ་རིང་སྔགས་ཀྱིས་བསྐྲད། །དབུས་སུ་པདྨ་ལྟ་བུའི་གར། །གཡས་གཡོན་དབུས་སུ་མེ་ཏོག་དོར། །ཤར་དུ་ཐབས་ཤེས་འགྲོས་ཀྱིས་ཕྱིན། །གཞི་བཅའ་གཡས་བརྐྱང་གིས་བགེགས་བསྐྲད། །དེ་ནས་གནོད་སྦྱིན་འགྲོས་ཀྱིས་ལྷོར། །གཞི་བཅའ་གཡོན་བརྐྱང་ཀླུ་འཁྱིལ་འགྲོས། །ནུབ་ཏུ་གཞི་བཅའ་ས་གའོ། །རྐང་གཅིག་མཆོང་སྐོར་འགྲོས་ཀྱིས་བྱང་། །གཞི་བཅའ་ཟླུམ་པོས་མཐའ་སྐོར་དུ། །དཔའ་བོའི་འགིང་དང་སྒེག་མོའི་འཇོལ། །རྡོ་རྗེའི་སྒོ་རུ་གནམ་ས་བརྡུང་། །དགའ་བ་ཁ་སྦྱོར་སེང་གཡལ་གྱིའོ། །ཞེས་པ་ལྟར་དང་། ཤེས་ཤིང་སྤྲོས་པ་ལ་དགའ་ན་སྟང་སྟབས་དྲུག་ཅུ་རྩ་གཉིས་ཀྱང་བྱ་སྟེ། རྡོ་རྗེ་རྒྱལ་པོ་ཉིད་ཀྱིས་སོ། །དེ་ནས་ཁྲོ་བཅུའི་ཕུར་གདབ་ནི། བདག་ཉིད་ཟིལ་གནོན་ཧེ་རུ་ཀར་གསལ་བའི་སྙིང་ཁའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་བགེགས་གདུག་པ་ཅན་ཐམས་ཅད་བཀུགས་ཏེ། སྲུང་འཁོར་གྱི་ཕྱི་རོལ་ཕྱོགས་མཚམས་སྟེང་འོག་བཅུར་བཀོད་ལ། ཕུར་བུ་རྣམས་ཁྲོ་བོ་བཅུ། ཞལ་གསུམ་ཕྱག་དྲུག་གིས་མཚོན་ཆ་སྣ་ཚོགས་ཐོགས་ཤིང་སྐུ་སྨད་ཕུར་བུ་འབར་བའི་དབལ་ཅན་དུ་གྱུར། གཡས་སུ་རྡོ་རྗེ་ཐོ་བ་དང་། །གཡོན་དུ་ཕུར་པ་ཐོགས་ནས་སུ། །དབྱངས་དང་བཅས་པས་བགེགས་ལ་བཏབ། །ཧཱུྃ སྣང་སྲིད་འཁོར་ལོ་རྩིབས་བཅུར་སོང་། སོགས་དང་། ཧཱུྃ སྟེང་དུ་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །སོགས་ནས། ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པ་པཾ་ཕཊ་ཕཊ་ཧཱུྃ་ཧཱུྃ། བཛྭ་ཀཱི་ལ་ཡ་བཛྭ་དྷ་རོད་ཨཛྙྱཱ་པ་ཡ་ཏི་སརྦ་བིགྷྣཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་བཛྭ་མཱུུར་བཛྭ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་སྟང་སྟབས་དང་བཅས་ཤར་གྱི་ཤར་དུ་གདབ། དེ་བཞིན་དུ་ ཤར་དུ་ཁྲོ་རྒྱལ་བི་ཛཱ་ཡ། སོགས་ས་ོསོའི་མཐར་གདབ་སྔགས་དང་བཅས་ཕྱོགས་བཞི་གཡས་སྐོར་དང་། བྱང་ཤར་ཁྲོ་རྒྱལ་གསུམ་ལས་རྒྱལ། སོགས། མཚམས་བཞི་གཡོན་སྐོར། འོག་ནུབ་ཀྱི་ནུབ་ཏུ་བཏབ་པས། དབང་པོ་ལ་སོགས་པའི་བགེགས་རྣམས་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་རོར་གྱུར་པར་བསམ་ལ་ཕུར་བུ་རྣམས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་མི་བསྡུ་ཞིང་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ། ཕུར་བུ་རྣམས་ལ་གུ་གུལ་བདུག་ཅིང་ཡུངས་ཀར་བྲབ་པས་གཟི་བྱིན་བསྐྱེད་ཅིང་བརྟན་པར་བྱ། །ཞེས་སོགས་ཀྱིས་སོ་ཚོགས་ལས་མཐར། ཞེས་པས་ཚོགས་དང་བསྒྲལ་ལས་ལྷག་བསྔོའི་བར་ལས་བྱང་གཞུང་བཞིན་བཏང་། །བླང་བསལ་དབང་སྡུད་ཞར་བསྟན་ལ། དཀར་གསུམ་མངར་གསུམ་དང་བཅས་པས་སྦྲུས་པའི་མར་ཟན་ལ་བམ་རོའི་གཟུགས་བཅོས་པ་དེ། དུར་ཁྲོད་ཀྱི་ཚུལ་དུ་བྱས་པའི་སྒྲུབ་ཁང་གི་ལོགས་ཤིག་ཏུ་བཞག་པ་དེ་ལ། ཧཱུྃ ཆོས་ཀྱི་དབྱིངས་ལས་འཇམ་དཔལ་གཤིན་རྗེའི་གཤེད། །དགྱེས་པའི་གར་གྱིས་བམ་ཆེན་བླང་བའི་ཕྱིར། །གཤིན་རྗེའི་ལས་མཁན་ཐམས་ཅད་ཕོ་ཉར་འགྱེད། །སོགས་ནས། གཏུམ་པའིྎ །ཏི་ར་བམ་ཆེན་ལེན་པའི་ལས་མཛོད་ཅིག །ཅེས་ཕོ་ཉ་བསྐུལ་ལ་རོལ་མོ་བཅས། །དཔའ་བོ་ཆེན་པོའི་ཤུགས་ཀྱི་འགྲོས། །གཡས་བརྐྱང་བ་དང་མཐུན་པའི་འགྲོས། །གཡོན་བརྐྱང་ས་ག་ཟླུམ་པོ་དང་། །རྐང་གཅིག་མཆོང་སྐོར་ལ་སོགས་པ། །རྡོ་རྗེའི་འགྲོས་ཏེ་བདུན་པ་ཡིན། །འདྲེན་དང་བསྣུན་དང་བརྡེག་པ་དང་། །རོ་ཟ་བ་དང་འཕང་གིས་འཁྱུད། །རི་བོ་འདེགས་དང་ཀླད་ལ་སྐོར། །ཡེ་ཤེས་དབྱིངས་སུ་རོལ་བར་བྱེད། །འགྲོས་བདུན་སྟང་སྟབས་བརྒྱད་དུ་གྲགས། །ཚུལ་དེས་ཕྱིན་ལ་ལེན་རྒྱུའི་རོ། །ནད་དང་རིམས་ཀྱིས་མ་ཤི་བ། །མགོ་ཁ་བྱང་ཤར་རྐང་ལྷོ་ནུབ། །ཅེ་སྤྱང་གཟན་ལ་རྒྱུག་འདྲ་མིན། །གཞན་ཀུན་ལོ་བཞི་ནས་བརྩམས་ཏེ། །ཉེར་ལྔའི་བར་གྱི་སྐྱེས་བུད་མེད། །གྲིར་ཤི་བ་ཡི་ཧལ་བ་སྟེ། །རབ་ཡིན་འབྲིང་ནི་ཕྱི་བའི་རོ། །ཐ་མ་ལུག་སོགས་དུད་འགྲོ་གཞན། །ཤ་ཟ་མཁའ་འགྲོ་འཁྲུག་བསལ་ཕྱིར། །ཚིལ་དུད་བཏང་ཞིང་རྐང་དུང་འབུད། །ཐོད་རྔ་བརྡུང་ཞིང་ཤ་ཆེན་གྱིས། །བརྒྱན་པའི་གཏོར་མ་ཕུལ་ནས་སུ། །ཧཱུྃ དུར་ཁྲོད་ལ་རྒྱུ་ཏི་ར་ལོངས་སྤྱོད་མ། །བམ་ཆེན་ཤ་ཟ་ཁྲག་ལ་ཧུབ་ཀྱིས་འདེབས། །རིགས་ལྔའི་མཁའ་འགྲོ་བདེ་གཤེགས་ཡུམ་གྱི་འཁོར། །བདག་དང་ཁམས་གསུམ་ཟ་བྱེད་ཆེན་མོ་ཡིན། །ཐབས་ཀྱི་སྤྱོད་པས་འགྲོ་དོན་བྱ་བའི་ཕྱིར། །ཏི་ར་བམ་ཆེན་འདི་ལ་ལོངས་སྤྱོད་ཀྱི། །ཁྱེད་དང་མ་སྲིང་བུ་མོ་བྲན་དང་ཁོལ། །ཐུགས་ཀྱིས་མནར་བ་མ་མཛད་གཉིས་མེད་རོལ། །དྲི་དང་སྨན་གྱི་རོ་བྱུགས་ལ། །ཟིལ་གནོན་འོད་དམར་ལྕགས་ཀྱུ་ཡིས། །ཤ་ཟ་མཁའ་འགྲོ་འབྱུང་བཅས་ཀྱི། །སྙིང་གར་བཏབ་པས་དབང་མེད་འདུས། །སྐུ་ལས་ཁྲོ་བོ་མེ་བཅས་སྤྲོས། །ཁམས་གསུམ་གང་བས་དེ་རྣམས་གཟིར། །དྲག་པོའི་སྔགས་ཀྱིས་བརྒྱལ་རྨོངས་རེངས། ཞེས་པས། རང་ཉིད་ཁྲག་འཐུང་ཟིལ་གནོན་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། དུར་ཁྲོད་ཀྱི་ཤ་ཟ་མཁའ་འགྲོ་དང་། འབྱུང་པོ་རྣམས་ཀྱི་སྙིང་གར་ཕོག་པས་རང་དབང་མེད་པར་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་པར་བསམ་ལ། ཨེ་མྱགས་ཡ་བརྔུབས་མུག་ཤཀ་ཀ་དུན་ཧཱུྃ་ཕཊ྄། ཅེས། ཨེ་མྱགས་ང་རོ་འབྲུག་ལྟར་སྒྲོག །སླར་ཡང་སློབ་དཔོན་བདག་ཉིད་ཟིལ་གནོན་ཆེན་པོར་གསལ་བའི་སྐུ་ལས་ཁྲོ་བོ་གྲངས་མེད་པས་ཁམས་གསུམ་མེ་ཡི་འཁོར་ལོ་རབ་ཏུ་འཁྲུགས་པ་དང་བཅས་པས་དུར་ཁྲོད་ཀྱི་ཤ་ཟ་མཁའ་འགྲོ་མས། བམ་ཆེན་གྱི་རོ་ལ་དབང་བྱེད་པ་དེ་ཐམས་ཅད་ཟིལ་གྱིས་མནན་ཏེ་བརྒྱལ་བ་དང་། རེངས་པ་དང་། རྨོངས་པར་བྱས་པར་བསམ། ཐམས་ཅད་དགྱེས་པའི་གར་དང་ལྡན། །ཧུར་གྱིས་བླངས་ནས་ལན་གསུམ་དུ། །དཀྱིལ་འཁོར་བསྐོར་ནས་བྱང་དུ་ཨེ། །ཐལ་ཆེན་གྱིས་བྲིས་སྟེང་དུ་བཞག དེ་དག་ནི་ནུབ་དང་པོའི་བྱ་བའོ། །དེ་ནས་ལྷག་གནས་ཀྱི་རིམ་པ་ལ། །དཀྱིལ་འཁོར་རྫས་བུམ་ལྷ་དང་ནི། །སློབ་མ་བམ་གྱི་སྟ་གོན་སྟོན། །རྒྱལ་ཆེན་བཀའ་བསྒོ་ཕྱི་མཚམས་བཅད། །དམ་སྲི་མནན་ཅིང་སྒོ་བྱང་གདགས། །མ་ཏྲཾ་བསྒྲལ་དང་ཐིག་ཚོན་ལས། །དཀྱིལ་འཁོར་སྟ་གོན་དག་ལ་འདོད། དེེ་ཡང་། སློབ་དཔོན་སོགས་ཀྱིས་བདག་བསྐྱེད་བཟླས་པ་བཤགས་པའི་བར་ལས་བྱང་བཞིན་སྔོན་དུ་འགྲོ་བས། །སྒྲུབ་ཁང་ཕྱི་རུ་་་་་་རྒྱལ་ཆེན་སྡེ་བཞིའི་སྐུ་དང་སྔགས་བྱང་བཅས་པའི་ཐོ་བཞི་བཙུགས། །དེ་མདུན་མཆོད་དང་གཏོར་མ་བཤམས། །བདུད་རྩིས་སྦྱངས་ནས་འདི་སྐད་བརྗོད། ཨོཾ་སྭ་བྷཱ་ཝས་སྦྱངས། བྷྲཱུྃ ཕོ་བྲང་སྤོས་ངད་ལྡན་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་ཡུལ་བསྲུང་སྐུ་མདོག་དཀར། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་རྒྱུད་མངས་སྦྲེང་། །དྲི་ཟའི་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ ཡུལ་འཁོར་བསྲུང་ནི་ཤར་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་མེད་བསྟིམ། །ཧཱུྃ གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་འཕྲིན་ལས་སྒྲུབས། །ཨོཾ་མ་ཧཱ་རཱ་ཛ་ཌྷྭྀཥྚ་རཥྚ་ས་པ་རི་ཝཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། །ཉེར་སྤྱོད་ལྔ་བྱ་གཏོར་མ་ནི། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཱ་ཛ་ཌྷྭྀཥྚ་རཥྚ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཧཱུྃ ཤར་ཕྱོགས་ནས་ནི་ཡུལ་འཁོར་བསྲུང་། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་བཏང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིཥྛ་བཛྭ། དེ་བཞིན་ལྷོ་ནས་རིམ་པ་བཞིན། །རིགས་བསྒྲེས་ནས་ནི་འདི་ལྟ་བུ། བསངས་སྦྱངས་སྔ་མ་ལྟར། །བྷྲཱུྃ ཕོ་བྲང་བཻ་ཌཱུརྻ་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་སྐུ་མདོག་སྔོ། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་རལ་གྲི་འཕྱར། །གྲུལ་བུམ་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། །ཧཱུྃ འཕགས་པར་སྐྱེས་ནི་ལྷོ་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་བསྟིམ། །ཧཱུྃ །གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་མ་ཧཱ་རཱ་ཛ་བི་རཱུ་དྷ་ཀ་ས་པ་རི་ཝཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཉེར་སྤྱོད་ལྔ་བྱ་གཏོར་མ་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་རཱ་ཛ་བི་རཱུ་དྷ་ཀ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཧཱུྃ ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིིཥྛ་བཛྭ། ནུབ་ནས་མཆོད་གཏོར་བསངས་སྦྱངས་ལ། བྷྲཱུྃ ཕོ་བྲང་རྒྱ་མཚོའི་དཔལ་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་ལུས་ངན་སྐུ་མདོག་དམར། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་སྦྲུལ་ཞགས་འཕེན། །ཀླུ་དབང་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ སྣ་ཚོགས་གཟུགས་ནི་ནུབ་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་བསྟིམ། ཧཱུྃ །གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་མ་ཧཱ་རཱ་ཛ་བི་རཱུ་པཱཀྵ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཉེར་སྤྱོད་ལྔས་མཆོད་གཏོར་མ་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་རཱ་ཛ་བི་རཱུ་པཱཀྵ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཧཱུྃ ནུབ་ཕྱོགས་ནས་ནི་སྤྱན་མི་བཟང་། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིིཥྛ་བཛྭ། བྱང་ནས་མཆོད་གཏོར་བསངས་སྦྱང་ལ། བྷྲཱུྃ ཕོ་བྲང་ལྕང་ལོ་ཅན་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་རྣམ་སྲས་སྐུ་མདོག་ལྗང་། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་རྒྱལ་མཚན་འཕྱར། །གནོད་སྦྱིན་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ རོ་ལྡན་གནས་ནས་བྱང་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་བསྟིམ། ཧཱུྃ གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་མ་ཧཱ་རཱ་ཛ་བཻ་ཤྲཱ་མ་ཎ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། ཉེར་སྤྱོད་ལྔས་མཆོད་གཏོར་མ་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་རཱ་ཛ་བཻ་ཤྲཱ་མ་ཎ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཧཱུྃ བྱང་ཕྱོགས་ནས་ནི་རྣམ་ཐོས་སྲས། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིིཥྛ་བཛྭ། རྟེན་དེ་རྣམས་ལ་རྒྱལ་པོ་ཆེན་པོ་མཐུ་རྩལ་ཅན་རྣམས་བཞུགས་ནས་མཚམས་ཀྱི་ཕྲིན་ལས་མཛད་པར་བསམས། སྒྲུབ་པ་མ་གྲོལ་གྱི་བར་ནངས་རེ་བཞིན་མཆོད་བསྟོད་ཕྲིན་བཅོལ་བྱའོ། །དེ་ནས། སྔར་བཞིན་ཁྲོ་བཅུས་ཕྱི་མཚམས་བཅད། ཅེས་པས་སླར་ཡང་ཕུར་བུ་རྣམས་ཁྲོབཅུར་གསལ་བཏབ་ལ། ཧཱུྃ སྟེང་དུ་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །ཚངས་པའི་འཁོར་ཚོགས་མཚམས་ཆོད་ཅིག །ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཅེས་ཀུན་ལ་འགྲེ་བའི་བསྒྱུར་ཀ་ཤེས་པས། ས་བདག་འཁོར་ཚོགས་མཚམས་ཆོད་ཅིག །ཨོཾ་མ་ཧཱ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ་ཕཊ། ཅེས་པའི་བར་རོ། །དམ་སྲི་མནན་པ་འདི་ལྟ་བུ། །ཤོག་བུར་གཡས་རྟ་གཡོན་ཁྱི་དང་། །མི་མགོ་གསུམ་ཅན་ལིངྒ་བཅའ། །སྙིང་གར་ཛཿགཉིས་སྤྲད་དབུས་ཏྲི། །སྟེང་གཡས་མདུན་གཡོན་ཁ་སྤྲོད་པར། ཏྲིག་ནན་ཨུ་ནན། ཨེ་ཧུར། བྲེང་ཤག་རྦད་ཐུམ་ཛཿ སྙབ་པ་ལག་རིང་ཏྲི་ཛཿསྟམྦྷ་ཡ་ནན། རྒྱལ་པོ་ཐེའུ་རང་ཏྲི་ཛཿསྟམྦྷ་ཡ་ནན། ཨོཾ་སུམ་བྷ་ནི་སོགས། །དམ་སྲི་འགོང་པོ་བསེན་མོ་ཡུལ་འདྲེ་འཁྱམས་པོ་སྟམྦྷ་ཡ་ནན། ལུས་ཀྱི་མཐར་བསྐོར་གཤིན་བལྟབ་བྱས། དུག་ཤོག་ལ་ལག་ལེན་ལྟར་བྲིས་པར། སྦྱང་ཁྲུས་བྱས་ནས། ཁུག་རྟགས་མ་བྱུང་བར་འགུག་སྔགས་ཀྱིས་བཀུག་ནས་ལྷ་དབྱེ་བྱས་རྗེས་གཤིན་བལྟབ་བྱས་ལ། སྐུད་ནག་རྒྱ་གྲམ་བཅིངས་ནས་སུ། །ཁམ་ས་ཡོས་ཚིག་ལིང་སྙིང་བཅུག །ལིངྒ་དེ་ཉིད་ཁམ་ས་དང་ཡོས་ཚིག་གི་ཕྱེ་མས་ཉ་བོ་མཛུབ་གང་བཟོས་པའི་སྙིང་གར་གཞུག །བྲུབ་ཁུང་ཉའུ་བསྐྱེད་བདེན་པ་བདར། ཕོ་ཉ་བསྐུལ་དགུག་བསྟིམ་སྲི་སྦྱང་། ཞེས་པས་སྒྲུབ་ཁང་གི་ཕྱི་རོལ་སྒོ་དྲུང་དུ་བྲུབ་ཁུང་ཁྲུ་གང་བརྐོས་པར་ཚིག་གཟུགས་བཅུག་ནས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སོགས་གསེར་སྐྱེམས་བཏང་། བཀའ་དྲིན་འཁོར་མེད་རྡོ་རྗེ་སློབ་དཔོན་དང་། སོགས་གཟུ་དཔང་གཟུག་ལ། ཨེ་ལས་བྲུབ་ཁུང་འདི་ཉིད་གནམ་ལྕགས་ཀྱི་ཁང་སྒྲོམ་སོགས་ཀྱིས་བྲུབ་ཁུང་དང་ཉའུ་བསྐྱེད་ནས་བདེན་པ་བརྡར་ལ་འགུག་གཞུག་གཞུང་བཞིན་གྱི། གཟུགས་མེད་གནོད་པར་བྱེད་པ་བགེགས་ཐམས་ཅད་དང་། ཁྱད་པར་དུ་དངོས་གྲུབ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དམ་སྲི་ཕུང་སྲི་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉའུ་འདི་ལ་སོགས། ལན་གསུམ། ཧཱུྃ ཆོས་ཀྱི་དབྱིངས་ནས་འཇམ་དཔལ་ཧེ་རུ་ཀ །སོགས་ཀྱིས་ཕོ་ཉ་བསྐུལ། ེ་རིང་གི་ཤམ་བུར། དམ་སྲི་ཨཱ་ཀརྵ་ཡ་ཛཿ སོགས་གཞུང་བཞིན་བཏགས་པས་དགུག །ཨ་ཝེ་ཤ་ཡ་ཨ་ཞེས་བསྟིམ་ནས། སྲི་སྦྱང་བ་ནི། །ཧཱུྃ དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །ཕོ་ཉ་ལྕགས་ཀྱུས་མི་འགུགས་སུ། །ངན་སོང་གནས་སུ་འཁྱམས་ལ་དགའ། །རྒྱབ་བརྟེན་དབང་དུ་མི་བསྡུ་རུ། །སྡིག་པའི་གྲོགས་པོས་གཏོང་མ་ཕོད། །ཕྱག་རྒྱ་དྲ་བས་མི་བཅིང་དུ། །ཁྱོད་ཀྱི་ལུས་སེམས་སྡོད་མ་ཉན། །ལིངྒའི་རྟེན་ལ་མི་བསྟིམ་དུ། །བག་ཆགས་ངན་པར་རྟེན་མ་བྱུང་། །རྣོན་པོ་རྩང་གིས་མི་བསྐོར་དུ། །དམ་སྲི་ཕུང་སྲི་འགྲོས་ལ་དགའ། །ཡེ་ཤེས་ཕུར་པས་མི་འདེབས་སུ། །ངན་སོང་གནས་སུ་གཞོལ་ལ་དགའ། །ཤེས་རབ་རལ་གྲིས་མི་གཏུབ་ཏུ། །གཏི་མུག་མུན་པར་འཁྱམས་པར་འགྱུར། །ཐུན་རྫས་རྣམས་ཀྱིས་མི་བྲབ་ཏུ། །ལུས་སེམས་རྡུལ་དུ་འགྲོ་མ་ཉན། །དུག་ཆུ་ཁོལ་མས་མི་སྦྱང་དུ། །ཡེ་ནས་ཉོན་མོངས་དུག་གིས་གཟིར། །ཁྲོ་བོའི་ཞལ་དུ་མི་བཏབ་ཏུ། །གཟུགས་ཕུང་ཤ་ཁྲག་རུལ་བའི་རྒྱུ། །དེ་ནས་བཀའ་ལ་མི་གདགས་སུ། །ཕྱིན་ཆད་ངན་སྤྱོད་དགག་པར་བྱེད། །ཕུར་བསྐྱེད་ནས་གཟུང་བྲབ་རྫོགས་པ། ཧཱུྃ བདག་ནི་འཇམ་དཔལ་ཧེ་རུ་ཀ །སོགས་ནས་མཚོན་ཆ་བརྡེག་པའི་བར་གྱི་ཐུན་ཡོངས་རྫོགས་སོང་ནས། །ཐེམ་འོག་དོང་བྲུས་མནན་ནས་སུ། །ས་ཆུ་མེ་ནི་རིམ་དགུས་མནན། དམ་སྲིའི་རྣམ་སྨིན་ལུས་རྟེན་སྤྱིའུ་ཚུགས་སུ་མནན་ལ། རོ་གཡམ་སྟོང་ཁམས་བྲིས་པས་བཀབ་ཅིང་། ལཾ་ལཾ་ལཾ་སྟམྦྷ་ཡ་ནན། ཞེས་ས་རིམ་པ་གསུམ་དང་། བཾ་བཾ་བཾ་སྟམྦྷ་ཡ་ནན། ཞེས་ཆུ་རིམ་པ་གསུམ་དང་། རཾ་རཾ་རཾ་སྟམྦྷ་ཡ་ནན། ཞེས་མེ་རིམ་པ་གསུམ་སྟེ་འབྱུང་བ་རིམ་དགུས་མནན། །ལས་ཀྱི་གཤིན་རྗེ་དག་ལ་གཏད། །ཧཱུྃ འབྱུང་བ་རྟེན་གཞིའི་རྔམས་འོག་ནས། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེན་པོ་རྨད་དུ་བྱུང་། །མུན་ནག་འཐིབས་པའི་ནང་དུ་བཞུགས། །གཡས་པའི་ལག་ན་རི་རབ་ཐོགས། །གཡོན་པའི་ལག་ན་རྒྱ་མཚོ་འཁྲུག །ཞབས་ཀྱིས་རླུང་གི་འཁོར་ལོ་མནན། །དམ་ཉམས་ལས་ཀྱི་དམ་སྲི་ལ། །མནན་པ་ལས་ཀྱི་དུས་ལ་བབ། །སྒོ་མེད་ལྕགས་ཁང་ནང་དུ་ཆུག །གཤིན་རྗེ་རྣམས་ཀྱི་ཟས་སུ་བྱིན། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུག །རི་རབ་ཆེན་པོའི་རྨང་དུ་ནོན། །ནམ་ཡང་གཏོང་བར་མ་བྱེད་ཅིག །བདག་ཅག་འཁོར་དང་བཅས་པས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྒྲུབ་པ་བྱེད་པ་ལ་བར་དུ་གཅོད་པའི་དམ་སྲི་འཕུང་སྲི་འབྱུང་པོ་རྒྱལ་བསེན་གསོན་འདྲེ་གཤིན་འདྲེ་ཐམས་ཅད་མཱ་ར་ཡ་སྟམྦྷ་ཡ་ནན། དོང་གི་ཁ་མི་མངོན་པར་བཀབ་ལ། ཧཱུྃ སྟོང་གསུམ་སྟོང་གི་འཇིག་རྟེན་ན། སོགས། འཕྲིན་ལས་བཞིན་དུ་བྲོ་བརྡུང་ངོ་། །ཡ་ཐེམ་ཕྱིར་ནི་གཤིན་རྗེའི་གཟུགས། ཁ་ཕྱིར་བསྟན་པའི་མདུན་དུ། །མཆོད་དང་གཏོར་མ་བཤམས་ནས་སུ། བསང་སྦྱངས་བྱས་ལ། །ཧཱུྃ ཕོ་བྲང་ཐོད་པ་ལྕགས་མཁར་ཧཱུྃ་ཡིག་ལས། །གཤིན་རྗེའི་རྒྱལ་པོ་མཐིང་ནག་མ་ཧེའི་གདོང་། །དུར་ཁྲོད་ཆས་བརྒྱན་ཐོད་དབྱུག་འཁོར་ལོ་བསྐོར། །དྲེགས་པའི་སྡེ་ལ་དབང་བསྒྱུར་མ་ཧེ་བརྫིས། །ཨོཾ་ཨཱཿཧཱུྃ། ཡ་མ་རཱ་ཙ་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་དང་། ཨོཾ་ཨཱཿཧཱུྃ་ཡ་མ་རཱ་ཛ་བ་ལིངྟ་ཁཱ་ཧི། ཞེས་པས། ཉེར་མཆོད་གཏོར་མ་ཕུལ་ནས་སུ། །ཧཱུྃ སྲིད་པའི་ལྷ་སྲིན་འབྱུང་པོ་ཀུན། །ཁྱེད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །ས་འདི་ཡན་ལ་བགེགས་མ་བཏང་། །ཡ་མ་རཱ་ཙ་ས་མ་ཡ་ཏིཥྛ་ལྷན། ནང་ལོག་བདུད་རྩི་འཁྱིལ་བའི་གཟུགས། ཞལ་ནང་དུ་བསྟན་པའི་མདུན་དུ་མཆོད་པ་དང་གཏོར་མ་བཤམས་ནས། བསང་སྦྱངས་བྱས་ལ། །ཧཱུྃ ལས་ཀྱི་ཁྲོ་བོ་སྐུ་མདོག་ལྗང་། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིས། །རྒྱ་གྲམ་དྲིལ་བུ་འཛིན་མཛད་པ། །གཡོན་བརྐྱང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། །ཨོཾ་ཨཱཿཧཱུྃ་བཛྭ་ཨ་མྲྀཏ་ཀུཎྜྻ་ལི་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་དང་། ཨོཾ་ཨཱཿཧཱུྃ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་བ་ལིངྟ་ཁཱ་ཧི། ཞེས་པས། མཆོད་དང་གཏོར་མ་ཕུལ་ནས་སུ། །ཧཱུྃ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་བསྟན་པ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། ཏིཥྛ་བཛྭ། ཁྲོ་བོ་བདུད་རྩི་འཁྱིལ་བས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །འདོད་པའི་དོན་གསོལ་ནང་ལོག་ནས། །སྟེགས་བུ་ཁྱབ་པ་རུ་དྲའི་གཟུགས། །གདོང་གསུམ་ལག་དྲུག་རྐང་བཞི་བྲིས། །བདེན་སྟོབས་ཕོ་ཉ་བསྐུལ་དང་དགུག ཞེས་པས་སློབ་དཔོན་འཇམ་དཔལ་གཤིན་རྗེའི་ང་རྒྱལ་དང་བཅས། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ ཁྲོ་བོའི་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ལྷ་ཚོགས་རྣམས་ཀྱི་བཀའྎ བདེན་པ་ཆེན་པོ་འདི་ཡི་བྱིན་གྱིས་བརླབས་ཀྱིས། རྣམ་པ་མ་ཏྲཾ་རུ་ཏྲ་ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་རྟེན་མ་ཏྲཾ་གི་གཟུགས་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག །ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག །ལྕགས་སྒྲོག་ཅན་རྣམས་ཀྱིས་སྡོམས་ཤིག །དྲིལ་བུ་ཅན་རྣམས་གྱིས་མྱོས་ཤིག །ལན་གསུམ་བྱས་ནས་ཕོ་ཉ་བསྐུལ་བ་ནི། ཧཱུྃ ཆོས་ཀྱི་དབྱིངས་ནས་འཇམ་དཔལ་ཧེ་རུ་ཀ །སོགས་དང་དགུག་པ་ེ་རིང་ཤམ་བུ་འདི། །མ་ཏྲཾ་རུ་ཏྲ་ཨ་ཀརྵ་ཡ་ཛཿ མ་ཏྲཾ་དྲ་ཨཱ་ཡུརྫྙཱ་ན་ཨཱ་ཀརྵ་ཡ་ཛཿ མ་ཏྲཾ་རུ་དྲ་ཏྲི་ཡཾ་ནི་ཨཱ་ཀརྵ་ཡ་ཛཿ མ་ཏྲཾ་རུ་དྲ་རཱུ་པ་སྐནྡྷ་ཨཱ་ཀརྵ་ཡ་ཛཿཛཿ པྲ་ཝེ་ཤ་ཡ་ཕཊ། ཅེས་བརྗོད། །ཧཱུྃ མ་ཏྲཾ་ཞེས་བརྗོད་རུ་དྲ་ཁྱོད། །ཐུབ་དཀའི་དྲུང་དུ་དམ་ལོག་བྱས། །སྔོན་ཡང་སྒྲུབ་ལ་བར་དུ་བཅད། །དངོས་གྲུབ་ཀུན་ལ་རབ་ཏུ་བསྒྲིབས། །དེ་ཚེ་འཇམ་དཔལ་གཤིན་རྗེ་ཡིས། །ཐུགས་རྗེ་ཐབས་ཀྱིས་བཟུང་ནས་སུ། །མ་འགགས་རོལ་པའི་ཐོ་བས་བཅོམ། །བསྒྲལ་ནས་དུར་ཁྲོད་རྒྱན་དུ་བྱས། །ཁུངས་དང་རྩད་བཅད་བདག་ལས་ཕྱུང་། །བདག་ཏུ་འཛིན་པའི་རུ་དྲ་འདི། །བདག་མེད་སྤྲོས་བྲལ་དབྱིངས་སུ་བསྒྲལ། །དེ་རིང་རྒྱལ་བའི་རྗེས་སུ་འཇུག །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། མ་ཏྲཾ་རུ་དྲ་ཛཿ ཨཱ་ཀརྵ་རུ་དྲ་ཛཿ ཁ་ཏྲཾ་ཀ་རུ་དྲ་ཛཿ རུ་དྲ་ཁ་ཏྲ་མཱ་ར་ཡ་རྦད། ཅེས་བརྗོད་པས་བསྒྲལ་ནས། ཁོག་པ་གཞལ་ཡས་ཁང་ཡན་ལག །དུར་ཁྲོད་བསམས་ནས་ཐིག་གི་རྒྱུ། །རྒྱུ་མའི་ནང་ཤུན་་་་་་ནམ་དར་སྐུད་ལྔ། །གང་རུང་བྷནྡྷར་བདུད་རྩིས་བྲན། །ཟིལ་གནོན་ཡབ་ཡུམ་སྦྱོར་མཚམས་ཀྱི། །སེམས་བསྟིམ་ཡེ་ཤེས་ལྔ་རུ་བསམ། སློབ་དཔོན་ནུབ་དང་ཐིག་གཡོག་པ་ཤར་དུ་འཁོད་དེ། སློབ་དཔོན་བདག་ཉིད་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས། སློབ་མ་ལ་ཕོག །སྡིག་སྒྲིབ་དང་རྣམ་སྨིན་གྱི་ལུས་བསྲེག་སྦྱངས། ཡུམ་པེ་ཏ་ལིའི་སྐུར་གྱུར་པའི་ཡབ་ཀྱི་གནས་ལྔར་རྣམ་སྣང་སོགས་རིགས་ཀྱི་ཡབ་ལྔ་དང་། ཡུམ་གྱི་གནས་ལྔར་སྤྱན་མ་སོགས་རིགས་ཀྱི་ཡུམ་ལྔ་གསལ་བའི་ཡབ་ཡུམ་རྣམས་གཉིས་མེད་མཉམ་སྦྱོར་གྱིས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་དཀར་དམར་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་སྦྱོར་མཚམས་སུ་ལྷུང་བ་སྲད་བུ་ལ་ཐིམ་པས་ཡེ་ཤེས་ལྔ་ཡི་རང་བཞིན་དུ་གྱུར་པར་བསམ་ལ། །ཡེ་ཐིག་བླ་མ་ཡབ་གསལ་བས། །ཐུགས་ནས་ཡེ་ཤེས་ལྔ་ཡི་སྐུད། །འཇའ་ཚོན་འདྲར་འཐོན་གཟུངས་མ་ནི། །ཡུམ་གསལ་བྷ་གར་ཐིམ་ནས་སླར། །ཐུགས་ལས་ཐོན་བསམ་ཐིག་བསྐོར་བས། ཞེས་པ། སློབ་དཔོན་ཟིལ་གནོན་གྱི་སྐུར་གསལ་བའི་ཐུགས་ཡེ་ཤེས་ལྔ་ཡི་བདག་ཉིད། རྣམ་པ་ཡེ་ཤེས་ཀྱི་ཐིག་སྐུད་འཇའ་ཚོན་སྣ་ལྔའི་སྐུད་པ་ལྟ་བུར་ཐུགས་ཀ་ནས་ཐོན་ཏེ་ཡུམ་གྱི་བྷ་ག་ནས་ཞུགས་པ་སླར་ཡང་དེ་ཉིད་ཀྱི་ཐུགས་ཀ་ནས་ཚུར་ཐོན། ཕྱོགས་བཅུའི་ཞིང་གི་རྒྱལ་སྲས་ཞི་ཁྲོ་རབ་འབྱམས་མ་ལུས་པའི་ཐུགས་བདེ་བ་ཆེན་པོ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་ཀུན་ཀྱང་འོད་ཟེར་སྣ་ལྔའི་ཚུལ་དུ་དེ་ཉིད་ལ་ཐིམ་པར་གྱུར་བསམ་ནས་ཐིག་སྐུད་ནམ་མཁར་འཐེན་ཏེ། ཧཱུྃ སྟོང་གསུམ་དམིགས་བཅས་ཡུམ་གྱི་གཞལ་ཡས་སུ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས། །ཐབས་དང་ཤེས་རབ་གཉིས་མེད་བྱང་ཆུབ་སེམས། །རབ་འབྱམས་རྒྱལ་བའི་དལ་ནི་མཁའ་ལ་གསལ། །ཨོཾ་ཛྙྱཱ་ན་མཎྜྻ་ལ་མཱ་ཏི་ཀྲ་མ་ཧཱུྃ། ཚངས་ཐིག་བརྒྱད་དང་ལོགས་ཐིག་མཁར། །ནམ་མཁའ་ཐམས་ཅད་གཞལ་ཡས་ཁང་། །རྒྱལ་རྣམས་ཟིལ་གནོན་ལྷ་ཚོགས་བསམ། ཚངས་ཐིག་སོགས་ཐིག་རེ་གདབ་པ་དང་བསྟུན་གོང་གི་སྔགས་དེ་ཉིད་ཚར་རེ་བརྗོད། དེ་ནས་དམ་ཚིག་གི་ཐིག་དཀྱིལ་འཁོར་གྱི་གཞི་ལ་ཇི་ལྟར་འདེབས་པའི་ཚུལ་ནི། །ཡེ་ཤེས་ཐིག་ཟེར་དམ་ཚིག་ཐིག །ཐིག་ཆེན་བརྒྱད་བཏབ་རན་གྲུ་བཞི། །ཚངས་གཉིས་རྒྱབ་མདུན་བརྒྱད་བརྒྱད་གསིལ། །དེ་འདྲ་ཆ་གཅིག་ཀུན་ལ་བསྣན། །དང་པོ་ཕྱེད་བཏབ་ཕྱི་མ་གཤག །གཉིས་བཞི་དྲུག་པའི་མཐའ་གཉིས་གསིལ། །བདུན་པ་དང་པོ་བརྒྱད་གཉིས་བཞིན། །དགུ་ཕྱེད་དབུས་ནས་ཆ་གསུམ་བཞི། །བསྐོར་ཞིང་གཉིས་ཀར་ཕྲན་བཟས་ཡང་། །ཕྱི་ཆ་བཞི་གསིལ་གྲུ་གསུམ་བགོད། །ཟླུམ་ནང་གྲུ་གསུམ་ལྟེ་གླིང་དགུ། །གྲུ་གསུམ་བསྣོལ་རྩེ་བར་གཤགས་རྩིབས། །དྲུག་ཐལ་མུ་རན་ནང་བཅུར་བགོ །མདའ་ཡབ་སྒོ་འཛོམ་དྲུག་བསྐོར་གཉིས། །བསྐྱེད་ཅིང་དེ་སྟེང་གཅིག་ཕྱིན་རྭ། །གསུམ་དབུས་གཉིས་བསྐོར་འོག་ནས་རེ། །གླང་རྒྱབ་དགུ་ཕྱེད་བུམ་བྲེ་ཡན། །གཅིག་གཉིས་གསུམ་གཅིག་གསུམ་ཟླུམ་བསྐོར། །རྩིབས་སྟེང་གྲུ་དང་འོབས་དག་གི །ཕྱོགས་མཚམས་མུ་རན་ལ་དྲུག་ཅུ། །གྲུ་གསུམ་པ་སྟེ་ཚོན་ལྔར་ཧཱུྃ། །ཁྲག་འཐུང་ལྔར་བསམ་ཡེ་ཤེས་བསྟིམ། །འོད་ཞུ་རིན་ཆེན་ཕྱེ་མར་སོང་། ཚོན་ལྔ་སྣོད་སོ་སོར་བླུག་པ་ལ་ཧཱུྃ་ཁ་དོག་ལྔ་བྲིས་པ་ཕྱོགས་བཞི་དབུས་ལྔར་བཀོད། ཉེར་སྤྱོད་ཀྱིས་བསྐོར། བསངས་སྦྱངས། ཚོན་རྣམས་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཁ་དོག་ལྔ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བསྟིམ་ཞིང་། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། སོགས་ཀྱིས་མཆོད། མི་རྟོག་རྡོ་རྗེ་སོགས་ཀྱི་ཚིག་ཐ་མ། ཁྲག་འཐུང་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ལ། ལྷ་རྣམས་འོད་དུ་ཞུ་བ་རིན་པོ་ཆེའི་ཕྱེ་མའི་རྣམ་པར་གྱུར་པར་བསམ། །ལག་གཡས་རྡོ་རྗེ་རྩེ་ལྔ་པའི། །མཐེབ་མཛུབ་ཐབས་ཤེས་ཤེས་པས་བྲི། །གླིང་ནང་ལྗང་ལ་གྲུ་གསུམ་མཐིང་། །ཟླ་གམ་དམར་ལ་འཁོར་ལོ་སྔོ། །རྩིབས་མཆན་དམར་པོ་གྲུ་ཆད་མཐིང་། །ཁྱམས་ནི་ཕྱོགས་མདོག་རྩིག་པར་ལྔ། །ནང་དུ་ཐོད་པ་ལྕགས་ཚོན་གཅིག །སྣམ་བུ་དམར་པོ་བ་གམ་སེར། །མུན་པ་ནག་ལ་ཤར་བུ་སྔོ། །མདའ་དཀར་ཁྱམས་དམར་ཕྱི་ནང་གི །མུ་ཁྱུད་ཐམས་ཅད་ལྕགས་ཁ་ལ། །ཐོད་པའི་རི་མོས་མཛེས་པར་བསྐོར། །ཀ་བ་ཕྱོགས་མདོག་རྒྱན་རྟ་བབས། །ཅི་མཛེས་དག་ཏུ་བྱ་བ་ཡིན། །སྟ་གོན་གཉིས་པ་རྟེན་དང་རྒྱན། །དབང་དང་མཆོད་པའི་རྫས་བཤམ་པ། །རྒྱལ་བྲམ་རྗེ་དམངས་ཐོད་ཚལ་ལ། །གཙོ་རྩ་གྱད་སྤྲུལ་ལས་གཤིན་གཟུགས། ཕོ་མོའི་ཐོད་པར་ཟིལ་གནོན་ཡབ་ཡུམ་གྱི་སྐུ་མན་ངག་དང་ལྡན་པའི་ཕྱག་ལེན་བཞིན་བྲིས་པ་ཁ་སྦྱར་དང་། རྩ་བའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱ་ིབྱང་བུ་སོགས་རྟེན་རྣམས་ཚད་ལྡན་དུ་བཅས་པ་ལ། །འཛ྄བ་བྱང་ཕྱག་རྒྱ་རབ་གནས་བྱས། །ཧཱུྃ ལོངས་སྤྱོད་གྲུབ་པའི་རྫས་མཆོག་དམ་པ་འདི། །འཁོར་བ་མ་སྤངས་ལྷུན་གྱིས་གྲུབ་པའི་ཕྱིར། །བཀའ་གསང་བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ། །དུར་ཁྲོད་རྫས་ཀྱི་ལོངས་སྤྱོད་བཀྲམ་པར་བགྱི། །ཞེས་བརྗོད་བྱང་བུ་གཉིས་བཏགས་པའི། །མདའ་ཕུར་དབུས་བཞག་ཕྱོགས་སུ་ཕུར། །མཚམས་མདའ་ཟླ་གམ་རལ་གྲི་དང་། །རྩིག་གྲུར་སེང་ལྡེང་བེ་ཅོན་ཏེ། །འོབས་ཁང་སོ་གཉིས་ཁྲམ་ཤིང་དང་། །སྒོ་ཕུར་མུ་རན་རྩངས་དམར་རོ།དཀྱིལ་འཁོར་གྱི་སྟེང་ལྡིང་ཁྲིའི་དབུས་སུ་ཐོད་སྐུ་ཁ་སྦྱོར་དང་། གཙོ་བོའི་ཕྱག་མཚན་དང་སྔགས་བྱང་གི་བྱང་བུ་གཉིས་བཏགས་པའི་མདའ་དང་ཕུར་བུ་ཁྲག་ཆེན་གྱིས་བྱུགས་པ་བཞག །ཕྱག་རྡོར་སོགས་རྩ་ལྷ་བཞིའི་གནས་ཕྱོགས་བཞིར་བྱང་བུ་བཏགས་པའི་ཕུར་བུ་བཞི། མཚམས་བཞིར་གྱད་གནོན་གྱི་བྱང་བུ་བཅས་པའི་མདའ། ཟླ་གམ་གསུམ་ལ་ལས་གཤིན་གྱི་བྱང་བུ་བཏགས་པའི་མི་བསད་ཀྱི་རལ་གྲི་རེ་རྣམས་དང་། རྩིབས་བཅུ་གཉིས་ཀྱི་ལོ་གཤེད་དང་གྲུ་ཆད་ཀྱི་ཟླ་གཤེད་རྣམས་ལ་སོ་སོར་སེང་ལྡེང་གི་བེ་ཅོན་རེ། འོབས་ཁང་སོ་གཉིས་ཞག་གཤེད་ཀྱི་གནས་སུ་ཁྲམ་ཤིང་སོ་གཉིས། སྒོ་བཞིའི་ཁྲོ་རྒྱལ་བཞིའི་གནས་སུ་ཕུར་བུ་བཞི་དང་། མུ་རན་ལ་རྩང་དམར་དྲུག་ཅུ། དེའི་ཕྱིར་སྔར་གྱི་ཁྲོ་བཅུའི་ཕུར་པ་རྣམས་དགོད་པར་བྱ། །ཞིང་ཆེན་བླ་བྲེ་ཞིང་སོགས་ཀྱི། །རྒྱལ་མཚན་སྣ་ཚོགས་གོ་རྨོག་དང་། །མཚོན་ཆ་རྒྱུ་མའི་དྲྭ་བ་ལ། །ནང་ཁྲོལ་ཀུན་གྱི་དྲྭ་ཕྱེད་ཅན། །མདའ་དར་ལྷབ་ལྷུབ་ཕྱེ་ཕུར་སོགས། །རྔམ་ཞིང་ཞུད་པའི་སྤྱན་གཟིགས་སྦྲེལ། དེ་ནས་དབང་རྫས་དགྲམ་པ་ནི། །མིག་དར་མེ་ཏོག་འཕྲེང་བ་དང་། །མཎྜྻལ་ལྷ་ཙཀ་ཕྱག་མཚན་དང་། །དབུ་རྒྱན་དར་དཔྱངས་རྡོ་རྗེ་དྲིལ། །བུམ་པའི་དབང་རྫས་ཤར་དུའོ། །བདུད་རྩི་ལྔ་དང་སྒྲོན་མ་ལྔ།་་་་་དངོས་སམ་ཟན་ལ་གཟུགས་བརྙན་བཅོས་པ། །བྷནྡྷའི་ནང་དུ་བཤམས་པ་དང་། །དཔལ་གྱི་ཆས་བརྒྱད་བཀྲ་ཤིས་བུམ།་་་་་ཐབས་ཤེས་ཉི་ཟླ་གའུ་ཁ་སྦྱོར་གྱི་ཚེ་གལ། །འབྲང་རྒྱས་ཤ་ཟས་ཚེ་དབང་གི །རཀྟ་གཏོར་མ་་་་་་ལྕགས་མཁར་མར་གྲགས་པ་ཆོས་འབྱུང་བསྣོལ་མའི་གདན་ཅན་འཁོར་གསུམ་དང་བཅས་པའོ་ཚོགས་འཁོར་ལོ། གསང་བའི་དབང་རྫས་ལྷོ་རུའོ། །རིགས་ལྔ་ལས་བྱུང་རིག་མ་ནི། །བཅུ་གཅིག་མ་ནས་ཉེར་ལྔའི་བར། །གསུམ་པའི་རྫས་ནུབ་བམ་ནི་བྱང་། དཀྱིལ་འཁོར་གྱི་མདུན་དུ་གཏོར་མ་དབུས་ལ་སྨན་ནི་གཡས། །རཀྟ་གཡོན་དུ་མཆོད་པའི་རྫས། །ཇི་སྙེད་པ་དང་རོལ་མོ་བཤམ། བྱང་དུ་བཟློག་པའི་གཏོར་ཆེན་ནི་རུ་སྦལ་ཁོག་གམ་སླ་ངའི་ནང་། །འབྲུ་ནག་ཁྲག་སྦྲུས་བང་རིམ་ལྔ། །སྟེང་དུ་བཤོས་བུ་ཟུར་གསུམ་པ། །སེང་ཅན་ཞལ་བཏོད་བང་རིམ་ལ། །ལྷ་གྲངས་མཉམས་པའི་བཤོས་ཟུར་གསུམ། །གནམ་ས་ཆུ་ལ་རྒྱུ་དགུའི་གཟུགས། །ངར་གླུད་ཁྲམ་བྱང་རྩངས་ཡུངས་ཀར། །རྒྱུ་དྲྭ་སྙིང་ཤ་མར་གྱིས་བརྒྱན། །དཔལ་གྱི་གཏོར་མ་ཆེན་པོར་བཤད། །བཟློག་བསད་མ་ཏྲཾ་གཟུགས་སུ་བྱ།་་་་་གང་ལ་བཟློག་གསད་བྱ་བའི་ཡུལ་ཉའུ་དང་དཀར་བྱང་། །གདུག་པ་ས་ཡི་བྲུབ་ཁུང་དང་། །གདབ་པའི་ཐུན་དང་ཉའུ་ནི། དཀར་བྱང་དམར་བྱང་གང་ཡིན་ཀྱང་འདྲ་སྟེ་གོ་རིམ་མ་ནོར་བར་བྱ་དགོས་པ་སྟེ་ལྟེ་མགོ་ཡན་ལག་བྱ་རིམ་བཞིན། །སྲིད་དང་རྣམ་ཤེས་སྲོག་ཆགས་སམ། །སྙིང་གར་ནྲྀ་བྲིས་དངོས་འདྲ་བ། །ཆེ་གེ་མོ་རཀྵ་ཛཿཛཿ་་་་་དམིགས་རྟེན་ལ་ཁྲག་ཆགས་པར་བསམ། དེ་བཞིན་དུ། རཾ་རཀྵ་ཛཿཛཿ་་་་་དྲོད་ མཱཾ་རཀྵ་་་་་་དབུགས། ཛཿཛཿ ཤ་རཀྵ་ཛཿ་་་་་ཤ། ཛཿ ཀེཾ་རཀྵ་་་་་་རུས། ཛཿཛཿ ཙིཏྟ་་་་་་སེམས་རཀྵ་ཛཿཛཿ ཏི་ར་རཀྵ་ཛཿཛཿ དེ་ལ་ཁྲག་དྲོད་དབུགས་ཤ་རུས། །སེམས་ཆགས་དགྲ་བོ་དངོས་སུ་བསམ། །ཤར་མཆོད་་་་་་སྨན་རཀ་བར་གྱི་མཆོད་གཏོར་ལྷོར་བཤགས་་་་་་གཏོར་ནུབ་ཏུ་བསྐང་་་་་་གཏོར། །བྱང་བཟློག་་་་་ཐུན་གཏོར་མཚམས་སུ་ཉའུ་བསྒྲལ་་་་་བསྒྲལ་ཆས། ༈ དེ་ནས་བུམ་པ་སྟ་གོན་ནི། རྒྱུ་བཅའ་ལྷ་བསྐྱེད་སྤྱན་དྲངས་བསྟིམ། །ཕྱག་མཆོད་བསྟོད་པ་འཛ྄བ་ཀྱི་ལས། །གསེར་དང་དངུལ་སོགས་རིན་ཆེན་བུམ། ལྷ་ཡི་གྲངས་སམ་གཉིས་ཀྱི་ཡང་། །རྣམ་པར་རྒྱལ་བར་ལྷ་ཀུན་ཏེ། །ལས་བུམ་བདུད་རྩི་འཁྱིལ་བའོ། །མཚན་ལྡན་ལེགས་བཀྲུས་སྤོས་ཀྱིས་བདུགས། །ཨོཾ་་་་་སློབ་མ་ཇི་སྙེད་པའི་བྱང་མགུལ་བཏགས་མགུལ་ཁ་བརྒྱན། ལྔ་ཚན་ལྔ་དང་ཆུ་ཡིས་དགང་། །རྡོ་རྗེ་གཟུངས་ཐག་བཏགས་ལ་བཀོད། །བྱང་ཤར་མཚམས་སུ་སྟེགས་བཅས་བཞག །གུ་གུལ་གྱིས་བདུག་ཡུངས་བས་བྲབས། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མུཾ་མཐིང་ནག །འོད་འཕྲོས་དོན་གཉིས་བྱས་འདུས་ཐིམ། །ཏྲི་ཤཱུ་ལར་གྱུར་ཨོཾ་ཨཱཿཧཱུྃ། པེ་ཏ་ལི་རཀྵ་ས་མསྟ་ཧཱུྃ། །སྦྱོར་བའི་ཡུམ་གྱུར་བྷ་གར་བྷྲཱུཾ། །ཡོངས་སུ་གྱུར་པས་ཕྱི་བུམ་པ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཆུ་དང་འོ་མ་ལྷ་ཡི་གདན། །རྫས་ནི་ཨ་ཀྲོ་ཏེ་ཀས་ཏེ། ཞེས་པ། རྫས་ཡུངས་དཀར་ལ་དམིགས་ནས། བསྐྱེད་སྔགས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧཱུྃ་ཕཊ྄། ཅེས་བརྒྱ་རྩའམ་ཉེར་གཅིག་བཟླས་ལ་བུམ་པར་བླུག་པའི་རྐྱེན་གྱིས། བུམ་པའི་ནང་དུ་སྐད་ཅིག་གིས། བཅོམ་ལྡན་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་སྐུ། སོགས་ནས། བཤན་པ་ཁྲག་སྐྱུགས་དྲེགས་པ་ཀུན་གྱིས་བསྐོར། ཞེས་པའི་བར། མངོན་རྟོགས་འཕྲིན་ལས་བཞིན་དུ་བྱ། །ལས་བུམ་ཁྲོ་བོ་སྐུ་མདོག་ལྗང་། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིས། །རྒྱ་གྲམ་དྲིལ་བུ་འཛིན་མཛད་པ། གཡོན་བརྐྱང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། །ཅེས་ལས་བུམ་སྒོ་བྱང་བཞིན་དུ་བསྐྱེད། །སྤྱན་དྲངས་ནས་གཟུང་འཛ྄བ་ཀྱི་བར། ཧཱུྃ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། ཞེས་པ་ནས། སངས་རྒྱས་བསྟན་སྲུང་མཛད་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་ལས་བྱང་དཀྱུས་ལྟར་དང་། ལས་ལྷའི་བསྟོད་པ། ཧཱུྃ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །དེ་ནས་གསོལ་འདེབས་དང་ཛ྄བ་བྲོ་བྱས་ལ། སློབ་དཔོན་གྱིས་གཟུངས་ཐག་ལ་འཇུས་ཏེ། སྔགས་འཕྲེང་འོད་ཀྱིས་བདེ་གཤེགས་རྣམས། །ཟིལ་གནོན་ཡབ་ཡུམ་རྣམ་པར་བྱོན། །ནམ་མཁའ་གང་བའི་སྦྱོར་མཚམས་རྒྱུན། །རང་གི་སྤྱིར་ཐིམ་སྙིང་ནང་ནས། །འོད་ཀྱི་ཟེར་ཐག་ལ་འཇུས་ཏེ། །བུམ་པའི་ལྷར་ཐིམ་དེ་ཡུམ་གྱི། །བྷ་ག་བརྒྱུད་པས་བུམ་པ་གང་། ཅེས་བསྒོམ་བཞིན་པས། སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། ེ་རིང་བཟླ། གཟུངས་ཐག་ལས་བུམ་ཁར་སྤོས་ལ། །འཁྱིལ་བའི་གསང་བ་ནས་བདུད་རྩི། །རྡོ་རྗེ་ཕྲ་མོའི་རྡུལ་དུ་བྱོན། བུམ་པ་ཡོངས་སུ་གང་བར་གྱུར། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཉེར་གཅིག་ཙམ་བཟླ། །བུམ་ཁེངས་མཐར་ནི་ལྷ་རྣམས་ཀྱང་། །བདུད་རྩིའི་རྣམ་པར་དེ་ལ་ཐིམ། མཐར་ལྷ་རྣམས་ཀྱང་བདུད་རྩིའི་རྣམ་པར་ཞུ་ནས་བུམ་ཆུ་དང་གཉིས་མེད་རོ་གཅིག་ཏུ་གྱུར་པར་མོས། ༈ ལྷ་ཡི་སྟ་གོན་དཀྱིལ་འཁོར་ལ། །དམིགས་པས་མཚམས་བཅད་ནས་གཟུང་སྟེ། །བསྟོད་པའི་བར་ཡིན་དཀྱིལ་འཁོར་ལྷ། །མངོན་སུམ་ལྟ་བུར་བཞུགས་གྱུར་པ། །སྟོབས་ནུས་ཕུན་སུམ་ཚོགས་པར་བསམས། ཞེས་པས། རྡུལ་ཚོན་ནམ་རས་བྲིས་གང་ཡིན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། ཧཱུྃ གཤིན་རྗེ་གཤེད་པོ་ཁྲོས་པའི་མེ། །ཞེས་པ་ནས་བསྟོད་པ་རྫོགས་པའི་བར་དཀྱུས་ལྟར་རོ། ༈ སློབ་མ་སྟ་གོན་ནི། དེ་ནས་ཡོལ་བས་དེར་བཅད་ལ། །ཁྲུས་བསྐྲད་གསོལ་དྲང་ཕྱག་རྒྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །སྒྲིབ་བསལ་བྱིན་རླབས་སོ་ཤིང་དང་། །ཁྱོར་ཆུ་ཀུ་ཤ་བསྲུང་ཆོས་བཤད། །རྨི་ལམ་བརྟག་པ་སློབ་མའི་འོ། །རྡོ་རྗེ་རྒྱལ་པོ་དགོངས་པར་བཞུགས། །རྡོ་རྗེ་ལས་མཁན་ཆས་ཞུགས་ནས། །ཕྱིར་ཕྱིན་སློབ་མ་ཇི་སྙེད་པ། །ཁྲུས་བྱས་བགེགས་གཏོར་བྱིན་བརླབས་བྱིན། །ཧཱུྃ ཡང་གསང་ལྷ་ཞེས་སོགས་བརྗོད་ཅིང་གུ་གུལ་བདུག །ཐུན་བྲབ་མཚམས་བཅད་བཞི་ཀ་བྱ། དེར་རྗེས་སྒོ་བ་ལ། །ཧཱུྃ མི་ཤེས་འཁོར་བར་འཁྱམས་བསྒྲལ་ཏེ། །ཐེག་པ་ཆེན་པོར་འགོད་པའི་ཕྱིར། །དཔའ་བོ་ཆེན་པོ་དཔའ་བྱད་ཅན། །ཡེ་ཤེས་སྒོ་འདི་བདག་ལ་ཕྱེ། །སྒོ་བས་ཕྱེ་ནས་ལས་མཁན་གྱི། །རྡོ་རྗེ་ལ་བཟུང་ཆིག་སྦྲེང་ཁྲིད། །ཧཱུྃ འབྲས་བུ་རྡོ་རྗེ་གསང་བའི་ལམ། །འདི་ནི་ཐེག་ཆེན་བླ་ན་མེད། །གཟུངས་འཕྲེང་རྡོ་རྗེ་འདི་ལ་འཇུས། །ཐར་པའི་ལམ་མཆོག་འདི་ལ་ཤོག །ཡོལ་བའི་རྩར་བཞག་ཕྱག་བྱས་ཏེ། མཎྜྻལ་ཕུལ་ལ། །ཧོ སྟོན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པའི་སྟོབས་ཀྱི་ཚུལ་བསྟན་པའི། །བརཏལ་ཞུགས་དམ་པ་བདག་ལ་སྩོལ། །ལན་གསུམ་གསོལ་བཏབ་བླ་མ་ཡིས། །སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱོད་པས་རྣམ་པར་ཕྱེ་བ་ནི་གསུམ་སྟེ། བདེན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པ་ཡིན་ནོ། །རྒྱུད་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །ཞེས་གསུངས་སོ། །གསང་སྔགས་ཀྱི་སྤྱོད་པ་ཡང་། རྣམ་པ་བཞི་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་དོ། །རྣལ་འབྱོར་བླ་མེད་ལ་ཡང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་དུ་ཡོད་པ་ལས། །འདི་རྫོགས་པ་ཆེན་པོ་ཨ་ཏི་ལྟར་ཉམས་སུ་ལེན་པ་འདི་ལ་ཡང་དམོད་པའི་ལས་རྣམ་པ་གསུམ་ལས་དྲག་སྔགས་གནམ་ཐོག་ཆེན་པོའི་སྦྱོར་བ། དེ་ལ་ཡང་ལས་ཀྱི་མཐའ་ཚེ་བདག་འཆི་བདག་སྲོག་བདག་གསུམ་ལས་འདི་ཚེ་བདག །དེ་ཡང་ལྷུན་གྱིས་གྲུབ་པའི་ཚེ་བདག །ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག །ཕྱག་རྒྱ་གཅིག་པའི་ཚེ་བདག །སྤྲུལ་པའི་ཚེ་བདག །ལས་ཀྱི་ཚེ་བདག་ལྔར་ཡོད་པ་ལས། འདི་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཅེས་བྱ་བ་ཡིན་ནོ། །སྤྲོ་བ་བསྐྱེད་ནས་ཉན་པར་གདམས། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པ། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་ཐུན་མོང་སེམས་བསྐྱེད་ནི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་སོ་ཐུན་མོང་མ་ཡིན་པ། །གསང་བ་མཆོག་གི་དཀྱིལ་འཁོར་ཆེར། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། སོགས་ནས། ཨ་དྲཱ་ཨུ་པ་ད་ཡ་མི། ཞེས་པའི་བར་དང་། །རིགས་ལྔའི་སྡོམ་པ་འདི་ཡིས་བླང་། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བརྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། དེ་ནས་ཨོཾ་ཡ་མཱནྟ་ཀ་ས་མཱ་ཡ་མ་ནུ་པཱ་ལ་ཡ་སོགས། ཡིག་བརྒྱ་ལན་འགས་སློབ་མའི་སྒྲིབ། །སྦྱངས་ནས་ཟིལ་གནོན་དུ་བསྐྱེད་ལ། སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་ཀླུ་འབུམ་གཉན་ཁྲི་སོགས་ེ་རིང་བསྙེན་པའི་མན་ངག་ལྟར། འབར་བའི་ཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པར་གྱུར་ཅེས་པའི་བར་རོ། །གནས་གསུམ་དྲི་ཡི་ཐིག་ལེ་བྱས། །ན་མཿསརྦ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། དེ་བཞིན་ཝཱ་ཀ་ཙིཏྟ་བཅུག སོ་ཤིང་ལས་ཆུས་བསངས། ཨོཾ་ཨཱཿཧཱུྃ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། བདུན་ཕྲག་ཙམ་བཟླས་བྱིན་གྱིས་བརླབ་ལ། །ཚོམ་བུ་ལྔ་པའི་མཎྜྻལ་ཏེ། ཚོམ་བུ་འདི་ཉིད་རྒྱལ་བ་རིགས་ལྔའི་རང་བཞིན་དུ་ཤེས་པས། མེ་ཏོག་འཕྲེང་བཅིངས་སོ་ཤིང་གི །རྩ་བ་སོ་ལ་དྲུད་པས་སུ། །བཛྭ་ཧཱ་ས་ཧ། འདོན་པས་དོར་ལ་དབུས་ཟུག་མཆོག །ཤར་ལྷོ་ནུབ་བྱང་ཞི་རྒྱས་དབང་། །དྲག་པོ་མཚམས་ནི་ཐུན་མོང་བ། །སྟེང་འོག་མཁའ་སྤྱོད་ས་སྤྱོད་གྲུབ། དྲི་བཟང་གི་ཆུ་ལ་སྔགས་ཀྱིས་བསངས། །དེ་ནས་དྲི་ཆུ་ཁྱོར་བར་བླུག །ཨོཾ་སྲཱིཿབི་ཤུདྡྷཿསརྦ་དྷརྨ་སརྦ་པཱ་པཱ་ནི་ཙཱ་ཀྵྼ་བི་ཤྭ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ནཱ་ཡ་ཧཱུྃ། ལན་བདུན་བཟླས་ཏེ་སྦྱིན། །ཧུབ་གསུམ་ལྷག་མ་རྒྱབ་ཏུ་གཏོར། ཀུ་ཤ་བསངས། བཛྭ་ཏི་བཾ། ལན་བདུན་བཟླས་པས་བཟླས་པས་སྔས་དང་སྟན་དུ་བྱིན། །སྐུད་པ་སྔོ་དམར་ལུས་ཚད་པ། །གསུམ་དྲིལ་རྡོ་རྗེའི་མདུད་གསུམ་བརྩེགས། ལས་ཆུས་བསང་། ཨེ་མྱགས་ཡ་བརྔུབས་མུག་ཤག་ཀ་དུན་ཧཱུྃ་ཕཊ྄། ཉེར་གཅིག་བཟླས་པའི་ཕུས་བཏབ་ནས། །ཨེ་མྱགས་སྔགས་བཏབ་སྐྱེས་པའི་གཡོན། །བུད་མེད་གཡས་ལ་དྲི་རྡོ་རྗེས། སླར་ཡང་། །ཨེ་མྱགས་ཡ་བརྔུབས་མུག་ཤག་ཀ་དུན། །ཞེས་བརྗོད་བསྲུངས་ནས་ཆོས་བཤད་པ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །དེ་ནས་རྨི་ལམ་བརྟག་པའི་ཕྱིར། བཞིན་བཟང་དག་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་སྟོན་ལ་དྲེགས་པའི་དཀྱིལ་འཁོར་དུ་དབང་ཞུ་བ་ལ་མོས་གུས་ཆེན་པོས་ཉོལ་ལ་དངོས་གྲུབ་ཀྱི་མཚན་མ་བཟང་ངན་རྨི་ལམ་དུ་རྟོགས་ཤིག །ཅེས་བྱ་དཀྱིལ་འཁོར་ཁང་དེར་ཉལ། །སྟ་གོན་དྲུག་པ་བཾ་ལ་ནི། །བདུག་བསྐྲད་ཁྲུས་བསང་བརྒྱན་སྙིང་ཐག །བསྐོན་བཅུག་མནན་བརླབ་སློབ་མའི་བཞིན། །གུ་གུལ་གྱིས་བདུག་བགེགས་བསྐྲད་ལ། །རྣམ་བུམ་གྱིས་ཁྲུས་ལས་ཀྱིས་བསང་། །གསེར་གཡུ་དར་བརྒྱན་སྙིང་ཐག་ནི།་་་་་སྐུད་པ་དཀར་དམར་གཉིས་བསྒྲིལ་བྱས་པ་ཉིད། །དཀར་དམར་བྱང་སེམས་གཉིས་བསམ་བསྒྲིལ། །ཧཱུྃ ཉོན་ཅིག་ཏི་ར་མཆོག་ཆེན་ཁྱོད། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བདག་གི་ཆས་སུ་གཞུག་པར་བགྱི། །ངན་སོང་གསུམ་དུ་ལྷུང་དོགས་ནས། །སྙིང་ཐག་དཀར་དམར་རྟོད་དུ་མནན། །མཐའ་ཡས་རླུང་གིས་མི་སྤུར་རོ། །ཐུགས་རྗེ་རྒྱུན་གྱི་ཐག་པས་བཏགས། །བཾ་བཏགས་ཕུར་པར་རྟོད་ལ་མནན། ཐག་པའི་སྣེ་མོ་ཕུར་པས་གཏོད་ལ་མནན་ནས་མཆོད་པ་བཤམས་ལ། ཕུར་པ་བསང་སྦྱངས། སྟོང་པའི་ངང་ལས། ཡ་མ་སྨུག་པོ་འཁོར་ལོ་ཙིཏྟ་བསྣམས། །དྲག་ཤུལ་ཆེ་ལ་དཔལ་གྱི་ཆས་བརྒྱད་འཆང་། །གཡོན་བརྐྱང་འབར་བའི་དབུས་ན་བརྗིད་པར་འགྱིངས། །དམ་ཚིག་ཡེ་ཤེས་དབྱེར་མེད་ངོ་བོར་གྱུར། །ཡ་མ་རཱ་ཛ་བཛྭ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུྃ སྨུག་ནག་འཇིག་རྟེན་ཀུན་གྱི་གཤེད། །ལོག་ལྟ་སྦྱོར་བའི་སྟོབས་ཀྱིས་གནོན། །འཁོར་བའི་ཙིཏྟའི་ཕྲེང་བ་བསྣམས། །ཡ་མ་རཱ་ཛར་ཕྱག་འཚལ་བསྟོད། །སུ་པྲ་ཏིཥྛྎ །བརྟན་བཞུགས་བྱ། །ཕུར་པ་སྲས་མཆོག་ཡ་མ་རར། །མངའ་གསོལ་ཉི་ཟླ་གཟའ་སྐར་ཙཀ །ཧཱུྃ ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་སླད་དུ། །ཉི་ཟླ་གཟའ་སྐར་བྲིས་པ་མགོ་ལ་བསྐོན། །ཞེས་བསྐོན་སྙིང་པོ་གསུམ་བྲིས་པ། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྴ་དུན་དུན་ཛ་ཡ་ཧཱུྃ་ཕཊ྄། ཨཱཿཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄། ཧཱུྃ་ཨེ་མྱགས་ཡ་རྔུབས་མུག་ཤཀྐ་དུན་ཧཱུྃ་ཕཊ྄། ཅེས་གསེར་ལ་སོགས་པས་བྲིས་ལ། །ཧཱུྃ མཐུ་རྩལ་བྱིན་རླབས་ཆེན་པོ་འབྱུང་བའི་ཕྱིར། །ཡིག་འབྲུ་སྙིང་པོ་བྲིས་པ་ཞལ་དུ་གཞུག །ཁར་བཅུག་དགྲ་ལིང་འོག་ཏུ་མནན། དགྲ་བགེགས་ཀྱི་ལིངྒ་བྲིས་པར་ལས་གཞུང་བཞིན་འགུག་བསྟིམ་བྱས་ལ། །ཧཱུྃ བདུད་དང་ལོག་འདྲེན་མ་ལུས་ཚར་བཅད་ཕྱིར། །དགྲ་བགེགས་དགུག་བསྟིམ་ལིངྒ་འོག་ཏུ་གཞུག །གནས་གསུམ་དྲི་ཐིག་བྱིན་རླབས་སྔགས། ན་མཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་བཞིན་ཀཱ་ཡའི་ཚབ་ཏུ་ཝཱཀྐ་དང་ཙིཏྟ་བཅུག་པས་བམ་ཆེན་གྱི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བཀོད་ཅིང་། །སྔར་བཞིན་བརྗོད་ནས་འདི་སྐད་བསྒོ། །ཧཱུྃ ཉོན་ཅིག་ཏི་ར་བཾ་ཆེན་ཁྱོད། །བདུད་དང་རྩལ་འགྲན་མ་བྱེད་ཅིག །སྡེ་བརྒྱད་རུ་ཤགས་མ་འགྱེད་ཅིག །བཙན་དང་རུ་འགྲན་མ་བྱེད་ཅིག །དམུ་དང་ཆོ་ལོ་མ་རྩེ་ཅིག །ཧོ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །སོགས། གསོལ་བཏབ་ཡོལ་བའི་ཕྱིར་དྲང་མན། སློབ་མ་ལྷག་གནས་ལ་བྱེད་ཀུན། །བཾ་ལའང་བྱ་བ་ཤེས་པར་བྱ། ༈ །དཀྱིལ་འཁོར་བཞི་སྟེ་རྡུལ་ཚོན་དང་། །ལུས་དང་བྷ་ག་བཾ་ཆེན་པོ།་་་་་དེ་དག་སྟ་གོན་རིམ་བཞིན་བྱ་བའི་ཕྱིར། དང་པོ། །བྲིས་པ་་་་་་རྡུལ་ཚོན་ནམ་རས་བྲིས་ཕྱག་རྒྱར་་་་་་དབང་གསུམ་པའི་རྟེན་བཅས་པ་དང་། །རྡོ་རྗེ་སློབ་དཔོན་མཆོག་གི་སྐུ།་་་་་དཀྱིལ་འཁོར་གསུམ་པོ་ཐུན་མོང་ལ་དམིགས་ནས། ལས་བུམ་གྱི། བདུད་རྩིས་བསངས་ཏེ་མཚམས་བཅད་ནས། །འཛ྄བ་བར་ལྷན་ཅིག་གྱེར་ནས་སུ། །བཟླས་པ་ལུགས་བཞིན་བྱས་པའི་མཐར། །སྐུ་སྔགས་ཕྱག་རྒྱ་བུམ་ཅོད་པན། །རྡོར་དྲིལ་རིགས་ལྔར་བསྒོམས་བྱས་ནས། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་བསྟིམ། བུམ་དབང་གི་རྫས་དེ་དག་ལ་དམིགས་ཏེ། བསང་སྦྱངས། སྟོང་པའི་ངང་ལས་ཟིལ་གནོན་བཛྭ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ་དང་གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྡོ་རྗེ་ཁྲོས་མ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ། ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་དང་གཡོནྎ ཡུམ་ཁྲོས་མ་སངས་རྒྱས་སྤྱན་མ་དངྎ ཟིལ་གནོན་རཏྣ་ཧེ་རུ་ཀ་སེར་ནག་གཡས་ཐོད་དབྱུག་དང་གཡོནྎ ཡུམ་ཁྲོས་མ་མཱ་མ་ཀི་དངྎ ཟིལ་གནོན་པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ་དང་གཡོནྎ ཡུམ་ཁྲོས་མ་ན་བཟའ་དཀར་མོ་དངྎ ཟིལ་གནོན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རལ་གྲི་དང་གཡོནྎ ཡུམ་ཁྲོས་མ་དམ་ཚིག་སྒྲོལ་མ་དངྎ ཡུམ་རྣམས་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ། དེ་ཐམས་ཅད་ཀྱང་དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། གཡོན་བརྐྱང་གིས་པད་ཉི་རུ་དྲའི་སྟེང་དུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། ཁྲོ་བོའི་རྒྱལ་པོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས། ཡེ་ནས་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་རྒྱལ་སྤྱི་གཟུགས་ཡིན་མོད་ཀྱང་། །མ་རྟོགས་སེམས་ཅན་ཐུགས་རྗེས་སྒྲོལ་བའི་ཕྱིར། ཁྲོ་བོ་རོལ་པའི་ནུས་མཐུའི་དབང་བསྐུར་རོ། །ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ་ཨ་བྷི་ཥིཉྩྨ་ཏུ་མཾ། དབང་བསྐུར་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །དམ་ཚིག་བདུད་རྩི་ལ་སོགས་རྫས། གསང་དབང་གི་རྫས། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་ཅིང་། །ཡི་གེ་གསུམ་གྱི་སྦྱོར་བས་སྦྱང་། །སློབ་དཔོན་ཡབ་ཡུམ་ཟིལ་གནོན་བསྐྱེད། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ་སོགས་ཨེ་རིང་བསྙེན་པའི་མན་ངག་གི་བསྐྱེད་ཆོག་ལྟར་གྱི་འབར་བའི་ཕྲེང་བ་འཁྲུགས་པའི་ཀློང་ན་བཞུགས་པར་གྱུར་པའི་སྤྱི་བོར་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་ཡབ་ཡུམ། མགྲིན་པར་ཟིལ་གནོན་པདྨ་ཧེ་རུ་ཀ་ཡབ་ཡུམ། ཐུགས་ཀར་ཟིལ་གནོན་བཛྭ་ཧེ་རུ་ཀ་ཡབ་ཡུམ། ལྟེ་བར་ཟིལ་གནོན་རཏྣ་ཧེ་རུ་ཀ་ཡབ་ཡུམ། གསང་བར་ཟིལ་གནོན་ཀརྨ་ཧེ་རུ་ཀ་ཡབ་ཡུམ། ཐམས་ཅད་ཀྱང་གཡས་པ་རྣམས་ཀྱིས་རང་རིགས་ཀྱི་ཕྱག་མཚན་དང་། གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྣམས་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པར་གྱུར། །ས་མ་ཡ་ཧོཿས་མ་ཡ་ཧྶཾ། བཛྭ་ཨེ་ཨ་ཛ་ལི་ཧཱུྃ། བདེ་བསྐྱེད་སྙོམས་ཞུགས་གནས་ལྔ་ཡི། །ཁྲོ་བོ་ལྔ་ཡང་བདེ་བས་བརྒྱལ། །རྡོ་རྗེའི་དབུས་ནས་སྙིང་ཁའི་བར། །བདེ་བའི་འོད་ཀྱིས་འཕགས་པ་མཆོད། །ཐམས་ཅད་བདེ་ཆེན་བྱང་སེམས་གྱུར། །ཡབ་ཀྱི་ཞལ་ཞུགས་གནས་ལྔའི་ཡང་། །ལྷ་ཞུ་ཡུམ་གྱི་སྦྱོར་མཚམས་ཕབ། །དེ་ལས་ཕྱིར་འཕྲོས་འོད་ལྔ་དང་། །དེ་ཉིད་ཁྲག་འཐུང་རིགས་ལྔ་པོ། །ཡུམ་བཅས་རོལ་བའི་སྦྱོར་མཚམས་ཀྱི། །བདུད་རྩི་དབང་རྫས་རྣམས་ལ་ཐིམ། །དབང་རྫས་བྱང་སེམས་རང་བཞིན་གྱུར། །མདུན་གྱི་རིགས་ལྔའང་དེ་ལ་བསྟིམ། །ལྷག་པར་ཚེ་རྫས་ཟིལ་གནོན་ལྷ། །དམར་པོ་མཉམ་བཞག་ཚེ་བུམ་ཅན། །ཐུགས་ཀར་ནྲྀ་ལ་ཨེ་རིང་གསུམ། །དྲག་བཟླས་འོད་ཀྱིས་སྣོད་བཅུད་བཞུས། །ཚེ་ལྷར་འདུས་པ་ཚེ་ཡི་ལྷས། །ནྲྀྀ་ལ་དབང་བསྐུར་བྷྲཱུཾ་གྱིས་བསྲུང་། །ཧཱུྃ་གིས་རྡོ་རྗེའི་དྲྭ་མིག་བསྡམས། །ེ་ེ་ེ་ཡ་མ་ནྲྀ་བྷྲཱུཾ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཞེས་ཅི་ནུས་བཟླ། དེ་ནས་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་ས། པདྨ་རཀྟའི་ཆོས་འབྱུང་སྟེང་། །མཚན་ལྡན་གཟུངས་མ་་་་་་དངོས་སམ་རིག་ཙཀ་ཁྲུས་བྱས་བདུགས། །དྲི་བཟང་ལུས་དང་བྷ་གར་བྱུག །སྦྱོར་བའི་ཡུམ་དུ་བསྒོམ་དུ་བཅུག །དེ་ཡི་བྷ་ག་གསང་བའི་གནས། །དཀྱིལ་འཁོར་ཆེན་པོ་རྫོགས་པར་བསྐྱེད། །སྤྱན་དྲངས་བཞུགས་གསོལ་ཕྱག་བྱ་མཆོད། །བསྟོད་པའི་བར་དུ་ལེགས་པར་བྱ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཱུཾ་མཐིང་ནག །འོད་འཕྲོས་དོན་གཉིས་བྱས་འདུས་ཐིམ། ཏྲི་ཤཱུ་ལར་གྱུར་ཨོཾ་ཨཱཿཧཱུྃ། པེ་ཏ་ལི་རཀྴ་ས་མསྟ་ཧཱུྃ། རིག་མ་སྦྱོར་ཡུམ་པེ་ཏ་ལི་མཐིང་ནག །སྙིང་བཟུང་ཁྲག་གི་མཚོ་བརྔུབས་གཟིག་ཤམ་ཅན། །སྐུ་ནི་གཏུམ་སྦེག་དུར་ཁྲོད་ཆས་ཀྱིས་བརྒྱན། །རལ་པ་མུན་གཏིབ་རྔམས་པའི་གར་གྱིས་རོལ། །དེ་ཡི་བྷ་གར་བྷྲཱུྃ་ཡིག་ཡོངས་གྱུར་ལས། །ཕྱི་བལྟས་ཀུན་བཟང་རྒྱན་བཀོད་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་སོགས་ནས་བསྟོད་པ་རྫོགས་པའི་བར་ལས་བྱང་གཞུང་བཞིན་བཏང་། །བཤགས་བྱས་སློབ་དཔོན་བདག་འཇུག་་་་་ཚང་བར་བྱ། །བཾ་ལ་ཚེ་དབང་མིན་པའི་དབང་། སློབ་མ་ལ་ཇི་ལྟར་བྱ་བ་བཞིན་རྫོགས་པར་བསྐུར་རྗེས་དེའི་སྙིང་གར། །བདུད་རྩི་འཐོར་ཞིང་ཐིག་ལེ་བཀོད། །དཀྱིལ་འཁོར་ཡོངས་རྫོགས་སྙིང་གར་བསྐྱེད། །ཕུང་ཁམས་སྐྱེ་མཆེད་ལྷ་རུ་བསམ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་གྱི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལྷར་དག་པའི་སྙིང་གར་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་པའི་ཕྱིར། ཧཱུྃ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། སོགས་ལས་བྱང་ལྟར་ལྷར་བསྐེད་ཅིང་། །སྤྱན་དྲངས་བཞུགས་གསོལ་ཕྱག་མཆོད་བསྟོད། །ལྷག་པར་ཨེ་རིང་འཛ྄བ་ཀྱི་དུས། །ནམ་མཁར་དཔའ་བོ་མཁའ་འགྲོ་མ། །ཐམས་ཅད་སྤྲིན་ཕུང་འཁྲིགས་འདྲར་ཚོགས། །དགྱེས་པའི་གར་དང་བཞད་པའི་གླུས། །བཾ་ལ་མེ་ཏོག་ཆར་འབེབས་ཤིང་། །ཤིས་བརྗོད་མངའ་གསོལ་མཛད་པར་བསམ། །དངོས་སུ་རོལ་སྒྲ་སྤོས་དུད་སྦྱར། །དེ་ནས་ཚོགས་བཤམས་ནས་བཟུང་སྟེ། །གདབ་པའི་བར་དུ་བྱ་བ་སྟེ། །དེ་ནས་སློབ་མ་འཇུག་པའི་ཕྱིར། །ཧཱུྃ ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་རྩལ། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ། །མ་ལུས་གནས་པའི་རྒྱལ་པོ་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དབང་དལ་དུ། །བརཏལ་ཞུགས་དྲག་པོའི་སྟོབས་ཀྱིས་བཞུགས་སུ་གསོལ། །བདེ་ཆེན་གསང་བའི་ཕོ་བྲང་དམ་པ་རུ། །རིག་པའི་བརཏལ་ཞུགས་སྟོབས་ཀྱིས་བཞུགས་སུ་གསོལ། །ལན་གསུམ་དཀྱིལ་འཁོར་ལྷ་ལ་གསོལ། ༈ དེ་ནས་དཀྱིལ་འཁོར་སྒྲུབ་པ་དངོས་ལ། །སྒྲུབ་པ་ཆེན་པོ་དག་ལ་ནི། བླ་མ་རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གྱི་དབུས་སུ་འཁོད་པའི་མོས་པས་ཕྱོགས་ཅི་བདེར་བཞུགས། དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ་རྒྱལ་ཐེབས་སོགས་ཕྱོགས་སོ་སོར་འཁོད་ལ། ཉིན་རེ་བཞིན་ཐུན་དྲུག་གམ། བཞིའམ། གཉིས་སུ་དཀྱིལ་འཁོར་བདག་མདུན་བུམ་སོགས་མཐའ་དག་ལ་དམིགས་ཏེ། དཔོན་སློབ་རྣམས་ཆབས་ཅིག་པས་སྐྱབས་སེམས་ནས་བཟུང་ཛ྄བ་གྱི་བར་ཐོག་མར་ལས་བྱང་ཚར་གཅིག་བཏང་། དེ་ནས་བརྩམ་སྟེ་ཉིན་མཚན་ཀུན་ཏུ་སྔགས་རྒྱུན་མ་ཆད་པར་བྱ་སྟེ། །རྡོ་རྗེ་སློབ་དཔོན་འཛ྄བ་ཀྱི་དུས། །རྡོ་རྗེ་རྒྱལ་འཐེབ་པས་འཕྲིན་ལས། །བསྟོད་པའི་བར་ཡང་རྫོགས་པར་བྱ། །སློབ་དཔོན་གྱིས་ནི་སྒྲུབ་རྫས་ཀྱི། །གཟུངས་ཐག་དེར་གཏད་བཤགས་དང་ཚོགས། །རྒྱལ་འཐེབ་པས་ནི་འཛ྄བ་ཉིད་དེ།་་་་་རྒྱལ་ཐེབ་ཀྱིས་ལས་བྱང་འདོན་པའི་དུས་སུ་རྡོ་རྗེ་སློབ་དཔོན་གྱིས་ཛ྄བ་ཁོ་ན་བཟླ། །དེ་བཞིན་རིན་ཆེན་པདྨ་དང་། །ལས་ཀྱི་རྒྱལ་འཐེབ་རིམ་པས་བསྐོར། ཉིན་རེ་བཞིན་དཀྱིལ་འཁོར་གྱི་ལྷོ་ནས་ཚོགས་མཆོད་འབུལཞིང་བཤགས་པ་བྱ། ནུབ་ཏུ་གུ་གུལ་དང་ཤ་ཆེན་གྱི་གསུར་དུད་སྦྱར་ཞིང་། ཞུན་ཆེན་གྱི་མར་མེ་དང་བཅས་པས་བསྐང་བ་དམ་རྫས་བམ་བསྐང་འདོན། ནུབ་རེ་བཞིན་དཀྱིལ་འཁོར་གྱི་བྱང་དུ་བཀོད་པའི་ཐུན་གཏོར་བཟློག་བསྒྱུར་གྱི་ཚིག་འདོན་པ་དང་བཅས་འཕངས། བྱང་ཤར་མཚམས་སུ་ཉའུ་བསྒྲལ་བ་རྣམས་མ་ཆག་པར་བྱའོ། །དེ་ལྟ་བུའི་སྒོ་ནས་སྒྲུབ་པའི་ཡུན་ཚད། །ཟླ་བ་གཅིག་གམ་ལོ་དག་གམ། །གང་འདོད་རྟགས་དང་བསྟུན་ནས་བསྒྲུབ། །ཡང་སྒྲུབ་ཆེན་གྱི་འདྲ་འབག་མོས་སློབ་ཙམ་ལ་ནི། ཞག་ལྔའམ་བདུན་སོགས་ཇི་ཙམ་འདོད་པར་བྱ་བ་ཡང་ངོ་། བདག་འཇུག་ཀྱང་ཉིན་རེ་བཞིན་གྲུབ་ན་ལེགས། མིན་ཀྱང་དབང་བསྐུར་བའི་གོང་དུ་ངེས་པར་དགོས་སོ། །གསུམ་པ་འཇུག་བསྟན་དབབ་དང་སྤྲོད། །འཇུག་པ་ཕྱི་ནང་ཕྱི་ལ་ཡང་། །ཁྲུས་བསྐྲད་གསོལ་དྲང་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །སྟ་གོན་ཇི་བཞིན་འདིར་ཡང་ངོ་། ཞེས་པས་ཁྲུས་ནས་བཟུང་། བྷོ་དྷི་ཙིཏྟ་ཨ་དྲཱ་ཨུ་པ་ད་ཡ་མི། ཞེས་པའི་བར་སྟ་གོན་སྐབས་ལྟར་བྱ། །ནང་འཇུག་གདོང་གཡོགས་མཎྜྻལ་ཕུལ། །གསོལ་དྲང་དྲི་དང་ཁས་བླང་ངོ་། ཨོཾ་ཨཱཿཧཱུྃ། །མིག་དར་བཅིངས་ལ་མཎྜྻལ་ཕུལ། བླ་མ་དང་འཇམ་དཔལ་ཟིལ་གནོན་དབྱེར་མ་མཆིས་པའི་དྲུང་དུ། དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བཞི་རྫོགས་པར་ཞུ་བའི་ཡོན་དུ་ཞེས་སོ། །མོས་གུས་ཆེན་པོས་གསོལ་འདེབས་གསུམ། །ཧཱུྃ ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱི། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་སྩོལ། ལན་གསུམ། །སློབ་དཔོན་གྱིས་ནི་རྡོ་རྗེ་གཏད། །རིམ་བཞིན་ནང་དུ་དྲངས་པའི་དུས། །ཧཱུྃ འཁོར་བའི་སེམས་ཅན་མ་ལུས་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་དེ། །མཐོ་རིས་ཐར་པའི་སྒོ་ཕྱེ་ནས། །བླ་མེད་གནས་སུ་དྲང་བར་བྱ། །ཨོཾ་བཛྭ་ས་མ་ཡ་ཛཿཛཿ དེ་ནས་རྡོ་རྗེ་མགོར་བཞག་ནས། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །གསང་བའི་དམ་ཚིག་བསྲུང་ནུས་སམ། །སྒྲུབ་མཆོག་བརཏལ་ཞུགས་སྤྱོད་ནུས་སམ། །མངོན་སྤྱོད་ལས་རྣམས་བྱེད་ནུས་སམ། །ལན་གསུམ་བར་དྲི་སློབ་མས་ཀྱང་། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཁྱོད་ཀྱི་བཀའ་སྩལ་བདག་རྗེས་བསྒྲུབ། །དམ་ཚིག་སྡོམ་པ་གང་ཡིན་དང་། །གསང་བའི་ལས་ཀུན་སྒྲུབ་པར་འཚལ། །བརཏལ་ཞུགས་ཆེན་པོ་བླ་མེད་པ། །མཐར་ལམ་ཕྱིན་པ་སྤྱོད་པར་འཚལ། །འཕྲིན་ལས་རྣམ་བཞིའི་བྱ་བ་རྣམས། །ཇི་ལྟར་གསུངས་པ་ཉན་པར་འཚལ། །ཞེས་པས་ཁས་བླངས་བྱ་བ་ཡིན། །དགོངས་གསོལ་སྒོ་ཕྱེ་ཕྱག་ལྷ་བསྟན། །སློབ་མའི་རྒྱུད་ནི་བྱིན་བརླབ་པ། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་ལྷར། །ལྷ་དང་རྡོ་རྗེ་སློབ་དཔོན་མཆེད། །ཕྱོགས་མཚམས་ཀུན་ནས་མཁྱེན་པའི་དཔལ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། ལན་གསུམ། །ཞེས་བརྗོད་སྒོ་ཕྱེ་འདི་ཡིས་སོ། །ཧོ ཡེ་ཤེས་རྣམ་པ་ཀུན་ལྡན་ཞིང་། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཡུལ་ལས་འདས་པའི་ཡེ་ཤེས་ཀྱིས། །མཁའ་དབྱིངས་དག་པའི་ཤར་སྒོ་ཕྱེ། །སྒོ་དབྱེ་བའི་ཕྱག་རྒྱ་བྱ། །ཞེས་པས་དཀྱིལ་འཁོར་ཆེན་པོ་ཡི། །ཕྱོགས་ཤར་སྒོ་ནི་ཤག་གིས་བྱེ། །སློབ་མ་དཀྱིལ་འཁོར་ཤར་སྒོར་ཞུགས། །མཉམ་ཉིད་དག་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ལན་གསུམ་གྱིས་ཕྱག་བྱ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ་རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་ཡབ་ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི། ཟ་མའི་གཤིན་རྗེ་བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་ཞལ་མངོན་སུམ་དུ་ཁྲ་སྲམ་མེར་བཞུགས་པ་རྣམས་ལ་མོས་གུས་དུངས་པ་་་་་་བྱས་པས་དཀྱིལ་འཁོར་གྱི་འཁོར་ལོའི་དབང་ཕྱུག་འཇམ་དཔལ་ཟིལ་གནོན་ཆེན་པོའི། གྱིས་ཤིག །ཞེས་བསྟན་བྱིན་བརླབ་འདི་ཡིན་ནོ། །མཛོད་སྤུའི་དབུས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་ཁྱེད་རང་རྣམས་ཀྱི་་་་་་བདག་འཇུག་སྐབས་རང་གི་ཞེས་བསྒྱུར་དགོས་པ་འོག་མ་ཀུན་ལ་ཤེས། སྨིན་མཚམས་སུ་ཞུགས་ལུས་ལ་ཐིམ་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེགས། མགུལ་གྱི་དབུས་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ངག་ལ་ཐིམ། ངག་གི་སྒྲིབ་པ་དག །ཐུགས་ཀའི་དབུས་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས་ཡིད་ལ་ཐིམ། ཡིད་ཀྱི་སྒྲིབ་པ་དག་པར་མོས། དེ་ནས་ལྷོ་སྒོར་ཕྱིན་ནས་སུ། སྔར་བཞིན་སྒོ་ཕྱེ་ཕྱག་བྱས་ལྷ། བྱིན་བརླབ་སྤྲོ་བསྡུ་ནུབ་བྱང་ལའང་། ཧོ ཡེ་ཤེས་རྣམ་པ་སོགས། མཁའ་དབྱིངས་དག་པའི་ལྷོ་སྒོ་དབྱེ། ཞེས་དང་། མཉམ་ཉིད་དག་པའི་སོགས་ལན་གསུམ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་སོགས་ལྷ་ངོ་བསྟན་པ་བྱིན་རླབས་བསྡུ་བ། ཡིད་ཀྱི་སྒྲིབ་པ་དག་པར་གྱུར། བར་སྔ་མ་ལྟར་ཏེ་ཕྱོགས་ལྷག་མ་གཉིས་ལའང་བསྒྲེས་ཤེས་པར་བྱའོ། །དབབ་ལ་དམ་གཉིས་མཎྜྻལ་གསོལ། བསྐྱེད་དགུག་བསྟིམ་སྔགས་མེ་ཏོག་དོར། །བརྟག་དང་ལྷ་བསྟིམ་དག་ཏུ་བཤད། །མནའ་ཆུ་བྱིན་ནས་འདི་སྐད་བརྗོད། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྭ་ཡཀྵ་ཀྲོ་དྷ་ཛ་ཧཱུྃ་ཋ་ཋཿཨི་དནྣ་ར་སྐན། རཀྴ་སོགས་ཀྱི་འཕྲེང་བསྐོན་ལ། །རིགས་ཀྱི་བུ་མཆོག་རྡོ་རྗེ་ཁྱོད། །དེ་རིང་ཕན་ཆད་ང་ཡི་བུ། །ང་ཡིས་བསྒོ་བར་བྱ་བ་དང་། །དམ་ཚིག་ལ་ཡང་གནས་པར་གྱིས། །ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ། །མཎྜྻལ་ཕུལ་ནས་གུས་པས་སུ། །བླ་མ་རྡོ་རྗེ་འཛིན་པ་ཡིས། །ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །ཡེ་ཤེས་ཁྲོ་བོའི་སྤྲིན་ཆེན་པོ། །མ་ལུས་བདག་ལ་དབབ་ཏུ་གསོལ། །བུམ་པའི་མགུལ་གྱི་ཨཱོཾ་བྱང་རྣམས། །སློབ་མའི་མགོར་བཞག་འདི་སྐད་བརྗོད། །དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཐུགས་ཀ་ནས་ཡི་གེ་ཨཱོཾ་རེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་མོས་པ་གྱིས། ཧཱུྃ ཐིག་ལེའི་ངོ་བོ་འཇམ་དཔལ་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ན་རོ་རྡོ་རྗེ་སེམས་དཔའི་སྐུ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཟླ་ཚེས་པདྨ་དབང་གི་སྐུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །འ་ནི་དོན་ཡོད་གྲུབ་པའི་སྐུ། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨ་ནི་སངས་རྒྱས་བདེ་གཤེགས་སྐུ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཡིག་འབྲུ་ལྔ་ཡིས་བྱིན་བརླབས་པས། །སྐུ་ལྔ་ཡེ་ཤེས་ལྡན་པར་ཤོག །ཨཱོཾ་དེ་འོད་དུ་ཞུ་ནས་ཁྱེད་རྣམས་ཀྱི་ལུས་ལ་ཞུགས་པས་ལུས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྒྱུ་དང་རྐྱེན་མེད་པར། ཁྱེད་རང་རྣམས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཅེསསོགས་ཨེ་རིང་ཇི་བཞིན་བརྗོད། །ཐུགས་ཀར་ས་བོན་ཡི་གེ་ཧཱུྃ་མཐིངནག །དེ་ལས་ཛཿཧཱུྃ་བཾ་ཧོཿཞེས་པའི་སྒྲ་དང་བཅས་པའི་འོད་ཟེར་བླ་མའི་ཐུགས་ཀར་ཕོག །བླ་མའི་ཐུགས་ཀ་ནས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། ཆོས་ཀྱི་དབྱིངས་དྲག་པོ་ཨེའི་གཞལ་ཡས་ཁང་ནས་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ་རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་ཡབ་ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི། ཟ་མའི་གཤིན་རྗེ་བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པའི་སྙིང་ཀར་ལྕགས་ཀྱུས་ཛཿ ཞགས་པས་ཧཱུྃ། ལྕགས་སྒྲོག་གིས་བཾ། དྲིལ་བུས་ཧོཿམདུན་གྱི་ནམ་མཁར་ཆར་བབ་པ་བཞིན་དུ་བྱོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱི་མཐར། ཛྙྱཱ་ན་ཨཱ་བེ་ཤ་ཡ་ཨཱཿཞེས་པ་བཏགས་ལ་དྲག་ཏུ་བཟླ། །སྤོས་ཀྱིས་བདུག་ཅིང་རོལ་མོ་བསྒྲག །གར་དང་བརྡ་སྐད་འཕར་སོགས་འབྱུང་། བརྟན་པར་བྱ་བའི་ཕྱིར། ཏིཥྛ་བཛྭ་གྱིས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ནས་དཀྱིལ་འཁོར་དྲུང་ཁྲིད་ལ། མཎྜྻལ་ལ་པདྨ་འདབ་བརྒྱད་སྟེང་ཚོམ་བུ་ལྔའམ་དགུ་བཀོད་པ་དཀྱིལ་འཁོར་ལྷར་མོས་ལ། །ཧཱུྃ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ལས་འཕྲོ་ཡོད་པའི་ལྷ། །གང་ཡིན་མཆོག་ལ་འབབ་པར་ཤོག །ཨེ་ཀ་ཡ་མ་མུ་དྲ་ཏྲཾ་པུཥྤེ་ས་མ་ཡ་པཱུ་ཙ་ཧོཿ གཙོ་བོར་དམིགས་ནས་མེ་ཏོག་དོར། །གཙོ་བོ་མཆོག་ལ་འཁོར་ཐུན་མོང་། ཨེ་ཐུང་བརྗོད་ཅིང་མེ་ཏོག་སླར་སྤྱི་བོར་འཆིང་། །མེ་ཏོག་བླངས་ཏེ་སྤྱི་བོར་བཞག །ཕོག་པའི་ལྷ་དེའི་སྔགས་བརྗོད་ནས། །དེ་ཉིད་ལུས་ལ་ཐིམ་པར་བསྒོམ། །མིག་དབྱེ་གསོལ་དབྱེ་ལྷ་ངོ་སྤྲད། །ཤིན་ཏུ་མ་རིག་མུན་པ་ཡིས། །བདག་ཉིད་ལོང་བར་གྱུར་པ་ལས། །འཇམ་དཔལ་ཐུགས་རྗེ་ཆེན་པོ་ཡིས། །བདག་གི་མིག་འདི་དབྱེ་རུ་གསོལ། །ཨོཾ་བཛྭ་པྲ་བེ་ཤ་ཡ་ཕཊ྄། །གསོལ་བཏབ་མིག་ཐུར་ཐོགས་ནས་སུ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་འཇམ་དཔལ་བདག་གིས་བསལ། །ཙཀྵུ་པྲ་བེ་ཤག །ཅེས་གདོང་གཡོགས་བསལ། །དེ་ནས་ལྷ་ངོ་སྤྲད་པ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །རྩོལ་བའི་སེམས་སྟོབས་ལས་བྱུང་བར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །གཞན་ལ་གསང་བ་མ་སྨྲ་ཞིག །བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་གྱུར་པ་ཉིད། ངོ་བོ་ཆོས་ཉིད་སྤྲོས་པ་དང་བྲལ་བས་ན་ཀ་དག །རང་བཞིན་ནམ་རྣམ་པ་ནི་རང་བྱུང་གི་ཡེ་ཤེས་ལས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པར་རང་ཤར་བས་ལྷུན་གྲུབ། དེ་ཡང་། དོན་བླ་ན་མེད་པའི་ས་ལ་ལྷུན་གྱིས་རྫོགས་པ་དང་། རྟགས་ཀྱི་གདུག་པ་ཅན་བསྒྲལ་བར་བསྟན་པ་དེ། ཡང་དག་པར་ན་དོན་རྟགས་གཉིས་སུ་མེད་པའོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཉིད་སྦྱོར་བ་སྣ་ཚོགས་སུ་མ་འགགས་པར་སྤྱོད་པ་ནི་ཐུགས་རྗེ་སྟེ། སྲིལ་གྱིས་བསྒྲིལ་ན། ཡ་གི་འཇམ་དཔལ་གཤིན་རྗེ་གཤེད་པོ་ནས་མ་གི་དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་ལ་གནས་པའི་འབྱུང་པོའི་བར་རྟེན་དང་བརྟེན་པར་བཅས་པ་གཞི་མ་བཅོས་པ་དེ་ཁོ་ན་ཉིད་ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་མཚན་མའི་གཟུགས་སུ་སྣང་བ་ཀུན་ནི་སྒྱུ་མ་ལྷུན་གྲུབ་ཡེ་ཤེས་ལོངས་སྤྱོད་རྫོགས་པར་གཅིག །ལས་སྣ་ཚོགས་སོ་སོ་ནས་འདུལ་བ་ནི་སྤྲུལ་པའི་སྐུ་རུ་གཅིག་སྟེ། དེ་ལྟར་སྐུ་གསུམ་གྱི་རོལ་པ་རང་རང་གི་དོན་ལ་སྤྱོད་པ་ནི། །ཆོས་ཉིད་ལ་ཆོས་ཉིད་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ། །སྤྲུལ་པ་ལ་སྤྲུལ་པ་རོལ་པ་སྟེ། རྒྱུད་ལས་ཀྱང་། ངོ་བོ་མ་བཅོས་ཆོས་ཀྱི་སྐུ། །ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་དང་མཚན་མར་བཏགས་པ་ཀུན། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། །ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་ལྷུན་གྲུབ་སྤྲུལ་པས་འདུལ། །རོལ་པའི་ཕྱག་རྒྱར་སྣང་བའོ། །ཞེས་པས་ལྷ་ངོ་སྤྲད་པའམ། །རྒྱས་འདོད་ཕྱག་རྒྱ་གསལ་སྒྲོན་བཞིན། །བུམ་དབང་ཕྱི་ལ་གསང་དབང་ནང་། །ཤེར་དབང་གསང་དང་བམ་ཆེན་དབང་། །བླ་མེད་དབང་ལའོ་བུམ་པ་ལ། །བུམ་ཅོད་རྡོར་དྲིལ་མིང་ལྷ་དྲུག །བླ་མ་སྐུ་རྡོ་རྗེ་བདག་ཉིད་ཅན་གྱི་དྲུང་དུ་ལུས་ཀྱི་སྒྲིབ་པ་སྦྱངས་ཤིང་སྐུ་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་བུམ་པའི་དབང་སྐུར་ཞུ་བའི་ཡོན་དུ། །ཕྱག་བྱས་མཎྜྻལ་ཕུལ་ནས་གསོལ། །ཧཱུྃ ཁམས་གསུམ་དབང་དུ་སྡུད་པ་དང་། སྲིད་གསུམ་ཟིལ་གྱིས་གནོན་པ་དང་། སྟོང་གསུམ་ཡུམ་དུ་བསྒྲུབ་པའི་ཕྱིར། །དུས་གསུམ་སངས་རྒྱས་དབང་བསྐུར་སྩོལ། །འཇམ་དཔལ་གསང་བའི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །དཀྱིལ་འཁོར་ལས་མཐའ་བརྟེན་པའི་ཕྱིར། །ཕྱི་ནང་གསང་བའི་དབང་བསྐུར་སྩོལ། །གཤེད་བཞི་སྦྱོར་བ་འཁོར་ལོ་དང་། །བན་དགྲ་གསོད་དང་བསྒྲལ་བ་དང་། །འཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །མཐུ་རྩལ་དབང་བསྐུར་སྩལ་དུ་གསོལ། །ལན་གསུམ། ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། །ཧཱུྃ རིན་ཆེན་དངུལ་གྱི་བུམ་པ་ནི། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང་། །བྱང་ཆུབ་ཆུ་ཡིས་ཁྲུས་བྱས་པས། །ཉོན་མོངས་བག་ཆགས་བྱང་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། ཁྲུས་བྱས་སྡིག་སྒྲིབ་དག་པར་བསམ། །ཁྱེད་རང་རྣམས་་་་་་རང་ཉིད་ཟིལ་གནོན་རཏྣ་ཧེ་རུ་ཀ་སེར་ནག་གཡས་ཐོད་དབྱུག་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་མཱ་མ་ཀི་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། །ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས། རྣམ་རྒྱལ་བུམ་པ་ཐོགས་ལ། ཧཱུྃ ངོ་བོ་མཉམ་ཉིད་ཡེ་ཤེས་ལས། །རང་བཞིན་ཡོན་ཏན་ལྷ་རུ་གསལ། །རྣམ་པ་བུམ་ཆུའི་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་རཏྣ་ཨ་བྷི་ཥིཉྩྨ་མཱཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་ཆུ་དང་བཅས་པའི་དབང་བསྐུར་བས་ང་རྒྱལ་རྣམ་པར་དག་ནས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག ། ༈ ཁྱེད་རང་རྣམས་ཟིལ་གནོན་པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་ན་བཟའ་དཀར་མོ། ཏྲི་ཤཱུ་ལ་སོགས་གོང་ལྟར། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་དར་དཔྱངས་ཀྱི་ཕུར་མ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོགས། ཅོད་པན་ཐོགས་ལ། ཧཱུྃ ངོ་བོ་སོར་རྟོག་ཡེ་ཤེས་ལས། །རང་བཞིན་གསུང་གི་ལྷ་རུ་གསལ། །རྣམ་པ་ཅོད་པན་དབང་བསྐུར་བས། པདྨ་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་པདྨ་ཨ་བྷི་ཥིཉྩྨ་མཱཾ། རིགས་ཀྱི་བུ་ཁྱོད་རྣམས་ལ་ཅོད་པན་དར་དཔྱངས་དང་བཅས་པའི་དབང་བསྐུར་བས་འདོད་ཆགས་རྣམ་པར་དག་ནས་པདྨའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག ༈ ཁྱེད་རང་རྣམས་ཟིལ་གནོན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རལ་གྲི་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་དམ་ཚིག་སྒྲོལ་མ། ཏྲི་ཤཱུ་ལ་དང་སོགས། གཤེགས་མ་རྣམས་ཀྱིས་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར། དྲིལ་བུ་ཐོགས་ལ། ཧཱུྃ ངོ་བོ་བྱ་གྲུབ་ཡེ་ཤེས་ལས། །རང་བཞིན་འཕྲིན་ལས་ལྷ་རུ་གསལ། །རྣམ་པ་དྲིལ་བུའི་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་ཀརྨ་ཨ་བྷི་ཥིཉྩྨ་མཱཾ། རིགས་ཀྱི་བུ་ཁྱོད་རྣམས་ལ་དྲིལ་བུ་སྒྲ་དང་བཅས་པའི་དབང་བསྐུར་བས་ཕྲག་དོག་རྣམ་པར་དག་ནས་ལས་ཀྱི་རིགས་ཀྱི་དབང་དང་ལྡན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །༈ ཁྱེད་རང་རྣམས་ཟིལ་གནོན་བཛྭ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྡོ་རྗེ་ཁྲོས་མ་ནམ་མཁའ་དབྱིངས་ཕྱུག་མ། ཏྲི་ཤཱུ་ལ་དང་སོགས། །གཤེགས་མ་རྣམས་ཀྱིས་རྡོ་རྗེ་གསོར་བ་དང་བཅས་པས་དབང་བསྐུརྎ །རྡོ་རྗེ་ཐོགས་ལ། ཧཱུྃ ངོ་བོ་མེ་ལོང་ཡེ་ཤེས་ལས། །རང་བཞིན་ཐུགས་ཀྱི་ལྷ་རུ་གསལ། །རྣམ་པ་རྡོ་རྗེའི་དབང་བསྐུར་བས། །རྡོ་རྗེའི་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་བཛྭ་ཨ་བྷི་ཥིཉྩྨ་མཱཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་རྡོ་རྗེ་གསོར་བ་དང་བཅས་པའི་དབང་བསྐུར་བས་ཞེ་སྡང་རྣམ་པར་དག་ནས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་གྱུར་ཅིག ༈ ཁྱེད་རང་རྣམས་ཟིལ་གནོན་བུདྡྷ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་སངས་རྒྱས་སྤྱན་མ། ཏྲི་ཤཱུ་ལ་སོགས། གཤེགས་མ་རྣམས་ཀྱིས་མིང་འདི་ཞེས་བྱ་བར་འབོད་པ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་སོགས། རྡོ་རྗེ་དང་བཅས་དྲིལ་བུ་སྤྱི་བོར་དཀྲོལ་ཞིང་། ཧཱུྃ ངོ་བོ་ཆོས་དབྱིངས་ཡེ་ཤེས་ལས། །རང་བཞིན་སྐུ་ཡི་ལྷ་རུ་གསལ། །རྣམ་པ་མིང་གི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག །ཨོཾ་ཨེ་ཀ་ཡ་མ་བུདྡྷ་ཨ་བྷི་ཥིཉྩྨ་མཱཾ། རིགས་ཀྱི་བུ་ཁྱོད་རྣམས་ལ་མིང་འབོད་པ་དང་བཅས་པའི་དབང་བསྐུར་བས་གཏི་མུག་རྣམ་པར་དག་ནས་བདེ་བར་གཤེགས་པའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག །རྡོ་རྗེ་སློབ་དཔོན་དགོངས་པར་བཞུགས། །བུམ་སོགས་རྡོ་རྗེ་རྒྱལ་འཐེབ་པས། །བྲིམ་པར་བྱ་ཞེས་མཁས་པས་བཤད། །སྐྱེས་པ་བུད་མེད་རིམ་པས་ནི། །མིང་ཡང་ཁྲག་འཐུང་ཡབ་ཡུམ་སྟེ། །མེ་ཏོག་གང་བབ་དེ་གདགས་སོ། །རིགས་ཀྱི་བུ་ཁྱོད་རྣམས་ལ་དེ་ལྟར་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྒོ་ནས་ཧེ་རུ་ཀ་ལྔའི་དབང་བསྐུར་བས་ཉོན་མོངས་པ་ལྔ་གནས་སུ་དག །རིག་པ་ཡེ་ཤེས་ལྔའི་དབང་ཐོབ་པས། ཕུང་པོ་ལྔ་ཁྲག་འཐུང་རིགས་ལྔར་གནས་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཡེ་ཤེས་ལྷ་དབང་དག་ལ་ནི། །སྐུ་གསུང་ཐུགས་སུ་ཤེས་པར་བྱ། །གཙོ་བོ་ལུས་དཀྱིལ་བཞིན་དུ་བསྒོམ། ཨོཾ་མ་ཧཱ་ཤུ་ནྱ་ཏྎ ཨཱཿདྷརྨ་སྲི་ཏུ་སྭ་བྷཱ་ཝ་བི་ཤུདྡྷཱོ་ཧཾ། ཧཱུྃ་བཛྭ་ཙིཏྟ་ཧཱུྃ། ཀ་ནས་དག་པ་དེ་བཞིན་ཉིད་ཀྱི་སོགས་ེ་རིང་བསྙེན་པའི་སྐབས་ལྟར་འབར་བའི་ཕྲེང་བ་འཁྲུགས་པའི་ཀློང་ན་བཞུགས་པར་གྱུར་ཞེས་པའི་བར་དང་། གཞན་རྣམས་འདི་བཞིན་བརྗོད་པས་ཏེ། །འབྱུང་བའི་དྭངས་མ་བཞི་གཙོ་བོའི་ལྷ་བཞི། འབྱུང་བའི་སྙིགས་མ་བཞི་གྱད་གནོན་གྱི་ལྷ་བཞི། དུག་གསུམ་ལས་གཤིན་གསུམ། ཉོན་མོངས་པ་བཞི་གསང་བའི་གཤེད་བཞི། རྣམ་ཤེས་བརྒྱད་མོན་པ་བཞི་དང་བདུད་བཞི། སེམས་བྱུང་གི་རྒྱུ་བ་ཞག་དང་ཟ་གཤེད། གནས་སྐབས་བཞིའི་ཐིག་ལེ་སྒོ་བ་བཞི་ལ་སོགས་པ་ལུས་གདོད་མ་ནས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ཕྱིར། ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པར་གྱིས་ཤིག །ཕོ་བྲང་ནང་ན་དཀྱིལ་འཁོར་ལྷ་ཚོགས་ཁྲ་ལམ་མེར་བཞུགས་པ་རྣམས་ལས་རང་འདྲ་བ་རེ་ཆད་དེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་དྲེགས་པ་སྐུའི་དབང་ཐོབ་པའི་མོས་པ་གྱིས་ཤིག །གཙོ་བོའི་ཙཀ་ལི་མགོ་ཐོག་བཞག །འཕྲིན་ལས་བསྟོད་པའི་ཕྱག་འཚལ་ཚབ། དབང་བསྐུར་རོ་ཞེས་སྦྱར་བས་བསྐུར། ཧཱུྃ ཆོས་ཀྱི་དབྱིངས་ནས་གོ་འབྱེད་གཟུགས་ཕུང་དགྲར། །ཕྱག་རྒྱ་ཟིལ་གནོན་མུན་པ་ཆེན་པོའི་སྐུ། །རྔམས་པའི་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །བདེ་གཤེགས་ཁྲོ་བོའི་ཚོགས་རྗེའི་དབང་བསྐུར་རོ། །ཨེ་ཀ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་སྲིཥྚི་ཨ་པ་ཡེ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། ཞེས་པས་སོ། །ཡུམ་དང་རྩ་དང་གྱད་ལས་གཤིན། །གཤེད་དང་མོན་བདུད་ཞག་དང་སྒོ། །ལྷག་མ་ཐམས་ཅད་གཅིག་ཏུ་བྱ། སྟོང་ཉིད་ཡེ་ཤེས་དངོས་འཛིན་མ་མོའི་དགྲར། །སྦྱོར་ཡུམ་སྒྲོལ་ཡུམ་དབྱིངས་ཡུམ་གཏུམ་པའི་གཟུགས། །དུར་ཁྲོད་ཆས་བརྒྱན་ཁམས་གསུམ་དབང་དུ་སྡུད། །གསང་བའི་ཡུམ་ཆེན་རྣམས་ཀྱི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཛ་ཨེ་པཻ་ཏཱ་ལཱི་ཀྲོ་དྷི་ཤྭ་རི་ཧཱུྃ། ཨེ་མ་མ་ཨེ་ཀ་ཛཱ་ཊི་ཧཱུྃ། ཨེ་དེ་མ་ཁ་ལ་བཾ་རིལ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། ཡེ་ཤེས་བཞི་ནི་འབྱུང་བཞི་ཕུང་བཞིའི་དགྲར། །སྲས་མཆོག་ཡ་མ་རཱ་ཛ་ཕྱག་རྡོར་དང་། །རུས་སྦལ་རྔམས་པ་མི་ཟན་གདུག་པའི་ཁྱུང་། །རིགས་བཞིའི་ཁྲོ་རྒྱལ་རྣམས་ཀྱི་དབང་བསྐུར་རོ། །ཨེ་བཛྭ་ཀྲོ་དྷ་རོ་ཥ་ཎ་ཧཱུྃ། ཨེ་ཡ་མ་རཱ་ཛ་ཀྲོ་དྷ་ཧཱུྃ། ཨེ་མ་ཧཱ་བྷི་རུ་ཀ་ཡེ་ཧཱུྃ། ཨེ་ཁྲོཾ་ག་རུ་ཎ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། སྤྲུལ་པ་བཞི་ནི་སྡེ་བརྒྱད་དྲེགས་པའི་དགྲར། །སེངྒེ་སྟག་ཆེན་སྦྲུལ་ནག་ཁྱུང་སྨུག་པོ། །རང་འདྲའི་ཡུམ་བཅས་དྲག་ཤུལ་ཆེན་པོའི་གཟུགས། །གྱད་གནོན་ཡབ་ཡུམ་རྣམས་ཀྱི་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་རཱ་ཛ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། སྐུ་གསུང་ཐུགས་ནི་ཉོན་མོངས་དུག་གི་དགྲར། །འཆི་བདག་སྲོག་བདག་ཚེ་བདག་བདུད་ཀྱི་བདུད། །ཡུམ་བཅས་མི་སྡུག་དགུར་བརྫུ་མཚོན་ཆས་གསོད། །ལས་གཤིན་རྒྱལ་པོ་གསུམ་གྱི་དབང་བསྐུར་རོ། །ཨོཾ་ཡ་མ་དུ་ཤ་ཧཱུྃ། ཨོཾ་ཡ་མ་རཀྴ་ཧཱུྃ། ཨོཾ་ཡ་མ་ཡཀྴ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། ཡེ་ཤེས་རང་མདངས་སྲིད་གསུམ་སྲོག་གི་དགྲར། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཱརྻ་མ་རུ་རལ་པ་ཚར་དགུ་སྟེ། །སྲིན་མོ་ཡུམ་དང་བཅས་པའི་དབང་བསྐུར་རོ། །ཡ་མ་རཱ་ཛ་ས་དོ་མེ་ཡཿ ཡ་མེ་དོ་རུ་ཎ་ཡོ་ད་ཡཿ ཡ་ད་ཡོ་ནི་ར་ཡ་ཀྵེ་ཡཿ ཡཀྵེ་ཡེ་ཙ་ནི་ར་མ་ཡཿཨ་བྷི་ཥིཉྩྨ་མཾ། ཡང་སྤྲུལ་རྣམ་པར་ཤེས་པ་བརྒྱད་ཀྱི་དགྲར། །རྔམས་པའི་མོན་པ་ཕོ་མོ་བཞི་བཞི་དང་། །རབ་འཇིགས་བདུད་བཞི་བདུད་མོ་ནག་མོ་བཞི། །ལོ་གཤེད་ཕོ་མོ་རྣམས་ཀྱི་དབང་བསྐུར་རོ། ཙཎྜྻ་རུ་ཏྲ་མནྟོ་ཛཿ ཡ་མ་མནྟོ་ཛཿ རཀྴ་མནྟོ་ཛཿ ཡཀྴ་མནྟོ་ཛཿ རུ་ཏྲི་རུ་ལུ་ཧ་ཧཱ་ཡ། དུ་རུ་ཡ་མ་སྙིང་དུ་ཡ། དུ་ཏྲ་བྷ་ཏི་རུ་ཤ་ཡ། རུ་ཏྲ་ཡཀྴ་ཏྲིགྣ་ཡ། ཨ་བྷི་ཥིཉྩྨ་མཾ། ཉིང་སྤྲུལ་གླིང་བཞི་འགྲོ་བ་ཡོངས་ཀྱི་དགྲར། །མ་རུངས་ལས་བྱེད་འཆི་བདག་བཅུ་གཉིས་པོ། །ཕུང་བྱེད་སྦས་པའི་མ་མོ་བཞིས་འཁྱུད་པ། །ཟླ་བའི་གཤེད་ཆེན་རྣམས་ཀྱི་དབང་བསྐུར་རོ། །ཨེ་ཡ་མ་རཱ་ཛཿ ཀྲོ་ནེ་ཀྲོ་ནེ། པ་ཀྲ་པ་ཀྲ། ཤཱུ་ལ་ཤཱུ་ལ། དྷ་ཤ་གྲི་བ། ཡཀྴ་གྲི་བ། རུ་ལུ་རུ་ལུ། ཧ་ཧ། ཡ་ཡ། ཨ་བྷི་ཥིཉྩྨ་མཾ། སྤྲུལ་པའི་ཕོ་ཉ་ཉམས་པ་རྣམས་ཀྱི་དགྲར། །བདུད་དང་གཤིན་རྗེ་མ་མོ་གནོད་སྦྱིན་ཚོགས། །གཏུམ་པོ་གཞན་གྱིས་མི་ཐུབ་གྱད་འདྲ་བ། །ཟ་མའི་གཤེད་ཆེན་སོ་གཉིས་དབང་བསྐུར་རོ། །རུ་ཏྲ་ཧ་ལ་ནག་པོ། ཡ་མ་དུ་ན་རཀྴ་ཡ། རུ་རུ་ཙ་པ་ལ། ཁ་ལ་རཀྨོ་ཐུན་བྷྱོ། ཡཀྴ་ཏི་ནན་བཾ་བྷྱོ་ཨ་བྷི་ཥིཉྩྨ་མཾ། །ཆོས་སྐྱོང་ཆེ་རྣམས་བདུད་དང་མུ་སྟེགས་དགྲར། །དཀར་པོ་སྙིང་འབྱིན་ནག་པོ་ཆེན་པོ་དང་། །ཡབ་རྗེ་ནག་པོ་གནོད་སྦྱིན་དམར་པོར་སྤྲུལ། །སྒོ་བ་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་རོ། །ཏྲི་ཙ་པ་ལ་ཨ་ཤུ་མེ་ཡ། མ་ཧཱ་ཀཱ་ལ་ཡ། རུ་དྲ་དུ་རུ་ཡ། རཀྴ་རུ་ལུ་ཧ་ཧ་ཡ། ཨ་བྷི་ཥིཉྩྨ་མཾ། གཞན་ཡང་བཤན་པ་གཏུམ་པོ་འཇིག་རྟེན་དགྲར། །གཤེད་ཆེན་དྲུག་ཅུ་མ་ར་ཁྲག་སྐྱུགས་ཏེ། །དྲེགས་པ་སུམ་ཅུ་བསྟན་མ་མཁའ་འགྲོའི་ཚོགས། །དཔལ་གྱི་འཁོར་ཚོགས་རྣམས་ཀྱི་དབང་བསྐུར་རོ། །ཡ་མ་ཡ་མ། དུ་ན་དུ་ན། ཤཾ་ཤུཾ། གྷྲྀ་ཎ་གྷྲྀ་ཎ། པ་ཙ་པ་ཙ། བེ་ར་བེ་ར། ཧ་ལ་ཧ་ལ། ཧཱུ་ལ་ཡ་ཧཱུ་ལ་ཡ། མ་མ་རུ་རུ། ན་ག་ཧེ་དེ་ཏྲི་ཏ། ནྲྀ་ལ་དུན་བྷྱོ། དུན་བྷྱོ་ཡ། ཨ་བྷི་ཥིཉྩྨ་མཾ། །རྒྱས་འདོད་རེ་རེས་བསྐུར་བ་ཡིན། །དཔྲལ་བར་རྡོ་རྗེའི་དྲི་ཐིག་བྱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨོཾ། སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོས་རྒྱས་བཏབ་པའི་མོས་པ་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དྲེགས་པ་སྐུའི་དབང་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བརྟན་པ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུར་ཁྲོད་ཀྱི་དཀྱིལ་འཁོར། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་ཆེན་པོའི་ལྷ་ཚོགས་སུ་ཤེས་པར་གྱིས་ཤིག །གསུང་གི་དབང་ནི་འདི་ལྟ་བུ། སྔོན་ཆད་བསོད་ནམས་བསགས་པ་ཡིས། །བླ་མེད་ཐེག་མཆོག་འདི་དང་མཇལ། །བདེ་ཆེན་ངང་ནས་སྐུ་བཞེངས་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །འབྲུ་བརྒྱད་སྔགས་ཀྱི་བྲོ་ཆེན་བརྡུང་། །ཞེས་བསྐུལ་ཐམས་ཅད་བརྒྱན་པས་བཞེངས། །དཀྱིལ་འཁོར་མཐའ་ལ་བསྐོར་བཞིན་དུ། །བརྗིད་པ་དཔའ་བོའི་བྲོ་ཆེན་དང་། །དགྱེས་པ་དཔའ་མོའི་གླུ་དབྱངས་བསྟུན། ཨེ་མྱགས་ཡ་བརྔུབས་མུག་ཤཀ་ཀ་དུན། ཞེས་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་ཛ྄བ་བྲོ་བྱ། ཧཱུྃ དང་པོའི་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་དང་འཆི་བ་བྱ་བ་མེད། །འཁོར་བ་ཡེ་ནས་སངས་རྒྱས་ཏེ། ངན་སོང་གསུམ་པོ་ལྟ་བས་བསྒྲལ། །རྣམ་རྟོག་གདོད་ནས་ཆོས་སྐུ་ཡིན། །སྣང་སྲིད་མ་བཅོས་ཕྱག་རྒྱའི་ཞིང་། །ཐམས་ཅད་དྲེགས་པའི་ལྷ་ཚོགས་ལ། །འབྲུ་བརྒྱད་སྔགས་ཀྱི་མཆོད་པ་འབུལ། །ཐམས་ཅད་གྲགས་སྟོང་ཡེ་ཤེས་ཏེ། །གསུང་གི་དངོས་གྲུབ་ཆེན་པོ་སྩོལ། །འདི་ནི་ཡེ་ཤེས་ཆེན་པོའི་བྲོ། །འཁོར་འདས་གཉིས་སུ་མེད་པར་བརྡུང་། །ཕྱག་རྒྱ་ཟིལ་གནོན་མཆོག་གི་ལམ། །ལམ་འདི་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་བརྗོད་དུས་སུ་དཀྱིལ་འཁོར་ལྷའི། །ཐུགས་ནས་དྲག་སྔགས་ཆར་པ་བབ། །བདག་གི་ངག་ཐིམ་བསམས་ནས་འདུག །ཁྱེད་རང་རྣམས་ཀྱི་སྙིང་གྱེན་དུ་ཁ་ཕྱོགས་པའི་སྙིང་ཚིལ་ཟླ་གདན། སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཧཱུྃ་མཐིང་ནག །བླ་མའི་ཐུགས་ཁའི་ས་བོན་ལས་ཐུགས་ཀྱི་སྔགས་ཀྱི་འཕྲེང་བ་འོད་ཟེར་མགལ་མེ་འཁོར་བ་ལྟ་བུ་འཐོན། ཁྱེད་རང་རྣམས་ཀྱི་ཁ་ནས་སོང་སྙིང་ཁའི་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་སྲཾ་མེ་འདུག་པས་རྡོ་ཚན་ལ་སྣུམ་མི་ཆགས་པ་བཞིན་དུ་ཡིད་ཀྱི་སྒྲིབ་པ་སྦྱངས་པའི་མོས་པ་གྱིས། ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན་ཧཱུྃ་ཕཊ྄། ཐུགས་ཀྱི་སྔགས་ནི་ལན་གསུམ་བྱིན། ལྗགས་ཀྱི་རྩེ་མོ་ལས་གསུང་གི་སྔགས་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པ་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ངག་གི་སྒྲིབ་པ་དང་སྡིག་པ་ཐམས་ཅད་སྦྱངས་པར་མོས་ལ་ས་བོན་ཧཱུྃ་གི་ཚབ་ཏུ་ཨཱཿབཀོད་ནས། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄། ཅེས། གསུང་གི་སྔགས་ནི་ལན་གསུམ་བྱིན། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་སྐུའི་སྔགས་འཇའ་ཚོན་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་བུ་ག་ཐམས་ཅད་ནས་ཞུགས། ལུས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་སྦྱངས་པར་མོས་ལ་ས་བོན་ཨོཾ་བཀོད་ནས། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྴ་དུན་དུན་ཛ་ཡ་ཧཱུྃ་ཕཊ། སྐུ་ཡི་སྔགས་ནི་ལན་གསུམ་བྱིན། །དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་སློབ་དཔོན་གྱི་གནས་ཐམས་ཅད་ནས་སྔགས་འཕྲེང་ལ་ལ་དཀར་པོ་ཞི་བར་བྱེད་པའི་ནུས་པ་ཅན་མགལ་མེ་འཁོར་བ་ལྟ་བུ། ལ་ལ་སེར་པོ་སྒྲོ་ཡི་ཆུན་པོ་ལྟ་བུ་རྒྱས་པར་བྱེད་པའི་ནུས་པ་ཅན། ལ་ལ་དམར་པོ་ལྕགས་སྒྲོག་འཁྱིལ་བ་ལྟ་བུ་དབང་དུ་བྱེད་པའི་ནུས་པ་ཅན། ལ་ལ་ནག་པོ་མེའི་ཚྭ་ཚྭ་ལྟ་བུ་དྲག་པོ་དགྲ་བགེགས་སྒྲོལ་བར་བྱེད་པའི་ནུས་པ་ཅན་སྤྲིན་ལས་ཆར་ལྟར་དུ་ཐོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་རོ་གཅིག་ཏུ་གྱུར་པས། དྲག་སྔགས་ཀྱི་དབང་ཐོབ་པའི་མོས་པ་གྱིས། ེུ་རིང་ཨེ་ཐུང་ལན་གསུམ་གསུམ། དེ་ནས་རྡོ་རྗེས་མགྲིན་པར་ཐིག །ན་མརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨཱཿ མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཨཱཿདམར་པོས་རྒྱས་བཏབ་པར་མོས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དྲག་པོ་སྔགས་ཀྱི་དབང་ཐོབ་པ་ཡིན་པས་ངག་གི་བརྗོད་པ་ཐམས་ཅད་སྔགས་ཀྱི་སྒྲར་ཤེས་པར་གྱིས་ཤིག །སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟུག །ཐུགས་ཀྱི་བྱིན་བརླབས་ཐམས་ཅད་ཕྱག་རྒྱ་དང་མཚན་མའི་རྣམ་པར་ཆར་བཞིན་དུ་བབ་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་གྱིས། སློབ་མའི་ལག་གཡས་ཕྱག་མཚན་གཏད། ཧཱུྃ འཁོར་བ་སྒྲོལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་བྱེད་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཱུ་བཛྭ་ཡ་ཧོཿ གཡོན་པར་གཏད་ཅིང་འདི་སྐད་དུ། ཧཱུྃ བེ་ཅོན་དུག་ལྔ་ཡེ་ཤེས་སྒྲོལ། །གཏུན་ཤིང་དགྲ་བགེགས་འདུལ་བར་བྱེད། །སྡིགས་མཛུབ་བག་ཆགས་བསྡིགས་པ་སྟེ། །རིག་པའི་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་ཡ་མ་བྷི་ས་ཧཱུྃ་ཏི་ར་ཧོཿ སྙིང་གར་རྡོ་རྗེས་དྲི་ཐིག་བྱ། །ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཧཱུྃ། སྙིང་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་རྒྱས་བཏབ་པར་མོས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དྲེགས་པ་ཐུགས་ཀྱི་དབང་ཐོབ་པ་ཡིན་པས་ཡིད་རྒྱུ་བ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་རོལ་བ་ཡིན་པར་ཤེས་པར་གྱིས་ཤིག །དཀྱིལ་འཁོར་རྔུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཁྱེད་རང་རྣམས་ཀྱི་ཡུལ་སྣང་ལུས་ལ། བུམ་པའི་ཆོ་ག་དྲུག་གི་དབང་བསྐུར་བས་བུམ་པའི་དབང་ཐོབ། བྱེད་པ་ལུས་ཀྱི་སྒྲིབ་པ་དག །ལམ་ཁྱེར་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ། །སྐུའི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །གཉིས་པ་གསང་དབང་ལ། །བྱང་སེམས་རཀྟ་གཏོར་མ་ཆས། །ཚེ་ཚོགས་དྲུག་གི་གསང་བའི་དབང་། །སློབ་མའི་གདོང་གཡོག་མཎྜྻལ་ཕུལ། བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ། ངག་གི་དྲི་མ་སྦྱངས་ཤིང་གསུང་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ། གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ་ནས། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས་ལ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །གསང་བའི་སྒྲོལ་མ་བདག་ལ་སྩོལ། ལན་གསུམ། བླ་མ་ཡབ་ཡུམ་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཡབ་ཡུམ་དུ་གསལ་བའི་གསང་བ་དང་མཁའ་ཧཱུྃ་དང་སྲཱིཿལས་སྐྱེས་པའི་རྡོ་རྗེ་དང་པདྨ། ནོར་བུ་དང་ཟེའུ་འབྲུར། ཨོཾ་དང་ཨཱཿས་བྱིན་གྱིས་བརླབས་པ་འདུས་བྱས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་འཁོར་ལོ་བཞིའི་ལྟེ་བར་བབས། དགའ་བཞིའི་ཡེ་ཤེས་མངོན་དུ་མཛད། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཡུམ་གྱི་རྩཀཱ་ཀ་མུ་ཁའི་སྒོར་དཀར་དམར་རོ་གཅིག་ཏུ་འདྲེས་པ། ༈ རིག་པའི་སྟོབས་ལྡན་སྦྱོར་བའི་མཐུས། །འཁྲུལ་པའི་བག་ཆགས་སྤྲིན་གཏོར་ནས། །ཡེ་ཤེས་ནམ་མཁའ་གསལ་བྱེད་པ། །གཉིས་མེད་བརཏལ་ཞུགས་ཆེན་པོ་ལོངས། །ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ ཡབ་ཀྱི་བྱང་སེམས་དཀར་ཆར་མོས་པའི་ཐོད་ཆང་སྦྱིན། བླ་མས་དེ་བརྗོད་སླར་གཟུངས་མས། འདི་སྟེ་ཁྲག་འཐུང་ཡབ་ཡུམ་གྱི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པས་རོ་རྟོགས་བྱེད། །བདེ་བ་དམ་པ་མྱང་བར་གྱིས། །སྐྱེ་གནས་བྱང་སེམས་གནང་བ་དེ། །ཨ་ཧོ་མ་ཧཱ་སུ་ཁཾ། ཡུམ་གྱི་དམར་ཆར་མོས་པའི་ཐོད་ཆང་ཚར་གཅིག་སྦྱིན། དེ་ནས་རང་གི་ལྕེ་ཡིས་མྱང་། མིག་དར་བསལ། རྟོག་ཅན་ཤ་ལྔ་བདུད་རྩི་ལྔས། མགྲིན་པའི་འཁོར་ལོ་གཙོ་བོར་གྱུར་པའི་རྩ་ཐམས་ཅད་ཁྱབ། སྐྱེ་གནས་མཐོང་བས་ལྷག་པར་བསྐུལ་བའི་བདེ་བ་སྒྱུ་མའི་སྣང་བ་སྣ་ཚོགས་སུ་གསལ་བ་སོ་སོ་རང་རིག་པའི་ངོ་བོ་ཉིད་མངོན་དུ་བྱེད་པར་གྱུར། རཀྟ་གཏོར་མ་མཆོད་པའི་ཚིག །དབང་བསྐུར་འདོན་པ་བསྒྱུར་ལ་བསྐུར། ཧཱུྃ དྭངས་མ་སྙིང་ཁྲག་བསྒྲལ་བ་ཤྭ་ནའི་ཁྲག །མཱུ་ལ་རྟེན་འབྲེལ་མཁའ་དབྱིངས་པདྨའི་ཁྲག །དུང་ཆེན་སྣོད་དུ་རྒྱ་མཚོར་འཁྱིལ་བའི་རྦ། །འཇིགས་པའི་ལྦུ་ཕྲེང་ཆགས་པས་དབང་བསྐུར་རོ། །ཨེ་ཀ་ཡ་མ་གུ་་རཀྟ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩྨ་ཧོ། ཞེས་རཀྟ་ལག་པར་གཏད། ཧཱུྃ ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་སྣོད་ཆེན་པོར། །ནང་བཅུད་སྲིད་པ་གསུམ་ལ་སྦྲུས་པའི་རྫས། །འབྱུང་ལྔ་ལྷུན་གྲུབ་དཀར་དམར་སྣང་བས་བརྒྱན། །དཔལ་གྱི་གཏོར་མ་ཆེན་པོས་དབང་བསྐུར་རོ། །ཨེ་ཀ་ཡ་མ་བ་ལིང་ཛྙྱཱ་ན་པཱུ་ཛ་ཨ་བྷི་ཥིཉྩྨ་ཧོ། ཞེས་པས་དབང་གཏོར་མགོར་འཇོག །ཐོད་འཕྲེང་མགོ་ལ་བསྐོན་ནས་སུ། །ཧཱུྃ ཐོད་པ་ཚར་གསུམ་འཕྲེང་བ་འདི། །དུག་གསུམ་སྐུ་གསུམ་དུ་བསྒྲལ་ནས། །འདས་དང་མ་འོངས་ད་ལྟར་གྱི། །རྒྱལ་བ་ཀུན་གྱི་དབང་ཐོབ་ཤོག །མགོ་རློན་ག་ཤལ་བྱིན་ནས་སུ། །ཧཱུྃ ཁྲག་འཛག་མགོ་བོའི་ག་ཤལ་འདིས། །སེམས་བྱུང་ཡེ་ཤེས་སུ་བསྒྲལ་བས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་ནོན་གྱུར་ཅིག །ཐལ་ཆེན་ཚོམ་བུ་དཔྲལ་བར་བཏབ། །ཧཱུྃ ཐལ་ཆེན་ཚོམ་བུ་འདི་བཏབ་པས། །ཐུགས་རྗེ་མཐའ་རུ་ཕྱིན་པའི་དབང་། །སྐྱེ་འགྲོ་མ་ལུས་དབུགས་ཕྱུང་ནས། །སྨིན་གྲོལ་བྱེད་པའི་དབང་ཐོབ་ཤོག །མཁུར་འཛུམ་སྣ་རྩེར་ཁྲག་ཆེན་བསྐུ། །ཧཱུྃ རཀྟའི་ཐིག་ལེ་འདི་བཏབ་པས། །ཐུགས་རྗེ་ཆགས་པའི་དབང་ཉིད་དེ། །རྟག་ཏུ་མྱ་ངན་མི་འདའ་བར། །འགྲོ་དོན་བྱེད་པའི་དབང་ཐོབ་ཤོག །སྙིང་ཁར་རྩེ་གསུམ་ཞག་གིས་བྲི། །ཧཱུྃ ཞག་ཆེན་སོར་རིས་འདི་བཏབ་པས། །དམ་རྫས་བཅུད་ཀྱི་དབང་མཆོག་སྟེ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །སྐྱེ་ཤི་མེད་པའི་དབང་ཐོབ་ཤོག །སྦྲུལ་ཆུན་སྐེད་ལ་བཅིང་ཕྱིར་སྦྱིན། །ཧཱུྃ སྦྲུལ་ནག་ཆུན་པོའི་སྐ་རགས་འདི། །ཞེ་སྡང་རྩད་ནས་གཅོད་པའི་དབང་། །ན་རག་དམྱལ་བ་བསྒྲལ་བའི་ཕྱིར། །ཞེ་སྡང་དག་པའི་དབང་ཐོབ་ཤོག །གླང་ཆེན་ཀོ་རློན་སྟོད་གཡོགས་སུ། །ཧཱུྃ གླང་ཆེན་ཀོ་རློན་ཆེན་པོ་འདི། །ཐེག་པ་ཆེན་པོ་ཐོབ་པའི་དབང་། །མ་ལུས་དེ་ལ་གནས་བྱའི་ཕྱིར། །ཐེག་ཆེན་ཆོས་ཀྱི་དབང་ཐོབ་ཤོག །ཞིང་ལྤགས་གཡང་གཞི་སྐེད་པར་དཀྲི། །ཧཱུྃ ཞིང་གི་གཡང་གཞི་ཆེན་པོ་འདི། །གཏི་མུག་རྩད་ནས་གཅོད་པའི་དབང་། །ཏིར་ཡ་ཀ་ནི་བསྒྲལ་བྱའི་ཕྱིར། །གཏི་མུག་དག་པའི་དབང་ཐོབ་ཤོག །སྟག་གི་ཤམ་ཐབས་སྨད་ལ་དཀྲིས། །ཧཱུྃ སྟག་ལྤགས་ཤམ་ཐབས་ཆེན་པོ་འདི། །འཕྲིན་ལས་རྣམ་བཞི་རྫོགས་པའི་དབང་། །ཞི་རྒྱས་དབང་དྲག་ལས་བྱའི་ཕྱིར། །ཐབས་ཀྱི་དོན་བྱེད་དབང་ཐོབ་ཤོག །རུས་པའི་རྒྱན་གྱིས་བརྒྱན་བྱས་ལ། །ཧཱུྃ རུས་པའི་རྒྱན་དྲུག་ཆེན་པོ་འདི། །འདོད་ཆགས་རྩད་ནས་གཅོད་པའི་དབང་། །པྲེ་ཏ་ཀ་ནི་བསྒྲལ་བའི་ཕྱིར། །འདོད་ཆགས་དག་པའི་དབང་ཐོབ་ཤོག །ཚེ་ཡི་དབང་ནི་འདི་ཡིན་ནོ། །ཁྱེད་རང་རྣམས་ཀྱི་སྙིང་གྲུ་གསུམ་པའི་ནང་དུ། ཉི་མ་འོག་དང་སྟེང་དུ་ཟླ་བ་ཁ་སྦྱར་བའི་གྭའུའི་ནང་དུ་ཚེའི་གཟུངས་ནྲྀ། དེའི་གི་གུ་ན་ར་ཏ་གསུམ་ལས་འོད་དཀར་དམར་མཐིང་ཁ་སྤྲོས། སྲིད་པ་གསུམ་གྱི་ཚེ་སྲོག་ཐམས་ཅད་བསྡུས་དེ་ལ་ཐིམ། འོད་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པའི་མོས་པ་གྱིས། ཧཱུྃ བཀྲ་ཤིས་བརྟན་པའི་གྭའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ེ་ེ་ེ་ཡ་མ་ནྲྀ་བྷྲཱུཾ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛ་ཿ ཞེས་པས་ཚེ་གལ་སྤྱི་བོར་བཞག །ཚེ་ཡི་ལྷ་མོ་བདུད་རྩིར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཞུགས། འཆི་མེད་ཀྱི་བདུད་རྩིས་ལུས་དཀར་མེར་གྱིས་གང་བའི་མོས་པ་གྱིས། །དེ་ནས་ཚོགས་ཀྱི་དབང་བྱ་སྟེ། ཧཱུྃ འཆི་མེད་བདུད་རྩི་རཱ་ས་ན། བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་དབང་ཐོབ་ཤོག །ཅེས་ཚོགས་རྫས་ལག་ཏུ་གཏད། འཆི་བ་མེད་པ་ཞལ་ཟས་ཀྱི་དབང་བསྐུར་བས་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་དཀྱིལ་འཁོར་སློབ་དཔོན་གྱི་ལུས། ཁྱེད་རང་རྣམས་ཀྱི་་་་་་སློབ་མའི་ངག་ལ། བྱང་ཆུབ་སེམས་ལ་སོགས་པ་དྲུག་གི་དབང་བསྐུར་བས་གསང་བའི་དབང་ཐོབ། བྱེད་པ་ངག་གི་སྒྲིབ་པ་དག །ལམ་ཁྱེར་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ། གསུང་གི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །ཤེར་དབང་གསོལ་སྤྲོ་གཉིས་ལན་ཐིག །དྲི་ལན་གཏད་དབབ་སློབ་སྦྱང་བསྐྱེད། །སྙོམས་འཇུག་དོན་བསྟན་ངེས་དོན་བཤད། བླ་མ་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ། ཡིད་ཀྱི་དྲི་མ་སྦྱང་ཞིང་ཐུགས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་ཤེསརབ་ཡེ་ཤེས་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ། མཎྜྻལ་ཕུལ་ཞིང་གསོལ་གདབ་པ། བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་ཚངས་སྤྱོད་སྡོམ་པའི་མཆོག །ཡེ་ཤེས་རོལ་པ་བདག་ལ་སྩོལ། ལན་གསུམ། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་། །གདོང་གཡོགས་ནས་ནི་གཟུངས་མ་ལ། །བྷ་ག་གསང་བའི་དཀྱིལ་འཁོར་གྱི། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷས། །རིག་པའི་བརཏལ་ཞུགས་སྦྱིན་བྱེད་ལ། །གཟུངས་མ་ཡིད་འོང་སྤྲོ་བར་གྱིས། །དེ་ནས་སློབ་མར་འདི་སྐད་བརྗོད། །འདི་འདྲའི་དཀྱིལ་འཁོར་བླ་ན་མེད། །ཡང་དག་གསང་བའི་ལམ་མཆོག་སྟེ། །བུ་ཁྱོད་སྐལ་པ་རབ་ཏུ་འགྱུར། །འདི་དང་མཇལ་ལ་དགའ་བ་སྐྱེད། སློབ་མས་ལན་དུ། བདག་ཅག་ཤིན་ཏུ་སྤྲོ་བ་ལགས། །དཔའ་བོ་ཆེན་པོ་བཀའ་དྲིན་ཆེ། །ཞེས་ཞུས་ལས་མཁན་དེར་འོངས་ནས། །སློབ་མའི་གནས་ལྔར་ཐིག་ལེ་བཀོད། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བྷ་གའི་གནས་ལ་ལོངས་སྤྱོད་དང་། །གཟུངས་མ་མཚན་ལྡན་རྟག་ཏུ་བརྟེན། །འདོད་ཡོན་ལྔ་ལ་བདེ་བར་རོལ། །གཙང་དམེ་ངོ་ཚའི་རྟོག་པ་སྤོངས། །དེ་ལྟར་ནུས་ན་བརཏལ་ཞུགས་སྦྱིན། །བླ་མའི་ཚིག་དེར་ལན་སློབ་མས། དཔའ་བོ་ཆེན་པོས་བཀའ་སྩལ་ལྟར། །བདག་ནི་དེ་ལྟར་རྗེས་སུ་འཇུག །སློབ་མའི་ལག་གཡོན་གཟུངས་མར་གཏད། །གཅེར་བུ་བྷ་ག་རྒྱས་པ་བསྟན། །དུས་གསུམ་སངས་རྒྱས་བྱོན་པའི་གནས། །བདེ་བ་ཀུན་གྱི་འབྱུང་གནས་ཆེ། །གཉིས་མེད་ཆོ་གས་སྙོམས་ཞུགས་ནས། །སངས་རྒྱས་ཐམས་ཅད་མཉེས་པར་བྱོས། །ཁྱེད་རང་རྣམས་འོད་དཔག་མེད་མདུན་གྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་དང་བཅས་པར་གསལ་བ་ལས། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འོད་ཀྱིས་དམར་ལམ་ལམ་གྱུར་པའི་མོས་པ་གྱིས། །ཞེས་བརྗོད་རོལ་སྒྲ་སྤོས་ཀྱིས་བདུག །མེ་ལོང་ལ་ཧས་བཏབ་པ་ལྟར། འོད་དཔག་མེད་དུ་གསལ་བའི་སྐུ་དེ་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་སྟོང་པ་ཉིད་དུ་ཡལ་བ་ལས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུ། གཟུངས་མ་རྡོ་རྗེ་ཁྲོས་མར་གསལ་བ་རྗེས་ཆགས་ཀྱི་སྦྱོར་བས་བསྐུལ་བའི་ནང་གི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས་པའི་རྒྱུན་གྱིས། ལུས་ཐམས་ཅད་གང་ཞིང་། དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས་པས། ཡུམ་གྱི་བྷ་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་མཆོད་དེ་ཐབས་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་མཉེས་ནས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཞུ་བ། དུང་ཅན་གྱི་ནང་ནས་གྱེན་དུ་གཤེགས་པའི་རིམ་གྱིས། ཕུང་པོ་ཁམས་སྐྱེ་མཆེད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་ལྷའི་རོལ་མོར་སད་པའི་མོས་པ་གྱིས། འདི་ནི་གསང་བའི་ཐེག་མཆོག་སྟེ། །ཡེ་ཤེས་བླ་ན་མེད་པའི་དོན། །རང་བྱུང་ཡེ་ཤེས་འདི་ལས་འཐོབ། །འདི་ལས་མཆོག་ཏུ་གཞན་མེད་དོ། །གདོང་གཡོགས་བསལ། །སྦྱོར་དུ་བཅུག་ནས་དེ་སྐད་བརྗོད། དེ་ལྟར་དཀྱིལ་འཁོར་ཤེས་རབ་མའི་བྷ་ག །ཁྱེད་རང་རྣམས་་་་་་སློབ་མའི་ཡིད་ལ་སྙོམས་པར་འཇུག་པའི་རྫས་ཀྱིས་དབང་བསྐུར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བྱེད་པ་ཡིད་ཀྱི་སྒྲིབ་པ་དག །ལམ་ཁྱེར་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་སྟེ་ཐུགས་ཀྱི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །བཾ་དབང་ལ་ནི་རྗེས་གནང་གསོལ། །བསྐྱེད་བསྐུར་རྒྱས་བཏབ་བསྒྲལ་བས་བླངས། །ངོ་སྤྲད་གཟེངས་བསྟོད་དབུགས་ཕྱུང་ལ། །རྗེས་སུ་གནང་ཕྱིར་སློབ་དཔོན་གྱིས། །ཧི་ཧི་ཞེས་པའི་བཞད་སྒྲ་ཡིས། །སྟེང་འོག་ཕྱོགས་མཚམས་ཅི་སྣང་བ། །ཐམས་ཅད་དཔའ་བོ་དཔའ་མོའི་ཚོགས། །མ་ལུས་ཀུན་གྱི་ནང་ན་ཡང་། །བླ་མེད་ཟིལ་གནོན་རྔམ་པའི་སྐུ། །གཉིས་མེད་རོལ་པའི་ཆ་ལུགས་ཀྱི། །བདེ་ཆེན་ལྷག་པའི་ང་རོ་འབྱུང་། །མཉམ་པའི་བརཏལ་ཞུགས་སྦྱིན་པར་བྱའོ། །བླ་མ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱི་དྲུང་དུ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས་ཤིང་། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། །སློབ་མ་རབ་དགའ་གུས་པའི་ཕྱག །ཅི་ཡང་བཙལ་ནས་འདི་སྐད་ཞུ། །ན་མོ ཆེ་བའི་ནང་ནས་ཆེ་བའི་མཆོག །ཕྱག་བཙལ་ཕྱག་རྒྱ་ཟིལ་གནོན་ལའོ། །མཉམ་ཉིད་བརཏལ་ཞུགས་ཆེན་པོ་ཡིས། །བམ་ཆེན་རྟོག་མེད་བདེ་ཆེན་གང་། །ད་ལྟ་ཉིད་དུ་ཅི་ནུས་ཕོབ། ལན་གསུམ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །འདི་འདྲའི་ཐེག་ཆེན་བླ་ན་མེད། །བརཏལ་ཞུགས་ད་ལྟ་ཉིད་དུ་ཐོབ། །ཅེས་རྗེས་སུ་གནང་ནས། །ཧཱུྃ་མུཾ རིགས་ཀྱི་བུ་ཁྱེད་རང་རྣམ་་་་་བདག་འཇུག་སྐབས་རང་ཉིད་ཅེས་བརྗོད་པ་ཀུན་ལ་ཤེས་དགོས། འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷར་སྐད་ཅིག་གིས་གསལ་བའི་དམ་ཚིག་སེམས་དཔའ་ལ། བཾ་ཆེན་གྱི་སྙིང་ཁའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཀྱི་ཡེ་ཤེས་སེམས་དཔའ་ཐམས་ཅད་ཆིལ་ཆིལ་ཐིམ་པས་གཉིས་མེད་བདེ་བ་ཆེན་པོའི་ངོ་བོ་གཅིག་ཏུ་གྱུར་པས་ཡེ་ཤེས་བླ་ན་མེད་པའི་དབང་ཐོབ་པའི་མོས་པ་གྱིས། རོལ་སྒྲ་སྤོས་ངད་ཆིལ་ལི་ལིས། ེ་རིང་ཛཿཧཱུྃ་བཾ་ཧོཿབཏགས། ལན་གསུམ་བཟླས་ལ་རྡོ་རྗེའི་རྩེས། །དྲི་ཡི་ཐིག་ལེས་གནས་གསུམ་བརྒྱན། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། སོགས། །ཀཱ་ཝཱ་ཙི་སྔགས་སྔར་བཞིན་བརྗོད། །དྲག་པོས་བསྒྲལ་ཕྱིར་རལ་གྲི་གཏད། ཧཱུྃ གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་ལས། །དཔག་མེད་འཕྲིན་ལས་མཐར་ཕྱིན་ཞིང་། །སྟོང་གསུམ་སྲིད་པ་ཟིལ་མནན་ནས། །སྣང་སྲིད་སྐུར་སྒྲོལ་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་ཀྲོ་དྷ་ཨ་བྷི་ཥིཉྩྨ་ཧཱུྃ། བཾ་རོ་དུམ་བུར་གཏུབས་སྤུངས་ཁར། །ཆང་གི་ཀ་ལི་གཞག་ནས་སུ། །བདུད་རྩི་བཞིན་དུ་བྱིན་གྱིས་བརླབ། ཐོད་དབུས་རིགས་ལྔ་སྙོམས་ཞུགས་བདུད་རྩིར་ཞུ། ཉི་བཀབ་རྟ་མགྲིན་སྦྱོར་མཚམས་བྱང་སེམས་ཕབ། །བདག་གི་མཐེབ་མཛུབ་ཟླ་བས་ཟག་དང་འདྲེས། །མདངས་དྲི་རོ་བཅུད་གཏེར་ཆེན་དཔའ་བོས་སྲུང་། ཨོཾ་ཧཱུྃ་སྲཱིཿསྭཱ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ཨོཾ་ཨཱཿསརྦ་པཉྩྨ་ཨ་མྲྀ་ཏ་ཧཱུྃ་སྲཱིཿཋཿ། །ཐམས་ཅད་བདུད་རྩིར་སྐྱ་མེར་ཞུ། །དེ་ཡིས་དབང་བསྐུར་བྱིན་ནས་འཐུང་། །ཨ་ཧོ། འདི་ནི་ངོ་མཚར་རྨད་ཀྱི་ཐབས། །འཆི་མེད་རང་བྱུང་བདུད་རྩིའི་གཏེར། །ལོངས་སྤྱོད་དག་པས་དབང་བསྐུར་བས། །ཐམས་ཅད་རྫོགས་པའི་དབང་ཐོབ་ཤོག །བཾ་ཆེན་མཱཾ་སས་དབང་བསྐུར་སྦྱིན། །ཧཱུྃ མཉམ་པ་ཉིད་ཀྱི་བརཏལ་ཞུགས་ཀྱིས། །ཐབས་དང་ཤེས་རབ་གཉིས་མེད་པར། །མ་འགགས་ཡེ་ཤེས་རྩལ་ཤར་བས། །བམ་ཆེན་དམེ་བ་དོན་དང་སྦྱར། །བརཏལ་ཞུགས་སྔགས་ཀྱི་བྱིན་རླབས་བསྐྱེད། །བཾ་ཆེན་རོ་ལ་མཉམ་པར་སྦྱར། །རྡོ་རྗེ་བརྗིད་པའི་དབང་ཐོབ་ནས། །བདེ་ཆེན་མཉམ་ཉིད་ཐོབ་པར་ཤོག །ཨེ་ཀ་ཡ་མ་ཨ་དྷི་པ་ཏི་ཏི་ར་སིདྡྷི་ཧོཿ གཙང་དམེའི་རྟོག་པ་མེད་པར་མཉམ་ཉིད་ཆེན་པོའི་ངང་དུ་རོལ་པས་ལུས་ཐམས་ཅད་ཟག་པ་མེད་པའི་བདུད་རྩིས་སྐྱ་མེར་གྱིས་གང་བས་བདེ་ཆེན་ལྷུན་གྱིས་གྲུབ་པའི་མཆོག་གི་སྐལ་པ་ཅན་དུ་གྱུར་པའོ། །ཞེས་བརྗོད་ཆང་དང་ཤ་ལ་རོལ། རང་སེམས་མ་བཅོས་པའི་ངང་ལ་གཞག་པས། ཆོས་ཉིད་སྐྱེ་བ་མེད་པ་ཀུན་བཟང་བདེ་ཆེན་ཡངས་པའི་ཀློང་ན་འཁོར་འདས་འདམ་ཀ་མེད་པ། མཉམ་ཉིད་ཆེན་པོར་ཁྱབ་གདལ་བ་ཆོས་ཀྱི་སྐུ། ད་ལྟ་རང་གི་རིག་པ་འདི་ཁོ་ན་དབང་བཞི་པ་ཡིན་ནོ། །འདིར་དཀྱིལ་འཁོར་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཁྱབ་གདལ་ཆེན་པོ་དེ་ཡང་བཾ་གྱི་རྣམ་པར་མཚོན་ཏེ། བཾ་ལ་རྟོག་པ་སྐད་ཅིག་ཀྱང་མེད་བཞིན། སྐྱེ་མཆེད་ཐམས་ཅད་བཀྲ་ལམ་མེར་སྣང་བ་ནི་དཀྱིལ་འཁོར་གྱི་རང་བཞིན། དོན་རྣམ་པར་མི་རྟོག་པའི་ཆོས་ཉིད་ཡིན་པས་སོ། །ཁྱེད་རང་རྣམས་ཀྱི་དེ་ལྟར་ཀུན་གཞིའི་རྣམ་ཤེས་ལ་རྣམ་པར་མི་རྟོག་པའི་རྫས་ཀྱིས་དབང་བསྐུར་བས། དབང་བཞི་པ་ཡང་དག་པ་ཆོས་ཉིད་མི་རྟོག་པའི་ཡེ་ཤེས་སུ་ཐོབ། བྱེད་པ་ཤེས་སྒྲིབ་དག །ལམ་ཁྱེར་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་རྡོ་རྗེའི་སྐུ་ཐོབ་སྟེ། འཕྲིན་ལས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །རིགས་ཀྱི་བུ་ཁྱེད་རྣམས་དེ་ལྟ་བུའི་དོན་དང་ལྡན་པས་རྒྱུད་ཡོངས་སུ་སྨིན་པ་ཡིན་ནོ། །ཞེས་པས་གཟེངས་བསྟོད་དབུགས་དབྱུང་བ། དེ་ལྟར་དབང་བཞི་ཐོབ་ནས་དམ་ཚིག་མ་ཉམས་པར་ལམ་བསྙེན་སྒྲུབ་རྣམ་པ་བཞིའི་སྒོ་ནས་བསྒྲུབས་ན། བརྩོན་འགྲུས་ཅན་ཚེ་གཅིག་གིས་འཚང་རྒྱ་བས། དམན་པ་ཉན་རང་ལྟར་བསྐལ་པ་གྲངས་མེད་དུ་མར་དཀའ་བ་སྤྱད་མི་དགོས་ཏེ་ལམ་མཆོག་ཆེན་པོའི་སྐལ་པས་དགེ་བ་ཡིན་ནོ། །སློབ་དཔོན་མཐུ་དང་ཐུན་དང་ཟོར། །དེ་ནས་སློབ་དཔོན་བྱེད་པའི་ཕྱིར། །གདུགས་ཕུབ་སེང་ཁྲིར་སློབ་མ་བཀོད། །འཁོར་ལོ་རྐང་འོག་དུང་འབུད་ཅིང་། །འདི་རྒྱུད་པོ་ཏི་གཏད་ནས་སུ། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ། །ཁྱེད་ཀྱིས་དབང་རྣམས་རྫོགས་པར་ཐོབ། །ད་ནི་ཁྱོད་ཀྱིས་སློབ་དཔོན་གྱིས། །སློབ་མ་སྨིན་ཅིང་གྲོལ་བར་མཛོད། །ཨོཾ་ཨེ་ཀ་ཡ་མ་གུ་རུ་ཨ་བྷི་ཥིཉྩྨ་སིདྡྷི་ཧཱུྃ། དེ་ནས་དྲག་པོ་མངོན་སྤྱོད་མཐུ་ཡི་དབང་ནི། །བྲུབ་ཁུང་ཐོད་ནང་ལིངྒ་བཅུག །སྤྲོས་བཅས་སྒྲུབ་དབང་དང་འབྲེལ་ན་ལས་གཞུང་གི་བསྒྲལ་ལས་བསྟབ་པ་དང་བཅས་བྱ་བ་ཡིན་ལ། དཀྱུས་ཙམ་དུ་ཨེ་ལས་བྲུབ་ཁུང་འདི་ཉིད་སོགས་བསྐྱེད་ཆོག་དང་། བདེན་བདར་བཅས་པའི་འགུག་གཞུག་ཚར་གསུམ་ནས། ཧཱུྃ ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡི། །སོགས་སྔགས་དང་བཅས་པས་ཕུར་བ་གདབ། །ཕུར་བུས་བཏབ་ཅིང་མཚོན་གྱིས་གཏུབ། །ཧཱུྃ གདུག་པ་ཅན་གྱི་དགྲ་བགེགས་ལ། །སྙིང་རྗེས་མ་རུངས་སེམས་ཅན་ནི། །འཕྲིན་ལས་དྲག་པོས་བསྒྲལ་བའི་ཕྱིར། །མངོན་སྤྱོད་མཐུ་ཡི་དབང་བསྐུར་རོ། །དགྲ་བོ་མཱ་ར་ཡ་ཨ་བྷི་ཥིཉྩྨ་མཱཾ། ཕུར་པ་ལིངྒ་དང་སྦྲག་པ་སློབ་མའི་ལག་ཏུ་གཏད། སླར་མདུན་དུ་བཀོད་ལ། ཡུངས་ཀར་སོགས། གཡས་ཐུན་གཡོན་དུ་རཀྴའི་འཕྲེང་། །ཧཱུྃ དྲག་པོ་སྔགས་ཀྱི་དབང་ཐོབ་ནས། དགྲ་བགེགས་གདུག་པ་འཇོམས་པའི་ཕྱིར། །གཟི་བྱིན་སྐྱེད་པའི་ཐུན་དང་ནི། །བགྲང་འཕྲེང་རཀྴའི་དབང་བསྐུར་རོ། །ཐུན་སྔགས་ ཨེ་ཀ་ཧེ་དུན་ཏྲཀ་རཀྴ་ཡ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ། དགྲ་བོ་ཨཻ་མྱགས་ཡ་རྔུབས་མུག་ཤཀྐ་དུན་བྷྱོ་ནྲྀ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད། ཨ་བྷི་ཥིཉྩྨ་མཱཾ། །སླ་ང་མདའ་དང་འུར་རྡོ་སོགས། །ཟོར་རྫས་གཏད་ནས་འདི་སྐད་དུ། །ཧཱུྃ ཐབས་ཤེས་ནུས་པ་མཐར་ཕྱིན་ནས། །བྱད་མ་རྡུལ་དུ་རླག་པ་ལ། །ང་རྒྱལ་ཆེན་པོས་འཕེན་བྱེད་པའི། །ཟོར་རྫས་རྣམས་ཀྱི་དབང་ཐོབ་ཤོག ཨེ་ཀ་ཧེ་དུན་བྷྱོ་ཟློག །ཡ་མ་རཱ་ཙ་བྷྱོ་ཟློག །མ་མོ་ཨེ་ཀ་ཛ་ཊི་བྷྱོ་ཟློག །མཱ་ར་ཡ་ཟློག །མ་མོ་ཨེ་ཀ་ཛ་ཊི་ཐུན་བྷྱོ་ཟློག །ཕུ་ས་ནཱ་ག་གཏད་ཁྲཾ་བྷྱོ་ཟློག །ཕྱུང་ཕྱུང་། ཤིག་ཤིག །ཁྲོལ་ཁྲོལ། མཱ་ར་ཡ་སྟམྦྷ་ཡ་ལཾ་ནན། ཨ་བྷི་ཥིཉྩྨ་མཾ། །ཟོར་སྔགས་མཐར་ནི་ཨ་བྷི་སོགས། །རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་ཐོབ་ཀྱིས། དེང་ཕྱིན་ཆད་བསྐྱེད་རྫོགས་བསྙེན་བསྒྲུབ་ལེགས་པར་གྱིས་ལ། འདིའི་སྒོ་ནས་དབང་དང་བྱིན་རླབས་དང་འཆད་ཉན་དང་གདུག་པ་ཅན་ལ་དྲག་པོའི་འཕྲིན་ལས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛོད་ཅིག །ཞེས་བརྗོད་སློབ་མས་འདི་སྐད་ཞུས། །དཔའ་བོ་ཆེན་པོའི་བཀའ་བཞིན་དུ། །སེམས་ཅན་དོན་ལ་བརྩོན་པར་བགྱིད། ལན་གསུམ། །བླ་མའི་སྐུ་ཆུ་ལྷ་ཚོགས་དེར། །ཉ་ལྡང་འདྲར་བསམས་ཡོན་ཕུལ་ལ། བཅོམ་ལྡན་འདས་འཇམ་དཔལ་ཟིལ་གནོན་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜྻལ་ཕུལ། །ཚོགས་ལ་རོལ་ཅིང་ལས་ཀྱི་རྗེས། །སྐབས་དང་བསྟུན་ནས་བསྡུ་བར་བྱ། །སློབ་དཔོན་གྱིས་ལྷག་གཏོར་བཏང་། ཆད་མདོ་བསྒྲགས། རྒྱུན་པར་ཟོར་ཚབ་འཕང་བ་དང་།བརྟན་སྐྱོང་སོགས་རྗེས་རིམ་རྣམས་བྱ། ཉིན་ཕྱི་མར་ཆད་མདོའི་རྗེས་སུ་ལྷ་ཚོགས་རྣམས་བསྐུལ་ནས་སྒོ་དབྱེ་ལམ་བསྟན་དང་བཅས། འབྲུ་ནག་གི་གཏོར་ཆེན་ལྕགས་སྡིག་གཏོར་བཟློག་སྐབས་ཀྱི་ལག་ལེན་བཞིན་འཕང་ནས་བརྟན་སྐྱོང་གཏོར་བྲོའི་བར་དང་། རྗེས་ཆོག་ལྷག་ཆད་ཁ་བསྐང་། བརྟན་བཞུགས་ཤིས་བརྗོད་དགེ་བསྔོ་སོགས་བྱ། ༈ ཉིན་ཕྱི་མར་སྐྱབས་སེམས་ནས་བཟུང་ལས་བྱང་གཞུང་བཞིན་བཏང་། བསྙེན་པ་ཅི་ནུས་བྱ། ཚོགས་ལས་ཆད་མདོ་བརྟན་སྐྱོང་གི་བར་བསྒྲུབ་ནས། །བསྒྲུབ་རྫོགས་རྫས་ཀྱི་དངོས་གྲུབ་བླང་། །ཞེས་པའི་དང་པོ་དངོས་གྲུབ་ལེན་པ་ལ། དངོས་གྲུབ་ཀྱི་རྫས་འབྲང་རྒྱས་དང་། ཤ་ཟས་ཚེ་གལ་སོགས་སྔར་ནས་བཤམས་ཟིན་པ་དང་། གཞན་ཡང་ཚེ་རིལ། ཚེ་ཆང་། མར། འཁུར་བ། ཐུད། འོལ་གོན། འབྲས། ཞོ། བུ་རམ། ལ་དུ། ཤིང་ཐོག་སོགས་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་བཤམས་ནས། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་སྒྲུབ་པ་པོ་རྣམས་དཀྱིལ་འཁོར་ཆེན་པོའི་མཐའ་བསྐོར་དུ་འཁོད་བཞིན་པས། ཧཱུྃ ཡང་གསང་ལྷ་ཡི་དུར་ཁྲོད་གཞལ་ཡས་འདིར། སོགས་དྲག་སྔགས་ཡུང་ཐུན་བཅས་པས་བགེགས་བསྐྲད་ལ། ཧཱུྃ ཆོས་དབྱིངས་རྣམ་དག་སྐྱེ་བ་མེད་པའི་དབྱིངས། སོགས་ཀྱིས་མཚམས་བཅད། དེ་ནས་སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ ཡེ་ཤེས་སྒྱུ་མར་རོལ་པའི་ཐུགས་རྗེ་ལས། །སོགས་ཀྱིས་བྱིན་དབབ་ཅིང་རོལ་མོ་བྱ། དེ་ནས་དངོས་གྲུབ་བསྡུ་བ་ནི། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོབོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཨོཾ་དཀར་པོའི་མཐར་སྐུ་ཡི་སྙིང་པོས་བསྐོར་བ། སྦྱོར་ཡུམ་གྱི་ཐུགས་ཀར་ཛཿརང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། སྦྱོར་ཡུམ་གྱི་ཐུགས་ཀའི་ཛཿལ་ཕོག །དེ་ལས་འོད་འཕྲོས་ཡབ་ཀྱི་ས་བོན་ལ་ཕོག་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས། ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། དེ་རྣམས་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་ཐིམ་པའི་མོས་པས། སྐུ་ཡི་སྙིང་པོ། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྴ་དུན་དུན་ཛ་ཡ། ལ། ཀཱ་ཡ་བཛྭ་སརྦ་སིདྡྷི་ཧཱུྃ་ཧཱུྃ་བཏགས་པ་ཅི་མང་བཟླ། དེས་རིགས་འགྲེས་ཀྱིས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཨཱཿཡིག་དམར་པོའི་མཐར་གསུང་གི་སྙིང་པོས་བསྐོར་བ། སྦྱོར་ཡུམ་གྱི་ཐུགས་ཀར་ཛཿ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། སྦྱོར་ཡུམ་གྱི་ཐུགས་ཀའི་ཛཿལ་ཕོག །དེ་ལས་འོད་འཕྲོས་ཡབ་ཀྱི་ས་བོན་ལ་ཕོག་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། དེ་རྣམས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་ཐིམ་པའི་མོས་པས། གསུང་གི་སྙིང་པོ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ལ་ཝཱཀྐ་བཛྭ་སརྦ་སིདྡྷི་ཧཱུྃ་ཧཱུྃ། བཏགས་པ་བཟླ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ཡིག་མཐིང་ཁའི་མཐར་ཐུགས་ཀྱི་སྙིང་པོས་བསྐོར་བ། སྦྱོར་ཡུམ་གྱི་སོགས། ཐམས་ཅད་མཆོད། དེ་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་འོད་ཟེར་མཐིང་ཁའི་རྣམ་པར་སོགས། ཐུགས་ཀྱི་སྙིང་པོ། ཨེ་མྱག་ཡ་རྔུབས་མུག་ཤཀ་ཀ་དུན། ཙིཏྟ་བཛྭ་སརྦ་སིདྡྷི་ཧཱུྃ་ཧཱུྃ། བཏགས་པ་བཟླ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཁར་ཉི་མའི་དཀྱིལ་འཁོར་ལ་ཏྲཱྃ་ཡིག་སེར་པོའི་མཐར་ཡོན་ཏན་གྱི་སྙིང་པོས་བསྐོར་བ། སྦྱོར་ཡུམ་གྱི་སོགས། ཐམས་ཅད་མཆོད། དེ་རྣམས་ཀྱི་ཡོན་ཏན་གྱི་བྱིན་རླབས་དང་སྲིད་ཞིའི་དཔལ་དང་ལོངས་སྤྱོད་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་སྔགས་དང་བཅས་པ་དང་། གཙོ་འཁོར་ཡོངས་རྫོགས་བདག་དང་ཐོད་བཟང་ཁ་སྦྱོར་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པས་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པར་བསམ་ལ། ཨེ་ཐུང་ལ། གུ་ཎཱ་བཛྭ་སརྦ་སིདྡྷི་ཧཱུྃ་ཧཱུྃ་བཏགས་པ་བཟླ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་སྲཱིཿཡིག་ལྗང་ཁུའི་མཐར་ཕྲིན་ལས་ཀྱི་སྙིང་པོས་བསྐོར་བ། སྦྱོར་ཡུམ་གྱི་སོགས། ཐམས་ཅད་མཆོད། དེ་རྣམས་ཀྱི་ཕྲིན་ལས་ཀྱི་བྱིན་བཅུད་བསྡུས་ནས་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་འོད་ཟེར་མེ་ཡི་ཚྭ་ཚྭ་ལྟ་བུ་འཕྲོས་པས་གདོན་བགེགས་གནོད་བྱེད་དྲེགས་པ་ཅན་རྣམས་བསད་གཏུབས་ཐལ་བར་བཏང་ནས་དེ་དག་གི་ཚེ་བསོད་དབང་ཐང་རླུང་རྟ་དང་། ཡེ་ཤེས་ལྷའི་བྱིན་རླབས་ཆབས་ཅིག་ཏུ་འདུས་ཐིམ། དྲག་པོ་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡོངསསུ་རྫོགས་པར་མོས་ལ། ེ་རིང་མཐར། ཀརྨ་བཛྭ་སརྦ་སིདྡྷི་ཧཱུྃ་ཧཱུྃ་བཏགས་པ་བཟླ། ཚེ་བུམ་དང་ཚེ་རྫས་བསངས་སྦྱངས། སྟོང་པའི་ངང་ལས་ཚེ་རྫས་ཟིལ་གནོན་ལྷ། དམར་པོ་མཉམ་གཞག་ཚེ་བུམ་ཅན། ཐུགས་ཀར་ནྲྀ་ལས་ེ་རིང་གསུམ། །དྲག་བཟླས་འོད་ཀྱིས་སྣོད་བཅུད་བཞུས། །ཚེ་ལྷར་འདུས་པའི་ཚེ་ཡི་ལྷ། །ནྲྀ་ལ་དབང་བསྐུར་བྷྲཱུྃ་གྱིས་བསྲུང་། །ཧཱུྃ་གིས་རྡོ་རྗེའི་དྲྭ་མིག་བསྡམས། །ེ་ེ་ེ་ཡ་མ་ནྲྀ་བྷྲུྃ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཧཱུྃ་བཏགསཔ་བརྒྱ་རྩ་བཟླས། བརྟན་གཡོ་འཁོར་འདས་སྣོད་བཅུད་ཀྱི། །ཚེ་སྲོག་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཚེའི་རང་བཞིན་དུ་བསྡུས་ནས་ཐིམ་པར་མོས། ཕྱི་སྣོད་ནང་བཅུད་ཐམས་ཅད་སེམས། །འཇིག་རྟེན་དྲེགས་པ་ཡབ་ཡུམ་ཐིམ། །ཡབ་ཡུམ་སྔགས་བཅས་ཧཱུྃ་ལ་བསྡུ། །ཧཱུྃ་བཅས་དངོས་གྲུབ་རྫས་ལ་བསྡུ། །རང་གི་ལུས་ངག་ཡིད་ལ་ཐིམ། ཞེས་བརྗོད། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུངཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་ལྔའི་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་ཆད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞི་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བརྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་ལ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུའི་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཧཱུྃ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོ། །ཛ྄བ་བསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐང་ཟིན་གྱིས། །སྒྲུབ་པའི་ཞག་གྲངས་ཚང་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅའ་མ་བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ལན་གསུམ་བརྗོད། །དེ་ནས་དངོས་གྲུབ་ལེན་པ་ནི། །སྒྲུབ་པོ་རྣམས་དངོས་གྲུབ་ཀྱི་རྫས་ལག་ཏུ་ཐོགས་ནས། དཔྲལ་བར་གཏུག་སྟེ། ཧཱུྃ དམ་ཚིག་ཆེན་པོའི་ཚུལ་སྟོན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །གདོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨོཾ། མགྲིན་པར་གཏུག་ལ། ཧཱུྃ དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཝཱཀྐ་སིདྡྷི་ཨཱཿ སྙིང་གར་གཏུག་ལ། ཧཱུྃ དམ་ཚིག་ཆེན་པོའིྎ །འདིར་གཤེགསྎ ཐུགས་ཀྱི་དབངྎ འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། ཨོཾ་ཡ་མཱནྟ་ཀ་ཙིཏྟ་སིདྡྷི་ཧཱུྃ། གནས་གསུམ་དུ་གཏུག་ལ། ཧཱུྃ དམ་ཚིག་ཆེན་པོའིྎ འདིར་གཤེགསྎ །རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །དུག་གསུམ་ནད་གདོན་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡམཱནྟ་ཀ་སརྦ་སིདྡྷི་སྲཱིཿ སྨན་མཆོད་འབུལ་བ་ནི། ཧཱུྃ ཐོད་དབུས་རིགས་ལྔ་སྙོམས་ཞུགས་བདུད་རྩི་ཞུ། །ཉི་བཀབ་རྟ་མགྲིན་སྦྱོར་མཚམས་བྱང་སེམས་ཕབ། །བདག་གི་མཐེབ་མཛུབ་ཟླ་བས་ཟག་དང་འདྲེས། །མདངས་དྲི་རོ་བཅུད་གཏེར་ཆེན་དཔའ་བོས་བསྲུང་། །ཨོཾ་ཧཱུྃ་སྲཱིཿསྭཱཧཱ། མུཾ་ཁཾ་པཾ་ཏཾ་ལཾ། ཨོཾ་ཨཱཿསརྦ་པཉྩྨ་ཨ་མྲྀ་ཏ་ཧཱུྃ་སྲཱི་ཐ། ལས་བྱང་གཞུང་བཞིན་བྱིན་བརླབས་ནས། །མཐེབ་སྲིན་གྱིས་འཐོར་བཞིན་དུ། ཧཱུྃ རང་བྱུང་གདོད་ནས་རྣམ་དག་རིགས་ལྔའི་རྫས། །རྩ་བརྒྱད་སྟོང་ལ་སྦྱར་བའི་ར་ས་ན། །ཡེ་ཤེས་ལྔ་ལས་རང་བྱུང་དུག་ལྔའི་སྨན། །དམ་ཚིག་བདུད་རྩི་མཆོག་གི་མཆོད་པ་འབུལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩྨ་ཨ་མྲྀྀ་ཏ་པཱུ་ཛ་ཧོཿ ཕྱག་རྒྱ་ཟིལ་གནོན་འཇམ་དཔལ་གཤིན་རྗེ་དང་། །ཤྲཱི་སིངྷ་པཎ་ཆེན་ཞི་བའི་ཞབས། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། རྒྱལ་པོ་ནོར་འཛིན་གནུབས་ཆེན་རྡོ་རྗེ་འཆང་། །གཏེར་སྟོན་ཞང་ཁྲོམ་དྷཱརྨ་ཀིརྟི་དཔལ། །སྨན་མཆོདྎ སརྦ་པཉྩྨྎ གནུབས་སྟོན་བྱ་བྲལ་སྐལ་ལྡན་རྡོ་རྗེ་རྒྱལ། །ཆོས་ཀྱི་རྒྱལ་མཚན་གུ་རུ་མཆོག་ལྡན་ལ། །སྨན་མཆོདྎ །སརྦྎ རྒྱལ་མཚན་ལྷུན་གྲུབ་ཚེ་བདག་བཀྲ་ཤིས་དང་། །ཀུན་མཁྱེན་པད་དཀར་མཆོག་གཟིགས་ལྷ་རྩེའི་ཞབས། །སྨན་མཆོད། སརྦྎ དཔག་བསམ་དབང་པོ་ཡོངས་འཛིན་ཀུན་དགའི་མཚན། །ཆོས་ཀྱི་དབང་ཕྱུག་ཆོས་རྒྱལ་དཔལ་བཟང་པོར། །སྨན་མཆོདྎ །སརྦ་པཉྩྨྎ །ཆོས་ཀྱི་རྒྱལ་པོ་ཕྲིན་ལས་འགྲོ་འདུལ་རྩལ། །དྲིན་ཅན་བླ་མ་ངག་དབང་བདེ་ཆེན་ལ། །སྨན་མཆོདྎ །སརྦ་པཉྩྨྎ །ཆོས་ཀྱི་ཉི་མ་གསང་བདག་གྲུབ་པའི་དབང་། །སྒྲུབ་རྒྱུད་ཉི་མ་རིག་འཛིན་ཆོས་སྐྱོང་མགོན། །སྨན་མཆོདྎ །སརྦ་པཉྩྨྎ །བསྟན་པའི་ཉི་མ་དྲི་མེད་གྲུབ་པའི་དབང་། །དཀྱིལ་འཁོར་དབང་ཕྱུག་རྩ་བའི་བླ་མ་ལ། སྨན་མཆོདྎ སརྦ་པཉྩྨྎ །གཞན་ཡང་བཀའ་གཏེར་བརྒྱུད་པའི་བླ་མ་དང་། །འཇམ་དཔལ་ཟིལ་གནོན་དཀྱིལ་འཁོར་ལྷ་ཚོགས་ལ། །སྨནྎ །སརྦ་པཉྩྨྎ དཔའ་བོ་མཁའ་འགྲོ་ཆོས་སྲུང་གཏེར་སྲུང་དང་། །གནས་བདག་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ་ནས། འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་སྐུ་གསུངཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་དཔོན་སློབ་རྣམས་ལ་ད་ལྟ་ཉིད་དུ་སྩལ་ནས། སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་གསོལ་བ་བཏབ་པས་དངོས་གྲུབ་གནང་བར་བསམ་ནས། རྫས་རྣམས་ལ་རོལ་ལོ། །དེ་ནས་སྨོན་ལམ་གདབ་པ་ནི། འདི་ལྟར་བསགས་པའི་ལེགས་བྱས་མཐུས། །བདེ་གཤེགས་སྲས་བཅས་ཐམས་ཅད་དང་། །ཁྱད་པར་འཇམ་དཔལ་ཞི་ཁྲོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། སོགས་བརྗོད། དེ་ནས་མཆོད་པ་རྣམས་ཁ་གསོས་ལ། ཧཱུྃ ཡཾ་རཾ་ཁཾ་གིས་མཆོད་རྫས་སོགས་ཀྱིས་བྱིན་བརླབ། ཧཱུྃ སྣ་ཚོགས་མེ་ཏོག་ཕྲེང་བས་སོགས་ནས་བསྟོད་པ་རྫོགས་པའི་བར་གྱིས་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ནས། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་། །སོགས་ཀྱིས་བཤགས་པ་དང་། ཡིག་བརྒྱ་ཅི་མང་བརྗོད། །ལུས་བསྲུང་རྡུལ་ཚོན་ཆུ་བོར་དོར། །ཞེས་པས། གཉིས་པ་ལུས་བསྲུང་བ་ནི། སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་ཟིལ་གནོན་ཧེ་རུ་ཀ །དུག་ཧ་ལ་འཁྱིལ་བ་ལྟ་བུའི་སྐུ། ཞལ་གསུམ་ཕྱག་དྲུག་གིས་མཚོན་ཆ་སྣ་ཚོགས་གདེངས་པ། དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་གར་དགུའི་ཉམས་ཀྱིས་སྒེགས་པའི་སྤྱི་བོར་བྱ་ཁྱུང་དཀར་པོ། དཔྲལ་བར་སྐུ་ཡི་ཁྲོ་བོ་ཡ་མ་རཱ་ཙ། མགྲིན་པར་གསུང་གི་ཁྲོ་བོ་རྟ་མཆོག་རོལ་པ། སྙིང་ཁར་ཐུགས་ཀྱི་ཁྲོ་བོ་ཕྱག་རྡོར་ལྗང་ནག །ལྟེ་བར་ཡོན་ཏན་གྱི་ཁྲོ་བོ་རུས་སྦལ་མི་ཟན། གསང་བར་ཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ། ཁྲོ་བོ་ཐམས་ཅད་རང་རང་གི་ཕྱག་མཚན་བསྣམས་ཤིང་དཔལ་གྱི་ཆས་ཀྱིས་བརྒྱན་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར། ཅིས་ཀྱང་མི་ཤིགས་མི་ཚུགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ནི། །ཐམས་ཅད་དུ་ནི་རྒྱས་པར་གནས། ཨོཾ་བཛྭ་རཀྵ་ཧཱུྃ། རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བཀའ་ནན་བྱས་པས། ལུས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་གོ་ཆས་གཏམས་པར་བསམ་ཞིང་། ལུས་བསྲུང་དངོས་ནི་འདི་སྐད་དོ། མིང་དང་མཚན་མ་མ་གྲུབ་པས། །མི་གནས་མི་འབྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱིས་བསྲུང་བ་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཨོཾ་རཀྵ་མཎྜྻལ་ཧཱུྃ་ཕཊ། དེ་ནས་ཕྱི་རོལ་དུ་སོང་ལ། རྒྱལ་པོ་ཆེན་པོ་སྡེ་བཞི་དང་། སྒོ་བྱང་ལ་བསྐྱེད་པའི་ཁྲོ་བོ་གཉིས་དང་བཅས་པར་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་སྔར་སྟ་གོན་གྱི་སྐབས་བཞིན་དུ་བྱས་ལ། ཕྲིན་བཅོལ་གྱི་ཚབ་ཏུ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས། མཐར་ཡེ་ཤེས་པ་བྱང་བུ་ལ་བརྟན་བཞུགས་བྱ་བའམ། ཡང་ན་བཛྭ་མུཿགཤེགས་གསོལ་བྱས་ཏེ་བྱང་བུ་རྣམས་བཀྲོལ། ནང་དུ་འོང་ནས་དཀྱིལ་འཁོར་ཆེན་པོའི་མཐའ་སྐོར་དུ་སྒྲུབ་པ་པོ་མཆེད་ལྕམ་རྣམས་ཕན་ཚུན་ལག་བསྣོལ་མར་མར་མེ་རེ་འཛིན་བཞིན་དུ་འཁོད་ལ། སྟོན་པ་རྡོ་རྗེ་རྒྱལ་པོས། དབྱངས་སྙན་པོ་དང་བཅས་དྲངས་པའི་རྗེས་ཟློས་གཞན་དག་གིས་ཀྱང་བྱས་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་སྨོན་ལམ་འདི་ལྟར་གདབ་བོ། །ཧཱུྃ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་སྐད་ཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡ་ིདམ་ལྷ་ཡིས་རྒྱབ་ནས་སྲོག་བརྟན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །ཟིལ་གནོན་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །དེ་ནས་དཀྱིལ་འཁོར་མཐའི་ཁྲོ་བཅུའི་ཕུར་པ་མ་གཏོགས། གཞན་དཀྱིལ་འཁོར་དབུས་ཀྱི་སྒྲུབ་རྫས་སྐུ་གསུང་ཐུགས་རྟེན་དང་། དཀྱིལ་འཁོར་གྱི་རྒྱན་བཀོད་ཐམས་ཅད་བསྡུས་ནས། སློབ་དཔོན་གྱིས། ཨོཾ་བཛྭ་ཀཱི་ལ་ཡ་ཨུཏ་ཀཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྭ་དྷཱ་རོཏ་ཨཛྙྱཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཧཱུྃ་བཞི་པའི་སྔགས་བཟླ་ཞིང་། རྐང་པ་གཡོན་བརྐྱང་དང་། ལག་པ་སྐམ་པའི་རྒྱས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་གོ་ལྡོག་ཏུ་ཕྱུངས་ཏེ། ཨོཾ་རུ་རུ་ཀྵྨྱཀྵྭ་རུ་ཛྷ་ལ་ཏིཥྛ་སིདྡྷི་ལཱོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཕུར་ཁུང་ལའང་གཏོར། དེ་ནས་དཀྱིལ་འཁོར་རས་བྲིས་ཡིན་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སོགས་སམ། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱས་ལ་མེ་ཏོག་འཐོར་ནས་བསྡུ། རྡུལ་ཚོན་ཡིན་ན་ ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས་ནས། སློབ་དཔོན་གྱིས་ཨ་ཀཱ་རོའི་སྔགས་བཟླ་བཞིན་དུ་ཕྱག་མཚན་རྡོ་རྗེས། དབང་ལྡན་གྱི་རྩིག་པ་ནས་བརྩམས་ཏེ་ལྟེ་བའི་བར་བསྐོར་བས་རེ་ཁཱ་གསུམ་འཐེན་ཅིང་ལྷ་མཚན་ནས་ཅུང་ཟད་བླངས་པ་མགོ་བོར་བཀོད། ལྷག་མ་འཕྱག་པ་སྣོད་དུ་བླུག །དྲི་བཟང་གི་ཆུས་ཐིག་རྣམས་ཀྱང་མཐའ་ནས་རིམ་བཞིན་བསྲུབ་ལ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། སྤྱི་དང་ཁྱད་པར་གྱི་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །གསུམ་པ་རྡུལ་ཚོན་ཆུ་བོར་འདོར་བའང་དཀྱིལ་ཆོག་སྤྱི་ལྟར་ཤེས་པར་བྱའོ། །སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ། རྒྱུད་དང་དགའ་རབ་རྡོ་རྗེ་དང་། སྣུབས་སངས་རྒྱས་ཡེ་ཤེས་ལ་སོགས་པའི་ལུང་འཐོར་བ་གཅིག་ཏུ་བསྡུས་ནས་སྐལ་ལྡན་འཇུག་པ་བདེ་བར། རིག་པ་འཛིན་པའི་སློབ་དཔོན་ཆེན་པོ་དག་གིས་རྨི་ལམ་གྱི་སྣང་བར་བསྐུལ་བར་ཡང་གྱུར་ཅིང་། སྔགས་འཆང་ཆོས་རྒྱལ་ཕུན་ཚོགས་ཀྱིས་ཆེད་དུ་བསྐུལ་བའི་ངོར། འཇམ་པའི་རྡོ་རྗེ་ཉིད་ལས་ཆོས་ཐམས་ཅད་ལ་ཅི་དགའ་བར་སྤྱོད་པའི་ལུང་ཐོབ་པ་པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ།། སླད་ནས། དཀྱིལ་ཆོག་འདི་ཉིད་འདོན་འགྲིགས་བཀླག་ཆོག་ཏུ་བཀོད་པ་ཞིག་བྲི་བར་བྱོས་ཞེས་རང་གི་རིགས་དབོན་འཁྲུལ་ཞིག་ས་སྤྲུལ་མཐུ་སྟོབས་གྲུབ་པའི་དབང་ཕྱུག་མཆོག་གིས་རྟེན་འབྲེལ་ཁྱད་པར་ཅན་གྱི་སྐྱེས་དང་བཅས་ནན་ཆེར་བསྐུལ་བ་དང་། གཞན་ཡང་དོན་གཉེར་ཅན་འགས་ནན་དུ་བསྐུལ་བར་བརྟེན། མདོ་ཁམས་བཞི་པ་ཆོས་ཀྱི་ཉི་མས་སྩལ་བའི་ལག་ལེན་གསལ་བྱེད་དང་བསྟུན་ཏེ། ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོར་འབོད་པས་འཇུག་བདེར་བཀོད་པ་འདིར་ནོངས་པའི་ཆ་ཀུན་བླ་མ་དང་ལྷག་པའི་ལྷ་ཡི་སྤྱན་སྔར་སྙིང་ནས་འཆགས་ཤིང་། དགེ་བས་འགྲོ་ཀུན་འཇམ་དཔལ་ཟིལ་གནོན་ཆེན་པོ་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །།མངྒ་ལཾ། །

གཤིན་རྗེའི་ཡང་བཟློག

གཤིན་རྗེའི་ཡང་བཟློག་བཞུགས་སོ།། སྐྱབས་འགྲོ་སེམས་བསྐྱེད་བྱས། ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། སྟོང་པའི་ངང་ལས་པདྨ་ཉི་མའི་གདན་ལ་ཧཱུྃ་ལས་རང་ཉིད་འཇམ་དཔལ་ཚེ་བདག་ཆར་སྤྲིན་ནག་པོའི་དུམ་བུ་འཁྲུགས་པ་ལྟ་བུ་ཁྲོས་པས་བཞིན་བསྡུས་པའི་ཞལ་གཅིག་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བའི་ཧཱུྃ་གི་སྒྲས་དྲེགས་པའི་ཚོགས་བརྒྱལ་བ་དང་འབོག་པར་བྱེད་པ། སྤྱན་གསུམ་ཉི་མའི་དཀྱིལ་འཁོར་ལྟར་འབར་ཞིང་སྨིན་མ་དང་ཨག་ཚོམ་རལ་པ་གློག་ལྟར་དུ་འཁྲུགས་པ། ཐུང་ལ་སྦོམ་པ། སྒེག་ལ་འགྱིང་བ། རྔམ་ལ་བརྗིད་པ། སྐུ་ལས་ཁྲོ་བོ་ཁྲོ་མོ་གནམ་ལྕགས་མེ་དཔུང་ཆར་བཞིན་དུ་འབེབས་པ། ཕྱག་གཡས་ཀྱི་སྡིགས་མཛུབ་ཀྱི་རྩེར་གནམ་ལྕགས་འབར་བའི་འཁོར་ལོ་འཁོར་བའི་མེའི་ཕུང་པོས་ཕས་ཀྱི་སྙིང་པོ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་ཀྱི་ནུས་པ་བྱ་སྒྲོ་མེ་དང་ཕྲད་པ་ལྟར་སྲེག་པ་འཕྲོ་བས་ལུས་ཀྱི་འདོམ་གང་གི་ཐད་ཙམ་དུ་བསྐོར་ཏེ་མེ་དཔུང་དུ་འབར་བ། གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་པ། དཔལ་གྱི་ཆས་བརྒྱད་ཀྱིས་ཀླུབས་ཏེ་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའི་སྐུ་ལས་འོད་འཕྲོས། དགྲ་བོ་ལ་ཕོག་པས་དེའི་ཡེ་ཤེས་ལྷ་རྡོ་ཁབ་ལེན་དང་ཕྲད་པའི་ལྕགས་བཞིན་བསྡུས་ནས་རང་ལ་བསྟིམ། དགྲ་བོ་དེ་ཤ་ཁྲག་གི་རང་བཞིན་དུ་དམར་སྟིམ་སྟིམ་སོང་བས་ཁོ་རང་གི་ལྷ་སྲུང་རྣམས་གཤེད་དུ་བབས་ཏེ། ཤ་རུལ་ལ་སྦྲང་མ་བཞིན་རུབ་རུབ་འདུས་ཏེ་ཧབ་ཧབ་ཟོས་པར་བསམ་ནས། ཨོཾ་ཧཱུཾ་ཏྲིག་ཁྲོམ་བྷྱོ། མ་བི་མཱ་ར་ཎི་བྷྱོ། མ་ར་དུ་ན་བྷྱོ། རཀྨོ་རཀྴ་ན་ཏིང་ཡ་རཀྴ་བྷྱོ། མཱ་ལ་ཡ་ཡ་མ་ར་ཛ་ཀཱི་ལ་ཡ་བྷྱོ། བཟླས། མཐར་ལག་པ་གཡས་ཉི་མ། གཡོན་ཟླ་བ། དེའི་བར་དུ་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་གསལ་བ་ཉི་ཟླ་བརྡབས་པས་ཐལ་བ་ཙམ་དུ་ཡང་མ་ལུས་པར་ཚིག་པར་བསམ་ཏེ། སྔགས་འདོན་ཅིང་ལག་པ་ལན་གསུམ་རྡེབ་བོ། ཐོ་རངས་ཀྱི་ཚེ། ཚེ་བདག་དཀར་པོ་མ་ཧེའི་གདོང་པ་ཅན་ཕྱག་གཉིས་ན་ཚེའི་བདུད་རྩིས་གང་བའི་ཤེལ་བུམ་དཔུང་པའི་ཐད་དུ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་སྟག་ཤམ་ཙམ་ལས་རྒྱན་གཞན་དང་བྲལ་བ། ཐུགས་ཀར་ཟླ་བ་ལ་ཧཱུྃ། དེའི་འོད་ཀྱིས་འབྱུང་བཞིའི་བཅུད་ཚེ་དཔལ་བསོད་ནམས་དཔལ་བསྐྱེད་པའི་ནུས་པ་ཐམས་ཅད་བསྡུས་ཏེ་བུམ་པའི་ནང་གི་བདུད་རྩི་དང་འདྲེས་པར་བསམ། སྔགས་བཟླས་མཐར་སྣ་གཉིས་ནས་རླུང་སོག་མའི་བུ་གུ་ལྟ་བུ་བུམ་པ་གཉིས་ཀྱི་ནང་དུ་སོང་ནས་བརྔུབས་པས་ལུས་ཐམས་ཅད་གང་བར་བསྒོམས་ཏེ། ཚེའི་སྒྲུབ་པ་མཆོག་བསྣུབས་བན་སངས་རྒྱས་ཡེ་ཤེས་ཞལ་གྱི་མན་ངག་གོ །དགེ་ལེགས་དང་ལྡན་པར་གྱུར་ཅིག་གུ། །

སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་ལག་ལེན་གསལ་བྱེད་ཀུན་གསལ་ཉིན་མོའི་སྣང་བ།

སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་ལག་ལེན་གསལ་བྱེད་ཀུན་གསལ་ཉིན་མོའི་སྣང་བ་བཞུགས་སོ། །བླ་མ་དང་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གང་ཞིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ལང་ཚོའི་ཆ་རྫོགས་པས། །བདེ་ཆེན་འགྱུར་བ་མེད་པ་བཻཌཱུར་མཐིང་གར་ཆགས་པའི་ཁམས། །གདུལ་དཀའ་འདུལ་སླད་རྣམ་བཅས་གར་དགུའི་རོལ་པའི་སྒྱུ་འཕྲུལ་ཆེ། །འཇམ་དཔལ་དཔའ་བོ་མ་ལུས་རྒྱལ་བའི་ཡེ་ཤེས་དེ་ལ་འདུད། །དེ་ཡི་ཕྲིན་ལས་མན་ངག་འཇོ་བའི་གཏེར། །རྒྱུད་སྡེ་རྒྱ་མཚོ་སྲུབ་པའི་རིན་ཆེན་ནོར། །པད་གནུབས་དེད་དཔོན་མཐུ་ཡིས་གངས་ཅན་འདིར། །རྒྱལ་མཚན་ལྷུན་གྱིས་གྲུབ་པའི་རྩེར་རྔོམས་པ། །ཀུན་མཁྱེན་འབྲུག་པས་བདག་གིར་མཛད་པའི་ཚུལ། །བཅོམ་ལྡན་ཁྲག་འཐུང་རོལ་པའི་དགའ་སྟོན་གར། །སྐལ་བཟང་དོ་རར་རྩེ་བའི་རྒྱན་བཟང་པོ། །ཐར་འདོད་མིག་ལ་མངོན་དགའི་དཔྱིད་འདི་རྩོམ། །འདིར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་དབང་བསྐུར་ཟབ་ཁྱད་སྒྲུབ་དབང་ལུགས་སུ་བསྐུར་བའི་ལག་ལེན་གསལ་བྱེད་ཀྱི་རིམ་པ་འགོད་པ་ལ། སློབ་དཔོན་མཚན་ཉིད་དེ་ཡི་ལས། །སློབ་མ་འཇུག་ཅིང་ལྷ་ངོ་བསྟན། །དབང་བསྐུར་བ་བཞི་སྤྱི་ཡི་ཆིངས། །ཞེས་གསུང་པའི་དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རིག་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་ཟུང་འཇུག་ཏུ། །བླ་མའི་མན་ངག་ཐོབ་པའི་གདེང་ལྡན་པའི། །ཡོན་ཏན་རྫོགས་པ་བླ་མ་དམ་པར་བྱ། །ཞེས་གསུང་པ་ལྟ་བུའི་མཚན་ཉིད་དང་ལྡན་པའོ། །གཉིས་པ་བསྙེན་དང་ས་ཆོག་དང་། །སྟ་གོན་དཀྱིལ་འཁོར་སྒྲུབ་པའོ། །ཞེས་རྣམ་པ་བཞི་ལས། དང་པོ་བསྙེན་པ་ནི། དུས་གྲངས་མཚན་མ་རྫོགས་པས་སླར། །དབང་བསྐུར་སྔོན་དུ་ཁ་གསོ་བྱ། །རྡོ་རྗེ་སློབ་དཔོན་དུ་འོས་པ་དེས། ལྷག་པའི་ལྷ་འདི་ཉིད་ཀྱི་བསྙེན་པ་དུས་གྲངས་མཚན་མ་རྫོགས་པ་སྔོན་དུ་སོང་ནས། སླར་ཡང་དབང་བསྐུར་གྱི་དོན་དུ་མཚམས་བཅད་དེ་བཟླས་པ་བྱེད་པ་ནི། དབང་བསྐུར་བ་ལ་ནུས་ལྡན་དུ་སྒྲུབ་པའི་ཕྱིར་བསྙེན་པ་ཁ་གསོ་བའོ། །གཉིས་པ་ས་ཆོག་ནི། སྣང་སྲིད་ཐམས་ཅད་སེམས་ཀྱི་རྟོག་པ་ཡིན་ཅིང་། གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་སའི་ཆོ་ག་བྱ་མི་དགོས་ཏེ། ཇི་ལྟར་རུང་བ་སྤྱད་པར་བྱའོ། །ཞེས་དབང་ཆོག་མུ་ཏིག་ཕྲེང་བར་བཤད་པས་ས་ཆོག་བྱ་མ་དགོས་པའི་ལུགས་དང་། དེ་ལ་གོང་མ་དག་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གླང་པོ་ཆེའི་དཔྲལ་བ་བཀས་ནས་ཐལ་བྱུང་དུ་བྱོན་པ་ལྟ་བུའི་སྔགས་འཆང་ཆེན་པོ་རྣམས་ལ་དགོངས་ཀྱིས་ལས་དང་པོ་པས་ས་ཆོག་བྱ་དགོས་པར་གསུངས་ཤིང་། དབང་བསྐུར་རྡོ་རྗེ་ལས་རིམ་དང་། སྒྲུབ་ཐབས་སྙིང་གཟེར་ནག་པོ་སོགས་འདི་སྐོར་གྱི་རྩ་བའི་ཡི་གེ་དང་། གནུབས་ཡེ་ཤེས་རྒྱ་མཚོ་སོགས་རིག་འཛིན་གོང་མ་རྣམས་ཀྱི་ཡིག་ཆར་བཤད་པ་ལྟར་ཕྱག་ལེན་ལའང་མཛད་པ་མང་བས། འདིར་ཡང་ཀུན་མཁྱེན་ཆེན་པོས་དཀྱིལ་ཆོག་ཏུ་འགོད་པར་མཛད་པ་སྟེ། དེ་ལ་དབྱེ་ན། ས་ཆོག་ལ་ནི་བསླང་དང་བརྟག །ས་ལྷ་དབང་བྱ་ཆག་ཆག་འདུལ། །བཾ་བླང་བ་ཡང་ཞར་ལས་སོ། །ཞེས་གསུངས་པའི་དང་པོ་བསླང་བ་ལའང་། སྣང་བ་ལས་བསླང་བ་དང་། མི་སྣང་བ་ལས་བསླང་བའོ། །དང་པོ་ནི། སྣང་བ་ཡུལ་གྱི་བདག་པོར་བསླང་། །ཞེས་རྒྱལ་པོ་རྗེ་རིགས་སོགས་ཡུལ་དེའི་བདག་པོ་ལ་རིན་འཇལ་ནས་བསླང་ངོ་། །གཉིས་པ་ནི། མི་སྣང་དེར་ཕྱིན་གསེར་སྐྱེམས་གཏོང་། །ཞེས་གསེར་སྐྱེམས་དང་གཏོར་མ་བཤམས་པ་བྱིན་གྱིས་བརླབས་ལ། ཧཱུྃ། གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་མོ་རྣམས། །མཆོད་དང་གཏོར་མ་འདི་ལོངས་ལ། །སེམས་ཅན་ཀུན་དགེ་དོན་དུ་ཡང་། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་གཏོར་མ་གསེར་སྐྱེམས་བསྔོས། ཕྱོགས་འདིར་ཅི་དགའ་བར་སྤྱོད་ཅིག །ཅེས་གནང་བ་བྱིན་ནས་མི་སྣང་བར་གྱུར། འདི་ནི་སྟེགས་བུའི་རྒྱུའི་ས་བསླང་བ་སྟེ། རྡུལ་མེད་སྲོག་ཆགས་སྤངས་བྱས་ཏེ། །ལྷོ་ཡི་ཕྱོགས་ནས་ས་བསླངས་ལ། །ཞེས་འབྱུང་བ་ལྟར་ཡིན་ནོ། །གཉིས་པ་ནི། དེ་ནས་ལྟོ་འཕྱེ་བརྟག་པ་ནི། རང་གི་ཕོ་བྲང་འཁོར་བས་ཏེ། །གཞོགས་གཡོན་འོག་ཏུ་བཅུག་ནས་ནི། །ཟླ་བ་དག་ལ་བསྐོར་བ་ཡིན། །དཔྱིད་གསུམ་མགོ་ནི་ནུབ་ཏུ་བསྟན། །དབྱར་གསུམ་མགོ་བྱང་སྟོན་གསུམ་ཤར། །དགུན་གསུམ་ལྷོར་བསྟན་གླིང་ཕྱེད་ཁྱབ། །བྱང་ཤར་ལྷོ་ཉེའི་ཐད་ནས་བརྐོ། །ཡིད་ཆེས་མིན་ན་རོ་ལྔ་བསལ། །རིན་པོ་ཆེ་དང་ལྷོ་ཕྱོགས་ཀྱི། །བཀྲ་ཤིས་སས་བཀང་སྟེགས་བུ་བཅའ། །ཞེས་པ་ལྟ་བུའོ། །གསུམ་པ་ནི། དེ་ནས་ས་ལྷ་མཆོད་པའི་ཕྱིར། ཟིལ་གནོན་ལུས་དཀྱིལ་བཞིན་དུ་སྒོམ། །སྟེགས་བུ་དྲིས་བྱུགས་ཚོམ་བུ་བཀོད། །མཆོད་ཡོན་ཉེར་སྤྱོད་གཏོར་མ་བཤམས། །མི་བསྐྱོད་ཕྱག་རྒྱ་སར་བརྡབ་པས། ཧཱུྃ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བསྟན་མ་གསེར་མདོག་མཛེས་པའི་ལུས། །ཕྱེད་སྣང་འབུམ་ཕྲག་འཁོར་བཅས་འཐོན། །པྲི་ཐི་ཝི་དེ་ཝཱི་ཨཱ་ཀརྵ་ཡ་ཛཿཔྲ་ཏི་བྷྱཿཨརྒྷཾྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻཝིདྱ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། པྲ་ཏི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐརྑཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་བ་ལིངྟ་སྭཱ་ཧཱ། རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག །ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། བཞི་པ་ནི། དབང་བྱ་ཕུར་པ་ཟླ་གམ་དབལ། །ཨོཾ་པདྨ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་པས་སྟེགས་བུའི་དབུས་སུ་བཏབ། པདྨ་དབང་གྱུར་འོད་དམར་གྱིས། །བར་ཆད་ཚར་བཅད་ཚུར་འདུས་ཐིམ། །ས་ཆེན་དབང་བྱས་སར་འཛིན་སྦྱངས། །བདག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀའི་སྐུར་གྱུར། ཕུར་པ་དམར་པོ་དབལ་ཟླ་གམ་དུ་ཡོད་པ་ཐོགས་ཏེ། ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་པས་དཀྱིལ་འཁོར་གྱི་དབུས་སུ་ཕུར་བུ་བཏབ། དེ་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་གྱི་སྐུར་ལམ་གྱིས་གསལ་བར་གྱུར། དེ་ལས་འོད་ཟེར་དམར་པོ་འཕྲོས་པས་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་ཚུར་འདུས་ནས་ཐིམ་པས་ས་ཐམས་ཅད་དབང་དུ་བྱས། དཀྱིལ་འཁོར་གྱི་ས་གཞི་ལ་འཕྲོས་པས་ས་དང་སར་འཛིན་པའི་རྟོག་པ་ཐམས་ཅད་སྦྱངས་པར་གྱུར། ལྔ་པ་ནི། དེ་ནས་བདུད་རྩི་ལྔ་བཏབ་པའི། །ཁྲག་ཆེན་བྱུགས་བཞིན་འདི་སྐད་འདོན། །ཧཱུྃ། རང་བྱུང་དམ་རྫས་བདུད་རྩི་ལྔ་ལྡན་པའི། །འཇམ་དཔལ་གཤིན་རྗེའི་རིགས་མཆོག་བསྒོམ་པའི་ཕྱིར། །བཀའ་གསང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ། །དམ་རྫས་གསང་བ་བདུད་རྩིའི་ཆག་ཆག་འདེབས། །ཨོཾ་མཧཱ་རཀྟ་ཨ་མྲྀ་ཏ་མཎྜྻལ་ཧཱུྃ། ཆོས་ཉིད་ཁྱབ་གདལ་གྱུར་པར་བསམ། །དྲུག་པ་ནི། དེ་ནས་འདུལ་ཞིང་བྱིན་རླབས་པ། །དཔོན་སློབ་ཚང་མས་ཞྭ་དང་ཕོད། །ནག་གྱོན་ཕུར་བྷན་ཐོགས་ནས་སུ། །གསེར་སྐྱེམས་ནས་བརྩམས་རྩེ་གསུམ་འགྲོས། །བར་དུ་གང་བཤད་འཆམས་ཀྱིས་སྒྲུབ། །ཅེས་གསུངས་པ་ལྟར། དཔོན་སློབ་ཚང་མས་འགྲུབ་ན་དང་། །གལ་ཏེ་མ་འགྲུབ་འདི་ཡིས་བྱ། །རྡོ་རྗེ་རྒྱལ་པོ་དབུས་སུ་འདུག །རྒྱལ་ཐེབས་བཞི་ནི་སྒོར་འཁོད་ལ། །ཞེས་པས། དཀྱིལ་འཁོར་གྱི་དབུས་སུ་བླ་མ་རྡོ་རྗེ་རྒྱལ་པོ་སྟེ། སློབ་དཔོན་ཧེ་རུ་ཀའི་ཆས་སུ་ཞུགས། རྒྱན་ཐམས་ཅད་ཀྱིས་བརྒྱན་པས་རྡོ་རྗེ་དང་དྲིལ་བུ་ཐོགས་ཏེ་འཁོད་པའི་མདུན་དུ། སྨན་རཀ་གཏོར་གསུམ་མཆོད་པ་ལྔ་སོགས་བཤམས་ནས། ཤར་ལ་སོགས་པའི་ཕྱོགས་བཞིར་རྡོ་རྗེ་རྒྱལ་ཐེབས་དང་རྡོ་རྗེ་ལས་མཁན་སོགས་རྒྱལ་ཐེབས་བཞི་པོ་འཁོད་ནས། རྡོ་རྗེ་སློབ་དཔོན་གྱིས། འབྱུང་བརྩེགས་ནས་བཟུང་ཛབ྄་བར་བྱས། །ཞེས་པས། ཨེ་ལས་ཨེ་ཡྃ་མྃ་སུྃ་ཀེཾ་རྃ་ཆད། ཅེས་པ་ནས་ཛབ྄་བར་ལས་བྱང་བཞིན་དང་མཐར། ཡ་མཱནྟ་ཀ་གསན་ཅིང་དགོངས་སུ་གསོལ། །སོགས་ཀྱིས་བཤགས་པ་གྲུབ་རྗེས། རྒྱལ་ཐེབས་བཞིས། སློབ་དཔོན་མཆོད་བསྟོད་གསོལ་གདབ་འདི། །ཞེས་ཕྱོགས་བཞིའི་མཆོད་པ་བཤམས་པ། ཧཱུྃ། ཡྃ་རྃ་ཁྃ་གིས་མཆོད་རྫས་ཐམས་ཅད་སྦྱངས་ནས། མཧཱ་རཀྟ་ཛྷ་ལ་མཎྜྻ་ལ་ཧཱུྃ་སྲཱིཿབར་བཏོན་ནས་བྱིན་གྱིས་བརླབས། སྣ་ཚོགས་མེ་ཏོག་ཕྲེང་བ་བཅིངས་པ་ནི། ནས། ཏི་ར་སིདྡྷི་ཧོཿ བར་གྱིས་མཆོད། ཆོས་ཀྱི་དབྱིངས་ནས་གོ་འབྱེད་སོགས་བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད་ནས་གསོལ་བ་འདི་ལྟར་གདབ། ཧཱུྃ། ཀུན་གྱི་རང་བཞིན་ཉིད་ལས་བྱུང་། །སེམས་ཉིད་རྡོ་རྗེ་འཛིན་པ་ཁྱོད། །མི་རྟོག་རང་བཞིན་ཏིང་འཛིན་ལས། །སྟོབས་ཆེན་རྡོ་རྗེའི་སྐུར་བཞེངས་ལ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། །ཕྱག་རྒྱ་ཆེན་པོ་རྫོགས་པར་མཛོད། །སློབ་དཔོན་གྱིས་ནི་ལྷ་རྣམས་བསྡུས། །བཛྭ་མུཿ ཡུམ་དང་བཅས་པའི་རྟེན་བརྟེན་པར་བཅས་པ་ཐམས་ཅད་བདག་ཉིད་ལ་ཐིམ་པར་གྱུར། མཆོད་པ་དང་གཏོར་མ་རྣམས་ཀྱང་བསྡུས་ལ་ཟིལ་གནོན་ཆེན་པོའི་ང་རྒྱལ་གྱིས། རང་ཉིད་ཟིལ་གནོན་དཔལ་ཆེན་པོའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེར་འབར་བས་འཇིག་རྟེན་འདི་ལ་ཀུན་ཏུ་བརྡེག་པར་བྱ་ཞིང་རྡོ་རྗེ་ཁྲོ་བོའི་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་བལྟ་བས། བཤོས་ཆང་ཏིང་ལོ་རྣམས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཧཱུྃ། ཡང་གསང་ལྷ་ཡི་དུར་ཁྲོད་གཞལ་ཡས་འདིར། །འདུ་བའི་དབང་ལྡན་ལས་བྱེད་མ་གཏོགས་པ། །བར་ཆད་འབྱུང་པོ་སུ་ཡང་གནས་མི་རུང་། །དེ་བས་མ་ཐོགས་མྱུར་བ་ཉིད་དུ་སོང་། །ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ་པར་བསམ་ཞིང་ཧཱུྃ་བཞི་པ་དང་ེ་རིང་སྔགས་ཀྱིས་བསྐྲད་ལ། དབུས་སུ་པདྨ་ལྟ་བུའི་གར། །གཡས་གཡོན་དབུས་སུ་མེ་ཏོག་དོར། །ཤར་དུ་ཐབས་ཤེས་འགྲོས་ཀྱིས་ཕྱིན། །གཞི་བཅའ་གཡས་བརྐྱང་གིས་བགེགས་བསྐྲད། །དེ་ནས་གནོད་སྦྱིན་འགྲོས་ཀྱིས་ལྷོར། །གཞི་གཅའ་གཡོན་བརྐྱང་ཀླུ་འཁྱིལ་འགྲོས། །ནུབ་ཏུ་གཞི་བཅའ་ས་གའོ། །རྐང་གཅིག་མཆོད་སྐོར་འགྲོས་ཀྱིས་བྱང་། །གཞི་གཅའ་ཟླུམ་པོའི་མཐའ་སྐོར་དུ། །དཔའ་བོའི་གར་དང་སྒེག་མོའི་འཇོལ། །རྡོ་རྗེའི་སྒོ་རུ་གནམ་ས་བརྡུངས། །དགའ་བ་ཁ་སྦྱོར་སོང་གཡལ་གྱིའོ། །ཞེས་པ་ལྟར་དང་། ཤེས་ཤིང་སྤྲོས་པ་ལ་དགའ་ན་སྟངས་སྟབས་དྲུག་ཅུ་རྩ་གཉིས་ཀྱང་བྱ་སྟེ། རྡོ་རྗེ་རྒྱལ་པོ་ཉིད་ཀྱིས་སོ། །དེ་ནས་ཁྲོ་བཅུའི་ཕུར་གདབ་ནི། བདག་ཉིད་ཟིལ་གནོན་ཧེ་རུ་ཀར་གསལ་བའི་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་བགེགས་གདུག་པ་ཅན་ཐམས་ཅད་བཀུགས་ཏེ། བསྲུང་འཁོར་གྱི་ཕྱི་རོལ་ཕྱོགས་མཚམས་སྟེང་འོག་བཅུར་འཁོད་ལ། ཕུར་བུ་བཅུ་ཁྲོ་བོ་བཅུར་བསྐྱེད་དེ། གཡས་སུ་རྡོ་རྗེ་ཐོ་བ་དང་། གཡོན་དུ་ཕུར་པ་ཐོགས་ནས་སུ། །དབྱངས་དང་བཅས་ཏེ་བགེགས་ལ་བཏབ། །ཅེས་པས་དང་པོར་གཡས་རྡོ་རྗེ་ཐོ་བ་དང་། གཡོན་པས་སྟེང་ཕྱོགས་ཧཱུྃ་ཀཱ་རའི་ཕུར་བུ་བླངས་ཏེ། ཧཱུྃ། སྣང་སྲིད་འཁོར་ལོ་རྩིབས་བཅུར་སོང་། །སོགས་དང་། སྟེང་དུ་ཁྲོ་རྒྱལ་ཧཱུྃ་ཀཱ་ར། ཨོཾ་མཧཱ་ཀྲོ་དྷཱ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཕཊ྄་ཕཊ྄། ཨོཾ་བཛྭ་མཱུུ་ར་བཛྭ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ྄། སློབ་དཔོན་གྱིས་སྟངས་སྟབས་དང་བཅས་པས་སྟེང་གི་བགེགས་ལ་བཏབ་པར་མོས་ལ་ཤར་གྱི་ཤར་དུ་བཏབ། གདབ་སྔགས་འདི་འོག་མ་ཀུན་ལ་རིགས་འགྲེ་བས། སོ་སོའི་ཚིགས་བཅད་དང་སྔགས་མཐར་འདི་ཉིད་སྦྱར་ཤེས་པར་བྱའོ། །དེ་ནས་ཤར་གྱི་རྣམ་རྒྱལ་གྱི་ཕུར་བུ་ཐོགས་ཏེ། ཤར་དུ་ཁྲོ་རྒྱལ་བི་ཛཱ་ཡ། སོགས་སྟངས་སྟབས་དང་བཅས་སྔ་མ་བཞིན་དུ་ཤར་དུ་བཏབ་པ་སོགས། ཕྱོགས་གཡས་སྐོར་གྱིས་གདབ། དེ་ནས་བྱང་ཤར་ཁྲོ་རྒྱལ་གསུམ་ལས་རྒྱལ། །སོགས་ཀྱིས་མཚམས་གཡོན་སྐོར་དང་། འོག་ཏུ་ཁྲོ་བོ་སྟོབས་པོ་ཆེ། །སོགས་ཀྱིས། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་བཏབ་པས་དབང་པོ་ལ་སོགས་པའི་བགེགས་རྣམས་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་ངོ་བོར་གྱུར་པར་བསམས་ལ་ཕུར་བུ་རྣམས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་མི་བསྡུ་བར་འཇོག་ཅིང་། དེ་རྣམས་ཀྱིས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ། སླར་ཕུར་བུ་རྣམས་ལ་གུ་གུལ་གྱིས་བདུག་ཅིང་། སློབ་དཔོན་གྱིས་ཡུངས་ཐུན་གྱིས་བྲབ་པའི་ཕྱག་སྲོལ་ཞིག་ཀྱང་སྣང་ངོ་། །ཞེས་སོགས་ཀྱིས་སོ་ཚོགས་ལས་མཐའ། །ཅེས་པ་དེ་ནས་ཚོགས་དང་བསྒྲལ་ལས་ལྷག་བསྔོའི་བར་ལས་བྱང་གཞུང་བཞིན་བཏང་། བདུན་པ་བཾ་ལེན་པ་ལ། བླང་། བསལ། དབང་སྡུད་གསུམ་ལས། དང་པོ་གང་ལེན་རྒྱུའི་བཾ་ནི་ནད་དང་རིམས་ཀྱིས་མ་ཤི་བ། མགོ་ཁ་བྱང་ཤར་རྐང་ལྷོ་ནུབ། །ཅེ་སྤྱང་གཟན་ལ་རྒྱུ་འདྲ་མིན། །གཞན་ཀུན་ལོ་བཞི་ནས་བརྩམས་ཏེ། །ཉེར་ལྔའི་བར་གྱི་སྐྱེས་བུད་མེད། །གྲིར་ཤི་བ་ཡི་ཧལ་བ་སྟེ། །རབ་ཡིན་འབྲིང་ནི་ཕྱི་བའི་རོ། །ཐ་མ་ལུག་སོགས་དུད་འགྲོ་གཞན། །ཞེས་གསུངས་པ་ལྟར་རམ། གལ་ཏེ་དངོས་སུ་མ་གྲུབ་ན། །དཀར་གསུམ་མངར་གསུམ་དང་བཅས་པས། སྦྲུས་པའི་མར་ཟན་ལ་བཾ་རོའི་གཟུགས་བཅོས་པ་དེ། དུར་ཁྲོད་ཀྱི་ཚུལ་དུ་བྱས་པའི་སྒྲུབ་ཁང་གི་ཕྱོགས་ཞིག་ཏུ་བཞག་པ་དེའོ། །བླང་བ་དངོས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འཇམ་དཔལ་གཤིན་རྗེའི་གཤེད། །དགྱེས་པའི་གར་གྱིས་བཾ་ཆེན་བླང་བའི་ཕྱིར། །གཤིན་རྗེའི་ལས་བྱེད་ཐམས་ཅད་ཕོ་ཉར་འགྱེད། །སོགས་ཀྱིས་ཕོ་ཉ་བསྐུལ་མཐར། དཔོན་སློབ་ཐམས་ཅད་རྒྱན་བཏགས། རྡོ་རྗེ་དྲིལ་བུ་དང་རོལ་མོ་སྣ་ཚོགས་བརྡུངས་ལ། སློབ་དཔོན་ཟིལ་གནོན་ཆེན་པོ་དང་། སློབ་མ་གཤེད་པོ་བཞི་ལ་སོགས་པའི་ང་རྒྱལ་གྱིས། རྡོ་རྗེའི་འགྲོས་རོལ་མོའི་སྒྲ་དང་བཅས་པས་འགྲོ་སྟེ། དཔའ་བོ་ཆེན་པོའི་ཤུགས་ཀྱི་འགྲོས། །གཡས་བརྐྱང་བ་དང་མཐུན་པའི་འགྲོས། །གཡོན་བརྐྱང་ས་ག་ཟླུམ་པོ་དང་། །རྐང་གཅིག་མཆོད་སྐོར་ལ་སོགས་པ། །རྡོ་རྗེའི་འགྲོས་ཏེ་བདུན་པོ་ཡིན། །འདྲེན་དང་བསྣུན་དང་བརྡེགས་པ་དང་། །རོ་ཟ་བ་དང་འཕང་གིས་འཁྱུད། །རི་བོ་འདེགས་དང་ཀླད་ལ་བསྐོར། །ཡེ་ཤེས་དབྱིངས་སུ་རོལ་བར་བྱེད། །འགྲོས་བདུན་སྟངས་སྟབས་བརྒྱད་དུ་གྲགས། །ཞེས་པ་ལྟར་རམ། ཡང་ན་རོལ་མོ་དང་བཅས་པས་དུར་ཁྲོད་དམ། གང་ན་བཾ་ཡོད་པ་དེར་ཕྱིན་ནས་སོ། །གཉིས་པ་བསལ་བ་ནི། ཤ་ཟ་མཁའ་འགྲོ་འཁྲུགས་བསལ་ཕྱིར། །ཚིལ་དུད་བཏང་ཞིང་རྐང་དུང་འབུད། །ཐོད་རྔ་བརྡུང་ཞིང་ཤ་ཆེན་གྱིས། །བརྒྱན་པའི་གཏོར་མ་ཕུལ་ནས་སུ། །ཧཱུྃ། དུར་ཁྲོད་རྒྱུ་ཞིང་ཏི་ར་ལོངས་སྤྱོད་མ། །བཾ་ཆེན་ཤ་ཟ་ཁྲག་ལ་ཧུབ་ཀྱིས་འདེབས། །རིགས་ལྔའི་མཁའ་འགྲོ་བདེ་གཤེགས་ཡུམ་གྱི་འཁོར། །བདག་དང་ཁམས་གསུམ་ཟ་བྱེད་ཆེན་མོ་ཡིན། །ཐབས་ཀྱི་སྤྱོད་པས་འགྲོ་དོན་བྱ་བའི་ཕྱིར། །ཏི་ར་བཾ་ཆེན་འདི་ལ་ལོངས་སྤྱོད་ཀྱིས། །ཁྱེད་དང་མ་སྲིང་བུ་མོ་བྲན་དང་ཁོལ། །ཐུགས་ཀྱིས་མནར་བ་མ་མཛད་གཉིས་མེད་རོལ། །དྲི་དང་སྨན་གྱིས་རོ་ལ་བྱུགས། །གསུམ་པ་དབང་དུ་སྡུད་པ་ནི། བདག་ཉིད་ཟིལ་གནོན་གྱི་ང་རྒྱལ་དང་ལྡན་པས། ཟིལ་གནོན་འོད་དམར་ལྕགས་ཀྱུ་ཡིས། །ཤ་ཟ་མཁའ་འགྲོ་འབྱུང་བཅས་ཀྱི། །སྙིང་གར་བཏབ་པས་དབང་མེད་འདུས། །སྐུ་ལས་ཁྲོ་བོ་མེ་བཅས་སྤྲོས། །ཁམས་གསུམ་གང་བས་དེ་རྣམས་གཟིར། །དྲག་པོ་སྔགས་ཀྱིས་བརྒྱལ་རྨོངས་རེངས། །ཞེས་པས། རང་ཉིད་ཁྲག་འཐུང་ཟིལ་གནོན་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། དུར་ཁྲོད་ཀྱི་ཤ་ཟ་མཁའ་འགྲོ་དང་། འབྱུང་པོ་རྣམས་ཀྱི་སྙིང་གར་ཕོག་པས་རང་དབང་མེད་པར་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་པར་བསམས་ལ། །དཔོན་སློབ་ཐམས་ཅད་ཀྱིས་ེ་མྱགས་ཀྱི་ང་རོ་འབྲུག་ལྟ་བུར་བརྗོད། སླར་ཡང་། སློབ་དཔོན་བདག་ཉིད་ཟིལ་གནོན་ཆེན་པོར་གསལ་བའི་སྐུ་ལས་ཁྲོ་བོ་གྲངས་མེད་པས་ཁམས་གསུམ་མེའི་འཁོར་ལོ་རབ་ཏུ་འཁྲུགས་པ་དང་བཅས་པས་དུར་ཁྲོད་ཀྱི་ཤ་ཟ་མཁའ་འགྲོ་མས་བཾ་ཆེན་གྱི་རོ་ལ་དབང་བྱེད་པ་དེ་ཐམས་ཅད་ཟིལ་གྱིས་མནན་ཏེ། བརྒྱལ་བ་དང་རེངས་པ་དང་། རྨོངས་པར་བྱས་པར་བསམས། ཐམས་ཅད་དགྱེས་པའི་གར་དང་ལྡན། །ཧུར་གྱིས་བླངས་ནས་ལན་གསུམ་དུ། །དཀྱིལ་འཁོར་བསྐོར་ནས་བྱང་དུ་ཨེ། །ཐལ་ཆེན་གྱིས་བྲིས་སྟེང་དུ་བཞག །ཞེས་པའི་ཨེ་ནི་ཆོས་འབྱུང་གྲུ་གསུམ་སྟེ། དཀྱིལ་འཁོར་གྱི་གཞིའི་བྱང་ངོས་སུ་ཐལ་ཆེན་གྱིས་བྲིས་པའི་སྟེང་དུ་བཾ་བླངས་པ་དེ་དགོད་པ་ནི་ནུབ་དང་པོའི་བྱ་བའོ། །གསུམ་པ། ལྷག་གནས་ཀྱི་རིམ་པ་ལ། དཀྱིལ་འཁོར་རྫས་བུམ་ལྷ་དང་ནི། །སློབ་མ་བཾ་གྱི་སྟ་གོན་སྟོན། །དང་པོ་ལའང་། རྒྱལ་ཆེན་བཀའ་བསྒོས་ཕྱི་མཚམས་བཅད། །དམ་སྲི་མནན་ཅིང་སྒོ་བྱང་གདགས། །མ་ཊཾ་བསྒྲལ་དང་ཐིག་ཚོན་ལས། །དཀྱིལ་འཁོར་སྟ་གོན་དག་ལ་འདོད། །ཅེས་རྣམ་པ་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས་བདག་བསྐྱེད་ལས་བྱང་བཞིན་སྔོན་དུ་འགྲོ་བས། སྒྲུབ་ཁང་ཕྱི་རུ་ཐོ་བཞི་བཙུག །དེ་མདུན་མཆོད་དང་གཏོར་མ་བཤམས། །གནས་ཀྱི་ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་བཞིའི་སར་ཐོ་བཞི་སྟེ། ཕ་གུ་ལྟ་བུས་མཆོད་རྟེན་བཞི་བརྩེགས་པའི་རྩེར་ཤིང་རིང་བཞི་ཡི་རྩེ་ལ་རྒྱལ་ཆེན་བཞི་ཡི་སྐུ་གཟུགས་ཁ་ཕྱིར་བསྟན་པ་གཟུགས་ཏེ། དེ་ཡང་། ཤར་གྱི་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། རྒྱབ་ལོགས་སུ་ཨོཾ་དྷྲྀཥྚ་རཥྚ་ཡེ་སྭཱ་ཧཱ། ཤར་ཕྱོགས་དྲི་ཟ་འཁོར་དང་བཅས་པ་དང་། བར་དུ་གཅོད་པ་ཐམས་ཅད་ཀྱི་མཚམས་ཆོད་ཅིག་ཅེས་བྲིའོ། །ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་དང་བེ་ཅོན་བསྣམས་པའི་རྒྱབ་ཏུ། ཨོཾ་བཻ་རཱུ་ཌྷྜྷ་ཀ་ཡེ་སྭཱ་ཧཱ། ལྷོ་ཕྱོགས་གཤིན་རྗེའི་འཁོར་རྣམས་དང་། བར་ཆད་ཐམས་ཅད་ཀྱི་མཚམས་ཆོད་ཅིག་ཅེས་བྲི། ནུབ་ཕྱོགས་སུ་མིག་མི་བཟང་སྐུ་མདོག་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་བསྣམས་པ་ལ། ཨོཾ་བི་རཱུ་པཱཀྵ་ཡེ་སྭཱ་ཧཱ། ནུབ་ཕྱོགས་ཀླུ་དབང་འཁོར་ཚོགས་དང་བཅས་པའི་མཚམས་ཆོད་ཅིག་ཅེས་བྲི། བྱང་དུ་རྣམ་ཐོས་སྲས་ལྗང་གུ་བེ་ཅོན་དང་ནེའུ་ལེ་བསྣམས་པའི་རྒྱབ་ཏུ། ཨོཾ་བཻ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། བྱང་ཕྱོགས་གནོད་སྦྱིན་འཁོར་ཚོགས་རྣམས་མཚམས་ཆོད་ཅིག །ཅེས་བྲིའོ། །དེ་རྣམས་སོ་སོའི་མདུན་དུ་གཏོར་མ་དཀར་གཏོར་རྒྱན་དང་ལྡན་པ་རེ་རེ་དང་། མཆོད་པ་ལྔ་བཤམས་ལ། དང་པོ་ཤར་ཕྱོགས་སུ་སོང་ནས་མཆོད་གཏོར་རྣམས་བདུད་རྩིས་སྦྱངས་ནས་འདི་སྐད་བརྗོད། ཨོཾ་སྭ་བྷ་ཝས་སྦྱངས། བྷྲཱུྃ། ཕོ་བྲང་སྤོས་ངད་ལྡན་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་ཡུལ་སྲུང་སྐུ་མདོག་དཀར། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་རྒྱུད་མངས་སྦྲེང་། །དྲི་ཟའི་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཧཱུྃ། ཡུལ་འཁོར་སྲུང་ནི་ཤར་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་དཔུང་དང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་བསྟིམ། །གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། ཨོཾ་མཧཱ་ར་ཛ་དྷྲྀཥྚ་རཥྚ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪཱ་སྭཱ་ཧཱ། ཉེར་སྤྱོད་ལྔ་བྱ་གཏོར་མ་ནི། །ཨོཾ་ཨཱཿཧཱུྃ་མཧཱ་རཱ་ཛ་དྷྲྀཥྚ་རཥྚ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ཧཱུྃ། ཤར་ཕྱོགས་ནས་ནི་ཡུལ་འཁོར་སྲུང་། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིཥྛ་བཛྭཿ ཞེས་མེ་ཏོག་འཐོར། དེ་བཞིན་དུ་ལྷོ་ལ་སོགས་པའི་ཕྱོགས་གཞན་དུའང་རིམ་པས་སོང་སྟེ། བསང་སྦྱངས་སྔ་མ་ལྟར་ལ། བྷྲཱུྃ། ཕོ་བྲང་བཻཌཱུརྻ་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་སྐུ་མདོག་སྔོ། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་རལ་གྲི་འཕྱར། །གྲུལ་བུམ་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཧཱུྃ། འཕགས་པར་སྐྱེས་པ་ལྷོ་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་གཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ། དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམས། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་མཧཱ་རཱ་ཛ་བཻ་རཱུ་ཌྷྜྷ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཏོར་མ་ཨོཾ་ཨཱཿཧཱུྃ་མ་ཧཱ་ར་ཛ་བཻ་རཱུ་ཌྷྜྷ་ཀ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ཞེས་པས་འབུལ། ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིཥྛ་བཛྭ། ནུབ་ནས་མཆོད་གཏོར་བསངས་སྦྱངས་ལ། ཧཱུྃ། ཕོ་བྲང་རྒྱ་མཚོའི་དཔལ་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་ལུས་ངན་སྐུ་མདོག་དམར། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་སྦྲུལ་ཞགས་འཕེན། །ཀླུ་དབང་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཧཱུྃ། སྣ་ཚོགས་གཟུགས་ནི་ནུབ་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་དྲངས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་བསྟིམ། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་མཧཱ་རཱ་ཛ་བི་རཱུ་པཀྵ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཏོར་མ་ཨོཾ་ཨཱཿཧཱུྃ། མཧཱ་རཱ་ཛ་བི་རཱུ་པཀྵ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ཧཱུྃ་ནུབ་ཕྱོགས་ནས་ནི་སྤྱན་མི་བཟང་། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ་དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིཥྛ་བཛྭ། བྱང་ནས་བསང་སྦྱངས། བྷྲཱྃ། ཕོ་བྲང་ལྕང་ལོ་ཅན་ནང་ཧཱུྃ་ཡིག་ལས། །རྒྱལ་པོ་ཆེན་པོ་རྣམ་སྲས་སྐུ་མདོག་ལྗང་། །བརྗིད་ཅིང་རྒྱན་གྱིས་སྤྲས་པ་རྒྱལ་མཚན་འཕྱར། །གནོད་སྦྱིན་སྡེ་ལ་དབང་བསྒྱུར་འཁོར་གྱིས་བསྐོར། །ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཧཱུྃ། རོ་གདན་གནས་ནས་བྱང་ཕྱོགས་སྐྱོང་བའི་རྒྱལ། །བཙུན་མོ་སྲས་བཅས་བློན་པོ་གཉེན་འདུན་དང་། །མཛའ་བཤེས་ནང་མི་དམག་གི་དཔུང་བཅས་པ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་མཧཱ་རཱ་ཛ་བཻ་ཤྲཱ་མ་ཎ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཏོར་མ་ཨོཾ་ཨཱཿཧཱུྃ་མ་ཧཱ་རཱ་ཛ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ཧཱུྃ། བྱང་ཕྱོགས་ནས་ནི་རྣམ་ཐོས་སྲས། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེ། །ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །བདག་ཅག་འཁོར་དང་བཅས་པས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བརྟན་པར་བཞུགས་ལ། དགྲ་བགེགས་ནང་དུ་མི་གཏོང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཏིཥྛ་བཛྭ། མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། རྟེན་དེ་རྣམས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་པར་བསམ་པའི་ནང་དུ་རྒྱལ་པོ་ཆེན་པོ་མཐུ་རྩལ་ཅན་རྣམས་བཞུགས་ནས་མཚམས་ཀྱི་ཕྲིན་ལས་མཛད་པར་བསམས་ལ་སྒྲུབ་པ་མ་གྲོལ་གྱི་བར་ནངས་རེ་བཞིན་རྒྱལ་ཐོའི་རྩར་སོང་ལ་མཆོད་བསྟོད་ཕྲིན་བཅོལ་བྱའོ། །དེ་ནས་སྔར་བཞིན་ཁྲོ་བཅུའི་ཕྱི་མཚམས་བཅད་ཅེས་པ། སླར་ཡང་ཕུར་བུ་རྣམས་ཁྲོ་བཅུར་གསལ་བཏབ་ལ། ཧཱུྃ། སྟེང་དུ་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །དབུ་གསུམ་ཕྱག་དྲུག་མཚོན་ཆ་འཕེན། །སྐུ་སྨད་ཕུར་བུ་འབར་བའི་དབལ། །ཚངས་པའི་འཁོར་ཚོགས་མཚམས་ཆོད་ཅིག །ཨོཾ་མཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄། ཅེས་པ་ཀུན་ལ་འགྲེ་ཞིང་སོ་སོའི་བསྒྱུར་ཀ་ཤེས་པས། ས་བདག་འཁོར་ཚོགས་མཚམས་ཆོད་ཅིག །ཨོཾ་མཧཱ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ་ཕཊ྄། ཅེས་པའི་བར་རོ། །གཉིས་པ་ནི། དམ་སྲི་མནན་པ་འདི་ལྟ་བུ། །ཤོག་བུར་གཡས་རྟ་གཡོན་ཁྱི་དང་། །མི་མགོ་གསུམ་ཅན་ལིངྒ་བཅའ། །སྙིང་གར་ཛཿགཉིས་སྤྲད་དབུས་ཏྲི། །སྟེང་གཡས་མདུན་གཡོན་ཁ་སྦྱོར་བར། ཏྲིཀ་ནན་ཨུ་ནན། ཨེ་ཧུར་བྲེང་ཤཀ་རྦད་ཐུཾ་ཛཿ སྙབས་པ་ལག་རིང་ཏྲི་ཛཿ ཧྶམྦྷ་ཡ་ནན། རྒྱལ་པོ་ཐེའུ་རང་ཏྲི་ཛཿཧྶམྦྷ་ཡ་ནན། ཨོཾ་སུམྦྷ་ནི་དམ་སྲི་འགོང་པོ་བསེན་མོ་ཡུལ་འདྲེ་འཁྱམས་པོ་ཧྶམྦྷ་ཡ་ནན། ལུས་ཀྱི་མཐའ་བསྐོར། ཅེས་དུག་ཤོག་ལ་ལག་ལེན་བཞིན་དུ་བྲིས་པར། སྦྱང་ཁྲུས་སོགས་སྤྱི་ལྟར་བྱས་ནས། ཁུག་རྟགས་མ་བྱུང་བར་དགུག་གཞུག་ཡང་ཡང་དང་། འགུགས་སྔགས་ཁོ་ནས་བཀུག །དེ་ནས་ལྷ་དབྱེ་བྱས་ཟིན་པ་དང་གཤིན་བལྟབ་བྱས། སྐུད་ནག་རྒྱ་གྲམ་བཅིངས་ནས་སུ། །ཁཾ་ས་ཡོས་ཚིག་ལིང་སྙིང་བཅུག །ཅེས་པས། ལིངྒ་གཤིན་བལྟབ་བྱས་ཏེ་སྐུད་ནག་གིས་རྒྱ་གྲམ་དུ་དཀྲིས་པ་དེ་ཉིད་ཁམ་ས་དང་ཡོས་ཚིག་གི་ཕྱེ་མ་ལ་མི་གཟུགས་མཛུབ་གང་བ་ཞིག་བྱས་པའི་སྙིང་གར་སྲོག་གི་ཚུལ་དུ་གཞུག་པར་བྱའོ། །དེ་ཡང་ལིངྒ་མགོ་གསུམ་དུ་འབྲི་བ་དང་། བསྐྱེད་བསྟིམ་མ་བྱས་གོང་ནས་བྱད་ཐག་གིས་འཆིང་བ་སོགས་ཀྱི་ཕྱག་ལེན་ལ་མི་འཐད་པའི་གནོད་བྱེད་མེད་ཅིང་། རྙིང་མ་རང་ལུགས་ལའང་ཡོད་པ་ནི་མངའ་རིས་རིག་འཛིན་རྗེས་མཛད་པའི་ཚེ་བདག་ལས་བྱང་ལས། བདུན་པ་དམ་སྲི་མནན་པ་ནི། ཁམ་ས་ཡོས་ཚིག་ཕྱེ་མ་ལ། །མི་གཟུགས་མཛུབ་གང་བ་ཞིག་བྱ། །དེ་ཡི་སྙིང་གར་གཞུག་པ་ཡི། །ལིངྒ་མི་ལུས་མགོ་གསུམ་ནི། །གཡས་ཕྱོགས་རྟ་ལ་གཡོན་པ་ཁྱི། །ལུས་གནས་སྲོག་ཡིག་གཡས་གཡོན་དབུས། །སོགས་དང་། དེ་ལྟར་བྲིས་ཟིན་མ་ཐག །བསྐྱེད་བསྟིམ་སོགས་མ་བཤད་པར། གཤིན་བལྟེབ་བྱས་ཏེ་སྐུད་ནག་གིས་རྒྱ་གྲམ་དུ་བཅིངས་ལ། གཟུགས་དེའི་སྙིང་གར་གཞུག་གོ །ཞེས་གསུངས་པས་ཤེས་སོ། །བྲུབ་ཁུང་ཉའུ་བསྐྱེད་བདེན་བརྡར། །ཕོ་ཉ་བསྐུལ་དགུག་བསྟིམ་སྲི་སྦྱངས། །ཞེས་པ་སྒྲུབ་ཁང་གི་ཕྱི་རོལ་སྒོ་དྲུང་དུ། བྲུབ་ཁུང་ཨེ་གྲུ་གསུམ་ཁྲུ་གང་བ་གཅིག་བརྐོས་ལ། དེར་ཚིག་གཟུགས་བཅུག་ནས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། སོགས་གསེར་སྐྱེམས། བཀའ་དྲིན་འཁོར་མེད་ཀྱི་གཟུ་དཔང་། ཨེ་ལས་བྲུབ་ཁུང་འདི་ཉིད་གནམ་ལྕགས་ཀྱི་ཁང་སྒྲོམ་ལ་སོགས་པས། བྲུབ་ཁུང་དུ་ཉའུ་བསྐྱེད་ནས་བདེན་པ་བརྡར་ལ་དགུག་གཞུག་ལན་གསུམ་བྱ། ཆོས་ཀྱི་དབྱིངས་ནས་འཇམ་དཔལ་ཧེ་རུ་ཀ །སོགས་ཀྱིས་ཕོ་ཉ་བསྐུལ། ེ་རིང་ཤམ་བུར། དམ་སྲི་ཨཱ་ཀརྵ་ཡ་ཛཿ སོགས་ལས་བྱང་གཞུང་བཞིན་བཏགས་པས་དགུག །ཨ་ཝེ་ཤ་ཡ་ཨ་ཞེས་པས་བསྟིམས་ནས། སྲི་སྦྱང་ནི། ཧཱུྃ་དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉེན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །ཕོ་ཉ་ལྕགས་ཀྱུས་མི་འགུགས་སུ། །ངན་སོང་གསུམ་དུ་འཁྱམས་ལ་དགའ། །རྒྱབ་བརྟེན་དབང་དུ་མི་བསྡུ་རུ། །སྡིག་པའི་གྲོགས་པོ་གཏོང་མ་ཕོད། །ཕྱག་རྒྱ་དྲྭ་བས་མི་བཅིང་དུ། །ཁྱོད་ཀྱི་ལུས་སེམས་སྡོད་མི་ཉན། །ལིངྒའི་རྟེན་ལ་མི་བསྟིམ་དུ། །བག་ཆགས་ངན་པར་རྟེན་མ་བྱུང་། །རྣོན་པོ་རྩང་གིས་མི་བསྐོར་དུ། །དམ་སྲི་ཕུང་སྲི་འགྲོས་ལ་དགའ། །ཡེ་ཤེས་ཕུར་པས་མི་འདེབས་སུ། །ངན་སོང་གནས་སུ་གཞོལ་ལ་དགའ། །ཤེས་རབ་རལ་གྲིས་མི་གཏུབ་ཏུ། །གཏི་མུག་མུན་པར་འཁྱམས་པར་འགྱུར། །ཐུན་རྫས་རྣམས་ཀྱིས་མི་བྲབ་ཏུ། །ལུས་སེམས་རྡུལ་དུ་འགྲོ་མ་ཉན། །དུག་ཆུ་ཁོལ་མས་མི་སྦྱངས་དུ། །ཡེ་ནས་ཉོན་མོངས་དུག་གིས་གཟིར། །ཁྲོ་བོའི་ཞལ་དུ་མི་བཏབ་ཏུ། །གཟུགས་ཕུང་ཤ་ཁྲག་རུལ་པའི་རྒྱུ། །དེ་ནས་བཀའ་ལ་མི་གདགས་སུ། །ཕྱིན་ཆད་ངན་སོང་དགག་པར་བྱེད། །ཅེས་སོ། །དེ་ནས་ཕུར་བསྐྱེད་ནས་བཟུང་བྲབ་རྫོགས་བར། །ཞེས་པར་ཕུར་བསྐྱེད་ནི། ཧཱུྃ། བདག་ནི་འཇམ་དཔལ་ཧེ་རུ་ཀ་སོགས་ནས། མཚོན་ཆ་བརྡེག་པའི་བར་གྱི་ཐུན་ཡོངས་རྫོགས་སོང་ནས། ཐེམ་འོག་དོང་བྲུས་མནན་ནས་སུ། །ས་ཆུ་མེ་ནི་རིམ་དགུས་མནན། །ལས་ཀྱི་གཤིན་རྗེ་དག་ལ་གཏད། །ཅེས་པས་དམ་སྲིའི་རྣམ་སྨིན་ལུས་རྟེན་དོང་ནང་དུ་སྤྱིའུ་ཚུགས་སུ་མནན་ལ། རོ་གཡམ་སྟོང་ཁམས་བྲིས་པས་ཁ་བཀབ་པ་ལ། ལཾ་ལཾ་ལཾ་ཧྶམྦྷ་ཡ་ནན། ཞེས་པས་དོང་དུ་ས་རིམ་པ་གསུམ་དང་། བཾ་བཾ་བཾ་ཧྶམྦྷ་ཡ་ནན། ཞེས་ཆུ་རིམ་པ་གསུམ། རཾ་རཾ་རཾ་ཧྶམྦྷ་ཡ་ནན། ཞེས་མེ་རིམ་གསུམ་སྟེ། འབྱུང་བ་རིམ་པ་དགུས་མནན་ལ། ལས་ཀྱི་གཤིན་རྗེ་ལ་གཏད་པ་ནི། ཧཱུྃ། འབྱུང་བ་རྟེན་བཞིའི་རྔམས་འོག་ནས། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེན་པོ་རྨད་དུ་བྱུང་། །མུན་ནག་འཐིབས་པའི་ནང་དུ་བཞུགས། །གཡས་པའི་ལག་ན་རི་རབ་ཐོགས། །གཡོན་པའི་ལག་ན་རྒྱ་མཚོ་འཁྲུགས། །ཞབས་ཀྱིས་རླུང་གི་འཁོར་ལོ་མནན། །དམ་ཉམས་ལས་ཀྱི་དམ་སྲི་ལ། །མནན་པ་ལས་ཀྱི་དུས་ལ་བབ། །སྒོ་མེད་ལྕགས་ཁང་ནང་དུ་ཆུག །གཤིན་རྗེ་རྣམས་ཀྱི་ཟས་སུ་བྱིན། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུག །རི་རབ་ཆེན་པོའི་རྨང་དུ་གནོན། །ནམ་ཡང་གཏོང་བར་མ་བྱེད་ཅིག །བདག་ཅག་འཁོར་དང་བཅས་པས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་ཕུང་སྲི་འབྱུང་པོ་རྒྱལ་བསེན་གསོན་འདྲེ་གཤིན་འདྲེ་ཐམས་ཅད་མཱ་ར་ཡ་ཧྶམྦྷ་ཡ་ནན། ཅེས་ཁ་མི་མངོན་པར་བཀབ་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སོགས་འཕྲིན་ལས་བཞིན་དུ་བྲོ་བརྡུང་ངོ་། །དེ་ནས་སྒོ་བྱང་གདགས་པ་ནི། རའི་སོག་པའམ། རོ་རས་སམ། གྲོ་ག་ཤོག་བུ་གང་རུང་ལ། གཤིན་རྗེའི་རྒྱལ་པོ་སྐུ་མདོག་མཐིང་ནག་མ་ཧེའི་གདོང་ཅན། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་འཁོར་ལོ་དང་གཡོན་པས་ཐོད་དབྱུག་འཛིན་པ། མ་ཧེའི་ཁྲི་ལ་བཞུགས་པ་གཅིག་བྲིས་པའི་རྒྱབ་ངོས་ཐུགས་ཀའི་ཐད་ཙམ་ནས། ཨོཾ་བཛྭ་ཀརྨ་ཡ་མཱ་རཱ་ཛ་ཧཱུྃ་ཕཊ྄། ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་ཕྱི་ཡི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་བྲིས་པ་སྒྲུབ་ཁང་གི་སྒོ་ཡི་ཕྱི་རོལ་གྱི་ཡ་ཐེམ་ལ་ཁ་ཕྱིར་བསྟན་ཏེ་བཏགས་པའི་མདུན་དུ་སོང་ལ་མཆོད་དང་གཏོར་མ་བཤམས་ནས་སུ། །བསང་སྦྱངས། ཧཱུྃ། ཕོ་བྲང་ཐོད་པ་ལྕགས་མཁར་ཧཱུྃ་ཡིག་ལས། །གཤིན་རྗེའི་རྒྱལ་པོ་མཐིང་ནག་མ་ཧེའི་གདོང་། །དུར་ཁྲོད་ཆས་བརྒྱན་ཐོད་དབྱུག་འཁོར་ལོ་བསྐོར། །དྲེགས་པའི་སྡེ་ལ་དབང་བསྒྱུར་མ་ཧེ་བརྫིས། །ཨོཾ་ཨཱཿཧཱུྃ་ཡ་མ་རཱ་ཛ་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་དང་། ཨོཾ་ཨཱཿཧཱུཾ་ཡ་མ་རཱ་ཛ་བ་ལིངྟ་ཁཱ་ཧི། ཞེས་པས། ཉེར་མཆོད་གཏོར་མ་ཕུལ་ནས་སུ། །ཧཱུྃ། སྲིད་པའི་ལྷ་སྲིན་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱིས། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །ས་འདི་ཡན་ལ་བགེགས་མ་བཏང་། །ཡ་མ་རཱ་ཛ་ས་མ་ཡ་ཏིཥྛ་ལྷན། ཞེས་མེ་ཏོག་འཐོར། ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་སྒྲུབ་པའི་གནས་འདིར་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད། ནང་སྒོར་བདུད་རྩི་འཁྱིལ་བའི་གཟུགས། །ཅེས་པ། ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོང་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་བདུད་རྩི་འཁྱིལ་བའི་ཕྱག་རྒྱས་གཡས་རྒྱ་གྲམ་གཡོན་དྲིལ་བུ་འཛིན་ཅིང་གཡོན་བརྐྱང་གི་སྟབས་ཅན་ཀླུ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་ཅིག་བྲིས་པའི་རྒྱབ་ལོགས་ཐུགས་ཀའི་ཐད་དུ། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཁྲོ་བོ་བདུད་རྩི་འཁྱིལ་པས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་བྲི་དེ་ཉིད་སྒྲུབ་ཁང་གི་ནང་ལོགས་ངོས་ཀྱི་སྒོ་ཡི་ཡ་ཐེམ་ལ་ཞལ་ནང་བསྟན་དུ་བཞུགས་སུ་གསོལ་བའི་མདུན་དུ་མཆོད་པ་དང་གཏོར་མ་བཤམས་པ་བསང་སྦྱངས། ཧཱུྃ་ལས་ཀྱི་ཁྲོ་བོ་སྐུ་མདོག་ལྗང་། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིས། །རྒྱ་གྲམ་དྲིལ་བུ་འཛིན་མཛད་པ། །གཡོན་བརྐྱང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། ཨོཾ་ཨཱཿཧཱུཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཨཱ་ཀརྵ་ཡ་ཛཿཛཿཧཱུཾ་བཾ་ཧོཿ བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བཏང་། རྩ་སྔགས་ལ་གཏོར་སྔགས་བཏགས་པས། མཆོད་དང་གཏོར་མ་ཕུལ་ནས་སུ། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ཏིཥྛ་བཛྭ། ཅེས་མེ་ཏོག་འཐོར། ཁྲོ་བོ་བདུད་རྩི་འཁྱིལ་པས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་འཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། གསུམ་པ་ནི། མ་ཊཾ་གི་ཁོག་པར་ཆོ་ག་བཞིན་དུ་བྲིས་ཤིང་སྒྲུབ་ཟིན་པའི་དཀྱིལ་འཁོར་རྙིང་པ་རབ་གནས་ཅན་ཡོད་ན་དེ་ཉིད་བཀྲམ་པ་ཁོ་ནས་འཐུས་ཀྱིས། མ་ཊཾ་བསྒྲལ་ཆོག་དང་ཐིག་ཚོན་གྱི་ལས་རྣམས་གང་ཡང་མི་དགོས་ལ། གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་ན། དང་པོ་མ་ཊཾ་བསྒྲལ་བ་ལ་སྔགས་རྙིང་མའི་དཀྱིལ་འཁོར་གྱི་སྒྲུབ་གཞུང་ཆེན་པོ་ཚོར། དང་པོ་མ་ཊཾ་དེ་གནས་གང་ལ་དབང་བྱེད་པ། ངོ་བོ་ངོས་བཟུང་བ། སྔོན་བྱུང་ཇི་ལྟར་བཏུལ་བ། རྗེས་འཇུག་གིས་མནན་ཅིང་འདུལ་ཐབས། བཏུལ་བའི་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ། བཏུལ་བའི་དགོས་པ་སྟེ་ས་བཅད་རྣམ་པ་དྲུག་གི་གཞི་བཟུང་ནས། བཞི་པ་དང་། ལྔ་པའི་སྐབས་དོན་ཆོས་ཉིད་ཀྱིས་འདུལ་བ། རྟགས་ཆོ་གས་འདུལ་བ། ཕྱི་མ་ལའང་མ་ཊཾ་གི་གཟུགས་བཅའ་བ། དེ་བསྒྲལ་བ། གནས་གཞན་དུ་སྤར་བ། ཁོག་པ་བྲུས་སྦྱངས་པ། མཐར་སྨོན་ལམ་གདབ་པ་སོགས་ཕྱག་ལེན་རྒྱས་པའི་ལུགས་ལྟར་འདིར་ཡང་བྱས་ན་མི་རུང་བ་ནི་མ་ཡིན་པས་དེ་ལྟར་བྱེད་པའི་དབང་དུ་བྱས་ན། མ་ཊཾ་གི་གཟུགས་ཁཾ་ས་ལ་བཅོས་པ་དཀྱིལ་འཁོར་གྱི་གཞིའི་དབུས་སུ་བཞག །བསྒྲལ་ནས་ཁོག་པ་བྲུས་སྦྱངས་པ་སོགས་བྱས་ཟིན་པ་དང་། ཡན་ལག་ལྔ་སྙིང་དང་ནང་རོལ་མཚན་མ་རྣམས་སོ་སོར་བཅད་ནས་མཎྜྻལ་གྱི་ཕྱོགས་མཚམས་གནས་སོ་སོར་བཀོད། ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ་ལ་དཀྱིལ་འཁོར་བཞེངས་པ་ཡིན་ཀྱང་། འདིར་ནི་ཕྱག་ལེན་བསྡུས་པའི་ལུགས་སུ་དེ་དག་གི་སྙིང་པོ་ཙམ་འཐུས་ཚང་འཁྱེར་བདེའི་ཚུལ་དུ། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀྱིས་སྒྲུབ་དཀྱིལ་ཁྲག་འཐུང་རོལ་པའི་དགའ་སྟོན་དུ་འགོད་པར་མཛད་པའི་དགོངས་པ་བཞིན་འཆད་ན་སྒོ་བྱང་གདགས་ཟིན་པ་དང་། ནང་ལོགས་ནས། སྟེགས་བུ་ཁྱབ་པར་རཱུ་ཏྲའི་གཟུགས། །གདོང་གསུམ་ལག་དྲུག་རྐང་བཞི་བྲིས། །ཞེས་གསུངས་པ་ལྟར། མགོ་དང་རྐང་ལག་སྟེགས་བུའི་རྒྱ་ཁྱོན་གྱི་མཐའ་དང་མཉམ་ཞིང་། ཁོག་པ་ལ་བཞེངས་རྒྱུའི་དཀྱིལ་འཁོར་ཚུད་པའི་ཚོད་ཙམ་དུ། མ་ཏྲཾ་རུ་དྲའི་གཟུགས་གདོང་གསུམ་ལག་དྲུག་རྐང་པ་བཞི་པ་ཞིག་རི་མོར་བྲིས་ལ། སློབ་དཔོན་འཇམ་དཔལ་གཤིན་རྗེའི་ང་རྒྱལ་དང་བཅས། བདེན་སྟོབས་ཕོ་ཉ་བསྐུལ་དང་དགུག །ཅེས་གསུངས་རྣམས་རིམ་བཞིན་འདི་ལྟར་བྱ་སྟེ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ ཁྲོ་བོའི་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་འདི་ཡི་བྱིན་གྱི་བརླབས་ཀྱིས། རྣམ་པ་མ་ཏྲཾ་རཱུ་དྲ་ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་རྟེན་མ་ཏྲཾ་གི་གཟུགས་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག །ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག །ལྕགས་སྒྲོག་ཅན་རྣམས་ཀྱིས་སྡོམས་ཤིག དྲིལ་བུ་ཅན་རྣམས་ཀྱིས་མྱོས་ཤིག །ལན་གསུམ་བྱས་ནས་ཕོ་ཉ་བསྐུལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་འཇམ་དཔལ་ཧེ་རུ་ཀ སོགས་དང་དགུག་པ་ེ་རིང་ཤམ་བུ་འདི། །མ་ཏྲཾ་རཱུ་དྲ་ཨཱ་ཀརྵ་ཡ་ཛཿ མ་ཏྲཾ་རཱུ་དྲ་ཨཱ་ཡུརྫྙ་ན་ཨཱ་ཀརྵ་ཡ་ཛཿ མ་ཏྲཾ་རཱུ་དྲ་ཏྲི་ཡཾ་ནི་ཨཱ་ཀརྵ་ཡ་ཛཿ མ་ཏྲཾ་རཱུ་དྲ་རུ་པ་སྐནྡྷུ་ཨཱ་ཀརྵ་ཡ་ཛཿཛཿ པྲ་བེ་ཤ་ཡ་ཕཊ྄། ཧཱུྃ། མ་ཏྲཾ་ཞེས་བརྗོད་རུ་ཏྲ་ཁྱོད། །ཐུབ་དཀའི་དྲུང་དུ་དམ་ལོག་བྱས། །སྔོན་ཡང་སྒྲུབ་ལ་བར་དུ་བཅད། །དངོས་གྲུབ་ཀུན་ལ་རབ་ཏུ་སྒྲིབ། །དེ་ཚེ་འཇམ་དཔལ་གཤིན་རྗེ་ཡིས། །ཐུགས་རྗེ་ཐབས་ཀྱིས་བཟུང་ནས་སུ། །མ་འགགས་རོལ་པའི་ཐོ་བས་བཅོམ། །བསྒྲལ་ནས་དུར་ཁྲོད་རྒྱན་དུ་བྱས། །ཁུངས་དང་རྩད་བཅད་བདག་ལས་བྱུང་། །བདག་ཏུ་འཛིན་པའི་རུ་ཏྲ་འདི། །བདག་མེད་སྤྲོས་བྲལ་དབྱིངས་སུ་བསྒྲལ། །དེ་རིང་རྒྱལ་བའི་རྗེས་སུ་འཇུག །ཨོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭཱ་བྷཱ་ཝ་ཨཏྨ་ཀཱོཧཾ། མ་ཏྲཾ་རུ་ཏྲ་ཛཿཨ་ཀརྵ་རུ་ཏྲ་ཛཿཁ་ཏྲཾ་ཀ་རུ་ཏྲ་ཛཿ རུ་ཏྲ་ཁ་ཏྲཾ་མ་ར་ཡ་ཕཊ྄། ཅེས་བརྗོད་པས་བསྒྲལ་ནས། ཁོག་པ་གཞལ་ཡས་ཁང་ཡན་ལག །དུར་ཁྲོད་བསམ་ནས། ཞེས་གསུང་པ་ལྟར་ཡིད་ཀྱིས་མོས་པ་བྱ། གཉིས་པ་ཐིག་ཚོན་གྱི་ལས་ལ། ཐིག་གི་རྒྱུ། རྒྱུ་མའི་ནང་ཤུན་ནམ་དར་སྐུད་ལྔ་གང་རུང་བདུད་རྩིས་བྲན། ཟིལ་གནོན་ཡབ་ཡུམ་སྦྱོར་མཚམས་ཀྱི། །སེམས་བསྟིམ་ཡེ་ཤེས་ལྔ་རུ་བསམ། །ཞེས་གསུངས་པ་ལྟ་བུའི་ཐིག་སྐུད། བྷནྡྷའི་སྣོད་དུ་བཞག་པ་བདུད་རྩིས་བྲན་ལ། སློབ་དཔོན་ནུབ་དང་ཐིག་གཡོག་པ་ཤར་དུ་འཁོད་དེ། སློབ་དཔོན་བདག་ཉིད་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས། རྃ་ཡྃ་ཁྃ་འཕྲོས་སློབ་མ་ལ་ཕོག །སྡིག་སྒྲིབ་དང་རྣམ་སྨིན་གྱི་ལུས་བསྲེག་སྦྱངས། ཡུམ་བེ་ཏ་ལིའི་སྐུར་གྱུར་པའི་ཡབ་ཀྱི་གནས་ལྔར་རྣམ་སྣང་སོགས་རིགས་ཀྱི་ཡབ་ལྔ་དང་། ཡུམ་གྱི་གནས་ལྔར་སྤྱན་མ་སོགས་རིགས་ཀྱི་ཡུམ་ལྔ་གསལ་བའི་ཡབ་ཡུམ་རྣམས་གཉིས་མེད་མཉམ་སྦྱོར་གྱིས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་དཀར་དམར་ཡེ་ཤེས་ལྔའི་བདག་ཉིད་ཅན། སྦྱོར་མཚམས་སུ་ལྷུང་བ་སྲད་བུ་ལ་ཐིམ་པས་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པར་བསམ། ཡེ་ཐིག་བླ་མ་ཡབ་གསལ་བས། །ཐུགས་ནས་ཡེ་ཤེས་ལྔ་ཡི་སྐུད། །འཇའ་ཚོན་འདྲར་ཐོན་གཟུངས་མ་ནི། །ཡུམ་གསལ་བྷ་གར་ཐིམ་ནས་སླར། །ཐུགས་ལས་ཐོན་བསམ་ཐིམ་སྐོར་བས། །ཞེས་གསུངས་པ་ལྟར། བླ་མ་ཟིལ་གནོན་ཡབ་ཀྱི་སྐུར་གསལ་བའི་ཐུགས་ཡེ་ཤེས་ལྔའི་བདག་ཉིད་རྣམ་པ་ཡེ་ཤེས་ཀྱི་ཐིག་སྐུད་འཇའ་ཚོན་སྣ་ལྔའི་སྐུད་པ་ལྟ་བུར་ཐུགས་ཀ་ནས་ཐོན་པ། ཡུམ་གྱི་བྷ་ག་ནས་ཞུགས་པ་སླར་ཡང་དེ་ཉིད་ཀྱི་ཐུགས་ཀ་ནས་ཚུར་ཐོན། ཕྱོགས་བཅུའི་ཞིང་གི་རྒྱལ་སྲས་ཞི་ཁྲོ་རབ་འབྱམས་མ་ལུས་པའི་ཐུགས་བདེ་བ་ཆེན་པོ་ཡེ་ཤེས་ལྔའི་རང་བཞིན་ཅན། ཀུན་ཀྱང་འོད་ཟེར་སྣ་ལྔ་པའི་ཚུལ་དུ་དེ་ཉིད་ལ་ཐིམ་པར་བསམས་ནས། སློབ་དཔོན་དང་ཐིག་གཡོག་པས་ཐིག་སྐུད་ནམ་མཁར་འཐེན་ཏེ། ཧཱུྃ། སྟོང་གསུམ་དམིགས་བཅས་ཡུམ་གྱི་གཞལ་ཡས་སུ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས། །ཐབས་དང་ཤེས་རབ་གཉིས་མེད་བྱང་ཆུབ་སེམས། །རབ་འབྱམས་རྒྱལ་བའི་དལ་ནི་མཁའ་ལ་གསལ། །ཨོཾ་ཛྙྱཱ་ན་མཎྜྻལ་མ་ཏི་ཀྲ་མ་ཧཱུྃ། ཞེས་པས། ཚངས་ཐིག་བརྒྱད་དང་ལོགས་ཐིག་མཁར། །ནམ་མཁའ་ཐམས་ཅད་གཞལ་ཡས་ཁང་། །རྒྱལ་རྣམས་ཟིལ་གནོན་ལྷ་ཚོགས་བསམ། །དེ་ལྟར་ཚངས་ཐིག་སོགས་ཐིག་རེ་གདབ་པ་དང་བསྟུན་གོང་གི་སྔགས་དེ་ཉིད་ཚར་རེ་བརྗོད། དེ་ནས་དམ་ཚིག་གི་ཐིག་དཀྱིལ་འཁོར་གྱི་གཞི་ལ་ཇི་ལྟར་འདེབས་པའི་ཚུལ་ནི། ཡེ་ཤེས་ཐིག་ཟེར་དམ་ཚིག་ཐིག །ཐིག་ཆེན་བརྒྱད་བཏབ་རན་གྲུ་བཞི། །ཚངས་གཉིས་རྒྱབ་མདུན་བརྒྱད་བརྒྱད་བསིལ། །དེ་འདྲ་ཆ་གཅིག་ཀུན་ལ་བསྣན། །དང་པོ་ཕྱེད་བཏབ་ཕྱི་མ་གཤག །གཉིས་བཞི་དྲུག་པའི་མཐའ་གཉིས་བསིལ། །བདུན་པ་དང་པོ་བརྒྱད་གཉིས་བཞིན། །དགུ་ཕྱེད་དབུས་ནས་ཆ་གསུམ་བཞི། །བསྐོར་ཞིང་གཉིས་ཀར་ཕྲན་གཟས་ཀྱང་། །ཕྱི་ཆ་བཞི་བསིལ་གྲུ་གསུམ་བཀོད། །ཟླུམ་ནང་གྲུ་གསུམ་ལྟེ་གླིང་དགུ །གྲུ་གསུམ་བསྣོལ་རྩེ་བར་གཤག་རྩིབས། །དྲུག་ཐལ་མུ་རན་ནང་བཅུར་བགོད། །མདའ་ཡབ་སྒོ་འཛོམས་དྲུག་སྐོར་གཉིས། །བསྐྱེད་ཅིང་དེར་བརྟེན་གཅིག་ཕྱིན་ར། །གསུམ་དབུས་གཉིས་བསྐོར་འོག་ནས་རེ། །གླང་རྒྱབ་དགུ་ཕྱེད་དབུས་བྲེ་ཡན། །གཅིག་གཉིས་གསུམ་གཅིག་གསུམ་ཟླུམ་བསྐོར། །རྩིབས་སྟེང་གྲུ་དང་འོབས་དག་གི །ཕྱོགས་མཚམས་མུ་རན་ལ་དྲུག་ཅུ། །ཞེས་གསུང་པ་ལྟར། ལེགས་པར་བཏབ་ཟིན་པ་དང་། ས་ཚོན་དགྱེད་པ་ལ་ཚོན་གྱི་རྒྱུ་རབ་རིན་པོ་ཆེ་སྣ་ལྔའི་ཕྱེ་མ། འབྲིང་དུར་ཁྲོད་ཀྱི་རྫས། ཐ་མ་ཚོན་སྣ་ལྔ་གང་འཛོམ་ལ་བྱ་སྟེ། གང་ལྟར་ཡང་། དང་པོར་བྱིན་གྱིས་བརླབས་པ་ནི། ཚོན་ལྔར་ཧཱུྃ། ཁྲག་འཐུང་ལྔར་བསམ། ཡེ་ཤེས་བསྟིམ། འོད་ཞུ་རིན་ཆེན་ཕྱེ་མར་སོང་། །ཅེས་པ་ལྟར། ཚོན་ལྔ་སྣོད་སོ་སོར་བླུག་པ་ལ། ཧཱུྃ། རིགས་ལྔ་སོ་སོའི་ཁ་དོག་དང་མཐུན་པ་བྲིས་ལ། དེ་ཉིད་ཁྲག་འཐུང་རིགས་ལྔར་བསྐྱེད། དེ་ལ་ཡེ་ཤེས་དགུག་བསྟིམས་དང་། མཆོད་བསྟོད་བྱས་ནས། འོད་དུ་ཞུ་བ་རིན་པོ་ཆེའི་ཕྱེ་མར་སོང་བར་བསམས་ལ། ལག་གཡས་རྡོ་རྗེ་རྩེ་ལྔ་པའི་མཐེབ་མཛུབ་ཐབས་ཤེས་ཤེས་པས་བྲི། ཇི་ལྟར་འབྲི་ན། གླིང་ནང་ལྗང་ལ་གྲུ་གསུམ་མཐིང་། །ཟླ་གམ་དམར་ལ་འཁོར་ལོ་སྔོ། །རྩིབས་མཆན་དམར་པོ་གྲུ་ཆད་མཐིང་། །ཁྱམས་ནི་ཕྱོགས་མདོག་རྩིག་པ་ལྔ། །ནང་དུ་ཐོད་པ་ལྕགས་ཚོན་ཅིག །སྣམ་བུ་དམར་པོ་བ་གམ་སེར། །མུན་པ་ནག་ལ་ཤར་བུ་སྔོ། །མདའ་དཀར་ཁྱམས་དམར་ཕྱི་ནང་གི །མུ་ཁྱུད་ཐམས་ཅད་ལྕགས་ཁ་ལ། །ཐོད་པའི་རི་མོས་མཛེས་པར་བསྐོར། །ཀ་བ་ཕྱོགས་མདོག་རྒྱན་རྟ་བབས། །ཅི་མཛེས་དག་ཏུ་བྱ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྫས་ཀྱི་སྟ་གོན་ལ་དབྱེ་ན། སྟ་གོན་གཉིས་པ་རྟེན་དང་རྒྱན། དབང་དང་མཆོད་པའི་རྫས་བཤམས་ལ། །ཞེས་རྣམ་པ་བཞི་ལས། དང་པོ་ལ། རྟེན་འབྲི་བ་དང་བཤམ་པ་དངོས་གཉིས། དང་པོ་ནི། རྒྱལ་བྲམ་རྗེ་དམངས་ཐོད་ཚལ་ལ། །གཙོ་རྩ་གྱད་སྤྲུལ་ལས་གཤིན་གཟུགས། །ཛབ྄་བྱང་ཕྱག་རྒྱ་རབ་གནས་བྱ། །ཞེས་མི་རིགས་བཞི་པོ་གང་ཡང་རུང་བའི་བནྡྷར་མཚན་ལྡན་དངོས་གྲུབ་ཀྱི་རྫས་སུ་འོས་པ་ལ་ཐོད་སྐུ་འབྲི་བ་དང་། དེ་ཡང་འདིར་ཐོད་ཚལ་ཞེས་གསུངས་ཀྱང་། སྔགས་རྙིང་མའི་སྒྲུབ་གཞུང་ཆེན་པོ་ཀུན་ལ་ཐོད་སྐུ་རང་འབྲི་བའི་ཕྱག་ལེན་མང་ཞིང་། ཁྱད་པར་འདི་ཉིད་ཀྱི་རྩ་བའི་ཡིག་ཆ་ལྕགས་སྡིག་མགོ་བོ་གྲུ་གསུམ་ལས་བྱུང་བའི་སྒྲུབ་ཐབས་སྙིང་གཟེར་ནག་པོ་ལས། ཐོད་སྦྱོར་འབྲུ་སྣ་སྨན་གྱིས་བཀང་། །ཞེས་དང་། རྒྱབ་སྟོད་གཉེར་མ་ལས་ཆད་པའི་ཆོས་སྡེར། ཕོ་ཐོད་མོ་ཐོད་བཟང་པོ་ལ། །ལྷ་བཟོ་སྟོབས་ལྡན་མཁས་པ་ཡིས། །རྒྱལ་ལ་བཟུང་སྟེ་ཡབ་ཡུམ་སྐུ། །སྲས་མཆོག་སྦྱོར་སྒྲོལ་མཁའ་ལྡིང་བཞི། །གསང་མཚན་གསེར་དངུལ་ཐུགས་ཀར་བཞེངས། །ཞེས་གསུངས་པ་ལ། འདིར་ཡང་དགོངས་པར་མངོན་ཏེ། ལས་བྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ། ཐོད་བཟང་ཁ་སྦྱར་རྫས་ལ་བསྟིམ། །ཡོན་ཏན་ཡིད་བཞིན་ནོར་ལྟར་བསམ། །ཞེས་གསུངས་པས། ལག་ལེན་དངོས་ལ། མི་རིགས་བཞི་པོ་གང་ཡང་རུང་བའི་ཕོ་ཐོད་མོ་ཐོད་དེ། ཐོད་པ་གཉིས་ཀྱི་ནང་དུ་བུལ་ཆུ་བླུག །ཉི་མ་ལ་ལན་ཁ་ཡར་བསྲོས་པས་སྣུམ་དག་པར་བྱས། བུལ་གྱི་ཚས་ཚོན་ལ་མི་སྒྲིབ་པའི་ཕྱིར་ཆུ་གཙང་གིས་ལན་ཁ་ཡར་དག་པར་བཀྲུས་ལ། སྐར་མ་རྒྱལ་ལ་བབས་པའི་དུས། ཐོད་པ་གཉིས་ཀའི་དཔྲལ་བའི་ཕྱོགས་སུ་ལྷའི་དབུ་བསྟན་ནས་ཕོ་ཐོད་ལ་ཡབ་ཀྱི་སྐུ། མོ་ཐོད་ལ་སྦྱོར་སྒྲོལ་གྱི་ཡུམ་གཉིས་གཤིབ་སྟེ་བཞེངས་པ་བྲི། དེ་ཡང་མོ་ཐོད་ལ་ཡུམ་བྲི་བ་ནི། ཕོ་ཐོད་ཀྱི་ཡབ་ལ་མོ་ཐོད་ཁ་སྦྱོར་བའི་ཚེ། མོ་ཐོད་ཀྱི་སྒྲོལ་ཡུམ་ཡབ་ཀྱི་གཞོག་གཡས་ངོས་དང་། སྦྱོར་ཡུམ་གཞོག་གཡོན་ངོས་སུ་ཡོད་པར་བྱས་ཏེ་བྲིས། དེ་དག་ལ་ཚོན་ནི་ཟླ་གསང་གི་རྒྱུད་ལས་ཚོན་རྩི་སྤྱིན་མེད་བཟང་བ་ཡིས། །དུར་ཁྲོད་རས་ལ་དཔའ་བོའི་གཟུགས། །ཞེས་གསུངས་པས། ཚོན་རྣམས་ལ་སྤྱིན་མ་ཡིན་པའི་ཚེའི་ཁཎྜྻ་དང་བཾ་གྱི་སྙིང་ཁྲག་མཁྲིས་ཆེན་སོགས་སྦྱར་བའི་ཚོན་གྱིས་ལྷ་རྣམས་ཐམས་ཅད་མངོན་རྟོགས་ཇི་ལྟར་རྒྱན་ཆས་ཕྱག་མཚན་སོགས་ནོར་འཁྲུལ་ཆད་ལྷག་མེད་པར་བྲི། བྱང་བུ་གཉིས་ལ་སོ་སོར་གཙོ་བོའི་སྔགས་དང་ཕྱག་མཚན་གཞན་ཡང་རྩ་བའི་ལྷ་ཕྱག་རྡོར་ལ་སྐུ་གཟུགས་དང་། ཨེ་བཛྭ་ཀྲོ་དྷ་རོ་ཥ་ཎ་ཧཱུྃ་ཕཊ྄། ཅེས་སྔགས་བྱང་། རྡོ་རྗེ་སྙིང་ཕྲེང་གི་ཕྱག་མཚན་རྣམས་བྱང་བུ་གཅིག་ལ་བྲི། གཤིན་རྗེ་ལ་སྐུ་དང་། ཨེ་ཡ་མ་རཱ་ཛ་ཀྲོ་དྷ་ཧཱུྃ། འཁོར་ལོ་ཙིཏྟ། རུས་སྦལ་སྐུ་དང་། ཨེ་མ་ཧཱ་བེ་རུ་ཀ་ཧཱུྃ། མཆོད་རྟེན། ཁྱུང་ལ་སྐུ་དང་། ཨེ་ཁྲོཾ་ག་རུ་ཎ་ཧཱུྃ། སྦྲུལ། གྱད་གནོན་གྱི་ལྷ་ལ་སོ་སོའི་སྐུ་གཟུགས་དང་སྔགས། ཨེ་ཀ་ཧེ་དུན་ཡ་མ་རཱ་ཛ་ཧཱུྃ། ཕྱག་མཚན་རལ་གྲི་སྙིང་ཕྲེང་། ལས་གཤིན་གསུམ་ལས་ཚེ་བདག་ལ་སྐུ་དང་། ཨོཾ་ཡ་མ་དུ་ཤ་ཧཱུྃ། འཁོར་ལོ་བེ་ཅོན། སྲོག་བདག་ལ་སྐུ་དང་། ཨོཾ་ཡ་མ་རཀྴ་ཧཱུྃ། ཁྲམ་ཤིང་འཁོར་ལོ། འཆི་བདག་ལ་སྐུ་དང་། ཨོཾ་ཡ་མ་ཡཀྴ་ཧཱུྃ། བེ་ཅོན་འཁོར་ལོ་སྟེ་དེ་རྣམས་ལྷ་རེར་བྱང་བུ་རེ་དང་། དེ་རེ་རེར་སོ་སོའི་སྐུ་གསུང་ཐུགས་རྟེན་རྣམས་བྲིས་ནས་ཐོད་སྐུ་དང་བཅས་པ་ལ་རབ་གནས་ལེགས་པར་བྱའོ། །གཉིས་པ་རྫས་བཀྲམ་པ་དངོས་ནི། ཧཱུྃ། ལོངས་སྤྱོད་གྲུབ་པའི་རྫས་མཆོག་དམ་པ་འདི། །འཁོར་བ་མ་སྤངས་ལྷུན་གྱིས་གྲུབ་པའི་ཕྱིར། །བཀའ་གསང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ། །དུར་ཁྲོད་རྫས་ཀྱི་ལོངས་སྤྱོད་བཀྲམ་པར་བགྱི། །ཞེས་འདོན་བཞིན་དུ། བྱང་བུ་གཉིས་བཏགས་པའི། མདའ་ཕུར་དབུས་བཞག་ཕྱོགས་སུ་ཕུར། །མཚམས་མདའ་ཟླ་གམ་རལ་གྲི་དང་། །རྩིབས་གྲུར་སེང་ལྡེང་བེ་ཅོན་ཏེ། །འོབས་ཁང་སོ་གཉིས་ཁྲམ་ཤིང་དང་། །སྒོ་ཕུར་མུ་རན་རྩང་དམར་རོ། །དཀྱིལ་འཁོར་རྡུལ་ཚོན་དང་རས་བྲིས་གང་ཡིན་ཀྱང་འདྲ་སྟེ། སྟེང་དུ་ལྡིང་ཁྲི་བཀོད་པ་ལ་ཐིག་བཏབ་པས་དཀྱིལ་འཁོར་དངོས་ཀྱི་ལྷ་གནས་དང་སྟེང་འོག་མ་འཛོལ་བའི་ཐད་ཀར་མིག་ཁུང་བྲུས་ཏེ་མདའ་ཕུར་སོགས་རྟེན་རྣམས་འཛུགས་ཆོག་པར་བཅོས་ནས། གཙོ་བོའི་ལྷ་གནས་ཐམས་ཅད་ཀྱི་ལྡིང་ཁྲིའི་སྟེང་དུ་ཐོད་སྐུ་སྨན་དང་འབྲུ་སྣ་རིན་ཆེན་བཀང་བ་དེ་དང་། ཕྱག་མཚན་དང་སྔགས་བྱང་གི་བྱང་བུ་གཉིས་བཏགས་པའི་མདའ་དང་ཕུར་བུ་ཁྲག་ཆེན་གྱིས་བྱུགས་པ་བཞག །ཕྱག་རྡོར་སོགས་རྩ་ལྷ་བཞིའི་གནས་ཕྱོགས་བཞིར་བྱང་བུ་བཏགས་པའི་ཕུར་བུ་བཞི། མཚམས་བཞིར་གྱད་གནོན་གྱི་བྱང་བུ་བཅས་མདའ། ཟླ་གམ་གསུམ་ལ་ལས་གཤིན་གྱི་བྱང་བུ་བཏགས་པའི་མི་བསད་ཀྱི་རལ་གྲི་རེ་རྣམས་དང་། རྩིབས་བཅུ་གཉིས་ཀྱི་ལོ་གཤེད་དང་གྲུ་ཆད་ཀྱི་ཟླ་གཤེད་རྣམས་ལ་སོ་སོར་སེང་ལྡེང་གི་བེ་ཅོན་རེ། འོབས་ཁང་སོ་གཉིས་ཞག་གཤེད་ཀྱི་གནས་སུ་ཁྲམ་ཤིང་སོ་གཉིས་སྒོ་བཞིའི་ཁྲོ་རྒྱལ་བཞིའི་གནས་སུ་ཕུར་བུ་བཞི། མུ་རན་ལ་རྩང་དམར་དྲུག་བཅུ། དེའི་ཕྱིར་སྔར་གྱི་ཁྲོ་བཅུའི་ཕུར་པ་རྣམས་ཡོད་པར་བྱས་ཏེ་དགོད། གཉིས་པ་རྒྱན་བཀྲམ་པ་ནི། ཞིང་ཆེན་བླ་རེ་ཞིང་སོགས་ཀྱི། རྒྱལ་མཚན་སྣ་ཚོགས་གོ་རྨོག་དང་། །མཚོན་ཆ་རྒྱུ་མའི་དྲྭ་བ་ལ། །ནང་ཁྲོལ་ཀུན་གྱི་དྲྭ་ཕྱེད་ཅན། །མདའ་དར་ལྷབ་ལྷུབ་ཕྱེ་འཕུར་སོགས། །རྔམ་ཤིང་ཞུད་པའི་སྤྱན་གཟིགས་སྦྲེལ། །ཅེས་པ་ལྟར་དང་། །གསུམ་པ་དབང་རྫས་དགྲམ་པ་ནི། མིག་དར་མེ་ཏོག་ཕྲེང་བ་དང་། །མཎྜྻལ་ལྷ་ཙཀ་ཕྱག་མཚན་དང་། །དབུ་རྒྱན་དར་དཔྱངས་རྡོ་རྗེ་དྲིལ། །བུམ་པའི་དབང་རྫས་ཤར་དུའོ། །བདུད་རྩི་ལྔ་དང་སྒྲོན་མ་ལྔ། །བྷནྡྷའི་ནང་དུ་བཤམས་པ་དང་། །དཔལ་གྱི་ཆས་བརྒྱད་བཀྲ་ཤིས་བུམ། །འབྲང་རྒྱས་ཤ་ཟས་ཚེ་དབང་གི །རཀྟ་གཏོར་མ་ཚོགས་འཁོར་ལོ། །གསང་བའི་དབང་རྫས་ལྷོ་རུའོ། །རིགས་ལྔ་ལས་བྱུང་རིག་མ་ནི། །བཅུ་གཅིག་མ་ནས་ཉེར་ལྔའི་བར། །གསུམ་པའི་རྫས་ནུབ་བཾ་ནི་བྱང་། །གཏོར་མ་དབུས་ལ་སྨན་ནི་གཡས། །རཀྟ་གཡོན་དུ་མཆོད་པའི་རྫས། །ཇི་སྙེད་པ་དང་རོལ་མོ་བཤམས། །ཞེས་པ་ལྟར་ལས། །གཞན་གོ་སླ་ལ། ཤ་ལྔ་བདུད་རྩི་ལྔ་གལ་ཏེ་དངོས་སུ་མ་འབྱོར་ན། ཟན་ལ་བཅོས་པ་གཟུགས་བརྙན་བྷནྡྷའི་སྣོད་དུ་བཤམས། དཔལ་གྱི་ཆས་བརྒྱད་ནི། དབང་དངོས་གཞིའི་གསང་དབང་གི་སྐབས་སུ་འབྱུང་རྒྱུ། ཐོད་སྐམ་གྱི་ཕྲེང་བའི་དབུ་རྒྱན་ཚར་གསུམ་པོ་དང་། མགོ་རློན་གྱི་ག་ཤལ། ཐལ་ཆེན་གྱི་ཚོམ་བུ། ཁྲག་ཆེན། ཞག་ཆེན། སྦྲུན་ཆུན། གླང་ཆེན་གྱི་ཀོ་རློན། ཞིང་ལྤགས་གཡང་གཞིའི་སྐེད་དཀྲིས། སྟག་གི་ཤམ་ཐབས། རུས་རྒྱན་ཏེ་དཔལ་ཆས་བཅུ་ཀ་འདིར་འགོད། བཀྲ་ཤིས་བུམ་པ་ནི་བུམ་ཆོག་མུ་ཏིག་ཕྲེང་བར། ཕོ་མོ་གཉིས་ཀྱི་ཀ་པཱ་ལ་ཁ་སྦྱར་བ་ལས་བྱ་བར་བཤད་པ་བཞིན་ཡིན་ཀྱང་། འདིར་དངོས་སུ་མི་འབྱོར་ཞིང་ཚེ་བུམ་དང་སྟབས་གཅིག་པར་མཛད་པས་ལག་ལེན་ལ་ཉི་ཟླ་གྭའུ་ཁ་སྦྱོར་གྱི་ཚེ་གལ་མཐོང་རྒྱུད་བཞིན་དུ་བཅོས་པ་དང་། འབྲང་རྒྱས་ཚོགས་གཟུགས་ལ་ཤ་དང་གཞན་ཡང་ཟས་སྣ་ཚོགས་ཀྱིས་བསྐོར་བ་ནི་འཆི་བ་མེད་པའི་ཞལ་ཟས་སམ། ཚོགས་ཀྱི་དབང་བསྐུར་རྒྱུའི་དབང་རྫས་ཡིན། རཀྟ་གཏོར་མ་ཞེས་པའི་གཏོར་མ་དཔལ་གཏོར་ལྕགས་མཁར་མར་གྲགས་པ་ཆོས་འབྱུང་བསྣོལ་མའི་གདན་ཅན་འཁོར་གསུམ་དང་བཅས་པའོ། །ཡང་ཚོགས་ཀྱི་འཁོར་ལོ་ཞེས་པའི་ཚོགས་འཁོར་ནི་སྒྲུབ་པའི་སྐབས་རྒྱུན་དུ་ཚོགས་འཁོར་བྱ་རྒྱུ་ཚོགས་རྫས་རྣམས་ཡིན་ལ། སྨན་རཀ་གཏོར་གསུམ་ཡང་དཀྱིལ་འཁོར་གྱི་མདུན་ཤར་ལོགས་སུ་འགོད་དོ། །དེ་ནས་བྱང་དུ་བཟློག་གཏོར་རམ་ཟོར་གཏོར་དཔལ་གྱི་གཏོར་མ་ཆེན་པོ་དངོས་བཤམ་པ་ནི། རུ་སྦལ་ཁོག་གམ་སླ་ངའི་ནང་། འབྲུ་ནག་ཁྲག་སྦྲུས་བང་རིམ་ལྔ། སྟེང་དུ་བཤོས་བུ་ཟུར་གསུམ་པ། །སེང་ཅན་ཞལ་བཏོད་བང་རིམ་ལ། །ལྷ་གྲངས་མཉམ་པའི་བཤོས་ཟུར་གསུམ། །གནམ་ས་ཆུ་ལ་རྒྱུ་དགུའི་གཟུགས། །ངར་གླུད་ཁྲཾ་བྱང་རྩང་ཡུངས་ཀར། རྒྱུ་དྲྭ་སྙིང་ཤ་མར་གྱིས་བརྒྱན། །དཔལ་གྱི་གཏོར་མ་ཆེན་པོར་བཤད། །ཅེས་པ་ལྟར་རོ། །དེ་ནས། བཟློག་བསད་མ་ཏྲཾ་གཟུགས་སུ་བྱས། ཞེས་པ་མ་ཏྲཾ་ཡིན་ན་རུ་ཏྲ་ཐར་པ་ནག་པོ་ཁོ་ན་ཡིན་མི་དགོས་པས། འདིར་མ་ཏྲཾ་ཞེས་པ། གང་ལ་བཟློག་བསད་བྱ་བའི་ཡུལ་དགྲ་གཟུགས་ཉའུ་དང་དཀར་བྱང་ལ་བྲིས་པའི་ལིངྒ་དམིགས་རྟེན་དུ་འགོད་རྒྱུ་དེ་ལ་དགོངས་པ་ཡིན། དེ་ཡང་ཇི་ལྟར་ཞེ་ན། གདུག་པ་ས་ཡི་བྲུབ་ཁུང་དང་། གདབ་པའི་ཐུན་དང་ཉའུ་ནི། །ལྟེ་མགོ་ཡན་ལག་བྱ་རིམ་བཞིན། །སྲིད་དང་རྣམ་ཤེས་སྲོག་ཆགས་བསམ། །སྙིང་གར་ནྲྀ་བྲིས་དངོས་འདྲ་བ། ཞེས་པས། དམིགས་རྟེན་གྱི་གཟུགས་འཆོས་ལུགས་དཀར་བྱང་དམར་བྱང་གང་ཡིན་ཀྱང་འདྲ་སྟེ། དེ་ལ་དགྲ་བོའི་སྲིད་ཆགས་པའི་ཕྱིར། དང་པོ་རང་དུ་ལྟེ་བའི་ཐད་ནས་འཆོས། དེ་ནས་མིག་ལ་སོགས་པ་ནས་ཡིད་ཀྱི་བར་གྱི་རྣམ་ཤེས་ཆགས་པའི་ཕྱིར་མགོ་དང་། དེ་ནས་སྲོག་གི་དབང་པོ་ཡོངས་སུ་རྫོགས་པར་ཆགས་པའི་རྟེན་འབྲེལ་དུ་ཡན་ལག་བཞི་པོ་འཆོས་པའི་གོ་རིམ་མ་ནོར་བ་དང་། སྙིང་གར་སྲོག་གི་ངོ་བོ་ནྲྀ་བྲིས་པ་གཞུག་པར་བྱས་ཟིན་ནས་ཆེ་གེ་མོ་རཀྴ་ཛཿཛཿ དམིགས་རྟེན་ལ་དགྲ་བོའི་ཁྲག་ཆགས་པར་བསམ། དེ་བཞིན་དུ། རཾ་རཀྴ་ཛཿཛཿ དྲོད། མཱཾ་རཀྴ་ཛཿཛཿ དབུགས། ཤ་རཀྴ་ཛཿཛཿ ཤ་ ཀེཾ་རཀྴ་ཛཿཛཿ རུས། ཙིཏྟ་རཀྴ་ཛཿཛཿ སེམས། ཏི་ར་རཀྴ་ཛཿཛཿ ཞེས་པས་དགྲ་བོའི་ལུས་ངག་ཡིད་གསུམ་ཆགས་ཤིང་བསྟིམས་པས་དགྲ་བོ་དངོས་སུ་གྱུར་པར་བསམས་ལ། དེ་ལྟ་བུའི་དཔལ་གཏོར་ཆེན་པོ་དཀྱིལ་འཁོར་གྱི་བྱང་ངོས་སུ་བཤམས་ནས། ཤར་མཆོད་ལྷོར་བཤགས་ནུབ་ཏུ་བསྐང་། །བྱང་བཟློག་མཚམས་སུ་ཉའུ་བསྒྲལ། ཅེས་པས། མཆོད་གཏོར་ནི་སྨན་རག་གཏོར་གསུམ་གྱི་ནང་ཚན་དེ་ཡིན་པས་དཀྱིལ་འཁོར་གྱི་མདུན་ཤར་ལོགས་སུ་སྔར་ནས་བཀོད་ཟིན་ལ། གཞན་ཡང་ལྷོར་བཤགས་གཏོར། ནུབ་ཏུ་བསྐང་གཏོར། བྱང་དུ་སྒྲུབ་པའི་སྐབས་སུ་ནུབ་རེ་བཞིན་འཕང་རྒྱུའི་ཟོར་གཏོར། བྱང་ཤར་མཚམས་སུ་ཐུན་རྫས་ཉའུར་བཅས་པའི་གདབ་ཆས་རྣམས་བཤམས་ནས། སྒྲུབ་པ་དངོས་གཞིའི་སྐབས་བསྒྲལ་ལས་ཀྱང་དེར་བྱ། གསུམ་པ་བུམ་པ་སྟ་གོན་ལ། རྒྱུ་བཅའ་ལྷ་བསྐྱེད་སྤྱན་དྲངས་བསྟིམས། །ཕྱག་མཆོད་བསྟོད་པ་ཛབ྄་ཀྱི་ལས། །ཞེས་རིམ་པ་བརྒྱད་ལས། དང་པོ། རྒྱུ་བཅའ་ནི། གསེར་དང་དངུལ་སོགས་རིན་ཆེན་བུམ། །ལྷ་ཡི་གྲངས་སམ་གཉིས་ཀྱི་ཡང་། །རྣམ་པར་རྒྱལ་བ་ལྷ་ཀུན་ཏེ། །ལས་བུམ་བདུད་རྩི་འཁྱིལ་པའོ། །མཚན་ལྡན་ལེགས་བཀྲུས་སྤོས་ཀྱིས་བདུག །ཨོཾ་བྱང་མགུལ་བཏགས་མགུལ་ཁ་བརྒྱན། །ལྔ་ཚན་ལྔ་དང་ཆུ་ཡིས་དགང་། རྡོ་རྗེ་གཟུགས་ཐག་བཏགས་ལ་བཀོད། །བྱང་ཤར་མཚམས་སུ་སྟེགས་བཅས་བཞག །གུ་གུལ་གྱིས་བདུག་ཡུངས་བས་བྲབ། སྭ་བྷཱ་ཝཱས་སྦྱངས། སྟོང་པའི་ངང་ལས་མུཾ་མཐིང་ནག །འོད་འཕྲོས་དོན་གཉིས་བྱས་འདུས་ཐིམ། །ཏྲི་ཤཱུ་ལར་གྱུར་ཨོཾ་ཨཱཿཧཱུྃ་བེ་ཏ་ལི་རཀྴ་ས་མསྟ་ཧཱུྃ། སྦྱོར་བའི་ཡུམ་གྱུར་བྷ་གར་བྷྲཱུྃ། དེ་ཡོངས་གྱུར་པས་ཕྱི་བུམ་པ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཆུ་དང་འོ་མ་ལྷ་ཡི་གདན། །ཅེས་བརྗོད་བཞིན་པས་དེ་ལྟར་བསྒོམས་ནས། གཉིས་པ་ལྷ་བསྐྱེད་པ་ལ། རྫས་ནི། ཨ་ཀྲོ་ཏེ་ཀ་ཞེས་པ་མུ་ཏིག་ཕྲེང་བར་འབྱུང་བཞིན་འདིར་ཡང་བྱ་བ་ལ་དགོངས་ཏེ་རྫས་ཡུངས་ཀར་ལ་དམིགས་ནས། བསྐྱེད་སྔགས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄། ཅེས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་པ་བུམ་པར་བླུག་པའི་རྐྱེན་གྱིས་བུམ་ནང་དུ་སྐད་ཅིག་གིས། བཅོམ་ལྡན་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་སྐུ། །ཞེས་པ་ནས། བཤན་པ་ཁྲག་སྐྱུག་དྲེགས་པ་ཀུན་གྱིས་བསྐོར། །ཞེས་པའི་བར་གྱི། མངོན་རྟོགས་ཕྲིན་ལས་བཞིན་དུ་བྱས། །དེ་ནས་ལས་བུམ་སྒོ་བྱང་བཞིན་དུ་བསྐྱེད། །ཅེས་པས། ལས་བུམ་ཁྲོ་བོ་སྐུ་མདོག་ལྗང་། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིས། །རྒྱ་གྲམ་དྲིལ་བུ་འཛིན་མཛད་པ། །གཡོན་བརྐྱང་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། །སྤྱན་དྲངས་ནས་བཟུང་ཛབ྄་ཀྱི་བར། །ཞེས་པས། གསུམ་པ་སྤྱན་འདྲེན་པ་ནི། དམིགས་མེད་མཁའ་ལྟར་དག་ཅིང་སོགས་དང་། དམ་ཚིག་པ་དང་ཡེ་ཤེས་སེམས་དཔའ་སོགས། ལྔ་པ་ཕྱག་བྱ་བ་ནི། ལྷ་ཡི་རྒྱལ་པོ་སོགས། དྲུག་པ་མཆོད་པ་ནི། སྣ་ཚོགས་མེ་ཏོག་ཕྲེང་བ་སོགས། སྨན་རག་གཏོར་གསུམ་སྦྱོར་སྒྲོལ་གཉིས་མེད་ཀྱི་མཆོད་པ་དང་བཅས་པའི་འབུལ་ཚིགས་ཡོངས་རྫོགས་དང་། བདུན་པ་བསྟོད་པ་ནི། ཆོས་ཀྱི་དབྱིངས་ནས་གོ་འབྱེད་སོགས་ཀྱིས་སོ། །ལས་ཐམས་ཅད་པའི་ལྷའི་བསྟོད་པ་ནི། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །བརྒྱད་པ་ཛབ྄་ནི་གསོལ་འདེབས་དང་ཛབ྄་བྲོ་བྱས་ལ། སློབ་དཔོན་གྱིས་གཟུངས་ཐག་འཇུས་ཏེ། སྔགས་ཕྲེང་འོད་ཀྱིས་བདེ་གཤེགས་རྣམས། །ཟིལ་གནོན་ཡབ་ཡུམ་རྣམ་པར་བྱོན། །ནམ་མཁའ་གང་བའི་བྱང་སེམས་རྒྱུན། །རང་གི་སྤྱིར་ཐིམ་སྙིང་ནང་ནས། །འོད་ཀྱི་ཟེར་ཐག་ལ་འཇུས་ཏེ། །བུམ་པའི་ལྷར་ཐིམ་དེ་ཡུམ་གྱི། །བྷ་ག་བརྒྱུད་པས་བུམ་པ་གང་། །ཞེས་གསུངས་པ་ལྟར་ཡིད་ལ་བསྒོམ་བཞིན་པས། སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། ེ་རིང་བཟླ། དེ་ནས་གཟུངས་ཐག་ལས་བུམ་ཁར་སྤོས་ནས། །འཁྱིལ་བའི་གསང་གནས་བདུད་རྩི་ནི། །རྡོ་རྗེ་ཕྲ་མོའི་རྡུལ་དུ་བྱོན། །བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཉེར་གཅིག་ཙམ་བཟླས་པས། བུམ་ཁེངས་མཐར་ནི་ལྷ་རྣམས་ཀྱང་། །བདུད་རྩིའི་རྣམ་པས་དེ་ལ་ཐིམ། །བུམ་པ་ཁེངས་ནས་མཐར་ལྷ་རྣམས་ཀྱང་བདུད་རྩིའི་རྣམ་པར་ཞུ་ནས་བུམ་ཆུ་དང་གཉིས་མེད་རོ་གཅིག་ཏུ་ཐིམ་པའི་མོས་པ་བྱའོ། །བཞི་པ་ལྷ་སྟ་གོན་ནི། ལྷ་ཡི་སྟ་གོན་དཀྱིལ་འཁོར་ལ། །དམིགས་པ་མཚམས་བཅད་ནས་བཟུང་སྟེ། །བསྟོད་པའི་བར་ཡིན་དཀྱིལ་འཁོར་ལྷ། །མངོན་སུམ་ལྟ་བུར་བཞུགས་གྱུར་ནས། །སྟོབས་ནུས་ཕུན་སུམ་ཚོགས་པར་བསམ། །ཞེས་པས། རྡུལ་ཚོན་ནམ་རས་བྲིས་གང་ཡིན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། མཚམས་གཅོད་ནས་བསྟོད་པའི་བར་གྱི་ལས་བྱང་རྫོགས་པར་འདོན་པ་ཡིན་ཏེ་གོ་སླ། ལྔ་པ་སློབ་མ་སྟ་གོན་ནི་འོག་ཏུ་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །སྟ་གོན་དྲུག་པ་བཾ་གྱི་སྟ་གོན་ལ། བདུག་བསྐྲད་ཁྲུས་བསང་བརྒྱན་སྙིང་ཐག །བཀོན་བཅུག་མནན་བསླབ་སློབ་མའི་བཞིན། །ཅེས་པའང་རིམ་བཞིན། གུ་གུལ་གྱིས་བདུག་བགེགས་བསྐྲད་ལ། །རྣམ་བུམ་གྱིས་ཁྲུས་ལས་ཀྱིས་བསངས། །གསེར་གཡུ་དར་བརྒྱན་སྙིང་ཐག་ནི། །དཀར་དམར་བྱང་སེམས་གཉིས་བསམ་བསྒྲིལ། །ཅེས་པའི་ཁུངས་དགའ་རབ་རྡོ་རྗེའི་གཞུང་ལས། ནུབ་གཉིས་པ་ཆས་སུ་གཞུག་པ། བཾ་ཆེན་ལ་གུ་གུལ་གྱིས་བདུག །བགེགས་བསྐྲད། རྣམ་རྒྱལ་བུམ་པས་ཁྲུས་བྱས་ལ། ལས་བུམ་གྱིས་རྒྱན་ཆས་རྣམས་བསང་། གསེར་གཡུ་དང་དར་ཟབ་ཀྱིས་བརྒྱན། དཀྱིལ་འཁོར་ལྷ་ལ་མཆོད་བཤགས་བྱ། །ཞེས་གསུངས་པ་ལྟར། ལག་ལེན་ལ་དངོས་སུའང་བྱ་ཞིང་། དེ་ལ་སྙིང་ཐག་རྒྱུའི་སྐུད་པ་དཀར་དམར་གཉིས་པོ་བྱང་སེམས་དཀར་དམར་དུ་བསམ་ནས་བསྒྲིལ་བཞིན་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཧཱུྃ་ཉོན་ཅིག་ཏི་ར་མཆོག་ཆེན་ཁྱོད། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བདག་གི་ཆས་སུ་གཞུག་པར་བགྱི། །ངན་སོང་གསུམ་དུ་ལྷུང་དོགས་ནས། །སྙིང་ཐག་དཀར་དམར་སྟོད་དུ་མནན། །མཐའ་ཡས་རླུང་གི་མེ་སྤུར་རོ། །ཐུགས་རྗེ་རྒྱན་གྱི་ཐག་པ་བཏགས། །ཞེས་སོ། །དེ་ནས། བཾ་བཏགས་ཕུར་པས་གཏོད་ལ་མནན། །ཕུར་པ་སྲས་མཆོག་ཡ་མ་རར། །མངའ་གསོལ། །ཅེས་པས་སྙིང་ཐག་བཾ་གྱི་སྙིང་གར་བཏགས། སྣེ་མོ་ཕུར་པས་གཏོད་ལ་མནན་ནས་མཆོད་པ་བཤམས་ལ། ཕུར་པ་བསངས་སྦྱངས། སྟོང་པའི་ངང་ལས། ཡ་མ་སྨུག་པོ་འཁོར་ལོ་ཙིཏྟ་བསྣམས། །དྲག་ཤུལ་ཆེ་ལ་དཔལ་གྱི་ཆས་བརྒྱད་འཆང་། །གཡོན་བརྐྱང་འབར་བའི་དབུས་ན་བརྗིད་པར་འགྱིང་། །དམ་ཚིག་ཡེ་ཤེས་དབྱེར་མེད་ངོ་བོར་གྱུར། །ཡ་མ་རཱ་ཛ་བཛྭ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུྃ། སྨུག་ནག་འཇིག་རྟེན་ཀུན་གྱི་གཤེད། །ལོག་ལྟ་སྤྱོད་བའི་སྟོབས་ཀྱིས་གནོན། །འཁོར་བའི་ཙིཏྟའི་ཕྲེང་བ་བསྣམ། །ཡ་མ་རཱ་ཛར་ཕྱག་འཚལ་བསྟོད། །སུ་པྲ་ཏིཥྛས་བརྟན་བཞུགས་དང་མེ་ཏོག་འཐོར། །དེ་ནས་ཉི་ཟླ་གཟའ་སྐར་ཙཀ །ཅེས་པ། ཉི་ཟླ་གཟའ་སྐར་བྲིས་པའི་ཙཀླི་ཐོགས་ལ། ཧཱུྃ། ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་སླད་དུ། །ཉི་ཟླ་གཟའ་སྐར་བྲིས་པ་མགོ་ལ་བཀོན། །ཞེས་པས་བཾ་གྱི་མགོར་བསྐྱོན་སྙིང་པོ་གསུམ་བྲིས་པ་ཞེས་པ་འདིའི་རྗེས་ཟློས་ལན་གསུམ་བྱར་བཞུགས། །ཧོ། བསྟན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པའི་སྟོབས་ཀྱི་ཚུལ་བསྟན་པ། །བརཏལ་ཞུགས་དམ་པ་བདག་ལ་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། བདུན་པ་སྤྲོ་བ་བསྐྱེད་པ་ནི། བླ་མས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱོད་པ་རྣམ་པར་ཕྱེ་བ་ནི་གསུམ་སྟེ། བདེན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པ་ཡིན་ནོ། །རྒྱུད་ལ་ལར། རྫོགས་པའི་སངས་རྒྱས་གང་འདས་དང་། དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་ཤཱཀྱ་སེངྒ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །ཅེས་གསུངས་སོ། །གསང་སྔགས་ཀྱི་སྤྱོད་པ་ཡང་རྣམ་པ་བཞི་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་དོ། །རྣལ་འབྱོར་བླ་མེད་ལའང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་དུ་ཡོད་པ་ལས། འདིར་རྫོགས་པ་ཆེན་པོ་ཨ་ཏི་ལྟར་ཉམས་སུ་ལེན་པ་འདི་ལ་ཡང་། དམོད་པའི་ལས་རྣམ་པ་གསུམ་ལས། དྲག་སྔགས་གནམ་ཐོག་ཆེན་པོའི་སྦྱོར་བ། དེ་ལ་ཡང་། ལས་ཀྱི་མཐའ་ཚེ་བདག །འཆི་བདག །སྲོག་བདག་གསུམ་ལས། འདི་ཚེ་བདག །དེ་ལ་ཡང་ལྷུན་གྱིས་གྲུབ་པའི་ཚེ་བདག །ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག །ཕྱག་རྒྱ་གཅིག་པའི་ཚེ་བདག །སྤྲུལ་པའི་ཚེ་བདག །ལས་ཀྱི་ཚེ་བདག་དང་ལྔ་ཡོད་པ་ལས། འདི་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཅེས་བྱ་བ་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད་ནས། བརྒྱད་པ་ཉན་པར་གདམས་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་སོགས་པ། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་སོ། །དགུ་པ་སེམས་བསྐྱེད་གཉིས་ཀྱི་སྡོམ་པ་ལེན་པ་ལ། དང་པོ་ཐུན་མོང་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་སྙིང་པོ། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྵ་དུན་དུན་ཛ་ཡ་ཧཱུྃ་ཕཊ྄། ཨཱཿཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ྄། ཧཱུྃ་ཨེ་མྱགས་ཡ་རྔུབས་མུཀྴཀྐ་དུན་ཧཱུྃ་ཕཊ྄། ཅེས་གསེར་ལ་སོགས་པས་བྲིས་ལ། ཧཱུྃ། མཐུ་རྩལ་བྱིན་རླབས་ཆེན་པོ་འབྱུང་བའི་ཕྱིར། །ཡིག་འབྲུ་སྙིང་པོ་བྲིས་པ་ཞལ་དུ་གཞུག །ཅེས། ཁར་བཅུག་དགྲ་ལིང་འོག་ཏུ་མནན། །དགྲ་བགེགས་ཀྱི་ལིངྒ་བྲིས། དགུག་བསྟིམ་ལས་བྱང་གཞུང་བཞིན་བྱས་ལ། ཧཱུྃ། བདུད་དང་ལོག་འདྲེན་མ་ལུས་ཚར་གཅད་ཕྱིར། །དགྲ་བགེགས་དགུག་བསྟིམ་ལིངྒ་འོག་ཏུ་གཞུག །ཅེས་ལིངྒ་བཾ་གྱི་འོག་ཏུ་མནན་ནོ། །གནས་གསུམ་དྲི་ཐིག་བྱིན་རླབས་སྔགས། སྔར་བཞིན་བརྗོད་ནས་འདི་སྐད་བསྒོ། །བཾ་ཆེན་གྱི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བཀོད་པ་དང་བསྟུན། །ན་མ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། དེ་བཞིན་དུ་ཀཱ་ཡའི་ཚབ་ལ་ཝཱཀྐ་ཙིཏྟ་བཅུག་པས་བྱིན་གྱིས་བརླབས་ལ། ཧཱུྃ། ཉོན་ཅིག་ཏི་ར་བཾ་ཆེན་ཁྱོད། །བདུད་དང་རྩལ་འདྲེན་མ་བྱེད་ཅིག །སྡེ་བརྒྱད་རུ་ཤག་མ་འགྱེད་ཅིག །བཙན་དང་རུ་འདྲེན་མ་བྱེད་ཅིག །རྨུ་དང་ཆོ་ལོ་མ་རྩེ་ཞིག །ཅེས་བརྗོད། གསོལ་གདབ་ཡོལ་བའི་ཕྱིར་དྲངས་མན། །སློབ་མ་ལྷ་གནས་ལ་བྱེད་ཀུན། །བཾ་ལའང་བྱ་བ་ཤེས་པར་བྱ། ཞེས་པས། ཧོ། སྟོན་པའི་སྒྲོན་མེ་བཅོམ་ལྡས་འདས། སོགས་ཀྱིས་གསོལ་བ་གདབ་པ་མན། སློབ་མ་སྟ་གོན་ལ་ཇི་ལྟར་བྱ་བ་བཞིན་འདིར་བཾ་ལའང་བྱ་བ་ཡིན་ནོ། །དཀྱིལ་འཁོར་བཞི་སྟེ་རྡུལ་ཚོན་དང་། །ལུས་དང་བྷ་ག་བཾ་ཆེན་པོ། །ཞེས་པས། བཾ་སྟ་གོན་གྱི་ཞར་བྱུང་དུ། །དཀྱིལ་འཁོར་བཞི་ཡི་སྟ་གོན་ཡང་བྱ་སྟེ། དེ་ཡང་། དཀྱིལ་འཁོར་གསུམ་དུ་བསྡུས་པ་དང་བཞིར་དབྱེ་བའི་ལུགས་གཉིས་ལས། དང་པོ་ནི། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། བདེ་ཆེན་ཡེ་ཤེས་སྐུ་དང་མཆོག་གི་བཾ། །མཚན་ལྡན་གཟུངས་མ་ལུས་ཀྱི་དཀྱིལ་འཁོར་དུ། །རབ་འབྱམས་བགྲོད་པ་རྣམ་གསུམ་ལ་བརྟེན་ནས། །ཞེས་པ་ལྟར་ཡིན་ལ། དེ་ལྟར་དཀྱིལ་འཁོར་གསུམ་དུ་བསྡུ་ནའང་བཾ་ཆེན་དཀྱིལ་འཁོར་གྱི་གྲངས་སུ་འདྲེན་པ་ནི། དེ་ཉིད་ཀྱིས་ཀྱང་གསལ་མོད། འདིར་ནི་ཕ་མའི་དབང་དུ་མཛད་པ་སྟེ། དེ་ཡང་དཀྱིལ་འཁོར་བཞི་ནི། དགའ་རབ་རྡོ་རྗེའི་གཞུང་ལས་འབྱུང་བ་ལྟར། ཐབས་རྡུལ་ཚོན་གྱི་དཀྱིལ་འཁོར། རང་ལུས་རྫས་ཀྱི་དཀྱིལ་འཁོར། གཞན་ལུས་ཤེས་རབ་བྷ་གའི་དཀྱིལ་འཁོར། །རང་བྱུང་ཡེ་ཤེས་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་དཀྱིལ་འཁོར་ཏེ། བཞི་པ་ནི་བཾ་གྱི་རྣམ་པར་མཚོན་ན། བཾ་དེ་ལ་རྟོག་པ་སྐད་ཅིག་ཀྱང་མེད། སྐྱེ་མཆེད་ཐམས་ཅད་བཀྲ་ལམ་མེ་སྣང་བ་ནི། དཀྱིལ་འཁོར་གྱི་རང་བཞིན་ཡིན་ལ་དོན་རྣམ་པར་མི་རྟོག་པའི་ཆོས་ཉིད་ཡིན་པས་སོ། །ཞེས་གསུངས་པ་བཞིན། །དཀྱིལ་འཁོར་རྣམ་པ་བཞི་ལས། དེ་དག་སྟ་གོན་རིམ་བཞིན་བྱ་བའི་ཕྱིར། དང་པོར། བྲིས་པ་ཕྱག་རྒྱར་བཅས་པ་དང་། །རྡོ་རྗེ་སློབ་དཔོན་མཆོག་གི་སྐུ། །བདུད་རྩིས་བསངས་ཏེ་ཞེས་རྡུལ་ཚོན་ནམ་རས་ལ་བྲིས་པའི་དཀྱིལ་འཁོར་དང་། དབང་གསུམ་པའི་རྟེན་གྱི་ཕྱག་རྒྱའི་ལུས་དང་། རྡོ་རྗེ་སློབ་དཔོན་གྱི་སྐུ་སྟེ། དཀྱིལ་འཁོར་གསུམ་པོ་ཐུན་མོང་ལ་དམིགས་ནས་ལས་བུམ་གྱི་ཆུས་བསངས་ལ། གཤིན་རྗེ་གཤེད་པོ་ཁྲོས་པའི་མེ། །སོགས་ནས། ཛབ྄་ཀྱི་བར་གྱེར་ཚིག་གཅིག་གིས་བཏོན་ནས། བཟླས་པ་གཞུང་བཞིན་བྱས་མཐར། སྐུ་སྔགས་ཕྱག་རྒྱ་བུམ་ཅོད་པན། །རྡོར་དྲིལ་རིགས་ལྔར་བསྒོམ་བྱས་ནས། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་བསྟིམས། །བུམ་དབང་གི་རྫས་དེ་དག་ལ་དམིགས་ཏེ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཟིལ་གནོན་བཛྭ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ་དང་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ། ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་དང་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། ཟིལ་གནོན་རཏྣ་ཧེ་རུ་ཀ་སེར་ནག་གཡས་ཐོད་དབྱུག་དང་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་མཱ་མ་ཀི་དང་མཉམ་པར་སྦྱོར་བ། ཟིལ་གནོན་པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ་དང་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་ན་བཟའ་དཀར་མོ་དང་མཉམ་པར་སྦྱོར་བ། ཟིལ་གནོན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། ཡུམ་རྣམས་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ། དེ་ཐམས་ཅད་ཀྱང་དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པ་ཕུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་རྣམ་པ་དུ་མ་དང་ལྡན་པས། ཡེ་ནས་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་རྒྱལ་སྤྱི་གཟུགས་ཡིན་མོད་ཀྱང་། །མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར། །ཁྲོ་བོ་རོལ་པའི་ནུས་མཐུའི་དབང་བསྐུར་རོ། །ཨོཾ་ཧཱུྃ་སྭཱ་ཨཾ་ཧཱཿཨ་བྷི་ཥིཉྩྨ་ཏུ་མཾ། དབང་བསྐུར་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེ་ནས་དམ་ཚིག་བདུད་རྩི་ལ་སོགས་རྫས། །ཡི་གེ་གསུམ་གྱི་སྦྱོར་བས་སྦྱངས། །སློབ་དཔོན་ཡབ་ཡུམ་ཟིལ་གནོན་བསྐྱེད། །ཅེས་པས་གསང་དབང་གི་རྫས་རྣམས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་སྦྱངས། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག །དབུ་གསུམ་ཕྱུག་དྲུག་ཞབས་བཞི་པ། ཡན་ལག་རགས་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིང་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་། ལྗགས་ལ་ཁྲག་གི་རྒྱ་མཚོ་འཁྲུགས་པ། སྨ་ར་ཨག་ཚོམ་སྨིན་མ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་སྡང་མིག་ཏུ་གཟིར་ནས་བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་གཙིགས་པའི་ཤངས་ཀྱི་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབས་པ། ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔའི་ཅོད་པན་དང་། བདུད་དང་མུ་སྟེགས་དང་། སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་ལྔ་བཅུ་རྩ་གཅིག་དང་སྙིང་སྤེལ་བའི་རྒྱུ་མའི་ག་ཤ་རུས་པའི་རྒྱན་དྲུག་དང་། སྦྲུལ་ཆེན་གྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་། ཞིང་ཆེན་གྱི་སྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་སྣ་ལ་རཀྟའི་ཐིག་ལེ། བྲང་གི་འཛོམས་སུ་ཞག་གི་ཟོ་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེའི་མཚོན་ཆ་ངར་མའི་གཤོག་པ་བརྒྱངས་པ། ཡུམ་བེ་ཏ་ལི་མཐིང་ནག་སྙིང་དང་ཐོད་ཁྲག་འཛིན་པ་དང་སྙོམ་པར་འཇུག་པ། གཡོན་བརྐྱང་ནས་འབར་བའི་ཕྲེང་བ་འཁྲུགས་པའི་ཀློང་ན་བཞུགས་པར་གྱུར་པའི་སྤྱི་བོར་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་ཡབ་ཡུམ། མགྲིན་པར་ཟིལ་གནོན་པདྨ་ཧེ་རུ་ཀ་ཡབ་ཡུམ། ཐུགས་ཀར་ཟིལ་གནོན་བཛྭ་ཧེ་རུ་ཀ་ཡབ་ཡུམ། ལྟེ་བར་ཟིལ་གནོན་རཏྣ་ཧེ་རུ་ཀ་ཡབ་ཡུམ། གསང་བར་ཟིལ་གནོན་ཀརྨ་ཧེ་རུ་ཀ་ཡབ་ཡུམ། ཐམས་ཅད་ཀྱང་གཡས་པ་རྣམས་ཀྱིས་རང་རིགས་ཀྱི་ཕྱག་མཚན་དང་། གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྣམས་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པར་གྱུར། ས་མ་ཡ་ཧོཿས་མ་ཡ་ཧྶཾ། བཛྭ་ཨེ་ཨ་ཛ་ལི་ཧཱུྃ། བདེ་བསྐྱེད་སྙོམས་འཇུག་གནས་ལྔ་ཡི། །ཁྲོ་བོ་ལྔ་ཡང་བདེ་བས་བརྒྱལ། །རྡོ་རྗེ་དབུས་ནས་སྙིང་གའི་བར། །བདེ་བའི་འོད་ཀྱིས་འཕགས་པ་མཆོད། །ཐམས་ཅད་བདེ་ཆེན་བྱང་སེམས་གྱུར། །ཡབ་གྱི་ཞལ་ཞུགས་གནས་ལྔའི་ཡང་། །ལྷ་ཞུ་ཡུམ་གྱི་སྦྱོར་མཚམས་བབ། །དེ་ལས་ཕྱིར་འཕྲོས་འོད་ལྔ་དང་། །དེ་ཉིད་ཁྲག་འཐུང་རིགས་ལྔ་པོ། །ཡུམ་བཅས་རོལ་བས་སྦྱོར་མཚམས་ཀྱི། །བདུད་རྩི་དབང་རྫས་རྣམས་ལ་ཐིམ། །དབང་རྫས་བྱང་སེམས་རང་བཞིན་གྱུར། །མདུན་གྱི་རིགས་ལྔ་དེ་ལ་བསྟིམས། །ལྷག་པར་ཚེ་རྫས་ཟིལ་གནོན་ལྷ། །དམར་པོ་མཉམ་གཞག་ཚེ་བུམ་ཅན། །ཐུགས་ཀར་ནྲྀ་ལ་ེ་རིང་གསུམ། །དྲག་བཟླས་འོད་ཀྱིས་སྣོད་བཅུད་བཞུས། །ཚེ་ལྷར་འདུས་པ་ཚེ་ཡི་ལྷས། །ནྲྀ་ལ་དབང་བསྐུར་བྷྲཱུྃ་གྱིས་བསྲུང་། །ཧཱུྃ་གིས་རྡོ་རྗེའི་དྲྭ་མིག་བསྟིམས། །ཞེས་གསུངས་པའི་དམིགས་པ་རྣམས་སྒོམ་བཞིན་དུ། །ེ་ེ་ེ་ཡ་མ་ནྲྀ་བྷྲཱུྃ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཞེས་ཅི་ནུས་བཟླའོ། །དེ་ནས་པདྨ་རཀྟའི་ཆོས་འབྱུང་སྟེང་། །མཚན་ལྡན་གཟུངས་མ་ཁྲུས་བྱས་འདུག །དྲི་བཟང་ལུས་དང་བྷ་གར་བྱུག །སྦྱོར་བའི་ཡུམ་དུ་སྒོམ་དུ་བཅུག །དེ་ཡི་བྷ་ག་གསང་བའི་གནས། །དཀྱིལ་འཁོར་ཆེན་པོར་རྫོགས་པར་གསལ། །སྤྱན་དྲངས་བཞུགས་གསོལ་ཕྱག་བྱ་མཆོད། །བསྟོད་པའི་བར་དུ་ལེགས་པར་བྱ། །ཞེས་པ་སྟེ། འདིར་ཡང་དགའ་རབ་རྡོ་རྗེའི་གཞུང་ལས། ནམ་ཐོ་རངས་དཀྱིལ་འཁོར་ཆེན་པོའི་ནུབ་ཏུ་པདྨ་རཀྟའི་ཆོས་འབྱུང་ཨེ་ཡི་ཕོ་བྲང་གྲུ་གསུམ་བཀོད། དེ་ལ་མཚན་དང་ལྡན་པའི་གཟུངས་མ་གུ་གུལ་གྱིས་བདུག །ཆུས་ཁྲུས་བྱས། དྲི་བཟང་གི་ཆུ་ལུས་དང་བྷ་གར་བྱུག །སྦྱོར་བའི་ཡུམ་རྡོ་རྗེ་ཁྲོས་མར་སྒོམ་དུ་བཅུག །ཅེས་འབྱུང་བའི་དོན་ཏེ། ལག་ལེན་དངོས་ལ། གཟུངས་མ་དངོས་སམ་རིག་ཙཀ་དཀྱིལ་འཁོར་གྱི་ནུབ་ཏུ་པདྨ་རཀྟའི་ཆོས་འབྱུང་གི་སྟེང་དུ་བཀོད་པ་སོགས་ཇི་ལྟར་བཤད་པ་བཞིན་བྱས་ནས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མུཾ་མཐིང་ནག །འོད་འཕྲོས་དོན་གཉིས་བྱས་འདུས་ཐིམ། །ཏྲི་ཤཱུ་ལར་གྱུར་ཨོཾ་ཨཱཿཧཱུྃ། །བེ་ཏ་ལི་རཀྵ་ས་མསྟ་ཧཱུྃ། རིག་མ་སྦྱོར་ཡུམ་བེ་ཏ་ལི་མཐིང་ནག །སྙིང་བཟུང་ཁྲག་གི་མཚོ་རྔུབས་གཟིགས་ཤམ་ཅན། །སྐུ་ནི་གཏུམ་སྦེག་དུར་ཁྲོད་ཆས་ཀྱིས་བརྒྱན། །རལ་པ་མུན་གཏིབ་རྔམ་པའི་གར་གྱིས་རོལ། །དེ་ཡི་བྷ་གར་བྷྲཱུྃ་ཡིག་ཡོངས་གྱུར་ལས། །གྲུ་བཞི་སྒོ་བཞི་རྟ་བབས་མཆོད་རྟེན་དབྱིབས། །སོགས་ནས་བསྟོད་པ་རྫོགས་ཀྱི་བར་ལས་བྱང་གཞུང་བཞིན་གཏང་། དེ་ནས། བཤགས་བྱ་སློབ་དཔོན་བདག་འཇུག་བྱ། བཤགས་པ་བྱས་ལ། བཾ་དང་སློབ་མ་ལ་དབང་བསྐུར་བའི་དོན་དུ། སློབ་དཔོན་རང་ཉིད་ཀྱིས་བདག་འཇུག་རྒྱས་པར་བླངས། དེ་ནས་བཾ་ལ་འོག་ཏུ་འཆད་པར་འགྱུར་བ་བཞིན། ཚེ་དབང་མ་གཏོགས་པའི་དབང་ཡོངས་རྫོགས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་དུ་བསྐུར་ནས། སྙིང་གར་བདུད་རྩི་འཐོར་ཞིང་ཐིག་ལེ་བཀོད་དེ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་གྱི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལྷར་དག་པའི་སྙིང་གར་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་པའི་ཕྱིར། དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཧཱུྃ། སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། སོགས་ལས་བྱང་གཞུང་གི་མངོན་རྟོགས་ལ་འཇུག་ཅིང་། སྤྱན་དྲངས་བཞུགས་གསོལ་ཕྱག་མཆོད་བསྟོད་པ་ཛབ྄་ཀྱི་བར་དུ་བཏང་ནས། ལྷག་པར་ེ་རིང་ཛབ྄་ཀྱི་དུས། །ནམ་མཁར་དཔའ་བོ་མཁའ་འགྲོ་མ། །ཐམས་ཅད་སྤྲིན་ཕུང་འཁྲིགས་འདྲར་ཚོགས། །དགྱེས་པའི་གར་དང་བཞད་པའི་གླུས། །བཾ་ལ་མེ་ཏོག་ཆར་འབེབས་ཤིང་། །ཤིས་བརྗོད་མངའ་གསོལ་མཛད་པར་བསམ། །དངོས་སུ་རོལ་སྒྲ་སྤོས་དུད་སྦྱར། །ཅེས་གསུངས་པ་ལྟར་ནན་ཏན་དུ་སྒོམ་ལ། སྐུ་གསུང་ཐུགས་སྔགས་དང་། གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བསྒྲངས། ཁྱད་པར་ེ་རིང་ཅི་ནུས་བཟླས། དེ་ནས་ཚོགས་བཤམས་ནས་བཟུང་སྟེ། གདབ་པའི་བར་དུ་བྱ་བ་སྟེ། ཞེས་པ། ཚོགས་དང་གདབ་ལས་ཡོངས་རྫོགས་ལས་བྱང་ལྟར་བྱ། དེ་ནི་དགོངས་བརྒྱུད་ནག་པོ་རིན་པོ་ཆེའི་རྒྱུད་ལས། བཾ་གྱི་ཙིཏྟའི་ཕོ་བྲང་དུ། །ཚེ་བདག་འཁོར་དང་བཅས་པ་རྟག །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཡ་མའི་དཀྱིལ་འཁོར་རྫོགས་པར་རྟག་ཅེས་པའི་དགོངས་པ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། ཏི་ར་བཾ་ཆེན་དེ་ལ། དབང་རྣམས་ཚེ་དབང་མ་གཏོགས་པ་བསྐུར། དེ་ཡང་། ཡང་ཡང་བསྐུར་རམ། ཐེངས་གཅིག་བསྐུར་ཡང་རུང་སྟེ། དོན་ཤིན་ཏུ་ཆེའོ། །ཞེས་དང་། དེ་ལྟར་དབང་རྫོགས་པ་དང་། བཾ་ཆེན་དེའི་སྙིང་གར་བདུད་རྩི་གཏོར། དྲི་བཟང་གི་ཐིག་ལེ་བཀོད་དེ། བཅོམ་ལྡན་འདས་ཚེ་བདག་ནག་པོའི་དཀྱིལ་འཁོར་བསྐྱེད། ཡན་ལག་དང་སྐྱེ་མཆེད་ལྷའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། ཏི་ར་དེ་ནི་ཡེ་ཤེས་ལྷའི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དབང་བསྐུར་བྱིན་གྱིས་བརླབས། དཀྱིལ་འཁོར་བསྐྱེད་དེ་རྟོག་པ་གང་ཡང་མེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྩལ་ཅིར་ཡང་མ་འགགས་པར་སྣང་བ་སྟེ་རྒྱུ་ཡི་ཐབས་བཞིན་ནོ། །འདི་ཡི་དུས་ན་བར་སྣང་ཐམས་ཅད་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ཁེངས་ནས། བཞད་པའི་གད་རྒྱངས་དང་། དགྱེས་པའི་གར་དུ་མ་མཛད་ཅིང་། བཾ་ལ་མེ་ཏོག་མཐོར་ཞིང་བཀྲ་ཤིས་བརྗོད་པར་བསྒོམ་ལ། ཐམས་ཅད་ཀྱིས་རོལ་མོའི་སྒྲ་བསྒྲགས། གསུར་ཆེན་སྤོས་དཀར་ལ་སོགས་དུད་པས་བཏུལ་ལོ། །ཞེས་འབྱུང་བའི་དོན་ནོ། །འོན་ཀྱང་དེ་ཉིད་ལས། དེ་ནས་ནུབ་གསུམ་པ་ལ། དབང་བསྐུར་བ་ནི་གཉིས། བཾ་ལ་དབང་བསྐུར་ཞིང་དཀྱིལ་འཁོར་བསྐྱེད་པ་དང་། སློབ་མ་ལ་དབང་བསྐུར་བ་དངོས་སོ། །ཞེས་བཾ་ལ་དཀྱིལ་འཁོར་བསྐྱེད་ཅིང་དབང་བསྐུར་བ་དང་། སློབ་མ་ལ་དབང་བསྐུར་བ་གཉིས་ཀ་ནུབ་གསུམ་པ་ལ་ཡོད་དགོས་རྒྱུ་གསུངས་པ་ནི། ས་སྟ་གོན་དང་བཅས་པའི་དབང་ཁ་རྐྱང་ལ་དགོངས། འདིར་ནི། གཉིས་པ་བསྙེན་དང་ས་ཆོག་དང་། །སྟ་གོན་དཀྱིལ་འཁོར་སྒྲུབ་པའོ། །ཞེས་དང་། སྒྲུབ་པ་ཆེན་པོ་དག་ལ་ནི། ནས། རྟགས་དང་བསྟུན་ནས་སྒྲུབ་ཅེས་པས། དབང་སྒྲུབ་སྦྲགས་ནས་བྱེད་པའི་སྒྲུབ་དབང་གི་ལུགས་སུ་མཛད་པའི་ཁྱད་པར་དུ་ཤེས་པར་བྱ་སྟེ། དེ་དག་ནི་ཉིན་གཉིས་པའི་བྱ་བའོ། །བཞི་པ་དཀྱིལ་འཁོར་སྒྲུབ་པ་ལ། སྒྲུབ་པ་ཆེན་པོ་དག་ལ་ནི། །རྡོ་རྗེ་སློབ་དཔོན་ཛབ྄་གྱི་དུས། །རྡོ་རྗེ་རྒྱལ་ཐེབས་པས་ཕྲིན་ལས། །བསྟོད་པའི་བར་ཡང་རྫོགས་པར་བྱ། །སློབ་དཔོན་གྱིས་ནི་སྒྲུབ་རྫས་ཀྱི། །གཟུངས་ཐག་དེར་གཏད་བཤགས་དང་ཚོགས། །རྒྱལ་ཐེབས་པས་ནི་ཛབ྄་ཉིད་དེ། །དེ་བཞིན་རིན་ཆེན་པདྨ་དང་། །ལས་ཀྱི་རྒྱལ་ཐེབས་རིམ་པས་བསྐོར། །ཟླ་བ་གཅིག་གམ་ལོ་དག་གི །གང་འདོད་རྟགས་དང་བསྟུན་ནས་སྒྲུབ། །ཅེས་པས་བླ་མ་རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གྱི་དབུས་སུ་འཁོད་པའི་མོས་པའི་ཕྱོགས་ཅི་བདེར་བཞུགས། དཀྱིལ་འཁོར་ཆེན་པོའི་ཤར་དུ་རྡོ་རྗེ་རྒྱལ་ཐེབས། ལྷོར་རིན་ཆེན་རྒྱལ་ཐེབས། ནུབ་ཏུ་པདྨ་རྒྱལ་ཐེབས། བྱང་དུ་ལས་ཀྱི་རྒྱལ་ཐེབས་རྣམས་འཁོད་ལ། ཉིན་རེ་བཞིན་ཐུན་དྲུག་གམ། བཞིའམ། གཉིས་སུ་དཀྱིལ་འཁོར་བདག་མདུན་བུམ་པ་སོགས་མཐའ་དག་ལ་དམིགས་ཏེ། དཔོན་སློབ་ཆབས་ཅིག་པས་སྐྱབས་སེམས་ནས་བཟུང་ཛབ྄་ཀྱི་བར་ཐོག་མར་ལས་བྱང་ཚར་གཅིག་བཏོན། དེ་ནས་བརྩམ་སྟེ་སྔགས་རྒྱུན་མ་ཆད་པར་རྒྱལ་ཐེབས་རྣམས་ཀྱིས་ལས་བྱང་འདོན་པའི་དུས་སུ། རྡོ་རྗེ་སློབ་དཔོན་པས་ཛབ྄་ཁོ་ན་བཟླ། དེ་ནས་སློབ་དཔོན་གྱིས་ཚོགས་དང་བསྒྲལ་ལས་ལ་སོགས་པའི་དུས། གཟུངས་ཐག་རྡོ་རྗེ་རྒྱལ་ཐེབས་པར་གཏད་དེ། །དེས་སྔགས་བསྒྲང་། དེ་བཞིན་རིན་ཆེན་པདྨ་ལས་ཀྱི་རྒྱལ་ཐེབས་ལའང་བསྐོར་ཏེ། ཉིན་མཚན་ཀུན་ཏུ་བཟླ། སྔགས་རྒྱུན་མི་འཆད་པའི་ཕྱིར་ཐུན་རེས་སུ་བསྐོར། ཉིན་རེ་བཞིན་དཀྱིལ་འཁོར་གྱི་ལྷོ་ནས་ཚོགས་མཆོད་འབུལ་ཞིང་བཤགས་པ་བྱ། ནུབ་ཏུ་གུ་གུལ་ཤ་ཆེན་གྱི་གསུར་དུད་སྦྱར་ཞིང་། ཞུན་ཆེན་གྱི་མར་མེ་དང་བཅས་པའི་བསྐང་བ་དམ་རྫས་བཾ་བསྐང་འདོན། ནུབ་རེ་བཞིན་དཀྱིལ་འཁོར་གྱི་བྱང་དུ་བཀོད་པའི་ཐུན་གཏོར་བཟློག་བསྒྱུར་གྱི་ཚིག་འདོན་པ་དང་བཅས་པས་འཕང་། བྱང་ཤར་མཚམས་སུ་ཉའུ་བསྒྲལ་བ་རྣམས་མ་ཆག་པར་བྱ། དེ་ལྟ་བུའི་སྒོ་ནས་སྒྲུབ་པའི་ཡུན་ཚད་གང་འདོད་རྟགས་དང་བསྟུན་ཏེ། རབ་འཁོར་ཚོམ་བུ་དང་བཅས་པ་ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གནས་སུ་འགྲོ་ཞིང་། ལམ་ལྔ་ཚེ་འདི་ཉིད་ལ་རྫོགས་ནས་དངོས་གྲུབ་ཆེན་པོས་བདག་གཞན་གྱི་རེ་འདོད་སྐོང་ནུས་པའི་འབྲས་བུ་མ་ཐོབ་ཀྱི་བར་དང་། འབྲིང་ནི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལྔ་དང་ཐུན་མོང་གི་གྲུབ་ཆེན་བརྒྱད་དང་རྣམ་པར་སྨིན་པའི་རིག་འཛིན་མ་ཐོབ་ཀྱི་བར་རོ། །ཐ་མ་ཡང་འཇིག་རྟེན་དུ་བདེ་བ་དང་ལེགས་པ་དུ་མ་འབྱུང་ཞིང་ཞི་སོགས་ཀྱི་ལས་ལ་དབང་བ་དང་སྐྱེ་བ་བརྒྱུད་ནས་རིག་པ་འཛིན་པའི་གནས་ཐོབ་སྟེ། རིམ་པས་ལམ་གྱི་ལྷག་མ་སྦྱངས་ནས་མི་རིང་བར་བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་གོ་འཕང་ཐོབ་འགྱུར་གྱི་བར་དེ་སྲིད་དུའོ། །ཡང་ན་བོད་ཡུལ་འདིར་དེང་སང་ཕྱག་ལེན་དུ་མཛད་བཞིན་པའི་སྒྲུབ་ཆེན་གྱི་འདྲ་འབག་མོས་སློབ་ཙམ་ལ་ནི། ཞག་ལྔའམ་བདུན་སོགས་ཇི་ཙམ་འདོད་པ་བྱའོ། །བདག་འཇུག་ཀྱང་ཉིན་བཞིན་གྲུབ་ན་ལེགས། གལ་ཏེ་མ་འགྲུབ་ནའང་སློབ་མར་དབང་བསྐུར་གྱི་གོང་དེར་ངེས་པར་དགོས་སོ། །དེ་ནས་སློབ་མ་འཇུག་པའི་ཕྱིར། བླ་མས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། ཧཱུྃ། ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་རྩལ། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ། །མ་ལུས་གནས་པའི་རྒྱལ་པོ་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དབང་དལ་དུ། །བརཏལ་ཞུགས་དྲག་པོའི་སྟོབས་ཀྱིས་བཞུགས་སུ་གསོལ། །བདེ་ཆེན་གསང་བའི་ཕོ་བྲང་དམ་པ་རུ། །རིག་པའི་བརཏལ་ཞུགས་སྟོབས་ཀྱིས་བཞུགས་སུ་གསོལ། ལན་གསུམ་དཀྱིལ་འཁོར་ལྷ་ལ་གསོལ། སློབ་མ་སྟ་གོན་ནི། དེ་ནས་ཡོལ་བས་དེ་བཅད་ལ། ཁྲུས་བསྐྲད་གསོལ་དྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །སྒྲིབ་བསལ་བྱིན་རླབས་སོ་ཤིང་དང་། །ཁྱོར་ཆུ་ཀུ་ཤ་བསྲུང་ཆོས་བཤད། །རྨི་ལམ་བརྟག་པ་སློབ་མའི་འོ། །ཡོལ་བ་བཏང་བས། དཀྱིལ་འཁོར་ཆེན་པོ་སློབ་མས་མི་མཐོང་བར་བྱས་ལ། དང་པོ་ཁྲུས་བྱ་བ་ནི། རྡོ་རྗེ་རྒྱལ་པོ་དགོངས་པར་བཞུགས། །རྡོ་རྗེ་ལས་མཁན་ཆས་ཞུགས་ནས། །ཕྱིར་ཕྱིན་སློབ་མ་ཇི་སྙེད་པ། །ཁྲུས་བྱས་ཅེས་གསུངས་པ་ལྟར། སྒྲུབ་ཁང་གི་འགག་ཏུ། སྒོ་བའི་ཆས་སུ་ཞུགས་པ་བསྡད། རྡོ་རྗེ་ལས་མཁན་ཆས་ཞུགས་བགྱིས་བཞིན་པས་ལས་བུམ་ཐོགས་ཏེ། ཕྱི་རོལ་དུ་ཕྱིན་ནས་སློབ་མ་གཅིག་གམ་དུ་མ་ཡང་རུང་སྟེ། ཇི་སྙེད་པར་ཁྲུས་བྱ། གཉིས་པ་བསྐྲད་པ་ནི། བགེགས་གཏོར་བྱིན་བརླབས་བྱིན། །ཅེས་པས། བགེགས་གཏོར་ཡང་དེ་ཉིད་དུ་བཤམས་ལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཧཱུྃ། ཡང་གསང་ལྷ་ཡི་དུར་ཁྲོད་གཞལ་ཡས་འདིར། ཞེས་སོགས་བརྗོད་ཅིང་གུ་གུལ་བདུག །ཐུན་བྲབ་ེ་རིང་ཧཱུྃ་བཞི་སོགས་བརྗོད་པས་བསྐྲད་ལ། ཧཱུྃ། གཤིན་རྗེ་གཤེད་པོ་ཁྲོས་པའི་མེ། སོགས་མེ་དང་། སྟེང་ཡང་མཚོན་ཆའི་བླ་རེ་ལ། །སོགས་མཚོན་ཆ་འཆོལ་བ་དང་། དཔའ་བོ་བདུད་དགྲ་འདུད་འདུལ་ཕྱིར། །སོགས་ཁྲོ་བོ་འཆོལ་བ་དང་། ཆོས་དབྱིངས་རྣམ་དག་སྐྱེ་བ་མེད་པའི་དབྱིངས། །སོགས་ཀྱིས་གསང་མཚམས་བཅད་པ་སྟེ། མཚམས་བཅད་བཞི་པོ་བྱས་ལ། གསུམ་པ་གསོལ་གདབ་ནི། དེ་རྗེས་སྒོ་བ་ལ། ཧཱུྃ། མ་ཤེས་འཁོར་བར་འཁྱམས་བསྒྲལ་ཏེ། །ཐེག་པ་ཆེན་པོར་འགོད་པའི་ཕྱིར། །དཔའ་བོ་ཆེན་པོ་དཔའ་བྱད་ཅན། །ཡེ་ཤེས་སྒོ་འདི་བདག་ལ་ཕྱེ། །ཞེས་གསོལ་བ་བཏབ། བཞི་པ་དྲངས་པ་ནི། སྒོ་བས་ཕྱེ་ནས་ལས་མཁན་གྱིས། །རྡོ་རྗེ་ལ་བཟུང་ཆིག་སྦྲེང་ཁྲིད། །ཅེས་ལས་མཁན་གྱི་ལག་ཏུ་རྡོ་རྗེ་བཟུང་བཞིན་པས་འདི་སྐད་བརྗོད། ཧཱུྃ། འབྲས་བུ་རྡོ་རྗེ་གསང་བའི་ལམ། །འདི་ནི་ཐེག་ཆེན་བླ་ན་མེད། །གཟུངས་ཕྲེང་རྡོ་རྗེ་འདི་ལ་འཇུས། །ཐར་བའི་ལམ་མཆོག་འདི་ལ་ཤོག །སློབ་མ་རྣམས་ཀྱིས་ཀྱང་དེའི་ལག་གི་རྡོ་རྗེ་འཇུས་ཏེ་ནང་དུ་འོང་བ་ཡོལ་བའི་རྩར་བཞག །ལྔ་པ་ཕྱག་བྱ་བ་ནི། གུས་འདུད་དང་བཅས་པས་ཕྱག་ལན་གསུམ་བྱས་ཏེ། མདུན་དུ་འཁོད་བཞིན་པས། མཎྜྻལ་ཕུལ་ནས། དྲུག་པ་རྡོ་རྗེ་སློབ་དཔོན་ལ་གསོལ་བ་གདབ་སོགས་ཀྱིས་སོ། །ཐུན་མོང་མ་ཡིན་པ་ནི། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། །རང་བྱིན་བརླབས་པའི་ཐབས་ཤེས་ལ་བརྟེན་ནས། །བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར། ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་བཟུང་ངོ་། །ཨོཾ་བོ་དྷི་ཙིཏྟ་ཨཱ་དྲཱ་ཨུ་པ་ད་ཡ་མི། ཞེས་པ་དང་། རིགས་ལྔའི་སྡོམ་པ་འདི་ཡིས་བླང་། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བརྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །གསོལ་གདབ་འདི་གསུམ་ཀ་ལན་གསུམ་གསུམ་བྱ། །བཅུ་པ་སྒྲིབ་པ་བསལ་བ་ནི། ཡིག་བརྒྱ་ལན་འགས་སློབ་མའི་སྒྲིབ། །སྦྱངས་ནས་ཞེས་པས། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་སོགས་སློབ་དཔོན་དང་སློབ་མ་ཆབས་ཅིག་པས་ལན་གསུམ་མམ་ལྔ་བདུན་སོགས་གང་རུང་བརྗོད་པའོ། །བཅུ་གཅིག་པ་བྱིན་རླབས་པ་ནི། ཟིལ་གནོན་བསྐྱེད་ལ་ཅེས་པས། སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། ཕྱོགས་སྐྱོང་མ་ཧེ་བརྫིས་པའི་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར་རྒྱུ་དང་རྐྱེན་མེད་པར། ཁྱེད་རང་རྣམས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ་སོགས་ནས། འབར་བའི་ཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པར་གྱུར་བར་གྱིས་བསྐྱེད་ལ། གནས་གསུམ་དྲི་ཡི་ཐིག་ལེ་བྱས། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། དེ་བཞིན་ཝཱཀྐ་ཙིཏྟ་བཅུག །སྤྱི་མགྲིན་སྙིང་གའི་གནས་གསུམ་སོ་སོར་དྲི་ཐིག་རེ་དང་སྔགས་རེ་སྦྲགས་ནས་བྱའོ། །བཅུ་གཉིས་པ་སོ་ཤིང་འདོར་བ་ནི། ཚོམ་བུ་ལྔ་པའི་མཎྜྻལ་ཏེ། །མེ་ཏོག་ཕྲེང་བཅིངས་སོ་ཤིང་གི །རྩ་བ་སོ་མ་དྲུད་པས་སོ། །ཞེས་པ་སྟེ། མདུན་དུ་སོ་ཤིང་འདོར་བའི་ཚོམ་བུ་ལྔ་བཀོད་ནས། འདི་ཉིད་རྒྱལ་བ་རིགས་ལྔའི་རང་བཞིན་དུ་ཤེས་པས། དེ་ལ་དངོས་གྲུབ་ཀྱི་པྲ་བརྟགས་པའི་ཕྱིར་སོ་ཤིང་འདོར་བ་ཞུ་སོགས་ཀྱིས་བརྡའ་སྤྲད་ནས། སོ་ཤིང་རྣམས་སློབ་དཔོན་གྱི་ཕྱག་ཏུ་འཛིན་ཞིང་ལས་ཆུས་བསངས། ཨོཾ་ཨཱཿཧཱུྃ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། བདུན་ཕྲག་ཙམ་བཟླས་སམ་བགྲངས་ཟིན་པ་དང་། སློབ་མ་ལ་སྤྲད་ནས། བཛྭ་ཧ་ས་ཧ། ཞེས་འདོན་པས་འདོར་བཅུག །དེ་ཡང་རྩེ་མོ་དབུས་སུ་ཟུག་ན་མཆོག །ཤར་ལྷོ་ནུབ་བྱང་ཞི་རྒྱས་དབང་། །དྲག་པོ་མཚམས་ནི་ཐུན་མོང་བ། །སྟེང་འོག་མཁའ་སྤྱོད་ས་སྤྱོད་འགྲུབ། །ཅེས་བརྡའ་སྤྲད། བཅུ་གསུམ་པ་ཁྱོར་ཆུ་བླུད་པ་ནི། དེ་ནས་དྲི་ཆུ་ཁྱོར་བར་བླུག །ཅེས་པས། དང་པོ་དེ་ཉིད་ལས་ཆུས་བསངས། ཨོཾ་སྲཱིཿབི་ཤུདྡྷཿསརྦ་དྷརྨཱ་སརྦ་པཱ་པཱ་ནི་ཙ་ཀྵྼཿབི་ཤྭ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ། ལན་བདུན་བཟླས་པ་སྦྱིན། སློབ་མས་ཧུབ་གསུམ་ལྷག་མ་རྒྱབ་ཏུ་དོར། བཅུ་བཞི་པ་ཀུ་ཤ་གཏད་པ་ནི། ཀུ་ཤ་བསང་། བཛྭ་ཏིཀྵ་ཎ་བཾ། ལན་བདུན་བཟླས་པའི་སྔས་དང་སྟན་དུ་བྱིན། བཅོ་ལྔ་པ་བསྲུང་སྐུད་ནི། སྐུད་པ་སོགས་དམར་ལུས་ཚད་པ། །སུམ་བསྒྲིལ་རྡོ་རྗེའི་མདུད་སུམ་བརྩེགས། །དེ་ཉིད་ལས་ཆུས་བསངས། ེ་མྱགས་ལ་ཧཱུྃ་ཕཊ། བཏགས་པ་ཉེར་གཅིག་བཟླས་པའི་ཕུས་བཏབ་ནས། སྐྱེས་པའི་གཡོན་དང་། བུད་མེད་ཀྱི་གཡས་སུ་བྱིན་ལ། སླར་ཡང་མདུད་མཚམས་སུ་དྲི་ཡི་ཐིག་ལེ་དང་རྡོ་རྗེ་རྒྱ་གྲམ་བཞག །ེ་མྱགས་ཡ་རྔུབས་མུཀ་ཤཀྐ་དུན། ཅེས་བརྗོད་པས་བསྲུང་ནས། བཅུ་དྲུག་པ་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཞེས་སོ། །བཅུ་བདུན་པ་རྨི་ལམ་བརྟག་པ་ནི། བཞིན་བཟང་དག །བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་སྟོན་ལ་དྲེགས་པའི་དཀྱིལ་འཁོར་དུ་དབང་ཞུ་བ་ལ་མོས་གུས་ཆེན་པོས་ཉོལ་ལ། དངོས་གྲུབ་ཀྱི་མཚན་མ་བཟང་ངན་རྨི་ལམ་དུ་སྟོན་ཅིག །ཅེས་བྱ་དཀྱིལ་འཁོར་གང་དེར་ཉལ། དེ་ནི་སློབ་མ་སྟ་གོན་གྱི་བྱ་བའོ། །གསུམ་ལ་སློབ་མ་འཇུག་པ་ལ་དབྱེ་ན། འཇུག་པ་དེ་བསྟན་དབབ་དང་སྤྲོད། དང་པོ་ལ། འཇུག་པ་ཕྱི་ནང་ཕྱི་ལ་ཡང་། །ཁྲུས་བསྐྲད་གསོལ་དྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །སྟ་གོན་ཇི་བཞིན་འདིར་ཡང་ངོ་། །ཞེས་པས་དེ་རྣམས་ཉིན་སྔ་མ་བཞིན་དུ་བྱ་བ་ཡིན་ལ། འོན་ཀྱང་ཁྲུས་བསྐྲད་ཕྱི་རོལ་དུ་བྱ་བ་དང་། སྒོ་བ་གསོལ་བ་གདབ་པ་སོགས། དངོས་སུ་མ་བདེ་ན་སློབ་དཔོན་མདུན་རང་དུ་བྱས་ཀྱང་ཆོག །གང་ལྟར། བོ་དྷི་ཙིཏྟ་ཨ་དྲ་ཨུ་པ་ད་ཡ་མི། ཞེས་བྱང་ཆུབ་སེམས་གཉིས་ཀྱི་སྡོམ་པ་བཟུང་བའི་རྗེས་ཟློས་ལན་གསུམ་པའི་མཐའ་བར་སྟ་གོན་བཞིན་ལ། སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། སོགས་གསོལ་གདབ་ཀྱི་མགོར་མཎྜྻལ་འབུལ་དུས་བླ་མ་དང་འཇམ་དཔལ་ཟིལ་གནོན་ཆེན་པོ་དབྱེར་མ་མཆིས་པའི་དྲུང་དུ། དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བཞི་རྫོགས་པར་ཞུ་བའི་ཡོན་དུ། ཞེས་འདོན་པ་ཙམ་གྱི་ཁྱད་པར་རོ། །ནང་འཇུག་གདོང་གཡོགས་མཎྜྻལ་ཕུལ། གསོལ་དྲངས་དྲི་དང་ཁས་བླངས་སོ། །སྔར་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་མཚོན་ཕྱིར། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས་ལ། འཇུག་ཡོན་དུ་མཎྜྻལ་ཕུལ་ནས། མོས་གུས་ཆེན་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་གནང་བར་ཞུ། ཧཱུྃ། ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱིས། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་སྩོལ། ཅེས་ལན་གསུམ། སློབ་དཔོན་གྱིས་ནི་རྡོ་རྗེ་གཏད། རིམ་བཞིན་ནང་དུ་དྲངས་པའི་དུས། ཧཱུྃ། འཁོར་བའི་སེམས་ཅན་མ་ལུས་ཀུན། །རྒྱུ་ལམ་ལྔ་ཡི་སྒོ་བཅད་དེ། །མཐོ་རིས་ཐར་པའི་སྒོ་ཕྱེས་ནས། །བླ་མེད་གནས་སུ་དྲངས་བར་བྱ། ཨོཾ་བཛྭ་ས་མ་ཡ་ཛཿཛཿ ཞེས་བརྗོད། དངོས་སུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་སློབ་མ་རྣམས་ལག་པ་རེག་ཏུ་གཞུག །དེ་ནས་རྡོ་རྗེ་མགོ་བོར་བཞག་ནས། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །གསང་བའི་དམ་ཚིག་བསྲུང་ནུས་སམ། །སྒྲུབ་མཆོག་བརཏལ་ཞུགས་སྤྱོད་ནུས་སམ། །མངོན་སྤྱོད་ལས་རྣམས་བྱེད་ནུས་སམ། །ལན་གསུམ་བར་དྲི་སློབ་མས་ཀྱང་། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཁྱོད་ཀྱིས་བཀའ་སྩལ་བདག་རྗེས་སྒྲུབ། །དམ་ཚིག་སྡོམ་པ་གང་ཡིན་དང་། །གསང་བའི་ལས་ཀུན་སྒྲུབ་པར་འཚལ། །བརཏལ་ཞུགས་ཆེན་པོ་བླ་མེད་པ། །མཐར་ལམ་ཕྱིན་པ་སྤྱོད་པར་འཚལ། །ཕྲིན་ལས་རྣམ་བཞིའི་བྱ་བ་རྣམས། །ཇི་ལྟར་གསུངས་པ་ཉན་པར་འཚལ། །ཞེས་པས་ཁས་བླང་བྱ་བ་ཡིན། །དེ་ནས་གཉིས་པ་ལྷ་ངོ་བསྟན་པ་ལ། །དགོངས་གསོལ་སྒོ་དབྱེ་ཕྱག་ལྷ་བསྟན། སློབ་མའི་རྒྱུད་ནི་བྱིན་བརླབ་པ། །ཞེས་རྣམ་པ་ལྔ་ལས། དང་པོ། སློབ་དཔོན་གྱིས་ནི་དཀྱིལ་འཁོར་ལྷར། །ལྷ་དང་རྡོ་རྗེ་སློབ་དཔོན་མཆེད། །ཕྱོགས་མཚམས་ཀུན་ནས་མཁྱེན་པའི་དཔལ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ལན་གསུམ། ཞེས་བརྗོད་སྒོ་ཕྱེ་འདི་ཡིས་སོ། །ཧོ། ཡེ་ཤེས་རྣམ་པ་ཀུན་ལྡན་ཅིང་། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཡུལ་ལས་འདས་པའི་ཡེ་ཤེས་ཀྱིས། །མཁའ་དབྱིངས་དག་པའི་ཤར་སྒོ་ཕྱེ། །ཞེས་བརྗོད་པ་དང་བསྟུན་ནས་སློབ་དཔོན་གྱིས་སྒོ་དབྱེ་བའི་ཕྱག་རྒྱ། སོར་མོ་གཡས་གཡོན་བསྣོལ་བའི་རྩེ་མོ་རང་ལ་བསྟན་པ་དེ་འགྲོལ་བ་དང་སྦྲགས། ཤར་སྒོ་ཕྱེ་ཞེས་པའི་སྐབས་སུ་དབྱེ་ཚུལ་རྣམ་ཆ་དོད་པར་བྱེད་པ་དང་། ཡང་ན་སྲིན་ལག་མཐེའུ་ཆུང་གཉིས་བཀུག་པའི་རྩེ་མོའི་ཕྱི་ངོས་ནས་མཐེ་བོང་བཀུག་པས་མནན། མཛུབ་མོ་དང་གུང་མོ་གཉིས་བརྐྱང་བས་དབྱེ་ཚུལ་བྱེད་པ་སྟེ། གཉིས་ཀ་སྒོ་དབྱེ་བའི་ཕྱག་རྒྱ་ཡིན་པས་ཅི་བདེར་བྱའོ། །ཞེས་པས་དཀྱིལ་འཁོར་ཆེན་པོ་ཡི། །ཕྱོགས་ཤར་སྒོ་ནི་ཤག་གིས་ཕྱེ། །སློབ་མ་དཀྱིལ་འཁོར་ཤར་སྒོར་ཞུགས། །ཞེས་གསུངས་པ་ལྟར་ཡིད་ཀྱིས་མོས་པ་བྱ། མཉམ་ཉིད་དག་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཞེས་པས་ཕྱག་ལན་གསུམ་འཚལ་དུ་བཅུག་ནས་འཁོད་པ་ལ། སློབ་དཔོན་གྱིས། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ་རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་ཡབ་ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི། ཟ་མའི་གཤིན་རྗེ་བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་ཞལ་མངོན་སུམ་དུ་ཁྲ་སྲམ་མེར་བཞུགས་པ་རྣམས་ལ་མོས་གུས་དུང་པ་གྱིས་ཤིག །འདི་ནི་སློབ་མའི་རྒྱུད་ལ་བྱིན་རླབས་འཇུག་ཕྱིར་མོས་གུས་བྱ་བར་བསྐུལ་ནས་གང་ལ་བྱ་བའི་ཡུལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དོན་སྤྱིའི་ཚུལ་དུ་བསྟན་པ་ཡིན་ཀྱང་ལྷ་ངོ་སྤྲད་པ་དངོས་མ་ཡིན་པས་ཟློས་པར་མི་འགྱུར་བ་ཤེས་དགོས་སོ། །ཞེས་བསྟན་བྱིན་རླབས་འདི་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་དབང་ཕྱུག་འཇམ་དཔལ་ཟིལ་གནོན་ཆེན་པོའི་མཛོད་སྤུའི་དབུས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཞུགས། ལུས་ལ་ཐིམ་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེགས། མགུལ་གྱི་དབུས་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་ན་རར་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་ལ་ཐིམ་པས་ངག་སྒྲིབ་དག །ཐུགས་ཀའི་དབུས་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། སྙིང་ག་ནས་ཞུགས་ཡིད་ལ་ཐིམ །ཡིད་ཀྱི་སྒྲིབ་པ་དག་པའི་མོས་པ་གྱིས། དེ་ནས་ལྷོ་སྒོར་ཕྱིན་ནས། སྔར་བཞིན་སྒོ་ཕྱེ་ཕྱག་བྱས་ལྷ། བྱིན་རླབས་སྤྲོ་བསྡུ་ཞེས་པས་ལྷོ་སྒོ་ནས་ཀྱང་། ཧོ། ཡེ་ཤེས་རྣམ་པ་ཀུན་ལྡན་སོགས་ཀྱིས་སྒོ་ཕྱེ་བ། ཕྱག་འཚལ་བ། ལྷ་བསྟན་པ། བྱིན་རླབས་བསྡུ་བ་རྣམས་སྔར་ལྟར་དང་། དེ་བཞིན་ནུབ། བྱང་ལའང་རིག་པ་བསྒྲེས་ཏེ་ཤེས་པར་བྱའོ། །དེ་ནས་བྱིན་དབབ་པ་ནི། དབབ་ལ་དམ་གཉིས་མཎྜྻལ་གསོལ། །བསྐྱེད་དགུག་བསྟིམ་སྔགས་མེ་ཏོག་དོར། །བརྟག་དང་ལྷ་བསྟིམ་དག་ཏུ་བཤད། །ཅེས་པའི་དང་པོ། མནའ་ཆུ་བྱིན་ནས་འདི་སྐད་བརྗོད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་བཛྭ་ཡཀྴ་ཀྲོ་དྷ་ཛཿཧཱུྃ་ཋ་ཋ་ཨི་དནྣ་ར་ཀན། རཀྴ་སོགས་ཀྱི་ཕྲེང་བ་བཀོན་ལ། སློབ་དཔོན་གྱིས། རིགས་ཀྱི་བུ་མཆོག་རྡོ་རྗེ་ཁྱོད། །དེ་རིང་ཕན་ཆད་ང་ཡི་བུ། །ང་ཡི་བསྒོ་བར་བྱ་བ་དང་། །དམ་ཚིག་ལ་ཡང་གནས་པར་གྱིས། ཞེས་བརྗོད། །སློབ་མས། ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ། །མཎྜྻལ་ཕུལ་ནས་གུས་པས་སུ། །བླ་མ་རྡོ་རྗེ་འཛིན་པ་ཡིས། །ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །ཡེ་ཤེས་ཁྲོ་བོའི་སྤྲིན་ཆེན་པོ། །མ་ལུས་བདག་ལ་དབབ་ཏུ་གསོལ། །ཅེས་ལན་གསུམ་གྱིས། གསོལ་བ་གདབ། བུམ་པའི་མགུལ་གྱི་ཨོཾ་བྱང་རྣམས། སློབ་མའི་མགོར་བཞག་འདི་སྐད་བརྗོད། དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔའ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཐུགས་ཀ་ནས། ཡི་གེ་ཨཱོཾ་རེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་མོས་པ་གྱིས། ཧཱུྃ། ཐིག་ལེའི་ངོ་བོ་འཇམ་དཔལ་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ན་རོ་རྡོ་རྗེ་སེམས་དཔའི་སྐུ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཟླ་ཚེས་པདྨ་དབང་གི་སྐུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཧ་ནི་དོན་ཡོད་གྲུབ་པའི་སྐུ། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨ་ནི་སངས་རྒྱས་བདེ་གཤེགས་སྐུ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཡིག་འབྲུ་ལྔ་ཡིས་བྱིན་བརླབས་པས། །སྐུ་ལྔ་ཡེ་ཤེས་ལྡན་པར་ཤོག །ཅེས་པས། སློབ་མ་ཇི་ཙམ་ཡོད་ཀྱི་མགོར་ཨོཾ་བྱང་རེ་བཀོད་ལ། ཨོཾ་དེ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས། ལུས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྒྱུ་དང་རྐྱེན་མེད་པར་ཁྱེད་རང་རྣམས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཡན་ལག་རག་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིང་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་། ལྗགས་ལ་ཁྲག་གི་རྒྱ་མཚོའི་རྦ་ཀློང་འཁྲུགས་པ། སྨ་ར་ཨག་ཚོམ་སྨིན་མ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་སྡང་མིག་ཏུ་གཟིར་ནས་བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་བཅིངས་པའི་ཤངས་ཀྱི་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབས་པ། ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔའི་ཅོད་པན་དང་། བདུད་དང་མུ་སྟེགས་དང་། སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་ལྔ་བཅུ་རྩ་གཅིག་དང་སྙིང་སྤེལ་བའི་རྒྱུ་མའི་ག་ཤ །རུས་པའི་རྒྱན་དྲུག་དང་སྦྲུལ་ཆེན་བརྒྱད་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་། ཞིང་ཆེན་གྱིས་སྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་སྣ་ལ་རཀྟའི་ཐིག་ལེ་བྱས་པ། བྲང་གི་འཛོམས་སུ་ཞག་གི་ཟོ་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེའི་མཚོན་ཆ་ངར་མའི་གཤོག་པ་བརྐྱང་བ། གཡོན་བརྐྱང་ནས་འབར་བའི་ཕྲེང་བ་འཁྲུགས་པའི་ཀློང་ན་བཞུགས་པར་གྱུར། སྤྱི་བོར་དེ་བཞིན་གཤེགས་པའི་ཁྲོ་བོ་བྱ་ཁྱུང་དཀར་པོ། རྡོ་རྗེའི་རྭ་དང་མཆུ་སྡེར། ཉི་ཟླའི་མིག །མཚོན་ཆ་མི་བཟད་པའི་སྤུ་གཤོག་ཅན། སྦྲུལ་ཆེན་པོ་བཟུང་ནས་ཁར་ཟ་བ། དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་དབུས་སུ། སྐུ་ཡི་ཁྲོ་བོ་ཡ་མ་རཱ་ཙ་སྨུག་ནག་འཁོར་ལོ་དང་བེ་ཅོན་ཅན། མགྲིན་པར་པདྨ་དམར་པོ་འདབ་བརྒྱད་ཀྱི་དབུས་སུ། །གསུང་གི་ཁྲོ་བོ་རྟ་མཆོག་རོལ་པ། དམར་ནག་རྡོ་རྗེ་ཞགས་པ་ཅན། སྙིང་གར་རྡོ་རྗེ་རྩེ་དགུ་པའི་དབུས་སུ། ཐུགས་ཀྱི་ཁྲོ་བོ་ཕྱག་རྡོར་ལྗང་ནག །རྡོ་རྗེ་སྙིང་ཕྲེང་ཅན། ལྟེ་བར་རིན་པོ་ཆེ་ཆ་བརྒྱད་པའི་དབུས་སུ། ཡོན་ཏན་གྱི་ཁྲོ་བོ་རུས་སྦལ་རྔམ་པ་མི་ཟན་དམར་སེར། མཆེ་སྡེར་གནམ་ལྕགས་ལས་གྲུབ་ཅིང་། ཁྲག་གི་ཐིག་ལེ་དུག་གི་སྨེ་བ། ཡན་ལག་དྲུག་ལ་མཆོད་རྟེན་གྱིས་མཚན་པ། སྙིང་གར་ལྷ་སྲིན་གྱི་སྲོག་འཆང་ཞིང་། ལྟོ་བ་སྲིད་པའི་ཁྱམས་ཁང་དུ་སྣང་བ། གསང་གནས་སུ་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ། ཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ་མཐིང་ནག་དབུ་གསུམ། ཕྱག་དྲུག་ཞབས་བཞི་བསྒྲད་པ། ཕྱག་དྲུག་རྡོ་རྗེ་རྩེ་དགུ་རྩེ་ལྔ་མེ་དཔུང་ཁ་ཊཱཾ་ག་ཐ་མ་གཉིས་ཀྱིས་ཕུར་བུ་བསྒྲིལ་བ། ཁྲོ་བོ་ཐམས་ཅད་དཔལ་གྱི་ཆས་ཀྱིས་བརྒྱན་པའོ། །ཕྲག་གོང་གཉིས་སུ་ཁྱུང་མོ་སྨུག་ནག །ནུ་ཁ་གཉིས་སུ་སེདྒེ་དཀར་མོ་རལ་པ་སྤྲུགས་པ། སོག་གཞུང་གཉིས་སུ་སྟག་མོ་མི་རོ་ཟ་བ། སྟ་ཟུར་གཉིས་སུ་སྦྲུལ་ནག་ཁ་ནས་དུག་རླངས་འགྱེད་པ། གཡོན་དུ་སྦྱོར་ཡུམ་བེ་ཏ་ལི་མཐིང་ནག་སྙིང་དང་ཐོད་ཁྲག་འཛིན་པ། དབྱིངས་ཡུམ་མུ་ཁ་ལི་དམར་སྨུག་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ། གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊི་སྔོ་སྐྱ་རལ་གྲི་དང་གཡུ་སྤྱང་འཛིན་པ། ཁྲོ་མོ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྩིབས་སྟེང་ལ་ཕྱི་ནང་གསང་བ་ལོ་ཟླ་ཞག །དུས་བཞི་ཟ་མའི་གཤེད་ཕོ་མོ་ཐམས་ཅད། གདུག་པ་ཅན་གྱི་མཚོན་ཆ་བཟུང་ཞིང་དྲག་ཤུལ་ཆེན་པོའི་སྐུ། གླང་པོ་ཆེའི་གོ་ཟུ་གྱོན་ཞིང་། ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཅིང་རྔམ་པའི་འཆམས་ཀྱིས་རོལ་པའོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ས་བོན་ཡི་གེ་ཧཱུྃ་མཐིང་ནག །དེ་ལས་ཛཿཧཱུྃ་བཾ་ཧོཿཞེས་པའི་སྒྲ་དང་བཅས་པའི་འོད་ཟེར་བླ་མའི་ཐུགས་ཀར་ཕོག །བླ་མའི་ཐུགས་ཀ་ནས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། ཆོས་ཀྱི་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ཁང་ནས་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ། རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་ཡབ་ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི། ཟ་མའི་གཤིན་རྗེ། བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པའི་སྙིང་གར་ལྕགས་ཀྱུའི་ཛཿ ཞགས་པའི་ཧཱུྃ། ལྕགས་སྒྲོག་གི་བཾ། དྲིལ་བུའི་ཧོཿ མདུན་གྱི་ནམ་མཁར་ཆར་བབས་པ་བཞིན་དུ་བྱོན་ལ། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱི་མཐར་ཛྙྱཱ་ན་ཨ་བཱེ་ཤ་ཡ་ཨཱཿཞེས་པ་བཏགས་པ་དྲག་ཏུ་བཟླ། སྤོས་ཀྱིས་བདུག་ཅིང་རོལ་མོ་བསྒྲགས། ཅེས་པས། སྐབས་འདིར་རོལ་ཆེན་རེ་ངེས་པར་བྱེད། སྤྲོས་མེད་ཀྱི་སྐབས་ཀྱང་སྤོས་བཏུལ། སློབ་དཔོན་གྱིས་ཌཱ་དྲིལ་བྱ། གར་དང་བརྡ་སྐད་འཕར་སོགས་འབྱུང་། བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྭ་གྱིས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག །དེ་ནས་དཀྱིལ་འཁོར་དྲུང་ཁྲིད་ལ། །ཅེས་པས་མེ་ཏོག་དོར་ཏེ། དེ་ཡང་གང་ལ་འདོར་ན། དཀྱིལ་འཁོར་དངོས་རས་བྲིས་ལྟ་བུ་ཡིན་ན་དེ་ཉིད་དུ་དང་། གལ་ཏེ་རྡུལ་ཚོན་ཡིན་ཚེ་ལྷ་མཚན་ཟུབ་པར་འགྱུར་བའི་ཉེས་པ་འབྱུང་བ་འགོག་པའི་ཕྱིར་སྟེང་ནས་མ་རེག་པར་དར་ལ་སིང་ལྟ་བུ་ཕྱི་ནང་མི་སྒྲིབ་པ་ཞིག་བཀབ་པ་ལ་མེ་ཏོག་དོར་བས་ལྷའི་མཚན་མ་མི་སུབ་ཅིང་གང་ལ་ཕོག་པ་ངོས་ཟིན་པའི་དགོས་པ་ཡོད་པའི་ཕྱིར། རིག་བཟོའི་ལག་ལེན་ལྟ་བུ་ཡིན་ཀྱང་དོན་ལ་མི་འགལ་བས་འཐད་ཅིང་ལེགས་པ་ཡིན། ཡང་ན་དཀྱིལ་འཁོར་ལ་མི་འདོར་ནའང་། རས་བྲིས་ཀྱི་དཀྱིལ་འཁོར་གཞན་ཞིག་ལ་འདོར་བའི་ལུགས་ཀྱང་ཡོད་དོ། །དེ་མིན་སྟེགས་བུའི་མཎྜྻལ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་ལྕོགས་ན་དང་། གཞན་མཎྜྻལ་པདྨ་འདབ་བརྒྱད་ལ་འབྲུའི་ཚོམ་བུའམ་རིགས་ལྔའི་མཚན་མའམ། བུམ་མཚན་ནམ། རིགས་བརྟག་ཅིང་གསང་མཚན་འདོགས་པ་ལ་ཕན་པས་ལྷ་ཚོགས་ཀྱི་གཙོ་བོ་ལྔའམ་དགུའི་ཕྱག་མཚན་སོགས་གང་རུང་བཀོད་པ་ཡིན། དེ་ཡང་ཤར་ཕྱོགས་ལ་སོགས་པའི་རྗེས་འབྲེང་། མཚམས་ཤར་ལྷོ་སོགས་རིམ་པས་ཡིན་ཕྱིར། མཚམས་རྣམས་སུ་མཚན་མ་མ་བཀོད་ཀྱང་། ཕྱོགས་རྣམས་སུ་རིགས་སུ་འཐུས་པས། ཕྱོགས་བཞི་ལྟེ་བ་དང་བཅས་པ་བཀོད། གཞན་ལ་མ་བཀོད་ན་ལྔ་དང་། མཚམས་རྣམས་སུའང་བཀོད་པས་དགུར་འགྱུར་བ་ཡིན། དེ་ལ་གལ་ཏེ་དགུར་བྱེད་པ་སྤྲོ་ན། རིགས་ལྔའི་མཚན་མ་འགོད་ཚེ་ཤར་དང་ཤར་ལྷོ་རྡོ་རྗེ་ནས། བྱང་དང་བྱང་ཤར་རལ་གྲིའི་བར་དུ་དང་། ལྷ་ཚོགས་ཀྱི་གཙོ་བོ་གཙོ་བོའི་ཕྱག་མཚན་བཀོད་ན། ལྟེ་བར་འཇམ་དཔལ་ཟིལ་གནོན་གྱི་ཕྱག་མཚན་འཁོར་ལོ། ཤར་དུ་ཕྱག་རྡོར་གྱི་རྡོ་རྗེ། ལྷོར་གཤིན་རྗེའི་འཁོར་ལོ། ནུབ་ཏུ་རུསྦལ་ལ་མཆོད་རྟེན། བྱང་དུ་བྱ་ཁྱུང་ལ་སྦྲུལ་རྣམས་དང་། མཚམས་རྣམས་སུ་གྱད་གནོན་ཕྱག་མཚན་རལ་གྲི་འབའ་ཞིག་འགོད་པ་ཡིན་ཀྱང་ཕལ་ཆེར་སྔ་མ་བཞིན་ལེགས། ཡུམ་རྣམས་ལ་མེ་ཏོག་ཕོག་ཀྱང་རིགས་ངོས་འཛིན་རྒྱུ་དང་། མིང་འདོགས་རྒྱུ་ལོགས་སུ་མེད་པས། ཡུམ་གསུམ་གྱི་ཕྱག་མཚན་དགོད་མི་དགོས། དུས་འཁོར་ལས་ནི་རྣམ་རྒྱལ་བུམ་པའི་ཁར། མཎྜྻལ་ལ་བུམ་མཚན་དགུ་བཀོད་ནས་འདོར་བར་ཡང་གསུང་མོད། འདིར་མི་མཛད་དོ། །དེ་རྣམས་གང་ལ་ཡིན་ཀྱང་འདྲ་སྟེ། དཀྱིལ་འཁོར་དངོས་ལས། གཞན་ལ་དོར་ཕྱིན་འདོར་བའི་ལྷ་མཚན་དེ་རྣམས་ལ་དམིགས་ནས། ལྷ་སོ་སོའི་མཚན་ཙམ་སློབ་དཔོན་གྱིས་བརྗོད་པས། སློབ་མར་སྐད་ཅིག་གིས་གསལ་འདེབས་སུ་བཅུག་པས། དམ་ཚིག་པར་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་དེ་དང་། དེའི་ཐུགས་ཀ་ནས་རང་འདྲ་བ་རེ་ཆད་དེ་བྱོན་པའི་ཡེ་ཤེས་པ་བསྲེ་བའམ། ཡང་ན་ཐོག་མ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ངོ་བོར་གསལ་བཏབ་ལ། ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ཡི་རྒྱལ་པོ་ལྷ་མཆོག་སོགས། བསྟོད་པ་གང་རུང་ཤྭ་ལོ་ཀས་བསྟོད། ེ་ཐུང་བརྒྱ་ཕྲག་ནས་བདུན་གྱི་བར་གང་རུང་བཟླས་ནས། དེ་ལ་མེ་ཏོག་དོར་བའི་ལས་ཟིན་པ་དང་། ལྷ་དེ་རྣམས་མདུན་བསྐྱེད་ཀྱི་ཐུགས་ཀར་བསྡུ། རྒྱ་གར་བའི་ཕྱག་ལེན་གྱི་རྗེས་འབྲང་བོད་འདིར་མཁས་མཆོག་འགའ་ཞིག་གིས་མཛད་པ་འདིར་ཡང་རུང་ཞིང་། ངེས་པར་དགོས་པའང་མ་ཡིན་པས་ཅི་བདེར་བྱས་ལ། ཧཱུྃ། བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ལས་འཕྲོ་ཡོད་པའི་ལྷ། །གང་ཡིན་མཆོག་ལ་དབབ་པར་ཤོག །ཞེས་དམོད་བོར་ནས། ཨེ་ཀ་ཡ་མ་མུ་དྲ་ཏྲཾ་པུཥྤེ་ས་མ་ཡ་པུ་ཛ་ཧོཿཞེས་སམ། སློབ་མ་མང་པོར་བསྐུར་དུས་སྔགས་རིང་བ་མ་ལྕོགས་ན་པུཥྤེ་ས་མ་ཡ་པུ་ཛ་ཧོཿ ཞེས་ཁོ་ནས་ཀྱང་ཆོག་ཏེ། གཙོ་བོར་དམིགས་ནས་མེ་ཏོག་དོར། རང་རིགས་ཀྱི་ལྷ་མ་བརྗེད་པར་ཟུངས་ཤིག །ཅེས་གདམས། གཙོ་བོ་མཆོག་ལ་འཁོར་ཐུན་མོང་། །མེ་ཏོག་བླངས་ཏེ་སྤྱི་བོར་བཞག །ཕོག་པའི་ལྷ་དེའི་སྔགས་བརྗོད་ནས། །དེ་ཉིད་ལུས་ལ་ཐིམ་པར་སྒོམས། །ཞེས་གསུངས་པ་ལྟར་ན། གཙོ་བོ་ལ་གཙོ་སྔགས། །ཕྱག་རྡོར་ལ་ཕྱག་རྡོར་ཀྱིི་སྔགས་ནས། མཚམས་རྣམས་སུ་གྱད་གནོན་གྱི་སྔགས་ཀྱི་བར་འདོན་བཞིན་སྤྱི་བོར་འཆིངས་རྒྱུ་ཡིན་ཀྱང་། ཕལ་ཆེར་བཤད་ཚོད་བཞིན་མི་བདེ་བས་མ་འགྲུབ་ན། ཨེ་ཐུང་རང་བགྲངས་ཀྱང་ཆོག་པ་ཡིན་ནོ། །མིག་དབྱེ་གསོལ་དབྱེ་ལྷ་ངོ་སྤྲད། །ཅེས་པའི་དང་པོ་སློབ་མས། ཤིན་ཏུ་མ་རིག་མུན་པ་ཡིས། །བདག་ཉིད་ལོང་བར་གྱུར་པ་ལས། །འཇམ་དཔལ་ཐུགས་རྗེ་ཆེན་པོ་ཡིས། །བདག་གི་མིག་འདི་དབྱེ་རུ་གསོལ། །ཨོཾ་བཛྭ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས། གསོལ་བཏབ་མིག་ཐུར་ཐོགས་ནས་སུ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་འཇམ་དཔལ་བདག་གིས་བསལ། ཙཀྵུ་པྲ་ཝེ་ཤཀ །ཅེས་བླ་མས་བརྗོད་ལ། སློབ་མ་རྣམས་ཀྱི་གདོང་གཡོགས་བསལ། དེ་ནས་ལྷ་ངོ་སྤྲད་པ་ནི། སློབ་དཔོན་གྱིས་འདི་སྐད་ཅེས། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །རྩོལ་བའི་སེམས་སྟོབས་ལས་བྱུང་བ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །གཞན་ལ་གསང་བ་མ་སྨྲ་ཞིག །ཅེས་པས་བསྐུལ་ནས། སློབ་མ་རྣམས་དཀྱིལ་འཁོར་ལ་བལྟར་བཅུག་སྟེ། དབྱུག་པའམ། ཀུ་ཤའམ། རྡོ་རྗེའི་རྩེ་མོས་བརྡའ་མཚོན་པར་བྱས་ཏེ། དེ་ཡང་མདུན་བསྐྱེད་དཀྱིལ་འཁོར་གྱི་ཕྱོགས་འདི་ན། གཞི་ཆོས་དབྱིངས་རྣམ་པར་དག་པའི་མཁའ་དབྱིངས་ཆོས་ཀྱི་འབྱུང་གནས། ཁྱབ་གདལ་ཡངས་པ་ཆེན་པོའི་ཀློང་དུ་འབྱུང་བརྩེགས་རི་རབ་པདྨ་དུར་ཁྲོད་རྡོ་ར་མེ་རི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། སྣ་ཚོགས་རྡོ་རྗེའི་ལྟེ་བར་རང་རིག་རང་ཤར་རང་བྱུང་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་གཞལ་ཡང་ཁང་། རྒྱ་ཁྱོན་ཚད་བཟུང་མེད་པ། ཕྱི་བལྟས་ཀུན་ཏུ་བཟང་པོའི་རྒྱན་བཀོད་པའི་གཞལ་མེད་ཀྱི་ཁང་ཆེན་པོ། གྲུ་བཞི་སྒོ་བཞི་རྟ་བབས་མཆོད་རྟེན་གྱི་དབྱིབས་ཅན། ཁྱུང་གི་ཏོག་མཛེས་པ་ནང་བལྟས་དུར་ཁྲོད་ཀྱི་ཁང་པ་འཇིགས་སུ་རུང་བ། སྒོ་རྣམས་སྟག་གཟིག །ཡ་ཐེམ་འབྲུག་དང་། མ་ཐེམ་གླང་ཆེན་འགྲམ་གཉིས་སེདྒེ་བྱས་པ། ཉི་ཟླའི་རྒྱ་སྐར་ཅན། རུས་སྦལ་གྱི་ཀ་གདན། ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ། གཟའི་ཞུ། ཀླུའི་གདུང་མ། ཚངས་པའི་ལྕམ། ཞིང་གི་ཐོག་ཕུབ་པ། ཆུ་སྲིན་གྱི་བད་སྐོར། རྒྱུ་སྐར་དྲྭ་མིག་ཅན། ཉ་སྦྲུལ་གྱི་ཟ་ར་ཚག །རྩིག་འགྲམ་འདོད་ཡོན་གྱི་སྣམ་བུར་མཆོད་པའི་ལྷ་མོ་མང་པོ་མཆོད་རྫས་ཀྱི་སྤྲིན་སྤྲོ་བ་དང་བཅས་ཏེ་གར་བྱེད་པ། དབུས་ལིང་ཙེ་དགུར་བཅད་པའི་ཕྱི་མ་དྲག་པ་ཨེ་གྲུ་གསུམ་གྱི་ཕོ་བྲང་། ཟླ་གམ་གསུམ། འཁོར་ལོ་བཅུ་གཉིས། རྩིབས་ཁ་གྲུ་ཆད་བཞི་དང་བཅས་པ། ཁྱམས་འོབས་སྤེལ་མ་སོ་གཉིས། མུ་རན་དྲུག་ཅུ་ཏེ། ཀུན་ལ་ཐོད་པ་ལྕགས་ཀྱི་མཁར་གྲུ་གསུམ་པ་ཅན་གྱི་ནང་དབུས་སུ། ཀླུ་འབུམ་གཉན་ཁྲི། ས་བདག་སྟོང་། ལྷ་ཆེན་ཕྱོགས་སྐྱོང་མ་ཧེ་ལ་སོགས་པས་བཏེགས་པའི་ཁྲི་ལ། འཁོར་ལོ་རྩིབས་སྟོང་པདྨ་ཟླ་ཉི་བརྩེགས་པའི་སྟེང་དུ། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཡན་ལག་རགས་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིལ་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་ལྗགས་ལ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པ། སྨ་ར་ཨག་ཚོག་སྨིན་མ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་སྡང་མིག་ཏུ་གཟིར་ནས། བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་བཅིངས་བའི་ཤངས་ཀྱི་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབས་པ། ཕྱག་དྲུག་གི་གཡས་པ་གསུམ་ན། འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔ་ཡི་ཅོད་པན་དང་། བདུད་དང་མུ་སྟེགས་དང་སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་རློན་པ་ལྔ་བཅུ་རྩ་གཅིག་དང་སྙིང་སྤེལ་བའི་རྒྱུ་མའི་ག་ཤ་རུས་པའི་རྒྱན་དྲུག་དང་སྦྲུལ་ཆེན་བརྒྱད་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་། ཞིང་ཆེན་གྱིས་སྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་སྣ་ལ་རཀྟའི་ཐིག་ལེ། བྲང་གི་འཇོམས་སུ་ཞག་གི་ཟོ་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེ་མཚོན་ཆ་ངར་མའི་གཤོག་པ་བརྒྱངས་པ། གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཕྲེང་བ་འཁྲིགས་པའི་དབུས་ན་གར་དགུའི་ཉམས་དང་བཅས་ཏེ་བཞུགས་པ། དེའི་གཡོན་ལོགས་སུ་སྦྱོར་ཡུམ་བེ་ཏ་ལི་མཐིང་ནག་སྙིང་བཟུང་ཁྲག་གི་མཚོ་རྔུབས་གཟིག་ཤམ་ཅན། གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊི་སྔོ་སྐྱ་རལ་གྲི་གཡུ་སྤྱང་འཛིན་པར་རེ་ལྡེའི་སྨད་གཡོག་ཅན། གཡོན་དུ་དབྱིངས་ཡུམ་མུ་ཁ་ལི་དམར་སྨུག་ཁྲམ་འདེབས་ནད་རྐྱལ་བ་གླང་གི་ཀོ་བ་དཀྲིས་པ། ལིང་ཚེའི་ཕྱོགས་མཚམས་རྣམས་སུ་ཕྱོགས་སྐྱོང་ཕོ་མོའི་གདན་ལ་རིམ་བཞིན། ཤར་དུ་ཕྱག་རྡོར་ལྗང་ནག་རྡོ་རྗེ་དང་སྙིང་ཕྲེང་འཛིན་པ། ལྷོར་ཡ་མ་སྨུག་ནག་འཁོར་ལོ་ཙིཏྟ་བསྣམས་པ། ནུབ་ཏུ་རུས་སྦལ་རྔམ་པ་མི་ཟན་དམར་སེར་མཆེ་སྡེར་གནམ་ལྕགས་ལས་གྲུབ་ཅིང་ལྟོ་བ་སྲིད་པའི་ཁྱམས་ཁང་དུ་སྣང་བ། བྱང་དུ་བྱ་ཁྱུང་དཀར་པོ་གཤོག་པ་མེ་མཚོན་དང་མཆུ་སྡེར་རྭ་རྣམས་ལྕགས་ལས་གྲུབ་པ་གཟི་མིག་ཅན་སྦྲུལ་བཟུང་ནས་ཟ་བ། མེ་སྲིན་རླུང་དབང་བཞིར། སེདྒེ་སྟག་སྦྲུལ་ཁྱུང་གདོང་གཤེད་བཞི་རང་འདྲའི་ཡུམ་དང་བཅས་ཤིང་རུས་སྦལ་གྱི་གཡང་གཞི་གསོལ་ནས་ཅེ་སྤྱང་ལ་ཞོན་ཏེ། རལ་གྲི་དང་སྙིང་བཟུང་བ། ཟླ་གམ་གསུམ་གྱི་མཁར་ནང་དུ་ཀླུ་གཉན་ས་བདག་གི་ཁྲིར་རིམ་བཞིན། ཚེ་བདག་རྩ་ཞལ་གསུམ་དཀར་དམར་མཐིང་ཁྲོ། བར་གྱི་ཞལ་གསུམ་སྟག་གཟིག་དོམ་གྱི་གདོང་། །སྟེང་ཞལ་གསུམ་པོ་ཁྱུང་ཞལ་ཏེ། དབུ་དགུ་པ་སྐུ་མདོག་ནག་པོ། ཕྱག་བཅོ་བརྒྱད་ཀྱི་གཡས་པ་དགུའི་འཁོར་ལོ་རལ་གྲི་རྡོ་རྗེ་རྩེ་གསུམ་མདུང་མདའ་དབྱུག་རྒྱ་གྲམ་ལྕགས་ཀྱུ། གཡོན་པ་དགུས་བེ་ཅོན་གཏུན་ཤིང་ཞགས་པ་སྦྲུལ་སྡིགས་མཛུབ་སྤུ་གྲི་དགྲ་ཧྶ་གཡང་གཞི་ཙིཏྟ་གསོལ་བ། དབྱིངས་ཕྱུག་རྒྱལ་མོ་དང་རོལ་ཞིང་ཞབས་བརྒྱད་བསྒྲད་པ། འཆི་བདག་ནག་པོ་ཆུ་སྲིན་གྱི་གདོང་ཅན་གདེངས་ཀ་དགུ་གཡོ་བ། སྨད་སྦྲུལ་མཇུག་དང་རུས་སྦལ་གྱི་གོས་ཅན། བེ་ཅོན་འཁོར་ལོ་བཟུང་ནས་ཡུམ་དུག་སྲུལ་མ་དང་བརྩེ་བ། སྲོག་བདག་དམར་པོ་མགོ་བཅུ་པའི་སྟེང་མ་བྱ་རོག་གི་ཞལ་དང་གཞན་ཁྲོ་བོ་བསེ་ཁྲབ་གྱོན་པ། ཁྲམ་ཤིང་དང་འཁོར་ལོ་འཛིན་པས་ཡུམ་ཁྲག་འཇིབས་མ་ལ་རོལ་བ། རྩིབས་རྣམས་ལ་ཡ་མ་རཱ་ཛ་མཐིང་ནག་ཡུམ་ཁྲག་མདོག་མ། མྱོས་བྱེད་འབར་བ་སེར་པོ་ཡུམ་གསོད་བྱེད་མ། ཨཱརྻ་དམར་པོ་ཡུམ་སྲོག་ལེན་ནག་མོ། རལ་པ་ཚར་དགུ་ལྗང་ག་ཡུམ་རལ་གཅིག་མ། དུང་གི་མོན་པ་སེདྒེའི་མགོ་ཅན་ཡུམ་བླ་རྐུན་མ། ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་ཡུམ་གཡུ་ཡི་རལ་ཅན་མ། བསེ་ཡི་མོན་པ་དྲེད་ཀྱི་མགོ་ཅན་ཡུམ་ཁྲག་རལ་ཅན་མ། གསེར་གྱི་མོན་པ་ཁྱུང་གི་མགོ་ཅན་ཡུམ་སྙིང་འབྱིན་མོན་མོ། ཧེ་ལེ་ཁྱབ་པ་ནག་པོ་ཡུམ་མི་ཟན་མ། ནག་པོ་འཛུམ་མེད་ཡུམ་སྙིང་ཁྲག་དུག་འཐུང་མ། སོ་བདར་འཁྲིགས་པ་ནག་པོ་ཡུམ་ཤ་ལ་གཟེར་འདེབས་མ། རལ་པ་སྤྱིར་བཅིངས་ཡུམ་བདུད་མོ་ཁྲག་རལ་མ། གྲུ་བཞིའི་སྟེང་དང་བར་དང་འོག་ཁང་རྣམས་ལ། སྒོ་ལོགས་གཡོན་ངོས་ནས་བརྩམ་རིམ་བཞིན། བེ་ཝ་ས་ཏ། ནོར་བུ་དགེ་འཕེལ། འཇོམས་བྱེད་སེར་ནག་ཡུམ་ཕུང་བྱེད་རེ་མ་ཏི། དགུ་ཁྲི་ནག་པོ། རཀྴ་གློག་ཕྲེང་དམར་པོ། ཡཀྴ་གསོད་བྱེད་མཐིང་ནག་ཡུམ་ཙཱ་མུཎྜྻི། གཏུམ་པོ་དང་ཀུན་འཇོམས་གཉིས་སྐུ་མདོག་དཀར་པོ། འབར་མ་ཏི་སྔོན་པོ་ཡུམ་རལ་གཅིག་དམར་མོ། སྦྲུལ་མགོ་ཀུན་འཛིན་སྔོན་པོ། ངང་པ་སྟོབས་ལྡན་སེར་པོ། གྱད་པ་སྟོབས་ལྡན་ནག་པོ་ཡུམ་འབར་མ་སྟེ། ཟླ་གཤེད་འཆི་བདག་བཅུ་གཉིས། ཕུང་བྱེད་སྦས་པའི་མ་མོ་བཞི་དང་བཅས་པ། ཁྱམས་འོབས་སུ་ཤར་ན་བདུད་ནག་ཁྲམ་ཐོགས་རྟ་ཞོན་བརྒྱད། ལྷོར་གཤིན་རྗེ་བེ་ཅོན་དང་འཁོར་ལོ་ཐོགས་པ་གླང་ཞོན་བརྒྱད། ནུབ་ཏུ་མ་མོ་ནད་རྐྱལ་ཟོར་ཐོགས་དྲེལ་ཞོན་བརྒྱད། བྱང་དུ་གནོན་སྦྱིན་རལ་གྲི་ཞགས་པ་ཐོགས་པ་བྱ་ཞོན་བརྒྱད། སྒོ་བཞིར་དཀར་པོ་སྙིང་འབྱིན། མ་ཧཱ་ཀ་ལ། ཡབ་རྗེ་ནག་པོ། གནོད་སྦྱིན་དམར་པོ་སྟེ་དུས་བཞིའི་བདག་པོ་ཁྲོ་རྒྱལ་བཞི། ཡུམ་ཆེན་རོ་ལངས་ཆེན་མོ་བཞི་དང་བཅས་པ། ཕྱི་ཁྱམས་གཤིན་རྗེ་བདུན་བརྒྱ་ཉི་ཤུ། ཟ་གཤེད་ཕོ་མོ་དྲུག་ཅུ། ཕྱི་ཡི་དུར་ཁྲོད་ན། རྒྱལ་ཆེན་ཕྱོགས་སྐྱོང་། བསྟན་མ་མཁའ་འགྲོ། ལས་བྱེད་ཀྱི་བཤན་པ། མི་བསྲུན་དྲེགས་པའི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྟེ། མདོར་ན་དཀྱིལ་འཁོར་ཆེན་པ་ོརྟེན་དང་བརྟེན་པར་བཅས་པ་མངོན་སུམ་གསལ་རྫོགས་སུ་མཇལ་བྱུང་སྙམ་པའི་དགའ་སྤྲོ་དུང་དུང་བ་མཛོད་ཅིག །དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོ་རྣམ་པར་དག་པ་ཇི་ལྟར་དྲན་པར་བྱའོ། །ཞེས་པ་ཡང་། འདི་ལྟ་སྟེ། གཞལ་ཡས་ཁང་ནི་ཕྱི་སྣོད་འཇིག་རྟེན་རྣམ་པར་དག་པ་དང་། དབུས་ཀྱི་གྲུ་གསུམ་མཐིང་ནག་ནི་ཡུམ་གྱི་མཁའ་ཆོས་དབྱིངས་སྤྲོས་བྲལ་མཚོན་པའོ། །ཟླ་གམ་གསུམ་ནི་རྣམ་པར་དག་པའི་བདེ་བ་ཆེན་པོ། ཐོད་ཕྲེང་ནི་ཐུགས་རྗེའི་རོལ་པ། འཁོར་ལོ་བཅུ་གཉིས་དང་ལྕགས་མཁར་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པའོ། །གྲུ་བཞི་ཚད་མེད་པ་བཞི། ཁྱམས་ཕྲིན་ལས་བཞི། སྒོ་བཞི་ཡེ་ཤེས་བཞི། རྟ་བབས་རྣམ་པར་ཐར་པ་བརྒྱད། དྲྭ་བ་དྲྭ་ཕྱེད་ཕར་ཕྱིན་བཅུ། རྒྱན་སྣ་ཚོགས་པ་ཆོས་བརྒྱད་ཀྱི་སྤྲོས་པ་རྣམ་པར་དག་པ། རྩེ་མོ་མཐོ་བ་ཐིག་ལེ་ཉག་གཅིག །དྲེགས་པ་ཅན་གྱི་གདན་རྣམས་ནི་དེ་དག་བསྒྲལ་ནས་ཆོས་ཉིད་སྦྱོར་བ། ཉི་ཟླ་པདྨའི་གདན་ནི་ཐབས་དང་ཤེས་རབ་དང་མ་ཆགས་པ་མཚོན་པའོ། །ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པ་ནི། བརྟེན་པ་ལྷ་ཡི་འཁོར་ལོ་སྟེ། དབུས་ཀྱི་གཅོ་བོ་བཅོམ་ལྡན་འདས་ནི་འབྱུང་བ་ནམ་མཁའི་ཁམས་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་སྟེ། དེ་ཡང་སྐུ་མདོག་མཐིང་ག་ནི། འགྱུར་བ་མེད་པའི་བདེ་བ་ཆེན་པོ། དབུ་གསུམ་ནི་གཞི་ཁམས་གསུམ་གྱི་འགྲོ་བར་ཞེན་པའི་བདག་འཛིན་གསུམ། ལམ་རྣམ་པར་ཐར་པའི་སྒོ་གསུམ་དུ་དག་ནས་འབྲས་བུ་སྐུ་གསུམ་དུ་གྲོལ་བའི་དོན་ནོ། །ཕྱག་དྲུག་ནི་གཞི་རིགས་དྲུག་ཏུ་འཁོར་བ་ཉིད། ལམ་ཕར་ཕྱིན་དྲུག་ཏུ་དག་ནས། འབྲས་བུ་རིགས་དྲུག་གི་ཡེ་ཤེས་ཆེན་པོ་དྲུག་ཏུ་གྲོལ་བའོ། །ཞབས་བཞི་ནི་བསྡུ་བ་བཞི་མཚོན་པའམ། སྦྱང་གཞི་སྐྱེ་བ་རྣམ་བཞིར་འཛིན་པ་ཉིད། ལམ་ཚད་མེད་པ་བཞིར་དག་ནས། འབྲས་བུ་རྫུ་འཕྲུལ་གྱི་རྐང་པ་བཞིར་གྲོལ་བའོ། །ཁྲོ་བོའི་ཆས་རྣམས་ནི། རྒྱན་དུ་ཆགས་པར་འཛིན་པ་མ་སྤངས་ཡེ་ཤེས་སུ་དག་ནས། འབྲས་བུ་མཚན་དང་དཔེ་བྱད་དུ་གྲོལ་བའོ། །རང་འོད་རྡོ་རྗེའི་མེ་ཕུང་ནི་མ་རིག་པའི་མུན་པ་རང་བཞིན་གྱི་འོད་གསལ་བའི་ཡེ་ཤེས་སུ་དག་ནས་འབྲས་བུ་ཡེ་ཤེས་ཆེན་པོའི་ཀློང་དུ་རང་གྲོལ་བ། དེ་བཞིན་གཤེགས་པའི་རིགས་སོ། །ཡུམ་གསུམ་ནི། དངོས་པོར་འཛིན་པ་དང་། མཚན་མར་འཛིན་པ་དང་། སྨོན་པར་འཛིན་པ་གསུམ་ཀྱི་དགྲར་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་ཐར་པའི་སྒོ་གསུམ་ཡུམ་གསུམ་དུ་སྣང་བའོ། །ཕྱག་རྡོར་ནི་འབྱུང་བ་ས་ཁམས་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ། འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་བ་རྡོ་རྗེའི་རིགས། ཡ་མ་རཱ་ཛ་ནི་འབྱུང་བ་མེ་ཁམས་དང་ཚོར་ཕུང་མཉམ་ཉིད་ཡེ་ཤེས་སུ་དག་པ་རིན་པོ་ཆེའི་རིགས། རུསྦལ་ནི་འབྱུང་བ་ཆུ་ཁམས་དང་། འདུ་ཤེས་ཀྱི་ཕུང་པོ་སོར་རྟོག་ཡེ་ཤེས་སུ་གྲོལ་བ་པདྨའི་རིགས། བྱ་ཁྱུང་ནི་འབྱུང་བ་རླུང་ཁམས་དང་འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་དག་པ་ལས་ཀྱི་རིགས། སྤྲུལ་པ་གཤེད་བཞི་ནི། ཉོན་མོངས་པ་བཞི་ལྷར་དག་པའི་ཡེ་ཤེས་བཞིའོ། །ལས་གཤིན་རྒྱལ་པོ་གསུམ་ནི། ཉོན་མོངས་དུག་གསུམ་སྐུ་གསུང་ཐུགས་སུ་དག་པའི་ཡེ་ཤེས། ལོ་གཤེད་བཞི་ནི། ཡེ་ཤེས་བཞི་ཡི་རང་མདངས། མོན་བདུད་བཞི་ནི། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་སུ་དག་པའི་ཆོ་འཕྲུལ་ལོ། །ཟླ་གཤེད་འཆི་བདག་བཅུ་གཉིས་ནི། སྐྱེ་མཆེད་བཅུ་གཉིས་དག་པའི་ཡེ་ཤེས། ཁྱམས་འོབས་ཀྱི་ཟ་གཤེད་སོ་གཉིས་ནི། སེམས་བྱུང་གི་རྒྱུ་བ་དེ་དང་དེ། འབྲས་བུ་ཡེ་ཤེས་སུ་རྣམ་པར་དག་པ། སྒོ་བ་བཞི་མཐའ་བཞིའི་སྤྲོས་པ་བྲལ་བའི་ཟུང་འཇུག །མི་གནས་པའི་མྱ་ངན་ལས་འདས་པ་བླ་ན་མེད་པའོ། །དེ་ཐམས་ཅད་ཀྱང་ངོ་བོ་ཆོས་ཉིད་སྤྲོས་པ་དང་བྲལ་བས་ན་ཀ་དག་རང་བཞིན་ནམ་རྣམ་པ་ནི་རང་བྱུང་གི་ཡེ་ཤེས་ལས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར། རྟེན་བརྟེན་པ་དང་བཅས་པར་རང་ཤར་བས་ལྷུན་གྲུབ། དེ་ཡང་དོན་བླ་ན་མེད་པའི་ས་ལ་ལྷུན་གྱིས་རྫོགས་པ་དང་། རྟགས་ཀྱིས་གདུག་པ་ཅན་བསྒྲལ་བར་བསྟན་པ་སྟེ། ཡང་དག་པ་ན་དོན་རྟགས་གཉིས་སུ་མེད་པའོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཉིད་སྦྱོར་བ་སྣ་ཚོགས་སུ་མ་འགག་པར་སྤྱོད་པ་ནི་ཐུགས་རྗེ་ཆེན་པོ་སྟེ། སྲིལ་གྱིས་དྲིལ་ན། ཡ་གི་འཇམ་དཔལ་གཤིན་རྗེའི་གཤེད་པོ་ནས། མ་གི་དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་ལ་གནས་པའི་འབྱུང་པོའི་བར། རྟེན་དང་བཅས་པ་གཞི་མ་བཅོས་པ་དེ་ཁོ་ན་ཉིད་ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་མཚན་མའི་གཟུགས་སུ་སྣང་བ་ཀུན་ནི། སྒྱུ་མ་ལྷུན་གྲུབ་ཡེ་ཤེས་ལོངས་སྤྱོད་རྫོགས་པར་གཅིག །ལས་སྣ་ཚོགས་སོ་སོ་ནས་འདུལ་བ་ནི་སྤྲུལ་པའི་སྐུར་གཅིག་སྟེ། དེ་ལྟར་སྐུ་གསུམ་གྱི་རོལ་པ་རང་རང་གི་དོན་ལ་སྤྱོད་པ་ནི་ཆོས་ཉིད་ལ་ཆོས་ཉིད་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ། སྤྲུལ་པ་ལ་སྤྲུལ་པ་རོལ་པ་སྟེ། རྒྱུད་ལས་ཀྱང་། ངོ་བོ་མ་བཅོས་ཆོས་ཀྱི་སྐུ། ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་དང་མཚན་མར་བརྟག་པ་ཀུན། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། །ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་ལྷུན་གྲུབ་སྤྲུལ་པས་འདུལ། །རོལ་པའི་ཕྱག་རྒྱ་སྣང་བའོ། །ཞེས་བརྗོད། ཅེས་པ་ལྷ་ངོ་སྤྲད་པའམ། རྒྱས་འདོད་ཕྱག་རྒྱ་གསལ་སྒྲོན་བཞིན། །ཞེས་གསུངས་པ་ནི། སྤྲོས་པ་བསྡུས་པ་ལ་དགའ་ན་དཀྱིལ་ཆོག་བཞིན་ལ། རྒྱས་པར་མོས་ཚེ་ཕྱག་རྒྱ་གསལ་སྒྲོན་ལས་བཏུས་ཏེ་གོང་དུ་བཤད་མ་ཐག་པ་ལྟར་བྱའོ། །དེ་ཡང་ལྷ་ངོ་སྤྲོད་པ་འདི་ལ། ལྷ་ཚོགས་མས་ནས་ཡས་རིམ་དུ་ངོ་སྤྲད་པའི་ལུགས་གཅིག་ཀྱང་བཤད་མོད། སྒྲུབ་དཀྱིལ་དུ་གསལ་ཁ་མ་བྱུང་ཡང་འདི་ལྟར་གསང་བ་བཾ་ཆེན་གྱི་ཟབ་གཏེར་ལས། དཀྱིལ་འཁོར་གྱི་དབུས་ན་ཕྱག་རྒྱ་ཟིལ་གནོན་བཞུགས་བྱ་བ་ནས། བྱང་སྒོའི་བར་དུ་ལྷ་རྣམས་བསྟན་ཏོ། །ཞེས་གསུངས་པ་ལྟར་བཀོད་པ་ཡིན་ནོ། །བཞི་པ་དབང་བསྐུར་བ་ནི། བུམ་དབང་ཕྱི་ལ་གསང་དབང་ནང་། ཤེར་དབང་གསང་དང་བཾ་ཆེན་དབང་། བླ་མེད་དབང་ལའོ། །ཞེས་རྣམ་པ་བཞི་ལས། དང་པོ་བུམ་པ་ལ། བུམ་ཅོད་རྡོར་དྲིལ་མིང་ལྷ་དྲུག །ཅེས་རིམ་པ་དྲུག་གོ །དེ་ལས་དང་པོའི་དོན་དུ། ཕྱག་བྱས་མཎྜྻལ་ཕུལ་ནས་གསོལ་ཞེས་པས། ཕྱག་འཚལ་ཏེ། མཎྜྻལ་འབུལ་སྐབས། བླ་མ་སྐུ་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ་ལུས་ཀྱི་སྒྲིབ་པ་སྦྱང་ཞིང་། སྐུ་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་འབུལ་བར་བགྱི་ཞེས་བཏོན་ནས། གསོལ་བ་གདབ་པ་འདིའི་རྗེས་ཟློས་བྱར་གཞུག །ཧཱུྃ། ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྟོང་གསུམ་ཡུམ་དུ་བསྒྲུབ་པའི་ཕྱིར། །དུས་གསུམ་སངས་རྒྱས་དབང་བསྐུར་སྩོལ། །འཇམ་དཔལ་གསང་བའི་དཀྱིལ་འཁོར་དང་། །བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །དཀྱིལ་འཁོར་ལས་མཐའ་བསྟན་པའི་ཕྱིར། །ཕྱི་ནང་གསང་བའི་དབང་བསྐུར་སྩོལ། །གཤེད་བཞིའི་སྦྱོར་བ་འཁོར་ལོ་དང་། །བན་དགྲ་གསོད་དང་བསྒྲལ་བ་དང་། །ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར། །མཐུ་རྩལ་དབང་བསྐུར་སྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། ཧཱུྃ། རིན་ཆེན་དངུལ་གྱི་བུམ་པ་ནི། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང་། །བྱང་ཆུབ་ཆུ་ཡིས་ཁྲུས་བྱས་པས། ཉོན་མོངས་བག་ཆགས་བྱང་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཁྲུས་བྱས་སྡིག་སྒྲིབ་དག་པར་བསམ། །ཞེས་པས་ཆོས་ཉིད་རྣམ་པར་དག་པའི་སྔགས་བརྗོད་བཞིན་པས་ལས་བུམ་གྱི་ཆུ་འཐུང་དུ་གཞུག །ཁྲུས་བྱ་བ་དངོས་སུ་མ་གྲུབ་ན། ཀུ་ཤས་ལས་བུམ་གྱི་ཆུ་ལུས་ལ་གཏོར། མགོ་བོར་བཞག་མི་དགོས། དེ་ལྟར་སྦྱངས་པའི་རྐྱེན་གྱིས། སྟོང་པ་ཉིད་དུ་གྱུར་པར་བསམ། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཟིལ་གནོན་རཏྣ་ཧེ་རུ་ཀ་སེར་ནག །གཡས་ཐོད་དབྱུགས་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་མཱ་མ་ཀི་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པར་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་མོས་པ་གྱིས་བྱས། རྣམ་རྒྱལ་བུམ་པ་ཐོགས་ལ། ཧཱུྃ། ངོ་བོ་མཉམ་ཉིད་ཡེ་ཤེས་ལས། །རང་བཞིན་ཡོན་ཏན་ལྷ་རུ་གསལ། །རྣམ་པ་བུམ་ཆུས་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག ཨོཾ་ཨེ་ཀ་ཡ་མ་རཏྣ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ། བུམ་པ་ཆུ་དང་བཅས་པའི་དབང་བསྐུར་བས། ང་རྒྱལ་རྣམ་པར་དག་ནས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཁྱེད་རང་རྣམས་ཟིལ་གནོན་པདྨ་ཧེ་རུ་ཀ་དམར་ནག །གཡས་པདྨ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་ན་བཟའ་དཀར་མོ་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་མ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿབླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པར་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་དར་དཔྱངས་ཀྱི་འཕུར་མ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས་བྱས། ཅོད་པན་ཐོགས་ལ། ཧཱུྃ། ངོ་བོ་སོར་རྟོག་ཡེ་ཤེས་ལས། །རང་བཞིན་གསུང་གི་ལྷ་རུ་གསལ། །རྣམ་པ་ཅོད་པན་དབང་བསྐུར་བས། །པདྨ་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་པདྨ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ། ཅོད་པན་དར་དཔྱངས་དང་བཅས་པའི་དབང་བསྐུར་བས་འདོད་ཆགས་རྣམ་པར་དག་ནས་པདྨ་རིགས་ཀྱི་དབང་དང་ལྡན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཁྱེད་རང་རྣམས་ཟིལ་གནོན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རལ་གྲི་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་དམ་ཚིག་སྒྲོལ་མ་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྦྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པར་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས་བྱས། དྲིལ་བུ་ཐོགས་ལ། ཧཱུྃ། ངོ་བོ་བྱ་གྲུབ་ཡེ་ཤེས་ལས། །རང་བཞིན་ཕྲིན་ལས་ལྷ་རུ་གསལ། རྣམ་པ་དྲིལ་བུས་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་ཀརྨ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ། དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར་བས་ཕྲག་དོག་རྣམ་པར་དག །ལས་ཀྱི་རིགས་ཀྱི་དབང་དང་ལྡན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཁྱེད་རང་རྣམས་ཟིལ་གནོན་བཛྭ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྡོ་རྗེ་ཁྲོས་མ་ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿབླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པར་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རྡོ་རྗེ་གསོར་བ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས་བྱས། རྡོ་རྗེ་ཐོགས་ལ། ཧཱུྃ། ངོ་བོ་མེ་ལོང་ཡེ་ཤེས་ལས། །རང་བཞིན་ཐུགས་ཀྱི་ལྷ་རུ་གསལ། །རྣམ་པ་རྡོ་རྗེའི་དབང་བསྐུར་བས། །རྡོ་རྗེའི་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་བཛྭ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་རྡོ་རྗེ་གསོར་བ་དང་བཅས་པའི་དབང་བསྐུར་བས་ཞེ་སྡང་རྣམ་པར་དག་ནས། རྡོ་རྗེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཁྱེད་རང་རྣམས་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་སངས་རྒྱས་སྤྱན་མ་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། དེ་ལ་འོད་ཟེར་འཕྲོས། སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿབླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པར་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་མིང་འདི་བྱ་བར་འབོད་པ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས་བྱས། ཧཱུྃ། ངོ་བོ་ཆོས་དབྱིངས་ཡེ་ཤེས་ལས། །རང་བཞིན་སྐུ་ཡི་ལྷ་རུ་གསལ། །རྣམ་པ་མིང་གི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག །ཨོཾ་ཨེ་ཀ་ཡ་མ་བུདྡྷཱ་ཨ་བྷི་ཥིཉྩྨ་མཾ། སྐབས་འདིར་རྡོ་རྗེ་སློབ་མ་རྣམས་ལ་གསང་མཚན་འབོད་དགོས་ཏེ། དེ་ཡང་སྔར་མེ་ཏོག་གང་ལ་ཕོག་པ་ཡིན་དྲིས་ཏེ། དེ་དང་བསྟུན་པའི་མིང་འདོགས་ཚུལ་རྙིང་མ་རང་ལུགས་ལ་རྡོ་རྗེ་ཐོད་ཕྲེང་རྩལ་སོགས་རིགས་ལྔ་དང་། མི་འགྱུར། ལྷུན་གྲུབ། མི་ལྡོག །ཡང་དག །དྲི་མེད། གྲུབ་པ་རྣམས་ལ་རྩལ་གྱི་མཐའ་ཅན་དུ་བྱེད་པ་སོགས་ཀྱང་འདུག་ཅིང་། མེ་ཏོག་གང་ལ་ཕོག་པའི་ལྷ་ཡི་མཚན་ལས་དྲས་ནས་བཏགས་ཀྱང་ལེགས་པ་ཡིན་ཏེ། དེ་ཡང་དཔེར་ན། མེ་ཏོག་ཤར་ལ་ཕོག་ན། རྡོ་རྗེ་མི་འགྱུར་རྩལ། རྡོ་རྗེ་གྲུབ་པ་རྩལ་གྱི་བར་དང་། བུད་མེད་ལ་ལྷོ་ནུབ་ཏུ་མེ་ཏོག་ཕོག་ན། རིན་ཆེན་མྱུ་གུ་དང་། པདྨ་མྱུ་གུ་ཞེས་ཀྱང་འདོགས་པའི་སྲོལ་སྣང་། གཞན་ཆགས་པ་རྡོ་རྗེ་དང་། གཏི་མུག་རྡོ་རྗེ་སོགས་ཀྱང་དོན་ལ་མི་འགལ་བས་འདོགས་རུང་ཙམ་དུ་མ་ཟད། བཤད་ཚོད་ཀྱང་དེ་ཀ་ཡིན་མོད་ཀྱི། རྣམ་པ་མི་སྙན་པས་དེང་སང་དེ་ལྟར་འདོགས་པ་ཉུང་བ་ཡིན་ལ། སྐབས་འདིར་ནི་དབུས་སུ་ཕོག་པའི་རིགས་ལ་འཇམ་དཔལ། ཟིལ་གནོན། སྣང་མཛད། རྣམ་སྣང་སོགས་སྦྱོར། རིགས་ལྔ་ཆར་ལ། བཞད་པ། དགའ་བ། དགྱེས་པ་སོགས་ཀྱང་སྦྱར་ན་ལེགས་པས་དེ་ལྟར་བཏགས་པར་བྱའོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་མིང་འབོད་པ་དང་བཅས་པའི་དབང་བསྐུར་བས། གཏི་མུག་རྣམ་པར་དག་ནས་བདེ་བར་གཤེགས་པའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུརཅིག །དེ་ལྟར་རིག་པའི་དབང་ལྔ་བསྐུར་དུས་ཀྱི་དབང་རྫས་རྣམས། ད་ལྟ་རྡོ་རྗེ་སློབ་དཔོན་རང་གིས་གཏོད་ཅིང་བསྐུར་བ་ཤས་ཆེ་མོད། དམིགས་པ་གསལ་བ་སོགས་ཀྱི་དགོས་པས། རྡོ་རྗེ་སློབ་དཔོན་དགོངས་པར་བཞུགས། །བུམ་སོགས་རྡོ་རྗེ་རྒྱལ་ཐེབས་པས། །བྲིམ་པར་བྱ་ཞེས་མཁས་པས་བཤད། །ཅེས་གསུངས་པ་ཡིན་ནོ། །སྐྱེས་པ་བུད་མེད་རིམ་པས་ནི། །མིང་ཡང་ཁྲག་འཐུང་ཡབ་ཡུམ་སྟེ། །མེ་ཏོག་གང་བབས་དེ་གདགས་སོ། །ཞེས་པ་ནི་སྔར་བཤད་ཟིན་པ་ལྟར་རོ། །རིགས་ཀྱི་བུ་ཁྱེད་རྣམས་ལ། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྒོ་ནས་ཧེ་རུ་ཀ་ལྔའི་དབང་བསྐུར་བ་ལས། ཉོན་མོངས་ལྔ་གནས་སུ་དག་རིག་པ་ཡེ་ཤེས་ལྔའི་དབང་ཐོབ་པས། ཕུང་པོ་ལྔ་ཁྲག་འཐུང་རིགས་ལྔར་གནས་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཡེ་ཤེས་ལྷ་དབང་དག་ལ་ནི། །སྐུ་གསུང་ཐུགས་སུ་ཤེས་པར་བྱ། །དེ་ཡི་དང་པོ་སྐུ་ཡི་དབང་ལ། གཙོ་བོ་ལུས་དཀྱིལ་བཞིན་དུ་བསྒོམ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙྱཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨཱཿདྷརྨ་སྲི་ཏུ་སྭ་བྷཱ་ཝ་བི་ཤུདྡྷཱོཧཾ། ཧཱུྃ་བཛྭ་ཙིཏྟ་ཧཱུྃ། ཀ་ནས་དག་པ་དེ་བཞིན་ཉིད་ཀྱི་དབྱིངས་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀུན་ཏུ་སྣང་བའི་རྩལ། གཉིས་སུ་མེད་ཅིང་དབྱེར་མི་ཕྱེད་པའི་ཐུགས་རྗེའི་འཕྲོ་འདུ། ཨེ་ལས་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། ཕྱོགས་སྐྱོང་མ་ཧེ་བརྫིས་པའི་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར་ཁྱེད་རང་རྣམས། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ་སོགས་ནས་འབར་བའི་ཕྲེང་བ་འཁྲུགས་པའི་ཀློང་ན་བཞུགས་པར་གྱུར་བར་དུ་ེ་རིིང་བསྙེན་པའི་མན་ངག་བཞིན་བསྒོམས་ནས། གཞན་རྣམས་འདི་བཞིན་བརྗོད་པ་སྟེ། འབྱུང་ལྔའི་དྭངས་མ་བཞི་གཙོ་བོའི་ལྷ་བཞི། འབྱུང་བའི་སྙིགས་མ་བཞི་གྱད་གནོན་གྱི་ལྷ་བཞི། དུག་གསུམ་ལས་གཤིན་གསུམ། ཉོན་མོངས་པ་བཞི་གསང་བའི་གཤེད་བཞི། རྣམ་ཤེས་བརྒྱད་མོན་པ་བཞི་དང་བདུད་བཞི། སེམས་བྱུང་གི་རྒྱུ་བ་ཞག་དང་ཟ་གཤེད། གནས་སྐབས་བཞིའི་ཐིག་ལེ་སྒོ་བ་བཞི་ལ་སོགས་པ། ལུས་གདོད་མ་ནས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ཆེན་པོ་གྲུབ་པའི་ཕྱིར། ཡེ་ནས་ཡིན་པ་ལ་ཡིན་པར་མོས་པར་གྱིས་ཤིག །ཕོ་བྲང་ནང་ན་དཀྱིལ་འཁོར་ལྷ་ཚོགས་ཁྲ་ལམ་མེར་བཞུགས་པ་རྣམས་ལས། རང་འདྲ་བ་རེ་ཆད་དེ། ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས། དྲེགས་པ་སྐུ་ཡི་དབང་ཐོབ་པའི་མོས་པ་གྱིས་ཤིག །གཙོ་བོའི་ཙཀླི་མགོ་བཞག །ཕྲིན་ལས་བསྟོད་པའི་ཕྱག་འཚལ་བ། །དབང་བསྐུར་རོ་ཞེས་སྦྱར་བས་བསྐུར། ཧཱུྃ། ཆོས་ཀྱི་དབྱིངས་ནས་གོ་འབྱེད་གཟུགས་ཕུང་དགྲར། །ཕྱག་རྒྱ་ཟིལ་གནོན་མུན་པ་ཆེན་པོའི་སྐུ། །རྔམ་པའི་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །བདེ་གཤེགས་ཁྲོ་བོའི་ཚོགས་རྗེའི་དབང་བསྐུར་རོ། །ཨེ་ཀ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་སྲཱིཿཥྚི་ཨ་པ་ཡེ་ཧཱུཾ་ཨ་བྷི་ཥིཉྩྨ་མཾ། ཞེས་པས་སོ། །ཡུམ་དང་རྩ་དང་གྱད་ལས་གཤིན། །གཤེད་དང་མོན་བདུད་ཞག་དང་སྒོ། །ཞེས་པ་ནི། ཕྲིན་ལས་བསྟོད་པ་ཁ་བསྒྱུར་གཙོ་བོའི་རིགས་བསྒྲེས་ཧེ། སྟོང་ཉིད་ཡེ་ཤེས་དངོས་འཛིན་མ་མོའི་དགྲར། །སྦྱོར་ཡུམ་སྒྲོལ་ཡུམ་དབྱིངས་ཡུམ་གཏུམ་པའི་གཟུགས། །དུར་ཁྲོད་ཆས་བརྒྱན་ཁམས་གསུམ་དབང་དུ་སྡུད། །གསང་བའི་ཡུམ་ཆེན་རྣམས་ཀྱི་དབང་སྐུར་རོ། །ཨོཾ་ཨཱཿཧཱུྃ་ཛ་ཨེ་བེ་ཏཱ་ལཱི་ཀྲོ་དྷི་ཤྭ་རི་ཧཱུྃ། ཨཻ་མ་མ་ཨེ་ཀ་ཛཱ་ཊི་ཧཱུྃ། ཨེ་དེ་མ་ཁ་ལ་བཾ་རིལ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཨ་བྷིཥིཉྩྨ་མཾ། ཡེ་ཤེས་བཞི་ནི་འབྱུང་བཞི་ཕུང་བཞིའི་དགྲར། །སྲས་མཆོག་ཡ་མ་རཱ་ཛ་ཕྱག་རྡོར་དང་། །རུས་སྦལ་རྔམ་པ་མི་ཟན་གདུག་པའི་ཁྱུང་། །རིགས་བཞིའི་ཁྲོ་རྒྱལ་རྣམས་ཀྱི་དབང་བསྐུར་རོ། ཨེ་བཛྭ་ཀྲོ་དྷ་རོ་ཥ་ཎ་ཧཱུྃ། ཨེ་ཡ་མ་རཱ་ཛ་ཀྲོ་དྷ་ཧཱུྃ། ཨེ་མ་ཧཱ་བྷི་རུ་ཀ་ཡེ་ཧཱུྃ། ཨེ་ཁྲོཾ་ག་རུ་ཎ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། སྤྲུལ་པ་བཞི་ནི་སྡེ་བརྒྱད་དྲེགས་པའི་དགྲར། །སེདྒེ་སྟག་ཆེན་སྦྲུལ་ནག་ཁྱུང་སྨུག་པོ། །རང་འདྲའི་ཡུམ་བཅས་དྲག་ཤུལ་ཆེན་པོའི་གཟུགས། །གྱད་གནོན་ཡབ་ཡུམ་རྣམས་ཀྱི་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་རཱ་ཛཱ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། སྐུ་གསུང་ཐུགས་ནི་ཉོན་མོངས་དུག་གི་དགྲར། །འཆི་བདག་སྲོག་བདག་ཚེ་བདག་བདུད་ཀྱི་བདུད། །ཡུམ་བཅས་མི་སྡུག་དགུར་བརྫུ་མཚོན་ཆས་གསོད། །ལས་གཤིན་རྒྱལ་པོ་གསུམ་གྱི་དབང་བསྐུར་རོ། །ཨོཾ་ཡ་མ་དུ་ཤ་ཧཱུྃ། ཨོཾ་ཡ་མ་རཀྴ་ཧཱུྃ། ཨོཾ་ཡ་མ་ཡཀྴ་ཧཱུྃ་ཨ་བྷི་ཥིཉྩྨ་མཾ། ཡེ་ཤེས་རང་མདངས་སྲིད་གསུམ་སྲོག་གི་དགྲར། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཱརྻ་མ་རུ་རལ་པ་ཚར་དགུ་སྟེ། །སྲིན་མོ་ཡུམ་དང་བཅས་པའི་དབང་བསྐུར་རོ། །ཡ་མ་རཱ་ཛ་ས་དོ་མེ་ཡཿཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡཿ ཡཀྵེ་རཱ་ཙ་ནི་ར་མ་ཡཿ ཨ་བྷི་ཥིཉྩྨ་མཾ ཡང་སྤྲུལ་རྣམ་པར་ཤེས་པ་བརྒྱད་ཀྱི་དགྲར། །རྔམས་པའི་མོན་པ་ཕོ་མོ་བཞི་བཞི་དང་། །རབ་འཇིག་བདུད་བཞི་བདུད་མོ་ནག་མོ་བཞི། །ལོ་གཤེད་ཕོ་མོ་རྣམས་ཀྱི་དབང་བསྐུར་རོ། །ཙཎྜྻ་རུ་ཏྲ་མནྟོ་ཛཿ ཡ་མ་མནྟོ་ཛཿ རཀྴ་མནྟོ་ཛཿ ཡཀྴ་མནྟོ་ཛཿ རུ་ཏྲི་རུ་ལུ་ཧ་ཧཱ་ཡ། དུ་རུ་ཡ་མ་སྙིང་དུ་ཡ། རུ་ཏྲ་བྷ་ཏི་རུ་ཤ་ཡ། ཏུ་རུ་ཡཀྴ་ཏྲིགྣ་ཡ། ཨ་བྷི་ཥིཉྩྨ་ཾ། ཉིང་སྤྲུལ་གླིང་བཞི་འགྲོ་བ་ཡོངས་ཀྱི་དགྲར། །མ་རུངས་ལས་བྱེད་འཆི་བདག་བཅུ་གཉིས་པོ། །ཕུང་བྱེད་སྦས་པའི་མ་མོ་བཞི་འཁྱུད་པ། །ཟླ་བའི་གཤེད་ཆེན་རྣམས་ཀྱི་དབང་བསྐུར་རོ། །ཨེ་ཡ་མ་རཱ་ཛཿཀྲོ་ནེ་ཀྲོ་ནེ། པ་ཀྲ་པ་ཀྲ། ཤུ་ལ་ཤུ་ལ། དྷ་ཤ་གྲི་བ། ཡཀྴ་གྲི་བ། རུ་ལུ་རུ་ལུ། ཧ་ཧ། ཡ་ཡ། ཨ་བྷི་ཥིཉྩྨ་མཾ། སྤྲུལ་པའི་ཕོ་ཉ་ཉམས་པ་རྣམས་ཀྱི་དགྲར། །བདུད་དང་གཤིན་རྗེ་མ་མོ་གནོད་སྦྱིན་ཚོགས། །གཏུམ་པོ་གཞན་གྱིས་མི་ཐུབ་གྱད་འདྲ་བ། །ཟ་མའི་གཤེད་ཆེན་སོ་གཉིས་དབང་བསྐུར་རོ། །རུ་དྲ་ཧ་ལ་ནག་པོ། །ཡ་མ་དུ་ན་རཀྴ་ཡ། རུ་རུ་ཙ་པ་ལ། ཁ་ལ་རཀྨོ་ཐུན་བྷྱོ། ཡཀྴ་ཏི་ནན་བཾ་བྷྱོ། ཨ་བྷི་ཥིཉྩྨ་མཾ། ཆོས་སྐྱོང་ཆེ་རྣམས་བདུད་དང་མུ་སྟེགས་དགྲར། །དཀར་པོ་སྙིང་འབྱིན་ནག་པོ་ཆེན་པོ་དང་། །ཡབ་རྗེ་ནག་པོ་གནོད་སྦྱིན་དམར་པོར་སྤྲུལ། །སྒོ་བ་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་རོ། །ཏྲི་ཙ་པ་ལ་ཨ་ཤུ་མེ་ཡ། མ་ཧཱ་ཀཱ་ལ་ཡ། རུ་དྲ་དུ་རུ་ཡ། རཀྴ་རུ་ལུ་ཧ་ཧ་ཡ། ཨ་བྷི་ཥིཉྩྨ་མཾ། ལྷག་མ་ཐམས་ཅད་གཅིག་ཏུ་བྱ། ཞེས་པ་ནི། གཞན་ཡང་བཤན་པ་གཏུམ་པོ་འཇིག་རྟེན་དགྲར། །གཤེད་ཆེན་དྲུག་ཅུ་མ་ར་ཁྲག་སྐྱུགས་ཏེ། །དྲེགས་པ་སུམ་ཅུ་བརྟན་མ་མཁའ་འགྲོའི་ཚོགས། །དཔལ་གྱི་འཁོར་ཚོགས་རྣམས་ཀྱི་དབང་བསྐུར་རོ། །ཡ་མ་ཡ་མ། དུ་ན་དུ་ན། ཤཾ་ཤུཾ། གྷྲྀ་ཎ་གྷྲྀ་ཎ་གྷྲྀ་ཎ། པ་ཙ་པ་ཙ། བེ་ར་བེ་ར། ཧ་ལ་ཧ་ལ། ཧཱུ་ལ་ཡ་ཧཱུ་ལ་ཡ། མ་མ་རུ་རུ། ན་ག་ཧེ་དེ་ཏྲི་ཏ། ནྲྀ་ལ་དུན་བྷྱོ། དུན་བྷྱོ་ཡ། ཨ་བྷི་ཥིཉྩྨ་མཾ། རྒྱས་འདོད་རེ་རེས་བསྐུར་བ་ཡིན། སློབ་མ་ཉུང་ཞིང་ལྕོགས་ན། མུ་ཏིག་ཕྲེང་བ་སོགས་ནས་ལེན་འོས་པ་བླངས་བས་སམ། ཙཀླིའི་རྒྱབ་བྱང་བཞིན་ལྷ་རེ་དང་བསྐུར་ཚིག་ཤྭ་ལོ་ཀ་རེ། ཙཀླི་རེ་རྣམས་སྦྲགས་ནས་བསྐུར་བ་ཡིན། དཔྲལ་བར་རྡོ་རྗེའི་དྲི་ཐིག་བྱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨོཾ། སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོས་རྒྱས་བཏབ་པའི་མོས་པ་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དྲེགས་པ་སྐུ་ཡི་དབང་ཐོབ་པ་ཡིན་པས། དེང་ཕྱིན་ཆད་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུར་ཁྲོད་ཀྱི་དཀྱིལ་འཁོར། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་ཆེན་པོའི་ལྷ་ཚོགས་སུ་ཤེས་པར་གྱིས་ཤིག །དེ་ནས་གསུང་གི་དབང་ནི་འདི་ལྟ་བུ། སློབ་མ་རྣམས་དཀྱིལ་འཁོར་གྱི་མཐའ་ལ་བསྐོར་བཞིན་དུ། ཛབ྄་བསྐུལ་གྱི་ཚིགས་བཅད་སྔ་ཕྱི་རྣམས་དང་། འབྲུ་བརྒྱད་སྔགས་ཀྱི་ཛབ྄་དབྱངས་དང་བཅས་པ་དངོས་སུ་འམ། གལ་ཏེ་མ་གྲུབ་ན་མོས་པས་ཀྱང་རུང་སྟེ། སྔོན་ཚེ་བསོད་ནམས་བསགས་པ་ཡིས། །བླ་མེད་ཐེག་མཆོག་འདི་དང་མཇལ། །བདེ་ཆེན་ངང་ནས་སྐུ་བཞེངས་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །འབྲུ་བརྒྱད་སྔགས་ཀྱི་བྲོ་ཆེན་བརྡུངས། །ཞེས་བསྐུལ་ཐམས་ཅད་བརྒྱན་པས་བཞེངས། །དཀྱིལ་འཁོར་མཐའ་ལ་བསྐོར་བཞིན་དུ། །བརྗིད་པ་དཔའ་བོའི་བྲོ་ཆེན་དང་། །དགྱེས་པ་དཔའ་མོའི་གླུ་དབྱངས་བསྟུན། ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན། ཧཱུྃ། དང་པོའི་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་དང་འཆི་བ་བྱ་བ་མེད། །འཁོར་བ་ཡེ་ནས་སངས་རྒྱས་ཏེ། །ངན་སོང་གསུམ་པོ་ལྟ་བས་བསྒྲལ། །རྣམ་རྟོག་གདོད་ནས་ཆོས་སྐུ་ཡིན། །སྣང་སྲིད་མ་བཅོས་ཕྱག་རྒྱའི་ཞིང་། །ཐམས་ཅད་དྲེགས་པའི་ལྷ་ཚོགས་ལ། །འབྲུ་བརྒྱད་སྔགས་ཀྱི་མཆོད་པ་འབུལ། །ཐམས་ཅད་གྲགས་སྟོང་ཡེ་ཤེས་ཏེ། །གསུང་གི་དངོས་གྲུབ་ཆེན་པོ་སྩོལ། །འདི་ནི་ཡེ་ཤེས་ཆེན་པོའི་བྲོ། །འཁོར་འདས་གཉིས་སུ་མེད་པར་བརྡུངས། །ཕྱག་རྒྱ་ཟིལ་གནོན་མཆོག་གི་ལམ། །ལམ་འདི་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་བརྗོད་དུས་སུ་དཀྱིལ་འཁོར་ལྷའི། །ཐུགས་ལས་དྲག་སྔགས་ཆར་པ་བབས། །བདག་གི་ངག་ཐིམ་བསམ་ནས་འཇུག །ཁྱེད་རང་རྣམས་ཀྱི་སྙིང་གྱེན་དུ་ཁ་ཕྱོགས་པའི་སྙིང་ཚིལ་ཟླ་གདན། སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཧཱུྃ་མཐིང་ནག །བླ་མའི་ཐུགས་ཀའི་ས་བོན་ལས་ཐུགས་ཀྱི་སྔགས་ཀྱི་ཕྲེང་བ་འོད་ཟེར་མགལ་མེ་འཁོར་བ་ལྟ་བུ་ཐོན། ཁྱེད་རང་རྣམས་ཀྱི་ཁ་ནས་སོང་སྙིང་གའི་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་སྲམ་མེར་འདུག་པས་རྡོ་ཚན་ལ་སྣུམ་མི་ཆགས་པ་བཞིན་དུ་ཡིད་ཀྱི་སྒྲིབ་པ་སྦྱངས་བའི་མོས་པ་གྱིས། ེ་མྱགས་ཡ་རྔུབས་མུཀ་ཤཀྐ་དུན་ཧཱུྃ་ཕཊ། ཅེས་པའི་རྗེས་ཟློས་ཚར་གསུམ་བྱེད་དུ་བཅུག་པས། ཐུགས་ཀྱི་སྔགས་ནི་ལན་གསུམ་བྱིན། ལྗགས་ཀྱི་རྩེ་མོ་ནས་གསུང་གི་སྔགས་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་གི་སྒྲིབ་པ་དང་སྡིག་པ་ཐམས་ཅད་སྦྱངས་བའི་མོས་པ་གྱིས། ས་བོན་ཧཱུྃ་གི་ཚབ་ཏུ་ཨཱཿབཀོད་ནས། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ། གསུང་གི་སྔགས་ནི་ལན་གསུམ་བྱིན། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས། སྐུའི་སྔགས་འཇའ་ཚོན་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་གྱི་བུ་ག་ཐམས་ཅད་ནས་ཞུགས། ལུས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་སྦྱངས་ཤིང་དག་པར་མོས། ས་བོན་ཨོཾ་ཡིག་བསམ་ལ། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྴ་དུན་དུན་ཛ་ཡ་ཧཱུྃ་ཕཊ། སྐུའི་སྔགས་ནི་ལན་གསུམ་བྱིན། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་། སློབ་དཔོན་གྱི་གནས་ཐམས་ཅད་ནས་སྔགས་ཕྲེང་ལ་ལ་དཀར་པོ་ཞི་བར་བྱེད་པའི་ནུས་པ་ཅན་མགལ་མེ་འཁོར་བ་ལྟ་བུ། ལ་ལ་སེར་པོ་སྒྲོ་ཡི་ཆུན་པོ་ལྟ་བུ། རྒྱས་པར་བྱེད་པའི་ནུས་པ་ཅན། ལ་ལ་དམར་པོ་ལྕག་སྒྲོག་འཁྱིལ་བ་ལྟ་བུ་དབང་དུ་བྱེད་པའི་ནུས་པ་ཅན། ལ་ལ་ནག་པོ་མེའི་ཚ་ཚ་ལྟ་བུ་དྲག་པོ་དགྲ་བགེགས་བསྒྲལ་བར་བྱེད་པའི་ནུས་པ་ཅན། སྤྲིན་ལས་ཆར་ལྟར་དུ་ཐོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་རོ་གཅིག་ཏུ་གྱུར་པས། དྲག་སྔགས་ཀྱི་དབང་ཐོབ་པའི་མོས་པ་གྱིས། ེེ་རིང་ེེ་ཐུང་ལན་གསུམ་གསུམ། དེ་ནས་རྡོ་རྗེས་མགྲིན་པར་ཐིག །ན་མཿསརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨཱཿམགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཨཱཿདམར་པོས་རྒྱས་བཏབ། རིགས་ཀྱི་བུ་ཁྱོད་ཀྱིས་དྲག་པོ་སྔགས་ཀྱི་དབང་ཐོབ་པ་ཡིན་པས། ངག་གི་བརྗོད་པ་ཐམས་ཅད་སྔགས་ཀྱི་སྒྲར་ཤེས་པར་གྱིས་ཤིག །སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟུག །ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་དང་མཚན་མའི་རྣམ་པར་ཆར་བཞིན་དུ་བབས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་གྱིས། སློབ་མའི་ལག་གཡས་ལ་ཕྱག་མཚན་གཏད། ཧཱུྃ། འཁོར་བ་སྒྲོལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་བྱེད་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཱུ་བཛྭ་ཡ་ཧོཿ གཡོན་པར་གཏད་ཅིང་འདི་སྐད་དོ། །ཧཱུྃ། བེ་ཅོན་དུག་ལྔ་ཡེ་ཤེས་སྒྲོལ། །གཏུན་ཤིང་དགྲ་བགེགས་འདུལ་བར་བྱེད། །སྡིག་མཛུབ་བག་ཆགས་བསྡིག་པ་སྟེ། །རིགས་པའི་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་ཡ་མ་བྷི་ས་ཧཱུྃ་ཏི་ར་ཧོཿ སྙིང་གར་རྡོ་རྗེས་དྲི་ཐིག་བྱ། ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཧཱུྃ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་རྒྱས་བཏབ། རིགས་ཀྱི་བུ་ཁྱོད་ཀྱིས་དྲེགས་པ་ཐུགས་ཀྱི་དབང་ཐོབ་པ་ཡིན་པས། ཡིད་རྒྱུ་བ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་རོལ་བ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་དཀྱིལ་འཁོར་རྡུལ་ཚོན་གྱི། དཀྱིལ་འཁོར་དུ་ཁྱེད་རང་རྣམས་ཀྱི་ཡུལ་སྣང་ལུས་ལ་བུམ་པའི་ཆོ་ག་དྲུག་གིས་དབང་བསྐུར་བས་བུམ་པའི་དབང་ཐོབ། བྱེད་པ་ལུས་ཀྱི་སྒྲིབ་པ་དག །ལམ་ཁྱེར་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ། སྐུའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །གཉིས་པ་གསང་དབང་ལ། བྱང་སེམས་རཀྟ་གཏོར་མ་ཆས། །ཚེ་ཚོགས་དྲུག་གི་གསང་བའི་དབང་། །ཞེས་པ་རྣམས་ལས་དང་པོ། སློབ་མའི་གདོང་གཡོགས་མཎྜྻལ་ཕུལ། །ཅེས་པས། བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ། ངག་གི་དྲི་མ་སྦྱངས་ཤིང་། གསུང་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ། གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ་ནས། གསོལ་བ་གདབ་པ་ནི། འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །གསང་བའི་སྒྲོལ་མ་བདག་ལ་སྩོལ། །བླ་མ་ཡབ་ཡུམ་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཡབ་ཡུམ་དུ་གསལ་བའི་གསང་བ་དང་མཁའ། ཧཱུྃ་དང་སྲཱིཿལས་སྐྱེས་པའི་རྡོ་རྗེ་དང་པདྨ་ནོར་བུ་དང་ཟེའུ་འབྲུར། ཨོཾ་དང་ཨཱཿས་བྱིན་གྱིས་བརླབས་པ་འདུས་བྱས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ། འཁོར་ལོ་བཞི་ཡི་ལྟེ་བར་བབས། དགའ་བཞིའི་ཡེ་ཤེས་མངོན་དུ་མཛད། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཡུམ་གྱི་རྩ་ཀཱ་ཀ་མུ་ཁའི་སྒོར་དཀར་དམར་རོ་གཅིག་ཏུ་འདྲེས་པ། རིག་པའི་སྟོབས་ལྡན་སྦྱོར་བའི་མཐུས། །འཁྲུལ་པའི་བག་ཆགས་སྤྲིན་གཏོར་ནས། །ཡེ་ཤེས་ནམ་མཁའ་གསལ་བྱེད་པ། །གཉིས་མེད་བརཏལ་ཞུགས་ཆེན་པོ་ལོངས། །ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ དངོས་དབང་བསྐུར་བའི་སྐབས་མིན་ན་བླ་མ་ཡབ་ཀྱི་བྱང་སེམས་དཀར་ཆར་མོས་སུ་བཅུག་པའི་ཐོད་ཆང་སྦྱིན། བླ་མས་དེ་བརྗོད་སླར་གཟུངས་མས། །འདི་སྟེ་ཁྲག་འཐུང་ཡབ་ཡུམ་གྱི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དམ་པར་མྱོང་བར་གྱིས། །སྐྱེ་གནས་བྱང་སེམས་གནང་བ་སྟེ། ཨ་ཧོཿམ་ཧཱ་སུ་ཁཾ། ཡང་ཡུམ་གྱི་དམར་ཆར་མོས་ནས་ཐོད་ཆང་སྦྱིན། མིག་དར་འགྲོལ། དེ་ནས་རང་གི་ལྕེ་ཡིས་མྱོང་། རྟོག་ཅན་ཤ་ལྔ་བདུད་རྩི་ལྔས། མགྲིན་པའི་འཁོར་ལོ་གཙོ་བོར་གྱུར་པའི་རྩ་ཐམས་ཅད་ཁྱབ། སྐྱེ་གནས་མཐོང་བས་ལྷག་པར་བསྐུལ་བའི་བདེ་བ་སྒྱུ་མའི་སྣང་བ་སྣ་ཚོགས་སུ་གསལ་བ། སོ་སོ་རང་རིག་པའི་ངོ་བོ་ཉིད་མངོན་དུ་བྱེད་པར་གྱུར། རཀྟ་གཏོར་མར་མཆོད་པའི་ཚིག །དབང་བསྐུར་འདོན་པ་བསྒྱུར་ལ་བསྐུར། །ཅེས་པས། དྭངས་མ་སྙིང་ཁྲག་བསྒྲལ་བ་ཤྭ་ནའི་ཁྲག །མཱུ་ལ་རྟེན་འབྲེལ་མཁའ་དབྱིངས་པདྨའི་ཁྲག །དུང་ཆེན་སྣོད་དུ་རྒྱ་མཚོར་འཁྱིལ་བའི་རྦ། །འཇིགས་པའི་ལྦུ་ཕྲེང་ཆགས་པས་དབང་བསྐུར་རོ། །ཨེ་ཀ་ཡ་མ་གུ་་རཀྟ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩྨ་ཧོཿ ཞེས་བརྗོད་ནས་རཀྟ་ལག་པར་གཏད། ཧཱུྃ། ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་སྣོད་ཆེན་པོར། །ནང་བཅུད་སྲིད་པ་གསུམ་ལས་སྦྲུས་པའི་རྫས། །འབྱུང་ལྔ་ལྷུན་གྲུབ་དཀར་དམར་སྣང་བས་བརྒྱན། །དཔལ་གྱི་གཏོར་མ་ཆེན་པོས་དབང་བསྐུར་རོ། །ཨེ་ཀ་ཡ་མ་བ་ལིང་ཛྙྱཱ་ན་པཱུ་ཛ་ཨ་བྷི་ཥིཉྩྨ་ཧོཿ ཞེས་འདོན་པས་དབང་གཏོར་མགོར་འཇོག་པ་དཀྱིལ་ཆོག་ཏུ་དངོས་བསྟན་བྱུང་ཞིང་། ལྕགས་འདྲ་དབང་གི་སྐབས་ཚོར་ཡང་འདི་ཁོ་ན་བཞིན་བྱུང་བས། དེ་ལྟར་བསྐུར་དགོས་མོད། གཞན་སྤྱིར་བཏང་གི་དབང་དུ་ན། ཕྲིན་ལས་བསྟོད་པའི་ཤྭ་ལོ་ཀ་དང་པོའམ། ལྷ་ཡི་རྒྱལ་པོ་ལྷ་མཆོག་གཤིན་རྗེའི་གཤེད། །སོགས་འདོན་པ་བསྒྱུར་ནས། ལྷ་དབང་གི་གཙོ་ཙཀ་བཞིན་བསྐུར་ན་ཡང་། འདི་ཉིད་དབང་གཏོར་དངོས་གཞི་ཡིན་པས་མི་འཐད་པ་མེད་ཅིང་ལེགས་པ་ཙམ་དུ་མངོན། འོན་ཀྱང་སྒྲུབ་དཀྱིལ་རང་གི་དངོས་བསྟན་ལྟར་བྱའོ། །ཐོད་ཕྲེང་མགོ་ལ་བཀོན་ནས་སུ། ཧཱུྃ། ཐོད་པ་ཚར་གསུམ་ཕྲེང་བ་འདི། །དུག་གསུམ་སྐུ་གསུམ་དུ་བསྒྲལ་ནས། །འདས་དང་མ་འོངས་ད་ལྟར་གྱི། །རྒྱལ་བ་ཀུན་གྱི་དབང་ཐོབ་ཤོག །མགོ་རློན་ག་ཤལ་བྱིན་ནས་སུ། ཧཱུྃ། ཁྲག་འཛག་མགོ་བོའི་ག་ཤལ་འདིས། །སེམས་བྱུང་ཡེ་ཤེས་སུ་བསྒྲལ་བས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་ནོན་གྱུར་ཅིག །ཐལ་ཆེན་ཚོམ་བུ་དཔྲལ་བར་བཏབ། ཧཱུྃ། ཐལ་ཆེན་ཚོམ་བུ་འདི་བཏབ་པས། །ཐུགས་རྗེ་མཐའ་རུ་ཕྱིན་པའི་དབང་། །སྐྱེ་འགྲོ་མ་ལུས་དབུགས་ཕྱུང་ནས། །སྨིན་གྲོལ་བྱེད་པའི་དབང་ཐོབ་ཤོག །མཁུར་འཛུམ་སྣ་རྩེར་ཁྲག་ཆེན་བསྐུ། ཧཱུྃ། རཀྟའི་ཐིག་ལེ་འདི་བཏབ་པས། །ཐུགས་རྗེ་ཁྱབ་པའི་དབང་ཉིད་དེ། །རྟག་ཏུ་མྱ་ངན་མི་འདའ་བར། །འགྲོ་དོན་བྱེད་པའི་དབང་ཐོབ་ཤོག །སྙིང་གར་རྩེ་གསུམ་ཞག་གིས་བྲིས། ཧཱུྃ། ཞག་ཆེན་སོར་རིགས་འདི་བཏབ་པས། །དམ་རྫས་བཅུད་ཀྱི་དབང་མཆོག་སྟེ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །སྐྱེ་འཆི་མེད་པའི་དབང་ཐོབ་ཤོག །སྦྲུལ་ཆེན་སྐེད་ལ་བཅིངས་ཕྱིར་སྦྱིན། ཧཱུྃ། སྦྲུལ་ནག་ཆུན་པོའི་སྐེ་རགས་འདི། །ཞེ་སྡང་རྩད་ནས་གཅོད་པའི་དབང་། །ན་རག་དམྱལ་བ་བསྒྲལ་བའི་ཕྱིར། །ཞེ་སྡང་དག་པའི་དབང་ཐོབ་ཤོག །གླང་ཆེན་ཀོ་རློན་སྟོད་གཡོགས་སུ། ཧཱུྃ། གླང་ཆེན་ཀོ་རློན་ཆེན་པོ་འདི། །ཐེག་པ་ཆེན་པོ་ཐོབ་པའི་དབང་། །མ་ལུས་དེ་ལ་གནས་བྱའི་ཕྱིར། །ཐེག་ཆེན་ཆོས་ཀྱི་དབང་ཐོབ་ཤོག །ཞིང་ལྤགས་གཡང་གཞི་སྐེད་པར་དཀྲིས། ཧཱུྃ། ཞིང་གི་གཡང་གཞི་ཆེན་པོ་འདིས། གཏི་མུག་རྩད་ནས་གཅོད་པའི་དབང་། །ཏིརྻ་ཀ་ནི་བསྒྲལ་བྱའི་ཕྱིར། །གཏི་མུག་དག་པའི་དབང་ཐོབ་ཤོག །སྟག་གི་ཤམ་ཐབས་སྨད་ལ་དཀྲིས། ཧཱུྃ། སྟག་ལྤགས་ཤམ་ཐབས་ཆེན་པོ་འདི། །ཕྲིན་ལས་རྣམ་བཞི་རྫོགས་པའི་དབང་། །ཞི་རྒྱས་དབང་དྲག་ལས་བྱའི་ཕྱིར། །ཐབས་ཀྱི་དོན་བྱེད་དབང་ཐོབ་ཤོག །རུས་པའི་རྒྱན་གྱིས་བརྒྱན་བྱས་ལ། ཧཱུྃ། རུས་པའི་རྒྱན་དྲུག་ཆེན་པོ་འདི། །འདོད་ཆགས་རྩད་ནས་གཅོད་པའི་དབང་། །པྲེ་ཏ་ཀ་ནི་བསྒྲལ་བའི་ཕྱིར། །འདོད་ཆགས་དག་པའི་དབང་ཐོབ་ཤོག །ཚེ་ཡི་དབང་ནི་འདི་ཡིན་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གྲུ་གསུམ་པའི་ནང་དུ་ཉི་མ་འོག་དང་། སྟེང་དུ་ཟླ་བ་ཁ་སྦྱོར་བའི་གྭའུའི་ནང་དུ་ཚེའི་གཟུངས་ནྲྀ། དེའི་གི་གུ། ན། ར་ཏ་གསུམ་ལས་འོད་དཀར་དམར་མཐིང་ག་སྤྲོས། སྲིད་པ་གསུམ་གྱི་ཚེ་སྲོག་ཐམས་ཅད་བསྡུས། དེ་ལ་ཐིམ། འོད་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པའི་མོས་པ་གྱིས། ཧཱུྃ། བཀྲ་ཤིས་བརྟན་པའི་གྭའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ེ་ེ་ེ་ཡ་མ་ནྲྀ་བྷྲཱུྃ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཞེས་པས་ཚེ་གལ་སྤྱི་བོར་བཞག །ཚེའི་ལྷ་མོ་བདུད་རྩིར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཞུགས། འཆི་མེད་ཀྱི་བདུད་རྩིས་ལུས་དཀར་མེར་གྱིས་གང་བའི་མོས་པ་གྱིས། དེ་ནས་ཚོགས་ཀྱི་དབང་བྱ་སྟེ། ཧཱུྃ། འཆི་མེད་བདུད་རྩི་རཱ་ས་ན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་དབང་ཐོབ་ཤོག །ཅེས་ཚོགས་རྫས་ལག་པར་གཏད། །འཆི་བ་མེད་པ་ཞལ་ཟས་ཀྱི་དབང་བསྐུར་བས། མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འདིར་དཀྱིལ་འཁོར་སློབ་དཔོན་གྱི་ལུས། གང་ལ་བསྐུར་བ་ཁྱེད་རང་རྣམས་ཀྱི་ངག །དབང་རྫས་བྱང་སེམས་ལ་སོགས་པའི་གསང་དབང་གི་རྫས་དྲུག་གིས་དབང་བསྐུར་བས། གསང་བའི་དབང་ཐོབ། བྱེད་པ་ངག་གི་སྒྲིབ་པ་དག །ལམ་ཁྱེར་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ། གསུང་གི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །ཤེར་དབང་གསོལ་སྤྲོ་གཉིས་ལན་ཐིག །དྲི་ལན་གཏད་དབབ་སློབ་སྦྱངས་བསྐྱེད། །སྙོམས་འཇུག་དོན་བསྟན་དེའི་དོན་བཤད། །ཅེས་པའི་དང་པོ། མཎྜྻལ་ཕུལ་ཞིང་གསོལ་གདབ་པ། །ཞེས་པའི་མཎྜྻལ་སྐབས་བླ་མ་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ། ཡིད་ཀྱི་དྲི་མ་སྦྱངས་ཞིང་ཐུགས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཞེས་བཏོན་ནས། གསོལ་གདབ་ནི། བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་ཚངས་སྤྱོད་སྡོམ་པའི་མཆོག །ཡེ་ཤེས་རོལ་པ་བདག་ལ་སྩོལ། །ལན་གསུམ། གདོང་གཡོགས་ནས་ནི་གཟུངས་མ་ལ། །བྷ་ག་གསང་བའི་དཀྱིལ་འཁོར་གྱི། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷས། །རིག་པའི་བརཏལ་ཞུགས་སྦྱིན་བྱེད་ལ། །གཟུངས་མ་ཡིད་འོང་སྤྲོ་བར་གྱིས། །དེས་ཀྱང་སྤྲོ་ཞེས་ཁས་བླངས་པའི་མོས་པ་བྱ། དེ་ནས་སློབ་མར་འདི་སྐད་བརྗོད། འདི་འདྲའི་དཀྱིལ་འཁོར་བླ་ན་མེད། །ཡང་དག་གསང་བའི་ལམ་མཆོོག་སྟེ། །བུ་ཁྱོད་སྐལ་པ་རབ་ཏུ་གྱུར། །འདི་དང་མཇལ་ལ་དགའ་བ་བསྐྱེད། །ཅེས་བརྗོད་པའི་ལན་དུ། འདིའི་རྗེས་ཟློས་བྱར་བཅུག །བདག་ཅག་ཤིན་ཏུ་སྤྲོ་བ་ལགས། །དཔའ་བོ་ཆེན་པོ་བཀའ་དྲིན་ཆེ། །ཞེས་ཞུས་ལས་མཁན་དེར་འོང་ནས། །སློབ་མའི་གནས་ལྔར་ཐིག་ལེ་བཀོད། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བྷ་གའི་གནས་ལ་ལོངས་སྤྱོད་དང་། །གཟུགས་མ་མཚན་ལྡན་རྟག་ཏུ་བརྟེན། །འདོད་ཡོན་ལྔ་ལ་བདེ་བར་རོལ། །གཙང་དམེ་ངོ་ཚའི་རྟོག་པ་སྤོངས། །དེ་ལྟར་ནུས་ན་བརཏལ་ཞུགས་སྦྱིན། །བླ་མའི་ཚིག་དེར་ལན་སློབ་མས། །དཔའ་བོ་ཆེན་པོས་བཀའ་སྩལ་ལྟར། །བདག་ནི་དེ་ལྟར་རྗེས་སུ་འཇུག །སློབ་མའི་ལག་གཡོན་གཟུངས་མར་གཏད། །གཅེར་བུ་བྷ་ག་རྒྱས་པར་བསྟན། །དུས་གསུམ་སངས་རྒྱས་བྱོན་པའི་གནས། །བདེ་བ་ཀུན་གྱི་འབྱུང་གནས་ཆེ། །གཉིས་མེད་ཆོ་གས་སྙོམས་ཞུགས་ནས། །སངས་རྒྱས་ཐམས་ཅད་མཉེས་པར་བྱོས། ཁྱེད་རང་རྣམས་འོད་དཔག་མེད་མདུན་གྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་དང་བཅས་པར་གསལ་བ་ལས། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འོད་ཀྱིས་དམར་ལམ་ལམ་གྱུར་པའི་མོས་པ་གྱིས། ཞེས་བརྗོད་རོལ་སྒྲ་སྤོས་ཀྱིས་བདུག །མེ་ལོང་ལ་ཧས་བཏབ་པ་ལྟར་འོད་དཔག་མེད་དུ་གསལ་བའི་སྐུ་དེ་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་སྟོང་པ་ཉིད་དུ་ཡལ་བ་ལས། འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུ། གཟུངས་མ་རྡོ་རྗེ་ཁྲོས་མར་གསལ་བ་རྗེས་ཆགས་ཀྱི་སྦྱོར་བས་བསྐུལ་བའི་ནང་གི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས་པའི་རྒྱུན་གྱིས་ལུས་ཐམས་ཅད་གང་ཞིང་དགའ་བ་བཞིའི་ཡེ་ཤེས་མངོན་ཏུ་བྱས་པས། ཡུམ་གྱི་བྷ་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་མཆོད་དེ། ཐབས་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་མཉེས་ནས་བྱང་ཆུབ་ཀྱི་སེམས་ཐིག་ལེར་ཞུ་བ། དུང་ཅན་གྱི་ནང་ནས་གྱེན་དུ་གཤེགས་པའི་རིམ་གྱིས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་ལྷའི་རོལ་མོར་སད་པའི་མོས་པ་གྱིས། འདི་ནི་གསང་བའི་ཐེག་མཆོག་སྟེ། །ཡེ་ཤེས་བླ་ན་མེད་པའི་དོན། །རང་བྱུང་ཡེ་ཤེས་འདི་ལས་ཐོབ། །འདི་ལས་མཆོག་ཏུ་གཞན་མེད་དོ། །སྦྱོར་དུ་བཅུག་ནས་དེ་བརྗོད་དོ། །མིག་དར་བཀྲོལ། འདིར་དཀྱིལ་འཁོར་ཤེས་རབ་མའི་བྷ་ག །གང་ལ་བསྐུར་ན་ཁྱེད་རང་རྣམས་ཀྱི་ཡིད་ལ། ཚུལ་ཇི་ལྟར་བསྐུར་ན། སྙོམས་པར་འཇུག་པའི་རྫས་དབང་བསྐུར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བྱེད་པ་ཡིད་ཀྱི་སྒྲིབ་པ་དག །ལམ་ཁྱེར་ཕོ་ཉ་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་སྟེ། ཐུགས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །བཾ་དབང་ལ་ནི་རྗེས་གནང་གསོལ། །བསྐྱེད་བསྐུར་རྒྱས་བཏབ་བསྒྲལ་བས་བླངས། །ངོ་སྤྲད་གཟེངས་བསྟོད་དབུགས་ཕྱུང་ལ། །ཞེས་པའི་དང་པོ། །རྗེས་སུ་གནང་ཕྱིར་སློབ་དཔོན་གྱིས། །ཧི་ཧི་ཞེས་པའི་བཞད་སྒྲ་ཡིས། །སྟེང་འོག་ཕྱོགས་མཚམས་ཅི་སྣང་བ། །ཐམས་ཅད་དཔའ་བོ་དཔའ་མོའི་ཚོགས། །མ་ལུས་ཀུན་གྱི་ནང་ན་ཡང་། །བླ་མེད་ཟིལ་གནོན་རྔམ་པའི་སྐུ། །གཉིས་མེད་རོལ་པའི་ཆ་ལུགས་ཀྱི། །བདེ་ཆེན་ལྷ་ཡི་ང་རོ་འབྱུང་། །མཉམ་པའི་བརཏལ་ཞུགས་སྦྱིན་པར་བྱའོ། །དེ་ནས། བླ་མ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱི་དྲུང་དུ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས་ཤིང་། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། སློབ་མ་རབ་དགའ་གུས་པའི་ཕྱག །ན་མོ། ཆེ་བའི་ནང་ནས་ཆེ་བའི་མཆོག །ཕྱག་འཚལ་ཕྱག་རྒྱ་ཟིལ་གནོན་ལའོ། །མཉམ་ཉིད་བརཏལ་ཞུགས་ཆེན་པོ་ཡི། །བཾ་ཆེན་རྟོག་མེད་བདེ་ཆེན་གང་། །ད་ལྟ་ཉིད་དུ་ཅི་ནུས་ཕོབ། །ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །འདི་འདྲའི་ཐེག་ཆེན་བླ་ན་མེད། །བརཏལ་ཞུགས་ད་ལྟ་ཉིད་དུ་ཕོབ། ཧཱུྃ་མཱུྃ། རིགས་ཀྱི་བུ་ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷར་སྐད་ཅིག་གིས་གསལ་བའི་དམ་ཚིག་སེམས་དཔར། བཾ་ཆེན་གྱི་སྙིང་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཀྱི་ཡེ་ཤེས་སེམས་དཔའ་ཐམས་ཅད་ཆིལ་ཆིལ་ཐིམ་པས་གཉིས་མེད་བདེ་བ་ཆེན་པོའི་ངོ་བོ་གཅིག་ཏུ་གྱུར་པས་ཡེ་ཤེས་བླ་ན་མེད་པའི་དབང་ཐོབ་པའི་མོས་པ་གྱིས། རོལ་སྒྲ་སྤོས་ངད་ཆི་ལི་ལི། ེ་རིང་ཛ་ཧཱུྃ་བཾ་ཧོཿསྔགས། །ལན་གསུམ་བཟླས་ལ་རྡོ་རྗེའི་རྩེས། དྲི་ཡི་ཐིག་ལེས་གནས་གསུམ་བརྒྱན། ཀཱ་ཝཱཀ་ཙི་སྔགས་སྔར་བཞིན་བརྗོད། །དྲག་པོས་བསྒྲལ་ཕྱིར་རལ་གྲི་གཏད། །ཧཱུྃ། གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་ལས། །དཔག་མེད་ཕྲིན་ལས་མཐར་ཕྱིན་ཞིང་། །སྟོང་པ་སྲིད་པ་ཟིལ་མནན་ནས། །སྣང་སྲིད་སྐུ་སྤྲུལ་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་ཀྲོ་དྷ་ཨ་བྷི་ཥིཉྩྨ་ཧཱུྃ། བཾ་རོ་དུམ་བུར་གཏུབས་སྤུངས་ཁར། །ཆང་གི་ཀབ་ལི་བཞག་ནས་སུ། །བདུད་རྩི་བཞིན་དུ་བྱིན་གྱིས་བརླབས། །ཞེས་པས། ཐོད་དབུས་རིགས་ལྔ་སྙོམས་ཞུགས་བདུད་རྩིར་ཞུ། །ཉི་བཀབ་རྟ་མགྲིན་སྦྱོར་མཚམས་བྱང་སེམས་ཕབ། །བདག་གི་མཐེབ་མཛུབ་ཟླ་བས་ཟག་དང་འདྲེས། །མདངས་དྲི་རོ་བཅུད་གཏེར་ཆེན་དཔའ་བོས་བསྲུངས། །ཨོཾ་ཧཱུྃ་སྲཱིཿསྭཱཧཱ། མཱུྃ་ལཾ་མཾ་པཾ་ཏཾ། ཨོཾ་ཨཱཿསརྦ་པཉྩྨ་ཨ་མྲྀ་ཏ་ཧཱུྃ་སྲཱིཿཋཿ ཐམས་ཅད་བདུད་རྩིར་སྐྱ་མེར་ཞུ། །དེ་ཡིས་དབང་བསྐུར་བྱིན་ནས་འཐུང་། །ཨ་ཧོ། འདི་ནི་ངོ་མཚར་རྨད་ཀྱི་ཐབས། །འཆི་མེད་རང་བྱུང་བདུད་རྩིའི་གཏེར། །ལོངས་སྤྱོད་དག་པས་དབང་བསྐུར་བས། །ཐམས་ཅད་རྫོགས་པའི་དབང་ཐོབ་ཤོག །བཾ་ཆེན་མཾ་སས་དབང་བསྐུར་སྦྱིན། །ཧཱུྃ། མཉམ་པ་ཉིད་ཀྱི་བརཏལ་ཞུགས་ཀྱིས། །ཐབས་དང་ཤེས་རབ་གཉིས་མེད་པར། །མ་འགག་ཡེ་ཤེས་རྩལ་ཤར་བས། །བཾ་ཆེན་དམེ་བ་དོན་དང་སྦྱར། །བརཏལ་ཞུགས་སྔགས་ཀྱི་བྱིན་རླབས་བསྐྱེད། །བཾ་ཆེན་རོ་ལ་མཉམ་པར་སྦྱོར། །རྡོ་རྗེ་བརྗིད་པའི་དབང་ཐོབ་ནས། །བདེ་ཆེན་མཉམ་ཉིད་རྟོགས་པར་ཤོག །ཨེ་ཀ་ཡ་མ་ཨ་ཏི་པ་ཏི་ཏི་ར་སིདྡྷི་ཧོཿ གཙང་དམེའི་རྟོག་པ་མེད་པར་མཉམ་ཉིད་ཆེན་པོའི་ངང་དུ་རོལ་བས། ལུས་ཐམས་ཅད་ཟག་པ་མེད་པའི་བདུད་རྩིས་སྐྱ་མེར་གྱིས་གང་བས་བདེ་ཆེན་ལྷུན་གྱིས་གྲུབ་པའི་མཆོག་གི་སྐལ་པ་ཅན་དུ་འགྱུར་བའོ། །ཞེས་བརྗོད་ཆང་དང་ཤ་ལ་རོལ། རང་སེམས་མ་བཅོས་པའི་ངང་ལ་བཞག་པས་ཆོས་ཉིད་སྐྱེ་བ་མེད་པ་ཀུན་བཟང་བདེ་ཆེན་ཡངས་པའི་ཀློང་ན་འཁོར་འདས་འདམ་ཀ་མེད་པ། མཉམ་ཉིད་ཆེན་པོར་ཁྱབ་གདལ་བ་ཆོས་ཀྱི་སྐུ། ད་ལྟ་རང་གི་རིག་པ་འདི་ཁོ་ན་དབང་བཞི་པ་ཡིན་ནོ། །འདིར་དཀྱིལ་འཁོར་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཁྱབ་གདལ་ཆེན་པོ། དེ་ཡང་བཾ་གྱི་རྣམ་པར་མཚོན་ཏེ། བཾ་ལ་རྟོག་པ་སྐད་ཅིག་ཀྱང་མེད་པ་བཞིན། སྐྱེ་མཆེད་ཐམས་ཅད་བཀྲ་ལམ་མེར་སྣང་བ་ནི་དཀྱིལ་འཁོར་གྱི་རང་བཞིན། དོན་རྣམ་པར་མི་རྟོག་པའི་ཆོས་ཉིད་ཡིན་པས་སོ། །གང་ལ་བསྐུར་ན་ཁྱེད་རང་རྣམས་ཀྱི་ཀུན་གཞིའི་རྣམ་ཤེས་ལ། ཇི་ལྟར་བསྐུར་ན་རྣམ་པར་མི་རྟོག་པའི་རྫས་གྱིས་བསྐུར་བས། དབང་བཞི་པ་ཡང་དག་པའི་ཆོས་ཉིད་མི་རྟོག་པའི་ཡེ་ཤེས་སུ་ཐོབ། བྱེད་པ་ཤེས་སྒྲིབ་དག །ལམ་ཁྱེར་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་རྡོ་རྗེའི་སྐུ་ཐོབ་སྟེ། ཕྲིན་ལས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །རིགས་ཀྱི་བུ་ཁྱེད་རྣམས་དེ་ལྟ་བུའི་དོན་དང་ལྡན་པས་རྒྱུད་ཡོངས་སུ་སྨིན་པ་ཡིན་ནོ། །ཞེས་པས་གཟེངས་བསྟོད་དབུགས་དབྱུང་བ། །དེ་ལྟར་དབང་བཞི་ཐོབ་ནས་དམ་ཚིག་མ་ཉམས་པར། ལམ་བསྙེན་སྒྲུབ་རྣམ་པ་བཞིའི་སྒོ་ནས་བསྒྲུབ་ན་བརྩོན་འགྲུས་ཅན་ཚེ་གཅིག་གིས་འཚང་རྒྱ་བས། དམན་པ་ཉན་རང་ལྟར་བསྐལ་པ་གྲངས་མེད་དུ་དཀའ་བ་སྤྱད་མི་དགོས་ཏེ། ལམ་མཆོག་ཆེན་པོའི་སྐལ་བས་དགེ་བ་ཡིན་ནོ། །སློབ་དཔོན་མཐུ་དང་ཐུན་དང་ཟོར། །ཞེས་རྣམ་པ་བཞི་ལས། དང་པོ། དེ་ནས་སློབ་དཔོན་བྱེད་པའི་ཕྱིར། །གདུགས་ཕུབ་སོགས་ཁྲིར་སློབ་མ་བཀོད། །འཁོར་ལོ་རྐང་འོག་དུང་འབུད་ཅིང་། །འདི་རྒྱུད་པོ་ཏི་གཏད་ནས་སུ། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ། །ཁྱེད་ཀྱི་དབང་རྣམས་རྫོགས་པར་ཐོབ། །ད་ནི་ཁྱོད་ཀྱིས་སློབ་དཔོན་གྱིས། །སློབ་མ་སྨིན་ཅིང་གྲོལ་བར་མཛོད། ཨོཾ་ཨེ་ཀ་ཡ་མ་གུ་རུ་ཨ་བྷི་ཥིཉྩྨ་སིདྡྷི་ཧཱུྃ། དེ་ནས་མཐུ་ཡི་དབང་ནི། བྲུབ་ཁུང་ཐོད་ནང་ལིདྒ་བཅུག །ཕུར་བུ་གདབ་ཅིང་མཚོན་གྱིས་གཏུབས། ཞེས་གསུངས་པ། སྤྲོས་བཅས་འཆམས་སོགས་དང་འབྲེལ་བའི་སྒྲུབ་དབང་གི་སྐབས་ཡིན་ན། ལས་བྱང་གཞུང་གི་བསྒྲལ་ལས་བསྟབ་པ་དང་བཅས་པ་བྱས་ཀྱང་འགལ་བ་མེད་ཅིང་ལེགས་པ་ཡིན་ལ། གཞན་བྲུབ་ཁུང་བསྐྱེད་ཆོག་བྱ། བདེན་པ་བདར་བ་དང་བཅས་པའི་དགུག་གཞུག་ཚར་གསུམ་ནས། ཐུགས་རྗེ་ཐབས་ཀྱི་སྦྱོར་བ་སོགས་ཀྱིས་ཕུར་བ་གདབ། རྡོ་རྗེ་འཁོར་ལོ་དབྱུག་ཐོག་མཚོན་ཆ་བརྡོག་ཅིང་གཏུབས་ནས། ཧཱུྃ། གདུག་པ་ཅན་གྱི་དགྲ་བགེགས་ལ། །སྙིང་རྗེ་མ་རུང་སེམས་ཀྱིས་ནི། །ཕྲིན་ལས་དྲག་པོས་བསྒྲལ་བའི་ཕྱིར། །མངོན་སྤྱོད་མཐུ་ཡི་དབང་བསྐུར་རོ། །དགྲ་བོ་མཱ་ར་ཡ་ཨ་བྷི་ཥིཉྩྨ་ཏུ་མཾ། ཞེས་པས་ཕུར་པ་ལིདྒ་དང་སྦྲགས་པ་སློབ་མའི་ལག་ཏུ་གཏད་དེ་དབང་བསྐུར། སླར་ཡང་ལིདྒ་སློབ་མའི་གཙོ་བོའི་མདུན་དུ་བཀོད་ནས་ཐུན་གྱི་དབང་ནི། གཡས་ཐུན་གཡོན་དུ་རཀྴའི་ཕྲེང་། །ཧཱུྃ། དྲག་པོ་སྔགས་ཀྱི་དབང་ཐོབ་ནས། །དགྲ་བགེགས་གདུག་པ་འཇོམས་པའི་ཕྱིར། །གཟི་བྱིན་བསྐྱེད་པའི་ཐུན་དང་ནི། །བགྲང་ཕྲེང་རཀྴའི་དབང་བསྐུར་རོ། །ཐུན་སྔགས་ཨ་བྷི་ཥིཉྩྨ་མཾ། ཞེས་པའི་ཐུན་སྔགས་ནི། ཨེ་ཀ་ཧེ་དུན་ཏྲཀ་རཀྴ་ཡ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ། དགྲ་བོ་ཨེ་མྱག་ཡ་རྔུབས་མུཀ་ཤཀྐ་དུན་བྷྱོ་ནྲྀ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད། ཨ་བྷི་ཥིཉྩྨ་མཾ། ཞེས་པ་དབང་བསྐུར་ནས། རྒྱས་པར་སྤྲོ་ན། ཐུན་སོ་སོའི་ཚིགས་བཅད་ལས་བྱང་ལྟར་ལེན་པས་སམ། བསྡུ་ན་ཐུན་སྔགས་དེ་ཁོ་ནས་ཐུན་ཡོངས་རྫོགས་སློབ་མས་ཉའུ་ལ་བརྡེག་ཏུ་བཅུག །ཟོར་དབང་ནི། ཟོར་རྫས་གཏད་ནས་འདི་སྐད་དོ། །ཧཱུྃ། ཐབས་ཤེས་ནུས་པ་མཐར་ཕྱིན་ནས། །བྱད་མ་རྡུལ་དུ་བརླག་པ་ལ། །ང་རྒྱལ་ཆེན་པོས་འཕེན་བྱེད་པའི། །ཟོར་རྫས་རྣམས་ཀྱི་དབང་ཐོབ་ཤོག །ཟོར་སྔགས་མཐར་ནི་ཨ་བྷི་སོགས། །ཞེས་པས། ཨེ་ཀ་ཧེ་དུན་བྷྱོ་བཟློག །ཡ་མ་རཱ་ཛ་བྷྱོ་བཟློག །མ་མོ་ཨེ་ཀ་ཛ་ཊི་ཐུན་བྷྱོ་བཟློག །མཱ་རཱ་ཡ་བཟློག །མ་མོ་ཨེ་ཀ་ཙ་ཏི་ཐུན་བྷྱོ་བཟློག །ཕུ་ས་ན་ག་གཏད་ཁྲཾ་བྷྱོ་བཟློག །ཕྱུང་ཕྱུང་ཤིག་ཤིག །ཁྲོལ་ཁྲོལ་མཱ་རཱ་ཡ་ཧྶམྦྷ་ཡ་ལཾ་ནན། ཨ་བྷི་ཥིཉྩྨ་མཾ། འུར་རྡོ་སོགས་ཟོར་རྫས་ཚང་མ་གཏད། དམར་གཏོར་ནི་ངེས་པར་དགོས་པའི་ཡན་ལག་རང་མིན། བྱས་ཀྱང་མི་རུང་བ་ནི་མེད། ཡོད་ཕྱིན་སྐབས་འདིར་འཕེན་དུ་གཞུག་དགོས། །དེ་ནས་རིགས་ཀྱི་བུ་ཁྱེད་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ་ཐོབ་ཀྱིས། དེང་ཕྱིན་ཆད་བསྐྱེད་རྫོགས་བསྙེན་སྒྲུབ་ལེགས་པར་གྱིས་ལ། འདིའི་སྒོ་ནས་དབང་དང་བྱིན་རླབས་དང་། འཆད་ཉན་དང་གདུག་པ་ཅན་ལ་དྲག་པོའི་ཕྲིན་ལས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛོད་ཅིག །ཅེས་བརྗོད། སློབ་མས་འདི་སྐད་ཞུ། དཔའ་བོ་ཆེན་པོའི་བཀའ་བཞིན་དུ། །སེམས་ཅན་དོན་ལ་བརྩོན་པར་བགྱི། ཞེས་པས་ལན་གསུམ་རྗེས་ཟློས་བྱར་བཅུག །སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་། བླ་མ་ལ་འབུལ་གྱི་ཆ་ཤས་ནས་ཀྱང་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ལན་གསུམ། བླ་མའི་སྐུ་ཆུ་ལྷ་ཚོགས་དེར། །ཉ་ལྡང་འདྲ་བསམ་ཡོན་ཕུལ་ལ། །ཞེས་པས། བླ་མ་རྡོ་རྗེ་རྒྱལ་པོའི་སྐུ་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ། འཇམ་དཔལ་ཟིལ་གནོན་ཆེན་པོའི་ལྷ་ཚོགས་སུ་བཞེངས་པའི་སྤྱན་སྔར་ཁྱེད་རང་རྣམས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜྻལ་ཕུལ། ཅེས་གདམས། ཚོགས་ལ་རོལ་ནས་སློབ་མ་རྣམས་གྱེས་སུ་བཅུག །ལས་ཀྱི་རྗེས་སྐབས་དང་བསྟུན་ཏེ་བསྡུ་བར་བྱ། སློབ་དཔོན་གྱིས་ལྷག་གཏོར་བཏང་། ཆད་མདོ་བསྒྲགས། ལྷ་ཚོགས་རྣམས་བསྐུལ་ནས། སྒོ་དབྱེ་ལམ་བསྟན་དང་བཅས། འབྲུ་ནག་གི་གཏོར་ཆེན་ལྕགས་སྡིག་གཏོར་བཟློག་སྐབས་ཀྱི་ལག་ལེན་བཞིན་འཕང་ནས་བསྟན་སྐྱོང་གཏོར་བྲོའི་བར་དང་། རྗེས་ཆོག་ལྷག་ཆད་ཁ་བསྐང་། བརྟན་བཞུགས་ཤིས་བརྗོད་དགེ་བསྔོ་སོགས་བྱ། །ཉིན་ཕྱི་མར་སྐྱབས་སེམས་ནས་བཟུང་ལས་བྱང་གཞུང་བཞིན་བཏང་། བསྙེན་པ་ཅི་ནུས་བྱ། ཚོགས་ལས་ཆད་མདོ་བསྟན་སྐྱོང་གི་བར་དུ་སྒྲུབ་ནས། སྒྲུབ་རྫོགས་རྫས་ཀྱི་དངོས་གྲུབ་བླངས། །ལུས་བསྲུང་རྡུལ་ཚོན་ཆུ་བོར་དོར། །ཅེས་གསུངས་པའི་དང་པོ་དངོས་གྲུབ་ལེན་པ་ལ་རྫས་བཤམ་པ། བགེགས་བསྐྲད་པ། བྱིན་འབེབས་པ། དངོས་གྲུབ་བསྡུ་བ། དངོས་གྲུབ་བསྐུལ་བ། དངོས་གྲུབ་ལེན་པ། མཐར་སྨོན་ལམ་གདབ་པ་སྟེ་རྣམ་པ་བདུན་ལས། དང་པོ་ལ། དངོས་གྲུབ་ཀྱི་རྫས་འབྲང་རྒྱས་དང་། ཤ་ ཟན་ ཚེ་གལ་སོགས་སྔར་ནས་བཤམས་ཟིན་པ་དང་། གཞན་ཡང་ཚེ་རིལ། ཚེ་ཆང་། མར། འཁུར་བ། ཐུད། འོལ་གོན། འབྲས། ཞོ། བུ་རམ། ལ་དུ། ཤིང་ཐོག་སོགས་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་བཤམས་ནས། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་སྒྲུབ་པ་པོ་རྣམས་དཀྱིལ་འཁོར་ཆེན་པོའི་མཐའ་བསྐོར་དུ་འཁོད་བཞིན་པས། གཉིས་པ། བགེགས་བསྐྲོད་པ་དང་གསུམ་པ་བྱིན་འབེབས་པ་གཉིས་ལས་བྱང་ལྟར་བྱས་རྗེས། བཞི་པ་དངོས་གྲུབ་བསྡུ་བ་ནི། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཉི་དཀྱིལ་ལ་ཨོཾ་དཀར་པོའི་མཐར་ཨེ་ཀ་ཡ་མ་ཧེ་དུན་སོགས་སྐུའི་སྙིང་པོས་བསྐོར་བ། སྦྱོར་ཡུམ་གྱི་ཐུགས་ཀར་ཛཿརང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། སྦྱོར་ཡུམ་གྱི་ཐུགས་ཀའི་ཛཿལ་ཕོག །དེ་ལས་འོད་འཕྲོས་ཡབ་ཀྱི་ས་བོན་ལ་ཕོག་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས། ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། དེ་རྣམས་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་ཐིམ་པའི་མོས་པས། སྐུའི་སྙིང་པོ་ལ་ཀཱ་ཡ་བཛྭ་སརྦ་སིདྡྷི་ཧཱུྃ་ཧཱུྃ་བཏགས་པ་ཅི་མང་བཟླ། དེ་བཞིན་དུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལའང་རིགས་བསྒྲེས་ཏེ་སྦྱར། དེ་ཡང་ཡབ་ཀྱི་ཐུགས་ཀར་ས་བོན་ཨཱ་ཧཱུྃ་ཏྲཱྃ་སྲཱིཿརྣམས་ཁ་དོག་དམར་མཐིང་སེར་ལྗང་རང་འོད་འཕྲོ་བ་སྔགས། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག །ེ་མྱགས་ཡ་རྔུབས། ེ་ཐུང་། ེ་རིང་། བྱིན་རླབས་བསྡུ་རྒྱུ་གསུང་། ཐུགས། ཡོན་ཏན། ཕྲིན་ལས་ཀྱི་བྱིན་བཅུད་བསྡུས་ནས་ཐུགས་ཀའི་ས་བོན་སྔགས་བཅས་དང་། གཙོ་འཁོར་ཡོངས་རྫོགས་བདག་དང་རྟེན་རྫས་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པར་མོས་པས། སོ་སོར་བསྙེན་པ་ཡང་ཅི་རིགས་པ་བཟླ། ཕྲིན་ལས་དྲག་པོའི་སྐབས་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་གདོན་བགེགས་གནོད་བྱེད་དྲེགས་པ་ཅན་རྣམས་བསད་གཏུབས་ཐལ་བར་བཏང་ནས་དེ་དག་གི་ཚེ་བསོད་དབང་ཐང་ཀླུང་རྟ་དང་། ཡེ་ཤེས་ལྷའི་བྱིན་རླབས་ཆབས་ཅིག་ཏུ་འདུས་ཐིམ། དྲག་པོའི་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པའི་མོས་པ་བྱ། ཚེ་བུམ་དང་ཚེ་རྫས་བསང་སྦྱངས། སྟོང་པའི་ངང་ལས་ཟིལ་གནོན་ལྷ། །དམར་པོ་མཉམ་གཞག་ཚེ་བུམ་ཅན། །ཐུགས་ཀར་ནྲྀ་ལས་ེ་རིང་གསུམ། །དྲག་བཟླས་འོད་ཀྱིས་སྣོད་བཅུད་བཞུས། །ཚེ་ལྷར་འདུས་པས་ཚེ་ཡི་ལྷས། །ནྲྀ་ལ་དབང་བསྐུར་བྷྲཱུྃ་གྱིས་སྲུང་། །ཧཱུྃ་གིས་རྡོ་རྗེའི་དྲྭ་མིག་བསྡམས། །ེ་ེ་ེ་ཡ་མ་ནྲྀ་བྷཱུྃ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཧཱུྃ་བཏགས་པ་བརྒྱ་རྩ་བཟླས། བརྟན་གཡོ་འཁོར་འདས་སྣོད་བཅུད་ཀྱི་ཚེ་སྲོག་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཚེའི་རང་བཞིན་དུ་བསྡུས་ནས་ཐིམ་པར་མོས། ཕྱི་སྣོད་ནང་བཅུད་ཐམས་ཅད་སེམས། །འཇིག་རྟེན་དྲེགས་པ་ཡབ་ཡུམ་ཐིམ། །ཡབ་ཡུམ་སྔགས་བཅས་ཧཱུྃ་ལ་བསྡུ། །ཧཱུྃ་བཅས་དངོས་གྲུབ་རྫས་ལ་བསྡུ། །རང་གི་ལུས་ངག་ཡིད་ལ་ཐིམ། །ཞེས་བརྗོད། ལྔ་པ་དངོས་གྲུབ་བསྐུལ་བ་ནི། ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་ལྔའི་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་ཆད་ལ་སོགས་པ། །མི་མཐུན་གནོན་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞི་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བརྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་པའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུའི་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཧཱུྃ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོ། །ཛ྄བ་བསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐང་ཟིན་གྱིས། །བསྒྲུབ་པའི་ཞག་གྲངས་ཚང་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅའ་མ་བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ལན་གསུམ་བརྗོད། །དེ་ནས་དངོས་གྲུབ་ལེན་པ་ནི། །སྒྲུབ་པོ་རྣམས་དངོས་གྲུབ་ཀྱི་རྫས་ལག་ཏུ་ཐོགས་ནས། དཔྲལ་བར་གཏུག་སྟེ། ཧཱུྃ དམ་ཚིག་ཆེན་པོའི་ཚུལ་སྟོན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །གདོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨོཾ། མགྲིན་པར་གཏུག་ལ། ཧཱུྃ དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཝཱཀྐ་སིདྡྷི་ཨཱཿ སྙིང་གར་གཏུག་ལ། ཧཱུྃ དམ་ཚིག་ཆེན་པོའིྎ འདིར་གཤེགསྎ ཐུགས་ཀྱི་དབངྎ འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། ཨོཾ་ཡ་མཱནྟ་ཀ་ཙིཏྟ་སིདྡྷི་ཧཱུྃ། གནས་གསུམ་དུ་གཏུག་ལ། ཧཱུྃ དམ་ཚིག་ཆེན་པོའིྎ འདིར་གཤེགསྎ རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །དུག་གསུམ་ནད་གདོན་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་སརྦ་སིདྡྷི་སྲཱིཿ སྨན་མཆོད་འབུལ་བ་ནི། ལས་བྱང་གཞུང་བཞིན་བྱིན་བརླབས་ནས། །མཐེབ་སྲིན་གྱིས་འཐོར་བཞིན་དུ། ཕྱག་རྒྱ་ཟིལ་གནོན་འཇམ་དཔལ་གཤིན་རྗེ་དང་། །ཤྲཱི་སིངྷ་པཎ་ཆེན་ཞི་བའི་ཞབས། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། །རྒྱལ་པོ་ནོར་འཛིན་གནུབས་ཆེན་རྡོ་རྗེ་འཆང་། །གཏེར་སྟོན་ཞང་ཁྲོམ་དྷརྨ་ཀཱིརྟི་དཔལ། །སྨན་མཆོདྎ སརྦ་པཉྩྨྎ གནུབས་སྟོན་བྱ་བྲལ་སྐལ་ལྡན་རྡོ་རྗེ་རྒྱལ། །ཆོས་ཀྱི་རྒྱལ་མཚན་གུ་རུ་མཆོག་ལྡན་ལ། །སྨན་མཆོདྎ སརྦྎ རྒྱལ་མཚན་ལྷུན་གྲུབ་ཚེ་བདག་བཀྲ་ཤིས་དང་། །ཀུན་མཁྱེན་པད་དཀར་མཆོག་གཟིགས་ལྷ་རྩེའི་ཞབས། །སྨན་མཆོདྎ སརྦྎ དཔག་བསམ་དབང་པོ་ཡོངས་འཛིན་ཀུན་དགའི་མཚན། །ཆོས་ཀྱི་དབང་ཕྱུག་ཆོས་རྒྱལ་དཔལ་བཟང་པོར། །སྨན་མཆོདྎ སརྦྎ ཆོས་ཀྱི་རྒྱལ་པོ་ཕྲིན་ལས་འགྲོ་འདུལ་རྩལ། །དྲིན་ཆེན་བླ་མ་ངག་དབང་བདེ་ཆེན་ལ། །སྨན་མཆོདྎ སརྦྎ གཞན་ཡང་བཀའ་གཏེར་བརྒྱུད་པའི་བླ་མ་དང་། །འཇམ་དཔལ་ཟིལ་གནོན་དཀྱིལ་འཁོར་ལྷ་ཚོགས་ལ། །སྨནྎ སརྦྎ དཔའ་བོ་མཁའ་འགྲོ་ཆོས་སྲུང་གཏེར་སྲུང་དང་། །གནས་བདག་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ་ནས། འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་དཔོན་སློབ་རྣམས་ལ་ད་ལྟ་ཉིད་དུ་སྩལ་ནས། སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་གསོལ་བ་བཏབ་པས་དངོས་གྲུབ་གནང་བར་བསམས་ནས། རྫས་རྣམས་ལ་རོལ་ལོ། །བདུན་པ་སྨོན་ལམ་གདབ་པ་ནི། འདི་ལྟར་བསགས་པའི་ལེགས་བྱས་མཐུས། །བདེ་གཤེགས་སྲས་བཅས་ཐམས་ཅད་དང་། །ཁྱད་པར་འཇམ་དཔལ་ཞི་ཁྲོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་བརྗོད། །གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ནས། ཡིག་བརྒྱ་ཅི་མང་བརྗོད། གཉིས་པ་ལུས་བསྲུང་བ་ནི། སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་ཟིལ་གནོན་དུ་ལུས་དཀྱིལ་མངོན་རྟོགས་བཞིན་སྒོམ་ནས། ཅིས་ཀྱང་མི་ཤིགས་མི་ཚུགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ནི། །ཐམས་ཅད་དུ་ནི་རྒྱས་པར་གནས། །ཨོཾ་བཛྭ་རཀྵ་ཧཱུྃ། རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བཀའ་ནན་བྱས་པས། ལུས་ཐམས་ཅད་རྡོ་རྗེ་རྒྱ་གྲམ་གྱི་གོ་ཆས་གཏམས་པར་བསམ་ཞིང་། ལུས་བསྲུང་དངོས་ནི་འདི་སྐད་དོ། །མིང་དང་མཚན་མ་མ་གྲུབ་པས། །མི་གནས་མི་འབྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་ཀྱི་བསྲུང་བ་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ཨོཾ་རཀྵ་མཎྜྻལ་ཧཱུྃ་ཕཊ། དེ་ནས་ཕྱི་རོལ་ཏུ་སོང་ལ། རྒྱལ་པོ་སྡེ་བཞི་དང་། སྒོ་བྱང་ལ་བསྐྱེད་པའི་ཁྲོ་བོ་གཉིས་དང་བཅས་པར་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་སྔར་སྟ་གོན་གྱི་སྐབས་བཞིན་དུ་བྱས་ལ། ཡེ་ཤེས་པ་བྱང་བུ་ལ་བརྟན་བཞུགས་བྱ་བའམ། ཡང་ན་གཤེགས་གསོལ་བྱས་ཏེ་བྱང་བུ་རྣམས་བཀྲོལ། ནང་དུ་འོང་ནས་དཀྱིལ་འཁོར་ཆེན་པོའི་མཐའ་སྐོར་དུ་སྒྲུབ་པ་པོ་མཆེད་ལྕམ་རྣམས་ཕན་ཚུན་ལག་བསྣོལ་མར་མར་མེ་རེ་འཛིན་བཞིན་དུ་འཁོད་ལ། སྟོན་པ་རྡོ་རྗེ་རྒྱལ་པོས། དབྱངས་སྙན་པོ་དང་བཅས་ཏེ་དྲངས་པའི་རྗེས་ཟློས་གཞན་དག་གིས་ཀྱང་བྱས་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་སྨོན་ལམ་འདི་ལྟར་གདབ་བོ། ཧཱུྃ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིང་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་སྐད་ཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །ཟིལ་གནོན་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །དེ་ནས་དཀྱིལ་འཁོར་མཐའི་ཁྲོ་བཅུའི་ཕུར་པ་མ་གཏོགས། གཞན་དཀྱིལ་འཁོར་དབུས་ཀྱི་སྒྲུབ་རྫས་སྐུ་གསུང་ཐུགས་རྟེན་དང་། དཀྱིལ་འཁོར་གྱི་རྒྱན་བཀོད་ཐམས་ཅད་བསྡུས་ནས། སློབ་དཔོན་གྱིས། ཨོཾ་བཛྭ་ཀཱི་ལ་ཡ་ཨུཏ་ཀཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྭ་དྷཱ་རོཏ་ཨཛྙྱཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཧཱུྃ་བཞི་པའི་སྔགས་བཟླ་ཞིང་། རྐང་པ་གཡོན་བརྐྱང་དང་། ལག་པ་སྐམ་པའི་རྒྱས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་གོ་ལྡོག་ཏུ་ཕྱུངས་ཏེ། ཨོཾ་རུ་རུ་ཀྵྨྱཀྵྭ་རུ་ཛྷ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཕུར་ཁུང་ལའང་གཏོར། དེ་ནས་དཀྱིལ་འཁོར་རས་བྲིས་ཡིན་ན། འདིར་གཟུགས་སོགས་ཀྱིས་བརྟན་ཞུགས་བྱས་ལ་མེ་ཏོག་འཐོར་ནས་བསྡུ། རྡུལ་ཚོན་ཡིན་ན་སློབ་དཔོན་གྱིས་ཨ་ཀཱ་རོའི་སྔགས་བཟླ་བཞིན་དུ་ཕྱག་མཚན་རྡོ་རྗེས། དབང་ལྡན་གྱི་རྩིག་པ་ནས་བརྩམས་ཏེ་ལྟེ་བའི་བར་བསྐོར་བས་རེ་ཁཱ་གསུམ་འཐེན་ཅིང་ལྷ་མཚན་ནས་ཅུང་ཟད་བླངས་པ་མགོ་བོར་བཀོད། ལྷག་མ་འཕྱག་པ་སྣོད་དུ་བླུག །དྲི་བཟང་གི་ཆུས་ཐིག་རྣམས་ཀྱང་མཐའ་ནས་རིམ་བཞིན་བསྲུབ་ལ། བཀྲ་ཤིས་ཀྱིས་མཐའ་བརྒྱན། གསུམ་པ་རྡུལ་ཚོན་ཆུ་བོར་འདོར་བའང་དཀྱིལ་ཆོག་སྤྱི་ལྟར་ཤེས་པར་བྱའོ། །ཐོས་པ་ཉུང་ཞིང་སྦྱངས་པའི་མཐུ་ཆུང་བ། །ཁོ་བོ་བློ་གྲོས་ཕྱེ་མ་ལེབ་ལྟ་བུ། །པད་གནུབས་དགོངས་པ་ནམ་མཁའི་ཕ་མཐའ་དང་། །ཀུན་མཁྱེན་ཆེ་དེའི་གསུང་གསང་རྒྱ་མཚོའི་དཀྱེལ། །གཞལ་བའི་མཐུ་ཀོ་ཚད་མས་ཅི་སྟེ་དམིགས། །དེ་ལྟ་མོད་ཀྱི་དུས་གསུམ་རྒྱལ་བས་ཀྱང་། །བསྐྲུན་དུ་མེད་པའི་བཀའ་དྲིན་མཛད་པ་པོ། །བླ་མ་མཆོག་གི་བཀའ་སྩལ་བདག་རྗེས་བསྒྲུབ། །འདི་ལ་རྨོངས་པས་བསླད་པའི་འཁྲུལ་བགྱིས་གང་། །བླ་མ་ལྷར་བཅས་མགོན་པོའི་སྤྱན་སྔར་འཆགས། །དང་པོའི་ལས་ཅན་བྱིས་པ་མི་མཁས་པ། །རང་དང་སྐལ་མཉམ་ཚེགས་མེད་འཇུག་བདེ་ཞིང་། །ལག་ལེན་གསལ་བྱེད་དྲན་པའི་གསོས་ཐེབས་ཕྱིར། །བརྗེད་བྱང་ཙམ་དུ་འགྱུར་བ་འདིའི་དགོས་པ། །ཁྱད་པར་བླ་མའི་བཀའ་བཞིན་བསྒྲུབ་པའི་དགེས། །འགྲོ་ཚོགས་འཇམ་དཔལ་རྡོ་རྗེའི་ས་ཐོབ་ཤོག །ཅེས་པ་འདིའང་བཀའ་དྲིན་མཚུངས་མེད་འཁོར་ལོའི་མགོན་པོ། ༧ སྐྱབས་མགོན་ཡོངས་སུ་འཛིན་པ་ཆེན་པོ་མི་ཕམ་འཇམ་དཔལ་དཔའ་བོའི་ཞབས་པད་ནས་འདི་བཞིན་འཕྲལ་དུ་སྦྱོར་ཞིག་ཅེས་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། བཀའ་འབངས་པ་བསྟན་འཛིན་ཆོས་ཀྱི་ཉི་མས་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་གཙུག་ལག་ཁང་དུ་སྦྱར་བས་སེམས་ཅན་ཐམས་ཅད་བླ་མེད་སྐུ་བཞིའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

བླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་།

བླ་མ་དྲག་པོའི་ལས་བྱང་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །གཟུགས་ཀྱི་ཞུད་དང་དྲགས་སྔགས་བསྒྲགས་པའི་གཟིས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་། །དྲེགས་པ་ལས་འཁོར་ཁྲོ་བོ་འདུས་པའི་ལྷ། །བླ་མ་དྲག་པོར་ཕྱག་བྱས་ལས་བྱང་བྲི། །མངོན་པར་བསྔགས་པའི་གནས་སུ་ཡོ་བྱད་ཚང་བས་བདེ་བའི་སྟན་ལ་འདུག་སྟེ། ན་མོ བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །བླ་མ་སངས་རྒྱས་འགྲུབ་གྱུར་ནས། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ། ཞེས་ལན་གསུམ་བརྗོད་ནས། བགེགས་ལ་གཏོར་མ་གཏོར་བ། ཡཀྵ་མེ་དབལ་དུ་མོས་ལ། ཧཱུཾ ང་ནི་ཡཀྵ་མེ་དབལ་ཏེ། །པདྨ་དབང་གི་ཕོ་ཉ་བ། །བར་ཆད་བྱེད་པའི་བགེགས་ཐམས་ཅད། །རྒྱ་མཚོའི་མཐའ་ལ་སྐྲོད་པར་འོངས། །སུ་ཞིག་ང་ཡི་ཚིག་འདའ་བ། །དེ་ཡི་ལུས་སེམས་རྡུལ་དུ་རློག །དེ་འདྲའི་ཉེན་ལ་མ་སྡོ་བར། །འདོད་པའི་མཆོད་སྦྱིན་འདི་ཁྱེར་ལས། །ཁོར་ཡུག་རི་བོའི་སྐྱོབས་ལ་བྲོས། །ཨོཾ་ཨཱཿཧཱུཾ་ཡཀྵ་རཀྴ་ཧཱུཾ། ཞེས་བསྐྲད། མཚམས་བཅད་པ་ནི། ཧཱུཾ ཆོས་ཀུན་ཡེ་དག་ཡེ་རྫོགས་ལ། །བདུད་དང་ལོག་འདྲེན་གདོན་བགེགས་ཅི། །གློ་བུར་རྐྱེན་གྱིས་ཅི་བཟོས་ཀྱང་། །ཀ་དག་དབྱིངས་ལས་ག་ཡོས་པ་མེད། །ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུཾ། སྙིང་ཁ་ནས་འོད་ཟེར་འཕྲོས་སློབ་དཔོན་པདྨ་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཧཱུཾ མཆོག་གསུམ་འདུས་པར་ཕྱག་འཚལ་མྱུར་པོའི་རླངས། །ཀུན་བཟང་མཆོད་སྤྲིན་ཆེར་ཆགས་སྡིག་བཤགས་པའི། །ཆར་རྒྱུན་ལ་འཐུངས་ཡིད་མཚོར་ཆོས་ཀྱི་ཀླུང་། །འབེབས་ཕྱིར་སྲིད་པར་བཞུགས་ཞེས་ཁྱོད་ལ་སྨོན། །ལྷ་ཚོགས་དེ་དག་རང་གི་སྤྱི་བོར་ཐིམ། །ལུས་ནི་འོད་ཞུ་ཧཱུཾ་དམར་འོད་འཕྲོ་བ། །ཡས་མཐའ་སངས་རྒྱས་མས་མཐའ་དམྱལ་བའི་བར། །ཀུན་ལ་འཕོག་པས་མཆོད་སྦྱངས་དེ་རྣམས་ཞུ། །བྱིན་རླབས་ནུས་པ་རྣམ་ཤེས་དབང་བསྡུས་ཤིང་། །སླར་ཡང་འོད་དམར་མཚོན་ཆའི་དབྱིབས་ཚ་བས། །སྡེ་བརྒྱད་ཉལ་ཉལ་གཏུབས་ཤིང་གཞོབ་ཏུ་བསྲེགས། །མཐུ་རྩལ་སྟོབས་རྣམས་བདག་ལ་ཐིམ་པ་ཡིས། །སྲིད་གསུམ་ཟིལ་གནོན་དྲེགས་པ་ལས་ལ་འཁོལ། །ཧཱུཾ ཧཱུཾ་ཡིག་དེ་ལས་ཨེ་ཡཾ་རཾ་ར་སུཾ། །ཀེཾ་དང་བྷྲཱུཾ་རྣམས་རིམ་བཞིན་ཆད་པ་ལས། །ཨེ་ལས་ཆོས་འབྱུང་གྲུ་གསུམ་འབར་བའི་དབུས། །ཡཾ་ལས་འཐོར་བྱེད་རླུང་གི་ཟླ་གམ་སྟེང་། །རཾ་ལས་མེ་དཀྱིལ་དམར་ནག་གྲུ་གསུམ་འབར། །ར་ལས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག །སུཾ་ལས་དུར་ཁྲོད་ས་གཞི་འཇིགས་སུ་རུང་། །ཀེཾ་ལས་ཀེཾ་རུས་རི་རབ་གྲུ་བཞིའི་སྟེང་། །བྷྲཱུཾ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་བམ་རིལ་བརྩིགས་པའི་མཁར། །གྲུ་བཞི་སྒོ་བཞི་རྟ་བབས་དག་དང་ལྡན། །ཞིང་ཆེན་ཀ་བ་མཆོག་གི་དྲལ་བཀྲབ་ནས། །ལྷ་ཆེན་ཚངས་པ་ཕོ་མོ་གདུང་མར་བྲེས། །ཤ་ཆེན་ནག་ལེབ་ཞིང་ལྤགས་བླ་རེར་བྲེས། །ཐབས་དང་ཤེས་རབ་ཉི་ཟླའི་སྐར་ཁུང་བཏོན། །ཟུར་བཞིའི་སྟེང་ན་ཞིང་འཕན་འབར་བ་ཕྱར། །ནང་དུ་གསེར་གྱི་འཁོར་ལོ་རྩིབས་བཅུའི་དབུས། །ཉི་ཟླ་དྲེགས་པ་ཕོ་མོའི་གདན་ཁ་ན། །ཧཱུཾ་ཡིག་འོད་ཞུ་པདྨ་ཐོད་འཕྲེང་རྩལ། །སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་རྔམ་རྗིད་ཁྲོ་བོའི་སྐུ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ལས། །ཧཱུཾ་དགུ་རཾ་དགུ་བསྐལ་པའི་མེ་འབར་བ། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རབ་གསོར་བས། །གདུལ་དཀའ་དྲེགས་པའི་ཚོགས་རྣམས་རྡུལ་དུ་རློག །ཕྱག་གཡོན་ལྕགས་ཀྱི་སྡིག་པ་མགོ་དགུ་པ། །མེ་དཔུང་འཚུབ་ཅིང་ཞལ་གདངས་སྤྱན་དམར་འཁྲུག །རྒྱལ་འགོང་སྲོག་བདག་དམ་སྲི་ཕོ་མོ་ཡི། །སྙིང་ཁྲག་འཇིབ་ཅིང་སྙིང་ཟ་རྩད་ནས་གཅོད། །སྐྱེ་དང་འཆི་བ་བདུད་བཞི་འཇོམས་པའི་ཕྱིར། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་སྒྲོག །སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །སྲེག་བྱེད་མེ་སྟག་འོད་ཀྱི་ཚ་ཚ་འཕྲོ། །གང་དག་ཉམས་པའི་གཟུགས་ཕུང་ཐམས་ཅད་སྲེག །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །གླང་ཆེན་སྟོད་གཡོགས་སྟག་གིས་སྐུ་སྨད་ཀླུབས། །མི་མགོའི་དོ་ཤལ་སྦྲུལ་ཆེན་བརྒྱད་ཀྱིས་དཀྲིས། །ཞིང་ཆེན་རྐེད་བསྣམས་ཁྲག་ཞག་ཐལ་ཆེན་བརྒྱན། །རུས་པའི་རྒྱན་ལྔ་རིན་ཆེན་རྒྱན་ཆས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་དྲེགས་པ་ཕོ་མོ་བརྫིས། །གཟི་བརྗིད་ཆེན་པོས་དྲེགས་པ་ཐམས་ཅད་གཟིར། །སྟེང་རྩིབས་ཧཱུཾ་མཛད་ཤར་ནས་གཡས་སྐོར་དུ། །རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་མི་གཡོ་བ། །རྟ་མགྲིན་གཞན་གྱིས་མི་ཐུབ་བདུད་རྩི་དང་། །ཁམས་གསུམ་རྣལ་རྒྱལ་འོག་ཏུ་སྟོབས་པོ་ཆེ། །ཀུན་ཀྱང་མཐིང་ནག་ཐོ་བ་ལྕགས་ཀྱུ་བསྣམས། །དུར་ཁྲོད་ཆས་བརྒྱན་བརྐྱང་བསྐུམ་གདོན་རྣམས་བརྫིས། །རང་འདྲའི་སྤྲུལ་པ་འགྱེད་ཅིང་མེ་དབུས་བཞུགས། །འཁོར་ཡུག་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །སྤྲུལ་པའི་གིང་ཆེན་ལྷ་སྲིན་སྡེ་བརྒྱད་རྣམས། །ཁྲོ་གཏུམ་འཇིགས་པ་སྣ་ཚོགས་གཟུགས་འཆང་བ། །གཙོ་བོའི་དཔྲལ་བར་འཁོར་ལོར་གཤིན་རྗེ་གཤེད། །ཕྱག་གཡས་ཤེས་རབ་རལ་གྲི་ཀླད་ལ་སྐོར། །མགྲིན་པར་པད་འདབ་བཞི་ལ་རྟ་མགྲིན་དམར། །ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་ནམ་མཁར་འཕྱར། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་ནང་དུ། །དྲེགས་པ་ཕྱག་རྡོར་ཕྱག་གཡས་རྡོ་རྗེ་འཕྱར། །ཀུན་ཀྱང་གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད། །གསང་གནས་ཡཀྴ་མེ་དབལ་སྨུག་ནག་ནི། །ཐོ་བ་འཕྱར་ཞིང་མེ་ཞགས་ཐུགས་ཁར་འཛིན། །དེ་ཐུགས་གནམ་ལྕགས་སྡིག་སྣང་བཞི་ཀ་ཡང་། །ཞབས་གཉིས་བརྐྱང་བསྐུམ་དཔལ་གྱི་ཆས་ཀྱིས་བརྒྱན། །ལྟེ་བར་ཆོས་འབྱུང་པདྨ་རོ་གདན་ལ། །རྡོ་རྗེ་ཕག་མོ་གྲི་ཐོད་ཁ་ཊྶཱཾ་བསྣམས། །གཅེར་བུ་ཕྱག་རྒྱ་ལྔ་དང་ཐོད་པའི་འཕྲེང་། །མགོ་བོའི་དོ་ཤལ་རིགས་བཞིའི་མཁའ་འགྲོས་བསྐོར། །གཙུག་ན་བྱ་ཁྱུང་མཐིང་ནག་མེ་གཤོག་ཅན། །གནམ་ལྕགས་མཆུ་སྡེར་ཀླུ་བདུད་ཟས་སུ་ཟ། །རིགས་བཞིའི་ཁྱུང་ནས་གྲངས་མེད་སྤྲུལ་པ་འགྱེད། །དེའི་སྤྱིར་ཉི་ཟླའི་གདན་ལ་ཐོད་འཕྲེང་རྩལ། །རིགས་ལྔ་སྐུ་ལ་རིན་ཆེན་རུས་པས་བརྒྱན། །ཟ་འོག་སྨུག་བེར་ཤ་བའི་སྙན་ཞུ་གསོལ། །རྒོད་ཀྱི་རྩེ་རྒྱལ་དར་གྱི་ཅོད་པན་འཕུར། །ཐོད་དབྱུག་མཆན་བཅུག་སྐྱིལ་ཀྲུང་འགྱིང་བག་ཅན། །འཛུམ་ཞལ་ཡུམ་རྣམས་གྲི་ཐོད་བསྣམས་ནས་འཁྱུད། །གཅེར་བུ་རུས་རྒྱན་མཉམ་སྦྱོར་བདེ་བའི་ཉམས། །ཁོར་ཡུག་བླ་མ་མཁའ་འགྲོའི་ཚོགས་ཐམས་ཅད། །གླུ་ལེན་གར་བྱེད་བྲོ་རྡུང་མཛད་པས་བསྐོར། །དེ་ནས་རོལ་མོ་དབྱངས་སྙན་གྱིས། ཧཱུཾ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས། །དྲེགས་པ་འདུལ་མཛད་པདྨ་ཐོད་འཕྲེང་སྐུ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །འགྲོ་བ་སེམས་ཅན་དོན་ལ་སྐུ་བཞེངས་འཚལ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཀློངས་ནས་བཞེངས། །ཞེ་སྡང་ཀེང་རུས་འཁྲོལ་བའི་དབུས་ནས་བཞེངས། །གཏི་མུག་ཤ་ཆེན་སྤུངས་པའི་དཀྱིལ་ནས་བཞེངས། །འབར་བ་རླུང་དུད་འཚུབ་པའི་ཁྲོད་ནས་བཞེངས། །དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་ན། །དགྲ་བགེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ། །དྲེགས་པ་བཅོ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ། །བར་ཆད་ཆོ་འཕྲུལ་ཟློག་ཕྱིར་གཤེགས་སུ་གསོལ། ཞེས་པདྨ་འོད་ཀྱི་གཞལ་ཡས་ནས་སྤྱན་དྲངས། ཧཱུཾ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་སུ། །དམ་སྲི་ཕོ་མོ་བསྣོལ་བའི་ཁྲི་སྟེང་སུ། །འཇིགས་བྱེད་ཆེ་མཆོག་པདྨ་འབྱུང་གནས་སྐུ། །འཁོར་དང་བཅས་པ་བརྟན་པར་བཞུགས་སུ་གསོལ། །ཧཱུཾ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ། །ལྷ་སྲིན་དྲག་པོ་འདུལ་བའི་ལས་མཛད་པ། །འཁོར་དང་བཅས་ལ་དད་པས་ཕྱག་འཚལ་ལོ། །ཧཱུཾ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཐམས་ཅད། །བསྒྲལ་བའི་ཤ་ཁྲག་རུས་པ་མཆོད་པར་འབུལ། །ཛཿཧཱུཾ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཀྱཻ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །མྱ་ངན་མི་འདའ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ །འགྲོ་མགོན་བླ་མ་མཆོག་ལ་སྐྱབས་སུ་མཆི། །བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ཏུ་གསོལ། །སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་འཕྲེང་རྩལ། །གསུང་མཆོག་འགག་མེད་པདྨ་ཐོད་འཕྲེང་རྩལ། །ཐུགས་མཆོག་སྒྲིབ་མེད་བཛྭ་ཐོད་འཕྲེང་རྩལ། །ཡོན་ཏན་ཀུན་རྫོགས་རཏྣ་ཐོད་འཕྲེང་རྩལ། །འཕྲིན་ལས་ཐོགས་མེད་ཀརྨ་ཐོད་འཕྲེང་རྩལ། །གསང་མཚན་ལྔ་དང་ལྡན་ལ་ཕྱག་འཚལ་བསྟོད། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཀྱཻ གུ་རུ་རིགས་ལྔ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྗེས་འཇུག་དད་མོས་རྣལ་འབྱོར་བདག་ཅག་གི །ལུས་ལ་བརཏལ་བཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །བུདྡྷ་གུ་རུ་ཨཱ་ཡུ་ཥེ་ཨོཾ། བཛྭ་གུ་རུ་ཨཱ་ཡུ་ཥེ་ཧཱུཾ། རཏྣ་གུ་རུ་ཨཱ་ཡུ་ཥེ་ཏྲཱཾ། པདྨ་གུ་རུ་ཨཱ་ཡོ་ཥེ་སྲཱིཿ། ཀརྨ་གུ་རུ་ཨཱ་ཡུ་ཥེ་ཨཱཿ། ཐོད་འཕྲེང་རིགས་ལྔའི་ཐུགས་ཀའི་འོད་ཟེར་གྱིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །སངས་རྒྱས་བྱང་སེམས་ཉན་རང་མཆོད་ནས་སུ། །དགྱེས་པས་ཞུ་བའི་བདུད་རྩི་སྤྱན་དྲངས་ནས། །སོ་སོའི་སྦྱི་བོར་ཐིམ་ནས་དགའ་བདེ་རྒྱས། །དགའ་བདེ་རྒྱས་པའི་མོད་ལ་རིག་འཛིན་ལྷ། །ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས། །བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་པ་ཡིས། །བདག་རྒྱན་སྤྱི་བོ་བདེ་ཆེན་འཁོར་ལོ་གང་། །ལུས་ཀྱི་དྲི་དག་སྐུ་ཡི་དམ་ཚིག་སྐོངས། །བུམ་པའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ། དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་གང་། །ངག་གི་དྲི་དག་གསུང་གི་དམ་ཚིག་སྐོངས། །གསང་བའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ། །དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་གང་། །སེམས་ཀྱི་དྲི་དག་ཐུགས་ཀྱི་དམ་ཚིག་སྐོངས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཡོངས་རྫོགས་ཐོབ། །དེ་ནས་ལྟེ་བ་སྤྲུལ་སྐུ་འཁོར་ལོ་གང་། །སྒོ་གསུམ་དྲི་དག་སྐུ་གསུམ་དམ་ཚིག་སྐོངས། །ཚིག་གི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ། །རང་ལུས་རྩ་གསུམ་འཁོར་ལོ་རྣམ་པ་ལྔ། །བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བའི་རྒྱན། །ཁྱུང་སྤྱིར་སྣང་མཐའ་སྤྲུལ་སྐུའི་ཆས་ཀྱིས་བཞུགས། །ཨོཾ་ཨཱཿཧཱུཾ་བུདྡྷ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་བཛྭ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་རཏྣ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་པདྨ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་ཀརྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། ཞེས་སྒོམ་ཞིང་དངོས་གྲུབ་དབང་གི་སྙིང་པོ་ཅི་རིགས་བཟླས་སོ། །དེ་ནས་རིགས་ལྔ་གནས་ལྔའི་ཁྲོ་བོར་ཐིམ། །འཁོར་རྣམས་བདག་གི་ལུས་དང་གཉིས་མེད་གྱུར། །ཡང་ཡང་གསལ་བཏབ་ཅིང་བསྒོམ་མོ། །དེ་ནས་མཆོད་རྫས་རྣམས་བསངས་ལ་བྱིན་གྱིས་བརླབ་པ་ནི། །ཨོཾ མཆོད་རྫས་ཀུན་གྱི་མ་དག་དྲི་མ་སྦྱངས། །ཨཱཿམི་མཛད་ནམ་མཁའི་མཆོད་དུ་རྣམ་པར་སྤེལ། །ཧཱུཾ ཀུན་བཟང་མཆོད་སྤྲིན་ཇི་ལྟར་དགྱེས་དེར་སྤར། །ཧོཿཕྱི་ནང་གསང་བ་བླ་མེད་བདུད་རྩིར་ཞུ། །དེ་ནས་ཕྱི་མཆོད་འབུལ་བ། ཧཱུཾ སྲིད་པའི་རྣམ་འཕྲུལ་ལ་བགད་མེ་ཏོག་གི །ཚེམས་འཕྲེང་འོད་ཀྱིས་ནམ་མཁའི་ཁྱོན་འགེངས་ཤིང་། །ཡོངས་འདུ་འཁྲི་ཤིང་སྤོས་སྤྲིན་གཟུགས་གསེར་གྱིས། །བར་སྣང་མ་ལུས་དྲི་བཟང་གཏེར་དུ་སྦས། །དེས་སྐྱོ་ཉིན་མོར་བྱེད་པའི་སྣང་བྱེད་བཟང་། །དཀྱིལ་འཁོར་ལས་འཕོས་ས་ཡི་མར་མེར་འཁྲིལ། །དེས་ཀུན་བསྲེག་དོགས་བྱུག་པའི་ཚད་ཆེན་ནས། །ལྦུ་དཀར་ཤལ་ཅན་ཛཀྵྭའི་བུ་མོ་བྱོན། །ཁ་དོག་རོ་བཅུད་བསིལ་བའི་ཟེར་ཚང་མ། །ཏིང་འཛིན་ཁམ་ཟས་རྒྱུ་སྐར་ཁྲིད་པའང་ཆས། །དེ་དག་དོག་གསེབ་ལྷ་རྫས་རོལ་པོའི་སྤྲིན། །འབྲུག་སྒྲའི་གར་གྱི་ངང་ཚུལ་ལ་ཆགས་དང་། །ས་ལ་དོམ་འོས་མཐུ་ལྡན་རིན་ཆེན་བདུན། །གནམ་ལ་རབ་གྲགས་བཀྲ་ཤིས་རྫས་ཀུན་དང་། །རྒྱ་མཚོར་འཕྱུར་བའི་ཀླུ་དབང་གདེང་ཀའི་རྒྱན། །མ་ལུས་དཀྱིལ་འཁོར་ཆེན་པོའི་ལྷ་ལ་འབུལ། །ཨོཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་སྭཱ་ཧཱ། ནང་མཆོད་འབུལ། ཧཱུཾ ལྷ་མིའི་ཚོགས་གྲྭར་ཡིད་འོང་མཛེས་མའི་གཟུགས། །སྙན་དང་འཇེབས་པའི་ཕ་མཐའ་དེ་གླུའི་སྒྲ། །གསུང་ཞིམ་ངད་པའི་སྙིང་པོ་ལུས་ཀྱི་དྲི། །མྱངས་ཀྱིན་ངོམས་མེད་མ་མཆུ་སྦྲང་གི་རོ། །བདེ་བའི་ཕུལ་ཕྱིན་བྷ་གའི་རེག་བྱ་དང་། །མིག་ལ་བདུད་རྩི་སྒེག་སོགས་ལྷ་མོའི་འགྱིང་། །བསམ་པའི་ཡུལ་མིན་ཀུན་བཟང་སྤྱོད་པའི་གར། །བླ་མ་དྲག་པོ་འཁོར་དང་བཅས་ལ་འབུལ། ཨོཾ་མཧཱ་སུ་ཁ་པཱུ་ཛ་ཧོ། གསང་མཆོད་སྨན་འབུལ་བ། ཧཱུཾ རྩ་བརྒྱད་ཡན་ལག་སྟོང་ལ་སྒྲུབས་པའི་རྫས། །ཛ་གད་ལ་སྒྱངས་ཁ་དོག་འཇའ་ལྟར་བཀྲ། །དྲི་བསུང་ཡོངས་འདུ་ལྗོན་པ་ཞུ་བ་བཞིན། །རོ་བཅུད་ཏིང་འཛིན་ལས་འདྲ་མཆོད་པར་འབུལ། །ཨོཾ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧྀ། རཀྟ། ཧཱུཾ པདྨའི་སྣོད་ནི་ཆོས་དབྱིངས་ནམ་མཁའི་ཁྱོན། །བྷ་གའི་རཀྟ་གཟུང་བ་སྟོང་པའི་བཅུད། །འབྱུང་བའི་རྩི་ཁྲག་འཛིན་པ་རིག་པའི་དཔྱིད། །བསྒྲལ་བའི་དམར་ཆེན་ཟུང་འཇུག་ཆེན་པོས་མཆོད། །མཧཱ་རཀྟ་ཁཱ་ཧི། གཏོར་མ། ཧཱུཾ བརྟན་པའི་འཇིག་རྟེན་ཤེས་རབ་གཏོར་སྣོད་གཞོང་། །གཡོ་བའི་སེམས་ཅན་ཐབས་མཁས་གཏོར་མའི་རྫས། །ཐབས་ཤེས་གཉིས་མེད་གཏོར་ཆེན་སྐྱོན་བྲལ་བ། །ཟག་མེད་བདུད་རྩི་དམ་པར་བཞུ་ནས་འབུལ། །སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄། ཡ་མནྟ་ཀ། ཧ་ཡ་གྲྀ་ཝ། བཛྭ་པཱ་ཎི། ཌཱ་ཀི་ནཱི། ཀ་རུ་ཎ་ཧཱུཾ་ཕཊ྄ཿཨོཾ་བཛྭ་ཡཀྴ་ཧཱུཾ་ཕཊ྄ཿ། ཨི་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཐམས་ཅད་ཀྱི་གཏི་མུག་ཤ་ལ་ཁཱ་ཧི། ཞེས་སྡང་རུས་ལ་ཁཱ་ཧི། འདོད་ཆགས་ཁྲག་ལ་ཁཱ་ཧི། དབང་པོ་ལྔ་ལ་ཁཱ་ཧི། དོན་སྙིང་ལྔ་ལ་ཁཱ་ཧི། དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ། ཧཱུཾ ལྟ་བའི་དགྲ་བགེགས་འབྱུང་པོ་ཀུན་བསྒྲལ་ནས། །གང་ཤར་ཀ་དག་དབྱིངས་སུ་སྦྱོར་བ་ཡི། །མཆོད་པའི་མཆོག་འདི་ཐོག་མཐའ་བར་མེད་ཅིང་། །བདག་མེད་གཞན་བྲལ་མཉམ་ཉིད་ཆེན་པོར་མཆོད། །དེ་ནས་བསྟོད་པ་ནི། ཧཱུཾ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ཚེ། །བདུད་མུན་རླག་བྱེད་དམར་བའི་འོད། །ཚ་ཟེར་བདུན་འགྱུར་ཤར་སྙམ་ནས། །སྲིད་གསུམ་འདར་བར་མཛད་ལ་བསྟོད། །ཧཱུཾ ཤིན་ཏུ་ཁྲོས་ཤིང་རབ་ཁྲོས་ཞལ། །མི་བཟད་མཆེ་གཙིགས་ལྗགས་བསྒྲིལ་རྩེར། །དྲག་པོའི་སྔགས་རྒོད་ཀུན་བསྒྲགས་པས། །དགྲ་བགེགས་གསོད་པར་མཛད་ལ་བསྟོད། །ཧཱུཾ སྤྱན་གསུམ་གཟིར་བའི་ལྟ་སྟངས་དང་། །སྨ་ར་སྨིན་མ་རལ་པ་དང་། །བ་སྤུ་ཁུང་ནས་འབར་བའི་མེས། །བར་ཆད་བགེགས་འདུལ་མཛད་ལ་བསྟོད། །ཧཱུཾ རྡོ་རྗེ་བཅངས་པའི་སྡིགས་མཛུབ་ཀྱིས། །རི་རབ་ཀུན་ཀྱང་འཇིག་བྱེད་དང་། །རྒྱ་མཚོ་ཡོངས་ཀྱི་ལྟོ་བརྟོལ་བས། །དྲེགས་པ་སྤ་བཀོང་མཛད་ལ་བསྟོད། །ཧཱུཾ ཁམས་གསུམ་ཐམས་ཅད་ཤར་མཐོང་ཟ། །སྲིད་གསུམ་ཁྲག་ཀུན་ཧུབ་གཅིག་གིས། །འཐུང་འདོད་སྡིག་པ་མགོ་དགུ་པས། །ལོག་འདྲེན་རླག་པར་མཛད་ལ་བསྟོད། །ཧཱུཾ བ་གླང་ཞིང་དང་སྟག་ལྤགས་བགོས། །ཐོད་འཕྲེང་མགོ་བོའི་ག་ཤ་དང་། །ཕྱག་རྒྱ་སྦྲུལ་དང་ཁྲག་ཞག་ཐལ། །རིན་ཆེན་རྒྱན་འཛིན་མཛད་ལ་བསྟོད། །ཧཱུཾ དྲག་ཤུལ་ཆེན་པོའི་གཟུགས་ཀྱི་ཕྱིན། །མཐོང་ན་ཕལ་ཆེར་ཁྲག་སྐྱུག་པ། །འཇིགས་སུ་རུང་སོགས་གར་ཉམས་ཀྱིས། །འཇིག་རྟེན་འཇིག་པར་མཛད་ལ་བསྟོད། །ཧཱུཾ གཡོན་བརྐྱང་ཞབས་ཀྱིས་དྲེགས་པའི་སྡེ། །ཕོ་བརྒྱུད་མོ་བརྒྱུད་ཀུན་མནན་ནས། །པད་ཉིའི་གདན་ལ་མེ་དཔུང་ནང་། །མངོན་པར་རོལ་པར་མཛད་ལ་བསྟོད། །ཧཱུཾ བདེ་གཤེགས་ཀུན་གྱི་འདུས་པ་ཁྱོད། །ཡིན་པ་ཤེས་ཕྱིར་རྒྱན་གྱི་ལྷ། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་དང་། །ཕག་མོ་མེ་དབལ་བསྟན་ལ་བསྟོད། །ཧཱུཾ སྟེང་གི་ལྷ་དང་འོག་གི་ཀླུ། །བར་གྱི་གདུག་པ་ཀུན་གྱི་གཤེད། །ཁྱུང་ནག་ཉིད་དང་དབང་དགུག་ལྷ། །རིགས་བདག་རྔོམ་བརྗིད་མཛད་ལ་བསྟོད། །ཧཱུཾ ཕྱོགས་བཅུ་འཇིག་རྟེན་གདོན་གཟིར་བར། །ཉིད་སྤྲུལ་ཁྲོ་བོའི་རྒྱལ་པོ་བཅུ། །མཁའ་འགྲོ་ཆོས་སྐྱོང་གིང་གི་ཚོགས། །ཀུན་ནས་སྐོར་བར་མཛད་ལ་བསྟོད། །དེ་ནས་མན་ངག་བཞིན་དྲེགས་པའི་སྙིང་གར་ཉི་མ་ལ་ཧཱུཾ་གི་མཐའ་མར། ཨོཾ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄ཿ། ཡ་མནྟ་ཀ། ཧ་ཡ་གྲཱི་ཝ། བཛྭ་པཱ་ཎི། ཌཱ་ཀི་ནི། ཀ་རུ་ཎ་ཧཱུཾ་ཕཊ྄ཿ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུཾ་ཕཊ྄ཿ། ཨོཾ་བཛྭ་ཡཀྴ་ཧཱུཾ་ཕཊ྄ཿ། གནོད་བྱེད་སརྦ་མཱ་ར་ཡ་ཧཱུཾ་ཕཊ྄ཿ། མགལ་མེ་འཁོར་བ་ལྟ་བུ་ལས་ཡཀྴ་མེ་དབལ་ནམ་མཁའ་གང་བར་སྤྲོས། གནོད་བྱེད་ཐམས་ཅད་གསད་གཅད་གཏུབས། བདག་དང་རྒྱན་གྱི་ལྷ་ཐམས་ཅད་ལས་འཕྲོས་པའི་མེ་དཔུང་གིས་བདག་གི་སྡིག་སྒྲིབ་བསྲེགས། ལུས་ངག་ཡིད་བདེ་བར་ལྡན་པ་དང་། རས་དེའི་མི་དང་གསེར་གྱི་འཁོར་ལོ་རྩེ་བསྣོལ་བའི་བར་དུ། དགྲ་བགེགས་ཀྱི་སྐྱེ་ཕྲུལ་ལུ་ལུ་གཅོད་པར་བསམ་ལ་བཟླས་སོ། མཐར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ནས་སྟོང་པ་ཉིད་ལ་གཞུག །ཡང་དེ་ལས་སྐད་ཅིག་གིས་ལྷར་ལངས་ཏེ་སྤྱོད་ལམ་དང་བྱ་བ་ལ་འཇུག་གོ །དགེ་བའི་རྩ་བ་སྤྱི་མཐུན་བསྔོའོ། སྟོད་ལས་སོ། དེ་ནས་ཚོགས་བཤམས་ཏེ་བསངས་ནས། ཧཱུཾ རཾ་ཡཾ་ཁཾ་གསུམ་ཡིག་འབྲུའི་འཕྲོ་འདུ་ལས། །ཉེས་སྐྱོན་བསྲེགས་གཏོར་སྦྱངས་པས་དག་པར་གྱུར། །ཡཾ་རཾ་ཀེཾ་ཨ་འཕྲོ་འདུས་རླུང་མེ་ཐོད། །ཨོཾ་ཨཱཿཧཱུཾ་གིས་ཤ་ལྔ་བདུད་རྩི་ལྔ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩྨ་ཨ་མྲྀ་ཏ་ཧཱུཾ་སྲཱིཿཐཱཿ། རླུང་གིས་མེ་སྦར་ཐོད་དྲོས་བདུད་རྩིར་ཞུ། །དེ་རླངས་ཟླ་ཕྱེད་རྡོ་རྗེ་ཧཱུཾ་མཚན་གྱུར། །དེ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩི་བསྟིམ། །དེ་ཉིད་འོད་ཞུ་གཉིས་སུ་མེད་པར་གྱུར། །སྤོས་དང་རྔ་སིལ་དབྱངས་ཀྱིས། ཧཱུཾ ནུབ་ཕྱོགས་ཨུ་རྒྱན་སྤྲུལ་པའི་དུར་ཁྲོད་ནས། །གནས་གསུམ་མཁའ་འགྲོ་སྤྲིན་བཞིན་འདུས་པའི་དབུས། །ཆགས་བྲལ་པད་ཉི་རོ་ཡི་གདན་སྟེང་ན། །རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་འཕྲེང་སྐུ། །དུས་ངན་སྙིགས་མའི་འགྲོ་བ་འཐུལ་བ་དང་། །བདག་ཅག་རྗེས་འཇུག་ཐུགས་རྗེས་གཟུང་སླད་དུ། །ཞལ་ཟས་འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན། །ཐུགས་རྗེས་རྫུ་འཕྲུལ་ལྡན་པས་སྐྱོད་པར་འཚལ། །བྱིན་རླབས་དངོས་གྲུབ་འབེབས་ཕྱིར་གཤེགས་སུ་གསོལ། །ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་དང་། །དམ་ཅན་ཆོས་སྐྱོང་བཀའ་ཉན་གིང་ཀ་ར། །ལྷ་སྲིན་ཡོངས་ཀྱིས་བསྐོར་ནས་འདིར་བྱོན་ཅིག །ཧཱུཾ ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་འདིར། །པདྨ་ཟླ་ཉི་བཾ་ཆེན་བརྩེགས་པའི་ཁར། །རྔམ་བརྗིད་དགྱེས་པའི་གར་གྱིས་བཞུགས་ནས་ཀྱང་། །ཚོགས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་ཕུད་དང་པོ། ཧཱུཾ རིག་འཛིན་བླ་མ་དྲག་པོའི་ལྷ་ཚོགས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིང་ཚོགས་ལ། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་རྗེས་བཞེས་ལ་དབང་དང་དངོས་གྲུབ་སྩོལ། །བར་མ། ཧཱུཾ བདག་ནི་ཐོག་མེད་དུས་ནས་ད་ལྟའི་བར། །ཉོན་མོངས་འཁྲུལ་པའི་དབང་གྱུར་སྒོ་གསུམ་གྱིས། །མི་དགེ་སྤྱོད་པས་རྒྱལ་བའི་དགོངས་འགལ་བ། །ཚོགས་མཆོད་འདིར་རྟེན་གནོང་ཞིང་འགྱོད་པས་བཤགས། ཐུགས་རྗེས་བརྩེ་བས་ཚངས་པ་ཡར་བཞེས་ལ། །ཡེ་ཤེས་དོན་གྱི་དག་པ་བདག་ལ་སྩོལ། །ས་མཱ་ཡ་ཨ་ལ་ལ། ཧཱུཾ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐངས། །ཧོ། བཀའ་དྲིན་འཁོར་བ་མེད་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ། རྒྱལ་བ་དགོངས་པའི་བརྒྱུད་པ། བྱིན་རླབས་མཁའ་འགྲོའི་བརྒྱུད་པ། རིགས་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཞི་བ་དང་། ཆགས་པ་དང་། ཁྲོ་བོའི་རྣམ་པར་སྣང་བའི་སངས་རྒྱས་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །གསང་སྔགས་དང་། རིག་སྔགས་དང་། སྙིང་པོ་དང་། གཟུང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་ལ་སོགས་པ་དམ་པའི་ཆོས་ཀྱི་འཁོར་ལོ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །སེམས་དཔའ་དང་སེམས་མ་དང་། །ཁྲོ་བོ་དང་། ཁྲོ་མོ། དཀྱིལ་འཁོར་ཆེན་པོར་འདུ་བའི་དགེ་འདུན་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །དཔལ་རྡོ་རྗེ་སྲིན་པོ། མཧཱ་ཀཱ་ལ་ལྕམ་དྲལ། རྣལ་འབྱོར་གྱི་དགྲ་ལྷ། དྲེགས་པའི་སྡེ་དཔོན་སུམ་ཅུ། དྲེགས་པ་བཅོ་བརྒྱད། ཕྱི་ནང་གསང་བ་སྦས་པ་དྲག་པོ་སྔགས་ལས་བྱེད་བཏགས་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། བཙུན་མོ་ནང་མི་མངག་གཞུག་གནག་གི་གཉན་དམག་གི་ཚོགས་དང་བཅས་པ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་འབུལ་ལོ། །ཁྱད་པར་དུ་ཡུལ་འདི་སྐྱོང་བ་རྣམས་དང་། རྣལ་འབྱོར་པ་བདག་གི་ཟོར་ལམ་དུ་འདུག་པ། སྒོ་བ། འཕྲང་བ། ཕྱོགས་སྐྱོང་བ་ཐམས་ཅད་ལ་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ་ལོ། །གཞན་ཡང་ལན་ཆགས་སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་གི་འཇིག་རྟེན་ཐམས་ཅད་ལ་གསེར་སྐྱེམས་ཕུད་འདིས་རང་རང་གི་ཡིད་ལ་འདོད་པའི་དངོས་པོ་ཐམས་ཅད་འབྱུང་བར་གྱུར་ཅིག །ཐ་མ་ཉའུ་བྲུབ་ཁུང་དུ་བཅུག་ནས། ཨེ སུས་ཀྱང་མི་ཐུབ་སྤྲོས་བྲལ་དྲེགས་པའི་གནས། །རྣམ་པར་གྲུ་གསུམ་དངོས་འཛིན་གསོང་བའི་ཁང་། །དངོས་མེད་ལོག་རྟོག་བཅིང་བའི་བཙོན་ར་ཆེ། །སྲིད་གསུམ་ཟ་བྱེད་མེ་བསྲེགས་མུན་འཚུབ་པར། །ལྷྭནྲིི་ཏྲི། མ་རིག་གདུག་པ་ཅན་གྱི་དགྲ་བོ་འདི། །འཇུག་ཤེས་ལྔ་དང་དེ་ཡི་རྟེན་ཉམས་ལ། །རྣམ་ཤེས་ཐིམ་ཁ་གུད་པའི་ལུས་ཅན་འདི། །རང་རིག་ཡེ་ཤེས་ལྕགས་སུ་བཅུག་པར་གྱུར། །ཧཱུཾ བླ་མ་དྲག་པོ་ཡི་དམ་གསང་སྔགས་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིང་ཚོགས་ཀྱི། །བཀའ་བདེན་བདེན་པའི་བྱིན་རླབས་ཆེན་པོ་དེས། །བསྒྲལ་འོས་གནོད་བྱེད་དམིགས་པ་འདིར་ཁུག་ཅིག །ཧཱུཾ བདེ་གཤེགས་འདུས་པ་ཁྲོ་བོའི་སྤྱི། །རིག་འཇིན་བླ་མ་དྲག་པོ་རྩལ། །སྐུ་གསུང་ཐུགས་ནི་མི་བཟད་བརྒྱན། །གདུག་པ་འདུལ་བའི་དུས་ལ་བབ། །ཧཱུཾ ཟག་མེད་ལས་ཀྱི་ཁྲོ་བོ་དང་། །ཤེས་རབ་ཁྲོ་མོ་འཆོལ་བ་རྣམས། །སྒྱུ་མའི་འཁྲུལ་འཁོར་མཐའ་ཡས་པས། །གདུག་པ་འདུལ་བའི་དུས་ལ་བབ། །ཧཱུཾ མགོན་པོའི་རྣམ་པའི་གར་གང་ལ། །སྲིད་དང་སྲིད་མིན་ཀུན་དམིགས་པའི། །སྡེ་བརྒྱད་དྲེགས་པར་བཞེངས་པ་རྣམས། །གདུག་པ་འདུལ་བའི་དུས་ལ་བབ། །ཧཱུཾ དྲན་པའི་ཕོ་ཉ་ལྕགས་ཀྱུ་མ་ཡི་ཚོགས། །སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གང་ན་འདུག་ཀྱང་ལྕགས་ཀྱུས་ཨངྐུ་ཤ་ཛཿ། །ཧཱུཾ ཤེས་བཞིན་ཕོ་ཉ་ཞགས་པ་སེར་མོའི་ཚོགས། །སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གང་ན་འདུག་ཀྱང་ཞགས་པས་པཱ་ཤ་ཧཱུཾ། །ཧཱུཾ མ་ཡེངས་ཕོ་ཉ་ལྕགས་སྒྲོག་དམར་མོའི་ཚོགས། །སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གང་ན་འདུག་ཀྱང་སྒྲོག་གིས་ཀྵྨྱོ་ཊ་བཾ། །ཧཱུཾ རང་གྲོལ་ཕོ་ཉ་དྲིལ་བུ་ལྗང་མའི་ཚོགས། །སྐར་ལྟར་འཁྲུག་ཅིག་གློག་ལྟར་འཁྱུག་པ་རྣམས། །གནོད་བྱེད་ཕུང་ཁམས་སྐྱེ་མཆེད་འཇིག་རྟེན་གསུམ། །གར་འདུག་དྲིལ་བུས་ཨ་བེ་ཤ་ཡ་ཧོ། །ཧཱུཾ ཀུན་རྨོངས་མ་རུངས་དགྲ་བོ་འདི། །སྐྱོབ་པའི་ལས་ཉོན་ལྷ་ཉོན་ཅིག །སྔོན་ཆད་འདི་ཡིས་འཇིག་རྟེན་རྣམས། །མི་བཟད་འཁོར་བའི་བཙོན་རར་བཅུག །ཉམ་ཐག་སྡུག་བསྔལ་ཐམས་ཅད་སྦྱར། །དཀོན་མཆོག་གསུམ་གྱི་དབུ་འཕངས་སྨད། །བླ་མའི་གསུང་ངག་ཁྱད་དུ་བསད། །བསྒྲལ་འོས་ཡིན་གྱིས་མ་སྐྱོབ་ཅིག །ཡུངས་སོགས་ཐུན། ཧཱུཾ ཡེ་ཤེས་ཁྲོ་བོ་གིང་ཀ་ར། །ཐུན་རྫས་གདུག་པ་ཅན་གྱི་སྡེ། །བྱིན་གྱིས་བརླབས་པའི་ཐུན་རྫས་འདི། །མི་བཟད་མཚོན་ཆའི་འཁྲུལ་འཁོར་ཏེ། །གནོད་བྱེད་ལུས་ངག་ཡིད་ལ་ཡ། །དེ་ནས་ཕུར་སྐོར་བྱས་སྟེ། ཧཱུཾ རྒྱལ་བ་ཀུན་གྱི་ནུས་པའི་གཟུགས། །ཁྲོ་བོ་ཡཀྴ་མེ་དབལ་ནི། །ལྟེ་བ་མན་ཆད་ཕུར་བུའི་དབྱིབས། །བསྒྲིལ་བས་ཐམས་ཅད་སྡངས་བྱེད་ཅིང་། །ཚེ་དང་བསོད་ནམས་བདག་གི་གསོས། །རྣམ་ཤེས་བསྲེགས་ནས་ཐར་པར་འདྲེན། །བཏབ་པས་རྡུལ་དུ་བརླག་པར་བྱ། །དེ་ནས་བཏབ་པ། ཧཱུཾ དབང་དྲག་པདྨའི་ལྷ་ཚོགས་སྐུ་བཞེངས་ལ། །རྔམ་བརྗིད་རབ་ཏུ་འཇིགས་པའི་ཞལ་གདོངས་ཤིག །གྲུ་གསུམ་བནྡྷ་འབར་བའི་སྣོད་ནང་དུ། །བར་ཆད་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི། །དབང་དྲག་པདྨའི་ལྷ་ཚོགས་ཞལ་དུ་བཏབ། །དགྱེས་པར་རོལ་ཅིག་བཛྭ་ཨ་ར་ལི། །དབང་དྲག་པདྨ་ཁྱེད་ཀྱིས་བཞེས་ནས་ཀྱང་། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད། །མཧཱ་མཾ་ས་ལ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། མཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཧཱུཾ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ། །སྙིགས་མ་ལྔ་ལྡན་དུས་ཀྱི་མཐའ་མ་འདིར། །འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་བདག །ཁྱོད་ལ་སྐྱབས་གསོལ་ཡུན་གྱི་མགོན་བགྱིས་ན། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་ནས་ཀྱང་། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཞལ་ཟས་ཚོགས་མཆོད་འདི་ལ་ཆར་ལྟར་ཕོབ། །དུས་འདི་ཉིད་དུ་བདག་ལ་སྩལ་དུ་གསོལ། །འགྱུར་བ་མེད་པ་སྐུ་ཡི་དངོས་གྲུབ་སྩོལ། །འགག་པ་མེད་པ་གསུང་གི་དངོས་གྲུབ་སྩོལ། །སྒྲིབ་པ་མེད་པ་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །འཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ། །ཧཱུཾ སྣང་བ་མཐའ་ཡས་འོད་ཟེར་གྱིས། །སྣོད་བཅུད་སངས་རྒྱས་ཐམས་ཅད་ཀྱི། །ཚེ་དང་བསོད་ནམས་ཡེ་ཤེས་དཔལ། །ཀུན་བསྡུས་འཆི་མེད་ཚེ་དང་དཔལ། །བྱ་ཁྱུང་ཀླུ་འདུལ་འཇམ་དཔལ་སྐུ། །རྟ་མགྲིན་གསུང་དང་ཕྱག་རྡོར་ཐུགས། །ཕག་མོ་ཡོན་ཏན་ཡཀྴས་ལས། །སྡིག་པས་དྲེགས་པ་ཡོངས་འདུལ་བའི། །དབང་དང་དངོས་གྲུབ་ཀུན་བསྩལ་བས། །སངས་རྒྱས་ཀུན་དང་མཉམ་པར་གྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། གུ་ཎ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། ཕུད་གསུམ་གཏོར་མར་བཅུག །རྣལ་འབྱོར་རྣམས་ཀྱིས་ལོངས་སྤྱོད། ལྷག་མ་དཀྱིལ་འཁོར་གྱི་ཟུར་དུ་བཞག་ལ་བདུད་རྩི་སྦྲན་ཏེ། ཅང་ཏེའུ་རྡུང་། ཧཱུཾ དབང་དྲག་པདྨའི་འཁོར་དུ་གནས་པ་ཡི། །ཕྱི་འཁོར་སྐྱོང་བའི་སྲུང་མ་ཐུགས་དམ་ཅན། །དབང་ཕྱུག་གིང་དང་མཁའ་འགྲོ་ལངྐ་དང་། །ཕྲ་མེན་ཤུགས་འགྲོ་གཤིན་རྗེ་གནོད་སྦྱིན་ཚོགས། །འཇིག་པའི་ལུས་ལ་རྔམ་པའི་ཆ་བྱད་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕམ་ལྷག་སྡུད། །ཏིང་འཛིན་དྲོད་མྱུལ་རྣལ་འབྱོར་ཚོགས་ཁང་ཉུལ། །རང་རང་སྤྲུལ་པ་འཁོར་དང་བཅས་པ་རྣམས། །ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ། །ཇི་ལྟར་དབང་བའི་འཕྲིན་ལས་སོ་སོར་མཛོད། །ཨོཾ་ཨུཙྪི་ཥྚ་སརྦ་ཌཱ་ཀི་ནཱི་བ་ལིངྟ་ཁཱ་ཧི། །དེ་ནས་ཆད་རྡོ་སྒྲག་པ། ཧཱུཾ བདེ་བར་གཤེགས་པ་ཀུན་གྱི་དབྱིངས། །སྣང་བ་མཐའ་ཡས་སྤྱན་རས་གཟིགས། །པདྨ་འབྱུང་གནས་སྤྲུལ་པའི་སྐུ། །རིམ་པ་བཞིན་དུ་མངོན་པར་བཞེངས། །དེའི་ཚེ་གདུག་པ་ཅན་ཐམས་ཅད། །འདུལ་བའི་དུས་ལ་བབ་གཟིགས་ནས། །ཤིན་ཏུ་ཁྲོས་པའི་དཀྱིལ་འཁོར་བསྟན། །མཐོང་བའི་མོད་ལ་དེ་དག་བརྒྱལ། །སླར་ཡང་ཐུགས་རྗེས་བསླད་ནས་སུ། །བསྟན་པ་སྲུང་བའི་ཆད་སྡོ་བྱས། །བཀའ་སྡོད་ཕོ་ཉར་རྩིས་ལ་ཕབ། །རྣལ་འབྱོར་བཅོལ་བའི་ལས་སྒྲུབ་པའི། །ཕོ་ཉར་མངགས་པས་བདག་སྦྲན་ནོ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྐུལ་བ་ནི། ཀྭ་ཡེ་རིག་འཛིན་པདྨ་ཁྱོད། །འགྲོ་བ་ཀུན་ལ་རྟག་ཏུ་གཟིགས། །འཕྲིན་ལས་མཛད་པའི་དུས་མི་ཡོལ། །ཁྲོ་རྒྱལ་ཚོགས་པ་ཁྱོད་ཀྱི་མཐུ། །དོ་ནུབ་དགྲ་དང་བགེགས་ལ་སྟོན། །ཉམས་པ་དེ་དག་ཚར་ཆོད་ཅིག །ཀྭཡེ་ཁྲོ་བོ་ཁྲོ་མོའི་ཚོགས། །ཞིང་སྐྱོང་དཔའ་བོ་དཔའ་མོའི་ཚོགས། །དཔལ་མགོན་ལྕམ་དྲལ་ནག་པོའི་ཚོགས། །ལས་མཛད་དྲེགས་པ་སྡེ་བརྒྱད་ཚོགས། །ཧཱུཾ་གི་སྒྲ་སྒྲོག་དི་རི་རི། །ཕཊ྄་ཀྱི་སྒྲ་སྒྲོག་ཁྲ་ལ་ལ། །གང་ལ་བྱ་བ་ཁྱེད་ཀྱིས་མཁྱེན། །ཡིད་ལ་བརྣག་པའི་དགྲ་བགེགས་འདི། །དབང་དུ་སྡུད་ལ་རྡུལ་དུ་རློག །ཐམས་ཅད་བདག་གིར་མ་དར་སྦྲོན། །བོས་སོ་རྡོ་རྗེའི་སྙན་མ་སྲ། །གཡབས་སོ་ཡེ་ཤེས་སྤྱན་མ་རཏལ། །གདུངས་སོ་སྙིང་རྗེ་མ་གཡེལ་བར། །དམག་དཔུང་ཆེན་པོ་ད་ཆོས་ཤིག །མི་ཤིག་གོ་ཆ་ད་བགོས་ཤིག །དགྲ་བོ་མཐར་བྱེད་གཡུལ་གཤོགས་ཤིག །ཕས་རྒོལ་ཐམས་ཅད་རླག་བྱོས་ཤིག །འདི་ནི་བསྒྲལ་བའི་འོས་ཡིན་ནོ། །བདེན་པ་ཐམས་ཅད་ཁྱད་གསོད་དོ། །དཀོན་མཆོག་གསུམ་ལ་དེས་སྡོའོ། །ཆོས་སྐྱོང་གཉན་པོར་བརྙས་གྱུར་ཏེ། །སེམས་ཅན་ཀུན་ལ་འཚེ་བྱེད་དོ། །རྗེ་བཙུན་བླ་མའི་ཐུགས་དཀྲུགས་སོ། །ལས་འབྲས་དག་ལ་མི་རྩིའོ། །ནག་པོའི་སྡིག་ལ་ཧམ་ལགས་སོ། །དཀར་པོའི་ཆོས་ལ་གནག་ལགས་སོ། །ཉོན་མོངས་དུག་གིས་བརྒྱལ་ལགས་སོ། །ངན་འགྲོའི་ཕྱོགས་སུ་གཞོལ་ལགས་སོ། །འདི་འདྲར་མཐུ་སྟོབས་མི་སྟོན་ན། །གཞན་གྱིས་མི་ཐུབ་ནུས་པ་རྫུན། །འགྲོ་དོན་དུས་ལས་གཡེལ་བས་ན། །དམ་བཅའ་མཛད་པའི་དུས་ལས་འདས། །རྣལ་འབྱོར་དབང་ཕྱུག་ཡི་ཆད་འགྱུར། །དེ་བས་མྱུར་དུ་ཚར་ཆོད་ཅིག །ཅེས་པས་བསྐུལ། ཧཱུཾ རིག་འཛིན་དྲག་པོའི་ནུས་མཐུ་དང་། །བཀའ་ཉན་བདེན་པའི་སྟོབས་ཆེན་གྱིས། །ཕས་ཀྱི་བྱད་མ་མཁན་རྣམས་ཀྱིས། །ཏིང་ངེ་འཛིན་དང་རིག་སྔགས་དང་། །རྫས་ཀྱི་སྦྱོར་བ་ངན་རྩོམ་པ། ཐམས་ཅད་བྱད་མ་ཉིད་ལ་ཟློག །སྟེང་གདོན་ལྷ་དང་འོག་གདོན་ཀླུ། །བར་གདོན་བགེགས་ཀྱི་བར་ཆད་ཀུན། །སྡང་བར་བྱེད་པའི་དགྲ་ལ་ཟློག །འཕྲལ་རྐྱེན་རན་པ་བྱུར་དང་ནི། །བདུད་དང་འགོང་པོའི་གཡོ་ཐབས་ཀུན། །གནོད་བྱེད་སྡང་བའི་དགྲ་ལ་སྒྱུར། །ལྷ་སྲིན་ཟ་ཁ་དེ་ལ་གཏོར། །དེ་ནས། ཧཱུཾ ང་ནི་གཏོར་ཟོར་གཉེན་པོ་འཕེན། །ཕྱོགས་སྐྱོང་ཡུལ་ལྷ་ལ་སོགས་པ། །གདོང་དུས་སུ་ཡང་མ་སྡོད་ཅིག །སྡང་བའི་དགྲ་བོ་གར་འདུག་པར། །དམར་གཏོར་ཆེན་པོ་འདི་འཕང་ངོ་། །ཐུན་རྫས་མཚོན་ཆ་ཀུན་འཕང་ངོ་། །ཕྱི་ཡི་ཡུལ་འཁོར་རླག་པ་དང་། །ནང་གི་མི་བརྒྱུད་རྩད་ནས་ཆོད། །རྦད་པའི་དུས་སུ་མཐུ་མ་ཆུང་། །མངགས་པའི་དོན་ཆེན་བརྗེད་མི་འོས། །བཅོལ་བའི་དུས་སུ་བརྩོན་པ་དང་། །བསྒོ་བའི་དོན་ཆེན་སྒྲུབ་པར་མཛོད། །ཅེས་གཏོར་མ་འཕང་ངོ་། །དེ་ནས་གཏོར་སྣོད་ཁ་སྦུབ། དེར་བགེགས་ཐམས་ཅད་མནན་པར་བསམ་མོ། །ཧཱུཾ ཐམས་ཅད་ཆོས་དབྱིངས་ཡངས་པའི་ཀློང་། །ཅི་ཤར་ཅི་སྣང་མཉམ་པ་ཉིད། །བར་ཆད་བགེགས་ཀྱི་མིང་ཡང་མེད། །རིག་འཛིན་བླ་མའི་རོལ་པའོ། །གཡས་བརྐྱང་དཔའ་བོ་རོལ་པའི་འཆམས། །སྟོང་ཉིད་དབྱིངས་སུ་ཆེམས་སེ་ཆེམས། །གཡོན་བརྐྱང་དཔའ་མོ་རོལ་པའི་གར། །སྙིང་རྗེའི་ངང་དུ་ཁྲིགས་སེ་ཁྲིགས། །ཟླུམ་པོ་མཉམ་ཉིད་ཟུང་འཇུག་བྲོ། །ཁ་སྦྱོར་ཆེན་པོར་ཤིགས་སེ་ཤིགས། །དེ་ནས་བསྟན་སྐྱོང་། བཤལ་ཆུ་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུཾ སྲོག་ལ་དབང་སྒྱུར་བདུད་མོ་བཞི། །ནོར་ལ་དབང་སྒྱུར་གནོད་སྦྱིན་བཞི། །རྫུ་འཕྲུལ་དབང་སྒྱུར་སྨན་མོ་བཞི། །དྲེའུ་རྟ་མང་པོ་ཆིབས་ལ་བྱོན། །བྲན་གཡོག་མང་པོའི་འཁོར་བཅས་རྣམས། །ལྷབ་ལྷབ་ཟ་འགོ་དར་གོས་གྱོན། །སིལ་སིལ་རིན་ཆེན་རྒྱན་གྱིས་སྤུང་། །འདིར་བྱོན་དམ་ཚིག་སྐོང་ལགས་སོ། །བསྟན་མ་བཅུ་གཉིས་ཁྱེད་རྣམས་ཀྱིས། །སློབ་དཔོན་པདྨ་འབྱུང་གནས་ལ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བཤལ་ཆུ་གཏོར་རོ། །དེ་ནས་ཡིག་བརྒྱ་འདོན། བསྔོ་བ་དང་བཀྲ་ཤིས་བྱའོ། །ཞེས་པ་འདི་སྡགས་འཆང་ཆོས་རྒྱལ་ཕུན་ཚོགས་ཀྱིས་རིང་མོ་ནས་བསྐུལ་བ་ལྟར་དང་། སྒེར་དུ་བློ་བཟང་དགའ་བོས་ཆེ་དག་ཉེར་གྱིས་ཀྱང་བསྐུལ་བ་ལྟར། སློབ་དཔོན་ཉིད་ལས་གནང་བ་ཐོབ་པ་པདྨ་དཀར་པོས། ལྷོ་བྲག་མཁར་ཆུ་ཞེས་བྱ་བ་མཁའ་འགྲོ་འདུ་བའི་སྒྲུབ་གནས་ཆེན་པོའི་མགུལ། ཉམས་དགའ་སྨན་གྱི་གཤོད་ཡར་རྩེ་སྤང་གི་ཅོག་སྒར་དུ་སྤྲེའུ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སྦྱར་བའོ།། །།

གུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས།

གུ་རུ་དྲག་པོའི་དབང་མོ་ཆེ་རྡོ་རྗེའི་སྤྱི་བླུགས་བཞུགས་སོ༔ མ་དྲག་པོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་དྲག་པོ་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བའི་རིམ་པ་ནི༔ སྔོན་འགྲོ་སྟ་གོན༔དངོས་གཞི་དབང་བསྐུར་བ་དང་༔ རྗེས་མཐའ་བསྐྱང་བར་བྱའོ༔ དང་པོ་ནི༔ གནས་ཡིད་དང་མཐུན་པར་གཏོར་མ་དཔེ་ཆུང་ལྟར་བཤམས་ལཿ དཀྱིལ་འཁོར་བྲི༔ ས་རྒྱན་གནམ་རྒྱན་བཀྲམ༔ ཙཀྐ་ལི་རྣམས་ལྷ་གདན་ལ་གཟུགས༔ སྨན་རག་མཆོད་པ་དང་བཅས་པ་འཛོམ་པ་དང་༔ སློབ་བུ་རྣམས་ཁྲུས་བྱས༔ རྒྱན་བཏགས་ལ་གྲལ་ལ་འདུག༔ ལས་རིམ་ལྟར་སྐྱབས་འགྲོ་སེམས་བསྐྱེད༔ བསྐྱེད་རིམ་གྱི་བར་དུ་འཇུག༔ བར་དེར་སྒྲུབ་ཐབས་ལྟར་བསྐྱེད་རིམ་ཕོག་ལ་བསྙེན་པ་བྱ༔ དེ་ནས་སྤྱན་དྲངས་ལ་ཚོགས་ཡར་ཅད་ཚར་བ་དང་ ༔སྔོན་ལ་དྲང་དོན་དུ་བློ་ཁ་བསྒྱུར་ལ་བྱིན་དབབ༔ ཉུལ་ལེ་བསྐྲད་པ་སོགས་བྱའོ༔ གཉིས་པ་དངོས་གཞི་ནི༔ སློབ་དཔོན་གྱིས་ལས་བུམ་ཐོགས་ལ་ཁྲུས་བྱའོ༔ སྲུང་སྐུད་གདགས༔ དེ་ནས་མེ་ཏོག༔ མཎྜྻལ་ཕུལ་ལ་སློབ་མ་རྣམས་ཀྱིས་གསོལ་བ་གདབ༔ ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་འཁོར་བའི་བཙོན་རར་ཆུད༔ ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ༔ བདག་ཅག་གཟུང་འཛིན་ཞགས་པས་བསྡམས༔ ཤེས་རབ་རལ་གྲིས་གཅད་དུ་གསོལ༔ བླ་མ་དྲག་པོ་ཐོད་འཕྲེང་གི༔ དབང་མཆོག་དམ་པ་སྩལ་དུ་གསོལ༔ ཞེས་པ་དང་། བླ་མས་ཡོལ་བའི་ནང་ནས་འདི་སྐད་དོ༔ ཧོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིརཿ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅནཿ བརྒྱ་ལམ་ན་ནི་རེ་འགའ་ཙམ༔ རྩ་གསུམ་དམ་ཚིག་སྲུང་ནུས་སམ༔ ཞེས་བརྗོད༔སློབ་བུས༔ ཧོ༔བདག་ནི་རིག་པའི་བུ་གཅིག་པུ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་གསུམ་དམ་ཚིག་བདག་གིས་སྲུང་༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ཞེས་པས་དཀྱིལ་འཁོར་བླ་མ་དང་བཅས་པ་ལ་སྐོར་བ་ལན་གསུམ་བསྐོར༔ ཕྱོགས་བཞི་ནས་ཕྱག་འཚལ༔ སློབ་བུས་མེ་ཏོག་གཏོར༔ མིག་དར་བཀབ༔ ཧཱུཾ༔ གུ་རུ་དྲག་པོའི་དཀྱིལ་འཁོར་དུཿ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའིཿ ཡི་དམ་ལྷ་དང་ད་སྤྲོད་ཅིགཿ ཅེས་པས་མེ་ཏོག་གཏོརཿ གང་བབ་ལྷ་ལས་འདྲེས་པའི་གསང་མཚན་གདགས༔ མིག་དར་བཤུས༔ རྡོ་རྗེས་མིག་ཕྱིས༔ ཧོ༔ ཇི་ལྟར་མིག་མཁན་མིག་ཕྱེ་ལྟར༔ ཁྱོད་ཀྱི་མ་རིག་ལིང་ཏོག་འདི༔ རིག་པའི་ངང་དུ་ད་ཕྱེ་བས༔ བླ་མ་དྲག་པོའི་ལྷ་ལ་ལྟོས༔ ཞེས་ལྷ་ངོ་སྤྲད་དོ༔ དེ་ནས་ཅོད་པན་མདོ་ལ་བཞག༔ ཧོཿ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ བླ་མ་དྲག་པོའི་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ན་མོ་པུ་རུ་ཤ་ཨ་བྷིཥིཉྩྨ་ཧཱུཾཿ དེ་ནས་ཐོག་མར་བུམ་པ་མགོ་ལ་བཞག༔ བུམ་ཆུ་ངག་ཏུ་བླུད༔ རོལ་མོ་སྦིར་ལཿ ཧཱུཾ༔ བུམ་པ་ཀུན་བཟང་གཞལ་ཡས་ཁང་གི་ནང་༔ བུམ་རྫས་རང་གསལ་དག་པོ་ཐོད་འཕྲེང་རྩལ༔ དབང་བཞི་ཐོབ་ནས་དྲི་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུཾ་ཨ་རྩིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄་ཨབྷི་ཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱ༔ ཐོད་པ་བདུད་རྩིས་གང་བ་མགོ་ལ་གཏུགས་ལ༔ ངག་ཏུ་བླུད༔ ཧོ༔ དུས་གསུམ་དོན་མཛད་པདྨ་འབྱུང་གནས་སྐུ༔ དད་མོས་ཅན་ལ་སྤྱི་གཙུག་མངོན་སུམ་འབྱུང་༔ པདྨ་ལྟར་གསལ་དྲི་མེད་སྤྲུལ་པའི་སྐུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ ཨོཾ་བཛྭ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུཾ༔ཨ་བྷི་ཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱཿ རྡོ་རྗེ་དྲིལ་བུ་མགོ་ལ་བཞག༔ ཧོ༔ རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་ངང་༔ ཐོད་འཕྲེང་རྩལ་མཆོག་ལོངས་སྤྱོད་རིགས་ལྔའི་སྐུ༔ དུག་སྔ་དག་ནས་ཡེ་ཤེས་ལྔར་གསལ་བ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུཾ་གུ་རུ་དྲག་པོ་རྩལ་ཨ་བྷི་ཥིཉྩྨ་ཨོཾ་ཨཱ་ཧཱུཾ་སྲཱིཿཧཱ༔ བུ་ཏི་འཇམ་དཔལ་སྐུ་བཅས་དཔྲལ་བར་བཞག༔ ཧོ༔ བདེ་གཤེགས་སྐུ་དངོས་འཇམ་དཔལ་གཙོ་བོ་སྟེ༔ རྨོངས་པའི་བློ་སེལ་དུག་ལྔའི་བདུད་ལས་གྲོལ༔ ཆོས་སྒོ་ཀུན་ལ་སྒོ་མཛོད་རང་དབྱེ་བའི༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་མུཾ༔ཝཱ་གི་ཤྭ་རི་ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱིཿཧཱ༔ མགྲིན་པར་ཕུར་བ་སྐུ་བཅས་བཞག༔ ཧོ༔ བདེ་གཤེགས་གསུང་དངོས་རྟ་མགྲིན་དབང་གི་རྒྱལ༔ རྒྱལ་འགོང་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན༔ འཕྲིན་ལས་གང་ལ་ཐོགས་པ་མེད་པའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ སྲཱི༔བཛྭ་ཀྲོ་དྷ་གྲཱྀ་ཝ་ཧཱུཾ་ཧཱུཾ་ཨ་བྷི་ཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱ༔ སྙིང་གར་རྡོ་རྗེ་སྐུ་བཅས་བཞག༔ ཧོཿ བདེ་གཤེགས་ཐུགས་དངོས་ཕྱག་ན་རྡོ་རྗེའི་མཐུས༔ ཀླུ་དང་ས་བདག་གཟའ་རྣམས་ཟིལ་གྱིས་གནོན༔ ནུས་རྩལ་གང་ལ་ཐོག་དང་འདྲ་བའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩྨ་ཧཱུཾ༔ གསང་གནས་སུ་མེ་དབལ་སྐུ་བཅས་ལས་བུམ་བཞག་ཅིང་བཀྲུ༔ ཧོ༔ བདེ་གཤེགས་འཕྲིན་ལས་ཡཀྴ་མེ་དབལ་སྐུ༔ གདོན་བགེགས་གནོད་སྦྱིན་མ་ལུས་རྡུལ་དུ་རློག༔ སྣང་སྲིད་དབང་སྡུད་དྲེགས་པ་ཚར་གཅོད་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་དབང་ཐོབ་ཤོག༔ ཨོཾ་བཛྭ་ཡཀྴ་ཧཱུཾ་ཨ་བྷིིཥིཉྩྨ་ཨོཾ་ཨཱཿཧཱུཾ་སྲཱིཿཧཱ གནས་ལྔར་ཁྱུང་ལྔ་བཞག་ལ༔ ཧོ༔ བདེ་གཤེགས་ཡོན་ཏན་བྱ་ཁྱུང་ཀ་རུ་ཎ༔ མཁའ་ལྡིང་རྒྱལ་པོ་དྲག་པོ་ཐོད་འཕྲེང་བྲན༔ སྣ་ཚོགས་འཕྲིན་ལས་རེ་བ་སྐོང་བའི་དབངཿ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོགཿ ཁྲོ་གྷ་རུ་ཎ༔བཛྭ་ཀ་རུ་ཎ༔རཏྣ་ཀ་རུ་ཎ༔པདྨ་ཀ་རུ་ཎ༔ཀརྨ་ཀ་རུ་ཎ༔ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱིཿཧཱ༔ དེ་ནས་ཚེ་ཟན་མགོ་ལ་བཞག༔ ཧོ༔ ཚེ་དཔག་མེད་པ་བདེ་གཤེགས་གསུང་༔ འཆི་མེད་ལྕགས་སྲོག་རྡོ་རྗེ་འདྲ༔ མི་ཤིགས་ཨཱ་ཡུ་དབང་མཆོག་དེ༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་བཛྭ་ཨཱ་ཡུ་ཥེ་བྲུཾ་སྲཱི༔ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱི༔ཧཱ༔ དེ་ནས་བགྲང་འཕྲེང་སྐུ་བཅས་ལག་ཏུ་གཏད༔ ཧོ༔ བསྐྱེད་རིམས་གསལ་བས་དྲན་འཛིན་ཞིག༔ སྔགས་བཟླས་ཆུ་བོའི་གཞུང་དང་མཚུངས༔ གསལ་སྟོང་གྲག་སྟོང་ལྷ་སྔགས་དབང་༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་ཨཱ༔ཧཱུཾ་ཨར་ཙིག་ནིར་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨ་ཧཱུཾ་ཧཱུཾ་ཕཊ྄ཿཕཊ྄༔ཡ་མནྟ་ཀ༔་གྲཱྀ་ཝ༔བཛྭ་པཱ་ཎི༔ཌཱ་ཀི་ནཱི༔ཀ་རུ་ཎ་ཧཱུཾ་ཕཊ྄༔ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུཾ་ཕཊ྄༔ ཨོཾ་བཛྭ་ཡཀྴ་ཧཱུཾ་ཕཊ྄༔གནོད་བྱེད་སརྦ་མཱ་ར་ཡ་ཧཱུཾ་ཕཊ྄༔༔ ཅེས་རྩ་སྔགས་བརྗོད༔ ཐོད་ཌཾ་ཐོད་ཁྲག་ལག་ཏུ་གཏད༔ ཧོ༔ སྣང་བ་དབང་སྡུད་ཌ་མ་རུ༔ དངོས་གྲུབ་འབྱུང་བའི་ཐོད་ཁྲག་ནི༔ མཁའ་འགྲོ་དཔའ་བོའི་སྲོག་གི་རྟེན༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཧ་རི་ནི་ས་ར་ཙ་སྲཱི༔ཡ་ཨ་བྷི་ཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱི༔ཧཱ༔ དེ་ནས་གཏོར་མ་སྤྱི་གཙུག་ཏུ་བཞག༔ བརྒྱུད་པའི་བླ་མ་གསོལ་བ་བཏབ་ལ༔ རོལ་མོ་སྦིར༔ ཧཱུཾ༔ འགྲོ་བ་འདྲེན་མཛད་དྲག་པོ་ཐོད་འཕྲེང་སྐུ༔ ཨུ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྤར༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་ལུང་སྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་དད་ཅན་ཀུན་ལ་འབེབས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དབང་མཆོག་སྩལ་དུ་གསོལ༔ འགའ་མེད་གསུང་གི་དབང་མཆོག་སྩལ་དུ་གསོལ༔ མི་བརྗེད་ཐུགས་ཀྱི་དབང་མཆོག་སྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དབང་མཆོག་སྩལ་དུ་གསོལ༔ དགོས་འབྱུང་ནོར་བུའི་དབང་མཆོག་སྩལ་དུ་གསོལ༔ ཨོཾ་ཨཱ༔ཧཱུཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བ་ལིངྟ་ཨ་བྷིཥིཉྩྨ་ཨོཾ་ཨཱ༔ཧཱུཾ་སྲཱི༔ དེ་ལྟར་རྫས་དེ་རྣམས་སྤྱི་བོར་བྱུང་༔ བུམ་དབང་ཐོབ༔ ལུས་སྒྲིབ་དག༔ སྐུའི་དབང་ཐོབ༔ ལུས་ལྷ་སྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་ཐོབ༔ མགྲིན་པར་བྱུང་༔ གསང་དབང་ཐོབ༔ ངག་སྒྲིབ་དག༔ བདེ་གཤེགས་གསུང་གི་དབང་ཐོབ༔ སྙིང་པོ་བཟླས་པ་ལ་དབང་༔ འབྲས་བུ་ལོངས་སྐུ་ཐོབ༔ སྙིང་གར་བྱུང་༔ ཡིད་སྒྲིབ་དག༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ བདེ་གཤེགས་ཐུགས་ཀྱི་དབང་ཐོབ༔ རྫོགས་རིམ་སྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་ཐོབ༔ དེ་མ་བཅོས་པར་དར་རེ་ཞོག༔ ཅེས་བརྗོད༔ བཀྲ་ཤིས་བརྗོད༔ མེ་ཏོག་གཏོར༔ དགའ་སྟོན་རྒྱ་ཆེན་པོ་བྱ༔ རྗེས་ཀྱི་ལས་ལ་འཇུག་པར་བྱའོ༔ ཨེ་མ་ཧོཿ རྡོ་རྗེ་ཐོད་འཕྲེང་དྲག་སྒྲུབ་ཀྱི༔ ཕྱི་ནང་གསང་གསུམ་དྲིལ་བ་ཡི༔ དབང་ཆོག་ཀུན་ལས་འདི་ཁྱད་འཕགས༔ དབང་འདི་མ་ཐོབ་སྒྲུབ་བྱེད་པ༔ ཁང་སྟོང་རྐུན་མོ་འཁྱམ་པ་འདྲ༔ དབང་འདི་ཐོབ་པའི་སྐྱེས་བུ་ནི༔ ཚེ་འདིར་བསམ་པ་ཀུན་གྲུབ་སྟེ༔ འདས་ཚེ་གདུང་དང་རིང་བསྲེལ་དང་༔ འཇའ་འོད་ས་གཡོས་སྨོས་ཅི་དགོས༔ འདི་ཡིས་ལན་ཅིག་འབྲེལ་བ་ཡང་༔ མཚམས་མེད་ལྔ་བྱས་སྡིག་བྱང་བས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སཱ་མྱ་ཡྻ༔ རྒྱ་རྒྱ་རྒྱ༔ མངའ་བདག་མྱང་གི་སྤྱན་དྲངས་ནས༔ ཐུགས་དམ་རིམ་པ་སྲས་ལ་གནང་༔ གཅིག་ལས་གཉིས་སུ་སྤེལ་བ་ན༔ ཌཱ་ཀི་མ་ཡི་བཀའ་འཆད་འབྱུང་༔ རྒྱ་རྒྱ་རྒྱ༔ དེ་ནས་བཀྲ་ཤིས་ནི༔ ཧཱུཾ༔ ཕོ་བྲང་གཞལ་ཡས་མཁའ་སྤྱོད་ནས༔ རིག་འཛིན་བདག་ལ་བྱིན་གྱིས་རློབས༔ ནད་མེད་ཚེ་རིང་བསོད་ནམས་དར༔ ལྷ་སྲིན་དམ་ལ་ཐོགས་པའི་བཀྲ་ཤིས་ཤོགཿ དངོས་གྲུབ་ཅན་གྱི་བླ་མ་ལ༔ དད་གུས་ལྟེམ་རྐྱང་མེད་པ་དང་༔ བྱིན་རླབས་སྐུ་གསུམ་ཐོབ་ནས་སུ༔ དུས་མིན་བར་ཆད་ཞི་བ་དང་༔ ལོངས་སྤྱོད་འབྱོར་ལྡན་བཀྲ་ཤིས་ཤོག༔ སྔོན་ཚེ་བསགས་རྒྱབ་བླ་མ་མཉེས༔ ཉིན་མཚན་རྟག་པར་བཀྲ་ཤིས་ནས༔ འབྲལ་མེད་ཆོས་ལ་སྤྱོད་པ་ཡིས༔ འདི་ཕྱི་གཉིས་ཀར་བཀྲ་ཤིས་ཤོག༔ བླ་མ་སྐུ་ཚེ་རིང་བ་དང་༔ ཡི་དམ་དངོས་གྲུབ་ཐོབ་པ་དང་༔ མཁའ་འགྲོས་བར་ཆད་སེལ་བ་དང་༔ འགྲོ་དོན་ཕྱོགས་མེད་བཀྲ་ཤིས་ཤོག༔ འདིའི་བརྒྱུད་པ་ནི། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། མྱང་ཉི་མ་འོད་ཟེར་རམ་རལ་པ་ཅན། སྲས་འགྲོ་མགོན་ཆོས་སེང་། གྲུབ་ཐོབ་མེ་ལོང་རྡོ་རྗེ། སྲས་ཧ་རི་རྡོ་རྗེ། བླ་མ་བསོན་ནམས་འོད་ཟེར། ཆོས་རྗེ་ནམ་མཁའ་རྡོ་རྗེ། རྗེ་ཆོས་ཀྱི་གྲགས་པ། ཡོན་ཏན་ཡེ་ཤེས། པདྨ་དཀར་པོ། བསྟན་པའི་ཉི་མ། དེས་བདག་ངག་དབང་རྣམ་རྒྱལ་ལའོ། །བར་པ། པདྨ་འབྱུང་གནས་ཀྱིས་ཆོས་ཀྱི་གྲགས་པ་དང་། ཤིན་ཏུ་ཉེ་འདོད། པདྨ་འབྱུང་གནས་ཀྱིས་པདྨ་དཀར་པོ་ལའོ།། །།

བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག

བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་བཞུགས་སོ། །སྣང་མཐའ་སྤྱན་རས་གཟིགས་དང་པདྨ་འབྱུང་། །ཆོས་ལོངས་སྤྲུལ་པའི་སྐུར་བཞེངས་གྲགས་པའི་གཞིའི། །ཞབས་ཟུང་བྱང་ཆུབ་སྙིང་པོ་དེ་ཚུན་དུ། །བདག་གི་སྤྱི་བོའི་ནོར་བུ་ཉིད་གྱུར་ཅིག། དེའང་གཉལ་ཡངས་པ་ཅན་ཞེས་པའི་གྲོང་ཁྱེར་ཆེན་པོའི་དབུས། དཔལ་གྱི་རི་བོའི་ངོགས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ཁོ་བོ་སླེབས་པའི་སྐབས་ཤིག མཚན་མོའི་ཐུན་ཐ་མ་རྫོགས་ཏེ། སྐྱ་རེངས་འཆར་ཀ་ཙམ་ལ་གཉིད་ཐུམ་དུ་སོང་བའི་རྨི་ལམ་དུ་སྲིན་ཡུལ་རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བརྫངས་པའི་ཕོ་ཉ་བ་སྲིན་པོ་གདོང་གཅིག་པ། མདོག་སྨུག་ནག་ན་རའི་གཡང་གཞིས་སྨད་དཀྲིས་ཤིང་། མི་མགོ་ཡ་མགལ་གཅིག་ཐོད་དུ་བཅིངས་པ་གཉིས་བྱུང་ནས་སློབ་དཔོན་ཆེན་པོའི་བཀའ་ལས་ཁྱོད་ལ་ད་ལོར་དམ་སྲི་སྤུན་དགུའི་བར་ཆད་ཆེ་བར་འདུག་པས། གདམས་པ་འདི་ཉམས་སུ་ལོངས་དང་། དེས་བཟློག་པར་འགྱུར་ལ། ཕྱིས་ཀྱང་དེ་བཞིན་བྱེད་ན་བར་ཆད་ལས་རྒྱལ་བར་འགྱུར་རོ། །ཞེས་བཀའ་སྩལ་བརྒྱུར་ཏེ་ལོག་གོ་སྙམ་སེམས་པའི་མོད་དེ་ཁར་རང་གི་མདུན་གྱི་ནམ་མཁའི་སྣམ་ལོགས་གཡོན་དུ་ཉེ་བའི་ཐད་ན་རིག་འཛིན་ཆེན་པོ་དྲག་པོ་རྩལ་སྟོད་ཁྲོ་རྒྱལ་སྨད་ཕུར་པའི་དབྱིབས་འཆད་པར་འགྱུར་བ་ཇི་ལྟ་བ། སྐུའི་རྒྱན་དང་སྔགས་ཕྱག་རྒྱ་མི་སྒྲིབ་ཅིང་དྲག་པོའི་སྔགས་སྒྲ་དང་བཅས་པ་མཐོང་བའི་མོད་ལ་ཟིལ་གྱིས་བརྒྱལ་བ་སྙམ་བྱེད་པ་ཞིག་བྱུང་སྟེ་མཐར་རང་ཡལ་ལོ། །སད་ནས་རིག་འཛིན་ཆེན་པོས་བདག་ལ་བྱིན་རླབས་འཕོ་བའི་དབང་བསྐུར་བ་ཡིན་ནོ་སྙམ་དགའ་མགུ་རངས་པ་བསམ་གྱིས་མི་ཁྱབ་བོ། །བཀའ་སྩལ་ཇི་ལྟར་བསྒྱུར་བའི་སྙིང་པོ་ནི་འདིའོ། །རྫོགས་པ་ཆེན་པོའི་ཀློང་ཉིད་ལས། དྲན་རིག་འདི་ཀ་དྲག་པོའི་སྐུ། །རྡོ་རྗེ་ཕུར་པའི་གཟུགས་སུ་ནི། །ཆུ་ལས་ཆུ་བུར་བརྡོལ་ལྟར་བསྐྱེད། །རྒྱན་དང་སྤྲུལ་པ་ཇི་ལྟ་བ། །ཡས་ལ་ཀཱ་སྟེ་མས་ལ་ཨཱ། །དམོད་པའི་མཚོན་ཆ་བར་དུ་ལྟེམས། །ཙིཏྟའི་གུར་ཁྱིམ་ཕྱག་རྒྱ་བཅའ། །ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས་བསྟིམ། །རེ་རེས་གཟི་བརྗིད་འབུམ་དུ་གྱུར། །རིགས་ལྔར་གསོལ་བཏབ་དབང་བསྐུར་བླང་། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཞེས་བཟླས་དགུག་གཞུག་ཡང་ཡང་བྱ། སྟོད་ལས་སོ། །ཁྲོ་བཅུའི་དྲེགས་པ་དེས་གནོད་བྱེད། །བཅིང་བ་ལྔས་བཅིངས་བྲུབ་ཁུང་བཅུག །ཡེ་ཤེས་རང་བསྟིམ་འཇིག་རྟེན་པ། །གཟིར་བས་ལྷ་ཕྲལ་ཕུར་པས་བསྒྲལ། །ཆེ་གེ་མོ་ཏྲིག་ནན། ཆེ་གེ་མོའི་སྙིང་ལ་ཧུར་ཐུམ་ཛཿ གཟིར་བའོ། །བསྒྲལ་བ་ནི། གནོད་བྱེད་དགྲའམ་བགེགས་ཐམས་ཅད་མཱ་ར་ཡ་སྟེ། གཉིས་ཀ་སྔགས་ཀྱི་ཤམ་བུར་བྱའོ། །པདྨ་ང་ཡི་སྙིང་ཐིག་སྟེ། །བསྙེན་སྒྲུབ་ལས་སྦྱོར་ཆིག་དྲིལ་ཡིན། །སྲུང་ཟློག་བསད་ལས་མཐར་ཐུག་པས། །སྐལ་ལྡན་སྙིང་གི་དཀྱིལ་དུ་སྦོས། །ས་མ་ཡ། དམ་ཚིག་གི་རྒྱའོ། །ད་ནི་དེའི་དོན་སློབ་དཔོན་ཉིད་ཀྱི་བྱིན་རླབས་ཀྱིས་རྙེད་པ་ནི། བདེ་བའི་སྟན་ལ་འདུག་སྟེ། རྣལ་འབྱོར་གྱི་ཡོ་བྱད་མདུན་དུ་བཤམས་ཏེ། བར་ཆད་ཀྱི་གདོན་བགེགས་དགྲ་བོ་ཐམས་ཅད་བསྒྲལ་ཏེ་བྱང་ཆུབ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་པས། བདག་ནི་མགོན་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱོད་ལ་སྐྱབས། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སངས་རྒྱས་ཆོས་ཚོགས་ཀུན་ལགས་སོ། །དེ་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་པ་དང་། །ཁྱོད་ཀྱིས་མཛད་པ་གང་ལགས་པ། །དེ་ལ་བདག་གིས་བསླབ་པར་བགྱི། །ཞེས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷཱོོཧཾ། ཡེ་དག་ཡེ་རྫོགས་ཆེན་པོའི་ཀློང་། དྲན་རིག་ཡེ་ཤེས་ཀྱི་ཆ། རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ་བསྐལ་པའི་མེའི་བོང་དང་མདངས་དང་གཟི་བརྗིད་འཛིན་པ། ཞལ་གནམ་ས་ཙམ་དུ་གདངས་ཤིང་མཆེ་བ་གངས་རི་ལྟར་གཙིགས་པ། མིད་པ་སྟོང་གསུམ་ཙམ་བརྒྱངས་པའི་ཡ་རྐན་ལ་ཉི་མ་ཀཱ་ལིས་མཚན་པ། མ་མགལ་ལ་ཟླ་བ་ཨཱ་ལིས་མཚན་པ། ལྗགས་ཀྱི་རྩེ་རྟ་གདོང་གི་མེ་ལྕེ་ལྟ་བུར་བསྐྱོད་པའི་རྩ་བར་ཧཱུྃ་ལ་ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཞེས་པའི་ཡིག་འབྲུ་དམར་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གྲགས་བཞིན་པས་བསྐོར་བ། དམར་བའི་སྤྱན་གསུམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་། གཡོན་སྤྲུལ་པའི་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་བསྣམས་པས་གདུག་པ་ཅན་ཐམས་ཅད་གཟིར་བ། དཔལ་གྱི་ཆས་ཀྱིས་ལེགས་པར་བརྒྱན་པ་སྐུ་སྨད་ཆུ་སྲིན་ཁྲོས་པའི་ཁ་ནས་གནམ་ལྕགས་འབར་བའི་ཕུར་བུ་དབལ་གསུམ་རྩེ་མོ་གཅིག་ཏུ་རྣོ་བ། ནང་ཁོང་སེང་ཅན། དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་གསེར་མདོག་ཅན་གཡས་རལ་གྲི་འཕྱར་བ། མགྲིན་པར་རྟ་མགྲིན་དམར་པོ་གཡས་དབྱུག་ཐོ་འཕྱར་བ། བྲང་དབུས་ཀྱི་ཐད་ཀྱི་ནང་དུ་དྲེགས་པ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་འཕྱར་བ། གསང་གནས་སུ་ཁྲོ་བོ་ཡཀྵ་མེ་དབལ་སྨུག་ནག་གཡས་ཐོ་བ་འཕྱར་བ། དེ་ཐམས་ཅད་གཡོན་ཐུགས་ཀར་སྡིག་མཛུབ། ཤིན་ཏུ་ཁྲོ་ལ་དཔལ་གྱི་ཆས་ཀྱིས་བརྒྱན་ཅིང་། གཡོན་བརྐྱང་གིས་གནས་པ། ལྟེ་བར་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐུགས་ཀར་ཐོད་ཁྲག་འཛིན་པ་གཅེར་མོ་ཆགས་པ་རྒྱས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། ཐོད་ཀྱི་མགོ་བོ་རྣམས་ཀྱི་དབུས་མ་ལ་བུདྡྷ་ཐོད་ཕྲེང་རྩལ་གཡས་སུ་རྡོ་རྗེ་ཐོད་ཕྲེང་རྩལ་དང་རཏྣ་ཐོད་ཕྲེང་རྩལ། གཡོན་དུ་པདྨ་ཐོད་ཕྲེང་རྩལ་དང་ཀརྨ་ཐོད་ཕྲེང་རྩལ། དཀར་སྔོ་སེར་དམར་ལྗང་བ། ཐམས་ཅད་ཞི་མ་ཁྲོ་ཟ་འོག་སྨུག་པོའི་བེར། ལྷུབ་གྱོན་དུ་མཛད་ཅིང་རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དབུ་ལ་ཤ་བའི་སྙན་ཞུ་རྒོད་ཀྱི་རྩེ་འཕྲུ་དར་གྱི་ཅོད་པན་འཕུར་བ་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཐོད་ཁྲག་དཀུར་བརྟེན་པས་རང་རིགས་ཀྱི་ཡུམ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པ་ལ་འཁྱུད་དེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བ། མཚོག་མར་སྤྲུལ་པའི་ཁྱུང་མཐིང་ནག་གདུག་པ་ཅན་གྱི་ཀླུ་ཟས་སུ་ཟ་བ། སྤྱི་བོའི་བུ་གར་གཙུག་ཏོར་འཁོར་ལོས་སྒྱུར་བ། མིག་སྣ་རྣ་བ་ཁ་ལྟེ་བ་བརྒྱད་དུ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། བགེགས་མཐར་བྱེད། དབྱུག་སྔོན་ཅན། མི་གཡོ་བ། འདོད་རྒྱལ། སྟོབས་པོ་ཆེ། ཕུར་པའི་དབལ་གྱི་ནང་རྩེར་གནོད་མཛེས་ཐམས་ཅད་ཁྲོ་བོའི་ཆས་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡོན་བརྐྱང་ཐམས་ཅད་མཐིང་ག ཙིཏྟ་རིན་པོ་ཆེའི་གུར་ཁྱིམ་དུ་ཟླ་བ་ལ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འཇའ་འོད་སྣ་ལྔའི་དབུས་ན་གནས་པ། དེའི་གནས་སོ་སོའི་ལྷ་ལས་འོད་འཕྲོས་རྔ་ཡབ་གླིང་གི་པདྨ་འོད་ཀྱི་གཞལ་མེད་ཁང་སོགས་ཕྱོགས་བཅུའི་འཇིག་རྟེན་ན་སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དཀོན་མཆོག་གསུམ་དུ་རྣམ་པར་རོལ་པ་ཐམས་ཅད་སྤྱན་དྲངས་པར་གྱུར་པར་བསམ་ཏེ། ཧཱུྃ། འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན། །ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་རྔ་ཡབ་གླིང་། །རཱཀྴ་མི་ཟན་རྣམས་ཀྱི་རྒྱལ་པོའི་ཁབ། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དང་། །ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཐམས་ཅད་ནས། །སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་མི་ཟད་པའི། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ། །གསང་བའི་མཚན་གསོལ་གུ་རུ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །རྣལ་འབྱོར་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ། །དད་ལྡན་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས། སློབ་དཔོན་ཆེན་པོའི་སྐུ་རྒྱལ་བ་ཞི་ཁྲོའི་སངས་རྒྱས་ཐམས་ཅད་དུ་སྣང་བ། གསུང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་དུ་གྲགས་པའི་ཡིག་འབྲུ་དམར་པོ། ཐུགས་ཏིང་ངེ་འཛིན་ཕྱག་རྒྱ་ཐམས་ཅད་དུ་འཆར་བ། སྟེང་ནས་ཆར་བབས་པ་ལྟ་བུ། འོག་ནས་ས་རླངས་ཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུར་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་མེར་མེར་ཡོམ་ཡོམ་ཤིག་ཤིག་བྱོན་ནས་བདག་གི་ལུས་ལྷར་གསལ་བ་དང་། ངག་སྔགས་སུ་གསལ་བ་དང་། ཡིད་ཕྱག་རྒྱར་གསལ་བ་ལ་རིམ་རིམ་ཐིམ་པར་བསམ་ཏེ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཀཱ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་ཛབ྄་ཉེར་གཅིག་གམ་བདུན་ཅིས་ཀྱང་བཟླའོ། །དེ་ནས་དབང་སྒྲུབ་ལྷ་ལྔ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ། ཀྱེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྗེ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ །འགྲོ་མགོན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དེ་བཞིན་ཚིག་རྐང་དང་པོ་དང་། བཞི་པ་འདོན་པ་ཅུང་ཟད་བསྒྱུར་བ་རིགས་ལྔ་ཀ་ལ་ཤེས་པར་བྱ་སྟེ། སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་བུདྡྷ་ཧེ་རུ་ཀ །ཞེས་དང་། གསུང་མཆོག་འགག་མེད་པདྨ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་པདྨ་ཧེ་རུ་ཀ །ཐུགས་མཆོག་དྲི་མེད་བཛྭ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་བཛྭ་ཧེ་རུ་ཀ ། ཡོན་ཏན་ཀུན་རྫོགས་རཏྣ་ཐོད་ཕྲེང་རྩལ། ཞེས་དང་། མཉམ་པ་མེད་པའི་རཏྣ་ཧེ་རུ་ཀ །ཕྲིན་ལས་ཐོགས་མེད་ཀརྨ་ཐོད་ཕྲེང་རྩལ། ཞེས་དང་། མཉམ་པ་མེད་པའི་ཀརྨ་ཧེ་རུ་ཀ །དེ་ནས། དབང་སྒྲུབ་ཀྱི་ལྷ་ཚོགས་ཐམས་ཅད་སྙོམས་པར་ཞུགས་པས་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་དཔག་ཏུ་མེད་པ་བབས། བདག་གིས་སྤྱི་བོ་ནས་བྱེ་མ་ལ་ཆུ་བཏབ་པ་ལྟ་བུར་ཞུགས། སྤྱི་བོ་གང་། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་གང་། ངག་གི་དྲི་མ་དག གསང་བའི་དབང་ཐོབ། སྙིང་ག་གང་། ཡིད་ཀྱི་དྲི་མ་དག དབང་གསུམ་པ་ཐོབ། ལྟེ་བ་གང་། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག དབང་བཞི་པ་ཐོབ། ལུས་ཐམས་ཅད་གང་བའི་རྒྱུན་སྤྱི་བོར་ལུད་པས་རལ་པ་གྱེན་དུ་བརྫེས་པའི་དབུས་སུ་སྣང་བ་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུའི་ཆ་ལུགས་ཅན་དུ་གྱུར་པར་བསམ་ཏེ་བསྐྱེད་རིམ་ལ་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ། སྐྱོ་ན། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཞེས་པ་བཟླ། དེ་ལ་སྐྱོ་ན་སྔར་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས་ཤིང་བསྟིམ་པ་ཡང་ཡང་བྱ། བསྟིམ་ཐེབ་རེ་རེ་ལ་ལུས་གཟི་བརྗིད། ངག་ནུས་པ། སེམས་ཏིང་ངེ་འཛིན་རྩལ་ཇེ་ཆེར་འགྲོ་བར་བསམ་མོ། །འདི་ནི་སྟོད་ལས་སུ་བཞག་སྟེ་བྱང་ཆུབ་སྒྲུབ་པའི་ལམ་ངོ་མའོ། །དེ་ནས། རང་གི་འོག་ཏུ་བྲུབ་ཁུང་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་རིང་བ་ཞིག་ཏུ་བསམ། ཁྲོ་བོ་བཅུས་སྡེ་བརྒྱད་དྲེགས་པ་ཅན་རྣམས་བཀུག དེ་དག་གཟིར་བས་བདག་གི་བྲན་དུ་ཁས་བླངས་པར་བསམ་ལ། ཡིད་ཨ་ཡ་མ་དུ་རུ་ཙ་ཤ་ན་ཕྱུང་སྟེ་ཕྲལ། ལུས་བདག་གིས་ཅི་བསྒོ་བའི་ལས་བྱེད་པར་བསམ་ལ། དེ་ནས། དེ་དག་གིས་བདག་ལ་སྔ་དགྲ་ལག་ལ་བདར་བ། ད་དགྲ་དངོས་སུ་བྱེད་པ། ཕྱི་དགྲ་ཡིད་ལ་སེམས་པ། ཐོག་ཏུ་འགེལ་ནུས་པའི་གནོད་བྱེད་གདོན་བགེགས་དགྲ་ཅི་ཡོད་པ་ཐམས་ཅད་ལྕགས་ཀྱུས་རང་དབང་བྲལ་བར་བཀུག ཞགས་པས་ལུས་བཅིངས། ནུས་པས་ངག ཏིང་ངེ་འཛིན་གྱིས་སེམས། མཐུ་རྩལ་གྱིས་སྐྱོབ་བྱེད་ལྷ་ཐམས་ཅད་བཅིངས་ནས་གཤེད་མས་བཙོན་ཁྲིད་པ་བཞིན་བྲུབ་ཁུང་དུ་བཅུག དེ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་སྲུང་བ་བྲལ། འདས་པའི་སྐྱོབ་བྱེད་བསྡུས་ནས་བདག་ལ་བསྟིམ། འཇིག་རྟེན་པའི་ལྷ་སྙིང་པོའི་མཐར་ངོས་ཟིན་ན་དེ་ཀའི་མིང་ངམ་གནས་སྲོག མ་ཟིན་ན་ཏྲིག་ནན་སྙིང་ལ་ཧུར་ཐུམ་ཛཿ ཞེས་གཟིར་བས་སྐྱོབ་བྱེད་དེ་བརྒྱལ་ཞིང་འབོག་ནས་དྲན་པ་ཉམས། དེ་ནས་རྩ་བའི་ཤམ་བུར་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཞེས་བཅུག་པས། བདག་ཉིད་རྡོ་རྗེ་ཕུར་པར་གསལ་བ་དེ་ནམ་མཁའ་ལ་འགྱིང་ཞིང་བསྒྲིལ་བས། ཉམས་པ་དེ་གཟིར་བས་ཁབ་ལེན་དང་འཕྲད་པའི་ལྕགས་བཞིན་ཚེ་རྟེན་འབྱུང་བའི་དྭངས་མ་ཨ། སྲོག་རྟེན་རྣམ་ཤེས་ནྲྀའི་རྣམ་པར་གནས་པ་དེ་སོ་སོའི་སྤྱི་བོ་ནས་ཐོན་ཕུར་པའི་དབལ་དུ་ཞུགས་པས་ཚེ་རྟེན་བདག་ལ་ཐིམ། སྲོག་རྟེན་རྡོ་རྗེ་ཕག་མོའི་བྷ་གའི་རྡུལ་གྱིས་དུག་གསུམ་བཀྲུས་པས་ཧཱུྃ་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་ཀྱི་བྷ་གར་སངས་རྒྱས། རྡོ་རྗེ་ཕུར་པ་དྲག་པོའི་ཐོག་ལྷུང་བ་ལྟར་དེ་དག་གི་སྙིང་གར་བབས་པས་མར་ལ་ལྕགས་བསྲེགས་བསུར་བ་ལྟ་བུར་ཚིར་ཚིར་ཞུ་ཞིང་ཁོལ། གཞོབ་ཏུ་ཐུ་ལུ་ལུ་ཚིག་པའི་མཐར་རྡུལ་ཙམ་ཡང་མི་དམིགས་པར་བསམ་ཏེ། རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་གཞག ལངས་པའི་དུས་དགེ་བ་བསྔོ། ཚེས་བཅུ་ལ་སོགས་པའི་ཚེ་མཆོད་པ་དང་། གཞན་རྗེས་སུ་འཛིན་ན། གཏོར་མ་ལ་ཙཀླི་བཙུག་པ་སྐུ་རྟེན། ཐོད་པར་བདུད་རྩི་ཨ་མྲྀ་ཏ་གསུང་རྟེན་རྡོ་རྗེ་རྩེ་དགུ་ཐུགས་རྟེན། བུམ་པ་ཡོན་ཏན། ཉ་བོ་སྡེ་བརྒྱད་ཀྱི་གཏོར་མ། རྡོ་རྗེ་ཕུར་པ་དང་བཅས་པ་ཕྲིན་ལས་ཀྱེ་རྟེན་དུ་བཤམས། མཆོད་རྫས་ཚོགས་གཏེར་གྱིས་མཐའ་བསྐོར། བདག་བསྐྱེད་བྱས་ནས་མདུན་བསྐྱེད་སྐུ་རྟེན་དྲག་པོ་རྒྱན་བཅས། གསུང་རྟེན་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་སྔགས་ཕྲེང་། ཐུགས་རྟེན་ཟླ་བ་རྡོ་རྗེ། བུམ་པ་དབང་སྒྲུབ་ལྷ་ལྔ། ཕུར་པའང་དྲག་པོ་རྒྱན་ཅན་དུ་བསྐྱེད། སྤྱན་དྲངས་སོ་སོར་བསྟིམ། ལྷ་རྫས་མེ་ཏོག་ཀུན་གྱིས་ནམ་མཁའ་བཀང་། །དྲི་ཞིམ་བདུག་སྤོས་བསྲེག་པས་ས་གཞི་བཀང་། །སྣང་གསལ་འོད་ཟེར་ཕྱོགས་བཅུའི་མཐར་འབྲེལ་བ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །སིམ་སྐྱེད་བདུད་རྩི་བྱུགས་པའི་ཆུ་འཛིན་གཡོས། །བདའ་དགུའི་ཞལ་ཟས་ཐམས་ཅད་ཆར་དུ་བབས། །སྙན་པའི་འབྲུག་སྒྲ་འུར་འུར་སྒྲོག་པ་རྣམས། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །མཛེས་མས་བྲོ་བརྡུངས་སྙན་པའི་གླུ་བླངས་མཐར། །དྲི་ཞིམ་ངད་འགྱེད་མ་མཆུའི་སྦྲང་སྦྱིན་ནས། །རེག་མཐར་བདེ་བ་བྷ་གས་སྟོབ་པ་རྣམས། །རིག་འཛིན་ཆེན་པོ་ཁྱེད་ལ་མཆོད་པར་འབུལ། །མྱོས་བྱེད་དཔའ་བོའི་དམ་རྫས་ཕུད་ཆེན་འཐོར། །སྣང་སྲིད་མ་མོའི་མཆོད་རྫས་རཀྟ་སྒྲེང་། །ཐུན་མོངས་མཉེས་པའི་བ་ལིཾ་ཆེར་བཤམས་པ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །དེ་ནས་བསྟོད་པ་ནི། སྣང་བ་མཐའ་ཡས་སྐུ་ཡི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ལུས་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་གསུང་གི་འཕྲོ་འདུ་ལས། །གསང་བ་འདུས་པའི་སྔགས་རྒོད་དམོད་པའི་མཚོན། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ངག་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་ཐུགས་ཀྱི་འཕྲོ་འདུ་ལས། །སོར་རྟོག་ཡེ་ཤེས་རྫོགས་པ་ཆེན་པོའི་ཀློང་། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ཡིད་ལ་བྱིན་གྱིས་རློབས། །དེ་ནས་བཟླས་པས་མདུན་བསྐྱེད་བསྐུལ། དེ་ནས་ཚོགས། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། དང་པོ་ཕུད་ཀྱིས་མི་མཆོད་དུ། །རིག་འཛིན་ལྷ་ཚོགས་ཕུད་ལ་མཉེས། །དེས་ན་ཕུད་ཀྱི་མཆོད་པ་འདི། །ཟག་མེད་བདུད་རྩི་བསམ་ནས་འབུལ། །བར་དུ་ཚོགས་ཀྱིས་མི་མཆོད་དུ། །མ་དང་མཁའ་འགྲོ་ཚོགས་ལ་མཉེས། །དེས་ན་ཚོགས་ཀྱི་མཆོད་པ་འདི། །བཤགས་ཤིང་སྐོང་བའི་རྟེན་དུ་འབུལ། །མཐའ་མར་བསྒྲལ་བས་མི་མཆོད་དུ། །ཆོས་སྐྱོང་སྲུང་མ་བཾ་ལ་མཉེས། །དེས་ན་ཚོགས་ཀྱི་ཐ་མ་འདི། །དགྲ་བགེགས་བསྒྲལ་བའི་རྫས་སུ་འབུལ། །རྒྱས་པར་སྤྲོ་ན་གསོལ་འདེབས་ཀྱི་མཐར། ཚོགས་རྫས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བསྒྱུར། དེ་ནས་གཞན་ལ་བྱིན་རླབས་བྱེད་ན། ཁྲུས་བྱ། བགེགས་གཏོར་གཏང་། མཎྜྻལ་ཕུལ། བླ་མ་རིག་འཛིན་ཆེན་པོ་དྲག་པོ་རྩལ་དུ་མོས་ལ། ལུས་ལ་བརཏལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མས་སློབ་མའི་ལུས་ལྷ། ངག་སྔགས། ཡིད་ཕྱག་རྒྱ་བཅའ་བ་རྣམས་གོང་བཞིན་བརྗོད། སྤྱན་དྲངས་པ་ནམ་མཁར་བཞུགས་པར་མོས་ལ། བསྟོད་པའི་ཐ་མར། སྐལ་ལྡན་ལུས་ལ་གཉིས་མེད་ཐིམ་གྱུར་ཅིག གཏོར་ཙག་གིས་དབང་བསྐུར། དྲག་པོ་རྩལ་སློབ་མའི་ལུས་ལ་བསྟིམ། ལུས་ལ་བརཏལ་ཞུགས་ཀྱི་གཟི་བརྗིད་རྒྱས། དེ་ནས་གཞན་འདྲ། སྐལ་ལྡན་ངག་ལ་གཉིས་མེད་ཐིམ་གྱུར་ཅིག ཐོད་པས་དབང་བསྐུར། གསུང་སྔགས་ཀྱི་ཚོགས་མགྲིན་པའི་སྔགས་ལ་བསྟིམ། ངག་ལ་ནུས་པ་འབར། དེ་ནས། སྐལ་ལྡན་ཡིད་ལ་གཉིས་མེད་ཐིམ་གྱུར་ཅིག རྡོ་རྗེ་རྩེ་དགུས་དབང་བསྐུར། ཐུགས་ཕྱག་མཚན་ལ་བསྟིམ་པས། སེམས་ལ་རྟོགས་པའི་ཡེ་ཤེས་སྐྱེས། དེ་ནས་སྤོས་དང་རོལ་མོ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་བུམ་པས་དབང་བསྐུར། ཐོད་ཕྲེང་རིགས་ལྔ་སྙོམས་པར་ཞུགས་པ་ལས། བདེ་བ་རྒྱས་པས་བྱང་སེམས་སྦྱོར་མཚམས་ལྷུང་། སྤྱི་བོ་གང་བས་ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ་སྐུ་ཡི་དངོས་གྲུབ་འགྲུབ། མགྲིན་པ་གང་བས་ངག་གི་དྲི་མ་དག གསང་བའི་དབང་ཐོབ་གསུང་གི་དངོས་གྲུབ་འགྲུབ། སྙིང་ག་གང་བས་ཡིད་ཀྱི་དྲི་མ་དག ཤེས་རབ་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་འགྲུབ། ལྟེ་བ་གང་བས་ཐ་དད་དྲི་མ་དག བཞི་པའི་དབང་ཐོབ་རྫོགས་པའི་སངས་རྒྱས་འགྲུབ། གུ་རུ་དྲག་པོ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་བསམ། དེ་ནས་བྲུབ་ཁུང་མདུན་དུ་བཀོད། དཔོན་སློབ་གཉིས་ཀས། ཁྲོ་བོ་བཅུས་སྡེ་བརྒྱད་དྲེགས་པ་ཅན་རྣམས་བཀུག ནས། བྲུབ་ཁུང་དུ་བཅུག་གི་བར། དེ་ནས། སྣང་བ་མཐའ་ཡས་ཐུགས་རྗེའི་འཕྲོ་འདུ་ལས། །པདྨ་དབང་གི་ཁྲོ་བོའི་རྒྱལ་པོ་ནི། །བར་ཆད་བགེགས་འདུལ་བཛྭ་ཀཱི་ལ་ཡ། །གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བར་གྱིས། །དྲག་སྔགས་ཛབ྄་ཏུ་བཟླ། ཕུར་བསྐོར་བྱེད་དུས་དམིགས་པ་ལྷག་པར་བརྟན། དམིགས་མེད་དུ་མི་གཏོང་བར་ཤ་ཁྲག་དུམ་བུ་དུམ་བུར་གཏུབ། ཉ་བོ་གཏུབས་ནས་གཏོར་མར་བྲན་ཏེ། དེ་ལག་ཏུ་ཐོགས་ནས། རིག་འཛིན་བླ་མའི་ལྷ་ཚོགས་དང་། །བཀའ་སྲུང་ལས་བྱེད་ཤན་པ་རྣམས། །ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་རྐྱོངས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་གདངས། །དགྲ་བགེགས་གདུག་པ་བསྒྲལ་བའི་རྫས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ཞེས་བརྗོད་ཅིང་ལིང་རོ་ནས་དུམ་བུ་རེ་བྱིན་ལ་སྡེ་བརྒྱད། གཙྪས་གཤེགས། ཚོགས་ལ་རོལ། ལྷག་མ་ནི། ལྷག་མ་བཤལ་ཆུས་མི་མཆོད་དུ། །མ་སྲིང་མ་མོ་ལྷག་ལ་དགྱེས། །ཁ་ཕྲུས་བྲན་པའི་མཆོད་པ་འདི། །མཐུན་པའི་རྫས་སུ་བསྔོས་ནས་འབུལ། །ཞེས་ཕྱིར་དོར་རོ། །འདི་ནི་ལྷ་རྩེ་བླ་མ་དགེ་འདུན་གྱིས་བསྐུལ་བའི་ངོར་དང་། གཞན་མང་པོ་ལ་ཕན་པའི་དོན་དུ་བྲི་འོས་པའི་མཚན་མ་མཐོང་ནས། སློབ་དཔོན་པདྨ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྔགས་པ་ནག་པོ་ངག་དབང་ནོར་བུས་སྦྱར་བའོ། །མངྒ་ལཾ།། །།

རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ།

རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །འགྲོ་བའི་མོས་པས་བཞག་པ་རྒྱལ་བའི་ཆོས། །མ་ལུས་སྦྱོར་བ་གཅིག་ཏུ་བྱེད་པའི་ཐབས། །གང་གི་ཞལ་སྒོར་ཆག་པ་མར་པའི་ཞབས། །གཙུག་གིས་ལན་བརྒྱར་བསྙེན་ནས་ཕྱག་བགྱིའོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་རྟོག་པའི་ཚོགས། །དེ་ལྟ་དེ་ལྟར་རང་གིས་རིག་གྱུར་པའི། །སྣང་བ་ལ་འཆར་རྣལ་འབྱོར་ནམ་མཁའི་ཞལ། །དག་པའི་སེམས་གཟུགས་དེ་ལ་ཕྱག་འཚལ་ལོ། །སྔ་དྲོའི་ས་ལ་ཉིན་མོའི་འོད་ཀྱིས་བཞིན། །སྙིང་གི་ཀུན་རྨོངས་མ་ལུས་ཞི་བགྱིད་པ། །ཟབ་པའི་མན་ངག་སྣང་བ་ཅི་ཡང་ཞིག །པད་དཀར་རྩོམ་པར་འདུན་པའི་མཁའ་ལ་རྒྱུ། །དཔལ་ལྡན་རྔོག་ལུགས་ནྱ་གྲོའི་དྷ་ཤིང་ལ། །དང་པོར་བརྟེན་པའི་ལེགས་བཤད་ཆུ་སྐྱེས་རྣམས། །སྨིན་པ་ཟབ་རྒྱས་བདུད་རྩིའི་འབྲས་བུ་ནི། །མཚུངས་མེད་འབྲུག་པའི་བཟའ་ཤིང་ར་བར་ལྷུང་། །ཉོག་པ་བྱ་གག་མཆུ་ཡིས་རེག་མིན་ཞིང་། །བསླད་པ་མི་གཙང་བོང་བས་མ་བཙར་བ། །སྙིང་ལ་འབབ་ཚིག་འདབ་མས་ཉེར་བཟུང་ནས། །སངས་རྒྱས་དོན་གཉེར་མགྲོན་ལ་བགོ་བཤར་བྱ། །འདིར། བཀའ་བསྲུང་ཅན་གྱི་རྒྱུད་དཔལ་གདན་བཞི་པ་ལས་ཕྱུང་བ། ཟབ་རྒྱས་ཀྱི་ཉིང་ཁུའི་གནད་བསྡུས་པའི་མན་ངག སངས་རྒྱས་ཀྱི་སར་ཅིག་ཅར་དུ་འཇུག་པའི་ལམ། མ་རིག་པའི་སྒོ་ལྔའི་སྦུབས་འབྱེད་པའི་ཐུར་མ། མཛུབ་ཚུགས་ཀྱི་སྒོམ་པས་ཤེས་བྱ་བརྟག་པ་འདི་བཤད་པ་ལ། རྣལ་འབྱོར་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་གདན་བཞི། རྗེས་སྦྱིན་སྲེག་གི་རིམ་པ་བཤད་པ་གསུམ་ལས། དང་པོ་ནི། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྔགས་པས་ཡིད་ལ་འཐད་པའི་གནས་སུ་བདེ་བའི་སྟེན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། ལག་པ་གསང་བའི་གནས་སུ་བསྣོལ། མིག་སྣ་རྩེར་གཏད། བྲང་ཡངས་པར་བྱས། རྒལ་ཚིགས་བསྲངས་ནས། ཆོས་ཐམས་ཅད་འབྱུང་བ་བཞིའི་རང་བཞིན། དེ་ཡང་རང་གི་སེམས་ཀྱི་འོད་ཙམ་སྟེ། སེམས་དེ་ཡང་དྲི་མ་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་འོད་གསལ་བ། དཔེར་ན་མེ་ལོང་གཡའ་དག་པ་ལྟ་བུ་སྟེ། ཆོས་ཐམས་ཅད་མི་མཉམ་པ་མེད་པ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་མཎྜྻལ་ཏེ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་རྣམ་པར་རྟོག་པ་གློ་བུར་བ་ཅི་སྐྱེས་པ་ཐམས་ཅད་དེའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། མཚོ་ལ་ཁ་བ་བབ་པ་ན་ཀུན་ཆུའི་ངོ་བོར་འགྱུར་བ་བཞིན་ནོ། །དེ་ལྟ་བུའི་སྟོང་པ་ཉིད་ཆུ་དང་འདྲ་བ་དེས། ཉོན་མོངས་པ་དྲི་མ་དང་འདྲ་བ་དེ་བཀྲུ་བས་ན་དྲི་ཆབ་སྟེ། ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ངོ་བོ་ལ་རྩེ་གཅིག་ཏུ་རྟོག་པ་ནི་མེ་ཏོག་ཡིན་ལ། དེའི་སྣང་ཆ་ལ་ཁྱབ་གདལ་བ་ནི་སྤོས་དང་། མ་རིག་པའི་མུན་པ་ཞི་ཞིང་ཤེས་བྱ་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་མཐོང་བ་མར་མེ་དང་། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་ཚིམ་པར་བྱེད་པས་གཏོར་མའམ་ལྷ་བཤོས། སེམས་མ་བཅོས་པར་བཅིང་བ་བསྲུང་བ་དེ་ཁོ་ན་ཉིད་ཀྱིས་ལྷ་མཉེས་པར་བྱེད་པས་མཆོད་པ་དང་སྦྱིན་སྲེག འཁྲུལ་པ་འདག་པར་བྱེད་པས་ཁྲུས་ཡིན་པར་ཡང་ཤེས་པར་བྱའོ། །དེ་ནི། སྔོན་དུ་གཉིས་མེད་སེམས་ཀྱིས་ནི། །ཞེས་པ་ནས། གཟུགས་རྣམས་ཐམས་ཅད་བཤིག་འོག་ཏུ། །ཞེས་པའི་བར་གྱི་དོན་ཏེ། ཆོས་ཐམས་ཅད་འོད་གསལ་བའི་ངོ་བོ་དང་། མཉམ་པ་ཉིད་དུ་སྦྱར་བ་དེའི་འོག་ཏུ་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་དམིགས་ལ། སྐད་ཅིག་གིས་པད་ཉིའི་གདན་ལ་ཧཱུྃ། དེ་གྱུར་པའི་རྡོ་རྗེ་དེ་ལས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་དབང་ཕྱུག་མ་བཻཌཱུརྻ་ལྟར་སྔོ་བ། གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ་ཟླ་ཚེས་ཕྱེད་པ་ལྟ་བུའི་མཆེ་བ་བཞི་གཙིགས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཁྱུད་པའི་ཚུལ་ཅན། གཡས་གཉིས་དགྲ་ཧྶ་དང་ཁཊྶཱཾ་ག གཡོན་གཉིས་ན་ཐོད་པ་དང་། རལ་གྲི་འཛིན་ཅིང་གདུགས་དཀར་པོ་ཕུབ་པའི་འོག་སེང་གེའི་སྟེང་སྣ་ཚོགས་པད་ཉིའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་། མཚན་དཔེའི་དཔལ་གྱིས་བརྗིད་ཅིང་སྒེག་མོ་བཅུ་དྲུག་མའི་ལང་ཚོ་ཅན། འོད་ཟེར་འབར་བའི་འཕྲེང་བས་འཁྲིགས་པར་གསལ་བ་འམ། ཡང་ན། ཧཱུྃ་དང་ཁ་ཊྶཱཾ་ག་ལས་སམ། སྐད་ཅིག་གིས་ཟླ་བའི་སྙིང་པོ་ལྟར་དཀར་བའི་སྐུ་ཅན། ཞལ་གཅིག་ཕྱག་གཉིས་མ། ཐོད་པ་དང་ཁ་ཊྶཱཾ་ག་བསྣམས་པ། ཅུང་ཟད་ཁྲོས་པའི་ཉམས་ཅན། ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བཏབ་པ་གང་རུང་གི་སྤྱི་བོར་ཀྵུཾ་དམར་པོ། མིག་ལ་ཧཱུྃ་སེར་པོ། རྣ་བ་དང་སྣ་ལ་ཡུཾ་སྔོན་པོ། ལྕེ་ཆུང་ལ་སུཾ་དཀར་པོ། མགྲིན་པར་སམརཡུཾ། ནཾ་ཚོང་ལ་ཧམརཡུཾ། སྙིང་གར་ཡམརཡུཾ། ལྟེ་བར་ཀྵམརཡུཾ། རྣམ་པ་ཡི་གེ ངོ་བོ་ལྷ་མོ་བརྒྱད་དུ་བསྒོམ་མོ། །གཉིས་པ་དངོས་གཞི་གདན་བཞི་ལ། མཆོད་རྟེན་བུམ་པ་ཤེས་རབ་གཞན་གྱི་ གདན། བ་ལང་ རྨིག་ པ་ཐབས་བདག་གི་གདན། བའི་ནུ་མ་ཟུང་འཇུག་སྦྱོར་བའི་གདན། སྙིང་ཆུ་ཤིང་གི་མེ་ཏོག་དེ་ཁོ་ན་ཉིད་གསང་བའི་གདན་བཞི་ལས། དང་པོ་ལ། ཉིན་མོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་སྒྱུ་ལུས། མཚན་མོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་རྨི་ལམ། བར་དོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་འདའ་ཀ་མའི་ལམ་དང་གསུམ་ལས། དང་པོ་ལ། སྒོང་སྐྱེས་ཀྱི་ཁྱིམ་དུ་རིལ་འཛིན་གྱིས་སེམས་འཆིང་བ་དང་། སྒོང་སྐྱེས་ཀྱི་ཁྱིམ་དུ་རྗེས་གཞིག་གིས་སེམས་འཆིང་བ་དང་། མཚན་མ་མེད་པའི་མཆོད་རྟེན་བུམ་པ་བསྒོམ་པ་གསུམ་ལས། དང་པོ་ནི། ལུས་ལྷར་བསྐྱེད་ཀྱང་དོན་ལ་མཆོད་རྟེན་ཡིན་ལ། དེའི་སྙིང་མཆོད་རྟེན་གྱི་བུམ་པར་འདོད་དོ། །དེ་ཡང་། སྙིང་གི་རྩ་བ་ནས་ཁ་བྱེ་བ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་འོད་ཀྱི་ཐིག་ལེ་སྒོང་ང་ལྟ་བུའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཡི་གེ་ཧཱུྃ་དཀར་པོ་བསྒོམ། ཕྱོགས་བཞིའི་པདྨ་ཚད་མེད་བཞིའི་རང་བཞིན་ལ་མི་བསྐྱོད་རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དོན་ཡོད་གྲུབ་པའི་རང་བཞིན་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཕྱེད་པ་དབྱིག་པ་ལྟ་བུ། ཐིག་ལེ་ལྟ་བུ། ལུ་གུ་རྒྱུད་ལྟ་བུ་ཨའི་རིགས་བཞི་བསྒོམ། འོད་དཀར་པོ་འཕྲོ་བའོ། །མཚམས་ཀྱི་འདབ་མ་ལ་རྀ་རཱྀ་ལྀ་ལཱྀ་བཞི་བསྒོམ་སྟེ། དོན་གྱི་སངས་རྒྱས་སྤྱན་མ་ལ་སོགས་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། རླུང་རྔུབ་པའི་སྦྱོར་བས་ཕྱི་རོལ་ནས་སྙིང་གའི་འོད་ཀྱིས་བསྐུལ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྒྱུན་སྣ་ནས་ཞུགས་སྤྱི་བོའི་ཧཾ་དང་། དེ་ནས་ཐིག་ལེ་ཕབ། བའི་ནུ་མར། དེ་ནས་སྒོང་སྐྱེས་ཀྱི་ནང་དུ་བབས་པར་བསམ། དགང་བའི་སྦྱོར་བས་དེའི་ཡིག་འབྲུ་རྣམས་དང་འདྲེས་པས་དབང་གསུམ་པའི་ཉམས་དྲན་པར་བྱས་ཏེ་བསྒོམས་པས་བདེ་བའི་ཉམས་སྐྱེས། གཞིལ་བའི་སྦྱོར་བས་ཧཱུྃ་ལས་མཆེད་པའི་རྡུལ་ཕྲ་རབ་ལྟ་བུའི་ཐིག་ལེས་ལུས་ཐམས་ཅད་ཁེངས། དབྱུང་བའི་སྦྱོར་བས་ཕྱི་རོལ་དུའང་དཀར་ལྷུག་ལྷུག་ཙམ་དུ་ཡང་བསམ་མོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་མོ། །དེ་ལ་ལྷར་བསྐྱེད་པ་བསྐྱེད་རིམ་མོ། །རླུང་བསྡུས་པ་རྡོ་རྗེའི་བཟླས་པའོ། །དགའ་བ་གསུམ་སྐྱེས་པ་སེམས་ལ་དམིགས་པའོ། །ལྷན་ཅིག་སྐྱེས་པ་འོད་གསལ་ལོ། །དེའི་རྒྱས་ཀུན་ལ་ཐེབས་པ་སྒྱུ་ལུས་སོ། །བདེ་སྟོང་གཉིས་སུ་མེད་པ་ཟུང་འཇུག་གོ །དེ་ལས་ཀྱང་སྐུའི་སྒོ་དགུ་འགག་པ་ལ་སོགས་པ་འབྱུང་ངོ་། །སྟོང་པ་ཞེས་པ་ན་མར་སེམས་སྟོང་པ་ཉིད་ཀྱི་རང་བཞིན་ཡི་གེ་ལ་སོགས་པའི་གཟུགས་སུ་བསྒོམ་པར་མི་རིགས་ཞེས་དྲིས་པའོ། །ལན་གྱི་དོན་ལ། སེམས་ཀྱི་རང་བཞིན་སྟོང་པ་ཡིན་པ་ལ་ཡི་གེ་ལ་སོགས་པ་བསྒོམས་པས་འབྲས་བུ་བདེ་བ་ཆེན་པོ་འབྱུང་བར་བསྟན་ཏེ། ཆུ་ཤིང་སྙིང་པོ་མེད་པ་ལས་འབྲས་བུ་འབྱུང་བའི་དཔེས་བསྟན་པའོ། །དབུས་སུ་གནས་པའི་ཡེ་ཤེས་དང་། ཞེས་པ་ཧཱུྃ་ལ་བྱ་སྟེ། དོན་དམ་པར་ཧཱུྃ་གི་གཟུགས་ཀྱང་མ་གྲུབ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་མཚོན་པའི་ཐབས་ཡིན་ཞེས་པའོ། །དངོས་པོ་དངོས་མེད་ངེས་བྲལ། ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་མཚན་ཉིད་བསྟན་ཏེ་མཐའ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །བླ་མའི་ལུང་ཞེས་པའི་དོན་ནི། བླ་མས་བསྟན་པ་ལས་ཤེས་པར་བྱ་ལ། ཧཱུྃ་ལས་བདུད་རྩི་ཕབ་པའི་ཚེ་འོད་ཟེར་རྡུལ་ཕྲ་རབ་ལྟ་བུ་ཐམས་ཅད་འཕྲོ་ཞིང་བདེ་བའི་ཉམས་དང་ལྡན་པར་བསྒོམ་པའོ། །མཚན་ཉིད་ཤེས་པ་བསམ་པར་བྱ། །ཞེས་པའི་དོན་ནི། སྙིང་ཆུ་ཤིང་གི་མེ་ཏོག་ཁ་ཕྱེ་ལ་སྒོང་སྐྱེས་ཀྱི་ཁྱིམ་དུ་སེམས་བཅིང་བའོ། །སྙིང་དང་ཚངས་པའི་སྒོ་དང་ནི། །ཐིགས་པ་སྒོའི་ལམ་ཉིད། ཅེས་པའི་དོན་ནི། མདོར་བསྟན་པའི་མན་ངག་སྒོམ་ཐབས་བསྟན་ཏེ། སྙིང་ཁོང་སྟོང་གི་ནང་ངམ་ཀླད་པ་དུང་ཁང་གི་ནང་སྟོང་པའམ། ཐིགས་པ་སྟེ་སྨིན་པར་གྱི་ནང་སྟོང་པར་རང་གི་སེམས་ཧཱུྃ་གི་རྣམ་པ་འོད་ལྟ་བུ་གང་བདེ་བདེར་འཁོར་བར་བྱ་ཞིང་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ་ཞེས་གསུངས་སོ། །ཕྱི་ཡི་ལམ་ནི་མ་ཡིན་ཏེ། །ཞེས་པ་ལ་སོགས་པའི་དོན་ནི་བླ་མའི་མན་ངག་གིས་རྟོགས་དགོས་པར་བསྟན་ཏེ། མཐོང་བར་འགྱུར་ཞེས་པའི་དོན་ནི། དེ་ལྟར་བསྒོམས་པ་ལས་རྟགས་ལྔ་ལ་སོགས་པ་འབྱུང་བར་ཤེས་པར་བྱའོ། །འཇིགས་པ་མེད་ཅེས་པ་ན་མར་སྤྱིར་ཡིད་ལ་སྒོམས་ཤིག་པ་བསྟན་པའོ། །གལ་ཏེ་ཞེས་པ་ན་མར་སེམས་གཙོ་བོར་གྱུར་པའི་བཟླས་པ་བྱ་སྟེ་རྡོ་རྗེ་བཟླས་པ་བྱ་བའོ། །འདི་རྣམས་ལ་རིམ་པ་ལྔ་དང་ལྡན་པ་དོན་གྱིས་ཤེས་པར་བྱའོ། །གཟུགས་ལ་སོགས་ཞེས་པ་སྲིད་པའི་ལོངས་སྤྱོད་ཅེས་པའི་དོན་ནི། རྗེས་ཀྱི་ཤེས་པ་ལ་གཟུགས་ལ་སོགས་པ་ལ་རྡོ་རྗེ་བཟླས་པ་བྱེད་ཅིང་བདེ་བ་ཆེན་པོར་རྒྱུ་མཐུན་པར་ཤེས་པས་ལོངས་སྤྱོད་པའོ། །དེ་ལྟར་གོམས་པར་བྱས་པའི་རྟགས་ནི། མར་མེ་ལྟ་བུ་ཞེས་པ་ན་མར་བསྟན་ཏེ། ཐུན་མོང་གི་རྟགས་སུ་ཤེས་པར་བྱའོ། །གཉིས་པ་སྒོང་སྐྱེས་ཀྱི་ཁྱིམ་དུ་རྗེས་གཞིག་གིས་སེམས་འཆིང་བ་ནི། གསང་བར་སྦྱོར་བའི་མཚན་ཉིད་ནི། དེ་ཉིད་མཆོག་གི་དེ་ཉིད་ཅེས་པ་ལ་སོགས་པའི་གདམས་ངག་ནི། སྤྱིར་ཡང་སེམས་རྟ་རྒོད་ལྟ་བུ་མི་བསྲུན་པ་དེ་ཡང་བུང་བ་སྦྲང་རྩིས་མྱོས་པ་བཞིན། འདོད་པའི་ལོངས་སྤྱོད་ཀྱིས་སེམས་གཡེངས་ཏེ། རྨོངས་པ་རྣམས་སྲིད་པའི་ལོངས་སྤྱོད་ལས་དྲངས་ཏེ། རྟ་ཕུར་ལ་རྟོད་པ་བཞིན་ཏིང་ངེ་འཛིན་རྩེ་གཅིག་པས་བསྡམས་ཏེ་གོམས་པར་བྱས་ནས་རྫོགས་པའི་བྱང་ཆུབ་འགྲུབ་བོ་ཞེས་ཐུན་མོང་དུ་ཡང་བསྟན་ནོ། །སྔོན་དུ་འགྲོ་བ་སྔར་བཞིན་ལ། དེ་ནས་སྲིད་པའི་སྒོ་འམ་ཨོལ་མདུད་དུ་བདུད་རྩིའི་ས་བོན་གྱིས་བསྲུང་ཞེས་པ་སུཾ་སྟེ་ལྕེའུ་ཆུང་ལ་བསྒོམ། ཆུ་དང་ཆུ་མིན་གྱི་སྒོར་མེའི་ས་བོན་ཞེས་པ་ཀྵུཾ་སྟེ་དེས་བསྲུང་། དེ་ནས་བསྲུང་བ་བྱས་ནས་སྙིང་ཆུ་ཤིང་གི་མེ་ཏོག་ཁ་ཟུམ་པ་ལྟ་བུ་སྟེ་སྙིང་གི་རྩ་བ་ནས་ཁ་ཕྱེ་ལ་པདྨ་དམར་པོ་འདབ་བརྒྱད་དུ་བསམ། པདྨའི་ཟེའུ་འབྲུར་ཐིག་ལེ་སྒོ་ང་ལྟ་བུའི་ནང་དུ་ཧཱུྃ་དཀར་པོ། ཕྱོགས་ཀྱི་འདབ་མ་བཞིར་མདུན་ནས་བརྩམས་ཏེ་གཡོན་སྐོར་དུ་སུཾ་ཀྵུ་ཡུཾ་ཧཱུྃ་འབྱུང་བ་བཞི་རྣམ་པར་དག་པའི་རང་བཞིན་ལྷ་མོའི་ངོ་བོ་ཡི་གེ་བཞི་འབྱུང་བའི་ཁ་དོག་དང་མཐུན་པར་བསྒོམ། མཚམས་ཀྱི་འདབ་མར་བྱང་ཤར་ནས་བརྩམས་ནས་གཡས་སྐོར་དུ། སམརཡུཾ་ཧམརཡུཾ་ཡམརཡུཾ་ཀྵམརཡུཾ་ཁ་དོག་ཕྱེད་མ་བསྒོམ། རྣམ་ཤེས་ཡེ་ཤེས་ཀྱི་ངོ་བོ་ཉིད་ཅེས་ཧཱུྃ་ཁ་དོག་དཀར་པོ་པ་དང་སྤྱོད་ལམ་ཇི་ལྟར་བདེ་བ་སྟེ་བདེ་བ་ཆེན་པོའི་རང་བཞིན་དུ་མངོན་དུ་གྱུར་གྱི་བར་དུ་བསམ་པར་ བྱའོ། །དེ་ནས་ཡི་གེ་རྣམས་རྗེས་སུ་གཞིག་པར་བྱ་སྟེ། ཕྱོགས་ཀྱི་ཡི་གེ་བཞི་གཡོན་སྐོར་གྱིས་ཧཱུྃ་ལ་བསྡུ། མཚམས་ཀྱི་ཡི་གེ་ཡང་རིམ་པ་དེ་ཉིད་ཀྱིས་བསྡུ། ཧཱུྃ་ཡང་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་སོང་ནས་མཐར་མི་དམིགས་པས་དངོས་པོར་ལྟ་བ་དང་འབྲལ་བ་ཡིན་ལ། དེའི་ཚེ་སྟོང་པ་ཅང་མེད་དུ་མི་བསམ་པས་དངོས་པོ་མེད་པར་ལྟ་བ་དང་འབྲལ་ལོ། །དངོས་པོ་དང་དངོས་པོ་མེད་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་སེམས་ཀྱི་རང་བཞིན་ཏེ་དེ་ཇི་ལྟ་བ་བཞིན་དུ་མཉམ་པར་འཇོག་པ་ནི་ལམ་རྣལ་མ་སྟེ། ཚུལ་འདིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སེམས་སུ་ཤེས་པས་སེམས་ལ་དམིགས་པ། རླུང་འབྱུང་འཇུག་གནས་པ་གསུམ་རྡོ་རྗེའི་བཟླས་པ། ལྷ་བསྐྱེད་པ་སྒྱུ་ལུས། སྟོང་པ་ཉིད་ལ་གཞུག་པ་འོད་གསལ། དེ་ཁོ་ན་ཉིད་བསྒོམ་པ་ཟུང་འཇུག་གོ །རྟགས་དུ་བ་ལ་སོགས་པ་ཐམས་ཅད་འབྱུང་ངོ་། །ཆུ་ནི་ཤར་ཞེས་པ་ན་མར་སྔར་གྱི་ཡི་གེ་རྣམས་ཀྱི་རང་བཞིན་འབྱུང་བ་བཞི་དང་ཡི་གེའི་ཁ་དོག་བཤད་དེ། མཚམས་ཀྱི་ཡིག་འབྲུ་ཁ་དོག་ཕྱེད་མར་བྱའོ། །ལྷག་པའི་རྣམ་ཤེས་ཞེས་པ་ན་མར་དབུས་ཀྱི་ཧཱུྃ་སྒོང་སྐྱེས་དེ་པདྨ་དང་བཅས་པ་གཞིག་པར་བསྟན་ཏོ། །གཟུགས་མེད་ཅེས་པ་ཧཱུྃ་གི་རྣམ་པ་ལས་འདས་ཏེ་བདེ་སྟོང་ཙམ་དུ་བསྟན་ཏོ། །སེམས་ཀྱི་མཚན་ཉིད་ཅེས་པ་ན་མར་དེ་ཉིད་ཀྱི་དོན་བསྟན་ཏོ། །སྟོང་པའི་དབུས་ཞེས་པ་མཐའ་དང་བྲལ་བའི་ཡི་གེ མེ་སྟག་གི་རྡུལ་ཞེས་པ་གསལ་བའི་རང་བཞིན་བསྟན་གསུང་། ཨཱ་ལི་ཀཱ་ལིའི་ས་བོན་ཧཱུྃ་སྟེ་རིམ་གྱིས་གཞིག་པས་རྡུལ་ཕྲ་རབ་ཙམ། མིང་དང་བྲལ་ཞེས་པས་རྡུལ་ཕྲ་རབ་ལས་ཀྱང་འདས་ཏེ་སྟོང་པ་ཉིད་དུ་བསྟན་ཏོ། །སྟོང་པ་རུ་ཡང་ཞེས་པ། སྟོང་ཞེས་པ་རུ་ཡང་མི་བསམ། གཟུགས་ཞེས་པ་དངོས་པོར་ཡང་མི་བསམ་སྟེ་མཐའ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །འོ་ན་རང་གར་གཟུང་ངམ་ཞེ་ན། བླ་མའི་མན་ངག་གིས་འགྲུབ་ཅེས་པའོ། །ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ཏེ་མངོན་སུམ་དུ་གྱུར་པས། ཡུལ་འཁོར་བསྲུང་ཞེས་པས་གཞན་དོན་བྱ་བར་འདོད་ན་ཇི་ལྟར་བདེ་བའི་གཞན་དོན་ཞེས་པའོ་རྒྱུན་ཏུ་ཞུགས་པ་ནི་ས་དང་པོ་རྟོགས་པའོ། །ཁམས་གསུམ་ཡེ་ཤེས་ནི་ཁམས་གསུམ་རོ་གཅིག་པ་སྟེ། སྟོང་ཉིད་རྟོགས་པ་དང་མཁའ་ལ་རྒྱུ་བ་ཐོགས་པ་མེད་པ་བཞིན་བྱའོ། །རང་གཞན་ཐམས་ཅད་བདག་མེད་པར་ཤེས་ན་འཁོར་བ་ལས་བརྒལ་བར་འགྱུར་རོ། །གསུམ་པ་མཚན་མ་མེད་པའི་མཆོད་རྟེན་གྱི་བུམ་པ་བསྒོམ་པ་ནི། ཡང་དག་ལྟ་བའི་གཟུགས་ཅན་གྱིས། །ཞེས་པའི་དོན། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་བསྒོམ་པ་དེའི་འོད་ཟེར་མེ་ལྟ་བུས་ཕྱི་ནང་གི་ཆོས་ཐམས་ཅད་བསྲེགས་ཏེ་སྟོང་པ་ཉིད་དུ་བསྒོམ་པ་ནི། ཟླ་བའི་ས་བོན་ཞེས་པ་ཨ་ལ་བྱ་ལ། དེ་ཉིད་སྟོང་པ་ཉིད་ཀྱི་མིང་ཡིན་པའི་ཕྱིར་བསྐྱེད་པའི་རྒྱུར་གཟུང་ངོ་། །དེ་ལས་ལུས་གསལ་བཏབ་པ་མཆོད་རྟེན་གནས་ནི་གདན་ཏེ། ཞབས་བསྐྱེད་འགུགས་ཞེས་པ་ཧཱུྃ་གི་ཞབས་བསྐྱེད་ཡིན་ཏེ། ཧཱུྃ་ཁ་སྤྲད་གཉིས་པུས་མོ་གཡས་གཡོན་ཡིན་ཏེ། དེ་ཉིད་ཁ་ཤར་དང་ལྷོར་བལྟས། ཞབས་བསྐྱེད་བཞི་པུས་མོ་བཞི། ཕྱི་རོལ་དུ་ས་རིན་པོ་ཆེ། ཟུང་བརྒྱད་དུ་གྲུབ་པ་མཆོད་རྟེན་བཞུགས་པའི་གནས་སོ། །དྲིལ་བུ་ནི་ཁ་གསུང་ནའང་ལུས་ཉིད་དོ། །དེ་ནི་རི་རབ་ལྷུན་པོའི་རང་བཞིན་ཡིན་པས་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ཤེས་པར་བྱའོ། །བྲེ་ཞེས་པ་རྐེ་སྟེ། འདོད་པའི་ལྷ་ཞེས་པ་ནམ་མཁའ་ལ་བརྟེན་པའི་འདོད་པའི་ལྷའི་གནས་སུ་ཤེས་པར་བྱའོ། །བདག་མེད་ཆོས་ནི་ལུས་ཁོང་སྟོང་དང་ལུས་ཆོས་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །གཟུགས་ཁམས་བཅུ་བདུན་དབང་ཕྱུག་ཆེན་པོའི་གནས་དང་བཅོ་བརྒྱད་སྒལ་ཚིགས་སུ་ཤེས་པར་བྱའོ། །འཁོར་ལོའི་རིམ་པ་བཅུ་བདུན་ནམ་བཅོ་བརྒྱད་དོ། །གཟུགས་མེད་ཀྱི་ལྷ་ནི་ཨ་ཝ་དྷཱུ་ཏཱིའི་མར་སྣ་གསང་བའི་གནས་ལ་ཐུག་པའོ། །སྟེང་ནི་བུམ་པ་སྟེ་སྙིང་ཉིད་དོ། །སྒོང་སྐྱེས་ནི་སྙིང་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུ་ཐིག་ལེའི་ནང་དུ་ཧཱུྃ་བསྒོམ་པར་བྱའོ། །དེ་ལྟར་ལུས་ཧཱུྃ་གི་རང་བཞིན་མཆོད་རྟེན་དུ་གྲུབ་པས། ཁམས་གསུམ་རོ་གཅིག་པའི་བདག་ཉིད་ཡེ་ཤེས་ཀྱི་སྐུར་ཤེས་པར་བྱའོ། །དབང་པོ་རབ་ཀྱིས་སོ། །དབང་པོ་དམན་ན་ཧཱུྃ་ལ་སེམས་ཟིན་ཅིང་ལས་སུ་རུང་བར་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ལ་སྦྱར་བར་བྱ་བའོ། །གཉིས་མེད་ཅེས་པ་ན་མར་ཧཱུྃ་ངམ་མཆོད་རྟེན་གྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བར་ཤེས་པར་བྱའོ། །སྦྱིན་དང་ཞེས་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བས་མཆོད་པ་སྟེ་ལུས་ལ་ཆགས་པ་མེད་ཅིང་གཏོང་བའི་བསམ་པས་སྦྱིན་པ། ལུས་ངག་སེམས་གསུམ་མཆོད་རྟེན་དུ་བསྡམས་ཤིང་མཉམ་པར་བཞག་པས་ཚུལ་ཁྲིམས། བདག་མེད་པར་རྟོགས་པ་ལ་བསྲན་ཐུབ་པས་བཟོད་པ། སྤྲོ་བས་མྱུར་དུ་འཇུག་ཅིང་རྒྱུན་མི་འཆད་པས་བརྩོན་འགྲུས། ཏིང་ངེ་འཛིན་རྩེ་གཅིག་པས་བསམ་གཏན། ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་བླང་བྱ་ཤེས་པས་ཤེས་རབ་བོ། །འཇིགས་མེད་ཅེས་པ་ལ་སོགས་པས་གཡེང་བ་སྤངས་ཏེ་མཉམ་བཞག་གཙོ་བོར་གྱུར་པ་བསྒོམ་པ་བསྟན་ཏོ། །ཆོས་ཀྱི་དབྱིངས་ཞེས་པ་ན་མར་གདན་བཞིའི་རྣལ་འབྱོར་གྱི་བསྟན་བཅོས་ཀྱི་རྗེས་སུ་འབྲང་སྟེ་བླ་མའི་མན་ངག་བཞིན་དུ་ཉམས་སུ་བླངས་ན་རང་དོན་གཞན་དོན་འགྲུབ་པར་བསྟན་ནོ། །གཉིས་པ་རྨི་ལམ་ལ། གཟུང་བ། སྦྱང་བ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་བ། རྨི་ལམ་སྒྱུ་མར་ཤེས་པར་བྱ་བ། གཉིད་དང་སྣང་བ་བསྲེ་བ་ལྔ་ལས། དང་པོ་ནི། སྤྱིར་ཤེས་པའི་གནས་ལུགས་ལས། གཉིད་མཐུག་པོའི་དུས་ན་སྙིང་ག་ན་གནས། ཐ་མལ་པའི་དུས་སུ་ལྟེ་བ་ན་གནས། འཁྲིག་པའི་དུས་སུ་སྤྱི་བོ་ན། གཉིད་དུས་སུ་མགྲིན་པ་ནའོ། །དེ་ལས་གར་གནས་པའི་སར་བཟུང་ན་བཟུང་སླ་བས་གཉིད་ཀྱི་དུས་སུ་མགྲིན་པར་པདྨ་འདབ་མ་བརྒྱད་པ་གཅིག་བསམ། དེའི་དབུས་སུ་ཨ་དམར་པོ་མེ་རླུང་གི་རང་བཞིན་ཅན་ཞིག་བསམ། ཕྱོགས་བཞིའི་འདབ་མ་ལ་ས་དང་ཆུའི་རང་བཞིན་གྱི་ཡི་གེ་བསིལ་ཞིང་ལྕི་བ་ཁ་དོག་དཀར་པོ་བཞི་བསམས་ཏེ། ཨ་ནུ་ཏ་ར་ཞེས་པ་ཤར་གྱི་འདབ་མ་ནས་བྱང་གི་བར་དུ་དགོད། མཚམས་ཀྱི་འདབ་མ་སྟོང་པར་བཞག་གོ །དེ་ནས་དབུས་ཀྱི་ཨ་ལས་འོད་དམར་པོ་ཞིག་བྲེང་སྟེ་སོང་སྟེ་ཤར་གྱི་ཨ་ལ་ཕོག་པས་དེ་འོད་དུ་ལྟེམ་གྱིས་ཞུ་སྟེ་དབུས་ཀྱི་ཨ་ལ་བསྡུས་པར་བསམ། དེའི་དུས་སུ་རྟོག་པ་རགས་རིམ་འགགས་པ་དེ་སེམས་སྣང་བ་ཡིན་ནོ། །ཡང་ཨ་ལས་འོད་སྔ་མ་ལྟ་བུ་བྱུང་སྟེ་ལྷོའི་ནུ་ལ་ཕོག་པས། དེ་ཞུ་བ་དང་ཚུར་འདུས་པས་རྟོག་པ་དེ་བས་ཀྱང་ཆ་ཕྲ་བ་འགགས་པ་སྣང་བ་མཆེད་པའོ། །ཡང་སྔ་མ་ལྟར་ནུབ་ཀྱི་ཏ་ལ་ཕོག་པས་ཞུ། ཚུར་འདུས་པས་དེ་བས་ཀྱང་ཆ་ཕྲ་བ་འགགས་པ་སྣང་བ་ཐོབ་པའོ། །ཡང་སྔ་མའི་རིམ་གྱིས་བྱང་གི་ར་ལ་ཕོག་པས་དེ་འོད་དུ་ཞུ། ཚུར་བསྡུས་ཏེ་དེའི་དུས་སུ་རྟོག་པ་ཐམས་ཅད་ནུབ་སྟེ་འོད་གསལ་སྟོང་པར་འགྲོའོ། །དེ་ནས་བསྒོམ་པའི་ཤུགས་དེ་ཡིད་ལ་བྱས་ཏེ་ཉལ་བས་རྣམ་རྟོག་སྔ་མ་ལྟར་རིམ་གྱིས་འགགས་ཏེ་འོད་གསལ་སྟོང་པར་ཕོགས་གཅིག་ལྟེངས་ཀྱིས་འགྲོ། དེ་ནས་སྔར་གྱི་བག་ཆགས་ཀྱི་འཕྲོ་བྱུང་བ་འམ། དེ་མིན་པའི་ཟང་ཟིང་མང་དུ་བྱུང་ན་སྒོམ་འོང་བའི་རྟགས་ཡིན། དེ་ལྟར་བྱས་པས་ཅི་ཡང་མ་བྱུང་ན་འབད་རྩོལ་དྲག་ཏུ་བྱས་ཏེ་རྨི་ལམ་བསམས་ཀྱིན་ཡིད་ལ་བྱའོ། །གཉིས་པ་ནི། སྔ་མ་ལྟར་པདྨ་ལ་སོགས་པའི་བསྒོམ་ལུགས་འདྲ། སེམས་ཀྱི་འཕེན་པས་རྨི་ལམ་དུ་པདྨ་ལ་སོགས་པ་སྔར་གྱི་བསྒོམ་པ་དེ་ལྟ་བུ་དེ་ཡང་ཡུན་རིང་དུ་བྱའོ་སྙམ་དུ་བསམས་ནས་ཉལ་བས་གོམས་ཤིང་ཡུན་ཇེ་རིང་དུ་འོང་བ་སྟེ་སྦྱང་བའོ། །གསུམ་པ་ནི། གོང་མ་ལྟར་སྒོམ་པ་དེ་ཉིད་རྨི་ལམ་ཡིན་སྙམ་དུ་ཤེས་པར་བྱའོ་སྙམ་པའི་སེམས་པས་ཉལ་བ་དང་། མགྲིན་པར་པདྨ་བསྐྱེད་པ་ལ་སོགས་པས་སྔར་ཇི་ལྟར་བསྒོམས་པ་དེ་རྨི་ལམ་དུ་བལྟ་ཞིང་ཤེས་པ་འབྱུང་ངོ་། །བཞི་པ་ནི། དབང་པོ་རྣོན་པོའི་གང་ཟག་ཅིག་ཡིན་ན་གོང་མ་དེ་ཉིད་ཀྱིས་སྒྱུ་མར་ཤེས་སོ། །རཏལ་པོ་ཡིན་ནའང་པདྨ་དང་ཡིག་འབྲུ་བསམ་པ་གོང་དང་འདྲ་བ་ལས། འཕེན་པ་སྔར་ཇི་ལྟར་བསྒོམ་པ་དེ་ཐམས་ཅད་སྒྱུ་མར་ཤེས་པར་བྱའོ་སྙམ་དུ་བསམས་ཏེ་ཉལ་བར་བྱ་བའི་བསམ་པ་བཏང་། དེས་དེ་ལྟར་ཤེས་པ་འབྱུང་ངོ་། །ལྔ་པ་ནི། ད་ལྟ་གསོན་པའི་གནས་སྐབས་སུ་ཅིར་སྣང་ཐམས་ཅད་རྨི་ལམ་དུ་ཤེས་པར་བྱས་ཤིང་བསྒོམས་པས། དེ་གོམས་པས་གཉིད་མ་ལོག་པའི་དུས་ཀྱི་དངོས་པོ་ཀུན་རྨི་ལམ་དུ་ཤེས་པའོ། །དེ་ཡང་གཉིད་ཀྱི་དུས་སུ་དངོས་པོ་སྣང་བ་ཀུན་གཉིད་ཀྱི་དུས་དེ་ཉིད་དུ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་སེམས་བཏང་ལ་ཉལ་ལོ། དེ་ལྟར་ཤེས་པ་འབྱུང་སྟེ། དེའི་དུས་སུ་ཐམས་ཅད་རྨི་ལམ་དང་འདྲ་བར་ཤེས་པས་གོང་གི་བཞིན་བྱས་ལ། དེ་ནས་བདེ་བ་བསྐྱེད་དེ་དེ་ལ་སེམས་གཏད་དེ་དབུགས་མནན་ལ་ཅུང་ཞིག་བསྒོམ། དེ་ནས་ཡི་གེ་ཐིག་ལེའམ་པདྨ་ལ་གནས་པ་རྣམས་ལས་འོད་འཕྲོས་པས་ཕྱོགས་མཚམས་ཀྱི་དངོས་པོ་མ་ལུས་པ་རང་གི་ལུས་ལ་བསྡུས་ཏེ་པདྨ་དང་ཡིག་འབྲུ་ལ། ཕྱིའི་ལུས་ཀྱང་ཡིག་འབྲུ་ལ། དེ་བྱང་སེམས་ཀྱི་ཐིག་ལེ་ལ། དེ་ལྟེ་བའི་ཧཱུྃ་ལ། ཧཱུྃ་ཡང་མས་བསྡུས་ཏེ་ནཱ་ད་ལ། དེ་ཡང་ཇེ་ཕྲ་ལ། སྟོང་པ་བདེ་བའི་ཉམས་མ་ཤོར་བར་ཅིར་ཡང་མི་རྟོག་པ་ལ་སེམས་གཏད། དེ་ལས་ངལ་ན་སྔར་གྱི་བསྐྱེད་པ་ཚོ་ལ་སྐད་ཅིག་གིས་དམིགས། དེས་སྐྱོ་ན་ཡང་སྟོང་པར་བསྡུ་ཞིང་བསྒོམ། དེ་ལྟར་བྱས་པས་བསྐྱེད་རིམ་དང་རྡོ་རྗེའི་བཟླས་པ་ལ་སོགས་པ་ཚང་ལུགས་ཀྱང་སྔར་བཞིན་ནོ། །རྟགས་ཀྱང་སྐུའི་སྒོ་དགུ་འགགས་པ་ལ་སོགས་པ་དང་རྒྱུད་ལས་འབྱུང་བའི་རྟགས་བཅུ་ལ་སོགས་པ་ཡང་འབྱུང་ངོ་། །གསུམ་པ་བར་དོ་མི་འཁྲུལ་བར་བྱེད་པའི་བསམ་གཏན་འདའ་ཀ་མའི་ལམ་ལ། འདའ་ཀ་མ་དངོས་དང་། སྦྱོར་བ་སྒྲུབ་པའི་བྱེ་བྲག་གཞན་བཤད་པ་གཉིས་ལས། དང་པོ་ནི། སྦྱོར་བ་བསྐྱེད་རྫོགས་ཀྱི་ལམ་ལ་གནས་པ་ཞིག་ལ་ཕྱི་དང་ནང་གི་འཆི་ལྟས་བྱུང་ན་ཆོ་གས་བླུ་བ་འབད་དེ་བྱའོ། །འཆི་ལྟས་ངེས་པ་ཞག་བདུན་ན་འཆི་བའི་ཚེ། དེའི་གོང་དུ་འཕོ་བར་བྱའོ་ཞེས་གསུངས་སོ། །དེ་ཡང་སྔོན་དུ་རླུང་བུམ་པ་ཅན་ལ་སྦྱང་བར་བྱ་སྟེ། རྣལ་འབྱོར་པ་དགོན་པ་ལ་གནས་པ། ལྟོ་འགྲངས་པ་མ་ཡིན། ལྟོགས་པ་མ་ཡིན་པ། ཁམས་སྙོམས་པ་འདུ་འཛི་སྤངས་པ་ཞིག་གིས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། ལག་པ་གསང་གནས་སུ་བསྣོལ་ཞིང་མིག་སྣ་རྩེར་ཕབ་ལ། རོ་སྟོད་རྒྱས་པར་བྱ། སྐེད་པ་བསྲང་། དབུགས་ཐེབས་བཅུ་ཙམ་ཁོང་པ་ནས་ཟད་པར་སྤྲོའོ། །དེ་ནས་ནང་དུ་ཧབ་བྱས་ནས་བརྔུབས་པས་ཁོང་པའི་ནང་ཐམས་ཅད་གང་བར་བྱའོ། །དེ་ནས་རླུང་གི་རེག་བྱ་སྟེ་འཇམ་པ་བདེ་བར་ཡུན་ཅུང་ཟད་ཅིག་གནས་པར་བྱའོ། །ཞི་བའོ། །དེའི་རྗེས་སུ་ཡང་ཐེབས་གཅིག་ནང་དུ་བརྔུབས་ལ་ཐེབས་ཉི་ཤུ་རྩ་བཞིར་དབྱུང་སྟེ་སྦྱང་བའོ། །དེ་བཞིན་དུ་ཡང་དང་ཡང་དུ་གོམས་པར་བྱས་པས། བུམ་པ་ཆུས་གང་བ་བཞིན་དུ་ཡུན་རིང་དུ་གནས་པའི་ཚེ་འཕོ་བ་ལ་སྦྱར་བར་བྱའོ། །རྒྱས་པ་ལྔའི་མཆོད་རྟེན་ཞེས་པ་ལུས་ལ་བྱ་སྟེ། དེའི་སྒོ་དགག་པ་ནི་སྔར་བཞིན་དུ་མིག་གཉིས་སུ་ཧཱུྃ་སེར་པོ་རེ། ལྕེའུ་ཆུང་དུ་སུཾ་དཀར་པོ། སྤྱི་བོར་ཀྵུཾ་དམར་པོ། སྣ་དང་རྣ་བ་རྣམས་ལ་ཡུཾ་སྔོན་པོ། མགྲིན་པར་སམརཡུཾ། དཔུང་པར་ཧམརཡུཾ། སྙིང་གར་ཡམརཡུཾ། ལྟེ་བར་ཀྵམརཡུཾ། ཡན་ལག་བརྒྱད་ལ་དགོད། དེ་ནས་འོག་སྒོ་ཞེས་པ་གཅི་བའི་སྒོར་ཧཱུྃ་དགོད། ཆུ་མིན་ཏེ་བཤང་སྒོར་ཀྵུཾ་དགོད་དོ། །དེ་ནས་བུམ་པ་གང་བ་ལྟ་བུ་དེ་ ལ་ལུས་ རླུང་གི་ མདོག་ཅེས་པ་མཁལ་ཁུང་གཉིས་མཆན་འོག་གཉིས། རྐང་མཐིལ་གཉིས་ཏེ་དྲུག་ཏུ་ཡུཾ་སྔོན་པོ་དྲུག་དགོད་དོ། །སེམས་རླུང་གི་དཀྱིལ་འཁོར་ཞེས་པས། སྙིང་པདྨ་འདབ་བརྒྱད་དབུས་སུ་ཧཱུྃ་ཡུཾ་སྔོན་པོ་བཞིས་མཐའ་མ་བསྐོར་བར་བསམས་ལ། ལྟེ་བ་ནས་བརྩམས་ཏེ་སྤྱི་བོའི་བར་དུ་པདྨ་འདབ་བརྒྱད་དམར་པོ་ཉི་ཤུ་རྩ་གཅིག་དོང་རྩེ་བརྩེགས་པ་ལྟར་བསྒོམས་ཏེ། ལྟེ་བའི་པདྨའི་དབུས་སུ་ཨཱཿ སྤྱི་བོ་ཚངས་པའི་བུ་གར་ཀྵུཾ། དེ་གཉིས་འོད་ཀྱི་རི་མོ་བ་ཐག་ལྟ་བུས་སྦྲེལ་ཏེ། པདྨའི་དཀྱིལ་འཁོར་དཀར་བྲང་དེ་བསྒོམ། ཧིཿཀ་ཞེས་དྲག་ཏུ་བརྗོད་པས་ཨ་དེ་ཐག་པས་འཐེན་པ་བཞིན་པདྨའི་སྟེང་དུ་ཕྱིན་པར་བསྒོམ། དེ་ལྟར་ཉི་ཤུ་རྩ་གཅིག་ཏུ་ཧིཿཀ་ཞེས་བརྗོད་པས། ཨ་དེ་སྤྱི་བོའི་པདྨའི་བར་དུ་སྟེང་དུ་ཀྵུཾ་གྱིས་འཐེན་ཅིང་། ཁྲོན་པ་ནས་ཆུ་དྲངས་པ་བཞིན་ཕྱིན་པར་བྱའོ། །ཡང་ཐུར་ལ་ཧིཿཀ་ཞེས་བརྗོད་ཅིང་ཐག་པ་ཐུར་ལ་བརྐྱང་བ་བཞིན་པདྨ་རེ་རེའི་ནང་དུ་བབས་པ་དང་། ལྟེ་བའི་བར་དུ་ཡང་ནས་ཡང་དུ་སྦྱང་བར་བྱའོ། །དེ་ལྟར་གོམས་པ་དང་ལྟེ་བ་དང་སྤྱི་བོར་རེག་བྱ་སྲ་སྲའོ་འམ་ཇི་ཞིག་ལྟར་ཉམས་སུ་མྱོང་བ་འོང་སྟེ། འབུར་གྱིས་མངོན་པ་འབྱུང་ངོ་། །དེ་ལྟར་ལོབས་པ་དང་གནས་སུ་དྲི་ཞིམ་པོས་མཎྜྻལ་བྱ། མཆོད་པ་དང་གཏོར་མ་ཆེན་པོ་བཤམས། རང་ལ་ཡོད་པའི་དངོས་པོ་ཐམས་ཅད་རྩྭ་བཞིན་དུ་དོར་ནས་གཞན་ལ་དབུལ་ཞིང་སྦྱིན་གང་ལ་ཡང་ཆགས་པ་མེད་པར་བྱས་ལ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ཆང་གི་མཛུབ་འཐོར་བྱས་པས། ནམ་མཁའི་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བར་བསམས་པས། སྤྱི་བོའི་ཀྵཾུ་དེ་བསལ་ལ་བུག་པ་ནག་དང་དེ་བ་ཞིག་བསམ། རང་ཡི་དམ་གྱི་ལྷའི་ཏིང་ངེ་འཛིན་གྱིས་གང་འདོད་པའི་སར་དམིགས་ལ། ཉི་ཤུ་རྩ་གཅིག་ཏུ་དྲངས་པའི་ཐ་མ་ཧི་ཀ་ཞེས་འཕུལ་བའི་ཚུལ་གྱིས་སྤྱི་བོ་ནས་འཕོ་བར་བྱའོ། །ཞེས་གསུངས་སོ། འདི་ནི་རིག་པ་འཛིན་པ་ལྷའི་ལུས་ལ་སོགས་ཏེ་གང་འདོད་པའི་ལུས་དེ་ཐོབ་པར་འགྱུར་རོ། །སྣ་ནས་གནོད་སྦྱིན་གནས་སུ་ཞེས་པ་ལ་བརྟེན་ནས་མན་ངག་གི་དོན་གཅིག་གསུངས་ཏེ། སྣ་གཡས་ནས་འཕོས་ན་གནོད་སྦྱིན་གྱི་གནས་སུ་སྐྱེ་བའོ། །གཡོན་གྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་གསུང་། གཞོགས་གཡས་པ་འོག་ཏུ་བཅུག་ནས་ཉལ་ན་རླུང་གཡོན་ནས་འཕོ་ལ། གཡོན་འོག་ཏུ་བཅུག་ན་གཡས་ནས་རྒྱུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདའ་བའི་དུས་སུ་དབུ་བྱང་དུ་བསྟན་ནས་གཞོགས་གཡས་པ་འོག་ཏུ་བཅུག་ནས་མྱ་ངན་ལས་འདས་པ་ཡིན་པས། རྣལ་འབྱོར་པས་གཞོགས་གཡས་པ་འོག་ཏུ་བཅུག་ནས་ཉལ་བར་བྱའོ་གསུང་། ཉལ་ཐབས་ཀྱི་འཕོ་བ་བྱ་བ་ཡིན་སྐད་དོ། །རླུང་དང་ལས་ཚོགས་སུ་བསྟུན་ན་ཡང་གཞོགས་གང་འདོད་པ་འོག་ཏུ་གཞུག་གསུང་ངོ་། །གཡོན་ནས་རྒྱུ་བའི་དུས་སུ་དགེ་བའི་ལས་བྱ་བ་དང་། གཡས་ནས་རྒྱུ་བའི་དུས་སུ་ཚར་གཅད་པའི་ལས་བྱ་བར་བཤད་པ་ལ་དགོངས་པའོ། །གཉིས་པ་ནི། སྔར་བཞིན་དུ་རྣལ་འབྱོར་གྱི་སྔོན་དུ་འགྲོ་བ་བྱས་ནས། ནང་གི་སྦྱོར་བ་སྙིང་པདྨ་དཀར་པོ་ཆུ་ཤིང་གི་མེ་ཏོག་ཁ་བྱེ་བའི་ཟེའུ་འབྲུ་ལ་ཐིག་ལེ་སྒོ་ང་ལྟ་བུའི་ནང་དུ་ཧཱུྃ་ཐབས་ཤེས་དབྱེར་མེད་བསྒོམ་ཞིང་། མཐའ་མར་ཨཱ་ལི་ཐུར་དུ་བརྒྱད་ཁ་དོག་དཀར་པོ་བསམས་ཏེ། དེ་མཐར་ཕྱིན་གྱི་བར་བསྒོམ་པ་ནི་བསྙེན་པའོ། །དེ་ནས་ཕྱིའི་སྦྱོར་བ་ནི་གཞན་གྱི་སེམས་ཤེས་པར་འདོད་པའི་བསྒྲུབ་བྱ་སྟེ། སེམས་ཀྱི་རང་བཞིན་གནས་འགྱུར་ནི། རང་གི་ལུས་ཉམས་འགྱུར་ཞེས་པ་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུའི་སྟེང་དུ་མེ་གྲུ་གསུམ་འབར་བའི་སྟེང་ཉི་མའི་དཀྱིལ་འཁོར་དབུས་སུ་བསྒྲུབ་བྱ་དེ་བཞག་གོ །དེའི་སྙིང་པདྨ་དཀར་པོ་ཁ་བྱེ་བའི་དབུས་སུ་ཉི་མ་ལ་ཧཱུྃ་དམར་པོ་མཐའ་མར་ཨཱ་ལི་དམར་པོ་བརྒྱད་གསལ་བར་བསྒོམ་པར་བྱའོ། །དེ་ནས་རྣལ་འབྱོར་པའི་རླུང་ཕྱིར་འབྱུང་བའི་དུས་སུ་ཧཱུྃ་དང་ཨཱ་ལི་བརྒྱད་པོ་སྣ་བུག་ནས་བྱུང་ནས་བུང་བ་ལྟ་བུ་དེ་བསྒྲུབ་བྱའི་སྣ་གཡོན་དུ་ཞུགས་ནས་པདྨ་དང་ཡིག་འབྲུ་རྣམས་ཟོས། ཞེས་པ་གཅིག་ཏུ་འདྲེས་ཤིང་རོ་གཅིག་པར་བྱས་པའོ། །བར་དེར་ཨོཾ་ཨཱཿཧཱུྃ་བཟླ་ཞིང་ཁོའི་སྣ་གཡས་ནས་འཐོན་ཞིང་རང་གི་གཡོན་དུ་ཞུགས་ནས་ཡིག་འབྲུ་རྣམས་ལ་སྐྱུགས་པ་རེ་ཐིམ་པར་བྱའོ། །བར་དེར་བཟླས་པ་བྱ་ཞིང་མཉམ་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་གོམས་པ་ལས་གཞན་གྱི་སེམས་ལ་ཅི་མནོ་རང་ལ་གསལ་ཞིང་ཤེས་པར་འགྱུར་རོ། །ཡང་ན་ཨའི་སྒྲ་ཉན་ནས་འོག་རིམ་པ་བདུན་ཡན་ཆད་ཤེས་པར་འགྱུར་རོ། །དབང་དུ་བྱེད་ན་ཆགས་པའི་བསམ་པས་དམར་པོ་བྱ་ཞིང་། ཁོའི་སེམས་དེ་བདག་ལ་ཤིན་ཏུ་ཆགས་པར་བསམ་ཞིང་ཚུར་བསྡུས་ལ་རང་ལ་བསྟིམ་པར་བྱའོ། །གྲོང་དུ་འཇུག་ན་ཚུར་མི་བསྡུ་བར་ཕ་གིར་ཡུན་བསྲིངས་ལ། ཐ་མ་ཕར་ལ་གཏོང་ཁར་སྣ་གཡས་ནས་བཏོན་ལ་ཕ་རོལ་པོ་དེ་གཡོན་དུ་ཞུགས་ལ་ཕ་གིར་གནས་པར་བསམ། གོམས་པའི་ཚད་རང་གི་ལུས་རོར་འགྲོ་བའམ་མདུན་དུ་མཐོང་བའོ། །གང་རུང་རུང་དུ་འཇུག་པར་འདོད་ན། མདུན་དུ་མེ་ཏོག་ལྟ་བུ་ལ་གོམས་པར་བྱས་ནས། དེ་ནས་ཁོ་ལ་འཇུག་པར་བྱའོ། །ཐམས་ཅད་ལ་འཇུག་པ་དང་འབྱུང་བའི་དུས་སུ། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་རྡོ་རྗེ་བཟླས་པ་བྱ། མཉམ་ཉིད་དེ་ཁོ་ན་ཉིད་ཅེས་པ་རང་དང་གཞན་འབྱུང་འཇུག་ཐམས་ཅད་གཉིས་མེད་དེ་མཉམ་པ་ཉིད་དུ་རྟོགས་པས་བསྒོམ་པར་བྱ་སྟེ་སྒྱུ་མ་ལྟ་བུས་སོ། །གཉིས་པ་བ་ལང་རྨིག་པ་ཐབས་བདག་གི་གདན་ལ། ཕྱི་བ་ལང་གི་རྨིག་པའི་གདམས་ངག ནང་། གསང་བ། དེ་ཁོ་ན་ཉིད་བ་ལང་གི་རྨིག་པའི་གདམས་ངག་བཞི་ལས། དང་པོ་ནི། མདུན་དུ་པདྨ་འདབ་བརྒྱད་པ་ཞིག་བསམ། པདྨའི་ལྟེ་བ་ལ་བ་ལང་གི་རྨིག་པ་བཞིན་པདྨ་ཁ་དབྲག་ཅིག་བསམ། དེའི་གཡས་སུ་རླུང་གི་ས་བོན་ཡཾ་ནག་པོ་ཞིག་བསམ། གཡོན་དུ་མེའི་ས་བོན་ཧཱུྃ་དམར་པོ་བསམ། དེ་ནས་ཡཾ་ལས་རླུང་གཡོས་པས་ཧཱུྃ་ལས་མེ་འབར། མེ་དེ་རྩ་བ་སྔོན་པོ། ཅོ་དོ་དཀར་པོ་ཞིག་ཏུ་བསམ། དེ་ནས་ཅོ་དོ་དཀར་པོ་དེ་ལ་སེམས་གཏད་ནས་དབང་བཞི་གསུམ་དུས་ཀྱི་ཉམས་མྱོང་བདེ་ལ་མི་རྟོག་པར་མེར་རེ་བསྒོམ། ནང་བ་ལང་གི་རྨིག་པའི་གདམས་ངག་ལ། ཐིག་ལེ་ལ་བརྟེན་པ་དང་། ཡིག་འབྲུ་ལ་བརྟེན་པ་གཉིས་ལས། དང་པོ་ནི། ལུས་ཀྱི་དབུས་ན་ཡར་རྩ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་ཚུལ་དུ་ཡོད་པ་ལས། སྙིང་ཆུ་ཤིང་མེ་ཏོག་གི་ཚུལ་དུ་ཕྱང་ངེ་བ་དེ་བ་ལང་གི་རྨིག་པ་བཞིན་ཁ་བྱེ་ནས་གན་རྐྱལ་དུ་ཡོད་པར་བསམས་པའི་སྟེང་དུ། དབུས་སུ་རླུང་སེམས་འདྲེས་པའི་ཐིག་ལེ་དེའི་གཡས་སུ་རླུང་གི་ས་བོན་ཧཱུྃ་ནག་པོ། གཡོན་དུ་མེའི་ས་བོན་ཧཱུྃ་དམར་པོ་ཞིག་བསམས་ནས་རླུང་བརྔུབས་པས་ཧཱུྃ་ནག་པོ་ལས་རླུང་གཡོས། ཧཱུྃ་དམར་པོ་ལ་ཕོག དགང་བས་དེ་ལས་མེ་འབར་ནས་སྤྱི་བོར་ནས་ཡར་སོང་། སྤྱི་བོའི་ཐིག་ལེ་ལ་ཕོག བྱང་སེམས་ཕབ། སྙིང་གའི་རླུང་སེམས་འདྲེས་པའི་ཐིག་ལེ་ལ་ཕོག གཞིལ་བས་དབང་གསུམ་པའི་དུས་ཀྱི་ཉམས་ཟག་པ་མེད་པའི་བདེ་བར་མེར་གྱིས་སོང་། མཐར་དབྱུང་བས་སྣང་བ་བདེ་བར་ཤར། ཐུན་བཤོལ་བའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རླུང་གཉིས་ལ་ཐིམ། རླུང་བ་ལང་གི་རྨིག་པར་རང་ཞིར་སོང་བར་བསམ། གཉིས་པ་ཡི་གེ་ལ་བརྟེན་པ་ལ། ཡི་གེ་གཅིག་ལ་བརྟེན་པ། གཉིས་ལ་བརྟེན་པ། བཅུ་གསུམ་ལ་བརྟེན་པ་གསུམ་ལས། དང་པོ་ནི། སྙིང་བ་ལང་རྨིག་པར་པདྨ་འདབ་བརྒྱད་ཁ་བྱེ་བའི་དབུས་སུ་ཟླ་བ་ལ་ཨཱ་ལི་ཀཱ་ལི་སྦྱོར་ཞེས་པ། ཌ་ལོག་དང་ར་འདུས་པས་ཨ་ཞེས་པས་ཨོཾ་དཀར་པོ་ཞིག་བསྒོམ། རྐང་མཐིལ་གཡས་གཡོན་དུ་ཡུཾ་དང་ཀྵུཾ། འོད་ཟེར་འབར་ཞེས་པ། རྔུབ་པའི་ཚེ་ཡུཾ་ལས་རླུང་གཡོས། ཀྵུཾ་ལས་མེ་འབར། དགང་བའི་ཚེ། དེའི་སྟོབས་ཀྱིས་ལུས་ཀྱི་གནས་བཅོ་བརྒྱད་ནས་བཅུད་བྱང་ཆུབ་ཀྱི་སེམས་སྤྱི་བོར་བསྡུས། དེའི་ཐིག་ལེ་ལས་བདུད་རྩི་ལྕེ་ཆུང་དུ་ཕབ། དེ་སྙིང་བ་ལང་རྨིག་པར་ཕབ། གཞིལ་བའི་ཚེ་རླུང་ཚ་གྲང་གཉིས་ཁྲོས་ཞེས་པ་འཐབ་པ་སྟེ། དེའི་སྟོབས་ཀྱིས་ཀུན་ཞུ་ནས་སྙིང་བ་ལང་རྨིག་པ་ཁེངས། དབྱུང་བ་ན་ཡེ་ཤེས་ཀྱི་འོད་ཟེར་བདེ་བའི་ཉམས་དང་ལྡན་པའི་སྙིང་གི་ཨ་ལས་སངས་རྒྱས་ཀྱི་སྐུ་བ་སྤུའི་བུ་ག་ནས་འཇིག་རྟེན་གྱི་ཁམས་སུ་འཕྲོ་ཞིང་བདེ་བའི་རང་བཞིན་དུ་བསྒོམ་མོ། །དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་བདེ་བ་ཆེན་པོར་རྟོགས་པར་འགྱུར་ཞིང་ཐུན་མོང་གི་རྟགས་ལྔ་དང་བརྒྱད་ལ་སོགས་པ་འབྱུང་བར་འགྱུར་རོ། །ཕྱག་འཚལ་བསྲེགས་པ་ཞེས་པ་ན་མར་ཨ་བཏུ་བ་སྟེ། ཨོཾ་ཨཾཿསྭཱ་ཧཱ་ཞེས་པ་རྡོ་རྗེའི་བཟླས་པ་བྱ་བར་བསྟན་ཏོ། །ལམ་རིམ་པ་ལྔ་ལྡན་པ་ཡང་སྔར་དང་འདྲའོ། །གཉིས་པ་ནི། སྙིང་བ་ལང་རྨིག་པ་ལྟ་བུ་དེ་པདྨ་འདབ་བརྒྱད་ཁ་བྱེ་བར་བསམས་ལ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་ཅིག་བསྒོམ། དེ་ནི་ཐབས་ཀྱི་རང་བཞིན་དུ་བསམ་ཞིང་། ལྕེ་ཆུང་ལ་ཧཱུྃ་དཀར་པོ་མགོ་ཐུར་དུ་བལྟས་པ་ཤེས་རབ་ཀྱི་རང་བཞིན་དུ་བསམ་མོ། །དེ་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་འཛག་པས་ཨཾ་ལ་ཐིམ་ཞིང་ཐབས་ཤེས་རབ་དབྱེར་མེད་པའི་བདེ་བ་ཆེན་པོ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །ངལ་བསོ་ན་དེ་རྣམས་ཞུ་ནས་བ་ལང་རྨིག་པར་བསྟིམ་པར་བྱའོ། །སྐྱོ་ན་ཨོཾ་ཨཱཿཧཱུྃ་ཞེས་པ་རྡོ་རྗེ་བཟླས་པ་བྱ་སྐད། དེ་ལ་རིམ་པ་ལྔ་ལྡན་པར་བྱ་བ་ནི་སྔར་དང་འདྲའོ། །ལྡོག་པའི་སྒོ་ནས་དབྱེ་བ་ཙམ་མོ། །དེ་ལྟར་རྒྱུན་ཏུ་གོམས་པ་ལས་རྟགས་ལྔ་ལ་སོགས་པ་འབྱུང་བ་ཡང་སྤྱི་དང་འདྲའོ། །མཐར་འབྲས་བུ་ལ་སྦྱོར་བ་ཡང་ཤེས་པར་བྱའོ། །ཡེ་ཤེས་གཟུགས་ཞེས་པ་ན་མར་ཡང་སྤྱིར་བསྟན་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་དང་ཟླ་བ་དང་ཡིག་འབྲུ་ལ་སོགས་པའི་དངོས་པོར་སྣང་ཞེས་པའོ། །འོ་མ་ཟླ་བ་ཞེས་པ་ན་མར་རྡོ་རྗེ་བཟླས་པ་བྱ་བར་བསྟན་ཏོ། །དབང་པོ་རྣམས་ཀྱི་ཞེས་པ་ན་མར་སེམས་ལས་སུ་རུང་བ་དང་བདེ་བ་ཆེན་པོ་རྟོགས་པའི་ཕན་ཡོན་བསྟན་ཏོ། །བ་ལང་རྨིག་པའི་སྟེང་དུ་ནི། རྟག་ཏུ་བདུད་རྩི་བཞག་བྱས་ནས། །ཞེས་པའི་དོན་ཏོ། །གསུམ་པ་ནི། སྙིང་པདྨ་དམར་པོ་ཁ་བྱེ་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ། གཡོན་སྐོར་དུ་ཨཱ་ལི་བཅུ་གཉིས་བདུད་རྩི་འབབ་པ་བཀོད། རྔུབ་དུས་རྐང་པ་ན་མེ་རླུང་གི་ས་བོན་སྔར་བཞིན་དུ་གསལ་བཏབ་པ་འབར་བས་ལུས་ཐམས་ཅད་བསྲོས་ཏེ། འོག་ནས་བཅུ་གཉིས། སྟེང་ནས་དྲུག་སྟེ་གནས་བཅོ་བརྒྱད་ཀྱི་བདུད་རྩི་སྤྱི་བོར་དྲངས། དགང་བའི་ཚེ། དེ་ནས་མར་ལྕེ་ཆུང་གི་གནས་སུ་ཕབ། དེ་ནས་སྙིང་བ་ལང་རྨིག་པར་ཕབ། གཞིལ་བའི་ཚེ། སྙིང་བ་ལང་རྨིག་པ་ནས་རང་བཞིན་གྱི་གནས་པའི་གཡས་ནས་ཚ་བའི་རླུང་ཁ་དོག་དམར་པོ་མེ་རླུང་གི་རང་བཞིན་ཅན་དང་། གཡོན་ནས་གྲང་པའི་རླུང་ས་ཆུའི་རང་བཞིན་ཅན་དཀར་པོ་ལངས་ཏེ་དེ་གཉིས་འཐབ་པས་ཟླ་བའི་དཀྱིལ་འཁོར་འཁོར་དྲག་པ་ཙམ་དུ་གཡོན་དུ་འཁོར་བ། ཡིག་འབྲུ་རྣམས་མི་འཁོར་བར་དབང་གི་ཡེ་ཤེས་དྲན་པར་བྱ་ཞིང་བསྒོམ་མོ། །མཐར་དབྱུང་། འཇོག་ཀར་ཟླ་བ་ཞུ་ནས་བ་ལང་རྨིག་པ་བཀང་ནས་བསྒོམ། དེས་ཀྱང་བདེ་བ་ཆེན་པོ་སྐྱེའོ། །ཅུང་ཟད་སྐྱོ་ན་ཨོཾ་ཨཱཿཧཱུྃ་ཞེས་པའི་རྡོ་རྗེའི་བཟླས་པ་བྱའོ། །འདི་ལ་ཡང་ལམ་ལྔ་དུས་གཅིག་ཏུ་ཚང་བ་སྟེ་དེ་ལྟར་རྒྱུན་ཏུ་གོམས་པ་ལས་དངོས་གྲུབ་ལ་འཇུག་པའི་རྟགས་ལྔ་ལ་སོགས་པ་འབྱུང་ཞིང་མཐར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་རྣམས་ནི་སྙིང་གའི་དབུས་སུ་ཟླ་བ་ལ་ས་ཞེས་པ་ནས། ཐམས་ཅད་གནས་སུ་བསྒོམ་པར་བྱ། ཞེས་པའི་དོན་ཏོ། །གསུམ་པ་གསང་བ་བ་ལང་གི་རྨིག་པའི་མན་ངག་ནི། སྒྲུབ་པོ་བདག་རང་རྣལ་འབྱོར་ནམ་མཁར་བསམ། །མདུན་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་བསམས་པའི་བྷ་ག་བ་ལང་གི་རྨིག་པ་འདྲ་བ་དེའི་ནང་གི་རྩ་སྣའི་གཡས་སུ་རླུང་གི་ས་བོན་ཡི་གེ་ཧཱུྃ་ནག་པོ་ཞིག་བསམ། གཡོན་དུ་མེའི་ས་བོན་ཧཱུྃ་དམར་པོ་ཞིག་བསམས་ནས་སྙོམས་འཇུག་བྱས་པས་རླུང་གི་ས་བོན་ཧཱུྃ་ནག་པོ་ལས་རླུང་འབར་བས་མེའི་ས་བོན་ཧཱུྃ་དམར་པོ་ལས་མེ་འབར་ནས་མེ་ལྕེ་གཅིག་ཡབ་ཀྱི་རྡོ་རྗེའི་བུ་གའི་ནང་ན་ཡར་སོང་ནས་བྱང་སེམས་དཀར་པོ་ཕབ། གཅིག་ཡུམ་གྱི་གསང་གནས་ན་ཡར་སོང་ནས་བྱང་སེམས་དམར་པོ་ཕབ། ཡུམ་གྱི་རྩ་སྣའི་རྩེ་མོ་ཡབ་ཀྱི་རྡོ་རྗེའི་བུམ་སྣའི་ཁ་དེ་གཉིས་ཀྱི་བར་ནས་ཐིག་ལེ་དཀར་དམར་གཉིས་ཁ་སྦྱར་གྱི་ཚུལ་དུ་ཡོད་པ་ལ་སེམས་གཏད་པས་དབང་གསུམ་པའི་དུས་ཀྱི་ཉམས་མྱོང་གསོས་ནས་ཟག་མེད་ཀྱི་བདེ་བར་མེར་གྱིས་སྐྱེ་བ་ཡིན། དེར་ཕྱིའི་རྟེན་ལ་བརྟེན་ཏེ་མ་རིག་སྒོ་ངའི་སྦུབས་འབྱེད། ནང་གི་རྟེན་ལ་བརྟེན་ཏེ་མ་རིག་སྒོ་ངའི་སྦུབས་འབྱེད། གསང་བའི་རྟེན་ལ་བརྟེན་ཏེ་མ་རིག་སྒོ་ངའི་སྦུབས་འབྱེད་པ་ཡིན། གང་གིས་མ་རིག་སྒོ་ངའི་སྦུབས་འབྱེད་ན། གསལ་བའི་རྐྱེན་སྒོམ་ཐབས་ཚོས་འབྱེད་དོ། །བཞི་པ་དེ་ཁོ་ན་ཉིད་བ་ལང་རྨིག་པའི་མན་ངག་ནི། དཔེར་ན་བ་ལང་གི་རྨིག་པ་ཁ་དབྲག་ཏུ་ཡོད་ཀྱང་རྩ་བ་གཅིག་ཏུ་ཡོད་པ་བཞིན་དུ་དེ་ཁོ་ན་ཉིད་ཅེས་པ་ཐབས་ཤེས་རབ་ཟུང་ངུ་འཇུག་པའོ། །བ་ལང་རྨིག་པ་ཁ་དབྲག་ཏུ་ཡོད་པ་དང་འདྲ་བ་ཐབས་ཤེས་རབ་གཉིས་ཡིན། རྩ་བ་གཅིག་ཏུ་ཡོད་པ་དང་འདྲ་བ་ཟུང་འཇུག་ཏུ་གནས་པ་དེ་ཡིན། དོན་ལ་ཕྱག་རྒྱ་ཆེན་པོ་ཡིན་ཏེ་བ་ལང་རྨིག་པ་ཐང་ལ་བཞག་པས་རྗེས་ཝལ་ཝལ་བ་འོང་བ་དང་འདྲ་བས་ཟུང་འཇུག་དེ་བསྒོམས་པས་ཡེ་ཤེས་སུ་ཝལ་ཝལ་འོང་ངོ་། །གསུམ་པ་བའི་ནུ་མ་ཟུང་འཇུག་སྦྱོར་བའི་གདན་ནི། དེ་ཡང་ལྟེ་བ་ན་ཨ་ཤད་འོད་ཀྱི་རི་མོས་ལན་བདུན་གཡས་སུ་བསྐོར་བ་ཀླུ་དབང་འཁྱིལ་བ་ཞེས་བྱ་སྟེ་དེའི་འོག་རྩ་གསུམ་འདུས་པ་ན་ཆོས་འབྱུང་གྲུ་གསུམ་ཡོད་པ་དེའི་ནང་དུ་ཡི་གེ་ཀྵུཾ་སེར་པོ་མེ་རླུང་གི་རང་བཞིན་ཅན། རྐང་མཐིལ་གཉིས་སུ་ཀྵུཾ་རེ་རེ། སྙིང་པདྨ་དམར་པོའི་ནང་བ་ལང་རྨིག་རྗེས་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་མཐེ་བོང་ཙམ་གྱི་དཀྱིལ་དུ་ཡི་གེ་ཧཱུྃ་དཀར་པོ། བདེ་ཆེན་གྱི་འཁོར་ལོར་ཧཾ་གསལ་བཏབ་ནས་རླུང་བརྔུབས། ལྟེ་འོག་ཏུ་མནན། ཐུར་སེལ་ཡིད་ཙམ་འཐེན། རྐང་མཐིལ་གཉིས་ཀྱི་ཀྵུཾ་ལས་མེ་འབར་ཞིང་ལྟེ་བར་ལས་ཀྱི་རླུང་འདུས་པས་ཀྵུཾ་སེར་པོ་ལས་ཀྱང་མེ་འབར་འོད་ཀྱི་དཀྲིས་མའི་ནང་ནས་སོང་། ཨ་ཤད་ལས་མེ་འབར་རྐང་མཐིལ་ནས་རིམ་གྱིས་རྩ་སྦུབས་ཐམས་ཅད་མེ་དམར་སེར་དུ་འབར་བས་ལུས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱི་བོར་བསྡུས་ཧཾ་ལ་བསྟིམ་བསྟིམ་ཐིམ་པས་ཧཾ་ཡང་ཆེར་མ་སོང་བར་བསམས་པས་ཉམས་མྱོང་དབང་གསུམ་པ་ལ་འགྲན་ཐུབ་པ་སྐྱེའོ། །དེ་ལ་སྟོང་པས་རྒྱས་བཏབ་ཅིང་ཡང་ཡང་དུ་བསྒོམ་མོ། །འཁོར་ལོ་བསྒོམ་པ་ནི་བསྐྱེད་པའི་རིམ་པའོ། །རླུང་དབང་དུ་བྱས་པ་རྡོ་རྗེ་བཟླས་པའོ། །དེའི་དུས་ཀྱི་མྱོང་བ་དགའ་བ་དང་མཆོག་དགའ་དང་དགའ་བྲལ་སྐྱེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་སྟེ་དེ་རྣམས་ནི་སེམས་ལ་དམིགས་པའོ། །དེ་ལྟར་ལྷན་སྐྱེས་ཀྱི་ཉམས་སུ་མྱོང་བ་སྐྱེས་པ་ནི་འོད་གསལ་ལོ། །ལྷན་ཅིག་སྐྱེས་པའི་རྟོགས་པའི་དབང་གིས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ནི་སྒྱུ་ལུས་སོ། །སྒྱུ་མ་དང་སྟོང་པ་གཉིས་སུ་མེད་པ་ནི་ཟུང་འཇུག་གོ །དེ་ལྟར་བསྒོམས་པས་སྐུའི་སྒོ་དགུ་འགག གསུང་གི་སྒོ་བཞི་འགག ཐུགས་ཀྱི་སྒོ་གཉིས་འབྱེད། དེའི་དུས་སུ་རྟགས་རྣམ་པ་ལྔ་དང་ཡོན་ཏན་རྣམས་ཀྱང་འབྱུང་ངོ་། །དེ་ལའང་མ་བལྟོས་པར་བསྒོམས་པས་རྟགས་བཅུ་གཅིག་གི་མཐར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ནས་དེ་ལྟ་བུའི་སེམས་སྤྱི་བོའི་ཧཾ་བཞུ་སྟེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡས་བརླན་ལྟ་བུ་བབ་སྟེ་བའི་ནུ་མ་ནས་འཐོན། ཨ་ཝ་དྷཱུ་ཏཱི་ནས་སྙིང་གའི་ཧཱུྃ་དཀར་པོ་ལ་བསྟིམ་བསྟིམ་ཐིམ་པས་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་གང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་བྱང་སེམས་དཀར་པོ་མྱུག་ཙམ་བྱུང་བར་བསམ་ཞིང་དེ་ལས་ཕྱིར་མི་འཕྲོ་བར་བསྒོམས་པས་རྩ་དང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་སུམ་དུ་སྐྱེ་ལ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་འོད་གསལ་གྱིས་སྦྱངས་པས་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེས་ཅུང་ཟད་སྐྱོ་ཞིང་བྱིང་རྒོད་དུ་འགྲོ་བ་སྙམ་བྱེད་ན། ཨོཾ་ཧཱུྃ་སྭཱ་ཧཱ་ལ་འབྱུང་འཇུག་སྤངས་པའི་བཟླས་པ་བྱའོ། །བཞི་པ་སྙིང་ཆུ་ཤིང་གི་མེ་ཏོག་དེ་ཁོ་ན་ཉིད་གསང་བའི་གདན་ལ། ཕྱི་ཆུ་ཤིང་གི་མེ་ཏོག ནང་ཆུ་ཤིང་གི་མེ་ཏོག གསང་བ་ཆུ་ཤིང་གི་མེ་ཏོག དེ་ཁོ་ན་ཉིད་ཆུ་ཤིང་གི་མེ་ཏོག་བཞི་ལས། དང་པོ་ནི། རང་གི་ལུས་པོ་འདི་ཆུ་ཤིང་དང་འདྲ་སྟེ་སྙིང་པོ་མེད་དེ། ཡལ་ག་དང་འདྲ་བ་སྐྲ་དང་བ་སྤུ་ཡན་ལག་ཡིན། ཡ་མ་བརླ་བ་ཡིན། མེ་ཏོག་དང་འདྲ་བ་ལུས་ལ་ཡེ་ཤེས་སྟོང་པ་འོད་གསལ་གྱིས་བརྒྱན་པ་ཡིན། འབྲས་བུ་དང་འདྲ་བ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སངས་རྒྱས་ཡིན། དེས་ན་ཕྱི་ཆུ་ཤིང་མེ་ཏོག་གནས་ལུགས་བཤད་པ་ཡིན་ནོ། །ནང་ཆུ་ཤིང་གི་སྙེ་མ་ལ། ཡི་གེ་གཅིག་ལ་བརྟེན་པ། ཡི་གེ་དགུ་ལ་བརྟེན་པ་གཉིས་ལས། དང་པོ་ནི། གསང་གནས་ནས་སྤྱི་བོ་ལ་ཐུག་གི་བར་དུ་ལུས་དབུས་ན་ཡར་རྩ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་ཚུལ་དུ་ཡོད་པ་ལ་སྙིང་ཆུ་ཤིང་གི་མེ་ཏོག་གི་ཚུལ་དུ་ཁ་ཐུར་དུ་ཕྱང་དེ་གནས་པ་དེ་ཏིང་ངེ་འཛིན་གྱིས་ཁ་གྱེན་ལ་ལོག་གིས་བཟློག་ནས་སྙིང་གི་ཐོར་ཏོ་ནས་ཤག་གིས་གས་ནས་པདྨ་འདབ་བརྒྱད་པ་གཅིག་ཏུ་སོང་བར་བསམས་པའི་ལྟེ་བ་ལ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་པོ་གཅིག་བསམ། དེའི་གསེབ་ན་མེ་ལོང་ནང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་བཞིན་དུ་ཧཱུྃ་སྤུས་བྲིས་པ་ཙམ་ཞིག་གི་གཟུགས་བརྙན་ཝལ་ལེ་སྣང་བར་བསམ། ཐིག་ལེ་དེའི་གཡས་གཡོན་གཉིས་སུ་མེའི་ས་བོན་དམར་པོ་གཉིས་བསམ་ལ། དེ་གཉིས་ལས་མེ་འབར་ནས་མགྲིན་པ་ཡར་ལ་སོང་ནས་སྤྱི་བོ་ནས་ཐིག་ལེ་ཕབ་ནས་རླུང་སེམས་འདྲེས་པའི་ཐིག་ལེ་ལ་ཕོག་པས་དེ་བཀྲ་ཇེ་ཆེ་ཇེ་ཆེར་སོང་བར་བསམ། ཧཱུྃ་གི་གཟུགས་བརྙན་དེ་བཀྲག་ཇེ་ཆེ་ཇེ་ཆེར་སོང་བར་བསམ་པ་ལས་ཉམས་མྱོང་བདེ་བ་མི་རྟོག་པ་མེར་གྱིས་སྐྱེ། དེ་སྐྱེས་པས་རྟོག་པ་འགག དེ་འགག་པས་ཕྱི་རྟགས་དུ་བ་ལ་སོགས་པ་ལྔ་འབྱུང་། ནང་དུ་ཡོན་ཏན་བརྒྱད་འབྱུང་། སྐུའི་སྒོ་དགུ་འགག གསུང་གི་སྒོ་བཞི་འགག ཐུགས་ཀྱི་སྒོ་གཉིས་འབྱེད། དེ་ཀ་ལ་ནང་གི་རྟེན་ལ་བརྟེན་ནས་མ་རིག་སྒོ་ངའི་སྦུབས་སྙིང་གར་འབྱེད་པ་ཡིན་ནོ། །གཉིས་པ་ནི། ལྟེ་བའི་འོག་ཏུ་ཀྵུཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་རྩ་ཐམས་ཅད་བསྲོས་ཏེ་བྱང་ཆུབ་ཀྱི་སེམས་ཐམས་ཅད་སྤྱི་བོར་བསྡུས་ལ། དེ་ནས་བའི་ནུ་མ་སྟེ་ལྕེའུ་ཆུང་དུ་དབབ། དེ་ནས་སྙིང་གི་སྟེང་དུ་བབས་པས་དབུས་ཀྱི་ཧཱུྃ་ལ་ཕོག་པས་འོད་དཀར་པོ་རྣོ་སིབ་སིབ་པ་འཕྲོས་པ་དེས་སྙིང་བརླན་པར་བྱས་པ་དང་པདྨ་འདབ་བརྒྱད་དུ་ཁ་བྱེ་བའོ། །དེ་ནས་པདྨའི་དབུས་སུ་འོད་དཀར་པོའི་ནང་དུ་ཧཱུྃ་བསྒོམ། ཕྱོགས་ཀྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་དབྱངས་ཡིག་དང་པོའི་དབྱེ་བས་ཨ་ཨཱ་ཨཾ་ཨཿརིགས་བཞིར་བསྒོམ། མཚམས་ཀྱི་འདབ་མ་བཞི་ལ་སེང་གེ་མོ་ལ་སོགས་པ་རྀ་རཱྀ་ལྀ་ལཱྀ་མ་ནིང་གི་ཡི་གེ་བཞིར་བསྒོམ། སྙིང་གར་ཡི་གེ་བཞག་ཅེས་པའི་དོན་ཏོ། །དེ་ལྟར་སྟེང་ཕྱོགས་ནས་བདུད་རྩི་བབས་པས་སྒོ་དགུ་ཞེས་པ་སྙིང་པདྨ་འདབ་བརྒྱད་དབུས་དང་དགུ་གང་། དེ་ནས་ལུས་ཀྱི་བུ་ག་ཐམས་ཅད་བདུད་རྩིས་གང་བར་བསམ་ཞིང་འོད་དཀར་པོ་ཅན་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་པས་ཤེས་བྱའི་དཀྱིལ་འཁོར་གསལ་ཞིང་མ་རིག་པའི་མུན་པ་སེལ་བའོ། །སྐྱོ་ན་རྡོ་རྗེའི་བཟླས་པ་ཨོཾ་ཨཱཿཧཱུྃ་ཞེས་པ་བཟླ་སྟེ་རིམ་པ་ལྔ་དང་ལྡན་པ་སྔ་མ་བཞིན་ནོ། །དེ་ཡང་། ཆུ་ཤིང་མེ་ཏོག་ལྟེ་བ་ནས། །སྙིང་གའི་བར་དུ་འགྲེངས་གནས་པའི། །ཞེས་པ་ལ་སོགས་པའི་དོན་ནི་སྙིང་ཆུ་ཤིང་གི་མེ་ཏོག་ཁ་དབྱེ་བ་ཞེས་བྱ་སྟེ་སྙིང་ཆུ་ཤིང་གི་སྙེ་མ་ཞེས་ཀྱང་བྱའོ། །ལྟེ་བ་ནས་སྙིང་དུ་འགྲེངས་ཞེས་པ་རྩ་གསུམ་འགྲེང་ཞིང་སྐྱེས་པ་སྟེ་ལྟེ་བ་ས་གཞི་དང་འདྲ་ལ་རྩ་གསུམ་པོ་སྡོང་པོ་སྐྱེས་པ་དང་འདྲའོ། །ཁ་ཡར་ལ་ཕྱོགས་པ་ནི་སྙིང་ཆུ་ཤིང་གི་མེ་ཏོག་དང་འདྲ་བའོ། །རྒྱས་པར་བྱ་བ་ནི་མེ་ཏོག་ཁ་བྱེ་བ་སྟེ་རྩ་བ་ནས་འདབ་མ་བརྒྱད་དུ་ཁ་དབྱེ་བའོ། །གསེར་གྱི་དབུས་སུ་རྣམ་ཤེས་ཡེ་ཤེས་སུ་སྦྱོར་བ་ཐབས་ཤེས་རབ་དབྱེར་མེད་པའི་ཧཱུྃ་སྟེ་འདབ་མ་བརྒྱད་ལ་ཡང་ཡིག་འབྲུ་བརྒྱད་དགོད་དོ། །ཡང་དག་སྦྱོར་ཞེས་པ་ལ་སོགས་པས་ནི་སྙིང་གི་ཚད་བསྟན་པའོ། །ཤར་ཞེས་པ་པཱ་རྭ་ཞེས་པའི་དོན་གྱིས་མདུན་སྟེ་སྟེང་གི་ཕྱོགས་ཁོར་ཡུག་སོར་བརྒྱད་ནི་སྙིང་གི་རྩ་བ་སྟེ་མཐའ་སྐོར་སོར་བརྒྱད་དོ། །གཞུང་ཚིགས་ནི་ལྟེ་བ་སྟེ། ནུབ་ཅེས་པའི་དོན་ནི་མགོ་ངོས་ཏེ་སོར་ལྔ་ཞེས་པ་རིང་ཐུང་གསུང་ན་སྙིང་གི་རྩེ་མོ་ངོས་དེ་ལ་མཐའ་སྐོར་སོར་ལྔའོ། །དེ་ཉིད་ཞིང་དང་འདྲ་ལ་མྱུ་གུ་དང་འདྲ་བ་ཡི་གེ་རྣམས་སོ། །འབྲས་བུ་དང་འདྲ་བ་ནི་རྣལ་འབྱོར་པས་བདེ་བ་རྟོགས་ཤིང་མྱོང་བ་ལ་བྱ། སྒྲོགས་པ་ལྔའམ་རྒྱས་པ་ནི་ལུས་ལ་བྱ། ཧཱུྃ་གི་མཚན་ཉིད་དུ་བཞག་ན་ལེགས་སོ། །འོག་ཏུ་བསྣུན་ནས་གཤག་ཅེས་པའི་དོན་ནི་སྒོམ་ཐབས་དངོས་སྟོན། གྲོང་དང་ཞེས་པ་ན་མར་སྤྱོད་ལམ་གྱི་སྦྱོར་བ་བསྟན་ཏེ་སྔར་བཞིན་ཡི་གེ་ཞུ་བ་བ་ལང་རྨིག་པར་བཏང་བ་འདི་ན་བཞིན་རྒྱུན་དུ་བསྒོམ་པའོ། །དེ་ལྟར་ཕྱིའི་དྲོད་ཅེས་བྱ་སྟེ་ལུས་ཀྱི་སྒོ་དགུའི་རླུང་སེམས་འགགས། ནང་གི་དྲོད་ཅེས་བྱ་སྟེ་སྟེང་གི་སྒོ་བཞིའི་རླུང་འགགས། གསང་བའི་དྲོད་ཅེས་བྱ་སྟེ་སེམས་ཀྱི་སྒོ་གཉིས་འབྱེ་སྟེ་སྨིན་པར་གྱི་རྩ་མདུད་བྱེ་ནས་རླུང་དེར་ཚུད་པས་བདེ་བ་ཆེན་པོའི་གནས་ནས་བྱང་ཆུབ་སེམས་ཕེབས་ནས་བདེ་བ་རང་བཞིན་གྱིས་སྐྱེ་སྟེ་སེམས་ཀྱི་དྲོད་ཅེས་བྱ། རྟགས་ཐུན་མོང་མ་ཡིན་པ་ལམ་གྱི་རྟགས་ནི་སྨིག་རྒྱུ་ལ་སོགས་པས་རྩ་རྣམས་ལྔ་དང་བརྒྱད་ལ་སོགས་པ་འབྱུང་བར་འགྱུར་ཞིང་མཐར་མ་ཧཱ་མུ་དྲ་ལ་སྦྱོར་བས་སྤྱིར་ཤེས་པར་བྱའོ། །དཔེར་ན་ཆུ་ཤིང་མེ་ཏོག་ཁ་འབྱེ་བ་ལ་ཉི་མའི་དྲོད་དང་རླུང་དང་ཆར་ཅུང་ཟད་ལ་སོགས་པས་བརླན་པར་བྱས་པས་ཁ་བྱེ་བ་བཞིན་དུ་ནང་དུ་སྙིང་ཁ་འབྱེ་བ་ལ་ཡང་མགོ་དང་སྟེང་གི་རླུང་ཅུང་ཟད་བསྡིགས་པ་དང་ལྟེ་བའི་འོག་ནས་ཀྵུཾ་ལས་མེ་གྱེན་དུ་འབར་བ་ལ་སོགས་པས་རྩ་རྣམས་བསྲོས་པ་དང་སྤྱི་བོ་ན་མར་བདུད་རྩི་བབས་པའི་རླན་གྱིས་ཁ་བྱེ་བ་སྟེ་སྙིང་གི་རྩ་བའི་ངོས་ནས་ཁ་བྱེ་བ་ཡིན་ནོ། །གསུམ་པ་གསང་བ་ཆུ་ཤིང་གི་སྙེ་མའི་མན་ངག་ནི། རང་ཡབ་རྣལ་འབྱོར་ནམ་མཁར་འདུ་ཤེས་གསུམ་ལྡན། མདུན་དུ་ལས་རྒྱ་ཡེ་ཤེས་དབང་ཕྱུག་མ་ཡེ་ཤེས་གསུམ་ལྡན་དུ་བསྒོམ། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱས་པས་གསང་གནས་སུ་ཐིག་ལེ་མུ་ཏིག་རྡོག་མ་ལྟ་བུ་ལ་སེམས་གཏད་པས་དབང་གསུམ་པའི་དུས་ཀྱི་ཉམས་སུ་མྱོང་བས་ཧ་ཛ་ལྷམ་གྱིས་སྐྱེས་པ་དེ་བསྒོམ་མོ། །གསང་བ་ཡབ་ཡུམ་གཉིས་ཀྱི་སྙོམས་པར་འཇུག་པ་གསང་བ་ཡིན། ཆུ་ཤིང་དང་འདྲ་བ་ཡབ་ཡུམ་གཉིས་ཀྱི་སྐུ་ལུས་ཡིན། མེ་ཏོག་དང་འདྲ་བ་ཡབ་ཡུམ་གཉིས་ཀྱི་སྦྱོར་བ་ལ་བརྟེན་ནས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཆུ་ཤིང་གི་མེ་ཏོག་ནི། དེ་ཁོ་ན་ཉིད་ནས་ཧ་ཛའི་ཡེ་ཤེས། དོན་གྱི་ས་ཧ་ཛ་ཆོས་ཉིད་བདེན་པའི་དོན་ཡིན། ཆུ་ཤིང་རྩ་ཨ་ཝ་དྷཱུ་ཏཱི་ཡིན་ཏེ་དེར་རླུང་བཙུད་པས་ཤེས་པ་ཚུད། དེ་ཚུད་པས་མི་རྟོག་པ་སྐྱེ། དེ་སྐྱེས་པས་སྤང་བྱ་སྤོང་། དེ་སྤངས་པས་ས་ཧ་ཛ་རྟོགས་ནས་འོང་། དེ་རྟོགས་པ་དེ་ཀ་ལ་མེ་ཏོག་ཅེས་བྱའོ། །གསུམ་པ་རྫས་སྦྱིན་སྲེག་གི་རིམ་པ་བཤད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་བཞི་ལས། དང་པོ་ནི། རང་གི་ལྟེ་བར་ཀླུ་དབང་འཁྱིལ་བའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་ཞིག་བསམས་ལ་དེའི་དབུས་སུ་ཡེ་ཤེས་དབང་ཕྱུག་མ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ། ལྷོར་རིན་ཆེན་མཁའ་འགྲོ་མ། ནུབ་ཏུ་དྲག་མོ་དང་བྱང་དུ་གདོལ་པ་མོའི་མཁའ་འགྲོ་མ་སྟེ་ལྔ་པོ་ཞལ་གཅིག་ཕྱག་གཉིས་པ་ཐམས་ཅད་ཀྱང་ཁ་དོག་དམར་པོ་རང་གི་མཐེ་བོང་གི་ཚད་ཙམ་མེ་དང་རླུང་གི་རང་བཞིན་དུ་ཚ་ཞིང་གདུང་བར་བསམ། ཟས་ཧ་ཧོཿསྲཱིཿཁ་དོག་དྲི་རོའི་ཉེས་པ་བསལ་ཏེ་ལག་པ་ཧོཾ་གཟར་ལ་སོགས་པའི་ཚུལ་གྱིས་ལྷ་མོ་ལྔ་ལ་ཕུལ་བས་དེ་རྣམས་ཚིམ་པར་བསམ་མོ། །གཉིས་པ་ནི། མེ་རླུང་གི་རང་བཞིན་གྱི་ལྷ་མོ་ལྔ་གསལ་བཏབ་པ་ཡན་སྔར་བཞིན་ལ་ཀླུ་དབང་འཁྱིལ་བའི་འོག་ཆོས་འབྱུང་དུ་ཀྵུཾ་སེར་པོ་མེ་རླུང་གི་རང་བཞིན་ཅན་བསམ། དེ་ལས་མེ་འབར་ཏེ་རྩ་སྦུབས་ཐམས་ཅད་དྲོས་པས་ལྷ་མོ་ལྔ་ཡང་སྔ་མ་བས་ཀྱང་ཤིན་ཏུ་རྣོ་ལ་འབར་བར་བསམས་ཏེ། དེ་ལས་ཀྱང་འབར་བས་རྩ་སྤུབས་ཐམས་ཅད་ཀྱི་བྱང་སེམས་དེ་ཞུ་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་ཐིག་ལེ་བབས་ཤིང་ལྷ་མོ་ལྔ་ལ་ཐིམ་པས་དབང་གསུམ་པ་དང་འདྲ་བའི་བདེ་བ་སྐྱེས་པས་ཚིམ་པར་བསམ་མོ། །གསུམ་པ་ནི། ལུས་སེམས་ཐམས་ཅད་བདེ་བ་ཆེན་པོར་ཉམས་སུ་མྱོང་ཞིང་རྟོགས་པ་དེ་ཉིད་རྒྱུན་ཏུ་གོམས་པ་དང་བྱ་བའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི། ཡེ་ཤེས་དབང་ཕྱུག་མའི་སྙིང་གར་ཡི་གེ་ཨ་དཀར་པོ་བསམ། ཨ་དེར་ཕྱིའི་ལུས་ལ་སོགས་པ་ཐམས་ཅད་བསྡུས་ཏེ་ཨ་རང་ཡང་སྟོང་པར་བསྒོམ། དེར་རྣམ་པར་རྟོག་པ་བྱུང་ན་ཅི་བྱུང་ཡང་ཨ་རུ་གསལ་བར་བྱ་སྟེ་ཨ་རུ་བསྡུས་ལ་ཨ་ཡང་སྟོང་པར་བསྒོམས་ཏེ་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་རྣལ་འབྱོར་དང་འདྲ་གསུང་ངོ་། །དེ་ལྟར་རྒྱུད་གཉན་པོ་གདན་བཞི་པའི་རྫོགས་རིམ་ཟབ་པའི་སྙེ་མ་ཞེས་བྱ་བ། རྡོ་རྗེ་འཆང་མར་རྔོག་གི་རིང་ལུགས་ཇི་ལྟ་བར་འཛིན་པའི་གནས་ལྔ་རིག་པ་པདྨ་དཀར་པོས། ཤར་ཁ་རྒྱལ་པོའི་ཕོ་བྲང་རྒྱལ་མཁར་རྩེའི་དགའ་ལྡན་དུ་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག གང་ཡང་འོག་མིན་གནས་སུ་གྲགས་པའི་གཏམ། །མ་ལུས་ཡི་གེར་བཀོད་པའི་འཕྲིན་ཡིག་གིས། །ཉོན་མོངས་མ་སྤངས་བྱང་ཆུབ་འདོད་པའི་སྙིང་། །དགའ་བའི་གོང་བུར་བསྒྱུར་མཁན་པད་དཀར་ཙམ།། །།མངྒ་ལཾ།། །།

དཔེ་མེད་འཚོའི་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་རྡོ་རྗེའི་ཚིག་འབྱེད།

དཔེ་མེད་འཚོའི་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་རྡོ་རྗེའི་ཚིག་འབྱེད་ཅེས་བྱ་བ་བཞུགས་སོ། །སྣ་ཚོགས་གཟུགས་ཅན་འོད་གསལ་ཉིད་ཕྱིར་རྡུལ་དང་བྲལ་བ་དམ་པའི་གཟུགས། །བརྗོད་པ་ཀུན་གྱི་རྒྱུ་ཡིན་པས་ན་ཚིག་རིགས་སྤངས་པ་ནཱ་དའི་དབྱངས། །ཡེ་ཤེས་ཆེན་པོའི་ཚུལ་ལུགས་འཆང་བས་རྣམ་པར་ཤེས་ལས་འདས་པའི་ཐུགས། །ཀུན་ལ་ཁྱབ་པས་བརྟག་པར་མི་ནུས་དང་པོའི་སངས་རྒྱས་དེ་ལ་འདུད། །དཔལ་ལྡན་རྡོ་རྗེ་ཐེག་པར་བགྲོད་པའི་ལམ། །ཟབ་མོ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག །རྗེ་བཙུན་རྡོ་རྗེ་ཅན་གྱི་ཞལ་སྒོ་ནས། །འོངས་པའི་རྡོ་རྗེའི་ཚིག་འབྱེད་འདི་ན་ཀོ །འདིར། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ལས་གསུངས་པའི་དོན་དམ་པའི་བདེན་པ་དཔལ་དང་པོའི་སངས་རྒྱས་ཚེ་གཅིག་ལ་སྟེར་བར་བྱེད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་འཆད་པར་བྱེད་པ་ལ། བརྒྱུད་པའི་ལོ་རྒྱུས་དང་། གདམས་པ་དངོས་གཉིས། དང་པོ་ནི། སློབ་དཔོན་ཆེན་པོ་ཨ་ནུ་པ་མ་རཀྵི་ཏ་སྟེ་དཔེ་མེད་འཚོ་ཞེས་གྲགས་པ་ལྔ་རིག་པའི་གཙུག་རྒྱན་དུ་འོས་པ་དེ། བསྒོམ་པར་བཞེད་ནས་ཁ་སརྤ་ཎི་རང་བྱུང་གི་དྲུང་དུ་ལོ་བཅུ་གཉིས་བསྒྲུབས་ཀྱང་རྟོགས་པའི་ཁྱད་པར་ཅི་ཡང་མ་འཁྲུངས་ནས་ཐུགས་ཞུམ་པ་ན། རྨི་ལམ་དུ་རྡོ་རྗེ་རྣལ་འབྱོར་མ་བྱོན་ཏེ་སང་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་སོང་ཞིག་དེར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན་མནལ་སད་པ་དང་། སཱ་དྷུ་པུ་དྲའམ་དཔལ་འཛིན་ཞེས་གྲགས་པའི་སློབ་མའི་གཙོ་བོ་དེ་དང་ལྷན་ཅིག་དེར་གཤེགས་པས་མཆོད་པ་ཞིག་དང་འགྲིག་སྟེ། མཚན་གཙུག་ལག་ཁང་ཆེན་པོ་དེའི་ཕྱོགས་དབེན་པ་ཞིག་ཏུ་བཞུགས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པའི་ཆ་བྱད་ཅན་བྱོན་ནས། བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་ཚིག་ཏུ་དེ་ཙམ་ལས་མ་བསྟན་ཀྱང་བྱིན་རླབས་ཀྱི་མོད་ལ་ཡེ་ཤེས་ཀྱི་སྐུ་གྲུབ་སྟེ་ཐམས་ཅད་གཟིགས་སོ། །དེ་ནས་རང་གི་རྟོགས་པ་དཔལ་འཛིན་ལ་བསྟན་པ་ནི་མན་ངག་འདི་ཡིན་ལ། དེས་པཎྛི་ཏ་འོད་མཛད་ལྷ་དང་། དེས་ཆོས་འབྱུང་ཞི་བ་དང་། དེས་ཉི་མ་དཔལ་ཡེ་ཤེས་དང་། དེས་རཏྣ་རཀྵི་ཏ་དང་། དེས་མི་དབང་བློ། དེས་ཕྱོགས་གྲོལ། དེས་ཤཱཀྱ་རཀྵི་ཏ་དང་། དེས་ལེགས་སྐྱེས། དེས་སངས་རྒྱས་དབྱངས། དེས་རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན། དེས་རྒྱལ་བའི་དབང་པོ་ཀུན་དགའ་དཔལ་འབྱོར་ལ་གདམས་ཤིང་། ཡང་། མགོན་པོ་མི་ཕམ་དགའ་བ་སྟེ་བྱམས་པ་གླིང་པ། དཔལ་ཡིད་བཟང་རོལ་པ་སྟེ་འགོས་གཞོན་ནུ་དཔལ་གཉིས་ལའང་གསན་ནོ། །རྗེ་དེས་ཞིབ་མོར་བསྙད་པ་ནི་དགེ་སློང་རིན་ཆེན་རྣམ་རྒྱལ། དེས་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ། དེས་དཔལ་སྒྱུ་མའི་གར་མཁན། དེ་དང་། དཔལ་འབྲུག་པ་རིན་པོ་ཆེས་ཡང་། རྒྱལ་དབང་རྗེ་ལ་བསྐྱར་མ་ཞིག་གསན་པས། རྗེ་དེ་གཉིས་ལ། བླ་མ་དམ་པ་བསྟེན་པ་ལ་མཁས་པ་པདྨ་དཀར་པོས་ཐོས་ཏེ། རྡོ་རྗེའི་ཚིག་ཐམས་ཅད་ཇི་བཞིན་པ་མཐོང་བའི་མིག་རྒྱས་པ་ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་རྣལ་འབྱོར་གྱི་སྔོན་དུ་འགྲོ་བ་དང་། རྡོ་རྗེའི་རྣལ་འབྱོར་དངོས་བཤད་པ་གཉིས། དང་པོ་ལ། སྤྱན་རས་གཟིགས་ཀྱི་སྒོམ་བཟླས། རྡོ་རྗེ་སེམས་དཔའི་སྒོམ་བཟླས། དུས་ཀྱི་འཁོར་ལོའི་བསྐྱེད་རིམ། བླ་མའི་རྣལ་འབྱོར། ཚོགས་ཀྱི་འཁོར་ལོ་ལྔ་ལས། དང་པོ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །དགའ་དང་མི་འབྲལ་བཏང་སྙོམས་ཆེ་ལ་གནས་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱཱོཧཾ། སྲཱིཿལས་ཁ་སརྤ་ཎི་རབ་མཛེས་སྐུ། །ཟླ་ཤེལ་མདངས་ལྡན་ཕྱག་གཡས་མཆོག་སྦྱིན་གཡོན། །ཐུགས་ཀར་པད་བསྣམས་རྒྱན་གྱིས་རབ་བརྒྱན་པ། །སྐྱིལ་ཀྲུང་ཕྱེད་པས་པདྨ་ཟླ་བར་འགྱིང་། །མདུན་དུ་སྒྲོལ་མ་སྔོན་མོ་ཨུཏྤལ་འབྱེད། །གཡས་ན་ནོར་བཟང་གསེར་མདོག་ཐལ་མོ་པོཏ། །རྒྱབ་ན་ཁྲོ་གཉེར་ཅན་དཀར་ཞལ་གསུམ་ཕྱག །ཐལ་མོ་བགྲང་འཕྲེང་རྩེ་གསུམ་སྤྱི་བླུགས་འཛིན། །གཡོན་ན་རྟ་མགྲིན་དམར་པོ་ཐལ་མོ་དབྱུག །ཐམས་ཅད་བཞེངས་པ་གཙོ་བོའི་གནས་གསུམ་དུ། །ཨོཾ་ཨཱཿཧཱུྃ་དང་སྙིང་ཕུག་སྲཱིཿཡིག་སྤྲས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཨོཾ་སྲཱིཿསྭཱ་ཧཱ། དགེ་འདིས་འཕགས་པས་རྗེས་སུ་འཛིན་གྱུར་ཅིག །མཐའ་མར་མི་དམིགས་སྟོང་པ་ཉིད་ལ་བཞག །གཉིས་པ་ནི། སྤྱི་བོར་ཧཱུྃ་ལས་རྡོ་རྗེ་རིགས་ཀུན་བདག །རབ་དཀར་རྡོ་རྗེ་སྙེམས་མ་དམར་མོས་འཁྱུད། །རྡོ་རྗེ་སྙིང་ག་དྲིལ་བུ་དཀུ་ལ་བཟུང་། །ཡུམ་གྱི་གྲི་ཐོད་རབ་བརྒྱན་སེམས་སྐྱིལ་ཅན། །ཐུགས་ཀར་ཟླ་བ་ཧཱུྃ་སྔགས་འཕྲེང་བས་བསྐོར། །བདུད་རྩིའི་རྒྱུན་འཛག་སྦྱོར་མཚམས་ནས་བབས་ཏེ། །བདག་ལུས་ཕྱི་ནང་སྡིག་སྒྲིབ་ཐམས་ཅད་འཁྲུད། །ཨོཾ་བཛྭ་ས་ཏྭ་སོགས། བདག་དང་གཉིས་མེད་ཐིམ་དག་སྒྲིབ་བྱང་ཤོག །གསུམ་པ་ནི། སྐད་ཅིག་དང་པོའི་སངས་རྒྱས་ཁྲོ་ཆགས་སྔོ། །ཞལ་གཅིག་རྡོར་དྲིལ་དང་བཅས་ཡུམ་ལ་འཁྱུད། །ཕྱག་རྒྱས་བརྒྱན་ཏེ་ཉོན་མོངས་བདུད་ཀྱི་ཁར། ཞབས་གཡས་དམར་བརྐྱང་གཡོན་པ་དཀར་པོ་བསྐུམ། །ཨོཾ་ཨཱཿཧཱུྃ་ཧོཿཧཀཥམལཝརཡཾ ཧཱུྃ་ཕཊ྄། བཞི་པ་ནི། སྤྱི་བོར་བླ་མ་བརྒྱུད་པ་ལོངས་སྐུར་བརྩེགས། རྩེ་གཅིག་འདི་ཕྱི་ཀུན་གྱི་རེ་བལྟོས་གཏད། །ཅི་བྱུང་ཐབས་གཞན་མི་འཚོལ་བླ་མ་འབོད། །ཐུགས་རྗེས་གཟིགས་ ཤིག་སངས་རྒྱས་མི་གཟུགས་རྣམས། །ཁྱབ་བདག་དང་པོའི་མགོན་པོ་བཅོམ་ལྡན་འདས། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་དཔེ་མེད་མཚོ། །དཔལ་འཛིན་དགའ་བ་འོད་མཛད་ ལྷ་ཡི་ཞབས། །ཆོས་འབྱུང་ཞི་བ་ཉི་མ་དཔལ་ཡེ་ཤེས། །རིན་ཆེན་བསྲུང་བ་མི་ཡི་དབང་པོའི་བློ། །ཕྱོགས་སུ་གྲོལ་བ་ཤཱཀྱ་རཀྵི་ཏ། །ལེགས་སྐྱེས་སངས་རྒྱས་དབྱངས་དང་རྗེ་བཙུན་ནི། །ནགས་ཀྱི་རིན་པོ་ཆེ་དང་དེ་ཡི་སྲས། །ངག་གི་དབང་པོའི་སྡེ་དང་རིན་རྣམ་པ། །ཆོས་ཀྱི་གྲགས་པ་སྒྱུ་མའི་གར་མཁན་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །བཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་དྲི་མ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པར་ངག་གི་ཐིག་ལེ་ལ། །བཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་བསྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་གར་སེམས་ཀྱི་ཐིག་ལེ་ལ། །ཞུགས་ནས་ཤེས་རབ་ཡེ་ཤེས་ཉིས། །གཉིད་འཐུག་མུན་པ་བསལ་དུ་གསོལ། །མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །ཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་བདག་དང་འགྲོ་རྣམས་ཀྱི། །ལུས་ངག་ཡིད་དང་ཡེ་ཤེས་ཚོགས། །རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག །ལྔ་པ་ནི། རང་གི་རྣམ་ཤེས་སྣ་ཚོགས་ཡུམ་དུ་འཐོན། །གྲི་གུག་གིས་བཅད་ཐོད་པ་སྟོང་གསུམ་ཙམ། །དེ་ནང་ལུས་གཏུབས་ཨོཾ་ཨཱཿཧཱུྃ་ཧོཿཡིས། །སྦྱངས་རྟོགས་སྦར་བཞུ་ཕེཾ་སྒྲས་མགྲོན་བཞི་བཀུག །ཐམས་ཅད་ཚིམ་པར་བཞེས་ལ་དངོས་གྲུབ་སྩོལ། །མཐའ་མ་འཁོར་གསུམ་དག་པའི་ངང་ལ་བཞག །ལྟེ་བར་དབྱུག་གུ་ཉི་མའི་དབུགས། །སྒྲ་གཅན་གཡུང་མོས་རབ་ཟོས་ནས། །རྡོ་རྗེ་ཟླ་བའི་ཆ་ཤས་ནི། །བཅུ་དྲུག་རབ་ཏུ་རྫོགས་གྱུར་ཅིག །ཟག་བཅས་བདེ་བའི་སྨིག་རྒྱུ་ལ། །སྲིད་པའི་རི་དྭགས་ཀུན་རྒྱུ་བ། །རྡོ་རྗེ་མིག་རབ་དག་པའི་མཐུས། །གདུང་བ་ཉེ་བར་ཞི་གྱུར་ཅིག །སེམས་ཀྱི་རྒྱལ་པོའི་མགོན་སྤངས་ནས། །རྡོ་རྗེ་བླ་མ་ཕྱིར་འཚོལ་བ། །དེ་དག་ཚེ་འདིར་མཆོག་ཐོབ་ནས། །ཀུན་གྱི་འདྲེན་པར་བདག་གྱུར་ཅིག །ཅེས་བསྔོ་བ་བྱའོ། །གཉིས་པ། རྡོ་རྗེའི་རྣལ་འབྱོར་དངོས་བཤད་པ་ལ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་དང་དྲུག དང་པོ་ལ། མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་རྣལ་འབྱོར་གཉིས། དང་པོ་ལ། ལུས་ཀྱི་བྱད་བཅིངས། མིག་གི་ལྟ་སྟངས། སེམས་ཀྱི་བཞག་ཐབས་གསུམ། དང་པོ་ནི། བླ་མ་དང་གདམས་པ་དང་། རང་ལ་ཡིད་ཆེས་པའི་གང་ཟག་གིས། དུས་ཀྱི་འཁོར་ལོའི་ཀོར་ཆེན་གྱི་དབང་ལེགས་པར་ཞུས་པའམ། མིན་ན་འཁོར་ལོ་སྡོམ་པ་སོགས་གང་རུང་ཞིག་གི་དབང་བཞི་ལེགས་པར་ཐོབ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་ལ་ཡིད་གཅིག་པར་བྱས། གཉིད་འགྱོད་ལེ་ལོ་སོགས་པ་བསམ་གཏན་གྱི་སྒྲིབ་པ། མི་དགེ་བ་སོགས་ལམ་གྱི་ཆོམ་རྐུན་སྤངས་ནས། ས་རླངས་མེད་པའི་ཁང་བུ་ནང་འདོམ་གང་གྲུ་བཞི་ལས་མི་ཆུང་བ། སྒོ་འཁྱོག་རིམ་པ་གསུམ་གཅིག་གི་མདངས་གཅིག་ལ་མི་ཕོག་པ་དེ་མ་གྲུབ་ཀྱང་ནང་མུན་པ་ནག་པོ་ལེགས་པར་གྲུབ་ན་འདྲའོ། །དེར་བདེ་བའི་གདན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་གཡོན་འོག་གཡས་སྟེང་དུ་འཐོན་པ་དང་། ལག་པ་མཐེ་བོང་གིས་སྲིན་ལག་མནན་པའི་ཁུ་ཚུར་བརླ་ཁུག་སུ་བཙུགས། ལག་ངར་དང་སྒལ་ཚིགས་བསྲང་ཐལ་གོང་དགྱེད། ཨོག་སྐོས་ལྐོག་མདུད་ནོན་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར། སོ་མཆུ་ལ་བར་ཡོད་ཙམ་ཡོད་པ་ནི་རྒྱུད་རང་ནས་བཤད་པའི་ལུས་གནད་དངོས་མ་ཡིན་པས་འདི་ལ་ནན་ཏན་དུ་བྱའོ། །རྟགས་བརྟན་ནས་ལག་པ་བསྒྱུར་ཏེ་མཉམ་བཞག་བྱ་བ་དང་། ལུས་གྱོང་པོ་ལ་དེ་ལྟ་བུ་ཟུག་རྔུའི་རྒྱུར་འགྱུར་བས། ལག་པ་གཉིས་ཕྱོགས་སོ་སོར་ཁ་སྦུབ་པའི་སོར་ཚིགས་དྲུག་མདོའི་འོག་ཏུ་འོང་བར་བྱས་པའོ། །གེགས་སེལ་བོགས་འདོན་གྱི་ཚུལ་དུ་རེས་འགའ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་བ་སྟེ་གཞན་ནི་སྔ་མ་བཞིན་བྱའོ། །འདིར་གསང་སྐྱིལ་བཤད་པ་ནི་ལྕེ་རྩེ་རྐན་སྦྱར་གྱི་ཡིན་པས་དེ་ཀར་སྟོན་འོས་སོ། །གཉིས་པ། ལྟ་སྟངས་ནི། རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟངས་ཏེ། མིག་བསྒྲད་ནས་མིག་འབྲས་གྱེན་དུ་སློག་པའོ། །འདི་རྟགས་མྱུར། རྟགས་བརྟན་པོ་རེད་ནས་མིག་ཐད་ཀ་འབུར་ཚུགས་སུ་བལྟ་བ་སྟེ། ཕྱེད་བཙུམ་པ་ནི་མ་ཡིན་པས། མིག་ནི་མི་འཛུམ་ཞེས་དང་། རྣལ་འབྱོར་པ་ཡི་བསྒྲད་པའི་མིག་གིས་བལྟ་བྱ་ཞིང་། །ཞེས་འབྱུང་བས་སོ། །གསུམ་པ། སེམས་ཀྱི་བཞག་ཐབས་ལ། བསམ་མེད་ཀྱི་རྣལ་འབྱོར། ནམ་མཁའི་རྣལ་འབྱོར། རྩོལ་མེད་ཀྱི་རྣལ་འབྱོར། སྐྱེ་མེད་ཀྱི་རྣལ་འབྱོར། རྩ་བྲལ་གྱི་རྣལ་འབྱོར་ལྔ། དང་པོ་ནི། འདས་པའི་རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟ་བ་ལ་བཟོ་མི་བྱེད། མདོར་ན་བསམ་བྱ་བསམ་བྱེད་བྲལ་བའི་ངང་ལ་འཇོག་པ་ཡིན་ཏེ། རྩ་རྒྱུད་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཞེས་དང་། ས་ར་ཧས། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། །ཞེས་གསུངས་པས་སོ། །དེ་ཡང་། མུན་པའི་ནམ་མཁའ་ལ་མིག་དང་སེམས་རྩེ་གཅིག་ཏུ་བཀོད་ནས་གཞན་དུ་གཡོ་མི་འཇུག་པ་སྟེ། ཉི་མ་གཅིག་ནི་ཡོངས་སུ་བརྟག །དང་། ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ཅེས་གསུངས་པའོ། །དེ་ཡང་དཔེར་བགྱིས་ན། ལྟད་མོ་ཆེན་པོ་ལ་བལྟ་བའི་མིག་དང་ཤེས་པ་ལྟ་བུའོ། །དེའི་ཕྱིར་ཞེན་པ་ཞེས་གསུངས་ཏེ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་། ཞེས་འབྱུང་བས་སོ། །དེ་བས་ན་འདིར་རྗེས་སུ་དཔགས་པའི་བསམ་པ་བག་ཆགས་མངོན་སུམ་གྱི་ཞེན་ཡུལ་བསྒྲུབས་པར་སོང་བས། བསམ་དུ་མེད་པ་བྱས་ཙ་ན་ཆད་པར་སོང་སྙམ་པ་ནི་རང་སྒོམ་ལ་མ་འདྲིས་སོ་ཞེས་སྟོན་པའི་ཚིག་ཉིད་དུ་རྟོགས་པར་ནུས་སོ། །དེས་ན་ས་ར་ཧས། དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་དེ། །དེ་ཉིད་ཀྱི་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་གསུངས་པ་དང་རྒྱུད་རང་ལས། དེ་ལ་རྟགས་ནི་མ་བྱུང་ན། དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་པའོ། །ལས་ཉོན་རགས་པའི་སྣང་བ་ནི་འཁྲུལ་སྣང་ཡིན་པས་དེ་བཙན་ཐབས་སུ་དགག་པའི་ཕྱིར་མུན་པ་བསྟེན་པ་ཡིན་ལ། དེར་འདིར་བསྒྲུབས་པའི་མངོན་སུམ་ནི་ཤའི་མིག་ལ་སོགས་པ་དབང་པོར་བྱས་ནས། དུ་བ་སོགས་སྟོང་པ་གཟུགས་སུ་བྱས། དེ་གཉིས་ལ་བརྟེན་ནས་སྐྱེས་པའམ་འཁྲུལ་བའི་ཤེས་པ་འཁྲུལ་པ་ཐམས་ཅད་བཟློག་པ་ལ་དཔའ་བ་ཞིག་གོ །དེས་ན་སོ་སོར་སྡུད་པའི་སྒྲ་བཤད་ལ། སྡུད་པ་དང་ཟ་བ་གཉིས་འོང་བ་དེས་ཡིན་ཏེ། ཟ་བ་ཅེས་པ་ལོངས་སྤྱོད་པའི་དོན་ཡིན་ནོ། །དེས་ན་རྣལ་འབྱོར་དང་པོ་འདི་ཁས་དབང་པོ་མཆོག་ལ་དོན་ཐམས་ཅད་འགྲུབ་པས་དེ་བསྟན་ལ་ལྷག་མ་ནི་གདུལ་བྱའི་རིམ་པ་ལ་བལྟོས་པས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བླ་ཐབས་སུ་བསྣན་པ་སྟེ་སྔ་མ་འདི་ཀ་བསྒྲུབ་པའི་ཕྱིར་དུའོ། །དེ་ཕྱིར་རྫོགས་པའི་རིམ་པ་ནི་དངོས་སུ་ཡེ་ཤེས་བསྐྱེད་པ་ལ་བྱེད་པར་ནཱ་རོ་པ་ཡབ་སྲས་གསུངས་ལས། འདིར་ཡང་ཉི་མ་གཅིག་གིས་རྟགས་མཐོང་བ་འདི་ལྟ་བུས་ཤིན་ཏུ་གསལ་བ་ཡིན་ནོ། །གཉིས་པ་ནི། དབྱིངས་རིག་བསྲེས་ནས་མཉམ་པར་འཇོག་པ་སྟེ་དབྱིངས་ནི་དུ་སོགས་ཀྱི་རྟགས། རིག་པ་ནི་དེ་མཐོང་བའི་རྣམ་ཤེས། བསྲེ་བ་ནི་རྟགས་དེ་ཁ་ལ་རྣམ་ཤེས་དེ་བཞིན་དུ་འཇུག་པ་སྟེ། རྩེ་གཅིག་ཏུ་དེ་ཁ་ལ་བལྟ་བའོ། །དེ་ཡང་། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་གཟུང་བྱ། །ཡིད་དེ་ཡིད་མ་ཡིན་པར་བྱས་གྱུར་ན། །མཆོག་གི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། འདིས་དུ་སྣང་རང་གྲོལ་དུ་སོང་ནས་སྨིག་རྒྱུ་ལེགས་པར་འཆར་ཞིང་། དེ་ལའང་དེ་ལྟར་བྱས་པས་ཕྱི་མ་ཕྱི་མ་འཆར་ཏེ། རྟགས་སྔ་མ་སྦྱངས་ནས་ཕྱི་མར་འཇུག་པའི་མྱུར་བའི་ཐབས་ནི་འདི་ཁའོ། །གསུམ་པ་ནི། གཉུག་མ་བསམ་བརྗོད་དང་བྲལ་བའི་ངང་དུ་མཉམ་པར་བཞག་ལ། དེ་ལ་མི་སྡོད་པར་འཕྲོ་བའི་ཚེ་སྣང་ཐོག་དེར་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ཡིན་ཏེ། དེ་ཡང་། མ་སྐྱེས་པ་ལ་རྟོག་པ་གློ་བུར་བ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལོ། །ཞེས་རྟོག་པ་དོན་ལ་མེད་པས་དེ་ཉིད་དུ་མཐོང་ན་འཇིག་སྟེ་རྫུན་ལ་རྫུན་དུ་ཤེས་པ་བཞིན་ནོ། །དེ་ཡང་། བསམ་མེད་ཀྱི་རྣལ་འབྱོར་རང་ལ་གནས་ན་རྟགས་དེ་དག་མི་གཡོ་ལ། མ་གནས་ན་གཡོ་བས། དེའི་ཕྱིར་རྟགས་སྣང་ལ་དོ་གལ་མི་བྱེད་པར་དེ་ལ་རྟེན་ཙམ་བྱས་ཏེ་མ་ཡེངས་པར་འཇོག་པའོ། །དེས་རྟགས་ཡལ་ཡོལ་མི་བྱེད་པར་གཟེར་བཏབ་པ་ལྟ་བུར་འགྱུར་རོ། །དེ་ཡང་། བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། །མཐོང་བར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློག་རྔ་མོ་ལྟ་བུར་བདག་གིས་རྟོགས། ཞེས་སོ། །བཞི་པ་ནི། དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེ་ལྟ་བུའི་རྟགས་རྫོགས་ནས་བསླབ་པར་བྱ་བ་སྟེ། སེམས་འདི་གང་ནས་སྐྱེས་བལྟས་པས་གང་ནས་ཀྱང་མ་སྐྱེས་ཏེ། སྐྱེ་མེད་དུ་ཐག་བཅད། སྐྱེ་མེད་ཡང་གློ་བུར་བ་མ་ཡིན་པར་ཡེ་གདོད་མ་ནས་མ་སྐྱེས་པར་ཐག་བཅད། དེའི་ངང་དུ་མཉམ་པར་བཞག་པ་སྟེ། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་པས་སོ། །འདིར་སེམས་ནི་རིག་བྱ་རིག་བྱེད་གཉིས་ཀ་རིག་བྱའི་ཡུལ་དངོས་པོ་བ་ཞིག་ཏུ་གྲུབ་ན་རིག་བྱེད་དེ་ཡང་ཚད་མར་རུང་བ་ལ། རིག་བྱའི་སྟེང་དུ་རིག་བྱར་རུང་བ་ཞིག་མ་རྙེད་པ་བཞིན་དུ་རིག་བྱེད་ཀྱང་རིག་བྱེད་དུ་རུང་བས་བཏང་། དེས་ན་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་ངོ་མ་མཐོང་། །ཚུལ་འདི་ལ་སྣང་བའི་སྟེང་དུ་སྟོང་པའི་རང་ཞལ་མཐོང་བས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གསུངས་སོ། །དོན་སྟོང་གཟུགས་སྒྱུ་མར་ཤེས་པའོ། །ཆོས་སུ་འཛིན་པ་བཟློག་པ་ལ་སྒྱུ་མ་དཔེར་གསུངས་པས། སྒྱུ་མར་མཐོང་བ་ཁོ་ན་བདེན་འཛིན་འཇིག་པའི་ཐབས་ཀྱི་མཆོག་ཏུ་སོང་སྟེ། སྣང་བ་ཕྱིན་ཅི་ལོག་ཁོ་ནའི་སེམས་སྣང་ཡིན་པས་མེད་བཞིན་སྣང་། ཕྱིན་ཅི་མ་ལོག་པ་མཐོང་ན་ཕྱིན་ཅི་ལོག་འཇིག་པས། དེའི་ཚེ་འཁྲུལ་སྣང་འཇིག་རིམ་གྱིས་མ་འཁྲུལ་བའི་སྣང་བ་དེ་ཤས་ཇེ་ཆེར་འགྱུར་རོ། །དེས་ཉམས་གོང་འཕེལ་དུ་སོང་བས་མཚན་དུས་དེ་ཁར་རྩལ་ཆེན་ཉིན་རྟགས་དྲུག་དང་། དེ་ལྟ་བུའི་རྟགས་ཅན་འོད་གསལ་ལས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དང་སྒྲ་བརྙན་འཆར་བ་ཡིན་ནོ། །རྒྱལ་དབང་རྗེས། དེ་ལྟ་བུའི་སྟོང་གཟུགས་ཀྱང་སྐབས་མིན་པར་ཆོས་སྐུའོ་ཞེས་སྒྲོ་མི་འདོགས། འཁྲུལ་སྣང་ངོ་ཞེས་སྐུར་པ་མི་འདེབས། ཉམས་སྣང་ངོ་ཞེས་ཐད་ཀར་བཞག་ན་ལེགས་ཏེ། ཚུལ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་བི་རུ་པའི་གསུང་ངག་གི་རྡོ་རྗེའི་ཚིག་རྐང་ལས། སྣང་བ་གསུམ་གྱིས་བསྟན་པའི་ལམ་གྱི་ས་མཚམས་རྣམ་པར་དབྱེ་བ་མཛད་པ་དང་ཡང་ཚུལ་གཅིག་གོ །ཉམས་སྣང་གི་མཚན་ཉིད་ཀྱང་སེམས་ཅན་གྱི་བློ་ལས་ནི་འདས། སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མངོན་དུ་མ་གྱུར་པའི་གནས་སྐབས་རྣལ་འབྱོར་པའི་ལམ་བསྒོམ་པ་ལས་བྱུང་བའི་རང་བཞིན་འོད་གསལ་གྱི་རྣམ་པ་ཉམས་སུ་མྱོང་བ་ཁོ་ན་ལ་བྱ་སྟེ། ཞེས་པས་སོ། །ལྔ་པ་ནི། འཁོར་བ་ཞེས་བྱ་བ་ལོགས་སུ་མ་ཆད། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་ལོགས་སུ་མ་ཆད། དེས་འཁོར་འདས་མཉམ་པ་ཉིད་རོ་མཉམ་ཆེན་པོའི་ངང་དུ་མཉམ་པར་བཞག སྲིད་པ་དང་ཞི་བའི་མཉམ་པ་ཉིད་དེ་ཡང་། འཁོར་བ་ཞིག་དང་མྱང་འདས་ཞིག་བསྲེ་རྒྱུ་ཡོད་པ་གར་ཡིན། འོན་ཀྱང་སྟོང་གཟུགས་ཀྱི་སྣང་བ་ཕལ་པ་འདི་སྦྱངས་ཟིན་ཀྱང་སྟོང་གཟུགས་རང་དུ་སྣང་རྒྱུ་ཞིག་བྱུང་བས་དེ་འཁོར་བར་བཞག དེའི་རང་བཞིན་མྱང་འདས་སུ་བྱས་ནས་སྔར་བཞིན་སྟོང་གཟུགས་ལ་ཞེན་མི་འཇུག་པར་སེམས་མ་བཅོས་པ་ལ་བཞག་པ་སྟེ། དེས་སྟོང་གཟུགས་སྒྱུ་མ་དེ་རྣམ་མེད་འོད་གསལ་ལམ་འགྱུར་མེད་བདེ་ཆེན་དུ་འདོགས་པ་ཡིན་ནོ། །དེས་ན་ས་ར་ཧས། ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིན། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན། །ཞེས་དང་། གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །ཅེས་སོ། །དེས་ན་མཚན་མོའི་རྣལ་འབྱོར་ལོ་མང་པོ་བསྐྱང་བའམ། རབ་ཀྱིས་དང་པོ་ཁོ་ནས་སོ་ཞེས་པའི་དབང་དུ་མཛད་ནས་འདི་གསུངས་ལ། ལམ་ཁྱེར་ཕྱི་མ་འདི་མེད་པར་སྟོང་གཟུགས་འགྱུར་མེད་ཀྱི་བདེ་ཆེན་དུ་འདོགས་མི་སྲིད་དེ། རླུང་སེམས་དབུ་མར་ཐིམ་པར་བྱེད་པའི་གནད་འདི་ཁོ་ནར་ངེས་པ་སྟེ། དེ་ཁོ་ན་ཉིད་གཅིག་ཡིན་པས་དེ་མཐོང་བའི་ཡེ་ཤེས་གཅིག་ལས་མེད་པས་སོ། །དེའི་ཕྱིར་རྒྱུད་ལས་ཀྱང་། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོན་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་དང་། རྡོ་རྗེའི་ལམ་དུ་ཞུགས་པ་ཡི། །ཞེས་པའི་རྡོ་རྗེའི་ལམ་ནི་དབུ་མ་ཡིན་ལ་དེར་རླུང་སེམས་ཐིམ་པ་སྟེ། ས་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་སོ། །འདུས་པ་ལས། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ས་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཞེས་པས་ཀྱང་ངོ་། །གཉིས་པ་ཉིན་མོའི་རྣལ་འབྱོར་ནི། །མཚན་རྟགས་བཞི་ཙམ་རྫོགས་གཞན་འཆར་དཀའ་ན། དེ་ལ་ཉིན་མོའི་རྣལ་འབྱོར་སྟོན་ཏེ། ལུས་གནད་ལྟ་སྟངས་སེམས་ཀྱི་བཞག་ཐབས་དང་པོ་དང་འདྲ། འོན་ཀྱང་། བལྟ་ས་སྔ་དྲོ་ཁ་ནུབ་ཕྱི་དྲོ་ཤར། གུང་ལ་བྱང་གི་སྤྲིན་མེད་པའི་ནམ་མཁའ་སྔོ་བསངས་པ་དེ་ལ་མིག་དང་སེམས་རྩེ་གཅིག་ཏུ་འཇོག་པ་ཁྱད་པར་རོ། །འདིར། རྟགས་སོགས་འཆར་བའང་ཡོང་མོད་ཀྱང་། གཙོ་བོར་ཐིག་ལེ་སེར་པོ་འབར་བ། དཀར་པོ་ཟླ་བ། དམར་པོ་ཉི་མ། སྔོན་པོ་སྒྲ་གཅན། གློག་གི་ཐིག་ལེ་ཆེན་པོ། འདིར་ཡང་། འབར་བ་མཐོང་ནས་ནམ་མཁའི་རྣལ་འབྱོར་གྱིས། །ཕྱི་མ་ཕྱི་མ་འཆར་བའི་རྐྱེན་བྱེད་པས། །དེ་ལ་སོགས་པའི་བཞག་ཐབས་བཞི་ལ་རིམ་པ་བཞིན་བསླབ་བོ། །དུས་ཐིག་ལེའི་ནང་དུ་རེ་ཁཱ་ནག་པོ་མཐོང་བར་འགྱུར་གྱི་བར་དུ་ཡིན་ལ། སོར་སྡུད་ཉིད་ཀྱིས་གྲོལ་མི་ནུས་པ་ལ། མཚན་རྟགས་ནི་ཐ་མལ་གྱི་སྣང་བ་རགས་པ་ཐིམ་པ་དང་ཉིན་རྟགས་ནི་ཐ་མལ་གྱི་སྣང་བ་ཕྲ་བ་ཐིམ་པའི་ཁྱད་པར་རོ། །བོགས་འབྱིན་དུ་རིན་པོ་ཆེའི་སྣོད་དུ་ཆུ་གཙང་ལ་རང་གི་བཞིན་འཆར་དུ་བཅུག་མིག་འབུར་ཚུགས་ཡུན་རིང་དུ་བལྟས་ལ་སེམས་གཟུང་། དེ་ནས་རྣལ་འབྱོར་ལ་ཞུགས་པས་རྟགས་རྣམས་འཆར་བར་འགྱུར་རོ། །དེ་ཡང་། གཟུང་འཛིན་གྱི་ཤེས་པས་ལས་གསོག་པ་ནི་ཐ་མལ་གྱི་སྣང་བ་རགས་པའོ། །དེ་ལ་ལས་ཀྱི་སྣང་བ་ཞེས་འདུས་པ་ལས་བཤད། དབང་ཡུལ་ཕྲད་ནས་གཟུང་འཛིན་བསྐྱེད་པ་ནི་ཐ་མལ་གྱི་སྣང་བ་ཕྲ་བ། འདི་ལ་རང་བཞིན་གྱི་སྣང་བ་ཟེར། དེས་ན་ཕྱི་མ་འདིས་སྔ་མ་བསྐྱེད་པས་ཕྲ་རགས་ཀྱི་ཐ་སྙད་བཞག མཚན་མོའི་རྣལ་འབྱོར་གྱིས་སྣང་བ་མ་འགགས་ཀྱང་ཞེན་པ་འགག་པའི་འགོ་ཟུག སྣང་བས་མི་འཆིང་ཞེན་པས་འཆིང་བ་ཡིན། །དཔེར་ན། བྱིས་པ་ཆུང་ངུ་ལ་སྐྱེས་བུ་ལྷས་བྱིན་ཤར་ཡང་དགྲ་གཉེན་གང་དུ་ཡང་མི་སྣང་བས་ཉོན་མོངས་མི་བསྐྱེད། གཞན་གྱིས་དེ་དགྲ་གཉེན་གང་རུང་ཞིག་ཏུ་གཟུང་བས་སྡང་བའམ་ཆགས་པ་སྐྱེ་བས་ཉོན་མོངས་པ་ལྟ་བུའོ། །དེས་ན་རགས་ཕྲ་གཉིས་ཀར་ཐིམ་རིམ་ས་ཆུ། ཆུ་མེ། མེ་རླུང་། རླུང་ནམ་མཁའ། ནམ་མཁའ་རྣམ་ཤེས་ལ། རྣམ་ཤེས་ཀྱང་རྟོག་བཅས་རྟོག་མེད་གཉིས་ཡོད་པའི་ཕྱི་མ་ལ་ཐིམ་པ་ན་བསམ་གཏན་གྱི་འགོ་ཟུག རྟོག་བཅས་ནི་ཏིང་ངེ་འཛིན་བརྟན་པོར་མ་གྱུར་པའི་སྐབས་དང་། ཕྱི་མ་ནི་བརྟན་པོར་གྱུར་པའོ། །འདི་ལ་ཀུན་ཏུ་སྣང་བ་ཟེར། དེའི་ཕྱིར་ཉིན་རྟགས་དྲུག་པ་ཤར་ནས་བསམ་གཏན་ལ་རེག་པས་དེའི་རྣལ་འབྱོར་སྟོན་ནོ། །དེས་ན་མཚན་དུས་རླུང་སོ་སོར་དབང་སོགས་ཀྱི་སྒོར་འཆིང་ལ། ཉིན་མོ་ནི་འབྱུང་བ་ལྔ་རང་མལ་དུ་འཆིང་བ་དང་། བསམ་གཏན་གྱི་དུས་སྲོག་རྩོལ་གྱིས་དབུ་མར་འབབ་པ་དེ་ཡོང་སྟེ་སྣང་གསུམ་གྱི་བཞོན་པ་འཆིང་བས་སོ། །སྔ་མ་གཉིས་ལ་འབས་འབུན་འདེད་ཀྱིས་ཅུང་ཟད་ཅུང་ཟད་དབུ་མར་འཇུག་པ་ནི་ཡོད་ཀྱིས། རྡོ་རྗེའི་ལམ་དུ་ཞུགས་པ་ཞེས་གསུངས་པ་ནི་དང་པོ་ཁོ་ནས་གྲོལ་བ་དེའི་དབང་དུ་མཛད་པས་བླ་མའི་མན་ངག་གིས་ཤན་ཕྱེད་པར་བྱའོ། །སོར་སྡུད་དུ་ཚིག་གི་མཆོག་འགྲུབ་པའི་གནད་ཡང་དེ་ཡིན། ཚིག་གི་མཆོག་ཟེར་བ་ཡང་དྲང་སྲོང་གིས་དམོད་པ་འགྲུབ་པ་ལྟ་བུའོ། །གཉིས་པ། བསམ་གཏན་ལ། རྒྱུ་བསམ་གཏན་དངོས་དང་། འབྲས་བུ་མངོན་པར་ཤེས་པ་བསྐྱེད་པའི་ཚུལ་གཉིས། དང་པོ་ནི། བསམ་གཏན་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་པས་རྩེ་གཅིག་པའི་སེམས་ཡན་ལག་ཐམས་ཅད་ཀྱི་སྤྱིའི་ཆོས་ཡིན། ཡན་ལག་རང་། ཤེས་རབ། རྟོག དཔྱོད། དགའ། བདེའོ། །དེ་ཡང་། སྔར་གྱི་གཟུགས་བརྙན་སྣང་བ་རྣམས་སེམས་ཉིད་ལས་གཞན་མ་ཡིན་པར། ལྟ་བ་དང་། དེ་ནས་ཕྱི་ནང་གི་དངོས་པོར་བརྟག་ཅིང་གཞིག་པ་དང་། གཞིག་རྗེས་སུ་གཞན་མ་ཡིན་པའི་དོན་ལ་ངེས་པ་ཐོབ་པ་དང་། དེ་ལ་ཞེན་པ་དང་བྲལ་བའི་དགའ་བ་ཐོབ་པ་དང་། གཟུགས་སེམས་རོ་གཅིག་པར་རྟོགས་པས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་གཡོ་མེད་དུ་ཐོབ་པ་སྟེ། ཚུལ་ལྔ་པོ་འདིས་ལྟ་བ་སྐྱོང་དགོས་པ་ཡིན་ནོ། །ཡན་ལག་འདི་དག་དོན་ཏིང་ངེ་འཛིན་ལས་སུ་རུང་ན་རང་འབྱུང་བས་ཡན་ལག་རེ་རེ་བསྐྱེད་པ་ལ་ཆེད་གཉེར་འབད་དགོས་པ་མ་ཡིན་འོན་ཀྱང་རྒྱུད་ལ་སྐྱེས་ནས་དེ་འབའ་ཞིག་པར་བྱ་བ་ལ་ནན་ཏན་ནི་དགོས་ཏེ་ཆུ་བོའི་རྒྱུན་བཞིན་བསྐྱང་བས་སོ། །གཉིས་པ་ནི། རྒྱུ་བསམ་གཏན་དེ་ཐོབ་ན་འབྲས་བུ་མངོན་ཤེས་སོགས་འབྱུང་མོད། འོན་ཀྱང་མྱུར་དུ་བསྐྱེད་པར་འདོད་ན། ལྗོན་ཤིང་གི་གྲིབ་མའམ་ལུས་ཀྱི་གྲིབ་མ་ལ་མིག་གཏད་དེ། དེ་བསམ་གཏན་གྱི་ཡན་ལག་གིས་བསྐྱངས་ན་ལྷའི་མིག་གི་མངོན་ཤེས་སུ་འགྱུར་ཏེ་ས་འོག་གི་གཏེར་དང་ཞིང་ཁམས་མང་པོ་མཐོང་བ་འབྱུང་ངོ་། །ཆུ་ཀླུང་ཆེན་པོའི་སྒྲ་ལ་རྣ་བ་གཏད་དེ་སྔར་བཞིན་བསྒོམས་པས་ལྷའི་རྣ་བ་ཐོབ་སྟེ་ཐག་རིང་པོའི་སྒྲ་ཐོས་པ་སོགས་སོ། །ཕ་རོལ་གྱི་སྙིང་གའི་རྩ་སྦུགས་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཁ་ཐུར་དུ་བསྟན་པ་དམིགས་ཏེ་བསྒོམས་པས་གཞན་གྱི་སེམས་ཤེས་པའི་མངོན་ཤེས། རང་གི་སྙིང་གའི་རྩ་སྦུབས་ལ་དམིགས་ཏེ་བསྒོམས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་ཤེས་ཐོབ་བོ། །དེ་ལྟར་བསམ་གཏན་གྱིས་སྟེང་གི་ལམ་འགགས་པས་འོག་གི་ལམ་འགག་དེས་འོག་གི་དུང་ཅན་ཁ་བྱེ་དེར་རླུང་སེམས་འཇུག་པས་རྩ་ཐམས་ཅད་ཀྱི་མདུད་པ་བཤིག་ནས་དབུ་མར་འབྱོངས་ཏེ། རྩ་རྒྱུད་ལས། དུ་བ་ལ་སོགས་བསྒོམས་ནས་ནི། །སེམས་ནི་གཡོ་བ་མེད་བྱ་སྟེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །ཞེས་སོ། །དེ་ནས་སྲོག་རྩོལ་ལ་ཞུགས་ཆོག་པ་ཡིན་ནོ། །གསུམ་པ་སྲོག་རྩོལ་ལ། ལུས་ཀྱི་བྱེད་ཆིངས། མིག་གི་ལྟ་སྟངས། སྲོག་རྩོལ་དངོས་དང་གསུམ་ལས། དང་པོ་ནི། རྐང་པ་གཡས་པའི་རྟིང་པས་རྡོ་རྗེའི་སྲད་བུ་མནན། གཡོན་པའི་རྟིང་པས་དེའི་རྐང་སོར་བརྟེན་པ་ལག་པ་གཉིས་བསྣོལ་བས་མཆན་ཁུང་བསྡམས་པའམ་པུས་མགོ་བཀབ་པའི་ཐབ་འགལ་གྱི་ཕྱག་རྒྱ་ལུས་བསྲང་ཨོག་སྐོས་ཨོལ་མདུད་མནན་པ་ལྕེ་རྐན་ལ་སྦྱར་སོ་མཆུ་ལ་བར་ཡོད་ཙམ་བྱའོ། །གཉིས་པ། ལྟ་སྟངས་ནི། མཛོད་སྤུ་ཉེ་བར་བསྒྲུབ་པ་ཞེས་པ་བདུད་རྩི་འཁྱིལ་བའི་ལྟ་སྟངས། མིག་གཉིས་གཅིག་ཏུ་སྦྱོར་བ་ལྟ་བུའི་ཚུལ་གྱིས་སྨིན་མའི་དབུས་སུ་གྱེན་དུ་བཟློག་སྟེ་བཞག་པའོ། །གསུམ་པ་སྲོག་རྩོལ་དངོས་ལ། འབྱིན་པ་དང་། འཇུག་པ་དང་། སྡུད་པ་དང་། བཟླས་པ་དང་། ལམ་གྱི་ཆ་ལག་བསྟན་པ་དང་ལྔ། དང་པོ་ནི། བྱེད་བཅིངས་ལྟ་སྟངས་དེ་ཉིད་ཀྱི་ངང་ནས་འབྱིན་མྱུར་བུལ་རན་པ་ཉི་ཤུ་རྩ་གཅིག་སྡངས་ཐབས་སུ་བྱའོ། །དམིགས་པ་ལས་རླུང་ཐམས་ཅད་སྟོང་སྟོང་སོང་བར་བསམ་དེས་ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་གི་རླུང་རོ་ཐམས་ཅད་བསངས་རྣམ་པར་རྟོག་པ་བསྐྱེད་པའི་རླུང་ཐམས་ཅད་ནམ་མཁར་དེང་བ་ཡིན་ནོ། །ཡང་རྟ་འཚེར་བ་ལྟ་བུ་བྱས་པས་ཀྱང་རླུང་ཐམས་ཅད་ཕྱིར་དེངས་པར་བསམ་མོ། །གཉིས་པ་ནི། སྟེང་རླུང་དལ་བུས་སོར་བཅུ་དྲུག་ཙམ་ནས་བརྔུབས་ནང་དུ་གནོན་པ་དང་། འོག་ཏུ་རླུང་ཅུང་ཟད་བསྐུམ་སྟེ་ཁ་སྦྱར་དུ་ཙམ་ཐུབ་འཛིན་པའོ། །འདི་ནི་བུམ་པ་ཅན་ནོ། །གསུམ་པ་ནི། ལུས་ཀྱི་པདྨོར་དབུ་མ་རྡོ་རྗེ་ནག་པོ་གཅིག་ཏུ་དམིགས་ནས་རྩ་ཕྲན་ཐམས་ཅད་ཀྱི་ཁ་དེ་ལ་ཕྱོགས་པར་བསམ། སྣ་རྩེ་པུས་མོ་གཡས་ཕྱོགས་སུ་ཅུང་ཟད་ཕྱོགས་པས་རླུང་བརྔུབས། ལྟེ་བའི་ཐད་ཀར་གཞུག་དུ་ཙམ་ཐུབ་བཞག འོག་གི་རླུང་དང་སེམས་ཡང་དེར་འཐེན་མི་ཐུབ་ལ་ཁད་བྱུང་ན་དབྱུང་། ཡང་སྣ་རྩེ་པུས་མོ་གཡོན་ཕྱོགས་སུ་ཅུང་ཟད་ཕྱོགས་པས་རླུང་བརྔུབས་ལྟེ་བའི་ཐད་ཀར་གཞུག གཞན་འདྲ། མདུན་དུ་སྣ་རྩེ་ཅུང་ཟད་ཕྱོགས་པས་རླུང་བརྔུབས་ལྟེ་བའི་ཐད་ཀར་གཞུག གཞན་འདྲའོ། །ལུས་ཀྱི་རླུང་དང་ཐིག་ལེ་ཐམས་ཅད་ཨ་ཝ་དྷཱུ་ཏཱིའི་ནང་དུ་འདུས་པར་བསམ། མཐར་འཁུན་བུ་དང་བཅས་པའི་སྐད་ཀྱིས་རྣམ་པའི་སྦྱོར་བས་རླུང་ཡར་དྲངས་ཏེ་དཔྲལ་བའི་ཐད་དུ་ཐིག་ལེར་ཐིམ་པར་བསམ། དེའི་དམིགས་པ་གཏད་དོ། །དེ་ནས་ཕྱིར་གཏོང་བཞི་པ་ལ། དམིགས་བཅས་ཀྱི་བཟླས་པ་དང་། དམིགས་མེད་ཀྱི་བཟླས་པ་གཉིས། དང་པོ་ནི། ལྟེ་འཁོར་གྱི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་ནང་དུ་གཏུམ་མོ་སྐྲ་རྩེ་ལྟར་ཕྲ་བ་སྲིད་དུ་སོར་བཞི་ཙམ་ལ་དམིགས་པ་གཏད་དེ། རླུང་དབྱུང་བའི་ཚེ་ཨཱཿཡིག་འགྲོ་བ་ལྟ་བུའི་ཚུལ་གྱིས་དབུ་མ་ལ་གཡས་སྐོར་དུ་ཕྱིར་དབྱུང་། ནང་དུ་བརྔུབ་པ་ན་ཨོཾ་ཡིག་སྡུད་པའི་ཚུལ་གྱིས་དབུ་མ་ལ་གཡོན་སྐོར་གྱིས་ནང་དུ་འོངས། ཁ་སྦྱོར་དུ་བཅིང་བའི་ཚེ་ཧཱུྃ་ཡིག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་གནས་བྱུང་ཐམས་ཅད་དང་བྲལ་བ། རིག་པ་བེམ་པོའི་བདག་ཉིད་ཅན་དུ་སེམས་གཟུང་ངོ་། །རླུང་གི་ཁ་དོག་མཐོང་མཐོང་གི་བར་དུ་བཟླའོ། །གཉིས་པ་དམིགས་མེད་ཀྱི་བཟླས་པ་ནི། རླུང་སེམས་གཉིས་སུ་མེད་པའི་ངང་ལ་འཇོག་པ་སྟེ། དེ་ཡང་། ཐོག་མར་བུམ་པ་ཅན་བཟུང་། དེ་དང་སེམས་བསྲེས་ཏེ་དམིགས་པ་མེད་པ་ལ་མཉམ་པར་འཇོག་པའོ། །ལྔ་པ་ལམ་གྱི་ཆ་ལག་བསྟན་པ་ལ། ལས་རབ་འབྱམས་བསྒྲུབ་པའི་ཆེད་དུ་འབྱུང་བཞིའི་དཀྱིལ་འཁོར་ལ་གནད་དུ་བསྣུན་པ་དང་། འཆི་མེད་བསྒྲུབ་པའི་ཆེད་དུ་ལྕེའུ་ཆུང་གི་བདུད་རྩི་མྱང་བ་དང་། མཁའ་སྤྱོད་བསྒྲུབ་པའི་ཆེད་དུ་མཛོད་སྤུའི་བདུད་རྩི་སྤྲོ་བ་དང་། མཆོག་ལ་སྦྱོར་བའི་སླད་དུ་མགྲིན་པའི་རྡོ་རྗེ་རྦ་རླབས་ལྟེམ་པ་བཞི་ལས། དང་པོ་ནི། ལུས་གནད་ལྟ་སྟངས་སྔར་བཞིན། དམིགས་པ་ལུས་འོད་སྣང་སྒྱུ་མ་ཙམ་རྩ་གསུམ་ལྟེ་བའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་དང་བཅས་པ་གསལ་བཏབ། ལྟེ་འཁོར་གྱི་དབུས་སུ་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་ཨེས་མཚན་པ། སྣོད་བཅུད་ཐམས་ཅད་ནམ་མཁའ་ལྟར་ཐོགས་པའི་རེག་བྱ་དང་བྲལ་བའི་སྣང་བ་མ་བྱུང་གི་བར་དུ་བསྒོམ། དེ་བྱུང་ནས་དེའི་དབུས་སུ་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ་བསྒོམ། འདར་ཧེད་ཧེད་སྣོད་བཅུད་ཐམས་ཅད་ཡང་ཞིང་གཡོ་བ་རླུང་གི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བྱུང་ནས་དེའི་དབུས་སུ་མེའི་དཀྱིལ་འཁོར་གྲུ་གསུམ་རིན་པོ་ཆེ་ཆ་དགུ་པས་མཚན་པ། ལུས་རྔུལ་བ་དང་ཚ་ཞིང་སྲེག་པ་མེའི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བྱུང་ནས་ཆུའི་དཀྱིལ་འཁོར་ཟླུམ་པོ་པད་མས་མཚན་པ་ལ་དམིགས་པ་གཏད་དེ་གྲང་བ་དང་རླན་ཞིང་གཤེར་བ་ཆུའི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བྱུང་བ་དང་དེའི་དབུས་སུ་སའི་དཀྱིལ་འཁོར་སེར་པོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་ལ་དམིགས་པ་གཏད། ལྕི་ཞིང་སྲ་བརྟན་པའི་སྣང་བ་མ་བྱུང་བར་དུ་བསྒོམ། དེ་བསྐྱེད་རིམ། སྡུད་རིམ་དང་རྗེས་སུ་མཐུན་པའི་དམིགས་པ། ས་ཆུས་བཤལ། ཆུ་མེས་བསྐམས། མེ་རླུང་གིས་གཏོར། རླུང་ནམ་མཁའི་དབྱིངས་སུ་ཞི་བ་ལ་དམིགས་པ་གཏད་དོ། །གཉིས་པ་ནི། ཐོ་རངས་ཀ་ར་དང་ཕོ་རིལ་ཅུང་ཟད་བ་དམར་མོའི་འོ་མ་ལ་སྦྱར་བ་ཐུན་གཅིག་ཙམ་ཁར་བསྲུབ་ཅིང་ཁ་ནང་དུ་ཡུན་རིང་དུ་མྱང་བཞིན་པའི་སྒོ་ནས་བསྐྱིལ། མཐར་རིམ་གྱིས་སོང་བ་མ་ཚོར་བར་ཁོང་དུ་ཐིགས་སུ་འཇུག དམིགས་པ་དཔྲལ་བའི་དཀྱིལ་འཁོར་ལ་ཟླ་བ་དེའི་སྟེང་དུ་དབྱངས་བཅུ་དྲུག་ལས་བདུད་རྩི་འཛག་པ། དེ་དང་འབྲེལ་བའི་བུ་ག་ལྕེ་ཆུང་དུ་སུཾ་དཀར་པོ་མགོ་ཐུར་བསྟན་གྱི་ནང་བརྒྱུད་ལྕེ་ཅུང་ནས་བབས། ལུས་ཐམས་ཅད་བདུད་རྩིས་ཞོ་རྐྱལ་ཞོས་གང་བ་ལྟ་བུ་བསམ། ལྕེས་ལྕེའུ་ཆུང་བསྒུལ་ཞིང་བསྲུབ། མཐར་རླུང་ཁ་ནས་བརྔུབ་པ་དང་ལྕེ་ཆུང་ནས་འཛག་པའི་མཆིལ་མ་མཉམ་པོར་མེད། དེ་ལྟ་བུས་ཁོག་པ་འགེང་ངོ་། །དེས་སྐྲ་དཀར་སོགས་རྒས་པ་དང་འཆི་བ་སྐྱེངས་སུ་འཇུག་སྟེ་འཆི་མེད་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། སྤྱི་བོར་ཨོཾ་ཡིག་གིས་མཚོན་པའི་ས་ནས་རླུང་ནང་དུ་བརྔུབ་པ་དང་བསྟུན། རླུང་གི་ཡོན་ཏན་ཡང་བ། མེའི་ཡོན་ཏན་དྲོ་བ། ཆུས་སྣུམ་པ། སས་སྲ་མཁྲེགས། ནམ་མཁས་གསལ་ཞིང་དངས་པ་ཁ་ནས་ཐམས་ཅད་རང་རང་གི་ཁ་དོག་གི་རྣམ་པར་ཞུགས། ཟླ་བའི་དབྱངས་ལས་བབས་པའི་ལྕེའུ་ཆུང་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། འོག་རླུང་འཐེན། ལྟེ་འཁོར་གྱི་དབུས་ན་གཏུམ་མོ་གློག་གི་དབྱུག་པ་ལྟ་བུ་སྲིད་དུ་སོར་བརྒྱད་ཡོད་པ་དམིགས་པ་ཁ་སྦྱར་དེ་ལ་ཕོག་པས་ཚེག་སྒྲ་དང་བཅས་པས་འབར་བར་བསམ་ཏེ་མར་མེ་ལ་ཏིལ་གྱི་མར་ཁུ་ཕོག་པ་བཞིན་ནོ། །མཐར་སྟོང་ཉིད་ལ་མཉམ་པར་བཞག་པའོ། །བཞི་པ་ནི། རྣལ་འབྱོར་གཉིས་པོ་སྔོན་དུ་འགྲོ་བས། ལུས་ཀྱི་དབུས་དྲང་པོར་དུས་ཀྱི་རྩ་ཨ་བ་དྷཱུ་ཏཱི་ལྗང་ཁུ་མདའ་སྨྱུག་ཙམ་འཁྱག་འཁྱོག་མེད་པ་དང་ཐལ་ལེ་བ། གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་བརྐྱང་མ་དཀར་པོ་གཉིས་བཅར་བའི་ཚུལ་གྱིས་མཐེབ་སྲིན་གྱིས་རྩ་བོ་ཆེ་གཉིས་ཀྱི་ནང་ནས་ནང་དུ་ཕྱོགས་པ་གསང་བའི་རྩ་མཱ་མ་ཀཱི་ལྟེམ། དུས་ཀྱི་རྩའི་ནང་དུ་དམིགས་ཏེ་མ་ཡེངས་པར་བྱ། རྦ་རླབས་དྲག་ཏུ་མནན་ཏེ། འདི་དུས་སྣང་གསུམ་ནས་འོད་གསལ་དུ་འཇུག་རིམ་མ་ནོར་བར་ངོས་ཟིན་ན་བར་དོ་ངེས་པར་ཆོད་པ་ཡིན་ནོ། །སྲོག་རྩོལ་ཡང་། རྩ་རྒྱུད་ལས། པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཞེས་པས་བསྟན་ཏེ། པདྨ་ནི་ལུས། རྡོ་རྗེ་ནི་དབུ་མར། སྲོག་ཐམས་ཅད་དེའི་མི་ཤིགས་པའི་ཐིག་ལེ་ལ་འཇུག་པ་སྟེ། སྲོག་གི་རྩོལ་བ་ཡང་ནི་ལམ་ནི་གཉེན་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །འདིར་སྲོག་ཐུར་འདྲེས་པའི་ཕྱིར་རླུང་ཐམས་ཅད་དབུ་མར་འཇུག་སྟེ་སྟོང་གསུམ་ཁྱབ་པའི་རླུང་བ་སྤུའི་ཁུངས་ནས་འབྱིན་འཇུག་ནུས་པར་བཤད་པའི་སྐབས་ཡིན་པས་སོ། །དེས་ན་ཡོན་པོ་འགགས་པ་འདིའི་འབྲས་བུར་བྱེད་པ་ནི་རྒྱུད་མ་གོ་བར་ཟད་དེ་དབུ་མར་ཞུགས་པ་ཉིད་འདིའི་འབྲས་བུ་ཡིན་ཅིང་། དེར་ཐམས་ཅད་འཆིང་མ་ནུས་པས་མཉམ་རྒྱུར་འོང་བ་ནི་སྐྱོན་ཏེ་འཛིན་པའི་སྦྱང་གཞི་ཡིན་པས་སོ། །དེས་ན་སྲོག་རྩོལ་གྱི་འབྲས་བུ་འཛིན་པ་ཡིན་པས་དེ་ཙམ་ནས་དེ་ལ་འཇུག་གོ །བཞི་པ་འཛིན་པ་ནི། སྲོག་རྩོལ་གྱིས་རླུང་སེམས་དབུ་མར་བཅུག་པ་དེ་ཉིད་འཁོར་ལོའི་སྲོག་ཤིང་དབུ་མར་བརྟན་པར་བྱེད་པ་སྟེ། དེ་ཡང་། ལྟེ་འཁོར་གྱི་ལྟེ་བར་བུམ་ཅན་བཟུང་། དེ་བརྟན་པར་གྱུར་པ་ནས་ས་ཆུ་ལ་ཐིམ་པའི་ཚུལ་གྱིས་སྙིང་ག་དང་། ཆུ་མེ་ལ་ཐིམ་པའི་ཚུལ་གྱིས་མགྲིན་པ་དང་། མེ་རླུང་ལ་ཐིམ་པའི་ཚུལ་གྱིས་དཔྲལ་བའི་ཐིག་ལེར་འཇུག་པ་སྟེ་ཕྱི་རོལ་ཏུ་འགྲོ་བ་མེད་པའོ། །དེ་བས་རྣལ་འབྱོར་འདིར་སྲོག་ཞག་ལྔ། བཅོ་ལྔ། ཟླ་བ། ཟླ་བ་དྲུག ལོའི་བར་དུ་བགག་པ་གསུངས་ཤིང་། འདོད་ན་བསྐལ་པར་ཡང་ནུས་པ་ཡིན་ལ། སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བཤད་པའི་ཞུགས་པའི་འགོ་སོར་སྡུད་ནས་བརྩམས། ཐམས་ཅད་ཞུགས་པ་སྲོག་རྩོལ་ནས་བྱུང་། དེའི་དབང་གིས་སྲོག་རྩོལ་གྱི་སྒྲ་བཤད་ལ་སྲོག་བགག་པ་དང་སྲོག་མཆེད་པ་གཉིས་གསུངས་པའི་གནད་དེར་གདའ། འཛིན་པས་དབུ་མར་གནས་པར་བྱེད་ཅིང་། འདིར་རླུང་སེམས་དབྱེར་མེད་ཀྱི་གནད་ཤེས་ན། འབྲིང་གི་སྲོག་རྩོལ་ལ་སོགས་པས། ཞེས་པས་འབྲིང་སྲོག་རྩོལ་གྱི་སྒོ་ནས་གྲོལ་བ་དེ་འབྱུང་། ཐིམ་མ་ཐུབ་ན་རྗེས་རྟིང་གི་རྣལ་འབྱོར་ལ་སློབ་དགོས་པས། དེ་ནས་རྗེས་དྲན་ལ་འཇུག དེ་བས་ན་འདིར། བགག་པ་གོམས་པས་འཆིང་བ་ཡིན་ལ། ཏིང་ངེ་འཛིན་དུ་རླུང་ཟད་པ་ལ་འཆིང་བའི་ཐ་སྙད་བྱས་སོ། །རླུང་སེམས་དབྱེར་མེད་ཞེས་པའང་རླུང་དང་སེམས་གཉིས་ཡོད་ནས་དབྱེར་མེད་བྱས་པ་མ་ཡིན། རླུང་རང་བྱང་ཆུབ་ཀྱི་སེམས་མཚན་ཉིད་པར་བཞག་པ་དེ་མཐོང་བ་ཡིན་ལ། དེས་ན་འགོག་པར་བྱས་མཉམ་ལ། རྣལ་མ་དེར་མ་བཅོས་པར་འཇུག་ནུས་མ་ནུས་ཁོ་ནའོ། །འདིར་སྲོག་གཟུགས་འགྲུབ་པ་ཙམ་ནི་འཛིན་པ་ནས་རྗེས་དྲན་ལ་འཇུག་འོས་པ་དེ་ཡང་ཡིན་ཏེ་དོན་དག་པ་སྒྱུ་མར་སོང་བས་འཇའ་ལུས་པ་ཞེས་བྱའོ། །འདི་དང་འོག་མིན་གྱི་དངོས་གྲུབ་གནད་གཅིག་ཏུ་འབབ་ཀྱང་། འདི་ནི་དེ་ཞོར་ལས་འོངས་པ་ཡིན་ལ་བསྐྱེད་རིམ་པས་དེ་འདོད་པ་མཐར་ཐུག་ཏུ་བྱེད་པའི་ཁྱད་ཡོད་དོ། །རྩ་རྒྱུད་ལས། འཁོར་ལོ་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེར་བགག་པར་བྱ། །རྟག་ཏུ་རྟག་རེངས་རྣལ་འབྱོར་པ། །ཞེས་གསུངས། ལྔ་པ་རྗེས་དྲན་ལ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་མོ་ལ་བརྟེན་པ་གསུམ་ཡིན་ལ། དང་པོ་ནི། ལེགས་པར་ལོངས་པའི་མཆོག་འདོད་པ་མོ། །རྒྱུད་ནས་གསུངས་པའི་ཡོན་ཏན་དང་ལྡན་པ། རྗེས་སུ་ཆགས་པ་མོའི་ཀཀྐོ་ལར་བོ་ལ་ཆོ་ག་བཞིན་དུ་བཅུག་ལ། མི་འདར་བ་ཉིད་ཀྱིས་ངལ་བསོ་སྟེ། དེའི་ཟེའུ་འབྲུའི་ཁར་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དགའ་བའི་རོས་སྐད་ཅིག་ཙམ་མི་སྒུལ་བར་བྱའོ། །དེ་ནས་འགྱུར་བའི་གནས་སྐབས་བྱུང་ན་ཧཱུྃ་གི་རྣམ་པ་བརྗོད་པ་སྔོན་དུ་འགྲོ་བ་དང་། བླ་མ་དམ་པའི་དྲིན་གྱིས་ཐོབ་པ་མངོན་དུ་བྱ་ཞིང་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ཐིག་ལེ་འགོག་པའོ། །དེ་ནས་མི་འགྱུར་བ་ཐོབ་བོ། །དེ་ཡང་། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་སོ། །འདི་ལ་ཞུ་བདེའི་ཁམས་སྟོང་ཉིད་དུ་སྦྱོར་ཞིང་སྟོང་ཉིད་བདེ་ཆེན་དུ་སྦྱོར་བ་ཞིག་བྱུང་ན་དེ་ཀའི་མོད་ལ་ཏིང་ངེ་འཛིན་འགྲུབ་བོ། །ཞུ་བའི་བདེ་ཆེན་རྣམ་པ་མཐའ་ཡས་པའི་སངས་རྒྱས་ཀྱི་གཟུགས་སུ་སྤྲོ་ནུས་པ་ནི་དང་པོ་ཡིན་ལ་དེས་སོ་སོ་རང་རིག་པའི་ནུས་པ་སད་པས་རྣམ་པ་ཐམས་ཅད་དུ་དམིགས་པ་ཉེ་བར་ཞི་བ་དེ་ཉིད་ཕྱི་མ་སྟེ། དེ་དབང་བཞི་པ་མཚན་ཉིད་པ་ཡིན་པས་ཕྱག་རྒྱ་ཆེན་པོ། དེ་ཡང་། དབང་པོ་གཉིས་སྦྱོར་བ་ལས་མ་བྱུང་སྟེ་བར་དུ་སྟོང་པ་ཉིད་ཀྱི་གཟུགས་སམ་ཕྱག་རྒྱ་ཆེན་མོ་དེས་བཅད་པ་ཡིན་ནོ། །དེ་ལྟ་བུ་གནད་གཉིས་ཀྱང་དང་པོ་ལུས་ཀྱི་དགའ་བའི་རླུང་འཆིང་པས་ཡིན་ལ། གཉིས་པ་ལྷན་ཅིག་སྐྱེས་པའི་རླུང་འཆིང་བ་སྟེ། དོན་དབུ་མར་གནས་པ་ཙམ་དང་ཐིམ་པའི་ཁྱད་པར་རོ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །ཞེས་སོ། །གཉིས་པ་ནི། དེ་ལྟ་བུ་མི་ནུས་ན་ཕྱག་རྒྱ་ལ་སྦྱར་བའི་བདེ་བ་དེ་ཇི་ལྟ་བུ་ཞིག་ཅེས་བརྟགས་ཏེ་སྲོག་འཛིན་གྱི་རླུང་བཅུ་ལྟེ་བར་ཕྲད་པའི་སྒོ་ནས་དབུ་མར་བརྟན་པས་གཏུམ་མོའི་མེ་འབར་བ་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་ཐིག་ལེ་ཞུ་བའི་འགྲོ་ཟློག་ལ་བསླབས་པའི་མཐར་སྔར་བཞིན་རྡོ་རྗེ་ནོར་བུའི་རྩེར་བྱང་ཆུབ་ཀྱི་སེམས་འགོག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །གསུམ་པ་ནི། དེ་བས་ན་ཕྱག་རྒྱ་དང་པོའམ་གཉིས་པ་གཉིས་ཀ་སྔོན་དུ་བཏགས་ཀྱང་འགྱུར་མེད་ཐོབ་ཀར་ཕྱག་རྒྱ་ཆེན་མོ་ངེས་པར་དགོས་པས་ཕྱག་རྒྱ་གཉིས་ཕྲུགས་སམ་གསུམ་ཕྲུགས་སུ་སོང་སྟེ། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། །མི་འགྱུར་བ་དེ་འཕེལ་བར་འགྱུར། །ཞེས་དང་། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་གསུམ་དུ་འགྱུར་རོ། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་སོ། །རྟག་ཏུ་སྟེང་དུ་ཁུར་བར་འགྱུར། །ཕྱག་རྒྱ་ཆེ་དང་འགྲོགས་པ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །ཞེས་གསུངས་ཏེ། འཛིན་པར་རླུང་སེམས་དཔྲལ་བར་བཅུག་ནས་སླར་གསང་གནས་སུ་འབེབས་པའི་གནད་འདིའོ། །དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་ལ་རྣམ་པ་གཉིས་ཏེ། ཅིག་ཅར་བའི་འགྲོས་བཞི་ཐིམ་པ་དང་། རིམ་གྱིས་པའོ། །དང་པོ་ནི། གྲུབ་པའི་དངུལ་ཆུ་ཐིགས་པ་གཅིག་ལྕགས་ཁལ་སྟོང་དྲག་པོའི་མེས་གདུངས་པའི་ཕྱོགས་གཅིག་ལ་རེག་པས་ཐམས་ཅད་ཅིག་ཅར་གསེར་དུ་འགྱུར་བ་ལྟར་རམ། དུག་སྦྲུལ་གྱི་མཆེ་བའི་དུག་ལོངས་པ་ན་ཅིག་ཅར་ལུས་ཐམས་ཅད་ལ་ཁྱབ་པ་བཞིན། རྩ་རླུང་སེམས་འཛག་པ་ཐམས་ཅད་ཅིག་ཅར་དུ་ཐིམ་པས་མོད་ལ་སྐུ་བཞིའི་བདག་ཉིད་དུ་གྱུར་པ་ནི། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་དེ་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །ཞེས་སོ། །དེ་ཡང་ཐམས་ཅད་གཤིས་སུ་གཅིག་པས་གཅིག་པོ་དེ་མཐོང་ན་ཐམས་ཅད་མཐོང་། །དེའི་དབང་གིས་ཆོས་གཅིག་གི་མདོ་དང་རྒྱས་པ་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་སོ། །ཞེས་གསུངས་པས་གཅིག་ཤེས་ཀུན་གྲོལ་མཚན་ཉིད་པ་དེའོ། །གཉིས་པ་ནི། སྐད་ཅིག་མ་དང་པོ་དེ་ནས་མི་འགྱུར་བའི་བདེ་བ་སྟོང་བརྒྱད་བརྒྱ་བ་དང་པོར་བཞག་སྟེ། སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་བར་ནི་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་བརྟན་པར་བྱེད་པའི་རིམ་པ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའམ་དུས་སྦྱོར་བཅུ་གཉིས་དག་པ་བྲལ་བའི་ཆ་ནས་བདེན་དོན་རྣམ་པ་བཅུ་གཉིས་ཀྱིས་དགའ་བ་བཅུ་དྲུག་གི་བདེ་བའི་དབྱེ་བས་དེ་ཉིད་བཅུ་དྲུག་གི་སའོ། །བདེ་བ་དེ་དག་རིམ་པ་བཞིན་ཡེ་ཤེས་ཀྱི་གཟུགས་སུ་སྤྲོ་བར་བྱེད་པ་དེ་དག་གི་ཉམས་ལེན་ཡིན་ལ། དེ་ཡང་། ཕྱག་རྒྱ་མ་ལ་བརྟེན་ཡང་རུང་མ་བརྟེན་ཡང་རུང་སྟེ། བརྟེན་ན་མྱུར་བར་བླ་མ་གསུང་། མཆོག་ཏུ་མི་འགྱུར་བའི་སྐད་ཅིག་མཐའ་མ་ནི་གཙུག་ཏོར་དུ་བརྟན་ན་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཆེན་པོ་རིགས་བརྒྱའི་ཁྱབ་བདག་ཏུ་འགྱུར་ལ། དེའི་སྐུ་ནི་ཕུང་ཁམས་སྐྱེ་མཆེད་ལས་དབང་དེའི་བྱ་བ་དང་བཅས་པ་ཐམས་ཅད་ཀྱིས་དག་པ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་སྟེ། སྐུ་རྣམ་པ་ཐམས་ཅད་པ་དང་། གསུང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་དང་། ཐུགས་ཡེ་ཤེས་ལྷ་ལ་སོགས་པ་སྟེ་སྐུ་གསུམ་མི་ཕྱེད་པ་ཉིད་དོན་ལ་གནས་པ་དག་པའི་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ། དེ་ཐབས་ཤེས་ཤས་ཆེ་ཆུང་མེད་པར་མཉམ་པས་མ་ནིང་གི་གོ་འཕང་ངོ་། །དེ་ཡང་། འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་དང་། རྩ་རྒྱུད་ལས།མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་གསུངས། རིམ་སྐྱེས་པ་ལ་བརྩོན་པ་མི་འདོར་ན་ཏིང་ངེ་འཛིན་ཐོབ་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་བར་ལ་ལོ་གསུམ་ཕྱོགས་གསུམ་གྱིས་གྲུབ་པར་བཤད་ཀྱི། ཐམས་ཅད་དུ་མ་ཡིན་ནོ། །དེ་ཡང་། བྱང་ཆུབ་སེམས་ཀྱི་དྭངས་མས་གསང་གནས་ཀྱི་ཕྱེད་གང་། ས་དང་པོ་ཞེས་པ་ལྟ་བུའི་ཕྱེད་ནི་སྦུབས་གཅིག་གི་ཆ་ཤས་མ་ཡིན། །འོ་ན་གང་ཞེ་ན། གསང་གནས་ཀྱི་རྩ་བཅུ་དྲུག་ཐབས་དང་བཅུ་དྲུག་ཤེས་རབ་ཀྱི་རྩར་བཞག་པ་ལྟ་བུ་གནས་དང་ཉེ་གནས་ཀྱི་མིང་ཅན་རྣམས་སོ། །དེ་ལས་ཐོག་མར་རྐྱང་མའི་ཆ་གང་ནས། དེ་ནས་རོ་མའི་ཆ་རྣམས་གང་བ་སྟེ། གཟས་འཛིན་ལ་ཐོག་མར་ཟླ་བ་དང་། ཕྱིས་ཉི་མ་འཛིན། དེ་བཞིན་འདི་ནང་གི་གཟའ་འཛིན་ཡིན་པས་སོ། །དེ་ལྟར་ཡང་། ཏོག་ཙེ་ཞབས་ཀྱིས། ཉི་ཟླ་གཟའ་ཡིས་ཟིན་པ་ན། ཤེས་རབ་རྡོ་རྗེའི་སྦྱོར་བ་ཡིས། །ཞུ་བ་གཉིས་མེད་ཡེ་ཤེས་འགྱུར། །ཞེས་བཤད་པའི་ཕྱིར་རོ། །ཞེས། ལ་སྟོད་བྱང་ནས་རྗེ་བཙུན་ཀུན་དགའ་ཆོས་ཀྱི་སྒྲོན་མས་གསོལ་བ་བཏབ་པའི་ངོར། དུས་ཀྱི་འཁོར་ལོ་པ་པདྨ་དཀར་པོས་རྗེ་བཙུན་གོང་མའི་རྡོ་རྗེའི་ཚིག་རྣམ་པར་འབྱེད་པའི་ཡི་གེ་པ་ནི་རིན་ཆེན་བསྟན་པ་རྒྱལ་མཚན་ཞེས་པ་ཟབ་ལམ་མང་དུ་ཐོས་པ་དེས་བགྱིས་ཏེ་བྱམས་པ་ཆེན་པོའི་ཆོས་ཀྱི་གླིང་དུ་སྦྱར་བ་རྫོགས་སོ།། །། དཔལ་ལྡན་རྒྱུད་དོན་ནམ་མཁའི་མཐའ་བལྟ་ལ། །ཕྱོགས་རེའི་བསྟན་བཅོས་ཆུ་བུར་མིག་གིས་ཅི། །ལུགས་ཤེས་བླ་མའི་མན་ངག་ཡེ་ཤེས་སྤྱན། །ཐམས་ཅད་གཟིགས་མོར་བྱེད་འདི་དང་དུ་ལོང་། །སརྦ་མངྒ་ལཾ།། །།

ལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ།

ལྕེ་རྩེ་རྐན་སྦྱར་གྱི་ཁྲིད། རྡོ་རྗེ་འཛིན་པའི་ཉེ་ལམ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་རྟོག་གིས་སྦྱར་མང་པོའི་དངོས་འདི་དག །བདེ་བ་ཆེན་པོའི་དགའ་བར་ཡོངས་བསྒྱུར་ཆེད། །རྡོ་རྗེ་ཐེག་པའི་སྙིང་པོ་སྟོན་མཛད་པའི། །འཁོར་ལོའི་མགོན་དང་གཅིག་པ་བླ་མར་འདུད། །སྲིད་པའི་ནགས་ཀྱི་གཟུང་འཛིན་རི་དྭགས་ཚོགས། །མཐར་བྱེད་རྔོན་ལ་ཆགས་པ་ཟུང་འཇུག་གི །འཕོང་མཁས་དཔའ་བོ་དཔལ་ལྡན་ཤ་ཝ་ར། །སྐྱེ་དགུའི་གཙུག་གི་རིན་ཆེན་གཉིས་པར་འདུད། །བདག་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་དུ་སྐོམ་པས་གདུངས་ཚེ་བླ་མའི་ལུང་། །བསིལ་ལྡན་བདུད་རྩིའི་བུམ་པ་རྙེད་གྱུར་པས། །ངོམས་མེད་འཐུངས་ལས་ཆ་ཙམ་འདིར་སྐྱུགས་སོ། །དེ་ལ། བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་ཐུན་མོང་མ་ཡིན་པའི་རང་ཉམས་སུ་བྱ་བའི་ཚུལ། སེམས་ཀྱི་གདོད་མའི་རང་བབས་ལ་མངོན་པར་སྦྱོར་བའི་རྣལ་འབྱོར་གྱི་མཆོག ལྕེ་རྩེ་རྐན་སྦྱར་གྱི་མན་ངག་འདི་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རྡོ་རྗེའི་ཚིག་གཉིས་སོ། །དང་པོ་ནི། སཏྣ་ག་རའི་མཁས་པ་ཆེན་པོ་ཤྲཱི་བ་ན་རཏྣའམ། མཚན་གཞན་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཐོག་མར་ལྷོ་ཕྱོགས་ཀྱི་རྒྱུད་དཔལ་གྱི་རི་བོར་རི་ཁྲོད་ཞབས་ཀྱིས་སྨིན་པར་མཛད་ནས་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ། བྱང་ཕྱོགས་སུ་སོང་ཞིག་པར་བསྐུལ་བ་མངོན་དུ་གྱུར་པའི་དུས་ཇི་ལྟ་བ་ན། དཔལ་ཤིང་ཀུན་རྒྱལ་བའི་མདུན་ས་ཤཱནྟ་པུ་རི་གསང་བ་མཆོག་གི་ཕོ་བྲང་། གྲུབ་པ་དང་རིག་པ་འཛིན་པ་དང་། ལྷན་ཅིག་སྐྱེས་མ་དང་། སྔགས་ལས་སྐྱེས་མ་དང་། སྐལ་བ་མཆོག་རྣམས་ལ་རང་སྣང་གི་འཁོར་ལོ་རྣམ་པ་ཐམས་ཅད་པའི་ལོངས་སྤྱོད་ཆེན་པོས་མངོན་པར་འཕགས་པའི་གཞིར། ངག་གི་དབང་ཕྱུག་དང་ལྷན་ཅིག་སྤྱོད་པའི་བྷ་རི་མས་གྲོགས་མཛད་ཅིང་། རང་གི་བླ་མ་སངས་རྒྱས་བསྐྱངས་ཀྱིས་བསྐུལ་བ་ལྟར་སྣང་བ་ལས། དཔལ་རི་ཁྲོད་ཞབས་ལ་བཏུད་དེ། རྡོ་རྗེ་ཐེག་པའི་ཡང་དག་པའི་ངེས་པས་རྗེས་སུ་བཟུང་བར་གསོལ་བ་ན། སྣོད་ཀྱི་ངེས་པ་ལས་བརྩམས་ཏེ་འདོད་པའི་དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་སོ། །སླར་གསང་བར་གདམས་པའི་ངེས་པ་ལ་ཡི་དམ་འཆའ་བར་གསོལ་བས། དེ་ཉིད་དུ་དཔལ་སྡོམ་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་ཕྱི་ནང་གསང་བའི་འཁོར་ལོར་འདོད་པའི་དངོས་གྲུབ་ཆེན་པོ་མངོན་དུ་འགྱུར་བའི་བཀའ་དྲིན་མཛད་དེ་གསང་བ་ཆེན་པོའི་རྒྱུད་སྡེའི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་རྡོ་རྗེའི་ཚིག་འདི་སྩལ་བ་ཡིན་ནོ། །གཉིས་པ་ལ་ཚིགས་སུ་བཅད་པ་གཅིག་གིས་དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་པ་དང་། ལྷག་མ་བཞིས་འདོད་པའི་དངོས་གྲུབ་ཆེན་པོ་བསྒྲུབ་པའི་རྣལ་འབྱོར་དངོས་བཤད་པའོ། །དང་པོ་ནི། གང་ཡང་ཐེག་པ་དམན་གནས་དང་། །མི་གང་རྟོག་གེ་ལ་དགའ་དང་། །གང་ཞིག་དགེ་སློང་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་མོས་པ་དམན་པ་དང་། ཚིག་ཙམ་ལྷུར་ལེན་པ་དང་། དགེ་སློང་གི་དངོས་པོས་ཡིད་རྒྱལ་བ་དག་ལ་ལམ་འདི་ཉིད་བསྟན་པར་མི་བྱའོ་ཞེས་པའི་དོན་ནོ། །གཉིས་པ་ལ། མཚན་མ་མེད་པ་ལ་མོས་པའི་དབང་རྣོན་སྟེང་གི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ། མཚན་མ་དང་བཅས་པ་ལ་མོས་པའི་དབང་རྣོན་བར་གྱི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ། ཆགས་ཅན་གྱི་དབང་རྣོན་འོག་གི་ལྕེ་རྩེ་རྐན་སྦྱར་གྱིས་ཁྲིད་པ་གསུམ་ལས། དང་པོ་ལ། བྱེད་བཅིངས་ལ་བརྟེན་ནས་ལུས་བཅིང་། ལྟ་སྟངས་ལ་བརྟེན་ནས་མིག་བཅིང་། བཞག་ཐབས་ལ་བརྟེན་ནས་སེམས་བཅིང་བའོ། །དང་པོ་ནི། རྐང་པ་གང་ཡང་རུང་བའི་རྟིང་པས་འོག་སྒོ་བཀག རྐང་པ་གཞན་སྟེང་དུ་བཏོན་པའི་པུས་མོ་གཉིས་མདུན་དྲང་པོར་བརྩེགས་པའི་སྟེང་མ་སྐད་པ་དང་ཆ་མཉམ་དུ་སྒོམ་ཐག་གིས་གཅུན། ལག་པ་རྡོ་རྗེའི་ཁུ་ཚུར་བརླ་དང་ལུས་ཀྱི་འབྲེལ་མཚམས་སུ་བཙུགས་པའི་གྲུ་མོ་བསྲངས་པས་ལུགས་ཀྱི་སྟོད་གཅུན། སྒལ་ཚིགས་དྲང་པོར་བསྲངས་མགྲིན་པ་ཅུང་ཟད་སྒུ་བར་བྱ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡིད་ཙམ་ཡོད་པར་བྱའོ། །གཉིས་པ་ནི། མིག་རང་བབས་སུ་ཕྱེད་གདངས་པ་ཙམ་ཉིད་ཐད་ཀའི་ནམ་མཁའ་ལ་མ་འགྱུར་བར་བལྟ་བའོ། །གསུམ་པ་ལ། རང་བཞིན་མངོན་དུ་བྱེད་པའི་ཏིང་ངེ་འཛིན་བསྐྱེད་པ། དེ་བརྟན་ནས་རང་གི་འདོད་པའི་ལྷ་སྤྲོ་བའོ། །དང་པོ་ནི། ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་ལ། །གཅིག་ཏུ་བརྩོན་པའི་རྣལ་འབྱོར་པས། །ཞེས་པས་ལྕེའི་སྒྲས་ཡུལ་ཅན་གྱི་ཤེས་པ། རྐན་གྱི་སྒྲས་ཡུལ་སྟོང་པ་ཉིད། །སྦྱར་བས་ནི་རོ་མཉམ་དུ་བྱེད་པ་སྟེ་རྣལ་འབྱོར་གྱི་དོན་ནོ། །ཚུལ་དེ་མངོན་དུ་བྱ་བའི་ཚུལ་ཡང་། རླུང་མཉམ་རྒྱུར་རང་བཞིན་ནམ། རྐྱེན་སྟོབས་ཀྱིས་བཅོས་པའི་ངང་ནས། ལུས་ཤ་ཁྲག་ལ་སོགས་པའི་སྙིགས་མ་དང་བྲལ་བའི་འོད་ཀྱི་རང་བཞིན། སྒྱུ་མའི་ངོ་བོ་ཉིད་སྣང་བརྙན་ཙམ་པ་ནང་གི་ནམ་མཁའ་སྟོང་སང་ངེ་བའི་དབུས་སུ། དྷཱུ་ཏཱི་འོད་ཀྱི་རང་བཞིན་ཅན་གྱི་མར་སྣ། ལྟེ་འོག་སོར་བཞིའི་ཐད་དུ། རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་རྣམ་པ། ཁམས་རླུང་གི་དུས་གནད་དང་བསྟུན་པའི་སྐུ་མདོག་ཇི་ལྟར་རིགས་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྒྱུ་མའི་སྐུ་འོད་གསལ་བའི་རང་བཞིན་ཅན། རྣམ་པའི་མཆོག་དང་ལྡན་པར་འཆར་བཞིན་པ་ལ། བསམ་པ་གཞན་གྱིས་བར་མ་ཆོད་པར་མ་ཡེངས་པར་བལྟ་བས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་བརྩོན་པར་བྱའོ། །རྣལ་འབྱོར་པ་དེ་ལ་ཇི་ཞིག་ན་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཇེ་ཆུང་ལ་སོང་ནས། མཐར་སྐུ་ཉིད་ཀྱང་དམིགས་པ་དང་བྲལ་ཞིང་། རྣམ་པར་མི་རྟོག་པའི་ངང་དུ་མངོན་སུམ་དུ་འཆར་བར་འགྱུར་རོ། །གནས་སྐབས་དེའི་ཚེ་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་སྣང་བ་ཅི་ཤར་ཡང་། གང་ཤར་གྱིས་བཟུང་བར་བྱ་བའི་སེམས་ལ། འཛིན་པའི་སེམས་ཀྱིས་སོ་སོར་རང་གིས་རིག་པར་བྱས་པ་ལས། བདེ་བ་ཆེན་པོར་མངོན་དུ་འགྱུར་བ་ཡིན་ཏེ། མཚན་མ་དང་སྤྲོས་པ་ཐམས་ཅད་རང་བཞིན་ལྷན་ཅིག་སྐྱེས་པའི་སེམས་ཟུང་འཇུག་གི་ངོ་བོ་ཉིད་དུ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་དབང་འདིས་ནའོ། །འཕགས་པ་ལྷས། སོ་སོ་རང་གིས་རིག་བྱ་བ། །ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད། །དེ་ཕྱིར་ཕུང་སོགས་ཡེ་ཤེས་བཅས། །རྣལ་འབྱོར་པས་ནི་རང་རིག་བྱ། ཞེས་པས་སོ། །དེ་ལྟར་ན་གཟུང་འཛིན་དང་བཅས་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོ་ལ་རྣལ་འབྱོར་དུ་བྱེད་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེའི་གཟུང་འཛིན་གཉིས་ག་ཡང་རང་བཞིན་མེད་པར་རོ་གཅིག་པ་ཉིད་ཀྱིས་སོ། །དེ་ལྟར་ཡང་ཕྱོགས་གླང་གིས། བདེ་དེ་གང་གིས་རིག་སྙམ་ན། །ཡིད་ཀྱིས་རིག་པར་བྱེད་མོད་ཀྱིས། །རང་བཞིན་མེད་ཕྱིར་རིག་བྱ་དང་། །རིག་བྱེད་འགྱུར་བའི་སྐྱོན་མེད་དོ། །ཞེས་དང་། སློབ་དཔོན་ཨཱརྻ་དེ་ཝའི་ཞལ་སྔ་ནས་ཀྱང་། ཆོས་རྣམས་རང་བཞིན་མེད་ཉིད་ན། །བླང་དང་དོར་བྱ་ག་ལ་ཞིག །རྨི་ལམ་ན་ནི་ཆོས་ཀུན་ལ། །བླང་དོར་བྱ་བ་ཇི་བཞིན་ནོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་ངང་གིས་གོམས་པ་ལས། སོ་སོ་རང་གིས་རིག་པ། ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པ། ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་བ་ཆེན་པོ་དང་ཟུང་དུ་འཇུག་པ། བརྟན་གཡོའི་བདག་ཉིད་ཀྱི་རྣམ་པ་ཐམས་ཅད་པའི་སྟོང་པར་རིས་མེད་པར་འཆར་བ་སྟེ། དེ་ཉིད་ནི་འདིར་ངེས་པའི་དཔལ་ལྡན་བླ་མ་དམ་པ་ཡིན་ནོ། །ཀླུ་སྒྲུབ་ཀྱིས། འགྲོ་བ་འདི་དག་ལྷན་ཅིག་སྐྱེས། །རྣམ་པར་མི་རྟོག་བདེ་བ་ཆེ། །ལྷུན་གྲུབ་ཁྱབ་བདག་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་རང་བྱུང་གཙོ། །ཞེས་དང་། དེ་བཞིན་དུ་དཔལ་འཛིན་ཞབས་ཀྱིས་ཀྱང་། མ་འཁྲུལ་བ་ཡི་དེ་ཉིད་ཐོབ། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་དྲན། །ཧཱུྃ་ཕཊ྄་ཡི་གེ་ལས་གྲོལ་བ། །སེམས་དཔའི་གཟུགས་བརྙན་ཞི་བ་མཆོག །ཅེས་པས་སོ། །གཉིས་པ་དེ་བསྟན་ནས་རང་གི་འདོད་པའི་ལྷ་སྤྲོ་བ་ནི། མཁའ་དང་དངོས་ཕྱོགས་ཐམས་ཅད་ལ། །སངས་རྒྱས་ཉིད་ནི་རྟག་ཏུ་སྤྲོ། །དུམ་བུ་མ་ཡིན་དཀྱིལ་འཁོར་གྱི། །རྣམ་པ་གང་གིས་བརྟན་གཡོ་ཁྱབ། །གང་གིས་གོ་འཕང་དེ་སྟོན་པའི། །དཔལ་ལྡན་བླ་མ་དེ་ལ་འདུད། །མཁའ་ནི་ནམ་མཁའ་སོགས་སྟོང་པའི་ཆ་དང་། དངོས་པོས་ནི་སྣང་བ་དང་། ཕྱོགས་ཀྱིས་ནི་གང་ཤར་གྱི་ཤེས་བྱ་ཐམས་ཅད་མཚོན་པ་སྟེ། དེ་དག་ལ་ངེས་པའི་བླ་མ་སངས་རྒྱས་ཉིད་ཀྱི་སྣང་བ་རྟག་ཏུ་སྤྲོ་བར་བྱས་པས། དུམ་བུ་སྟེ་རིས་སུ་དབྱེ་བ་དང་བྲལ་བའི་སེམས་ཀྱི་གནས་ལུགས་བདེ་བ་ཆེན་པོའི་རང་སྣང་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་གང་གིས་བརྟན་གཡོ་ཐམས་ཅད་ཁྱབ་པ་སྟེ། རོ་གཅིག་པར་བྱས་པའི་ཟུང་འཇུག་ཉིད་གོ་འཕང་ཡིན་ལ། དེ་མངོན་སུམ་དུ་སྟོན་པས་དཔལ་ལྡན་བླ་མ་ནི་གཉིས་སུ་མེད་པར་འདུད་པའི་ཡུལ་ཡིན་ནོ་ཞེས་ཚིག་གི་དོན་དང་། དེ་མངོན་དུ་བྱེད་པའི་རིམ་པ་ནི། ངེས་པའི་བླ་མ་མཐོང་བ་དེ་ཉིད་གང་ཤར་གྱི་ཤེས་བྱའི་སྟེང་དུ་སྤྱན་དྲངས་ཏེ། རྩེ་གཅིག་ཏུ་མོས་པ་ལ་འབད་པས་བརྟན་པ་དང་གཡོ་བ་ལ་སོགས་པའི་སྣང་བ་ཇི་སྙེད་པ་རང་རིག་པའི་བདག་ཉིད་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་དུ་འཆར་བར་འགྱུར་བ་ཡིན་ནོ། །དེ་ཡང་དགྱེས་རྡོར་ལས། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །ཞེས་པས་བཤད་དོ། །དེ་ལྟར་རང་བཞིན་མངོན་དུ་བྱེད་པའི་མི་རྟོག་པའི་ཏིང་ངེ་འཛིན་བྱེད་པ་བཅིངས་པའི་སྦྱོར་བ་ཟབ་མོ་དང་བཅས་པ་འདིས། རྣམ་པར་རྟོག་པའི་ཚོགས་ཇི་སྙེད་པ་དག་པར་བྱས་པས། ལས་རླུང་ལམ་གཉིས་ཀྱི་ཆོས་ཅན་འཁོར་བ་དང་བཅས་པ་འགགས་ཏེ། དྷཱུ་ཏཱི་ཆོས་ཅན་མི་རྟོག་པའི་རླུང་རང་བྱུང་དུ་འབྱུང་ཞིང་། དེ་ལས་ཡེ་ཤེས་ཀྱི་ཙཎྜྻཱ་ལི་འབར་ཏེ་ཐིམ་རིམ་གྱི་ངེས་པ་ལས་འཆར་བའི་འོད་གསལ་མངོན་དུ་གྱུར་པའི་སྟོབས་ཀྱིས་འགྱུར་བ་མེད་པའི་ཐིག་ལེ་རང་དབང་དུ་གྱུར་པས། མཆོག་ཏུ་མི་འགྱུར་བའི་བདེ་བ་མངོན་དུ་འགྱུར་ལ། དེ་ལས་ཕྲ་བའི་ལས་རླུང་སྟོང་བརྒྱད་བརྒྱ་དག་ནས། དེ་སྙེད་ཀྱི་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས་པས། ས་དང་པོ་ཐོབ་པ་ནས་ས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་བར་དུའོ། །དེ་ཡང་། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བརྟེན་པ་རྣལ་འབྱོར་དབང་པོས་བརྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། །ཅེས་བཅོམ་ལྡན་འདས་ཀྱི་ངེས་པ་ཡིན་ལ། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་བྱང་ཆུབ་ཉིད་ཡིན་ཏེ། དེ་ཕྱིར་དམིགས་མེད་སེམས་གོམས་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བཞེད་པ་ཡིན་ནོ། །ཚུལ་འདིར་ངེས་པའི་བླ་མ་མཇལ་བར་ཆེས་རིངས་པ་དག་ནི། མུན་པའི་རྣལ་འབྱོར་ལ་འཁྲིད་པར་བྱ་ཡིས། གཞན་དུ་ནི་དེ་ལྟ་བུའི་ཚུལ་ལ་བལྟོས་པར་མ་མཐོང་སྟེ། སོར་བསམ་འཇུག་པ་གཅིག་པའི་ལམ་ཡིན་པས་སོ། །གཉིས་པ་མཚན་མ་དང་བཅས་པའི་དབང་རྣོན་བར་གྱི་ལྕེ་རྩེ་རྐན་སྦྱར་གྱིས་འཁྲིད་པ་ལ། སྔོན་འགྲོ། དངོས་གཞི། མཇུག་གསུམ་ལས། དང་པོ་ནི། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་པའི་པུས་མགོ་གཉིས་ལ་ལག་པ་གཉིས་ཆུན་དང་བཅས་པར་བཀབ། སྒལ་ཚིགས་དྲངས་པོར་བསྲངས། མགྲིན་པ་ཅུང་ཟད་སྒུ་བའི་ངང་ནས། དབུགས་རྒྱུན་གཅིག་ལན་ཉེར་གཅིག་ཏུ་དུམ་བུ་བར་མེད་དུ་བུས་པའི་མཐར་དལ་བུས་ལྷག་མ་མེད་པར་དབྱུང་བ་ལན་གསུམ་བྱའོ། །གཉིས་པ་ལ། ཉི་ཟླའི་རྒྱུ་བ་བཅིང་བ་བུམ་པ་ཅན་གྱི་རླུང་སྦྱོར། ཐིག་ལེ་ལ་ལྷག་གནས་སུ་བྱ་བ་བདེ་ཆེན་གྱི་རླུང་སྦྱོར། ལྕེ་ཆུང་གི་བདུད་རྩི་གཞིབ་པ་འཆི་མེད་ཀྱི་རླུང་སྦྱོར་གསུམ་ལས། དང་པོ་ལ་ལུས་ཀྱི་གནད། ལྟ་སྟངས། དམིགས་པ་དང་གཅིག་ཏུ་བྱེད་པའི་རླུང་སྦྱོར་རོ། །དང་པོ་ལུས་གནད་ཙོག་པུ་སྟེགས་བུའི་ཁར་ཁེལ་བ་སྒོམ་ཐག་བཅུག ལག་པ་བསྣོལ་བའི་ཁུ་ཚུར་གྱི་སྒལ་པས་སྒྱིད་ཁུང་མནན། སྒལ་ཚིགས་བསྲངས། མགྲིན་པ་ཡིད་ཙམ་སྒུ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡོད་ཙམ་མོ། །གཉིས་པ་ནི། བདུད་རྩི་འཁྱིལ་བའི་ལྟ་སྟངས་སྨིན་མཚམས་ཀྱི་ཐད་དུ་བཟློག་སྟེ་བལྟ་བའོ། །གསུམ་པ་ནི། རྡོ་རྗེ་ཉི་མའང་གང་སེམས་ནི། །ནོར་བུའི་ནང་དུ་སོན་པར་བལྟ། །ཡེ་ཤེས་དཀྱིལ་འཁོར་རྣམ་པ་ཡིས། །ཁམས་གསུམ་པོ་ནི་སྣང་བར་བྱ། །རྡོ་རྗེ་ཉི་མ་ནི་ལྟེ་བའི་གཏུམ་མོ་དང་། འང་གི་སྒྲས་དེས་མངོན་པར་བཞུ་བ་དང་། གང་སེམས་ནི་བྱང་ཆུབ་ཀྱི་སེམས། ནོར་བུའི་ནང་དུ་སོན་པར་བལྟ་ནི། ནོར་བུར་སོན་པའི་སྐད་ཅིག་འཛག་མེད་དུ་འཆིངས་པའི་ཆ་བཅུ་དྲུག་པ་ཉིད་ཡེ་ཤེས་རྣམ་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའོ། །དཀྱིལ་འཁོར་རྣམ་པ་ཡིས་ནི། དེ་དང་ཟུང་དུ་ཆུག་པ་སྒྲིབ་པ་ཐམས་ཅད་དང་བྲལ་བ། པྲ་ཕབ་པ་ལྟ་བུའི་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་མཛེས་པ་འཆར་བཞིན་པའི་དཀྱིལ་འཁོར་གྱི་འཁོར་ལོས། ཁམས་གསུམ་པོ་ནི་སྣང་བར་བྱ་ནི། ཁམས་གསུམ་པོ་ཐམས་ཅད་དེ་དང་རོ་མཉམ་གཅིག་ཏུ་བྱས་པ་སྟེ་ཚིག་གི་ངེས་པའོ། །གཞན་ཡང་འདིར་ལྕེའི་སྒྲས་ནི་ལས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་ལ་བཟུང་ཞིང་། རྐན་གྱི་སྒྲས་དབུ་མ་དང་ཡེ་ཤེས་ཀྱི་མེ། སྦྱར་བའི་སྒྲས་དེ་དག་རོ་མཉམ་དུ་བྱེད་པའོ། །དེའི་རྣལ་འབྱོར་གྱི་ཚུལ་ཡང་ལྷག་པའི་ལྷ་གང་ཡང་རུང་བ་སྒྱུ་མའི་སྣང་བརྙན་ཙམ་དུ་མོས་པའི་ལུས་ཀྱི་དབུས་དྲངས་པོའི་ནང་དུ། ཨ་ཝ་དྷཱུ་ཏཱི་ལྗང་ཁུ་ཡར་སྣ་སྤྱི་བོ་ཚངས་བུག་ཏུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་བཅད་ཁའི་རྣམ་པ། རོ་རྐྱང་གཉིས་སྣའི་སྒོར་ཟུག་པའི་མར་སྣ་ཅུང་ཟད་དབུ་མ་ལ་ཁ་ཕྱོགས་པའི་བཅད་ཁ་ཅན། དབུ་མའི་ནང་དུ་གཏུམ་མོ་ཡེ་ཤེས་ཀྱི་མེ་འཇིག་རྟེན་གྱི་ཁམས་ཀྱི་མེའི་རེག་བྱ་ཐམས་ཅད་གཅིག་ཏུ་སྤུངས་པ་ལྟ་བུར་ཚ་བ། སྤུ་རྩེ་རླུང་གིས་བསྐྱོད་པ་ལྟར་གཡོ་བ། ཉི་མའི་དཀྱིལ་ལྟར་དམར་ཞིང་དྭངས་པའི་ཨ་ཤད་སོར་གཅིག་པ་བསམས་ལ། འོག་རླུང་ལྟེ་བའི་འོག་གི་ཆའི་བར་དུ་དྲག་ཏུ་དྲངས་པ་དབུ་མའི་ཁ་སྒོར་སྤྲིན་ཆགས་པ་ལྟར་གནས་པའི་སྟེང་དུ། སྟེང་རླུང་གཉིས་ཆ་མཉམ་དུ་བརྔུབས་པ་ལྷུང་བས་ཡར་སྟབས་སུ་དྷཱུ་ཏཱིའི་ནང་དུ་ཞུགས་ཏེ། མེ་དང་རོ་མཉམ་པ་ཉིད་དུ་གྱུར་པ་ལ་རྩེ་གཅིག་པའི་བསམ་པས་བལྟ་བ་ལ་གོམས་པར་བྱའོ། །དེ་ལས་ནི་ས་ལ་སོགས་པའི་རླུང་རྣམས་རང་གནས་སུ་ཟིན་པའི་དུ་བ་ལ་སོགས་པའི་སྟོང་གཟུགས་འཆར་ལ། འོད་གསལ་བའི་ངོ་བོ་དེ་དག་དང་མཉམ་པར་སྦྱར་བའི་མྱོང་བ་བརྟན་པས་ཉིན་གཅིག་ཐུན་བརྒྱད་དུ་ཕྱེ་བའི་ཐུན་ཕྱེད་དུ་སྲོག་འགོག་པ་ཆུང་ངུ་། དེ་ཉིས་འགྱུར་འབྲིང་། དེ་ཉིས་འགྱུར་ནས་ཆེན་པོར་བཞག་པའི་བུམ་པ་ཅན་གྱི་གནས་སྐབས་ཐོབ་པར་འགྱུར་ཞིང་། གཏུམ་མོའི་མེ་སྟོབས་སུ་གྱུར་པས་སྤྱི་བོ་ན་རང་བཞིན་གྱིས་གནས་པའི་བདུད་རྩིའི་ས་བོན་ཞུ་བ་གཙུག་ཏོར་ནས་བྱང་ཆུབ་ཀྱི་སེམས་མགྲིན་པའི་བར་དུ་འོང་བ་ནི། རྣམ་པ་སྣ་ཚོགས་པའི་སྐད་ཅིག་དང་། ཕྱི་རོལ་ཏུ་དཀར་པོའི་ཚེས་གཅིག་ནས་ལྔའི་བར་དུ་དག་པ་ཡིན་ལ། དེ་བཞིན་དུ། སྙིང་གའི་བར་དུ་འོང་བ་རྣམ་པར་སྨིན་པ་དང་། ཚེས་དྲུག་ནས་བཅུའི་བར་དང་། ལྟེ་བར་འོང་བ་རྣམ་པར་ཉེང་པ་དང་། ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་རྣམ་པར་དག་པ་དང་། ནོར་བུའི་རྩེ་མོའི་མཐར་ཐུག་པར་ཡོངས་སུ་གང་བ་ནི་མཚན་ཉིད་དང་བྲལ་བ་སྟེ། བཅོ་ལྔའི་ཟླ་བའི་ཆ་ཡོངས་སུ་རྫོགས་ནས་ནག་པོའི་ཚེས་གཅིག་མ་ཞུགས་པའི་བར་གྱི་ཆ་བཅུ་དྲུག་པའི་སྐད་ཅིག་རྣམ་པར་དག་པའོ། །དེར་ལྷན་ཅིག་སྐྱེས་པ་རྗེས་སུ་མྱོང་བ་ན། དེའི་ཚེ་ཁམས་ཐམས་ཅད་དེས་དབང་བྱས་པས་རང་བྱུང་དུ་ཁུ་བ་གྱེན་དུ་རེངས་པས། ལྟེ་བར་ས་ཐིམ་པ་ནས་མགོ་བོའི་པདྨར་རླུང་ཐིམ་པའི་བར་གྱི་དབང་ལས། བྱང་ཆུབ་ཀྱི་སེམས་གཤེགས་པར་འགྱུར་བའི་ཕྱིར། ས་སོགས་ཀྱི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིའི་གླུས་བསྐུལ་བ་འདི་ལས་བདེ་བ་རྣམ་པ་ཐམས་ཅད་པ་དང་། ཁྲག་འཐུར་དུ་སོང་བས་ནཱ་དའི་རང་སྒྲ་རྣམ་པ་ཐམས་ཅད་པ་དང་། མདོར་ན་བརྟན་གཡོ་ཐམས་ཅད་གྲུབ་པའི་དུས་ཀྱི་ལྷའི་འཁོར་ལོ་རིས་མེད་པར་མཐར་ཐུག་གི་བར་དུ་འཆར་བ་ཡིན་ནོ། །དགྱེས་རྡོར་ལས། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པས་གསུངས་ཤིང་། །ནཱ་རོའི་ཞབས་ཀྱི་ལམ་ལས་ཀྱང་། ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་བསྒྲེང་སྟེ་གནས། །རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །མཁས་པས་རྟག་ཏུ་བཟློག་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ཡིན་ལ། དེ་ཉིད་སྒོམ་པ་ཡིན་ཞིང་། བཟླས་པའི་ཚུལ་ཡང་དེ་ཁོ་ན་ཡིན་ཏེ། ཡི་གེ་དང་། དེ་གདངས་སུ་ཕྱིན་པར་འདོན་པའི་ཚུལ་ལ་མི་བྱ་བར། ཐམས་ཅད་དུ་འགོག་པ་མེད་ཅིང་བཅོས་མ་དང་བྲལ་བ་ལས་རླུང་སྔགས་མི་ཕྱེད་པ་ཉིད་བཟླས་པར་བཞག་པ་སྟེ། དོན་རྟོགས་པ་ཡི་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིན། །དུས་གསུམ་སངས་རྒྱས་ཀྱིས་བཏབ་པས། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་གསུངས། དེ་བས་ན་སྟོང་པ་གསུམ་ལ་ཡི་གེ་གསུམ་གྱི་བརྡས་བསྙད་པ་ཡིན་ནོ། །སྐབས་འདིར་ལྷ་ཞེས་པ་ཞལ་ཕྱག་གི་རྣམ་པ་ཅན་ཁོ་ན་ལ་མི་བཟུང་གིས། ཡེ་ཤེས་ཀྱི་རང་སྣང་ཆུ་ཟླ་ལྟར་འགོག་པ་མེད་པར་འབྱུང་བ་ཐམས་ཅད་ལ་བྱ་སྟེ། ལ་ཝ་པའི་ཞབས་ཀྱིས་གསུངས་པ། བསམ་པ་དང་བའི་རྒྱུན་ལ་ནི། །ཡེ་ཤེས་ལེགས་པར་འབྱུང་བ་གང་། །ཆུ་ཡི་ཟླ་བ་ལྟ་བུ་སྟེ། །མངོན་སུམ་དུ་ནི་ཡོད་མ་ཡིན། །ཞེས་པ་ལྟར་རོ། །རྒྱུད་ཕྱི་མ་ལས་གསུངས་པ། སྲོག་དང་རྩོལ་བ་བཀག་པས་སངས་རྒྱས་གཟུགས་བརྙན་དྲི་མ་བྲལ་བའི་དཀྱིལ་འཁོར་ཡང་དག་པར། །གསང་བ་ལྟེ་བ་སྙིང་ག་མགྲིན་པ་མགོ་བོ་རྡོ་རྗེ་རྣམས་སུ་རིམ་བཞིན་ས་བཟུང་སྟེ། ཁུ་བ་གྱེན་དུ་སོང་ཞིང་ཁྲག་ཀྱང་འོག་ཏུ་འགྲོ་ལ་ཚངས་དབྱངས་གཞོམ་དུ་མེད་པ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་དྲི་མ་བྲལ་བ་གང་གིས་སྟོན་པ་སངས་རྒྱས་ཉིད། །ཅེས་གསུངས་སོ། །གཉིས་པ་ཐིག་ལེ་ལ་ལྷག་གནས་སུ་བྱ་བ་བདེ་ཆེན་གྱི་རླུང་སྦྱོར་ནི། དེ་ཡང་ཁ་ཟས་ཀྱི་བྱ་བ་དང་མ་འབྲེལ་བའི་སྔོན་ནང་བར་གྱི་དུས་ལ་སོགས་པར་ཀླད་རྒྱ་དང་ཐོད་པའི་བར་དུ་སོར་གཉིས་ཙམ་གྱི་བར་སྟོང་འབྱུང་ལ། ཟས་ཟོས་ནས་དེ་དག་འབྱར་བར་འགྱུར་བས། དེའི་དུས་སུ་ངེས་པར་བྱས་ནས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་ཙམ་མ་གཏོགས། ལུས་གནད་དང་། རླུང་དག་པར་བྱ་བ་ལ་སོགས་པ་སྔོན་བཞིན་དུ་བྱས་ལ། གཙུག་ཏོར་གྱི་འཁོར་ལོའི་ལྟེ་བའི་ཐད་ཀྱི་ཀླད་པ་དང་། ཐོད་པའི་བར་དུ་ཐིག་ལེ་དཀར་པོ་སྒོ་ངའི་དབྱིབས་ཅན་རྩེ་སོར་གཉིས་ཙམ་པ་འགྲེང་སྟབས་སུ་གནས་པའི་འོག་ཏུ་བུ་ག་གཏོད་པ་ལ། རྩྭ་དྷཱུ་ཏཱིའི་རྩེ་མོ་རྗེས་སུ་ཞུགས་པར་བསམ་ནས། སྟེང་འོག་གི་རླུང་ལྟེ་བར་འདུས་པ་དབུ་མའི་ལམ་ལ་ཞུགས་ནས་ཐིག་ལེ་དེར་ཐིམ་པར་དམིགས་པ་ལ་བསམ་གཏན་དུ་བྱའོ། །དེར་སེམས་ཐིག་ལེ་རླུང་རྣམས་འོད་གསལ་དུ་རོ་གཅིག་པའི་བསམ་གཏན་གྱིས་རྩེ་གཅིག་པར་བརྟན་པར་བྱས་པ་ལས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་བདེ་བའི་རང་བཞིན་དུ་འཆར་ཏེ། རང་དབང་རིན་ཆེན་དག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་པས་སོ། །ཚུལ་འདི་ཉིད་ཀྱི་རིམ་པ་ལ་སེམས་ཟིན་ན་ལུས་ཀྱི་ཆ་ཤས་གང་དུ་ཐིག་ལེ་བསམས་པས་རླུང་སེམས་ཀྱི་བཟོད་པ་བརྟེན་པར་འགྱུར་བ་ཡིན་ནོ། །གསུམ་པ་ལྕེ་ཆུང་གི་བདུད་རྩི་གཞིབ་པ་འཆི་མེད་ཀྱི་རླུང་སྦྱོར་ནི། ལུས་ཀྱི་བྱེད་ཆིངས་སོགས་སྔར་དང་འདྲ་བ་ལས། ཕྱི་ནས་རླུང་ཤིན་ཏུ་འཇམ་པ་ཁ་སྣ་གཉིས་ནས་དྲངས། འོག་རླུང་ལྟེ་བར་བཟུང་རུང་མེའི་ཁར་སྒྱུར་མེ་དང་རོ་མཉམ་པར་བསམ། ལྕེ་རྩེ་དང་གསེར་སྒོ་ཡར་དྲག་ཏུ་འཐེན། ལྕེ་ལྡེག་ལ་ལྕེའུ་ཆུང་ལ་རེག་པ་གཞིབ་ཐབས་ཀྱི་སྦྱོར་བས་དེ་ལས་བདུད་རྩི་འབབ་པར་འགྱུར་ཞིང་། དེ་ཉིད་ཀྱི་ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་ཁྲུས་གསོལ་བས་ཆེར་དགྱེས་པའི་རོ་མཉམ་གྱི་བདེ་སྟོང་ལྷན་ཅིག་སྐྱེས་པ་ལ་མཉམ་པར་བཞག་པར་བྱའོ། །དེ་ཡང་། སྐྱིལ་ཀྲུང་བཅིང་བ་བྱས་ནས་ཕན་ཚུན་སོ་དག་རེག་པར་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །ཅེས་གསུངས་སོ། །དེས་འཆི་བདག་གི་དཔུང་ཐམས་ཅད་ལས་རྒྱལ་བའི་དངོས་གྲུབ་ཏུ་འགྱུར་བ་ཡིན་ནོ། །ལྕེ་རྩེའི་བདུད་རྩི་འབེབས་དཀའ་ན། པད་རཀ་སྐྱོན་མེད། ཁབ་ལེན། པདྨའི་གེ་སར་དང་གསུམ། སྦྲང་དཀར་སྤྲ་ཚིལ་མེད་པ་ལ་སྦྱར་བའི་རིལ་བུ་རྐན་ལ་སྦྱར། ལྕེ་རྩ་འཇིབས་པས་དེས་སྣ་དྲངས་མྱུར་དུ་ཕེབས་འོང་ངོ་། །གསུམ་པ་མཇུག་ནི། རྩ་མདུད་བཤིག་པར་བྱེད་པའི་འཁྲུལ་འཁོར་རྣམས་སོ། །གསུམ་པ་ཆགས་ཅན་གྱི་དབང་རྣོན་འོག་གི་ལྕེ་རྩེ་རྐན་སྦྱར་གྱིས་འཁྲིད་པ་ལ། དབང་པོ་རྣོན་པོ་ཕྱག་རྒྱ་ཆེན་མོ་དང་སྦྱོར་བ། ཐོད་བརྒལ་བ་ཕྱག་རྒྱ་བཞི་ཀ་དང་སྦྱོར་བ། དབང་པོ་དམན་པ་ལས་ཀྱི་ཕྱག་རྒྱ་མོ་དང་སྦྱོར་བའོ། །དང་པོ་ནི། ཕྱག་རྒྱ་གཅིག་ལ་མཉམ་སྦྱོར་དང་། དབང་པོ་རབ་མཐའ་ཡས་པའི་ཕྱག་རྒྱ་ཆེན་མོར་ཡང་དག་འཁྱུད་པའི་བདེ་བ་ཆེན་པོ་བསྐྱེད་པར་བྱེད་པ་སྟེ། འདིར་ལྕེས་མི་འགྱུར་བའི་བདེ་བ་དང་། ཝཾ་ཡིག་དང་། རྡོ་རྗེ་ལ་སོགས་པ་ཐབས་ཀྱི་བྱ་བ་བརྗོད་ཅིང་། རྐན་གྱིས་སྟོང་པ་ཉིད་དང་། ཨེ་ཡིག་དང་། པདྨ་ལ་སོགས་པ་ཤེས་རབ་ཀྱི་ཆ། སྦྱར་བས་ནི་ཟུང་དུ་འཇུག་པ་ཉིད་སྟོན་པ་ཡིན་ནོ། །དེའི་ཚུལ་ཡང་། ཕྱག་རྒྱ་ཆེན་པོ་ནི་དམིགས་བཅས་སྟོང་པ་ཉིད། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་རོ་མཉམ་པའི་ཚུལ་གྱིས་ཁྱབ་པ་ཡིན་ལ། དེ་ལ་མཉམ་པར་སྦྱོར་བ་པོ་དེ་ལས་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་ཉིད་དེ། དེས་གཉིས་སུ་མེད་པར་འཁྱུད་པའི་ཚུལ་ནི་མང་དུ་སྤྲོས་པའི་ཕྱིར་འདིར་རྒྱས་པར་མ་བརྗོད་དོ། །གཉིས་པ་ནི། ཡང་ན་ཕྱག་རྒྱ་བཞི་སྦྱོར་བ། དམ་ཚིག་དང་། ལས་དང་། ཆོས་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་དང་རིམ་པ་བཞིན་སྦྱོར་བ་ནི་ཐོད་བརྒལ་བའི་ཕྱོགས་ཏེ། དེའི་ཚུལ་ཡང་། དུ་བ་ལ་སོགས་པའི་རྟགས་བཅུ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་དང་མཉམ་པར་སྦྱོར་བ་ནི་སྟོང་པ་ཉིད་གསལ་བ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཆོ་གས་ལྷན་སྐྱེས་ཀྱི་གཏུམ་མོ་འབར་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པར་འགྱུར་ལ། དེའི་ཚེ་སྐྱེས་པའི་བདེ་བ་དེ་ཉིད་བརྟག་པར་བྱ་བའོ། །ལས་ཀྱི་ཕྱག་རྒྱ་ནི་ལག་པ་ཉིད་ཀྱིས་ལས་གང་གིས་ཞུ་བའི་བདེ་བ་དེ་ལ་བརྗོད་དེ། དེ་ཡང་། རྐང་པ་རྡོར་སྐྱིལ། གཡས་པའི་ལག་པ་ཁུ་ཚུར་ཡི་ཟུར་དུ་བཙུགས་པ་སོགས་ཡིད་ལ་འབབ་པའི་ལུས་གནད་བཅས་ཏེ། བྱཱ་མ་ཧསྟའི་རྒན་པོ་དང་། སྲིན་ཞགས་མིག་ཏུ་བྱས་པས། སྭ་བཛྭ་ཨུལླ་ཡ་བྱ་བཞིན་པ་ཉིད་ཀྱིས་འཕེལ་བའི་གཏུམ་མོ་ལ་ལྷག་པར་བསམ་གཏན་གྱི་ཡན་ལག་རྗེས་སུ་དྲན་པར་བྱའོ། །དེའི་ཚེ་རླུང་གཉིས་རང་སར་གློད་ཅིང་། བྱང་ཆུབ་ཀྱི་སེམས་ནོར་བུའི་སྣ་རྩེར་བཟུང་བ་ལས། མཐར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་འགྱུར་ལ། དེའི་ཚེ་ལྷན་སྐྱེས་དེ་ལ་བྱང་ཆུབ་ཀྱི་སེམས་རྫོགས་པའི་ཆ་ནས་བཅོམ་ལྡན་འདས་དང་། ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་ལ། རྣམ་པར་མི་རྟོག་པའི་ཆ་ནས་བཅོམ་ལྡན་འདས་མ་དང་། ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་སོ། །གསུམ་པ་ཆོས་ཀྱི་ཕྱག་རྒྱ་ནི། ཡིད་ཀྱི་རང་བཞིན་ཙམ་ཡིན་ལ། དེ་ཡང་། ལྷག་པའི་ལྷ་གང་ཡང་རུང་བ་ཡབ་ཡུམ་དུ་མོས་པ་ཙམ་གྱིས་འཁྱུད་པ་དང་། ཙུམྦ་ན་ལ་སོགས་པ་སྔོན་དུ་འགྲོ་བས། བསྲུབ་པ་དང་བསྲུབ་པའི་སྦྱོར་བས། དེའི་གནས་སྐབས་སོ་སོ་ལ། དགའ་བ་ལ་སོགས་པ་བཞི་མཚོན་པར་བྱ་སྟེ། ཐིག་ལེ་ནམ་ཡང་འཛག་པར་མི་འགྱུར་ཞིང་བདེ་བའི་བདག་ཉིད་དུ་བསྒོམ་པར་བྱའོ། །གཉིས་པོ་འདི་ལ་སླར་གྱེན་དུ་དྲང་བ་ལ་སོགས་པའི་སྦྱོར་བ་དགོས་མོད་ཀྱི། འོག་ནས་འབྱུང་བ་ཇི་ལྟ་བས་འདིར་མ་བཤད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི། མྱོང་བྱ་ཇི་སྙེད་པ་ལ་ཕྱག་རྒྱའི་མིང་ཅན་ཤེས་རབ་དང་། མྱོང་བྱེད་ཀྱི་རིག་པ་ཐབས་ཏེ། གཉིས་པོ་རང་བཞིན་མེད་པར་རོ་གཅིག་པ་ཉིད་ཉམས་སུ་མྱོང་བ་ནི། སྙོམས་པར་འཇུག་པའི་ཚུལ་ཏེ། ཇི་ལྟར་ཆུ་ལ་ཆུ་བཞིན་ནམ། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རིག་པའི་ཡེ་ཤེས་འདི། །ལེགས་མཐོང་གང་དེ་འདིར་ཕྱག་ཡིན། །ཞེས་བཤད་པ་ལས་སོ། །གནས་དེ་ལ་གོམས་པ་ལས་རྡོ་རྗེ་འཆང་གི་གོ་འཕང་ཤིན་ཏུ་རྙེད་པར་སླ་བ་ཡིན་ནོ། །གསུམ་པ་དབང་པོ་དམན་པ་ལས་ཀྱི་ཕྱག་རྒྱ་མོ་དང་སྦྱོར་བ་ལ། བདུད་རྩིའི་ས་བོན་ལ་བརྟེན་ནས་བྱིན་དབབ་པ་དང་། དམར་ཆ་ལ་བརྟེན་ནས་ཉམས་སད་པ་གཉིས་ལས། དང་པོ་ལ། ཡན་ལག་གི་ཆོས་དང་། དངོས་གཞི་གཉིས། དང་པོ་ནི། མཚན་ཉིད་དང་ལྡན་པའི་རིག་མ་བཙལ་ནས་རྒྱུད་ཡོངས་སུ་སྦྱར་བའི་ཆོ་གས་སྨིན་པར་བྱས། རང་དང་གཉིས་འདོད་པའི་ལྷ་ཡབ་ཡུམ་དུ་བྱིན་གྱིས་བརླབས་པ་རྒྱུད་མཉམ་པའི་བར་རོ། །གཉིས་པ་ལ། ཡེ་ཤེས་སེམས་དཔའ་དགུག་པ། གཞུག་པ། བཅིང་བ། མཉེས་པ། རོ་མཉམ་དུ་བྱ་བའི་ཚུལ་ལྔ་ལས། དང་པོ་ཡེ་ཤེས་སེམས་དཔའ་དམ་ཚིག་གི་སེམས་དཔའ་ལ་དགུག་པ་ནི། བཙུན་མོའི་གྲོང་དུ་འཇུག་གྱུར་ཀྱང་། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །བཙུན་མོ་ནི་མི་མོ་ལ་སོགས་པའོ། །དེའི་གྲོང་དུ་འཇུག་པ་ནི་དེ་དང་སྦྱོར་བ་སྟེ། སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །ཤེས་རབ་ཀྱི་ཆགས་པས་འབར་བའི་གཏུམ་མོའི་སྣང་བ་ལ་གཟུགས་བརྙན་གྱི་མཐར་ཐུག་པའི་གྲུབ་པའི་ལྷ་མཐོང་བ་ལ། བདེ་བའི་ངོ་བོར་མྱོང་བ་བརྟན་པར་བྱས་པས། ནོར་བུ་དང་རང་གི་གནས་སུ་ལྷན་ཅིག་སྐྱེས་པ་ཤར་བའི་རང་བྱུང་གི་སྣང་བ་ལྷར་དག་པ་སྟེ། ཁམས་གསུམ་པོ་ཐམས་ཅད་དུ་ཁྱབ་པའི་ཆོས་ཀྱི་སྐུའི་རང་བཞིན་གྱི་སྣང་བརྙན་སོ་སོ་རང་རིག་པའི་ཚུལ་གྱིས་གཉིས་སུ་མེད་པར་མྱོང་བ་ལས་རྗེས་སུ་དྲན་པར་བྱའོ། །ཞེས་གསུངས་པ་ཡིན་ལ། དེའི་ཚུལ་ཡང་རེག་པའི་སྐབས་སུ་ཀཀྐོ་ལའི་སྨིན་མཚམས་སུ་དུ་བ། བཅུག་པའི་དུས་སྙིང་གར་སྨིག་སྒྱུ། བསྐྱོད་པའི་ཚེ་ལྟེ་བར་མེ་ཁྱེར། གཡོ་བའི་ཚེ་གསང་གནས་སུ་མར་མེ་ལ་སེམས་གཏད་དེ། མགྲིན། སྙིང་། ལྟེ། གསང་། ནོར་བུའི་བར་དུ་ཀུནྡ་རང་གི་གནས་ལ་གཤེགས་པའི་གནས་སྐབས་ཀྱི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་བཞི་ཡང་དག་པར་མཚོན་པར་བྱའོ། །འཁོར་ལོ་སྔོན་མ་རྣམས་ལས་མ་བཅིངས་ན། ནོར་བུའི་རྒྱལ་མཚན་ལས་ཀྱང་འཆིང་བར་མི་འགྱུར་བས། ལས་དང་པོ་པས་དེའི་གནས་སྐབས་པ་སོ་སོར་བརྟན་པའི་ཐབས་ལ་འབད་པར་བྱའོ། །གཉིས་པ་ནི། འཕོ་བའི་རྣམ་འགྱུར་དེ་ཉེ་བ་ན། ལྕེ་རྩེ་རྐན་ལ་སྦྱར། གསེར་སྒོ་གནོན་ཅིང་། ཁ་སྣ་གཉིས་ནས་རླུང་དྲོད་དང་བཅས་པ་ཧབ་ཀྱིས་དྲངས་ལ། གསང་གནས་སུ་ཧཱུྃ་གིས་མནན། མི་ཐུབ་ལ་ཁད་པ་དང་འོག་གཉིས་ཀ་ཤེད་བསྐྱེད་གནོན་པ་དང་། ཨེ་རིང་ཐུང་སྤེལ་བ་དང་། གཡས་གཅུད་གཡོན་གཅུད་པས་དྲག་ཏུ་གནོན་ཅིང་། ལྕེ་རྩེ་ཉམས་གློད་པའོ། །དེའི་ཚེ་ལུས་གནད་ནི། ཤེས་རབ་ཀྱི་ལག་པས་ཐབས་ཀྱི་ལྟག་པར་སོར་མོ་བསྣོལ་བས་འཁྱུད། ཐབས་ཀྱི་ལག་པས་དེའི་སྒྲོག་རུས་འོག་གི་གསང་ལ་ཁུ་ཚུར་སྦྱོར་བས་འཁྱུད་པའོ། །དེས་ཀྱང་མ་ཟིན་ན། དེའི་པདྨའི་ཟེའུ་འབྲུ་ལ་རྡོ་རྗེའི་བུ་ག་རེངས་པ་དང་བཅས་པའི་སྟོབས་ཀྱི་སྦྱོར་བས་དྲག་ཏུ་བཏོད་དེ། ཡང་དག་པར་བཙིར་བས་དེ་ཉིད་དུ་སྔོན་གོམས་པའི་ཤུགས་ཀྱིས་སྲོག་ཐུར་འདྲེས་པ་ཐོབ་ནས་མི་འཕོ་བར་འགྱུར་རོ། །གཞན་ཡང་རང་གི་སེམས་ཁམས་གསུམ་པོ་ཐམས་ཅད་དུ་ཁྱབ་པའི་ནམ་མཁའ་ལ་དབྱེར་མེད་དུ་བསྲེས་པ་ལ་མི་གཡོ་བའི་རྣལ་འབྱོར་དུ་བྱས་པས་ཀྱང་བརྟན་པར་འགྱུར་ལ་དམིགས་པའི་ཁྱད་པར་མིག་གཉིས་ཀྱི་དབུས་མཛོད་སྤུའི་ཐད་དུ་ཡེ་ཤེས་ཀྱི་སྤྱན་མངོན་པར་བལྟས་ནས། དེ་ལ་ལྟ་སྟངས་རླུང་ཡིད་རྣམས་རྩེ་གཅིག་པའི་སྦྱོར་བས་འཛིན་པར་ནུས་པ་ཉིད་དོ། །གསུམ་པ་ནི། མདུན་རླུང་འོག་ཏུ་གནོན་ཅིང་རྒྱབ་རླུང་གྱེན་དུ་དྲང་བ་དགའ་བའི་རླུང་སྦྱོར། དེ་ལ་གོམས་ནས་རྒྱབ་རླུང་འོག་ཏུ་གནོན་ཅིང་མདུན་རླུང་གྱེན་དུ་འདྲེན་པ་ལྷན་ཅིག་སྐྱེས་པའི་རླུང་སྦྱོར་ཏེ། དེ་དང་བསྟུན་ནས་ཁམས་དྷཱུ་ཏཱིའི་ལམ་ནས་རང་གནས་སུ་འཁོར་ལོ་བཞིའི་ཡུལ་ས་ལ་རིམ་པ་བཞིན་བགྲོད་པའི་དམིགས་པས་འདྲེན་ལ་འབད་པར་བྱའོ། །བཞི་པ་ནི། རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྣེ་མོ་དབུ་མ་ལ་ཟུག་པ་ལས་ཁམས་དཀར་དམར་གྱི་ཐིག་ལེས་བ་སྤུའི་རྩེ་མོ་ཐམས་ཅད་ཀྱི་མཐར་ཐུག་པར་ཁྱབ་པའི་དམིགས་པ་དང་། བུམ་པ་ཅན་ཆེན་པོའི་རླུང་དང་སྦྱར་བའི་འགྲེམ་རྣམས་ལ་འབད་པར་བྱའོ། །ལྔ་པ་ནི། ནམ་མཁའི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་དེ་ཡང་ནམ་མཁའི་རླུང་རགས་པ་དང་། ཡེ་ཤེས་ཀྱི་རླུང་ཕྲ་བའོ། །དེ་ལ་ནམ་མཁའི་རླུང་ནི། བུམ་པ་ཅན་གྱི་ལུས་གནད་ལྟར་བཅས་ལ། རླུང་ཧཾ་གིས་ནང་དུ་དྲངས། བདེ་བས་ལུས་ཐམས་ཅད་ཁེངས་པར་བསམ། རླུང་ཕྱིར་འགྲོ་དུས་ཧིཾ་གིས་བཏང་། བདེ་བས་མཁའ་ཁྱབ་ཏུ་བསམ། རླུང་ཕྱིར་གནས་ནང་གནས་ཡུན་རིང་ཐུང་སོགས་གང་ལའང་ཁྱད་མེད་པ་ལ་སེམས་གཏོད། ཡེ་ཤེས་ཀྱི་རླུང་ནི། ལུས་གནད་སྔར་ལྟར་ཡིན་པ་ལ། དེ་ཡང་ཕྲ་བ་ཤེས་རབ་ཡི་གེའི་གདངས་ལ་བསླབ་པ་དང་། ཐབས་བཟོ་མེད་དམ་མ་བཅོས་པ་ལ་བསླབ་པ་ཞེས་བྱ་སྟེ། དང་པོ་རླུང་ཤིན་ཏུ་འཇམ་པ་ཧཱུྃ་གི་གདངས་སུ་ཁ་སྣ་གཉིས་ནས་དྲངས། ལྟེ་རླུང་སྲ་འཐས་པ་གཟུང་རུང་མའི་ངང་ལ་ལྟེ་བར་སྐྱུར། འདིར་ལྕེ་རྩེ་དང་གསེར་སྒོ་ཡར་དྲག་ཏུ་འཐེན་པ་བསྟུན། ཇི་ཙམ་རན་པ་བཟུང་། མར་གཏོང་དུས་ཧོ་ལ་སེམས་གཏད། རླུང་ཀྲུང་སེ་བ་ལ་བརྒྱུད་ལ། ཁ་སྣ་གཉིས་ཀ་ནས་དལ་བུས་གཏོང་། ནམ་མཁའ་ཁྱབ་པ་ལ་དམིགས་པ་ཡུན་ཇེ་རིང་དུ་འཇོག འཕྲོ་ན་ནང་དུ་བསྡུ་བ་དང་། མ་བདེ་ན་ཕྱིར་གཏོང་བ་གོང་བཞིན་བྱའོ། །གཉིས་པ་རྒྱུན་དུའང་རླུང་ཅུང་ཟད་བཟུང་བའི་ངང་ནས་ལྕེ་རྩ་དྲག་ཏུ་འཇིབ་པ་དང་། གསེར་སྒོ་འཐེན་པ། ལྟེ་བའི་ཡེ་ཤེས་སེམས་དཔའ་ལ་དམིགས་རྩེ་གཏད་པའི་ངང་ནས་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་མ་བརྗེད་པར་ཉམས་སུ་བླང་ངོ་། །གཉིས་པ་དམར་ཆ་ལ་བརྟེན་ནས་ཉམས་སད་པ་ལ། སྦྱངས་པ་ཅན་རླུང་གི་དབང་དུ་བྱ་བ་དང་། ལས་དང་པོ་པ་འདུག་སྟངས་ཀྱི་དབང་དུ་བྱ་བ་གཉིས་ལས། དང་པོ་ནི། བཅུ་གཅིག་ནས་ཉེར་ལྔ་མའི་བར་ཡོངས་སུ་དག་པའི་དམར་ཆ་དྭངས་མ་འབབ་པའི་དུས་ངེས་པར་བྱས་ནས། གོང་དུ་བཤད་པ་བཞིན་ཡང་དག་པར་སྦྱར་བའི་ཆོ་གས་བྱང་ཆུབ་ཀྱི་སེམས་མཆོག་གི་ཟེ་བར་ལྷུང་བའི་དཀར་དམར་གྱི་ཐིག་ལེ་རྡོ་རྗེ་ནོར་བུའི་སྣ་རྩེར་རླུང་སྦྱོར་སྔ་མས་ཚུར་དྲངས་ནས་བཟློག་པ་ནས་ཁྱབ་པའི་བར་དུ་བྱའོ། །གཉིས་པ་ནི། ཇི་ལྟར་གཞན་ནས་བཤད་པའི་རྩ་འཚོལ་བའི་འདུག་སྟངས་ཀྱིས་རྙེད་པའི་ཨ་ཝ་དྷཱུ་ཏཱིའི་སྣེ་མོ་ནོར་བུའི་བུག་པ་ལས་ནང་དུ་དྲངས་པའི་ཁ་སྦྱོར་གྱི་བདེ་བ་ལ་རྩལ་སྦྱོང་བའི་ཚུལ་ཡང་སྔ་མ་བཞིན་ནོ། །ཚུལ་དེས་བཅུད་ཤ་དང་། ལྤགས་པ་དང་། རུས་པ་དང་། རྩ་ལ་འདུས་པའི་ཡོན་ཏན་རྙེད་ཅིང་། རྒས་པ་དང་། ནད་དང་། འཆི་བ་ཟད་ནས་ཚེའི་རིག་འཛིན་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་མྱུར་བར་འགྲོ་བ་ཡིན་ནོ། །མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གིས་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་སོ། །དེ་ལྟར་ཟབ་ལམ་གྱི་རྣལ་འབྱོར་འདི་ཉིད་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པ། སྟོང་པ་ལས་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་བཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བདེན་ལྟ་ནང་གི་མཚན་མོའི་གཤེད་བྲལ་བའི། །སྙིང་གི་འདབ་བརྒྱའི་འཕྲེང་ལ་ཟུང་འཇུག་གི །གེ་སར་རྒྱས་པའི་ཁུར་སྟེར་མན་ངག་གི །ཉིན་བྱེད་གང་དེ་བདག་བློའི་ཤར་རི་ནའོ། །རྣ་ཐོས་མེ་ཏོག་འཕྲེང་ལ་ཆེར་རློམ་སྙེག །ཅོལ་གཏམ་འགྲོན་བུའི་ཤལ་པར་བློ་ཆུང་ཧཾ། །མཁས་རྣམས་འདོད་འཇོའི་ལེགས་བཤད་རིན་ཆེན་གྱི། །འཕྲེང་བ་གང་དེ་བདག་གི་མགྲིན་པར་འཁོར། །གྱ་གྱུའི་ཚིག་འཕྲེང་སྨིག་སྒྱུ་ལ་སྲེད་པས། །ཅོལ་ཆུང་རི་སྐྱེས་དགའ་བ་སྐྱེ་མིན་ཡང་། །འཁོར་བས་ཡིད་དུབ་མཐར་པའི་ངལ་བསོ་དཔྱིད། །དོན་དུ་གཉེར་ལ་ལམ་འདི་བདུད་རྩིར་འཁྲུངས། །དཔལ་ཤ་བ་རའི་མན་ངག པཎྜྻི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱིས་རྣམ་པར་ཕྱེ་བ། གྲུབ་པའི་སློབ་དཔོན་དམ་པ་རྣམས་ལས་ཇི་ལྟར་ཐོས་པ་བཞིན་དུ་གཞན་ལ་མི་བསྐྱུད་པའི་བསམ་པས། པུཎྜྻ་རཱི་ཀའི་ངག་གི་བརྗོད་པ་ཇི་ལྟ་བའི་རྗེས་སུ། ཡི་གེའི་འཇུག་པ་པོ་ནི་བཱིརྻ་བྷ་དྲ་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ནགས་ཚལ། གོ་བི་ཙནྡྲར་གྲུབ་པ་འདིས་ཡང་དག་པའི་ལམ་ལ་ཐམས་ཅད་ཀྱི་མིག་བྱེ་བར་གྱུར་ཅིག །བརྒྱུད་པ་ནི། རྡོ་རྗེ་འཆང་། ཤ་བ་ར། ནགས་ཀྱི་རིན་ཆེན། རྒྱལ་དབང་རྗེ། རྗེ་རིན་པོ་ཆེ། ཆོས་ཀྱི་གྲགས་པ། ཨ་ཝ་དྷཱུ་ཏཱི་པ། དེས་བདག་ལའོ།། །།མངྒ་ལཾ།། །།

ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་བ།

ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་བ་བཞུགས་སོ། །ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་གྱི། །རྩ་མདུད་བཤིག་པའི་འཁྲུལ་འཁོར་ལ། །ལྟེ་བར་མེ་དང་སྙིང་གར་མིག །གསང་བར་ལག་སྟེ་མགྲིན་པར་ཆུ། །ལག་པར་རྩེ་མོ་ཅན་ཡིན་ལ། །རྐང་པར་ཟུང་སྟེ་བུམ་ཅན་རླུང་། །སྦྱར་ཞིང་གནད་དུ་འཐེམས་པ་གཅེས། །ལྟེ་བའི་དང་པོ་སེམས་སྐྱིལ་སོར་མོ་བསྣོལ་བས་པུས་མགོ་གཡོན་ལ་འཇུས་ཏེ། །ལྟེ་བ་གཡས་གཡོན་དུ་བསྐོར་བ་གསུམ་གསུམ་མོ། །གཉིས་པ་ནི། ལུས་གནད་པུས་མོ་གཡས་སུ་ཟློག་པའོ། །གསུམ་པ་ནི། ལག་པ་པུས་མོ་སོ་སོར་འཇུས་ཏེ་བསྐོར་བའོ། །སྙིང་གའི་དང་པོ། ལག་གཉིས་སོར་མོ་བསྣོལ་བ་ཤེད་བཅས་པུས་མོ་གཡས་ལ་འཇུས་ཏེ། སྙིང་གའི་གནས་གཡས་གཡོན་དུ་བསྐོར་བ་གསུམ་གསུམ་མོ། །གཉིས་པ་ནི་གཡོན་ངོས་སུའོ། །གསང་བའི་དང་པོ་ནི། ལག་པ་པུས་མོ་སོ་སོར་འཇུས་ཏེ། གཡོན་པའི་པུས་མོ་གཡས་ཀྱི་ནུ་མ་ནས་དྲངས་ཏེ། རང་གནས་སུ་རྡེབ་པ་གསུམ། གཉིས་པ་ནི་དེ་བཞིན་གཡས་སུའོ། །མགྲིན་པའི་དང་པོ། ཁུ་ཚུར་སྙིང་གར་བསྣོལ་བས་མགྲིན་པ་གཡས་བསྐོར་གསུམ། གཉིས་པ་གཡོན་དུ། གསུམ་པ་གཡས་རྡེབ་གསུམ་གཡོན་དུ་གསུམ། བཞི་པ། མགོ་བོ་སྤྲུགས་ཏེ་སི་ལི་ལི་བྱའོ། །ལག་པའི་དང་པོ། ལག་གཉིས་པུས་བཀབ། སོག་པ་གཉིས་ཕྱི་སྐོར་གསུམ་དང་ནང་སྐོར་རོ། །གཉིས་པ་ནི། ལག་གཡོན་གྱི་ཁུ་ཚུར་སྟན་ལ་གཙུགས། གཡས་མགོ་བོ་བསྐོར་ཏེ་སྤྲུག་པ་གསུམ། དེ་བཞིན་གཡོན་དུའོ། །གསུམ་པ་ནི། གཉིས་ཀའི་འཁྲིག་མ་བསྣོལ་བས་སྔ་མ་བཞིན་དུ་སོ་སོར་སྤྲུག་པ་གསུམ། མཐར་ནུ་གསང་ལ་བརྡེག་ཅིང་ཧ་འདོན་ནོ། །རྐང་པའི་དང་པོ། ལག་པ་གཡས་པས་རྐང་པ་གཡས་པའི་ལོ་མ་དང་། ལག་གཡོན་པས་པུས་མོ་བཟུང་ལ་གཡས་གཡོན་དུ་བསྐོར་བ་གསུམ། དེ་བཞིན་དུ་གཡོན་དུའོ། །གཉིས་པ་ལག་པ་གཉིས་ཁུ་ཚུར་བཅངས་པ་རྒྱབ་ཏུ་སྟན་ལ་བཙུགས། རྐང་པ་གཡོན་པའི་རྟིང་པ་ས་ལ་བཙུགས་པར་ལྗིད་བཀལ། རྐང་གཡས་མདུན་དུ་དྲག་པོར་སྤྲུག དེ་བཞིན་གཡོན་ལའོ། །མཐར་ལུས་ཐམས་ཅད་འཕུར་བསུབ་ཀྱིས་དྲག་ཏུ་མཉེ་བར་བྱའོ།། །།རྡོ་རྗེ་མཉམ་སྦྱོར་མཁའ་ལྡིང་དང་། །ཁུ་ཚུར་གཙུག་ཏོར་ཕྱག་རྒྱ་ལས། །དང་པོ་ཞི་བ་མཐའ་མ་གསུམ། །དྲག་པོའི་འདྲེན་དུ་བཤད་པ་ཡིན། །སེང་གེ་རྣམ་རོལ་གླིང་བཞི་བཀན། །གྱི་ལིང་འཕྲུལ་དང་མི་ཆེན་ལུགས། །བཞི་པོ་འགྲེམས་ཡིན་འཕར་ཞིང་རྡེབ། །རྩིགས་མ་འབྱིན་པའི་འཁྲུལ་འཁོར་རོ། །དང་པོ་ནི། ཤེས་རབ་མ་ཤིན་ཏུ་བརྐྱང་བའི་ལག་པ་གཉིས་ཀྱིས་ལྟག་པར་དང་། རང་གི་ལག་གཉིས་རྡོ་རྗེ་ཁུ་ཚུར་མཉམ་པར་སྦྱར་བས་དེའི་དཔུང་པ་གཉིས་ཀྱི་འོག་ཏུ་འཁྱུད་ནས། རླུང་ཨོཾ་གྱི་སྒྲ་དྲག་ལ་ཆེ་བས་སམ། ལུས་གཡས་གཅུད་གཡོན་གཅུད་རེ་རེས་ལྟེ་བ། སྙིང་ག མགྲིན་པ། སྤྱི་བོ་རྣམས་སུ་ལུགས་ལྡོག་གི་རིམ་པས་ཡར་འདྲེན། དེ་ནི་ཞི་བའོ། །དང་པོ་གསུམ་གྱི་དང་པོ་རྡོ་རྗེ་མཁའ་ལྡིང་གི་ཕྱག་རྒྱ་ནི། ཐབས་ཤེས་ཕྲལ་ལ་སྟན་གྱི་ཁར་རྐང་པའི་བྲང་བ་བཙུགས། རྟིང་པ་བཏེག་པའི་ཁར་ལག་པ་གཉིས་རྡོ་རྗེ་མཁའ་ལྡིང་གི་ཕྱག་རྒྱ་ལྟེ་བ་ནས་རིམ་པས་དྲངས་ཏེ་སྐྲ་མཚམས་སུ་བཅས། ལུས་གཡས་གཡོན་དུ་གཅུད་པས་འདྲེན་པའོ། །གཉིས་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ནི། རྐང་པའི་རྟིང་པ་གཉིས་སྤྲད་ནས་ལོ་མ་གཡས་གཡོན་དུ་བསྟན་པ་དྲང་པོར་བྱས་པའི་སྤྲད་མཚམས་སྲིན་ཞལ་ལ་སྦྱར། པུས་མོ་གཉིས་སོ་སོར་བརྒྱངས་པའི་པུས་མགོ་སྟ་ཟུར་དྲང་པོར་འོང་བ་བྱས། སྒལ་ཚིགས་བསྲངས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བརླ་མཚམས་སུ་བཙུགས་ཏེ་གྲུ་མོ་བསྲངས་པས་ལུས་གཅུན། ལྕེ་རྩེ་རྐན་ལ་སྦྱར། མིག་སྟེང་དུ་དྲག་ཏུ་བཟློག་པ་དང་བཅས་པས་འོག་རླུང་དྲག་ཏུ་འཐེན་ནས་རླུང་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་དྷཱུ་ཏཱིའི་ལམ་ལས་རང་གནས་སུ་གཤེགས་པར་དམིགས་པ་དང་བཅས་པ་ཁ་སྣས་རླུང་ཤྭ་སྒྲ་དང་བཅས་པར་བཏང་བའོ། །གསུམ་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ནི། དམིགས་པ་དང་ལུས་གནད་ཕལ་ཆེ་བ་སྔར་བཞིན་ལས། ལག་གཉིས་རྡོ་རྗེ་ཁུ་ཚུར་བཅས་པའི་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་བསྒྲེངས་ཏེ་རྩེ་སྦྱར་བ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་བཅས་ནས། འོག་རླུང་དྲག་པོ་འཐེན་བཞིན་པས་ངག་ཏུ་ཧཱུྃ་རིང་པོ་སྒྲ་དང་བཅས་པ་ཁོང་ནས་འདྲོངས་པར་འདོན་ཞིང་། ཕྱག་རྒྱ་དེ་ཆུན་དང་བཅས་པར་གྱེན་དུ་བཏེག་ནས་གཙུག་ཏོར་ནས་བཟློག་པའོ། །སེང་གེ་རྣམ་རོལ་ནི་སྤྱི་དང་མཐུན་ཞིང་། གླིང་བཞི་བཀན་པ་ནི། ཅུང་ཟད་གན་རྒྱལ་དུ་བྱས་པའི་རྐང་པ་བརྐྱང་བའི་ལོ་མ་ལག་པས་བཟུང་། ལག་པས་ཡར་འཐེན་ཞིང་ཕྱི་རྟིང་གིས་ཕར་འཕུལ་བའི་ཚེ་ཡིད་ཙམ་གྱིས་གཡས་གཡོན་གཅུད་པར་ཡང་བྱའོ། །གྱི་ལིང་གི་སྤྲུག་པ་ནི། ལུས་གནད་སེམས་དཔའི་ལག་པ་པུས་བཀབ་རླུང་མི་ཐུབ་ཚད་དུ་བསྡམས་ནས་ལུས་གཡས་སུ་ཅུང་ཟད་ཕྱོགས་པས་ཆུན་བཏོན་ཏེ་སི་ལི་ལི་སྤྲུག དེ་བཞིན་གཡོན་དུ་འང་ངོ་། །མི་ཆེན་ལུགས་སྤྱི་དང་འདྲའོ། །འཕར་ཞིང་རྡེབ་པ་ནི་ལུས་གནད་སྐྱིལ་ཀྲུང་པུས་བཀབ་ལས་གཡས་གཡོན་དུ་ཆུན་བཙལ། འཕར་བ་དང་བསྟུན། ཞག་ཤ་རྡེབ་ཅིང་། མར་འཕོངས་རྡེབ་པ་དང་པུས་མོ་ཆ་མཉམ་དུ་བྱའོ། །མངྒ་ལཾ།། །།

རྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ།

རྣལ་འབྱོར་གསུམ་གྱི་གདམས་པའི་འཁྲུལ་འཁོར་གྱི་འགྲེལ་པ་བཞུགས་སོ། །དབུ་མའི་སྒོ་དབྱེ་བའི་འཁྲུལ་འཁོར་ནི། པུས་མོ་དང་རྐང་སོར་སར་བཙུགས་པའི་རྟིང་པའི་སྟེང་དུ་འཕོངས་བཞག ལུས་བསྲང་། ལག་པ་བསྣོལ། ཐལ་མོས་མཆན་ཁུང་བསྡམ། རླུང་བརྔུབས་ལ་ཐུབ་ཚད་བསྡམ། མི་ཐུབ་ལ་ཁད་པ་དང་གཡས་གཡོན་རེ་མོས་ཀྱིས་གྱེན་དུ་གཅུད། ཡང་བརྔུབས་ལ་མནན། སླར་གཅུད། མིག་སོགས་གྱེན་དུ་གཏད་ནས་ཕྱིར་འཕང་ངོ་། །ཟླ་བ་སྟེང་དུ་བཅིང་བའི་འཁྲུལ་འཁོར་ནི། ལུས་གནད་གཞན་འདྲ་བ་ལ། ལག་པ་གཉིས་བསྲང་བས་པུས་མོ་བཀབ། རླུང་མདུན་དུ་མནན། མི་ཐུབ་ཚད་པ་དང་རྒྱབ་ནས་གྱེན་དུ་འཐེན་ཅིང་གཡས་གཅུད་གཡོན་གཅུད། མཐར་སྔ་མ་བཞིན་དུ་བྱའོ། །ཉི་མ་ཐུར་དུ་གནོན་པའི་འཁྲུལ་འཁོར་ནི། རྐང་པ་རྡོར་སྐྱིལ། ལག་པ་བསྣོལ་བས་པུས་མགོ་བཀབ། ལུས་བསྲང་། རླུང་མི་ཐུབ་བར་དུ་གནོན་པ་དང་། ལག་པས་མར་འཐེན་པུས་མགོས་ཡར་འཕུལ། སྐྱིལ་ཀྲུང་གཡས་གཡོན་དུ་རེ་མོས་གཅུད་དོ། །རྩ་ཕྲན་དྷཱུ་ཏཱིར་གཞུག་པའི་འཁྲུལ་འཁོར་ནི། ལུས་གནད་གཞན་གོང་བཞིན་ལ། ལག་པ་གཉིས་བསྲང་བ་པུས་བཀབ། དང་པོར་མགོ་བོ་དང་། དེ་ནས་སྐེད་པ་གཡས་གཡོན་དུ་ཐེངས་བདུན་བདུན་བསྐོར་ལ། མཐར་ལུས་གཡང་མོ་ལྟར་དྲག་ཏུ་སྤྲུག་གོ །སྒྲ་གཅན་ཨར་ལ་གཏད་པའི་འཁྲུལ་འཁོར་ནི། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅིང་། རླུང་མི་ཐུབ་ཚོད་ཀྱི་བར་དུ་བགགས། ལུས་བསྐོར་ཞིང་མཐར་འཕགས་པ་དང་ལག་པ་གཉིས་མགོ་བོ་ལ་བསྐོར་ནས་དང་། རྐང་པ་བརྐྱང་སྟེ་སྤྲུག་པ་བསྟུན་ནས་བྱའོ། །རྩིགས་མ་གཞི་ལས་བསྐྲད་པའི་འཁྲུལ་འཁོར་ནི། ལུས་ཙོག་པུ་ལག་པས་དབྱུག་པ་ལྟར་བྱས་ཏེ་བརྐྱང་ནས་འཕག་ཅིང་འཕོངས་སྟན་དང་། ལག་པ་པུས་སྟེང་དུ་ཕབ་ནས་སྤྲུག་པར་བྱའོ། །མངྒ་ལཾ།། །།

རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པའི་གཞུང་།

རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པའི་གཞུང་བཞུགས་སོ། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རང་བཞིན་མཉམ་པ་ཉིད་ལས་མི་འདའ་ཡང་། །ཧེ་རུ་ཀ་དཔལ་རྣམས་དང་ལྷན་ཅིག་རོལ་པ་ཡི། །སྤྲུལ་པའི་གཟུགས་ནི་སྣ་ཚོགས་འཛིན་པའི་བཅོམ་ལྡན་མ། །རྡོ་རྗེ་ཕག་མོ་དེ་ཡིས་དེང་འདིར་བདེ་ལེགས་མཛོད། །གང་ཞིག་འདི་ན་རྦ་རླབས་མེད་པའི་ཡིད་ཀྱི་མཚོར། །རྡོ་རྗེ་རྣམ་པར་སྒེག་མོ་འཆར་བར་སུས་བལྟས་པ། །དེ་ནི་མ་ལུས་དགའ་བ་ཡང་དག་རྫོགས་པ་ཡི། །སྐད་ཅིག་གཅིག་གིས་དངོས་གྲུབ་སྒྲུབ་པའི་རིམ་པའོ། །རླུང་དང་ཡང་དག་ཕྲད་པ་ཉིད་ཀྱིས་ཙཎྜྻཱ་ལི་ནི་ཆེར་འབར་བས། །ཀུན་ཏུ་རྟོག་པའི་ཚོགས་རྣམས་བསྲེགས་ནས་བདུད་རྩིའི་ས་བོན་ཞུ་བ་ཡིས། །གང་དུ་དགའ་བ་ཡང་དག་རྫོགས་པ་འབྲས་བུའི་གནས་སྐབས་དེ་ཡང་ནི། །ཡི་གེ་བདུན་གྱི་རྣམ་པར་བསྙད་པ་ཛ་ལནྡྷ་རའི་རིམ་པའོ། །སྣ་ཚོགས་མོས་པས་ཀུན་ཏུ་སྦྱར་བའི་དངོས་པོ་རྣམས། །རང་གི་རང་བཞིན་རྟོགས་པ་ཡིས་ནི་མ་ལུས་པ། །གསལ་ཞིང་རྙོགས་མེད་དཀྱིལ་འཁོར་འཁོར་ལོར་མཉམ་སྦྱོར་བའི། །རྣལ་འབྱོར་འདི་ནི་ཉོན་མོངས་འཇོམས་པའི་རིམ་པའོ། །ཀཀྐོ་ལར་ནི་ག་བུར་ཞུ་བ་ཉི་མའི་འོད་དང་འདྲེས་པ་གང་། །ནོར་བུའི་དབུས་ན་རྣམ་པར་རོལ་པའི་སྐད་ཅིག་བདེ་བའི་ཁྱིམ་གྱི་སྒོའི། །ཐེམ་སྐས་ལྟ་བུར་རིག་ནས་སྟུག་པོར་གྱུར་པའི་དགའ་བ་ཝཱ་རཱ་ཧཱིས། །སྲིད་པ་གསུམ་པོ་འགེངས་པ་འདི་ནི་ལྷན་ཅིག་སྐྱེས་པའི་རིམ་པའོ། །རྣལ་འབྱོར་མ་ཡི་རྒྱུད་སྡེའི་པདྨོར་ཤིན་ཏུ་སྦས་པའི་སྦྲང་རྩིའི་སྙིང་པོ་འདི། །བླ་མའི་བཀའ་དྲིན་ཉི་མའི་འོད་ཀྱིས་གསལ་བར་ཕྱེ་ལ་ཤེས་རབ་བུང་བ་ཡིས། །ལེགས་པར་གཞིབས་འདི་མཐའ་དག་ས་ཡི་སྐྱེ་བོའི་ལོངས་སྤྱོད་གནས་ཀྱི་གཞིར་གྱུར་པས། ཐར་པའི་ལང་ཚོ་ཅི་ཡང་འཕེལ་བའི་མཛེས་པ་མཆོག་ལ་རྟེན་པར་བྱེད་གྱུར་ཅིག། །།མངྒལཾ།། །།

རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ།

རྡོ་རྗེ་རྣམ་པར་སྒེག་མོའི་རྫོགས་རིམ་རིམ་པ་བཞི་པ་བཞུགས་སོ། །རྡོ་རྗེ་བཙུན་མོའི་ཞབས་སེན་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རང་བཞིན་མཉམ་པ་ཉིད་ལས་མི་འདའ་ཡང་། །ཧེ་རུ་ཀ་དཔལ་རྣམས་དང་ལྷན་ཅིག་རོལ་པ་ཡི། །སྤྲུལ་པའི་གཟུགས་ནི་སྣ་ཚོགས་འཛིན་པའི་བཅོམ་ལྡན་མ། །རྡོ་རྗེ་ཕག་མོ་དེ་ཡིས་དེང་འདིར་བདེ་ལེགས་མཛོད། །རྣམ་ཀུན་དགའ་མ་ལ་རོལ་སྙིང་རྗེའི་ཆ། །བཅུ་དྲུག་ལང་ཚོ་རྒྱས་པའི་སྙེམས་འཆང་བས། །སྲིད་པའི་ཁྲོམ་པ་དགའ་བའི་ཟློས་གར་ལ། །ཆགས་པར་གྱུར་དེ་རྒྱལ་དབང་རི་ཁྲོད་པ། །དེ་སྲས་མཁས་པའི་དྲང་སྲོང་ཤིང་ཤུན་ཅན། །གཉུག་མའི་དམོད་པ་གྲུབ་པའི་ཆུ་དོར་བས། །དངོས་འཛིན་རི་བོ་ཆེམ་ཆེམ་གཞོམ་བྱེད་པའི། །གྲུབ་རིགས་དཔྱིད་དེ་མངའ་བདག་མཻ་ཏྲི་པ། །བོད་ཡུལ་འགྲོ་ཡིད་སྣ་ཚོགས་ཆུ་ཀླུང་དུ། །གང་འདོད་གདམས་ངག་གཟུགས་ཀྱི་རི་མོ་རེ། །ཅིག་ཅར་འགོད་ལ་རྒྱལ་རྣམས་ཐུགས་རྗེའི་མཁར། །རྗེ་བཙུན་རས་ཆུང་ཟླ་བའི་དཀྱིལ་འཁོར་ཤར། །སླད་ནས་བྱང་ཕྱོགས་འགྲོ་བའི་གདུང་སེལ་དུ། །གཉེར་ཚེ་ཤིང་ཀུན་ནགས་ཀྱི་འདུན་ས་དེར། །མཆོག་གི་བདུད་རྩིས་བློ་གྲོས་རིན་ཆེན་གྱིས། །བུམ་པ་གང་བར་འཛིན་པ་དེ་དག་གི །རིང་ལུགས་ཉི་མའི་འོད་ཀྱིས་ངོམས་གྱུར་པས། །རྣམ་དཔྱོད་གེ་སར་རྒྱས་པའི་ཟེའུ་འབྲུའི་རྩེར། །ལེགས་བཤད་ཟིལ་དངར་ཞིམ་པོ་སྐྱུག་ནུས་པ། །ས་ལ་མཚུངས་མེད་པདྨ་དཀར་པོ་འོ། །རྒྱལ་བ་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་རྣམ་པར་སྒེག་མོ་ལ་རྣལ་འབྱོར་དུ་བྱ་བ་འདི་ལ་བཞི་སྟེ། དངོས་གྲུབ་བསྒྲུབ་པའི་རིམ་པ། ཛཱ་ལནྡྷ་རའི་རིམ་པ། ཉོན་མོངས་པ་འཇོམས་པའི་རིམ་པ། ལྷན་ཅིག་སྐྱེས་པའི་རིམ་པའོ། །དང་པོ་ལ། གང་དུ་དངོས་གྲུབ་བསྒྲུབ་པའི་གནས། གང་གིས་དངོས་གྲུབ་བསྒྲུབ་བའི་ཐབས། གང་བསྒྲུབ་པའི་དངོས་གྲུབ་ཀྱི་རྣམ་པར་དབྱེ་བ་བཤད་པའོ། །དང་པོ་ནི། ཡུལ་ཕྱོགས་གང་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་སྐྱེ་དགུ་རྣམས་བདེ་བར་གནས་པ། ས་འཛིན་གཞན་གྱིས་གཡུལ་གྱི་དོགས་པ་དང་བྲལ་བ། སྐྱེ་བོ་རྣམས་ཀྱི་གཡེང་བའི་སར་མི་འོས་ཤིང་། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་དུར་ཁྲོད་དམ། རི་བྲག་གམ། ཤིང་ཀ་དང་། ལྷ་ཁང་ལ་སོགས་པའོ། །དེ་ཡང་། གང་དུ་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་པ་མེད། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་སམ་གདོད་ནས་དག་པའི་དུར་ཁྲོད་དང་། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །སྔགས་པས་དེར་སྒོམ་ཤིས་པར་མཛོད། །ཅེས་གསུངས་པའོ།། །། གཉིས་པ་ནི། བདེན་གཉིས་ཞལ་མཆོད་པའི་ཆོ་གར་བཤད་པའི་ནང་གི་རྣལ་འབྱོར་ཇི་ལྟ་བས་སམ། བསྡུས་པ་ལ་མོས་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚངས་པའི་གནས་པ་བཞི་ལ་ཡིད་འདྲེ་བར་གནས་པ་སྔོན་དུ་བཏང་ནས། རྡོ་རྗེ་རྣལ་འབྱོར་མ་ལ་ལྷག་པར་དད་པའི་སེམས་ཀྱིས། དག་པ་གསུམ་གྱི་སྔགས་བརྗོད་ནས། སྒྱུ་མ་ལྟ་བུའི་རྣལ་འབྱོར་མའམ། ལུས་ཇི་ལྟ་བར་བལྟས་པའི་ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་ཐམས་ཅད་འདུས་པའི་དབུས་སུ། རང་སེམས་ཀྱི་ངོ་བོ་ཉི་མའམ། རོ་སེར་པོའི་སྙིང་གར་ཉི་མ་ལ་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྒེག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་ཞིང་། མཆེ་བ་རྣམ་པར་གཙིགས་པའི་གཡས་ཞལ་ཕག་གདོང་གྱེན་དུ་ལྟ་བ་ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། ཧེ་རུ་ཀའི་རང་བཞིན་གྱི་ཁ་ཊྶཱཾ་ག་མཆན་ཁུང་དུ་བསྒྲེང་བ། དབུ་སྐྲ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། ཞལ་དང་བྷ་ག་ནས་ཁྲག་འཛག་བཞིན་པ། མེ་རི་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྐུ་སོར་བཞིའི་ཚད་ཙམ་གསལ་ཞིང་དྭངས་པ་བལྟ་བར་བྱའོ། །དེའི་པདྨའི་ནང་དུ་ཆོས་འབྱུང་ཕྲ་མོ་ཟུར་གསུམ་པ་ཉིས་བརྩེགས། དབུས་སུ་བཾ་ཡིག་དམར་པོ་ནཱ་ད་ཆེས་ཕྲ་བ་དང་བཅས་པས་བརྒྱན་པ། དེའི་མཐར་སྔགས་ཀྱི་རྒྱལ་པོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུས་ཡོངས་སུ་བསྐོར་བ། རབ་ཏུ་དམར་ཞིང་འོད་འབར་བ། གཡོན་བསྐོར་དུ་དྲག་ཏུ་འཁོར་བཞིན་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་ཏེ། ཨུ་རྒྱན་ལ་སོགས་པའི་གནས་ནས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་ཐམས་ཅད་རྣལ་འབྱོར་མའི་འཁོར་ལོར་གསལ་བར་སྤྱན་དྲངས་པ། དམ་ཚིག་པ་དང་རོ་མཉམ་པ་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པས། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་མཆོག་རྣམས་འཆར་བར་འགྱུར་རོ། །དེ་བས་ན་འདི་ལ་སེམས་རྩེ་གཅིག་པ་ཉིད་ལ་ནན་ཏན་དུ་བྱ་ཞིང་། ངལ་ན་ཇི་ལྟར་རིགས་པའི་སྔགས་བཟླས་པ་བྱ། དེ་ལས་ལངས་ནས་རྣལ་འབྱོར་མ་ལ་ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་ལ་སོགས་པ་ལ་འབད་ཅིང་། དགེ་བ་བྱང་ཆུབ་ཏུ་བསྔོ་བ་ཡིན་གསུངས། ཚུལ་འདི་ལ་ཡི་གེ་ནི་མི་འཁོར་བའོ་ཞེས་དཔལ་ནགས་ཀྱི་རིན་ཆེན་གྱིས་སོ།། །། གསུམ་པ་ནི། དེ་ལ་རྣལ་འབྱོར་དུ་བྱས་པས། ཟས་དང་། སྐོམ་དང་། ནོར་དང་། འབྲུ་དང་། ཁང་པ་བརྩེགས་པ་དང་། ལྷའི་མལ་སྟན་བདེ་བ་སོགས་ཅི་འདོད་པ་དག་ཀྱང་འཐོབ་ལ། ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ལྔ་དང་། དབང་ཕྱུག་གི་ཡོན་ཏན་བརྒྱད་པོ་དག་དང་། ཁྱབ་འཇུག་དང་། དྲག་པོ་དང་། ཚངས་པ་སོགས་ལྷ་ཆེན་པོ་དག་གིས་ཀྱང་རྒྱལ་བར་མ་ནུས་པའི་འཆི་བའི་གནས་དག་ལས་ཀྱང་རྒྱལ་བ་འཐོབ་སྟེ་གང་ཞེ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཚུལ་དེ་དག་ཀྱང་། གང་ཞིག་འདི་ན་རྦ་རླབས་མེད་པའི་ཡིད་ཀྱི་མཚོར། །རྡོ་རྗེ་རྣམ་པར་སྒེག་མོ་འཆར་བ་སུས་བལྟས་པ། །དེ་ནི་མ་ལུས་དགའ་བ་ཡང་དག་རྫོགས་པ་ཡི། །སྐད་ཅིག་གཅིག་གིས་དངོས་གྲུབ་བསྒྲུབ་པའི་རིམ་པའོ། །ཞེས་པས་བསྟན་ཅིང་། གཞུང་ལས། དེ་ཡི་པདྨའི་ནང་དུ་ནི། །དོན་ཀུན་བསྒྲུབ་བྱེད་འཁོར་ལོ་བསྒོམ། །གྲུ་གསུམ་གྱིས་བརྒྱན་མཚན་མ་ནི། །ཁ་དོག་དམར་པོ་འོད་ཟེར་ཅན། །སྔགས་ཀྱི་ཡི་གེ་ཡོངས་རྫོགས་ནས། །རྫ་མཁན་འཁོར་ལོ་བཞིན་དུའོ། །ཞེས་གསུངས་པའོ།། །། གཉིས་པ་ཛཱ་ལནྡྷ་རའི་རིམ་པ་ལ། ཐུར་སེལ་གྱིས་རྒྱུ་ཙཎྜྻཱ་ལི་སྦར་བ། སྲོག་གིས་བདུད་རྩིའི་ས་བོན་བཞུ་བ། རིགས་གཉིས་ཀྱི་ངེས་པས་འབྲས་བུའི་ཙཎྜྻཱ་ལི་བཤད་པ་དང་གསུམ་ལས། དང་པོ་ནི། ལུས་གནད་རྡོར་སྐྱིལ་ལམ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ལག་པ་གཉིས་པུས་མོ་ལ་བཀབ་པའི་གྲུ་མོ་བསྲངས་པས་ལུས་གཅུན། གསུས་པ་སྒལ་ཚིགས་ལ་སྦྱར་ཞིང་དྲང་པོར་བསྲངས། མགྲིན་པ་ཅུང་ཟད་སྒུ་བྱས། ལྕེ་རྩེ་རྐན་ལ་སྦྱར་བའི་མཆུ་ལ་སོར་ཕྱེད་ཙམ་གྱི་བར་ཡོད་པར་བྱ། མིག་རྩ་ཞལ་ཀྱི་ལྟ་སྟངས་དང་། དམིགས་པ་གཞུང་དུ་ལྟེ་བར་བཤད་ནའང་། བླ་མ་རྒྱུད་པའི་མན་ངག་གིས། ལྟེ་འོག་སོར་བཞིའི་ཐད་ཨ་ཝ་དྷཱུ་ཏཱིའི་ནང་དུ། ཆོས་འབྱུང་ཟུར་གསུམ་པ་རབ་ཏུ་དམར་ཞིང་འོད་འབར་བ། ཙཎྜྻཱ་ལིའི་ངོ་བོ་སོར་བཞི་པ། དབུས་སུ་བཾ་ཡིག་དམར་པོ་ནཱ་ད་ཆེས་ཕྲ་བ་དང་བཅས་པས་བརྒྱན་པ་བསམས་ལ། འོག་རླུང་ལྟེ་བའི་འཁོར་ལོར་སླེབ་པ་བཟུང་ནས་དེས་བསྐུལ་བས་གཡོན་སྐོར་དུ་བར་མེད་རིམ་པ་མི་མངོན་པར་འཁོར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་བ་འདིས་སེམས་གནས་པ་མཆོག་སྐྱེ་བ་ཡིན་ནོ། །དེ་ནས། ཆོས་འབྱུང་ཡི་གེ་དང་བཅས་པ་ལས། མེ་ཆེས་ཕྲ་ཞིང་རྣོ་བ་འབར་བ་ལས་ལྷག་པར་བཾ་ཡིག་གི་རྩེ་མོའི་མེ་ཕྲ་བ་ལ་སེམས་རྩེ་གཅིག་ཏུ་བཟུང་བ་ནི་རྒྱུའི་ཙཎྜྻཱ་ལི་སྟེ། དེ་ལ་སེམས་ཟིན་པ་ན། བཾ་ཡིག་དེ་ལས་པདྨའི་སྣལ་མ་ལྟར་ཕྲ་བའི་མེ་དྲག་ཅིང་བཟོད་པར་དཀའ་བ། རབ་ཏུ་དམར་བའི་འོད་ཟེར་ཅན། དལ་བུས་གྱེན་དུ་སོང་བས་ལྟེ་བའི་དཀྱིལ་འཁོར་ཕུག འཁོར་ལོ་དེའི་རྩ་ཐམས་ཅད་མེས་གང་བ་ལ་རྩེ་གཅིག་པའི་ངང་ནས་སྤྲོས་མེད་ལ་མཉམ་པར་གཞག དེ་ནས་ཕྲ་བའི་མེ་རིམ་གྱིས་སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོ་རྣམས་སུ་སོང་བས་འཁོར་ལོ་སོ་སོའི་རྩ་གནས་མེས་གང་བ་ལ་སེམས་བརྟན་པར་བཟུང་སྟེ་སྤྲོས་མེད་དུ་བྱ་བ་སོགས་སྔ་མ་བཞིན་བྱ། དེ་དག་རྣམས་ཀྱིས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་རིམ་གྱིས་སྐྱེ་བར་འགྱུར་ཏེ། གལ་ཏེ་མ་སྐྱེས་ན། ཕྱི་ནང་གི་སྤྲོས་པའི་རྒྱུ་ཁ་ཟས་དང་ནད་ལ་སོགས་པའི་རྐྱེན་གྱིས་སམ། ལུས་གནད་དང་སྟན་དང་། ཐབས་མ་བདེ་བ་སོགས་ཀྱིས་ཀྱང་རུང་སྟེ། དེ་དང་དེ་བརྟགས་ལ་དོར་ཞིང་སྤྲོས་མེད་ལ་མཉམ་པར་གཞག་པས་ཏིང་ངེ་འཛིན་མཆོག་སྐྱེ་བ་ཡིན་གསུངས། དེ་ནས་རྩ་ནང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། བ་སྤུའི་བུ་ག་རྣམས་ཀྱི་མཐར་ཐུག་པར་མེས་གང་བར་བལྟས་ནས་སྤྲོས་མེད་དུ་བྱའོ། །ཚུལ་དེ་ཡང་ཤ་ཝ་རས། སྲིན་པོའི་ཞལ་བསྡམ་ཐུར་སེལ་དབང་དུ་བྱ། །ཞེས་གསུངས་པས་སོ།། །། གཉིས་པ་ནི། ལུས་གནད་སྔ་མ་ཇི་ལྟ་བ་ལས། ཁྱད་པར་ལྟ་སྟངས་གྱེན་དུ་ཅུང་ཟད་གཏོད་དེ། འོག་རླུང་དལ་བུས་འཐེན། སྟེང་རླུང་རྒྱུ་བ་མི་མངོན་ཙམ་དྲངས་པ་རོ་རྐྱང་གི་ལམ་ལས་བརྒྱུད་དེ། དྷཱུ་ཏཱིའི་མར་སྣར་བསྒྱུར་བ་འོག་རླུང་དང་ཕྲད་པས། ཡང་ཐབས་སུ་དྷཱུ་ཏཱིའི་མར་སྣ་ནས་ཞུགས་པས་ཙཎྜྻཱ་ལི་བསྐྱོད་པའི་མེ་ཕྲ་ཞིང་རྣོ་བ་གློག་ལྟ་བུའི་རོལ་བ་དང་བཅས་པས་གྱེན་དུ་སོང་བའི་རྩེ་མོ་སྙིང་ག་དང་། མགྲིན་པའི་འཁོར་ལོ་ཕུག་པའི་འོད་ཀྱི་གདུང་བ་བཟོད་པར་དཀའ་བས། བདེ་བ་ཆེན་པོའི་འཁོར་ལོའི་དབུས་ན་གནས་པའི་ཁམས་ཐམས་ཅད་ཀྱི་དྭངས་མའི་ངོ་བོ་ཐིག་ལེ་ཧཾ་ཡིག་བ་མོ་འཛག་པ་ལྟ་བུ་མགོ་བོ་ཐུར་དུ་བསྟན་ཏེ་ལྷག་པར་གདུངས་པ་ལས། བྱང་ཆུབ་ཀྱི་སེམས་སྐྲ་རྩེ་ཙམ་དུ་ཕྲ་བ་དྷཱུ་ཏཱིའི་ནང་དུ་འཛག་བཞིན་པ། མགྲིན་པའི་འཁོར་ལོར་ལྷུང་བས་དགའ་བའི་ཡེ་ཤེས་སྐྱེ་སྟེ། དེ་ཉིད་ལ་རྩེ་གཅིག་པའི་ངང་ནས་སྤྲོས་མེད་དུ་བྱ། དེ་ལ་སེམས་བརྟན་བཞིན་པའི་ངང་ནས་སྙིང་གའི་འཁོར་ལོར་ལྷུང་བས། སྔ་མ་ལས་ཁྱད་པར་དུ་གྱུར་པའི་མཆོག་དགའི་ཡེ་ཤེས་འཆར་ཏེ་དེ་ཉིད་སྤྲོས་མེད་དུ་རོ་གཅིག་པར་བྱ། དེ་ནས་ལྟེ་བའི་འཁོར་ལོར་ལྷུང་བས་གཏུམ་མོ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྲུས་གསོལ་བས་ཡང་དག་པར་ཚིམ་པའི་འོད་ཀྱིས་ཆེར་གདུངས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་སོན་པའི་སྐད་ཅིག་འཛག་མེད་དུ་འཆིངས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ནི་ཝཱ་རཱ་ཧཱི་སྟེ། རྣམ་པར་རྟོག་པའི་ཚོགས་བཅོམ་པའི་རང་བྱུང་གི་རྟོགས་པ་དེ་ཉིད་འབྲས་བུའི་ཙཎྜྻཱ་ལི་ཡིན་ནོ།། །། གསུམ་པ་ནི། ནོར་བུ་ལྷན་སྐྱེས་མྱོང་བ་ན། དེར་ཙཎྜྻཱ་ལི་གྱེན་དུ་ལྷག་པར་ལངས་པ་ལས་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པར་འགྱུར་བ་ནི། ཇི་ལྟར་ཆུ་དང་བཅས་པའི་སྣོད་ངོས་མཉམ་པར་མར་མེའི་སྡོང་བུ་གཏམས་ཏེ། སྟེང་ནས་བུམ་པ་བཀབ་པ་ན། མེ་ལྕེ་གྱེན་དུ་འབར་བའི་རླུང་ཤུགས་ཀྱིས་ཆུ་རྣམས་གྱེན་དུ་འགྲོ་བ་ལྟ་བུའོ། །དེ་ལས་འཁོར་ལོ་སོ་སོར་བརྟན་པ་ནི། གསང་བར་རྡོ་རྗེ་སེམས་དཔའ། ལྟེ་བར་རྣམ་སྣང་། སྙིང་གར་འོད་དཔག་མེད། མགྲིན་པར་རིན་འབྱུང་། དཔྲལ་བར་དོན་གྲུབ། གཙུག་ཏོར་དུ་མི་བསྐྱོད་པའི་རང་བཞིན་དུ་རྣམ་པར་དག་པར་འགྱུར་བ་ཡིན་གསུངས། ལྷན་སྐྱེས་འཆར་བའི་སྔོན་རོལ་དུ། ས་ཆུ་ནས། ནམ་མཁའ་རྣམ་ཤེས་ལ་ཐིམ་པའི་བར་འབྱུང་བ་ལྔ་པོ་ཐིམ་པའི་ངེས་པས། དང་པོ་སྨིག་རྒྱུ་དང་། དེ་ནས་དུ་བ། མེ་ཁྱེར། འབར་བ། སྤྲིན་མེད་པའི་ནམ་མཁའ་རྣམས་མཐོང་བར་འགྱུར་བའོ། །དེ་དག་ཀྱང་དང་པོར་ཅུང་ཟད་ནས། མཐར་ཡུལ་འཁོར་གང་བར་མཐོང་བ་ལ་སོགས་པའི་རིམ་པ་ཡིས་སོ། །ལ་ཝ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུ་བའི་རྣམ་པ་ཅན། །གསུམ་པ་སྲིན་པོ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུ་སྟེ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པས། །སྤྲིན་མེད་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མ་མཐོང་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་མཉམ་གཞག་ཏུ་མྱོང་བ་བརྟན་པ་ན། །དེ་ལས་ལངས་པའི་སྣང་བ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པ་དེའི་བདག་ཉིད་འབད་པ་མེད་པར་འཆར་བའོ། །འདི་ལས་འཕྲོས་ནས་མཚན་མ་དང་པོ་སྨིག་རྒྱུ་དང་། དུ་བ་འཆད་པ་རྒྱུད་སོ་སོའི་ངེས་པ་གང་ཡིན་ཞུས་པས། དེ་ནི་བཀྲི་བའི་རིམ་པ་ལས་ཏེ། དང་པོར་སོ་སོར་སྡུད་ནས་འཁྲིད་པ་ལ་ནི། གཙོ་བོར་ས་དབང་དུ་བྱས་པའམ། རེངས་པའི་སྟོབས་ཀྱིས་འཆར་བའི་རིམ་པ་ཡིན་པས་དུ་བ་དང་པོར་འཆར་བ་ཡིན་ཞིང་། འདི་སོགས་སུ། རྗེས་དྲན་གཏུམ་མོའི་རྣལ་འབྱོར་ནས་བཀྲི་བ་ཡིན་པས་གཙོ་བོར་མེ་རེངས་པའི་འཆར་རིམ་གྱིས་སྣང་བ་སྨིག་རྒྱུ་ནས་དང་པོར་འཆར་བ་ཉམས་སུ་མྱོང་བའི་ངེས་པ་ལས་ཡིན་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཡང་། གཏུམ་མོའི་འོད་ཀྱི་རོལ་པ་རང་གི་གནས་གཡོ་བ་ལའང་རང་བྱུང་གི །རང་རྟོགས་ཤར་བ་བདེ་བ་ཆེན་པོར་ཐིམ་པ་ཁྱབ་རྒྱས་གསལ་བར་བྱེད་བཞིན་པ། །ཆུ་སྐྱེས་རྩེ་མོར་སོན་ཞིང་རྒྱས་པ་གང་གིས་མྱང་འདས་གོ་འཕང་ཐོབ་པའང་། །རིག་གཉིས་དག་ལ་ཤར་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་ལ་ནི་བདག་འདུད་དོ། །ཞེས་གང་གསུངས་པའི་རིག་གཉིས་དག་ལ་གང་ཤར་བའི་ལྷན་ཅིག་སྐྱེས་པ་ནི་ནོར་བུ་དང་། གཙུག་ཏོར་གྱི་སྣ་རྩེར་མྱོང་བ་ཉིད་ཡིན་ལ། དེར་མངོན་དུ་གྱུར་པ་ཉིད་ཝཱ་རཱ་ཧཱི་སྟེ། ཡི་གེ་བདུན་གྱིས་བསྙད་པ་དེའི་ཚུལ་ཡང་འདི་ལྟར་ཡིན་ཏེ། ཝ་ཡིག་གིས་ནི། ཝ་དང་འགྲོ་བ་དང་དྲི་དག་ལ་ཡང་ངོ་། །ཞེས་པའི་བྱིངས་ལས། ཐུར་སེལ་གྱི་རླུང་སྟེང་དུ་འགྲོ་བའི་རིམ་གྱིས་ཙཎྜྻཱ་ལི་རྒྱས་པར་བྱེད་པ་དང་། ཝ་སྲོག་གི་ཨ་ཡིག་གིས་ནི། ཨ་ཀཱ་ར་སྟེ། ཨ་ཡིག་གི་རང་བཞིན་ལྷ་མོའི་ངོ་བོ་ཉིད་ཡིན་པའམ། ཡང་ན། ཨ་ཝ་དྷཱུ་ཏཱི་རྩ་དང་། ར་ཡིག་གིས་རེ་ཁའི་རང་བཞིན་མེའི་ངོ་བོ་ཉིད་ཡིན་པ་དང་། ར་སྲོག་གི་ཨ་གོང་མས་ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱི་སྟེ། ཨ་ཝ་རྣམ་པར་རྟོག་པ་དང་། དྷཱུ་ཏཱི་དེའི་ཚོགས་བཅོམ་པ་སྟེ། དེ་ལ་ལྷག་པར་གནས་པ་ཉིད་དང་། ཨ་ཕྱི་མ་ནི། ཨ་ནུཏྤནྣ་སྟེ། ཆོས་ཐམས་ཅད་ཀྱི་གནས་ཚུལ་སྐྱེ་བ་མེད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་མཚོན་པ་ཨ་ཤད་ཡིན་པ་ཉིད་དང་། ཧ་ཡིག་གིས་ཧཾ་ཀཱ་ར་སྟེ་ཧཾ་ཡིག་ཧེ་རུ་ཀའི་རང་བཞིན་དང་རོ་མཉམ་པ་བདེ་བ་ཆེན་པོའི་ངོ་བོ་ཉིད་དང་། དེའི་སྲོག་ཨི་ནི། དེ་བུ་བཀྲ་བ་དང་གསལ་བ་སོགས་ལ་འཇུག་པའི་དབང་གིས་དང་མོའི་དོན་གྱིས་ཏེ། དེ་ཡང་ཙཎྜྻཱ་ལིའི་རོལ་པ་ཤེར་ཕྱིན་གྱི་རང་བཞིན་སྣ་ཚོགས་པའི་སྣང་བར་ཤར་བ་མཚོན་པའོ། །དེ་ཡང་ཇི་ལྟར་ལྷན་ཅིག་སྐྱེས་པ་ལ་ཙཎྜྻཱ་ལི་ཞེས་བྱ་ཞེ་ན། ཙཎྜྻཱི་ཁྲོ་བ་ལ་ཡང་ངོ་ཞེས་པའི་བྱིངས་ལ་ཁྲོ་བ་དང་། ཨ་ལི་ཀཾ་ལོག་པ་སྟེ། ལོག་པའི་རྟོག་ཚོགས་འབྲས་བུ་དང་བཅས་པ་འཁོར་བའི་ཕྱོགས་ཡིན་ལ། དེ་ལ་ཁྲོ་བ་མྱ་ངན་ལས་འདས་པའི་ཕྱོགས་ཏེ་དེའི་བདག་པོ་ཡིན་པ་ཉིད་ཀྱིས་སོ། །ཚུལ་དེ་ཡང་གཞུང་ལས། སྲིན་པོའི་ཞལ་ནི་ཅུང་ཟད་བསྡམ། །རབ་ཏུ་འབར་བའི་རྣམ་པར་བསྒོམ། །ཞེས་འབར་བའི་རྣལ་འབྱོར་དངོས་སུ་གསུངས་ནས། འཛག་པའི་རྣལ་འབྱོར་ཤུགས་ཀྱིས་བསྟན་པ་ཡིན་ཏེ། རླུང་དང་ཡང་དག་ཕྲད་པ་ཉིད་ཀྱིས་ཙཎྜྻཱ་ལི་ནི་ཆེར་འབར་བས། །ཀུན་ཏུ་རྟོག་པའི་ཚོགས་རྣམས་བསྲེགས་ནས་བདུད་རྩིའི་ས་བོན་ཞུ་བ་ཡིས། །གང་དུ་དགའ་བ་ཡང་དག་རྫོགས་པ་འབྲས་བུའི་གནས་སྐབས་དེ་ཡང་ནི། །ཡི་གེ་བདུན་གྱི་རྣམ་པར་བསྙད་པ་ཛཱ་ལནྡྷ་རའི་རིམ་པའོ། །ཞེས་བསྙད་པ་ཡིན་ནོ།། །། གསུམ་པ་ཉོན་མོངས་པ་འཇོམས་པའི་རིམ་པ་ལ། མཉམ་གཞག་ཏུ་འདོད་པའི་ལྷ་བསྒྲུབ་པ། རྗེས་ཐོབ་ཏུ་དེས་ཐམས་ཅད་ལ་ཁྱབ་པར་སྤྲོ་བ། མཉམ་རྗེས་འདྲེས་པའི་རྣལ་འབྱོར་ལ་བསླབ་པའོ། །དང་པོ་ལ། ལུས་གནད་རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་ལ་སྦྱར་ཞིང་སྟན་ལ་བཙུགས། གྲུ་མོ་བསྲངས་པས་ལུས་ཀྱི་སྟོད་གཅུན། མགྲིན་པ་ཡིད་ཙམ་སྒུ། ལྕེ་རྩེ་རྐན་ལ་སྦྱར། མཆུ་ལ་བར་ཡོད་ཙམ་བྱ། མིག་ཕག་ཞལ་གྱི་ལྟ་སྟངས་ལྡན་པས། བདག་ཉིད་བཅོམ་ལྡན་འདས་མར་བསམས་པའི་ཕག་ཞལ་གྱི་སྤྱན་དབུས་མའི་ཐད་ཀྱི་ནམ་མཁའ་ལ་ཉི་མ་འཆར་ཀ་ལྟ་བུའི་དགའ་བ་འཁྱིལ་བ་གཡོན་བསྐོར་དུ་བར་མེད་དུ་འཁོར་བ་ལ་དམིགས་ཏེ། སེམས་ཡུལ་ལ་གཡོ་བ་བཟློག་ནས་སྟོང་པ་ཉིད་ལ་གཞུག་པར་བྱའོ། །གང་དུ་གཞུག་པར་བྱ་བའི་སྟོང་པ་ཉིད་དེ་ཡང་གཞན་མ་ཡིན་གྱི། སེམས་རང་ཉིད་ཡིན་པས་ན། སེམས་སུ་རྣམ་པར་གཞུག་པར་བྱ་སྟེ། སེམས་རང་གི་རང་བཞིན་ལ་གནས་པ་ཙམ་མ་གཏོགས་པ་བསྒོམ་པའི་བྱ་བ་གཞན་ནི་ཡོད་པ་མ་ཡིན་པས་སོ། །ཚུལ་དེ་ལས་ནི་ནམ་མཁའ་དང་འདྲ་བའི་ལྷན་ཅིག་སྐྱེས་པར་འགྱུར་ཏེ། ཇི་ལྟར་ནམ་མཁའ་འདྲ་ཞེ་ན། ནམ་མཁའ་ལ་ནམ་མཁའ་མ་ཡིན་པའི་རྟེན་དང་གཞི་ལ་སོགས་ཡོད་པ་མ་ཡིན་པ་བཞིན་དུ། ལྷན་ཅིག་སྐྱེས་པ་དེ་ལ་སྣོད་ལྟ་བུའི་རྟེན་དང་། ཆུ་ལྟ་བུའི་བརྟེན་པ་དང་། དེ་ཡང་གཞི་ས་ལྟ་བུ་དག་དང་། དཔེར་བྱ་བ་ཐམས་ཅད་ཡོད་པ་མ་ཡིན་ནོ། །དེ་ཡང་། སེམས་ནི་ནམ་མཁའ་བཞིན་དུ་བཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་བཟུང་བྱ། །ཞེས་གསུངས་པ་ཡིན་ཞིང་། དེ་ལྟར་སྤྲོས་པ་གཅོད་པའི་རིམ་པ་འདི་ཡང་། དཔལ་ཤ་ཝ་རས། ཅི་ལ་ཡང་མི་སེམས་ཏེ། ཅི་ལ་ཡང་མི་སེམས་པས་ནི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས། དེ་ལ་ཁ་ཅིག རྟོག་པ་རྒྱུན་ཆད་པས་རྨོངས་པའི་སྒོམ་པར་སོང་ངོ་སྙམ་ནས་མ་རངས་པའི་ཚིག་གིས་སྨྲེང་འདོན་པར་བྱེད་མོད། དེ་དག་གི་བསམ་པ་ལྟར་དུ་ག་ལ་འགྱུར་ཏེ། མདའ་བསྣུན་ཞབས་ཀྱིས། དྲན་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ཀྱིས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འཆར། །ཞེས་པས་སོ། །དེ་ལྟར་གནས་པས་དྷཱུ་ཏཱིར་སྲོག་གི་རང་བཞིན་ས་ཆུ་ལ་ཐིམ་པ་ནས། རླུང་སྟོང་པ་ལ་ཐིམ་པའི་རིམ་པས། དུ་བ་ལ་སོགས་པའི་རྟགས་བཅུ་འཆར་ཞིང་། རྟགས་རྣམས་ཀྱང་སྒྱུ་མ་ལྟ་བུའི་སེམས་ཀྱིས་སྒྱུ་མ་ལྟ་བུའི་སྣང་བ་མ་བརྟགས་པར་པྲ་ཕབ་པ་བཞིན་དུ་མཐོང་བ་ལ་དེའི་རང་བཞིན་དུ་མཉམ་པར་གཞག་པར་བྱ་སྟེ། དང་པོའི་སངས་རྒྱས་ལས། སྣང་བརྙན་བསམས་པ་མ་ཡིན་པ། །དུ་སོགས་མཚན་མ་དེ་རྣམས་ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཞེས་པ་ལ་སོགས་པ་གསུངས་སོ། །སིནྡྷཱུ་རས་བསྒོས་པའི་མེ་ལོང་དྲི་མ་ཅན་དག་དེ་ཉིད་མཉེས་པས་རྡུལ་ཚོགས་ཀྱི་དྲི་མ་དང་བྲལ་བའི་རབ་ཏུ་དྭངས་པར་གྱུར་པ་ལ། གཟུགས་བརྙན་སོ་སོ་བ་དག་འགོག་པ་མེད་པར་འཆར་བ་དེ་བཞིན་དུ། རྟོག་པའི་རྡུལ་གྱི་དྲི་མ་ཅན་དུ་གྱུར་བའི་སེམས་ཀྱི་མེ་ལོང་། ཡང་དག་པའི་རྟོག་པའི་ཚོགས་ཀྱིས་རབ་ཏུ་སྦྱངས་པས། རྣམ་པར་མི་རྟོག་པའི་བདག་ཉིད་དུ་གྱུར་པའི་ལྷན་ཅིག་སྐྱེས་པ་ལ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རང་གི་བདག་ཉིད་དང་གཉིས་སུ་མེད་པར་འཆར་བ་ཡིན་པས། རྟོག་པའི་རྣལ་འབྱོར་ཉིད་མི་རྟོག་པའི་ཐབས་མཁས་སུ་བྱ་བ་ཡིན་པའི་ཕྱིར། ཐམས་ཅད་དུ་རྣམ་པར་རྟོག་པ་མེད་པ་ལ་ནན་ཏན་ཏུ་བྱ་བ་ཡིན་ནོ། །ཨཱརྻ་དེ་ཝའི་ཞལ་སྔ་ནས། རྣམ་དག་རྟོག་པའི་རྡུལ་གྱིས་མཉེས་པ་ལས། །ཀུན་ནས་དྭངས་ཤིང་ཤིན་ཏུ་འོད་གསལ་བ། །མཐའ་ཡས་པ་ཡི་གཟུགས་དང་གཟུགས་བརྙན་ཚོགས། །སེམས་ཀྱི་མེ་ལོང་དེ་ལ་ཅི་ཡང་མཛེས། །ཞེས་གསུངས་སོ།། །། གཉིས་པ་ནི། འགྲོ་འདུག་ཉལ་འཆག་ལ་སོགས་པའི་སྤྱོད་ལམ་ཅི་བྱེད་ཀྱང་གང་ཤར་ཐམས་ཅད་གཉིས་མེད་ཡེ་ཤེས་དེའི་ངང་དུ་རོ་མཉམ་པར་བལྟ་བ་ཡིན་ཏེ། དགྱེས་རྡོར་ལས། བརྟན་དང་གཡོ་བའི་དངོས་པོ་གང་། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་སོ། །ཚུལ་དེ་ལྟ་བུས་གོམས་པར་བྱས་པ་ལས། ཇི་ཞིག་ལྟར་ན་བརྟན་པ་དང་གཡོ་བ་ལ་སོགས་པའི་ཆོས་ཐམས་ཅད་གཟུགས་བརྙན་གྱི་རང་བཞིན་སྟོང་པ་ཉིད་དང་བདེ་བ་དབྱེར་མེད་པའི་ངོ་བོ་ཉིད་དུ་གནས་པ་སོ་སོ་རང་རིག་པའི་བདག་ཉིད་དུ་མངོན་དུ་གྱུར་བ་ཡིན་ཏེ། མཻ་ཏྲི་ཞབས་ཀྱིས་ཀྱང་གསུངས་པ། འགྲོ་བའི་རང་བཞིན་ཡོངས་ཤེས་ན། །རྣམ་པར་མི་རྟོག་བདག་ཉིད་དེ། །དེ་ཕྱིར་སྣ་ཚོགས་རྣམ་རྟོག་གི །རང་བཞིན་ཤེས་ལས་ངལ་མི་བྱ། །ཞེས་པས་སོ།། །། གསུམ་པ་ནི། མིག་དག་ལ་བཀོད་ཅིང་གཞག་པའི་སེམས་བརྟན་པར་གནས་པ་ལས་ནི་འཇིག་རྟེན་གསུམ་གྱི་གཟུགས་ཇི་སྙེད་པ་མཐོང་ཞིང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལྤགས་པ་ལ་བཀོད་ཅིང་གཞག་པའི་སེམས་བརྟན་པར་གནས་པ་ལས། འཇིག་རྟེན་གསུམ་ན་གནས་པའི་སྒྲ་རྣམས་ཉན་ཞིང་སྐད་ཤེས་པ་དང་། དྲི་རོ་རེག་བྱ་ཇི་སྙེད་པ་ལ་ལོངས་སྤྱོད་ཅིང་། དེ་བཞིན་དུ། སྙིང་ག སྤྱི་བོ། མགྲིན་པ། ལྟེ་བ་ལ་བརྟན་པར་བྱས་པ་ལས། མངོན་པར་ཤེས་པ་དྲུག་དང་ཆོས་ཀྱི་སྐུ། ལྷའི་ཚོགས་མཐོང་བ་དང་། བདེ་ཆེན་གྱི་སྐུ། བསྟན་བཅོས་ཐམས་ཅད་རིག་ཅིང་། ལོངས་སྤྱོད་རྫོགས་པའི་སྐུ། ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལ་སྤྱོད་ཅིང་། སྤྲུལ་པའི་སྐུ་བཞི་རིམ་པ་བཞིན་དུ་ཐོབ་པ་ཡིན་ནོ། །དེ་ཡང་གཞུང་ལས། ཕག་གདོང་གྱེན་དུ་ཉེ་བར་བལྟ། །གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར། །ཕྱག་རྒྱ་གཉིས་ཀྱི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་ཤིང་། ཚུལ་དེ་ཡང་། སྣ་ཚོགས་མོས་པས་ཀུན་ཏུ་སྦྱར་བའི་དངོས་པོ་རྣམས། །རང་གི་རང་བཞིན་རྟོགས་པ་ཡིས་ནི་མ་ལུས་པ། །གསལ་ཞིང་རྙོག་མེད་དཀྱིལ་འཁོར་འཁོར་ལོ་མཉམ་སྦྱོར་བའི། །རྣལ་འབྱོར་འདི་ནི་ཉོན་མོངས་འཇོམས་པའི་རིམ་པའོ། །ཞེས་པས་བཤད་དོ།། །། བཞི་པ་ལྷན་ཅིག་སྐྱེས་པའི་རིམ་པ་ལ། ལུགས་འབྱུང་དུ་ནོར་བུར་ལྷན་སྐྱེས་མྱང་བ། ལུགས་ལྡོག་ཏུ་གཙུག་ཏོར་དུ་ལྷན་སྐྱེས་མྱང་བ། ཚུལ་གཉིས་ཀར་ལྷན་སྐྱེས་ཀྱི་དགའ་བས་ཐམས་ཅད་དུ་ཁྱབ་པར་བྱ་བའོ། །དང་པོ་ནི། ཕོ་ཉ་མོ་མཆོག་གི་རྗེས་ཆགས་ཀྱི་མེས་བཞུ་བས་ནོར་བུའི་རྩ་བར་བྱང་ཆུབ་ཀྱི་སེམས་བྱོན་པ་ན་དགའ་བ། ནོར་བུའི་དབུས་ཕྱིན་པ་ན་མཆོག་དགའ་སྟེ། གཉིས་པོ་ནི་ཆགས་པའི་ཕྱོགས་ཡིན་ལ། དགའ་བྲལ་ནི་ཆགས་པ་དང་བྲལ་བའི་ཕྱོགས་ཏེ། དེ་ཡང་བླ་མའི་མན་ངག་དང་བྲལ་བ་ལས་ནི་ཆགས་བྲལ་གྱི་ཕྱོགས་སུ་ལྷུང་བ་ཉིད་ཀྱིས་ཁམས་ཉམས་པ་ལས། བུ་དང་བུ་མོ་ལ་སོགས་པ་སྐྱེད་པར་བྱེད་ལ། བླ་མའི་མན་ངག་གིས་ནོར་བུའི་རྩེ་མོར་ཁམས་བརྟན་པ་ལས། ཆགས་པ་དང་ཆགས་བྲལ་དེ་དག་གི་དབུས་སུ་ལྷན་ཅིག་སྐྱེས་པའི་མཐའ་གཉིས་ལ་མི་གནས་ཤིང་། དཔེས་མཚོན་པ་དང་བྲལ་བ། བརྗོད་དུ་མེད་པའི་རང་བཞིན་དབང་པོ་ཐམས་ཅད་ནུབ་པ་དང་། རྟོག་ཚོགས་ཐིམ་པ་དང་། སོ་སོ་རང་གི་རིག་པའི་བདག་ཉིད་དུ་ཉམས་སུ་མྱོང་བ་དེ་ཉིད་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ངེས་པའི་ཝཱ་རཱ་ཧཱི་མངོན་དུ་གྱུར་པ་ཡིན་ཏེ། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་པ་ཡིན་ནོ།། །། གཉིས་པ་ནི། དེ་ཉིད་བརྟན་པ་ལས། སླར་གྱེན་དུ་རང་བཞིན་གྱིས་སམ། སྦྱོར་བས་བྱང་ཆུབ་ཀྱི་སེམས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། གཙུག་ཏོར་གྱི་འཁོར་ལོ་སོ་སོར་ཕྱིན་པ་ལས། འོག་མ་འོག་མ་ལས་ཕུལ་དུ་གྱུར་པའི་བདེ་བ་སོ་སོ་རང་གིས་རིག་པའི་བདག་ཉིད་བརྗོད་པ་ལས་འདས་པ་སྐྱེ་སྟེ། གང་དུ་གཙུག་ཏོར་དུ་ཕྱིན་པ་ལས་ནི་དཔེ་མེད་པའི་བདེ་བ་བརྟན་གཡོ་ཐམས་ཅད་ཁྱབ་པར་ཉམས་སུ་མྱོང་བར་འགྱུར་བ་ཉིད་ཀྱང་ཝཱ་རཱ་ཧཱི་སྟེ། དེའི་དོན་ཀྱང་། ཝ་ཡིག་གིས་བརྗོད་དུ་མེད་པ་ཉིད་དང་། ར་ཡིག་གིས་རྣམ་པ་དང་རྣམ་པ་མེད་པ་དང་བྲལ་བ་དང་། དེའི་སྲོག་གི་ཨ་ཡིག་གིས་སོ་སོ་རང་གི་རིག་པ་དང་། ཧ་ཡིག་གིས་གཞོམ་དུ་མེད་པ་དང་། ཨེ་ཡིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་མཚོན་པ་སྟེ། དེ་ཡང་ཡི་གེ་ལྔར་བྱེད་པ་ནི་ཤ་ཝ་རའི་ལུགས་དང་། བདུན་དུ་བྱེད་པ་ནི་བརྩོན་འགྲུས་དཔལ་བཤེས་གཉེན་གྱི་འཆད་སྲོལ་ཡིན་གསུངས། མཚན་ཡང་དག་པར་བརྗོད་པ་ལས། རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་གསུངས་པ་དང་། དྲི་མ་མེད་པའི་འོད་ལས་ཀྱང་། ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང་། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཕྱེད་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་གསུངས་པ་ལྟར་རོ།། །། གསུམ་པ་ནི། དེ་ལྟར་དགའ་བའི་བདེ་བ་དེ་ཉིད་ལས་དང་པོ་བས་ལུས་ཁོ་ན་དང་། གཞན་དུ་ནི་རྣམ་པ་ཐམས་ཅད་པའི་ཡུལ་ལ་སྦྱོར་བ་དང་། རང་རིག་པའི་ཚུལ་གྱིས་དྲངས་ནས། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དུ་འཆར་བཞིན་པའི་བདེ་བ་ཆེན་པོ་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་ཀྱིས་ནམ་མཁའ་མཐའ་ཀླས་པ་ཁྱབ་པར་བྱས་པས། དེ་ཉིད་དབང་བཞི་པའི་དོན་མཐར་ཐུག་པ་སྟེ། ཚུལ་དེ་དག་གིས་ཚེ་འདི་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་གྱུར་བར་གདོན་མི་ཟ་བ་ཉིད་དོ། །གཞུང་ལས། ཕྱག་རྒྱ་གཉིས་ཀྱི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་པའི་ཕྱག་རྒྱ་དང་པོ་ནི་གོང་དུ་བཤད་པའི་ཕྱག་རྒྱ་ཆེན་མོ་ཡིན་ལ། དེས་མ་འགྲུབ་ན་བཙན་ཐབས་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱི་སྟེ། ཇི་སྐད་བཤད་པའི་རིམ་པས་སོ། །དེའི་ཚུལ་ཡང་། ཀཀྐོ་ལར་ནི་ག་བུར་ཞུ་བ་ཉི་མའི་འོད་དང་འདྲེས་པ་གང་། །ནོར་བུའི་དབུས་ན་རྣམ་པར་རོལ་པའི་སྐད་ཅིག་བདེ་བའི་ཁྱིམ་གྱི་སྒོའི། །ཐེམ་སྐས་ལྟ་བུར་རིག་ནས་སྟུག་པོར་གྱུར་པའི་དགའ་བ་ཝཱ་རཱ་ཧཱིས། །སྲིད་པ་གསུམ་པོ་འགེངས་པ་འདི་ནི་ལྷན་ཅིག་སྐྱེས་པའི་རིམ་པའོ། །དེ་ལྟར་ལམ་འདི་ནི། སློབ་མ་གང་དད་པ་དང་སྙིང་རྗེ་དམན། བརྩོན་འགྲུས་དང་མི་ལྡན་ལ། བླ་མ་ལ་རིམ་འགྲོ་བྱེད་པ་དང་བྲལ་བ། ལམ་ལ་ཐེ་ཚོམ་དང་བཅས་པ་ལ་མི་སྦྱིན་ཞིང་། གང་དད་པ་དང་གཏོང་བའི་བློ་ཁྱད་པར་གྱིས་བླ་མ་ལ་སངས་རྒྱས་སུ་ཡིད་ཆེས་ཤིང་རིམ་འགྲོ་བྱེད་པ། ལམ་ལ་ཡིད་ཆེས་པ་དང་བརྩོན་འགྲུས་མཆོག་དང་ལྡན་པ་ལ་སྦྱིན་པར་བྱ་བ་སྟེ། འདི་ནི་དམ་ཚིག་ཡིན་ནོ། །ཚིག་གི་གྱ་གྱུ་ཙམ་ལ་མཁས་པ་ཀུན། །ཁྲེལ་བས་བོར་ཏེ་ཕུན་ཚོགས་ཡོན་ཏན་རྣམས། །གང་སྙིང་བླ་མའི་མན་ངག་གིས་གཏམས་པ། །དེ་ལ་མགྲོན་དུ་བོས་བཞིན་འདུ་བར་སྣང་། །རང་རིག་ཡེ་ཤེས་གནས་ལ་བག་ཕེབས་པ། །དེ་ལ་དངོས་འཛིན་གདོན་གྱིས་ཅོ་འདྲི་རྣམས། །སྐྱེ་བོའི་མདུན་སར་བཞད་གད་མཁན་པོ་ཡིས། །སྦྱར་བའི་གར་བཞིན་ཉམས་དགའ་ཙམ་དུ་ཟད། །སྐྱེ་བར་བསྟེན་པའི་རོ་ལ་སྲེད་པ་ཡིས། །རྡོ་རྗེ་བཙུན་མོའི་ཞབས་ཀྱི་པདྨོ་ཅན། །བལྟ་འདོད་མགྲིན་པ་སྐྱོགས་ཏེ་ངང་པའི་བུ། །ཟུང་འཇུག་ལམ་གྱི་གཤོག་པ་འདི་བརྐྱང་ངོ་། །རྣལ་འབྱོར་མ་ཡི་རྒྱུད་སྡེའི་པདྨོར་ཤིན་ཏུ་སྦས་པའི་སྦྲང་རྩིའི་སྙིང་པོ་འདི། །བླ་མའི་བཀའ་དྲིན་ཉི་མའི་འོད་ཀྱི་གསལ་བར་ཕྱེ་ལ་ཤེས་རབ་བུང་བ་ཡིས། །ལེགས་པར་གཞིབས་འདི་མཐའ་དག་ས་ཡི་སྐྱེ་བོའི་ལོངས་སྤྱོད་གནས་ཀྱི་གཞིར་གྱུར་པས། །ཐར་པའི་ལང་ཚོའི་ཅི་ཡང་འཕེལ་བའི་མཛེས་པ་མཆོག་ལ་རྟེན་པར་བྱེད་གྱུར་ཅིག། །། རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་ཞབས་ཀྱི་མན་ངག་གི་ལུས་མཛེས་པ། དཔལ་ནགས་ཀྱི་རིན་ཆེན་གྱི་ཚིག་གིས་བརྒྱན་པས་སྐལ་བཟང་དགའ་བ་བསྐྱེད་པའི་མན་ངག་གི་སྒེག་མོ་འདི་ནི། སྐྱེ་བར་རྡོ་རྗེ་རྣལ་འབྱོར་མའི་ཞབས་རྡུལ་ལ་མངོན་སུམ་དུ་རེག་པའི་གྲུབ་པའི་དཔྱིད་པདྨ་དཀར་པོས། རྒྱལ་བྱེད་ཚལ་གྱི་ནགས་ཁྲོད་གོ་བི་ཙནྡྲར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།

རྡོ་རྗེ་གཏུམ་པོའི་རྫོགས་རིམ་རྣལ་འབྱོར་ལྔ་པ།

རྡོ་རྗེ་གཏུམ་པོའི་རྫོགས་རིམ་རྣལ་འབྱོར་ལྔ་པ་བཞུགས་སོ། །བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །བདུད་བཞིའི་དགྲ་ལས་རྣམ་རྒྱལ་དེ་དག་གིས། །འབད་པས་བརྙེས་པའི་གསང་བའི་མཛོད་རྣམས་ཀྱི། །བདག་པོ་གང་དང་གཉིས་སུ་མི་ཕྱེད་པའི། །རྡོ་རྗེ་སློབ་དཔོན་ཞབས་ཀྱི་པདྨོར་འདུད། །རྒྱུད་དོན་མན་ངག་འོད་བརྒྱའི་དྲྭ་བ་ཅན། །གང་ཐུགས་ཤར་རིའི་ཕྲག་པ་ལ་བཟུང་བས། །སྐལ་བཟང་ཀུ་མུད་དགའ་བའི་དགའ་སྟོན་གྱིས། །དར་མཛད་རས་ཆུང་ཞབས་དེ་འདི་སྐད་གསུང་། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མ་ལུས་པའི་བདག་པོ་རྡོ་རྗེ་གཏུམ་པོ་ལ་རྣལ་འབྱོར་དུ་བྱ་བ་ལ་ལྔ་སྟེ། རགས་པའི་རྣལ་འབྱོར། ཕྲ་མོའི་རྣལ་འབྱོར། ཐིག་ལེའི་རྣལ་འབྱོར། བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར། རྫོགས་པའི་རྣལ་འབྱོར་རོ། །དང་པོ་ནི། བསྐྱེད་རིམ་གྱི་གཞུང་རྒྱས་པ་ལས་བྱུང་བའམ། གཏུམ་ཆུང་ལྷ་ལྔར་བཤད་པ་བཞིན་ནམ། བསྡུས་པར་ནི། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བྱས་ནས། ཨོཾ་སྭ་བྷཱ་ཝ་བརྗོད་པ་དང་ལྷན་ཅིག་རང་གི་སྙིང་གི་དབུས་སུ་སེམས་ཀྱི་གནས་ལུགས་ཧཱུྃ་ཡིག་གི་རྣམ་པར་གནས་པ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ། རྣམ་སྨིན་གྱི་ལུས་ཐལ་བ་ཙམ་དུ་ཡང་མ་ལུས་པར་བསྲེགས། ཨོཾ་བཛྭ་པཱ་ཎི་ཧཱུྃ་ཕཊ྄། ཅེས་བརྗོད་པས། ཧཱུྃ་ཡིག་དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཁྲོ་ཞིང་གཏུམ་པ་མཆེ་བ་རྣམ་པར་གཙིགས་ཤིང་ལྗགས་འདྲིལ་བ། ཉི་མའི་སྙིང་པོ་ལྟ་བུའི་སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་མི་བསྐྱོད་པས་མཛེས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་དང་བཅས་པའི་སྡིགས་འཛུབ་འཕྱར་བ་གཡོན་དྲིལ་བུ་དཀུར་བརྟེན་ཅིང་། །གར་གྱི་ཉམས་དགུ་དང་ལྡན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་དང་། རློན་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྗིད་པ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་པད་ཉིའི་གདན་ལ་ཞབས་གཡོན་བརྐྱང་བས་དབང་ཕྱུག་ཆེན་པོའི་རོ་ཁ་བུབ་པའི་རྣ་བ་དང་། གཡས་བསྐུམ་པས་ཨུ་མ་གསོན་པའི་ནུ་མ་བརྫིས་པ། གདོན་བགེགས་གདུག་པ་ཅན་ཐམས་ཅད་སྲེག་པའི་འོད་ཟེར་སྤྲོ་བཞིན་པ་ལ་འཁྱུད་པའི་དཔའ་མོ་རྡོ་རྗེ་བདེ་མ་སྐུ་མདོག་ལྗང་ཁུ་ཁྲོ་ཞིང་འཛུམ་པའི་ཞལ་གཅིག་སྤྱན་གསུམ་པ། དགའ་བའི་ལང་ཚོ་རྒྱས་པ། ཕྱག་རྒྱ་ལྔས་བརྒྱན་པ་ནམ་མཁའི་གོས་ཅན། མི་མགོའི་ཅོད་པན་དང་དོ་ཤལ་གྱིས་མཛེས་པའི་ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡས་ཡབ་དང་ལྷན་ཅིག་བརྐྱང་ཞིང་། གཡོན་གཉིས་མེད་དུ་འཁྲིལ་བའི། ཡབ་ཡུམ་རང་གི་ལུས་ཀྱི་ཚད་ཙམ་སྒྱུ་མ་ལྟ་བུའི་སྐུར་གསལ་བར་བལྟ་བར་བྱའོ། །དེ་ལ་སེམས་ཟིན་ནས། སྙིང་ཁར་དེ་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་ཙམ་བསྒོམ། དེ་ལ་ཟིན་ནས་དེའི་ཐུགས་ཁར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་རྡོ་རྗེ་མཐིང་ནག་གི་ལྟེ་བར་ཧཱུྃ་ཡིག་སྔགས་ཀྱི་འཕྲེང་བས་བསྐོར་བ་ཨིནྡྲ་ནཱི་ལ་བཅག་པའི་འཕྲོ་ལྟར་སྔོ་བ་ལའོ། །དེ་ནས། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་ཐམས་ཅད་མཚན་ཉིད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ལ་ཕོག་པས་ཐམས་ཅད་གཏུམ་པོ་ཁྱུང་གི་ལྷ་ཚོགས་སུ་གྱུར་པར་བསམ། ཡང་འོད་ཟེར་གྱིས། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱས། སླར་ཡང་འོད་ཀྱིས་འོག་མིན་ནས་དབང་གི་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩི་བུམ་པས་དབང་བསྐུར་བས། ལུས་གང་། དྲི་མ་དག ཆུ་གྱེན་དུ་བརྟན་པས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཕྱག་མཚན་གྱིས་དབུ་བརྒྱན་པར་བསམ་མོ། །དེ་ལས་སྐྱོ་ན་ལྷའི་འཁོར་ལོ་ཐམས་ཅད་ཀྱི་ཐུག་ཀར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ལ་སྔགས་ཀྱི་འཕྲེང་བ་བལྟས་ལ། ཀློག་པའི་ཚུལ་དུ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཅེས་ཧ་ཅང་མྱུར་བ་དང་། དལ་བ་མ་ཡིན་པ། གསང་མཐོན་པོ་དང་ཤབ་ཤུབ་ཏུ་མ་སོང་བ་རན་པར་བཟླས། དེ་ལས་གནམ་ལྕགས་ཆར་པ་ལྟ་བུའི་མེའི་འོད་ཟེར་གནོད་བྱེད་རྣམས་ལ་ཕོག་པས་གཞོབ་ཏུ་ཐུལ་ཐུལ་འཚིག་པར་བསམ་མོ། །ཐུན་ལས་ལྡང་བའི་ཚེ་མཆོད་ཅིང་བསྟོད་དེ། དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཚུལ་དེ་ཉིད་གཞུང་དུ། བསྐྱེད་པའི་རིམ་པ་ཐོབ་ནས་ནི། །སྙིང་ཁར་ཡེ་ཤེས་སེམས་དཔའ་བསྒོམ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་། །ཞེས་གསུངས་ཤིང་། ཡང་གི་སྒྲས། རྣལ་འབྱོར་གྱི་ལྷག་མ་རྣམས་མཚོན་པར་བྱས་པ་ཡིན་ནོ། །རགས་པའི་རྣལ་འབྱོར་རོ།། །། གཉིས་པ་ལ། ཀུན་རྫོབ་ཀྱི་སྣ་རྩེའི་རྣལ་འབྱོར། གསང་བའི་སྣ་རྩེའི་རྣལ་འབྱོར། སྙིང་གའི་སྣ་རྩེའི་རྣལ་འབྱོར་གསུམ་ལས། དང་པོ་ནི། བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་གི་ཕྱག་རྒྱ་སྒལ་ཚིགས་བསྲངས། ཨོག་སྐོས་མདུང་མནན། ལྕེ་རྐན་ལ་སྦྱར། ལྷའི་རྣལ་འབྱོར་དེ་ཉིད་དུ་བལྟས་པའི་ཀུན་རྫོབ་ཀྱི་སྣའི་རྩེ་མོར། པདྨ་དམར་པོ་འདབ་མ་བཞི་པའི་གདན་ལ། བཻཌཱུརྻ་མཐོན་མཐིང་ཞུ་བའི་ཐིགས་པ་ཁེངས་པ་ལྟ་བུའི་ཐིག་ལེ་སྔོ་ཞིང་དྭངས་པ་རྒྱ་སྲན་ཙམ་གྱི་ནང་དུ་རྡོ་རྗེ་སྔོ་སྐྱ་ཙ་ན་ཀའི་འབྲུའི་ཚད་ཙམ་དུ་ཕྲ་བ་བལྟས་ཏེ། མིག་དང་ཤེས་པ་མ་འགྱུར་བ་ཉིན་མཚན་དུ་འབད་པས་བརྟག་པར་བྱའོ། །གང་གི་ཚེ་ལག་པས་རེག་ཏུ་རུང་བའམ། མངོན་སུམ་དུ་མཐོང་བ་ལྟ་བུའི་མཚན་མ་རྙེད་པ་དེའི་ཚེ་སྒོམ་པ་ལ་དབང་དུ་གྱུར་བ་ཡིན་ནོ། །དེ་ལྟར་བརྟན་ནས་རྡོ་རྗེ་དེ་ལས་དེ་འདྲ་བ། གཉིས་ནས་གསུམ་ལ་སོགས་པ་ནམ་མཁའ་ཁྱབ་པའི་བར་དུ་སྤྲོ་བར་བྱ་ཞིང་། སླར་བསྡུ་བ་ལ་བསླབ་བོ། །དེ་བརྟན་ནས། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་སྐུར་བྱས་ཏེ། ནམ་མཁའ་ཁྱབ་པ་ནས་བསྡུ་བའི་བར་དུའོ། །དེ་བརྟན་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྱུང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྲོ་བ་དང་བསྡུ་བའོ།། །། གཉིས་པ་ནི། ལྷར་བལྟ་བ་ཡན་ཆད་སྔ་མ་བཞིན་ལས། གསང་བའི་སྣ་རྩེ་རྡོ་རྗེ་ནོར་བུའི་ཁའི་ནང་དུ་ཐིག་ལེ་རྒྱ་སྲན་ཙམ་པ་སྔོན་པོ་བཀོད་དེ། རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ལ་བརྟན་པ་ན་ལྷའི་རྣལ་འབྱོར་གྱིས་རྡོ་རྗེ་པདྨ་མངོན་པར་འདུ་བྱས་ཏེ་སྙོམས་པར་འཇུག་པས། ཡུམ་གྱི་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་དབྱུང་ངོ་། །དེ་ལྟར་པདྨའི་ནང་དུ་ཕྱུང་བའི་ཐིག་ལེ་དེ་ཉིད། རྡོ་རྗེ་གཏུམ་པོ་ཡབ་ཡུམ་གྱི་སྐུར་གྱུར་ཏེ། པདྨ་ལས་ཕྱིར་སྤྲོ་བར་བྱའོ། །དེ་ལ་བརྟན་ནས། དེ་གཉིས་ཀྱིས་སྔ་མ་བཞིན་སྙོམས་པར་ཞུགས་པ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཁྱུང་གི་ལྷ་ཚོགས་ཀྱི་རྣམ་པར་ནམ་མཁའ་ཁྱབ་པར་སྤྲོའོ། །ཚུལ་དེ་ཉིད་གཞན་ལས་ཀྱང་། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །ཞེས་གསུངས་སོ།། །། གསུམ་པ་ནི། །གཞན་སྔ་མ་བཞིན་ལས་སྙིང་ཀའི་སྣ་རྩེ། སྙིང་ཀའི་རྩ་པདྨ་འདབ་མ་བཞི་པ་མཚམས་ཀྱི་སྤྲིན་ལྟར་དམར་ཞིང་གསལ་བའི་དབུས་སུ། གནམ་གྱི་མཐའི་མདོག་ལྟར་སྔོ་སྐྱ་རྒྱ་སྲན་གྱི་ཚད་ཀྱི་ཐིག་ལེ། སྐྲའི་རྩེ་མོས་ཕུག་པ་ཙམ་གྱི་བུ་ག་འོག་གི་ཆར་ཡོད་པ་ལ་དམིགས་ནས། སྟེང་འོག་གི་རླུང་ཁ་སྦྱར་གྱིས་གཅུན་པས་ཐིག་ལེའི་ནང་དུ་རླུང་སིར་སིར་སོང་བར་བསམ་ཞིང་། རྣམ་པར་ཤེས་པ་ལྔ་པོ་ཀུན་གཞིའི་རྣམ་པར་ཤེས་པ་ལ་བསྡུས་ནས། དེ་ཉིད་སྙིང་ཀའི་ཐིག་ལེའི་ནང་དུ་བཅུག་སྟེ། རླུང་སེམས་ཐིག་ལེ་གསུམ་རོ་གཅིག་པ་ལ་མཉམ་པར་བཞག་པར་བྱའོ། །དེ་བརྟན་པ་ལས་ཐིག་ལེའི་གཟུགས་མཐོང་བར་འགྱུར་ཞིང་། དེ་ལས་ཡེ་ཤེས་སྐྱེ་བར་འགྱུར་ལ། རིམ་གྱིས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཉིད་སློབ་དཔོན་ཀརྞ་རི་པས། སྙིང་ལ་རྟག་ཏུ་བཞུགས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། ཞེས་གསུངས་ཤིང་། གཞུང་ལས། པདྨ་དམར་པོ་འདབ་བཞི་ལ། །ཐིག་ལེ་སྔོན་པོ་རྒྱ་སྲན་ཙམ། །ཞེས་བསྟན་པའི་ཕྲ་མོའི་རྣལ་འབྱོར་རོ།། །། གསུམ་པ་ཐིག་ལེའི་རྣལ་འབྱོར་ལ། ལུས་ལྷའི་རྣལ་འབྱོར་རྩ་རྡོ་རྗེའི་དྲྭ་བ། རླུང་ཟུང་འཇུག ཐིག་ལེ་སྐོར་བཟློག ཉམས་སྐྱོན་མེད་དང་ལྔའོ། །དང་པོ་ནི། ལུས་གནད་སྔ་མ་བཞིན་གྱིས། ཡི་དམ་གྱི་ལྷ་སོར་མོའི་མཐའི་བར་ཚུན་ཆད་སྟོང་སང་ངེ་བར་བསྒོམ་མོ།། །། གཉིས་པ་ནི། ལ་ལཱ་ན་གཟུང་བའི་རླུང་རྒྱུ་བ་ཁ་དོག་སྔོན་པོ་གཡོན་དང་། ར་སཱ་ན་འཛིན་པའི་རླུང་རྒྱུ་བ་ཁ་དོག་དམར་པོ་གཡས་སུ་སྣའི་སྒོ་ནས་སྤུ་ན་གུའི་མཚམས་སུ་དབུ་མའི་ནང་དུ་ཟུག་པ། ཨ་ཝདྷཱུཏཱི་གཟུང་འཛིན་སྤངས་པའི་རླུང་རྒྱུ་བ་ཁ་དོག་དཀར་པོ། དབུས་སུ་ཡར་སྣ་སྤྱི་གཙུག་གི་ཧཾ་ལ་རེག་པ། མར་སྣ་སྤུན་གུའི་ཁ་མཚམས་སུ་བཅད་ཁར་གནས་པ། དེ་གསུམ་ལས། སྤྱི་མགྲིན་སྙིང་ལྟེ་བ་རྣམས་སུ་རྩའི་འཁོར་ལོར་གྱེས་ཤིང་། དེ་ལས་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱི་མཐར་ཐུག་པར་ཁྱབ་པའི་རྩའི་འདབ་མ་བུ་གུ་སྟོང་སང་ངེ་བ་གྱེས་པས་ལུས་རྩའི་དྲ་བར་གྱུར་བར་བསམ་མོ།། །། གསུམ་པ་ནི་རླུང་རོ་ལན་གསུམ་བསལ་ཏེ། སྲོག་སྣའི་སྒོ་ནས་རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་འོག་ཏུ་འཕང་བ་དང་། ཐུར་སེལ་ཁྲོན་པའི་དཔྱང་རྩེ་ལྟ་བུར་ཡར་འཐེན་པ་ལྷན་ཅིག་པས་དབུ་མའི་ནང་དུ་ཟུང་འཇུག་ཏུ་གྱུར་པར་བསམ་མོ།། །། བཞི་པ་ནི། ཀུན་འདར་མའི་ནང་ཉི་ཟླའི་རྩ་གཉིས་ཀྱི་སྣ་མོ་འཛོམ་པའི་ཁར། ཐོག་གི་ཟེར་མ་དང་མཉམ་པའི་རེག་བྱ་ཤིན་ཏུ་ཚ་བ་སྤྲོ་བའི་ཨ་ཐུང་ཤད་ཀྱི་རྣམ་པ་གཡོ་བའི་མཚན་ཉིད་ཅན་དང་། ཡར་སྣ་དཀར་ཞིང་བསིལ་བའི་ཧཾ་ཡིག་བདུད་རྩི་བྱང་ཆུབ་ཀྱི་སེམས་འཛག་ལ་ཁད་པའི་ངོ་བོ་ཉིད་དུ་བལྟས་ནས། རླུང་གིས་ཨ་ཤད་བསྐུལ་བས། མར་མེའི་རྩེ་མོ་ལྟ་བུའི་མེ་འབར། དེའི་གདུང་བས་ཧཾ་ཡིག་ལས་བྱང་ཆུབ་ཀྱི་སེམས་ཅུང་ཟད་འཛགས། དེ་གཏུམ་མོ་ལ་ཕོག་པས་ལྷག་པར་འོད་ཀྱིས་གདུང་བ་ཆེར་རྒྱས་ཏེ་རྩེ་མོ་ཧཾ་ཡིག་ལ་རེག་པས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་ཆིལ་གྱིས་བབས། འཁོར་ལོ་བཞིའི་ལམ་ནས་གསང་བའི་རྡོ་རྗེའི་རྩེ་མོའི་བར་དུ་བྱོན། དེས་ལྷག་པར་རྒྱས་པའི་མེ་དང་རོ་མཉམ་དུ་གྱུར་པས། འབར་བའི་འོད་ཀྱིས་སྙིང་ཀར་དྲངས། དེ་ནས་མགྲིན་པ་དང་ཧཾ་ཡིག་གི་གནས་སུ་བསྐྱལ། དེ་ལྟ་བུ་ལ་ཡང་ནས་ཡང་དུ་བསམ་པ་གཞན་གྱིས་བར་མ་ཆོད་པར་བསྒོམ་པར་བྱའོ།། །། ལྔ་པ་ནི། དེ་ལྟར་འབད་པས་དུ་བ་འཆར་བ་སའི་རླུང་ཟིན་པ་དང་། སྨིག་རྒྱུ་ཆུའི་རླུང་ཟིན་པ་དང་། སྲིན་བུ་མེའི་རླུང་ཟིན་པ་དང་། མར་མེ་རླུང་གི་རླུང་ཟིན་པ་དང་། སྟོང་པ་ནམ་མཁའི་རླུང་ཟིན་པ་ཡིན་ལ། དེ་ནས་བྱང་ཆུབ་ཀྱི་སེམས་ཟིན་ཏེ། ཤེས་པ་གར་གཏད་པ་མི་བཟོད་པ་དང་། ལུས་ཐམས་ཅད་བདེ་བས་གང་བ་དང་། སྣང་བ་བདེ་བར་འཆར་བ་དང་། བདེ་བས་ཉོན་མོངས་པ་མགོ་ནོན་པར་འགྱུར་རོ། །དེའི་དུས་དབེན་ཞིང་ཉམས་དགའ་བའི་གནས་སུ་གསང་བའི་ཀུན་སྤྱོད་ཕོ་ཉ་མོ་དང་ཐིག་ལེའི་རྩལ་སྦྱོང་ལ་འབད་པས་ལུས་ཀྱི་ཆ་ཐམས་ཅད་ནས་ཁམས་གཡོ་བ་རླུང་གི་མཚན་ཉིད་ཅན་དགའ་བ་དང་པོ་དང་། དེ་ལས་ཁམས་འདུས་པའི་དབང་གིས་བདེ་བར་སྨིན་ཅིང་རྫོགས་པ་མེའི་རང་བཞིན་མཆོག་དགའ་གཉིས་པ་དང་། དེ་ལས་ནོར་བུའི་བར་འོག་ཏུ་ལྟུང་བ་ཆུ་མཚན་ཉིད་ཅན་རྣམ་སྨིན་དང་བྲལ་བས་ཁྱད་དགའ་གསུམ་པ་དང་། ནོར་བུའི་ཁྱིམ་དུ་ཤེས་རབ་དང་རོལ་པ་ལས་མི་འདའ་བར་འཛིན་པའི་མཚན་ཉིད་ཅན་ལྷན་ཅིག་སྐྱེས་དགའ་སྟེ་བཞི་བར་བཞག་པ་འདི་ཡང་། །ལོངས་སྤྱོད་པ་དང་། དབང་བྱེད་པ། ཐིམ་པ་གསུམ་ག་ཡང་བདག་པོ་རང་རིག་བདེ་བ་ཆེན་པོར་མ་ཤེས་པས། བཟོད་བདག་པོ་བདེ་བ་ཆེན་པོ་སྦྱང་དགོས་པའི་དབང་གིས། གསུམ་པ་རྣམ་ཉེད་ཉིད་ནས་ཡེ་ཤེས་སུ་མི་འཆར་བས། ནོར་བུར་འཁྲིག་དུས་ཀྱིས་སྐད་ཅིག་དེའི་ངེས་པ་ཉིད་ཟིན་པ་ལ་བལྟོས་པས་ལྷན་སྐྱེས་བཞི་བར་བཞག་པ་ཡིན་ནོ།། །། གསུམ་པ་ཆུ་རང་བཞིན་སྡུད་པའི་མཚན་ཉིད་འཛིན་པ་ཉིད་དུ་ནོར་བུའི་ཁྱིམ་དེར་ཉི་མའི་མཛེས་མའི་ལང་ཚོས་དབང་བྱས་པ་ཉིད་ལས་ཀུན་རྟོག་གི་དྲྭ་བ་སྡུད་པ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་ལས་ཕྱི་རོལ་གྱི་པདྨའི་དགའ་ཚལ་ལྟ་བུར་རང་ཉམས་དང་བྲལ་བར་ལྷུང་བ་ཉམས་པའི་མཚན་ཉིད་ཅན་ནི་དགའ་བྲལ་དུ་བཞག་པ་འདི་ནི་འདོད་ཆགས་བདེ་སྟོང་དུ་འཆར་བ་དག་ལ། རྣམ་ཉེད་ནས་ནོར་བུར་བརྟན་པའི་བར་ཐམས་ཅད་ལྷན་སྐྱེས་སུ་འཆར་བ་དེའི་ངེས་པས་གསུམ་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་བཞག་གོ །རིག་པ་འདི་ལས་ནི། དགའ་བ་དང་པོ་ཉིད་ནས་ལྷན་སྐྱེས་སུ་འཆར་བ་ཡང་ཡོད་ཅིང་། གཉིས་ཤོར་གཉིས་མཉམ་གྱི་གནས་སྐབས་སུ་ཡང་སྲིད་པ་ཡིན་ནོ། །ཚུལ་དེ་དག་ལ་དགོངས་ནས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་སོ། །གཞུང་ལས། དེ་དབུས་ཉི་ཟླ་གཞལ་ཡས་ཁང་། །གཞལ་ཡས་ཁང་གི་ནང་དུ་ནི། །ཨ་ཤད་མར་མེའི་རྩེ་མོ་ཙམ། །དེ་ལ་དམིགས་པ་ཐོབ་ནས་ནི། །ཞེས་བཤད་པའི། དེ་དབུས་ནི་ལུས་ཀྱི་ནང་གི་དབུས་སོ། །ཉི་ཟླས་རོ་རྐྱང་བརྗོད་དེ། ཉི་ཟླའི་རླུང་གི་རྟེན་ཡིན་པས་སོ། །གཞལ་ཡས་ཁང་གིས་དབུ་མ་བརྗོད་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལྷ་རྟག་ཏུ་རོལ་བའི་གནས་ཡིན་པའི་ཕྱིར་རོ། །ནས་ནི། གཏུམ་མོ་དངོས་སུ་བཤད་ནས་ཕྱག་རྒྱའི་རྣལ་འབྱོར་ཤུགས་ཀྱིས་འདྲེན་པའི་ཚིག་སྟེ། ཐིག་ལེའི་རྣལ་འབྱོར་རོ། །བཞི་པ་ལ། རང་བཞིན་བསམ་གྱིས་མི་ཁྱབ་པ་དང་། ཐབས་བསམ་གྱིས་མི་ཁྱབ་པ་དང་། སྤྱོད་ལམ་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཐམས་ཅད་འདུས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་དང་། ལམ་དང་འབྲས་བུ་བསམ་གྱིས་མི་ཁྱབ་པའི་ཚུལ་ལྔ་ལས། དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་བཏགས་པ་དང་ཞེན་གཟུང་གང་གིས་ཀྱང་མ་བསླད་པའི་གཤིས་ཀྱི་བབས་མ་བཅོས་པ་འདི་ཉིད་རང་བཞིན་བསམ་གྱིས་མི་ཁྱབ་པར་བརྗོད་དེ། དེ་ཉིད་ཕྲ་ཕྱིར་ཐོས་པའི་ཚིག་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་པའི་དོན་གྱི་དབང་གིས་སོ། །འདི་ཉིད་གཉིས་ཆོས་གང་གིས་ཀྱང་མི་ཤིགས་པའི་ངོ་བོ་འགྱུར་བ་མེད་པའི་ཆ་ནས་མི་ཤིགས་པའི་ཐིག་ལེ་དང་། །གཡོ་བ་རླུང་གཞོམ་མེད་ཀྱི་ཆ་ནས་ནཱ་ད་དང་། ཐམས་ཅད་ཁྱབ་ཅིང་མི་ཕྱེད་པའི་ངེས་པས་མཁའ་ཁྱབ་མཁའི་རྡོ་རྗེ་དང་། ཐམས་ཅད་ཀྱི་སྙིང་པོར་གྱུར་པས་སྙིང་པོ་དང་། གནས་སྐབས་ཀྱི་བྱེད་པའི་ཆ་ནས་ལེན་པའི་རྣམ་ཤེས་སུ་ཡང་བཏགས་མོད། དོན་ལ་བརྗོད་མེད་ཀྱི་རང་བབས་ལ་ཤེས་བརྗོད་ཀྱི་སྐབས་འཇུག་པ་མེད་པའི་ཕྱིར། འདི་རང་གི་ངོ་བོ་ལ་འཁོར་འདས་གཞི་འབྲས་སོགས་ཐ་སྙད་ཅི་ཡང་བཞག་ཏུ་མེད་དོ། །དེའི་ཕྱིར་འཁོར་འདས་གཉིས་ཀྱང་འདུ་བྱེད་ཡིད་ཀྱི་གཡོ་བས་ཐ་དད་དུ་བཅོས་པ་མ་གཏོགས། རྟོགས་མ་རྟོགས་ལ་སེམས་ཀྱི་ངོ་བོ་བཟང་ངན་དུ་འགྱུར་བ་ཅུང་ཟད་ཀྱང་མེད་པར་འཁོར་འདས་རྒྱུད་གཅིག་པར་གསུངས་ཏེ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་པའི་ཚིག་འདིས་སོ། །དེ་ལྟར་འཁོར་འདས་རྒྱུད་གཅིག་པ་དེ་ལ་གཉིས་སུ་དབྱེ་བ་ཡང་། མ་དག་པ་དང་དག་པའི་ཆས་ཡིན་ལ། དག་ཆ་ཡང་སེམས་ལས་གཞན་དུ་ཅུང་ཟད་ཀྱང་གྲུབ་པ་མེད་པས་ཐ་དད་པར་འགྱུར་བ་མ་ཡིན་ནོ། །འགའ་ཞིག་རྒྱུ་འབྲས་ཀྱི་རྒྱུད་རྒྱུན་ཆགས་པ་ཉིད། གཞི་མ་བཅོས་པ་འབྲས་བུ་ཡིན་པ་ལས་གཞན་དུ་རྟོག་མོད། དེ་ལྟ་ན། རྒྱུན་ཆགས་པ་ཚིག་ཙམ་དུ་ཟད་དེ། གཞི་ལ་གཏན་མེད་པའི་འབྲས་བུ་བཟང་པོ་གསར་པ་ཞིག་བློ་བར་བཅངས་པས་སོ། །ཚུལ་དེ་འདྲ་བ་ནི་འཁོར་འདས་ཐ་དད་དུ་འབྱེད་པའི་རེ་དོགས་ཀྱི་དུག་མི་བཟད་པས་སྨྱོས་པ་ཡིན་པས། རིམ་པ་ལྟ་ཞོག རྫོགས་པའི་མིང་ཙམ་ཡང་ཁོང་དུ་མ་ཆུད་དེ། རྫོགས་པའི་དོན་ནི། ནིཥྤཉན། སྒྲུབ་པའམ། མ་བཅོས་པ་ཡིན་ནོ། །གཞི་མ་བཅོས་པ་ཉིད་ལས། ལམ་དང་འབྲས་བུ་གཞན་དུ་བཙལ་དགོས་པ་དེས་ནི་རྩ་རླུང་རགས་པ་ཙམ་དྭངས་པའི་རྟགས་སྣང་ཉམས་བན་བུན་རྫུ་འཕྲུལ་གྱི་མ་ཟུང་ཅི་ཆེ་ཡང་། གཞིའི་གནད་ཕྱིན་ཅི་མ་ལོག་པ་གཏན་ལ་འབེབས་ཚུལ་མཐར་ཐུག་པར་མི་འགྲོ་སྟེ། དེ་ཐམས་ཅད་རྟོག་པ་ཕྲ་རགས་སམ། དེའི་དབང་གིས་འབྱུང་བའི་བཅོས་མའི་སྦྱོར་བ་ཉིད་ལས་མ་འདས་པའི་ཕྱིར་རོ། །ཚུལ་དེ་ཙམ་ཞིག་ནི་མུ་སྟེགས་བྱེད་ལ་ཡང་ཡོད་དེ། སྔོན་པཎྜྻི་ཏ་སའི་སྙིང་པོས་རེས་འགའ་ཕྱི་རོལ་དག་གི་ནང་དུ་ཕྱིན། རེས་འགའ་སངས་རྒྱས་པ་དག་གི་ནང་དུ་འོངས་ནས། དེ་དག་གི་རྒྱུད་སྡེ་ལ་མངོན་པར་སྦྱངས་པས། ཁྱད་པར་ཅི་ཡང་མ་ཕྱེད་པ་ལ། རང་གི་གྲོགས་ཨ་ཏི་ཤས། སྟོང་པ་ཉིད་ཀྱི་རིམ་པ་ལས་ཡིན་ཞེས་རྣམ་པར་ཕྱེ་སྟེ་བཤད་པས་སའི་སྙིང་པོ་སློབ་མའི་མཆོག་ཏུ་གྱུར་པ་ལྟ་བུས་ཀྱང་ངེས་མོད། དེ་ལྟར་དབང་བཞི་པའི་ལམ་དུ་འགྲོ་བའི་སྟོང་པ་ཉིད་དེ་ཡང་། སེམས་དང་ཚོགས་པ་གཅིག་པའི་དྭངས་མའི་འབྱུང་བ་འཆིང་དགོས་ལ། དེ་ནི་མ་བཅོས་པ་ལས་གཞན་པས་འཆིང་མི་ནུས་ཏེ་བཅོས་མ་ཐམས་ཅད་འཁོར་བའི་འབྱུང་རིམ་ཉིད་ཡིན་པའི་ཕྱིར་རོ། འོ་ན། དྭངས་མའི་འབྱུང་བ་འཆིང་བ་ཇི་ལྟ་བུ་ཞེ་ན། སེམས་ལྷན་ཅིག་སྐྱེས་པའི་རང་འོད་འདུ་བྱེད་རླུང་གི་གཡོ་བ་ལས་དམར་ཆ་མེའི་དབང་གིས་ཡུལ་དུ་སྣང་བ་བྱུང་ཞིང་དེ་ལ་བལྟོས་ནས་དཀར་ཆ་ཆུ་བྱེད་པས་དེ་ལས་ཐ་དད་པའི་ཡུལ་ཅན་གྱི་ཞེན་པ་ཕྲ་བའི་བདག་ཏུ་འཛིན་པ་དང་། དེ་ལས་ས་གཙོ་བོར་གྱུར་པའི་རགས་སྣང་དག་འབྱུང་བ་ནི། འབྱུང་བའི་རིམ་པ་ཡིན་ལ། དེའི་དབང་གིས་ཐམས་ཅད་ཀྱི་རྩ་བ་སེམས་སུ་ངེས་ནས། སེམས་བཅིང་བ་ལ་འབད་པས་གཟུང་འཛིན་དང་བྲལ་བར་བྱས་ནས། དེའི་སེམས་ཀྱི་སྐད་ཅིག་ཅིག་གིས་འབྱུང་བའི་འགྲོས་སྒྲིབ་བྲལ་དུ་བྱས་པ་ལས། དེ་ཕྱིན་ཆད་ཐམས་ཅད་དེའི་ཡོ་ལང་དུ་འགྱུར་བ་ཡིན་ཞིང་། ཚུལ་དེས་རྩ་ཐམས་ཅད་དབུ་མ་དང་། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་། ཐིག་ལེ་ཐམས་ཅད་མི་ཤིགས་པའི་ཐིག་ལེར་འགྱུར་བ་ཡིན་ནོ།། །། གཉིས་པ་ལ། རླུང་མི་རྟོག་རྒྱ་ཡན་དུ་འཆིང་བ་དང་། སྣང་བ་ཐུག་ཕྲད་ལམ་དུ་ཁྱེར་བ་གཉིས་སོ། །དང་པོ་ནི། ལུས་སེམས་རྣལ་དུ་ཕབ། ངག་རླུང་མི་བཅིང་བར་རང་གར་བཞག སེམས་མཚན་མ་ལ་སོགས་པ་ཡིད་ལ་བྱེད་པས་ནི་འཁོར་བར་འཆིང་ལ། རང་དགར་གློད་དེ་བཞག་ན་གྲོལ་བར་འགྱུར་བ་སྟེ། སློབ་དཔོན་ཆེན་པོ་ཏོག་རྩེ་པས། རྟོག་པའི་དྲི་མས་དྲངས་པ་ཡིས། །རང་གི་སེམས་ནི་དྲི་ཅན་འགྱུར། །རྣམ་པར་མི་རྟོག་རང་བཞིན་གྱིས། །དྲི་མ་བྲལ་ཕྱིར་སངས་རྒྱས་ཉིད། ཅེས་གསུངས་སོ། །དེ་ལྟ་བུ་ཚུལ་ཡང་། འབྲས་བུ་ལ་རེ་བ་འཁོར་བ་ལ་དོགས་པ་མཉམ་པར་བྱ་བའི་དོན་ལ་རྩོལ་བའི་སེམས་དག་བཏང་ནས། ཅི་ཡང་མ་ཡིན་པའི་སེམས་རྣལ་མ་མ་བཅོས་པ་ལ་རྣལ་འབྱོར་དུ་བྱའོ། །དེ་ལྟར་བྱས་པས། སྐད་ཅིག་མ་གཅིག་གམ་གཉིས་ལ་སོགས་པར་གནས་པ་འབྱུང་ལ། དེ་ཡུན་རིང་བ་ཡོན་ཏན་དུ་མི་བལྟ། ཐུང་བ་སྐྱོན་དུ་མི་བལྟ་བར་བསྒོམས་པས་དུས་ཅི་ཞིག་ནས་ཤེས་པ་ནི་མར་མེའི་རྩེ་མོ་འམ། ཆུ་བོའི་རྒྱུན་བཞིན་འཁྲིལ་གྱིས་འགྲོ་འོང་ངོ་། །དེ་ཡང་རྗེ་ལོ་ཙཱ་བ་ཆེན་པོའི་ཞལ་སྔ་ནས། རྩ་བ་ཁྱིམ་ན་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བརྩོན་དུ་བཟུང་། །སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །ཅེས་པ་དང་། རྣལ་འབྱོར་དབང་ཕྱུག་གིས། སེམས་ཇི་བཞིན་བཞག་པ་མ་ལགས་པ། །གཉེན་པོས་བཅོས་སུ་མི་གདབ་ན། །ཞེས་གསུངས་པ་ཡིན་ནོ།། །། གཉིས་པ་ནི། སྣང་བ་གྲོགས་སུ་བྱ་བའི་ཚུལ་མིག་གིས་གཅེར་གྱིས་མཐོང་བའི་དུས་སུ་ཤེས་པ་སྔ་མ་ནི་འགགས། ཕྱི་མ་ནི་མ་བྱུང་བའི་བར་དུ་ཤེས་པ་བྱ་ལམ་བཞིན་དུ་རྒྱུ་བ་ཡང་མེད། སྤྲོས་པ་ཡང་མེད། མཉམ་པ་ཉིད་དུ་གནས་པ་དེ་ལ་མཉམ་པར་འཇོག་པའོ། །དེས་ནི་རྟོག་པའི་རྣམ་པར་སྣང་བ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དུ་རོ་མཉམ་པའི་ཏིང་ངེ་འཛིན་པར་འགྱུར་བ་ཡིན་ཏེ། སྣང་སྲིད་སེམས་ཀྱི་རང་བཞིན་ཤེས། །གཉེན་པོས་བཅོས་ཏེ་སྒོམ་དུ་མེད། །ཅེས་སོ། །དུག་ལྔ་རོ་སྙོམ་པ་ལ་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་གང་ཞིག་སྐྱེས་པའི་དུས་སུ་ཆེད་དུ་མི་དགག་པར་དེ་རང་ལ་བལྟས་པས་རོ་མཉམ་པར་འགྱུར་བ་ཡིན་ནོ། །ཤེས་པ་ལ་རྩལ་སྦྱོང་བ་ནི། མྱོང་བའི་རིག་པ་དེ་རང་ལ་བརྟགས་པས་ཕྱོགས་དང་ཆ་གང་དུ་ཡང་མི་གནས་པའི་སྟོང་ཉིད་སྤྲོས་བྲལ་དུ་འཆར་བ་ཡིན་ཏེ། ཕྱོགས་དང་ཆ་ལ་མི་གནས་ཤིང་། །སྤྲོས་བྲལ་ནམ་མཁའི་ཁྱིམ་དུ་ལྟོས། ཞེས་པས་སོ། །འབད་པ་མེད་པར་སྐུ་ལྔ་རང་རྫོགས་སུ་འགྱུར་པའི་ཐབས་ནི། ལུས་མ་བཅོས་པ། ངག་ཡན་པ། སེམས་བརྟེན་མི་འཆའ་བར་ཤེས་པ་གཉུག་མར་བཞག་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་ཡེངས་པ་མེད་པའི་ལྷན་ཅིག་སྐྱེས་པ་ནང་ནས་འཆར་རོ། །སེམས་ཀྱི་གནས་ལུགས་དྲན་དུ་མེད། །དེ་ཡང་མ་བཅོས་ངང་ལ་བཞག །ཅེས་གསུངས་པས་སོ། །གསུམ་པ་ནི། ཇི་སྐད་བཤད་པའི་བསྐྱེད་རྫོགས་ཀྱི་དམ་ཚིག་ལས་ཉིན་མཚན་དུ་མི་འདའ་བར་བསྒྲུབ་པ་རྒྱལ་བུ་གཞོན་ནུའི་སྤྱོད་པ་དང་པོའོ། །དེ་ལས་བདེ་སྟོང་གི་ཉམས་བཟང་པོ་སྐྱེས་ནས། རྣལ་འབྱོར་གྱི་ཚུལ་གསངས་ཏེ་དུར་ཁྲོད་དམ། གྲོང་དུ་རྒྱུས་པས་ཉམས་མྱོང་བརྟན་ནམ་མི་བརྟན་བལྟས་ལ། མི་བརྟན་ན་དབེན་པ་བསྟན་ཅིང་། བཟློག་ན་མངོན་ཤེས་དང་ནུས་པ་རྙེད་དུས་སྤྱོད་པ་གསང་སྤྱོད་དེ་གཉིས་པ། དེ་ནས་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་ཏེ། གདོལ་པ་དང་རིགས་ངན་གྱི་ཁྱིམ་དུ་ཡང་བགྲོད་ཅིང་། གླུ་དང་གར་ལ་སོགས་པས་གཟེངས་བསྟོད་དེ། མ་དད་པ་རྫུ་འཕྲུལ་གྱིས་བཟློག་ནས་ལྷན་ཅིག་སྐྱེས་པའི་ངང་དུ་གནས་པ་གོམས་པར་བྱའོ། །གསུམ་པའོ། །དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ཕྱོགས་དང་། ཆ་ཐམས་ཅད་ཟད་པའི་ཏིང་ངེ་འཛིན་ལ་ཞུགས་པས། ནམ་མཁའ་སྐམ་གཤེར་དང་བྲལ་བ་བཞིན་དུ་སེམས་དགེ་སྡིག་དང་བྲལ་བ་མཉམ་བཞག་ཆེན་པོའི་སྤྱོད་པ་སྟེ་བཞིར་བཞག་པ་ཡིན་ནོ། །བཞི་པ་ནི། གནས་སྐབས་ཐེག་པའི་འཇུག་སྒོ་དཔག་ཏུ་མེད་པ་ཉིད་ལས་སོ་སོའི་ལམ་འབྲས་ཀྱི་ཚུལ་རྣམས་རང་སར་ཇི་སྐད་བཤད་པ་བཞིན་ཡིན་ལ། མཐར་ཐུག་ངེས་པར་བླ་མེད་རྒྱུད་སྡེའི་སྙིང་པོ་དབང་བཞི་པའི་ལམ་དུ་ཐམས་ཅད་ཀྱང་བགྲོད་པ་གཅིག་པ་ཞེས་བྱ་སྟེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ཡིན་ལ། ཆོས་ཀྱི་ཕུང་པོ་ཇི་སྙེད་པ་ཡང་། །ཡེ་ཤེས་མངོན་དུ་བྱེད་པར་གཅིག་ལ། །ཡེ་ཤེས་དེ་ཡང་སེམས་ལས་གཞན་དུ་བཙལ་དུ་མེད་ཅིང་། དེ་འཚོལ་བའི་ཐབས་ཇི་སྙེད་ཅིག་ལས་འོང་ཀྱང་རུང་། བཅོས་པ་ཐམས་ཅད་གཟུང་འཛིན་གྱི་གཡོ་བས་དབང་བྱས་པ་ཉིད་དུ་ཟད་པས་གདུལ་བྱ་ཁ་དྲང་བའི་ཆེད་དུ་ཡིན་ལ། རྩ་བའི་ངེས་པ་མཐར་ཐུག་པ་ནི། མ་བཅོས་པ་ཉིད་ལས་གཞན་མེད་པས། མ་བཅོས་པའི་ལམ་འདིར་ནི། རྒྱལ་བའི་བསྟན་པ་ཐམས་ཅད་འདུས་པར་ཡང་ཤེས་པར་བྱའོ། །ལྔ་པ་ནི། བདེ་བ་ཆེན་པོ་གཅིག་པུ་ཉིད་ལ་གནས་སྐབས་ཀྱི་མཐོང་ཚུལ་ལས། ས་བཅུར་རྣམ་པར་ཕྱེ་བའི་དོན་གྱིས། དབང་བཞི་སོ་སོའི་ལམ་དུ་སའི་རྣམ་གཞག་དང་། དེ་བཞིན་དུ་རྒྱུད་སྡེ་འོག་མ་དང་། མཚན་ཉིད་ཀྱི་ཐེག་པ་དག་ཏུ་ཡང་བཞག་ལ། འདིར་ནི། མོས་པས་སྤྱོད་པ་མཐའ་དག་ནི་དེ་ཁོ་ན་ཉིད་ལ་སྤྲིན་ཕག་གི་ཉི་མ་ལ་རྟོག་པ་ལྟ་བུ་ཡིན་པའི་ཕྱིར་སྤྲིན་ལྟ་བུ་དང་། མ་དག་ས་བདུན་ཉོན་མོངས་པའི་ཡིད་ཀྱི་མ་དག་པས གཉིས་སྣང་གི་ཞེན་པ་ཕྲ་མོས་བསླད་པའི་ཕྱིར་སྒྱུ་མ་ལྟ་བུ་དང་། དག་ས་ནས་ནི་ལྷན་ཅིག་སྐྱེས་པའི་གཉིད་ཀྱིས་ལོག་པ་ལས་ཆོས་ཐམས་ཅད་དེའི་ངང་དུ་འཆར་བའི་ཕྱིར་རྨི་ལམ་ལྟ་བུ་དང་། །འབྲས་བུའི་ས་ནས་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པ་སངས་རྒྱས་པ་གཞིའི་གནས་ཚུལ་མངོན་དུ་གྱུར་པའི་ཕྱིར་གཉིད་སད་པ་ལྟ་བུར་ཤེས་པར་བྱའོ། །དེ་ཡང་། དང་པོ་སྤྲིན་དང་འདྲ་བ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞུང་ལས། ཅི་ཡང་མི་བསམ་བསམ་མི་ཁྱབ། བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་པའི་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་རོ། །ལྔ་པ་ནི། ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་མཐར་ཐུག་པའི་ཏིང་ངེ་འཛིན་འོད་གསལ་བའི་བདག་ཉིད་དུ་རིག་པས་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་མོད། དེ་ལྟ་ན་ཡང་། དེ་ཉིད་སྙིང་རྗེ་ཆེན་པོའི་རང་བཞིན་དང་ནམ་དུ་ཡང་མ་བྲལ་བས་ཞི་བ་ལ་མི་གནས་པར། གཉིད་ལོག་པ་ལས་སད་པ་ལྟ་བུར་མཚན་དང་དཔེ་བྱད་ཀྱི་རྣམ་པའི་མཆོག་ཐམས་ཅད་དང་ཡང་དག་པར་ལྡན་པའི་ཡེ་ཤེས་ཀྱི་སྐུ་ཟུང་དུ་འཇུག་པའི་མཚན་ཉིད་ཅན་གྱི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འདུས་མ་བྱས་པའི་དབྱིངས་ལས་མངོན་པར་བཞེང་པ་སྟེ་ཐོབ་པའི་དོན་དུ་གཟུང་ངོ་། །དེ་ཡང་གཞུང་ལས། གསལ་ལ་མི་རྟོག་རིག་པའི་སྐུ། །མི་གནས་མ་བྲལ་འདུས་མ་བྱས། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །བཅོམ་ལྡན་ཕྱག་རྡོར་མཚན་ཉིད་དོ། །ཞེས་བཤད་པའི་རྫོགས་པའི་རྣལ་འབྱོར་རོ། །གསང་ཆེན་ནམ་མཁའི་གར་མཁན་མདོངས་སྒྲོ་ཅན། །ཀུན་གྱི་རྣ་བར་འབབ་བའི་བདུད་རྩིའི་བཅུད། །དམ་ཆོས་འབྲུག་སྒྲ་སྒྲོགས་ལ་ལྷག་པར་ཡང་། །གྲགས་པ་གསལ་ལྡན་གྲུབ་པའི་སྤྲིན་སྔོན་གྱི། །རིང་ལུགས་ཆབ་རྒྱུན་འཐུངས་པ་པདྨ་དཀར། །ཚུལ་བཞིན་སྦྱངས་པའི་རྫིང་བུར་བག་ཕེབས་པས། །མི་ཟད་ཕྱོགས་ཀྱི་ཁོང་པ་ཇི་སྙེད་པ། །མན་ངག་དྲི་བསུང་ཞིམ་པོས་མངར་བྱས་སོ། །དེ་ཚེ་དོན་གཉེར་རྐང་དྲུག་མཛེས་ལྡན་མ། །འདུན་པའི་འཕུར་ལྡིང་ཕྱོགས་འདིར་བསྐྱོད་པ་ཡིས། །ངེས་དོན་ཟིལ་དངར་ཞིམ་པོ་མྱོང་ནས་སུ། །གྲུབ་པའི་ལང་ཚོ་ཅི་ཡང་འཕེལ་གྱུར་ཅིག །རས་ཆུང་ཞབས་ཀྱི་མན་ངག །དཔལ་ལྡན་འབྲུག་པའི་ཟབ་ཆོས། ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་འདི་ཡང་། བརྩེ་བའི་བློས་པདྨ་དཀར་པོས་གཞན་ལ། ཆོས་ཀྱི་སྦྱིན་པར་བྱས་པ་རེ་ཞིག་རྫོགས་སོ། །མངྒ་ལཾ།། །།

རྟེན་ཅན་གྱི་རྫོགས་རིམ།

རྟེན་ཅན་གྱི་རྫོགས་རིམ་བཞུགས་སོ། །མི་རྟོག་ནམ་མཁའི་དབྱིངས་གར་ཡང་། །རྣམ་ཀུན་སྤྲིན་གྱིས་འཁྱུད་གྱུར་པས། །ལྷན་སྐྱེས་འབྲུག་སྒྲའི་རོལ་མོ་བ། །གང་ལ་གུས་འདུད་གཙུག་ཕུད་ཅན། །རྣམ་དཔྱོད་སྒྲོ་མདངས་རྫོགས་གྱུར་པས། །ཆོས་ཀྱི་སྐྱེད་མོས་ཚལ་བཟང་བར། །སྒྲུབ་པའི་ལེགས་བཤད་ཟློས་གར་འདི། །ལྟ་འདོད་ཐམས་ཅད་བསགས་པས་རྒྱལ། །འདིར་རྡོ་རྗེ་གཏུམ་པོའི་ལྷ་ཁྲིད་དུ་གྲགས་པ་རྟེན་མེད་རྟེན་ཅན་གྱི་རྫོགས་རིམ་བཤད་པ་ལ་རྣམ་པ་གཉིས་ཏེ། རྟེན་མེད་ཀྱི་དྲན་པའི་རྩི་བཏང་བ། རྟེན་ཅན་ཤེས་བཞིན་གྱི་རྩལ་སྦྱོང་བའོ། །དང་པོ་ནི། རྒྱུད་ལས། རྟེན་མེད་རྣམ་དག་གསལ་བ་ཡིན། །ཞེས་པས། དང་པོ་བྱེད་པ་ལྔས་བཅིངས་ནས་ལུས་དག་པར་བྱེད་པ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག མཉམ་བཞག་གི་ཕྱག་རྒྱ་བཅའ། ལུས་མདའ་སྨྱུག་ལྟར་བསྲངས། ཨོལ་སྟོང་ཅུང་ཟད་ཨོག་སྒོས་མནན། མིག་འབྲས་ཡས་ཀྱི་པགས་པས་ཆ་གཉིས་བཀབ་ནས་ཟིམ་མེར་བལྟའོ། །དེ་དུས་ལུས་རྣལ་དུ་ཕེབས་པར་འགྱུར་རོ། །གཉིས་པ། རླུང་འགྲོ་འོང་གནས་པ་བརྟག་པས་རྩོལ་མེད་དུ་འགགས་པར་འགྱུར་རོ། །གསུམ་པ་སེམས་ཀྱིས་ཅིར་གཟུང་ཡང་འཁྲུལ་པ་ཡིན་པས། མི་འཛིན་རང་གི་ངང་ལ་མ་ཡེངས་ཙམ་བྱས་ཏེ་འདུག་པའོ། །དེ་ལ་མི་གནས་ན། ཡང་ཁ་ནང་དུ་བཀུག་སྟེ་བཞག་ལ། བྱིང་རྒོད་བྱུང་ན་སྔ་ནས་ཤེས་བཞིན་བྱ་ར་བར་བཞག་པ་དེས་སེལ་བར་བྱ་སྟེ། ཚུལ་འདིས་སེམས་ཀྱི་གླང་པོ་དྲན་ཤེས་ཀྱི་ཀ་བ་ལ་ཐོགས་པས། ཡུལ་སྣ་ཚོགས་ཀྱི་སྟེང་དུ་རྒྱུག་པ་ཞི་བས་ཞི་གནས་སོ། །གཉིས་པ་རྟེན་ཅན་ཤེས་བཞིན་གྱི་རྩལ་སྦྱངས་པ་ལ། སྟེང་གི་སྒོ་བཀག་ནས་སྟོང་པ་བདེ་བ་དང་སྦྱོར་བ། འོག་གི་འཛག་པ་བསྐྱིལ་ནས་བདེ་བ་སྟོང་པ་དང་སྦྱོར་བ། གནད་འབྱེད་པའི་སྒོ་ཕྱེ་ནས་ནམ་མཁའ་རྡོ་རྗེའི་གྲོང་ལ་འཇུག་པ་གསུམ་ལས། དང་པོ་ལ་གསུམ། རྩ་ཡོན་པོ་བྱེད་བཅིངས་ཀྱིས་བསྲང་བ། རླུང་ལོག་པ་རང་གནས་སུ་འགུགས་པ། ཁམས་ཁུ་བ་དྭངས་མར་སྦྱང་བ་གསུམ་ལས། དང་པོ་ནི། རང་ལུས་རྡོ་རྗེ་འཆང་སྟོང་རར་བལྟས་པའི་ལུས་ཀྱི་དབུས་ན་སྒྲ་གཅན་གྱི་རྩ་སྔོན་པོ་མདའ་སྨྱུག་ལྟར་དྲང་ངེ་འཁྱོག་མེད་པའི་གཡས་སུ་ཉི་མའི་རྩ་དམར་པོ་གཡོན་དུ་ཟླ་བའི་དཀར་པོ་འཁོར་ལོ་དྲུག་གི་ལྟེ་བར་འབྲེལ་ལ་དེ་གཉིས་ཀྱི་རྩེ་སྣ་སྒོར་དང་། རྩ་བ་ནོར་བུའི་བུ་གར་སླེབ་པ། དབུས་མ་གཙུག་ཏོར་གྱི་དབུས་དང་། ནོར་བུའི་བུ་གར་རོ། །རོ་རྐྱང་ལས་སྟེང་དུ་འདབ་མ་དྲུག་པ་རྟོག་པ་སད་པའི་འཁོར་ལོ་སྟེ་གཙུག་ཏོར་དེའི་འོག་དཔྲལ་བའི་ཐད་འདབ་མ་སུམ་ཅུ་རྩ་གཉིས་པ་ཐབས་ཀྱི་རང་བཞིན་ཐུར་བསྟན། མགྲིན་པར་བཅུ་དྲུག་པ་ཤེས་རབ་ཀྱི་རང་བཞིན་གྱེན་ལྟ། སྙིང་གར་བརྒྱད་ཐབས་དང་། ལྟེ་བར་དྲུག་ཅུ་རྩ་བཞི་པ་ཤེས་རབ། གསང་བར་འདབ་མ་དྲུག་པ་བདེ་འཛིན་གྱི་འཁོར་ལོ། ཐམས་ཅད་སྦུབས་ཅན་དུ་བསམ་མོ། །གཉིས་པ་ནི། སྣའི་སྒོ་ནས་ཉི་ཟླའི་རླུང་ནང་དུ་བརྔུབས་ཏེ་བདེ་འཛིན་དུ་བཀུག་ལ། དེ་ནས་འོག་འཐེན་པས་བསྐྱིལ་ཏེ། དབུ་མའི་ནང་ནས་འཁོར་ལོ་རྣམས་སུ་གཞུག་གོ །དེར་རྩ་རླུང་གི་གང་བས་གཉིས་སུ་མི་ཕྱེད་པར་བསྡམས་ཏེ་སེམས་བཞག་ལ་བརྟན་པར་བྱའོ། །གསུམ་པ་ནི། དེ་ནས་གཙུག་ཏོར་གྱི་དབུས་སུ་ཧཾ་དང་། བདེ་འཛིན་དུ་ཨ་ཤད་ཟླ་བ་དང་ཉི་མའི་རང་བཞིན་ཅན་གསལ་བཏབ། དང་པོར་རླུང་གིས་ཨ་ཤད་བསྐུལ་བས་དེ་ལས་མེ་འབར་ཏེ་ལུས་གང་རྩའི་བུ་ག་རྣམས་ནས་བྱུང་དེ་བ་སྤུའི་སྒོ་ནས་ཕྱིར་སོང་བས། སྣང་བ་འདི་ཐམས་ཅད་མེ་དཔུང་གི་རང་བཞིན་དུ་བལྟའོ། །མེ་དེས་དངོས་པོར་སྣང་བ་འདི་ཐམས་ཅད་སྦྱངས་པས་གཏུམ་མོ། །དེས་སྟོང་པ་ཉིད་གྲུབ་པ་ཡིན་ལ། དེ་ནས་དེ་བདེ་བ་ལ་སྦྱོར་བའི་ཕྱིར་མེའི་རེག་པས་ཧཾ་ལས་བདུད་རྩི་འཛགས་ཏེ་འཁོར་ལོ་རྣམས་གསོས་པས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་ཀྱི་བར་བསྐྱེད་པས་བྱོན་ནོ། །དེ་རྩོལ་བས་བཟློག་སྟེ། ལུས་ཐམས་ཅད་ལ་ཁྱབ་པར་བྱས་ན། གསེར་འགྱུར་རྩིས་ལྕགས་བཞིན་དུ་ཕལ་པའི་ལུས་དྭངས་མར་འགྲོ། དེ་ཡང་འཇས་མཚོན་པ་འཇའ་ལུས། དེས་མ་གྲུབ་ན། གཉིས་པ་འོག་གི་འཛག་པ་བསྐྱིལ་ནས་བདེ་བ་སྟོང་པ་དང་སྦྱོར་བ་ནི། དེ་ལྟར་བདེ་བ་ཆེན་པོ་སྐྱེས་འཛག་པར་དོགས་ན། དགྲ་དང་སྤྲད་དེ་འཛག་པ་འཆིང་བ། དགྲ་ནི་སྐྱེ་གནས། རྒྱུད་ལས་གསུངས་པ་ཡོངས་སུ་སྦྱངས་པའི་ཤེས་རབ་མ་དང་དབེན་པར་ལུས་ཟུངས་གསོ་བ་ལ་སོགས་པའི་ཆོ་ག་སྔོན་དུ་བཏང་ནས་འདོད་པ་ལྔ་བརྟེན་པར་བྱ་བའི་ཕྱི་མར་དེའི་རྩ་ནོར་བུར་བཅུག་ནས་རྗེས་སུ་ཆགས་པའི་སྦྱོར་བས་ཕན་ཚུན་གྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བས་ཕུང་པོ་ཁམས་ལ་ཁྱབ་པའི་དྭངས་མ་རྣམས་དང་། ཁྱད་པར་ཧཾ་ཡིག་གིས་སྤྲོས་པའི་ཁུ་བ་རོ་གཅིག་པ་དབུ་མར་འདུས་ཏེ་ནོར་བུའི་རྩེར་ལྷུང་བ་ནི། ཁུ་བ་ཡིན་ལ། དེས་བསྐྱེད་པ་ནི་བདེ་བ་ཞེས་བྱའོ། །བདེ་བ་དེའི་དུས་སུ་སྐྱེ་བོ་ཕལ་པ་ནི། བདེ་བ་དེ་ཉིད་ཀྱིས་རྨོངས་པར་བྱས་པས་བརྒྱལ་ཏེ་རི་མགོ་རྨུགས་པས་འཐུམ་པར་ཚུད་པ་ལྟ་བུ། རྣལ་འབྱོར་པ་ལ་ནི་ཡང་དག་པའི་དྲན་པས་དུས་དེ་ཀར་བདེ་བ་དེ་མ་འདྲེས་པ་རིག་པ་ནི་ཤེས་བཞིན་ཡིན་ལ། དེས་བདེ་བའི་ཚོར་བ་དག་པས། བདེ་བ་སྟོང་པ་དང་འབྱོར་པ་ཡིན་ནོ། །དེ་བྱུང་ན་རྟེན་མ་ཉམས་པས་བདེ་བ་ཆེར་འཕེལ་ལ། དེས་སྣང་བ་ཐམས་ཅད་ལ་བྱིན་གྱིས་བརླབ་བོ། །ལོབས་པ་དང་རྣལ་འབྱོར་པ་དེ་ལ་མེ་ལ་སོགས་པ་རེག་པ་ཐམས་ཅད་བདེ་བར་འཆར་རོ། །གསུམ་པ་གནད་འབྱེད་པའི་སྒོ་ཕྱེ་ནས་ནམ་མཁའ་རྡོ་རྗེའི་གྲོང་དུ་འཇུག་པ་ནི། འཇིག་རྟེན་དང་ལས་བྱོན་པའི་ཚུལ་མཐུན། ངོས་ཟིན་གྱི་བརྟན་པར་བྱེད་པས་དེ་དག་ལས་ཁྱད་པར་དུ་གྱུར་ཀྱང་ད་དུང་འཁོར་བ་ལས་མ་འཕགས་པས། སྙིང་གའི་མི་ཤིགས་པའི་ཐིག་ལེ་བསྒོམས་ནས། རྦ་རླབས་ལྟེམ། རགས་པ་དང་། ཕྲ་བ་སྣང་གསུམ་གྱི་འགྲོས་ཐིམ་པའི་མཐའི་འོད་གསལ་དམིགས་པ་ཉེ་བར་ཞི་བ་ལ་གནས་པར་བྱའོ། །ཡང་དེ་ལས་ལྡང་ན་སྔར་བཞིན་གྱི་བསྒོམ་པ་བསྟན་ལ་དེའི་མཐར་འདི་ལ་ཞུགས་པ་ཡང་དང་ཡང་དུ་བྱས་པས་ཀུན་རྫོབ་ཀྱི་སྣང་བ་ཟད་དེ་དོན་དམ་ཉག་གཅིག་ཏུ་འགྲོ། དེ་ལ་ནམ་མཁའ་རྡོ་རྗེའི་གྲོང་དུ་ཞུགས་པའམ། བྱང་ཆུབ་ཀྱི་སྙིང་པོར་ཕྱིན་པའམ། སྤྱི་སྐད་ལྟར་ན་སངས་རྒྱས་པ་ཞེས་བྱ་བ་ལ། སངས་རྒྱ་བར་བྱེད་པའི་ཆོས་ཀྱང་དེ་ཉིད་ལས་གཞན་དུ་མེད་དོ། །འགའ་ཞིག་སངས་རྒྱས་ལ་འགའ་ཞིག་སེམས་ཅན་དུ་ལུས་པ་ནི་མ་ཡིན་ཏེ། སངས་མ་རྒྱས་པ་ཞེས་བྱ་བ་ཞིག་དུས་དེར་སུས་ཀྱང་འགྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་སྐད་བརྗོད་ན་རང་སྣང་རགས་སུ་སོང་བ་ལས་གཞན་སྣང་གྲུབ་པ་རྨི་ལམ་ལྟ་བུ་ཡིན་པས་སོ། །རྗེ་རས་ཆུང་པའི་ཞལ་གྱི་གདམས་པ་བླ་མ་བརྒྱུད་པའི་སྙན་ནས་སྙན་དུ་འོངས་པ་པདྨ་དཀར་པོས་བརྗེད་བྱང་དུ་བཏབ་པའོ།། །།

དཔའ་བོ་འབྲུ་གཅིག་པའི་རྫོགས་རིམ།

དཔའ་བོ་འབྲུ་གཅིག་པའི་རྫོགས་རིམ་བཞུགས་སོ། །ཤེས་རབ་མཐིང་གཟུགས་རྗེས་ཆགས་གློག་དམར་གྱི། །ཚིགས་ཕྱོགས་འཕྲིན་ལས་གདངས་ཁྲས་ལྟོ་མཛེས་འབྲུག །འདུལ་ངོའི་འགྱིང་བརྐྱང་འཁྱོག་པོའི་ཆོ་འཕྲུལ་དང་། །ཆོས་དབྱངས་ཆེན་པོ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་གསང་བའི་དཔྱིད། །སྐལ་ལྡན་ས་ཧ་ཀ་རའི་སྡེར། །གཅིག་ཤེས་ཀུན་གྲོལ་མེ་ཏོག་བཟང་། །མངོན་སུམ་ཉིད་དུ་སྤྲོད་ལ་བྱོན། །འདིར་རྡོ་རྗེ་གཏུམ་པོའི་རྫོགས་རིམ་གཅིག་བསྟན་པས་ཀུན་ཤེས་པར་འགྱུར་བ། དཔའ་བོ་འབྲུ་གཅིག་པའི་སྒོམ་རིམ་བཤད་པ་ལ་རྣམ་པ་གསུམ་སྟེ། མངོན་དུ་བྱ་བ་གཞིའི་ཧཱུྃ། མངོན་དུ་བྱེད་པ་ལམ་གྱི་ཧཱུྃ། མངོན་དུ་བྱས་པ་འབྲས་བུའི་ཧཱུྃ་ངོ་། །དང་པོ་ནི། རིགས་དྲུག་ཧཱུྃ་གི་གཟུགས་སུ་ཤར། རིགས་དྲུག་ནི་རྒྱུད་དྲུག དེ་ལྟར་འཁྲུལ་པ་ཧཱུྃ་སྟེ། མ་རིག་པས་རྣམ་པར་ཤེས་པའི་ཁམས་བསླངས་པའོ། །དེས་སྐྱེ་ཤི་གནས་པའི་དུས་གསུམ་ཡང་། དེ་ལྟར་གྲུབ་སྟེ། རྣམ་པར་ཤེས་པས་ཁམས་དྲུག་བསྐྱེད་པས་སྐྱེ་ལ། དེ་དག་ཆ་སྙོམས་ན་གནས་ཤིང་། མ་སྙོམས་ན་འཆི་བས་སོ། །ཡང་། ཧཱུྃ་གི་གཞི་བཞིན་རྣམ་པར་དག རིག་པས་རྣམ་པར་ཤེས་པའི་རང་བཞིན་མཐོང་བས་གྲོལ་ཏེ། རྒྱལ་བ་རིགས་དྲུག་ཏུ་འཚང་རྒྱའོ། །གྲོལ་བ་ཡང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་པ་བཞིན། གཞི་ལ་འཁྲུལ་པ་གཏན་མི་དམིགས་པས་རང་བཞིན་གྱིས་དག་པའོ། །དེས། འཁོར་བ་རྒྱུད་དུ་འདོང་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་བྱའོ། །གཉིས་པ་ལ། སྦྱོང་བྱེད་དབྱིབས་ཀྱི་ཧཱུྃ། བརྗོད་པ་སྔགས་ཀྱི་ཧཱུྃ། མཉམ་བཞག་དོན་གྱི་ཧཱུྃ། རྗེས་གཅོད་རིག་པའི་ཧཱུྃ། བརྡལ་བ་ཆེན་པོའི་ཧཱུྃ་ལྔ་ལས། དང་པོ་ནི། རིགས་དྲུག་ས་བོན། ལུས་སེམས་གཉིས་མེད་པ་ཧཱུྃ་དུ་བལྟས། དེའི་ཞབས་ཀྱུ་སྦུབས་ཅན་གྱི་ནང་དུ། ཐོག་མ་མེད་པའི་བག་ཆགས་ཀྱི་བཞག་པའི་དམྱལ་བའི་ས་བོན་དུ། ཧའི་སྒྲོམ་དུ་ཡི་དྭགས་ཀྱི་པྲེ། མགོར་དུད་འགྲོའི་ཏྲི། ཟླ་ཚེས་སུ་མིའི་ནྲྀ། ཐིག་ལེར་ལྷ་མིན་གྱི་སུ། ནཱ་དའི་སྦུབས་སུ་ལྷའི་ཨ། དེ་ལས་འོད་ཟེར་སྤྲོས། བདག་གི་དམྱལ་བ་མྱོང་བར་འགྱུར་བའི་ལས་ཉོན་གྱི་ནུས་པ་ཐམས་ཅད་བསྡུས་དེ་ལ་བསྟིམ། རྣམ་པར་སྦྱོང་། ཧཱུྃ་བརྗོད་པའི་དུས་དེའི་འོག་ཏུ་ཧཱུྃ་གཅིག་ཞུགས། དེ་མེར་སོང་བས། ས་བོན་དེ་ཐུལ་གྱིས་བསྲེགས། དེ་བཞིན་ལྷག་མ་རྣམས་ལ་སྤྲོ་བསྡུ་བསྲེགས་པ་དེ་དུས་མེའི་རང་བཞིན་ཡིན་པས་གློག་གི་དབྱུག་པ་འདྲ་བ་ཞིག་ཏུ་སོང་བར་བལྟའོ། །སྐད་ཅིག་ཙམ་ཡང་སྒོམ་བྱེད་པ། །འབྲས་བུ་བླ་མེད་མྱུར་དུ་ཐོབ། །དེ་ནས་ནཱ་དའི་རྩེ་ལས་མེ་ལྕེ་ཐོན་ནས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་བདུད་རྩི་དཀར་ལྟེམ་ཞུ། མེ་དེས་བུང་བའི་མཆུས་མེ་ཏོག་གི་བཅུད་འཇིབས་པ་ལྟ་བུར་བདུད་རྩི་དྲངས་པ་ནཱ་ད་ནས་སོང་ཐིག་ལེ་གང་ཞིང་ཟླ་ཚེས་སུ་བབས། དེ་ནས་མགོ་ཁོག་པ། ཞབས་ཀྱུའི་མཐར་ཐུག་པ་གང་བར་བསམ་མོ། །ཐབས་ཤེས་རོ་མཉམ་དུ་བསྒོམ་པ་དེས་འབྲས་བུ་མྱུར་དུ་འགྲུབ་པའོ། །གཉིས་པ་ནི། ཐབས་དང་འབྲས་བུ་གཉིས་མེད་ཅིང་། རྣམ་གྲོལ་འབྲས་བུ་རྣམ་དག་པ། གཞི་འབྲས་དབྱེར་མེད་པ་ཐོབ་བྱ་རྡོ་རྗེའི་ཐེག་པ། ལམ་འབྲས་ལྷུན་གྲུབ་ཏུ་བསྒོམ་པ་གང་གི་བགྲོད་པའི་རྡོ་རྗེ་ཐེག་པ་ཡིན་པ། ཡི་གེ་འདི་ཡི་བྱེད་པ་སྟེ། ཞེས་པ། འཇུག་པའི་དུས་ནང་ལ། གནས་པའི་དུས་གཉིས་ཀ་ལ། འགྲོ་བའི་དུས་ཕྱིའི་རྣམ་པ་ལ་གཏད་དེ། དང་པོར་ཧཱུྃ་ཤུབ་བུར་རིང་བར་བགྲང་། དེ་ནས་ཧཱུྃ་ཧཱུྃ་ཞེས་ཏེ་མིག་འཛུམ་གྱི་ཡུན་དུ་བྱས་པ་སྐད་དང་བཅས་པ་བགྲང་། དེའི་དུས་སུ་དམིགས་གཞིའི་ཧཱུྃ་ལས་ཧཱུྃ་མཆེད་དེ། སྣང་ཡུལ་ཐམས་ཅད་ལྟེམ་ལྟེམ་གང་བར་བསམ་མོ། །སྲོད་ལ་རྡོ་རྗེ་སྲིན་པོའི་ང་རོ་ལྟར་ཤུགས་བཅས་དྲག་པོར་བགྲངས་ལ་དེ་དུས་ཧཱུྃ་ཐམས་ཅད་ལས་མེ་དཔུང་འཕྲོས་ཏེ་གདོན་བགེགས་གནོད་བྱེད་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསམ་ལ། སྣང་གྲག་རིགས་གསུམ་ཀ་ཧཱུྃ་དུ་རྫོགས་པར་བལྟའོ། །ཧཱུྃ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་འབྲས་བུ་ཕྱིས་སྒྲུབ་མི་དགོས་གསུངས་སོ། །དེས་ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ། ཅེས་སོ། །གསུམ་པ་མཉམ་བཞག་དོན་གྱི་ཧཱུྃ་ནི། ཡོན་ཏན་དཔལ་འབྱུང་ནམ་མཁའ་ཆེ། །དང་པོའི་སངས་རྒྱས་མངོན་དུ་བྱེད། །འདི་ལ་བརྗོད་པའི་དུས་ཧཱུྃ་རེ་ཡང་མིག་འཛུམ་སུམ་བཅུ་རྩ་གཉིས་ཙམ་གྱི་ཡུན་དུ་བྱ། དམིགས་པའི་དུས། སྣང་ཡུལ་གྱི་ཧཱུྃ་ཐམས་ཅད་གཞིའི་ཧཱུྃ་ལ། དེ་ཞབས་ཀྱུ་ལ། དེ་ཁོག་པ། མགོ ཟླ་ཚེས། ཐིག་ལེ། ནཱ་དའི་བར་དུ་མེ་ལོང་ལ་ཧས་བཏབ་པའི་དབུགས་ཐིམ་པ་ལྟ་བུར་བསྡུས། ནཱ་ད་ཡང་ཇེ་ཕྲ་སོགས་དམིགས་པ་ཉེ་བར་ཞི་བ་ལ་མཉམ་པར་བཞག་གོ །དེ་ལ་གནས་མ་ནུས་པ་དང་། ཡང་ནཱ་ད་དེ་ལས་ཐིག་ལེ་དེ་ནས་རིམ་པས་ཞབས་ཀྱུའི་བར་བསྐྱེད་ལ་སྔར་བཞིན་སྤྲོའོ། །དེ་ལྟར་ཡང་ཡང་དང་ཡང་དུ་བསྒོམས་པས་དུས་གསུམ་ལས་བྱུང་རྒྱུ་གཅིག་པུ། ཞེས་པ། །འདིས་འཛིན་པ་ཐམས་ཅད་སྦྱངས་པས། རྗེས་ལའང་སྣང་ཙམ་ལས་མི་འཆར། འདིས་སྦྱང་བའི་འཛིན་པ་དེ། སྒྲ་རྟོག་གི་ཡུལ་མིན། མངོན་སུམ་གྱི་གཟུང་བ་དེ་ཡིན། དེ་ལའང་དབང་པོའི་མངོན་སུམ་གྱི་གཟུང་བ་དང་། དེ་མ་ཐག་ཏུ་ཡིད་ཀྱི་མངོན་སུམ་འབྱུང་བའི་དེས་འཛིན་པ་གཉིས་ཀྱི་ཕྱི་མ་དག་པ་ཡིན་ཏེ། སྔ་མས་མཐོང་ལ། ཕྱི་མས་དེ་ལ་འཇུག་པ་ཡིན་པས། སྔ་མ་སྣང་ཙམ། ཕྱི་མ་ཞེན་པ། དེས་གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་ཞེས་པ་དང་། ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་སོ། སྔ་མ་ཡོད་ན་ཕྱི་མ་ངེས་པར་འབྱུང་བ་ཡིན་ཏེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་སོ་སྙམ་ན། དེ་ནི་འདིར་དང་པོ་སྣང་དུས་རང་དུ་རིག་པས། སྔ་མ་ལ་སྣང་དུས་སུ་སྦྱོང་མཁན་མེད་པས་སོ། །བཞི་པ་གཅོད་བྱེད་རིག་པའི་ཧཱུྃ་ནི། འདིར་འཛིན་པ་དེ་ལྟ་བུ་མེད་ལ་སྣང་ཙམ་ཞིག་ཡོད་པ། ཁམས་གསུམ་མ་ལུས་ཟ་ཞིང་བསྲེག །ཤིང་ལ་མེ་བཞིན་དེ་བཞིན་བྱ། །མཉམ་བཞག་དེ་ལྟར་ཡིན་ཀྱང་། རྗེས་སྣང་། ཚོགས་དྲུག་གང་ཤར་ལྷུག་པར་བཞག་པས། དེར་སྣང་ཁུངས་མེད་དུ་བརླག དེ་ཀ་སོ་སོའི་རང་བཞིན་ཡིན་པས། རྒྱལ་དབང་རྗེས། རྣམ་རྟོག་གི་རང་བཞིན་ཤེས་ཙ་ན། །གང་ཤར་འདི་ཆོས་སྐུར་ཁྲོ་ལོ་ལོ། །ཞེས་གསུངས་སོ། །དེ་ལྟར་མཉམ་བཞག་དང་རྗེས་ཐོབ་དེས་དག་པར་བྱས་པ་དེ་ཀ དེ་ནི་དཔའ་བོ་ཧཱུྃ་ཡིན་པས། །རྟག་ཏུ་ཧཱུྃ་དུ་གནས་པར་བྱ། །དེ་ཙ་ན་རྣལ་འབྱོར་པ་ལ་ཕྱིའི་འདུ་བྱེད་ཀྱི་འཇུག་པ་མེད་དེ་འགོག་པ་ལ་གནས་པས་སོ། །ལྔ་པ་བརྡལ་བ་ཆེན་པོའི་ཧཱུྃ་ནི། དེ་ལྟར་འགོག་པར་གྱུར་ན། གཞན་དོན་རྒྱུན་ཆད་པར་འགྱུར་རམ་ཞེ་ན་མི་འགྱུར་ཏོ། འདི་ནི་རྡོ་རྗེ་འཛིན་པའི་གསང་། ཕྱིའི་འདུ་བྱེད་འགགས་པའི་འགོག་པ་དེ་ཉིད་ལ་སྣང་བ་མེད་པའི་ཆ་གཅིག་ཡོད་དེ་རང་སའི་མཉམ་བཞག་མཚན་ཉིད་པ་ཡིན། ནམ་མཁའ་ཁྱབ་པར་སྟོན་མཛད་པ། ཏིང་ངེ་འཛིན་སྣང་བ་དང་བཅས་པའི་ཆ་གཅིག་ཀྱང་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཞིང་རབ་འབྱམས་སྣང་། དེ་ལ་རྩལ་སྦྱོང་དེ་ཡང་འོག་མིན་གྱི་ཞིང་ཞེས་ཐེག་པ་ཆེན་པོ་ལས་བཤད་པ་དེའོ། །གསུམ་པ་ལ་མངོན་དུ་བྱས་པའི་འབྲས་བུ་ནི། འདུས་མ་བྱས་པ་ཆེན་པོ་འཆང་། །ཕྱག་འཚལ་སྟོང་ཉིད་ཁྱོད་ཕྱག་འཚལ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །རང་དོན་ཕུན་སུམ་ཚོགས་པ། ཨེ་མ་ནམ་མཁའི་གཏེར་ཆེན་འདི། །རྟག་ཏུ་ལོངས་སྤྱོད་གཏེར་བྱེད་པ། །དཔལ་ལྡན་འབྱོར་ལྡན་རིན་ཆེན་ལ། །རྟག་ཏུ་གུས་པས་ཁྱོད་ལ་འདུད། །ཅེས་པ་གཞན་དོན་ཕུན་སུམ་ཚོགས་པའོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སློབ་དཔོན་ཙི་ལུ་པ་ལ་གསུངས་པ་རྫོགས་སོ། །དེ་ལྟ་བུའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་བརྗེད་བྱང་དུ་ངག་དབང་ནོར་བུས་སོ།། །།

མཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན།

མཻ་ཏྲི་པའི་སྙན་བརྒྱུད་ལས་ཚེ་དབང་རིག་འཛིན་སྒྲུབ་པའི་ཆོ་ག་བདུད་རྩིའི་བཅུད་ལེན་བཞུགས་སོ། །ཚེ་དབང་རིག་འཛིན་ལ་མོས་རིགས་བརྒྱའི་དབང་། །བདེ་སྐྱོང་བདུད་རྩིའི་གཟུགས་གསར་བྱིན་རླབས་ཀྱིས། །བརླབས་པར་མཛད་འདིས་འཆི་བའི་སྐབས་དགག་པ། །མུན་ལ་ཉི་མ་ཤར་འདྲར་ཕྱག་འཚལ་ལོ། །ལུགས་འདི་བསླུ་མེད་རས་ཆུང་གིས་གཟིགས་གཏམ། །ལྷོ་ཕྱོགས་རིགས་ལྡན་སྙན་དུ་ལྷུང་བའི་ཚུལ། །ཀུན་སྤངས་ཆོས་རྗེའི་ལྗགས་ཀྱི་རྩེར་བཏོན་པ། །དྲིལ་བཞིན་སྒྲོགས་འདི་པད་དཀར་འཆལ་བས་སོ།། ཚེ་ལ་དབང་བའི་རིག་པ་འཛིན་པ་བསྒྲུབ་པར་འདོད་པ་དག་ལ། རྩ་བའི་རྒྱུད་ལས། དུས་མིན་འཆི་བ་བླུ་བ་ལ། །ཡན་ལག་ཁ་ཊྶཱཾ་དག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར།། ཞེས་གསུངས་པའི་ཆོ་ག་ལ་བརྟེན་པར་བྱ་སྟེ། བསྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ཚུལ་གཉིས། དང་པོ་ནི། འཁོར་ལོ་སྡོམ་པའི་བསྙེན་པ་འཐེམས་པར་སོང་བས། སྐར་མ་རྒྱལ་ཡོད་པའི་ཡར་གྱི་ངོ་ནས་བརྩམས་ཏེ་གྲུབ་པའི་མཚན་མ་མཐོང་བའི་བར་དུའོ། །བཅས་ནི། སྡོམ་པ་འབྱུང་བ་ནས་གསུངས་པའི་ཀ་པཱ་ལ་མཚན་ལྡན་ཆང་བཟང་པོ་དང་འོ་མ་ཅུང་ཟད་བསྲེས་པ་མངར་གསུམ་དང་བདུད་རྩི་རིལ་བུ་བཏབ་པས་བཀང་། དེ་ལ་པྲ་བརྟག་པ་ནི། གཡས་ནས་བསྐོར་ཞིང་མདུན་དུ་འཁོར། །དཔྲལ་བའི་ངོས་སུ་བསྡུ་བ་ཡིས། །ཚོམ་བུ་ལྔ་ནི་བྱུང་གྱུར་ན། །རང་ལ་མཁའ་འགྲོ་མཉེས་པའི་རྟགས། །དབུས་སུ་བྱུང་ན་ཤིན་ཏུ་མཉེས། །སེ་སྒྲར་ལྡན་ན་སྔགས་འགྲུབ་བོ། །ཚོམ་བུ་རྣམས་ནི་ཕྱོགས་སུ་འཐོར། །སུམྦྷ་ནི་སོགས་བགེགས་བསྐྲད་བྱ། །ཞག་རྣམས་མཐར་འགྲོ་ལྦུ་བ་འཐོར། །བཀྲ་མི་ཤིས་པའི་རྟགས་ཡིན་པས། །བཤགས་པ་བྱ་ཞིང་སྲུང་འཁོར་བསྒོམ། །ཞག་དང་ལྦུ་བ་དབུས་སུ་འཁྲིག །ཤིན་ཏུ་བཟང་བས་དངོས་གྲུབ་བླངས། །ཞེས་པས་སོ། །དེར་དར་ལེ་བརྒན་གྱིས་དགབ། ཤར་དུ་ཞོ་དང་འོ་མ། ལྷོར་མར་ཁུ། ནུབ་ཏུ་བུར་སྦྲང་། བྱང་དུ་ཆང་། མཚམས་བཞིར་ཤིང་འབྲུ་སྣ་ཚོགས། གྲུ་བཞི་ལ་བཀྲ་ཤིས་ཀྱི་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་པོ་ཆེ་སྣ་བདུན་བཀོད། གཞི་གྲུ་བཞིའི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ལྟེ་བ་དང་བཅས་པའི་ཁར་མཉྫྱིའི་སྟེང་དུ་ཐོད་པའོ། །མཐའ་མཆོད་པས་བསྐོར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད། ཚད་མེད་བཞི་སྔོན་དུ་བཏང་ལ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་སྡོང་པོ་འདབ་མ་བརྒྱད་བྱས་པ། ལྟེ་བར་ཉི་གདན་ལ་སྲཱིཿདམར་པོ། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་བསལ། ཚེའི་གོ་འཕང་ལ་བཀོད། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བསྡུས། དེ་ལ་ཐིམ། ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཚེ་དཔག་ཏུ་མེད་པ་བྱི་རུའི་རི་བོ་ལྟ་བུ་མཚན་དཔེའི་དཔྱིད་ཀྱིས་བལྟ་བས་མཛེས་པ་ཉིན་མོར་བྱེད་པ་འབུམ་ཕྲག་གི་འོད་ཟེར་ཅན་ཞི་ཞིང་ཆགས་པའི་ཉམས་དུ་མས་སྒེག་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཉི་ལ་བཞུགས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃཿ སྙིང་གི་ཕུག་ཏུ་ཉི་མ་ལ་སྲཱིཿས་བོན་གྱིས་བསྐོར་བ་དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་པདྨ་གར་གྱི་དབང་ཕྱུག་ཆེན་པོས་ནམ་མཁའ་གང་བ་ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་གི་ལྷ་ཚོགས་སྤྱན་དྲངས་པ་རྣམས་ཀྱིས་བུམ་པས་མངོན་པར་དབང་བསྐུར་ལུས་གང་། དྲི་མ་དག ཆུའི་ལྷག་མ་གྱེན་དུ་ལུད་པ་ཟུར་ཕུད་ཀྱི་དབུས་སུ་འོད་དཔག་མེད་དུ་གྱུར། ཨོཾ་ཙཀྲ་སཾ་ཝ་ར་པདྨ་ཌཱ་ཀ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱཱ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་བཛྭ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བཛྭ་རཱ་ག་ར་ཏི། གང་གི་མཚན་ཙམ་བརྗོད་པས་ཀྱང་། །འཆི་བདག་བདུད་ཀྱི་སྡེ་འཇོམས་ཤིང་། །འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །སྦྱིན་མཛད་དེ་ལ་ཕྱག་འཚལ་ལོ། །དེ་ནས་སྔགས་བཟླ་བའི་དུས་སྔགས་གཟུངས་ཐག་ལ་འཁྲིལ་ཏེ་སོང་། སྒྲུབ་རྫས་རྣམས་ལ་ཐིམ་པར་སྦྱངས་ཐུགས་ཀའི་འོད་ཟེར་གྱི་རྩེ་ལ་ལྷ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་ནམ་མཁའ་ཁྱབ་པར་འཕྲོས། འཇིག་རྟེན་ན་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་སྟོབས་མངའ་ཐང་ཐམས་ཅད་དེ་དག་ལ་བསྟིམ་པར་བསམ་ཞིང་། འཆི་མེད་བྱེད་པའི་དངོས་གྲུབ་རྫས། །ས་ཆུ་མེ་རླུང་ནམ་མཁའི་བཅུད། །ཚེ་དང་བསོད་ནམས་རྒྱས་བྱེད་རྣམས། །ཨངྐུ་ཤ་ཛཿཧཱུྃ་བཾ་ཧོཿ ཤར་གྱི་ཕྱོགས་ནས་ཚེ་ཡི་ལྷ། །མི་འཁྲུགས་རྒྱལ་པོ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན། །ཨ། ལྷོ་ཡི་ཕྱོགས་ནས་ཚེ་ཡི་ལྷ། །རིན་འབྱུང་རྒྱལ་བ་ཐམས་ཅད་ཀྱི། །ནུབ་ཀྱི་ཕྱོགས་ནས་ཚེ་ཡི་ལྷ། །སྣང་མཐའ་རྒྱལ་བ་ཐམས་ཅད་ཀྱི། །བྱང་གི་ཕྱོགས་ནས་ཚེ་ཡི་ལྷ། །དོན་གྲུབ་རྒྱལ་བ་ཐམས་ཅད་ཀྱི། །སྟེང་འོག་མཚམས་ནས་ཚེ་ཡི་ལྷ། །གཟི་བརྗིད་རྒྱལ་པོ་ལ་སོགས་པའི། །ཞེས་དེ་དག་གི་སྐུ་གསུང་ཐུགས་ཡེ་ཤེས་བདུད་རྩི་ཐམས་ཅད་དེ་ལ་བསྟིམས་པས་མང་པོར་འཕེལ་བ་དང་། ལྷག་པར་རོ་བཅུད་ནུས་པ་ཐམས་ཅད་སྦར་བར་བསམ་མོ།། དེ་ནས་ཐུན་གྱི་མཐར་སྔར་གྱི་སྔགས་ཀྱི་མཇུག་ཏུ། བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་འབུལ། དགེ་བ་བསྔོ། དེ་ལྟ་བུས་སྒྲུབ་རྫས་རྣམས་འཕེལ་བ་དང་འོད་དང་ལྡན་པར་གྱུར་ན་གྲུབ་པའོ། །ཨོཾ་ཨཱཿཧཱུྃ་རཏྣ་སིདྡྷི་ཨ་ཡུ་པུཎྭ་ཀ་པཱ་ལ་སིདྡྷི་བྷྲཱུཾ་བྷྲཾཱུ་ཧཱུཾ་ཧཱུྃ། ཞེས་བཟླས་རྟེན་འབྲེལ་སྙིང་པོ་འདོན་པ་སྒྲུབ་སྔགས་སོ། །གཉིས་པ་ལ། ལུས་འཆི་མེད་དུ་བྱིན་གྱིས་བརླབ་པ། ངག་འཆི་མེད་དུ་བྱིན་གྱིས་བརླབ་པ། ཡིད་འཆི་མེད་དུ་བྱིན་གྱིས་བརླབ་པ་གསུམ་ལས། དང་པོ་ནི། རང་ལུས་ཐ་མལ་གྱི་སྣང་བ་ཁོ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དང་བཅས་པས། རྩ་ཡི་ཞིང་དུ་རླུང་གིས་ལམ་བསྟན་ཏེ། །ཁམས་ཀྱི་དྭངས་མས་སེམས་ཀྱི་སྒྲིབ་སྦྱངས་ནས། །ཡེ་ཤེས་འོད་ཀྱིས་མི་ཤེས་མུན་བསལ་ཏེ། །སྐུ་ཡི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས།། ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ། རྣམ་སྣང་གི་ཆོས་བདུན་བཅའ། ལུས་སྟོང་ར། འོག་རླུང་འཐེན། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་དཀར་ལ་དམར་བ་གདེངས་ཀ་ཆེ་བ་གྱེན་དང་རྩ་བ་ཕྲ་བ་ཐུར་བསྟན། དེའི་དབུས་སུ་རཾ་ལས་ཉི་མ་ཆེ་ཞིང་རྒྱས་པ། དེའི་སྟེང་དུ་སྲཱིཿདམར་པོ་མེའི་རང་བཞིན་གསལ་བཏབ། ལྟེ་བའི་འཁོར་ལོར་གཏུམ་མོ་ཡེ་ཤེས་མེ། །ཚེ་དང་འོད་ཀྱི་སྣང་བ་ཆེར་རྒྱས་པ། །གྱེན་དུ་འབར་ཞིང་དྲག་ཏུ་བསྐུལ་བ་ལས། །ལུས་ལ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ་པས། བླ་མའི་སྐུ་དང་དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་གཏུམ་མོའི་མེ་སྤྲོས་པ་དང་། རང་གི་སྲཱིཿདམ་ཚིག་པའི་མེ་རོ་གཅིག་ཏུ་འདྲེས་པ་ལས་རེག་བྱ་ཤིན་ཏུ་ཚ་བའི་མེ་ལྕེར་འབར་བས་རྩ་གཟུགས་འཆི་བདག་བདུད་བཞིའི་རྣམ་པར་ཡོད་པ་བསྲེགས་པ་དང་། མདུད་པ་ཐམས་ཅད་དབྲལ་ཏེ་ལུས་ཐམས་ཅད་གཏུམ་མོའི་མེའི་རང་བཞིན་འཇའ་འོད་དུ་གྱུར་པར་བསམ་པ་དང་བསྟུན། ཀ་པཱ་ལ་སྤྱི་བོར་བཞག་ནས། མཆོག་ཏུ་དགའ་བ་དགའ་བ་ཆེ། །ལྷན་ཅིག་སྐྱེས་དགའ་རྟག་དགའ་བ། །པདྨ་རྫོགས་སངས་རྒྱས་ཀྱི་སྐུའི། །དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག། ཅེས་པའི་མཐར། ཨོཾ་ཨཱ་ཡུ་པུཎྭེ་སིདྡྷི་ཨ་བྷི་ཥིཉྩྨ་ཨོཾ། གཉིས་པ་ནི། དེ་ནས། སྤྱི་བོའི་འཁོར་ལོར་ཧཾ་ཡིག་བདེ་བའི་རྒྱུན། །ཚེ་དང་འོད་ཀྱི་སྣང་བ་ཆེར་རྒྱས་པས། །ཐུར་དུ་འབབ་ཅིང་གྱེན་དུ་བརྟན་པ་ཡིས། །ངག་ལ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་ལྷ་ཚོགས་བདུད་རྩིར་ལྟེམ་གྱིས་ཞུ། སྣ་བུག་གཡས་ནས་རླུང་བུང་བའི་མཆུ་ལྟ་བུ་འཕྲོས་ཏེ་ཐོད་པའི་ནང་དུ་སོང་བས་བདུད་རྩི་དྲངས། སྣ་གཡོན་པའི་ནང་ནས་ཞུགས་ཏེ་སྤྱི་བོར་ཧཾ་ཡིག་བདུད་རྩི་འཛག་ལ་ཁད་པ་དགུ་ཡོད་པ་དང་འདྲེས། དེ་དག་དཀར་ཆིལ་ལི་ལི་ཞུ་ནས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་ལུས་ཐམས་ཅད་གང་བར་བསམ་ཞིང་སྟེང་རླུང་མནན་ཉེར་གཅིག་གིས་བདུད་རྩི་ལྷག་མ་ལུས་པར་བལྟའོ། །དེ་དུས་ཐོད་པ་མགྲིན་པར་བཞག སྔར་གྱི་ཚིག་གི་མཐར་ངག་ཅེས་དང་། སྔགས་ཀྱི་མཐར་ཨཱཿཞེས་འདོན་པ་བསྒྱུར་རོ། །གསུམ་པ་ནི། གསང་སྐྱིལ་བཅས། སྔོན་དུ། སྙིང་གའི་འཁོར་ལོར་ཟུང་འཇུག་ཡེ་ཤེས་དཔྱིད། །ཚེ་དང་འོད་གྱི་སྣང་བ་ཆེར་རྒྱས་པ། །འབར་ཞིང་འཛག་པ་གཉིས་མེད་རོ་མཉམ་པས། །ཡིད་ལ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ། རླུང་ཁ་སྦྱར་བུམ་པ་ཅན་འཛིན། ལྟེ་བར་ཚེའི་བུམ་པའི་ཁར་པདྨའི་སྡོང་པོ་ལ་ཚེ་དཔག་མེད་དམར་པོ་ཡུམ་ཅན། སྤྱི་བོར་བུམ་པའི་ཁར་པདྨའི་སྡོང་པོ་ལ་དཀར་པོ་ཡུམ་ཅན། དེ་ལས་དང་པོ་དམར་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བབས། བུམ་པའི་ནང་དུ་སོང་། དེ་གང་། ཆིལ་གྱིས་ལུད། དེས་མས་རིམ་གྱིས་སྙིང་གའི་བར་དུ་གང་། ཡང་དཀར་པོ་ཡབ་ཡུམ་སྙོམས་པར་ཞུགས། སྦྱོར་མཚམས་ནས་བདུད་རྩི་བབས། བུམ་པའི་ནང་དུ་སོང་། དེ་གང་། ཆིལ་གྱིས་ལུད། སྙིང་ག་ཡན་གང་། སྙིང་གའི་འཁོར་ལོར་དཀར་དམར་འཐབ་པའི་བདེ་བ་ལ་རྩེ་གཅིག་ཏུ་དབང་ཤེས་ཀྱི་འཇུག་པ་བསྡུས་ཏེ་མཉམ་པར་གཞག་པར་བྱའོ། །དེ་ནས། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བརྟེན་ནས། །བིལ་བ་སྟར་ཀ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །བཀྲ་ཤིས་ཀུན་གྱིས་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད། ཚེ་རྫས་ལོངས་སྤྱོད། བཀྲ་ཤིས་རྫས་སྣ་གཉིས་པོ་གཏད། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །སྐལ་ལྡན་རིགས་ཀྱི་བུ་ཡང་བདུད་བཞི་ལས། །རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་གྱུར་ཅིག། སྣ་བདུན་གཉིས་གཏད། ཇི་ལྟར་མི་དབང་འཁོར་ལོས་སྒྱུར་རྒྱལ་ནི། །རྒྱལ་སྲིད་སྣ་བདུན་ཚོགས་དང་ལྡན་པར་ལྟར། །སྐལ་ལྡན་རིགས་ཀྱི་བུ་ཡང་དེ་ལྟ་བུས། །འཇིག་རྟེན་ཐམས་ཅད་རྗེས་སུ་འཛིན་གྱུར་ཅིག། ཅེས་བརྗོད་ལ། རབ་བམ་རྒྱུན་གྱི་ཉམས་ལེན་ལ་བསམས་པ་ཙམ་གྱིས་འགྲུབ་བོ། །ཞེས་རྗེ་བཙུན་ཨ་ཝ་དྷཱུ་ཏི་པའི་གསུང་གི་གསང་བས་བརྒྱན་ཏེ། པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་ཆོས་འཁོར་རྡོ་རྗེའི་གདན་དུ་སྦྱར་བ་དགེ་ལེགས་དམ་པས་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་གུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱ་ཧཱ།། །།

ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ།

ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ་བཞུགས་སོ། །དཔལ་ནཱ་རོ་པ་ལ་ཕྱག་འཚལ་ལོ། །འདིར་གསང་སྤྱོད་ཟློག་སྒོམ་གྱི་གདམས་པ་ཟབ་མོ་འདི་ཉིད་འཆད་པར་བྱེད་པ་ལ༑ གནས་གང་དུ་འགྲོ་བ། དུས་ནམ་འགྲོ་བ། གང་ཟག་གང་གིས་འགྲོ་བ། སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་དང་རྣམ་པ་བཞིའི་ནང་ནས། དང་པོ་གནས་གང་དུ་འགྲོ་བ་དེ་སྟོན་པར་བྱེད་དེ། དེ་ཡང་རོ་སྙོམས་གཞུང་དུ། རི་བོ་དང་ནི་བཞི་མདོ་དང་། །ཤིང་གཅིག་ཆུ་འགྲམ་ཐང་ཆེན་དང་། །དེ་བཞིན་དབེན་པ་བས་མཐའ་དང་། །རི་བོའི་སུལ་དང་རྩེ་མོ་དང་། །པདྨའི་ཚལ་ནི་ཡིད་འོང་དང་། །རྫིང་བུ་ཆུ་ངོགས་ཡུལ་རྣམས་དང་། །ཚང་ཚིང་ཕུག་དང་རྒྱ་མཚོའི་འགྲམ། །གདོད་ནས་དག་པའི་དུར་ཁྲོད་ཆེ། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །སྔགས་པས་དེར་བསྒོམ་ཤིས་པར་མཛད། །ཅེས་པའི་གནས་དེ་རྣམས་སུ་འགྲོ་བར་བྱེད་པ་ཡིན་ནོ། །གཞན་ཡང་མི་མང་པོ་ཕུང་བའི་ཤུལ་དང་། གཡུལ་ངོ་ཆེན་པོ་སྤྲད་པའི་ས་དང་། འཇིག་རྟེན་གྱི་ལྷ་འདྲེ་གདུག་པ་ཅན་གནས་པའི་ས་དང་། མདོར་ན་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཉིན་མོའང་འགྲོ་མི་ནུས་ཤིང་འཇིགས་ཤིང་ཡ་ང་བའི་གནས་རྣམས་སུ་འགྲོ་བ་ཡིན་ནོ། །གཉིས་པ་དུས་ནམ་འགྲོ་བ་ནི། སཾ་བྷུ་ཊི་ལས། རྡོ་རྗེ་ཉི་མ་ནུབ་པ་དང་། །དེ་འོག་སྒྲུབ་པ་བརྩམ་པར་བྱ༑ །ཞེས་དང་། རོ་སྙོམས་གཞུང་དུ། མཚན་དུས་གསང་སྟེ་རྒྱུ་བར་བྱ། །ཞེས་གསུངས་པ་ལྟར། དགོངས་མོ་ཉི་མ་ནུབ་ནས། མི་ལ་སོགས་པ་གཞན་གྱིས་མ་ཚོར་བར་གསང་སྤྱོད་ཀྱི་གནས་དེར་འགྲོ །སང་སྔ་དྲོ་གཞན་གྱིས་མ་ཚོར་བར་རང་གི་གནས་སུ་ལོག་ཡོང་བར་བྱེད། མི་མེད་ལུང་སྟོང་ལ་སོགས་པ་ཡིན་ན་ཚར་ལྷོངས་མ་འགྲིག་བར་དེ་ཁར་སྡོད་པའོ། །གསུམ་པ་གང་ཟག་གང་གིས་འགྲོ་བ་ནི། རོ་སྙོམས་གཞུང་དུ། ཅུང་ཟད་དྲོད་ནི་ཐོབ་པ་དང་། །དེ་ནས་སྤྱོད་པ་བརྩམ་པར་བྱ། །ཞེས་གསུངས་པ་ལྟར། ཀུན་ཏུ་བཟང་པོའི་སྤྱོད་པ་མཐར་ཕྱིན་པ༑ མདོར་ན་སྣང་བ་སེམས་སུ་ཤེས་ཤིང་། ཕྱི་རོལ་དུ་ལྷ་འདྲེར་འཛིན་པ་དག་པའི་གང་ཟག་གཅིག་གིས་འགྲོ་བ་ཡིན་ནོ། །བཞི་པ་སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་ལ། སྔོན་དུ་འགྲོ་བ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྱད་པར། དངོས་གཞི་སྟོང་ཉིད་ཀྱི་ཟློག་སྒོམ་གྱིས་བདག་འཛིན་རྩད་གཅོད་པ། རྗེས་སྙིང་རྗེའི་ཟློག་སྒོམ་གྱིས་ལྷ་འདྲེ་གདུལ་བྱརསྡུད་པ་དང་རྣམ་པ་གསུམ་ཡོད་པ་ལས༑ དང་པོ་སྔོན་དུ་འགྲོ་བ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྱད་པར་དེ་སྟོན་པར་བྱེད་དེ། དེ་ལ་གོས་སུ་ཅི་བགོ་བ། རྒྱན་དུ་ཅི་བཏགས་པ། ཟས་སུ་ཅི་ཟ་བ། གྲོགས་སུ་གང་བཀྲི་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བླ་མ་ལ་ལུས་ཕུལ་ཏེ་གསོལ་བ་བཏབ་པ། ཡི་དམ་ལྷ་ལ་དབང་བསྐུར་ཞུ་བ་དང་རྣམ་པ་བདུན་ཡོད་པ་ལས། དང་པོ་གོས་སུ་ཅི་བ་གོ་བ་ནི། རོ་སྙོམས་གཞུང་དུ། རོ་ཡི་གོས་ནི་བ་གོ་བྱ་ཞིང་། །རོ་ཡི་ཐལ་བའང་བགོ་བར་བྱ། །འཛིན་པ་མེད་པའི་སེམས་ཀྱིས་སུ། །ཁ་དོག་བཅོས་མའི་རས་རྙིང་བགོ ཞེས་གསུངས་པ་ལྟར། རོའི་གོས་གྱོན་པ་དང་། རོ་བསྲེགས་པའི་ཐལ་བ་ལུས་ལ་བྱུག་པ་དང་། ཁ་དོག་བཅོས་མའི་རས་ནག་པོ་དང་། རྙིང་པ་ལ་སོགས་པ་དང་། མདོར་ན་གཞན་གྱིས་ཕྲོགས་ཀྱང་ཆགས་པ་མི་སྐྱེ་བའི་གོས་སྲུལ་པོ་སོགས་གྱོན་པའོ། །གཉིས་པ་རྒྱན་དུ་ཅི་བཏགས་པ་ནི། གཞུང་དུ། གུ་ཛ་ན་ལ་སོགས་པ་ཡི། །འབྲས་བུའི་འཕྲེང་སོགས་ཀྱིས་བརྒྱན་བྱ། །ཞེས་གསུངས་པ་ལྟར། ཤིང་གུ་ཛ་ན་ལ་སོགས་པའི་འབྲས་བུའི་འཕྲེང་བས་རྒྱན་བྱེད་པ་སྟེ། མདོར་ན་ཤིང་གི་འབྲས་བུའི་རྒྱན་བྱེད་པའོ། །འདིར་ཤིང་གི་འབྲས་བུའི་རྒྱན་བྱེད་པ་ནི། རུས་རྒྱན་གྱི་དོད་པོ་སྟེ། དགོས་པ་དཔའ་བོ་མཁའ་འགྲོ་དང་སྐལ་བ་མཉམ་པའོ། གསུམ་པ་ཟས་སུ་ཅི་ཟ་བ་ནི། །གཞུང་དུ། བཟའ་བ་མི་འཆི་བཅུ་ཕྱེད་དོ། །ཞེས་གསུངས་པ་ལྟར། ཟས་སུ་ཤ་ལྔ་དང་༑ སྐོམ་དུ་བདུད་རྩི་ལྔ་སྟེན་པར་བྱེད་དོ། །དེའི་དགོས་པ་ནི་མི་འཆི་བ་སྟེ། འཆི་མེད་ཚེའི་རིག་འཛིན་བརྙེས་པའོ། །ཤ་ལྔ་དང་བདུད་རྩི་ལྔ་མ་འབྱོར་ན་ལས་སུ་ཐུག་ཕྲད་གང་བྱུང་ཚད་ཟ་བའོ༑ །བཞི་པ་གྲོགས་སུ་གང་བཀྲི་བ་ནི། གཞུང་དུ། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །རང་གི་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེ་བུ་མོ་འདི་ཁྱེར་ནས། །བརཏལ་ཞུགས་ཅན་གྱིས་སྤྱོད་པ་བྱ། །ཞེས་གསུངས་པ་ལྟར། ཆགས་ལམ་པ་ཡིན་ན། ལས་རྒྱ་དང་འགྲོགས་ནས་འགྲོ། གྲོལ་ལམ་པ་ཡིན་ན་སྟོང་ཉིད་ཀྱི་ཉམས་བཟང་པོ་དང་འགྲོགས་ནས་འགྲོ་བར་བྱེད་དོ། །ལྔ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གཞུང་དུ། སེམས་ཅན་རྗེས་སུ་བཟུང་བྱའི་ཕྱིར། བློ་དང་ལྡན་པས་རྒྱུ་བར་བྱ། ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གསང་སྤྱོད་ཟློག་སྒོམ་གྱི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དྲུག་པ་བླ་མ་ལ་ལུས་ཕུལ་ཏེ་གསོལ་བ་བཏབ་པ་ནི། གཞུང་དུ། འཇམ་པའི་རྡོ་རྗེས་བདག་དབང་བསྐུར། །ཞེས་གསུངས་པ་ལྟར། རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ། དེའི་དབུ་ཐོག་ནས་ཡར་གསང་སྤྱོད་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་ཀྱིས་བཞུགས་པར་བསམ། དེ་དག་ལ་རང་གི་ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དང་། ཁྱད་པར་དུ་རང་གི་ལུས་འདི་ཉིད་ལྟོས་མེད་དུ་ཕུལ་ཏེ། །བདག་གིས་གསང་བའི་སྤྱོད་པ་སྤྱད་པར་བྱའོ་སྙམ་པའི་སྒོ་ནས་ངག་ཏུ། སྤྱིི་གཙུག་ཉི་ཟླའི་གདན་སྟེང་དུ། །ཞེས་སོགས་གསང་སྤྱོད་བརྒྱུད་རིམ་གྱི་གསོལ་འདེབས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུ། ཕུར་ཚུགས་སུ་ལེགས་པར་བཏབ་པས། བླ་མ་གོང་མ་གོང་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། །བདུན་པ་ཡི་དམ་ལྷ་ལ་དབང་བསྐུར་ཞུབ་ནི། སྐད་ཅིག་གིས་རྩ་བའི་བླ་མ་དེ་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩིའི་རྒྱུན་བབས་རང་གི་སྤྱི་བོ་གང་། བུམ་པའི་དབང་ཐོབ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་བའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག མགྲིན་པ་ཡན་ཆད་གང་། གསང་བའི་དབང་ཐོབ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་༑ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་མ་ལུས་པ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག མཐར་ལུས་ཐམས་ཅད་གང་། བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་མ་ལུས་པ་དག ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་སུམ་དུ་སྒྲིག མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པ་ལ་མཉམ་པར་བཞག་དེས་སྔོན་དུ་འགྲོ་བ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྱད་པར་དེ་སོང་ནས། །གཉིས་པ་དངོས་གཞི་སྟོང་ཉིད་ཀྱི་ཟློག་སྒོམ་གྱིས་བདག་འཛིན་རྩད་ནས་གཅད་པ་དེ་སྟོན་པར་བྱེད་དེ། དེ་ལ་སྤྲོས་བཅས་སྤྲོས་མེད༑ ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་གསུམ་ཡོད་པ་ལས། དང་པོ་སྤྲོས་བཅས་ནི། གཞུང་དུ། བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཞེས་གསུངས་པ་ལྟར། རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༑ ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པ། སྐུ་སྟོད་ཀྱིས་གཟུགས་ཁམས་ཡན་ཆད་ཁྱབ་པ། སྐུ་སྨད་ཀྱིས་འདོད་པའི་ཁམས་ཐམས་ཅད་ཁྱབ་པ། དེའི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོའི་སྐུའི་ཚོགས་དཔག་ཏུ་མེད་པ་མེ་སྟག་གི་སྐྱེ་ཚུལ་དུ་འཕྲོ་བ་ཤིན་ཏུ་ནས་ཀྱང་འཇིགས་སུ་རུང་བ་གཅིག་གསལ་བཏབ། གསང་སྤྱོད་ཀྱི་གནས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་འཇིགས་ཤིང་། སྡུག་བསྔལ་གྱི་སྐད་ངན་སྣ་ཚོགས་འདོན་ཅིང་ཕྱོགས་བཅུར་འབྲོས་པར་བརྩམས་པ་ན། ཡེ་ཤེས་ཀྱི་མེ་དང་རྡོ་རྗེའི་ར་བ་རྣམས་ཀྱིས་བསྐོར་ནས། དེ་དག་གིས་འབྲོས་མི་ཐུབ་པར་རང་ཉིད་ཀྱི་མདུན་དུ་ལྷ་འདྲེ་དེ་དག་ཏིལ་འབྲུའམ། ཡུངས་འབྲུ་ཙམ་དུ་གནས་ཤིང་༑ འདར་ཕྲིལ་ལི་ལི་ཡོད་པར་བསམ། འགྲོ་བའི་དུས་སུ་ལུས་ཀྱི་གར་སྟབས་དང་། ངག་ཏུ་ཧཱུྃ་ཧཱུྃ་ཕཊཿཕཊཿཀྱི་སྒྲ་དང་བཅས་པས་གསང་སྤྱོད་ཀྱི་གནས་དེར་འགྲོ་བར་བྱེད། དེར་སླེབ་པ་དང་སྤྲོས་བཅས་ཀྱི་སྤྲོས་པ་ཐང་མ་ཆད་ཀྱི་བར་དུ་བྱེད་དོ། །གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ་ནི། ལྟ་བ་བདེན་འཛིན་དང་བྲལ་བ། སྒོམ་པ་ཡིད་ལ་མི་བྱེད་པ། སྤྱོད་པ་རོ་སྙོམས་ནུས་པ༑ འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པའོ། །དེ་ཡང་གཞུང་དུ། ཤིན་ཏུ་མཉམ་གཞག་རབ་བསྒོམས་ནས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། ལྟ་བ་བདེན་འཛིན་དང་བྲལ་བ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་བདེན་འཛིན་ཞིག་པ་སྟེ། སྣང་བ་སེམས་སུ་ཤེས་པའོ། །སྒོམ་པ་ཡིད་ལ་མི་བྱེད་པ་ནི། དུས་གསུམ་གྱི་སྤྲོས་པ་ཐམས་ཅད་སེམས་མ་བཅོས་པར་རང་བབས་སུ་འཇོག་པའོ། །སྤྱོད་པ་རོ་སྙོམས་ནུས་པ་ནི། བཟང་རྟོག་ངན་རྟོག་ཅི་བྱུང་ཡང་མ་སྤངས་པར་དེ་ཁའི་ངང་ལ་མཉམ་པར་འཇོག་པའོ། །འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པ་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་མི་བྱེད། མར་ངན་སོང་དུ་ལྷུངས་ཀྱི་དོགས་པ་མི་བྱེད་པར་སེམས་མ་བཅོས་པར་མཉམ་པར་འཇོག་པའོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། དེ་ནས་གཉིད་ཆོག་ལ་ཁད་བྱུང་བ་དང་། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོ་ནས་ཡར་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་བ་གཅིག་རྒྱང་སྟེ་ཐོན་པར་བསམ་སྟེ། ངག་ཏུ་ཕཊཿཅེས་བརྗོད། ཡང་ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མ་དེ་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ། རང་གི་མདུན་དུ་ཐོད་པའི་སྒྱེད་བུ་རང་བྱུང་དུ་བྱུང་བར་བསམ༑ ཡང་ཕཊཿཅེས་བརྗོད་པས། རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ཐོད་པ་བཅད་ནས་སྒྱེད་བུའི་སྟེང་དུ་གཞག དེ་ཡང་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་དང་མཉམ་པར་བསམ། ཡང་ཕཊཿཅེས་བརྗོད་པས། རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་དེ་རྩེན་བླངས་ནས་ཐོད་པའི་ནང་དུ་སྤུངས་ཏེ་རུབ་ཀྱིས་གཏུབས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་པས་བདུད་རྩིར་བྱིན་གྱིས་བརླབས་ནས། ཡང་ཕཊཿཅེས་བརྗོད་པས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དང་། ཡང་ཕཊཿཅེས་བརྗོད་པས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དང་། ཡང་ཕཊཿཅེས་བརྗོད་པས། གཞི་བདག་དེས་གཙོས་པའི་ལྷ་འདྲེ་ཐམས་ཅད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མདོར་ན་གནོད་བྱེད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ཡང་ཕཊཿཅེས་བརྗོད་པས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་གིས་མདུན་དུ་ཡི་དམ་གྱི་རྣམ་པར་ཁྲ་ཕུང་གིས་བྱོན་པར་བསམ་ཞིང་། དེ་དག་གིས་བདུད་རྩི་གསོལ་བས་ཚིམ་ཞིང་མཉེས་པར་བསམ་མོ། །ཡང་ཕཊ་ཅེས་བརྗོད་པས༑ མཆོད་པའི་ཡུལ་དེ་དག་དང་། མཆོད་པའི་རྫས་དང་། མཆོད་པ་པོ་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །དེ་ནས་དམ་བཅའ་བཞི་པོ་འདི་དག་བྱ་སྟེ། སྟེང་ནས་ཐོག་བྱུང་ངམ། འོག་ནས་མཚོ་རྡོལ་ལམ། གཡས་ནས་རི་ཉིལ་ལམ། གཡོན་ནས་བྲག་རལ་ལམ། ཅི་བྱུང་ཡང་ད་གནས་འདིར་གསང་སྤྱོད་མཐར་མ་ཕྱིན་གྱི་བར་ལ་ལུས་འགུལ་བསྐྱོད་བྱེད་རེ་ཞེས་ཡིད་ཀྱི་དམ་བཅའ་དྲག་པོ་བྱེད་པའོ། །དེ་ལྟར་བྱས་པས་ལྷ་འདྲེ་རྣམས་ལ་གོས་ཀྱི་ཐུ་བ་རྡོས་མནན་པ་བཞིན་སོང་ནས་ཚར་ལྷོངས་མྱུར་དུ་འགྲིག་པའོ། །ཡང་དཀར་འགྱེད་ནི༑ ཕཊཿཅེས་བརྗོད་པས། རང་གི་སེམས་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་བ་གཅིག་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་རྒྱངས་ཏེ་ཐོན་པར་བསམ་ཞིང་། ཡང་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ༑ ཡང་། ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ཐོད་པ་བཅད་ནས་མདུན་དུ་གཞག་ཅིང་། ཐོད་པ་དེ་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་མཉམ་པར་བསམ་མོ། །དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་དེ་ཉིད་རྩེ་ན་བླངས་ཏེ། རིན་པོ་ཆེའི་སྣོད་ཀྱི་ནང་དུ་འོ་མར་བྱིན་གྱིས་བརླབས་ནས་གནོད་བྱེད་ཀྱིས་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་བྱིན་པས། ལྷ་འདྲེ་དེ་དག་གིས་འཐུངས་ཤིང་ཁྲུས་བྱས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་དག་ནས། ལུས་སེམས་བདེ་བས་ཚིམ་པར་བསམ་མོ། །དམར་འགྱེད་ནི། གཞན་གོང་དང་འདྲ་བ་ལས། རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ཐོད་པ་བཅད་ནས་མདུན་དུ་རང་བྱུང་གི་སྒྱེད་བུའི་སྟེང་དུ་གཞག་ཅིང་། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་མཉམ་པ་གཅིག་བསམ་མོ། །དེ་ནས་ཡང་ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་དེ་ཉིད་རྩེན་བླངས་ཏེ། ཐོད་པའི་ནང་དུ་སྤུངས་ཏེ་གཏུབས་ནས་ཁྲག་ཏུ་དམར་ཉོག་སྟེ་སོང་བར་བསམ། དེ་ནས་དཀར་ལ་མི་དགའ་ཞིང་། དམར་ལ་དགའ་བའི་གནོད་བྱེད་ཀྱི་ལྷ་འདྲེས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པས། ལྷ་འདྲེ་དེ་དག་གིས་འཐུངས་ཤིང་ངོམས་པར་བྱས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་ཐམས་ཅད་ཞི་ནས། ལུས་སེམས་བདེ་བས་ཚིམ་པར་བསམ་མོ། །དེ་ནས་ཡང་ཕཊཿཅེས་བརྗོད་པས། གནོད་བྱེད་ཀྱི་ལྷ་འདྲེས་གཙོས་པའི་ལྷ་འདྲེ་དེ་དག་དང་། ཐོད་པའི་ནང་གི་རྫས་དང་། རང་ཉིད་ཀྱི་རྣམ་པར་ཤེས་པ་གསུམ་ག་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །སྤྲང་སྟོན་ནི། ཡང་ཕཊཿཅེས་བརྗོད་པས། རང་གི་སེམས་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་པ་གཅིག་སྤྱི་བོ་ཚངས་པའི་བུག་ནས་ཡར་རྒྱངས་ཏེ་ཐོན་ཞིང་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ། ཡང་ཕཊཿཅེས་བརྗོད་པས་རྡོ་རྗེ་རྣལ་འབྱོར་མའི་གྲི་གུག་གིས་རང་གི་ལུས་གཤགས་ནས༑ པགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། དེའི་ཁུད་དུ་ཤ་དང་རུས་པ་རྣམས་གཏུབས་ཏེ། ཁྲག་དང་སྦགས་ཏེ་ཆེ་ཐོབ་ཆུང་ཐོབ་མཉམ་པ་རིས་མེད་དུ་གནོད་བྱེད་ཀྱི་ལྷ་འདྲེས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པས། ལྷ་འདྲེ་དེ་དག་ཐམས་ཅད་ངོམས་ཤིང་དགའ་བར་བྱས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་ཐམས་ཅད་ཞི་ནས། ལུས་སེམས་བདེ་བས་ཚིམ་པར་བསམ་མོ། །དེ་ནས་ཡང་ཕཊཿཅེས་བརྗོད་པས། གནོད་བྱེད་ཀྱིས་གཙོས་པའི་ལྷ་འདྲེ་དེ་དག་དང་། ཐོད་པའི་ནང་གི་རྫས་དང་། རང་ཉིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་གསུམ་ག་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །ཡང་སྤུས་འདོད་དུ་གཏོང་ན་ཕཊཿཅེས་བརྗོད་པས༑ རང་གི་རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་ཚོན་གང་པ་གཅིག་སྤྱི་བོ་ཚངས་པའི་བུ་ག་ནས་རྒྱངས་ཏེ་ཐོན་ཞིང་ཇེ་ཆེ་ཇེ་ཆེ་ལ་སོང་བར་བསམ། ཡང་ཕཊཿཅེས་བརྗོད་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྐད་ཅིག་ལ་འདུས་པར་བསམ། ཡང་ཕཊཿཅེས་བརྗོད་པས་རྣལ་འབྱོར་མའི་གྲི་གུག་གིས་རང་གི་མགོ་བོ་བཅད་ནས་ལྷན་ཅིག་སྐྱེས་པའི་འདྲེ་ལ་སྦྱིན། སྙིང་གནོད་བྱེད་ཀྱི་འདྲེ་ལ་སྦྱིན། དེ་ནས་དོན་སྙིང་ལྔ་འདོད་པ་ལ་དོན་སྙིང་ལྔ་སྦྱིན། དབང་པོ་ལྔ་འདོད་པ་ལ་དབང་པོ་ལྔ་སྦྱིན། པགས་པ་འདོད་པ་ལ་པགས་པ་སྦྱིན། ཁྲག་འདོད་པ་ལ་ཁྲག་སྦྱིན། ཤ་འདོད་པ་ལ་ཤ་སྦྱིན། ཚིལ་འདོད་པ་ལ་ཚིལ་སྦྱིན། རུས་པ་འདོད་པ་ལ་རུས་པ་སྦྱིན། ཡན་ལག་འདོད་པ་ལ་ཡན་ལག་སྦྱིན། དེ་ནས་ཡང་ཕཊཿཅེས་བརྗོད་པས། གནོད་བྱེད་ཀྱི་ལྷ་འདྲེ་དེས་གཙོ་བྱས་པའི་ལྷ་འདྲེ་དེ་དག་དང་། རང་གི་ལུས་དང་། རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་གསུམ་ག་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་གོ །དེ་ལས་འཕྲོས་པ་སྲིད་པ་གསུམ་གྱི་ངོ་སྤྲོད་བྱ་བ་ལ། སྟེང་ལྷའི་སྲིད་པ་ནི། རང་ཉིད་ལྷ་ཡུལ་སུམ་ཅུ་རྩ་གསུམ་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ནས། དེ་ལ་ལྷའི་བུ་དང་བུ་མོ་ལ་སོགས་པ་ལྷ་དབང་སུམ་ཅུ་རྩ་གསུམ་གྱིས་གཡས་ནས་མཆོད་པ་དཔག་ཏུ་མེད་པ་ཕུལ་བ་དེ་ལ་དགའ་བ་སྐྱེའམ་མི་སྐྱེ་ལྟ། དགའ་བ་སྐྱེ་འདུག་ན་དེ་ལ་སྐྱེ་རྒྱུ་ཅི་ཡོད རང་གི་སེམས་ཀྱིས་བྱས་བ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། ཡང་དེ་དག་སྐད་ཅིག་གིས་བདུད་དང་སྲིན་པོར་གྱུར་ནས་རང་ཉིད་ལ་མི་སྙན་པ་སྣ་ཚོགས་བརྗོད་ཅིང་རྡེག་བཙོག་སྣ་ཚོགས་བྱས་པར་བསམ་ལ། མི་དགའ་བའི་བློ་སྐྱེའམ་མི་སྐྱེ་ལྟ། སྐྱེ་ན་དེ་ལ་མི་དགའ་བའི་བློ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། བར་མིའི་སྲིད་པ་ནི། ཡང་རང་ཉིད་མི་ཡུལ་དུ་མིའི་རྒྱལ་པོ་སྟོང་འཁོར་ལོས་སྒྱུར་པའི་རྒྱལ་པོར་གྱུར་ནས། དེ་ལ་གཡས་ནས་མིའི་བུ་དང་བུ་མོ་སྣ་ཚོགས་པས་རྙེད་པ་དང་བཀུར་སྟི་དཔག་ཏུ་མེད་པ་ཕུལ་བར་བསམས་ལ། དེ་ལ་དགའ་བ་སྐྱེའམ་མི་སྐྱེ་ལྟ། དགའ་བ་སྐྱེ་འདུག་ན་དེ་ལ་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། ཡང་དེ་དག་སྐད་ཅིག་གིས་བདུད་དང་སྲིན་པོར་གྱུར་ནས། རང་ཉིད་ལ་མི་སྙན་པ་སྣ་ཚོགས་བརྗོད་ཅིང་རྡེག་བཙོག་སྣ་ཚོགས་བྱས་པར་བསམས་ལ། མི་དགའ་བའི་བློ་སྐྱེ་འམ་མི་སྐྱེ་ལྟ༑ སྐྱེ་ན་དེ་ལ་མི་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱི་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། འོག་ཀླུའི་སྲིད་པ་ནི། ཡང་རང་ཉིད་ཀླུ་ཡུལ་དུ་ཀླུའི་རྒྱལ་པོར་གྱུར་ནས། དེ་ལ་ཀླུའི་བུ་དང་བུ་མོ་མང་པོས་གཡས་ནས་མཆོད་པ་ལ་སོགས་པ་དཔག་ཏུ་མེད་པ་བྱས་པར་བསམས་ལ། དེ་ལ་དགའ་བ་སྐྱེའམ་མི་སྐྱེ་ལྟ། དགའ་བ་སྐྱེ་ན་དེ་ལ་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་བ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། ཡང་དེ་དག་སྐད་ཅིག་གིས་བདུད་དང་སྲིན་པོར་གྱུར་ནས། རང་ཉིད་ལ་མི་སྙན་པ་སྣ་ཚོགས༑ བརྗོད་ཅིང་རྡེག་བཙོག་སྣ་ཚོགས་བྱས་པར་བསམས་ལ། མི་དགའ་བའི་བློ་སྐྱེ་འམ་མི་སྐྱེ་ལྟ། སྐྱེ་ན་དེ་ལ་མི་དགའ་བ་སྐྱེ་རྒྱུ་ཅི་ཡོད། རང་གི་སེམས་ཀྱིས་བྱས་པ་མ་གཏོགས་དོན་ལ་གྲུབ་པ་མེད་པ་སེམས་ཀྱིས་ཐག་བཅད། དེ་ནས་རང་ཉིད་ལ་དངོས་སུ་གཞན་གྱིས་བསྟོད་པ་དང་བསྙེན་བཀུར་ལ་སོགས་པ་བྱས་པ་ལ་དགའ་བའི་བློ་སྐྱེའམ་མི་སྐྱེ་ལྟ། དགའ་བའི་བློ་སྐྱེ་ན་དེ་ལ་དགའ་བའི་བློ་སྐྱེ་རྒྱུ་ཅི་ཡོད། མེད་བཞིན་དུ་སྣང་བ། དོན་ལ་གྲུབ་པ་མེད་པ་ཡིན་མོད་སྙམ་དུ་སེམས་ཀྱིས་ཐག་བཅད། ཡང་རང་ཉིད་ལ་གཞན་གྱིས་དངོས་སུ་མི་སྙན་པ་སྣ་ཚོགས་བརྗོད་ཅིང་རྡེག་གཙོག་སྣ་ཚོགས་བྱེད་པ་དང་། འཕྲོག་འཇོམ་ལ་སོགས་བྱས་པ་ལ་མི་དགའ་བའི་བློ་སྐྱེ་འམ་མི་སྐྱེ་ལྟ། མི་དགའ་བའི་བློ་སྐྱེ་ན་དེ་ལ་མི་དགའ་བའི་བློ་སྐྱེ་རྒྱུ་ཅི་ཡོད། མེད་བཞིན་དུ་སྣང་བ༑ དོན་ལ་གྲུབ་པ་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་མོད་སྙམ་དུ་སེམས་ཀྱིས་ཐག་བཅད། མདོར་ན་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ཏེ་ཉམས་སུ་བླང་བར་བྱ་བ་ཡིན་ནོ། དེས་དངོས་གཞི་སྟོང་ཉིད་ཀྱི་ཟློག་སྒོམ་གྱིས་བདག་འཛིན་རྩད་བཅད་པ་དེ་སོང་ནས། །གསུམ་པ་རྗེས་སྙིང་རྗེའི་ཟློག་སྒོམ་གྱིས་ལྷ་འདྲེ་གདུལ་བྱར་སྡུད་པ་དེ་སྟོན་པར་བྱེད་དེ། དེ་ལ་ཞལ་གདམས་དང་། སྙིང་རྗེའི་ཟློག་སྒོམ་གཉིས་ལས། དང་པོ་ཞལ་གདམས་ལ། ལྷོངས་ཚད། ཚར་ཚད། རྗེས་འཛིན། ལྷོངས་ཚད་འདྲ་བའི་ཚར་ཚད། ཚར་ཚད་འདྲ་བའི་ལྷོངས་ཚད། གཉིས་ཀ་འདྲ་བའི་བག་ཆགས་དང་དྲུག་ཡོད་པ་ལས། དང་པོ་ལྷོངས་ཚད་ལ་དངོས་སུ་ལྷོངས་པ་དང་། ཉམས་སྣང་དུ་ལྷོངས་པ་དང་། རྨི་ལམ་དུ་ལྷོངས་པ་གསུམ་ལས། དང་པོ་དངོས་སུ་ལྷོངས་པ་ལ། ལུས་ཐོག་ཏུ་ལྷོངས་པ་དང་། སེམས་ཐོག་ཏུ་ལྷོངས་པ་གཉིས་ལས། དང་པོ་ལུས་ཐོག་ཏུ་དངོས་སུ་ལྷོངས་པ་ནི། གསང་སྤྱོད་ལ་ཕྱིན་པ་ན། གསང་སྤྱོད་ཀྱི་གནས་དེར་ལྷ་འདྲེས་གཟུགས་དངོས་སུ་སྟོན་པ་དང་། གཟུགས་མེད་པའི་ལག་པ་རྐྱོང་བ་དང་། ལྷ་འདྲེའི་དམག་གིས་བསྐོར་བ་དང་། བཤུགས་སྐད་འཚེར་བ་དང་། ལུས་སྤུ་ཟིང་བྱེད་པ་དང་༑ ལུས་ལ་བློ་བུར་དུ་ན་ཚ་དྲག་པོ་བྱུང་བ་སོགས་ལུས་ཐོག་ཏུ་ལྷོངས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་ནོ། །གཉིས་པ་སེམས་ཐོག་ཏུ་དངོས་སུ་ལྷོངས་པ་ནི། སེམས་ལ་བྱིང་རྒོད་རྨུགས་གསུམ་གྱི་སྐྱོན་དང་། གནོད་པ་དང་། སེམས་མི་དགའ་བ་དང་། བླ་མ་ལ་ལོག་ལྟ་སྐྱེ་བ་དང་། དགེ་སྦྱོར་བྱེད་སྙིང་མི་འདོད་པ་ལ་སོགས་མང་དུ་བྱུང་བ་ཡིན་ནོ། །གཉིས་པ་ཉམས་སྣང་དུ་ལྷོངས་པ་ནི། ཉམས་སྣང་དུ་དེ་དག་འབྱུང་བ་ཡིན་ནོ། །གསུམ་པ་རྨི་ལམ་དུ་ལྷོངས་པ་ནི། རྨི་ལམ་དུ་གོང་དུ་ཤར་བ་དེ་དག་འབྱུང་བ་ཡིན་ནོ། །གཉིས་པ་ཚར་ཚད་ནི། གསང་སྤྱོད་བྱེད་པའི་གནས་དེའི་ལྷ་འདྲེས་གཙོས་པའི་ལྷ་འདྲེ་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་། གུས་པ་དང་། དད་པ་དང་། ལོངས་སྤྱོད་ལ་སོགས་པའི་མཐུན་རྐྱེན་སྒྲུབ་པ་དང་། དེ་དག་གི་ཤུགས་ཀྱིས་མི་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་པ་འབྱུང་བ་ཡིན་ནོ། །གསུམ་པ་རྗེས་འཛིན་ནི་འོག་ཏུ་འབྱུང་ངོ་། །བཞི་པ་ལྷོང་ཚད་འདྲ་བའི་ཚར་ཚད་ནི། གསང་སྤྱོད་ལ་ཕྱིན་པ་ན་ལུས་ལ་ན་ཚ་དྲག་པོ་ལ་སོགས་པ་བྱུང་བ་དང་། དེ་ལ་དམིགས་ནས་དགེ་སྦྱོར་བྱས་པ་ན། སྦར་བས་དགེ་སྤྱོར་འཕེལ་ཞིང་བོགས་ཐོན་པ་འབྱུང་བ་ཡིན་པས་ན། ལྷོངས་ཚད་འདྲ་བའི་ཚར་ཚད་ཡིན་ཏེ། རྣམ་པ་ལུས་ལ་ན་ཚ་བྱུང་བས་ལྷོངས་ཚད་འདྲའང་། དེ་ལ་དམིགས་ནས་དགེ་སྦྱོར་འཕེལ་ཞིང་བོགས་ཐོན་པ་འབྱུང་བས་ངོ་བོ་ཚར་ཚད་ཡིན་ནོ། །ལྔ་པ་ཚར་ཚད་འདྲ་བའི་ལྷོངས་ཚད་ནི། གསང་སྤྱོད་ཀྱི་སར་བདུད་ཀྱི་ཆོ་འཕྲུལ་གྱིས་བླ་མ་དང་ཡི་དམ་གྱི་གཟུགས་སུ་བྱས་ནས་ལུང་སྟོན་པ་ལ་སོགས་པ་འབྱུང་བ་ནི། ཚར་ཚད་འདྲ་བའི་ལྷོངས་ཚད་ཡིན་ཏེ། བླ་མ་དང་ཡི་དམ་གྱིས་ལུང་སྟོན་པ་ནི་ཚར་ཚད་འདྲའང་། བདུད་ཀྱི་ཆོ་འཕྲུལ་གྱིས་བླ་མ་དང་ཡི་དམ་གྱི་གཟུགས་སུ་བྱས་ནས་ལུང་སྟོན་པ་ལ་སོགས་པ་ནི། ལྷོངས་ཚད་ཡིན་པས་ན། འདྲ་བ་ནི་ཚར་ཚད་འདྲ་སྟེ། ལྷོངས་ཚད་ཡིན་ནོ༑ །དྲུག་པ་གཉིས་ཀ་འདྲ་བའི་བག་ཆགས་ནི། ཉིན་མོ་ཟ་མ་སྟེར་མཁན་བྱུང་བ་དང་། ཉིན་མོ་གཞན་དང་འཁྲུག་པ་བྱས་པ་ལ་སོགས་པ་རྣམས་མཚན་མོ་རྨི་ལམ་དུ་འབྱུང་བ་རྣམས་དང་། མཚན་མོ་རྨི་ལམ་དུ་དེ་ལྟར་བྱུང་བ་རྣམས་ནི་ལྷོངས་ཚད་དང་ཚར་ཚད་གཉིས་ཀ་མ་ཡིན་ཏེ། གཉིས་ཀ་འདྲ་བའི་བག་ཆགས་ཡིན་ནོ། །ཞལ་གདམས་སོང་ནས༑ གཉིས་པ་རྗེས་སྙིང་རྗེའི་ཟློག་སྒོམ་དེ་སྟོན་པར་བྱེད་དེ། དེ་ལ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་གསུམ་ལས། དང་པོ་སྤྲོས་བཅས་དེ་སྟོན་པར་བྱེད་དེ༑ དེའང་རྨི་ལམ་དུ་གསང་སྤྱོད་བྱེད་པའི་གནས་དེའི་གཞི་བདག་གིས་གཙོས་པའི་ལྷ་འདྲེ་རྣམས་ཡུལ་ཐོན་འགྲོ་བ་དང་། ངུ་གཅོམ་ཆེན་པོ་ལ་སོགས་པ་བྱུང་ན། རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་སྟོད་ཀྱིས་གཟུགས་ཁམས་ཡན་ཆད་ཁྱབ་པ། སྐུ་སྨད་ཀྱིས་འདོད་ཁམས་མན་ཆད་ཁྱབ་པ། ཞི་ཞིང་འཛུམ་པ་དང་ལྡན་པ། མཐོང་བ་ཙམ་གྱིས་ལྷ་འདྲེ་དེ་དག་གི་བསམ་ངན་གདུག་རྩུབ་ཐམས་ཅད་ཞི་བར་ནུས་པ་གཅིག་ཏུ་བསམ་ནས། དེའི་ཕྱག་གི་མཐིལ་ནས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བབས་པས། ལྷ་འདྲེ་དེ་དག་གིས་ཁྲུས་བྱས་པས། ལྷ་འདྲེ་དེ་དག་གི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་བསམ་ངན་གདུག་རྩུབ་ཐམས་ཅད་ཞི་ནས། ལུས་སེམས་བདེ་བ་ཕུན་སུམ་ཚོགས་པས་ཁྱབ་པར་བསམ་པའོ། །དེས་སྤྲོས་བཅས་དེ་སོང་ནས། །གཉིས་པ་སྤྲོས་མེད་དེ་སྟོན་པར་བྱེད་དེ། དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པར་བྱེད་པ་ཡིན་པས་ན། དེ་ལ་གསང་སྤྱོད་བྱེད་པའི་གནས་དེའི་གཞི་བདག་དེས་གཙོས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་སྙམ་པའི་བློ་བཅོས་མ་མ་ཡིན་པ་སྒོམ་པར་བྱེད་པ་ནི་བྱམས་པ་སྒོམ་པའོ། །དེ་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་སྙམ་པའི་བློ་བཅོས་མ་མ་ཡིན་པ་སྒོམ་པར་བྱེད་པ་ནི་སྙིང་རྗེ་སྒོམ་པའོ། །དེ་དག་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་ཞིང་། དེའི་ཆེད་དུ་བདག་གིས་གསང་བའི་སྤྱོད་པ་མཐར་ཕྱིན་པ་སྤྱད་པར་བྱའོ་སྙམ་པའི་བློ་བཅོས་མ་མ་ཡིན་པ་སྒོམ་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་སྒོམ་པའོ། །དེས་སྤྲོས་མེད་དེ་སོང་ནས། གསུམ་པ་ཤིན་ཏུ་སྤྲོས་མེད་དེ་སྟོན་པར་བྱེད་དེ། དེ་ནི་ལྷ་འདྲེ་དང་རང་ཉིད་གཉིས་ཀ་མི་དམིགས་ཤིང་། མདོར་ན་ཆོས་ཐམས་ཅད་མི་དམིགས་པ་ཉིད་དེ་ཆོས་ཀྱི་སྐུའི་ངང་ལ་མཉམ་པར་འཇོག་པའོ། །དེ་ལས་ལངས་ནས། རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་སྨོན་ལམ་རྣམ་པར་དག་པ་འདེབས་པར་བྱེད་པ་ཡིན་ནོ། །ནཱ་རོ་གསང་སྤྱོད་ཀྱི་དམིགས་རིམ་འདི་ཉིད། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས་སྦྱར་བའོ།།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བ་བཞུགས་སོ། །ལྟ་བའི་ཡར་ཚེས་ཟླ་ནགས་སུ། །སྒོམ་པའི་རི་དྭགས་བཅིང་བའི་སླད། །སྤྱོད་པའི་འོད་དཀར་སྒྲོ་ལྡན་རྣམས། །མི་ཟད་ནམ་མཁའི་ཕ་མཐར་བཏང་། །དེ་འདྲའི་རྔོན་ལ་ཆགས་སྟོན་པའི། །འཇམ་དབྱངས་འཕགས་པ་ལྷའམ་ཀླུའི། །རྟོག་འོངས་དམ་པའི་རྒྱ་ནང་དུ། །གཉིས་འཐུང་འཁོར་བའི་ཚོགས་ནས་གར། །དེ་ཡིས་ལབ་པའི་རེ་ཁཱ་ལས། །ཡིད་སྲུབས་རྩེ་དགས་རྨོངས་པའི་སྒྲོན། །བརྒལ་བས་སྒྱུ་མའི་གར་མཁན་པོ། །དགའ་བ་རྒྱས་པའི་ལག་རྩེར་བླངས། །ཤེས་རབ་ཉི་འོད་དེ་འཐུང་ལ། །དགའ་བྱེད་པདྨ་དཀར་པོའི་གྲོགས། །སྦྱངས་སྟོབས་ཧ་ནུ་མན་དའི་རླུང་། །མི་ཤེས་ནམ་མཁའི་སྤྲིན་གཏོར་འོངས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བ་འདི་གང་ལས་བྱུང་བའི་ཁུངས་དང་། དངོས་སོ། །དང་པོ་ནི། སྟོན་པས་འཇམ་དབྱངས་ལ། དེས་བྲམ་ཟེ་ཨཱརྻ་དེ་བ་ལ། དེས་དམ་པ་རྒྱ་གར་བ་ལ། དེས་ལབ་ཀྱི་སྒྲོན་མ་ལ། དེས་གངས་ཅན་གྱི་རྒྱུད་འདི་ཁའི་ཉི་འོག་ལྷོ་ཡི་རྒྱལ་ཁམས་ཆེན་པོ། བཀྲ་ཤིས་པ་མཐོང་ཚད་སྨོན་པའི་འཕྲུལ་གྱི་གཙུག་ལག་ཁང་ངོགས་སུ་ཆགས་པའི་རྩེ། གང་གིས་བྱིན་གྱིས་རློབ་པའི་དུས། རྡོ་རྗེ་བཙུན་མོ་པདྨའི་སྣོད་དུ་བརྫུས་ནས་འོངས་པ། དམ་ཚིག་གི་བཏུང་བས་བཀང་བ་ཡོད་པའི་ཚོགས་ཀྱི་དཀྱིལ་འཁོར་དུ། རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཆོག་རྣམས་ལ་དངོས་དང་། དམངས་མས་ཀྱང་བྱ་རྒོད་ཀྱི་གཟུགས་གྲངས་དེ་སྙེད་འདུས་ནས་དགའ་སྟོན་བགྱིད་པ་མངོན་སུམ་དུ་མཐོང་བས་བྱ་རྒོད་ཕུང་པོའི་རི་ཞེས་ཕྱིས་གྲགས་པར་གྱུར་པའི་བསམ་གཏན་གྱི་ཁང་པར་ཁོ་བོའི་རྗེ་བཙུན་སྒྱུ་མའི་གར་མཁན་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་སྐྱོང་བའི་དྲུང་དུ། མཛེས་སྡུག་གི་རི་མོ་རྫོགས་པས་ཡིད་དུ་འོང་བ་ཐམས་ཅད་ཀྱི་མཐར་ཐུག་པར་བྱས་པའི་བུ་མོ་ཞིག་ཏུ་མཛད་དེ་བྱོན། །ཁོ་མོ་ནི་ལབ་ཀྱི་སྒྲོན་མའོ་ཞེས་གསུང་པ་གསན་པས་མི་ཕྱེད་པའི་དད་པས་མྱོས་པ་ན། དེ་ན་རེ། རིགས་ཀྱི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་ན་འདི་ལྟར་བསླབ་པར་བྱ་སྟེ། དབྱིངས་དང་རིག་པ་བསྲེས་ན་རྡོ་རྗེ་ལྟ་བུར་འགྱུར། །ཕུང་པོ་གཟན་དུ་བསྐྱུར་ན་སྒྱུ་མའི་ཀློང་དུ་འབྱམས། །གཟུང་འཛིན་སྙེམས་ཐག་བཅད་ན་དཔའ་བར་འགྲོ་སྟེ་མཆི། །དམ་པ་རྒྱ་གར་བས་ཁོ་མོ་ལ་བསྟན་པ་ནི་ཚིག་གསུམ་པོ་འདི་ཙམ་སྟེ། འདིས་ཁོ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་ཡོངས་སུ་ཞུགས་པ་ཡིན་ནོ། །ཞེས་གསུངས་པའི་མཐར་སྙོམས་པར་འཇུག་པས་བྱིན་གྱིས་བརླབས་ཏེ་གཉིས་སུ་མེད་པར་ཐིམ་མོ། །རྗེ་བཙུན་དེས་ཀྱང་འདིའི་སྣོད་དུ་ཁོ་བོ་འོས་པར་གཟིགས་ནས་ཤིན་ཏུ་གསང་བའི་ཚུལ་གྱིས་རྒྱས་པར་བསྟན་ཏེ། ཕྱིས་ཡི་གེའི་རིགས་སུ་སྤེལ་ཞིག་ཞེས་པའི་ལུང་ཡང་ཐོབ་བོ། །གཉིས་པ་ལ། དབྱིངས་རིག་བསྲེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྟ་བའི་རྦ་བཟློག ཕུང་པོ་གཟན་དུ་བསྐྱུར་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒོམ་པའི་དར་འཕྱར། གཟུང་འཛིན་སྙེམས་ཐག་བཅད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་སྤྱོད་པའི་ཕ་མཐར་བརྒལ་བ་གསུམ་ལས། །དང་པོ་ནི། གནས་ངན་ལེན་གྱི་དྲི་མ་བདུད་ཅེས་བྱ་ལ། དེ་ཡང་བདག་དང་ཆོས་སུ་གཟུང་བས་རྒྱས་པར་གྱུར་པའོ། །དེ་གཅོད་པ་ནི་བདག་དང་ཆོས་རང་བཞིན་གྱིས་སྟོང་པར་ལྟ་བས་སོ། །གང་གིས་ཞེ་ན། དབྱིངས་དང་རིག་པ་བསྲེས་ན་རྡོ་རྗེ་ལྟ་བུར་འགྱུར། །ཞེས་པ་འདིས་ཏེ། དེ་ཤེས་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལ་སེང་གེ་རྣམ་པར་རྩེ་བ་ཡིན་པའི་ཕྱིར་འདི་ལ་བདུད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ཁྱེད་རྣམས་ལ་སྟོན་ཏེ་ཞེས་དང་པོ་བླ་མས་ངོ་སྤྲད་པའི་དུས་སུ་བརྗོད། སློབ་མས་ཀག་ལངས་ནས་ཐལ་མོ་སྙིང་གར་སྦྱར་བའི་རྩེར་མིག་བཅིངས། ཡིད་རྩེ་གཅིག་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ནས། བླ་མའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་མུ་ཏིག་གི་འཕྲེང་བ་ལྟར་བརྩེགས་ཤིང་འོད་ཟེར་གྱིས་བརྗིད་པ་བདག་གི་སྤྱི་བོར་བྱོན། འཁོར་གསུམ་མི་རྟོག་པ་ཉིད་ཡན་ལག་བདུན་པར་གཞག་པས་མཆོད། སྐྱོན་མི་མངའ་ལ་ཡོན་ཏན་རྫོགས་ལགས་པས། །སྐྱབས་གནས་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་སྟོན་པ་རིན་པོ་ཆེ། །བྱིན་གྱིས་རློབས་དང་ཟས་གཙང་རྒྱལ་པོའི་སྲས། །རྒྱལ་བ་ཀུན་ཀྱི་ཡེ་ཤེས་སྐུ་ལགས་པས། །བླ་མ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ངག་དབང་ལྷག་པའི་ལྷ། །བྱིན་གྱིས་རློབས་དང་རྗེ་བཙུན་འཇམ་པའི་དབྱངས། །གསང་བ་ཀུན་གྱི་གཏེར་འབྱེད་ཁྱོད་ལགས་པས། །དཔུང་གཉེན་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་བྲམ་ཟེ་མཐུ་སྟོབས་མགོན། །བྱིན་གྱིས་རློབས་དང་དཔལ་ལྡན་འཕགས་པ་ལྷ། །བསྟན་པ་འདི་ལ་སྟོན་པར་མཚུངས་ལགས་པས། །མགོན་པོ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ཀ་མ་ལ་ཤཱི་ལ། །བྱིན་གྱིས་རློབས་དང་དམ་པ་རྒྱ་གར་བ། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་ལགས་པས། །མ་མ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ཡེ་ཤེས་ཌཱ་ཀི་མ། །བྱིན་གྱིས་རློབས་དང་ལབ་སྒྲོན་སྤྲུལ་པའི་སྐུ། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད་ལགས་པས། །གཏད་སོ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་ཨ་ཝ་དྷཱུ་ཏཱི་པ། །བྱིན་གྱིས་རློབས་དང་གྲུབ་ཆེན་བཙུན་མོ་ཅན། །སྙིང་རྗེའི་སྤྱན་རས་ཀུན་ལ་གཟིགས་ལགས་པས། །ཡོངས་འཛིན་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་གཟུང་ཞིག་པདྨ་དཀར་པོའི་ཞབས། །བྱིན་གྱིས་རློབས་དང་མ་ཧཱ་པཎྜྻི་ཏ། །ཆོས་ཀུན་མཁྱེན་པའི་མངའ་བདག་ཁྱོད་ལགས་པས། །མཁས་གྲུབ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་ཟུང་ཞིག་ལྷ་དབང་བློ་གྲོས་ཞབས། །བྱིན་གྱིས་རློབས་དང་གསུམ་ལྡན་རྡོ་རྗེ་འཛིན། །རྒྱལ་ཀུན་ནུས་པའི་གོང་བུ་ཁྱོད་ལགས་པས། །མཐུ་ཆེན་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །ཐུགས་རྗེས་ཟུང་ཞིག་ངག་དབང་རྣམ་རྒྱལ་ཞབས། །བྱིན་གྱིས་རློབས་དང་བདུད་འཇོམས་རྡོ་རྗེའི་མཚན། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་བདུད་རྩིར་དཀར་ནར་གྱིས་ཞུ་ནས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བྱས་པས་ལུས་ཤེལ་གོང་ཕྱིས་པ་ལྟར་སོང་བར་བསམ་མོ། །དེ་ནས་རིག་པའམ་སེམས་ཞེས་བྱ་བ་ལུས་ཐམས་ཅད་ལ་ཡུངས་ཀར་ལ་མར་ཁུ་བཞིན་དུ་ཁྱབ་པར་གནས་པ་སྟེང་རླུང་མནན་འོག་རླུང་བསྐུམ་པའི་རྐྱེན་གྱིས་མེ་ལོང་ལ་ཧས་བཏབ་པ་འདུས་པ་བཞིན་འུབ་འུབ་འདུས་ཏེ་སྤྱི་བོ་ཚངས་པའི་བུ་ག་ན་ཡར་སྟོང་སང་གིས་འཐོན་ནས་ཕཊ྄་ནམ་མཁའ་དབྱིངས་དང་དབྱེར་མེད་དུ་འདྲེས་པའི་ངང་ལ་ལྷོད་ཀྱིས་གློད་ཁྲེས་ཀྱིས་བོར་ལ་གཞག་གོ །ལུས་དཀོན་མཆོག་སྲི་ཞུའི་མགྲོན་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་མཆོད་རྫས། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱི་སྤྱན་སྔར་ཀུན་ཏུ་བཟང་པོའི་མཆོད་སྤྲིན། ལན་ཆགས་ཤ་འཁོན་གཉེར་བའི་མགྲོན་སྡེ་བརྒྱད་རྣམས་ཀྱི་མིག་སྔར་ཤ་རུས་དབང་པོ་དོན་སྣོད་ཀྱི་རི་བོ། ཁྲག་ཞག་ཀླད་པའི་རྒྱ་མཚོ། ཅི་འཐུང་ཅི་ཟོས་ཀྱང་ཟད་པ་མེད་པ། འགྲོ་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱི་སྣང་ངོར། གནས་གོས་མལ། ཟས་ལོངས་སྤྱོད་ཐམས་ཅད་པར་གྱུར་བར་བསམས་ཏེ་དགེ་བ་བྱང་ཆུབ་ཏུ་བཏང་ངོ་། །སྔ་མ་ནི་ཡེ་ཤེས། ཕྱི་མ་ནི་བསོད་ནམས་ཀྱི་ཚོགས་བསྒྲུབ་བོ། །གཉིས་པ་ནི་ཕུང་པོ་གཟན་དུ་བསྐྱུར་ན་སྒྱུ་མའི་ཀློང་དུ་འབྱམས། །རྒྱུན་ཏུ་གོང་བཞིན་དུ་སྐྱབས་སེམས། བྱིན་རླབས་ཞུ་བ་གསུམ་བྱས་ནས་ལུས་སེམས་ཕྲལ་ཏེ། ལྟ་རྒྱུ་དང་སྒོམ་རྒྱུ་ཐམས་ཅད་དང་བྲལ་བ། བསམ་རྒྱུ་དང་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའི་ངང་ལ་ཕྱད་དེ་ཧད་དེ་ཁྲེས་སེ་གཞག་གོ །དེ་ཙམ་ན་རྟོག་མེད་ཀྱི་རིག་པ་མཁའ་ལ་བསྐྱུར་བས་བདག་མེད་ཀྱི་ཕུང་པོ་ས་ལ་བོར་བ་བྱ་བ་ཡིན་པས་དུས་དེ་ནས་ལུས་ཀྱི་གཉེར་ཁ་སེམས་ཀྱིས་མི་བྱ། སེམས་ཀྱི་རྟེན་སོ་ལུས་ལ་མི་བཅོལ་བར་ལུས་བདག་མེད་པ་ས་རྡོ་བཞིན་དུ་བོར་ལ་བཞག སེམས་ནམ་མཁའ་སྟོང་པ་ལྟར་རྟེན་མེད་རང་སར། དུས་གསུམ་གྱི་རྟོག་པའམ་ཡིད་ལ་བྱེད་པའི་དྲན་རྟོག་གང་བྱུང་ཡང་། དེའི་རྗེས་སུ་མི་འབྲང་བར་ཕཊ྄་ཅེས་བརྗོད་ཅིང་ཤིག་གིས་བཤིག་ལ་མ་བཅོས་པར་བསྐྱུར་བས་སྣང་བ་ཐམས་ཅད་བན་མ་བུན་མ་འམ་ཟི་འོམ་ཟི་སྒྱུ་མ་ཙམ་དུ་འགྱུར་རོ། །གསུམ་པ་ལ། གཅོད། ལྷོངས། ཚར་ཚད། ལོག་གནོན་བཞི་ལས། དང་པོ་ནི། གཟུང་འཛིན་སྙེམས་ཐག་བཅད་ན་དཔའ་བར་འགྲོ་བར་འགྱུར། །ཞེས་པས་སྒོམ་ལ་བོགས་དབྱུང་བའི་ཕྱིར་སྤྱོད་པ་ལ་འཇུག་སྟེ། གཉན་ས་ཆེན་པོར་ཕྱིན་ནས་ནམ་མཁའ་སྒོ་འབྱེད་ཀྱི་ལག་ལེན་ལ་ཞུགས་པའོ། །གཉིས་པ་ནི། རྨི་ལམ་ལྷོངས་པ་དང་། ཆོ་འཕྲུལ་ལྷོངས་པ་དང་། ན་ཚ་ལྷོངས་པའོ། །དེ་དག་གང་ཡང་མ་བྱུང་ན་གདོན་ནུས་པ་ཆུང་བ་ཡིན་པས་གཉན་ས་གཞན་དུ་སྤོ་བར་བྱའོ། །ཆོ་འཕྲུལ་བྱུང་ན་ལྷོངས་པ་ཡིན་པས་ས་དེ་ཉིད་དུ་འདུག་ལ་ཉམས་ལེན་རེམ་དུ་བྱའོ། །ལྷོངས་ནས་མ་ཚར་གྱི་བར་དུ་གཉན་ས་གཞན་དུ་མི་སྤོ། ལྷོངས་པའི་ཆོ་འཕྲུལ་ལ་བྲེད་ནས་གཞན་དུ་སྤོས་ན་གདོན་གྱི་ལག་ཏུ་གཏད་པ་དང་འདྲ་བ་ཡིན་ནོ། །གསུམ་པ་ནི། སྔར་གྱི་ཆོ་འཕྲུལ་ལྷོངས་པ་དེ་ཉལ་གྱིས་ཞི་ན་ཚར་བ་ཡིན་པས་གཉན་ས་གཞན་དུ་སྤོས་པས་ཆོག་པ་ཡིན་ནོ། །བཞི་པ་ལ། ནད་གཅོད་དང་གདོན་གཅོད། གཉན་གཅོད་དང་རོ་གཅོད། མི་གཙང་བའི་གཅོད་དང་སྙེམས་གཅོད་དོ། །དང་པོ་ནད་གཅོད་ནི། འགོ་བའི་ནད་ཀྱི་སར་འགྲོ། ཕཊ྄་ཅེས་པས་ལུས་སེམས་གཉིས་ཕྲལ་ལ་ནད་པའི་དྲུང་དུ་འཛེམ་བག་མེད་པར་ཕྱིན་ཏེ་ཕ་རོལ་གྱི་ནད་རང་གི་སྣ་བུག་གིས་བརྔུབ་ཅིང་ཁོང་དུ་མིད་པས་དེའི་ནད་དེ་རང་གི་རྩ་དབུ་མའི་ནང་དུ་ཞུགས་པས་སྟོང་སང་སོང་བར་བསམས་ལ་ནད་ལ་འཛེམ་བག་དང་ཉམ་ང་བར་མི་བྱའོ། །གཉིས་པ་གདོན་གཅོད་ནི། གདོན་གང་ཐུ་བའི་ས་དེ་ཉིད་དུ་སོང་ལ་ཁྱོད་འོང་པ་འོ་བརྒྱལ་ངས་འོངས་པས་ཆོག་བྱས་ལ། ངའི་སེམས་ཁྱོད་པས་ང་རང་གིས་ཀྱང་མ་མཐོང་། །ལུས་བེམ་པོ་རྣག་ཁྲག་གི་རྐྱལ་བ་འདི་ཁྱོད་ལ་སྦྱིན་པས་ཆོག ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཡོད་ཚད་ཟོ། ཁྱག་ཚད་ཁུར་བྱས་ལ་གཅེས་འཛིན་མེད་པར་ཁྲེས་ཀྱིས་བོར་ལ་གཏང་ངོ་། །འཚུབ་ན་སེམས་ཡེ་ཤེས་ཀྱི་མེར་གྱུར་པས་ཁོ་བསྲེག་ཅིང་ཐལ་བ་ཙམ་དུ་མ་ལུས་པར་བཏང་ངོ་། །གསུམ་པ་གཉན་གཅོད་ནི། གཉན་ས་ཆེན་པོར་འགྲོ། དེར་གོང་ནོན་པ་གལ་ཆེ་བས། མཚོ་ཡིན་ན་སྟོད་དུ་ཐལ། ན་ཡིན་ནའང་སྟོད། ཕ་བོང་གི་སྟེང་། ཆུ་མིག་གི་ཁ་གཡམ་པས་བཅད་ལ་སྟེང་དུ། ཤིང་ཡལ་ག་བཅད་ལ་འོག་ཏུ་གཞུག སྔར་བཞིན་ལུས་སེམས་ཕྲལ་བའི་ལུས་བམ་མྱགས་ཤིང་སུམས་པ་དྲི་གདུག་ཅིང་རྩུབ་པས་དེར་གནས་པའི་ལྷ་འདྲེ་མནན་པར་བསམ། བཞི་པ་རོ་གཅོད་ནི། རོ་རིགས་གང་ཡིན་ཡང་མི་འཛེམ་པར་ལུས་སེམས་གཉིས་ཕྲལ་ལ་རོ་དང་རོ་སྤྲད་དེ་རྟོག་པ་ཆུང་ན་ཤ་ཁམ་གཅིག་བཅད་ལ་ཟ། ཡང་སྐྲ་བག་ཙམ་ཞིག་ཕྱི་ལ་ཨམ་ཕྲག་ཏུ་འཇུག དེ་ནས་ཅི་བདེར་ཁུར་ལ་གང་འདོད་དུ་བསྐྱལ་ལོ། །ལྔ་པ་མི་གཙང་བའི་གཅོད་ནི། མི་གཙང་བ་གང་ཡིན་ཡང་། ལུས་སེམས་ཕྲལ་ལ་འཛེམ་བག་མེད་པར་བྱའོ། །གང་མི་གཙང་བ་དེ་འོག་ཏུ་ཚུད་པར་བྱ། སྔར་མི་གཙང་བས་ཕོག་ཀྱང་བསྐྱར་ལ་དེའི་སར་འགྲོ །དེ་ནས་ལུས་སེམས་ཕྲལ་ལ་དེ་འོག་ཏུ་བཅུག་ལ་ཉལ་ལོ། །དྲུག་པ་སྙེམས་གཅོད་ནི། ཡུལ་གང་ཡིན་ཡང་ཐེ་ཚོམ་ཟ་བ། མི་ཕོད་པ། སྙེམས་ཞུགས་པ་དེ་ལ་རང་གི་ཐོག་ཏུ་རྩལ་འགེལ་བྱེད་པ་ཡིན་པས། འདྲེ་གདོན་གྱིས་དོགས་ན་སླར་ལ་དོགས་པའི་ས་དེར་འགྲོ། ནད་འགོས་ཀྱིས་དོགས་ན་སླར་ལ་ནད་ཡོད་པའི་སར་འགྲོ་བ་ལ་སོགས་པ་ཡིན་ནོ། སྐྱིད་ན་ཞེན་དུ་མི་འཇུག་པར་ལམ་དུ་ཁྱེར་རོ།། །།གཅོད་ཁྲིད་འོ་མའི་རྒྱ་མཚོ་ཀུན། །སྙིང་པོ་མར་དུ་འདི་ན་འཁྲིལ། །གཉིས་འཛིན་རླུང་གིས་སུ་སྣད་པ། །དེ་གསོའི་བདུད་རྩི་ཉིད་དུ་འཁྲུངས། །ཞེས་པདྨ་དཀར་པོས་གྲུབ་པའི་གསུང་བཞིན་དུ་སྦྱར་བའོ།། །།མངྒ་ལཾ།།

ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན།

ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །མཆོག་གི་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་ལོ། །བཅོས་མས་སྦྱར་བ་སྣ་ཚོགས་སྲིད་པའི་གྱུ། །མ་ལུས་གཉུག་མའི་དབྱིངས་སུ་སྙོམ་པའི་ལུང་། །སྐལ་བཟང་ལ་བསྒོ་ཕོ་ཉའི་དམ་པ་དེར། །རྫོགས་པའི་སངས་རྒྱས་ཀུན་གྱིས་བསྔགས་ལ་འདུད། །ཟབ་པའི་རོ་ལྡན་གྲངས་ཀྱིས་མི་མཚོན་པའི། །རྒྱལ་བའི་དབང་པོའི་གཞུང་གི་ཆུ་བོ་ཀུན། །གང་བློ་རྒྱ་མཚོའི་རོལ་པར་ཞུགས་ཉིད་ཀྱི། །ཐར་འདོད་ལག་འགྲོའི་ཉེར་འཚོར་གྱུར་ལ་འདུད། །སྐྱེ་རྒུའི་ཚོགས་ལ་དག་པར་སྣང་བའི་ཕུལ། །ནམ་ཡང་འགག་པ་མེད་པའི་འོད་མཛད་པ། །སྔོན་མེད་གྲུབ་པའི་ཉི་མ་ཆོས་ཀྱི་རྗེ། །དཔལ་ལྡན་འབྲུག་པའི་ཞབས་རྡུལ་སྤྱི་བོས་མཆོད། །རྣམ་རྟོག་སོར་མོའི་སྒྱུར་བ་ལྷུར་ལེན་པའི། །ཐོས་པའི་སྙིམ་པས་བཏུང་བར་མི་ནུས་པ། ཟབ་དོན་སྦྲང་རྩིས་མ་ཡེངས་ལམ་ཐོས་པས། །དགའ་བ་རྒྱས་པའི་ཡིད་རྣམས་སྐལ་བཟང་བྱ། །འདིར། སྡེ་སྣོད་གསུམ་གྱི་སྙིང་ཕྱུང་། རྒྱུད་སྡེ་བཞིའི་སྲོག་བཅད། མཁའ་འགྲོ་མའི་གསང་བའི་མཛོད་བརྟོལ་ནས། དབང་པོའི་རིམ་པ་དང་མཐུན་པར་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་ཐིག་ལེ་སྤྱན་འབྱེད་ཀྱི་གདམས་ངག་འདི་བཤད་པ་ལ་ངོ་མཚར་ཅན་གྱི་གླེང་གཞི། སྙན་རྒྱུད་གནད་ཀྱི་མན་ངག་གཉིས་ལས། དང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་བེ་ཏའི་ཡུལ་གྱི་ཙ་ར་སིང་ངར་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་དམ་པ་སངས་རྒྱས་སུ་གྲགས་པ། ཨུ་རྒྱན་གྱི་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་མའི་ཚོགས་ཀྱི་གཙོ་མོ་བདག་མེད་མ་ལས་མཆོག་ཐོབ་ཅིང་། བདེ་བར་གཤེགས་པ་བཅུ་གཉིས། གྲུབ་ཆེན་ལྔ་བཅུ་རྩ་ལྔ། དཔལ་ལྡན་སུམ་ཅུ་རྩ་དྲུག་གི་ལུང་ཐམས་ཅད་ཀྱི་ཕ་རོལ་ཏུ་བརྒལ་བ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་དུ་བྱོན་པ་དེས། ཙ་རི་ཏྲའི་ཞིང་གི་དབུ་མའི་རི་བོར་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཉན་རྣ་བ། དཔལ་འབྲུག་པ་རྒྱལ་བའི་དབང་པོ་ལ་གཉིས་སུ་མི་ཕྱེད་པའི་དབང་བསྐུར་ནས། ཟབ་པ་ལས་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་འདིའི་བདག་པོ་གཏད་དོ། །དེས་ཀྱང་སྙིགས་དུས་པ་རྣམས་ལ་རྡོ་རྗེ་འཆང་ཉིད་དུ་གྱུར་པའི་ངག་དབང་ཆོས་ཀྱི་རྒྱལ་པོ་ལ་རྗེས་སུ་བསྟན་པ་ཞིབ་མོར་གདམས་ཤིང་། རྗེ་བཙུན་དེའི་ཞབས་ཀྱི་པདྨོ་ལ་བསྙེན་བཀུར་བའི་མཐུ་ལས། བདག་ཀྱང་ཡང་དག་པའི་ཕུལ་གྱི་གཏམ་འདི་སྨྲེང་བ་ལ་སྤོབས་པ་དང་ལྡན་པར་གྱུར་ཏོ། །གཉིས་པ་སྙན་རྒྱུད་གནད་ཀྱི་གདམས་ངག་བཤད་པ་ལ། རྡོ་རྗེའི་ཚིག་ཕྱེ་བས་འགག་བསྡམ། བསྒོམ་བྱ་ལག་ལེན་གྱི་འཕྲང་ལ་གཞལ་བས་འཆུག་ས་མེད་པར་བསྟན་པ་གཉིས་ལས། དང་པོ་ནི། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་སེལ། །སྲིད་གསུམ་མཐའ་ཡས་གྲོལ་གསུམ་འཐོབ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པའི་རྡོ་རྗེའི་ཚིག་འདིའི་སྡུག་བསྔལ་གསུམ་གྱིས་ཞེས་པ། བྱ་བ་གཞིའི་རྣལ་འབྱོར། བར་པ་ཕྱེད་དང་གཉིས་ཀྱིས་བྱེད་པ་ལམ་གྱི་རྣལ་འབྱོར། ལྷག་མའི་རྐང་པ་གཉིས་ཀྱིས་བྱ་བྲལ་འབྲས་བུའི་རྣལ་འབྱོར་བསྟན་པ་ཡིན་ལ། དེ་དག་གི་རྒྱས་པར་བཤད་པ་ཡང་འདི་ལྟར། བདེ་བར་གཤེགས་པའི་སྙིང་པོ་དང་། གཉུག་མ་ལྷན་སྐྱེས་དང་། མི་ཤིགས་པའི་ཐིག་ལེ་ཆེན་པོ་ཞེས་སོགས་མིང་མཐའ་ཡས་པས་བསྙད་པའི་གཞི་ནི། སེམས་ཀྱི་ངོ་བོ་བཏགས་པ་དང་ཞེན་གཟུང་གང་གིས་ཀྱང་མ་བསླད་པ་འདི་ཡིན་ལ། དེ་ཉིད་རང་དང་འདྲེས་པ་ལྟ་བུའི་རླུང་གིས་ཡིད་གཡོས་པ་འགྱུ་བ་རང་ངོ་མ་ཤེས་པས་མ་རིག་པ་སེམས་ཅན་གྱི་ཁམས་སམ། འབྱུང་བ་ལྔས་དབང་བྱས་པར་ཤར་ལ། དེ་ལྟར་ཤར་བའི་ཀུན་རྫོབ་ཀྱི་གནས་ཚུལ་ཁམས་དང་ཤེས་པ་འདྲེས་པ་དེ་ཉིད་ལ། མི་ཕྱེད་པའི་ཆ་ནས་མི་ཤིགས་པ་དང་། རྟེན་བྱེད་པའི་ཆ་ནས་རྩ་དང་། གཡོ་བའི་ཆ་ནས་རླུང་དང་། བརྟེན་པའམ་ཡོན་ཏན་གྱི་ཆ་ནས་ཐིག་ལེ་དང་། ཁམས་ཀྱི་ངེས་པས་ཡི་གེར་བཞག་ལ། དེ་ནི་ཤིན་ཏུ་ཕྲ་བའི་གནས་སྐབས་སམ་སེམས་དང་ཚོགས་པ་གཅིག་པའི་དྭངས་མའི་འབྱུང་བ་ཞེས་བྱ་བ་གཟུགས་མེད་ཀྱི་སྲིད་པའི་རྟེན་དུ་བཤད་དོ། །དེའི་སྣང་ཆ་རྡུལ་གྱི་དབང་ལས་འཁོར་འདས་ཀྱི་སྣང་བ་འབྱུང་བ་ལས་གཞན་རྟོག་འཇུག་པ་ནི་ཕྲ་བའི་གནས་སྐབས་གཟུགས་ཀྱི་སྲིད་པའི་རྟེན་དང་། དེ་ལས་རང་བདག་ཏུ་རྟོག་པ་ཁུ་བའི་དབང་གིས་བྱུང་བ་ཁམས་རགས་པའི་གནས་སྐབས་འདོད་པའི་སྲིད་པའི་རྟེན་དུ་གྱུར་པས་ཕྱི་ནང་ཐམས་ཅད་དུ་ཁམས་བདག་པོར་གྱུར་པའི་རྟེན་འབྲེལ་གྱི་འགྲོས་འདིས་སྣང་བ་སེམས་ཀྱི་འོད་ཡིན་པར་གདོད་མ་ནས་གྲུབ་ལ། དེ་ལྟར་མ་ཤེས་པ་ནི་སྡུག་བསྔལ་བ་ཞེས་བྱའོ། །དེ་བཟློག་པ་གཞིའི་གནད་ཚུལ་བཞིན་དུ་ཤེས་པའི་བརྡ་སྤྲོད་པ་སྨིན་ལམ་དང་། དེའི་གནད་རང་མྱོང་གིས་འཆིང་བ་གྲོལ་བྱེད་ཀྱི་ལམ་སྟེ། ཕྱི་མ་ལ་ཡང་སེམས་སྐད་ཅིག་མའི་སྟེང་དུ་གཟུགས་མེད་ཀྱི་རྟེན་སེམས་དང་ཚོགས་པ་གཅིག་པ་འབྱུང་བ་འཆིངས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཅིག་ཅར་བའི་ལམ་དང་། གནས་སྐབས་བཞིར་གཟུགས་ཀྱི་རྟེན་ཕྲ་བའི་འབྱུང་བ་བཅིངས་པས་གྲོལ་བ་ཐོབ་པའི་ཐོད་བརྒལ་བའི་ལམ་དང་། ཟག་བཅས་ཀྱི་ལས་སྣང་གི་སྟེང་དུ་འདོད་ཁམས་ཀྱི་རྟེན་རགས་པའི་འབྱུང་བ་བཅིངས་པས་གྲོལ་བ་ཐོབ་པའི་རིམ་འཇུག་པའི་ལམ་གསུམ་སྟེ། ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་ཞེས་དང་། ཆོས་ཐམས་ཅད་ནི་རྨི་ལམ་དང་སྒྱུ་མ་དང་། བྲག་ཆ་ལྟ་བུར་བསྟན་ཏེ་ཞེས་དང་། ཆོས་ཀྱི་དབྱིངས་འོད་ཟེར་བཀོད་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོགས་ཀྱིས་རིམ་པ་བཞིན་དུ་བསྟན་ཏེ་དང་པོ་ནི། བརྡ་སྐོར་འཇམ་གླུ་རྣམས་ཀྱི་ལམ་རིམ། གཉིས་པ་ནི། ངོ་མཚར་བརྒྱུད་པའི་ལམ་རིམ། གསུམ་པ་ནི། དྲི་མེད་དངུལ་སྒོང་། གསེར་སྒོང་། ཤེལ་སྒོང་རྣམས་ཀྱི་ལམ་རིམ་དུ་བསྟན་པ་ཡིན་ནོ། །དེ་ལྟར་ལམ་གསུམ་གྱིས་གནས་སྐབས་ཀྱི་འཁྲུལ་པ་སྦྱངས་པས་དྲི་མ་མེད་པའི་གནས་སྐབས་ཇི་ལྟ་བའི་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་སྣང་བར་འགྱུར་བ་ཡིན་ནོ། །གཉིས་པ་བསྒོམ་བྱ་ལག་ལེན་གྱི་འཕྲང་ལ་གཞལ་བས་འཆུག་ས་མེད་པར་བསྟན་པ་ལ། གཞི་འབྲས་ལྷུན་གྲུབ་ཏུ་བརྡ་སྤྲོད་པའི་སྨིན་བྱེད་དང་། གཞི་འབྲས་དབྱེར་མེད་ཀྱི་གནད་འཆིང་བ་གྲོལ་བའི་ལམ་རྣམ་པར་གཉིས་ལས། དང་པོ་ནི། རྡོ་རྗེ་ཐེག་པ་ཉིད་ཀྱིས་ཡང་དག་པར་བགྲོད་པར་འདོད་པའི་སྐྱེ་བོ་སྐལ་བ་ཆེན་པོ་དག་གིས་གང་དོན་དུ་གཉེར་བར་བྱ་བ་ནི། རིས་མེད་པའི་སེམས་ཅན་མཐའ་དག་ཟུང་འཇུག་གི་སྐུ་བླ་ན་མེད་པའི་རང་བཞིན་ཅན་དུ་མཐོང་ནས་དེ་ཐམས་ཅད་ཀྱི་གློ་བུར་གྱི་དྲི་མ་བསལ་ཏེ། རང་གི་རང་བཞིན་སྒྲིབ་བྲལ་དུ་མངོན་དུ་གྱུར་བ་ལ་འགོད་པར་འདོད་པ་གཞན་ལ་དམིགས་པའི་སེམས་དང་། དེའི་ཆེད་དུ་རང་གི་རང་བཞིན་ལས་ཟུང་འཇུག་གི་སྐུ་མངོན་དུ་བྱ་བར་འདོད་པ་བྱང་ཆུབ་ལ་དམིགས་པའི་སེམས་རྣམ་པ་གཉིས་བསྐྱེད་ཅིང་སྦྱངས་པ་ལ་མཐར་ཕྱིན་པར་བྱས་ནས། ཟབ་མོ་བརྡའི་དབང་བཞིས་སྨིན་པར་བྱ་སྟེ། དེའི་ཆོ་ག་ནི་གཞན་དུ་བཤད་དོ། །གཉིས་པ་གཞི་འབྲས་དབྱེར་མེད་ཀྱི་གནད་བཅིང་བ་གྲོལ་བའི་ལམ་ལ། ཅིག་ཅར་དུ་འཚང་རྒྱ་བར་བྱེད་པ་དཀར་ཁྲིད་རིག་པ་གཅེར་མཐོང་གི་གནད། ཐོད་བརྒལ་དུ་སྐུ་བཞིར་གྲུབ་པ་དམར་ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད། རིམ་འཇུག་གི་ལམ་ལྔ་ཐོབ་པ་ནག་ཁྲིད་གདམས་ངག་གི་ཕྲ་ཆོད་པའི་གནད་དང་གསུམ་ལས། དང་པོ་ནི། དོ་ཧ་ལས། ཐག་པ་ནག་པོའི་དུག་སྦྲུལ་བཞིན། །མཐོང་བ་ཙམ་གྱིས་དངངས་པར་འགྱུར། །གྲོགས་དག་སྐྱེ་བོ་དམ་པ་ནི། །ཡུལ་གཉིས་སྐྱོན་གྱིས་འཆིང་བར་འགྱུར། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག ཅེས་པས་སེམས་མ་བཅོས་པ་ལ་གཟུང་འཛིན་བཟང་ངན་ལ་སོགས་པ་གཉིས་ཆོས་གང་ཡང་ཡོད་མ་མྱོང་བ་སྟེ། གལ་ཏེ་ཡོད་ན་དེ་གང་གིས་ཀྱང་གཞིལ་བར་མི་ནུས་ཏེ། དངོས་པོའི་ཆོས་ཉིད་ནི་སུས་ཀྱང་བཟློག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན། སེམས་མ་བཅོས་པ་ལ་འཁྲུལ་པ་མཐའ་དག་མེད་བཞིན་དུ་སྣང་བ་ནི་ཐག་པའི་དོག་པ་ལ་སྦྲུལ་དུ་སྣང་བ་ལྟ་བུའོ། ཐག་པ་ལ་སྦྲུལ་དུ་འཛིན་པའི་བློ་དང་། སྦྲུལ་དེ་བསལ་བའི་གཉེན་པོ་མངོན་པར་འདུ་བྱེད་པའི་བློ་གཉིས་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་ཅུང་ཟད་མེད་པ་ལས། ཕྱི་མ་ཉིང་འཁྲུལ་ལྟ་བུའི་བློ་ཡིན་པས་སྤང་དཀའ་བ་ལྟར་དུ་འཁྲུལ་པར་སྣང་བ་དང་དེའི་གཉེན་པོ་བཅོས་མ་མཐའ་དག་ཀྱང་མཚུངས་ཤིང་། ཐག་པའི་རང་ཚུལ་མ་བཅོས་པ་དེ་ཉིད་ཤེས་ན་སྦྲུལ་འཛིན་གྱི་འཁྲུལ་པ་རང་སར་འདག་པ་བཞིན་དུ། འཁྲུལ་པ་སེལ་བ་ལ་མ་བཅོས་པ་ཉིད་གནད་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་སྦྲུལ་དུ་འཛིན་པའི་དུས་དང་། ཕྱིས་ཐག་པ་ཉིད་དུ་མཐོང་བའི་དུས་གཉིས་གར་ལྟ་བ་པོའི་བློས་བཅོས་མ་བཅོས་མ་གཏོགས་ཐག་པའི་གནས་ཚུལ་ལ་ཁྱད་པར་མེད་པ་བཞིན་དུ་འཁོར་འདས་གཉིས་ཀྱང་རྟོགས་པ་དང་མ་རྟོགས་པའམ། རིག་པ་དང་མ་རིག་པའི་འདུ་བྱེད་ཡིད་ཀྱི་གཡོ་བས་ཐ་དད་དུ་བཅོས་པ་མ་གཏོགས་སེམས་རང་ལ་བཟང་ངན་ཅུང་ཟད་ཀྱང་མེད་པའི་ཕྱིར། འཁོར་འདས་རྒྱུད་གཅིག་པ་དང་། དེ་གཏན་ལ་འབེབས་པའི་རྫོགས་རིམ་ཀྱང་མཐར་ཐུག་ཏུ་འགྲོ་མི་འགྲོ་མ་བཅོས་པའི་རིམ་པར་སོང་མ་སོང་ཡིན་ཞེས་གྲུབ་པ་དང་རྣལ་འབྱོར་མའི་དབང་ཕྱུག་མ་རྣམས་ཀྱིས་བརྡ་དང་མགུར་རྣམས་སུ་མགྲིན་གཅིག་པར་གསུངས་པ་ཡིན་ནོ། །དེ་ལྟར་ལྟ་བ་གཏན་ལ་ཕེབས་ནས་སྒོམ་པའི་རིམ་པ་ཡང་འཁོར་བར་སྣང་བའི་འབྱུང་རིམ་ལས་བཟློག་པ་ནི། སེམས་དང་ཚོགས་པ་གཅིག་པའི་དྭངས་མའི་འབྱུང་བ་འཆིངས་པ་ལས་ཡིན་ལ། དེ་ནི་སེམས་མ་བཅོས་པ་ལས་གཞན་གང་གིས་ཀྱང་འཆིང་མི་ནུས་ལ། དེ་ལྟ་བུའི་མ་བཅོས་པ་དེ་ཡང་འགའ་ཞིག་སེམས་མེད་པར་འདུ་ཤེས་པའི་རང་བཞིན་ཅན་གཟུགས་མེད་པའི་ཏིང་ངེ་འཛིན་གྱི་ཆར་གྱུར་པ་དག་མ་ཡིན་ནམ་སྙམ་དུ་རྟོག་མོད། དེ་འདྲ་ག་ལ་ཡིན་ཏེ། སེམས་ཀྱི་བབས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་བློས་བཞག་གང་ཡང་མ་ཡིན་པའི་བདེ་བ་ཆེན་པོ་རང་རིག་པའི་མཚན་ཉིད་ཅན་གྱིས་མངོན་དུ་བྱེད་པ་ལ་མིང་མ་བཅོས་པར་བསྙད་པ་སྟེ། ཇི་ལྟ་བ་ཡི་གེའི་ལམ་དུ་མཚོན་དུ་མེད་དོ། །དེ་ཉིད་སྒྲོ་འདོགས་ཆོད་པའི་ཆ་ནས་ལྷག་མཐོང་དང་། གང་ཤར་ཡང་དེའི་ངང་ལས་མི་གཡོ་བའི་ཆ་ནས་ཞི་གནས་སུ་བཞག་གོ །དེ་ལྟ་བུའི་སྒོམ་པ་དང་ལྡན་པའི་སེམས་སྐད་ཅིག་གིས་འབྱུང་བའི་འགྲོས་སྒྲིབ་བྲལ་དུ་བྱས་པ་ལས་དེ་ཕྱིན་ཆད་ཐམས་ཅད་དེའི་ཡོ་ལང་དུ་འབྱུང་བས་སྣང་བ་ཐམས་ཅད་རང་བྱུང་གི་སྟོང་གཟུགས་སུ་འཆར་ཞིང་། སེམས་བཅིངས་པ་ལས་རྩ་རླུང་རེངས་པའི་སྣང་བ་དགོས་ན་ཡང་གང་དགོས་འཆར་རོ། གནད་འདི་འདྲ་བ་ཞིག་གིས་མ་ཟིན་པའི་སྟོང་གཟུགས་ཙམ་ལ་སྙིང་པོ་མེད་དེ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཕྱི་རོལ་པ་དང་ཐུན་མོང་བར་ཡང་སྟོང་གཟུགས་ཇི་སྙེད་འཆར་བར་བཤད་པའི་ཕྱིར་རོ། །དེ་ནས་དབང་པོ་ཡུལ་ལ་ཐུག་ཕྲད་ཀྱི་སྟེང་དུ་གང་ཤར་འགག་མེད་ཀྱི་རྩལ་སྦྱོང་བ་ལ་སྤྱོད་པ་ཞེས་བྱའོ། །དེ་ལྟར་ལྟ་སྒོམ་སྤྱོད་པ་དེ་གསུམ་གྱི་གནད་འཆིངས་པས་གཞིའི་གནས་ཚུལ་བསལ་བཞག་ཐམས་ཅད་དང་བྲལ་བ་དེ་ཉིད་ཁམས་རླུང་གི་གཡོ་བ་ལས་བྱུང་བའི་འཁྲུལ་པའི་དྲི་མ་ཕྲ་བས་ཀྱང་མ་བསླད་པའི་ངོ་བོ་མངོན་དུ་གྱུར་པས་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པར་བཞེངས་ནས་འཕྲིན་ལས་རྣམ་པ་ཐམས་ཅད་པས་འཁོར་བ་ཇི་སྲིད་པར་རོལ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའམ། ནམ་མཁའ་རྡོ་རྗེའི་གྲོང་དུ་ཞུགས་པའམ་རྡོ་རྗེའི་གདན་དུ་བྱོན་པ་ཞེས་བྱ་བའི་འབྲས་བུའི་གནས་སྐབས་སོ། །གཉིས་པ་ཐོད་བརྒལ་དུ་སྐུ་བཞིར་གྲུབ་པ་སྨར་ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད་ལ། ལུས་ཀྱི་ཐིག་ལེ་སྦྱང་བ་བླ་མ་སྤྲུལ་སྐུ་ལམ་རྫོགས། ངག་གི་ཐིག་ལེ་སྦྱང་བ་བླ་མ་ལོངས་སྐུ་ལམ་རྫོགས། ཡིད་ཀྱི་ཐིག་ལེ་སྦྱང་བ་བླ་མ་ཆོས་སྐུ་ལམ་རྫོགས། བཞི་པའི་ཐིག་ལེ་སྦྱང་བ་བླ་མ་གསང་བའི་སྐུའི་ལམ་རྫོགས་དང་བཞི་ལས། དང་པོ་ནི། རིང་ལམ་འཁོར་ལོས་བསྟུངས་ཏེ་རྟེན་སྨིན་པས་ས་ལམ་ཆིག་རྫོགས་སུ་གཏོང་བར་བྱེད། དབང་བཞི་ལམ་ཁྱེར་བློ་སྦྱོང་གི་གནད་ཅེས་པ་རྩ་བར་བྱས་ནས་སྟོན་ཏེ། སྤྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའི་རང་རྩལ་ཀུན་རྫོབ་ཏུ་སོ་སོར་འཆར་ཞིང་། རིག་པའི་རང་ས་ཟིན་པས་དོན་དམ་པར་རོ་གཅིག་ཏུ་གྱུར་པའི་ངེས་པ་ལས་བརྩམས་ནས་ཕྱི་ནང་གསང་བའི་དུས་གནད་ཁྱད་པར་ཅན་དང་སྦྱར་ཏེ། བོགས་འདོན་པ་ལ་མཁས་པར་བྱ་བ་ནི། རྣལ་འབྱོར་གྱི་རང་ས་མ་ཉམས་པས་ཆོས་མིན་ཡིད་ལ་མི་འགྱུར་བར་བྱེད། ལོག་པའི་ཤེས་པ་ཚར་གཅོད་པའི་གནད་ཅེས་བྱ་ལ། དེ་ཉིད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ངེས་གསང་ཡིན་ཏེ། རྩ་བ་དོན་གྱི་རང་ངོ་བསྟན་པས་སྡེ་སྣོད་རིན་པོ་ཆེའི་སྙིང་འབྱིན་པར་བྱེད། བློས་དཔྱད་མ་ཡིན་པ་དོན་རྒྱུད་ཀྱི་གནད་ཅེས་བྱ་བས་སོ། ཁྱད་པར་གནས་སྐབས་བཞི་བསྐྱེད་པའི་ཐིག་ལེ་འཁོར་བའི་རྒྱུར་ཤེས་ནས་དེ་ཉིད་ལམ་གྱིས་སྦྱོང་བ་སྟེ། འཁོར་བར་སྐྱེ་བར་བྱེད་པའི་རྒྱུ་ངོས་ཟིན་པས་འཁྲུལ་པའི་སྒྲོག་རང་གྲོལ་དུ་ཆད་པར་བྱེད། དེས་ནི་ལོག་པའི་ལམ་དུ་མི་འཇུག་པའི་གནད་ཅེས་གསུངས་ལ། དེ་ལམ་དུ་བྱེད་པའི་དུས་ཀྱང་རོ་རྐྱང་གི་རླུང་ཨཱ་ལི་ཀཱ་ལིའི་རང་བཞིན་དབུ་མར་ཞུགས་པ་དང་། སྦྱར་ནས་ཏེ། ཁ་ནས་བྲེ་མོའི་གཏམ་སྨྲས་པས། ངག་ལ་ནུས་པ་འབྱུང་བར་བྱེད། ཅི་དང་ཅི་བརྗོད་པ་སྔགས་སུ་འགྲོ་བ་ཨཱ་ལི་ཀཱ་ལིའི་གནད་ཅེས་པས་སོ། དེ་ཡང་། འཁྲུལ་པའི་གནས་སྐབས་བཞི་པོ་ཉིད་མ་སྤངས་པར་རྩལ་སྦྱོང་བ་ཡིན་ཏེ། སྤྱོད་པ་རིགས་ངན་གྱི་བུར་བྱས་པས་འཇིག་རྟེན་གྱི་ཆེ་ཐབས་འཇིག་པར་བྱེད། བདུད་ཀྱི་ཕྱག་རྒྱ་རྣམ་པར་འགྲོལ་བའི་གནད་ཅེས་གསུངས་སོ། །རྩལ་སྦྱོང་དེ་ཡང་མ་བཅོས་པ་ཉིད་ལ་གནས་པས་ཏེ། སྒོ་གསུམ་ཐ་མལ་དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་རྫོགས་པར་བྱེད། སྐམ་ཐག་ཆུ་ནང་དུ་གཅོད་པ་གྱ་ལོག་གི་གནད་ཅེས་པས་སོ། །དེའི་མ་བཅོས་པ་དེ་ཡང་རང་མྱོང་གི་གནད་འཆིང་བར་བྱེད་པ་སྟེ། འཆིང་བའི་སྒྲོག་ཏུ་ཆོས་མ་བཏང་བས། དེས་ལྷ་བདུད་དུ་མི་འབབ་པར་བྱེད། དེ་ནི་ཐར་ལམ་འབྲས་བུའི་གེགས་སུ་མི་འགྲོ་བའི་གནད་ཅེས་པས་སོ། །དེ་ལྟ་བུར་མཉམ་པར་འཇོག་པ་ལ་ཡང་ལྟོ་གོས་ལ་གྱོང་བསྐུར་བས་སྡུག་བསྔལ་བསྲན་ཚུགས་པར་བྱེད། དཀའ་ཐུབ་མཐར་ཕྱིན་པར་འགྱུར་བའི་གནད་ཅེས་པ་གལ་དུ་ཆེའོ། །དེ་དག་གིས་ཐོད་བརྒལ་གྱི་ལམ་སྤྱི་ལ་འཇུག་པའི་ཆིངས་བཤད་ནས། ད་ནི་སད་པའི་གནས་སྐབས་ཀྱི་འཁྲུལ་པ་བསལ་ནས་བླ་མ་སྤྲུལ་པའི་སྐུ་མངོན་དུ་བྱེད་པ་གཙོ་བོར་གཞན་དོན་གྱི་རིགས་འདྲ་ལ་བསླབ་པའི་འཕྲིན་ལས་རྣམ་པ་བཞི་ལ་བློ་སྦྱང་བ་བཤད་པར་བྱ་སྟེ། དེ་ཡང་སྔ་དྲོའི་དུས་སུ་རྒྱས་པའི་ལས་རབ་འབྱམས་ལ་བློ་སྦྱང་བའི་ཕྱིར། སྐྱབས་གནས་ཀྱི་ཡུལ་གཅུད་ལ་བོར་བས་རྒྱུད་ལ་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད། བྱིན་རླབས་བརྒྱུད་པའི་གནད་ཅེས་པའི་དོན། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་ཤིང་མི་འབྲལ་བར་འདོད་པས་ཚིམ་པའི་རྣམ་པ་ཅན་གྱི་དགའ་བའི་སེམས་ཀྱིས་དེ་མཐའ་དག་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་རྒྱས་པའི་འཕྲིན་ལས་བསྒྲུབ་སྙམ་དུ་སེམས་བསྐྱེད། རང་ཉིད་བཅོམ་ལྡན་འདས་བདག་མེད་མ་རིན་པོ་ཆེའི་རིགས་སུ་རིགས་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་གསེར་བཙོ་མ་ལྟ་བུ་ཆེར་རྒྱས་ཤིང་དགའ་བའི་ཉམས་ཅན་དུ་བསམས་པའི་ལྟེ་བའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ལ་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་རིན་ཆེན་འབྱུང་གནས་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་རྒྱས་པའི་རྣམ་པ་ཅན་གསལ་གདབ། རྒྱས་པའི་ལས་དང་མཐུན་པའི་ཕྱི་ནང་གསང་བའི་མཆོད་པ་མཆོག་ཏུ་སྤེལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་དབྱེར་མེད་པར་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་མཐའ་དག་རྒྱས་པར་གསོལ་བ་གདབ། འཁོར་ལོ་ལས་འོད་ཟེར་སེར་པོ་ནམ་མཁའ་གང་བ་དང་ལྷན་ཅིག་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སེར་པོ་རིན་པོ་ཆེའི་བུམ་པ་དང་། དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་ཚེ་བསོད་ནམས་ཡེ་ཤེས་སོགས་དང་། རིན་པོ་ཆེའི་ཆར་འབབ་པ་སོགས་ཀྱི་སྣོད་ཀྱི་འབྱོར་པ་ཐམས་ཅད་རྒྱས། སླར་ལྟེ་བའི་འཁོར་ལོར་བསྡུ་བའི་སྤྲོ་བསྡུ་ལ་དམིགས་ཏེ། ཨོཾ་ཨཱཿཔུཥྚིཾ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། ཡང་ན། ཤེས་རབ། ཚེ་ནོར་སོགས་གང་འཕེལ་བར་འདོད་པའི་རང་དབང་མིང་སྤེལ་ཚིག་ཏུ་སྦྱར་རོ། །དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོར་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་པ་ནི། རྩལ་སྦྱོངས་ཀྱི་རིག་པ་བསྒྲིམས་ཤིང་གློད་པས་རྟོག་པའི་ཕན་མི་ལྡང་བར་བྱེད། ཐུན་རྗེས་བཤིག་པ་ཐབས་ཀྱི་གནད། ཅེས་སོ། །རྒྱས་པའི་ལས་གཙོ་བོར་གྱུར་པའི་འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་ཞེས་འཁོར་གསུམ་མི་རྟོག་པས་སྤེལ། རྗེས་སུ་ཡི་རང་བ་དང་བཅས་པའི་དགེ་བའི་རྩ་བ་འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་རོ་གཅིག་ཏུ་གྱུར་པ་འདིས་བདག་ཅག་དམ་ཚིག་གིས་བསྡུས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟེན་འདི་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་གཅིག་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག་ཅེས་མི་དམིགས་པའི་སྦྱོར་བས་བསྔོའོ། །དེ་ནས་ཉི་མ་གུང་གིས་ཆ་ལ་མངོན་སྤྱོད་ཀྱི་འཕྲིན་ལས་ལ་བློ་སྦྱང་སྟེ། གདུག་པ་ཅན་རྣམས་གཙོ་བོར་གྱུར་པའི་སེམས་ཅན་མཐའ་དག་ལ་དམིགས་པ་མེད་པའི་སྙིང་རྗེའི་ཤུགས་དྲག་པོའི་ཉམས་ཆེར་ཁྲོས་པའི་རང་རྩལ་དུ་འཆར་བ་གཉིས་མེད་དུ་སྤྱོད་པའི་ནང་གི་མ་རུངས་པའི་སེམས་ཀྱིས་དེ་མཐའ་དག་བླ་ན་མེད་པའི་བདེ་བ་ཆེན་པོའི་བྱང་ཆུབ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་གདུག་པ་ཅན་ཐམས་ཅད་ལ་དྲག་པོའི་འཕྲིན་ལས་བསྒྲུབ་སྙམ་དུ་སེམས་བསྐྱེད་རང་ཉིད་བཅོམ་ལྡན་འདས་བདག་མེད་མ་རྡོ་རྗེའི་རིགས་སུ་རིགས་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་མུན་པ་ལྟ་བུ་ཆེར་ཁྲོས་ཤིང་འཁྲུགས་པའི་ཉམས་ཅན་དུ་བསམས་པའི་སྙིང་གའི་འཁོར་ལོ་འདབ་མ་དགུ་པའི་འདབ་མ་དང་ལྟེ་བ་རྣམས་ལ། དཔལ་ལྡན་བླ་མ་རྡོ་རྗེའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་མི་བསྐྱོད་པ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་དྲག་པོའི་ཉམས་ཅན་གསལ་གདབ། ལས་མཐུན་གྱིས་མཆོད། གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གསོལ་བ་གདབ། འཁོར་ལོ་ལས་འོད་ཟེར་ནག་པོའི་ཚོགས་དང་། ཕོ་ཉ་དང་ཕོ་ཉ་མོ་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། བླ་མ་དང་དཀོན་མཆོག་གསུམ་ལ་བསྡོ་བ། བསྟན་པ་དང་སེམས་ཅན་ལ་གནོད་པ། དམ་ཚིག་ཉམས་ཤིང་དྲལ་བ། དངོས་གྲུབ་རྣམ་པ་གཉིས་ལ་བར་དུ་གཅོད་པ་ལ་སོགས་པའི་བདུད་དགྲ་བགེགས་ལོག་འདྲེན་རྣམས་དང་། མཚམས་མེད་པ་ལྔ་བྱེད་པ། ངན་སོང་གསུམ་གྱི་སེམས་ཅན་ལ་སོགས་པ་མཐའ་དག་གི་སྙིང་ག་ནས་ལྕགས་ཀྱུས་བཀུག མགྲིན་པ་ནས་ཞགས་པས་བཅིངས་ཏེ། གཙོ་བོའི་མདུན་གྱི་འབྲུབ་ཁུང་དུ་བཅུག ལུས་དཀྱིལ་གྱི་གཙོ་བོའི་ཐུགས་ཀ་ནས་བྱུང་བའི་འོད་ཀྱིས་རེག་པས་དེ་མཐའ་དག་གི་དྭངས་མའི་སྲོག་ཨ་ཡིག་གི་རང་བཞིན་ཅན་སོ་སོའི་སྙིང་ག་ན་གནས་པ་སད་པས་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷར་དག་པ་མངོན་དུ་གྱུར། འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཏེ་ལྷ་དང་སྲུང་མར་བཅས་པ་ཐམས་ཅད་རང་གི་ལུས་དཀྱིལ་ལ་གཞུག མ་དག་པའི་ལྔ་ཕུང་། ཕོ་ཉ་ཆོས་སྐྱོང་བཀའ་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་མཚོན་ཆའི་ཆར་བུ་ཡུག་གཏིབས་པའི་ཀློང་དུ་བསད་བཅད་གཏུབས་དྲལ། མ་དག་པའི་ཕུང་པོ་ཟོས་པར་བསམ་ཞིང་ཨོཾ་ཨཱཿམཱ་ར་ཡ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། འདོད་ན་བསྲུང་བཟློག་གི་སྔགས་དང་ཏིང་ངེ་འཛིན་ཡང་འདིར་སྦྱར། དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་གཞག དྲག་པོའི་ལས་གཙོ་བོར་གྱུར་པའི་དགེ་བ་སྤེལ་ཞིང་བསྔོའོ། །དེ་ནས་དགོང་ཀའི་དུས་སུ་དབང་གི་འཕྲིན་ལས་ལ་བློ་སྦྱང་བའི་ཕྱིར། གང་ཡིད་ལ་བརྣགས་ཤིང་འདོད་ཆགས་ཅན་གྱི་རིགས་གཙོ་བོར་གྱུར་པའི་སེམས་ཅན་གྱི་ཁམས་མཐའ་དག་ལ་གཉུག་མ་བྱམས་པ་ཆེན་པོའི་ཡིད་ཀྱིས་རྗེས་སུ་ཆགས་པའི་སེམས་ཀྱིས་དེ་མཐའ་དག་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབང་གི་འཕྲིན་ལས་བསྒྲུབ་སྙམ་དུ་སེམས་བསྐྱེད། རང་ཉིད་བཅོམ་ལྡན་འདས་བདག་མེད་མ་པདྨའི་རིགས་སུ་རིགས་པ་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་མཚམས་ཀྱི་སྤྲིན་ལྟ་བུའི་རྗེས་སུ་ཆགས་པའི་ཉམས་ཅན་དུ་བསམས་པའི་མགྲིན་པའི་འཁོར་ལོ་འདབ་མ་བཅུ་དྲུག་པའི་ལྟེ་བ་དང་འདབ་མ་རྣམས་ལ་དཔལ་ལྡན་བླ་མ་པདྨའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་སྣང་བ་འཐའ་ཡས་པད་མ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་མཆོག་ཏུ་ཆགས་པའི་ཉམས་ཅན་གསལ་བཏབ། ལས་མཐུན་གྱིས་མཆོད། ཐམས་ཅད་དབང་དུ་འདུ་བར་གསོལ་བ་གདབ། འཁོར་ལོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུའི་ཚོགས་དང་ཕོ་ཉ་དང་ཕོ་ཉ་མོ་ལྕགས་ཀྱུ་དང་ཞགས་པ་ཨུཏྤལ་དམར་པོའི་གཞུ་ཐོགས་པ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱ་ཕོ་རྣམས་ཀྱི་སྙིང་ག་དང་མོ་རྣམས་ཀྱི་གསང་གནས་ནས་ལྕགས་ཀྱུས་བཏབ། མགྲིན་པ་ནས་ཞགས་པ་དང་གཞུ་རྒྱུད་ལ་སོགས་པས་བཅིངས་ཏེ་བསྐལ་པའི་རླུང་གིས་བཏེག་སྲིད་པའི་མེས་གདུངས་བཞིན་དུ་གཙོ་བོའི་མདུན་དུ་དབང་ཐམས་ཅད་དང་བྲལ་ཞིང་ཉམས་སྟོབས་དམན་པས་ཡིད་དང་མགོ་བོ་ལྷན་ཅིག་ཏུ་རང་ལ་འདུད་པར་བསམ། སླར་ཡང་ལུས་དཀྱིལ་གྱི་ལྷའི་ཐུགས་ཀ་དང་སྦྱོར་མཚམས་ནས་བྱུང་བའི་འོད་རྣོན་པོས་རེག་པས་དེའི་བསྲུང་བ་རིགས་སྔགས་ཏིང་ངེ་འཛིན་ལ་སོགས་པ་དང་ཡེ་ཤེས་ཀྱི་ཕྱོགས་ཀྱི་ཕུང་སོགས་ཐམས་ཅད་དང་། གཞན་ཡང་དེ་དང་དེའི་བླ་མ་ལྷ་སྲུང་མ་རིམ་གྲོ་བ། ཆགས་ཡུལ་ལ་སོགས་པའི་ནུས་མཐུ་སོགས་མ་ལུས་པར་བསྡུ། དེ་ནས་ཕོ་ཉ་མདའ་གཞུ་ཐོགས་པ་སྤྲོས་པ་རྣམས་ཀྱིས་མདའ་ལྔའི་སྦྱོར་བ་ལ་སོགས་པས་མྱོས་ཤིང་རང་ལ་ལྷག་པར་འདུད་པ་ཉིད་དུ་དབང་དུ་བྱས། དེའི་ཚེ་བསོད་ནམས་ཡེ་ཤེས་དབང་ཕྱུག་སོགས་དང་། གཞན་ཡང་ཡུལ་འཁོར་ནོར་རྫས་སོགས་ཀྱི་བཅུད་མདངས་སོགས་དང་། ཕྱོགས་བཅུ་རབ་འབྱམས་འཁོར་འདས་སྣོད་བཅུད་མ་ལུས་པའི་ཚེ་བསོད་ནམས་ཡེ་ཤེས་སོགས། མཐའ་དག་ལྷག་མ་མེད་པར་བྱང་ཆུབ་དང་གཞན་དོན་ཁོ་ནའི་དབང་དུ་བསྡུས་པས། དེ་མཐའ་དག་གཟི་མདངས་སོགས་དང་བྲལ་ཞིང་རང་ཉིད་ཁམས་གསུམ་གྱི་དབང་ཕྱུག་ཏུ་གྱུར་པར་བསམ། ཨོཾ་ཨཱཿབ་ཤཾ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། གང་དབང་དུ་བྱ་བར་འདོད་པའི་མིང་སྤེལ་གྱི་ཏིང་ངེ་འཛིན་ཡང་སྦྱར། དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངང་དུ་མཉམ་པར་གཞག དབང་གི་ལས་གཙོ་བོར་གྱུར་པའི་དགེ་བ་སྤེལ་ཞིང་བསྔོའོ། །དེ་ནས་སྲོད་ལ་ཞི་བའི་འཕྲིན་ལས་ལ་བློ་སྦྱང་སྟེ། ནད་དང་སྡུག་བསྔལ་དྲག་པོས་གཟིར་བ་ལ་སོགས་པའི་གཙོ་བོར་གྱུར་པའི་སེམས་ཅན་མཐའ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་ཏེ། བཏང་སྙོམས་ཆེན་པོའི་སེམས་ཀྱིས་དེ་མཐའ་དག་བདེ་བ་ཆེན་པོའི་གོ་འཕང་བླ་ན་མེད་པ་ལ་འགོད་པའི་ཕྱིར། རྟེན་འདི་ཉིད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་མངོན་དུ་བྱ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཞི་བའི་འཕྲིན་ལས་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད། རང་ཉིད་བཅོམ་ལྡན་འདས་བདག་མེད་མ་འཁོར་ལོའི་རིགས་སུ་རིགས་ཐམས་ཅད་སྦྱོར་བའི་བདག་ཉིད་ཅན་ཟླ་བ་ལྟ་བུ་ཞི་བའི་ཉམས་ཅན་དུ་བསམས་པའི་སྤྱི་བོའི་འཁོར་ལོ་འདབ་མ་སོ་གཉིས་པའི་ལྟེ་བ་དང་འདབ་མ་རྣམས་ལ་དཔལ་ལྡན་བླ་མ་འཁོར་ལོའི་རིགས་ཀྱི་བདག་པོའི་རང་བཞིན་ཅན་གྱི་རྣམ་པར་སྣང་མཛད་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ་ཤིན་ཏུ་ཞི་བའི་ཉམས་ཅན་གསལ་བཏབ། ལས་མཐུན་གྱིས་མཆོད། སེམས་ཅན་ཐམས་ཅད་ནད་དང་སྡུག་བསྔལ་མ་ལུས་པ་ཞི་བར་གསོལ་བ་གདབ། འཁོར་ལོ་ལས་སྤྱན་མ་ལ་སོགས་པའི་ལྷ་མོས་བདུད་རྩིས་གང་བའི་བུམ་པ་དཀར་པོ་སོགས་ཐོགས་པ་རྣམས་དང་འོད་ཟེར་དཀར་པོ་རབ་འབྱམས་སྤྲོས། སྣོད་བཅུད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། ཁྱད་པར་བུམ་པའི་བདུད་རྩི་སོགས་ཀྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་སྡིག་སྒྲིབ་ནད་གདོན་སོགས་གནོད་པ་དང་ཉེ་བར་འཚེ་བ་མཐའ་དག་ཞི། ཕྱིས་མི་འཇུག་པར་ཡེ་ཤེས་ཀྱིས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པས་བསྲུང་པར་བསམ་ཞིང་། ཨོཾ་ཨཱ་ཤཱནྟིཾ་ཀུ་རུ་ཧཱུྃ་སྲཱིཿཞེས་བཟླ། དམིགས་བྱ་ཡོད་ན་མིང་དང་ཏིང་ངེ་འཛིན་ཡང་སྦྱར། དེ་མཐའ་དག་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་གཞག ཞི་བའི་ལས་གཙོ་བོར་གྱུར་པའི་དགེ་བ་སྤེལ་ཞིང་བསྔོའོ། །ཆེས་སྟོབས་སུ་གྱུར་ན་འཕྲིན་ལས་བཞི་ཟུང་འཇུག་ཏུ་སློབ་སྟེ། ངོ་སྤྲོད་གཅིག་གི་ཡུལ་ལ་རྩ་བ་ཟིན་པས་ཟབ་མོའི་དོན་ཕྱོགས་མེད་དུ་ཟིན་པར་བྱེད། མཚང་རིག་པ་གོ་རྟོགས་ཀྱི་གནད་ཅེས་པས་སོ། །དེ་ཐམས་ཅད་དུ་མ་ཡེངས་པ་དགོས་ཏེ་ཤེས་པ་མ་བཅོས་གཉུག་མ་སྲངས་སུ་བཅུག་པས་གནས་ལུགས་ཕྱག་རྒྱ་ཆེན་པོ་ནང་ནས་འཆར་བར་བྱེད། རིག་པ་མ་ཡེངས་པ་ཐབས་ཀྱི་གནད་ཅེས་སོ། །དེ་ལྟར་སྒྲུབ་པའི་ཚེ་ལོངས་སྤྱོད་ཕྲན་ཚེགས་བདུད་དུ་ཤེས་ནས་དེ་ལ་མི་ཆགས་པར་སྒྲུབ་པ་ལ་རྩེ་གཅིག་པ་ཞིག་དགོས་ཏེ་འདུ་འཛི་བར་གཅོད་དུ་ངོས་ཟིན་པས། ཕྱི་སྣང་བ་ལོངས་སྤྱོད་ཀྱི་བདུད་མི་འཁོར་བར་བྱེད། འདི་ཆགས་སྡང་གི་སྒྲོག་རང་གྲོལ་ལ་འགྲོ་བའི་གནད་ཅེས་སོ། །ལྷག་པར་སྙན་ཁུང་བླ་མའི་ཞལ་གྱི་གདམས་པས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྲོག་གཅོད་པར་བྱེད། ཚིག་གི་ལྷད་དང་མ་འདྲེས་པས་དོན་རྒྱུད་ཀྱི་གནད་ཅེས་པ་འདི་ཤེས་པར་བྱའོ། །གཉིས་པ་ངག་གི་ཐིག་ལེ་སྤྱང་བ་བླ་མ་ལོངས་སྐུ་ལམ་རྫོགས་ནི། སྐྱ་རེངས་ཤར་བ་ནས་གཉིད་སྲབ་མོའི་འོད་གསལ་ལས་སྒྱུ་མའི་རྩལ་མ་འགགས་པ་ལ་བསླབ་པའི་ཕྱིར། དྲན་རིག་གི་རྟོག་པ་ནང་དུ་གཅུན་པས་རླུང་སེམས་ཀྱི་བདེ་བ་འཛིན་པར་བྱེད། འགྱུ་བ་སྒྲོག་ཏུ་བཅུག་པ་རིག་པ་བཙིར་འཛིན་བྱེད་པའི་གནད་ཅེས་པ་འདིས་སྟོན་ཏེ། གཉིད་དུ་འགྲོ་ཁར་སེམས་བསྐྱེད་དང་སྣོད་བཅུད་སྒྱུ་འཕྲུལ་གྱི་ལྷར་དྲན་ཙམ་ལས་རྨི་ལམ་འཛིན་པ་དང་སྤྲུལ་སྒྱུར་གྱི་ཏིང་ངེ་འཛིན་མངོན་དུ་བྱ་འདོད་ཀྱི་འདུན་པ་དྲག་པོས་མཚམས་སྦྱར་བས་རིག་པ་དྭངས་སྙིགས་ཕྱེད་པར་འགྱུར་ཏེ། དྲན་རྟོག་སྔ་ཕྱིའི་ཡུལ་བཅད་པས། འདུ་བའི་ནད་ནང་དུ་ཆོམས་པར་བྱེད། དེ་ནི་རླུང་མཁྲིས་བད་ཀན་གྱི་ནད་མི་འཁྲུགས་པའི་གནད་ཅེས་སོ། །དེ་ནས་མགྲིན་པའི་འཁོར་ལོའི་དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པ་དཔལ་ལྡན་བླ་མ་གསུང་རྡོ་རྗེའི་རང་བཞིན་གྱི་སྦྱོར་མཚམས་ལ་སེམས་གཏད་གསོལ་བ་བཏབ། ཐིམ་རིམ་གྱི་རྟགས་གང་ཤར་ལ་བསྲེ་བའི་ཚེ་ཤེས་པ་ཡུལ་གྱི་རྗེས་སུ་མ་འབྲངས་པས། རྟོག་པའི་རྩ་བ་འབྲལ་བར་བྱེད། ཆིག་ཆོད་ཀྱི་ཤེས་པ་མི་འགྱུར་བའི་གནད་ཤེས་པས་བཟུང་། རྨི་ལམ་ངོས་ཟིན་པ་དང་གསལ་དྭངས་གྲུང་ལ་སྲིག་བཏོན་པས། རྟེན་འབྲེལ་གྱི་སྒྱུ་རྩལ་འཆར་བར་བྱེད། རང་མདངས་དྲི་མ་མེད་པ་འོད་གསལ་གྱི་གནད་ཤེས་པ་དང་ལྡན་པས་གཉིད་སྲབ་མོའི་འོད་གསལ་ལས་ཤར་བའི་རྨི་ལམ་གྱི་སྣང་བ་མཐའ་དག་སྒྱུ་མར་སྦྱངས། དེ་ནས་བསམ་གཏན་གྱི་ཡན་ལག་གིས་ཕྱག་རྒྱ་ཆེན་པོར་བཅིངས་པ་ལས། བདེ་བ་ཆེན་པོ་མངོན་དུ་འགྱུར་བ་ཡིན་ཏེ། རིག་པ་སོར་གཞག་གི་རྒྱལ་ས་བཟུང་བས་བདེ་གསལ་མི་རྟོག་པའི་ཉམས་འཆར་བར་བྱེད། ཡེ་ཤེས་དངོས་སུ་སྐྱེ་བར་བྱེད་པའི་གནད་ཅེས་པས་སོ། དེ་ལས་མཉམ་གཞག་གསལ་བའི་མདངས་ལས་བཤིག་པས་གནས་པའི་ཕྱིར་རྗེས་བཟང་བར་བྱེད། ཐུན་ཆུང་ལ་གྲངས་མང་བ་བྱིང་རྒོད་མི་འབྱུང་བའི་གནད་ཅེས་པས། ལྡང་འཇུག་རན་པར་བརྟེན་ནོ། །གསུམ་པ་ཡིད་ཀྱི་ཐིག་ལེ་སྦྱང་བ་བླ་མ་ཆོས་སྐུ་ལམ་རྫོགས་ནི། ལིངས་པ་སྲོག་ལ་མཁས་པའི་གདམས་པས། ཡིད་བཙན་ཐབས་སུ་གསོད་པར་བྱེད། རྟོག་པ་ཆོས་ཉིད་དུ་འགྲོ་བའི་གནད་ཅེས་པ་འདིའི་དོན། ནམ་གྱི་གུང་ཐུན་ལ་གཉིད་མཐུག་འོད་གསལ་དུ་སྦྱང་བའི་ཕྱིར། གཉིད་དུ་འགྲོ་ཀར་སེམས་བསྐྱེད་དང་སྣོད་བཅུད་རང་བཞིན་གྱི་ལྷར་དག་པ་དྲན་ཙམ་བྱ་སྟེ། རྐྱེན་སྣང་གི་རྟོག་པ་སྒྱུ་མར་ཤེས་པས། ཀུན་གཞི་ལ་བག་མི་ཆགས་པར་བྱེད། དུས་གསུམ་ཡིད་ལ་བདེན་འཛིན་མི་བརྟེན་པ་ཕྱག་རྒྱ་ཆེན་པོའི་གནད་ཅེས་གསུངས། དེ་ནས་གཉིད་མཐུག་པོའི་འོད་གསལ་མངོན་དུ་བྱ་འདོད་ཀྱི་འདུན་པ་ཤུགས་དྲག་པོས་མཚམས་སྦྱར་ནས་སྙིང་གའི་དྷཱུ་ཏིའི་དབུས་ཀྱི་མི་ཤིགས་པ་དཔལ་ལྡན་བླ་མ་ཐུགས་རྡོ་རྗེ་འོད་ཀྱི་རང་བཞིན་ཅན་ཡབ་ཡུམ་གྱི་སྦྱོར་མཚམས་ལ་སེམས་གཏད། གསོལ་བ་དྲག་ཏུ་གདབ་པ་ནི། ཤེས་རབ་ཀྱི་སྤྱོད་ཐབས་སུ་ཁྱེར་བས་གཉིས་མེད་ལམ་དུ་སློང་བར་བྱེད། ཟུང་འཇུག་རྒྱུད་ལ་སྐྱེ་བར་བྱེད་པའི་གནད་ཅེས་བྱ་བ་ཡིན་ནོ། །དེ་ནས་གཉིད་ཀྱི་ཐིམ་རིམ་གྱི་རྟགས་གང་ཤར་ལ་གཤིས་རང་བབས་སུ་གློད་པས་སྣོད་བཅུད་ཐམས་ཅད་འོད་གསལ་དུ་འཇུག་པ་ནི། རྒྱུ་མི་མཐུན་པ་ལམ་དུ་བླངས་པས། འགལ་རྐྱེན་གྲོགས་སུ་འཆར་བར་བྱེད། རྐྱེན་ངན་གྱི་སྟེང་དུ་ཐོག་འགེལ་བྱེད་པའི་གནད་ཅེས་བྱ་ལ། དེས་དཔལ་ལྡན་བླ་མ་ཆོས་ཀྱི་སྐུའི་རང་ཞལ་སོ་སོ་རང་རིག་པའི་བདག་ཉིད་དུ་མངོན་དུ་འགྱུར་བ་ཡིན་ལ། འཁོར་བའི་ཆོས་ཟད་པ་འཁོར་འདས་དབྱེར་མེད་དུ་གཏན་ལ་ཕབ་པས། གཉིས་སྣང་གི་ཤེས་པ་གྲོལ་བར་བྱེད། བླང་དོར་གཞི་ལ་དག་པ་ཟུང་འཇུག་གི་གནད་ཅེས་བཞག་ལ། དེ་རྟོགས་པ་ཕྱིན་ནས་སྣང་བ་ཐམས་ཅད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བས་ལམ་ལ་གང་ཕན་གྲོགས་སུ་བསྟེན་པས། ཨ་འཐས་ཀྱི་དངོས་འཛིན་ཟློག་པར་བྱེད། གྲལ་རིམ་གྱི་ཁྲིགས་བསྒྱེལ་བ་རྒྱ་ཡན་གྱི་གནད་ཅེས་པ་བསྟེན་པར་བྱ་ལ། དེས་སྣང་སེམས་རོ་གཅིག་ཏུ་འདྲེ་བ་ནི་རིག་པའི་རྩལ་ཕྱིར་སྦྱངས་པས། རྟོགས་པའི་རྐྱེན་བསྐུལ་ཡུལ་གྱིས་བྱེད། སྣང་བ་ཐམས་ཅད་དཔེ་ཆར་འཆར་བའི་གནད་ཅེས་པས་སོ། །དེའི་ཚེ་སྒོམ་པ་བདག་པོ་ལ་གཏད་པས་གཅེས་འཛིན་གྱི་བདུད་མི་འཁོར་བར་བྱེད། གཉེན་པོའི་བྱ་ར་རང་ཞིག་ལ་འགྲོ་བའི་གནད་ཅེས་པ་དེ་ཟིན་པ་ཡིན་ནོ། །བཞི་པ་བཞི་བའི་ཐིག་ལེ་སྦྱོང་བ་བླ་མ་གསང་བའི་སྐུའི་ལམ་རྫོགས་ནི། ངོ་བོ་སྦས་པ་གསེར་གྱི་ཉི་མའི་མིག་ཕྱེ་བས་རྟོགས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བར་བྱེད། ཕྱག་རྒྱ་ཆེན་པོ་བརྡའི་གནད་ཅེས་པའི་དོན། ཐོ་རངས་ཀྱི་ཆ་སྐྱ་རེངས་ཤར་བའི་མཚམས་ཀྱི་མཐར་ཐུག་པ་མངོན་པར་བྱང་ཆུབ་པའི་དུས་དང་སྦྱར་ཏེ། སྦྲུལ་གཉིད་པ་ལྟ་བུའི་བྱེད་ཆིངས་མིག་གྱེན་དུ་བཟློག་པའི་ལྟ་སྟངས་ཀྱིས་བཙན་ཐབས་སུ་སྲོག་བསད་པ་ནི། རྟེན་འབྲེལ་ལུས་ལ་བསྒྲིགས་པའི་ཆེ་བས་ཉམས་མྱོང་སེམས་ལ་སྐྱེ་བར་བྱེད། འཁྲུལ་འཁོར་འདུག་སྟངས་ཀྱི་གནད་ཅེས་བྱའོ། །དེ་ནས་སྤྱི་བོའི་དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པ་བླ་མ་སྐུ་རྡོ་རྗེ་འོད་ཀྱི་རང་བཞིན་ཅན་ཡབ་ཡུམ་གྱི་སྦྱོར་མཚམས་ལ་སེམས་གཏད། གསོལ་བ་དྲག་ཏུ་བཏབ་པ་ནི། རིག་པ་ལ་སིང་ཡར་གྱི་སྲིག་བཏོན་པས་རྣོ་ངར་གྱི་རྩི་ཆགས་པར་བྱེད། བྱིང་རྨུགས་ཀྱི་གདན་འཇིག་པར་བྱེད་པའི་གནད་ཅེས་བྱ་ལ། དེས་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོའི་རྒྱུ་ལས་སྐྱེས་པའི་སྟོང་གཟུགས་རབ་འབྱམས་སོ་སོ་རང་རིག་གི་མངོན་སུམ་དུ་བྱེད་པ་ནི། དཀའ་ཐུབ་ཀྱི་སྲང་ནས་རིམ་པ་གསུམ་དུ་ཕྱེ་བས། སྒྲུབ་པ་པོར་ཟགས་ལ་མི་འགྲོ་བར་བྱེད། དྲི་མ་ངོས་འཛིན་བསྲུང་སྡོམ་གྱི་གནད་ཅེས་བྱ་བ་ཡིན་ནོ། །དེའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རལ་གྲིས་རྟོག་པ་དུམ་བུ་ཁྲིགས་སུ་བཅད་པས། ཡེ་ཤེས་རིམ་གྱིས་སྐྱེ་བར་བྱེད། སོ་མའི་མལ་བྱེ་བ་རིག་པ་བྱེ་འཕུར་གྱི་གནད་ཅེས་པ་དང་ལྡན་པར་བྱ་ལ། དེ་ལས་སྤྱན་ལྔ་མཐར་ཕྱིན་ནས་སྣང་བ་ཐམས་ཅད་ཟུང་དུ་འཇུག་པ་གསང་བ་ཆེན་པོའི་སྐུར་རྟོགས་པ་ནི། འགྱུ་བའི་འཕྲང་བཙན་ཐབས་སུ་བཅད་པས། རླུང་སེམས་གཉུག་མའི་དོན་འོད་གསལ་འཆིང་བར་བྱེད། སྤྱན་ལྔ་ལྟ་སྟངས་ཀྱི་གནད་ཅེས་བྱའོ། །འདི་ལ་སྒྲུབ་པ་པོ་འདོད་བློ་མ་བསྟེན་པས། ལམ་རྟགས་ལ་མཆོག་ཏུ་མི་འཛིན་པར་བྱེད། དེ་ནི་འབྲས་བུ་མ་དམིགས་ན་ཐོབ་པའི་གནད་ཅེས་པ་གནད་དུ་ཆེའོ། །གསུམ་པ་རིམ་འཇུག་གི་ལམ་ལྔ་ཐོབ་པ་ནག་ཁྲིད་གདམ་ངག་གི་ཕྲ་གཅོད་པའི་གནད་ལ། ཕྱི་མཚན་ཉིད་ཀྱི་གདམས་པ་ལ་བརྟེན་ནས་ཚོགས་ལམ་བློ་སྦྱོང་གིས་ལམ་བགྲོད། ཕ་རྒྱུད་གཡོ་བའི་རླུང་སྦར་འཛིན་གྱི་ལམ་ལ་བརྟེན་ནས་སྦྱོར་ལམ་དཀའ་ཐུབ་ཀྱིས་སྲངས་སུ་བཅུག མ་རྒྱུད་བདེ་བ་ཉམས་ཀྱི་གདམས་ངག་ལ་བརྟེན་ནས་མཐོང་ལམ་གྱིས་རྗེས་བཅད། སྙིང་པོ་དོན་གྱི་གདམས་པ་ལ་བརྟེན་ནས་བསྒོམ་ལམ་རོ་སྙོམས་ཀྱིས་བོགས་དབྱུང་། རིག་པ་རང་གྲོལ་གྱི་གདམས་པ་ལ་བརྟེན་ནས་མཐར་ཕྱིན་བྱ་བྲལ་གྱི་ལམ་ཐོབ་པར་བྱ་བ་དང་ལྔ་ལས། དང་པོ་ནི། སྐབས་བརྒྱད་རྩ་བ་གཅིག་ཏུ་བསྡུས་ནས་ལམ་ལྔ་གདན་གཅིག་ལ་ཉམས་སུ་བླངས་ནས་ས་བཅུ་དུས་གཅིག་ལ་ནོན་པ་ཞེས་གསུངས་པ་འདི་ཉིད་རྩ་བར་བཞག་སྟེ་བཤད་པར་བྱའོ། དེ་ཡང་། ཚོགས་ལམ་དུ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་མཁྱེན་གསུམ་གྱི་རྣམ་པར་བསྡུས་ནས་སྒོམ་པར་བྱེད་པ་ནི་རྣམ་རྫོགས་སྦྱོར་བ་ཞེས་བྱ་ལ། དེ་ཉིད་མོས་སྤྱོད་དུ་མོས་པས་འཇུག་པའི་དང་། ས་དང་པོ་ནས་བདུན་པའི་བར་མངོན་དུ་བྱེད་པའི་གསལ་སྣང་ཐོན་པ་རྩེ་མོའི་སྦྱོར་བ་སྟེ་བྱང་ཆུབ་ཀྱི་སེམས་གཉིས་ལ་ཡིད་སྦྱངས་པས། བསྟན་པ་ཐམས་ཅད་གདན་གཅིག་ལ་རྫོགས་ཏེ། དོན་གཉིས་མངོན་དུ་གྱུར་པར་བྱེད་པ་ཞེས་དང་། ས་བརྒྱད་པ་ནས་དག་ས་གསུམ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཞུགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་པ་མཐར་ཕྱིན་པ་བྱེད་པས་མཐར་གྱིས་པའི་སྦྱོར་བ་སྟེ་ཤེས་བྱའི་གནས་ལ་བློ་སྦྱངས་པས། སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་གྱུར་ཏེ། གཟུགས་སྐུ་རྟེན་འབྲེལ་གྱི་ཆེ་བ་ལས་འཆར་བ་ཞེས་དང་། རིམ་གྱིས་ཁོ་ནས་ས་གོང་མ་རྣམས་སུ་སེམས་ཀྱི་རྒྱུད་གསེར་ལྟ་བུར་རྣམ་པར་སྦྱོང་བ་དེའི་རྒྱུན་གྱི་མཐའི་སྐད་ཅིག་མ་བྱུང་བ་དེའི་ཚེ་སྐད་ཅིག་མའི་སྦྱོར་བ་སྟེ་སེམས་ཀྱི་སྣང་ཡུལ་ངོས་བཟུང་ནས། ཐབས་རྟེན་འབྲེལ་ལ་རྩལ་སྦྱངས་པས། གཤིས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱ་བའི་མིང་གིས་བསྙད་པ་ཡིན་ནོ། །དེ་ལྟར་བསྒོམས་པས་བག་ཆགས་དང་བཅས་པའི་ཉེས་པའི་དྲ་བ་མཐའ་དག་དང་ནི་བྲལ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་སེམས་ཅན་མཐའ་དག་ཉེ་བར་འཚོ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པ་རབ་ཀྱི་མཐར་ཕྱིན་པའི་ཕུང་པོ་དང་ནི་ལྡན། སྔོན་གྱི་སྨོན་ལམ་འབྲས་བུ་ཡོད་པར་ནི་མཛད། ཐུགས་རྗེ་ཆེན་པོའི་རང་བཞིན་དུ་ནི་གྱུར། ལྷུན་གྱི་གྲུབ་པར་ཐབས་སྣ་ཚོགས་དག་དང་། སྤྲུལ་པ་དཔག་ཏུ་མེད་པ་དག་གིས་འགྲོ་བ་མ་ལུས་པའི་དོན་རྣམ་པ་ཐམས་ཅད་སེམས་ཅན་གྱི་ཁམས་ཀྱི་མཐས་གཏུགས་པར་བཞུགས་ནས་མཛད་པ་ནི་ཆོས་ཀྱི་སྐུ་སྟེ་སྦྱོར་བ་བཞི་པོ་དེ་དག་གིས་འབྲས་བུར་བཞག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཐབས་དང་ཤེས་རབ་ཏུ་བསྡུས་ནས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་བསྒོམས་པས། སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ལྟར་མཁྱེན་གསུམ་གྱི་རྣམ་པར་བསྒོམ་བྱ་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པས་ཐམས་ཅད་དུ་དེ་གསུམ་པོ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། དང་པོར་གཞི་ཤེས་ཀྱི་རྣམ་པ་བསྒོམ་པའི་ཚུལ་ནི། ཡིད་དུ་འོང་བའི་ཕྱོགས་སུ་བདག་གི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་པར་བྱའོ་སྙམ་དུ་བསམ་ཞིང་། འགྲོ་བ་མཐའ་དག་འདོན་པར་འདོད་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ་ཡན་ལག་བདུན་པ་བྱས་ནས། སྟན་ཤིན་ཏུ་བདེ་བ་འཇམ་པོ་ལ་ལུས་བསམ་གཏན་གྱི་བྱེད་ཆིངས་ལྔས་བཅིངས་ཏེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་ཏེ་གཟུགས་ལ་སོགས་པ་ལ་ངའོ་སྙམ་པའི་ཤེས་པ་འབྱུང་བའི་ཕྱིར་རོ། །གང་ཟག་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། གཟུགས་ལ་སོགས་པ་དེ་དག་མི་རྟག་པ་དང་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བཏགས་པའི་ཕྱིར་རོ། །དེ་ཉིད་དམ་གཞན་ཉིད་དུ་བརྗོད་དུ་མི་རུང་བའི་གང་ཟག་གིས་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་དོ། །དེའི་ཕྱིར་འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་ནི་རྫུན་པ་དང་འཁྲུལ་པ་ཁོ་ནའོ་ཞེས་ཤེས་པར་བྱ་བ་དེ་ཡང་། སྒྲར་སྣང་དང་སྒྲར་འཛིན་གྱི་ཤེས་པ་གཏན་ལ་ཕབ་པས། རང་རྒྱུད་དུ་འཛིན་པའི་བློ་ཞིག་སྟེ། བདེན་མེད་ཀུན་རྫོབ་ཀྱི་མཚང་རྟོགས་པ་ཞེས་བྱའོ། །ཇི་ལྟར་ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་བཟུང་སྟེ་དྲན་པ་ནང་དུ་གཞག་པས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པས་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས། སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །གང་གི་ཚེ་དམུས་ལོང་ངམ་མུན་པར་ཞུགས་པའི་མི་དང་འདྲ་བར་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་མི་འཛིན་པ་དེའི་ཚེ་བྱིང་བ་ཞེས་བྱ་ལ། སྔར་བཤད་པའི་ཤེས་རབ་ཀྱིས་གསལ་བར་བྱའོ། །གང་གི་རྣམ་པར་གཡེང་བའི་མི་ལྟ་བུའམ་སྤྲེའུ་བཞིན་དུ་སེམས་མི་གནས་པར་གྱུར་པ་ནི་རྒོད་པ་ཞེས་བྱ་ལ། དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱའོ། དེ་ནི། ལུས་ངག་ཡིད་ཀྱི་ཉེས་སྤྱོད་བསྡམས་པས། ལས་ཀྱི་སྒྲིབ་པས་གོས་དོན་མེད་དེ། གཉེན་པོ་སྟོབས་སུ་གྱུར་པ་ཞེས་བྱའོ། །དེ་ཉིད་ཉོན་མོངས་པ་རྣམས་རྣམ་པར་གནོན་པའི་གཞིར་གྱུར་པས་གཞི་ཤེས་ཀྱི་རྣམ་པ་ཞེས་བྱ་ལ། ཏིང་ངེ་འཛིན་ཤས་ཆེ་ཤེས་རབ་ཤས་ཆུང་པས་ཉན་ཐོས་ཀྱི་རྟོགས་རིས་སུ་བཞག་པ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་བསྒོམ་པའི་ཚུལ་ནི། ཞི་གནས་ལ་གནས་ཏེ་ཤེས་རབ་བཙལ་བར་བྱའི། ཞི་གནས་ཙམ་གྱིས་ཆོག་པར་འཛིན་པར་མི་བྱའོ་སྙམ་དུ་བསམས་ནས། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དོ། །དེ་ལ་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་གཟུགས་ཅན་གང་ཡིན་པ་དེ་དག་ནི། དོན་དམ་པར་ནི་སེམས་ཀྱི་རྣམ་པ་ལས་གང་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་ངེས་པར་བཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས། རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ། བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་དུ་ཆད་པ་བཞིན་དུ་སྣང་གི དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ། །དེའི་ཕྱིར་ཁམས་གསུམ་པོ་ཡང་སེམས་ཙམ་དུ་རྟོགས་ཀྱི་གཞན་དུ་མ་ཡིན་ནོ། །དོན་དམ་པར་ན་སེམས་ཀྱང་སྒྱུ་མ་བཞིན་དུ་མ་སྐྱེས་པ་སྟེ། གང་གི་ཚེ་རྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པས་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ། དེ་ལས་གུད་ན་མེད་པའི་ཕྱིར། དེ་ཉིད་ཀྱང་གཟུགས་ལ་སོགས་པ་བཞིན་དུ་བདེན་པ་ཉིད་དུ་ག་ལ་འགྱུར། ཇི་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། འགོག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། དོན་དམ་པར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བར་མི་རིགས་སོ། དེ་ལྟ་བས་ན་སེམས་ཀྱང་སྒྱུ་མ་བཞིན་ཏེ་སེམས་ཇི་ལྟ་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ་དོན་དམ་པར་ན་མ་སྐྱེས་པའོ། །དེས་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང་། ཐ་མ་ཡང་དག་པར་རྗེས་སུ་མི་མཐོང་། བར་པ་ཡང་དག་པར་རྗེས་སུ་མི་མཐོང་། ཇི་ལྟར་སེམས་ལ་མཐའ་དང་དབུས་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །དེ་ནི་ཡུལ་སྣ་ཚོགས་ལ་རོ་སྙོམས་པས། གཉིས་འཛིན་གྱི་བློ་རང་སར་ཞིག་ནས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་པ་ཞེས་བྱ་ཞིང་། དེས་དེ་ལྟར་སེམས་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས། སེམས་ཀྱི་ངོ་བོ་ཉིད་གང་ཡང་མི་དམིགས་སོ། །སེམས་གང་གིས་ཡོངས་སུ་རྟོགས་པ་དེ་ཡང་སྟོང་པར་རྟོགས། དེ་རྟོགས་པས་སེམས་ཀྱིས་རྣམ་པར་གྲུབ་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་རྟག་གོ་ཞེའམ། སྟོང་ངོ་ཞེའམ། མི་སྟོང་ངོ་ཞེའམ། ཟག་པ་དང་བཅས་པའོ་ཞེའམ། ཟག་པ་མེད་པའོ་ཞེའམ། བྱུང་བའོ་ཞེའམ། མ་བྱུང་བའོ་ཞེའམ། ཡོད་པའོ་ཞེའམ། མེད་པའོ་ཞེས་རྟོག་པར་མི་བྱེད་དོ། །ཇི་ལྟར་གཟུགས་ལ་རྟོག་པར་མི་བྱེད་པ་དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོགས་པ་རྣམས་ལ་ཡང་རྟོག་པར་མི་བྱེད་དོ། །དེ་དེ་ལྟར་ཤེས་རབ་ཀྱིས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་ཞིག་ཀྱང་མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱའོ། །དེ་ནི་རིགས་པས་ཆོས་རྣམས་གཏན་ལ་ཕབ་པས། ཆེད་འཛིན་གྱི་བློའི་སྤུ་རིས་བསུབས་ནས་འཁྲུལ་པའི་ཡིད་རང་གྲོལ་དུ་རྟོགས་པ་ཞེས་པའོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་བཀའ་སྩལ་ཏེ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་སོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ནས་ཆེས་འདི་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་རྣམ་པར་གནས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ལས་དང་འབྲས་བུར་འབྲེལ་བ་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང་། དངོས་པོར་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་ངོ་བོ་མེད། །ཅེས་བཀའ་སྩལ་ཏོ། །འདི་ནི་ཤེས་བྱའི་དེ་ཁོ་ན་ཉིད་བདེན་པ་གཉིས་སུ་གཏན་ལ་ཕབ་ནས། གཉིས་འཛིན་གྱི་བློ་རང་སར་ཞིག་ཏེ། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ཞེས་བྱའོ། །སེམས་ཅན་བྱིས་པའི་བློ་ཅན་འདི་དག་ནི། ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ཡོད་པ་ལ་སོགས་པར་སྒྲོ་འདོགས་པས་བློ་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཡུན་རིང་པོར་འདོད་པའི་འཁོར་ལོ་ན་ཡོངས་སུ་འཁྱམས་པས། བདག་གིས་ཅི་ནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱས་ཏེ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱས་ལ། དེ་དག་ཆོས་ཉིད་དེ་ཁོང་དུ་ཆུད་པར་བྱའོ་སྙམ་པས། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་དེ་ཡོངས་སུ་བསམ་ཞིང་། འདི་ལ་བྱེ་བྲག་ཅི་ཡོད་ན། །ལ་ལ་ལ་ནི་རྗེས་སུ་ཆགས། །ལ་ལ་ལ་ནི་ཁོང་ཁྲོར་གྱུར། །དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ། དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ། མཛའ་བཤེས་དང་དགྲ་ལ་ཡང་སེམས་མཉམ་པ་ཉིད་དུ་བསྒོམ་མོ། །དེ་ནས་བྱམས་པའི་ཆུས་རྒྱུད་བརླན་པར་བྱ་སྟེ། དེ་ཡང་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། མཛའ་བཤེས་ཀྱི་ཕྱོགས་ཐོག་མར་བྱས་ཏེ། རིམ་གྱིས་ཐ་མལ་པ་དང་དགྲ་ལ་ཡང་བསྒོམ་མོ། །དེ་ནས་སྙིང་རྗེའི་ས་བོན་གདབ་སྟེ། སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ། བདག་ཉིད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི། རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་རྫོགས་པ་ཞེས་བྱ་སྟེ། སྙིང་རྗེ་ཆེན་པོའི་མིང་ཡང་འཐོབ་བོ། །དེ་ནས་ལངས་ནས་ཚོགས་རྣམ་པ་གཉིས་བསྒྲུབ་པ་ལ་རིམ་པས་འཇུག་པར་བྱའོ། །དེ་ནི་བག་ལ་ཉལ་འཇོམས་པར་བྱེད་པའི་ཐབས་ཡིན་པས་ལམ་ཤེས་ཀྱི་རྣམ་པ་ཞེས་བྱ་ལ། ཤེས་རབ་ཤས་ཆེ་ཏིང་ངེ་འཛིན་ནི་ཤས་ཆུང་བས་བྱང་ཆུབ་སེམས་དཔའི་རྟོགས་རིས་སུ་བཞག་པའོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བསྒོམ་པའི་ཚུལ་ནི། དེ་ལྟར་གང་དང་གང་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཐོས་ནས། དེ་དང་དེར་ཐོས་པ་དང་བསམ་པ་ཙམ་ཁོ་ནས། དེ་ཁོ་ན་རྟོགས་པ་གང་དག་སེམས་དཔའ་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར། ཆོས་རྣམས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ། །དེ་ཡང་རིག་པའི་ཤེས་རབ་ཀྱི་དངོས་འཛིན་གྱི་བློ་བཤིག་པས། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྟོགས་ཏེ། ཁོ་ན་བའི་ཤེས་པ་མཐའ་བྲལ་དུ་རྟོགས་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ཤས་ཆེ་ན་ཤེས་རབ་ལ་བརྟེན། ཤེས་རབ་ཤས་ཆེ་ན་ཞི་གནས་ལ་བརྟེན་པས་ཆ་མཉམ་དུ་འཇུག་པ་ཐོབ་པ་ན། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཀྱི་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་ཞི་གནས་ལྷག་མཐོང་གི་གཟུགས་བརྙན་དུ་ལྡང་བ་སྟེ། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བས་ན། ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །ཇི་ལྟར་ཤིང་གཉིས་དྲུད་པས་མེ་བྱུང་བ་དེས་ཤིང་དེ་གཉིས་སྲེག་པ་བཞིན་དུ། དེ་ཡང་ཕྱིས་དེ་ཉིད་ཀྱིས་སྲེག་པར་བྱེད་དོ། །དཀོན་བརྩེགས་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་དང་། དགོངས་པ་ངེས་པར་འགྲེལ་པ་ལས། དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་སྤངས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་གསུངས་སོ། །ཤིན་ཏུ་མཉམ་པར་གཞག་གནས་སྐབས་ན། སྦྱིན་པ་ལ་སོགས་པ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང་། དེ་ལྟར་སྦྱོར་བ་དང་དེའི་རྗེས་ལ་འབྱུང་བའི་ཤེས་རབ་གང་བྱུང་བ་དེའི་ཚེ། སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པ་ཁོ་ནའི་ཐབས་ལ་བརྟེན་པ་འབྱུང་བ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་ཅིག་ཅར་དུ་འཇུག་གོ །དེ་ལྟར་ཞུགས་པ་དེ་ཉིད་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོངས་པ་ཐམས་ཅད་བྱེད་པ་དེ་བཞིན། བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཟིན་པ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་གསུངས་པས། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསམ་གཏན་པར་ཐམས་ཅད་དུ་གྱུར་པ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །དེ་ནི་སངས་རྒྱས་ཀྱི་མཛད་པ་བྱེད་ནུས་སུ་སྒྲུབ་པའི་ཐབས་ཡིན་པས་རྣམ་མཁྱེན་གྱི་རྣམ་པ་ཞེས་བྱ་ལ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་སངས་རྒྱས་ཀྱི་རྟོགས་རིས་སུ་བཞག་གོ །དེ་ལྟར་ཡང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི། མི་གསལ་ཏེ་ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་ཕ་རྒྱུད་གཡོ་བའི་རླུང་སྦར་འཛིན་གྱི་ལམ་ལ་བརྟེན་ནས་སྦྱོར་ལམ་དཀའ་ཐུབ་ཀྱི་སྲངས་སུ་བཅུག་པ་ནི། རླུང་འབྱུང་འཇུག་གནས་པ་གསུམ་ལ། ཡི་གེ་གསུམ་གྱིས་བཟླས་པ་བྱས་པས། རིམ་ལྔ་གདན་གཅིག་ཏུ་རྫོགས་པ་ཞེས་པ་འདི་ཉིད་གཞིར་བྱས་ནས་བསྒོམ་པར་བྱ་སྟེ། དེ་ཡང་། གཡས་སུ་མེའི་རླུང་རྐྱང་པར་འབབ་པ་དགུ་བརྒྱ། གཡས་ཅུང་ཟད་འགྲིབ་པའི་རིམ་གྱིས་གཡོན་དུ་འཕེལ་བ་མཉམ་རྒྱུ་ས་རླུང་དགུ་བརྒྱ་ཕྲག་གཅིག དེ་བཞིན་དུ། གཡོན་ལའང་རླུང་གི་རླུང་རང་རྐྱང་དུ་འབབ་པ་དང་གཡོན་འགྲིབ་གཡས་སུ་འཕེལ་བའི་ཆུའི་རླུང་དགུ་བརྒྱ་འབབ་པ་མགོན་པོ་བཞིའི་རླུང་དངོས་སུ་རྒྱུ་བ་ཡིན་ལ། སྤྱོད་བསྡུས་ལས། ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ། མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་དེ་ནི་དེ་བཞིན་གཤེགས་པ་དཔལ་རྣམ་པར་སྣང་མཛད་དེ། ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ན་ཡང་། འོད་ཟེར་ལྔ་ངེས་པར་འབྱུང་སྟེ། ཞེས་གསུངས་པས། གང་ཁམས་ལྔ་པོ་གཅིག་ཡོད་པར་ཐམས་ཅད་ཀུན་འབྱུང་བ་ནི། འཁོར་བའི་གནས་སྐབས་ཐམས་ཅད་དུ་ཁམས་ལྔའི་དྭངས་མ་སོ་སོར་བྱེ་མི་སྲིད་པའི་གཞོམ་མེད་ཀྱི་ཐིག་ལེར་གནས་པའི་གནད་ཀྱིས་ཡིན་ནོ། །དེ་ལྟར་མགོན་པོ་སོ་སོའི་རླུང་འབྱུང་འཇུག་གི་མཚན་ཉིད་ཅན་ལྷ་དེ་དང་དེའི་སྔགས་རླུང་དང་སྦྱར་ཏེ་བཟླས་པས། ལས་སོ་སོ་འགྲུབ་པ་ལ་སོགས་པ་དང་། ཁ་དོག་དང་གསལ་སྣང་འབྱུང་བ་ནི་དག་སྣང་ལ་ཡིད་སྦྱངས་པས། དངོས་འཛིན་གྱི་སྤུ་རིས་བསུབས་ནས། སྣང་བ་སྤྲུལ་སྐུར་འཆར་བ་ཞེས་བྱ་སྟེ། རགས་པའི་རྡོར་བཟླས་སོ། །དེ་ནས་འབྱུང་འཇུག་གི་མཚན་ཉིད་ཅན་གྱི་རླུང་མལ་དུ་ཟིན་པས་རྒྱུ་བ་ཅུང་ཟད་འགགས་ནས་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་མགོན་པོ་སོ་སོའི་ངེས་པ་དང་མཐུན་པར་གནས་པ་ཡེ་ཤེས་ལྔའི་རང་བཞིན་མི་ཤིགས་པའི་འོད་ལྔའི་རླུང་ཡུངས་འབྲུ་ཙམ་དང་། དེ་དང་མི་ཕྱེད་པའི་འོད་གསལ་བའི་ལྷ་དེ་ཉིད་རླུང་དང་དབྱེར་མེད་དུ་སྦྱོར་བ་ལ་སློབ་པ་ནི། སྒྲ་དོན་ལ་ངག་སྦྱངས་པས། ཆོས་བརྒྱད་ཀྱི་ཆགས་སྡང་བསུབས་ཏེ། གྲགས་པ་གསུང་དུ་རྟོག་པ་ཞེས་པ་ཕྲ་བའི་རྡོར་བཟླས་སོ། །དེ་ཉིད་སྔགས་ཀྱི་དེ་ཁོ་ན་ཉིད་དམ། རྡོ་རྗེ་བཟླས་པའི་རིམ་པ་སྟེ། རིམ་པ་དང་པོའོ། །དེ་ནས། རྣམ་ཤེས་ཀྱི་བཞོན་པའི་རླུང་རྣམས་དབུ་མར་བསྒྲུབ་པར་བྱ་བའི་ཕྱིར་སེམས་དབེན་ལ་འཇུག་སྟེ། དེ་ཡང་། བེམ་རླུང་དང་ཚོགས་པ་མ་བྱེ་བའི་རླུང་གི་གཞོན་པའི་རྒྱུའི་དབང་སོགས་ཡུལ་ལ་འཇུག་པ་ན་སྣང་མཆེད་གཉིས་ཀྱི་གཙོ་བོར་ཤེས་པའི་ཁ་བདག་བྱེད་པ་ཡིན་ལ། དེའི་དབང་གིས་རང་བཞིན་བརྒྱད་ཅུའི་རྟོག་པ་འབྱུང་བ་ལ་ཉོན་མོངས་དང་། དེ་ལ་མངོན་པར་འདུ་བྱས་ཏེ། འབྲས་བུ་སྡུག་བསྔལ་གྱི་སྲིད་པར་གྲུབ་བོ། །སེམས་རླུང་རགས་པ་མི་རྒྱུ་བའི་དུས་སུ་ལུས་ཀྱི་བདག་པོའི་རྒྱུ་གང་གིས་བྱེད་སྙམ་ན། སྣང་མཆེད་གཉིས་ཀྱི་རྒྱུར་གྱུར་པའི་ཉེར་ཐོབ་ཀྱིས་གཙོ་བོའི་ཁ་བདག་བྱེད་པ་ཡིན་ནོ། །འོ་ན་མཚོན་བྱེད་རང་བཞིན་དེ་རྣམས་ཀྱི་མཚོན་བྱ་ཡེ་ཤེས་ཐ་མལ་པ་ལ་མྱོང་བའི་ཚུལ་དུ་འབྱུང་ངམ་ཞེ་ན། དངོས་མི་འབྱུང་ཀྱང་། ཆ་འདྲ་བ་ལ་དེའི་མིང་གིས་བཏགས་པ་སྐད་ཅིག་ཙམ་འབྱུང་བ་ལས་རང་བཞིན་སོ་སོར་འབྱུང་ངོ་ཞེས་པའི་སྐད་ཅིག་ཡུལ་སྔ་ཕྱི་ལ་འཇུག་པ་བོར་བའི་བར་དུ་རྟོག་མེད་ལུང་མ་བསྟན་འབྱུང་བ་ནི་ཐ་མལ་པས་མྱོང་བའི་ཡེ་ཤེས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། ཞལ་ལུང་དུ་ཐལ་བྱུང་གི་སྟོང་པ་ཞེས་བསྙད་དོ། །འདིར། རྟོག་པས་འདྲེས་པར་འཛིན་པའི་ཤེས་པ་ཡང་མ་ཡིན། སྤྲོས་པའི་རྟོག་པ་བཀག་ཙམ་གྱི་ལུང་མ་བསྟན་ཡང་མ་ཡིན་པའི་རང་རིག་ཙམ་གྱི་ཡེ་ཤེས་དེ་མངོན་དུ་བྱས་ནས། དེ་ཉིད་སྣང་གསུམ་དུ་ཤར་བའི་སྒྱུ་མ་ལྟ་བུ་མི་ཕྱེད་པའི་ཡན་ལག་ལ་གནས་པ་ནི་ཉམས་ཀྱི་འོད་གསལ་ལམ་དཔེའི་ཡེ་ཤེས་ཏེ་སྟོང་པ་ཉིད་ལ་སེམས་སྦྱངས་པས་རང་བཞིན་བརྒྱད་ཅུའི་རྩ་བ་ཞིག་ནས། འོད་གསལ་ཆོས་སྐུ་རྟོགས་པ་ཞེས་བྱ་སྟེ། ཕྱག་རྒྱའི་དེ་ཁོ་ན་ཉིད་དམ། སེམས་དབེན་གྱི་མིང་ཅན་རིམ་པ་གཉིས་པའོ། །དེ་ནས། སྣང་གསུམ་གྱི་རིམ་པས་མངོན་དུ་གྱུར་པ་ལས་འོད་གསལ་དྭངས་མའི་རླུང་དང་འདྲེས་པ་ཉིད་སྒྱུ་མ་ལྟ་བུའི་བརྟན་གཡོའི་འཁོར་ལོར་འཆར་ཞིང་། སྣང་གསུམ་མངོན་དུ་མ་གྱུར་པ་དེ་སྲིད་ལས་རླུང་དང་འདྲེས་པ་ལས་རྣམ་པ་སྣ་ཚོགས་པ་འཁོར་བའི་ཆོས་སུ་འཆར་རོ། །དེ་བས་རྣམ་རྟོག་གི་བཅོས་མས་སྒྱུ་མར་བརྟག་པ་མིན་གྱི་ཚོགས་དྲུག་གི་འཇུག་པ་གང་ཤར་ཉིད་ཀྱི་སྟེང་དུ་མཉམ་པར་གཞག་པ་རང་གིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་སྟེ། ཏིང་ངེ་འཛིན་འདི་ཐམས་ཅད་ནི་རྟོག་མེད་ཡིན་པས་སོ། །རྟོག་མེད་ཀྱི་ཏིང་ངེ་འཛིན་སྣང་གསུམ་གྱི་རང་བཞིན་ཅན་གང་གི་ངང་དུ་འདིར་མོས་པ་རྣམས་ཀྱིས་མཚན་པའི་བརྟན་གཡོའི་འཁོར་ལོ་ཇི་སྙེད་པ་མེ་ལོང་གི་གཟུགས་བརྙན་ལྟར་མཐོང་བ་ལ་སྒྱུ་མ་ལྟ་བུའི་སྐུ་ཞེས་བཤད་དོ། །དེ་ནི། ཐབས་ལུས་ཀྱི་འཁྲུལ་འཁོར་གྱི་གནད་ལ་སྦྱངས་པས། འཁྲུལ་པའི་རླུང་རང་མལ་དུ་འཆིངས་ཏེ། གཟུང་འཛིན་གྱི་རྟོག་པ་བག་ལ་ཞ་བ་ཞེས་བྱའོ། །འདོད་ན་མངོན་པར་ཤེས་པ་ལྔ་ལ་སོགས་པ་མྱུར་བར་བསྒྲུབ་པའི་ཕྱིར། རྩ་བའི་རླུང་ལྔ་སྟོད་དུ་བཅིངས་ནས་ལྟེ་བར་མནན། སའི་མི་ཤིགས་པ་གསེར་གྱི་སྦྲམ་བུ་ལྟ་བུ་ཡུངས་འབྲུ་ཙམ་ལ་བསམ་གཏན་བྱས་པས་ཟད་པར་ས་དང་། སྙིང་གར་ཆུ་དང་། མགྲིན་པར་མེ་དང་། སྤྱི་བོར་རླུང་གི་ཟད་པར་མངོན་དུ་འགྱུར་ཞིང་། ཆུ་བུར་གྱི་མིག་ལ་སོགས་པ་དག་པས་སྤྱན་ལྔ་ལ་སོགས་པའི་ཡོན་ཏན་ཐོབ་པ་སྟེ། རྩ་བའི་རླུང་ལྔ་སྟོད་ལ་མནན་པས། ཡན་ལག་གི་རླུང་ལྔ་ལས་སུ་རུང་སྟེ། ཡོན་ཏན་གྱི་འཆར་སྒོ་དུ་མ་རྟོགས་པ་ཞེས་བྱ་བའོ། །དེ་ནས་བཙན་ཐབས་སུ་སྲོག་གཟུགས་སམ་ཟག་བཅས་ཀྱི་ཕུང་པོ་འཇའ་ལུས་སུ་བསྒྲུབ་པའི་ཚུལ་ལ་འཇུག་པར་བྱ་སྟེ། སྲོག་ཐུར་གྱི་རླུང་གོང་བུ་གཅིག་ཏུ་བྱས་ནས་ལྟེ་བའི་བྷ་གར་བཅུག མི་ཤིགས་པའི་ཙཎྜྻཱ་ལི་དང་རོ་གཅིག་པའི་བུམ་པ་ཅན་གྱི་ས་ཆུ་ལ་བསྟིམ། དེ་ནས། སྙིང་མགྲིན་སྤྱི་བོར་འབྱུང་བ་ལྷག་མ་གསུམ་ཐིམ་པའི་འགྲོས་ཀྱིས་སླར་གསང་གནས་ཀྱི་འཁོར་ལོར་རླུང་ནམ་མཁའ་ལ་ཐིམ་པའི་ཚུལ་གྱིས་བཅུག་པས་རླུང་ཐམས་ཅད་སྒྲ་ཚུལ་དུ་དག་པའི་དྷཱུ་ཏཱིའི་རྐང་སྒྲས་ཁམས་ཐམས་ཅད་ཅིག་ཅར་དུ་དྭངས་པའི་འཇའ་ཚོན་ལྟ་བུའི་ལུས་སུ་འགྲུབ་པར་འགྱུར་རོ། །དེ་ཉིད་ཁམས་ལྔའི་དྭངས་མའི་རླུང་གི་ཚོགས་པ་ཙམ་ཡིན་པའི་ཕྱིར་སྲོག་གི་གཟུགས་ཞེས་ཀྱང་བྱའོ། །དེ་ཡང་། ཕྲ་རགས་ཀྱི་རླུང་གཅིག་ཏུ་བསྡུས་ནས། སྲོག་བརྩོལ་གྱི་རླུང་དུམ་བུ་གཅུད་པས། རྗེས་ལ་དོན་གྱི་ངོ་བོ་རྟོགས་པ་ཞེས་པ་དེ་ནི། བདག་གི་དེ་ཁོ་ན་ཉིད་དམ། སྒྱུ་ལུས་ཞེས་བྱ་བ་རིམ་པ་གསུམ་པའོ། །དེ་ནས་སྒྱུ་མར་སྣང་བཞིན་པ་རྣམས་ཀྱི་བཞོན་པའི་རླུང་ཡེ་ཤེས་ཀྱི་ཙཎྜྻཱ་ལི་གདོད་མའི་འོད་གསལ་རྟོག་བྲལ་དང་མངོན་སུམ་དུ་སྦྱོར་བ་ཞི་བ་ཅན་གྱི་རླུང་བུམ་པ་ཅན་ལ་འབད་པས། ཡེ་ཤེས་ཀྱི་ཙཎྜྻཱ་ལི་བདག་པོར་གྱུར་ནས་ཁམས་སྙིགས་མ་ཐམས་ཅད་ཐིམ་པས་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་པ་དེ་ནི་རྩ་གསུམ་རླུང་གི་སྦྱོར་བས་བཀང་བས། སྤྲོས་བྲལ་དོན་གྱི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས། ཆོས་སྐུ་རྟེན་མེད་རང་གསལ་དུ་རྟོགས་པ་ཞེས་བྱའོ། །དེ་ནི། ཆོས་ཀྱི་དེ་ཁོ་ན་ཉིད་དམ། མངོན་པར་བྱང་ཆུབ་པའི་མིང་ཅན་རིམ་པ་བཞི་པའོ། །དེ་ལྟར་སྒྱུ་ལུས་སྣང་གསུམ་གྱི་མཚན་ཉིད་ཅན་འོད་གསལ་དུ་ཞུགས་པའི་སྐད་ཅིག་དང་པོ་ནས་དག་པའི་འོད་གསལ་ལམ་མངོན་པར་བྱང་ཆུབ་པའི་ཐ་སྙད་འཐོབ་ལ། དེ་ཉིད་ཟུང་འཇུག་གི་རིམ་པའང་ཡིན་ཞིང་། འོད་གསལ་དེ་ལས་རྗེས་ཐོབ་སྒྱུ་ལུས་སུ་ལངས་པ་ཡེ་ཤེས་ཀྱི་སྐུ་གྲུབ་པ་སློབ་པའི་ཟུང་འཇུག་གམ། སངས་རྒྱས་ཀྱི་ས་མཐོང་ལམ་ཆེན་པོ་ཞེས་བྱ་ལ། འདི་ནས་ལས་ཉོན་སོགས་དང་བཅས་པ་ལོག་ཅིང་། མཚན་དཔེ་དང་རྣམ་མཁྱེན་ཆ་མཐུན་པ་ཐོབ་བ་སྟེ། ལྟ་སྟངས་ཀྱི་ཡུལ་རིག་པ་བསྒྱུར་བས། རླུང་དང་རྟོག་པའི་འགྲོ་འོང་བཅད་དེ། རྗེས་ལ་མ་བཅོས་པའི་དོན་རྟོགས་པ་ཞེས་བྱའོ། །དེ་ནས་ས་བདུན་པའི་བར་དུ་ཉོན་མོངས་པའི་བག་ཆགས་ཀྱི་ལུས་ཕྲ་བ་སྦྱང་བའི་ཕྱིར་ཟུང་འཇུག་གི་ཏིང་ངེ་འཛིན་ཉིད་སའི་རིམ་པས་སྦྱངས་པ་ལས་ས་བརྒྱད་པར་མི་སློབ་པའི་ཟུང་འཇུག་འགྲུབ་སྟེ། འདི་ནས་ཉོན་ཡིད་གནས་གྱུར། ཞེས་པའང་དོན་འདི་ཉིད་ཡིན་ལ། མཚན་དཔེ་རྣམ་མཁྱེན་སོགས་སྔ་མ་ལས་ཕུལ་དུ་གྱུར་པ་ཉིད་དང་། སྟོབས་བཅུ་སོགས་བྲལ་འབྲས་རྗེས་མཐུན་པའང་བཞག་གོ །ལྟ་སྟངས་ཀྱིས་རིག་པ་བྱེ་འཕུར་དུ་ཁྱེར་བས། འཁྲུལ་པའི་རླུང་གིས་གླགས་བཅད་དུ་མེད་དེ། འོད་གསལ་འགྲོ་འོང་མེད་པར་པ་ཞེས་བྱའོ། །དེ་ནས་དག་ས་གསུམ་གྱི་མཐར་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་ཀུན་ཏུ་སངས་རྒྱས་པའི་ས་གྲུབ་ནས། དེ་ནས། རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་ཤེས་བྱ་མ་ལུས་པའི་རྣམ་པར་འཆར་ཞིང་། གཟུགས་སྐུའི་རོལ་མོའང་མཚན་ཉིད་པ་འབྱུང་བ་ཡིན་ནོ། །དེ་ནི་རྩ་བ་མ་རིག་པའི་རླུང་བཅིངས་པས། ཡན་ལག་གི་རླུང་ཕྲ་རགས་ཐམས་ཅད་འཆུན་ནས། རྩོལ་མེད་བྱང་ཆུབ་ཀྱི་རླུང་རྟོགས་པ་ཞེས་བྱ་བ་ལྷའི་དེ་ཁོ་ན་ཉིད་དམ་ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ་པའོ། །གསུམ་པ་མ་རྒྱུད་བདེ་བ་ཉམས་ཀྱི་གདམས་ངག་ལ་བརྟེན་ནས་མཐོང་ལམ་གྱི་རྗེས་བཅད་པ་ནི། ཕྱག་རྒྱ་བཞི་གདན་རྫོགས་སུ་བསྒོམ་པའི་ལམ་སྟེ། དབབ་བཟུང་བཟློག་དང་དགྲམ་པའི་གནད་ཀྱིས། ཐིག་ལེ་རྡོ་རྗེའི་དབྱིབས་སུ་ཆགས་པར་གྱུར་ནས། ནམ་མཁའ་རྡོ་རྗེའི་གྲོང་དུ་འཇུག་པ་ཞེས་པ་རྩ་བར་བྱས་ནས་བཤད་དེ། དང་པོར་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པ་དྲི་ཞིམ་པ་ཁྲེམས་གཉེར་གསུམ་གྱིས་མངོན་པར་མཛེས་པ། དབུས་ཤིན་ཏུ་ཕྲ་ཞིང་རྒྱལ་མཚན་ལྟར་ལྟེ་བ་རྒྱ་ཆེ་བ་གཡས་སུ་འཁྱིལ་ཞིང་ཟབ་པ། རོ་སྨད་ལྕི་བ་དལ་ཞིང་སྒེག་པ་འཛུམ་བག་དང་བཅས་ཤིང་ཞི་བར་ལྟ་བ་ལོ་བཅུ་དྲུག་མ་སྐྱེ་གནས་མ་ཉམས་ཤིང་ནུ་མ་མཁྲང་ཞིང་རྒྱས་པའི་ན་ཆུང་མཆོག་རིགས་གང་ཡང་རུང་བ་ལས་བཙལ་བར་བྱ་སྟེ། རྟེན་དམན་པ་ལ་ཡོན་ཏན་སྐྱེ་བར་དཀའ་བས། མཚན་ལྡན་རིགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པ་ཞེས་པས་སོ། །ཕྱག་རྒྱ་དེ་ཡང་བྱང་ཆུབ་ཏུ་སེམས་རྣམ་པ་གཉིས་བསྐྱེད་ཅིང་། རང་དང་རིགས་གཅིག་ཏུ་གཏོགས་པའི་རྒྱུད་ཡོངས་སུ་དག་པ་མཐར་ཕྱིན་པར་བྱ་སྟེ། རྒྱུད་མ་སྨིན་པའི་རྟེན་ལ། ཡོན་ཏན་གྱི་རྩི་མི་འཆགས་པས། ཐོག་མར་རྒྱུད་སྦྱོང་བ་སྔོན་དུ་གཏོང་བ་ཞེས་པས་སོ། །དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་རང་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། ལྷ་མོ་ཐམས་ཅད་འདུས་པའི་ཕྱག་རྒྱའི་ལུས་དཀྱིལ་རྡོ་རྗེ་སྙེམས་མར་མི་ཕྱེད་པའི་ང་རྒྱལ་གྱིས་ཡུལ་དང་དབང་པོ་དང་། རྡོ་རྗེ་དང་། པདྨ་དང་། ཐབས་དང་ཤེས་རབ་དང་། ཤེས་བྱ་དང་ཤེས་པ་སྙོམས་པར་ཞུགས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དྲི་མ་མེད་པའི་རྒྱུན་ལྟ་བུར་ཞུ་བར་གྱུར་ནས། ལུས་ཀྱི་ཆ་ཐམས་ཅད་དུ་ཁམས་གཡོ་བ་རླུང་གི་མཚན་ཉིད་ཅན་དགའ་བའམ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་གམ། སྣང་བའི་ཡེ་ཤེས་ལ་རང་མྱོང་གི་གནད་བཅིངས་པས་ལམ་དུ་བཏང་། དེ་ནས་རྗེས་ཆགས་ཀྱིས་བསྐུལ་བས་ཁམས་འདུས་པའི་དབང་གིས་བདེ་བར་སྨིན་ཅིང་། རྫོགས་པ་མེའི་མཚན་ཉིད་ཅན་མཆོག་དགའམ། རྣམ་པར་སྨིན་པའམ། སྣང་བ་མཆེད་པའི་འོད་གསལ་གྱི་ཡེ་ཤེས། དེ་ནས་ནོར་བུའི་བར་འོག་ཏུ་ལྟུང་བ་ཆུའི་མཚན་ཉིད་ཅན་ཁྱད་དགའ་འམ་རྣམ་པར་མཉེད་པའི་སྐད་ཅིག་གམ། སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས། དེ་ནས། ཐིག་ལེ་ནོར་བུའི་དབྱིབས་སུ་ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ཟེའུ་འབྲུས་མི་འདའ་བར་འཛིན་པ་སའི་མཚན་ཉིད་ཅན་ཏེ་ལྷན་ཅིག་སྐྱེས་དགའམ། མཚན་ཉིད་དང་བྲལ་བའི་སྐད་ཅིག་གམ། འོད་གསལ་གྱི་ཡེ་ཤེས་ལམ་དུ་བཏང་བ་སྟེ། དབབ་པ་ཡིན་ནོ། །དེ་ལ་ཐབས་ཀྱི་དམ་ཚིག་ཉམས་པར་གྱུར་ན། ཡོན་ཏན་གྱི་འཆར་སྒོ་འགག་པ་ཡིན་པས། གཉེན་པོ་སྟོབས་ལྡན་བརྟེན་པ་ཞེས་བྱའོ། །དེའི་ཚེ་སྟེང་གི་རླུང་འཆུན་དང་ལྡན་པ་འོག་གི་སྒོ་གཉིས་སུ་འཕུལ་ནས། དམར་ལམ་གྱི་སྣང་བ་མ་ཤར་བར་དུ་གཅུན་ན་ཐིག་ལེའི་ལམ་འགགས་ཏེ་ལུས་སྨད་ལྕི་སྙམ་བྱེད་ཅིང་རྟེན་ལས་སུ་རུང་བར་འགྱུར་ཏེ་བཟུང་བ་ཡིན་ནོ། །དེ་ལ་འོག་སྒོ་སྟེང་གིས་འཆུན་པར་གྱུར་ན། བདུད་རྩིའི་ལམ་རང་འགགས་ལ་འགྲོ་བ་ཡིན་པས། སྲོག་རྩོལ་གྱི་ལམ་སྔོན་དུ་གཏོང་བ་ཞེས་བྱའོ། །དེ་ནས་རླུང་སྟེང་དུ་དྲག་པོར་འཐེན་པས་རྡོ་རྗེ་སྲིན་པོའི་ཁ་བཅིང་ཞིང་དུད་འགྲོའི་འགྱུར་བ་བཞིས་གཅུད་པས་ཁམས་གྱེན་དུ་བཟློག་པར་འགྱུར་བ་ནི་བཟློག་པའོ། །དེ་ལ། སྟེང་སྒོ་འོག་གིས་འཆུན་པར་གྱུར་ན། བདེ་ཆེན་རང་འབར་ལ་འགྲོ་བ་ཡིན་པས། རྡོ་རྗེ་སྲིན་པོའི་ཁ་འཆིང་བ་ཞེས་བྱའོ། །དེ་ནས། བུམ་པ་ཅན་གྱི་རླུང་གིས་འཁོར་ལོ་བཞིའི་ཙཎྜྻཱ་ལི་བསྐུལ་བས་དགའ་བ་བཞི་ཉམས་སུ་མྱོང་བའི་འབར་འཛག་རྩའི་ཞིང་ཐམས་ཅད་དུ་བརྟེན་པའི་ཕྱིར་དམ་པའི་སྟང་སྟབས་བདུན་གྱིས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་བསྲེ་བ་ནི་དགྲམ་པ་ཡིན་ནོ། །དེ་ལ། འཁོར་ལོ་བཞི་རང་གནས་སུ་བྲོས་པས། དགའ་བ་བཞིའི་ཡེ་ཤེས་སྐྱེས་ནས། སྤྲོས་མེད་ལྷན་ཅིག་སྐྱེས་པ་རྟོགས་པ་ཞེས་བྱའོ། །དེ་དག་ནི་ལས་ཀྱི་ཕྱག་རྒྱའི་ལམ་རིམ་སྟེ། ཉམས་མྱོང་གི་སྣ་བདེ་བས་འདྲེན་པར་བྱེད་པས། གཞན་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ་བརྟེན་ནས། བདེ་གསལ་སྟོང་པའི་ཉམས་དངོས་སུ་སྐྱེ་བར་བྱེད་པ་ཞེས་སོ། །དེ་ནས་ཡང་དང་ཡང་དུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུང་འཛིན་ཕྲ་རགས་ཐམས་ཅད་བསྡུས་ཏེ་གཉིས་སྣང་གཅོད་པའི་རྒྱུན་སྤྱི་བོ་ནས་བརྩམས་ཏེ་མཐེ་བོའི་བར་གྱི་ནཱ་ཌི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཨཱ་ལི་ཀཱ་ལིའི་བདག་ཉིད་དུ་ཞུགས་པར་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ་སོ་རང་གི་རིག་པ་ཉིད་རྫོགས་པར་བྱེད་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་བཞི་པོ་ཉིད་རེ་རེ་ཡང་བཞི་བཞིར་ཕྱེ་བས་ཁམས་ཟླ་བའི་ཆས་དབྱེ་བའི་རང་སའི་ས་བཅུ་དྲུག་གམ། ཉི་མའི་ཡོན་ཏན་མུན་རྡུལ་སྙིང་སྟོབས་ཀྱིས་ཕྱེ་བས་ས་བཅུ་གཉིས་མངོན་དུ་གྱུར་པ་ནི། ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། རང་གསལ་མདངས་དང་ལྡན་པའི་ཉམས་ཀྱིས། ཡུལ་གྱི་འཁྲུལ་པ་རང་སར་བཅོམ་ནས། རྟོགས་པའི་གདེངས་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ཡང་། ལུགས་འབྱུང་དུ་ཐིག་ལེ་འཕོ་བའི་རིམ་པ་ནི་རྩ་བ་སྤྱི་བོའི་ཁམས་དཀར་ཆར་བདག་གི་རྟེན་དུ་གྱུར་པ་དག་གིས་བསྐྱེད་པས་གཙོ་བོར་འཁོར་བའི་ཆོས་དང་རྟོག་པའི་ཕྲ་རགས་ལས་མ་འདས་པས་དེའི་མཐའི་ཐིག་ལེ་རྡོ་རྗེའི་དབྱིབས་སུ་འཆིངས་པའི་ཡེ་ཤེས་ནི་འཇིག་རྟེན་པའི་ལྷན་སྐྱེས་སུ་སྤྱིར་བཞག་ཅིང་། ལུགས་བཟློག་ནི་ས་ལས་བཅིངས་པའི་བདེ་བ་ཨ་ཐུང་བདག་མེད་པའི་མཚན་ཉིད་ཅན་ཡིན་པས་བདེ་བ་སྐྱེད་པས་ན་འཇིག་རྟེན་ལས་འདས་པའི་ཆོས་སུ་འགྱུར་བ་སྟེ། དེས་རྩ་རླུང་ཁམས་ཐམས་ཅད་དབུ་མར་སྦྱོང་བ་ཡིན་ཞིང་རྡོ་རྗེ་ལུས་སུ་གྱུར་ནས་བཙུན་མོ་མཆོག་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར། ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །དེ་བས་ན་ལུགས་བཟློག་ཅེས་པ་ཡང་ལུས་ལ་ཁམས་སྙིགས་མ་གྱེན་དུ་འགྲོ་བ་ལྟ་བུ་ཁོ་ན་ལ་ནི་མི་གཟུང་གི དེ་ནི་འཁོར་བའི་འབྱུང་རིམ་ལས་བཟློག་པའི་ཤེས་རབ་ཀྱི་དགའ་བ་བཞི་རེ་རེར་བཞི་བཞིར་ཕྱེ་བ་དང་ཉི་མའི་ཡོན་ཏན་གྱིས་ཕྱེ་བའི་ས་བཅོ་ལྔ་དང་བཅུ་གཅིག་པ་ཚུན་དེ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ཡང་། བདེ་བའི་རོ་སྟོང་པ་རུ་འབར་བས། གསལ་བ་རང་ཤུགས་ལ་གྲུབ་སྟེ་མི་རྟོག་པའི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་ཞེས་པས་སོ། །གཙུག་ཏོར་མཆོག་ཏུ་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་བདེ་བ་ཐམས་ཅད་ཅིག་ཅར་ཐིམ་པས་མི་གནས་པའི་མྱ་ངན་ལས་འདས་པ་ཁ་སྤྱོར་ཡན་ལག་བདུན་གྱི་སྐུ་ཐོབ་པ་དེ་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཡང་བདེ་བ་དྲོད་ཀྱི་མེ་ཆེན་འབར་བས། ཁམས་ལྔའི་དྭངས་མ་གཅིག་ཏུ་ཞུ་ནས། འབྱུང་བའི་ཟག་པ་ཟད་པ་ཞེས་སོ། །བཞི་པ་སྙིང་པོ་དོན་གྱི་མན་ངག་ལ་བརྟེན་ནས་སྒོམ་ལམ་རོ་སྙོམས་ཀྱིས་བོགས་དབྱུང་བ་ནི། བརྒྱུད་ལྡན་བླ་མའི་བྱིན་རླབས་ཕོག་པས། སྣང་བ་མེད་པའི་ཆོས་ཉིད་རྟོགས་ནས། རང་གྲོལ་བླང་དོར་མེད་པ་ཞེས་པའི་དོན། རྣལ་འབྱོར་བཞི་འམ། ཏིང་ངེ་འཛིན་བཞི་གདན་རྫོགས་སུ་བསྒོམ་པ་སྟེ། དེ་ཡང་། ཐབས་ཀྱི་སྦྱོར་བས་བློ་སྤུ་རིས་བཤིག་པས། ཆོས་ཉིད་མ་བཅོས་པའི་དོན་མངོན་དུ་གྱུར་ནས། རེ་དོགས་མེད་པའི་གནས་ལུགས་རྟོགས་པ་ཞེས་པའི་དོན། དྲན་པའི་གཟུངས་ལ་བརྟེན་པ་སྟེ། བྱིང་བ་དང་རྒོད་པ་ལ་དེར་ཤེས་ནས་དེའི་གཉེན་པོ་བརྟེན་ཅིང་རབ་ཏུ་ཤེས་པའི་བློ་བྱ་ར་བ་དང་འདྲ་བས། གླང་པོ་ཆེ་ཡུལ་བསྲུང་བ་ལྟ་བུའོ། །སྐྱོན་སྐྱེས་ཐུག་ཕྲད་ཀྱི་ཤེས་པ་ངོས་བཟུང་བས། དྲན་པ་དོན་གྱི་ངོ་བོ་རྩ་བ་བྲལ་ཏེ། འགྱུ་བྱེད་ཀྱི་བློ་ཐམས་ཅད་གཞི་གཅིག་ཏུ་རྟོགས་པ་ཞེས་བྱ་བའི་དོན། དེ་ཉིད་ཇི་ལྟར་རི་དྭགས་ཀྱི་རྒྱལ་པོ་སེང་གེས་རི་དྭགས་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་གཞན་ལ་ཉམས་ང་བ་དང་འཇིགས་པ་དང་སྤུ་ཟིང་ཞེས་བྱ་བ་མེད་པར་གནས་ཤིང་། གཞན་ཁ་ཟས་ཙམ་ཞིག་ཡིད་ལ་བྱེད་པ་དེ་བཞིན་དུ། ཏིང་ངེ་འཛིན་འདིས་ཀྱང་ཐུག་ཕྲད་ཀྱི་ཤེས་པ་ངོས་བཟུང་ནས། རྩ་བ་ཕྲལ་ཏེ་ཆོས་བདག་མེད་པ་ཙམ་ཞིག་ཡིད་ལ་བྱེད་པའི་ཆ་ནས་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ཞེས་སམ་རྩེ་གཅིག་གི་རྣལ་འབྱོར་ཞེས་བྱའོ། །དེ་ནས། མ་བཅོས་པའི་དོན་ལ་ཇི་ལྟ་བ་བཞིན་དུ་ཁྱབ་གདལ་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་སྙོམས་སུ་མཉམ་པར་གཞག་པས། ཕུང་སོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རང་བཞིན་དུ་རང་གྲོལ་བས་དེའི་རང་བཞིན་ལ་སྒྲིབ་པ་བསལ་བ་དང་ཡེ་ཤེས་པ་སྐྱེད་དུ་མེད་དེ་འོད་གསལ་བར་ཤེས་སོ། །དཔེར་ན་ཅེ་སྤྱང་གི་མིག་ལ་ཉིན་མཚན་མེད་པ་ལྟར་རོ། །དེ་ལྟར་ཤེས་པས་དཔེར་ན་ནམ་མཁའ་ལ་མ་གཡོས་བཞིན་དུ་སྨིག་རྒྱུ་གཡོས་པ་དང་སྔོ་བར་སྣང་བ་དེ་བཞིན་དུ་སྣང་བ་མེད་པའི་ཏིང་ངེ་འཛིན་དེ་ཐོབ་པ་ཕྱིན་ཆད་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ནས་སེམས་ཅན་གྱི་སྡུག་བསྔལ་གྱི་བར་དུ་མ་འགགས་ཙམ་དུ་སྣང་ཡང་ཆོས་ཉིད་ལས་མ་གཡོས་ཤིང་བདེན་པར་མངོན་པར་ཞེན་པ་མེད་པའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱའོ། །དེ་ཡང་། གཞི་མ་བཅོས་གཉུག་མའི་སྟེང་དུ། བློ་མི་གཡོ་བར་རང་ལུགས་སུ་གཞག་པས། ཉམས་བཏང་གཞག་མེད་པར་འཆར་བ་ཞེས་བྱ་ཞིང་། དེའི་ཚེ་སྨིག་རྒྱུ་དང་འདྲ་བའི་རང་གི་རིག་པ་དང་ཡེ་ཤེས་ཉིད་ཀྱང་དེ་ལྟར་གྲུབ་པ་མེད་དེ་ཆོས་ཉིད་དག་པའི་རང་བཞིན་དུ་གནས་སོ། དེ་ལྟར་རྟོགས་པའི་བློ་དང་མ་བྲལ་བར་བྱའོ། །དེ་ཡང་ ཡིད་ཀྱི་འཇུར་བུ་རང་ས་རུ་གློད་པས། འཁྲུལ་རྟོག་ཆགས་སྡང་རང་ཡལ་སོང་སྟེ། མ་བཅོས་པའི་རང་ཉམས་ལ་གནས་པ་ཞེས་སོ། །དེ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནམ། སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱའོ། །དེ་ནས དུས་གསུམ་གྱི་ཤེས་པ་ཡིད་ལ་མ་བྱས་པས། དྲན་རྟོག་སྔ་ཕྱིའི་རྒྱུན་མི་ཕྲད་དེ། ཤེས་པ་རྩིས་གདབ་མེད་པར་འཇོག་པ་ཞེས་པ། སྒྱུ་མའི་མི་ལ་རྩོལ་བ་མེད་པ་བཞིན་དུ། དེ་ཙ་ན་མི་མཐུན་པ་སྤོང་བར་མི་འཚོལ། གཉེན་པོ་བརྟེན་པར་མི་འདོད། རང་བཞིན་མངོན་དུ་བྱ་བར་མི་རྩོལ། མ་བཅོས་པའི་ངང་ལ་ལྷུན་གྱིས་གནས་པ་ཙམ་མོ། །གང་སྣང་སྐྱེ་མེད་དུ་ཤེས་པས། འཁྲུལ་ཕྱིར་ཡིད་མི་འབྲང་སྟེ། བག་ཆགས་ཀྱིས་གོས་སུ་མེད་པ་ཞེས་པ། དེའི་ཚེ་ཆོས་ཐམས་ཅད་ཀྱང་སེམས་སུ་འདུས་ལ་དེ་མ་གཏོགས་པའི་ཤེས་བྱ་གཞན་མེད་དེ་སེམས་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་བྷིན་དུ་ཐེ་ཚོམ་དང་དྲི་མ་ཙམ་ཡང་མེད་པས་བརྡར་ཤ་ཆོད་པས། སངས་རྒྱས་པ་དང་མ་རྒྱས་པ་གཉིས་སུ་ཇི་ལྟར་བཙལ་ཏེ་གསེར་གླིང་ན་རྡོ་བ་མེད་པ་ལྟར། དེ་ཙ་ན་སངས་མ་རྒྱས་པ་མེད་དེ་ཀུན་ཀྱང་རྒྱལ་བའི་མཛད་པ་བསྒྲུབ་པས་ཉོན་མོངས་དང་བདུད་ལ་སོགས་པ་ཡང་སྤང་དུ་མེད་དོ། །དབང་པོ་དྲུག་གི་སྤྱོད་ཡུལ་ཀྱང་རང་བྱུང་གི་ཡེ་ཤེས་ཡིན་པས་འདུ་བྱེད་ཐམས་ཅད་ཀྱང་རང་བཞིན་གྱིས་ཞི་བའོ། །དེ་ཡང་། ཅིར་སྣང་འགག་མེད་དུ་ཤེས་པས། འཛིན་རྟོག་རྩད་མ་བཅད་པར། འགྱུ་བ་དྭངས་སངས་ལ་གཏོང་བ་ཞེས་པའོ། །འདིར་ནི་སྤང་བྱ་ལ་སྤང་དུ་མེད་པ་ལ་གནས་བསྒྱུར་དུ་མེད་ཅིང་མངོན་དུ་བྱས་པའི་ཆོས་ལ་ཐོབ་པར་བྱར་མེད་པའོ། །མདོར་ན་མ་བཅོས་ན་འོད་གསལ་བ་ལྷུན་གྱིས་གྲུབ་པ་དེའི་ཕྱིར། དུག་ལྔ་རྐྱེན་ཤར་དུ་ཤེས་པས། ངོ་བོ་རྩ་བ་དང་བྲལ་ཏེ། རྟོགས་པའི་གསལ་འདེབས་པ་ཞེས་བྱ་བ་འདི་ནི། ཕ་རོལ་ཏུ་ཕྱིན་པ་ལ་སྒྲིབ་པ་བསལ་ཏེ། སྣང་བ་གནས་བསྒྱུར་ནས་སངས་རྒྱས་པར་འདོད་པ་རྣམས་ཟིལ་གྱིས་མནན་ནས་དཔའ་བར་འགྲོ་བའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནམ། རོ་གཅིག་གི་རྣལ་འབྱོར་ཞེས་བྱའོ། །དེ་ལྟ་བུའི་དོན་བློ་ལ་གནས་པའི་སྐྱེས་བུ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་མི་གཉིས་པའི་རང་བཞིན་ཡིན་པས་ལྷུན་གྱིས་གྲུབ་པའི་ས་ལ་གནས་པའོ། །དེ་ནི སྤང་བྱ་དང་གཉེན་པོ་འདྲེས་པས། སོར་གཞག་གི་རྒྱལ་ས་ཟིན་ནས། ས་ལམ་གཅིག་རྫོགས་ལ་འགྲོ་བ་ཞེས་སོ། །བརྡ་དོན་གནད་དུ་གྲོལ་བས། དོན་གྱི་རྩ་བ་ཆོད་ནས་འཁོར་འདས་གཅིག་ཏུ་རྟོགས་པ་ཞེས་བྱ་བ་སྟེ། དེ་ནི། རྡོ་རྗེ་རིན་པོ་ཆེའི་གཟུགས་ལྟ་བུ་མི་ཤིགས་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་སྒོམ་དུ་མེད་པའི་རྣལ་འབྱོར་ཞེས་བྱའོ། ལྔ་པ་རིག་པ་རང་གྲོལ་གྱི་གདམ་ངག་ལ་བརྟེན་ནས་མཐར་ཕྱིན་བྱ་བྲལ་གྱི་ལམ་ནི། དཔའ་གདེངས་ངར་དང་ལྡན་པས། རིག་པ་ཡུལ་ལ་བཅིངས་ཏེ། འགྱུ་བ་བཙན་ཐབས་སུ་ཆད་པ་ཞེས་པས་བསྟན་པ་སྦྱོར་བ་ཡན་ལག་དྲུག་གདན་རྫོགས་སུ་བསྒོམ་པའི་ལམ་སྟེ། དང་པོར་འཁྲུལ་པ་དུམ་བུར་གཏུབས་པས། ཡུལ་གྱི་བག་ཆགས་མི་ལེན་ཏེ། རིག་པ་བྱེ་འཕུར་དུ་བྱེར་བ་ཞེས་པའི་དོན། ས་དུགས་མི་འབྱུང་བའི་གནས་སུ་ཁང་བུ་ནང་དུ་འདོམ་གང་གི་ཚད་གྲུ་བཞིར་བྱས་པ་སྒོ་འཁྱོག་རིམ་པ་གསུམ་གྱིས་མུན་པ་ལེགས་པར་བསྒྲུབས་ཤིང་ཞལ་ཞལ་གྱིས་དང་སྤྲོ་བར་བྱས་པའི་ནང་དུ། སྟན་ནང་ཚངས་ཅན་བཏིང་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་རྡོ་རྗེ་ཁུ་ཚུར་བཅངས་པ་བརླ་ཁུགས་སུ་བཞག་པའི་གྲུ་མོས་སྟོད་གཅུན། ལུས་བསྲངས། མགྲིན་པ་ཅུང་ཟད་བཀུག ལྕེ་ཡར་རྐན་ལ་གཏད། མིག་གྱེན་དུ་སློག་པ་རྡོ་རྗེ་གཙུག་ཏོར་གྱི་བལྟ་སྟངས་ལ་གནས་པ་ཤེས་པ་སྟེང་གི་ནམ་མཁའ་ལ་བཅིངས་ཏེ་བཞག་པར་བྱའོ། དེ་ནས། རང་གསལ་གྱི་རིག་པ་གཞི་ལས་བླངས་ནས། ཉམས་མྱོང་ཡུལ་གྱི་སྟེང་དུ་སྤྲུགས་པས། རིག་པ་དྭངས་སྙིགས་ཕྱེད་པ་ཞེས་པ་དུ་བ་ལ་སོགས་པ་རྣམ་པ་བཅུ་པོ་གང་ཡིན་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུའི་སྣང་བ་དེ་ཉིད་ནི་ཡེ་ཤེས་ཏེ་བཟུང་བར་བྱ་བའི་སེམས་སོ། །འཆུན་རྗེས་གཉེན་པོས་བཤིག་པས། ཡིད་ཀྱི་འཇུར་བུ་གྲོལ་ནས། བློ་མཐའི་སྤུ་རིས་ཡལ་བ་ཞེས་པ། འདིར་འཛིན་པར་སྐྱེད་པའི་སེམས་ཀྱིས་བཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ནི་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པའི་ཕྱིར་སོ་སོར་སྡུད་པའོ། །དེ་ལྟར། རྣལ་འབྱོར་པའི་འཛིན་པར་བྱེད་པའི་སེམས་ནི་ཡེ་ཤེས་དང་ཤེས་རབ་སྟེ་བཏགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གཟུང་བར་བྱ་བའི་སེམས་ནི་རྣམ་ཤེས་དང་ཐབས་སྙིང་རྗེའི་མཚན་ཉིད་དོ། །དེ་ལ་ཚོགས་པའི་དབང་གིས་འཛིན་པའི་ཁམས་གང་ཡིན་པ་དེ་ནི་ལུས་ཀྱི་མིང་དུ་འགྱུར་རོ། །ཚོགས་པའི་དབང་གིས་བཟུང་བ་གང་ཡིན་པ་དེ་ནི་བསམ་པའི་མིང་དུ་འགྱུར་རོ། །དེའི་ཕྱིར་ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་པས་གཟུང་བ་དང་འཛིན་པ་དག ཕན་ཚུན་གཅིག་པ་ཉིད་ནི་ཟུང་འཇུག་ཅེས་བྱ་བའི་མིང་དུ་འགྱུར་ཏེ་བསམ་གཏན་ནོ། །གཏོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་བས། རྩ་བྲལ་དྲི་མེད་ཀྱི་ངོ་བོ་རྟོགས་ཏེ། འཁྲུལ་པ་རང་ཞིག་ལ་འགྲོ་བ་ཞེས་བྱའོ། །དེ་ནས། རྟོག་པ་བྱེ་འཕུར་དུ་ཁྲིད་པས། ངོ་ཤེས་ལ་རྩལ་འབྱོངས་ནས་ཉམས་མྱོང་རིགས་མཐུན་དུ་འབྲེལ་བ་ཞེས་བྱ་བ་ཟུང་འཇུག་དེ་ཉིད་ཡུལ་སྣང་གི་སྟེང་དུ་ཁྲིད་པས། མ་འགགས་པའི་འཆར་སྒོ་སྣ་ཚོགས་པའི་གཞན་རྟོག་མི་ཕྱེད་པའི་རང་བབས་སུ་སྦྱོར་བས་སྐུ་རྡོ་རྗེ་ཞེས་བྱའོ། །ཀ་ར་ཎ་རྟེན་ཅན་དུ་བཅིངས་པས། ཡུལ་གྱི་སྤུ་རིས་ཞིག་སྟེ། གཟུང་བ་རང་གྲོལ་དུ་འགྲོ་བ་ཞེས་བྱ་བ་ནི། དེ་ནས། ཟླ་བ་དང་ཉི་མའི་རབ་ཏུ་རྒྱུ་བ་དབུགས་འཇུག་པ་དང་འབྱུང་བ་འགགས་པས་རླུང་བཅུ་ལྟེ་བར་ཕྲད་པ་ནི་སྲོག་རྩོལ་ཞེས་བྱ་ལ། དེ་ནས་ལྟེ་བར་དམིགས་པ་གཏད་པ་སྲོག་ཐུར་གྱི་རླུང་ཐབས་ཤེས་ཀྱི་མཚན་ཉིད་ཟུང་འཇུག་ཏུ་བསྲེ་བའི་སྦྱོར་བས་ཐ་མལ་པའི་དབང་ཡུལ་གྱི་འབྲེལ་པ་བཀག་ནས་འཁོར་ལོ་བཞིའི་ལྟེ་བའི་དྷཱུ་ཏཱིར་སྲོག་ཐུར་འདྲེས་ཤིང་རེངས་པའི་སྟོབས་ཀྱིས་ནཱ་དའི་སྒྲ་ཇི་སྙེད་པའི་སྐད་དུ་ཤར་བ་འཛིན་པ་ཞེས་བྱ་ལ། དེ་ནི་གཉིས་སྣང་གི་རྩ་བ་གཡོ་བ་རླུང་མི་ཕྱེད་པའི་རང་བབས་སུ་སྦྱོར་བས་གསུང་རྡོ་རྗེ་ཞེས་བྱ་ལ། ཀ་ར་ཎ་རྟེན་མེད་དུ་བཅིངས་པས། རྟོག་པ་བག་ལ་ཞ་བ་སྟེ། འཛིན་པ་རང་གྲོལ་ལ་འགྲོ་བ་ཞེས་བྱའོ། །དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་ཏེ་སྤྱི་བོའི་ཟླ་བ་ཞུ་བ་ལུས་ཀྱི་ཆ་ཐམས་ཅད་ནས་འོངས་ཏེ་གསང་བའི་མཐར་ཐུག་པའི་བར་དུ་སོན་པ་དེའི་ཚེ། གསང་གནས་ཀྱི་འཁོར་ལོ་འབའ་ཞིག་ཏུ་ཐིག་ལེ་བརྟེན་པར་བཅིངས་པས། ཡུལ་ཡུལ་ཅན་བཅུ་རྩ་འཆིངས་ཏེ་དབང་ཡུལ་གྱི་འབྲེལ་པ་ཁེགས་ནས་ཕྱག་རྒྱ་ཆེན་པོ་འཆར་བ། རིག་པ་དེང་དུ་བསྐྱངས་པས། ཚོགས་པའི་རྒྱུན་ཞིག་ནས། རྟོག་པ་གྱང་འགྱེལ་བ་ཞེས་བྱའོ། །དེས་འཁོར་ལོ་དྲུག་གི་རྩ་འཆིངས་ཏེ་སྲོག་ལ་སོགས་པའི་རླུང་གི་བྱང་ཆུབ་ཀྱི་སེམས་སྤྱི་བོ་གང་བར་བྱེད་ལ། དེས་དཔྲལ་བ་ལ་སོགས་པའི་འཁོར་ལོ་སོ་སོའི་ཐིག་ལེ་འགོག་པར་འགྱུར་བ་ཐབས་ཀྱི་མིང་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞི་བཞི་སྟེ་བཅུ་དྲུག་གི་མཚན་ཉིད་ཅན་ཡིན་ལ། དེའི་ཆ་བཅུ་དྲུག་པ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་བའོ། །སོ་མའི་མདངས་ལ་གནས་པས། ཆོས་སྐུ་འདུ་འབྲལ་མེད་དེ། དྲན་པའི་རྩི་དང་མི་འབྲལ་བ་ཞེས་བྱའོ། །རྗེས་དྲན་དེ་ཉིད། གཉིས་སྣང་ཕྲ་བའི་རྩ་བ་ཐིག་ལེའི་འགྱུར་བ་ལུགས་བཟློག་གི་ལྷན་སྐྱེས་མི་ཕྱེད་པའི་རང་བབས་སུ་སྦྱོར་བས་ཐུགས་རྡོ་རྗེ་ཞེས་བྱའོ། །དེ་ཉིད་རྟེན་ཐིག་ལེ་ལུགས་བཟློག་ཏུ་བཅིངས་པའི་དབང་ལས་གསང་བར་སྐུ་ཐིག་ལེ་འགོག་པ་ལ་སོགས་པའི་རིམ་གྱིས་རྒྱུ་མཐུན་ལ་སོགས་པ་འབྲས་བུ་བཞིར་འགྱུར་བ་ལས་ཤེས་རབ་ཀྱི་མིང་ཅན་གྱི་འབྲས་བུའི་དགའ་བ་བཅུ་དྲུག་ཏུ་འགྱུར་རོ། །རིག་པ་ལ་ངར་བཏོན་པས། རྟོག་པ་རང་གྲོལ་དུ་ཞིག་ནས། རིག་པ་གཅེར་བུ་རུ་གནས་པ་ཞེས་བྱའོ། །འདི་ནི་ཏིང་ངེ་འཛིན་ཀུན་རྫོབ་ཀྱི་ཐིག་ལེ་བརྟན་པར་བཅིངས་པ་ལ་མངོན་དུ་གྱུར་པའི་དགའ་བཞིའི་ཡེ་ཤེས་དོན་དམ་པའི་དབུ་མའི་རང་བབས་སུ་སྦྱོར་བས་ཡེ་ཤེས་རྡོ་རྗེ་ཞེས་བྱའོ། །ཐུབ་དབང་རྣམས་ཀྱི་སྙིང་ལ་ཞེན་པའི་ཡུལ། །མ་ཉམས་རི་མོར་འབྲི་ལ་བྱེད་པོ་ཡི། །གཟུགས་གསར་སྤྲུལ་ཏེ་དམ་པའི་ལེགས་བཤད་ཀྱི། །མེ་ལོང་ཉིད་དུ་ས་ལ་གྲགས་པར་གྱུར། །དེ་ཕྱིར་དེ་བློའི་ཉི་འོད་སྣང་བ་ཡིས། །སྙིགས་དུས་ནམ་མཁའི་སྐྱེད་ཚལ་མཛེས་པའི་རིང་། །རྒྱལ་བའི་གཞུང་ལུགས་པདྨའི་ཚལ་རྒོད་པའི། །གེ་སར་ཡིད་འོངས་ནོར་འཛིན་བུ་མོས་མྱོང་། །ཚིག་རེའི་རྒྱས་པ་ནམ་མཁའི་རྗེས་སུ་འགྲོ་བས་རྒྱ་ཆེའི་ཕ་མཐའ་དང་། །ཆ་ཡི་ཆ་ཡང་འོལ་སྤྱིར་མི་ནུས་རྨད་བྱུང་ཟབ་པའི་གཏིང་ལྡན་པ། །ལེགས་པར་བཤད་པའི་ཆུ་གཏེར་འདི་ནི་དབང་རྣོན་གདེངས་ཅན་མ་ལུས་པའི། །ཉེར་འཚོར་གནས་ནས་ཕན་བདེའི་ནོར་བུ་ཅི་ཡང་སྦྱིན་ལ་དཔའ་བར་ཤོག །དེ་ལྟར་ཞི་བྱེད་ཀྱི་ཁྲིད་དམ་པའི་དགོངས་རྒྱན་ཞེས་བྱ་བ་གདན་རྫོགས་བདུན་གྱི་གདམས་ངག་འདི་ཉིད། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་སྦས་པ་རྣམ་པར་དབྱེ་བ་ལ་མཁས་པར་གྱུར་པ། པད་མ་དཀར་པོས། གཡས་རུ་གཙང་གི་རི་བོ་བསམ་འགྲུབ་ཆོས་སྡིངས་སུ་སྦྱར་བ་དགེ་ལེགས་ཀྱི་གཞིར་གྱུར་ཅིག། །།སརྦ་མངྒ་ལཾ།།

ཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ།

ཞི་བྱེད་ཀྱི་ཁྲིད་ཀྱི་འཕྲུལ་འཁོར་གྱི་འགྲེལ་བ་བཞུགས་སོ། །བཙན་ཐབས་སྦྱོར་བའི་འཁྲུལ་འཁོར་ལ། སྟག་མོའི་ངར་དང་བྱི་ལའི་རྨྱོང་། །སེང་གེའི་འགྱིང་དང་རྨ་བྱའི་སྐོར། །དེ་ཡང་འོག་རླུང་ཁོང་སྒྲ་དང་བཅས་པར་གྱེན་དུ་དྲང་བ། ལྕེ་རྩེ་རྐན་ལ་སྦྱར་བ། སྒལ་ཚིགས་དྲང་པོར་བསྲང་བ། ལྟ་སྟངས་ཐད་ཀར་གཏད་པ། རྐང་པ་སེམས་སྐྱིལ། ལག་པ་བརླའི་ཕྲ་མཚམས་ནས་ཐལ་མོ་ཕྱིར་ལོག །གྲུ་མོ་བསྲངས་པས་གཡས་གཅུད་གཡོན་གཅུད་པ་སྟག་མོའི་ངར་རོ། །ལག་མཐིལ་པུས་མོ་ལས་ཕྱིར་སྔ་མ་བཞིན་ལ། པུས་མོ་སར་བཙུགས་པས་རོ་སྟོད་ཅུང་ཟད་དགུར། གཡས་འཐེན་གཡོན་འཐེན། མཐར་སྐེད་པ་ཉག་པོར་བྱས་གཅུད་པ་བྱི་ལའི་རྨྱོང་ངོ་། །ལུས་གནད་རྡོར་སྐྱིལ། ལག་པ་པུས་བཀབ། གཡས་གཅུད་གཡོན་གཅུད། མཐར་དྲག་ཏུ་སི་ལི་ལི་སྤྲུག་པ་སེང་གེའི་འགྱིང་ངོ་། །དེ་ནས་གཞན་སྔ་མ་བཞིན་ལ། རླུང་ཐུར་དུ་ལྟེ་བར་མནན་ནས་གཡས་སུ་ཐུབ་ཚད་གཅུ། དེ་བཞིན་དུ་གཡོན་དུ་ལྡོག་སྟེ་བྱ་བ་རྨ་བྱའི་འགྱིང་ངོ་། །བཟློག་དང་རིམ་པར་བཅིང་བ་དང་། །དགྲམ་དང་གནས་དང་འགྱུར་མེད་དང་། །ཁྱབ་དང་རེངས་པར་བྱ་བ་བདུན། དང་པོ་ནི། རྐང་པ་གཡོན་པའི་རྟིང་པས་རྡོ་རྗེའི་སྲད་བུ་དམ་དུ་མནན་པའི་བོལ་ལ་ལག་པ་གཡོན་པ་འཇུས། དེ་ནས་མཐོ་གང་ཙམ་གྱི་མདུན་དྲང་པོར་རྐང་གཡས་བཞག་པའི་མཐེ་བོང་ལ་ལག་པ་གཡས་པའི་མཐེ་བོང་གུང་མཛུབ་རྣམས་ཀྱིས་འཇུས་ནས་སྒལ་ཚིགས་དྲང་པོར་བསྲང་། རླུང་བུམ་པ་ཅན་དྲག་པོར་གཅུད། གཡས་པའི་རྟིང་པས་གཡོན་པའི་བོལ་མཚམས་ལ་དྲག་ཏུ་བསྣུན་པ་ལན་དགུའི་བར་བྱ། མཐར་ལུས་ཐམས་ཅད་མཉེས་ལ་རླུང་ཕྱིར་བཏང་། གཉིས་པ། གཞན་ཁྱད་པར་མེད་པ་ལ་རྐང་པ་གཉིས་ཀྱི་བར་དུ་སོར་ལྔ་ཙམ་བཞག་པའོ། །གསུམ་པ། ཙོག་བུ་རྐང་གཉིས་བསྣོལ་བའི་མཐེ་བོང་ལག་པ་གཉིས་བསྣོལ་བའི་གུང་མོས་བཟུང་ནས་རོ་སྨད་སྟེང་གི་གཡས་གཡོན་དབུས་གསུམ་དུ་འཐེན། མཐར་སྔ་མ་བཞིན་དུ་མཉེས་ནས་རླུང་བཏང་ངོ་། །བཞི་པ། ལངས་ཏེ་རྐང་པ་གཉིས་བཤིབས་པའི་བར་ལ་མཐོ་གང་ཙམ་བཞག །ལག་པ་གཉིས་སོ་སོའི་བརླ་ནང་ལ་དྲངས་ནས་རྐང་པ་སོ་སོའི་མཐེ་བོང་ལ་གུང་མཛུབ་མཐེ་བོང་གསུམ་གྱིས་འཇུས་ཏེ་རླུང་སྦྱོར་སྔ་མ་ལྟ་བུས་རོ་སྨད་འཆུན་དང་བཅས་པར་ཇི་ཙམ་ནུས་པ་དེ་སྲིད་དུ་གྱེན་དུ་དྲག་ཏུ་འཐེན་ཅིང་། སླར་འདུག་ལ་མཉེ་བ་སོགས་སྔ་མ་བཞིན་ནོ། །ལྔ་པ། ལངས་ལ་རྐང་པ་མཉམ་པར་གཤིབས་པའི་བར་དུ་མཐོ་གང་ཙམ་ཡོད་པར་བྱ། ལག་པ་གཡས་ཁུ་ཚུར་མདུན་དུ་རྐང་པ་ནས་མཐོ་གསུམ་ཙམ་དུ་སྦུབ་པའི་མཐེ་བོང་ལ་ལག་པ་གཡོན་སྦུབ་པས་མནན་ཐབས་སུ་འཇུས། རླུང་སྔ་མ་ལྟ་བུས་རོ་སྨད་དྲག་ཏུ་འཆུན་བཙལ་བས་བཏེག་སྟེ་བྱིན་པའི་ནང་ལ་ཆེར་རྡེབ་པ་ལན་གསུམ་དུ་བྱ། སླར་འདུག་སྟེ་མཉེ་བ་སོགས་སྔ་མ་བཞིན་ནོ། །དྲུག་པ་ནི། རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་ཁུགས་སུ་བཙུགས། མགོ་བོ་གཡས་གཡོན་དུ་ལན་གསུམ་བསྐོར། ལག་པ་གཞག་ཤ་བརྡབས། ནུ་སྟེང་དུ་ལན་གསུམ་རྡེག །ལག་པ་པུས་སྟེང་དུ་བཀབ་ལ་སྐེད་པ་གཡས་གཡོན་དུ་ལན་གསུམ་བསྐོར། ལག་པ་རྒྱབ་ཏུ་བཙུགས་ནས་རྐང་པ་དྲག་ཏུ་བརྐྱང་ནས་འཕོངས་ཚོས་ལ་ལན་གསུམ་བརྡེག །མཐར་སྔ་མ་བཞིན་ནོ། །བདུན་པ་ནི། ལངས་ཏེ་རྐང་པ་གཡོན་པའི་མཐིལ་དང་གཡས་པའི་པུས་མོ་སར་བཙུགས། ལག་པ་ཐལ་མོ་བསྡམས་པ་ནང་ནས་ཕྱིར་སློག་པའི་ཚུལ་འཆུན་དང་བཅས་པས་ལུས་དྲག་ཏུ་གཡོན་གྱི་ནམ་མཁར་གཏད་པས་བསྒྲིམ། དེ་ཉིད་གཡས་སུ་བཟློག་སྟེ། མཐར་རྟ་སྐད་ཀྱི་སྦྱོར་བས་སྤྲུགས་ནས་མཉེ་བ། རླུང་ཕྱིར་འབུད་བྱའོ།། མངྒཱ་ལཾ།།

སྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག།

སྙན་བརྒྱུད་ལས་ཟབ་མོ་བརྡའི་དབང་གི་ཆོ་ག་བཞུགས་སོ། །སེམས་ཀྱི་བུང་བ་མ་ལུས་ཤོར་བའི་གནས། །ལང་ཚོའི་མཚར་མོའི་མེ་ཏོག་ཀུན་འཛུམ་པ། །རྡོ་རྗེ་སེམས་དཔའི་རྩེ་དགའི་འཁྲི་ཤིང་ནི། །འཁོར་བའི་ཚད་གདུང་སྐྱོབ་མར་ཕྱག་འཚལ་ལོ། །ངེས་བཟུང་གནམ་ཐེའི་སྤ་བཀོང་ཞིང་། །ཐོད་རྒལ་མགྲིན་སྔོན་སྙིང་འདོད་པ། །བརྡ་ཡིས་སྨིན་བྱེད་དབྱར་སྐྱེས་རྔ། །པད་དཀར་འབད་པའི་ནམ་མཁར་སྒྲགས། །འདིར་བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་སྒོ་ནས་གཞན་རྗེས་སུ་འཛིན་པར་འདོད་པ་དག་ལ། སྤྲོས་པ་རྒྱས་པར་བརྗོད་པར་བྱའོ། །དེ་ཡང་། རྩ་རྒྱུད་ལེའུ་ཉེར་དྲུག་པར། ལུགས་དང་ལུགས་ལས་བཟློག་པ་ཡི། །ཕོ་ཉ་རྣམས་ནི་ཡང་དག་གནས། །འོག་དང་སྟེང་གི་དངོས་གྲུབ་སྟེར། །བདག་གི་ཕོ་ཉ་མ་ཀུན་འགྲོ། །ཕོ་ཉ་མ་དེས་དོན་ཀུན་སྟེར། །ཞེས་སོགས་ཀྱིས། གསུང་པའི་དོན་ལྷ་མོ་བཅོ་ལྔ་སྟེ། གཙོ་མོ་ནི་དེ་ཉིད་ཀྱི་འོག་ཏུ། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་པས་བསྟན་ནོ། །དེ་ཡང་། བདེ་བའི་སྟན་ལ་འདུག་སྟེ་རྣལ་འབྱོར་གྱི་ཡོ་བྱད་རྣམས་མདུན་དུ་བརྡར་ནས། པདྨའི་སྣོད་དུ་མྱོས་བྱེད་རྣམ་པ་བརྒྱད་གང་ཡང་རུང་བ་བླུག ལག་པ་གཡས་པ་བཀབ། ཨོཾ་ཞེས་བརྗོད་པས་དེ་དག་གི་མ་དག་པ་སྦྱངས། གཡོན་པ་བཀབ། ཨཱཿཞེས་བརྗོད་པས་ཟད་པ་མེད་པ་ནམ་མཁའི་ཁམས་ཁྱབ་པར་འཕེལ། འབར་བའི་ཕྱག་རྒྱ་བཅས་ཏེ། ཧཱུྃ་ཞེས་བརྗོད་པས་བདུད་རྩི་ལྔའི་བདག་ཉིད་དུ་བསམ། མཐེབ་སྲིན་གྱིས་ཆོས་འབྱུང་བྲིས། དེའི་ནང་དུ། ཧ་ཧོཿསྲཱིཿབརྩེགས་པའི་ཡི་གེ་ཧ་ཞུ་བས་ཁ་དོག་ཕུན་སུམ་ཚོགས་པ། ཧོ་ཞུ་བས་དྲི་ཕུན་སུམ་ཚོགས་པ། སྲཱིཿཞུ་བས་རོ་བཅུད་ཕུན་ཚོགས་པ་འཆི་མེད་ཀྱི་བདུད་རྩིར་གྱུར། དེ་ཕྱོགས་བཅུར་འཐོར་ཅིང་ཧཱུྃ་ཞེས་བརྗོད་པས་བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་ལག་པ་གཡོན་པའི་མཐེ་བོང་ལ་ཨོཾ་ཧཿདཀར་པོ། མཛུབ་མོ་ལ་ན་མ་ཧི་སེར་པོ། གུང་མོ་ལ་སྭཱ་ཧཱ་ཧུ་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ནག་པོ། མཐེའུ་ཆུང་ལ་ཧཱུཾ་ཧཱུཾ་ཧོ་མཐིང་ཀ སོར་མོ་རྣམས་ཀྱི་སྟེང་དུ་ཕཊ྄་ཧཾ་ལྗང་ཁུ། ལག་མཐིལ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར་ཨོཾ་བཾ་དམར་མོ། མདུན་གྱི་འདབ་མ་ནས་གཡོན་སྐོར་དུ། ཧཾ་ཡཽཾ་སྔོན་མོ། སྲིཾ་མོཾ་དཀར་མོ། སྲེཾ་སྲིཾ་སེར་མོ། ཧཱུཾ་ཧཱུཾ་ལྗང་ཁ། ཕཊ྄་ཕཊ྄་དུད་ཀ ལག་པ་མེ་ལོང་གི་ངོས་ལྟར་དང་བ་རྒྱབ་ཏུའང་གཟུགས་བརྙན་སྣང་བར་བསམ་ལ། གཡས་པའི་མཐེབ་སྲིན་གྱིས་བདུད་རྩི། ཨོཾ་ཧཿན་མ་ཧི་སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ྄་ཧཾ། ཨོཾ་བཾ། ཧཾ་ཡཽཾ་སྲིཾ་མོཾ། སྲེཾ་སྲིཾ། ཧཱུཾ་ཧཱུཾ་ཕཊ྄་ཕཊ྄། ཨོཾ་ཨཱཿཧཱུྃ་བཏགས་ཏེ། མཉེས་ཏེ། བདེ་བའི་རང་བཞིན་དུ་ཞུ་བ་དམ་རྫས་ལ་ཐིམ་པས། ཟག་པ་མེད་པའི་བདུད་རྩི་གང་ལ་རེག་པ་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོར་བྱིན་གྱིས་རློབ་པ་ཞིག་ཏུ་གྱུར། །མེ་ལོང་དང་པོའི་ཁར་ཤེས་རབ་ཀྱི་རྡུལ་ལ་སིནྡྷུ་ར་བརྡལ་དེ་ལ་གསེར་གྱི་སྨྱུག་གུས། བྱིན་གྱིས་བརླབས་པའི་ཆང་གིས་ཆོས་འབྱུང་། དེའི་དབུས་སུ་ཟླུམ་པོ་སུམ་རིམ་བྲིས་ལ། ཕྱི་པད་འདབ་བརྒྱད་ནང་མ་བྲིས་པ་དྲུག སྒོམ་པའི་ཚེ་གཉིས་སྟེང་འོག་ཏུ་བྱའོ། །རང་སྐད་གིས་བཅོམ་ལྡན་འདས་མར་གསལ་བའི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་མོ་བཅོ་ལྔ་ཡིག་འབྲུའི་རྣམ་པར་བཞུགས་པའི་དཀྱིལ་འཁོར་བྲིས་པའི་དཀྱིལ་འཁོར་ལ་ཛཿཧཱུྃ་བཾ་ཧོཿ དེ་ནས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ། བཾ་ཨོཾ་ཨཱཿཧཱུྃ་ནས་སྔགས་འབྲུ་ཐམས་ཅད་ལ་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། སོགས་ཚིགས་བཅད་གཉིས་ཀྱིས་བསྟོད། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ་ཱཧཾ། ཞེས་བརྗོད་ཅིང་པདྨ་བཀོར་བའི་ཕྱག་རྒྱས་མཉེས་པར་བྱས་ཏེ། མཐར་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་བས་སྲིན་ལག་གིས་མཎྜྻལ་གྱི་ས་ལ་རེག་ཅིང་། བཛྭ་མུཿཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་བཞུགས་པར་བྱའོ། །དེ་ནས་དེ་ན་གནས་པའི་ཆང་གི་ཁུ་བ་སྲིན་ལག་གིས་བླངས་ནས། ཧཱུྃ་ཨཱཿཧཱུྃ་བརྗོད་ཅིང་སྙིང་ག་དང་ལྕེ་དང་སྤྱི་བོར་རེག་པས། བདག་གི་སྒོ་གསུམ་ཤིན་ཏུ་དག་པར་གྱུར། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་སྙམ་ཚད་མེད་པ་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་བཙུན་མོའི་བསྒྲུབ་པ་ལ་འཇུག་པར་བྱའོ་སྙམ། དེ་ནས། ཨོཾ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཱཧཾ། ཞེས་བརྗོད་དེ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཁ་དོག་དམར་པོ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་འཕར་མ་གཉིས་ཀྱི་ཕྱི་མ་ལ་པདྨ་འདབ་མ་བརྒྱད། ནང་མ་ལ་བཞི། ལྟེ་བ་ནས་ཕྱོགས་གཡོན་མཚམས་གཡས་སྐོར་དུ། བཾ་ཨཾ་ཨིཾ་ཨུཾ་ཨེཾ། སྟེང་དུ་ཨོཾ། འོག་ཏུ་ཨཾ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་ཡི་གེ་ཉིན་མོར་བྱེད་པའི་སྙིང་པོ་ལྟ་བུ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་ཡི་གེ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། དབུས་སུ་བྷན་དྷུ་ཛི་བ་ཀའི་མེ་ཏོག་ཁ་བྱེ་མ་ཐག་གི་མདོག་ལྟར་དམར་ཞིང་དྭངས་པའི་བཅོམ་ལྡན་འདས་མ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པའི་ཞལ་ནས་ཁྲག་གི་རྒྱུན་འཛག་པ། སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་གྲི་གུག་པུས་མོའི་ཐད་དུ་བསྡིགས་ཤིང་གཡོན་ཐོད་པ་བདུད་ཀྱི་ཨནྡྲ་དང་ཁྲག་གིས་གང་བ་གཡོན་གྱི་ནམ་མཁར་ཕྱོགས་པའི་ཞལ་དུ་གསོལ་བ། རྡོ་རྗེ་ཁ་ཊཱཾ་ག་དཀར་པོ་ཕྲག་གཡོན་དུ་བཀལ་བ། སྐྲ་གྲོལ་ཞིང་མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། དུམ་བུའི་སྐ་རགས་ཏེ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། གཅེར་མོ་བརྒྱད་གཉིས་ཀྱི་ལང་ཚོའི་དཔྱིད། ནུ་མ་འཕྲང་ཞིང་འབུར་བ། སྟོད་ཡངས་པ། སྐེད་པ་ཕྲ་བ། བྷ་ག་རྒྱས་པ། སྨད་སྦོམ་པ། གླང་པོ་ཆེའི་སྣ་ལྟ་བུའི་ཞབས་གཡས་བརྐྱངས་ཤིང་། གཡོན་བསྐུམས་པས་འཇིགས་བྱེད་དང་དུས་མཚན་མོ་མནན་པ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་ཅན། སྟེང་དུ་མཁའ་ལ་སྤྱོད་པའི་རྗེ་བཙུན་མ་དཀར་མོ། གྲི་གུག་དང་ཐོད་པ་བསྣམས་ཏེ་མཁའ་ལ་འཕུར་བ། འོག་ཏུ་ས་འོག་ཏུ་སྤྱོད་པའི་རྣལ་འབྱོར་མ་ནག་མོ་དུར་ཕག་ཁྲོས་པའི་གདོང་ལ་སྤྱན་གསུམ་དམར་ལ་འཁྲུགས་པ། ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་ཀྱིས་གདོན་ཐམས་ཅད་གཟིར་བ། གཡོན་བརྐྱང་གིས་བཞུགས་ཤིང་རྒྱན་ཐམས་ཅད་སྦྲུལ་གདུག་པས་བྱས་པ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཕྱིའི་ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་མཆེ་བ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་ཕོ་ཉ་མོ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་བཅུ་གཉིས་ཕྱག་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཐམས་ཅད་གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་དང་ཐོད་པའི་འཕྲེང་བ་ཅན་གཡས་བརྐྱང་གིས་རོའི་གདན་ལ་བཞུགས་པ། ཁོར་ཡུག་ཏུ་ཞིང་སྐྱོང་གི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གཙོ་འཁོར་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། གཙོ་མོའི་ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། ཁར་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲེཾ་སྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། མིག་ལ་གཟུགས་རྡོ་རྗེ་མ། རྣ་བར་སྒྲ་རྡོ་རྗེ་མ། སྣ་ལ་དྲི་རྡོ་རྗེ་མ། ལྕེ་ལ་རོ་རྡོ་རྗེ་མ། ལུས་ལ་རེག་བྱ་རྡོ་རྗེ་མ། ཡིད་ལ་ཆོས་ཀྱི་རྡོ་རྗེ་མ། ལྷ་མོ་དེ་ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་ཅིང་ཕྱག་རྒྱ་ལྔས་བརྒྱན་ཅིང་གཡོན་བརྐྱང་གིས་བཞུགས་པ། གཙོ་མོའི་བྷ་གར་ཆོས་འབྱུང་ལ་ཡི་གེའི་ཚོགས་བཀོད་པ། བཾ་ཡིག་གི་མཐར་སྙིང་པོས་བསྐོར་བ་དམར་ལྷག་གེ་བ་དེ་ལས་འོད་ཟེར་འཕྲོས་པས། ཨོ་རྒྱན་སྤྲུལ་པའི་ཞིང་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། ལོངས་སྐུ་དམ་ཚིག་གི་མཁའ་འགྲོ། སྤྲུལ་སྐུ་ཟ་བྱེད་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཕེཾ་ཛཿཧཱུྃ་བཾ་ཧོཿ བདག་བསྐྱེད་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས། སྤྱི་བོ་ནས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པར་མཛད་པས་ལུས་ངག་ཡིད་ཡེ་ཤེས་ཀྱི་སྒྲིབ་པ་དག དབང་བཞི་ཐོབ། བདུད་རྩིའི་རྒྱུན་སྤྱི་བོར་ལུད་པས། གཙོ་མོ་དང་མཁའ་སྤྱོད་མ་ལ་རྣམ་སྣང་། ས་འོག་མ་ལ་མི་སྐྱོད་པ། ཕྱོགས་མ་བཞི་ལ་རིན་འབྱུང་། སྒོ་མ་བཞི་ལ་སྣང་བ་མཐའ་ཡས། མཚམས་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ནས་ཉེར་མཆོད་ལྔ། རིག་མ་བཅུ་དྲུག བདུད་རྩི་མྱང་བ། སྔགས་འཁྱུད་སྟངས་རྣམས་བྱས་ཏེ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་ཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨོངས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ། ལྷའི་འཁོར་ལོ་དེ་འཇའ་ཚོན་གྱི་སྣང་བ་ཙམ་དུ་གསལ་གདབ་སྟེ། ཇི་ཙམ་ནུས་པར་བསྒོམ་མོ། །དེ་ལས་སུན་ན་རྫོགས་པའི་རིམ་པ་ལ་འཇུག་སྟེ། སྲིན་ཞལ་དྲག་ཏུ་བསྡམས་ཏེ་འོག་རླུང་གྱེན་ལ་འཐེན་པས་ལྷ་མོའི་བྷ་ག་སྔགས་ཀྱི་འཁོར་ལོ་འབར་རབ་ཏུ་འབར་བས་ཆགས་པ་རྒྱས་པའི་མེ་ལྕེས་རྩ་ཐམས་ཅད་བསྲེགས་པ་རྩ་རླུང་དྲ་མིག་འཁོར་ལོ། དེ་ནས་འཁོར་ལོ་དེ་གཡོན་དུ་རྫ་མཁན་གྱི་འཁོར་ལོ་བཞིན་དྲག་ཏུ་འཁོར་བ་བདེ་ཆེན་གསུང་གི་རིན་ཆེན། དེ་ལས་ངལ་ན་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་དམིགས་པ་ཉེ་བར་བསྡུས་ཏེ་སྟོང་པ་ཉིད་ལ་མ་ཡེངས་པར་བཞག་པ་རང་གྲོལ་ཕྱག་རྒྱ་ཆེན་པོའོ། །དེ་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་ན་བཟུང་བར་བྱ་བ་དེ་ལ་འཛིན་པ་རང་རིག་གི་སེམས་བཀོད་དེ་བཞག་པས་བཟུང་འཛིན་རོ་སྙོམས་པ་སྤྱོད་པ་ཆུ་ལ་རལ་གྲི་རྒྱབ་པའོ། །དེ་ལས་གདོད་མ་ནས་གནས་པའི་ལྷན་ཅིག་སྐྱེས་པའི་ངང་དུ་འབྱམས་ཀླས་སྟེ་དེ་ནི་རིག་པ་ཡེ་ཤེས་ཀྱི་སྒྲོན་མའོ། །དེ་ལས་གཞན་གྱི་དོན་ལ་རྟག་ཏུ་མི་འདའ་བ་ནི་དམ་རྫས་རྟོགས་པའི་ཉི་མ་ལྡེ་བ་སྟེ། གལ་ཏེ་ཁམས་འདུ་བས་གེགས་སུ་གྱུར་ནས་གྲང་བ་ལ་གཏུམ་མོའི་མེ་སྦར་བ་དང་། ཚད་པ་ལ་མེ་ལྕེས་ཧཾ་ཞུ་བའི་རྒྱུན་གྱིས་ལུས་གང་བ་དང་། འདུས་པ་ལ་འབར་འཛག་འཐབ་པ་དེ་བཞིན་འོག་སྟེང་ཁ་སྦྱར་གྱི་རླུང་དང་སྦྱར་བས་རོ་སྙོམས་ཕྱིའི་མེ་ལོང་དུ་ཤེས་པར་བྱའོ། །དེ་ནས་སྟོང་ཉིད་ལས་ལངས་ཏེ་གཙོ་མོའི་ཉེ་སྙིང་ངམ་སྙིང་པོ་དང་། ལྷ་མོ་རྣམས་ལས་ས་བོན་བཟླ་བར་བྱའོ། །དེ་ནས་མཚན་ཕྱེད་ལ། གཏོར་མ་སྦྱིན་པར་བྱ་སྟེ། ཇི་སྐད་བཀོད་པའི་དམ་ཚིག་གི་རྫས་དང་ཆང་བཟའ་བཅའི་ཤའི་ཚོགས་གཙོ་བོར་བཏོན་པའི་གཏོར་མ་བཤམ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་རཾ་ཀཾ་ཀཾ་ཀཾ་ལ་རླུང་དང་མེ་དང་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་ཐོད་པ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ། ཟླ་ཕྱེད་རྡོ་རྗེ་ཕྱེད་པས་ཁ་བཅད་པ། གསང་བའི་བཾ་ལས་འོད་འཕྲོས། རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ། ཟླ་ཕྱེད་ཀྱི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་བཀུག རྡོ་རྗེ་དང་ཟླ་ཕྱེད་ཀྱང་ཞུ་བ་རྣམས་རོ་གཅིག་ཏུ་འདྲེས་པ་བདུད་རྩིའི་རྒྱ་མཚོ་ཙམ་དུ་གྱུར། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བྱིན་གྱིས་བརླབ་བོ། །རང་གི་རྐང་པ་གཡས་པའི་རྒྱུ་མས་གཡོན་པའི་བོལ་མནན། འབར་བའི་ཕྱག་རྒྱ་བཅས་ཏེ་དཔྲལ་བའི་ཐོད་དུ་བསྐོར། ལྟ་སྟངས་གཡོན་དུ་བལྟ། ངག་ཏུ་ཕེཾ་ཞེས་བརྗོད་པས། བཅོམ་ལྡན་འདས་རྒྱལ་མོ། དཀྱིལ་འཁོར་གྱི་འཁོར་བློན་མོ། ཞིང་སྐྱོང་གི་ཌཱ་ཀི་མ་མངག་གཞུག འཇིག་རྟེན་པའི་ལྷ་ཚོགས་འབངས་ལྟ་བུས་ནམ་མཁའ་ཁྱབ་པར་བྱོན། ཨོཾ་ཨ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡཧྶཾ་དྲྀ་ཤྱ་ཧོཿ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་གཙོ་འཁོར་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་བུ་གུ་ཅན་གྱི་རྣམ་པར་གསོལ་བར་གྱུར། དེ་ནས། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་དཔྱིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་པས་དངོས་གྲུབ་བླང་བར་བྱའོ། །སྔར་བཞིན་བསྔོ། ཨོཾ་ཁ་ཁ་སོགས་ཀྱི་འཇིག་རྟེན་པ་ལ་གཏོར་མ་བསྔོ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ་ཱ་ཧཾ། ཞེས་པདྨའི་ལག་ཀོར་གྱིས་མཉེས་པར་བྱས། འཁྱུད་སྟངས་སྔོན་དུ་འགྲོ་བའི་སེ་གོལ་བརྡབས་ཏེ། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། ཇི་ལྟར་བདེ་བར་བཞུགས་སུ་གསོལ། ཨོཾ་བཛྭ་མུཿའཇིག་རྟེན་པ་རང་གནས་དང་། དཀྱིལ་འཁོར་པའི་ལྷ་རང་ལ་བསྟིམ། མེ་ལོང་ལ་ཧས་བཏབ་པ་འདུ་བ་བཞིན། སྣོད་ཐམས་ཅད་བཅུད། དེ་ཐམས་ཅད་ཆོས་འབྱུང་། དེ་འཁོར་དེ་གཙོ་མོ། དེ་སྔགས་ཀྱི་འཁོར་ལོ་ལ། དེ་བཾ་ལ་དེ་རིམ་གྱིས་ཡལ་བའི་སྟོང་པ་ཉིད་ལ་བཞག་སྟེ། སླར་ལྷ་མོའི་གླུས་བསྐུལ་བར་བསམས་ནས་ལྡང་། དགེ་བ་བསྔོ། བཀྲ་ཤིས་བརྗོད་པར་བྱའོ། །མར་གྱི་ངོའི་ཚེས་བཅུ་འམ། ཡར་གྱི་ངོ་ལའང་རུང་སྟེ། སིནྡྷུ་རའི་དཀྱིལ་འཁོར་ལྷ་གྲངས་དང་མཉམ་པའི་མཆོད་པས་བསྐོར། ཚོགས་ཀྱི་འཁོར་ལོ་བཤམས། གཞན་རྗེས་སུ་འཛིན་པའི་ཚེ་བརྡའི་ཆས་རྣམས་ཀྱང་བརྡར་རོ། །བདག་བསྐྱེད་བཟླས་པའི་བར་བྱས་ནས། དེ་ནས་རྟེན་དཀྱིལ་འཁོར་སྭ་བྷཱ་ཝས་སྦྱངས་ཏེ། དང་པོ་ཡི་གེ་དེ་ནས་ལྷར་བསྐྱེད་ནས་བཟླས་པས་བསྐུལ་བའི་བར་སྔར་བཞིན། གཞོན་ནུ་མའི་སྟོན་མོ་བྱ། འདིར་བརྡ་དབང་བསྐུར། དེ་ནས་དཀྱིལ་འཁོར་རྒྱས་པ་བཞིན་ཚོགས་ལས་བྱ་སྟེ། ལྷག་མ་བཏང་དགེ་བ་བསྔོ། འབྲིང་ལྷ་བདུན་མ་ནི། རྩ་རྒྱུད་ལེའུ་བཅུ་བདུན་པ་ནས། ཡ་མི་ནི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་འཇིགས། །གཟུགས་ཀུན་སྤྱོད་མ་མཛེས་མ་དག །བྷ་སུར་མཁའ་འགྲོ་མ་རྣམས་བདུན། །ཞེས་དང་། གཟུགས་ཅན་མ་དང་ཙུམྦྷི་ཀ །ལཱ་མ་ཡོངས་བསྒྱུར་བྱིས་བཅས་མོ། །མི་ལྡོག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་བདུན་དུ་བཤད། །ཅེས་གསུངས་པ་སྟེ། སྟོང་པ་ཉིད་ལས་ཆོས་འབྱུང་བསྣོལ་མ། ལྟེ་བར་བཾ། ཟུར་དྲུག་ཨོཾ་བཾ་སོགས་གོ་ཆའི་སྔགས། གཞན་སྔར་བཞིན་ལ། སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་གྲུ་མོའི་ཁ་ཊཱཾ་ག་བརྟེན་པ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་མན་སྔར་དང་འདྲ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པས་འཇིགས་བྱེད་དང་དུས་མཚན་མནན་པ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་ཅན། མདུན་དུ་ཕག་མོ་དམར་མོ། གཤིན་རྗེ་མ་སྔོན་མོ། རྨོངས་བྱེད་མ་དཀར་མོ། སྲེག་བྱེད་མ་སེར་མོ། སྐྲག་བྱེད་མ་ལྗང་ཁུ། ཙཎྜྻི་ཀ་དུད་ཁ་ཐམས་ཅད་ཕྱག་གཡས་མན་འདྲ། བཟླས་པའི་སྤྲོ་བསྡུ་ལ་དམིགས། སྔགས་ཉེ་སྙིང་། གོ་ཆའི། བསྡུས་པ་ལྷན་སྐྱེས་མ་ནི། ཚད་མེད་པ། བླ་མའི་རྣལ་འབྱོར་བྱས། རང་གི་སྙིང་གར་ཨ་ལས་ཟླ་བའི་དབུས་སུ་བཾ་མཐའ་མ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ྄་ཕཊ྄། གཡས་སྐོར་དམར་སྲཾ་མེ་བ་དེའི་འོད་ཟེར་གྱིས་རང་གི་ལུས་དག་ནས། བྷན་དྷཱུ་ཛི་ཝ་ཀའི་ནས་འོད་ཟེར་ཅན་ཞེས་པའི་བར་སྔ་མ་བཞིན་བསྐྱེད། སླར་སྙིང་གའི་སྔགས་འཕྲེང་དེའི་འོད་ཟེར་གྱིས། དཔའ་བོ་དང་མཁའ་འགྲོའི་ཚོགས་ཐམས་ཅད་ཛཿཧཱུྃ་བཾ་ཧོཿབདག་དང་གཉིས་སུ་མེད་པར་བསམས་ཏེ་འཇའ་ཚོན་ལྟ་བུའི་སྐུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དེ་གསལ་བར་བསྒོམ། དེ་ནས་སྔགས་འཕྲེང་གིས་སྣོད་ཀྱི་འཇིག་རྟེན་བཞུ། བཅུད་ལ་ཐིམ། དེ་བདག་ལ། དེ་ཡས་མས་ཞུ་སྙིང་གའི་སྔགས་འཕྲེང་། དེ་བཾ། དེ་ཡལ་ནས་འོད་གསལ་བ་ཡང་དག་པའི་མཐའ་ལ་འཇུག དེ་ནས་སྐད་ཅིག་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྔར་ལྟ་བུ། ཆུ་ལས་ཉ་ལྡང་གི་ཚུལ་དུ་ལངས། ཡང་སྔར་བཞིན་བསྒོམ་པ་ཡང་ཡང་བྱ། ལྷའི་ཐུགས་ཀའི་སྔགས་འཕྲེང་གི་འོད་ཟེར་གྱི་སྣ་ལ་བཅོམ་ལྡན་འདས་མ་བཞུགས་པས་འཇིགས་རྟེན་ཐམས་ཅད་ཁྱབ། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་དུ་བཀོད། སླར་བསྡུས་པར་བསམ་ལ་སྙིང་པོ་བཟླ། གཉིས་པ་ཟབ་མོ་བརྡའི་དབང་བསྐུར་བ་ནི་སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག་པ་སྟེ། སློབ་དཔོན་ནུས་པ་དང་ལྡན་པར་གྱུར་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕྱིར་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། ས་མ་ཡ་ཨཿཞེས་ཟླ་བ་ཉ་གང་བ། སུ་ར་སྟེ་ས་མ་ཡ་ཧྶཾ་བཛྭ་སིདྡྷི་བཛྭ་ཡ་ཐ་སུ་ཁཾ་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་གཅིག་བསྒོམ་དུ་གཞུག་ལ་བྱིན་གྱིས་བརླབ་པའི་ཕྱིར། སློབ་མས་གསོལ་བ་གདབ་པར་བྱ་སྟེ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ་བདུད་རྩི་ལྟ་བུས། རིན་པོ་ཆེ་ལྟ་བུས། དེ་ནས་ལུས་གནད་བཅས་ལ་སྡོད་དུ་བཅུག བཅོམ་ལྡན་འདས་མར་བསྐྱེད། བླ་མ་དང་སིནྡྷུ་རའི་ལྷ་ཚོགས་རྣམས་ཀྱི་སྨིན་མཚམས་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་བསྡུས་ཏེ་སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག་སྐུ་རྡོ་རྗེར་བྱིན་གྱིས་བརླབས། དེ་ནས་སློབ་མའི་མགྲིན་པར་ཨ་ལས་པདྨ་དམར་པོ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་ཐམས་ཅད་བསྡུས། སློབ་མའི་ངག་ལ་ཐིམ་པས་ངག་གི་སྒྲིབ་པ་དག་གསུང་རྡོ་རྗེར་བྱིན་གྱིས་བརླབས། དེ་ནས་སློབ་མའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཐམས་ཅད་བསྡུས་ཏེ་སློབ་མའི་ཡིད་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པའི་མོས་པ་གྱིས་བྱས་ལ། གསུམ་ཀ་ལ་ཀ་པཱ་ལའི་བདུད་རྩི། རྗེ་བཙུན་མགོན་ནི་བདུད་རྩི་དངོས། །བདུད་རྩི་རྗེ་བཙུན་མགོན་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུ་བསྟེན་གྲོལ་བར་འགྱུར་རོ་ཀྱེ། །ཧེ་རུ་ཀ་དང་མཁའ་འགྲོ་མ། །ཞེས་བརྗོད་དེ་བདུད་རྩི་བྱིན། དེ་ནས་བྱིན་རླབས་ཞུགས་པའི་རྟགས་འབྱུང་ན། དཀྱིལ་འཁོར་མཐོང་བ་ཡིན་པས་དེ་ལ་དབང་བསྐུར་བྱའོ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་པས་ཐོད་པ་ལག་པ་གཡས་སུ། འཕྲེང་བའམ་མདའ་གཞུ་གཡོན་དུ། སྣ་ཚོགས་རྡོ་རྗེ་སྙིང་གར། ནོར་བུ་སྤྱི་བོར་བཞག་སྟེ་ཕག་ཞལ་གཏད། དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་པའི་ཕྲེང་བ་ཞེས་བྱ་སྟེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུ་དབང་བསྐུར་ཏེ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་དཔལ་དབང་བསྐུར་བའོ། །དེ་ཡང་ཐོད་པས་དབང་པོ་ཐམས་ཅད་སྒྲིབ་པ་མེད་པས་རྡོ་རྗེ། འཕྲེང་བ་གཞོམ་དུ་མེད་པའི་སྒྲ་སྙན་དྲིལ་བུ། སྣ་ཚོགས་རྡོ་རྗེ་གཉིས་སུ་མེད་པའི་སྐུ་ཕྱག་ཆེན། ནོར་བུ་ཧེ་རུ་ཀའི་བརཏལ་ཞུགས། ཕག་ཞལ་རྗེས་གནང་དུ་རིག་ན་བུམ་པའི་དབང་ཐོབ་པའོ། །ཐོད་པ་ལ་འཕྲེང་བ་དང་སྣ་ཚོགས་རྡོ་རྗེ་བཀོད། ཕག་ཞལ་དེའི་ཁར་ནོར་བུ་དེའི་མཐར་འོག་ཏུ་བཀོད་དེ། སྔར་གྱི་ཚིགས་བཅད་ཀྱིས་བསྟན། དེ་ནས་ཐོད་པའི་བདུད་རྩི་བླུད། ཐོད་པ་ལུས་ཞེས་བྱ་བ་སྟེ། །རྐང་པ་འཕྲེང་བའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པད་མའི་དབང་བསྐུར་བའོ། །ཐོད་པ་ལུས་དཀྱིལ། ཕྲེང་བ་ལིངྒ། སྣ་ཚོགས་རྡོ་རྗེ་བྷ་ག ཕག་ཞལ་དེའི་ཁུ་བ་མྱང་བ། ནོར་བུ་དེ་ལས་བྱུང་བའི་བདེ་བར་རྟོགས་ན་གསང་བའི་དབང་རྫོགས་པའོ། །ཐོད་པ་ལ་འཕྲེང་བ་བཀོད། དེའི་ཁར་སྣ་ཚོགས་རྡོ་རྗེ་བཞག་ཕག་ཞལ་དང་ནོར་བུ་དེའི་མཐར་བཀོད་དེ། སྔར་གྱི་ཚིགས་བཅད་ཀྱིས་བསྟན། ཐོད་པ་དབང་གཉིས་དེ་ཚིགས་ཏེ། །འཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་ལེ་ཐིག་བཏབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཐོད་པ་དབང་པོ་གཉིས། འཕྲེང་བས་དེ་བྱིན་གྱིས་བརླབས་ཏེ་ཧཱུྃ་ཕཊ྄་ཀྱི་དོན་བྱ་བ། སྣ་ཚོགས་རྡོ་རྗེས་ཞུ་བའི་ཐིག་ལེ་བཅུ་དྲུག ཕག་ཞལ་གྱི་དེ་ལ་སྟོང་པས་རྒྱས་བཏབ་པ། ནོར་བུས་དེ་ལས་ལྷན་སྐྱེས་རྟོགས་པར་གོ་ན་དབང་གསུམ་པའོ། །ཕྱག་རྒྱ་དེ་ཐམས་ཅད་བསྡམས་ཏེ། སྔར་གྱི་ཚིགས་བཅད་ཀྱིས། སློབ་མའི་ལྟེ་བར་བཞག པདྨ་ལྟེ་བའི་འཁོར་ལོ་ཏེ། ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དེ་ཐམས་ཅད་གཉིས་སུ་མི་ཕྱེད་པ་ལྟེ་བར་གནས་པ་ཨ་ཡིག་ཕྱག་ཆེན་དུ་རྟོགས་ན་དབང་བཞི་པ་ཐོབ་པར་འགྱུར་བ་ཡིན་ནོ། །དེའི་དམ་ཚིག་རང་སེམས་མེ་ལོང་ལ་བལྟ་བར་བྱའོ། །དེའི་ཕྱིར་བརྡ་འདི་དག་དབང་སོ་སོའི་བརྡར་བསྟན་པས་བརྡའ་བཞིར་སོང་བ་ཡིན་ནོ། །ཞེས་མཁའ་འགྲོ་མས་རྒྱུད་སྡེའི་གསང་བ་བྱིན་པས། རྡོ་རྗེ་སེམས་དཔའི་གསེབ་ལམ་རྣམ་པར་འབྱེད་པ་ལ་འཇིགས་པ་མེད་པའི་རིག་པ་འཛིན་པའི་པདྨ་དཀར་པོས་སྦྱར་བ་སྟེ། རྗེ་བཙུན་གོང་མའི་ཕྱག་བཞེས་ལྷད་མེད་པ་འདི་ཁའོ་ཞེས་མཁའ་འགྲོ་མས་གསུངས་སོ། །སརྦ་མངྒ་ལཾ།། །།

ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།

ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ་བཞུགས་སོ། །དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ལྷ་མོ་བཅོ་ལྔ་སྤྲོས་མེད་ཀྱི་ཟབ་མོ་བརྡའི་དབང་བཞི་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ་ནི་བཅས་བཤོམས་དང་སྒྲུབ་པ་སྔོན་དུ་བཏང་། སློབ་མ་བྱུག་རིས་སུ་བསྟར་བ་ལ། ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བདེ་མཆོག་ལྟར་བྱ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བཞི་གསན་པའི་ཡོན་དུ་མཎྜྻལ་འབུལ་བར་ཞུ་ཞེས་བསྐུལ། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་ལྷ་མོ་བཅོ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ། ཐུན་མོང་མ་ཡིན་པ་ཟབ་མོ་བརྡའི་དབང་བཞི་ནོད་པར་བྱའོ་སྙམ་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་སྤྱི་དང་བྱེ་བྲག་ཐམས་ཅད་གསལ་བཏབ་སྟེ་གསན་འཚལ། དེ་ཡང་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུས་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རྙེད་པར་དཀའ་ཞིང་དོན་ཆེ་བའི་དལ་འབྱོར་གྱི་རྟེན་ཐོབ་ནས་ཆུད་མ་ཟོས་པར་དོན་ལྡན་གྱི་སྙིང་པོ་ལ་སྦྱོར་བར་རིགས་ཤིང་། གཏན་གྱི་དོན་ཆེན་བླ་ན་མེད་པ་སྒྲུབ་པར་འདོད་པ་རྣམས་ཀྱི་འཇུག་ངོགས་དམ་པ་ནི་རྒྱལ་བའི་བསྟན་པ་ཁོ་ན་ཡིན་གྱི་གཞན་ལ་མེད། དེ་ཡང་བདག་ཅག་གི་སྟོན་པས་གདུལ་བྱ་དམན་པ་དང་རྒྱ་ཆེ་བ་དང་ཟབ་མོ་ལ་མོས་པའི་སྐལ་བ་ཐ་དད་པ་སོ་སོའི་ངོར་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་བསྐོར་བའི་སྙིང་པོ་ལས་ཆེས་སྙིང་པོར་གྱུར་པ་ནི་གསང་སྔགས་རྡོ་རྗེའི་ཐེག་པ། དེ་ཡང་རྒྱུད་སྡེ་བཞིའི་ཉིང་ཁུའམ་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ། དེ་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེ་བའི་ཤེས་རབ་རྣལ་འབྱོར་མའི་རྒྱུད། དེ་ལ་ཡང་རྒྱས་པར་ཕྱེ་ན་མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་སོགས་མཆིས་པའི་དབྱེ་གཞིའམ་གཙོ་བོར་གྱུར་པ་མ་རྒྱུད་བཅུ་བཞིར་གྲགས་པའི་ནང་གསེས་རྒྱལ་མཚན་གྱི་ཏོག་ལྟར་འཕགས་པ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དེ། འདི་ཉིད་ཀྱི་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་རྫོགས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་ཁྱོ་ཤུག་སོགས་དྲེགས་ལྡན་གྱི་གཙོ་བོ་གདུལ་བར་དཀའ་བ་ཐམས་ཅད་དཔལ་ཧེ་རུ་ཀས་མངོན་པར་བཏུལ་བའི་ཚེ་གསུངས་པ་ཡིན། དེ་དང་འབྲིང་པོ་མངོན་བརྗོད་འབུམ་པར་གྲགས་པ་གཉིས་ཐུན་མོང་མིའི་འགྲོ་བ་རྣམས་ཀྱི་སྤྱོད་ཡུལ་དུའང་མ་དར་བས་བོད་དུ་ལྟ་ཅི་སྨོས། བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་བདེ་མཆོག་ཉུང་ངུར་གྲགས་པ་འདི་དང་། བཤད་རྒྱུད་བཅུ་ལ་སོགས་པ་རྩོད་པའི་དུས་སུ་དཔལ་ལྡན་འབྲས་སྤུངས་སུ་ཤཱཀྱའི་རྒྱལ་པོས་སླར་ཡང་གསུངས་པ་གྲུབ་པའི་སློབ་དཔོན་ཆེན་པོ་སོ་སོས་རྡོ་རྗེའི་གནས་ནས་སྤྱན་དྲངས་ཏེ་དར་བར་མཛད་པ་ཡིན་ལ། རྒྱུད་དེ་དག་གི་དགོངས་པ་གྲུབ་ཐོབ་སོ་སོའི་མན་ངག་ཏུ་བཀྲལ་བ་མང་ཞིག་ཡོད་མོད་ཀྱང་། འདི་ནི་དེ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཀྱིས་མཛད་པའི་གཞུང་གི་ལུགས་ཡིན་པས་མཁའ་འགྲོ་སྙན་བརྒྱུད་ཅེས་གྲགས་སོ། །དེ་ལ་ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་པ་སྐུའི་གདམས་པ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་པ་སྨིན་ལམ་ཡིད་བཞིན་གྱི་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་ངག་གྲོལ་ལམ་ཡིད་བཞིན་གྱི་ནོར་བུ་སྟེ་སྙན་བརྒྱུད་ནོར་བུ་སྐོར་གསུམ་དུ་གྲགས་པ་ལས་འདིར་སྨིན་ལམ། དེ་ལ་ཡང་ཡབ་བཀའ་གསུམ་དང་ཡུམ་བཀའ་གསུམ་བཀའ་སྲུང་གི་མཐའ་རྟེན་དང་བཅས་བཞུགས་པ་ལས། འདིར་ཡུམ་བཀའ་རྒྱས་པ་ལྷ་མོ་བཅོ་ལྔའི་སྨིན་བྱེད་ཀྱི་དབང་བསྐུར་བ་སྟེ། སྤྱིར་རྣལ་འབྱོར་མ་རྒྱུད། སྒོས་འཁོར་ལོ་སྡོམ་པའི་ཕྱོགས་འདིར་བྱིན་རླབས་ཀྱི་འཇུག་སྒོའི་རྩ་བར་གྱུར་པ་ནི་རྡོ་རྗེ་རྣལ་འབྱོར་མ་ཁོ་ན་ཡིན་པས། རྒྱུད་ལས་ཀྱང་། དེ་ནས་ཤེས་སོགས་ངག་ཆེན་པོས། །རྒྱུད་ནི་རྫོགས་པར་གྱུར་པ་གང་། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་དཔལ་ཧེ་རུ་ཀ་ཉིད་ཀྱི་ཡང་འདྲེན་པ་མོར་གསུངས་ཤིང་། ཐབས་ཧེ་རུ་ཀའི་དཀྱིལ་འཁོར་ལྷ་སྔགས་ཆོ་ག་ནི་ཁྱད་པར་ཐམས་ཅད་ཤེས་རབ་རྣལ་འབྱོར་མའི་རིགས་སྔགས་ཀྱི་འབྲས་བུར་གྱུར་པ་ཡིན་པ་དང་། གཞི་ལམ་འབྲས་གསུམ་གྱི་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ཀྱང་རྩ་བ་དང་ཐབས་དེའི་ཡན་ལག་ཏུ་གསུངས་ཤིང་། སྒྲུབ་པ་པོ་ཐབས་སུ་གྱུར་པ་ལ་དངོས་གྲུབ་མཆོག་ཐོབ་པ་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱིས་འདུ་བ་ཐོབ་པ་ལ་རག་ལས་པར་མ་ཟད། སྒྲུབ་པ་པོ་ཤེས་རབ་མ་ཐབས་དཔའ་བོའི་འདུ་བ་རྙེད་པ་ཡང་རྡོ་རྗེ་ཕོ་ཉ་མོ་རྣལ་འབྱོར་གྱི་བཀས་བསྐུལ་བ་ལ་ལྟོས་པ་ཡིན་པས་དཔའ་བོ་ནི་རང་དབང་དུ་སྤྱོད་པ་མ་ཡིན་ཞིང་། རྣལ་འབྱོར་མ་རྣམས་ནི་རྣམ་པ་ཐམས་ཅད་དུ་རང་དབང་དུ་སྤྱོད་པ་དང་བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཤེས་རབ་མ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་གྱུར་བས་ན་ཆེས་མཆོག་ཏུ་གྱུར་པ་ཡིན་ཞིང་། དེས་ན་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ལྷ་མོ་བཅོ་ལྔ་དབང་བཞི་བརྡའ་ཡིས་མཚོན། །ཞེས་གསུངས་པ་ལྟར་ཤེས་རབ་གཙོ་བོར་བཏོན་པ་སིནྡྷུ་ར་ཡི་གེའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ་སྟེ། གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ཡང་རྩ་བའི་རྒྱུད་ལས། དེ་ནས་ཆོས་ཀུན་འབྱུང་བ་ཡི། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །སྔགས་པས་ཆོ་ག་བཞིན་དུ་བྲིས། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་སོགས་སྔགས་བསྡུ་ལེའུ་གསུངས་པ་སྤྱི་དོན་གྱི་ཚུལ་དུ་བཀྲལ་བ་ལས་དང་། དེ་ཉིད་རྒྱས་པར་བཤད་པ་ནི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཏེ། རྒྱུད་དེའི་ལེའུ་སོ་བཞི་པར། །རབ་ཏུ་སྦྱོར་བ་རྒྱས་པ་ནི། །བསྒྲུབ་པ་སྒྲུབ་པོ་རྣམས་ལ་བཤད། །ཅེས་སོགས་ཀྱིས་རྒྱ་ཆེར་གསུངས་པ་ཡིན། དེ་ལྟ་བུའི་གདམས་པ་འདི་ཉིད་མཆོག་བརྙེས་ཏིལླི་ནཱ་རོ་ལས་བརྒྱུད་དེ་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱས་རྣལ་འབྱོར་གྱི་དབང་ཕྱུག་མི་ལའི་ཞལ་སྔར་བསྩལ་བ་ལས། རྗེ་མི་ལའི་བླ་མ་དྲན་དྲུག་གི་མགུར་དུ། ཟབ་མོ་བརྡ་ཡི་དབང་བཞི་དེ། དུས་ད་ལྟ་བསྐུར་ན་དགའ་བ་ལ། །ཞེས་གསུངས་པ་ཡང་འདི་ལ་དགོངས་པར་གདའ། དེའི་ཕྱིར་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། ཏིལླི། ནཱ་རོ། མར་པ། མི་ལ། དེས་རས་ཆུང་པ་དང་ལྷ་རྗེ་གཉིས་ལ། རས་ཆུང་ནས་སྐུ་མཆེད་རྣམ་གསུམ་ལ། དྭགས་པོ་ལྷ་རྗེ་ནས་ཕག་གྲུ་ལ། སྐུ་མཆེད་གསུམ་དང་ཕག་གྲུ་ལས་གྲུབ་ཆེན་གླིང་། དེ་ནས་ཆོས་རྗེ་རྒྱ་རས་པས་གསན། དེ་ནས་རིམ་པར་སངས་རྒྱས་དབོན། གཞོན་ནུ། ཉི་མ། རྡོར་གླིང་པ། སྤོས་སྐྱ་པ། བཅུ་གསུམ་པ། ཀུན་དགའ་སེངྒེ། དེས་མཁན་ཆེན་རྡོ་རྗེ་རིན་ཆེན་དང་བསམ་རྒྱལ་ཁ་ཆེ་ལ། དེ་གཉིས་ཀས་བློ་གྲོས་སེང་གེ །དེ་ནས་ཤེར་སེང་། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ལ་བབས་པའམ། ཡང་ན་མི་ལ་ནས་རྗེ་བཙུན་རས་ཆུང་པ་ལ། དེས་རྒྱལ་བ་ཁྱུང་ཚང་པ་ཡེ་ཤེས་བླ་མ་ལ། དེས་མ་ཅིག་ཀོང་ཇོ་ལ། དེས་ཞང་ལོ་གྲུབ་པ་དཔལ་ལ། དེས་སྔགས་འཆང་དྷ་ར་ཤྲཱི་ལ། དེས་སྲས་བསོད་ནམས་རྒྱལ་མཚན་ལ། དེས་སྲས་མོ་ཀུན་ལྡན་རས་མ་ལ། དེས་བདེ་ལེགས་རིན་ཆེན། དེས་གངས་ཅན་ཀུན་དགའ་དཔལ་ལ། དེས་ཀྱང་རྒྱལ་དབང་ཀུན་དགའ་དཔལ་འབྱོར་ལ་གདམས་པས་བརྒྱུད་ཚུལ་གྱི་ཆུ་བོ་གཉིས་འདུས་སུ་གྱུར། དེས་ངག་དབང་ཆོས་རྒྱལ་ལ། དེས་ཀུན་མཁྱེན་པདྨ་དཀར་པོ་ལའམ། ཡང་ན་ངག་དབང་ཆོས་རྒྱལ་ནས་འཇམ་དབྱངས་ཆོས་གྲགས་ལ། དེས་ཀུན་སྤངས་ཤེས་རབ་རྒྱ་མཚོ་ལ། དེས་ཀྱང་ཀུན་མཁྱེན་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ལ་གདམས། ཐམས་ཅད་མཁྱེན་པ་དེ་ལ་ཏིལླི་དུས་གསུམ་མཁྱེན་པས་གཏད་རྒྱ་མཛད་པ་ཡིན་ཏེ། རྒྱལ་ཚབ་སྐྱེས་བུ་འོངས་པའི་ཚེ། །དཔའ་བོ་མཁའ་འགྲོས་ལུང་བསྟན་འབྱུང་། །ཞེས་དང་། རྡོ་རྗེ་འཆང་གིས་ལུང་བྱིན་ནས། །དབང་བསྐུར་བསྟན་པའི་སྲོག་ཀྱང་གཏད། །ཅེས་པའི་ལུང་དོན་བཞིན་གནས་གསུམ་མཁའ་འགྲོ་ཚོགས་ཀྱིས་ཡང་ཡང་བསྐུལ་བའི་རྐྱེན་ལས་དཔྱད་གསུམ་དག་པའི་ལེགས་བཤད་ཅི་ཡང་བསྐྲུན་ནས་སྨིན་གྲོལ་ཆོས་ཀྱི་གྲུ་ཆར་མཁའ་ཁྱབ་ཏུ་སྤེལ་བའི་མཐུས་ད་ལྟའི་བར་དུ་དར་རྒྱས་སུ་བྱུང་བར་མངོན་ལ། དེའི་གསུང་གི་གསང་བ་འཛིན་པའི་སློབ་ཚོགས་ཤིན་ཏུ་མང་ཡང་དེ་ཐམས་ཅད་ཀྱི་ནང་ནས་ཕུལ་དུ་བྱུང་བ་མི་ཕམ་ཆོས་རྒྱལ་དང་བསྟན་པའི་ཉི་མ་ལྷ་དབང་བློ་གྲོས་གསུམ་ལ་གདམས། དེ་གསུམ་ཀས་མཐུ་ཆེན་ངག་དབང་རྣམ་རྒྱལ་ལ། དེས་བསྟན་འཛིན་རབ་རྒྱལ་ལ། དེས་ངག་དབང་རྒྱལ་མཚན་ལ། དེས་ཤཱཀྱ་རིན་ཆེན་ལ། དེས་ཤེས་རབ་སེང་གེ་ལ། དེས་ཤེས་རབ་རྒྱལ་མཚན་ལ། དེས་ཡོན་ཏན་རྒྱལ་མཚན་ལ། དེས་ཤཱཀྱ་རྒྱལ་མཚན་ལ། དེས་འཇིགས་མེད་ཆོས་རྒྱལ་ལ། དེས་གྲུབ་དབང་བསྟན་འཛིན་རྒྱ་མཚོ་ལ། དེས་རྗེ་བླ་མ་ཡེ་ཤེས་སེང་གེ་ལ། དེས་ཞབས་དྲུང་ནས་བདག་ཅག་རྣམས་ཀྱིས་ཞུས་པ་ནི་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་ཙམ་ལགས་སོ། །དེ་ལྟ་བུའི་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ཟབ་མོ་བརྡའི་དབང་བཞི་བསྐུར་བ་ལ། རྩ་བར། སྡོམ་པའི་བྱ་བ་སྔོན་འགྲོ་བས། །ཞེས་གསུངས་པ་ལྟར། ཐོག་མར་སྔགས་ཀྱི་སྒོར་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྡོམ་པ་གཟུང་བར་བྱ་དགོས་པ་ཡིན་པས་དེ་ལ་སློབ་དཔོན་ངེད་ཀྱིས་ཁྱེད་རང་རྣམས་ལ་འདི་སྐད་དུ། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག །ཅེས་གདམས་པར་མོས་ལ་དེའི་དོན་རྗེས་སུ་དྲན་བཞིན་པས། སེམས་བཟུང་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ཨ། དེ་ལྟར་བརྗོད་པའི་རྐྱེན་གྱིས་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་མོས་པ་མཛོད། དེ་བརྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་བཞག་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿ སིདྡྷི་བཛྭ་ཡ་ཐཱ་སུ་ཁཾ། ཞེས་བྱིན་གྱིས་བརླབས་པས་སེམས་དེ་ཉིད་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་འགྲེང་བར་གྱུར་པའི་མོས་པ་མཛོད། དེ་ལྟར་ན་འདིའི་སྟེར་རྒྱུའི་སྡོམ་པའང་མོས་པའི་དུས་སྡོམ་པ་གཉིས་ལ་དམིགས། རྣམ་པའི་དུས་ན་སེམས་ཟླ་བ་དང་རྡོ་རྗེ་བསྐྱེད། བྱིན་རླབས་ཀྱི་དུས་དེ་གཉིས་མངོན་སུམ་དུ་བྱེད་ལ། དེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཟུང་འཇུག་ཏུ་སོང་བ་སྟེ། སྡོམ་འབྱུང་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་རོལ་པའོ། །སྔོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དབང་དངོས་ལ་སློབ་དཔོན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱན་སྔར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིནྎ །ཤིན་ཏུ་སྨིནྎ །དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་གང་བརྎ །སྨིནྎ །ཡོངས་སུྎ །ཤིན་ཏུྎ །དེ་བཞིན་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ་ལྟ་བུས་གང་བརྎ །སྨིན་པརྎ །ཡོངས་སུྎ །ཤིན་ཏུ་སྨིན་པར་མཛད་དུ་གསོལ། ལན་གསུམ། སྤྲོ་ན། སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཞིང་རྒྱ་མཚོ་ཀུན་ན་ཆོས་ཀྱི་རྗེ་སོགས་ཀྱི་གསོལ་འདེབས་ཀྱང་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་ངེད་ཀྱིས་ཨོཾ་སྭབྷཱ་ཝྎ །ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་གི་སྒོ་གསུམ་མ་དག་པའི་ཆོས་སུ་སྣང་བ་མི་དམིགས་པའི་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུར་བཞེངས་པ་བྷནྡྷུ་རི་ཀ་ལྟར་དམར་བའི་བཅོམ་ལྡན་འདས་མ་ཆོས་ཐམས་ཅད་གཅིག་ཏུ་སྟོན་པའི་ཞལ་གཅིག་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། འཁོར་བ་ལ་རྒྱབ་ཕྱོགས་པའི་ཕྱིར། ཆེར་གཅུས་པའི་འགྱིང་བག་དང་བཅས་པའི་བཞིན་རས་གཡོན་གྱི་ནམ་མཁར་ཕྱོགས་པ་ནས་དུས་གསུམ་མཉམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། འཆིང་བ་ཐམས་ཅད་དང་བྲལ་བས་དབུ་སྐྲ་བུང་བ་ལྟར་གནག་པ་སིལ་བུར་འཕྱང་ཞིང་། ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཡིན་པས་འཁོར་ལོ་དང་ཐོད་པའི་ཅོད་པཎ་དང་། རྣ་ཆ་དང་མགུལ་རྒྱན་དང་། སེ་རལ་ཁ་དང་། གདུ་བུ་དང་། ཐོད་པའི་དུམ་བུའི་སྐེ་རགས་ཅན། ཞེ་སྡང་གི་ཚུལ་གྱིས་ཞེ་སྡང་འཇོམས་པས། ཕྱག་གཡས་ཀྱིས་རྡོ་རྗེ་གྲི་གུག་པུས་མོའི་ཐད་ནས་ཐུར་དུ་བསྣུན་པ། འདོད་ཆགས་ཀྱིས་འདོད་ཆགས་སྦྱོང་བས་ཁ་ཊྶཱཾ་ག་དཀར་པོ་ཧེ་རུ་ཀའི་རང་བཞིན་གཡོན་གྱི་ཕྲག་པར་བཀལ་བ། གཏི་མུག་གིས་གཏི་མུག་སེལ་བ་གཡོན་པའི་ཕྱག་གིས་པདྨའི་སྣོད་ཞལ་སྒོར་གཟུངས་ནས་ནམ་མཁའ་འཇོ་བ། རྣམ་པར་འགྱིངས་པས་ང་རྒྱལ་གཞོམ་པ་དྲེགས་པ་ལྔ་བཅུ་རྩ་གཅིག་གི་མགྲིན་པ་ནས་གཏུབས་པའི་མགོ་རྡོ་རྗེའི་ཐག་པ་ལ་བརྒྱུས་པའི་ག་ཤ །ཕྲག་དོག་གིས་ཕྲག་དོག་བརླག་པར་བྱེད་པ་བདུད་ཀྱི་ཡུལ་ངན་པར་སྟོན་པའི་འཇའ་ཚོན་གྱི་སྤྲིན་ནམ་མཁའི་ཁམས་ཁྱབ་པར་འགྱེད་པ། སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི་རོལ་མོ་ལ་བསྐུལ་བས་གར་དགུའི་ཉམས་སྐྱོང་བ། སྒྲིབ་པ་ཐམས་ཅད་ཀྱི་སྤངས་པ་ཆེན་པོས་གཅེར་མོ། སྙིང་རྗེའི་ཆ་ཡོངས་སུ་རྫོགས་པའི་རྟོགས་པ་ཆེན་པོས་བཅུ་དྲུག་པའི་གང་བ་ལ་རྟག་ཏུ་གནས་པ། མཆོག་ཏུ་དགའ་བ་ཐམས་ཅད་སྦྱིན་པས་ནུ་མ་ཟུང་ཆེར་འབུར་བའི་སྟོད་རྒྱས་ཤིང་སྐེད་པ་ཕྲ་ལ་སྨད་སྦོམ་པ། རྣམ་པར་ཐར་བའི་སྒོ་གསུམ་ནས་ཐམས་ཅད་སྐྱེས་པ་མཚོན་པར་བྱེད་པས་རུས་སྦལ་གྱི་རྒྱབ་ལྟར་མཐོ་ལ་ཁྲག་འཛག་པའི་བྷ་ག །རྡུལ་གྱིས་འོག་རྐང་མཐིལ་དང་སྙིང་སྟོབས་ཀྱིས་སྟེང་ཚངས་པའི་ཡུལ་གང་བ་ནི་གཟུང་འཛིན་གྱི་རླུང་བཅོམ་པ་ལས་ཡིན་པས་གླང་པོ་ཆེའི་སྣ་ཞགས་ལྟ་བུའི་ཞབས་གཡས་བརྐྱང་གིས་དུས་མཚན་དང་འཇིགས་བྱེད་བརྫིས་པ། འོད་གསལ་གྱི་མེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ནམ་མཁའ་ལ་སྦྱོར་བའི་བརྡར་མེ་འོད་ཀྱི་ཕྲེང་བ་འཁྲུགས་པའི་དབུས་ན་བཞུགས་པའི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ། ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། ཁར་སྲཱིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲཱིཾ་སྲིཾ་སྲེག་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜྻི་ཀ་དུད་ཁ། ཐམས་ཅད་ཕྱག་རྒྱ་ལྔས་བརྒྱན་པ་རྣམས་ཀྱིས་མཚན་པར་གྱུར་པའི་མོས་པ་མཛོད། དེ་ལྟར་སྔོན་དུ་བྱ་བའི་རིམ་པ་དང་བྱིན་རླབས་ཀྱི་གཞི་འགོད་པ་རྣམས་སོང་ནས། བསྐུར་བྱའི་དབང་དངོས་ནི། བདེ་མཆོག་རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པ་ལས། མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་ཐིག་ལེ་བྱ། །ཞེས་གསུངས་པའི་དོན་མཚལ་ཆེན་ནི། བཤད་རྒྱུད་མངོན་བརྗོད་བླ་མ་ལས། རྗེས་སུ་ཆགས་པ་དམར་པོའི་མདོག །ཅེས་པས་རྗེས་སུ་ཆགས་པ་ནི་ཆགས་པ་ཆེན་པོ་སྟེ་བདེ་བ་ཆེན་པོ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། ལན་གསུམ་བཟླས་པ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བས་བྱིན་གྱིས་བརླབས་པ་སྟེ་རྡོ་རྗེ་མཁའ་འགྲོར། ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ཐོབ་འགྱུར་གདོན་མི་ཟ། །ཞེས་གསུངས། དེས་ཇི་ལྟར་བྱིན་གྱིས་རློབ་པ་ནི། དུས་འཁོར་ལས། སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གི་སྐུ་ཡི་བྱ་བ་བྱེད་པ་སྟེ། །སོགས་དང་། རྗེ་བཙུན་གྱིས། ཕ་བླ་མའི་བྱིན་རླབས་ལུས་ལ་བཞུགས། །ལུས་ཐ་མལ་དུ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཕྱག་སྐོར་བ་གྱིས་ཤིག་རས་ཆུང་བ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་བླ་མའི་གསང་བ་གསུམ་པོ་སློབ་མའི་ལུས་ངག་ཡིད་གསུམ་རྣམས་སུ་དབབ་པར་བྱ་བ་ནི། དེ་རྣམས་སུ་ནི་ཐིག་ལེ་བྱ། །ཞེས་པའི་དོན་ཡིན་པས་དེ་ལ་མོས་པ་འདི་བཞིན་དུ་མཛོད། བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་སྐུའི་དཔྲལ་བའི་ཨོཾ་ལས་སྐུ་རྡོ་རྗེའི་བྱིན་རླབས་འོད་ཟེར་དཀར་ནར་གྱིས་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སྟེ་ཁྱེད་རང་གི་ལུས་ལ་ཐིམ་པའི་མོས་པ་མཛོད། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སངས་རྒྱས་སྐུ་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨོཾ་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་སྤོས་རོལ་བྱ། དེས་སྐུའི་བྱིན་རླབས་ལུས་ལ་ཕེབས་པ་ན་ལུས་ཐ་མལ་པའི་གནས་སྐབས་ལས་བཟློག་ནས་སྐུའི་བྱ་བ་བྱེད་པར་འགྱུར་རོ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་མགྲིན་པའི་ཨཱཿལས་གསུང་རྡོ་རྗེའི་བྱིན་རླབས་འོད་ཟེར་དམར་ནར་གྱིས་བྱུང་། ཕྱོགས་བཅུ་ཞིང་ཐམས་ཅད་དུ་སོང་ནས་དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་ཁྱེད་རང་གི་མགྲིན་པར་ཞུགས་ངག་ལ་ཐིམ་པའི་མོས་པ་མཛོད། སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་བ། །སངས་རྒྱས་གསུང་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱཿཨ་བེ་ཤ་ཡ་ཨ་ཨ། སྤོས་རོལ་བྱ། དེས་གསུང་རྡོ་རྗེ་ངག་ལ་ཕེབས་པས་ངག་ཐ་མལ་པའི་གནས་སྐབས་ལས་ལོག་ནས་གསུང་གི་བྱ་བ་བྱེད་པར་འགྱུར་རོ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་ཐུགས་རྡོ་རྗེའི་བྱིན་རླབས་འོད་ཟེར་སྔོ་ནར་གྱིས་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས་དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་ཁྱེད་རང་གི་སྙིང་ཁར་ཞུགས་ཏེ་ཡིད་ལ་ཐིམ་པའི་མོས་པ་མཛོད། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སངས་རྒྱས་ཐུགས་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཧཱུཾ་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་རོལ་བྱ། དེས་ཐུགས་རྡོ་རྗེ་ཡིད་ལ་ཞུགས་པས་ཡིད་ཐ་མལ་པའི་གནས་སྐབས་ལས་ལོག་ནས་ཐུགས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་ཀ་པཱ་ལའི་བདུད་རྩི་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་ངོ་བོར་གྱུར་པས་སྒོ་གསུམ་གྱི་དྲི་མ་གཏོར་བ་དང་སྐུ་བཞིའི་ནུས་པ་ཞུ་ལུགས་སུ་བླུགས་པས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་བདུད་རྩིའི་ཐོད་པ་ལག་གཡོན་གྱི་གཟུང་གཡས་བ་དན་གསུམ་པའི་ཕྱག་རྒྱ་དང་བཅས་ཏེ་སློབ་མའི་ལག་ཏུ་གཏད་ལ། རྗེ་བཙུན་མགོན་པོ་བདུད་རྩི་དངོས། །བདུད་རྩི་རྗེ་བཙུན་མགོན་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །ཧེ་རུ་ཀ་དཔལ་བདུད་རྩི་དངོས། །བདུད་རྩི་ཧེ་རུ་ཀའི་རང་བཞིན། །ཐབས་དངྎ །སུསྎ །མཁའ་འགྲོ་མ་ནི་བདུད་རྩི་དངོས། །བདུད་རྩི་མཁའ་འགྲོ་མའི་རང་བཞིན། །ཐབས་དངྎ །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །བདུད་རྩི་ལག་གཡོན་དུ་ཅུང་ཟད་བྱིན་ལ་མྱང་དུ་བཅུག །སྤྲོ་ན་འདིར་ཡང་རོལ་མོ་སྒྲོག་ཅིང་སྤོས་བདུག་གོ །དེ་ལྟར་ཀ་པཱ་ལའི་བདུད་རྩིས་དབང་བསྐུར་ཞིང་ཡེ་ཤེས་རྡོ་རྗེ་ལུས་ངག་ཡིད་གསུམ་ལ་ཁྱབ་བྱེད་དུ་ཞུགས་པས་རྡོ་རྗེ་སེམས་དཔའ་ཕེབས་ནས་སྒོ་གསུམ་མ་རིག་པ་ལས་ཤིན་ཏུ་ལོག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་སྒོ་ནས་ཡེ་ཤེས་དབབ་པས་ཕེབས་པའི་རྟགས་སམ་མཚན་མ་ཡང་། རྩ་བར། མཐར་གྱིས་བབས་ན་བ་སྤུ་ལྡང་། །མཆི་མ་འབྱུང་སོགས་ཡེ་ཤེས་བསྐྱེད། །ཅེས་གསུངས་པས་དངོས་རྗེས་མཐུན་པའི་མཚན་མ་གང་བྱུང་ཡང་ཡེ་ཤེས་ཀྱི་ཆ་ཤས་ཕེབས་པར་ཤེས་དགོས། དེ་ལྟ་བུའི་ཡེ་ཤེས་དབབ་པ་ནི་རྣལ་འབྱོར་རྒྱུད་མན་ཆད་ཀྱི་དབང་གི་ཆོ་ག་ཐམས་ཅད་ཀྱི་མགོར་གསུངས་པས་དབང་དངོས་ཀྱི་མདོར་བསྟན་ནམ་ལུས་རྣམ་གཞག་ལྟ་བུ་ཡིན་ནོ་ཞེས་གསུངས་ལ། དོན་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཀྱི་གཙོ་བོ་དང་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་བསྐྲུན་པའི་ཐབས་མཁས་ཟབ་མོ་རྨད་དུ་བྱུང་བ་ཡིན་པས་འདི་ཉིད་ལ་བྱིན་རླབས་འཕོ་བའི་དབང་དང་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཞེས་ཀྱང་བྱའོ། །དེ་ཡང་མཚོན་བྱ་དོན་གྱི་དཀྱིལ་འཁོར་དུ་ཞུགས་པས་མ་རིག་པའི་སྒྲིབ་གཡོགས་དང་བྲལ་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པའི་མོས་པ་མཛོད། །ཅེས་གུར་གྱི་སྒོ་བསལ་ཏེ་རྡོ་རྗེའམ་དབྱུ་གུའི་རྩེ་མོས་མཚོན་པར་བྱས་ནས་སིནྡྷུ་རའི་དཀྱིལ་འཁོར་བསྟན་ལ། འདི་ན་རྣམ་པར་ཐར་པའི་སྒོ་གསུམ་མཚན་པའི་ཆོས་ཀྱི་འབྱུང་གནས་ཨེ་དབྱིངས་རྣམ་ཀུན་མཆོག་ལྡན་སྟོང་པའི་རང་གཟུགས་སུ་དག་པ་ཟུར་དྲུག་པའི་ནང་དུ། པད་འདབ་ཕྱི་རིམ་ལ་བརྒྱད་དང་ནང་རིམ་ལ་བཞི་པའི་ལྟེ་བར་འཇིགས་དུས་བསྣོལ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་རཱ་གའི་ལྷུན་པོ་ཉིན་མོར་བྱེད་པའི་གཟི་བྱིན་གྱིས་འཁྱུད་པའི་སྐུ་ཅན་མཛེས་སྡུག་གི་དཔྱིད། ཁྲོ་ཆགས་ཀྱི་ཉམས་རྒྱས་སྤ་ཞིང་གྲི་གུག་པད་སྣོད་ནམ་མཁའི་དབྱུག་པ་བདེ་བ་ཆེན་པོའི་ཧེ་རུ་ཀ་དང་འདུས་པའི་དགའ་བས་མྱོས་པ་རྒྱན་དང་ཆ་བྱད་རྫོགས་ཤིང་བརྐྱང་བསྐུམ་གྱི་རོལ་པས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་གར་དགུས་འགྱིང་བ། སྟེང་དང་འོག་ཏུ་མཁའ་སྤྱོད་མ་དང་ས་འོག་སྤྱོད་མ། ཕྱོགས་བཞིའི་འདབ་མར་ཤར་དུ་མཁའ་འགྲོ་མ། བྱང་དུ་ལཱ་མ། ནུབ་ཏུ་དུམ་སྐྱེ་མ། ལྷོར་གཟུགས་ཅན་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ལ། ཤར་དུ་ཁྭ་གདོང་མ། བྱང་དུ་འུག་གདོང་མ། ནུབ་ཏུ་ཁྱི་གདོང་མ། ལྷོར་ཕག་གདོང་མ། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་པ་སྟེ། དེ་ཐམས་ཅད་ཀྱང་དོན་དམ་པའི་ཡེ་ཤེས་ཀྱི་མིག་འཕྲུལ་བརྟན་པ་དང་གཡོ་བའི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་གཟུགས་སུ་ཤར་བ་ཉིད་དེ། རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱི་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟར་དུ་ངེས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་འདི་ཐམས་ཅད་ལ་མོས་གུས་ཀྱིས་དད་པ་དྲག་པོས་གཟིགས་མཛོད། དེ་དག་ནི་རྩ་བའི་རྒྱུད་ལས། སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་གདོང་གཡོགས་ཕྱེ་བ་ནི་ཡེ་ཤེས་དབབ་པས་ཕྱིན་ཅི་ལོག་གི་མ་རིག་པའི་སྒྲིབ་གཡོགས་བསལ་བའི་དོན་དང་། དཀྱིལ་འཁོར་ནི་རྟེན་དང་བརྟེན་པའི་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པར་དགོངས་པ་སྟེ། ལྷ་གང་གི་ནི་གནས་ཡིན་ཏེ། །དེ་དེ་ཡང་དག་བརྟན་པར་བྱ། །ཞེས་དེའི་འཕྲོས་སུ་གསུངས་པ་ནི་སྐབས་འདིར་ལྷ་ངོ་སྟོན་པའི་དོན་དུ་མ་ཟད་འཆད་འགྱུར་བརྡའི་དབང་བཞི་ཡང་མདོར་བསྟན་པ་སྟེ། ལྷ་ནི་དེ་སྒྲ་ལས་དྲངས་ན་དེ་ཧ་བྷ་ཝ་ལུས་ལས་འབྱུང་བ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ་དེ་ཉིད་གང་ལ་བརྟེན་ངོ་འཕྲོད་པ་ནི་གནས་ཏེ་དེའི་ཕྱིར་བརྡའ་སྟོན་པ་ཡིན་པས་སོ། །སླར་ཡང་སིནྡྷུ་རའི་བཅོམ་ལྡན་འདས་མའི་ལྷ་ཚོགས་རྣམས་རྗེས་སུ་ཆགས་པའི་མེས་ཞུ་བ་ཉི་མ་འཆར་ཀའི་མདངས་ཅན་གྱི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཐིག་ལེར་གྱུར་པ་གནས་གསུམ་དུ་ལྷག་པར་གནས་པར་བྱས་པའི་མོས་པ་མཛོད། ཅེས་སིནྡྷུ་རའི་དཀྱིལ་འཁོར་ནས་གཡོན་པའི་སྲིན་ལག་གིས་ཕྱིས་ཏེ་སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད། དེས་ནི་སྔར་བྱིན་གྱིས་རློབས་ཟིན་པ་དང་དེའི་ནུས་པ་བསྟན་པར་བྱས་པའི་དོན་ཡིན་ནོ། །ད་ནི་བརྡའི་དབང་དངོས་ནི་གོང་གི་རྩ་རྒྱུད་ཀྱི་ལུང་དོན་དེ་ཉིད་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོའི་ནང་ཚན། རྡོ་རྗེ་དབང་བསྐུར་བ་བརྡའི་རིམ་པར་ཕྱེ་བ་སོ་བཞི་པ་དང་། བརྡའི་རོལ་པ་དང་དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སོ་དྲུག་པ་དང་། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ་དང་རང་བཞིན་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་ལྔ་བཅུ་པ་རྣམས་ཀྱིས་རྒྱས་པར་བཤད། ཐོག་མར་ལེའུ་སོ་བཞི་པར། གང་གི་རྟག་ཏུ་སྔགས་སྦྱིན་པ། །གང་གི་ཆོ་ག་དེ་བཞིན་བྱ། །ཐོད་པ་ཕྲེང་བ་དབུ་རྒྱན་དང་། །དེ་བཞིན་སངས་རྒྱས་གཙུག་ནོར་བུ། །པདྨ་དཔལ་གྱི་ནགས་རྩ་བ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྐྱོང་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་རྩ་རྒྱུད་ལས་ཀྱང་འབྱུང་ཞིང་སྔགས་ཀྱི་སྦྱིན་པའི་དོན་སྔགས་ཀྱི་ཐིག་ལེའི་སྤྲོ་བསྡུ་ཡིན་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྔར་བཤད་ཟིན་པ་དེ་བསྟན། ཐོད་པའི་དབང་བསྐུར་བཞི་སོ་དྲུག་པ་ལས་བསྟན། སྔར་དྲངས་ཟིན་པ་ལྟར་དང་། སྐབས་འདིར་སྟོན་རྒྱུ་བརྡའ་ནི། ཐོད་པ་དང་ཕྲེང་བའམ་མདའ་གཞུ། དབུ་རྒྱན་ནི་རྡོ་རྗེ་རྒྱ་གྲམ། སངས་རྒྱས་ནི་བཅོམ་ལྡན་འདས་མའི་དོན་དམ་པའི་ཞལ་ཏེ་ཕག་གདོང་གཙུག་གི་ནོར་བུ་རྣམས་ཡིན་ལ། ཡང་ཐོད་པ་ལ་པདྨ། རྒྱ་གྲམ་ལ་དཔལ། འཕྲེང་བ་ལ་ནགས། ནོར་བུ་ལ་རྩ་བ་ཞེས་སོགས་ཀྱང་གསུངས། བརྡ་དེ་དག་ཀྱང་སྤྱིར་དབང་པོ་རྣོན་པོ་ཁོ་ནའི་དབང་དུ་བྱས་པ་ཡིན་མོད་ཀྱང་། ནང་གསེས་དབང་དོན་ཉིད་ལ་ཡང་བློའི་ཁྱད་པར་ཡོད་པས། དཔེར་ན་མི་ཞིག་གིས་གཞན་ལག་པའམ་ཁའམ་མིག་འགྲོས་ཀྱིས་བྱ་བ་འདི་གྱིས་ཞེས་བརྡ་བསྟན་ན། ཕ་རོལ་པོ་ཤེས་པ་དང་ལྡན་པ་དེས་རིག་སྟེ་དོན་འགྲུབ། རྨོངས་པ་དེས་མི་གོ་བ་བཞིན། འདིར་ཡང་སྐལ་བ་དང་ལྡན་ན་རིག །མི་ལྡན་ན་མ་ཡིན་པ་སྔོན་ཕ་དམ་པས་སྙོང་ཡེ་ཤེས་རྒྱལ་མཚན་ལ། བརྡ་མིག་ཅན་གྱིས་མཐོང་བ་ཡིན། མིག་མེད་ཀྱིས་མི་མཐོང་གསུངས་པ་ལྟར་ཡིན་ལ། གང་རིག་པ་དེ་ལ་དབང་དོན་གྱི་ཡེ་ཤེས་ངོ་འཕྲོད་པའམ་མངོན་སུམ་དུ་བྱས་པ་ཡིན་པས་དེ་ལས་ལོགས་སུ་དབང་བསྐུར་མི་དགོས་ཏེ། གོང་གི་འཕྲོར། རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མ་དག་ནི་མི་བྱའོ། །ཞེས་གསུངས་ཤིང་གསང་སྔགས་རྙིང་མ་རྣམས་ཀྱིས་རིག་འཛིན་བརྡའི་བརྒྱུད་པ་ཞེས་བསྔགས་པར་མཛད་པའང་འདི་ལྟ་བུ་ལ་དགོངས་པར་གདའ། དེ་ཡང་སྔར་ཡེ་ཤེས་དབབ་པའི་དུས་སུ་སྐུ་ཕེབས་པ་དེས་སྐབས་འདིར་བརྡ་བསྟན་པ་དེ་དག་བུམ་དབང་གི་བརྡ་ཁོ་ནར་གོ་བར་འགྱུར་བས་དེ་ལ་བཅོས་མ་དང་བཅས་པས་ཁྲིད་པ་ཡིན། དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཕེབས་པ་དེས་དབང་གོང་མ་གསུམ་པོ་སོ་སོའི་དོན་དུ་ངོ་འཕྲོད་པ་དེ་ལ་ལམ་ལྷག་མ་ནས་ཁྲིད་པར་གསུངས་པས་ཁྲིད་ཚུལ་ཡང་བཞིར་འགྱུར་བ་ཡིན་པ་གང་དང་གང་གི་སྐལ་བ་དང་མཚམས་པར་ཁྲིད་ཤེས་པ་ནི་གཞན་རྗེས་སུ་འཛིན་པའི་རྡོ་རྗེ་སློབ་དཔོན་དུ་འོས་པ་སྟེ། རྡོ་རྗེ་མཁའ་འགྲོར་གོང་གྱི་ལུང་སྡེབས་སུ། གང་དང་གང་ནི་ལྷ་ཡི་མཆོག །དེ་དང་དེ་ནི་སློབ་དཔོན་འགྲོ །གང་དང་གང་ལ་ལྷག་མོས་པ། །དེ་དང་དེ་ཡི་དབང་བསྐུར་བྱ། །ཞེས་བྱུང་། དེ་ལྟར་ན་ཡང་ད་ལྟ་སྤྱི་ཙམ་ལ། ལས་དང་པོ་པའི་དབང་དུ་མཛད་དེ་མཐར་ཆགས་སུ་བསྐུར་བར་མཛད་པ་ཕྱག་བཞེས་སུ་མཆིས་པས་དེ་ལ་འདི་བཞིན་བརྗོད་པ་ལ། ཐོད་པ་ལག་གཡས་སུ་བཞག །ཕྲེང་བའམ་མདའ་གཞུ་གཡོན་དུ། སྣ་ཚོགས་རྡོ་རྗེ་ལག་གཉིས་ཀྱི་དབུས། ནོར་བུ་སྤྱི་བོར། ཕག་ཞལ་ཡང་ལག་ཏུ་གཏད་དེ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བརྗོད་ལ། དེ་ཡང་བཤད་རྒྱུད་རྡོ་རྗེ་མཁའ་འགྲོར། དབང་པོ་ཀུན་ལས་བྱུང་བ་ཡི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་མ་འཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུས་དབང་བསྐུར་མཛད། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་དཔལ་དབང་བསྐུར་བའོ། །ཞེས་གསུངས་པའི་དོན་བརྡ་དེ་བུམ་དབང་དུ་གོ་ན་དེའི་ཚེ་ཐོད་པས་དབང་པོ་ཐམས་ཅད་ཀྱི་སྒྲིབ་པ་མེད་པ་ཐུགས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག །འཕྲེང་བའམ་མདའ་གཞུ་རྣམ་ཀུན་མཆོག་ལྡན་གྱི་མཛེས་མ་སྟོང་པ་ཉིད་གསུང་གཞོམ་དུ་མེད་པའི་སྒྲ་སྙན་དྲིལ་བུའི་དམ་ཚིག །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་གཉིས་སུ་མི་ཕྱེད་པའི་སྐུ་ཕྱག་རྒྱའི་དམ་ཚིག །ནོར་བུས་བདག་གཞན་གྱི་རེ་བ་སྐོང་བ་བརཏལ་ཞུགས། ཕག་ཞལ་གདུལ་བྱ་རིས་མེད་རྗེས་སུ་འཛིན་པ་རྗེས་གནང་དུ་རིག་པ་ཡིན་ལ། དེའི་གོང་མ་གསུམ་ཡང་མཚོན་བྱེད་རྟགས་ཀྱི་རྡོར་དྲིལ་ཕྱག་རྒྱ་གསུམ་ཙམ་མམ་སྤྱི་དོན་གྱི་སྟོང་ཉིད་སྙིང་རྗེ་ལྷ་སྐུ་གསུམ་དུ་རིག་པ་ནི་རྒྱུད་སྡེ་འོག་མ་དང་ཐུན་མོང་བ་དྲང་དོན། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་པ་ལྟར་ཐབས་ཤེས་ཁ་སྦྱོར་དུ་བསྒོམ་པའི་ནང་གི་རྡོར་དྲིལ་ཕྱག་རྒྱ་མཚོན་བྱེད་དུ་གོ་ན་གནས་སྐབས་པའི་ངེས་དོན་ཏེ་མ་རྒྱུད་ཁོ་ན་ལ་གྲགས་པ་དེར་འགྱུར་བ་ཡིན་ནོ། །དེ་ལྟར་བུམ་དབང་གི་བརྡ་ཙམ་དུ་གོ་བ་དེ་ལ་དབང་ལྷག་མ་གསུམ་གྱི་བརྡ་ཡང་རིམ་ཅན་དུ་བསྟན་དགོས་པས་གསང་དབང་གི་བརྡ་ནི། ཞེས་མཚམས་སྦྱར་ལ། ཐོད་པའི་ཁར་ཕྲེང་པ་དང་སྣ་ཚོགས་རྡོ་རྗེ་བཞག །ཐོད་པའི་འོག་ཏུ་ནོར་བུ་བཀོད་པ་ལག་ཏུ་གཏད་དེ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། ཞེས་བརྗོད། དེ་ཡང་རྒྱུད་ལས། ཐོད་པ་ལུས་ཞེས་བྱ་བ་སྟེ། །འཕྲེང་བ་རྐང་པའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་རོ། །ཞེས་བརྡ་འདི་གསང་དབང་དུ་གོ་བའི་ཚེ་ཐོད་པ་ནི་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱིས་ལུས་དཀྱིལ། ཕྲེང་བ་ནི་རྐང་པ་སྟེ་བགྲོད་པའི་བྱ་བ་བྱེད་པས་ཐབས་ཀྱི་ལིངྒ། དབུ་རྒྱན་ཏེ་རྡོ་རྗེ་རྒྱ་གྲམ་ནི་ཤེས་རབ་ཀྱི་བྷ་ག །སངས་རྒྱས་ཞེས་པ་ཕག་ཞལ་ནི་དེ་གཉིས་བསྲུབས་པའི་ཁུ་བ་བྱང་ཆུབ་ཀྱི་སེམས། དེ་ཡན་ཆད་སློབ་དཔོན་དང་འབྲལ་བས་སྟེང་དུ་བཀོད། ནོར་བུ་ནི་བླ་མ་ཡབ་ཡུམ་གྱི་བྱང་སེམས་དེ་སློབ་མས་མྱང་པས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པ་མཚོན་བྱེད་སློབ་མའི་རྒྱུད་དང་འབྲེལ་བའི་ཕྱིར་འོག་ཏུ་བཀོད་པར་གདའོ། །དེ་རྗེས་དབང་གསུམ་པའི་བརྡ་ནི། ཞེས་མཚམས་སྦྱར་ལ། ཐོད་པའི་སྟེང་དུ་ཕྲེང་བ་བཀོད། དེའི་ཁར་སྣ་ཚོགས་རྡོ་རྗེ་བཞག །ཕག་ཞལ་དང་ནོར་བུས་དེའི་མཐའ་སྐོར་ཏེ་ལག་ཏུ་གཏད་ལ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བརྗོད་རྗེས། འོ་དེ་ཡང་རྡོ་རྗེ་མཁའ་འགྲོར། ཐོད་པ་དབང་གཉིས་དམ་ཚིག་སྟེ། །ཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གིས་ཐིག་གདབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུ་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཞེས་གསུངས་ཏེ། བརྡ་འདི་དབང་གསུམ་པའི་དོན་དུ་གོ་ཚུལ་བཤད་པ་ཡིན། དེའི་དོན་ཐོད་པ་ནི་ཀ་པཱ་ལ་ཞེས་པའི་སྒྲ་ལས་བདེ་བ་སྐྱོང་གནས་ཏེ་ཐབས་དང་ཤེས་རབ་ཀྱི་དབང་པོ་གཉིས་མཚོན། ཕྲེང་བ་ནི་གཅིག་ཏུ་ལུ་གུ་རྒྱུད་དུ་འབྲེལ་བས་དེ་གཉིས་ཁ་སྦྱོར་གྱིས་བསྲུབ་པ་མཚོན། རྒྱ་གྲམ་ནི་ངོས་བཞི་དང་ལྡན་པས་དེ་ལས་སྐྱེས་པའི་དགའ་བ་བཞི་བཞི་བཅུ་དྲུག་གི་ཞུ་བ་དེ་མཚོན། ཕག་ཞལ་ནི་ཕག་ལ་གཙང་རྨེ་རྣམ་རྟོག་མེད་པ་ལྟར་དེ་འཛིན་གྱི་རྟོག་པ་དབྱིངས་སུ་ནུབ་པ་སྟེ་སྟོང་པས་རྒྱས་ཐེབས་པ་མཚོན་པ་སྟེ་དཔེའི་ཡེ་ཤེས། ནོར་བུ་ནི་ཀུན་གྱི་དབྱིག་ཏུ་གྱུར་པ་ལྟར་དེ་ལས་བརྗོད་བྲལ་དོན་གྱི་ལྷན་ཅིག་སྐྱེས་པ་ངོ་འཕྲོད་པ་མཚོན་པ་སྟེ་རྩ་བའི་རྒྱུད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པ་ཡི་ནི་དངོས་གྲུབ་བྱ། །ཞེས་དང་། དབང་གཉིས་སྙོམས་པར་འཇུག་པ་ཡིས། །ཞེས་སོགས་གསུངས་པའི་དོན་ནོ། །དེ་ནས་ཡང་དབང་བཞི་པའི་བརྡ་ནི། ཞེས་མཚམས་སྦྱར་ལ། ཐོད་པ་སོགས་ཡོངས་རྫོགས་བསྡོམས་ཏེ་ལྟེ་བར་བཞག་ལ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། འོ། དེ་ཡང་བརྡ་འདི་ཉིད་དབང་བཞི་པའི་དོན་དུ་གོ་ཚུལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དཔལ་ཞེས་བྱ་བ་དགའ་བ་སྟེ། །བདེ་བ་སངས་རྒྱས་སུ་ནི་བརྗོད། །པདྨ་པདྨ་ཉིད་ཡིན་ལ། །ནགས་ནི་སྐྱ་རེངས་ཞེས་བྱར་གྲགས། །རྩ་བ་བྱང་ཆུབ་སེམས་ཡིན་ནོ། །ཞེས་ཕྱིའི་མངོན་བྱང་མཚོན་བྱེད་དང་། ནང་གི་མངོན་བྱང་མཚོན་བྱར་བྱས་ཏེ་བསྟན་པ་དང་། ཡང་པདྨ་ལྟེ་བའི་འཁོར་ལོ་སྟེ། །ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །ཞེས་པ། ཐོད་པས་ལྟེ་བའི་འཁོར་ལོ། འཕྲེང་བ་ཀུན་རྫོབ་ཏུ་དེར་གནས་པའི་དབྱངས་དང་པོ་ཨ་ཡིག་མི་འགྱུར་བས་མཚོན་པའི་རང་རིག་ཕྱག་ཆེན། དབུ་རྒྱན་ཏེ་རྒྱ་གྲམ་གྱིས་དེ་སོ་སོ་རང་གིས་རིག་པ་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པ། སངས་རྒྱས་ཏེ་ཕག་ཞལ་དང་གཙུག་གི་ནོར་བུས་དེ་ཕྱིན་ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པས་ཟུང་འཇུག་རབ་ཏུ་མི་གནས་པ་ལ་གནས་པ་བསྟན་ཏེ་འདི་དབང་བཞི་པའི་ཡེ་ཤེས་ངོ་མ་བསྟན་ལ། ལྟེ་བ་མཚོ་སྐྱེས་ཞེས་བྱ་སྟེ། །ནགས་ཞེས་བྱ་བ་ངག་ཡིན་ལ། །རྩ་བ་ལུས་ཀྱི་བླ་དྭགས་ཡིན། །སངས་རྒྱས་སེམས་ཀྱི་བརྡ་ཡིན་ཏེ། །གཅིག་པུ་ངེས་པའི་རྣལ་འབྱོར་ཡིན། །དབེན་པ་རྟོག་པ་སྤངས་པ་སྟེ། །སྦས་པ་གསལ་བར་བྱས་པའོ། །ཞེས་པས་ནི་བཞི་པའི་ཡེ་ཤེས་ངོ་མ་དེ་ཡང་མས་བརྟན་གྱི་དེ་ཉིད་བཅུ་དྲུག་རིག་པར་ཕྱེ་སྟེ་བཤད་པ་ཡིན་ནོ། །དེ་ལྟར་ན་གདུལ་བྱའི་སྐལ་བ་ཐ་དད་པའི་དབང་གིས་འདུལ་བྱེད་ཀྱི་རིམ་པའམ་དེ་དང་དེར་བསྟན་པ་ནི་རྒྱལ་བ་ཐབས་ལ་མཁས་པ་ཡིན་པས་གཅིག་ཁོ་ན་ལ་ཞེན་པར་མི་བྱ་ལ། འགའ་ཞིག་གི་བསམ་པར་དབང་དེ་དང་དེ་དངོས་སུ་བསྐུར་བས་ཆོག་མོད། མི་གོ་བའི་བརྡ་བསྟན་པས་ཅི་བྱ་སྙམ་དུ་སེམས་པ་མཆིས་མོད། འདི་དག་ནི་དབང་པོ་རྣོན་པོ་ཆོ་གའི་སྤྲོས་པ་ཆུང་ངུས་འདུལ་བ་ལ་དགོངས་པ་སྟེ་དེའི་ཕྱིར་བརྡ་ཙམ་གྱི་དབང་བཞིའི་དོན་རྒྱུད་ལ་མཚོན་ཅིང་གོ་བར་བྱེད་ནུས་པར་དགོངས་ལ། རྒྱུ་མཚན་དེས་ཕག་མོ་བརྡ་བཞིའི་དབང་ཞེས་བླ་མ་གོང་མ་རྣམས་ཀྱིས་ཐ་སྙད་མཛད་ཅིང་། རྒྱུད་ལས་ཀྱང་། དབང་ནི་རྣམ་པ་བཞི་དག་ཏུ། །ཡང་དང་ཡང་དུ་བཤད་པ་ཡིན། །གང་ཞིག་སྔར་ནི་བཤད་པ་རྣམས། །དེ་དག་ཀུན་གྱིས་བརྗོད་པ་ཡིན། །ཞེས་སྔར་བཤད་པའི་བརྡ་དག་རེ་རེས་ཀྱང་དབང་བཞི་ཀ་མཚོན་ནུས་པར་གསུངས་ཤིང་། དབང་པོ་ཆེས་རྣོ་བ་དག་ནི་བརྡ་བསྟན་པའང་མ་ལྟོས་ཏེ་ནཱ་རོ་པས་དཔལ་མཆོག་ཌོཾ་བྷི་བ་དང་། ཤ་ཝ་རིས་རྒྱལ་བུ་ས་ཀ་ར་སིདྡྷི་བྱིན་གྱིས་བརླབས་པ་བཞིན་ནོ། །དེ་ལྟར་ཟབ་མོ་བརྡའི་དབང་བསྐུར་བ་ལེགས་པར་མཐའ་རྒྱས་སུ་གྲུབ་པ་ཡིན་པས། དམ་ཚིག་རྣམས་མ་ཉམས་པར་བསྲུང་བའི་མོས་པས་འདིའི་རྗེས་ཟློས་གནང་བར་ཞུ། གཙོ་བོར་ཇི་ལྟར་ སོགས་དང་། གཏང་རག་གི་མཎྜྻལ། སོགས་དང་། མཇུག་ཆོག་ཀྱང་གཞུང་བཞིན་བྱའོ། །ཞེས་པ་འདི་ཡང་རང་གཞན་སྐལ་མཉམ་མང་པོར་ཕན་བློ་དང་རིག་པ་འཛིན་པ་མི་འགྱུར་རྡོ་རྗེའི་གསུང་གིས་བསྐུལ་བ་བཞིན་རྒྱལ་ཁམས་པ་ཀུན་དགའ་མིང་ཅན་གྲུབ་པའི་དབང་པོའི་བཀའ་བརྟགས་གང་དེས་ཀུན་མཁྱེན་ཆེན་པོའི་གསུང་རབ་སྙན་བརྒྱུད་རྣམ་བཤད་དང་ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་བཤད་སོགས་ལ་ལེགས་པར་བརྟགས། ཁ་འགེངས་དགོས་རྣམས་དེ་དག་ནས་ཅུང་ཟད་བསྐང་སྟེ་ཟིན་བྲིས་སུ་བཀོད་པ་བསྟན་པའི་སྙིང་པོ་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ།། །།

མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས།

མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ནམ་མཁའི་རྡོ་རྗེ་རྟག་ཏུ་རོལ་པ་རྣལ་འབྱོར་མ་ཡི་གཙོ། །ཆགས་པས་ཀུན་ཆགས་བཅུ་དྲུག་ལང་ཚོ་ནམ་ཡང་མི་ཡོལ་བ། །འཇིག་རྟེན་མུན་པར་ཞུགས་པའི་དབུགས་འབྱིན་ཕུན་ཚོགས་འཛག་པ་ཡི། །དཔལ་གྱི་དགའ་ཆར་ཆེན་པོའི་གནས་གྱུར་དེ་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་མའི་བྱིན་རླབས་ཀྱིས། །སྙིང་ལ་ཤིས་བརྗོད་མ་བྱས་པར། །རིག་བྱེད་རྩོམ་ལ་འཇུག་པ་ནི། །ཚངས་པས་རིགས་པ་མིན་བསམ་བྱས།། འདིར་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་ཀྱི་ཡུམ་བཀའ་རྒྱས་པ་ལྷ་མོ་བཅོ་ལྔའི་བསྙེན་པ་བྱ་བར་འདོད་པས། གདོད་ནས་དག་པའི་ཡུལ་ཆེན་པོ་ལ་སོགས་པར་རྣལ་འབྱོར་གྱི་ཡོ་བྱད་ཚང་བས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། བླ་མ་རིགས་ཀྱི་བདག་པོར་བལྟས་པའི་སྒོམ་བཟླས་བྱའོ།། དེ་ནས་ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདམ་མ་ལྔ་པའི་ལྟེ་བ་ལ་ཨོཾ་བཾ་དམར་པོ། འདབ་མ་ལ་གཡོན་སྐོར་གྱིས་ཧཾ་ཡཽཾ་སྔོན་མོ། སྲིཾ་མོཾ་དཀར་མོ། སྲིཾ་སྲིཾ་སེར་མོ། ཧཱུྃ་ཧཱུྃ་ལྗང་ཁུ། ཕཊ྄་ཕཊ྄་དུད་ཁ། དཔའ་མོ་དྲུག་གི་རང་བཞིན། མཐེ་བོང་ལ་ཨོཾ་ཧཱཿདཀར་པོ། མཛུབ་མོ་ལ་ན་མ་ཧི་སེར་པོ། གུང་མོ་ལ་སྭ་ཧ་ཧུ་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿམཐིང་ཁ། སེན་མོའི་ངོས་ལ་ཕཊ྄་ཧཾ་ལྗང་ཁུ། དཔའ་བོ་དྲུག་གི་རང་བཞིན། ལག་པའི་བོལ་ལ་འདི་དག་ཉིད་ཀྱི་གཟུགས་བརྙན། ལག་པའི་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པ་བཞིན། ལྟུང་བྱེད། གསོད་བྱེད། འགུགས་བྱེད། གར་གྱི་དབང་ཕྱུག པདྨ་དྲ་བ་ཅན་མ་རྣམས་ཀྱི་རང་བཞིན་ནོ།། དེ་ནས་ཆང་ཨོཾ་ཨཱཿཧཱུྃ་གིས་འབུལ་ཞིང་ཉེར་མཆོད་བཟའ་བཏུང་ཐམས་ཅད། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྭ་ཝཱ་རཱ་ཧི་བཾ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་ར་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྭེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭཱ་ས་ནེ་ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་བི་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཏྲཱ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཛ་ཡེ་བ་ཛི་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཝཱ་རཱ་ཧི་མཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུྃ་ཕཊ྄་ཀྱིས་ཕུལ། ཡིག་བརྒྱ་བཟླས། དེ་ནས་ལག་མཐིལ་དུ་ཡོད་པའི་ཁུ་བ་སྲིན་ལག་གིས་བླངས་ནས་སྙིང་མགོ་བོ་རྣམས་སུ་ཧཱུྃ་ཨཱཿཨོཾ་བརྗོད་པས་བྱུག་ཅིང་ངོ་བོ་ལྷ། རྣམ་པ་ཡི་གེར་བཞུགས་པ་དེ་བདག་ཉིད་ལ་ཐིམ་པར་གྱུར། ལྷག་མ་བདུད་རྩིའི་ནང་དུ་བླུག་ཅིང་། མདུན་དུ་ཡམ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་བུ་ལ་གནས་པའི་ནང་དུ། ཨོཾ་ཨཱཾ་ཏྲཱཾ་ཁཱཾ་ཧཱུྃ། ལཱཾ་མཱཾ་བཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རླུང་གིས་བསྐུལ་བས་མེ་སྦར། ཐོད་པ་བསྲོས་པས་རྫས་རྣམས་ཞུ་བ་ཉི་མ་འཆར་ཀའི་ཁ་དོག་ཅན། དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་ལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིག་པར་གྱུར་པ་རྣམས། དབྱངས་གསལ་བརྗོད། ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་དུ་སོང་བ་ཡོངས་སུ་གྱུར་པས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས། འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨོཾ་ཡིག་ཞུ་བས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་གིས་སྦར་བ་དང་བདུད་རྩིར་བྱས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མཐེབ་སྲིན་སྦྱར་བས་ཅུང་ཟད་མྱང་། དེས་ཁ་དག་པར་བྱའོ། དེ་ནས་རང་ཉིད་སྐད་གཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་བཾ་ཡིག་གིས་སྤྲུལ་པའི་འོད་ཀྱིས་ལྷ་མོ་བཅོ་ལྔའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕེཾ། འབར་བའི་ཕྱག་རྒྱ་བཅའ། དེ་ནས་ཅང་ཏེའུ་དང་དྲིལ་བུ་ལ་སོགས་པའི་རོལ་མོ་དང་བཅས་པས། ཧཱུྃ། མཁའ་ཁམས་ཆོས་ཀྱི་འབྱུང་གནས་ནས། །རིགས་ལྡན་མ་དང་ཕོ་ཉ་མོ། །དངོས་གཅིག་ཡིད་ངོར་རྣམ་མང་བའི། །མཁའ་འགྲོ་མ་རྣམས་སྤྱན་འདྲེན་ནོ། །སྙིང་རྗེའི་གཟུགས་མཚར་ཁྱེད་རྣམས་ལ། །སྙིང་ནས་སྐྱབས་ཞུས་བདག་ཅག་རྣམས། །སྙིང་བརྩེར་གཟིགས་ནས་བྱང་ཆུབ་ཀྱི། །སྙིང་པོར་དྲང་ཕྱིར་གཤེགས་སུ་གསོལ། །དེ་དག་ལ་དམིགས་ནས། རང་བཞིན་དབྱིངས་ལས་མ་གཡོས་པར། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །དེ་ལ་ཕྱག་འཚལ་ཕྱག་འཚལ་འདུད།། ཅེས་ཕྱག་བྱ། ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀ གནྡྷེ། ནཻ་ཝི་དྱེ། ཤཔྟས་མཆོད། བདག་གིས་ཐོག་མ་མེད་པའི་དུས་མཐའ་ནས། །བྱས་དང་བྱེད་དུ་བཅུག་དང་ཡི་རངས་བ། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱིད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་གང་། །དེ་དག་ལ་ནི་རྗེས་སུ་ཡི་རངས་ཞིང་། །བྱང་ཆུབ་ཏུ་ནི་བདག་གིས་ཡང་དག་བསྔོ། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་པོ་ལ། །དངོས་པོ་ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་རྣམས། །མ་ལུས་རྫོགས་པར་བདག་གིས་བྱེད་གྱུར་ཅིག །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བཛྭ་མུཿའཁོར་ལོ་བདག་ཉིད་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཐོག་མཐའ་འདྲ་བས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་བསྒྲུབ་པར་བྱ། དེའི་ཆེད་དུ་སྒོམ་པའི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས་རྣམ་པར་ཐར་པའི་སྒོ་བཞིའི་ང་རྒྱལ་འཛིན་པ་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨྨུཿསྭ་བྷ་ཝ་ཤུདྡྷཱོ་ཧཾ། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ལ་གནས་པར་བྱའོ། །དེ་ནས་སྒྱུ་མ་ལྟ་བུར་ལངས་པའི་རང་ལུས་ཀྱི་ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་། གདེངས་ཁ་ཆེ་བ་གྱེན་དུ་ལྟ་བའི་ཆོས་འབྱུང་བསྣོལ་མ་འོད་ཀྱི་རང་བཞིན་གྱི་ནང་དུ་པདྨ་འདབ་མ་བརྒྱད་པ་དང་བཞི་པ་རིམ་པ་གཉིས་ཀྱི་ལྟེ་བ་ལ་ཚ་ཟེར་ཅན་གྱི་ཁར་དུས་མཚན་དང་འཇིགས་བྱེད་བྱི་ཆིངས་སུ་བསྣོལ་བ་དང་། འདབ་མ་རྣམས་ལ་ཉི་མ་དང་དབུགས་བྲལ་རེ། འོག་གི་གྲུར་ཡང་དེ་བཞིན་གྱི་དབུས་མར་བཾ། སྟེང་དུ་ཨཾ། འོག་གི་གྲུར་ཨཿཔདྨ་ནང་མའི་ཕྱོགས་གཡོན་སྐོར་དུ། ཨིཾ་ཨུཾ་ཨེཾ་ཨོཾ་ཕྱིའི་ཕྱོགས་ལ་ཨཾ་ཀཾ་ཙཾ་ཊཾ། མཚམས་མེ་ནས་གཡས་སྐོར་དུ་ཏཾ་བཾ་ཡཾ་ཤཾ། དེ་དག་ལས་འཕྲོས་པའི་འོད་ཀྱིས་དོན་གཉིས་བྱས། རང་བཞིན་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བསྡུས་ཏེ་སླར་དེ་ཉིད་ལ་ཐིམ་པར་གྱུར། དེ་རྣམས་རིམ་པ་བཞིན་ཡོངས་སུ་གྱུར་པ་ལས། རང་གི་སེམས་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུར་བཞེངས་པ་བྷནྡྷུ་རི་ཀ་ལྟར་དམར་བའི་བཅོམ་ལྡན་འདས་མ། ཆོས་ཐམས་ཅད་གཅིག་ཏུ་སྟོན་པའི་ཞལ་གཅིག་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། འཁོར་བ་ལ་རྒྱབ་ཕྱོགས་པའི་ཕྱིར་ཆེར་གཅུས་པའི་འགྱིང་བག་དང་བཅས་པའི་བཞིན་རས་གཡོན་གྱི་ནམ་མཁར་ཕྱོགས་པ་ནས་དུས་གསུམ་མཉམ་པའི་སྤྱན་གསུམ་གྱེན་དུ་གཟིགས་པ། འཆིང་བ་ཐམས་ཅད་དང་བྲལ་བས་དབུ་སྐྲ་བུང་བ་ལྟར་ནག་པ་གསིལ་བུར་འཕྱང་ཞིང་། ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཡིན་པས་འཁོར་ལོ་དང་ཐོད་པའི་ཅོད་པན་དང་། རྣ་ཆ་དང་། མགུལ་རྒྱན་དང་། སེ་རལ་ཁ་དང་། གདུ་བུ་དང་། ཐོད་པའི་དུམ་བུའི་སྐེ་རགས་ཅན། ཞེ་སྡང་གི་ཚུལ་གྱིས་ཞེ་སྡང་འཇོམས་པས་ཕྱག་གཡས་ཀྱི་རྡོ་རྗེ་གྲི་གུག་པུས་མོའི་ཐད་ནས་ཐུར་དུ་བསྣུན་པ། འདོད་ཆགས་ཀྱིས་འདོད་ཆགས་སྦྱོང་བ་ཁ་ཊྶཱཾ་ག་དཀར་པོ་ཧེ་རུ་ཀའི་རང་བཞིན་གཡོན་གྱི་ཕྲག་པར་བཀལ་བ། གཏི་མུག་གིས་གཏི་མུག་སེལ་བ་གཡོན་པའི་ཕྱག་གིས་པདྨའི་སྣོད་ཞལ་སྒོར་གཟུངས་ནས་ནམ་མཁའ་འཇོ་བ། རྣམ་པར་འགྱིངས་པས་ང་རྒྱལ་གཞོམ་པ། དྲེགས་པ་ལྔ་བཅུ་རྩ་གཅིག་གི་མགྲིན་པ་ནས་གཏུབས་པའི་མགོ་རྡོ་རྗེའི་ཐག་པ་ལ་བརྒྱུས་པའི་ག་ཤ ཕྲག་དོག་གིས་ཕྲག་དོག་བརླག་པར་བྱེད་པ་བདུད་ཀྱི་ཡུལ་ངན་པར་སྟོན་པའི་འཇའ་ཚོན་གྱི་སྤྲིན་ནམ་མཁའི་ཁམས་ཁྱབ་པར་འགྱེད་པ། སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི་རོལ་མོ་ལ་བསྐུལ་བས་གར་དགུའི་ཉམས་སྐྱོང་བ། སྒྲིབ་པ་ཐམས་ཅད་ཀྱིས་སྤངས་པ་ཆེན་པོས་གཅེར་མོ། སྙིང་རྗེའི་ཆ་ཡོངས་སུ་རྫོགས་པའི་རྟོགས་པ་ཆེན་པོས་བཅུ་དྲུག་པའི་གང་བ་ལ་རྟག་ཏུ་གནས་པ། མཆོག་ཏུ་དགའ་བ་ཐམས་ཅད་སྦྱིན་པས་ནུ་མ་ཟུང་ཆེར་འབུར་བའི་སྟོད་རྒྱས་ཤིང་སྐེད་པ་ཕྲ་ལ་སྨད་སྦོམ་པ། རྣམ་པར་ཐར་པའི་སྒོ་གསུམ་ནས་ཐམས་ཅད་སྐྱེས་པ་མཚོན་པར་བྱེད་པས་རུས་སྦལ་གྱི་རྒྱབ་ལྟར་མཐོ་ལ་ཁྲག་འཛག་པའི་བྷ་ག རྡུལ་གྱིས་འོག་རྐང་མཐིལ་དང་སྙིང་སྟོབས་ཀྱིས་སྟེང་ཚངས་པའི་ཡུལ་གང་བ་ནི་གཟུང་འཛིན་གྱི་རླུང་བཅོམ་པ་ལས་ཡིན་པས་གླང་པོ་ཆེའི་སྣ་ཞགས་ལྟ་བུའི་ཞབས་གཡས་བརྐྱང་གིས་དུས་མཚན་དང་འཇིགས་བྱེད་བརྫིས་པ། འོད་གསལ་གྱི་མེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ནམ་མཁའ་ལ་སྦྱོར་བའི་བརྡར་མེ་འོད་ཀྱི་འཕྲེང་བ་འཁྲུག་པའི་དབུས་ན་བཞུགས་པ། དེའི་སྟེང་གི་ནམ་མཁར་མཁའ་སྤྱོད་མ་དཀར་མོ་འཕུར་བའི་ཚུལ་ཅན། འོག་གི་གྲུར་ས་འོག་སྤྱོད་མ་དུར་ཕག་ཁྲོས་པའི་གདོང་མཐིང་ནག་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་བཅས་ཏེ་ས་འོག་གི་གདོན་གཟིར་བ་སྦྲུལ་གྱི་རྒྱན་ཅན། ནང་མའི་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཕྱི་མའི་ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་ཅན་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་བསྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གྲི་གུག་འཕྱར་ཞིང་ཐོད་ཁྲག་ཐུགས་ཀར་འཛིན་པ་གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་པ་པད་ཉིའི་སྟེང་རོའི་གདན་ལ་བཞུགས་པ་ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ་མི་མགོ་ལྔ་བཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྷ་དེ་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ། གཙོ་མོའི་ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། ཁར་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲིཾ་སྲིཾ་སྲེག་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། ཐམས་ཅད་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲི་གུག་དང་ཐོད་པ་འཛིན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་ལ་རོལ་བའོ། །ཐུགས་ཀར་ཉི་མ་ལ་གནས་པའི་ནས་སྔར་བཞིན་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པའི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བླ་མ་ཧེ་རུ་ཀའི་ཚུལ་དུ་བཞུགས་པའི་ཕྱག་གཡོན་གྱིས་བདུད་རྩིས་གང་བའི་པདྨའི་སྣོད་གཟུང་གཡས་བ་དན་གསུམ་པའི་ཕྱག་རྒྱས་དབང་བསྐུར་ནས་དབུ་བརྒྱན་པར་གྱུར། རང་གི་སྙིང་ག་ནས་སྤྲོས་པའི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་ནམ་མཁའི་ཁམས་ཁྱབ་པ་རྣམས་ཀྱིས། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླག །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱིས་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན། །རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར།། ཅེས་བཀྲ་ཤིས་ཀྱི་གླུ་ལེན་ཅིང་གར་དང་བཅས་པས་རང་མིང་གི་མཆོད་པ་འབུལ་བར་བསམས་ནས། ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། སོགས་རྣམ་ལྔ་རོལ་མོ་དང་བཅས་པས་མཆོད་ཕྱི། གཟུགས་གསུམ་རྒྱལ་བ་རྣམ་སྣང་མཛད། །བདེ་ཆེན་གཅིག་ལས་དུ་མའི་གར། །བརྟན་གཡོའི་རྣམ་པ་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །ཨོཾ་བཛྭ་རཱུ་པ་བཛྭ་རཱུ་པ་ཧཱུྃ་ཧཱུྃ་ཕཊ྄། སྒྲ་གསུམ་ཧེ་རུ་ཀ་དཔལ་མགོན། །བདེ་ཆེནྎ རོལ་མོ་དབྱངས་སྙན་ཐམས་ཅད་པས། །དཀྱིལ་འཁོར། ཤཔྟ། དྲི་གསུམ་རྡོ་རྗེ་ཉིན་མོར་བྱེད། །བདེྎ དྲི་ཞིམ་བྱུག་སྤོས་ཐམས་ཅད་པས། །དཀྱིལ་འཁོར། གནྡྷེ། རོ་གསུམ་པདྨ་གར་གྱི་དབང་། །བདེྎ རོ་མཆོག་བཟའ་བཏུང་ཐམས་ཅད་པས། །དཀྱིལ་འཁོར། རཱཀྵྼ། རེག་གསུམ་དོན་ཡོད་གྲུབ་པ་དངོས། བདེྎ བསམ་ཡས་བདེ་འབྱུང་ཐམས་ཅད་པས། །དཀྱིལ་འཁོར། །སྤརྴེ། ནང་། དེ་ནས་བྱིན་གྱིས་བརླབས་པའི་བདུད་རྩི། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །སརྦ་པཉྩྨ་ཨ་མྲི་ཏ་པཱུ་ཛ་ཁཱ་ཧི་ཞེེས་མིང་མེད་མཐེ་བོང་སྦྱར་བས་བདུད་རྩི་མྱང་། གསང་བ། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །དགའ་བ་བླ་ན་མེད་པས་མཆོད། །དེ་ཁོ་ན་ཉིད་ཀྱི་མཆོད་དེ། ཧཱུཾ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་སྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་བསྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་ཁྱོད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད།། ཞེས་པས་བསྟོད་དེ། ཇི་ཙམ་གཞན་དུ་མི་གཡེང་བ་དེ་ཙམ་དུ་སྒོམ་མོ། །དེ་ནས་སྙིང་ཁའི་བཾ་གྱི་མཐར། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཅེས་པའི་སྔགས་བཀོད་ནས་བཟླའོ། དེའི་ཚེ་སྔགས་འཕྲེང་ལས་འོད་ཟེར་གྱི་སྣ་ལ་བཅོམ་ལྡན་འདས་མའི་ལྷ་ཚོགས་བཞུགས་པ་ཅི་ཡང་འཕྲོས་པས་ནམ་མཁའི་ཁམས་ཁྱབ་ཏེ་དེས་སེམས་ཅན་ཐམས་ཅད་རང་རང་གི་སྐལ་བ་བཞིན་དུ་བཏུལ་ནས། སླར་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ།། འཁོར་ལ། ཨོཾ་ཨཾ་ཨཿཨི་ཨུ་ཨེ་ཨོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱཧཱ། ཞེས་བཟླས་སོ། །དེ་ནི་འདིར་འཕྲེང་བའི་སྔགས་སུའང་བཞག་གོ །དེ་ནས་བཟའ་བཅའ་ཇི་སྙེད་པ། ཁྱད་པར་ཉ་དང་ཤ་ཆང་གི་རིགས་རྣམས་བདུད་རྩི་བཞིན་བྱིན་གྱིས་བརླབས་ཏེ། འབར་བའི་ཕྱག་རྒྱས་ཕེཾ་ཕེཾ་ཕེཾ། གུ་རུ་ཤྲཱི་བཛྭ་ཡོ་གི་ནཱི། ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀི་ནཱི་སྲི་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་སརྦ་བཱི་ར་ཡོ་གི་ནཱི་སྭ་བྷ་ཝ་ཨཱཏྨ་ཀཱོ་ཧཾ། ཡེ་ཤེས་ཀྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ། ཨོཾ་བཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། དེ་བཞིན་པ་དྱཾ། ཨཉྩྨ་མཱ་ནཱཾ། ཉེར་མཆོད་ལྔ་རོལ་མོ་དང་བཅས་པས་མཆོད། ཨ་ཨཱ་སོགས་ལག་པ་གཡོན་ཨཱ་ལི་ལས་ཟླ་བ། ཀ་སོགས་ལག་པ་གཡས་ཀཱ་ལི་ལས་ཉི་མ་ཁ་སྦྱོར་གྱི་བར་དུ་ཧཱུྃ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨ་ཏྱནྟུ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ། དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ཐལ་མོ། དེའི་སྟེང་དུ་གཏོང་མ་བཞག བཞེས་པའི་དོན་དུ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ནས་ལག་པ་པད་ཀོར་བྱས་ཏེ། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿཞེས་ལན་གསུམ་བརྗོད་པས་མཆོད་བྱ་མཆོད་བྱེད་མཆོད་པ་ཐམས་ཅད་ཐ་མི་དད་པར་བསམ་མོ། །ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀ྄ི་ནཱི་ས་མ་ཡ་ཧྶཾ་དྲི་ཥྱ་ཧོཿཡེ་ཤེས་པ་རྣམས་ལ་ཕུལ། དེ་ནས་འཇིག་རྟེན་པའི་གཏོར་མ། ཨོཾ་དུར་ཁྲོད་དང་ནི་ཤིང་གཅིག་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་གཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁྱིམ་སྟོང་དང་། །སེམས་ཅན་གནས་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བརྟེན་པ་དང་། །ནག་པོ་རྩིགས་དང་མི་སྡུག་དང་། །རྒ་ལས་འདས་དང་ལོག་འདྲེན་དང་། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་འཕྲེང་འཕྲེང་དང་ཁ་ཊྶཱཾ་ག །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་ནི་གཞུ་ཅན་མ། །དེ་ཉིད་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིན། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཞེས་སྤྱན་དྲངས་པས་དུར་ཁྲོད་བརྒྱད། །ཉེར་བཞིའི་ཡུལ་གྱི་ཞིང་སྐྱོང་ཟ་བྱེད་ཀྱི་མཁའ་འགྲོ་མ་དྲུག་ཅུ་རྩ་བཞི། འཁོར་བསམ་མི་ཁྱབ་པས་བསྐོར་ཏེ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་བཞུགས་པར་བསམ་ལ། ཨོཾ་ཀ་ཀ་ཀདྷྱ་ན། བ་བ་བནྡྷ་ན། ཁ་ཁ་ཁཱ་ད་ན། སརྦ་དུཥྚ་ནཾ། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཆེ་གེ་མོའི་དགོས་པ་མཛོད་ཅིག་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་ཛཿསྭཱཧཱ། ཞེས་ཕུལ། གཏོར་མ་ལ་ཁ་ཕྲུ་བཏབ། ཨོཾ་བྷཀྵ་སརྦ་ཡོ་གཱི་ཤྭ་རཱི་ཧུཾ་ཧཱུྃ་ཛཿསྭཱཧཱ། གཤེགས། སྔར་བཞིན་མཆོད་ནས། གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ྄་ཕཊ྄་རྔམ་པའི་སྒྲ་སྒྲོག་ཅིང་། །མཁའ་འགྲོ་ཟ་བྱེད་མུན་པའི་ནང་ན་ཟླ་ཤར་ལྟ་བུར་རབ་ཏུ་འབར། །ཧཱུྃ་ཧཱུྃ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའི་ཚོགས་རྣམས་སྐྲག་མཛད་མ། །གསང་སྔགས་གསང་མཛོད་མངའ་བདག་བདེ་ཆེན་རྒྱལ་བའི་ཡུམ་གྱི་སྐུ་ལ་འདུད།། ཅེས་བསྟོད་ནས། དངོས་གྲུབ་བླང་བའི་ཕྱིར། ཞིང་རྒྱ་མཚོ་ཀུན་ན་ཆོས་ཀྱི་རྗེ། །རྗེ་ཐོག་མ་དབུས་མཐའི་འཇིག་རྟེན་མགོན། །མགོན་གཅིག་ལ་གཅིག་ཐུག་བཀའ་བབས་བརྒྱུད། །བརྒྱུད་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །ཨེ་འཁོར་ལོ་ཝཾ་བདེ་སྡོམ་པའི་དཔལ། །དཔལ་མཆོག་གི་དང་པོའི་རྡོར་སེམས་དངོས། །དངོས་དངོས་མེད་ཕྱོགས་བྲལ་རྒྱལ་བའི་ཡབ། །ཡབ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །ཆོས་ཐམས་ཅད་འབྱུང་བའི་རྣམ་ཐར་སྒོ། །སྒོ་བཞི་ལྡན་ཤེས་རབ་ཕར་ཕྱིན་ཡུམ། །ཡུམ་ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། །མ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །རྟེན་བྷ་གའི་སྟེང་འོག་ཕྱོགས་མཚམས་ལྷ། །ལྷ་སྒྱུ་མ་ཆེན་མོ་ཉིད་ཀྱི་འཕྲུལ། །འཕྲུལ་ཆུ་ཟླས་དཔེ་མཚོན་བློན་མོའི་ཚོགས། །ཚོགས་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །ཡུལ་གདོད་ནས་གྲུབ་པའི་ཉིར་བཞིའི་བདག །བདག་མེད་པའི་དུར་ཁྲོད་རོལ་མཁན་ལས། །ལས་ཀུན་མཛད་ཟ་བྱེད་མཁའ་འགྲོའི་སྡེ། །སྡེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ལུས་འདོད་དགུར་བསྒྱུར་བའི་སྤྲུལ་པའི་སྐུ། །ངག་ཐམས་ཅད་སྐད་ཀྱི་ལོངས་སྤྱོད་རྫོགས། །ཡིད་བདེ་སྟོང་ཁ་སྦྱོར་ཆོས་ཀྱི་སྐུར། །འཚང་ད་ལྟ་རྒྱ་བར་བྱིན་གྱིས་རློབས། །བཛྭ་མུཿཞེས་བརྗོད་པས་མགྲོན་ཡེ་ཤེས་པ་བདག་ལ་བསྟིམ། འཇིག་རྟེན་པ་རང་གནས་སུ་གཤེགས་པར་བསམས་ནས་རྣལ་འབྱོར་མའི་འཁོར་ལོ་རྣམས་མེ་ལོང་ལ་ཧས་བཏབ་པ་བཞིན་གཙོ་མོ། དེ་སྙིང་གའི་བཾ་ལ། དེ་མས་རིམ་གྱིས་སྒྲ་རིས། དེ་ཡལ་ནས་སྟོང་པ་ཉིད་དུ་ཞུགས་པར་བསམ། དེ་ནས་སྒྱུ་མ་ལྟ་བུའི་བློས་ལངས་ནས་དགེ་བའི་རྩ་བ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །བཀྲ་ཤིས་བྱའོ།། ༈ སྒྲུབ་པ་ལ་འཇུག་པར་འདོད་པས། སྒྲུབ་པ་གཞན་གྱི་དེ་ཉིད། ཉེར་སྒྲུབ་བདག་གི་དེ་ཉིད། སྒྲུབ་ཆེན་རྣལ་འབྱོར་གྱི་དེ་ཉིད་གསུམ་ལས། དང་པོ་ནི། ཆང་བྱིན་གྱིས་བརླབས་པའི་བར་སྔར་བཞིན་ལ། མེ་ལོང་ལ་སིནྡྷུ་ར་བརྡལ། གསེར་གྱི་སྨྱུ་གུས་ཆང་གིས་ཆོས་འབྱུང་བསྣོལ་མའི་ནང་པདྨ་འདབ་མ་བརྒྱད། དེའི་ནང་དུ་དྲུག་ཡི་གེ་དང་བཅས་པ་བྲི། དེ་ཡང་སྟེང་འོག་ཤར་ནུབ་ཀྱི་གཡས་གཡོན་དུའམ། བཞིར་བྱེད་ན་གཙོ་མོའི་སྟེང་འོག་ལའོ། །སྟེགས་བུའི་སྟེང་མཉྫྱི་ཁར་ཐོད་པ་ཆང་གིས་བཀང་བ་ལ་བཀོད་དར་དམར་པོའི་གུར་ཕུབ། མཐའ་མར་མཆོད་པ་ལྷ་གྲངས་ཀྱིས་བསྐོར་རོ། །དེ་ནས་མཎྜྻལ་དེ་ཨོཾ་སྭ་བྷ་ཝ་སྔགས་ཀྱིས་སྦྱངས་པས་རྩ་བ་ཕྲ་བ་སོགས་གར་གྱི་རོལ་པ་ཞེས་པ་ལ་རང་གི་སེམས་ཟེར་བ་བཞག་པ་ཙམ་བྱས། དེ་ནས་ཆོས་འབྱུང་གི་ཕྱིའི་ཁོར་ཡུག་ཏུ་དུར་ཁྲོད་བརྒྱད་ཉེར་བཞིའི་ཡུལ་གྱི་ཞིང་སྐྱོང་ཟ་བྱེད་ཀྱི་མཁའ་འགྲོ་མ་དྲུག་ཅུ་རྩ་བཞི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐུགས་ཀར་ཉི་མ་ལ་གནས་པའི་ནས། རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག། ཉེ་སྙིང་དང་བཅུ་བཞིའི་ས་བོན་རེ་ལ་ན་མཿབཏགས་པས་མཆོད། སརྦ་པཉྩྨ་ཨ་མྲི་ཏ་པཱུ་ཛ་ཁ་ཧིས་ཁོར་ཡུག་བར། སྔར་བཞིན་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས། བསྟོད་པ་ནི། རྡོ་རྗེའི་རྣལ་འབྱོར་ཅན་ངོས་བདེ་བའི་བྲིས། །རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་དམར་བ། །བློ་གྲོས་ཉི་མ་འབུམ་སྡེ་དུས་གཅིག་ཏུ། །འཆར་ཀའི་མདངས་སུ་ངེས་ལ་ཕྱག་འཚལ་བསྟོད། །ཅུང་ཟད་མཆེ་གཙིགས་སྤྱན་གསུམ་གྱེན་གཟིགས་ཤིང་། །འགྱིང་བཅས་གཡོན་གྱི་མཁའ་ལ་གདོང་ཕྱོགས་པ། །ཆོས་ཀུན་གཅིག་ལ་དུ་མའི་བློར་འཆེལ་བས། །འོག་ཏུ་ལྷུང་བ་རྣམས་ལ་ཁྲོས་པ་སྙམ། །བཅུ་དྲུག་ལང་ཚོས་སྒེག་ཅིང་ཉམས་དགུའི་གར། །རྒྱལ་རྣམས་བསྟན་པ་འགོག་ལ་ཤུགས་ཆེས་དགོངས། །རིགས་སྔས་ཕྱག་རྒྱས་བཀབ་ཀྱང་འདོད་ལྡན་བཞིན། །རྒྱ་སྐྱེགས་ཁུ་བས་བྱུགས་རྣམས་ད་དུང་སྣང་། །རྨོངས་པ་དུག་འཛིན་འདི་ཁ་བདུད་རྩིའི་དཔྱིད། །ཡེ་ཤེས་ཆེས་ཆེར་བསྐྱེད་ནུས་ཉིད་སྟོན་ལ། །གྲི་གུག་བསྣུན་དང་ཁ་ཊྶཱཾ་གར་འཁྱུད་དང་། །པད་སྣོད་ཀྱིས་འཇོ་ག་ཤ་འོད་སྤྲིན་བཀྱེ། །གཡས་བརྐྱང་སོར་མོའི་རྩེ་ཚུན་ཉི་མས་དང་། །གཡོན་བསྐུམ་ཟླ་བས་ཚངས་པའི་ཡུལ་གང་བ། །གཟུང་དང་འཛིན་པ་བཅོམ་པའི་མཐུ་སྟོབས་སུ། །གདན་དང་ཉིན་མོར་བྱེད་པས་གསལ་པོར་བསྟན། །ཁྱོད་ཞབས་བསྟེན་ལས་སྒྲིབ་གཉིས་བསྲེགས་གྱུར་འདི། །རབ་གཏུམ་མེ་ལྕེའི་འཕྲེང་བ་འཁྲུག་འདིས་སམ། །ཉིད་ཀ་ཆོས་རབ་རྣམ་འབྱེད་མཐར་ཕྱིན་པའི། །ཞུགས་ཆེན་ལག་པས་ཡིན་ནམ་འཕྱང་མོ་ཡུག །ཁྱོད་གཟུགས་ཆུ་ནང་ཟླ་བཞིན་སྟེང་འོག་སྣང་། །ཁྱད་པར་འཁོར་ལོའི་དབང་ཕྱུག་ཟུར་མིག་མདའི། །འབེན་དུ་གཙུགས་པ་བཅུ་གཉིས་ལྷ་མོའི་གར། །སྲིད་ཞིའི་དངོས་པོ་ཀུན་ལ་ཕྱག་འཚལ་བསྟོད། །ཁྱོད་ཉིད་སངས་རྒྱས་དེ་བཞིན་བདག་ཅག་ལའང་། །ཁྱོད་ཀྱིས་མཛད་པར་འོས་ཅེས་བསྐུལ་བའི་ཚིག །ཁྱོད་དྲུང་ཁོ་ནར་བགྱིད་པའང་ལུགས་ཡིན་པས། །ཁྱོད་མྱུར་འདོད་པ་འགྲུབ་པའི་མཆོག་འདི་སྩོལ།། ཞེས་བསྟོད། གཉིས་པ་ནི་ཚད་མེད་བཞི་ལས་བརྩམས་ཏེ་བཟླས། དེ་དུས་མདུན་བསྐྱེད་བསྐུལ་བའི་སྤྲོ་བསྡུ་བྱས། དེས་ལྷ་མོ་རྣམས་བདེ་བ་རྒྱས་པས་བྷ་ག་ནས་རྡུལ་འཛགས་ཀ་པཱ་ལ་གང་བར་བསམ་མོ། །གསུམ་པ་རྣལ་འབྱོར་གྱི་དེ་ཉིད་ནི། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པའི་གང་ཟག་གིས་ཞག་རེ་ལ་ཚོགས་རེ་བྱ་བའམ། ཡང་ན་ཟླ་བ་རེ། ཐ་ན་ལོ་རེ་ལ་ཚོགས་རེ་མ་བྱས་ན་བཟའ་བའི་དམ་ཚིག་ཉམས་པར་གསུངས་པས་དམ་ཚིག་བསྲུང་བའི་ཕྱིར་ཚོགས་བྱའོ། །དེ་ཡང་སློབ་དཔོན་དང་རྣལ་འབྱོར་པ་ཐམས་ཅད་ཕྱག་རྒྱ་ཡོད་ན་ཚོགས་ཀྱི་འཁོར་ལོ། སློབ་དཔོན་ལས་གཞན་ལ་མེད་ན་ཚོགས་ཀྱི་མཆོད་པ། ཐམས་ཅད་ལ་མེད་ན་དཔའ་བོའི་སྟོན་མོའམ་དཔའ་མོའི་སྟོན་མོ་འདི་གཉིས་གཙོ་བོའི་ཕྱག་རྒྱ་མཚོན་པར་བྱེད་པ་རེ་དགོས་པར་བཤད་དོ། །དཀྱིལ་འཁོར་གྱི་ཁང་པའི་ཕྱིར། མི་གཡོ་མགོན་པོ་འདྲ་བའི་འབག་མིག་ཡ་གཅིག་སྟེང་། ཅིག་ཤོས་འོག་ཏུ་ལྟ་བ་གོས་སྔོན་པོ་གྱོན་དབྱུག་པ་ལག་ཏུ་ཐོགས་པ་གཅིག་སྒོ་རྩར་བཞག ནང་དུ་ལྷ་གྲངས་དང་མཉམ་པའི་རོའི་དབྱིབས་ཀྱི་གདན་ནམ་དུར་ཁྲོད་ཀྱི་རས་ལ་བྲིས་པའོ། །སྟག་ལྤགས་བཏིང་། དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་སྤྱན་དྲངས་སྟག་ལྤགས་ཀྱི་ཁར་ཆོས་འབྱུང་གྲུ་གསུམ་པ་ཉིས་རྩེག་བྱས། དེའི་དབུས་སུ་ཐོད་པ་ལྔ་ལ་སྒྲོན་མ་དང་བདུད་རྩི་ལྔ་ཕྱེ་སྟེ་བཞག་པའམ། ཐོད་པ་གཅིག་ཏུ་དམ་ཚིག་གི་རིལ་བུ་སྦྱར་བའི་ཆང་བླུག་པ་གཞག ཚོགས་ཀྱི་ཡོ་བྱད་ཅི་ཡོད་པ་དེ་ལ་བསྐོར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བཤམ། རྣལ་འབྱོར་པ་རྣམས་ཕྱིར་ཁྲུས་བྱས་རྒན་པ་ཅིག་སྔར་འོངས་ནས། ཁྲོ་བོ་ལ་གསོལ་བ་འདི་སྐད་གདབ་བོ།། ཀྱེ་དམ་ཚིག་མཛེས་པ་འཇམ་པ་སྔོ་མདོག་ཐུགས། །འཁོར་བ་ལས་རྒྱལ་དཔའ་བོ་འདུས་པའི་ཚོགས་མཐོང་ངོ་། །རིན་ཆེན་བཀོད་པའི་དབྱུག་པ་ཕྱག་ན་བསྣམས་པ་ཀྱེ། །རྣལ་འབྱོར་མ་རྣམས་དབུས་སུ་བདག་མཆི་སྒོ་དབྱེར་གསོལ།། ཞེས་གསོལ་བ་བཏབ། དེས་བུམ་དབང་ཐོབ་བམ་རྟག་པའི་བརྡ་སྟོན། བརྡ་ལན་ཐེབས་པ་ནང་དུ་བཏང་། དཀྱིལ་འཁོར་གྱི་ལྷའི་གོ་རིམས་སམ་སྟོན་མོ་གཉིས་ལ་གྲལ་རིམ་པ་བྱས། ལས་ཀྱི་རྡོ་རྗེས་མེ་ཏོག་ཕུལ་ལ། ས་མ་ཏི་མ་ཏི་ཀྲ་མ་ཧཱུྃ་ཞེས་གསོལ་བ་བཏབ། དེ་ནས་གཞན་གྱི་དེ་ཉིད་དང་བདག་གི་དེ་ཉིད་སྒོམ། དེ་ནས་ལས་རྡོར་གྱིས་སློབ་དཔོན་ནས་བརྩམས་ཏེ་ཐམས་ཅད་ལ་སྤྱི་བོ་དང་སྙིང་གར་དྲིའི་ཐིག་ལེ་བྱ། ཉེར་མཆོད་ལྔ་གོ་རིམ་བཞིན་དུ་འབུལ། དེ་ནས་བྱིན་རླབས་བསྐྱེད་པའི་ཕྱིར་སློབ་དཔོན་གྱིས་སེམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་གང་བར་བསམ། ངག་གིས་སྙིང་པོ་དང་འཕྲེང་སྔགས་འདོན། སློབ་མ་རྣམས་ཀྱི་ལྟེ་བའི་དབུས་སུ་ཡི་གེ་ཨ་དམར་པོ་ཚ་བ་རྣོ་བ་བསམས་ལ་རྩེ་གཅིག་ཏུ་གཏད་ཅིང་། སྤྲོ་ན་རོལ་མོ་དང་བཅས་ཏེ། ཧཱུྃ། ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེ་འབྲུས་གང་། །དངོས་གྲུབ་ཀྱི་ཟིལ་མངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །ལྷ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་མཁའ་འགྲོ་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །མ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མཧཱ་ཀཱ་ལ་ལྕམ་དྲལ་ལ། །འཁོར་དྲེགས་པའི་ལྷ་སྲིན་ཉིལ་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །མགོན་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ།། དེས་མཁའ་འགྲོ་མའི་བྱིན་རླབས་ཁྱད་པར་ཅན་ཕེབས་ཏེ། སྐུ་ཕེབས་པས་འཕར་བ་དང་འདར་བ་དང་། གར་བསྒྱུར་བ་ལ་སོགས་པ་འབྱུང་། གསུང་ཕེབས་པས་སཾསྐྲྀ་ཏའི་སྐད་དུ་ཆོས་སྨྲ། ཐུགས་ཕེབས་པས་མི་རྟོག་པའི་ཡེ་ཤེས་ལ་སྟིམ་གྱིས་གནས་པར་འགྱུར་རོ། །དེ་ནས་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་ཆང་གིས་གསང་གཏོར་བྱས་ནས་ལག་པ་གཡོན་པ་བཀབ་ཨོཾ་ཡིག་གིས་སྦྱངས་བར་བྱའོ།། ལག་པ་གཡས་པ་བཀབ་ཨཱཿཡིག་གིས་རྟོགས་པར་བྱའོ།། སྙིམ་པ་བཀབ་སྟེ་ཧཱུྃ་ཡིག་གིས་སྦར་བ་དང་ཞུ་བར་བྱའོ།། དེ་ནས། ཧཱུཾ དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཀུན་ལྡན་ཡེ་ཤེས་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨཱ་ར་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོཿསྲཱིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྤར་བས་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧཱ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་བསྡམ།། ཞེས་བྱིན་གྱིས་བརླབས་པས་ལས་ཀྱི་རྡོ་རྗེས་ཕུད་ལྔར་བཅད་པའི་ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ་ཅེས་བརྗོད་ནས། ཧཱུྃ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་ཤར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ།། ཚོགས་ཕུད་གཉིས་པ་ལ། ཉེ་སྙིང་འཕྲེང་སྔགས་དང་བཅས་པས་དཀྱིལ་འཁོར་ལ་ཕུལ། གསུམ་པ། ཧཱུྃ། ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། བཞི་པ། ཧཱུྃ། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལས་གཉིས་སུ་སྟོན་བྱེད་པའི། །སྲས་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀ྄ི་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། ལྔ་པ། ཧཱུྃ། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། །ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་སྟེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ།། འཇིག་རྟེན་ལས་འདས་པའི་གཏོར་མ་དང་། འཇིག་རྟེན་པའི་གཏོར་མ་ཕུལ། འཇིག་རྟེན་པའི་གཏོར་མ་མི་གཡོ་བས་སྣ་དྲངས་ཏེ་དྲག་སྔགས་བགྲང་ཞིང་དེའི་རྗེས་སུ་འབྲང་བས་ཕྱིར་བསྐྱལ། རྣལ་འབྱོར་མ་གཅིག་གིས་མར་མེ་ཆུ་ལྡག་མེ་ལོང་ཁྱེར་ལ་སྒོར་བསྡད། གཏོར་སྐྱེལ་ལོག་པ་དང་ཕྱི་ནས་བགེགས་འཇུག་སྲིད་པས་སྣ་ལ་མེ་ལོང་བསྟན། དེ་ནས་མར་མེ་ལྟ། དེ་ནས་ཆུ་ལྡག་བྲུལ་ཏེ་ཁར་བྱིན། དེ་ནས་ནང་དུ་ཞུགས་ཏེ། ལས་ཀྱི་རྡོ་རྗེས་སྐྱེས་པའི་ཐོད་པ་དུམ་བུ་གཅིག་པ་ཆང་གིས་བཀང་ནས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དང་། །རང་བཞིན་གཅིག་ཏུ་དགོངས་ནས་གསོལ།། ཞེས་པ་བླ་མ་ལ་ཕུལ། བླ་མས་ལག་པས་ཀོར་ཞིང་གཡོན་པ་བཟེད། གཡས་པ་སྟེང་དུ་བ་དན་གསུམ་པར་བྱས་ལ། བདེ་བར་གཤེགས་པའི་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ན་བདག་ཕྱག་འཚལ།། ཞེས་པས་བླང་། མཐེབ་སྲིན་གྱིས་སྙིང་གར་ཡི་དམ། མགྲིན་པར་མཁའ་འགྲོ། སྤྱི་བོར་བླ་མ་བསམས་ནས་གཏོར། དེ་ནས་སེམས་ཀྱི་རྒྱལ་པོ་ཨ་ཡོད་པ་ལ་མཆོད་པའི་བསམ་པས་བཏུང་ངོ་། །མཐར་གྱི་དེ་ལྟ་བུས་དྲང་ཞིང་བླང་། དེ་ནས་ཤ དེ་ནས་བཤོས་སོགས་བཏང་ཞིང་གླུ་གར་དང་། ཀུན་ཏུ་རུའི་མཆོད་པ་དང་། བཟའ་བའི་ཡོ་བྱད་རྣམས་ལ་ཅི་རིགས་པར་ལོངས་སྤྱོད་དོ། །ལྷག་མ་ལས་བྱས་པའི་གཏོར་མ་སྤོས་རེང་མར་མེ་མེ་ཏོག་གིས་བརྒྱན་པ་ལ་ཁ་ཕྲུ་བཏབ་པ་དང་། ལྷག་རུལ་ཐམས་ཅད་བསྡུས་པ་སྣོད་གཙང་མར་ཆུ་དང་བསྲེས་པ་གཅིག་བྱས་པའི་དང་པོ། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀ྄ི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འགྱུ་མེད་དཔུང་འུ་རུ་རུ། །ངག་ཤུགས་གླུ་ཤུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་ཉུལ་ལ་ཤར་རར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་གཏིང་ནས་གྱེན་དུ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་འཆོར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་སྒོམ་པའི་དྲོད་ཚད་ཉུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་འབུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱཧཱ། གཉིས་པ་ཁ་འབར་མའི་སྔགས་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པའི་ཤམ་བུ་ཅན་གྱིས་ཡི་དྭགས་རྣམས་ལ་སྦྱིན་ནོ། །གཞོན་ནུ་མ་མཆོད་པ་ནི། ཡུལ་གྱི་བུ་མོ་གཙང་མ་གཅིག་ནས་ཉི་ཤུ་རྩ་ལྔ་ལ་སོགས་པའི་གྲངས་ཅི་ཙམ་འོས་པ་བསགས་ཁྲུས་བྱས་རང་གི་ཁྱིམ་ལ་ཁ་ལྟས་པའི་གྲལ་བྱ། དྲི་ཞིམ་པོའི་བྱུག་པ་ལི་ཁྲིའི་ཐིག་ལེ་དགོད། མེ་ཏོག་གི་འཕྲེང་བ་དང་སྤོས་བདུག །ཉ་ཤ་ལ་སོགས་པའི་ཤ་དང་བཅས་པའི་བཟའ་བཅའ་མྱོས་བྱེད་ལ་སོགས་པའི་བཏུང་བ་བྱིན་གྱིས་བརླབས་ཏེ་སྦྱིན་པའོ། །དེ་དུས་དེ་དག་ལག་པ་གཉིས་མཉེད་ན་ཡི་དམ་མ་མཉེས་པས་ནད་དང་སྡུག་བསྔལ་འབྱུང་། སྐད་ཅིག་ལ་གད་མོ་རྒོད་ན་ནད་ཀྱིས་འཆི་བ། ངུ་མིག་ཕུར་ན་མྱུར་དུ་འཆི་བ། ཟུང་སྡེབས་ལ་གདོང་ཕྱོགས་ན་རྩོད་པ་འབྱུང་། རྒྱབ་ཕྱོགས་པས་ལྟ་ཞིང་སེན་མོ་འཆའ་ན་ཤས་མ་ཚིམ་པ་སླར་ཡང་སྦྱིན་དགོས་པ་མ་སྦྱིན་ན་ནད། གླུ་དང་རོལ་མོ་བྱེད་རྒོད་ན་རྒྱལ་པོ་ཆོམ་རྐུན་གྱི་འཇིགས་པ། ཆང་འཐུངས་ནས་གར་བྲོ་བྱེད་ན་ཡུལ་དུ་ནད་ཆེན་པོ་འབྱུང་། སྟོན་མོ་ལ་མི་ལྟ་བར་ཕྱོགས་སུ་ལྟ་ན་སྤྱོད་པ་ཉམས་པས་ལྷ་བདག་ལ་འཁྲུགས་པ། ཕན་ཚུན་གཏམ་ལ་འཇུག་པ་དང་ཕན་ཚུན་རྒོད་ན་རྡོ་རྗེ་སློབ་དཔོན་གྱི་ཆོ་ག་ཉམས་པའི་སྐྱོན། ཟོས་མ་ཐག་སྐྱུག་ན་སྨྱོ་བ། འགྲོ་བའི་ཚེ་རྒྱབ་ཀྱི་ཕྱོགས་སུ་ལྟ་ན་ལས་སླར་ཡང་བརྩམ་དགོས་པ། ས་ལ་རྐང་པ་ཉེད་ན་གནས་ལས་འཕོ་བ། བབས་ནས་ཕན་ཚུན་གཡུལ་འགྱེད་པ་རྣམས་ངན་ལ། དེ་དག་མི་བྱེད་ན་བཟང་། དེས་ལས་འགྲུབ་པ་ཡིན་ནོ། །རང་ནུས་པ་དང་ལྡན་པར་གྱུར་པས་ཟབ་མོ་བརྡའི་དབང་གིས་གཞན་རྗེས་སུ་འཛིན་འདོད་ཅིང་སློབ་མས་གསོལ་བ་ཡང་དང་ཡང་བཏབ་པ་ཇི་སྐད་བཤད་པས་དཀྱིལ་འཁོར་དང་བདག་བསྒྲུབས་ཏེ། དེར་སློབ་མ་ཁྲུས་བྱས་འདུད་པ་ལ་སྔགས་ཀྱི་སྒོར་སེམས་བསྐྱེད་པའི་ཕྱིར། ཁྱོད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག། ཅེས་བརྗོད་ནས། ས་མ་ཡ་ཨ་ཞེས་བརྗོད་དུ་བཅུག་པས། དེའི་སེམས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་ཏོ།། དེ་ནས་སློབ་དཔོན་གྱིས་དེའི་སྙིང་གར་རྡོ་རྗེ་བཞག་སྟེ། སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿསིདྡྷི་བཛྭ་ཡ་ཐཱ་སུ་ཁཾ། ཞེས་བྱིན་གྱིས་བརླབས་པས་སླར་སེམས་དེ་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་གྱུར་ཏོ།། དེ་ནས་སློབ་མས་གསོལ་བ་གདབ་པར་བྱ་སྟེ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། རིན་པོ་ཆེ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། རྒྱས་པར་སྤྲོ་ན། དངོས་གྲུབ་བླང་བ་བཞིན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་ལན་གསུམ་བཏབ། བཅོམ་ལྡན་འདས་མ་གོ་ཆ་དང་བཅས་པར་བསྐྱེད། སློབ་དཔོན་གྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་སྐུ་དཔྲལ་བའི་ཨོཾ་ལས་སྐུ་རྡོ་རྗེའི་བྱིན་རླབས་འོད་ཟེར་དཀར་ནར་གྱི་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སློབ་མའི་ལུས་ལ་ཐིམ་པར་གྱུར། རོལ་མོ་དང་བཅས་པས་སྤོས་བདུག འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སངས་རྒྱས་སྐུ་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨོཾ་ཨཱ་བཱེ་ཤ་ཡ་ཨ་ཨཱ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་མགྲིན་པའི་ཨཱཿལས་གསུང་རྡོ་རྗེའི་བྱིན་རླབས་འོད་ཟེར་དམར་ནར་གྱིས་བྱུང་། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སློབ་མའི་ངག་ལ་ཐིམ་པར་བསམ། སྒྲ་ཡིས་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་བ། །སངས་རྒྱས་གསུང་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱཿཨཱ་བེ་ཤ་ཡ་ཨ་ཨ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀའི་ཧཱུྃ་ལས་ཐུགས་རྡོ་རྗེའི་བྱིན་རླབས་འོད་ཟེར་སྔོ་ནར་གྱིས་བྱུང་། ཕྱོགས་བཅུ་ཞིང་ཁམས་ཐམས་ཅད་དུ་སོང་ནས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་རོ་གཅིག་ཏུ་འདྲེས་པ་སླར་ལོག་སློབ་མའི་ཡིད་ལ་ཐིམ་པར་བསམ། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སངས་རྒྱས་ཐུགས་ནི་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཧཱུྃ་ཨཱ་བེ་ཤ་ཡ་ཨ་ཨཱཿབ་དན་གསུམ་པའི་ཕྱག་རྒྱས་ཀ་པ་ལའི་བདུད་རྩི་གཏད་དེ། རྗེ་བཙུན་མགོན་པོ་བདུད་རྩི་དངོས། །བདུད་རྩི་རྗེ་བཙུན་མགོན་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །ཧེ་རུ་ཀ་དཔལ་བདུད་རྩི་དངོས། །བདུད་རྩི་ཧེ་རུ་ཀའི་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ། །མཁའ་འགྲོ་མ་ནི་བདུད་རྩི་དངོས། །བདུད་རྩི་མཁའ་འགྲོ་མའི་རང་བཞིན། །ཐབས་དང་ཤེས་རབ་གཉིས་མེད་པ། །སུས་རྟེན་གྲོལ་བར་འགྱུར་རོ་ཀྱེ།། ཞེས་ཅུང་ཟད་མྱང་དུ་བཅུག ཡེ་ཤེས་ཀྱི་བྱིན་དབབ། ཕེབས་པའི་རྟགས་འབྱུང་། དེ་ནས། སིནྡཱུ་རའི་དཀྱིལ་འཁོར་བསྟན་པས་བཅོམ་ལྡན་འདས་མའི་ལྷ་ཚོགས་མངོན་སུམ་དུ་གྱུར་པར་བསམ། དེ་ཞུ་བའི་ཐིག་ལེ་གནས་གསུམ་དུ་བཀོད། ཐོད་པ་ལག་པ་གཡས་སུ། འཕྲེང་བའམ་མདའ་གཞུ་གཡོན་དུ། སྣ་ཚོགས་རྡོ་རྗེ་དབུས། ནོར་བུ་སྤྱི་བོར། ཕག་ཞལ་གཏད་དེ། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡི། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་པས་སོ། །དབང་པོ་ཀུན་ལས་བྱུང་བ་ཡི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་མ་འཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུར་དབང་བསྐུར་རོ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་དཔལ་དབང་བསྐུར་བའོ། །བུམ་དབང་དུ་གོ་ན་ཐོད་པས་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག འཕྲེང་བའམ་མདའ་གཞུས་སྟོང་པ། དྲིལ་བུ་རྒྱ་གྲམ་གཉིས་སུ་མེད་པའི་ཕྱག་རྒྱའི་དམ་ཚིག ནོར་བུས་བརཏལ་ཞུགས། ཕག་ཞལ་རྗེས་གནང་དུ་རིག་པ་ཡིན་ལ། དེ་ལ་སླར་ཐོད་པ་ལ་འཕྲེང་བ་སྣ་ཚོགས་རྡོ་རྗེ་བཀོད། ཕག་ཞལ་དེའི་ཁར་ནོར་བུ་དེའི་འོག་ཏུ་བཀོད་དེ་དབང་པོ་སོགས་བརྗོད་པས་གསང་དབང་གོ་སྟེ། ཐོད་པ་ལུས་ཞེས་བྱ་བ་སྟེ། །འཕྲེང་བ་རྐང་པའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་བའོ། །ཞེས། ཐོད་པ་ལུས་དཀྱིལ། རྐང་པ་ལིངྐ། དབུ་རྒྱན་བྷ་ག སངས་རྒྱས་དེར་བསྲུབས་པའི་ཁུ་བ། གཙུག་གི་ནོར་བུ་མྱང་བས་བདེ་བ་ལ་ལོངས་སྤྱོད་པའོ།། ཡང་དེ་ལ། ཐོད་པ་ལ་འཕྲེང་བ་བཀོད། དེའི་ཁར་སྣ་ཚོགས་རྡོ་རྗེ་བཞག ཕག་ཞལ་དང་ནོར་བུ་དེའི་མཐའ་སྐོར་ཏེ་དབང་པོ་སོགས་བརྗོད་པས། ཐོད་པ་དབང་གཉིས་དམ་ཚིག་སྟེ། །འཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གི་ཐིག་བཏབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བརྗོད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཐོད་པ་དབང་པོ་གཉིས། འཕྲེང་བ་དེ་ཁ་སྦྱོར་གྱི་སྲུབ་པ། དབུ་རྒྱན་གྱི་ཞུ་བ་བཅུ་དྲུག ཕག་ཞལ་གྱི་དེ་སྟོང་པས་རྒྱས་འདེབས་པ། ནོར་བུ་དེ་ལྷན་སྐྱེས་རྟོགས་པའོ།། ཐམས་ཅད་བསྡམས་དེ་ལྟེ་བར་གཞག །དབང་པོ་སོགས་ཀྱི། པདྨ་ལྟེ་བའི་འཁོར་ལོ་ཏེ། །ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པའི། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །ཞེས་ཏེ། ཐོད་པས་ལྟ་འཁོར་ཕྲེང་བར་དེར་གནས་པའི་དབྱངས་དང་པོར་བཤད་པའི་ཕྱག་ཆེན། དབུ་རྒྱན་དེ་སོ་སོ་རང་རིག་པ་སངས་རྒྱས་དེ་ཕྱིན་ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པ་ཟུང་འཇུག་རབ་ཏུ་མི་གནས་པ་ལ་གནས་པའོ།། དེ་ཡང་སྐུ་ཕེབས་པ་ལ་གསང་བ་ནས་སྣོད་རུང་ཙམ་ལ་བུམ་དབང་ནས་རིམ་པས་བསྐུར་བས་བརྡ་བཞིར་འགྲོ་སྟེ་དབང་བཞིའི་དབྱེ་བས་སོ། །གསུང་དང་ཐུགས་ཕེབས་ན་གསུམ་པ་དང་བཞི་པ་རིམ་པ་བཞིན། གཞན་ཡེ་ཤེས་ཕེབས་པ་ལ་དེ་ཉིད་ཀྱིས་ཆོག་ལ། གཞན་སྤྲོས་པ་ཆེས། ཆུང་བས་འདུལ་བ་ལ་ནི། ན་རོ་པས་དཔལ་ཌོཾ་བྷི་བ་བྱིན་གྱིས་བརླབས་པ་བཞིན་ནོ། །ཞེས་པདྨ་དཀར་པོས་སྔར་སྦྱར་བ་ལས་ཕྱིས་རྒྱས་པར་བཅོས་པ་ཡིན་པས་ཕྱིན་ཆད་འདི་ཁོ་ན་བྱའོ། །ངེས་གཟུང་གནམ་མཐའི་སྤ་བཀོང་ཞིང་། །ཐོད་བརྒལ་མགྲིན་སྔོན་སྙིང་འདོད་པ། །བརྡ་ཡིས་སྨིན་བྱེད་དབྱར་སྐྱེས་རྔ། །ནམ་མཁའ་མཉམ་པའི་རྒྱུད་སྡེར་གྲགས། །གང་དུ་བྱིན་རླབས་ཆར་བབས་ཤིང་། །རྣམ་གྲོལ་མྱུ་གུའི་སྐྱེད་དྲག་སར། །སྐུ་བཞིའི་འབྲས་བུ་མི་བསྒུག་པར། །ལོག་རྟོག་འབྲོག་འཁྱམས་སྙིང་རྗེ་བ།། །།རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲོག་བྲལ་བའི་སྙིང་ག་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར།། །།

ཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་ག

ཡུམ་བཀའ་འབྲིང་པོ་ལྷ་བདུན་མའི་ཆོ་གའོ། །མཆོག་འདོད་སེམས་ཀྱི་བུང་བ་ཀུན་འཆོར་ས། །དངོས་གྲུབ་ལང་ཚོའི་མེ་ཏོག་རྣམས་འཛུམ་པའི། །རྡོ་རྗེ་སེམས་དཔའི་རྩེ་དགའི་འཁྲི་ཤིང་ནི། །འཁོར་བའི་ཚ་གདུང་སྐྱབས་ཡོངས་ཕྱག་བྱའི་གནས།། རྩ་རྒྱུད་ལེའུ་བཅུ་བདུན་པ་ནས། ཡ་མི་ནི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་བྱིས། །གཟུགས་ཀུན་སྤྱོད་མ་མཛེས་མ་དག །བྷ་སུ་ར་ག་མཁའ་འགྲོ་བདུན། །ཞེས་དང་། གཟུགས་ཅན་མ་དང་ཙུམ་བྷི་ཀ །ལཱ་མ་ཡོངས་བསྒྱུར་བྱིས་བཅས་མོ། །མི་ཟློག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་བདུན་དུ་བཤད། །ཅེས་གསུངས་པའི་ལྷ་མོ་བདུན་ནི་འཁོར་ལོས་སྒྱུར་མ་དྲུག་གི་ཕག་མོ་ལ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་སུ་རྒྱུ་འབྲས་ཀྱི་དབྱེ་བས་བདུན་དུ་སོང་བའོ། །དེས་ན་དེ་གཉིས་སྔགས་ཀྱང་གཅིག་གིས་འགྲུབ་པ་ཡིན་པས། གོ་ཆ་དྲུག་གི་སྔགས་ཁོ་ན་འདིར་བཟླས་བྱའོ། །དེ་ཡང་ཇོ་བོ་ནཱ་རོ་པའི་ཞལ་སྔ་ནས་ཀྱིས་མཛད་པའི་གཞུང་དེ་ཇི་ལྟ་བ་བཤད་པར་བྱའོ། །ཤིན་ཏུ་དབེན་པའི་གནས་སུ་ཡོ་བྱད་བསགས། བདེ་བའི་སྟན་ལ་འདུག་སྟེ་ལུས་གནད་བསྲངས་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི།། ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི།། ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་བསྒྲུབ་པར་བྱ། དེའི་ཆེད་དུ་སྒོམ་པའི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ་སྭབྷཱཝ་ཤུདྡྷོ་ཱཧཾ། རང་གི་སྙིང་གར་པདྨའི་སྟེང་དུ་གནས་པའི་བྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། ཚུར་འདུས་པ་ལ་ཐིམ་པས་རང་ལུས་འོད་ཕུང་གི་རྣམ་པ་བྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བལྟ་བའི་ཆོས་འབྱུང་བསྣོལ་མ་འོད་ཀྱི་རང་བཞིན་གྱི་དབུས་སུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་མཛད་ཅིང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་པ། གཅེར་མོ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་སྲོག་བྲལ་གྱི་སྙིང་ག་མནན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཟུར་དྲུག་གི་མདུན་གཡོན་སྐོར་དུ། རྡོ་རྗེ་ཕག་མོ་དམར་མོ། གཤིན་རྗེ་མ་སྔོན་མོ། རྨོངས་བྱེད་མ་དཀར་མོ། སྲེག་བྱེད་མ་སེར་མོ། སྐྲག་བྱེད་མ་ལྗང་ཁུ། ཙཎྜྻི་ཀ་དུད་ཁ། ཐམས་ཅད་འཁོར་ལོས་སྒྱུར་མ་ཇི་ལྟ་བ། དེ་རྣམས་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ། གཙོ་མོའི་ལྟེ་བར་ཨོཾ་བཾ། སྙིང་གར་ཧཾ་ཡཽཾ། ཁར་སྲིཾ་མོཾ། དཔྲལ་བར་སྲེཾ་སྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ལྟེ་བའི་དབུས་སུ་ཆོས་འབྱུང་ཟུར་དྲུག་པའི་ལྟེ་བར་བཾ། ཟུར་ལ་ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། དེ་ལས་འཕྲོས་པའི་འོད་ཟེར་གྱིས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་ཕེཾ། འབར་བའི་ཕྱག་རྒྱ་བཅའ། ཨོཾ་བཛྭ་ཝཱ་རཱ་ཧི་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་པཱ་དྱཾ། ཨཉྩྨ་མཱ་ནཱཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟས་མཆོད། རྐང་པ་བརྒྱད་པས་བསྟོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་སྙིང་གའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བླ་མ་ཧེ་རུ་ཀའི་ཚུལ་དུ་བཞུགས་པའི་ཕྱག་གཡོན་གྱིས་བདུད་རྩིས་གང་བའི་པདྨའི་སྣོད་བཟུང་། གཡས་བ་དན་གསུམ་པའི་ཕྱག་རྒྱས་དབང་བསྐུར་བས་དབུ་བརྒྱན་པར་གྱུར། དེ་ལྟ་བུའི་ལྷའི་འཁོར་ལོ་རྩེ་གཅིག་པར་བསྒོམ། དེ་ནས་རླུང་བཟུང་སྟེ་འཁོར་ལོ་སྔགས་དང་བཅས་པ་གཡོན་དུ་འཁོར་བར་བསམ་ཞིང་། མེ་ལྕེ་སྔགས་དེ་དག་གི་སྒྲར་གྲགས་པ་དེས་རྩ་བསྲོས། དེ་བསྲོས་ནས་ཁམས་ཞུ། དེའི་བདེ་བ་ལ་སེམས་ཟིན་ནས་མི་རྟོག་པ་སྐྱེའོ། །དེ་ལ་སྐྱོ་ན། སྙིང་གར་པད་ཉིར་བྃ་ལ་སྔགས་ཀྱིས་བསྐོར་བ་གཡོན་དུ་འཁོར་ཞིང་དེའི་འོད་ཟེར་གྱིས་ཕྱོགས་བཅུ་སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་བདག་གི་ལུས་ངག་ཡིད་ལ་ཞུགས་པར་བྱིན་གྱིས་བརླབས་པར་བསམ་ལ་ངག་ཏུ་ཨོཾ་བྃ་སོགས། དེ་ནས་འཕྲེང་བ་དམ་པ་རིགས་བརྒྱར་བསམས་ནས་སྔགས་རེ་ལ་དེའི་ལྷ་རེ་བདག་ལ་ཐིམ་པར་མོས་ལ་གོང་གི་སྙིང་པོ་དེ་བརྒྱ་རྩ་བརྒྱད་བཟླས། དེ་ནས་འོད་ཀྱིས་སྣོད་བཅུད་ལ། དེ་རང་ལ། རང་ཡས་མས་ནས་ཞུ་སྙིང་གའི་སྔགས་དེ་བྂ། དེ་ཟླ་ཚེས། ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས། དེ་ཡང་མི་དམིགས་པ་སྟོང་པ་ཉིད་ལ་གཞུག་སྟེ། ཆུ་ལས་ཉ་ལྡང་བ་ལྟ་བུར་ལངས་ཏེ། གཏོར་མ་གཏོང་ན། གཏོར་མ་འོག་ཏུ་ཡཾ་རཾ་ཀཾ་ལས་རླུང་དང་མེ་དང་མགོ་སྒྱེད་ཀྱི་སྟེང་དུ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བའི་ཁ་ཟླ་ཕྱེད་རྡོ་རྗེས་ཆོད་པ། སྙིང་གའི་བྃ་གྱི་འོད་ཀྱིས་རླུང་བསྐུལ་བས་མེ་འབར་ཏེ་ཐོད་པའི་རྫས་རྣམས་ཞུ། ཟླ་ཕྱེད་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དེ་ལ་བསྟིམཿཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བྱིན་གྱིས་རླབས། འབར་བའི་ཕྱག་རྒྱ་བཅའ། ངག་ཏུ་ཕེཾ་ཞེས་བརྗོད། སྙིང་གའི་སྔགས་འཕྲེང་ལས་འཕྲོས་པའི་འོད་ཀྱིས་བཅོམ་ལྡན་འདས་མ་འཁོར་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡ་སྟཾ་དྲྀཥྱ་ཧོཿཁ་ཁ་ཁཱ་ཧི། ཨ་ལི་ཨུ་ལི་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ་བས། ལྗགས་རྡོ་རྗེ་དཀར་པོ་རྩེ་མོ་གཅིག་པ་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཞེས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། ཅེས་འདོད་དོན་གསོལ་ཡི་གེ་བརྒྱ་པ་བརྗོད་དེ་བཛྭ་མུཿ ཞེས་བརྗོད་ནས་གཏོར་མགྲོན་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག། ཅེས་བསྔོ་བ་བྱའོ། །ལྷ་བདུན་མ་དང་ལྷན་གཅིག་སྐྱེས་མ་གཉིས་ཀའི་ཚེས་བཅུ་ལ་གཏོར་མ་བཞིན་བྱིན་གྱིས་བརླབས་པའི་ཆང་གིས་སིནྡྷུ་རའི་མཎྜྻལ་དང་པོ་ནི་བཤད་པ་བཞིན་ལ། གཉིས་པ་ལ་ཆོས་འབྱུང་གྲུ་གསུམ་པ་ལོགས་ལ་གཡུང་དྲུང་རིས་ཀྱིས་བརྒྱན་པ། དེ་ལྟར་བསྐྱེད་མཆོད། བདུད་རྩི་འབུལ་བསྟོད། དེ་ནས་བདག་བསྐྱེད་བཟླས་པ་སོགས་བྱའོ། །སློབ་མ་རྗེས་སུ་འཛིན་པ་ལ། བརྡ་མི་སྟོན་པ་ཙམ་གཞན་འདྲའོ། །ཅེས་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།

སྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས།

སྙན་རྒྱུད་ལས་ཡུམ་ཀ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་བཞུགས་སོ། །གང་སྐུ་ལི་ཁྲིའི་སྣང་བ་བརྒྱའི་ཐིག་ལེས། །སྐལ་བཟང་སྒོ་གསུམ་ཉིན་མོར་བྱིན་རློབ་པའི། །རྣམ་འགྱུར་ཕ་མཐའ་མེད་པའི་འོད་ཚོགས་ཅན། །རྟག་བརྟན་ནམ་མཁའི་མཛེས་རྒྱན་མ་དེར་འདུད། །གྲུབ་དབང་རྣམས་ཀྱི་བདུད་རྩིས་རབ་མྱོས་ནས། །ལེགས་བཤད་སྐྱུགས་པས་ཕྱོགས་དུས་ཀུན་བཀང་ཕྱིར། །སྦ་གསང་མེད་པའི་སྨྱོན་པ་འགའ་ཞིག་ཏུ། །རྟོག་པར་གྱུར་ཀྱང་བདག་ལ་བྱ་ཐབས་ཅི། །འདིར་སྙན་རྒྱུད་ལྷན་ཅིག་སྐྱེས་མའི་རྣལ་འབྱོར་དུ་བྱ་བ་བཤད་པར་བྱ་སྟེ། བདེ་བའི་སྟན་ལ་འདུག་ནས། གཏོར་མ་དང་མཆོད་པས་མདུན་བདར། ཅང་ཏེའུ་དང་རྡོ་རྗེ་དྲིལ་བུ་འཛིན་ཅིང་དམ་ཚིག་གི་རིལ་བུས་ཁ་དག་པར་བྱས་ཏེ། རང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་དམིགས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་ཏེ་བྱང་ཆུབ་ཆེན་པོ་ལ་འགོད་པའི་བསམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔར་བཏང་ནས་སེམས་བསྐྱེད་བླང་། དེ་ནས། རང་གི་སྤྱི་བོར་རྩ་བའི་བླ་མ་དང་ཐུགས་རྒྱུད་གཅིག་ཀྱང་། རྣམ་པའི་རོལ་མོ་རྡོ་རྗེ་འཆང་ལ་ཐུག་གི་བར་གྱི་བླ་མ་དཔལ་ཧེ་རུ་ཀ་དཔའ་བོ་དཔའ་མོ་བསམ་གྱིས་མི་ཁྱབ་པའི་འཁོར་གྱིས་བསྐོར་བ་ཐམས་ཅད་གཅེར་བུ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཌཱ་མ་རུ་དང་དྲིལ་བུ་འཛིན་པ། སྐུ་གར་སྟབས་ལིང་ངེ་། གསུང་རྡོ་རྗེའི་གླུ་རྩེ་རེ། ཐུགས་བདག་ལ་བྱིན་གྱིས་རློབ་པའི་བཞེད་པ་རྩེ་གཅིག་པ་ཉི་མ་དང་འོད་ཟེར་གྱི་ཕུང་པོ་ལྟ་བུར་བཞུགས་པ་ལ། དད་པ་རྒྱ་མཚོས་བདག་གི་ལུས་ལོངས་སྤྱོད། །ཞིང་ཁམས་རྒྱ་མཚོ་མ་ལུས་ཁྱབ་པའི་སྤྲིན། །མཆོད་པ་རྒྱ་མཚོར་དམིགས་ནས་འབུལ་ལགས་ཀྱི། །ཐུགས་རྗེ་རྒྱ་མཚོས་དགོངས་ནས་བཞེས་སུ་གསོལ།། ཞེས་མཆོད་དེ། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །དེ་སྲས་ཏིལླི་ནཱ་རོ་དང་། །ལྔ་བརྒྱའི་གཙུག་རྒྱན་མར་མི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རས་ཆུང་ཞབས་དང་ཁྱུང་ཚང་པ། །མ་གཅིག་ཨོང་ཇོ་ལོ་ཆེན་ཞང་། །དྷ་ར་ཤྲཱི་བསོད་ནམས་མཚན། །གསོལ་བྎ ཀུན་ལྡན་རས་མ་བདེ་ལེགས་དཔལ། །ཀུན་དགའི་དཔལ་དང་རྒྱལ་བའི་དབང་། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ། གསོལ་བྎ རྡོ་རྗེ་སེམས་དངོས་པད་དཀར་ཞབས། །རྒྱལ་བའི་རྒྱལ་ཚབ་ལྷ་རྩེ་བ། །རྗེ་བཙུན་དཔག་བསམ་དབང་པོ་ལ། །གསོལ་བྎ འཇམ་དཔལ་དབྱངས་དངོས་བུདྡྷའི་མཚན། །མ་ལུས་འགྲོ་བའི་ཡོངས་འཛིན་རྗེ། །མཆོག་གཟིགས་ཡར་འཕེལ་དབང་པོ་ལ། །གསོལ་བྎ ཁྱབ་བདག་ཐུགས་ཀྱི་རྡོ་རྗེ་དང་། །ཧེ་རུ་ཀ་དཔལ་བདེ་ཆེན་སྐུ། །རྡོ་རྗེ་ཉི་མ་དྲིན་ཅན་རྗེར། །གསོལ་བྎ ཀུན་མཁྱེན་ཆོས་ཀྱི་སྣང་བ་ཆེ། །སྙིང་པོའི་བསྟན་འཛིན་ཡེ་ཤེས་གྲུབ། །ངེས་དོན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བྎ ཤེས་བྱ་ཀུན་གཟིགས་མཁྱེན་པའི་གཏེར། །གྲུབ་བརྙེས་བསྟན་པའི་ཉི་མ་མཆོག །མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བྎ འདྲེན་མཆོག་འཇམ་དཔལ་ནོར་བུའི་ཞབས། །ཆོས་དབྱིངས་བདེ་ཆེན་རྡོ་རྗེ་རྩལ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བྎ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡང་། །གང་གི་རོལ་རྩེད་ཡིན་ཤེས་ནས། །རྗེ་བཙུན་བླ་མ་ཁྱེད་མིན་པའི། །སྐྱབས་གཞན་བདག་ཅག་རྣམས་མི་ཚོལ། །དེ་ཕྱིར་ཉམ་ངའི་འཁོར་བ་ལས། །འགྲོ་བ་འདྲེན་པའི་ཐུགས་རྗེའི་མཐུ། །བསྐུལ་བའི་གསོལ་བ་འདེབས་ལགས་ན། །བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །སྨིན་བྱེད་དབང་གིས་རྒྱུད་བསྲོས་ནས། །གྲོལ་ལམ་གསེར་འགྱུར་རྩིས་བྲན་པས། །མི་གཙང་ལུས་འདི་རྒྱལ་བའི་སྐུ། །རིན་ཆེན་མཆོག་ཏུ་གྱུར་ཅིག་གུ། ཞེས་གསོལ་བ་བཏབ། མོས་གུས་ཀྱི་གདུང་བས་འོད་དུ་ཞུ་ནས་བདག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་གཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སྙིང་གར་བསིལ་ཟེར་ཅན་གྱི་དབུས་སུ་བཾ། མཐའ་མར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པའི་ཡིག་འཕྲེང་ལི་ཁྲིའི་ཁུ་བས་བྲིས་པ་ལྟ་བུས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་སྣ་ལྔ་པའི་སྐུད་པ་གཤིབས་པ་ལྟ་བུར་ཐམས་ཅད་དུ་འཕྲོ་བས་རང་ལུས་རྣམ་པར་སྦྱངས་པས། སྐད་ཅིག་གིས་ཡིད་ཙམ་ཁྲོ་བ་དང་ལྡན་པའི་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་འབར་བ་གཅེར་མོ་སྤྱན་གསུམ་མངའ་བ་སྐྲ་གྲོལ་བ་ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་འཇིགས་བྱེད་དང་དུས་མཚན་གཡས་བརྐྱང་བའི་ཞབས་ཀྱིས་མནན་པ། གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཁར་དང་ཁ་ཊྶཱྃ་ག་དཀར་པོ་མཆན་དུ་བཅུག་སྟེ་སྒེག་ཅིང་འགྱིང་བ་དང་བཅས་པ་བཅུ་དྲུག་པའི་ལང་ཚོ་ངོམ་པ། འོད་ཟེར་གྱིས་ཡེ་ཤེས་ཀྱི་ལྷ་མོ་དཔའ་བོ་དང་དཔའ་མོའི་ཚོགས་ཀྱིས་བསྐོར་བ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་འོད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་སྦྱངས་པས་སྣོད་གཞལ་ཡས་ཁང་། ཕོ་ཐམས་ཅད་ཧེ་རུ་ཀ མོ་ཐམས་ཅད་རྣལ་འབྱོར་མར་གྱུར་ཏེ་སླར་ལོག་རང་གི་སྙིང་གར་ཐིམ་པར་བསམ་མོ། དེ་སྣ་རྩེར་ཐིག་ལེ་དཀར་དམར་ཁ་སྦྱར་བ་ལ་དམིགས་ཏེ་རྡོ་རྗེའི་བཟླས་པ་བྱ། དེ་ནས་ཕྲེང་བ་དམ་པ་རིགས་བརྒྱར་བསམས་ནས་སྔགས་རེ་ལ་དེའི་ལྷ་རེ་བདག་ལ་ཐིམ་པར་མོས་ལ་གོང་གི་སྙིང་པོ་དེ་བརྒྱ་རྩ་བརྒྱད་བཟླས། དེ་ནས་འོད་ཀྱིས་སྣོད། བཅུད་ལ། དེ་རང་ལ། རང་ཡས་མས་ནས་ཞུ་སྙིང་གའི་སྔགས། དེ་བཾ། དེ་ཟླ་ཚེས། ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས། དེ་ཡང་མི་དམིགས་པ་སྟོང་པ་ཉིད་ལ་གཞུག་པར་གྱུར། ཡང་སྐྱོ་ན་སྔར་བཞིན་ཆུ་ལས་ཉ་ལྡང་བ་ལྟ་བུར་ལངས་ཏེ་བསྒོམ་པ་དང་བཟླ་བར་བྱ། དེ་ལས་སྐྱོ་ན། གཏོར་མའི་འོག་ཏུ་ཡཾ་རཾ་ཀཾ་ལས་རླུང་དང་མེ་དང་མགོ་སྒྱེད་ཀྱི་སྟེང་དུ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བའི་ཁ་ཟླ་ཕྱེད་རྡོ་རྗེས་ཆོད་པ། སྙིང་གའི་བྂ་གྱི་འོད་ཀྱིས་རླུང་བསྐུལ་བས་མེ་འབར་ཏེ་ཐོད་པའི་རྫས་རྣམས་ཞུ། ཟླ་ཕྱེད་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དེ་ལ་ཐིམ། ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་བཅས་ངག་ཏུ་ཕེཾ་ཞེས་བརྗོད། སྙིང་གའི་སྔགས་ཕྲེང་ལས་འཕྲོས་པའི་འོད་ཀྱིས་བཅོམ་ལྡན་འདས་མ་ལ་འཁོར་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བྃ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡ་ཧྶཾ་དྲྀཥྱ་ཧོཿ ཁ་ཁ་ཁཱ་ཧི་ཨ་ལི་ཨུ་ལི་ཨི་དཾ་བ་ལིངྟ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ་བས་ལྗགས་རྡོ་རྗེ་དཀར་པོ་རྩེ་མོ་གཅིག་པ་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཞེས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པ་བརྗོད་དེ་བཛྭ་མུཿཞེས་བརྗོད་ནས་གཏོར་མགྲོན་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་བསྔོ་བ་བྱའོ། །ཡུམ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་ཆོ་ག་ཕུན་ཚོགས་འདོད་འཇོ་བཞུགས་སོ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཉིད་ཕྱིར་ཀུན་ཏུ་འགྲོ་བའི་མིག་འཕྲུལ་མཁན། །གཞོམ་མེད་སྒྲ་བརྙན་ཐམས་ཅད་སྐད་ཕྱིར་ཆོས་ཀྱི་མ་མོ་ཆེན་མོ་བ། །རྣམ་མེད་སྣང་བརྙན་རོ་གཅིག་ཉིད་ཕྱིར་ལྷན་ཅིག་སྐྱེས་དགའི་ཝཱ་ར་ཧཱི། །ཟླ་དང་ཟླ་བརྙན་ཇི་བཞིན་འཆར་ཕྱིར་དཀྱིལ་འཁོར་ཀུན་གྱི་བདག་མོར་འདུད།། སློབ་དཔོན་ཆེན་པོ་མཻ་ཏྲི་པས་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་སྒྲུབ་པའི་ཐབས་སུ། རྣལ་འབྱོར་མ་ཡི་རྣལ་འབྱོར་གུས། །རྣལ་འབྱོར་མ་ཉིད་འདྲེན་པ་རུ། །བྱས་ནས་འཁོར་ལོ་རྣམ་པར་བསྒོམ། །ཐམས་ཅད་སྔར་བཤད་ཇི་བཞིན་ནོ། །ཞེས་གསུངས་པའི་ནང་གི་རྣལ་འབྱོར་བཤད་པར་བྱའོ། །དེ་ལ་གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །མཆོད་དང་ཏིང་འཛིན་ཉེ་བར་བསྡུ། །ཞེས་རྣལ་འབྱོར་གྱི་ཚུལ་དགུ་བཤད་པའི་དང་པོ་ཚོགས་ལ་གནས་པ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀར་ཉིན་མོར་བྱེད་པ་ལ་བཾ། དེའི་འོད་ཟེར་གྱི་འཕྲེང་བའི་ལྕགས་ཀྱུས་འཆད་བཞིན་པའི་མཚན་ཉིད་ཅན་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ། ཐོག་མཐའ་འདྲ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱ། ཤཔྟ་ཧཱུྃ། བདག་གིས་ཐོག་མཐའ་མེད་པའི་དུས་མཐའ་ནས། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱིད་པ་ཡི་སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་གང་། །དེ་དག་ལ་ནི་རྗེས་སུ་ཡི་རང་ཞིང་། །བྱང་ཆུབ་ཏུ་ནི་ཡང་དག་བདག་གིས་བསྔོ། །རྒྱལ་བ་ལ་སོགས་དཀོན་མཆོག་གསུམ་པོ་ལ། །དངོས་པོ་ཀུན་ཀྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་རྣམས། །མ་ལུས་རྫོགས་པར་བདག་གིས་བགྱིད་པར་ཤོག །བཛྭ་མུཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བདག་ལ་ཐིམ་པར་བསམ་མོ།། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། དེ་བཞིན་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །དེ་ནས་རང་ཉིད་རབ་ཏུ་མི་གནས་པའི་བདག་ཉིད་ཅན་གྱི་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས་པར་གྱུར། ཨོཾ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་དྷརྨ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། བྱིན་གྱིས་བརླབ། གཉིས་པ་ལྡང་བ་ནི། ཏིང་ངེ་འཛིན་ལས་ལངས་ཏེ་འགྲོ་བ་སྒྱུ་མ་ལྟ་བུར་ལྟའོ། །དེའི་ངང་ལ། ཡཾ་རཾ་བཾ་ལཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ། སུཾ་ལྗང་ཁུ་ལས་རི་རབ་ཀྱི་རྩེ་མོར་པཾ་ལས་སྣ་ཚོགས་པདྨ་ལ་ཨོཾ་མེ་དཱི་ནི་བཛྭཱི་བྷ་ཝ་བཛྭ་བྷནྡྷ་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲཱ་ཀཱ་ར་ཧཱུྃ་པཾ་ཧཱུྃ། རྡོ་རྗེའི་ར་བ། ཨོཾ་བཛྭ་པཉྫྱཱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་རེ། ཨོཾ་བཛྭ་ཤ་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། རྡོ་རྗེའི་མདའི་དྲ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་ཏུ་རྡོ་རྗེ་མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ལས་སྐྱེས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཚང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གྲི་གུག་གི་འཕྲེང་བ་མུ་ཁྱུད་བྱས་པའི་ལྟེ་བར། གསུམ་པ་འཇུག་པ་ནི། ཉི་མའི་གདན་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཉིས་གཡོན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿཡ་ར་ལ་ཝ་ཌ་ཌྷྜྷ། གཉིས་གཡས། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་སྦྱར་བའི་དབུས་སུ་ཡི་གེ་བཾ་འོད་ཟེར་ལྔ་སྤྲོ་ཞིང་སྡུད་པ་རྡོ་རྗེ་ཕག་མོ་རང་གི་ངོ་བོ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཞི་པ་ཡོངས་སུ་རྫོགས་པ་ནི། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་དང་མཚུངས་པ། ཞལ་གཅིག་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པའི་ཁྲོ་མོ་སྤྱན་གསུམ་པ། དབུ་སྐྲ་གསིལ་བུ་ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའི་མཐོངས་སུ་འཕྱར་བས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་པར་མཛད་ཅིང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པས་ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གྲུ་མོ་གཡོན་ན་ཧེ་རུ་ཀ་མཚོན་པའི་ཁ་ཊྶཱཾ་ག་བསྣམས་ཤིང་། གཅེར་མོ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་ཞབས་གཡོན་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡས་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་ཏེ་ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྔ་པ་བྱིན་གྱིས་བརླབས་པ་ནི། ལྷ་དེ་དག་གི་སྤྱི་བོར་འཁོར་ལོར་ཨོཾ། མགྲིན་པར་པདྨ་ལ་ཨཱཿ སྙིང་གར་རྡོ་རྗེ་ལ་ཧཱུྃ། གཙོ་མོའི་ལྟེ་བར་ཨོཾ་བཾ། སྙིང་གར་ཧཾ་ཡཽཾ། མགྲིན་པར་སྲིཾ་མོཾ། དཔྲལ་བར་སྲིཾ་སྲིཾ། སྤྱི་བོར་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། སྙིང་ཁའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་རིགས་ལྔ་དང་བཅས་པ། ཕེཾ། འབར་བའི་ཕྱག་རྒྱ་མིག་གཡོན་པའི་སྟེང་གི་དཔྲལ་བའི་ཐད་ཀར་བསྐོར། མིག་གྱེན་དུ་བཟློག །རྐང་པ་གཡས་བརྐྱང་བས་གཡོན་པའི་བོལ་གོང་མནན། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། དེ་དག་གིས་སྤྲོས་པའི་གཟུངས་མ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་འཛིན་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་བ་དང་། ཆུ་དེ་ལས་བྱུང་བའི་རིགས་ཀྱི་བདག་པོ་གཙོ་མོ་ལ་རྣམ་པར་སྣང་མཛད། ཕྱོགས་མ་བཞི་ལ་རིན་ཆེན་འབྱུང་གནས། མཚམས་མ་བཞི་ལ་སྣང་བ་མཐའ་ཡས། སྒོ་མ་བཞི་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བདུན་པ་མཆོད་པ་ནི། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་གཟུགས་ལ་སོགས་པའི་ཡུལ་ལྔ་བཾ་ཡིག་གི་རྣམ་པར་པདྨའི་སྙིང་པོར་བསྡུས་ཏེ། དེ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ལས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི། དྷཱུ་པེ། ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུ་དང་། །མར་མེས་གང་བའི། ཨཱ་ལོ་ཀེ །གདུང་སེལ་ལྗང་ཁུ། དྲི་ཆབ་བྱུག་པའི། གནྡྷེ། ཞལ་ཟས་སེར་མོ། བདུད་རྩིས་གང་བའི། ནཻ་ཝི་དྱེ། སྒྲ་བརྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝཾ་གླིང་བུ་རྔ་ཆེན་སོགས་འཛིན་མ། །གྷཎྜྻ་ར་ཎ། དེ་ནས་དཀྱིལ་འཁོར་བའི་ལྷའི་ཞལ་ནས་བསྟོད་པ་བྱུང་བར་མོས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་ཀྱིས་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ལ་བདེ་ལེགས་ཐོབ། །དེར་ནི་རྒྱུ་དང་མི་རྒྱུའི་འགྲོ་རྣམས་དང་། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་ཅིང་། །སྒྱུ་མའི་སྤྲུལ་པས་དོན་ཀུན་སྒྲུབ་མཛད་པ། །རྡོ་རྗེ་བཙུན་མོ་ཡན་ལག་མ་ལ་འདུད། །མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་བོ་གསུམ་ལ་གནས་པའི་ཡི་གེ་ཨ་རྣམ་པར་འགྱུར་བ་ལས་ཐོད་པའི་ནང་དུ། གོ་ཀུ་ན་ཧ་ད་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། རང་རང་གི་ས་བོན་དེ་དག་གིས་མཚན་པའི་ཁར་ཨོཾ་དེའི་འོད་ཟེར་གྱིས་ཐམས་ཅད་ཀྱིས་མ་དག་པ་སྦྱངས། ཨཱཿལས་བྱུང་བའི་ཟླ་བའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཁ་ཊྶཱཾ་དཀར་པོ་མགོ་འཐུར་དུ་བལྟ་བས་ཁ་བཅད། རླུང་གིས་མེ་སྦར་རྫས་རྣམས་རོ་གཅིག་ཏུ་འདྲེས་པའི་རྒྱུན་ཉི་མ་འཆར་ཀ་ལྟ་བུ་ལ། རྡོ་རྗེ་ཁ་ཊྶཱཾ་དང་བཅས་པའི་ཟླ་བ་ལ་དཔའ་བོ་དང་རྣལ་འབྱོར་མའི་དབང་ཕྱུག་རྣམས་སྤྱན་དྲངས་སྙོམས་པར་ཞུགས་ནས་ཐིམ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་བབས་པས་མི་ཟད་པའི་རྒྱ་མཚོ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པའི་ལྕེས་མྱང་བར་བྱའོ། །སྤྲོ་བའི་སྦྱོར་བས་ལྷ་མོའི་ཚོགས་ཀྱང་ཚིམ་པར་བྱའོ། །བརྒྱད་པ་ཏིང་ངེ་འཛིན་ནི། ཨཱ་ལི་ཀཱ་ལི་བདུན་བསམས་ནས། །ཞེས་ནས། དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཞེས་པའི་བར་ཏེ་གཞན་དུ་ཤེས་པར་བྱའོ། །དེའི་རྗེས་ལ། སྙིང་གར་བཾ་ཟླ་ཉིའི་སྟེང་དུ་གནས་པ་སྔགས་ཀྱི་འཕྲེང་བ་ཤིན་ཏུ་ཕྲ་བ་མངོན་པར་བལྟས་ལ། བརྟན་པའི་སེམས་སུ་གྱུར་ནས་ལྷའི་འཁོར་ལོ་སྤྲོ་བ་དང་བསྡུ་བའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱ་སྟེ། དེ་ལ་སྔགས་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། གཙོ་མོའི་སྙིང་པོ་དང་ཉེ་སྙིང་ངོ་། །ཨོཾ་ཌཱ་ཀ྄ི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མེྎ ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་རཱུ་པི་ནི་ཡེ། ཨོཾ་ཀཱ་ཀཱ་ཀྵྼེ། ཨོཾ་ཨཱུ་ལཱུ་ཀཱ་ཀྵྼེ། ཨོཾ་ཤྭ་ནཱ་ཀཱ་ཀྵྼེ། ཨོཾ་སཱུ་ཀ་རཱ་ཀྵྼ། ཨོཾ་ཡ་མ་ད་དྷཱི་ཡེ། ཨོཾ་ཡ་མ་དཱུ་ཏཱི་ཡེ། ཨོཾ་ཡ་མ་དཾཥྚི་ནཱི་ཡེ། ཨོཾ་ཡ་མ་མ་ཐ་ནཱི་ཡེ། ལྷ་མོ་རྣམས་ཀྱི་སྔགས་སོ། །དེ་ནས་བདུད་རྩི་ཇི་ལྟ་བ་བཞིན་དུ་གཏོར་མ་བྱིན་གྱིས་བརླབས་ལ། འབར་བའི་ཕྱག་རྒྱ་དང་སྟང་སྟབས་བཅས་ཏེ། ཕེཾ་ཕེཾ་ཕེཾ། གུ་རུ་ཤྲཱི་བཛྭ་ཡོ་གི་ནཱི། ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀ྄ི་ནཱི་སྲྀ་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་དཀྱིལ་འཁོར་ཆེན་པོ་འཇིག་རྟེན་པ་ཐམས་ཅད་ཀྱི་ཤུལ་འབྲང་བ་ས་གཞི་དང་བར་སྣང་ཐམས་ཅད་གང་བར་བྱོན། ལག་པ་པད་ཀོར་བྱས་ཏེ། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿལན་གསུམ། མཆོད་བྱ་མཆོད་བྱེད་གཉིས་མེད་དུ་བྱས་ཏེ། ཨོཾ་ཨཱ་ར་ལི་ཧོཿབཛྭ་ཌཱ་ཀ྄ི་ནཱི་ས་མ་ཡ་ཧྶཾ་དྲྀ་ཥྱ་ཧོཿལན་གསུམ་མམ་བཞི་ལྔར་བརྗོད་ལ་འདས་པ་རྣམས་ལ་ཕུལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨཱ་དཱ་པསྨཱ་ར། བཛྭ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི། པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སད་སུ་ཁཾ་བི། བིཤུདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄། མཆོད་པ་ལྔ་ཕུལ་ཏེ། རྐང་བརྒྱད་ཀྱིས་བསྟོད་ནས། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། པདྨའི་ལག་བསྐོར་བྱས་ཏེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷཱོཧཾ། ཞེས་བརྗོད་དེ། འཇིག་རྟེན་པ་རྣམས་ལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་འཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད།། ཅེས་འདོད་པའི་དངོས་གྲུབ་བླངས་ཏེ། ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོང་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྭ་མུཿ དགུ་པ་ནི། དཀྱིལ་འཁོར་བ་ལ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་གའི་བྱ་བ་ལ། །ནོངས་འགྱུར་དེ་དག་བཟོད་མཛད་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་བདག་རྣམས་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་སུ། །སླར་ཡང་འབྱོན་པར་མཛོད་ཅིག་མུཿ ནུས་པ་མ་མཆིས་མ་ཚང་ལྷག །སྔགས་དང་བྱ་བ་ཆོ་ག་ཉམས། །གང་བྱས་གྱུར་ཏེ་གཙོ་བོ་དང་། །ལྷ་མོ་རྣམས་ཀྱིས་བཟོད་པར་འོས། །དབང་ཕྱུག་དམ་པར་བཀའ་དྲིན་སྩོལ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདག་ཉིད་ལ་གཞུག་པར་བྱས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་བསྔོ་བ་བྱས་ཏེ། ཚུལ་ཁྲིམས་ཙན་དན་སྐུ་ལ་བྱུག །བསམ་གཏན་གྱི་ནི་ན་བཟའ་གསོལ། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བ་བཞིན་དུ་སྤྱོད།། ཅེས་པའི་རྗེས་སྤྱོད་ལ་འཇུག་གོ །ད་ནི་ཚེས་བཅུ་ལ་སོགས་པའི་དུས་ཀྱི་ཆོ་ག་བཤད་པར་བྱ་སྟེ། སྟེགས་བུ་གཙང་མའི་ཁར་རས་བྲིས་སམ་ཚོམ་བུ་བཀོད་པའམ་རྡུལ་ཚོན་གྱི་དཀྱིལ་འཁོར་མཐའ་མ་མཆོད་པས་ལེགས་པར་བསྐོར། བུམ་པ་ནང་རྫས་སྟེང་དུ་རྣམ་རྒྱལ་ཆེན་པོ་རྡོ་རྗེ་གཟུངས་ཐག་དང་བཅས་པ་དང་། རྣལ་འབྱོར་གྱི་ཡོ་བྱད་དག་གིས་མདུན་བདར་ནས། བདུད་རྩི་རིལ་བུས་ཁ་དག་པར་བྱས་ནས་རང་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་སྙིང་གར་ཉི་མ་ལ་བཾ་དམར་པོ། ལག་པ་གཡོན་པའི་མཐེ་བོང་མཛུབ་མོ་གུང་སྲིན་མཐེའུ་ཆུང་རྣམས་ཀྱི་དབུས་སུ་རིམ་པ་ཇི་ལྟ་བར། ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཧཱུྃ་ཧཱུྃ། རྩ་བ་དང་རྩེ་མོ་རྣམས་ལ་ཕཊ྄་ཕཊ྄། བདག་བསྐྱེད་བཞིན་བདུད་རྩི་བྱིན་གྱིས་བརླབ་པ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། ཤར་དུའོ། །ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ་ཕཊ྄། བྱང་དུའོ།། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧུཾ་ཧཱུྃ་ཕཊ྄། ནུབ་ཏུའོ།། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧུཾ་ཧཱུྃ་ཕཊ྄། ལྷོ་རུའོ།། ཕྱོགས་སུ་སེ་གོལ་བརྡབས་པ་ཡིས། །གདུག་པའི་བདུད་ནི་བསྐྲད་པར་བྱ། །ཞེས་སྡོམ་འབྱུང་ལས་གསུངས་པ་བཞིན་བདག་ཉིད་ལ་མངོན་པར་འཐོར་བ་དང་། ཡན་ལག་ལ་འགོད་པར་བྱེད་ཅིང་འདི་ཀ་བདག་དང་གནས་དང་རྣལ་འབྱོར་གྱི་བསྲུང་བའོ། །དེ་ནས་དྲི་ཞིམ་པོའི་ཆུས་དཀྱིལ་འཁོར་བསངས་གཏོར་བྱས་ལ། དེའི་དུས་སུ་གཡོན་པའི་སྲིན་ལག་བཞག་སྟེ། པཱུ་ཛཱ་ཨོ་ཨ་གོ་ར་དེ་མཱཀཱ་ཨོ་ཏྲི་ཀོ་ཀ་ལཾ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཡི་གེ་ཉི་ཤུ་རྩ་བཞི་ཡོངས་སུ་གྱུར་པ་ལས། པུ་ལི་ར་མ་དང་། ཛཱ་ལནྡྷ་ར་དང་། ཨཽཌྜྷི་ཡཱ་ཎ་དང་། ཨརྤཀྵྭ་ཏ་བཞི་གནས་ཏེ་ས་རབ་ཏུ་དགའ་བ། གོ་དཱ་ཝ་རི་དང་། ར་མེ་ཤྭ་རི་དང་། དེ་ཝི་ཀོ་ཊ། མཱ་ལ་ཝ་བཞི་ཉེ་བའི་གནས། ས་དྲི་མ་མེད་པ། ཀཱ་མ་རུ་དང་། ཨོ་ཏྲེ་གཉིས་ཞིང་། ས་འོད་བྱེད་པ། ཏཱི་ཤ་ཀུ་ནེ་དང་། ཀོ་ས་ལ་གཉིས་ཉེ་ཞིང་། ས་འོད་འཕྲོ་བ། ཀ་ལིངྐ་དང་། ལཾ་པ་ཀ་གཉིས་ཚནྡོ། ས་སྦྱང་དཀའ་བ། ཀཱཉྩྨི་དང་། ཧི་མ་ལཱ་གཉིས་ཉེ་བའི་ཚནྡོ། ས་མངོན་དུ་གྱུར་པ། པྲེ་ཏ་པུ་རི་དང་། གྲྀ་ཧ་དེ་ཝ་གཉིས་འདུ་བ། ས་རིང་དུ་སོང་བ། སཽ་རཥྚ་དང་། སུ་ཝརྞ་དྭཱི་པ་གཉིས་ཉེ་བའི་འདུ་བ། ས་མི་གཡོ་བ། ན་ག་ར་དང་། སིནྡྷུ་གཉིས་དུར་ཁྲོད། ས་ལེགས་པའི་བློ་གྲོས། མ་རུ་དང་ཀུ་ལུ་ཏ་གཉིས་ཉེ་བའི་དུར་ཁྲོད། ས་ཆོས་ཀྱི་སྤྲིན་ཞེས་བརྗོད་ཅིང་ཡུལ་དེ་དག་ཏུ་གནས་པའི་མཁའ་འགྲོའི་ཚོགས་དང་བཅས་པར་བསམ་པར་བྱའོ།། སྤྲུལ་སྐུའི་རྣལ་འབྱོར་རོ། །དེ་ནས། ཨོཾ་ཤཱུནྱ་ཏཱ། ཞེས་ནས། ཁ་སྦྱོར་གྱི་དབུས་སུ་སྙིང་གའི་ས་བོན་ལས་རྣམ་པར་སྤྲོས་པའི་བཾ་ཡིག །དེ་རྣམས་རོ་གཅིག་ཏུ་ནས། ཡེ་ཤེས་པ་སྤྱན་དྲངས་པའི་བར་བདག་བསྐྱེད་བཞིན་ལ། དེ་དག་ལ་ཉེར་སྤྱོད་ལྔས་མཆོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་གི་འཁོར་ལོ་ལ་བཅུག་པ་ནས་རྒྱས་བཏབ་ཀྱི་བར་ཡང་དེ་བཞིན་ལ། ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་མོས་ཏེ། རྣམ་པར་སྦྱངས་པའི་ལག་པ་གཡོན་པས་མེ་ཏོག་ཨོཾ་ཨཱཿཧཱུྃ་གིས་བཅོམ་ལྡན་འདས་མ་ལ་ཕུལ་ཞིང་། ཡང་སྙིང་པོ་དང་ཉེ་སྙིང་གི་སྔགས་དག་ནས་གཤིན་རྗེ་འཇོམས་མ་ལ་ཐུག་གི་བར་རང་རང་གི་སྔགས་ཀྱིས་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་མཆོད་པར་བྱའོ། །དེ་བཞིན་བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་འབུལ་བ་ཕྱི་མཆོད། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝཾ་མ། །རྒྱུད་མངས་སྙན་པའི་སྐད་ཀྱིས་ཡིད་སྒྱུར་བྱེད། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །བཅོམ་ལྡན་འདས་མ་རྡོ་རྗེའི་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་ཝཱི་ནེ་ཧུཾ་ཧཱུྃ་ཕཊ྄། མཆོག་གི་གསེར་མཚུངས་རྡོ་རྗེའི་གླིང་བུ་མ། །སྙན་འགྱུར་རིན་ཆེན་གླིང་བུ་སྒྲ་དབྱངས་ཅན། །ཝཾ་སེ། བིམྦ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། མུ་རཉྫྱེ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཆེན་ཆེར་སྒྲོགས་ནམ་མཁའི་ཕྱོགས་ཀུན་འགེགས། །མྲྀ་ཏཾ་གེ པདྨ་རཱ་གའི་མདངས་ལྡན་བཞད་པ་མོ། །འཛུམ་ཞལ་དགྱེས་པའི་བཞིན་གྱིས་ཀུན་དགའ་བསྐྱེད། །ཧཱ་ཀྵྼེ། མཐོན་ཀ་ཆེན་པོའི་འོད་འཛིན་རབ་སྒེག་མོ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙེམས་པའི་ཚུལ། །ལཱ་ཀྵྼེ། བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། །གཱི་ཏཱི། རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གི་བྲོ་གར་བསྒྱུར། །ནྲྀ་ཏྱེ། སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །པུཥྤེ། སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་པ་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་སྤྲིན་ཅན། །དྷཱུ་པེ། གུར་ཀུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། །དཱི་པཾ། འཆར་ཀའི་མདོག་ལྟར་དམར་སྐྱ་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པ་སེལ། །གནྡྷེ། ཁ་བ་དུང་ལྟར་རྣམ་དཀར་གཟུགས་བརྙན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། །རཱུ་པ། ལེ་བརྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རཱ་ས། དཱུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། །སྤརྴེ། ཀུནྡ་ཀུ་མུད་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་སྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །དྷརྨ་དྷཱ་ཏུ། ནང་མཆོད་དོ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག །རིགས་ཐམས་ཅད་ཀྱི་དབང་ཕྱུག །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྩ་རྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནས། ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་སོགས་སྦྱར། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའི། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ། གསང་མཆོད་དོ། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བའི་མི་འགྱུར་བདེ་བས་མཆོད།། དེ་ཁོ་ན་ཉིད་ཀྱི་མཆོད་པའོ།། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་ཁྱོད་ལ་བདུད། །དཔལ་ལྡན་རྡོ་རྗེ་དང་། ཇི་སྙེད་རྡོ་རྗེ། ཞེས་པས་བསྟོད། ལག་པ་གཡོན་པའི་མཐིལ་དུ། པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བ་ལ། ཨོཾ་བཾ་ཕག་མོ་དམར་མོ་མདུན་ནས་གཡོན་སྐོར་གྱིས། ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། སྲིཾ་སྲིཾ་སྲེག་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། མཐེ་བོང་ལ། ཨོཾ་ཧཿརྡོ་རྗེ་སེམས་དཔའ་དཀར་པོ། མཛུབ་མོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། གུང་མོ་ལ་སྭ་ཧ་ཧུ་རིན་ཆེན་འབྱུང་གནས་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ཧེ་རུ་ཀ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿའོད་དཔག་མེད་མཐིང་ཀ །སེན་མོ་རྣམས་ཀྱི་ངོས་ལ་ཕཊ྄་ཧཾ་རྟ་མཆོག་ལྗང་ཁུའམ་སྔགས་འདམ་ངའོ།། ཨོཾ་བཾ་སོགས་རང་སྔགས་ཀྱི་མཐར། པུཥྤེ་དྷཱུ་པེ་ཞེས་ནས་ཤཔྟའི་བར། མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་མའི་བརཏལ་ཞུགས་མཐར་ཕྱིན་ཤོག། ཅེས་རིག་མ་དང་། བཟའ་བཏུང་། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །སརྦ་པཉྩྨཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མཆོད། དེ་ནས་སོར་མོའི་ལྷ་རྣམས་ལག་མཐིལ་དུ་བྱོན་ཏེ་ཡབ་ཡུམ་རྗེས་སུ་ཆགས་པ་མཛད་པ་ལག་པའི་རྒྱབ་ཏུ་མེ་ལོང་དྭངས་པའི་གཟུགས་བཞིན་དུ་གསལ་བར་སྣང་། དེ་ནས་ཡབ་ཡུམ་དེ་དག་ས་ལ་སོགས་པ་ཁམས་དྲུག་གི་ལྷ་མོ་ཆང་གི་ཁུ་བས་བྱུགས་ཏེ་ལག་པ་དེ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པའི་འཁོར་ལོ་གསུམ་གྱི་ངོ་བོ་ཡུལ་ཉི་ཤུ་རྩ་བཞིར་གྱུར་པ་ལ་ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མཧཱ་ཀལྤགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐྲ་ཊཱ་ཡ། དཾཥྚྲུ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུཾ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྶཱཾ་ག་དྷཱ་རི་ཎེ། བྱཱགྷྲ་ཛི་ནཱམྦ་རདྷ་རཱ་ཡ། མ་ཧཱ་དྷཱུ་མབྲ་ནྡྷ་ཀཱ་ར་ཝ་པུ་ཥཱ་ཡ། པུཥྤེ་སོགས་ཀྱིས་མཆོད། དེ་ནས་ཕུལ་བའི་མེ་ཏོག་དེ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། སྲཽཾ་སྲཽཾ་ སྲ་སྲཿཕེཾ་ཕེཾ་ཕཊ྄་ཕཊ྄། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ནེ། གྲྀ་གྲྀ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཱཾ་སརྤམྭཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨ་ཀཌྜྷྱ། སྲཱིཾ་སྲཱིཾ། ཛཎཽཾ་ཛཎཽཾ། ུཾ་ུཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ་ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ྄། ཅེས་པའི་མཐར་དཀྱིལ་འཁོར་དུ་དོར། ཡང་བླངས་ནས་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་མགོ་བོར་བཞག་གོ །ལྷའི་འཁོར་ལོ་དེ་ཡང་བདག་ཉིད་ལ་ཞུགས་པར་གྱུར་ཅེས་ཡི་གེ་བརྒྱ་པའི་སྔགས་བརྗོད་དོ། །དེ་ནས་ཕྱོགས་ཀྱི་བདག་པོ་རྣམས་ལ་གཏོར་མ་སྦྱིན་པའི་ཕྱིར། ཕྱི་རོལ་དུ་སོང་ནས། ཤར་དུ་ཨིནྟྲ་ས་པཱ་རི་ཝཱ་ར་ན་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿཞེས་བཀུག །ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་བརླབས་ནས། ཨིནྡྲ་ས་པ་རི་ཝཱ་རེ་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་ལ་སོགས་པས་ཕུལ། སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་སཱ་དྷ་ཀ་ཀྵྼེ་ཤནྟིཾ་ཀུ་རུ་སརྦ་ཀརྻན་ཏུ་སིདྡྷིརྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཥེ། དམ་ཅན་རྒྱ་མཚོ་སོགས་ཀྱིས་འདོད་པའི་དོན་གསལ་ལོ། །མེ། ་ཨགྣི། ལྷོ། ་ཡ་མཱ། ལྷོ་ནུབ་ཏུ། རཱཀྵ་ས། ནུབ། ཏུ་བཱ་རུ་ཎ། ནུབ་བྱང་དུ། བཱ་ཡུ། བྱང་དུ། ཀུ་བེ་ར། དབང་ལྡན་དུ། མ་ཧཱ་བྷཱུ་ཏ། སྟེང་དུ། ཙནྡྲ་སཱུརྻ་བྲ་་ཨརྻ་དེ་ཝ་ཏ། འོག་ཏུ། བཻ་ཙི་ཏྲི་པྲི་ཐི་ཝཱི། དེ་ཝ་ཏ། གཞན་འདྲ། རྒྱས་པ་ལ། པུཥྚིཾ་ཀུ་རུ། སོགས་འདོན་པ་བསྒྱུར་བ་ཙམ་མོ། །ནང་དུ་ཞུགས་ནས་ཅང་ཏེའུ་འཁྲོལ་ཞིང་། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླགས། །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱིས་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན།། ཞེས་པའི་གླུ་ལེན་ཞིང་དཀྱིལ་འཁོར་གྱི་ས་གཞི་དེ་ལ་ལན་གསུམ་དུ་བསྐོར་རོ། །དེ་ནས་འདུག་སྟེ་སྡིག་བཤགས་ནས་བཟླས་པའི་བར་བྱས། བདག་ཉིད་ལས་དཀྱིལ་འཁོར་གྱི་འཁོར་ལོ་བྱེ་ནས་སྔར་གྱི་སར་བཞུགས་པར་བསམ་ལ། བུམ་པ་བསང་གཏོར་བྱས། ཨོཾ་ཤཱུནྱ་ཏཱས་སྟོང་པར་དམིགས། བྷྲཱུཾ་བྷྲཱུཾ་ལས་ཕྱི་རིན་པོ་ཆེའི་བུམ་པ་ནང་ཡངས་པའི་དབུས་དང་རྣམ་རྒྱལ་ཆེན་པོ་པདྨ་འདབ་བརྒྱད་དང་ཉི་མ་ལ་བཅོམ་ལྡན་འདས་ནས། དྲག་མོའི་གཟུགས་ཅན་དུ་གྱུར། ལས་བུམ་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། གནས་གསུམ་བྱིན་བརླབ་གོ་ཆ། ཡེ་ཤེས་སྤྱན་དྲངས་གི་བར་བྱས། འོག་ནས་འབྱུང་བ་བཞིན་ཆུ་གསུམ་ཉེར་སྤྱོད་ལྔའི་སྔགས་ཀྱིས་མཆོད། ཡེ་ཤེས་ཀྱི་འཁོར་ལོ་དེ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར་པ་ལས། རྒྱས་བཏབ་ཀྱི་བར་བྱས། ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས། ཨོཾ་བཛྭ་ཝཱ་རཱ་ཧི་པྲ་ཝར་སཏྐྲ་རཱ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞལ་བསིལ་ཕུལ། ཧི་ཡན་འདྲ། ཨརྒྷཾ་མ་མ། ཏཏྟྭཾ་གྲྀ་སིདྡྷི་མེ་པྲ། མཆོད་ཡོན། ཧི་ས་ཏུ་ད་ཀ་ཞབས་བསིལ། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །པུཥྤེ། ཙན་དན་གུར་ཀུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །དྷཱུ་པེ། མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ། དཱི་པཾ། སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་བུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུྃ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དག གནྡྷེ། ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ནཻ་ཝིདྱེ། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །བརྒྱད་གཉིས་ལང་ཚོ་དཔལ་འབྲས་ནུ་འབུར་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །ཉ་རྒྱས་ཟླ་བ་དག་པའི་བཞིན་རས་མ། །ཚིམ་ཞིང་གསལ་ལ་བདུད་རྩིའི་འོད་ལྡན་མ། །རྡོ་རྗེ་རིག་མའི་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཝཱི་ནེ་སོགས་འགྲེ། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། རྒོད་དང་དྲེགས་ལྡན་གླུ་དབྱངས་བྲོ་གར་མཁན། །ཟུར་མིག་འཕེན་མཁས་འདོད་པའི་མདའ་མཁན་མ། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་མ། །ཡིད་འཕྲོག་དཔའ་མོ་རྡོ་རྗེའི་གླུ་དབྱངས་མ། །འགྱིང་གཟུགས་གློག་འདྲ་གར་དགུའི་རྩེ་འཇོ་མ། །རྡོ་རྗེ། མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་འཛིན། །རྣམ་རྒྱལ་པད་དཀར་གཞོན་ནུ་ཞལ་མཛེས་མ། །དྲི་ཞིམ་མ་ལི་གསར་པའི་རོ་ལྡན་མ། །མཚར་སྡུག་འོད་ཀྱིས་ཕྱོགས་ཆ་རྣམས་འགེངས་མ། །ག་བུར་ཙན་དན་ཤིང་ལྟར་གདུང་སེལ་མ། །རྡོ་རྗེ། གཟུགས་བཅུད་རེག་བྱ་ཆོས་དབྱིངས་ལྷ་མོ་ནི། །མཛེས་སྡུག་དཔེ་བྱད་བཟང་པོའི་དཔལ་ལྡན་མ། །མ་མཆུ་བདུད་རྩི་གཙང་བའི་རོ་ལྡན་མ། །རེག་བྱས་དབང་པོ་ཀུན་ནས་ཚིམ་བྱེད་མ། །བསམ་ཡས་ལྷན་ཅིག་སྐྱེས་དགའི་འབྱུང་གནས་མ། །རྡོ་རྗེ། རིག་མའི། སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། རྐང་པ་བརྒྱད་པས་བསྟོད། གཙོ་མོའི་སྔགས་བརྒྱ་རྩ་བརྒྱད། གཞན་རང་རང་གི་སྙིང་པོ་བདུན་བདུན་བཟླས། སྔགས་འཕྲེང་གཟུངས་ཐག་ལ་འཁྲིལ། དེ་རྣམ་རྒྱལ་ཆེན་པོའི་ལྷ་རྣམས་ཀྱི་ཐུགས་ཀར་ཞུགས། དེ་འོད་དུ་ཞུ་ནས་བུམ་པ་ལ་ཐིམ། དེ་དག་བདུད་རྩིར་ཞུ་བར་བསམ་མོ།། གཞན་ལ་བསྐུར་བ་དང་རབ་ཏུ་གནས་པ་སོགས་ཀྱང་མཚམས་འདིར་བྱའོ། །ཚོགས་ཀྱི་འཁོར་ལོའམ་སྟོན་མོ་གཉིས་གང་བྱེད་ཀྱང་རུང་བདག་བསྐྱེད་བཞིན་གཏོར་མ་བཏང་། ཚོགས་ཀྱི་བདག་པོའི་མདུན་དུ་སྟག་ལྤགས་ལ་སོགས་པའི་གཡང་གཞིའི་སྟེང་དུ་ཆང་དང་བཟའ་བ་རྣམས་བཤམས་ཏེ། བདུད་རྩི་རིལ་བུ་བཏབ་ལ་བྱིན་གྱིས་བརླབས་པའི་ཆང་གིས་བསང་གཏོར་བྱས་ལ། དེ་ནས། ལག་པ་གཡོན་བཀབ་ལ་ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་པ་བཀབ་ཨཱཿཡིག་གིས་རྟོགས་པར་བྱའོ། །སྙིམ་པ་བཀབ་སྟེ་ཧཱུྃ་ཡིག་གིས་སྦར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱ་ཞིང་། ཧཱུྃ། དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཡེ་ཤེས་ཀུན་ལྡན་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨཱ་ར་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོཿསྲིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྦར་བ་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་བསྡམ།། ཞེས་བྱིན་གྱིས་བརླབས་ཏེ། ཆང་གི་ཐིག་ལེས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ལ། དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་སྐོར་ལ། ཧཱུྃ། ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོལ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུར་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེའུ་འབྲུས་གང་། །དངོས་གྲུབ་ཀྱི་ཟིལ་མངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉིལ་ལི་ལི། །ལྷ་ཁྱེད་དང་། འགྱུར་བ་མ་གཏོགས་འདྲ། ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་མཁའ་འགྲོ་ཉི། མ། ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་ལ། །འཁོར་དྲེགས་པའི་ལྷ་ཚོགས་ཉི། མགོན་ཁྱེད་དང་། ཞེས་སྤྱན་དྲངས་ནས། ཆོས་འབྱུང་ནམ་མཁའི་ཁམས་ཁྱབ་པ་ཙམ་དུ་སོང་བའི་སྟེང་གི་ཆར་བླ་མ། འོག་གི་ཆར་ཡི་དམ་བསྒོམས་པ་བཞིན་ལ་གསང་སྔགས་ཀྱི་ལྷ་ཐམས་ཅད་གནས་གསུམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ། འོག་ཏུ་དམ་པ་ཆོས་སྐྱོང་བའི་བསྲུངས་མ་ཞིང་སྐྱོང་ཕོ་མོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསམས་ལ། ལས་ཀྱི་རྡོ་རྗེས་ཕྱག་གསུམ་བཙལ། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ་བྱས་ལ། ཧཱུྃ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་འཆར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྤར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོས་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཚོགས་ཕུད་གཉིས་པ་ལ། ཨོཾ་སརྦ་བུདྡྷ་སོགས་ལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི་བཏགས་པས་དཀྱིལ་འཁོར་ལ་ཕུལ། གསུམ་པ་ལ། ཧཱུྃ ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ།། དེ་ཡན་སྔར་བཞིན་གྱིས་ཕུལ། བཞི་པ། ཧཱུྃ། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལས་གཉིས་སུ་སྟོན་བྱེད་པའི། །སྲས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀ྄ི་རྒྱ་མཚོ་ལ།། ལྔ་པ་ལ། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ།། ཞེས་པས་ཕུལ། ཡུལ་དེའི་ཞིང་སྐྱོང་དང་གྲོང་གི་བདག་པོ་དང་། ཨོཾ་ཡིག་དང་། དབུས་སུ་མིང་དང་། མཐར་ཨཱཿཧཱུྃ་ཆེ་གེ་མོ་ཨི་དཾ་བ་ལིཾ་ཏ་གྲྀ་སརྦ་ས་ཏྭ་ན་མཿཤཱིནྟི་ཙིཏྟ་ཀུ་རུ་ཀུ་རུ་སྭཱཧཱ། དབུས་སུ་མིང་ཞེས་པ། དེ་དག་གི་མིང་འབྲུ་བཞི་ཡོད་ན་མཉམ་པས་ཡི་གེ་དང་པོ་མིང་ཡིན་པས་དེ་འཇུག །གསུམ་ན་མི་མཉམ་པ་ལ་གསུམ་པ་མིང་དུ་འགྱུར་བས་དེ་འཇུག་པ་ཡིན་ནོ། །དེས་འགྲེའོ།། ཨོཾ་ཧཱ་རི་ཏི་པིཎྜྻ་ཀེ་པྲ་ཏཱིཙྪ་སྭཱཧཱ། འཕྲོག་མའི་ཆང་བུའི་སྔགས། ཨོཾ་དུ་ཏཱི་ཀེ་ཨ་གྲ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཨཱཿཧཱུྃ་ཞེས་བསྔགས་ནས་བཟའ་བའི་མཐའ་ཇི་སྲིད་པ་ལ་གཞག་གོ །དེ་ནས་ལས་ཀྱི་རྡོ་རྗེས་བཟའ་བ་སྡེར་དུ་ཕུལ་ཞིང་བཏུང་བ་པདྨའི་སྣོད་དུ་འབུལ་ཏེ་བསྐོར་བ་གསུམ་བྱས་ནས། དྲི་དང་བདུག་པ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་ནས་གསོལ་བ་གདབ་པར་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག ཅེས་པས་སོ། །དེ་ནས་ལོངས་སྤྱོད། བརྟག་གཉིས་བཞིན་རྡོ་རྗེའི་གླུ་དང་གར་བྱ། ལྷག་མ་བསྡུས། རྡོ་རྗེ་སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་དང་བཅས་པས་མྱོས་བྱེད་ཀྱི་ཁ་ཕྲུ་བཏབ་སྟེ། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀ྄ི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འཁྱུག་མེ་དཔུང་འུ་རུ་རུ། །ངག་ཤུགས་གླུ་ཞུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་མྱུལ་ལ་ཤར་ར་ར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་ཀློང་ནས་གྱེན་ལ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་མཆོར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་བསྒོམ་པའི་དྲོད་ཚད་མྱུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་ཕུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱཧཱ། ཚོགས་ཞིང་གཏོར་མགྲོན། ཨོཾ་ཁྱེད་ཀྱིས་སོགས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་རང་ངམ་རྟེན་ལ་བསྟིམ། གཞོན་ནུ་མའི་ཚོགས་མཆོད་པ་ཡང་ནུས་ན་བྱའོ། །དེ་ནས་ཉེ་བསྡུ་བཞིན་དུ་བདག་བསྐྱེད་བསྡུས། ཨོཾ་ཨཱཿབཛྭ་མཎྜྻལ་མུཿཞེས་བྱ་བས་དཀྱིལ་འཁོར་རས་བྲིས་ཡིན་ན་དེ་ཉིད་དུ་བསྒྱུར། ཚོམ་བུ་ཡིན་ན་རང་ལ་བསྡུ། གཞན་ལ་དབང་བསྐུར་བ་དང་དེའི་དངོས་གྲུབ་ཀྱི་ཕྱིར་ཡིན་ན་གཤེགས་སུ་གསོལ་བར་བྱའོ། །ཤིས་པ་བརྗོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་སློབ་དཔོན་ཆེན་པོ་མཻ་ཏྲི་པའི་བདེ་མཆོག་བཅུ་གསུམ་མའི་སྒྲུབ་པའི་ཐབས་ཇི་ལྟ་བར་བཤད་ཅིང་ཚོགས་ཀྱི་འཁོར་ལོར་དགོས་པ་ཕྱག་རྡོར་སྟོད་འགྲེལ་དང་བསྟུན་པ་ཕུན་སུམ་ཚོགས་པའི་འདོད་འཇོར་གྲགས་པ་པདྨ་དཀར་པོས་གཞན་ལ་སྦྱིན་པའི་ཆོས་སུ་བྱར་ཡུལ་ནས་མོ་རྫོང་དུ་ཡི་གེར་བཏབ་པའོ། །བདག་ཉིད་ཆེན་པོའི་ལུགས་བཟང་ཐམས་ཅད་དུ། །ཇི་ལྟར་གནས་པ་མཐོང་བའི་མིག་པོ་ཆེ། །ཚུལ་མིན་མཐོང་བའི་རབ་རིབ་ཅན་རྣམས་ལ། །འཐིང་སླད་བྱེད་འདི་བསོད་ནམས་གར་བུ་ཡིན།། །།སརྦ་མངྒ་ལཾ།། །།

ཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་ག

ཕག་མོ་ལྷ་བཅུ་གསུམ་མའི་དབང་བསྐུར་བའི་ཆོ་ག་བཞུགས་སོ། །རིག་བྱེད་བྲ་ཡི་བུམ་པའི་ཆུས། །རིག་བྱར་ཚུལ་མིན་རྟོག་པ་ངན་བཀྲུས་ནས། །རིག་མའི་སྐྱེས་བུར་དབང་བསྐུར་རྒྱལ་ཐབས་ཀྱི། །རིག་པའི་མཁན་པོ་ཐམས་ཅད་ཕྱག་བྱའི་འོས། །སློབ་དཔོན་ཆེན་པོ་ངེས་པར་སྦྱངས་པ་གཉིས་མེད་རྡོ་རྗེས་ཆོ་ག་ཇི་ལྟ་བ་བཞིན་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་རམ། མངོན་པར་རྟོགས་པའི་རིམ་པས་དམིགས་པ་རྣམ་པ་སྣ་ཚོགས་པའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་ལ་མཆོད་དོ། །དེ་ནས་དགོངས་ཀྱི་དུས་སུ་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་བཤམས་ཏེ་དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་གྱི་བདག་ཉིད་ཅན་ལྷག་པར་གནས་པར་བྱའོ། །ཞེས་གསུངས་པའི་བྲིས་སྐུ་ནི་རས་བྲིས་དང་། སོགས་སྒྲས་བློས་བསླངས་དང་ཚོམ་བུ། མངོན་པར་རྟོགས་པས་ནི་ཡིད་ཀྱི་དཀྱིལ་འཁོར་བསྟན་ལ། དེ་དག་གང་དུ་དབང་བསྐུར་ཡང་རས་བྲིས་ལྟ་བུ་ན་དེ་བཀྲམ། མཐའ་མཆོད་པས་བསྐོར། རྣམ་རྒྱལ་བུམ་པ་མཚན་ལྡན་ནང་རྫས་ཉེར་ལྔ་ཆུས་སུམ་གཉིས་བཀང་བ། སྟེང་དུ་རྣམ་རྒྱལ་ཆེན་པོ་ཐོད་པ་དང་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་ཁ་རྒྱན་དང་བཅས་པ། ལས་བུམ་དང་པོ་ལ་གཙོ་བོ་དང་། གཉིས་པར་དེའི་ལྷའི་དབང་པོའི་ཕྱག་མཚན་བྲིས་པ་སྟེགས་བུ་གཙང་མར་བཤམས་ལ་ཕྱི་རོལ་མཆོད་པའི་ཆོ་ག་ཇི་ལྟ་བས་བསྒྲུབས་ཏེ། ནུབ་དང་པོ་ལ་སློབ་མ་སྟ་གོན་ཙམ་མོ། །བླ་མས་རྗེས་སུ་འཛིན་པར་ཁས་བླངས་པའི་སྣོད་རུང་གི་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་བསྒྲིགས་ཏེ། མཎྜྻལ་ཕུལ། བླ་མས་གསང་སྔགས་དངོས་གྲུབ་དོན་གཉེར་གང་། །བསོད་ནམས་འདོད་པ་དེ་ལས་གཞན། །འཇིག་རྟེན་ཕ་རོལ་ལ་གཞོལ་བ། །ཁ་ཅིག་དཀྱིལ་འཁོར་འདི་འཇུག་བྱེད། །འཇིག་རྟེན་གཞན་དོན་འདོད་པ་ཡི། །བློ་བཟང་དད་པ་ཆེར་བྱས་འཇུག །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་གཞན་དོན་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །འདི་ལས་འཇིག་རྟེན་གཞན་གྱི་མིན། །དེ་ཕྱིར་འཇིག་རྟེན་གཞན་དག་གི །དངོས་གྲུབ་ཏུ་ནི་ཡིད་བརྟན་གྱིས། །ཞེས་པས་ཉན་པར་གདམས། ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལག་པ་གཉིས་སུ་ཡུངས་ཀར་བཟུང་སྟེ་གཡས་དང་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡ་མ་མ་སརྦ་བི་ཤྱ་ཀྵྼ་པཱ་པཾ་ད་ཧ་ན་སྭཱཧཱ། ཞེས་བརྗོད་མེ་ལ་དོར། དེ་བཞིན་ཆུ་ལ་ཡང་སྦྱངས་ཆུ་དེ་བགེགས་གཏོར་ཏིང་ལོ་ཆང་བུར་བཅས་པའི་ཁྲོད་དུ་བླུགས་ཏེ་ཕྱི་རོལ་ཏུ་དོར་རོ། །སློབ་མ་དེ་རྣམས་དཔལ་རྡོ་རྗེ་བཙུན་མོའི་གཟུགས་སུ་རང་གི་ཁ་ནས་ཞུགས། ཨ་ཝ་དྷཱུ་ཏཱི་ནས་པདྨའི་ནང་དུ་སོང་བ་རྣམས་ལ་སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་ཞུ་བའི་བདུད་རྩིས་དབང་བསྐུར། ཕྱིར་འཐོན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གནས་པས་འཇུག་པར་གསོལ་བ་གདབ་པ་ནི། རྣལ་འབྱོར་མ་མཆོག་ཁ་སྦྱོར་བའི། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དཔའ་བོ་དཔའ་མོའི་དབང་པོ་དང་། །དེ་བཞིན་ཕག་མོ་ཧེ་རུ་ཀ །གསང་བའི་གནས་སོགས་ཡང་དག་གང་། །ལུས་ལ་རྣམ་གནས་བཤད་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་སློབ་མ་གཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་ཉིད་དེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་བཅད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ལན་གསུམ། ཨོཾ་བཛྭ་ཀུཎྜྻ་ལི་བཛྭ་ཧཱུྃ་ཕཊ྄། ཅེས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བ་དང་བསང་གཏོར་བྱས་ལ། ཟླ་བ་ལ་གནས་པའི་སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ། མགྲིན་པར་པདྨ་ལ་ཨཱཿ སྤྱི་བོར་འཁོར་ལོ་ལ་ཨོཾ། དྲིས་སྙིང་མགྲིན་དཔྲལ་བ་གསུམ་དུ་ཐིག་ལེ་བྱ། དེ་རྣམས་ཀྱི་འོད་ཟེར་གྱིས་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་ས་འོག་ན་གནས་པ་རྣམས་སྤྱན་དྲངས་ཏེ་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ཡས་རིམ་གྱིས་ཐིག་ལེ་བྱ། ཉེར་མཆོད་ལྔས་མཆོད། དེ་ནས་སོ་ཤིང་སོར་བཅུ་གཉིས་པ་ལས་ཐམས་ཅད་པའི་སྔགས་བཟླས་པ་བྱིན། ཚོམ་བུ་ལྔ་པའི་དབུས་སུ་འདོར་དུ་བཅུག །ཕྱོགས་ཞི་སོགས། མཚམས་ཕྲན་ཚེགས། རང་ལ་ཁ་བསྟན་ན་མཆོག །ཐུར་ས་འོག །གྱེན་དུ་བལྟས་ན་མཁའ་སྤྱོད། ཕྱི་རོལ་ཏུ་ལྷུང་ན་སྐལ་བ་མེད་པས་བསྐྱར་རོ། །དེའི་རྗེས་སུ་ཁྱོར་ཆུ། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཱ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ནཱ་ཡ་ཧཱུྃ། ལན་གསུམ་འཐུངས་ཏེ་ལྷག་མ་རྒྱབ་ཏུ་དོར། ལས་ཐམས་ཅད་པ་ལན་བདུན་བཟླས་པའི་ཀུ་ཤ་ཆེ་སྟན། ཆུང་བ་སྔས་སུ་སྦྱིན། སྐུད་པ་སྔོ་དམར་སུམ་སྒྲིལ་ལ་སྔགས་དེ་ལན་བདུན་བཏབ་མདུད་པ་གསུམ་བྱས་དཔུང་པ་གཡས་སུ་བཅིངས་ཏེ་དྲི་ཆུས་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པས་བྱིན་གྱིས་བརླབས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བགྱིས་པ་གང་། །དཀྱིལ་འཁོར་འདི་ནི་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ནས་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བར་འགྱུར་བ་ཡིན། །ཞེས་ཆོས་བཤད་དེ། སླར་ཡང་ལས་ཐམས་ཅད་པའི་སྔགས་ཀྱིས་ལེགས་པར་བསྲུངས་ལ། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །གསང་བ་མཆོག་གི་དམ་ཚིག་ནི། །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། །དེ་ནས་བླ་མས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་འདི། བྱང་ཆུབ་སེམས་ནི་ཡོངས་འཛིན་ཞིང་། །གསང་བའི་དོན་གྱི་འཁོར་ལོ་འདིར། །དམ་ཚིག་སྡོམ་ལ་འཇུག་པར་འཚལ། །དེ་ནས་སློབ་མར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་བརྗོད་སློབ་མས་ཀྱང་། བདག་ནི་རབ་ཏུ་དེ་འཚལ་ལོ། །ཞེས་ཁས་བླངས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བླ་མ་མཆོད་དང་དེ་བཞིན་བྱམས། །སངས་རྒྱས་ལ་གུས་འགྲོ་ལ་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །མི་དགེ་ལ་སོགས་ལས་རྣམས་སྤངས། །རྩ་བའི་ལྟུང་བ་ཡོངས་སྤངས་ཤིང་། །སྦོམ་པོའི་ལྟུང་བའང་དེ་བཞིན་ནོ། །སེམས་ཅན་རྣམས་ནི་མཆོད་པར་བྱ། །ཐེག་པ་དམན་ལ་འདོད་པའང་མིན། །མ་བསྒྲལ་བ་རྣམས་བསྒྲལ་བར་གྱིས། །མ་གྲོལ་བ་རྣམས་གྲོལ་བར་གྱིས། །འཁོར་བའི་སྡུག་བསྔལ་འཁྲུགས་པ་ལས། །སེམས་ཅན་དབུགས་ནི་དབྱུང་བར་གྱིས། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཀྱང་། །རྟག་ཏུ་ཁྱོད་ཀྱིས་སོ་སོར་གཟུང་། །ཞེས་བརྗོད་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །རྨི་ལམ་ཅི་མཐོང་བ་ང་ལ་སྨྲོས་ཤིག་ཅེས་བརྗོད་ནས་དཀྱིལ་འཁོར་གྱི་ཁང་པ་དེར་ཉལ་དུ་འཇུག །ངན་ན་སྦྱིན་སྲེག་གིས་བཟློག་གོ །ནང་པར་གཏོར་མ་བཏང་ལྟས་བཟང་ན་དེ་སྨིན་པར་བྱ་བའི་ཕྱིར། ཕྱི་རོལ་མཆོད་པ་ནས་བུམ་པ་སྒྲུབ་པའི་བར་བྱས། བདག་འཇུག་བླང་། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་བདེན་པ་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །སློབ་དཔོན་སྨིན་པར་བྱ་བའི་ཆོ་གའོ། །ད་ནི་སློབ་མ་སྨིན་པར་བྱ་བའི་ལས་རིམ་བཤད་པར་བྱ། འཇུག་པ་དང་དབང་བསྐུར་བའོ། །དང་པོ་ནི། ཡོལ་བའི་ཕྱིར་སློབ་མ་ཁྲུས་བྱས་ཡོན་ཕུལ། སྐད་ཅིག་གིས་རྣམ་པར་སྣང་མཛད་དུ་གྱུར། ཨཱཿཁཾ་ཝཱི་ར་ཧཱུྃ་མེ་ཏོག་གི་འཕྲེང་བ་གཏད། གདོང་གཡོགས་དམར་པོ་བཅིངས། ལས་ཐམས་ཅད་པའི་བུམ་ཆུས་བསངས་ནས། དཀྱིལ་འཁོར་དུ་འཇུག་པའི་དྲི་བ་བྱ་སྟེ། བུ་ཁྱོད་སུ་ཡིན། དེས། བདག་བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པ་ལགས་སོ། །ཞེས་ལན་གདབ། སློབ་མས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། བླ་མས་དེའི་སྙིང་གར་རྡོ་རྗེ་བཀོད་ནས། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿསིདྡྷྱ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག །མ་དད་པ་རྣམས་ལའང་མ་ཡིན་ནོ། །ཨོཾ་ཛཿཧཱུྃ་ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་མ་ཧཱ་བིདྱཱ་རཱ་ཛ་དྷི་མ་ཧེ་སྭཱཧཱ། འདིས་ཡོལ་བའི་ནང་དུ་བཅུག །དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡི། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བྱས་ན་བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། རྡོ་རྗེ་སྤྱི་བོར་བཀོད། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག །ཨོཾ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །མནའ་བགགས། ཐོད་པའི་བདུད་རྩི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་པཉྩྨ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ། ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཧུབ་གསུམ་འཐུང་དུ་གཞུག །བྱིན་དབབ་པའི་ཕྱིར་ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་བསྲུངས་ལ། སློབ་མ་མངོན་རྟོགས་བཞིན་གཙོ་མོར་བསྐྱེད་གོ་ཆ་བསྐོན། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་པའི་ལྟེ་བར་བཾ་ལ་སྙིང་པོ་ཉེ་སྙིང་བཀོད་པ་རབ་ཏུ་འབར་བའི་ཟུར་གསུམ་ལ་གཡུང་དྲུང་འཁྱིལ་བས་བརྒྱན་པ་གསལ་བར་བསྒོམས་ལ། སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་པས་ཤ་ཆེན་བུད་མེད་ཀྱི་རྡུལ་གུ་གུལ་དང་སྦྱར་བས་བདུག །རོལ་མོ་དྲག་པོ་དང་བཅས་པས། རྡོ་རྗེ་རྣལ་འབྱོར་མའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་བཛྭ་ཝཱ་རཱ་ཧི་ཨཱ་བེ་ཤ་ཡ་ཧྶཾ་བྷཱ་ཡ། ར་ར་ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ་ཧཿཨཿཛྷྱཻཾཿབབས་ནས། དེའི་ལྕེ་ལ་ཨཱཿཡིག་དམར་པོ་བསམས་ལ། གསུང་གི་རྡོ་རྗེའི་རང་བཞིན་ཁྱོད། །བུ་ཡི་དགེ་དང་མི་དགེ་སྨྲོས། །ཨོཾ་ཏིཥྛ་བཛྭ་ས་མ་ཡ་པ་ཏཱི་པཱ་ལི་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱཧཱ། རྡོ་རྗེ་སྤྱི་བོར་བཞག་ལ་བརྟན་པར་བྱའོ། །དེའི་རྗེས་ལ་སློབ་མ་རྣམས་གཡོན་བསྐོར་གྱིས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་དུ་བཅུག །དཀྱིལ་འཁོར་འདི་ནི་དངོས་གྲུབ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །བུ་ཁྱོད་ང་ཡིས་བཀུག་པ་ཡིན། །བདེ་ཆེན་གྱི་གཙོ་བོ་ལ་ལྷོ་སྒོ་ནས། ཨོཾ་ན་མཿཏེ་ཧཱུྃ། ཨོཾ་ན་མཿམེ་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ། དཔལ་ལྡན་མཁའ་འགྲོ་མཆོག་གིས་མགུལ་ནས་འཁྱུད། །དཔའ་བོ་རྣལ་འབྱོར་མ་སོགས་གཉིས་མེད་སྐུ། །རྡོ་རྗེ་བཙུན་མོ་ཐུགས་རྗེའི་སྟོབས་ཀྱིས་གཟིགས། །བླ་མ་མཆོག་དང་གཉིས་མེད་ལ་ཕྱག་འཚལ། །སླར་ཤར་སྒོར། གཏི་མུག་གིས་མནན་འགྲོ་མཐོང་ནས། །གཏི་མུག་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་མོ་མཁའ་འགྲོ་མ་གཟུགས་འཛིན། །དེ་ཕྱིར་མཁའ་འགྲོ་མ་ཁྱོད་འདུད། །བྱང་། ཕྲག་དོག ལཱ་མའི། ནུབ། འདོད་ཆགས། ཁཎྜྻ་རོ་ཧིའི། དུམ་སྐྱེས། ལྷོར། ང་རྒྱལ་གྱིས། ང་རྒྱལ་ཐམས་ཅད། གཟུགས་ཅན་མ་གཟུགས། དེ་ཕྱིར་གཟུགས་ཅན། བདེ་ཆེན་ལ། ཧེ་རུ་ཀ་དང་གཉིས་སུ་མེད། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །རྡོ་རྗེ་མཁའ་འགྲོ་མར་བཅས་ལ། །ཕྱག་འཚལ་འདུད་ཅིང་ཁྱོད་ཕྱག་འཚལ། །དེའི་རྗེས་ལ་ཁྱོད་ཀྱི་མིག་སྔར་ཅི་སྣང་། ཇི་ལྟར་མཐོང་བའི་མདངས་བརྗོད་པས་ལས་གང་གི་སྣོད་བརྡ་སྤྲད། སློབ་དཔོན་གྱིས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡིས་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །སློབ་མས་ཅོད་པན་ཏྲཱཾ་དང་ཧཱུྃ་བཟླས་པ། དཀྱིལ་འཁོར་དུ་པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་དོར། གང་ལ་བབས་པ་དེའི་རིགས་དང་དངོས་གྲུབ་ཐོབ་པར་བརྡ་སྤྲད། མེ་ཏོག་གང་ལ་ཕོག་པའི་ལྷས་སློབ་མའི་མགོར་བཅིང་། ཨོཾ་པྲ་ཏི་གྲྀ་ཏྭཾ། སརྦ་མ་ཧཱ་བ་ལ། མིག་གཉིས་སུ་ཡི་གེ་ཨོཾ་གཟི་བརྗིད་འབར་བ་བསམ། རྡོ་རྗེ་བཙུན་མོ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །གདོང་གཡོགས་བཀྲོལ། འདི་ནི་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མ་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་ཆེན་པོའོ་ཞེས་བསྟན། གཉིས་པ་དབང་ལ་བུམ་དབང་སོགས་བཞི་ལས་དང་པོ་ལ། མཎྜྻལ་ཕུལ། ཐལ་མོ་སྙིང་གར་སྦྱར་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཕྱག་འཚལ་བ་སྔོན་དུ་འགྲོ་བས་ལན་གསུམ་དུ་གསོལ་བ་གདབ། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་བཛྭ་ཧཱུྃ་ཕཊ྄། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ་ཱཧཾ་གིས་བསང་གཏོར་བྱས། མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། །སློབ་དཔོན་གྱི་སྙིང་ཁའི་ས་བོན་ལས་བྱུང་བའི་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར་བའི་མོས་པ་གྱིས་བྱས་ལ། རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་རྣམ་རྒྱལ་བུམ་པ་སྤྱི་བོར་བཀོད་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། ཁྲུས་བྱས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུར་དབང་བསྐུར་བ་འདི་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སློབ་མ་བསངས་སྦྱངས། རྡོ་རྗེ་ཉི་མ་སྐུ་མདོག་དམར་པོ་རིན་པོ་ཆེ་དང་དྲིལ་བུ་ནས། ཏྲཱཾ་ཡིག་ལས་སྐྱེས་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཅོད་པན་གྱིས་དབང་། དབང་བསྐུར་རྡོ་རྗེ། ཨོཾ་བཛྭ་མུ་ཀུ་ཊ་ཨ་བྷི་ཥིཉྩྨཱ་མི། མགོ་ལ་བཞག་ནམ་མཁའི་དབྱིངས་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་གཙོ་བོའི་གཟུགས་ཀྱིས་དབུ་བརྒྱན་པ་བཞུགས་པར་གྱུར། ཅོད་པན་གྱིས་དབང་བསྐུར་བ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སློབ་མ་བསངས་སྦྱངས། འོད་དཔག་མེད་སྐུ་མདོག་མཐིང་ཀ་པདྨ་དང་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དང་། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་བཟུང་། །རྡོ་རྗེ་སྙིང་གར་རེག་སྟེ་ལག་པ་གཡས་སུ་གཏད། རྡོ་རྗེའི་དབང་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །བསངས་སྦྱངས། རྟ་མཆོག་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་། ཨ་ལས་སྐྱེས་པའི་དྲིལ་བུ་བླ་མའི་གཟུགས་སུ་དམིགས་པས། ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ཏིཥྛ་བཛྭ་ས་མ་ཡ་ཧྶཾ། ལག་པ་གཡོན་པས་འཁྱུད་ཅིང་དཀྲོལ། བདག་པོའི་དབང་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བསངས་སྦྱངས། རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་འཁོར་ལོ་དང་། མགོ་བོར་རྡོ་རྗེ་དྲིལ་བུ་བཟུང་བས། ཨོཾ་བཛྭ་ས་ཏྭ་ཨ་བྷི་ཥིཉྩྨ་མི་བཛྭ་ནཱ་མ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཧེ་རུ་ཀ་སོགས་ཀྱི་རིགས་གང་ཡིན་པ་དེའི་མིང་བཏགས་མིང་གི་དབང་བསྐུར་བ་སྟེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སངས་རྒྱས་ལྔ་ཡི་རང་བཞིན་ཕྱིར། །དེས་ན་དང་པོར་དབང་ལྔ་ནི། །སྦྱིན་བྱ་བདེ་བ་སྒྲུབ་བྱེད་པའོ། །གཅིག་ཀྱང་དུ་མ་ཉིད་ཀྱི་གཟུགས། །གར་ནི་སངས་རྒྱས་ཉིད་ཀྱི་གར། །སངས་རྒྱས་གང་དང་གང་བསྒོམ་པ། །ཧེ་རུ་ཀ་པའི་གོ་འཕང་གནས། །འདི་རྣམས་ཀྱིས་ནི་སྔགས་དང་རྒྱུད་ལ་སོགས་པ་མཉན་པ་ལ་དབང་བར་འགྱུར་རོ། །དེ་དག་རིག་པའི་དབང་ངོ་། །ཅི་འབྱོར་བས་བླ་མ་མཆོད་ཅིང་ཤིན་ཏུ་གུས་པས་ཞབས་ལ་གཏུགས་པའི་ཕྱག་བྱས་སྙིང་ཁའི་གཡོན་དུ་ཐལ་མོ་སྦྱར་ནས། ཀྱེ་ཧོ་ཐུགས་རྗེའི་གཏེར་བདག་ཉིད། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཁྱོད་ཀྱི་བཀའ་དྲིན་གྱིས་བདག་ལ། །རྡོ་རྗེ་སློབ་དཔོན་དབང་བསྐུར་སྩོལ། །ལན་གསུམ་གྱིས་གསོལ་བ་གདབ། ལྷོ་སྒོར་གདུགས་དཀར་པོ་ལྷ་མོས་བཟུང་བའི་འོག་ཏུ་སེང་གེའི་ཁྲི་སྣ་ཚོགས་པདྨའི་གདན་ལ། སློབ་མ་གཙོ་བོར་བསྐྱེད། བྱིན་བརླབས་གོ་བསྐོན། སློབ་དཔོན་གྱི་སྙིང་གའི་ས་བོན་ལས་བྱུང་བའི་རིག་པའི་ལྷ་མོ་རྣམས་ཀྱིས་ཅང་ཏེའུ་ལ་སོགས་པའི་རོལ་མོ་དང་། བཀྲ་ཤིས་པའི་གླུ་དང་མཆོད་པ་སྣ་ཚོགས་པས་མཆོད་པར་བྱེད་ཅིང་། བདུད་རྩི་ལྔས་གང་བའི་ཆུའི་དབང་བསྐུར་བའི་མོས་པ་གྱིས་བྱས། དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །མཁའ་འགྲོ་དྲ་བ་ཀུན་གྱི་བདག །རྡོ་རྗེ་སྙེམས་མ་བདག་པོའི་བདག །ཅེས་པས་གཡས་སུ་འཛིན་དུ་གཞུག །འདི་ནི་རྡོ་རྗེའི་དམ་ཚིག་གོ །ཨ་ལས་སྐྱེས་པའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །གཡོན་དུ་སྦྱིན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་པས་དཀྲོལ། དྲིལ་བུའི་དམ་ཚིག་གོ །ཡིད་ཀྱི་ལུས་ནི་བརྟེན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བཤད་དེ། །གང་གི་ལུས་ནི་བརྟན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་བསྣོལ་དུ་བཅུག །ཕྱག་རྒྱའི་དམ་ཚིག་གོ །དེ་ནས་སྡོམ་པའི་ཕྱག་རྒྱའི་བརཏལ་ཞུགས་སྦྱིན་པར་བྱ་སྟེ། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་འཕྲེང་བ་རིན་ཆེན་དབང་། །ལག་གདུབ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཐལ་བ་རྡོ་རྗེ་སེམས་དཔའ་ཉིད། །དྲུག་པོ་དེ་དག་ཕྱག་རྒྱར་ཤེས། །སྦྱིན་པ་སོགས་ལ་རབ་འཇུག་པ། །ཁ་ཊྶཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཤེས་རབ་ལ་ནི་མཚན་མོར་བརྗོད། །རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །འདོད་ཆགས་བཞི་བུམ་དབང་ངམ་བཞི་པའི་མཐར་སྟེར་བ་གདམ་ངག་ལས། ད་རེས་འདིར་བྱ་སྟེ། རྡོ་རྗེའི་བརཏལ་ཞུགས་ནི། སློབ་མ་དཔལ་ཧེ་རུ་ཀ་ནག་པོར་དམིགས་ལ། འདི་སྟེ་དཔའ་བོ་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརཏལ་ཞུགས་བརྟན། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཧྶཾ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཀ་ཡ་ཧྶཾ་དྷ་ར་ཡ་མི་བཛྭ་ས་ཏྭ་ཧི་ཧི་ཧི་ཧི་སྭཱཧཱ། རྡོ་རྗེ་ལག་པ་གཡས་སུ་གཏད་དོ། །དེ་ནས་སློབ་དཔོན་སངས་རྒྱས་རབ་ཏུ་བྱུང་བའི་ཆོས་གོས་ཅན་དུ་དམིགས་ལ། ཆོས་གོས་ཀྱི་གྲྭ་གཉིས་རྣ་བ་ལྟར་བཟུང་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས། ཁྲག་འཐུང་རྡོ་རྗེ་དེ་བཞིན་གཤེགས། །ངས་འདིར་ཁྱོད་ལ་ལུང་བསྟན་བྱ། །སྲིད་པ་ངན་འགྲོ་ལས་བཏོན་ཏེ། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧྶཾ། བྷུར་བྷུཿབཿསྭ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་མཁའ་འགྲོ་དང་མཁའ་འགྲོ་མ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་དེ་དད་པར་བྱའོ། །ཞེས་བརྗོད་པ་ལུང་བསྟན་ནོ། །དེ་ནས་གཏི་མུག་མཁའ་འགྲོ་ལ་སོགས་པ་སྔར་རིམ་པ་བཞིན་སྐད་ཅིག་གིས་གསལ་བཏབ་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དག་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འཁོར་ལོ་གཏད། རྡོ་རྗེ་རིན་པོ་ཆེ། པདྨ་རལ་གྲི་ལས་འདོན་པ་རིགས་ལྔའི་རྗེས་གནང་ངོ་། །དེ་ནས་འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་ཡོད་མིན། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །མཧཱ་ས་མ་ཡ་ཧཱུྃ་ཕཊ྄། ཅེས་བྱ་བ་ནི་གསང་བ་བསྟན་པའོ། །མཆོག་གསང་དཀྱིལ་འཁོར་དམ་པ་རུ། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པ་ངན་འགྲོ་ལས་ཁྱོད་འདས། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྤང་མི་བྱ། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་རྟག་ཏུ་གཟུང་། །སློབ་དཔོན་ནམ་ཡང་སྨད་མི་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བར་གཟུང་། །འདི་ནི་རྡོ་རྗེ་རིགས་དངོས་གྲུབ། །དམ་ཚིག་སྡོམ་པ་ཡིན་པར་བཤད། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །འདི་ནི་སངས་རྒྱས་རིགས་དག་པ། །སྡོམ་པ་མཆོག་གི་གོ་འཕང་ཡིན། །དེ་རིང་སློབ་དཔོན་དཀྱིལ་འཁོར་འགྱུར། །ཁྱོད་ནི་སྔགས་དང་རྒྱུད་འཛིན་འགྱུར། །མཁའ་འགྲོ་མཁའ་འགྲོ་མ་རྣམས་དང་། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །སྡོམ་པ་མཆོག་ནི་སྲུང་བར་གྱིས། །དབུགས་དབྱུང་ངོ་། །སྡོམ་པ་དངོས་གྲུབ་རྒྱུ་ཡི་ཕྱིར། །མཁས་པས་སྦྱོར་བ་གཞན་དུ་མིན། །ཧེ་རུ་ཀ་དཔལ་ང་རྒྱལ་གྱིས། །ན་དང་ག་དང་དེ་བཞིན་ཧ། །མཐར་ཤ་དང་པོ་ཤ་དེ་བཞིན། །བདུད་རྩི་ལྔ་དང་མཉམ་ལྡན་པའི། །བཟའ་བཏུང་རྟག་ཏུ་སྤྱད་པར་གྱིས། །ལེགས་མཆོད་དྲིལ་སྒྲ་སྣ་ཚོགས་པས། །ལེགས་བསྟོད་བདུད་རྩིའི་བཏུང་བས་ཚིམ། །དམ་ཚིག་སྦྱིན་པའོ། །དེ་ནས་མཆོད་དེ། སློབ་མ་གཙོ་བོར། བླ་མས་རང་གི་སྙིང་གར་ཉི་མ་ལ་ས་བོན་གྱི་མཐར་སྔགས་ཀྱི་འཕྲེང་བ་བསྐོར་བ་དེ་ལས་སྔགས་ཀྱི་འཕྲེང་བ་འཕྲོས་པ་རང་གི་ཞལ་ནས་སློབ་མའི་ཁར་ཞུགས། སྙིང་ཁར་ཐིམ་པའི་མོས་པས་སྔགས་བརྒྱ་རྩ་བརྒྱད་ལན་གསུམ་རྗེས་ཟློས་བྱ། བདག་གིས་ཁྱོད་ལ་བཅོམ་ལྡན་འདས། །སྩལ་གྱིས་འདི་ལ་ཉེ་བར་མཛོད། །ཅེས་རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཀོད། བདག་གིས་བཅོམ་ལྡན་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་རྗེས་ཟློས་བྱ། འདིས་སྔགས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ། །དེའི་རྗེས་ལ་གདུགས་དང་བཅས། སློབ་མ་ཌ་མ་རུ་ཐོད་པ་ཁ་ཊྶཱཾ་ག་བཟུང་སྟེ་ཕྱག་རྒྱས་བརྒྱན་ལ་དཀྱིལ་འཁོར་མཆོག་དང་བླ་མ་ལ་བསྐོར་བ་བྱ་ཞིང་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། གང་གིས་བཀའ་སྩལ་པ་དེ་ཐམས་ཅད་བདག་གིས་བགྱིའོ། །ཞེས་བརྗོད་པར་བྱའོ། །དེ་རྣམས་དབང་བཅུའི་ཆོ་གའོ། །དེ་ནས་གསང་དབང་གི་དོན་དུ་ཤེས་རབ་མ་བླ་མ་ལ་ཕུལ་ཏེ་མཎྜྻལ་དང་བཅས་པས། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །བལྟོས་མེད་ཐུགས་རྗེ་ཆེན་པོ་ཡི། །བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཀྱེ་ཧོ་མགོན་གཙོ་ཁྱེད་རྣམས་ཀྱིས། །ཐེག་ཆེན་ཏིང་འཛིན་ཇི་ལྟ་བར། །འཁོར་བ་འདམ་གྱི་མཚོ་ནང་དུ། །བདག་བྱིང་འདི་ལས་བདག་ལ་སྐྱོབས། །གདོང་བཅིང་། བླ་མ་ཡབ་ཡུམ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨ་ནས་སྦྱིན་པར་མོས་ཏེ། སྲཱིཿཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་འཛིན་སོགས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་མཛེས་པ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །སློབ་མས་ཀྱང་། རྟག་པའི་རྣལ་འབྱོར་སངས་རྒྱས་ཞུ་བའི་དབང་དུ་རིག་ནས་ཨ་ཧོཿསུ་ཁ་ཞེས་ལོངས་སྤྱོད་ཀྱིས་བླང་བར་བྱའོ། །དངོས་སུ་བདུད་རྩི་སྦྱིན། དེ་ནས་ཕན་ཡོན་བརྗོད་པ་ནི། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །དབང་བསྐུར་ཆོ་ག་མཆོག་གྱུར་པ། །གསུང་གི་རྡོ་རྗེ་རྣམ་དག་པས། །སྔགས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །གདོང་བཀྲོལ། གསང་དབང་ངོ་། །མཎྜྻལ་དང་བཅས་པས་སྔར་བཞིན་གསོལ་བ་བཏབ་སྟེ་གདོང་གཡོགས། ཤེས་རབ་མ་དེའི་ལག་པར་སྤྲད་ནས། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་དཔང་པོར་བྱས་ཏེ་རྡོ་རྗེ་སྤྱི་བོར་བཞག་ནས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡིས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་བརྗོད། ལྷ་མོ་དེས། དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་ཡང་དག་བྱུང་། །རིག་མ་གུས་པས་ཡང་དག་མཆོད། །བཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་ཟ་བ་དང་། །གཞན་ཡང་མཛེས་པའི་དམ་ཚིག་རྣམས། །ཇི་ལྟར་སྤྲོ་བ་བུ་ཡིས་སྨྲོས། སློབ་མས། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ཐམས་ཅད་གཟུང་བར་བགྱི། །བྱ་བ་རྟག་ཏུ་ཅིས་མི་གུས། །བུད་མེད་པདྨ་ཅིས་མི་མཆོད། །དེ་གོས་དང་བྲལ་བས་པདྨ་རྒྱས་པ་བསྟན་ནས། ཀྱེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཨེ་མ་ཧོ་གང་ཞིག་ཆོ་གས་སྟེན་བྱེད་པ། །བདག་ནི་དེ་ཡི་མདུན་ན་གནས། །བདེ་བའི་མཆོད་ལ་སོགས་པ་ནི། །ཇི་ལྟར་བྱ་བ་པདྨར་བགྱི། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་རྟག་ཏུ་གནས། །ཧེ་རུ་ཀ་པ་ཡབ་ཡུམ་དུ་བསམས་པའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱཧཱ་འབར་བའི་ཡི་གེ་སངས་རྒྱས་ལྔར་མོས་པས་བྱིན་གྱིས་ཨ་དང་ཧཱུྃ་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་ཨོཾ་དང་ཕཊ྄་ཀྱིས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་རྗེས་སུ་ཆགས་པ་བརྩམས་པའི་ས་བོན་ཁ་སྦྱར་གྱི་དབུས་སུ་ལྷན་ཅིག་སྐྱེས་པ་འཆར་བ་མངོན་སུམ་དུ་རིག་པར་བྱའོ། །བྱང་ཆུབ་སེམས་ནི་མི་འདོར་བ། །དེ་སྲིད་རྣལ་འབྱོར་པ་ཡིས་བྱ། །དེ་སྲིད་རྒྱུན་མི་འཆད་པ་འཐོབ། །དགའ་ལས་སྐྱེས་པའི་སྡོམ་པ་ཅི། །ཞེས་བརྗོད། བླ་མའི་སྙིང་གའི་ས་བོན་གྱིས་བཀུག་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྱན་དྲངས་པ་སློབ་མའི་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་དུ་ཞུགས་པས་བདེ་ཆེན་དུ་གྱུར། སློབ་མའི་བདེ་བ་འབབ་པ་དེ་ལ་བལྟས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་བརྗོད་པའི་མཐར་དེ་ཁོ་ན་ཉིད་ཀྱི་བདེ་བ་བསྐྱེད་པར་བྱའོ། །དེ་ནས་བྱང་ཆུབ་ཆེན་པོའི་སེམས་དཔའ་ཆེ། །ཟུང་མ་འདི་ནི་བདེ་བ་ཆེ། །ཇི་སྲིད་བྱང་ཆུབ་མ་ཐོབ་པ། །རྡོར་འཛིན་སེམས་ཅན་དོན་རྣམས་ཀྱི། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། ཁྱེད་རང་ཡང་ནི་དེ་ཡི་ཕ། །ཕྱིར་ལྷུང་ན་པདྨ་ནས་ལྕེས་བཏུང་བར་བྱའོ། །དབང་གསུམ་པའོ། །བཞི་པ་ལ་མཎྜྻལ་དང་སྔར་བཞིན་གསོལ་བ་བཏབ་སྟེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ན་དང་ཐ་མི་དད་པའི་ཕྱིར་དེ་གསུངས་པ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་པ་ཚིག་གིས་རྒྱས་པར་བཤད་པར་བྱའོ། །དེ་ནས་གཏང་རག་གི་མཎྜྻལ་དང་ཡོན་གྱིས་མཉེས་པར་བྱས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་པར་བྱའོ། །ལྷ་མོ་གཙོ་བོ་ལ་ཡང་དབང་གོང་མ་གསུམ་ནི་སྒྲོས་མཐུན་པ་ཉིད་ཕྱག་རྒྱས་ཕྱག་རྒྱ་བསྟེན་པའང་ཕོ་ལུས་སུ་བསྒྱུར་བའི་ངེས་པ་བཤད་པའོ། །འདིར་ནི་ཡིད་ཀྱིས་དམིགས་པ་ཡིན་པས་གང་ཡང་མི་འགལ་ལོ། །དེ་ལྟར་མཻ་ཏྲི་ཞབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞང་ཞུང་མར་ངོའི་འགྱུར་གཉིས་ལ་མར་པ་ཇོ་སྲས་ཀྱིས་སླར་བཅོས་ཤིང་དག་པར་བྱས་པ་ཇི་ལྟ་བ་པདྨ་དཀར་པོས་ནས་མོར་བྲིས་པའོ།། །།མངྒ་ལཾ།། །།

ཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས།

ཕག་མོ་ཞལ་གཉིས་མ་མཆོད་པའི་ཆོ་ག་རས་ཆུང་ལུགས་བཞུགས་སོ། །ན་མཿཤྲཱི་བཛྭ་ཝཱ་རཱ་ཻ། རྣམ་པ་ཐམས་ཅད་ཀུན་ནས་ལེགས་སྤྲོ་བའི། །སྟོང་ཉིད་སྙིང་རྗེའི་བདག་ཉིད་བཅོམ་ལྡན་མ། །མཆོག་གི་བདེ་སྟེར་བདེན་གཉིས་ཞལ་མངའ་བ། །བསྐལ་པའི་མེ་དཔུང་འདྲ་བར་ཕྱག་འཚལ་ལོ། །རྡོ་རྗེ་བཙུན་མོའི་ཞབས་སེན་ཉི་འོད་དེས། །རྒྱལ་དབང་ཐུགས་ཀྱི་གངས་རི་བཞུ་བ་ལས། །ལམ་བཟང་གདམས་པའི་ཆུ་རྒྱུན་བབས་པ་གང་། །མཆོག་འདོད་རྣམས་ལ་ཀུན་དགའི་སྐྱེས་སུ་གྱུར། །བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དབང་བསྐུར་བ་ཡང་དག་པ་ཐོབ་པ། མཆོག་གི་གོ་འཕང་ལ་རིངས་པ་རིངས་པར་ཆས་པའི་སྔགས་པས། འདི་ཉིད་ཀྱི་བྱིན་གྱིས་བརླབ་པ་ནོས་ནས་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་དབེན་གནས་སུ། སྟེགས་བུ་གཙང་མ་ལ་རྡུལ་ཚོན་གྱི་ཆོས་འབྱུང་དང་དབུས་སུ་བཾ་བྲིས་པའི་ཁར་མཉྫྱིའི་སྟེགས་ལ་དུམ་བུ་གཅིག་པ་ལ་སོགས་པ་དག་པའི་ཐོད་པར། དབུས་སུ་བཾ་ཡིག་བཀོད་བདུད་རྩི་རིལ་བུ་སྦྱར་བའི་ཆང་བཟང་པོས་བཀང་། དེའི་ཁར་མེ་ལོང་དྲི་མ་མེད་པ་ལ་གུར་ཀུམ་ལ་སོགས་སྦྱར་བར་བྱ། ཆུ་བཟང་པོ་དང་ལྡན་པ་ལ། སིནྡྷུ་ར་ཡི་ཕྱེ་མས་བཙག །གསེར་གྱི་སྨྱུག་གུའི་སྦྱོར་བ་ཡིས། །བློ་དང་ལྡན་པས་ཨེ་དབྱིབས་བྲི།ཉིས་རྩེགས། བཾ།དབུས་སུ་སྔགས་ཀྱི་རྒྱལ་པོ་ཨོཾ་གསུམ་མ་ནི། །རིམ་པ་དེ་བཞིན་བྲི་བར་བྱ། །གཡུང་དྲུང་གཡོན་བསྐོར་འཁྱིལ་བའི་ཕྱག་རྒྱ་ནི། །དགེ་བའི་འཁོར་ལོའི་ལོགས་ལ་བཀོད། །ཅེས་གསུངས་པ་བཞིན་བཅས། མཆོད་པའི་ཡོ་བྱད་ཇི་སྙེད་པ་དང་གཏོར་མ། ཙ་རུའི་བཟའ་བ་རྡོ་རྗེ་དྲིལ་བུ་ཅང་ཏེའུ་སོགས་དམ་ཚིག་གི་རྫས་ཚོགས་པར་བྱས་ཏེ། སྟན་ལ་རྣལ་འབྱོར་གྱི་རོལ་པས་རབ་ཏུ་བསྔགས་པའི་གནས་ནུབ་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །དམ་ཚིག་ལྔ་དང་ལྡན་པའི་བཏུང་བ་བཟང་པོ་མཆོད་སྦྱིན་གྱི་སྣོད་དུ་བཞག་པ། ཨོཾ་ཨཱཿཧཱུྃ་གིས་ཡང་དག་པར་སྔགས་པའི་ཆུ་དེས། ལག་པ་གཡོན་ནས་བརྩམས་ཏེ་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྲུས་བྱ་ཞིང་རྩ་སྔགས་བརྗོད་པར་བྱའོ། །དེ་ཉིད་ཀྱིས་མཆོད་པའི་རྫས་རྣམས་གསང་གཏོར་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། མཆོད་རྫས་རྣམས་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ཨཾ་ཛྭིཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཞུ་བ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཕེཾ་གྱི་སྒྲས་བསྐུལ་བའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿཧཱུྃ་ཧ་ཧོ་སྲཱིཿཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿབཛྭ་ཀྵྨྱ་ར་ཎ་ཁཾ། ཨརྒྷཾ་སྭཱཧཱ། པཱ་དྱཾ་སྭཱཧཱ། ཨཉྩྨ་མཱ་ནཾ་སྭཱཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུྃ་སྭཱཧཱ། ཨོཾ་བཛྭ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙྱཱ་པཱ་ར་མི་ཏཱ། ནཱ་ད་སྭ་བྷཱ་ཝེ། བཛྭ་དྷརྨ་སྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཕཊ྄྄་ཨཿཁཾ་སྭཱཧཱ། བགེགས་གཏོར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱཏ། ཅེས་ལན་གསུམ་བརྗོད་ནས་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ཐམས་ཅད་ལྔ་དང་ལྡན་པ་འདི་ཉིད། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ་སོགས་པ་ས་འོག་ས་སྟེང་ས་བླ་གསུམ་ན་གནས་པའི་གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་སྦྱིན་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། གྲྀ་གྲྀ་ཧཱུྃ་ཧཱུྃ་ཕཊ྄། གྲྀ་པ་ཡ་གྲྀ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྭ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བསྐྲད་ནས། ཨོཾ་མེ་དཱི་ནི་བཛྭི་བྷཱ་ཝ་བཛྭ་བནྡྷ་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲ་ཀཱ་ར་ཧཱུྃ་པཾ་ཧཱུྃ། རྡོ་རྗེའི་རྭ་བ། ཨོཾ་བཛྭ་པཉྩྨཱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་བྲེ། ཨོཾ་བཛྭ་ཤ་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། རྡོ་རྗེ་མདའི་དྲ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་རྡོ་རྗེ་མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར། དེ་ནས་ལག་པ་གཡོན་པའི་མཐེབ་མཛུབ་གུང་སྲིན་མཐེའུ་ཆུང་རྣམས་ཀྱི་དབུས་སུ་རིམ་པ་ཇི་ལྟ་བར། ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཧཱུྃ་ཧཱུྃ། རྩ་བ་དང་རྩེ་མོ་རྣམས་ལ་ཕཊ྄་ཕཊ྄། ཅེས་བྱ་བའི་སྔགས་ཀྱི་ཡི་གེ་བསམ་ཞིང་བརྗོད་པས། ལག་པ་གཡོན་པའི་སོར་མོ་རྣམས་སྦྱངས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམས་ནས། དག་པ་གསུམ་བརྗོད་པར་བྱས་ཏེ། ཨོཾ་སྭ་བྷྭ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷྭ་ཝ་ཤུདྡྷཱོཧཾ། ཨོཾ་བཛྭ་ཤུདྡྷཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷཱོཧཾ། རང་ལུས་ཁམས་གསུམ་པོ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་པའི་ལྟེ་བར། སྐད་ཅིག་ཙམ་གྱིས་བདེ་བ་ཆེན་པོའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་དབུས་སུ། རབ་ཏུ་དམར་བའི་ཆུ་སྐྱེས་དང་། སྲོག་བྲལ་གྱི་སྙིང་གར་ཉིན་མོར་བྱེད་པའི་ལྟེ་བ་ལ། བཾ་ཡིག་གི་འོད་ཀྱིས་སྤྲུལ་པའི་བཅོམ་ལྡན་འདས་ཉི་མ་བདུན་གྱི་འོད་དང་འཆར་ཀའི་ཁ་དོག་ཅན། ནམ་མཁར་ཕྱོགས་པའི་གཡས་ཀྱི་ཕག་ཞལ་མཐིང་ག་ནི་ཆོས་ཉིད་དོན་དམ་པའི་བདེན་པ་དང་། ཡིད་ཙམ་ཁྲོས་པའི་རྩ་བའི་ཞལ་མཆོག་ཏུ་མཛེས་ཤིང་རྒྱས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པ་སྟེ། ཕག་ཞལ་ལས་གྱེན་དུ་ཕྱོགས་པའི་སྤྱན་གསུམ་ནི་དུས་གསུམ་གཟིགས་པ་དང་། ཁྲོ་ཞལ་ལས་ཐད་དཀར་ཕྱོགས་པའི་སྤྱན་གསུམ་ནི་ཁམས་གསུམ་ལ་གཟིགས་པ། དབུ་སྐྲ་ཅུང་ཟད་བཅིངས་པ་ལྷོད་པར་གྱུར་པ་ལས་གསིལ་བུར་གྲོལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཙམ་ལས་འཆིང་བར་མི་ནུས་པ་དང་། མགོ་སྐམ་པོ་ལྔ་ཅོད་པན་དུ་འཛིན་པ་ནི་ཟག་པ་མེད་པའི་ངོ་བོ་ཉིད་ཀྱིས་མཛེས་པ། རབ་ཏུ་འབར་བའི་གྲི་གུག་སྔོ་བསངས་གཡས་པའི་ཕྱག་གིས་གྱེན་དུ་ཕྱོགས་པར་འཛིན་པས་རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པར་གཅོད་ཅིང་། བདུད་ཀྱི་ཁྲག་གིས་ཡོངས་སུ་གང་བའི་ཀ་པཱ་ལ་གཡོན་པའི་ཕྱག་གིས་འཛིན་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་དུས་རྟག་ཏུ་རོལ་བ། གྲུ་མོའི་ངོས་ལ་བརྟེན་པའི་ཁ་ཊཱཾ་ག་ནི་ཤེས་རབ་ཀྱི་ཐབས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན་དང་། རྡོ་རྗེ་སྔོན་པོའི་ཐག་པས་བརྒྱུས་པའི་མགོ་བོའི་ཕྲེང་བས་ཡོངས་སུ་བསྐོར་བ་ནི་སེམས་འབྱུང་གི་རྒྱུ་བ་རྣམ་པར་དག་པ་ཉིད་དང་། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་ཏེ་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། ཞབས་གཡས་རོལ་པའི་གར་གྱིས་གཡོན་པའི་བརླ་ལ་གཏད་ཅིང་། གཡོན་བརྐྱང་བས་སྲོག་བྲལ་གྱི་སྙིང་ག་མནན་པ། གློ་བུར་གྱི་དྲི་མའི་གོས་དང་བྲལ་བའི་གཅེར་མོ་གདོད་ནས་དག་པ་ནམ་མཁའི་གོས་ཅན་མ། དགའ་བའི་ཆ་ཤས་ཡོངས་སུ་གང་བ་ན་ཚོད་བཅུ་དྲུག་མའི་ཉམས་ཅན། ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་སུ། རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པའི་ལྟེ་བའི་འཁོར་ལོའི་དབུས་ན། ཨོཾ་བཾ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། མགྲིན་པར་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་སྲེཾ་སྲིཾ་སྲེག་བྱེད་མ་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། གཞན་ཡང་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ལུས་ལ་རྡོ་རྗེའི་གོ་གྱོན། ལྟེ་བར་བཾ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་སུ་སྟེང་གི་ནམ་མཁའ་ལ་དབང་གི་ལྷ་དང་བཅས་པ། འབར་བའི་ཕྱག་རྒྱས་ཕེཾ། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཱུས་མཆོད། ཛཿཧཱུྃ་བཾ་ཧོཿདགུག་གཞུག་ཅིང་མཉེས་པར་བྱའོ། །ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་རིགས་ཀྱི་ཅོན་པན་དུ་གྱུར། ཆོས་ཀུན་ཧེ་རུ་ཀ་ཡི་དངོས། །བདེ་ཆེན་དབྱིངས་ལས་གཡོ་མེད་ཀྱང་། །བརྟན་དང་གཡོ་བའི་རྣམ་པར་སྣང་། །གར་མཁན་ཚུལ་དུ་རོལ་བར་བྱ། །ཨོཾ་ཤྲཱི་བཛྭ་ཝཱ་རཱ་ཧཱི་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཤཔྟའི་བར་དུ་སྦྱར་བས་མཆོད། ཕག་གདོང་ཞལ་ནི་མི་གཡོའི་སྤྱན་གྱིས་སྟེང་གི་ནམ་མཁའ་དག་ལ་མཁའ་སྤྱོད་ཕྱག་རྒྱ་ནི། །དགའ་བ་འཁྱིལ་བའི་འོད་ཟེར་དམར་པོ་འཕྲོ་བ་ལ་ནི་མངོན་པར་ཕྱོགས་པས་གཟིགས་མཛད་དེ། །མདུན་དུ་རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་དུ་མཛད་རྣམ་པར་འཕྲོ་བའི་སྐུ་མངའ་དཔལ་ལྡན་མ། །ཁམས་གསུམ་ཀུན་གྱི་ཡིད་དུ་འོང་ཞིང་དོན་ཀུན་ཕུན་ཚོགས་སྒྲུབ་བྱེད་དེ་ལ་ཕྱག་འཚལ་ལོ། །ནང་མཆོག་གོང་ལྟར་བྱིན་གྱིས་བརླབས་ནས། ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མྱང་བ་ནི་ནང་གི་རྣལ་འབྱོར་རོ། །ད་ནི་ཕྱི་རོལ་མཆོད་པའི་ཆོ་ག་བཤད་པར་བྱ་སྟེ། རྡུལ་ཚོན་དང་། སིནྡྷུ་ར། ཐོད་པའི་བདུད་རྩི་དང་བཅས་པ་བདུད་རྩིས་བསངས། དག་པ་གསུམ་གྱི་སྔགས་བརྗོད་དེ། དཀྱིལ་འཁོར་རྟེན་དང་བཅས་པ་སྟོང་པར་གྱུར་པའི་ངང་ལས། བདེ་བ་ཆེན་པོ་ཆོས་གྱི་འབྱུང་གནས་ཞེས་པ་ནས། ལྟེ་བར་བཾ་དེ་ལས་འོད་ཟེར་འཕྲོས། འབར་བའི་ཕྱག་རྒྱ་བཅིངས་པ་མིག་གཡོན་པའི་ཐད་ཀྱི་དཔྲལ་བར་བསྐོར་ཞིང་། ཨོཾ་ཕེཾ་ཕེཾ་ཕེཾ་གུ་རུ་ཤྲཱི་བཛྭ་ཡོ་གི་ནཱི། ཨཱ་ཀཌྜྷྱ་ཡ། ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀ྄ི་ནཱི་སྲྀ་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་ས་གཞི་དང་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད་ལ། ཛཿཧཱུྃ་བཾ་ཧོཿདམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་གྱུར། སླར་ཡང་བཾ་ཡིག་གི་འོད་ཀྱིས་བསྐུལ་བའི་གདན་གསུམ་ཚང་བ་དབང་གི་ལྷ་ཚོགས་ནམ་མཁའ་གང་བས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ལྷ་རྣམས་ཀྱིས་ནས་ཅོད་པན་དུ་གྱུར་ཅེས་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །དེ་ནས་ཕྱི་མཆོད་ནི། ཨོཾ་ཤྲཱི་བཛྭ་ཝཱ་རཱ་ཧཱི་པྲ་ཝ་ར་སཏྐྲ་རཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨཉྩྨ་མཱ་ནཾ། མཆོད་ཡོན་ཞབས་བསིལ་ཞལ་བསིལ་རྣམས་ཕུལ་ནས་ཤིན་ཏུ་སྙན་པའི་དབྱངས་ཀྱིས། རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་མས། །རབ་འབྱམས་ནམ་མཁའ་བཀང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཝཱི་ནེ་ཧཱུྃ་ཧཱུྃ་ཕཊ྄། ཝཾ་སེ། མྲྀ་ཏཾ་ཀེ མུ་རཉྫྱེ། མཆོག་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །བཞད་དང་དྲེགས་ལྡན་གླུ་དབྱངས་གར་མཁན་མས། །ཧཱ་ཀྵྼེ། ལཱ་ཀྵྼེ། གཱི་ཏཱི། ནྲྀ་ཏྱེ། ཁྱད་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མས། །པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ལྷན་སྐྱེས་དགའ་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མས། །རཱུ་པ། རཱ་ས། སྤརྴེ། དྷརྨ་དྷཱ་ཏུ། གཡོན་པའི་སྲིན་ལག་གིས་ནང་མཆོད་འཐོར་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཀའ་རྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྩ་སྔགས་ཀྱི་གཤམ་དུ་ཨོཾ་ཨཱཿཧཱུྃ། བཏགས་པས་རྡོ་རྗེ་བཙུན་མོ་ལ་འབུལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱིྎ དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིྎ དེ་ནས་ལག་པ་གཡོན་པའི་ལག་མཐིལ་དུ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་ཨོཾ་གྱིས་མཚན་པ་དེ་ལས་འོད་འཕྲོས་གཟུང་བའི་རྟོག་པ་བཅོམ། གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཨ་ཡིས་མཚན་པ་དེ་ལས་འོད་འཕྲོས་འཛིན་པའི་རྟོག་པ་བཅོམ། ལག་པ་གཡོན་པའི་མཐེ་བོང་གི་དབུས་སུ་ཨོཾ་བཾ་ཕག་མོ་དམར་མོ། མཛུབ་མོའི་ངོས་ལ་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། གུང་མོ་ལ་སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། མིང་མེད་ལ་སྲེཾ་སྲིཾ་སྲེག་བྱེད་མ་སེར་མོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་ཁུ། སོར་ཚིགས་ལ་ཕཊ྄་ཕཊ྄་ཙཎྜྻི་ཀཱ་དུད་ཁ། ལག་པ་གཡས་པའི་མཐེ་བོང་ལ་ཨོཾ་ཧཿརྡོ་རྗེ་སེམས་དཔའ་དཀར་པོ། མཛུབ་མོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། གུང་མོ་ལ་སྭཱཧཱ་ཧུ་རིན་ཆེན་འབྱུང་གནས་དམར་པོ། སྲིན་ལག་ལ་བཽ་ཥ་ཊ་ཧེ་ཧེ་རུ་ཀ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿའོད་དཔག་མེད་མཐིང་ཁ། སེན་མོའི་ངོས་ལ་ཕཊ྄་ཧཾ་དོན་གྲུབ་ལྗང་ཁུ། རང་རང་ལས་འོད་འཕྲོས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་གྱུར། རྩ་སྔགས་ཀྱི་མཐར་ཨོཾ་བཾ་ཧཾ་ཡཽཾ་སྲིཾ་མོཾ་སྲེཾ་སྲིཾ་ཕཊ྄་ཕཊ྄། ཨོཾ་ཧཿནཱ་མ་ཧི། སྭ་ཧ་ཧུ། བཽཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོཿཕཊ྄་ཧཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། ཨོཾ་ཤྲཱི་བཛྭ་ཡོ་གི་ནཱི་པཉྩྨ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱཧཱ། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ལ་མཆོད་པ་དམ་པ་འབུལ་ལོ། །འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐལ་མོ་སྦྱར་ནས་ལག་པའི་ལྷ་རྣམས་སྙོམས་པར་ཞུགས་ཏེ། ཟག་མེད་ཀྱི་བདེ་བས་དགྱེས་བཞིན་དུ་བདག་ལ་ཐིམ་པར་བསམ། གསང་མཆོད་ནི། འཁྱུད་སྟངས་ཀྱི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སེམས་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་བཞིན་གཞོན་ནུ་མ་ཡང་མཆོད། ཅེས་པས་གྲོང་པའི་ཆོས་ཀྱི་མ་གོས་པ་ལྷར་བསྐྱེད་པ་ནས་མཆོད་པའི་རིམ་པ་འདི་ཉིད་ཀྱིས་སོ། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་ནི་རྣམ་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨོངས་བྱེད་རེངས་བྱེད་སྨྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕཾ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་པོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །རྒྱས་པར་འདོད་ན་མེ་ཏྲི་ཞབས་ཀྱི་བསྟོད་ཆེན་ཀྱང་འདོན་པར་བྱའོ། །དེ་ནི་ཕྱི་རོལ་མཆོད་པའི་ཆོ་གའོ། །ད་ནི་བཟླས་པའི་རྣལ་འབྱོར་བྱ་བ་ནི། རྒྱ་གཞུང་ནས། དེ་ཡི་པདྨའི་ནང་དུ་ནི། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་མེ་ལོང་ལ་བཀོད་པའི་དཀྱིལ་འཁོར་ཇི་ལྟ་བ་བསྒོམ། །གྲུ་གསུམ་གྱིས་བརྒྱན་མཚན་མ་ནི། །ཁ་དོག་དམར་པོ་འོད་ཟེར་ཅན། །སྔགས་ཀྱི་ཡི་གེ་ཡོངས་རྫོགས་ནས། །རྫ་མཁན་འཁོར་ལོ་གཡོན་དུ་འཁོར་བ་བཞིན་དུའོ། །སྲིན་པོའི་ཞལ་ནི་ཅུང་ཟད་བསྡམ། །རབ་ཏུ་འབར་བའི་རྣམ་པར་བསྒོམ། །ཕག་གདོང་གྱེན་དུ་ཉེ་བར་བལྟ། ཕག་གདོང་གི་སྤྱན་གྱི་ཐད་ཀར་།གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར། །ཕྱག་རྒྱ་གཉིས་ཀྱི་རྣལ་འབྱོར་གྱིས། །ཁམས་གསུམ་པོ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་ནམ། མ་འགྲུབ་ན། རང་ཉིད་ཀྱི་ལྟེ་བའི་འཁོར་ལོའི་དབུས་སུ་དགའ་བ་འཁྱིལ་བ་གཡོན་སྐོར་དུ་འཁོར་བར་དམིགས་ནས། རྩ་བའི་སྔགས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀ྄ི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱཧཱ། ཞེས་རྩེ་གཅིག་ཏུ་བཟླས་སོ། །དེ་ནས། སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །རྣལ་འབྱོར་བླ་མེད་ལམ་ལ་བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་ཀུན། །མ་ལུས་རྫོགས་པར་བདག་གིས་བྱེད་པར་ཤོག །ཙཱ་རུའི་བཟའ་བ་གཏོར་མ་ལྟར་བྱིན་གྱིས་བརླབས། ནང་མཆོད་ལྟར་ཕུད་ཕུལ། ཡང་ན་ཚོགས་ཀྱི་འཁོར་ལོའི་རྣམ་གཞག་གཞན་དུ་བཤད་པ་ལྟར་བསྒྲུབ་བོ། །དེ་ནས་གཏོར་མ་གོང་ལྟར་བྱིན་གྱིས་བརླབ། ལྟེ་བའི་བཾ་ལས་འོད་འཕྲོས། ཕེཾ་ཕེཾ་ཞེས་སོགས་ཀྱིས་སྔགས་དང་འབར་བའི་ཕྱག་རྒྱས་གཏོར་མགྲོན་སྤྱན་དྲངས་ལ། ཨོཾ་བཛྭ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྭ་ཌཱ་ཀ྄ི་ནཱི་ས་མ་ཡ་ཧྶ་དྲྀ་ཥྱ་ཧོཿ ཞེས་པ་ལྔས་འདས་པ་ལ་ཕུལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨཱ་དཱ་པསྨཱ་ར། བཛྭ་ཌཱ་ཀ྄ི་ཌཱ་ཀ྄ི་ནྱཱ་ད་ཡ་ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡཾ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་ཝཾ། ཡ་ཐེ་ཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སཏྶུ་ཁཾ་བི་བྲྀ་དྡྷ་ཡེས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄། ལན་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་འབུལ་བར་བྱའོ། །སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་ལྟ་བ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷརྨཱཿཡོ་ག་ཤུདྡྷཱོཧཾ། ཞེས་པདྨའི་ལག་བསྐོར་གྱིས་མཉེས་པར་བྱའོ། །དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུག་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །མཆོད་སྦྱིན་འདི་ཡི་མཐུ་སྟོབས་ཀྱིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དང་ཕྲད་གྱུར་པའི། །ལམ་དེ་ཉིད་ལ་ཞུགས་ནས་ཀྱང་། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཨོཾ་བཛྭ་ཝཱ་རཱ་ཧཱི་ས་མ་ཡ་ཞེས་དམ་ཚིག་བསྐུལ། བྱིན་བརླབ་བྱ་ན་འདིར་བགྱི། ཚོགས་ལ་རོལ། ལྷག་མ་བཏང་ནས། བཛྭ་མུཿ མདུན་བསྐྱེད་དང་གཏོར་མགྲོན་ཡེ་ཤེས་པ་རང་ལ་བསྟིམ། སརྦ་གཙྪ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཧེ་རུ་ཀ་དཔལ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཉེས་ལྟུང་དྲི་མས་མ་གོས་ཤིང་། །རླབས་ཆེན་སྤྱོད་པ་རྫོགས་པ་དང་། །རྣལ་འབྱོར་མ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །བཀྲ་ཤིས་ཀྱང་ཅི་རིགས་པ་བརྗོད་པར་བྱའོ། །རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་ཕྱིས། སིནྡྷུ་ར་ཕྱིས་པའི་ལྷག་མ་སྨིན་མཚམས་སུ་བྱུག་ཅིང་བསྲུང་ངོ་། །རྡོ་རྗེ་བཙུན་མོའི་ཞབས་ཀྱི་ཆུ་སྐྱེས་ལ། །ལན་བརྒྱར་རེག་པ་གྲུབ་པའི་མཆོག་རྣམས་ཀྱིས། །གཞུང་དུ་བསྡེབས་ལ་བྱིས་པའི་ཚོགས་རྣམས་ཀྱང་། །བདེ་བླག་འཇུག་ཕྱིར་བདག་གིས་འདི་བྱས་སོ། །འདིར་འབད་དགེ་བའི་འོད་ཟེར་མུ་མེད་པས། །སྒྲིབ་གཉིས་འཐུག་པོའི་མུན་ནག་ཀུན་གསལ་ཏེ། །སྒྱུ་འཕྲུལ་རིགས་བརྒྱའི་སྐྱེད་མཛད་རྣལ་འབྱོར་མའི། །བཞིན་རས་ཇི་བཞིན་ཀུན་ཏུ་ལྟ་བྱེད་ཤོག །ཤ་ཝ་ར་དབང་ཕྱུག་དང་། དཔལ་མཻ་ཏྲི་པ་ཡབ་སྲས་ཀྱི་རིང་ལུགས་ཇི་ལྟ་བ་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་མན་ངག་གིས་གསལ་བར་བགྱིས་པ་མཚུངས་མེད་རྒྱལ་བའི་དབང་པོས་གཞུང་དུ་བསྡེབས་པ་ལ། རྒྱ་གཞུང་གི་དངོས་བསྟན་དང་བསྒྲིགས་པའི་ཟུར་གསལ་བ་བགྱིས་པ་ཉུང་ངུ་འདི་ནི་པདྨ་དཀར་པོས་གཡའ་བཟང་ཆོས་མཛད་བསོད་ནམས་སྙིང་པོའི་ཆེད་དུ་སྦྱར་བའོ།། །།

རྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་ག

རྗེ་བཙུན་བདེན་གཉིས་ཞལ་གྱི་དབང་བསྐུར་བའི་ཆོ་ག་བཞུགས་སོ། །དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཐུགས་ལ་ཟུར་མིག་མདའ། །འཕེན་མཁས་ཆུ་ཟླའི་གར་གྱིས་མི་བཅིལ་བའི། །སྲིད་ཞིའི་མིག་འཕྲུལ་ཀུན་གྱི་བྱེད་པ་མོ། །ཝཱ་རཱ་ཧཱི་དེས་བདེ་ལེགས་མཛད་གྱུར་ཅིག ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས༑ དཔལ་ཤ་ཝ་རིས་རྡོ་རྗེ་རྣལ་འབྱོར་མའི་དབང་མདོར་བསྡུས་པ་གསུངས་པ་བཞིན། སློབ་དཔོན་མཻ་ཏྲི་པའི་ཞལ་སྐྱིན་གྱིས་ཅུང་ཟད་སྤྲོས་ཏེ་བཤད་པར་བྱའོ། །སྒྲུབ་ཐབས་ལས་བྱུང་བ་བཞིན་གྱི་དཀྱིལ་འཁོར་དབང་རྫས་ཀྱི་ཁར། བུམ་པ་བཟང་པོ་དར་དམར་པོས་མགུལ་དཀྲིས་པ། རིན་པོ་ཆེ། སྨན། འབྲུ། དྲི། སྙིང་པོ། བདུད་རྩི་ལྔ་ཆུས་སུམ་གཉིས་གང་བ། ཁ་རྒྱན་མེ་ཏོག་དམར་པོ་དང་ལྡན་པའི་ཤིང་གིས་བརྒྱན། དབུ་རྒྱན། རྡོར་དྲིལ་རྣམས་སྟེགས་བུའི་ཁར་བཞག བདག་མདུན་གྱི་བཟླས་པའི་བར་གཞུང་བཞིན་བྱས་ནས། བུམ་པར་བཅོམ་ལྡན་འདས་མ་བསྐྱེད་པ་ནས། བདུད་རྩི་མྱང་བའི་བར་བདག་བསྐྱེད་བཞིན་འདོན་པ་ཅུང་ཟད་བསྒྱུར་བར་བྱས་ཏེ། མེ་ཏོག་དམར་པོའི་འཕྲེང་བ་དང་ལྡན་པའི་རྡོ་རྗེ་བུམ་པའི་ཁར་བཞག སྙིང་པོ་ཇི་སྲིད་འདོད་ཀྱི་བར་དུ་བཟླས་པས་བསྐུལ་ནས། མེ་ཏོག་དམར་པོ་དོར་བས་ཞུ་ནས་བུམ་པའི་ཆུར་བལྟའོ། །དེ་ནས་སྣོད་དུ་འོས་པའི་སློབ་མ་ཇི་སྙེད་པ་ཁྲུས་བྱས་གྲལ་ལ་འཁོད། བླ་མ་སངས་རྒྱས་དང་དབྱེར་མི་ཕྱེད་པའི་གུས་པས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ༑ བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་གོ་འཕང་མངོན་པར་འདོད་པའི་བསམ་པ་བཅངས་ལ་མཎྜྻལ་བྱས། རས་དམར་པོས་གདོང་བཅིངས་པའི་ཁ་ཨུ་རྒྱན་དུ་བལྟས་ཏེ། ཐལ་མོ་སྙིང་གར་སྦྱར༑ མེ་ཏོག་དམར་པོས་དགའ་བ་འཁྱིལ་བ་བྲིས་པའི་སྟེང་དུ་འདུག བགེགས་གཏོར། ཨོཾ་ཨ་ཀཱ་རོ་ཞེས་པ་ནས། མེ་རི་རབ་ཏུ་འབར་བས་བསྐོར་བར་གྱུར། ཅེས་བགེགས་བསྐྲད་སྲུང་འཁོར་བྱ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་སེམས་བསྐྱེད་ཕོག །སློབ་མའི་སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན༑ དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག རྡོ་རྗེ་སྙིང་གར་བཞག་ནས། རྡོ་རྗེ་རྣལ་འབྱོར་མ་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་བྱིན་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །བཛྭ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ། སླར་རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་རྡོ་རྗེ་རྣལ་འབྱོར་མ་ང་ཡིན་གྱི༑ ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ༑ ཞེས་དམ་བསྒྲགས། ཡེ་ཤེས་དབབ་པའི་ཕྱིར་དུ། བླ་མ་རྗེ་བཙུན་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར་མཛད་དུ་གསོལ། ཤིན་ཏུ་སྨིན་པར་མཛད་དུ་གསོལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་གང་བརྎ སྨིན་པརྎ ཡོངས་སུྎ ཤིན་ཏུྎ ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་ལུས་རྣམ་པར་སྣང་མཛད་ཀྱི་སྐྱིལ་ཀྲུང་བཅས། རིག་པ་སྐད་ཅིག་ཀྱང་མ་ཡེངས་པར། ཨོཾ་སྭ་བྷཱ་ཝ་ནས་རབ་ཏུ་བརྗིད་ཅིང་མཛེས་པར་བཞུགས་པ། ཞེས་པའི་བར་གྱིས་བཅོམ་ལྡན་འདས་མ་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་མ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲིན་ནམ་མཁའི་ཁམས་གང་བ་སྤྲོས་པ་སློབ་མ་ལ་གཉིས་སུ་མེད་པར་ཐིམ། ལྟེ་འོག་ཏུ་ཕག་མོའི་རང་བཞིན་ཆོས་འབྱུང་སོར་བཞིའི་ཚད་ཙམ་གདེངས་ཀ་གྱེན་དུ་ཕྱོགས་པ་ནང་གཡུང་དྲུང་རིས་ཀྱིས་བརྒྱན་པ་ཁ་དོག་དམར་ཞིང་རེག་བྱ་ཚ་བའི་གཏུམ་མོ་ཤིན་ཏུ་རྣོ་བའི་ཟུར་ཅན་གཡོན་དུ་འཁོར་བ་དང་སྨིན་མཚམས་སུ་དགའ་བ་འཁྱིལ་བ་གཡོན་དུ་འཁོར་བ་ལ་དམིགས་ནས་ཉམས་བྱུང་རྒྱལ་དུ་བཏང་སྟེ། བདུག་སྤོས་དང་བཅས་པའི་རོལ་མོ་དྲག་ཏུ་བྱ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྂ་ཧཱུྂ་ཧཱུྂ་ཕཊ྄་ཕཊ྄་ཕཊ྄་སྭཱཧཱ། ཛ་ན་ཡ། ཀ་ན་ཡ། ས་ད་ཀ་ར་ཡོ་ག་ཡོ་གི་ནཱི་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། སྲིཾ་སྲིཾ་ཧེ་ཧེ་ཧཱུྂ་ཧཱུྂ་ཕ྄ཊ་ཅེས་བརྗོད༑ འདར་བ་དང་། འཕར་བ་དང་། བ་སྤུ་ལྡང་བ་ལ་སོགས་པ་བྱུང་ན་ཕེབས་པ་སྟེ། རྡོ་རྗེ་སྤྱི་བོར་བཞག ཨོཾ་ཏིཥྛ་བཛྭ་ཞེས་བརྟན་པར་བྱའོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་ཕྱོགས་པ་ལ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་ལྟར། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །པྲ་ཏཱིཙྪ་བཛྭ་ཧོཿ ལྷ་གང་གི་རིགས་བརྟག སླར་པྲ་ཏི་གྲྀ་ཧྶཾ་མི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་གི་འཕྲེང་བ་སློབ་མའི་སྤྱི་བོར་བྱ་བ་ནི། དེ་ནས། རྡོ་རྗེ་རྣལ་འབྱོར་མ་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༑ །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་མིག་དར་ཕྱེ། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི། །གསང་བ་མཆོག་གི་དཀྱིལ་འཁོར་འདི། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས༑ །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ལྟར་འདི་ལ་ཐེ་ཚོམ་མེད། །ཅེས་དཀྱིལ་འཁོར་བསྟན་པར་བྱའོ། །དང་པོ་བུམ་པའི་དབང་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་སྐྱབས་སུ་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ནི་བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་བཅོམ་ལྡན་འདས་མར་སྐད་ཅིག་གིས་གསལ་བཏབ་ནས་བླ་མའི་སྙིང་གའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པ་ཧེ་རུ་ཀ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿདེ་རྣམས་ཀྱིས་གུར་ཀུམ་ལ་སོགས་པ་མེ་ཏོག་གི་ཆར་འབེབས་ཤིང་། རོལ་མོར་བཅས་པའི་གླུས་མཆོད་ཅིང་ཤིས་པ་བརྗོད། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་ཚིགས་སུ་བཅད་པ་འདི་བརྗོད་བཞིན་པས་དབང་བསྐུར་བའི་མོས་པ་གྱིས། སངས་རྒྱས་ཀུན་གྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་བསྒྲུབ་ཕྱིར། །བུམ་པའི་དབང་འདི་ཁྱོད་ཀྱིས་ལོང་། །བྱིན་གྱིས་བརླབས་པའི་ཁུ་བས་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཀྱི་འཁོར་ལོ་གསུམ་པོ་བཀྲུས་ནས་རྒྱུན་ཆད་མེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ལས་སྐྱེས་པའི་དགའ་བའི་རྒྱུན་དུ་རོ་གཅིག་པས་ཕུང་པོ་ལྔ་སངས་རྒྱས་ལྔ། ཁམས་ལྔ་ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་དག་པའི་བསམ་གྱིས་མི་ཁྱབ་པའི་གཟུགས་སུ་བཞེངས་པར་གྱུར། སྤྱི་བོར་བླ་མ་རྣམ་པར་སྣང་མཛད་ཅོད་པན་དུ་འོངས་པར་མོས་ཏེ། སངས་རྒྱས་ཀུན་གྱི་ཅོད་པན་དབང་། །དེ་རིངྎ སངས་རྒྱསྎ ཅོད་པན་དབང་འདི་ཁྱོད་ཀྱིས་ལོང་། །ཆོས་ཐམས་ཅད་སྙིང་པོ་ནས་སྙིང་པོར་གྱུར་པའི་དབྱེར་མི་ཕྱེད་པའི་རྡོ་རྗེ་བྱིན་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིངྎ སངས་རྒྱསྎ རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོང་། །གཞོམ་དུ་མེད་པའི་རླུང་ཡུལ་རྣམས་ལ་འཇུག་པའི་སྒྲ་བརྙན་བྱིན་ཏེ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིངྎ སངས་རྒྱསྎ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོང་། །ནམ་མཁའ་རྡོ་རྗེ་འཆང་མ་ཁྱོད་ཉིད་ཅེས་བྱ་བའི་མིང་བཏགས་ཏེ། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིངྎ སངས་རྒྱསྎ མིང་གི་དབང་འདི་ཁྱོད་ཀྱིས་ལོང་། །ངེས་པ་དོན་གྱི་རིགས་ལྔའི་དབང་ཐོབ་པ་ཁྱོད་ཉིད་རྣལ་འབྱོར་མའི་འཁོར་ལོ་སྟེ། བདེ་བ་ཆེན་པོའི་སེམས་ཀྱིས་རིགས་ཐམས་ཅད་ལ་ཀུན་ཏུ་སྤྱོད་པ་དང་། བྲག་ཆ་ལྟ་བུའི་གསུང་གིས་འགྲོ་བ་མ་ལུས་པ་ལ་ཆོས་སྟོན་པ་དང་། ནམ་མཁའ་ཁྱབ་པ་སྒྱུ་མའི་གཟུགས་ཀྱིས་སྐལ་བ་དང་ལྡན་པ་ཐམས་ཅད་ཉེ་བར་སྡུས་ཤིག་ཅེས་རྡོར་དྲིལ་ཕྱག་རྒྱར་བཅའ་ལ་སློབ་དཔོན་དུ་བྱེད་པའི་རྗེས་སུ་གནང་བ་སྦྱིན་ནོ། །གཉིས་པ་གསང་དབང་ནི། དེ་ནས་སིནྡྷུརའི་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་ལྕགས་ཀྱུས། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་བྷ་གར་ཞུགས་པ་དངུལ་ཆུའི་རྣམ་པ་ཅན་དུ་ཞུ་བ་བཅོམ་ལྡན་འདས་མའི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལས་བབས་པའི་རཀྟ་དང་གཅིག་ཏུ་འདྲེས་པའི་ཐིག་ལེ་ཉིན་མོར་བྱེད་པ་ལྟ་བུ་སྤྱི་བོ་ནས་བླུགས་པས་ལུས་ངག་ཡིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་མེའི་གཟུགས་སུ་བསྲེགས་ཏེ་འོད་གསལ་བའི་རང་བཞིན་དུ་རོ་གཅིག་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལོངས་སྤྱོད་རྫོགས་པར་སད་པའི་མོས་པ་གྱིས། སངས་རྒྱས་ཀུན་གྱི་གསང་བའི་དབང་། །དེ་རིངྎ སངས་རྒྱསྎ གསང་བའི་དབང་འདི་ཁྱོད་ཀྱིས་ལོང་། །ཞེས་ཐོད་པའི་ཆང་འཐུང་དུ་གཞུག གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སིནྡྷུ་རའི་དཀྱིལ་འཁོར་གྱི་ལྷ་མོ་ཞུ་བ་མཚམས་ཀྱི་སྤྲིན་དང་ཁ་དོག་མཚུངས་པར་གྱུར་པའི་སྔགས་ཀྱི་འཁོར་ལོ་སློབ་མའི་སྤྱི་བོ་ནས་ཞུགས༑ ཨ་ཝ་དྷཱུ་ཏིའི་ལམ་ནས་བརྒྱུད་དེ་གསང་གནས་སུ་རྫ་མཁན་གྱི་འཁོར་ལོ་ལྟར་འཁོར་ཞིང་འབར་བ་གསལ་བཏབ་སྟེ། སངས་རྒྱས་ཀུན་གྱི་མེ་ལོང་དབང་། །དེ་རིངྎ སངས་རྒྱསྎ ཤེས་རབ་ཡེ་ཤེས་ཁྱོད་ཀྱིས་ལོང་། །སླར་ཡང་ཕག་གདོང་གི་དཔྲལ་བར་གཡུང་དྲུང་རིས་དམར་པོ་འཁོར་བར་བསམ་ལ་སྲིན་པོའི་ཞལ་ཅུང་ཟད་བསྡམ། བཛྭ་ཝཱ་རཱ་ཧི། རྟོག་པ་ཐམས་ཅད་དང་བྲལ་བ་ཁྱོད་ཀྱི་སྙིང་ལ་ཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་ནི་རྡོ་རྗེ་ཁྱོད་ཉིད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱིས་ཤིགས་པ་མེད་པའི་ཡེ་ཤེས་བརཏལ་ཞུགས་ཀྱི་དམ་ཚིག་གིས་མཆོད་ཅིག་ཅེས་དབུགས་དབྱུང་། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་དུ་ཁྱོད་གྱུར་བར༑ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་དང་ངས་ལུང་བསྟན་ནོ། །ཞེས་ལུང་བསྟན། བུ་ཁྱོད་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཐོབ་པའི་དུས་སུ་ཁྱོད་ཀྱི་དྲུང་དུ་མཆོག་ཏུ་གྱུར་བ་རྣམས་ལྷགས་ནས་བ་སྤུའི་བུ་ག་རེ་རེ་ཞིང་ནས་སངས་རྒྱས་གྲངས་མེད་པ་ཞུགས་ནས་དེ་ཉིད་ནས་བྱུང་སྟེ་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །ཞེས་གཟེངས་བསྟོད། སིནྡྷུ་ར་ཕྱིས་ནས་གནས་གསུམ་དུ་ཐིག་ལེ་བྱ། དབང་བཞི་པ་ནི། ཐུན་མོང་མ་ཡིན་པའི་ལྟ་བ་ཕྱག་རྒྱ་ཆེན་པོའི་དོན་ཇི་ལྟ་བ་བཞིན་རྟོགས་པར་བྱས་ལ། གང་དུ་ཡང་གནས་པར་མི་བྱའོ། །དེ་ཡང་བརྡ་སྣ་ཚོགས་ཀྱི་སྒོ་ནས་རྟོགས་པར་བྱ་སྟེ། རྡོ་རྗེ་གདན་ཞེས་བརྗོད་པའི་དུས་སུ་སྒྲ་དེ་ལ་བརྟེན་ནས་རྡོ་རྗེ་གདན་གྱི་དོན་སྤྱི་ཝལ་གྱིས་སྐྱེ་ལ། ཡང་འཕགས་པ་ཤིང་ཀུན་ཞེས་སྒྲ་བརྗོད་པས་རྡོ་རྗེ་གདན་བརྗེད་ནས་འཕགས་པ་ཤིང་ཀུན་གྱི་དོན་སྤྱི་སྐྱེ་བའོ། །དཔེ་དེ་བཞིན་དུ་དང་པོ་ཅི་ཡང་མི་དྲན་པ་ནི། མི་རྟོག་པའི་གནས་སུ་མཉམ་པ་ཡིན་ལ། རྟོག་པ་གློ་བུར་བ་ནི་རྐྱེན་གྱི་དབང་གིས་སྐྱེ་བ་ཡིན་ནོ། །རྟོག་པ་ཕྱི་མའི་རྐྱེན་གྱིས་སྔ་མ་བརྗེད་པ་ནི་སྐྱེ་མེད་ངང་དུ་ཐིམ་པའོ། །རིགས་ཀྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་པ་ཐུག་པ་མེད་པ་ན་ཕར་སོང་ཞིག དེ་བཞིན་དུ་ཕྱོགས་བཞི་ཀར་བྱས་པས་ནམ་མཁའ་ལ་ཐུག་པ་མེད་དེ་མཐའ་དབུས་མེད་པར་རྟོགས་སོ། །བརྡ་འདིས་དབང་བཞི་པོ་རོ་མཉམ་དུ་རྟོགས་པར་བྱའོ༑ །བླ་མ་གོང་མ་དག གསུམ་པོའང་ལུས་ངག་ཡིད་དག་པའི་དབྱེ་བས་བུམ་གསང་ཤེས་རབ་གསུམ་དུ་འབྱེད་ཅིང་། བཞི་པ་ཤུགས་ལ་བསྟན་ནས་དགུ་ཕྲུགས་སུ་བཞེད་དོ། །དེ་ནས་མ་ད་ན་དང་། བ་ལ་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་མཐའ་དག་བཤམས། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་བྲན་ལ། ལས་ཀྱི་རྡོ་རྗེས་ཕྱག་སྔོན་དུ་འགྲོ་བས་བྱིན་རླབས་ཞུས། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཚོགས་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་ཞེས་པ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿསྲཱིཿཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཞེས་པའི་བར་གྱིས་བྱིན་གྱིས་བརླབ། དེ་ནས་གཏོར་མ་གོང་ལྟར་བྱིན་གྱིས་བརླབ། ཅེས་པ་ནས། དམ་ཚིག་བསྐུལ་བའི་བར་བྱས། ལས་ཀྱི་རྡོ་རྗེས་ཚོགས་ཕུད་ཆ་ལྔ་བཤམས་ནས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་འདོད་ཡོན་རྣམ་ལྔ་འདི། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ག་ན་ཙཀྲ་པཱུཛ་ཁཱ་ཧི། དཀྱིལ་འཁོར་ལྷ་ཡི་ཚོགས་ལ་འབུལ། །གནས་གསུམ་མཁའ་འགྲོའི་ཚོགས་ལ་འབུལ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །གཞི་བདག་གནས་བདག་རྣམས་ལ་འབུལ༑ །རོལ་མོའི་སྒྲས་ནམ་མཁར་གཏོར། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། གཡོན་པས་ཀ་པཱ་ལ་དམ་ཚིག་གིས་གང་བའི་དཔྲལ་བ་སློབ་དཔོན་ལ་བསྟན་ཏེ་བཟུང་། གཡས་པས་པད་ཀོར་བྱ་ཞིང་། འདི་སྐད་དུ། ཀྱཻ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །སློབ་དཔོན་གྱིས་པད་ཀོར་བྱ་ཞིང་། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་སུ་ཁཾ། ཞེས་བརྗོད་ཅིང་། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་གར་བཞག་ལ། གཡས་པས་ཐོད་པ་བླང་། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ཆོ་ག་ལྟར་དབུལ། དེ་ནས་བཏུང་། ལས་ཀྱི་རྡོ་རྗེས་ཕྱག་བྱས། དེའི་རྗེས་ལ་གཞན་རྣམས་ལའང་ཚུལ་དེ་ཉིད་ཀྱིས་དྲངས་ཤིང་། མཐར་ལས་ཀྱི་རྡོ་རྗེ་ལ་སློབ་དཔོན་གྱིས་དྲངས། ཕྱག་འཚལ་ཞིང་བཏུང་། དེ་ནས་ཤ་སྔོན་དུ་འགྲོ་བས་བཟའ་བཅའ་རྣམས་དྲང་ཞིང་། རྣམ་པར་རྟོག་པ་མེད་པར་ནང་གི་སྦྱིན་སྲེག་གི་ངེས་པས་ལོངས་སྤྱོད། དེའི་ཚེ་རྡོ་རྗེའི་གླུ་དང་གར་དང་། ཡེ་ཤེས་ཀྱི་ཀུན་ཏུ་རུའི་སྤྱོད་པ་སོགས་བྱ། མཐར་ལྷག་མ་བསྡུས་པ་དམ་ཚིག་གི་ཁ་ཕྲུས་བཏབ། སྒྲོན་མེ་བཙུགས་ཏེ། ཨུཙྪིཥྚ་བ་ལིཾ་བྷཀྵེ་བྷྱཿསྭཱཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་ཚོལ་བ་ལ་བྱིན། ཧཱུྃ་བརྗོད་པའི་མེ་ཏོག་ལས་ཀྱི་རྡོ་རྗེའི་སྤྱི་བོར་བཞག་པས་བསྲུངས་ཏེ་ཕྱི་རོལ་དུ་དོར་རོ། །རྗེས་ཀྱི་ཆོ་ག་གཞུང་བཞིན་དུ་བྱའོ། །དེ་ལྟར་རྡོ་རྗེ་ཡན་ལག་མའི་དབང་བསྐུར་བའི་ཆོ་ག་འདི་ནི། ཏི་སེའི་རྡོར་འཛིན་རྡོ་རྗེ་བསམ་གྲུབ་ཀྱིས་རིང་མོ་ནས་བསྐུལ་བའི་ངོར། པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ། །མངྒ་ལཾ།། །།

དགྱེས་པ་རྡོ་རྗེ་ཡུམ་བཀའི་ཆོ་ག་དངོས་གྲུབ་སྒོ་འབྱེད།

དགྱེས་པ་རྡོ་རྗེ་ཡུམ་བཀའི་ཆོ་ག་དངོས་གྲུབ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ཀུན་ལ་རྗེས་བརྩེས་ཀུན་ཆགས་པའི། །ཐམས་ཅད་སྐད་ཀྱི་ཐམས་ཅད་དབྱངས། །སྒྱུ་འཕྲུལ་གར་ནས་སྒྱུ་འཕྲུལ་དུ། །ལེན་མཁས་སྙིང་པོ་ལེན་གཙོར་འདུད།། འདིར་དཔལ་དགྱེས་པ་རྡོ་རྗེའི་ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔ་བསྒོམ་པར་འདོད་པས། བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ལས་ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་། དམ་ཚིག་ལ་གནས་པའི་རྒྱུད་དག་པའི་གང་ཟག་གིས་སྒྲུབ་པའི་ཆ་རྐྱེན་མ་ཚང་བ་མེད་པར་བྱས་ཏེ། གནས་ཁང་བྱི་དོར་དང་། མཆོད་རྫས་ཀྱིས་བརྒྱན་པའི་གུང་དུ། དམ་ཚིག་གི་བྲིས་སྐུ་ཚད་ལྡན་རབ་གནས་བྱས་པ་བཀྲམ། མདུན་དུ་སྟེགས་བུའི་ཁར་མཎྜྻལ་དང་། མཆོད་པ་དང་། གཏོར་མ་སོགས་བཤམས། སྒྲུབ་པ་པོ་སྟན་བཟང་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད་པའི་མདུན་དུ། གཡོན་ནས་བརྩམས་ཏེ་བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད། ཌཱ་མ་རུ་དང་རྡོ་རྗེ་དྲིལ་བུ་རྣམས་བཀོད། གཞན་ཡང་མཆོད་པའི་ཡོ་བྱད་དང་། འཁོ་བའི་ཉེར་སྤྱད་རྣམས་ཚང་བར་བྱས་ལ། བཛྭ་ཨཱཏྨ། བདག་ཉིད་བཅོམ་ལྡན་འདས་བདག་མེད་མར་གསལ་བའི་སྙིང་གར་སྲཱིཿལས་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨ་སྔོན་པོ་འོད་ཟེར་འཕྲོ་བ། དེའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མ་འཁོར་གྱི་ལྷ་མོས་མཆོད་པ་བྱེད་བཞིན་པ་དང་། ཤར་ཁྱམས་ན་རང་གི་བླ་མ་བཞུགས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། རང་གི་སྙིང་ཁའི་ཧཱུྃ་ལས་བྱུང་བའི་གཽ་རི་མ་ནག་མོས་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཐོད་པ་བཀང་ནས་མཆོད་པར་བསམ། དེ་ཟིན་པའི་བརྡར་སེ་གོལ་གཅིག་གཏོག ཨོཾ་ཙཽ་རཱི་ཙཾ་ཨཱཿཧཱུྃ་སྭཱ་ཧཱ། ཙཽ་རི་མ་དམར་མོས་པདྨ་རཀྟས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་བཻ་ཏཱ་ལཱི་བཾ་ཨཱཿཧཱུྃ་སྭཱ་ཧཱ། བཻ་ཏཱ་ལི་སེར་མོས་བདུད་རྩི་དྲི་ཆུས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་གྷསྨ་རཱི་གྷཾ་ཨཱཿཧཱུྃ་སྭཱ་ཧཱ། གྷསྨ་རཱི་ལྗང་ཁུས་བདུད་རྩི་དྲི་ཆེན་གྱིས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་པུཀྐ་སཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། པུཀྐ་སི་སྔོན་མོས་ཤ་སྣ་ཚོགས་ཀྱིས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་ཤ་ཝ་རཱི་ཤཾ་ཨཱཿཧཱུྃ་སྭཱ་ཧཱ། ཤ་ཝ་རཱི་དཀར་མོས་བདུད་རྩི་སྦྲང་ཆང་གིས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་ཙཎྜྻ་ལཱི་ཙཾ་ཨཱཿཧཱུྃ་སྭཱ་ཧཱ། ཙཎྜྻ་ལི་སྔོན་མོས་ཅང་ཏེའུའི་སྒྲས་མཆོད་པར་བསམ། ཨོཾ་ཌོམྦི་ནཱི་ཌཾ་ཨཱཿཧཱུྃ་སྭཱ་ཧཱ། ཌོམྦི་ནི་ཁྲ་མོས་སྙོམས་འཇུག་གིས་མཆོད་པར་བསམ་མོ། །ཡན་ལག་ལྷག་མ་དྲུག་ཡིད་ཀྱིས་བསྒོམ་ཞིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིས་ཏེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག ཅེས་ལན་གསུམ། ཧེ་བཛྭ་མནྜལ་མུཿཚོགས་གསོག་པའི་རྟེན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། གཉིས་པ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། དགྲ་མེད་གཉེན་མེད་བཤེས་མེད་ཟུན་མེད་པའི་བཏང་སྙོམས་ལ་གནས་པར་བྱའོ། །རང་གི་སྙིང་ཁའི་ཨ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུ། དེ་རང་གི་ལུས་ལ་བསྡུ། དེ་ཡས་འདུས་མས་འདུས་པ་ལས་སྙིང་པདྨ་འདབ་མ་བརྒྱད་པ་ལ་ཐིམ། དེ་ཟླ་བའི་དཀྱིལ་འཁོར་ལ། དེ་ཨ་ལ། དེ་ཡང་རིམ་གྱིས་འདུས་ནས་ནཱ་དའི་རྣམ་པ་ལྟ་བུ་ལས། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ནཱ་ད་ལས་རང་སྒྲ་བྱུང་བར་བསམ་མོ། །བཞི་པ་བསྲུང་བའི་འཁོར་ལོ་ནི། །དེ་ནས་རང་གི་སེམས་ཉི་མའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། དེ་ལས་འོད་ཟེར་རྩེ་མོ་ལ་རྡོ་རྗེ་རྒྱ་གྲམ་པ་དཔག་ཏུ་མེད་པ་འཕྲོས་པས། འོག་ཏུ་སོང་བས་རྡོ་རྗེའི་ས་གཞི། བར་སྣང་དུ་སོང་བས་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་དུ་སོང་བས་རྡོ་རྗེའི་གུར། གཞི་མེའི་ཉི་མ་ལས་མེའི་འོད་ཟེར་ཕྱིར་འཕྲོས་པས་མེ་རི། གཞི་མེའི་རྡོ་རྗེ་རྒྱ་གྲམ་པ་ལས་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེའི་དྲྭ་མིག་རྣམས་བཀག་པར་གྱུར། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་བརྗོད་པས་བརྟན་པར་མོས། ལྔ་པ་ཆོས་འབྱུང་ནི། དེའི་ནང་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ། ཁ་དོག་དཀར་པོ། དྲུག་པ་འབྱུང་བ་རིམ་བརྩེགས་ནི། དེའི་ནང་དུ་སའི་དཀྱིལ་འཁོར་གྲུ་བཞི། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཟླ་གམ། བདུན་པ་གཞལ་ཡས་ཁང་གདན་དང་བཅས་པ་ནི། འབྱུང་བཞིའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ། འཁོར་ལོ་དེའི་དབུས་སུ་ནཱ་ད་ཆ་གཅིག་ཞུགས། དེ་རྣམས་འདྲེས་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དེའི་དབུས་སུ་པད་འདབ་བཞི། དེའི་ཕྱི་རོལ་ཏུ་བརྒྱད། ལྟེ་བ་ནག་པོ། ཟེའུ་འབྲུ་ཁྲ་བོ། འདབ་མ་རྣམས་དམར་པོ། གོང་རས་ནག་པོ། ཐོད་འཕྲེང་དཀར་པོ། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པས་བསྐོར་བའི་ལྟེ་བ་དང་འདབ་མ་སྟེང་འོག་ཏུ་རོ་གན་རྐྱལ་ཏུ་བསྒྱེལ་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། གདན་སོ་སོའི་སྟེང་དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཅིག་བརྗོད་པས། ཨཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཟླ་བའི་དཀྱིལ་འཁོར། དེ་མངོན་པར་བྱང་ཆུབ་པ་ན་དང་པོ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཚར་གཅིག་བརྗོད་པས་དེའི་སྟེང་དུ་ཀཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར། དེ་མངོན་པར་བྱང་ཆུབ་པ་ན་ིགཉིས་པ། ཡེ་ཤེས་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཨ། ནང་གི་པདྨའི་རྣམས་ལ་ཨཱ་ཨི་ཨཱི་ཨུ། ཕྱི་མའི་པདྨའི་བྱང་ཤར་ནས་གཡས་སྐོར་བའི་མཚམས་བཞིར། ཨཱུ་རྀ་རཱྀ་ལྀ། ཕྱོགས་སུ་ལཱྀ་ཨེ་ཨཻ་ཨོ། འོག་དང་སྟེང་དུ་ཨཽ་ཨཾཿདེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་ཟངས་ཀྱི་གྲི་གུག་ས་བོན་སོ་སོས་མཚན་པ། དེ་མངོན་པར་བྱང་ཆུབ་པ་ན་གསུམ་པ། སོ་སོར་རྟོག་པའི་ཡེ་ཤེས། དེ་ནས་ཉི་ཟླ་ས་བོན་ཕྱག་མཚན་རྣམས་འདྲེས་པ་ལ་ནམ་མཁའི་ནཱ་ད་ཞུགས་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་ནི་མངོན་པར་བྱང་ཆུབ་པ་ན་བཞི་པ། ཡེ་ཤེས་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས། དབུས་སུ་བཅོམ་ལྡན་འདས་བདག་མེད་མ། ཤར་དུ་རྡོ་རྗེ་མ། ལྷོར་དཀར་མོ། ནུབ་ཏུ་ཆུའི་རྣལ་འབྱོར། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ཀྱི་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏཱ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་ཤ་བ་རཱི། ལྷོ་ནུབ་ཏུ་ཙཎྜྻཱ་ལཱི། ནུབ་བྱང་དུ་ཌོམྦི་ནཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ། དེ་ཐམས་ཅད་སྐུ་མདོག་ནག་མོ། ཁྲོ་བའི་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཁ་ཊྶཱཾ་ག་མཆན་ཁུང་གཡོན་པར་བརྟེན་པ། སྟག་གི་པགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཨོཾ་དྷརྨ་དྷཱ་ཏུ་སྭབྷཱ་ཝ་ཨཱཏྨ་ཀོཉཧཾ། བྱང་ཆུབ་པ་ལྔ་པ། །ཡེ་ཤེས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་སོ་སོའི་ས་བོན་འོད་ཟེར་དང་བཅས་པ་གཙོ་མོའི་མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་ཧཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། སྙིང་གི་ཆ་སྟོད་དུ་ཨ་ལས་དབང་ཕྱུག་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གི་ཆ་སྨད་དུ་ཧཱུྃ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གྲི་གུག གཡོན་ཐོད་པ། མཆན་ཁུང་དུ་ཁ་ཊྶཱཾ་ག་བཅུག་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་གྱི་སྟེང་ན་བཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ལ་ཝཱ་སི་ནཱི་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ལྔ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་ནི། རང་གི་སྙིང་ཀའི་ཨཱ་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཀའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་པུཀྐ་སཱི་གཽ་རཱི་རྣམས་ལ་མི་བསྐྱོད་པ། རྡོ་རྗེ་མ་རི་ཁྲོད་མ་ཆོམ་རྐུན་མ་ས་སྤྱོད་མ་རྣམས་ལ་རྣམ་སྣང་། དཀར་མོ་གདོལ་པ་མོ་རོ་ལངས་མ་རྣམས་ལ་རིན་འབྱུང་། ཆུའི་རྣལ་འབྱོར་མ་ཌོམྦོ་ནཱི་གྷསྨ་རཱི་མཁའ་སྤྱོད་མ་རྣམས་ལ་སྣང་མཐའ། རྡོ་རྗེ་མཁའ་འགྲོ་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ནས་གཉིས་སུ་མེད་པར་གྱུར། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱིས་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཀའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་ཡབ་ཡུམ། པུཀྐ་སཱི་དང་གཽ་རི་མ་ལ་མི་བསྐྱོད་པ། ཤ་ཝ་རཱི་དང་ཙཽ་རཱི་མ་ལ་རྣམ་པར་སྣང་མཛད། ཙཎྜྻ་ལཱི་དང་བཻ་ཏཱ་ལཱི་ལ་རིན་ཆེན་འབྱུང་ལྡན། ཌོམྦི་ནཱི་དང་གྷསྨ་རཱི་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། མི་བསྐྱོད་པའི་ཡན་ལག་གོ །བདུན་པ་བདུད་རྩི་མྱང་བ་ནི། དེ་ནས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། འོད་དཔག་མེད་ཀྱི་ཡན་ལག་གོ །བརྒྱད་པ་མཆོད་པ་ནི། དེ་ནས་ལྷ་དགུའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་འོད་ཟེར་གྱིས་བསྡུས་ནས་ལྷ་རྣམས་ཀྱི་སྟེང་དུ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲོས་པས། དེ་རྣམས་ཀྱིས་ལྷ་དགུའི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར། བཅོམ་ལྡན་དེང་འདིར་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ནཱི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། །ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་རེའི་དྲི་མཆོག་ནི། །བདགྎ སོ་སོརྎ དྷཱུ་པེྎ གཙང་ཞིང་བཟང་ལ་དགེ་བའི་དྲི། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། །བདགྎ སོ་སོརྎ གནྡྷེྎ གཙང་ཞིང་གཙང་ལ་དགེ་བའི་བཤོས། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། བདགྎ སོ་སོརྎ ནཻ་ཝི་དྱཾྎ དམར་གསལ་སྡུག་པ་དག་ཅིང་གཙང་། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནིྎ སོ་སོརྎ ཨཱ་ལོ་ཀེྎ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་ལྡན། །བདགྎ སོ་སོརྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻཱ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཅེས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། དགུ་པ་བསྟོད་པ་ནི། ཨོཾ་མཧཱ་བཛྭ་ཧཱུྃ་ཞེས་པས་རྡོ་རྗེ་གཟུང་། ཨོཾ་བཛྭ་གྷཎྜྻེ་ཨཱ་ཞེས་པས་དྲིལ་བུ་གཟུང་སྟེ། མཆོད་པའི་ལྷ་མོ་དེ་རྣམས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བསྟོད་པར་གྱུར། དོན་ཡོད་གྲུབ་པའི་ཡན་ལག་གོ མོས་པ་སྣ་ཚོགས་གདུལ་དཀའ་འདུལ་བའི་ཕྱིར། །ཆོས་དབྱིངས་མི་བསྐྱོད་འགག་པ་མེད་པ་ལས། །ཐབས་ཀྱི་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འཁོར་ལོ་བཞི་ཡི་བདག་ཉིད་ཨཱ་ལས་སྐྱེས། །བདུད་བཞི་ཟིལ་གྱིས་གནོན་པ་འཇིགས་པ་སྐུ། །མི་བསྐྱོད་དབུ་བརྒྱན་བདེ་བ་ཆེན་པོའི་སྐུ། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨཱ་ལས་སྐྱེས་པའི་མཛེས་མ་རྡོ་རྗེ་མ། །རྟག་ཏུ་དགྱེས་པ་ཁ་ཊྶཱཾ་ག་ལ་གཟིགས། །གདུག་པ་རྣམས་སྐྲག་རྣམ་སྣང་ཅོད་པན་ཐོགས། །དུར་ཁྲོད་རྒྱན་དང་ལྡན་ལ་ཕྱག་འཚལ་ལོ། །ཨི་ལས་བྱུང་བ་གསང་བའི་གཽ་རི་མ། །གཟི་བརྗིད་མི་མཚུངས་གར་ལྡན་རོ་མཆོག་མྱོང་། །དོན་དམ་ཐུགས་ཆུད་དབུ་རྒྱན་རིན་ཆེན་ཏོག །སྤྱན་གསུམ་ཐོད་རློན་ཅན་ལ་ཕྱག་འཚལ་ལོ། །ཨཱ་ལི་ཀཱ་ལིའི་སྙོམས་འཇུག་རྣལ་འབྱོར་མ། །བདེ་ལ་རྟག་དགྱེས་བྱང་ཆུབ་སེམས་ཀྱི་ངང་། །འོད་དཔག་མེད་ཀྱིས་དབུ་བརྒྱན་ཨཱི་ལས་སྐྱེས། །གར་གྱིས་དགྱེས་པ་དེ་ལ་ཕྱག་འཚལ་ལོ། །ཨུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ། །ཁམས་གསུམ་དག་བྱེད་སྒྲོལ་མ་ལས་ཀྱི་མཆོག །དོན་གྲུབ་དབུ་རྒྱན་ཆགས་པའི་སྤྱན་དང་ལྡན། །མཚུངས་མེད་ཆགས་པར་ལྡན་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་རྣམ་དག་པུཀྐ་སཱི། །མི་བསྐྱོད་དབུ་རྒྱན་དྲི་མ་དག་མཛད་ཅིང་། །ཨཱུ་ལས་སྐྱེས་པ་བརྒྱ་ཕྱེད་འཕྲེང་བའི་འཛིན། །འཇིག་རྟེན་ཞི་མཛད་དེ་ལ་ཕྱག་འཚལ་ལོ། །དུས་གསུམ་འདུས་མ་བྱས་པའི་རི་ཁྲོད་མ། །སྤྲོས་བྲལ་དྲི་མེད་རྣམ་སྣང་དབུ་ལ་བཞུགས། །རྀ་ལས་འཁྲུངས་པ་གར་གྱིས་ཕྱོགས་བཅུར་གཟིགས། །ཆུ་ཟླ་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་ཉེ་གནས་ལ་སོགས་བགྲོད་མཛད་ཅིང་། །འདུ་བྱེད་མ་ལུས་སྲོག་མཛད་ཙཎྜྻཱ་ལཱི། །རིན་ཆེན་དབུ་བརྒྱན་བརྗིད་པས་རཱྀ་ལས་སྐྱེས། །འཇིག་མ་གསལ་མཛད་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་སྐྱེད་མཛད་གཡོ་བའི་ཌོམྦི་ནཱི། །སྒེག་མོ་སྣང་མཐའ་དབུ་རྒྱན་ལྀ་ལས་བྱུང་། །མཁའ་ལྟར་དྲི་མེད་སྐུ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པོའི་བརྡ་ཡིས་སྐད་སྦྱོར་ཞིང་། །རུ་དྷི་ར་དང་ཨནྡྲ་ལ་རྟག་དགྱེས། །ཞེ་སྡང་རྡོ་རྗེའི་དབུ་རྒྱན་ལཱྀ་ལས་སྐྱེས། །གཽ་རཱི་ཕྱོགས་བཅུར་གཟིགས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་གསལ་བའི་ཡུམ་གྱུར་ཆོམ་རྐུན་མ། །མི་རྟོག་མཉམ་ཉིད་འགྲོ་བའི་དོན་ལ་བརྩོན། །དབུ་རྒྱན་གཏི་མུག་རྡོ་རྗེ་མི་འགྱུར་རྟགས། །ཨེ་ལས་སྐྱེས་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མ་ལུས་ཆགས་པས་དབང་དུ་མཛད། །དཔལ་ལྡན་གཟི་བརྗིད་བསྐྱེད་མཛད་བཻཏཱ་ལཱི། །ང་རྒྱལ་རྡོ་རྗེས་དབུ་བརྒྱན་ཨེ་ལས་སྐྱེས། །སྙོམས་འཇུག་མི་གནས་ངང་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་སུ་ལྡན་པའི་གྷསྨ་རཱི། །དེ་ཉིད་ལས་སྐྱེས་འདོད་ཆགས་རྡོ་རྗེའི་བརྒྱན། །ཨོ་ལས་བྱུང་བ་དྲག་པོའི་ལས་ལས་སྐྱེས། །སྐྱེ་མེད་སྐྱེ་བར་བསྟན་ལ་ཕྱག་འཚལ་ལོ། །སྒྱུ་མ་སྨིག་རྒྱུ་བཞིན་དུ་མཁའ་ལ་སྤྱོད། །བར་སྣང་མངའ་མཛད་ཧེ་རུ་ཀ་ཡི་ངང་། །ཅོད་པན་སྣང་བ་མཐའ་ཡས་ཨཽ་ལས་སྐྱེས། །ཐམས་ཅད་མཁྱེན་ཅིང་གཟིགས་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་ཀྱིས་དབུ་བརྒྱན་ས་འོག་སྤྱོད། །འོག་གི་འཇིག་རྟེན་མ་ལུས་སྒྲོལ་མཛད་མ། །ཨཾ་ལས་བྱུང་བའི་དུར་ཁྲོད་འཇིགས་པས་བརྒྱན། །ཐབས་མཁས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཨཱ་ལི་ཀཱ་ལི་ཟླ་བ་ཉི་མ་ཁ་སྦྱོར་ས་འོག་རྣམ་པར་དག་པ་ལས། །གྲི་གུག་ཐོད་པ་ལ་སོགས་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་མཛེས་མཛད་ཅིང་། །སྐྱིལ་ཀྲུང་ཕྱེད་པའི་གར་ལྡན་གཅེར་བུ་སྤྱན་གསུམ་སྟག་ལྤགས་ཤམ་ཐབས་ཅན། །ཕྱག་རྒྱ་ཆེན་པོའི་སྐུ་ནི་རྩ་གསུམ་སྤྲུལ་མཛད་དེ་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏཱི་ར་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དེ་དག་ནག་ཕྱམ་གྱིས་གྱུར། དེ་ནས་དམར། དེ་ནས་སེར་ལྗང་སྔོ་དཀར་པོར་ཕྱམ་གྱིས་གྱུར། དེ་ནས་སྔར་བཞིན་གསལ་བ། དེ་ནས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། ནས། གཏི་མུག་དེ་བཞིན་རྡོ་རྗེར་བཤད།། ཅེས་པའི་བར་དང་། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ།། སོགས་ཕྱག་རྒྱ་ལྔའི་དག་པ་བསྒོམ། གཙོ་བོའི་ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ། ཞལ་ནས་འཐོན་ཏེ་ལྟེ་བར་ཞུགས། གཙོ་མོས་བཟླས་པས་འཁོར་རྣམས་ཟློས་གྲོགས་བྱེད་པར་བསམ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་སྭཱ་ཧཱ། ཞེས་གཙོ་འཁོར་ཐུན་མོང་དུ་བཟླས། བཟླས་པས་སྐྱོ་ན་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བརྟན་གཡོ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ། དེ་ཡང་འཁོར་གྱི་ལྷ་མོ་རྣམས་ལ། དེ་རྣམས་ཀྱང་གཙོ་མོའི་ཐུགས་ཀར་ཐིམ་པར་བསྒོམ་མོ། དེ་ནས་གཏོར་མ་འབུལ་བར་བྱ་སྟེ། གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ་དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། ཨོཾ་ཨིནྡྲ། ཡ་མཱ། ཛཱ་ལ། ཡཀྵ། བྷཱུ་ཏ། བ་ནི། ཝཱ་ཡུ། རཀྵ། ཙནྡྲ། སུརྻ། མཱ་ཏ། པ་བྱཱ་ཏཱ་ལ། པ་ཏཱ་ལ། ཨཥྚ། ས་བྱཱ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛིཾ་ག པུཥྤེ། དྷཱུ་པ། མཾ་ས། བིདྒ། ཨཱཏྨ། སརྦ། ཀནྫ་སྭཱ་ཧཱ། ཁནྟི། ཁུ་ཏི། བི་ཏ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ལན་གསུམ་བརྗོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་འགྲུབ་པ། །སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་བསྒྲུབས་པའི་ཡིད། །དགྱེས་པ་རྡོ་རྗེ་དཔལ་ལྡན་ཧེ་རུ་ཀ་ལ་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། གཏོར་མའི་མགྲོན་རྣམས་མཉེས་ནས་ཧ་ཧ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿཞེས་ཡེ་ཤེས་ཀྱི་གད་མོ་བཅུ་གཉིས་སྒྲོགས་ཤིང་། སྒྲུབ་པ་པོ་ཁྱོད་ཀྱི་ཡིད་ལ་ཅི་འདོད་པ་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་ཁས་ལེན་པར་གྱུར། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམསྎ ཡི་དྭགས་ཚོགསྎ ཤ་ཟའི་ཚོགསྎ སྨྱོ་བྱེད་ཚོགསྎ བརྗེད་བྱེད་ཚོགསྎ མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲ་འཇོམས་དང་། །དགར་དང་བསད་དང་དགུག་པ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །མཁའ་འགྲོའི་བྱད་སོགས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་རྫོགས་ཤོག། ཅེས་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པ་བརྗོད། མུཿགཏོར་མའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཆོས་སྐྱོང་གི་གཏོར་མ་གཏོང་བར་འདོད་ན་སྐབས་འདི་ཉིད་དུ་གཏང་བར་བྱའོ། །དེ་ནས་ཅང་ཏེའུ་དཀྲོལ་ཞིང་། ཀོལླ་ཨི་རེཊྚྷི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལ། གྷ་ཎ་ཀྲི་པི་ཊཱ་ཧོ་བཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨཱི། ག་ཌེཾ་མ་ཨ་ཎཱ་པིཛྫ་ཨ་ཨི། ཧ་ལེ་ཀ་ལིཉྫྱ་ར་པཱ་ཎི་ཨ་ཨི། དུ་ན་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ་ཀཙྪ་རི་སི་། ཀསྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨི་ཨིནྡྷ་ཎ་སཱ་ལི་ཛ། ཏ་ཧེ་བྷི་རུ་ཁ་ཨི་ཨ་ཨི། ཕེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷཎྡྲ་མ་ཎི་ཨ་ཨི། ནི་རཾ་སུ་ཨངྒ་ཙ་ཌི་ཝ། ཏ་ཧིཾ་ཛ་ས་ར་ཝ་པཱ་ཎི་ཨ་ཨི། མཱ་ལ་ཨ་ཙེ་ཀུནྟུ་རུ་བཱ་ཌ་ཨི། ཌཱཾཎྜྻི་མ་ཏ་ཧིཾ་ཎྡྲ་བཛྫ་ཨ་ཨི། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟསཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །དགེ་བ་འདི་ཡིས་ཐོབ་འགྱུར་ཞིང་། །འགྲོ་བ་ལྔས་ཀྱང་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེ་བསྔགས་པ་ཡི། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ཀྱང་དེ་ཉིད་སྤྱོད་པར་ཤོག། མངོན་པར་རྟོགས་པའི་རིམ་པའོ།། །། ༈ དཀྱིལ་འཁོར་གྱི་ལས་རིམ་ལ། ས་ཆོག སྟ་གོན། དཀྱིལ་འཁོར་ཞག་གི་ཆོ་ག་གསུམ་ལས། དང་པོ་ལ་གང་དུ་སྒྲུབ་པའི་གནས་དེར་མཆོད་པ་གཏོར་མ་བཤམས་ལ། སྔོན་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་སོགས་ནས། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ཞུ་བ་དང་བདུད་རྩིའི་རང་བཞིན་དུ་གྱུར་ཞེས་བྱིན་གྱིས་བརླབ། དྲིལ་བུ་དཀྲོལ་ཞིང་ངག་ཏུ། ཨིནྡྲ་སོགས་སམ་བསྡུས་པར་ཨ་ཀཱ་རོ་ཉིད་ཀྱིས་ཀྱང་རུང་སྟེ་ལན་གསུམ་བརྗོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། ཞེས་པས་འཕྲིན་ལས་བཅོལ། ཡིག་བརྒྱའི་མཐར་མུཿཞེས་བརྗོད། སེ་གོལ་ལན་གསུམ་གཏོག གཏོར་མགྲོན་རང་གནས་སུ་གཤེགས། གཞན་ཡང་གང་དག་གསང་སྔགས་ཟབ་མོ་ཉན་པ་ལ་མི་མོས་ཤིང་ཕྱག་རྒྱ་སྣ་ཚོགས་བལྟ་བ་ལ་མི་དབང་། ཏིང་ངེ་འཛིན་ཟབ་མོ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་འབྱུང་པོའི་ཚོགས་ཐམས་ཅད་ལ་གཏོར་མའི་ལྷག་མ་འདི་སྦྱིན་ནོ། །གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ཐམས་ཅད་ཉེ་བར་ཞི་ནས་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་དང་རྟེན་གང་ཡིན་ལ་ཕར་དེངས་ཤིག །སུཾ་བྷ་ནི་བརྗོད་ཅིང་རོལ་མོས་བསྐྲད། དེ་ནས་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། སྲུང་བའི་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་སོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོོ་ཧཾ། བར་གྱིས། ཡན་ལག་དྲུག་པའི་བསྐྱེད་རིམ་བསྒོམ་སྟེ། མཐར་རྟེན་གཞལ་ཡས་ཁང་འཁོར་གྱི་ལྷ་མོ་བཅུ་བཞི་ལ་བསྡུ། དེ་རྣམས་ཀྱང་གཙོ་མོའི་ཐུགས་ཀར་ཐིམ་ཞིང་། དེ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཞེས་དཀྱིལ་འཁོར་བསྡུས་ནས། ཡབ་བཀའ་ཡུམ་བཀའ་གཉིས་ཀར་ལས་ཀྱི་ལྷ་ཧེ་རུ་ཀ་ཕྱག་གཉིས་པར་མཛད་པ་རྔོག་པ་རྣམས་ཀྱིས་བཞེད་དོ། །དེ་ནས་ཕྱག་གཉིས་པའི་ང་རྒྱལ་གྱིས་དཀྱིལ་འཁོར་འབྱུང་བའི་དབུས་སུ་དྲི་ཡི་ཐིག་ལེ་གཅིག་བྱ། མེ་ཏོག་གི་ཚོམ་བུ་གཅིག་དགྲམ། དེ་ལ་བཾ་ལས་སའི་ལྷ་མོ་ལྟེ་བ་ཡན་ཆད་ས་གསེབ་ནས་འཐོན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་པ་ཁས་ལེན་གྱི་ཕྱག་རྒྱ་དང་། གཡོན་པ་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། བདག་གིས་ཅི་བགྱིད་ཟེར་བ་ཅིག་ཏུ་གྱུར། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ལྷ་མོ་ཆེ། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་བའི། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །མགུལ་དོ་ཞབས་གདུབ་སིལ་སིལ་ཅན། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་མཛོད་ལ། །དཀྱིལ་འཁོར་ལས་རྣམས་རབ་ཏུ་སྒྲུབས། སྲཱིཿཧཱི་ཧཱི་ཧཱི་ཧཱི་བཾ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་སྔོན་དུ་འགྲོ་བའི་ཨོཾ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། གནྡྷེྎ ནཻ་ཝིདྱཱྎ ཨཱ་ལོ་ཀེྎ ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། མཆོད་པ་ལྔ་རོལ་མོ་དང་བཅས་པས་མཆོད། དེ་ནས། གཏོར་མ་བསངས་སྦྱང་། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་རླབས། ཨོཾ་པྲི་ཐི་བཱི་དེ་བཱི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀེ་དཾ་བ་ལིཾ་དི་སྭཱ་ཧཱ། ལན་གསུམ་གྱིས་འབུལ། མ་མ་རིན་ཆེན་སྣ་ཚོགས་འཛིན། །བདག་མེད་ལྷ་མོ་མཆོད་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །རིག་འཛིན་བདག་ནི་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས། སའི་ལྷ་མོས། སའི་ཕྱོགས་འདིར་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་གནང་བ་སྦྱིན་ནས་ཡེ་ཤེས་སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་དེ་ཉིད་དུ་ཐིམ་པར་གྱུར། གསུམ་པ་བྱ་བས་སྦྱང་བ་ནི། ལས་དང་བྱ་བས་སྦྱང་བ། བརྐོས་ལ་སའི་སྐྱོན་ལྔ་བསལ་ནས་སྟེགས་བུ་ངོས་རེར་ཚོན་གསུམ་གྱིས་ལྷག་པའི་ཁྲུ་གསུམ། དབུས་ཅུང་ཟད་མཐོ་བ། མཐའ་བགས་ཀྱིས་དམའ་ཞིང་ཞལ་བས་འཇམ་པར་བྱས་པ། བའི་རྣམ་ལྔའི་དྲི་བཟང་གིས་སྐྱང་ནུལ་ལེགས་པར་བྱའོ། །སྔགས་དང་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། དེ་ནས་རང་ཉིད་རྡོ་རྗེ་བདག་མེད་མའི་ང་རྒྱལ་གྱིས་ལག་པ་གཉིས་ས་ལ་བཞག་ལ་སའི་ཉེས་པའི་སྐྱོན་ཐམས་ཅད་དག་པར་བསམས་ལ། ཨོཾ་ཨཱཿཧཱུྃ། བཞི་པ་ས་སྲུང་བ་ནི། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་ཧཱུྃ་ལས་རལ་གྲི་དེའི་ལྟེ་བ་ལ་ཧཱུྃ་དེའི་འོད་ཟེར་ལས་རྡོ་རྗེ་རྒྱ་གྲམ་ཕྱོགས་མཚམས་ཐམས་ཅད་དུ་གཏམས་པར་བསམ་ཞིང་། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། བརྗོད་པས་ས་གཞི་བསྲུང་། ཨོཾ་མེ་དི་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་ས་བཀུག་ནས་དེ་ལ་བསྟིམ། ལྔ་པ་ས་གཟུང་བ་ནི། སྟ་གོན་གྱི་ཕྱིར་མཆོད་པ་དང་རྟེན་བཤམ། གནས་ཉེ་བར་བརྒྱན་པར་བྱའོ། །ནུབ་དང་པོའི་འོ། །གཉིས་པ་སྟ་གོན་གྱི་ཆོ་ག་ལ་བཞི་ལས། དང་པོ་བགེགས་བསལ་བ་ནི། གནས་དེར་བུམ་པ་ལ་སོགས་པའི་སྟ་གོན་གྱི་ཡོ་བྱད་དང་། མཆོད་པའི་རྫས་ལག་ལེན་བཞིན་དུ་བཤམས་ཏེ། སློབ་དཔོན་སྟེགས་བུའི་དབུས་སུ་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་ཕྱི་དྲོའི་དུས་སུ་ཨིནྡྲའི་གཏོར་མ་ནས་བཟླས་པའི་བར་བསྙེན་པ་བཞིན་དུ་བྱས་ནས་འཁོར་མི་བསྡུ་བར་བཟླས་པ་ཅི་རིགས་པར་བྱ། མཆོད་གཡོག་པ་བཞི་གཽ་རཱི་མ་སོགས་ལྷ་མོ་བཞིའི་ང་རྒྱལ་གྱིས་རྡོ་རྗེ་དྲིལ་བུ་ཐོགས། ཐོག་མར་ཤར་ནས། རང་ཉིད་སྐད་ཅིག་གིས་གཽ་རཱི་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་གྲི་གུག གཡོན་ཉ་རོ་ཧི་ཏ་བསྣམས་པ། ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཚངས་པའི་གདན་ལ་བཞུགས་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ མཆོད་ཡོན་སོགས་དང་རྣམ་ལྔས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་འགྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་པ་རྡོ་རྗེ་དཔལ་ལྡན་ཧེ་རུ་ཀ་ལ་བསྟོད།། དེ་ནས་བསྐུལ་བ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། ལྷོ་ཕྱོགས་ནས། རང་ཉིད་སྐད་ཅིག་གིས་ཙཽ་རཱི་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་ཅང་ཏེའུ། གཡོན་ཕག་པ་བསྣམས་པ། ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་དབང་པོའི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་གོང་བཞིན་བྱས། བསྐུལ་བ་ནི། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤང་། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། ནུབ་ཕྱོགས་ནས། རང་ཉིད་སྐད་ཅིག་གིས་བཻ་ཏཱ་ལི་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་རུས་སྦལ། གཡོན་ཐོད་པ་བསྣམས་པ། ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཉེ་དབང་གི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་གོང་བཞིན་བྱས། བསྐུལ་བ་ནི། ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། བྱང་ནས་རང་ཉིད་སྐད་ཅིག་གིས་གྷསྨ་རཱི་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་སྦྲུལ། གཡོན་ཐོད་པ་བསྣམས་པ་ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་དྲག་པོའི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་གོང་བཞིན་བྱས། བསྐུལ་བ་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །དེ་ནས་སློབ་དཔོན་གྱིས། རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་ཞེས། དཀྱིལ་འཁོར་བསྡུས་ལ། བདག་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། མིག་གཉིས་སུ་མ྄་དང་ཊ྄་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དེར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རེ་རེས་མཚན་པར་གྱུར། རབ་ཏུ་མྱུར་ཞིང་གཡོ་བའི་མིག་གིས་བལྟ་ཞིང་དབུས་སུ་ལངས་ཏེ་ང་རྒྱལ་བསྐྱེད་པ་ནི། ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུནྡ་དཀར་གསལ་སོ་ཡི་འཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱ། །ཞེས་བརྗོད་ལ་རྡོ་རྗེ་དྲིལ་བུ་བཅས་པས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བྱས། ཤར་གྱི་ཕྱོགས་ནས་ཁ་ནང་དུ་བསྟན་ཏེ་བགེགས་ལ་བཀའ་བསྒོ་བ་ནི། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་རྩེ་མོ་འབར་བ་ཡིས། །ལུས་སྲུལ་ལས་སྐྱེས་འགས་བྱས་ཏེ། །རྨོངས་པའི་བདག་ཉིད་གང་འདའ་བ། །ཚལ་པར་དག་གིས་གཞན་དུ་མིན། །བདེ་ཆེན་ཡེ་ཤེས་རྫོགས་འཚང་རྒྱ། །རྡོ་རྗེ་སེམས་དཔའ་དངོས་ལས་སྐྱེས། །ལུས་སྲུལ་པོ་ནི་གང་སུ་དག །བགེགས་ཆེན་པོ་རྣམས་སོ་སོར་སོང་། ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བྱ་བས་སློབ་མ་རྣམས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་ཞིག་འབྲི་ཡིས། གང་སུ་ཡང་རུང་བ། ས་ཕྱོགས་འདི་ན་གནས་པའི་ལྷ་དང་། ལྷ་མིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། འབྱུང་པོ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་། རྒན་མོ་དང་། གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་དང་། ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་བཛྭ་ཀྲོ་དྷཱ་ཡ། མཧཱ་དཾཥྚོ་ཀ་ཊ་བྷེ་ར་བཱ་ཡ། ཨོཾ་ད་ཀ་ཏ། བཛྭ་སནྟོ་ཧཾ། དརྤ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཅེས་དང་། རྩ་སྔགས་ཀྱང་བཟླ། དེ་རྣམས་ལན་གསུམ་བརྗོད་ཅིང་། དང་པོར་རྡོ་རྗེ་གསོར། ཐ་མར་དྲིལ་བུ་དཀྲོལ། དབང་ལྡན་ནས་བརྩམས་ཏེ་ཧཱུྃ་མང་པོ་བརྗོད་ཅིང་གཡས་སྐོར་དུ་ལན་གསུམ་བསྐོར་ཏེ། ཧེ་རུ་ཀའི་ཐུགས་ཀའི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྐྲད་པར་བསམ། སླར་ཡང་དབང་ལྡན་གྱི་མཚམས་ནས་རང་ཉིད་བདག་མེད་མའི་སྐུར་གསལ་བར་གྱུར། ཞེས་པའི་ང་རྒྱལ་གྱིས་ཧི་མང་པོ་བརྗོད་ཅིང་གཡོན་སྐོར་དུ་ལན་གསུམ་བསྐོར་ཞིང་། ཡང་ན་དཀྱིལ་འཁོར་གྱི་དབུས་སུ་ཧེ་རུ་ཀའི་ང་རྒྱལ་གྱིས་གཡས་བརྐྱང་གིས་འདུག་སྟེ་རྡོ་རྗེ་དྲིལ་བུ་གཟུང་བའི་ལག་པས་གར་བསྒྱུར་ཞིང་ཧཱུྃ་འབའ་ཞིག་འདོན་པ་དང་། བདག་མེད་མའི་ང་རྒྱལ་གྱིས་གཡོན་བརྐྱང་གིས་འདུག་སྟེ་ཧི་འབའ་ཞིག་བརྗོད་པར་བྱའོ། །སླར་ཡང་རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གསལ་བར་གྱུར། རང་གི་སེམས་ཉི་མའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། དེ་ལས་འོད་ཟེར་རྩེ་མོ་ལ་རྡོ་རྗེ་རྒྱ་གྲམ་པ་དཔག་ཏུ་མེད་པ་འཕྲོས་པས། འོག་ཏུ་སོང་བས་རྡོ་རྗེའི་ས་གཞི། བར་སྣང་དུ་སོང་བས་རྡོ་རྗེའི་རྭ་བ་དང་དྲྭ་བ་སྟེང་དུ་སོང་བས་རྡོ་རྗེའི་གུར། གཞི་མོའི་ཉི་མ་ལས་མེའི་འོད་ཟེར་ཕྱིར་འཕྲོས་པས་མེ་རི། གཞི་མོའི་རྡོ་རྗེ་རྒྱ་གྲམ་པ་ལས་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེའི་དྲྭ་མིག་རྣམ་བཀག་པར་གྱུར། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། རྡོ་རྗེའི་ས་གཞི་ལ་སོགས་པར་བསམ་མོ། །གཉིས་པ་ལ་གསུམ་ལས། དང་པོ་ལྷ་སྟ་གོན་ནི། སྟངས་སྟབས་བྱས་པའི་ས་རྡུལ་འཕྱགས་ལ། ཆང་དང་བདུད་རྩིའི་རིལ་བུ་སྦྱར་བས་གཞལ་ཡས་ཁང་གི་ཚད་ཙམ་ཟླུམ་པོར་བྱུགས་པའི་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་། དེ་རྒྱབ་ནང་གི་ཕྱོགས་བཞི་ལ་ཟླུམ་པོ་རེ། དེ་རྒྱབ་ཕྱོགས་མཚམས་བརྒྱད་ལ་རེ་རེ་དང་། ཤར་ནུབ་གཉིས་སུ་རེ་རེ་བཅས། དབུས་ནས་རིམ་པ་བཞིན་སོ་སོའི་སྙིང་པོ་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་དགྲམ་མོ། །དེ་ནས་མཆོད་པ་རྣམ་ལྔ་ལྷ་གྲངས་དང་མཉམ་པས་བསྐོར། བསང་སྦྱངས། སྟོང་པའི་ངང་ལས་ཚོམ་བུའི་དཀྱིལ་འཁོར་འདི་ཉིད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ནས་གར་སྟབས་ཀྱིས་བཞུགས་པ། ཨོཾ་དྷརྨ་དྷཱ་ཏུ་སྭབྷཱ་ཝ་ཨཱཏྨ་ཀོཉཧཾ། བྱང་ཆུབ་པ་ལྔ་པ། །ཡེ་ཤེས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་སོ་སོའི་ས་བོན་འོད་ཟེར་དང་བཅས་པ་གཙོ་མོའི་མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་ཧཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། སྙིང་གི་ཆ་སྟོད་དུ་ཨ་ལས་དབང་ཕྱུག་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གི་ཆ་སྨད་དུ་ཧཱུྃ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གྲི་གུག གཡོན་ཐོད་པ། མཆན་ཁུང་དུ་ཁ་ཊྶཱཾ་ག་བཅུག་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་གྱི་སྟེང་ན་བཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ལ་ཝཱ་སི་ནཱི་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ལྔ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་ནི། རང་གི་སྙིང་ཀའི་ཨཱ་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཀའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་པུཀྐ་སཱི་གཽ་རཱི་རྣམས་ལ་མི་བསྐྱོད་པ། རྡོ་རྗེ་མ་རི་ཁྲོད་མ་ཆོམ་རྐུན་མ་ས་སྤྱོད་མ་རྣམས་ལ་རྣམ་སྣང་། དཀར་མོ་གདོལ་པ་མོ་རོ་ལངས་མ་རྣམས་ལ་རིན་འབྱུང་། ཆུའི་རྣལ་འབྱོར་མ་ཌོམྦོ་ནཱི་གྷསྨ་རཱི་མཁའ་སྤྱོད་མ་རྣམས་ལ་སྣང་མཐའ། རྡོ་རྗེ་མཁའ་འགྲོ་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ནས་གཉིས་སུ་མེད་པར་གྱུར། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཀའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་ཡབ་ཡུམ། པུཀྐ་སཱི་དང་གཽ་རི་མ་ལ་མི་བསྐྱོད་པ། ཤ་ཝ་རཱི་དང་ཙཽ་རཱི་མ་ལ་རྣམ་པར་སྣང་མཛད། ཙཎྜྻ་ལཱི་དང་བཻ་ཏཱ་ལཱི་ལ་རིན་ཆེན་འབྱུང་ལྡན། ཌོམྦི་ནཱི་དང་གྷསྨ་རཱི་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། མི་བསྐྱོད་པའི་ཡན་ལག་གོ །བདུན་པ་བདུད་རྩི་མྱང་བ་ནི། དེ་ནས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱིས་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། འོད་དཔག་མེད་ཀྱི་ཡན་ལག་གོ །བརྒྱད་པ་མཆོད་པ་ནི། དེ་ནས་ལྷ་དགུའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་འོད་ཟེར་གྱིས་བསྡུས་ནས་ལྷ་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲོས་པས། དེ་རྣམས་ཀྱིས་ལྷ་དགུའི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར། བཅོམ་ལྡན་དེང་འདིར་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ནཱི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། །ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་རེའི་དྲི་མཆོག་ནི། །བདགྎ སོ་སོརྎ དྷཱུ་པེྎ གཙང་ཞིང་བཟང་ལ་དགེ་བའི་དྲི། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། །བདགྎ སོ་སོརྎ གནྡྷེྎ གཙང་ཞིང་གཙང་ལ་དགེ་བའི་བཤོས། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། བདགྎ སོ་སོརྎ ནཻ་ཝི་དྱཱྎ དམར་གསལ་སྡུག་པ་དག་ཅིང་གཙང་། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནིྎ སོ་སོརྎ ཨཱ་ལོ་ཀེྎ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་ལྡན། །བདགྎ སོ་སོརྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻཱ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཅེས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། དགུ་པ་བསྟོད་པ་ནི། ཨོཾ་མཧཱ་བཛྭ་ཧཱུྃ་ཞེས་པས་རྡོ་རྗེ་གཟུང་། ཨོཾ་བཛྭ་གྷཎྜྻེ་ཨཱ་ཞེས་པས་དྲིལ་བུ་གཟུང་སྟེ། མཆོད་པའི་ལྷ་མོ་དེ་རྣམས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བསྟོད་པར་གྱུར། དོན་ཡོད་གྲུབ་པའི་ཡན་ལག་གོ བདུད་རྩི་མྱང་། མོས་པ་སྣ་ཚོགས་གདུལ་དཀའ་འདུལ་བའི་ཕྱིར། །ཆོས་དབྱིངས་མི་བསྐྱོད་འགག་པ་མེད་པ་ལས། །ཐབས་ཀྱི་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འཁོར་ལོ་བཞི་ཡི་བདག་ཉིད་ཨཱ་ལས་སྐྱེས། །བདུད་བཞི་ཟིལ་གྱིས་གནོན་པ་འཇིགས་པ་སྐུ། །མི་བསྐྱོད་དབུ་བརྒྱན་བདེ་བ་ཆེན་པོའི་སྐུ། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨཱ་ལས་སྐྱེས་པའི་མཛེས་མ་རྡོ་རྗེ་མ། །རྟག་ཏུ་དགྱེས་པ་ཁ་ཊྶཱཾ་ག་ལ་གཟིགས། །གདུག་པ་རྣམས་སྐྲག་རྣམ་སྣང་ཅོད་པན་ཐོགས། །དུར་ཁྲོད་རྒྱན་དང་ལྡན་ལ་ཕྱག་འཚལ་ལོ། །ཨི་ལས་བྱུང་བ་གསང་བའི་གཽ་རི་མ། །གཟི་བརྗིད་མི་མཚུངས་གར་ལྡན་རོ་མཆོག་མྱོང་། །དོན་དམ་ཐུགས་ཆུད་དབུ་རྒྱན་རིན་ཆེན་ཏོག །སྤྱན་གསུམ་ཐོད་རློན་ཅན་ལ་ཕྱག་འཚལ་ལོ། །ཨཱ་ལི་ཀཱ་ལིའི་སྙོམས་འཇུག་རྣལ་འབྱོར་མ། །བདེ་ལ་རྟག་དགྱེས་བྱང་ཆུབ་སེམས་ཀྱི་ངང་། །འོད་དཔག་མེད་ཀྱིས་དབུ་བརྒྱན་ཨཱི་ལས་སྐྱེས། །གར་གྱིས་དགྱེས་པ་དེ་ལ་ཕྱག་འཚལ་ལོ། །ཨུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ། །ཁམས་གསུམ་དག་བྱེད་སྒྲོལ་མ་ལས་ཀྱི་མཆོག །དོན་གྲུབ་དབུ་རྒྱན་ཆགས་པའི་སྤྱན་དང་ལྡན། །མཚུངས་མེད་ཆགས་པར་ལྡན་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་དབྱིངས་རྣམ་དག་པུཀྐ་སཱི། །མི་བསྐྱོད་དབུ་རྒྱན་དྲྀ་མ་དག་མཛད་ཅིང་། །ཨཱུ་ལས་སྐྱེས་པ་བརྒྱ་ཕྱེད་འཕྲེང་བའི་འཛིན། །འཇིག་རྟེན་ཞི་མཛད་དེ་ལ་ཕྱག་འཚལ་ལོ། །དུས་གསུམ་འདུས་མ་བྱས་པའི་རི་ཁྲོད་མ། །སྤྲོས་བྲལ་དྲི་མེད་རྣམ་སྣང་དབུ་ལ་བཞུགས། །རྀ་ལས་འཁྲུངས་པ་གར་གྱིས་ཕྱོགས་བཅུར་གཟིགས། །ཆུ་ཟླ་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་ཉེ་གནས་ལ་སོགས་བགྲོད་མཛད་ཅིང་། །འདུ་བྱེད་མ་ལུས་སྲོག་མཛད་ཙཎྜྻཱ་ལཱི། །རིན་ཆེན་དབུ་བརྒྱན་བརྗིད་པས་རཱྀ་ལས་སྐྱེས། །འཇིག་མ་གསལ་མཛད་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་སྐྱེད་མཛད་གཡོ་བའི་ཌོམྦི་ནཱི། །སྒེག་མོ་སྣང་མཐའ་དབུ་རྒྱན་ལྀ་ལས་བྱུང་། །མཁའ་ལྟར་དྲི་མེད་སྐུ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པོའི་བརྡ་ཡིས་སྐད་སྦྱོར་ཞིང་། །རུ་དྷི་ར་དང་ཨནྡྲ་ལ་རྟག་དགྱེས། །ཞེ་སྡང་རྡོ་རྗེའི་དབུ་རྒྱན་ལཱྀ་ལས་སྐྱེས། །གཽ་རཱི་ཕྱོགས་བཅུར་གཟིགས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་གསལ་བའི་ཡུམ་གྱུར་ཆོམ་རྐུན་མ། །མི་རྟོག་མཉམ་ཉིད་འགྲོ་བའི་དོན་ལ་བརྩོན། །དབུ་རྒྱན་གཏི་མུག་རྡོ་རྗེ་མི་འགྱུར་རྟགས། །ཨེ་ལས་སྐྱེས་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མ་ལུས་ཆགས་པས་དབང་དུ་མཛད། །དཔལ་ལྡན་གཟི་བརྗིད་བསྐྱེད་མཛད་བཻཏཱ་ལཱི། །ང་རྒྱལ་རྡོ་རྗེས་དབུ་བརྒྱན་ཨེ་ལས་སྐྱེས། །སྙོམས་འཇུག་མི་གནས་ངང་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་སུ་ལྡན་པའི་གྷསྨ་རཱི། །དེ་ཉིད་ལས་སྐྱེས་འདོད་ཆགས་རྡོ་རྗེའི་བརྒྱན། །ཨོ་ལས་བྱུང་བ་དྲག་པོའི་ལས་ལས་སྐྱེས། །སྐྱེ་མེད་སྐྱེ་བར་བསྟན་ལ་ཕྱག་འཚལ་ལོ། །སྒྱུ་མ་སྨིག་རྒྱུ་བཞིན་དུ་མཁའ་ལ་སྤྱོད། །བར་སྣང་མངའ་མཛད་ཧེ་རུ་ཀ་ཡི་ངང་། །ཅོད་པན་སྣང་བ་མཐའ་ཡས་ཨཽ་ལས་སྐྱེས། །ཐམས་ཅད་མཁྱེན་ཅིང་གཟིགས་ལ་ཕྱག་འཚལ་ལོ། །རྣམ་སྣང་མཛད་ཀྱིས་དབུ་བརྒྱན་ས་འོག་སྤྱོད། །འོག་གི་འཇིག་རྟེན་མ་ལུས་སྒྲོལ་མཛད་མ། །ཨཾ་ལས་བྱུང་བའི་དུར་ཁྲོད་འཇིགས་པས་བརྒྱན། །ཐབས་མཁས་ཐུགས་རྗེ་ཅན་ཕྱག་འཚལ་ལོ། །ཨཱ་ལི་ཀཱ་ལི་ཟླ་བ་ཉི་མ་ཁ་སྦྱོར་ས་འོག་རྣམ་པར་དག་པ་ལས། །གྲི་གུག་ཐོད་པ་ལ་སོགས་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་མཛེས་མཛད་ཅིང་། །སྐྱིལ་ཀྲུང་ཕྱེད་པའི་གར་ལྡན་གཅེར་བུ་སྤྱན་གསུམ་སྟག་ལྤགས་ཤམ་ཐབས་ཅན། །ཕྱག་རྒྱ་ཆེན་པོའི་སྐུ་ནི་རྩ་གསུམ་སྤྲུལ་མཛད་དེ་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏཱི་ར་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་ནས་སྤོས་ཀྱི་རེང་བུ་ཐོགས་ཏེ་གསོལ་བ་གདབ་པ་ནི། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པའི་གཙོ་བོ་བདག་མེད་མ། །ཧེ་རུ་ཀ་དཔལ་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་མ། །རིག་པའི་ལྷ་མོ་རྫུ་འཕྲུལ་ལྡན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནངས་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཞེས་གསོལ་བ་གདབ་བོ། ༼སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམས་ནམ་མཁར་བཞུགས་པར་གྱུར། ཞེས་བྱའོ།༽ །གཉིས་པ་བུམ་པ་སྟ་གོན་ནི། བུམ་པ་མཚན་ཉིད་དང་ལྡན་པ་བཅོ་ལྔ། ལས་བུམ་དང་བཅས་པའམ། མ་འབྱོར་ན་བུམ་པ་གཉིས་གུ་གུལ་གྱིས་བདུག བུམ་རྫས་སོ་ལྔ་དང་ལྡན་པས་ཆུ་གཙང་མས་སུམ་གཉིས་དགང་། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིངས། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། བུམ་མཚན་གདགས། རས་དཀར་དྲི་མ་མེད་པའི་སྟེང་དུ་མེ་ཏོག་གཅལ་དུ་བཀྲམ་པ་ལ་ལྷ་དགོད་པའི་གོ་རིམ་བཞིན་དུ་བཞུགས་སུ་གསོལ། ལས་ཐམས་ཅད་པའི་བུམ་པ་བྱང་ཤར་མཚམས་སུ་བཞག བུམ་པའི་གྲངས་དང་མཉམ་པའི་མཆོད་པ་ལྔ་ཚང་བར་བཤམ། དེ་ནས་གཙོ་བུམ་གྱི་ཤིང་ལོའི་ཁར་བདུད་རྩི་དང་ཆང་སྦྱར་བས་བཀང་བའི་ཐོད་པ་བཞག དེའི་སྟེང་དུ་རྡོ་རྗེའི་ལྟེ་བར་མེ་ཏོག་གི་འཕྲེང་བ་བརྒྱུས་པའི་གཟུངས་ཐག་བཏགས་ཏེ། བུམ་པ་ཤུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ཞུ་བ་ལས་རིན་པོ་ཆེའི་བུམ་པ་ཕྱིའི་དབྱིབས་བུམ་པ་ནང་གཞལ་ཡས་ཁང་འོད་ལྷག་གེ་ལྷང་ངེར་གྱུར་པའི་ནང་དུ་པདྨ་དམར་པོ་ནང་སྐོར་འདབ་མ་བཞི། ཕྱི་སྐོར་འདབ་མ་བརྒྱད། སྟེང་འོག་གཉིས་དང་ལྡན་པའི་དབུས་དང་པད་འདབ་སོ་སོ་ལ་དབུགས་བྲལ་དང་ཉི་མའི་གདན་གྱི་སྟེང་དུ་དབུས་སུ་བཅོམ་ལྡན་འདས་མ་བདག་མེད་མ། ཤར་དུ་རྡོ་རྗེ་མ། ལྷོར་དཀར་མོ། ནུབ་ཏུ་ཆུའི་རྣལ་འབྱོར། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ཀྱི་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏཱ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་ཤ་བ་རཱི། ལྷོ་ནུབ་ཏུ་ཙཎྜྻཱ་ལཱི། ནུབ་བྱང་དུ་ཌོམྦི་ནཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ། དེ་ཐམས་ཅད་སྐུ་མདོག་ནག་མོ། ཁྲོ་བའི་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཁ་ཊྶཱཾ་ག་མཆན་ཁུང་གཡོན་པར་བརྟེན་པ། སྟག་གི་པགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། གཙོ་མོའི་མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་ཧཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། སྙིང་གི་ཆ་སྟོད་དུ་ཨ་ལས་དབང་ཕྱུག་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གི་ཆ་སྨད་དུ་ཧཱུྃ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གྲི་གུག གཡོན་ཐོད་པ། མཆན་ཁུང་དུ་ཁ་ཊྶཱཾ་ག་བཅུག་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་གྱི་སྟེང་ན་བཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ལ་ཝཱ་སི་ནཱི་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ལྔ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་ནི། རང་གི་སྙིང་ཀའི་ཨཱ་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཁའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་པུཀྐ་སཱི་གཽ་རཱི་རྣམས་ལ་མི་བསྐྱོད་པ། རྡོ་རྗེ་མ་རི་ཁྲོད་མ་ཆོམ་རྐུན་མ་ས་སྤྱོད་མ་རྣམས་ལ་རྣམ་སྣང་། དཀར་མོ་གདོལ་པ་མོ་རོ་ལངས་མ་རྣམས་ལ་རིན་འབྱུང་། ཆུའི་རྣལ་འབྱོར་མ་ཌོམྦོ་ནཱི་གྷསྨ་རཱི་མཁའ་སྤྱོད་མ་རྣམས་ལ་སྣང་མཐའ། རྡོ་རྗེ་མཁའ་འགྲོ་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ནས་གཉིས་སུ་མེད་པར་གྱུར། བདུན་པ་བདུད་རྩི་མྱང་བ་ནི། དེ་ནས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱིས་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། འོད་དཔག་མེད་ཀྱི་ཡན་ལག་གོ །བརྒྱད་པ་མཆོད་པ་ནི། དེ་ནས་ལྷ་དགུའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་འོད་ཟེར་གྱིས་བསྡུས་ནས་ལྷ་རྣམས་ཀྱི་སྟེང་དུ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲོས་པས། དེ་རྣམས་ཀྱིས་ལྷ་དགུའི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར། བཅོམ་ལྡན་དེང་འདིར་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ནཱི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། །ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་རེའི་དྲི་མཆོག་ནི། །བདགྎ སོ་སོརྎ དྷཱུ་པེྎ གཙང་ཞིང་བཟང་ལ་དགེ་བའི་དྲི། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། །བདགྎ སོ་སོརྎ གནྡྷེྎ གཙང་ཞིང་གཙང་ལ་དགེ་བའི་བཤོས། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། བདགྎ སོ་སོརྎ ནཻ་ཝི་དྱཱྎ དམར་གསལ་སྡུག་པ་དག་ཅིང་གཙང་། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནིྎ སོ་སོརྎ ཨཱ་ལོ་ཀེྎ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་ལྡན། །བདགྎ སོ་སོརྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻཱ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཅེས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། །དགུ་པ་བསྟོད་པ་ནི། ཨོཾ་མཧཱ་བཛྭ་ཧཱུྃ་ཞེས་པས་རྡོ་རྗེ་གཟུང་། ཨོཾ་བཛྭ་གྷཎྜྻེ་ཨཱ་ཞེས་པས་དྲིལ་བུ་གཟུང་སྟེ། མཆོད་པའི་ལྷ་མོ་དེ་རྣམས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་བདག་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བསྟོད་པར་གྱུར། བུད་མེད་ཀྱིས་འདུལ་འགྲོ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་གྱུར། །ཕྱག་འོས་ཐུབ་པ་ཕ་རོལ་ཕྱིན། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་བསྟོད། །གཏི་མུག་གིས་མནན་འགྲོར་བལྟས་ཏེ། །འགྲོ་བ་གཏི་མུག་ཞི་བའི་ཕྱིར། །རྡོ་རྗེ་ཅན་གྱི་གཽ་རཱིར་མཛད། །དེ་བས་གཽ་རི་བསྟོད་ཕྱག་འཚལ། །ཞེ་སྡང་གིས་མནན་འགྲ་ར་བལྟས་ནས། །འགྲོ་ལ་ཞེ་སྡང་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱི་ཙཽ་རཱིར་མཛད། །དེ་བས་ཙཽ་རིར་བསྟོད་ཕྱག་འཚལ། །ང་རྒྱལ་གྱིས་མནན་འགྲོར་བལྟས་ནས། །འགྲོ་བ་ང་རྒྱལ་ཞི་བའི་ཕྱིར། །གཙོ་བོས་བེ་ཏཱ་ལི་གཟུགས་མཛད། །དེ་བས་བེ་ཏཱ་ཁྱོད་ཕྱག་འཚལ། །འདོད་ཆགས་ཀྱིས་དཀྲུགས་འགྲོར་བལྟས་ནས། །འགྲོ་བ་འདོད་ཆགས་ཞི་བྱའི་ཕྱིར། །གཙོ་བོས་གྷསྨ་རི་གཟུགས་མཛད། །དེ་བས་གྷསྨ་རཱི་བསྟོད་འདུད། །བདག་མེད་མ་དང་གཉིས་མེད་གཟུགས། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཡེ་ཤེས་ལྔ་དང་སྐུ་གསུམ་བདག། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ།། ཞེས་པས་བསྟོད། བདུད་རྩིའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཞེས་བདུད་རྩི་ཕུལ། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་བུམ་པའི་ནང་དུ་སོང་ཞིང་། བཅོམ་ལྡན་འདས་མའི་ཐུགས་རྒྱུད་བསྐུལ། བྱང་ཆུབ་སེམས་ཀྱིས་བུམ་པ་གང་བར་གྱུར། ཞེས་གཙོ་འཁོར་གྱི་སྙིང་པོ་བརྒྱ་ལ་སོགས་པ་བཟླས་པའི་མཐར། ཐོད་པའི་བདུད་རྩི་བུམ་པར་བླུག་པས་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། ལས་བུམ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ཞུ་བ་ལས་རིན་པོ་ཆེའི་བུམ་པ་ཕྱིའི་དབྱིབས་བུམ་པ་གཞལ་ཡས་ཁང་འོད་ལྷག་གེ་ལྷང་ངེར་གྱུར་པའི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཉིའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ཨོཾ་བཛྭ་པཱུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སོགས་ནཻ་ཝཱིདྱཱ་ཨཱཿཧཱུྃ་བར་གྱིས་མཆོད་པ་ལྔས་མཆོད། ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་སྔོན་པོ་ལས་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄྄་ཅེས་བརྒྱ་རྩ་བརྒྱད་བཟླ། ཁྲོ་བོ་བདུད་རྩི་འཁྱིལ་བ་མི་བཞུ་བར་སྐུ་ལས་བདུད་རྩི་བབས་པས་བུམ་པ་གང་ལྷ་དེ་ཉིད་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་བཞུགས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ལས་མ་གྲུབ་ཀྱི་བར་དུ་བགེགས་མ་རུངས་པ་རྣམས་སྲུང་བར་མཛད་དུ་གསོལ།། ཞེས་འཕྲིན་ལས་བཅོལ་ལོ། །གྲུབ་ན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྦྱིན་བསྲེག་བྱའོ། །གསུམ་པ་སློབ་མ་སྟ་གོན་ལ་ཆོས་བཅུ་གཉིས་ལས། དང་པོར་སློབ་མའི་བར་ཆད་ཞི་བའི་ཕྱིར་ཨིནྡྲའི་སྔགས་ཀྱིས་གཏོར་མ་བཏང་། དེ་ནས་ཡོལ་བའི་ཕྱི་རོལ་ཏུ་ལས་ཐམས་ཅད་པའི་ཆུས་ཁྲུས་བྱ་གོས་གཙང་མ་གྱོན་བླ་མ་ལ་མཎྜྻལ་ཕུལ་ཏེ། གཉིས་པ་གསང་སྔགས་ཀྱི་ཆོས་ལ་མོས་པ་འཇུག་པ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གནས་པ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་ཡི་འབྲས་བུ་མི་གཉེར་ཏེ། །གལ་ཏེ་འདི་འབྲས་དོན་གཉེར་ན། འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །གསུམ་པ་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་དོན་དུ་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ།། ཞེས་ལན་གསུམ་གསོལ་བ་གདབ་ཏུ་གཞུག བཞི་པ་སློབ་དཔོན་གྱིས་གསང་སྔགས་ཀྱི་ཐེག་པར་བློ་དགུག་པར་བྱ་བ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་ཚུལ་ཆོག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀ །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཅེས་བརྗོད། ལྔ་པ་ཉན་པར་རྣ་བ་གཏད་པར་བསྐུལ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོས་ལེགས་པར་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་བརྗོད། དྲུག་པ་རྒྱུད་དག་པར་བྱ་བའི་དོན་དུ་ལྔ་རྣམ་དག་བྱ་བ་ནི། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །སྒོམ་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡི་རང་ངོ་། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་ཉིད་དུ་ནི་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད་དུ་གཞུག བདུན་པ་སློབ་མ་རབ་གནས་ནི། སློབ་མ་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མར་བསྐྱེད་ལ། སློབ་དཔོན་གྱིས་དྲི་བཟང་པོའི་ཆུ་དང་བཅས་པའི་རྡོ་རྗེ་ལག་ཏུ་ཐོགས་ནས་གནས་གསུམ་དུ་མས་རིམ་གྱིས་གཏུག་ཅིང་། སྙིང་གར་ཧཱུྃ་སྔོན་པོ། མགྲིན་པར་ཨཱཿདམར་པོ། སྤྱི་བོར་ཨོཾ་དཀར་པོ་ཅིག་སྒོམས་ཤིག་ཅེས་བརྗོད་དོ། །ཡང་རྡོ་རྗེ་ཡས་རིམ་གྱིས་གཏུག་ཅིང་། ཧཱུྃ་དེ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཨཱཿདེ་པདྨ་དམར་པོ་ཨཱཿས་མཚན་པ། ཨོཾ་དེ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པར་སྒོམས་ཤིག་ཅེས་བྱ་སྟེ། ཕྱག་མཚན་ས་བོན་དང་བཅས་པ་དེའི་འོད་ཟེར་གྱི་ལྕགས་ཀྱུས་སྐུ་གསུང་ཐུགས་རྡོ་རྗེ་བཀུག་རང་རང་གི་ས་བོན་ལ་བཅུག་པར་སྒོམས་ཤིག། དེ་ལ་སློབ་དཔོན་གྱི་མཆོད་པ་ལྔ་རོལ་མོ་དང་བཅས་པས་མཆོད་པར་བྱའོ། །བརྒྱད་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་དོན་དུ་སོ་ཤིང་སྦྱིན་པ་ནི་མཆོད་སྦྱིན་གྱི་ཤིང་ལྕང་མའམ་ཤུག་པའམ་འོམ་བུ་ལ་སོགས་པ་འབུས་མ་ཟོས་ཤིང་མ་ཡོ་བ་དང་གས་པ་དང་ཆག་པའི་སྐྱོན་དང་བྲལ་བའི་སོ་ཤིང་སོར་བཅུ་གཉིས་པའི་ཚད་དྲིའི་ཆུས་བརླན་ཞིང་མེ་ཏོག་གི་འཕྲེང་བས་བརྒྱན་པ་ཨོཾ་ཨཱཿཧཱུྃ་བཟླས་ཏེ་སློབ་མའི་ཐལ་མོ་སྦྱར་བའི་བར་དུ་སྦྱིན། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། མི་སྨྲ་བ་ནི་སོ་ཤིང་བཅའ། །བཅའ་ཞིང་དེ་བཞིན་མི་དྭགས་ ? ཤིང་། །ཕན་ཚུན་དུ་ཡང་མི་འདོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །ཞེས་བཤད་པས་ཁ་ཤར་ཕྱོགས་སུ་བལྟས་ལ་སོ་ཤིང་གི་རྩ་བ་ཅུང་ཟད་འཇིབ་པའི་ཚུལ་དང་། དེ་ནས་མགོ་མཇུག་བསྒྱུར་ལ་རྩེ་མོ་འཇིབ་པའི་ཚུལ་དང་། དེ་ནས་རྩ་བས་སོ་དྲུད་པའི་ཚུལ་དུ་གྱིས་ལ་རྩེ་མོ་གྱེན་དུ་བསྟན་པ་མཎྜྻལ་གྱི་དབུས་སུ་དོར་ཞིག དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པ་ནི། དེ་ཡི་ཚེ་ན་མཚན་མ་ནི། །དེ་ཚེ་བདག་ལ་བལྟ་བ་དང་། །རྩེ་མོ་གྱེན་དུ་བསྒྲེང་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་ཤར་དུ་བལྟ་ན་ནི། དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འཐོབ། །སོ་ཤིང་འདོར་བ་རྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །ཅེས་པའི་ཚུལ་གྱིས་བརྟག་པར་བྱའོ། །དགུ་པ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་པོའི་ཆུ་ཁྱོར་བར་ལན་གསུམ་སྔགས་འདིས་འཐུང་དུ་གཞུག་སྟེ། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦྦ་པཱ་པ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦྦ་བི་ཀལྤན་ཨ་པ་ནཱ་ཡ་ཧཱུྃ། དེས་རྣམ་པར་རྟོག་པ་ཐམས་ཅད་སྦྱང་བར་བྱའོ། །བཅུ་པ་རྨི་ལམ་གྱི་ལྟས་བརྟག་པའི་དོན་དུ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཆུན་པོ་དྲི་ཆུས་བསངས་ལ། ཨོཾ་ཨཱཿཧཱུྃ་བཟླས་པའི་ཉུང་བ་སྔས་དང་མང་བ་སྟན་གྱི་དོན་དུ་སྦྱིན་ནོ། །བཅུ་གཉིས་པ་བར་ཆད་བསྲུང་བའི་དོན་དུ་སྲུང་སྐུད་གདགས་པ་ནི། སྐུད་པ་དམར་པོ་ལ་རྩ་བའི་སྔགས་ཀྱིས་བཏབ་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་གདགས། དེ་ལ་དྲིའི་ཆུས་བྱུག བཅུ་གཉིས་པ་སྤྲོ་བ་བསྐྱེད་པའི་ཕྱིར་ཟབ་རྒྱས་ཀྱི་ཆོས་བཤད་པ་ནི། འཇིག་རྟེན་ཁམས་ནི་མ་ལུས་པར། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱས་པའི་རྣམ་སྨིན་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །ཞེས་བརྗོད། ནུས་ན་དགེ་སྦྱོར་གྱིས། མི་ནུས་ན་སེང་གེའི་ཉལ་སྟབས་སུ་རྡོ་རྗེ་བདག་མེད་མ་ཡིད་ལ་གྱིས་ལ་ཉོལ་ལ་རྨི་ལམ་དུ་གང་རྨིས་པ་དེ་ནང་པར་ང་ལ་སྨྲོས་ཤིག་ཅེས་བརྗོད་ལ་གནས་ཁང་དེ་ཉིད་དུ་ཉལ་དུ་གཞུག་གོ །དེ་ནས་སློབ་དཔོན་ཡོལ་བའི་ནང་དུ་ཞུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད། དགེ་བ་བསྔོ་བ། འདོད་དོན་གསོལ་བ་རྣམས་བྱས་ཏེ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། མར་མེ་དང་སྤོས་མཚན་ཐུབ་ཕུལ་ཏེ་ཅི་བདེ་བར་ཉལ་ལོ། །ནངས་པར་སློབ་དཔོན་གྱིས་རྨི་ལམ་ཅི་རྨིས་ཞེས་དྲིས། དེས་ཀྱང་ཇི་ལྟར་རྨིས་པ་སྨྲའོ། །ལྟས་བརྟག་པ་ནི་རྨི་ལམ་སངས་རྒྱས་མཐོང་བ་ན། ཞེས་སོགས་བྱུང་ན་བཟང་། མུན་ནག་བཙོན་རར་ཚུད་པ་སོགས་བྱུང་ན་ངན་པས་དེ་རྣམས་བཟློག་པའི་ཐབས་ནི། བའི་རྣམ་ལྔ་དང་བསྲེས་པའི་བཏུང་བ་ལ་བདུད་རྩི་འཁྱིལ་པའི་སྔགས་བཏབ་པ་འཐུང་དུ་བཅུག་པས་ཀྱང་བཟློག བདུད་རྩི་ལྔའི་ཆུ་འཐུང་དུ་བཅུག་པ་དང་། ཆོས་ཐམས་ཅད་རྨི་ལམ་ལྟར་ཡིད་ལ་བྱེད་དུ་བཅུག་པ་དང་། དྲག་པོའི་སྦྱིན་སྲེག་རྣམས་ཀྱིས་ཀྱང་བཟློག་གོ །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ལ་བཞི་ལས། དང་པོ་ཐིག་ཚོན་གྱི་ཆོ་ག་ནི། དཀྱིལ་འཁོར་གྱི་ལྷ་སྔར་བཏེགས་མེད་ན་བཛྭོད་ཏིཥྛ་ཞེས་པས་ནམ་མཁར་བཏེག དེ་ནས་བསྐྱེད་རིམ་ཡན་ལག་དྲུག་ལྡན་བསྒོམས་ཏེ། དཀྱིལ་འཁོར་བསྡུས་ལ་ལས་ཀྱི་ཧེ་རུ་ཀར་གྱུར་ནས་ཤེས་རབ་མ་མཚན་དང་ལྡན་པ་འམ། སྒྲུབ་པའི་གྲོགས་མཆོག་གིས་བཀལ་བའི་དཀྱིལ་འཁོར་གྱི་ཉིས་འགྱུར་ལོངས་པའི་ཚོན་སྣ་ལྔའི་སྐུད་པ། སློབ་དཔོན་རྟོགས་པ་དང་ལྡན་ན་ཨོཾ་ཨཱཿཧཱུྃ་གིས་བདེ་སྟོང་གི་ངོ་བོར་བྱིན་གྱིས་བརླབ། རྣམ་པར་རྟོག་པ་ཤས་ཆེ་ན་ཐོད་པའི་ནང་དུ་བཞག དེས་ཤཱུ་ནྱཏཱས་བསངས། སྟོང་པའི་ངང་ལས་སྐུད་པ་སྔོན་པོ་ཨ་ལས་བདག་མེད་མ་ནག་མོ། དཀར་པོ་ཨཱཿལས་བདག་མེད་མ་དཀར་མོ། སེར་པོ་ཨི་ལས་བདག་མེད་མ་དམར་མོ། དམར་པོ་ཨཱི་བདག་མེད་དམར་མོ། ལྗང་ཁུ་ཨེ་ལས་བདག་མེད་མ་ལྗང་ཁ། ལྔ་ཀའང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་འཕྱར་ཞིང་ཐོད་ཁྲག་ཐུགས་ཀརའཛིན་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མེ་དཔུང་གི་དབུས་ན་བཞུགས་པ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། གཽ་རཱི་ཛཿཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷསྨཱ་རཱི་ཧོཿ ཨོཾ་ཛ་ཧཱུྃ་སོགས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་མཆོད། བུད་མེད་ཀྱིས་འདུལ་སོགས་ཀྱིས་བསྟོད། ཨོཾ་ཨཱཿཧཱུྃ་ལྷ་འོད་དུ་ཞུ་ནས་ཐིག་ཏུ་གྱུར། ཐིག་སྐུད་རྣམས་གྲོགས་དང་བཅས་ཏེ་བསྒྲིལ་ནས་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། སློབ་དཔོན་ཤར་ན་གནས་པས་ཛཿཛཿཞེས་ཐིག་གི་སྣ་གྲོགས་ཀྱི་ལག་ཏུ་གཏད། དེས་ཀྱང་སྐུད་པའི་སྣ་གཟུང་ལ་རྒྱབ་ནས་བསྐོར་ཏེ་ནུབ་ཏུ་སོང་ལ། ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང་། ཐིག་སྐུད་ཀྱི་སྒྲས་འཇིག་རྟེན་གྱི་ཁམས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ལ་ཁྱེད་ཀྱི་སེམས་ཅན་གྱི་དོན་མཛད་པའི་དུས་ཡིན་ནོ་ཞེས་བསྐུལ་བར་བསམས་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་བསྐོར་ཏེ་གྲོགས་ལྷོ་དང་སློབ་དཔོན་རྒྱབ་ནས་བསྐོར་ཏེ་བྱང་དུ་གནས་པས་གཉིས་པ། དེ་ནས་གྲོགས་ཀྱིས་རྒྱབ་ནས་བསྐོར་ཏེ་དབང་ལྡན་དང་། སློབ་དཔོན་གྱིས་བསྐོར་ཏེ་མེར་འདུག་ལ་ཤར་གྱི་ལོགས་ཐིག སློབ་མས་བསྐོར་ཏེ་བདེན་བྲལ་དང་། སློབ་དཔོན་གྱིས་བསྐོར་ཏེ་རླུང་དུ་གནས་པས་ནུབ་ཀྱི་ལོགས་ཐིག སློབ་དཔོན་དེ་ཉིད་དང་གྲོགས་ཀྱིས་བསྐོར་ཏེ་དབང་ལྡན་དུ་གནས་པས་བྱང་གི་ཐིག སློབ་དཔོན་གྱིས་རྒྱབ་ནས་བསྐོར་ཏེ་མེ་དང་གྲོགས་ཀྱིས་བསྐོར་ཏེ་བདེན་བྲལ་དུ་གནས་པས་ལྷོ་ཐིག སློབ་དཔོན་དེ་ཉིད་དང་གྲོགས་རླུང་དུ་གནས་པས་ཟུར་ཐིག་དང་པོ། སློབ་དཔོན་བདེན་བྲལ་དང་གྲོགས་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་རྣམས་གདབ་ཅིང་ཆད་པ་དང་རིང་ཐུང་ཕྱོགས་འཁྲུལ་སོགས་ཉེས་སྐྱོན་དང་བྲལ་བར་བྱ། དེ་ལྟར་ཐིག་ཆེན་བརྒྱད་གནམ་ཐིག་ཏུ་གདབ་བོ། །ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས། ལས་ཐིག་མན་ངག་བཞིན་གདབ། ཚོན་ཐིག་བཞིན་བྱིན་གྱིས་བརླབ། པྲ་བརྟག་པ་ནི་འཁོར་ལོའི་དབུས་སུ་འདུག་སྟེ་ཁ་ཕྱིར་བལྟ་བས་བྱང་ཤར་གྱི་མཚམས་སུ་ཕྱི་མཐར་དཀར་པོ། དེ་ནས་སེར་དམར་ལྗང་ནག་པོ་རྣམས་འཁྱིད་གང་ཙམ་གཡོན་པས་འཐེན། ཐོད་པ་སྟེང་དུ་བཀབ་སྟེ་དེའི་སྟེང་དུ་རྡོ་རྗེ་བཞག་ལ། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བ། །རྒྱལ་ཆེན་བདག་མེད་རྣལ་འབྱོར་མའི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ།། ཞེས་བརྗོད་དེ་མེ་ཏོག་གཅིག་གཏོར་ལ། ཐམས་ཅད་མཉམ་ཞིང་བར་ཆད་མེད། །ངན་པ་དང་ནི་ཉམས་པ་དང་། །མ་སྙོམས་པ་དང་བར་ཆད་ན། །གནོད་པ་མང་པོ་འབྱུང་བར་འགྱུར། །ཞེས་པ་ལྟར་ཚོན་པྲ་བརྟག དེ་ནས་ལྟེ་བ་ནས་རིམ་པར་མན་ངག་བཞིན་བྲིས་ནས་ཐིག་སྐུད་དང་ཚོན་ལྷག་མའི་ཡེ་ཤེས་པ་གཤེགས་པར་བྱའོ། །དེ་ནས་ལག་ལེན་བཞིན་བྲི། གཉིས་པ་དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་པ་ནི། མཆོད་པའི་རྫས། རྣལ་འབྱོར་གྱི་ཡོ་བྱད་ཚང་བར་བསགས་ལ་ལག་ལེན་བཞིན་དུ་ཉེ་བར་བརྒྱན་པར་བྱའོ། །གསུམ་པ་དཀྱིལ་འཁོར་བསྒྲུབ་པ་ལ་གསུམ་ལས། དང་པོ་མདུན་བསྐྱེད་ནི། སློབ་དཔོན་བདག་ཉིད་ཁྲུས་བྱས། ཁར་བདུད་རྩི་རིལ་བུ་བཅུག རུས་པའི་རྒྱན་ཆ་ལྔས་བརྒྱན་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྟན་ནང་ཚངས་ཅན་བཏིང་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། འབྱུང་གཏོར་བྱིན་གྱིས་བརླབ་པ་ནས། བདག་དང་གནས་དང་རྣལ་འབྱོར་བསྲུང་བའི་བར་དཀྱིལ་ཆོག་གི་གོང་དུ་འབྱུང་བ་ལྟར་བྱ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་བདུད་རྩིའི་བསངས་གཏོར་དཀྱིལ་འཁོར་ལ་བྱས་པས། ཐུགས་ཕྱག་མཚན་རྣམས་བཀོད་པ་ལ་ཕོག་པས་བདུད་རྩིའི་ཐིག་ལེར་གྱུར། དེ་ལས་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་ངང་ནས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ། ཁ་དོག་དཀར་པོ། དྲུག་པ་འབྱུང་བ་རིམ་བརྩེགས་ནི། དེའི་ནང་དུ་སའི་དཀྱིལ་འཁོར་གྲུ་བཞི། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཟླ་གམ། བདུན་པ་གཞལ་ཡས་ཁང་གདན་དང་བཅས་པ་ནི། འབྱུང་བཞིའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ། འཁོར་ལོ་དེའི་དབུས་སུ་ནཱ་ད་ཆ་གཅིག་ཞུགས། དེ་རྣམས་འདྲེས་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དེའི་དབུས་སུ་པད་འདབ་བཞི། དེའི་ཕྱི་རོལ་ཏུ་བརྒྱད། ལྟེ་བ་ནག་པོ། ཟེའུ་འབྲུ་ཁྲ་བོ། འདབ་མ་རྣམས་དམར་པོ། གོང་རས་ནག་པོ། ཐོད་འཕྲེང་དཀར་པོ། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པས་བསྐོར་བའི་ལྟེ་བ་དང་འདབ་མ་སྟེང་འོག་ཏུ་རོ་གན་རྐྱལ་ཏུ་བསྒྱེལ་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དབུས་དང་འདབ་མ་སོ་སོར་རྡོ་རྗེ་གྲི་གུག་ཐིག་ལེའི་རྣམ་པར་གནས་པ་དེ་ཡོངས་སུ་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་བདག་མེད་མ། ཤར་དུ་རྡོ་རྗེ་མ། ལྷོར་དཀར་མོ། ནུབ་ཏུ་ཆུའི་རྣལ་འབྱོར། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། ཕྱི་རོལ་གྱི་འདབ་མ་བརྒྱད་ཀྱི་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏཱ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་ཤ་བ་རཱི། ལྷོ་ནུབ་ཏུ་ཙཎྜྻཱ་ལཱི། ནུབ་བྱང་དུ་ཌོམྦི་ནཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ། དེ་ཐམས་ཅད་སྐུ་མདོག་ནག་མོ། ཁྲོ་བོའི་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཁ་ཊྶཱཾ་ག་མཆན་ཁུང་གཡོན་པར་བརྟེན་པ། སྟག་གི་པགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། གཙོ་མོའི་མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་ཧཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། སྙིང་གི་ཆ་སྟོད་དུ་ཨ་ལས་དབང་ཕྱུག་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གི་ཆ་སྨད་དུ་ཧཱུྃ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གྲི་གུག གཡོན་ཐོད་པ། མཆན་ཁུང་དུ་ཁ་ཊྶཱཾ་ག་བཅུག་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་གྱི་སྟེང་ན་བཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ལ་ཝཱ་སི་ནཱི་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ནམ་མཁར་གནས་པའི་སྟ་གོན་གྱི་ལྷ་ཚོགས་རྣམས་ཀྱང་ཛཿཧཱུྃ་བྃ་ཧོཿས་མདུན་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར།༼གོང་དུ་སྟ་གོན་མ་བྱས་ན་སྟ་གོན་གྱི་ལྷ་བསྟིམ་པ་འདི་མི་དགོས།༽ ཞེས་མདུན་བསྐྱེད་སྒྲུབ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པའི་དོན་དུ། གཉིས་པ་བདག་བསྐྱེད་ནི། ཚོགས་བསགས་ནས་བརྩམས་བདག་བསྐྱེད་དཀྱུས་ལྟར་གྱི་ཁ་དོག་དྲུག་གིས་རྒྱས་གདབ་ཀྱི་མཐར་དེ་ནས་སྔར་བཞིན་གསལ་བར་གྱུར། ཞེས་པའི་འཕྲོས་མངལ་འབྱིན་གྱི་དུས་གཙོ་མོའི་ཐུགས་ཀའི་ས་བོན་ཨ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཡེ་ཤེས་ཀྱི་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བཀུག བདག་ཉིད་ཀྱི་ཞལ་དུ་བཅུག་སྟེ་པདྨའི་ནང་ནས་ཕྱིར་ཕྱུང་སྟེ་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའི་ཕྱོགས་སུ་གསལ་བར་གྱུར། ཞེས་སྦྱར་རོ། །དེ་ནས་གཙོ་མོའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ཞལ་ནས་ཐོན་ཏེ་ལྟེ་བར་བཞུགས། །གཙོ་མོའི་བཟླས་པས་འཁོར་རྣམས་ཟློས་གྲོགས་བྱེད་པར་བསམ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་སྭཱ་ཧཱ། ཞེས་བཟླས། ལྷ་མོ་བཅུ་བཞི་རང་གི་སྙིང་གའི་ས་བོན་ལ་བསྡུ། ལྔ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་ནི། རང་གི་སྙིང་ཀའི་ཨཱ་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཀའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་པུཀྐ་སཱི་གཽ་རཱི་རྣམས་ལ་མི་བསྐྱོད་པ། རྡོ་རྗེ་མ་རི་ཁྲོད་མ་ཆོམ་རྐུན་མ་ས་སྤྱོད་མ་རྣམས་ལ་རྣམ་སྣང་། དཀར་མོ་གདོལ་པ་མོ་རོ་ལངས་མ་རྣམས་ལ་རིན་འབྱུང་། ཆུའི་རྣལ་འབྱོར་མ་ཌོམྦོ་ནཱི་གྷསྨ་རཱི་མཁའ་སྤྱོད་མ་རྣམས་ལ་སྣང་མཐའ། རྡོ་རྗེ་མཁའ་འགྲོ་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ནས་གཉིས་སུ་མེད་པར་གྱུར། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས་རང་གི་སྙིང་ཀའི་ཧཱུྃ་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷིཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་གཙོ་བོ་ཡབ་ཡུམ། པུཀྐ་སཱི་དང་གཽ་རི་མ་ལ་མི་བསྐྱོད་པ། ཤ་ཝ་རཱི་དང་ཙཽ་རཱི་མ་ལ་རྣམ་པར་སྣང་མཛད། ཙཎྜྻ་ལཱི་དང་བཻ་ཏཱ་ལཱི་ལ་རིན་ཆེན་འབྱུང་ལྡན། ཌོམྦི་ནཱི་དང་གྷསྨ་རཱི་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། མི་བསྐྱོད་པའི་ཡན་ལག་གོ །བདུན་པ་བདུད་རྩི་མྱང་བ་ནི། དེ་ནས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱིས་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། འོད་དཔག་མེད་ཀྱི་ཡན་ལག་གོ །བརྒྱད་པ་མཆོད་པ་ནི། དེ་ནས་ལྷ་དགུའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་འོད་ཟེར་གྱིས་བསྡུས་ནས་ལྷ་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲོས་པས། དེ་རྣམས་ཀྱིས་ལྷ་དགུའི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར། བཅོམ་ལྡན་དེང་འདིར་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ནཱི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། །ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་རེའི་དྲི་མཆོག་ནི། །བདགྎ སོ་སོརྎ དྷཱུ་པེྎ གཙང་ཞིང་བཟང་ལ་དགེ་བའི་དྲི། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། །བདགྎ སོ་སོརྎ གནྡྷེྎ གཙང་ཞིང་གཙང་ལ་དགེ་བའི་བཤོས། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། བདགྎ སོ་སོརྎ ནཻ་ཝི་དྱཱྎ དམར་གསལ་སྡུག་པ་དག་ཅིང་གཙང་། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནིྎ སོ་སོརྎ ཨཱ་ལོ་ཀེྎ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་ལྡན། །བདགྎ སོ་སོརྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻཱ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཅེས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། དགུ་པ་བསྟོད་པ་ནི། ཨོཾ་མཧཱ་བཛྭ་ཧཱུྃ་ཞེས་པས་རྡོ་རྗེ་གཟུང་། ཨོཾ་བཛྭ་གྷཎྜྻེ་ཨཱ་ཞེས་པས་དྲིལ་བུ་གཟུང་སྟེ། བསྟོད་པ་ནི། མི་འགྱུར་ཡེ་ཤེས་གསལ་བའི་ཞིང་ཁམས་ནས། །སྣང་བྱེད་རྡོརྗེ་ཆོས་ཀྱི་འཁོར་ལོ་ལས། །ཁྱབ་བདག་བདེ་ཆེན་འབྱུར་གནས་སྟོང་པ་ཉིད། །འབྱུང་བཞི་འདྲེས་པའི་རིན་ཆེན་གཞལ་ཡས་ཁང་། །ཆུ་སྐྱེས་དབུགས་བྲལ་གང་སྣང་གདན་སྟེང་དུ། །ཐབས་དང་ཤེས་རབ་གཉིས་མེད་ཕྱག་མཚན་ལས། །ཡེ་ཤེས་ལྔ་ལྡན་གཉིས་མེད་བྱང་ཆུབ་སེམས། །དོན་སྣང་འགག་པ་མེད་ལ་ཕྱག་འཚལ་ལོ། །རྣམ་ཤེས་རྣམ་དག་མི་བསྐྱོད་དབུ་ལ་བཞུགས། །གཟུང་འཛིན་གཉིས་སྤངས་སྲིད་དང་ཞི་ལས་འདས། །སྐྱེ་མེད་ཨ་ལས་བྱོན་པ་ནམ་མཁའི་མདོག འཁོར་ལོའི་བདག་མོ་གཙོ་བོ་ལ་ཕྱག་འཚལ་ལོ། །གཟུགས་ཕུང་རྣམ་དག་རྣམ་སྣང་དབུ་ལ་བཞུགས། །རྨོངས་པའི་དྲི་བྲལ་སྒྲིབ་པའི་རྩ་བ་གཅོད། །ཤེས་རབ་ཕ་རོལ་ཕྱིན་དོན་ཨ་ལས་སྐྱེས། །ཤར་ཕྱོགས་རྡོ་རྗེ་མ་ལ་ཕྱག་འཚལ་ལོ། །ཚོར་བའི་ཕུང་པོ་རྣམ་དག་རིན་འབྱུང་བརྒྱན། །སྒྲིབ་པ་གཉིས་སྤངས་སེར་སྣའི་རྩ་རྒྱུན་གཅོད། །ཨི་ལས་སྐྱེས་ནས་གསུང་གི་སྒྲ་སྒྲོག་པའི། །ལྷོ་ཕྱོགས་གཽ་རཱི་མ་ལ་ཕྱག་འཚལ་ལོ། །འདུ་ཤེས་ཕུང་པོ་རྣམ་དག་སྣང་མཐའི་དབུ། །ཆགས་པའི་སྒྲིབ་པ་བདེ་ཆེན་རོལ་པས་སྦྱོང་། །ཚངས་པའི་ཡི་གེ་ཨཱི་ལས་འཁྲུངས་པ་ཡི། །ནུབ་ཕྱོགས་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འདུ་བྱེད་ཕུང་པོ་རྣམ་དག་དོན་བརྒྱན། །ཕྲག་དོག་ཀུན་བྲལ་བྱམས་པའི་ཐུགས་མངའ་ཞིང་། །ཨུ་སྐྱེས་ཨུ་དུམྦ་རའི་འོད་ཟེར་ཅན། །རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མི་བསྐྱོད་དབུ་བརྒྱན་ས་ཁམས་རྣམ་དག་ཅིང་། །འབྱུང་བའི་རང་བཞིན་བདེ་སྟོང་རོལ་པར་ཤར། །དྲི་མེད་དབྱངས་ལས་ཨཱུ་ལ་སྐུར་བཞེངས་པའ།ི །སྐྱེ་མེད་པུཀྐ་སཱི་ལ་ཕྱག་འཚལ་ལོ། །རྣམ་སྣང་དབུ་བརྒྱན་ཆུ་ཁམས་དག་གྱུར་པའི། །ཟག་མེད་རླན་གྱི་ཐུགས་རྗེས་འགྲོ་བ་འདྲེན། །རྒྱུ་འབྲས་ཚུལ་དུ་རྀ་ལས་མཚན་དཔེས་བརྗིད། །སྣང་བྱེད་རི་ཁྲོད་མ་ལ་ཕྱག་འཚལ་ལོ། །རིན་འབྱུང་དབུ་བརྒྱན་མེ་ཁམས་རྣམ་པར་དག ཡེ་ཤེས་འབར་འཕྲོའི་ཐུགས་རྗེའི་འགྲོ་དོན་མཛད། །གསལ་སྟོང་མ་འགག་ས་བོན་རཱྀ་ལས་བྱོན། །བདེ་ཆེན་ཙཎྜྻ་ལཱི་ལ་ཕྱག་འཚལ་ལོ། །དཔག་མེད་དབུ་བརྒྱན་རླུང་ཁམས་རྣམ་དག་ཅིང་། །ཐབས་དང་ཤེས་རབ་བསྐྱོད་པས་འགྲོ་བ་སྒྲོལ། །དྲི་བྲལ་ཡེ་ཤེས་ལི་ལས་སྐུར་བཞེངས་པའི། །དོན་གཟིགས་ཌོཾ་བི་ནཱི་ལ་ཕྱག་འཚལ་ལོ། །གཟུགས་ཁམས་རྣམ་དག་སེམས་དཔས་ཅོད་པན་མཛེས། །ཞེ་སྡང་སྤྲོས་བྲལ་བྱམས་པའི་ངང་དུ་དག མཉམ་ཉིད་གཟུགས་སྐུས་འགྲོ་བ་སྐམ་སར་འདྲེན། །ལཱྀ་ལས་དབྱེར་མེད་གཽ་རཱི་མ་ལ་འདུད། །སྒྲ་ཁམས་རྣམ་དག་རྟག་པའི་དབུ་བརྒྱན་ཅན། །གཏི་མུག་ཡེ་ཤེས་གསལ་བའི་ཤེས་རབ་དང་། །ཆོས་སྒྲ་གསུང་གི་ང་རོས་འཇིག་རྟེན་སྒྲོག །ཨེ་ཡི་རང་བཞིན་ཆོམ་རྐུན་མ་ལ་འདུད། །དྲི་ཁམས་རྣམ་དག་རིན་ཆེན་རྒྱལ་པོས་སྤྲས། །སེར་སྣའི་སྒྲིབ་བྲལ་ནམ་མཁའ་མཛོད་ཀྱི་ངང་། །འབྱོར་པའི་གསུང་གི་ཕོངས་པའི་རེ་བ་སྐོངས། །ཨཻ་ལས་མཚུངས་མེད་རོ་ལངས་མ་ལ་འདུད། །རོ་ཁམས་རྣམ་དག་འོད་དཔག་མེད་ཀྱིས་བརྒྱན། །ཆགས་པའི་ཉོན་མོངས་ཡེ་ཤེས་བདེ་ཆེན་དང་། །རྟོག་མེད་བཅུད་ཀྱི་སྙིང་པོས་ཁམས་གསུམ་ཁྱབ། །ཨོ་རང་བཞིན་ཟ་ཕོད་མ་ལ་འདུད། །རེག་བྱ་རྣམ་དག་སྐུ་ཡི་རྡོ་རྗེ་བརྒྱན། །མི་རྟོག་ཆོས་དབྱིངས་ལས་སྤྲུལ་ཡི་གེ་ཨཽ། །ས་འོག་སེམས་ཅན་ཡེ་ཤེས་ཐུགས་རྗེས་འདྲེན། །འོག་ཕྱོགས་འགྲོ་འདུལ་མ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་དག་གསུང་གི་རྡོ་རྗེ་བརྒྱན། །བདེ་ཆེན་འབྱུང་གནས་རྒྱུ་ཡི་གེ་ཨཾ། །བར་སྣང་ཉི་ཟླའི་འོད་བཞིན་ཐུགས་རྗེ་སྙོམས། །སྟེང་ཕྱོགས་འགྲོ་འདུལ་མ་ལ་ཕྱག་འཚལ་ལོ། །ཡན་ལག་དྲུག་སྒོམ་སྐྱེ་མཆེད་རྣམ་པར་དག །རྡོ་རྗེ་གསུམ་མཆོག་ཚད་མེད་ཡེ་ཤེས་ཆེ། །ཉོན་མོངས་ལས་རྒྱལ་འཇིག་རྟེན་གསུམ་གྱི་མགོན། །བཅོ་ལྔའི་ཚུལ་འཛིན་ལྷ་ལ་ཕྱག་འཚལ་ལོ། །མི་འགྱུར་ཆོས་དབྱིངས་རང་བཞིན་སྐུ་མདོག་གནག། །ཉོན་མོངས་རྩད་གཅོད་གཡས་པ་གྲི་གུག་འཛིན། །འཆི་བདག་ལས་རྒྱལ་གཡོན་པ་པདྨའི་སྣོད། །བདུད་འདུལ་ཐོད་ཕྲེང་ཅན་ལ་ཕྱག་འཚལ་ལོ། །ཞལ་གཅིག་དུས་གསུམ་གཟིགས་པའི་སྤྱན་གསུམ་དམར། །རྣམ་རྟོག་རྩད་གཅོད་མཆེ་བ་བཞི་གཙིགས་ཤིང་། །ཡེ་ཤེས་མེ་འབར་དབུ་སྐྲ་གྱེན་དུ་བརྫེས། །སྐུ་གསུམ་ཁ་ཊྶཱཾ་འཛིན་ལ་ཕྱག་འཚལ་ལོ། །འཆིང་བས་མ་བཅིངས་ཞེན་མེད་གཅེར་བུའི་ཚུལ། །རིགས་ལྔར་རྣམ་དག་ཕྱག་རྒྱ་ལྔ་ཡིས་བརྒྱན། །འཁོར་བ་ལས་རྒྱལ་སྟག་ལྤགས་ཤམ་བུར་བཅས། །གཡོན་བརྐྱང་རོ་སྐེད་བཞུགས་ལ་ཕྱག་འཚལ་ལོ། །ཐ་མལ་ལུས་ལ་ལྷ་ཡི་སྐུར་རྒྱལ་ཞིང་། །དུག་ལྔ་ཡེ་ཤེས་ལྔར་རྒྱལ་མཁའ་འགྲོ་མ། །གཟུང་འཛིན་བདེ་སྟོང་ངོ་བོའི་ས་ལ་སྦྱོར། །སྲིད་པའི་འཆིང་བ་གཅོད་ལ་ཕྱག་འཚལ་ལོ། །འབར་བཅས་མེ་ཡི་དབུས་ན་འགྱིང་མཛད་ཅིང་། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ་གཅིག་མ། །བདག་བསྐྱེད་སེམས་ཚུལ་འཇིག་རྟེན་གསུམ་ན་ཁྱབ། །ལྷན་སྐྱེས་འཁོར་ལོ་བཅས་ལ་ཕྱག་འཚལ་ལོ། །བདག་འདྲས་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །དད་པའི་ཤུགས་ཀྱིས་ཆུ་ཐིགས་གཅིག་བླངས་པའི། །སྲིད་པ་རྒྱ་མཚོའི་དུག་གསུམ་རྦ་རླབས་བཅོམ། །བློ་ལྡན་མྱ་ངན་འདས་པའི་ས་ཐོབ་ཤོག །དྲན་པས་མ་བྲལ་རྒྱུན་དུ་ཁྱེད་སྒོམ་པས། །རྟག་ཏུ་ཡེ་ཤེས་སྐྱེས་ནས་མི་ལྡོག་ལམ། །བདེ་བའི་གླིང་ཆེན་དེར་ནི་བདག་གཞན་རྣམས། །ཟུང་འཇུག་ཡངས་པའི་ཡི་དམ་ཁྱེད་འདྲར་ཤོག །ཁྱོད་ཀྱི་ཡོན་ཏན་ཤས་ཙམ་ཐོས་པས་ཀྱང་། །སྲིད་དང་ངན་འགྲོའི་སྡུག་བསྔལ་སེལ་ནུས་ན། །བློ་ཆུང་བསྟོད་པས་མུན་པའི་སྨག་ཚོགས་ལ། །ཡེ་ཤེས་གསལ་བའི་ཉི་མ་འཆར་བར་ཤོག། ཅེས་རྗེ་བཙུན་རྔོག་པས་ལྷ་མོ་བཅོ་ལྔའི་ཞལ་གཟིགས་དུས་མཛད་པ་བྱིན་རླབས་ཅན་ནོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་སྟུ་ཏི་རབཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཅེས་བསྟོད་པས་རྒྱས་གདབ་བྱ། ཚོགས་ཀྱི་མཆོད་པ་སྐབས་འདིའམ་བདག་འཇུག་གི་རྗེས་སུ་བྱས་ཀྱང་རུང་། སྒྲུབ་མཆོད་ཞག་མང་དུ་སྦྲེལ་ན་སྐབས་འདིར་བུམ་བསྐྱེད། བཟླས་པ། ལས་བུམ་བཅས་སྟ་གོན་སྐབས་ལྟར་བྱའོ། །དེ་ནས་དབང་བསྐུར་བ་ལ་བཞི། བདག་ཉིད་དབང་བླངས་བ། བར་ཆད་ཞི་བའི་ཕྱིར་གཏོར་མ་སྦྱིན་པ། སློབ་མ་དཀྱིལ་འཁོར་དུ་གཞུག་པ། དབང་བཞི་བསྐུར་བའི་ཆོ་གའོ། །དེ་ལས་དང་པོ་སློབ་མ་དཀྱིལ་འཁོར་དུ་དམ་ཚིག་གི་བདག་ཉིད་འཇུག་པ་ལ། སློབ་མ་དཀྱིལ་འཁོར་དུ་གཞུག་བའི་དོན་དུ་གསོལ་བ་གདབ་པ་ནི། སྤོས་ཀྱི་རེང་བུ་ཐོགས་དྲིལ་བུ་བསིལ་ཞིང་། དམ་ཚིག་གི་གླུས་ཉེ་བར་སྤྱོད་པར་བྱ་བ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་བརྟག་པ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གི་བདག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བ། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པས། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག། དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོང་གྱུར་ཅིག། ཅེས་བརྗོད་དོ།དམ་ཚིག་གླུས་བསྐུལ་འདི་བདག་འཇུག་གི་རྗེས་སུ་མཛད་པའང་ཕྱག་བཞེས་ཁུངས་མར་འབྱུང་། བཞི་པ་སློབ་དཔོན་བདག་འཇུག་ནི། དེ་ནས་བདག་ཉིད་ཀྱི་བར་ཆད་ཞི་བའི་ཕྱིར་ཕྱི་རོལ་ཏུ་འབྱུང་པོ་ལ་གཏོར་མ་བཏང་བ་སྟེ། སྒྲུབ་པའི་གྲོགས་རྩ་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་གྱི་སྲུང་བར་བཞག །སློབ་དཔོན་སོགས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཕྱིན་ཅིང་ས་ཕྱོགས་གཙང་མར་དབུས་སུ་མཆོད་གཏོར། གཡས་སུ་ཆུ་གཉིས། གཡོན་དུ་མདུན་ནས་རྒྱབ་ཏུ་བརྩམས་ཏེ་ཉེར་སྤྱོད་ཕྲེང་ཚར། མདུན་དུ་ནང་མཆོད་ཆུ་སྣོད་སོགས་འདུ་བྱས་ལ། མདུན་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་གི་སྟེང་དུ་པདྨ་དཀར་པོ་དང་། བར་དུ་ནག་པོ་དང་། འོག་ཏུ་དམར་པོ་རྣམས་འདབ་མ་བརྒྱད་པ་བརྩེགས་པ། རང་གི་སྤྱི་བོའི་སྐུ་རྡོ་རྗེ་ལས་འོད་ཟེར་དཀར་པོ་འཕྲོས་པས་གཟུགས་མེད་སྲིད་པའི་ལྷ་ཚོགས་ནས་རྒྱལ་ཆེན་རིགས་བཞིའི་བར་གྱི་ལྷ་ཚོགས་རྣམས་འོད་ཀྱིས་བསྡུས་ནས་མདུན་གྱི་པདྨ་དཀར་པོའི་དབུས་སུ་ཨོཾ་དཀར་པོ་ཅིག་ཏུ་གྱུར། སྙིང་གའི་ཐུགས་རྡོ་རྗེ་ལས་འོད་ཟེར་ནག་པོ་འཕྲོས་པས་ཕྱོགས་སྐྱོང་བཅུ་དང་ཕ་མ་ལ་སོགས་པ་འོད་ཀྱིས་བསྡུས་ནས་པདྨ་ནག་པོའི་དབུས་སུ་ཧཱུྃ་ནག་པོ་ཅིག་ཏུ་གྱུར། མགྲིན་པའི་གསུང་རྡོ་རྗེ་ལས་འོད་ཟེར་དམར་པོ་འཕྲོས་པས་ས་སྟེང་གི་མི། ས་འོག་གི་ཀླུ། དམྱལ་བ་ཡི་དྭགས་བྱོལ་སོང་ཐམས་ཅད་འོད་ཀྱིས་བསྡུས་ནས་པདྨ་དམར་པོའི་དབུས་སུ་ཨཱཿདམར་པོ་ཅིག་ཏུ་གྱུར། ཡི་གེ་གསུམ་པོ་དེ་དག་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་འཁོར་ལོ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། རྡོ་རྗེ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། པདྨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་རང་འོད་ཀྱི་རིགས་མ་དང་ཞལ་སྦྱར་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱང་བས་བཞུགས་པ། རང་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་འཕྲོས་པས། དམ་ཚིག་སེམས་དཔའ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་གསུམ་སྤྱན་དྲངས། གཽ་རཱི་ཛཿཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷ་སྨ་རཱི་ཧོཿཞེས་དགུག་གཞུག་བཅིང་མཉེས་བྱས་ལ། སླར་ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བས་སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཡང་རང་གི་གནས་གསུམ་གྱི་ལྷ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པར་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ་དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། ཨོཾ་ཨིནྡྲ། ཡ་མཱ། ཛ་ལ། ཡཀྵ། བྷཱུ་ཏ། བ་ནི། ཝཱ་ཡུ། རཀྵ། ཙནྡྲ། སུརྻ། མཱ་ཏ། པ་བྱཱ་ཏཱ་ལ། པ་ཏཱ་ལ། ཨཥྚ། ས་བྱཱ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛིཾ་ག པུཥྤེ། དྷཱུ་པ། མཾ་ས། བིདྒ། ཨཏྨ། སརྦ། ཀཉྫྱ་སྭཱ་ཧཱ། ཁནྟི། ཁུ་ཏི། པེ་ཏ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ལན་གསུམ་བརྗོད་པས་ཕུལ་ལ། དབང་པོ་མཐར་བྱེད་ཆུ་བདག་དང་། །ནོར་སྦྱིན་དྲི་ཟ་བདེན་བྲལ་རླུང་། །འབྱུང་པོ་ས་ལྷ་འཁོར་དང་བཅས། །ཚངས་དང་ཟླ་ཉི་ལ་སོགས་གཟའ། །གཞན་ཡང་ཚངས་རིས་དམ་པ་དང་། །ཚངས་པའི་མདུན་ན་འདོན་པ་ཉིད། །དགའ་ལྡན་དང་ནི་འཐབ་བྲལ་བ། །རྒྱལ་པོ་ཆེན་པོ་བཞི་ཡི་རིས། །གཞན་འཕྲུལ་དབང་བྱེད་པ་རྣམས་དང་། །གང་ཞིག་འཕྲུལ་དགའ་ཡི་ནི་ལྷ། །གཙང་མའི་གནས་ན་གང་དག་གནས། །བདེ་བ་ཅན་ན་གནས་རྣམས་དང་། །འོག་མིན་གནས་ན་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་གནས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །ཀླུ་ཆེན་སྟོབས་རྒྱུ་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་ཉིད། །འཇོག་པོ་དང་ནི་རིགས་ལྡན་ཏེ། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མིན་སེམས་ཅན་དམྱལ་བར་བཅས། །རྡོ་རྗེ་གསུམ་གྱི་རང་བཞིན་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། སོགས་ནས། ཡིད་ལ་འདོད་པ་ཀུན་རྫོགས་མཛོད། །ཅེས་པས་ལས་བཅོལ། ཡི་གེ་བརྒྱ་པ་བརྗོད། མུཿ གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཉེ་རེག་བྱ་ཞིང་ནང་འོང་ནས་འཁོད་ལ། ཁྲུས་བྱས་ཏེ་མཎྜྻལ་ཕུལ་ནས། དཀྱིལ་འཁོར་གྱི་གཙོ་བོས་བདག་ཉིད་ལ་ཚིག་རྣམས་བརྗོད་པ་དང་དབང་བསྐུར་བར་བསམ་ཞིང་། དངོས་སུ་བདག་ཉིད་ཀྱིས་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་དཀྱིལ་འཁོར་དུ་འཇུག་པའི་དབང་བླང་ངོ་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ།། ཞེས་ལན་གསུམ་གྱི་རྗེས་ལ། ཨོཾ་ཨཱཿཧཱུྃ་གིས་གདོང་གཡོག་བསངས་ལ་བཅིངས་ཏེ། རྡོ་རྗེ་ལག་ཏུ་གཏད་དེ་ཡོལ་བའི་ནང་ཁྲིད་པར་མོས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་དཔག་ཏུ་མེད་པ་སྤྲོས་ཏེ་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཞེས་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྔགས། ན་མཿས་མནྟ་བུདྡྷཱ་ཎཱཾ། ན་མཿསམནྟ་དྷརྨཱ་ཎཱཾ། ན་མཿསམནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱངྒིར། བཛྭ་ཨུཥྞིུ་ཥ་ཙཀྲ་བརྟི། སརྦ་ཡནྟྲ་མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཾ་བཱ་མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏནྟཱ་ཏྲ། སརྦནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། ཅེས་བརྗོད་ཅིང་གུ་གུལ་གྱི་དུད་པས་བདུག ཡུངས་ཀར་གྱིས་བརྡེག་ཅིང་བགེགས་བསྐྲད། སློབ་དཔོན་གྱིས། ཁྱོད་སུ་ཡིན་ཞེས་དྲིས་ལ། སློབ་མས་བདག་སྐལ་བ་བཟང་པོ་ཅན་ལགས། ཞེས་ལན་གསུམ་བརྗོད། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་བདག་ཉིད་རབ་ཏུ་གཞུག་པར་བགྱི།། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། དེ་ནས་ཁྱེད་རང་རྣམས་དང་པོར་ཤར་ཕྱོགས་ཀྱི་སྒོ་ཡིད་ཀྱིས་ཕྱེ་སྟེ་ཤར་གྱི་ལྷ་སྣམ་དུ་འདུག་པར་མོས་ལ་དཀྱིལ་འཁོར་གྱི་ལ་ཕྱག་མཛོད་ཅིག ཨོཾ་ན་མཱསྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མཱ་མི་ཧཱུྃ། དེ་བཞིན་དུ་ལྷོ། ནུབ། བྱང་རྣམས་ནས་ཀྱང་ཕྱག་བྱའོ། །སེམས་ལྷ་མོ་བཅོ་ལྔའི་ཞབས་ལ་བཏུད་པའི་ཕྱག་བྱས་པས་ཤིན་ཏུ་མཉེས་པར་བསམ་མོ།། སླར་ཤར་གྱི་ལྷ་སྣམ་དུ་འདུག་པར་མོས་ལ་ལྔ་རྣམ་དག་བྱ་སྙམ་པས་རྗེས་ཟློས་མཛོད། དེ་ཡང་དང་པོ་སྡིག་པ་བཤགས་པ་ནི། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། རྗེས་སུ་ཡི་རང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡི་རང་ངོ་།། དགེ་བའི་རྩ་བ་བསྔོ་བ་ནི། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ།། སྐྱབས་སུ་འགྲོ་བ་ནི། སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི།། སེམས་བསྐྱེད་པ་ནི། སངས་རྒྱས་འབྱུང་བ་ཇི་ལྟ་བ། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། དེ་བཞིན་དུ་ནི་སེམས་བསྐྱེད་དོ།། ཞེས་ལན་གསུམ་བརྗོད་ལ། རིགས་ལྔའི་སྡོམ་པ་འབོགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པ་འོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ།། ཞེས་པའི་རིགས་ལྔའི་སྡོམ་པ་དང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལ་ནི་ཇི་བཞིན་བརྙེས། །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར།། ཞེས་རྩ་བའི་དམ་ཚིག་ཀྱང་དབོག་གོ །དེ་ལྟར་དམ་ཚིག་དང་སྡོམ་པ་བསྒྲགས་པ་ཙམ་གྱིས་མི་ཆོག་ངེས་པར་ཁས་བླངས་པའི་སྒོ་ནས་བསྲུང་དགོས་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་པས་སྡོམ་པ་ཁས་ལེན་དུ་གཞུག དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མའི་སྐུར་གསལ་ཐོབ་བྱས་ལ། ལས་ཐམས་ཅད་པའི་སྔགས་དང་། ལས་བུམ་གྱི་ཆུས་བསངས་པའི་མེ་ཏོག་འཕྲེང་བ། ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་ཐལ་མོའི་བར་དུ་བྱིན་ལ་སྙིང་གར་བཅང་། སློབ་དཔོན་གྱིས་སྙིང་གར་རྡོ་རྗེའི་དྲི་ཆུ་དང་བཅས་པ་གཟུང་སྟེ། ཨོཾ་བཛྭ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ། བོ་དྷི་ཙིཏྟ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་རྣལ་འབྱོར་དུ་སེམས་བསྐྱེད། ཞེས་བརྗོད་ནས་སྤྱི་བོར་རྡོ་རྗེ་བཞག་ལ་ལྷའི་དམ་བསྒྲག་པ་འདི་བརྗོད་པར་བྱ་སྟེ། དེ་རིང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་རྡོ་རྗེ་བདག་མེད་མའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་སྙིང་གར་རྡོ་རྗེ་བཞག་སྟེ། བདག་མེད་མཁའ་འགྲོ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །མནའ་ཆུ་བླུད་པ་བདུད་རྩི་རིལ་བུ་ཆང་དང་སྦྱར་བ་ཐོད་པར་བླུག་སྟེ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏོ་ད་ཀ་ཧཱུྃ། དེ་ནས་སློབ་དཔོན་གྱིས་དམ་བསྒྲག་པ་ནི། སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་རྡོ་རྗེ་བདག་མེད་མ་ང་ཡིན་གྱིས། ངས་གང་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ལ། དཔལ་བདག་མེད་མ་བདག་ལ་ཕོབ་ཅིག། ཅེས་ལན་གསུམ་བརྗོད་དུ་བཅུག་ལ། བདུད་རྩི་ལྔའི་ཆུ་སྦྱིན་ལ། འོ་ཁྱོད་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཨྃ་སྔོན་པོ་འོད་ཟེར་ལྔ་དང་བཅས་པ་དེའི་མཐའ་ནས་ཚུར། ཨོཾ་ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་ལྟར་དམར་ལྷག་ལྷག་པ་གསལ་བར་སྒོམས་ཤིག དར་ཞིག་ཁ་རོག་བསྡད་དེ། དེ་ནས་དཀྱིལ་འཁོར་གྱི་དབུས་ཕ་གི་ན་བཅོམ་ལྡན་འདས་མ་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ཐུགས་ཀའི་ས་བོན་ཨྃ་སྔོན་པོ་ལས་འོད་ཟེར་དཀར་པོ་བྲེང་མ་ཆད་པ་ན་ར་ར་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཞུགས་པས་དེས་རྐྱེན་བྱས་ཁྱེད་རང་གི་ལུས་འོད་དུ་མེར་མེར་ཞུ་བ་ལ་ཤེས་པ་གཏོད་ལ། གཞན་གང་ལའང་སེམས་ཡེངས་སུ་མ་འཇུག་ཅིག་ཅེས་བརྗོད་ལ་དྲིལ་བུ་གསིལ་ཞིང་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། སེམས་ལ་ཤར་བར་བསམ། གུ་གུལ་གྱིས་བདུག སྙིང་པོའི་གཤམ་ལ་ཨ་ཨཱཿཞེས་བཏགས་པ་བརྗོད། སྐུ་གསུང་ཐུགས་ཕེབས་པའི་རྟགས་བྱུང་ན་དང་། མ་བྱུང་ན་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡེ་ཤེས་པ་ཡང་དང་ཡང་དུ་བཅུག་ནས་གོང་བཞིན་ཕབ་ན་ཕེབས་པར་འགྱུར་རོ། །ཕེབས་ན་དེ་སྣང་མཐའ་ལྕེ་ལ་ཨ་དམར་པོ་ཅིག་བསྒོམས་ཏེ། སྨོས་ཤིག་བུ་ཡིས་དགེ་མི་དགེ ཞེས་བརྗོད་པས་དགེ་མི་དགེ་ཐམས་ཅད་སྟོན་པར་འགྱུར་རོ། །སློབ་དཔོན་གྱིས་སྤོས་ཆུས་བརླན་པའི་ལག་པ་རྡོ་རྗེ་དང་བཅས་པ་སྤྱི་བོར་བཞག་ནས། ཏིཥྛ་བཛྭ་ཞེས་བརྗོད་པས་བརྟན་པར་བྱས་ནས། སློབ་མ་དཀྱིལ་འཁོར་གྱི་རྩར་ཁྲིད་དེ། དཀྱིལ་འཁོར་གྱི་ཁ་དོག་ཇི་ལྟ་བུ་མཐོང་ཞེས་དྲི། དེས་ཀྱང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། ནག་པོ་དང་། ཁྲ་བོར་མཐོང་ཞེས་སྨྲ་ན། རིམ་པ་བཞིན་དུ། ཞི་བ་དང་། དབང་དང་། མངོན་སྤྱོད་དང་། ལས་ཐམས་ཅད་པ་འགྲུབ་པའི་སྣོད་དུ་འགྱུར་རོ། །ཞེས་ལུང་བསྟན་ནོ། །དེ་ནས་འདི་སྐད་དུ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །པྲ་ཏཱིཙྪ་བཛྭ་ཧོཿཞེས་བརྗོད་ལ་མེ་ཏོག་གི་འཕྲེང་བ་དཀྱིལ་འཁོར་གྱི་དབུས་སུ་དོར་རོ། །དེ་ཡང་གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ། འཁོར་རྣམས་ལ་ཐུན་མོང་གི་དངོས་གྲུབ། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་ཡིན་ལ། ལན་གསུམ་བསྐྱར་ཡང་ཕོ་བྲང་གི་ནང་དུ་མ་ཚུད་ན་ངེས་པར་སྐལ་པ་མེད་པའོ། །དེ་ནས་མེ་ཏོག་གི་འཕྲེང་བ་བླངས་ལ། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་བགྱི།། ཅེསཔས་མེ་ཏོག་གི་འཕྲེང་བ་མགོ་ལ་བཅིངས། སློབ་མའི་མིག་འབྲས་གཉིས་སུ་ཨོཾ་རེ་བསྒོམས་ཏེ། རྡོ་རྗེ་བདག་མེད་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད།། ཅེས་བརྗོད་པས་གདོང་གཡོགས་བཀྲོལ་ལ། སློབ་དཔོན་གྱིས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པར་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་འདི་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས།། དཀྱིལ་འཁོར་གྱི་དབུས་འདི་ན་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མ་བཞུགས། འདི་ན་གཽ་རཱི་མ་ལ་སོགས་པའི་ལྷ་མོ་རྣམས་བཞུགས། འདི་ནི་ལྷ་སྣམ། འདི་ནི་པཉྩྨ་རེ་ཁའི་བརྩིག་པ། འདི་ནི་སྒོ་རྟ་བབས་དང་བཅས་པ། འདི་ནི་འདོད་ཡོན་གྱི་སྣམ་བུ། རིན་ཆེན་ཕ་གུ། དྲྭ་བ་དྲྭ་ཕྱེད། འདི་ནི་དུར་ཁྲོད་ཆེན་པོ་བརྒྱད། འདི་ནི་རྡོ་རྗེའི་རྭ་བ་དང་མེ་རི་ཡིན་ནོ། །དེ་ལས་ཀྱང་ཁྱོད་ཀྱི་མེ་ཏོག་ཕོག་པའི་ལྷ་ནི་འདི་ཡིན་ནོ། །ཞེས་དཀྱིལ་འཁོར་ལ་དབྱུག་གུ་སོགས་གཏད་ཅིང་བསྟན་ནོ། །དེ་ནས་དབང་གི་དོན་དུ་མཎྜྻལ་ཕུལ་ནས། དབང་བཞི་ལས་བུམ་དབང་གི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་ལ་སོགས། །དེ་བཞིན་བདག་ལའང་དེང་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད།། ཅེས་ལན་གསུམ་གྱིས་གསོལ་བ་གདབ། ཤར་ཕྱོགས་སུ་བའི་རྣམ་ལྔའི་མཎྜྻལ་གྱི་སྟེང་དུ་སློབ་མ་བཞག །འཁོར་ལོའི་བདག་པོར་བལྟས་ཏེ། སྟེང་དུ་གདུགས་གཡས་གཡོན་དུ་རྒྱལ་མཚན་བ་དན་སོགས་ཀྱིས་བརྒྱན། རོལ་མོའི་སྒྲ་དང་བཅས་པས་ལས་སྔགས་ཀྱིས་བསངས། །རཀྵས་བསྲུངས་ལ། སློབ་མ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་ཅིག་ཕྱག་གཉིས་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གྱུར། འཁོར་གྱི་བུམ་པའི་ཆུ་རྣམས་གཙོ་བོའི་བུམ་པར་བསྡུས་ཏེ་དངོས་སུ་སློབ་དཔོན་གྱིས་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་པ། །ཁམས་གསུམ་ཀུན་གྱིས་ཕྱག་འཚལ་བའི། །སངས་རྒྱས་ཀུན་གྱི་གསང་གསུམ་ལས། །རབ་ཏུ་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་མཱཾ། ཞེས་སློབ་མའི་མགོ་བོར་བཞག་ཅིང་ཆུ་བླུག་པ་དང་། ཁ་གདོང་བཀྲུ་བ་དང་། ཁྱོར་གང་འཐུང་དུ་གཞུག སེམས་ཀྱིས། མཁའ་འགྲོ་མའི་ཕྱག་ན་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པས་དབང་བསྐུར་བར་བསམ། འོ་ཁྱོད་ལ་ཆུའི་དབང་བསྐུར་བས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། སློབ་མ་དང་དབུ་རྒྱན་ལས་བུམ་གྱི་ཆུས་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཨཾ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོན་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབང་རྫས་ལ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཡིད་ཀྱིས་མཆོད། སྭ་རཏྣ་དྷྲིཀ རིན་ཆེན་འབྱུང་ལྡན་ཡབ་ཡུམ། སླར་དབུ་རྒྱན་གྱི་གཟུགས་སུ་གྱུར་པ་ལག་ཏུ་གཟུང་སྟེ། ཐོར་ཙུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩྨ་མཱཾ། ཞེས་མགོར་བསྐོན་ལ་སེམས་ཀྱིས། མཁའ་འགྲོ་མ་དཔག་ཏུ་མེད་པས་དབུ་རྒྱན་གྱིས་དབང་བསྐུར་བར་བསམ། ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། དེ་ནས་སློབ་མ་དང་རྡོ་རྗེ་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿསྣང་བ་མཐའ་ཡས་ཡབ་ཡུམ་སླར་རྡོ་རྗེའི་གཟུགས་སུ་གྱུར་པ་ལག་ཏུ་གཟུང་སྟེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས།། ཞེས་ལག་པ་གཡས་པར་གཏད་ལ། སེམས་ཀྱིས་མཁའ་འགྲོ་མ་དཔག་ཏུ་མེད་པས་རྡོ་རྗེ་གཏོད་པར་བསམས་ལ། རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ནས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན། སློབ་མ་དང་དྲིལ་བུ་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདོན་ཡོད་གྲུབ་པ་ཡབ་ཡུམ་སླར་དྲིལ་བུའི་གཟུགས་སུ་གྱུར་པ་ལག་ཏུ་གཟུང་སྟེ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མཱཾ། ཏི་ཥྛ་བཛྭ་ས་མ་ཡ་སྟཾ། ཞེས་ལག་པ་གཡོན་པར་གཏད་ལ། སེམས་ཀྱིས་མཁའ་འགྲོ་མ་དཔག་ཏུ་མེད་པས་དྲིལ་བུ་གཏད་པར་བསམས། དྲིལ་བུའི་དབང་སྐུར་བས་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། སློབ་མ་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་བརྡར། ཨོཾ་བཛྭ་ས་ཏྭ་ཨ་བྷི་ཥིཉྩྨ་མཱཾ། བཛྭ་ན་མ་ཨ་བྷི་ཥི་ཀ་ཏ། ཀྱེ་དཔལ། ཞེ་སྡང་རྡོ་རྗེ་ཞེས་མིང་བཏགས་རྡོ་རྗེ་བཞད་པ་དང་། རྡོ་རྗེ་རྣམ་པར་སྒྲོགས་པ་དང་། རྡོ་རྗེ་ལྡེམ་པ། སྐྱེས་པ་ལའོ། །རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་ཨེ་མ་ཧོ་བདེ་བ་དང་། རྡོ་རྗེ་བདག་མེད་མ། བུད་མེད་ལ། གཞན་ཡང་རིགས་སོ་སོའི་མིང་གདགས་སོ། །སེམས་ཀྱིས་མཁའ་འགྲོ་མ་དཔག་ཏུ་མེད་པས་མིང་བཏགས་པར་བསམ། མིང་གི་དབང་བསྐུར་བས་མིང་གཞིའི་ཕུང་པོ་གནས་གྱུར་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། དེ་ནས་ཁྱེད་རང་རྣམས་སྟོང་པའི་ངང་ལས་སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ཞེས་སོགས་སྒྲུབ་ཐབས་བཞིན་སྒོམ་དུ་བཅུག་ལ། གྲི་གུག་དང་ཐོད་པ་དྲིལ་བུ་བཏགས་པའི་ཁ་ཊྶཱཾ་ག་དང་འབྲེལ་བའི་ཚངས་སྐུད་ཌཱ་མ་རུ་རྣམས་བསངས་སྦྱངས་ལ། ཨ་ལས་བྱུང་བའི་གྲི་གུག་ཤེས་རབ་ཀྱི་རང་བཞིན་ལག་པ་གཡོན་དང་། ཧཱུྃ་ལས་བྱུང་བའི་ཐོད་པ་ཐབས་བདེ་བའི་རང་བཞིན་ལག་པ་གཡས་སུ་གཏད། ཁ་ཊྶཱཾ་ག་གྲུ་མོར་བཞག་ལ། ཧེ་རུ་ཀ་དཔལ་ཁ་ཊྶཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྶཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །དེ་རྣམས་དང་ལྡན་པ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། བསྐྲད་པ་དང་། རྨོངས་པར་བྱ་བ་དང་། དགྲའི་སྡེ་འཇིགས་པ་དང་བསད་པ་ལ་སོགས་པ་དེ་རྣམས་ལ་ཐོགས་པ་མེད་པར་འགྲུབ་པར་བྱོས་ཤིག མཆིལ་ལཧྭམ་བགོ་བ་དང་། ཆར་དབབ་པ་དང་། ཉི་མ་དང་ཟླ་བ་གཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ནི་ཅི་དགའ་བར་སྒྲུབ་པར་གྱིས་ཤིག དེ་ནི་ལས་ཀྱི་ཚོགས་དང་ཐུན་མོང་དངོས་གྲུབ་རྗེས་སུ་གནང་བའོ།། དེ་ནས་དམ་ཚིག་གསུམ་གྱི་དབང་སྦྱིན་པ་ནི། སློབ་མ་རྣམས་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་སྒོམས་ཤིག། རྡོ་རྗེ་བསངས་སྦྱངས་སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ།། ལག་པ་གཡས་པར་སྦྱིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་རྟོགས་པར་བྱ་བའི་བློས་ཟུང་ཞིག སྙིང་ཁར་འཛིན་དུ་བཅུག ཐུགས་ཀྱི་དམ་ཚིག་གོ། དྲིལ་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཤད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར།། ལག་པ་གཡོན་དུ་གཏད། དེས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་ཐམས་ཅད་ལ་སྒྲོག་པའི་བློས་དཀྲོལ། གསུང་གི་དམ་ཚིག་གོ། ཁྱེད་རང་རྣམས་མེ་ཏོག་ཕོག་པའི་ཡི་དམ་གྱི་ལྷར་སྐད་ཅིག་གིས་སྒོམས་ཤིག ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས།། ཞེས་བརྗོད་ལ་འཁྱུད་པའི་ཕྱག་རྒྱ་བྱེད་དུ་བཅུག་ལ། དུས་འདི་ནས་གཟུང་ནས་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མི་འབྲལ་བར་གྱིས་ཤིག སྐུའི་དམ་ཚིག་གོ། སླར་ཁྱེད་རང་རྣམས་རྣམ་པར་སྣང་མཛད་དུ་སྒོམས་ཤིག །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག། དེ་བཞིན་དུ། མི་བསྐྱོད་པ། རིན་འབྱུང་། སྣང་མཐའ། དོན་གྲུབ་རྣམས་སུ་སྒོམས་ཤིག་བྱས་ལ། འཇིག་རྟེན་ཁམས་ནི་ཞེས་སོགས་དང་། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་ཞེ་སྡང་ཅན་རྣམས་ཀྱི་དོན་གྱིས་ཤིག དེ་བཞིན་འགྲེས་ཏེ། །རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་སེར་སྣ་ཅན་རྣམས་ཀྱི་དོན་གྱིས་ཤིག པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱི་དོན་གྱིས་ཤིག །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཁྱོད་ཀྱིས་གདུལ་བྱ་ལེ་ལོ་ཅན་རྣམས་ཀྱི་དོན་གྱིས་ཤིག །དེ་དག་ནི་རིགས་ལྔའི་རྗེས་སུ་གནང་བ་ལྔ་སྟེ། སངས་རྒྱས་ནས་གདུལ་བྱ་དུག་ལྔ་དང་བཅས་པའི་སེམས་ཅན་རྣམས་ལ་རིགས་ལྔའི་གཟུགས་གཟུང་ནས་གདུལ་བྱའི་དོན་ཚེགས་མེད་པར་འབྱུང་ངོ་།། དེ་ནས་སློབ་དཔོན་གཡོན་པས་དྲིལ་བུ་དང་བཅས་པའི་སྣམ་སྦྱར་གྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ལ། གཡས་རྡོ་རྗེ་དང་བཅས་པས་མི་འཇིགས་པའི་ཕྱག་རྒྱ་བྱས་ནས། ཨོཾ་འདིར་ནི་ངས་ཁྱེད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། ཤྲཱི་ཧེ་རུ་ཀ་ནཱ་མ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་ཡ་སྟཾ། བྷུརྦྷ་ཝཿསྭ། ཁྱོད་ཀྱི་རྣམ་པར་ཤེས་པའི་ཕུང་པོ་དང་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ནི་གཙོ་མོ་བདག་མེད་མའོ། གཟུགས་ཀྱི་ཕུང་པོ་དང་གཏི་མུག་རྣམ་པར་རྣམ་དག་པ་ནི་ལྷ་མོ་རྡོ་རྗེ་མའོ། །ཚོར་བའི་ཕུང་པོ་དང་སེར་སྣ་རྣམ་པར་དག་པ་ནི་ལྷ་མོ་དཀར་མོའོ། །འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་པར་དག་པ་ནི་ལྷ་མོ་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་རྣམ་པར་དག་པ་ནི་ལྷ་མོ་རྡོ་རྗེ་མཁའ་འགྲོ་མའོ། །དེ་དག་ནང་གི་འཕར་མའི་ལྷ་མོ་ལྔའོ། །རང་གི་ལུས་ཀྱི་འབྱུང་བ་ས་རྣམ་པར་དག་པ་ནི་ལྷ་མོ་པུཀྐ་སཱིའོ། །ཆུ་རྣམ་པར་དག་པ་ལྷ་མོ་རྔོན་མོའོ། །མེ་རྣམ་པར་དག་པ་ནི་ལྷ་གཏུམ་མོའོ། །རླུང་གི་ཁམས་རྣམ་པར་དག་པ་ནི་ལྷ་མོ་གཡུང་མོའོ། །མིག་གི་ཡུལ་དུ་གཟུགས་རྣམ་པར་དག་པ་ལྷ་མོ་དཀར་མོའོ། །རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་ནི་ལྷ་མོ་ཆོམ་རྐུན་མའོ། །སྣའི་ཡུལ་དུ་དྲི་རྣམ་པར་དག་པ་ནི་ལྷ་མོ་རོ་ལངས་མའོ། །ལུས་ཀྱི་ཡུལ་དུ་རེག་བྱ་རྣམ་པར་དག་པ་ནི་ལྷ་མོ་ས་སྤྱོད་མའོ། །ཡིད་ཀྱི་ཡུལ་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ལྷ་མོ་མཁའ་སྤྱོད་མའོ། །མིག་གི་དབང་པོ་དང་མིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེ་མའོ། །རྣ་བའི་དབང་པོ་དང་རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཞེ་སྡང་རྡོ་རྗེ་མའོ། །སྣའི་དབང་པོ་དང་སྣའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་སེར་སྣ་རྡོ་རྗེ་མའོ། །ལྕེའི་དབང་པོ་དང་ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་འདོད་ཆགས་རྡོ་རྗེ་མའོ། །ལུས་ཀྱི་དབང་པོ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཕྲག་དོག་རྡོ་རྗེ་མའོ། །ཡིད་ཀྱི་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་རེག་བྱ་རྡོ་རྗེ་མ་ཡིན་པས་ཁྱོད་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་ལུང་བསྟན་པའོ།། དེ་ལྟར་ལུང་མ་བསྟན་པར་སྔོན་བདག་གིས་མ་ཤེས། རང་གི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་འདུག་པས་དེ་རེ་དགའ་སྙམ་དུ་མཛོད། །ཅེས་གཟེངས་བསྟོད། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་འདས་པའོ། །ཁྱོད་ནི་ཚེ་ཐོག་མ་མེད་པ་ནས་ཁམས་གསུམ་འཁོར་བར་འཁོར། ངལ་བ་དོན་མེད་འབའ་ཞིག་ཏུ་སོང་། ད་ནི་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་དང་། དམ་ཚིག་དང་སྡོམ་པ་ནི་ཐོབ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇིགས་པ་མེད་པར་བྱོས་ཤིག །ཐབས་བསྐྱེད་རྫོགས་གཉིས་བསྒོམ་པས་ངེས་པར་འཚང་རྒྱའོ།། དེ་ནས། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་གཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས།། ཞེས་སློབ་མའི་ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་དེ། དེས་ཀྱང་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཤད་ཅིང་སློབ་མ་བསྡུ་བའི་བློས། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བར་བྱའོ། །དེ་ནི་རྡོ་རྗེ་སློབ་དཔོན་གྱི་གནང་བ་རྗེས་སུ་སྦྱིན་པའོ།། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་གཏད། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བརྟེན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཀ་ཡ་ཧྶཾ་དྷཱ་ར་ཡཱ་མི། ཧི་ཧི་ཧི་ཧི་ཧཱུྃ་ཞེས་སློབ་མའི་ལག་པ་གཡས་པར་གཏད་ལ། དེ་ལན་གསུམ་དུ་གསོར་ཏེ་སྙིང་གར་བཟུང་དུ་བཅུག་ལ། འོ་ཁྱོད་ཀྱིས་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་བརཏལ་ནས་གསང་སྔགས་ཀྱི་སྤྱོད་པ་ལ་འཇུག་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱོས་ཤིག དེ་ལྟར་བུམ་པའི་དབང་བསྐུར་བས་སྤྱིར་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཁྱད་པར་ལུས་ཀྱི་དྲི་མ་དག་ནས་རྒྱུད་ཉན་པ་དང་བཤད་པ་དང་བསྐྱེད་རིམ་བསྒོམ་པ་དང་། བཟླས་པ་བྱ་བ་དང་། །གཏོར་མ་གཏང་དུ་རུང་བའི་རྗེས་སུ་གནང་བ་ཐོབ་པའོ། །དེ་ནས་གསང་བའི་དབང་གི་དོན་དུ་མཎྜྻལ་དང་རིག་མ་ཕུལ་ལ། གསང་བའི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱིས་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་དག་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་ཉེས་པའི་རབ་རིབ་འཇོམས། །གང་གི་བླ་མེད་བྱང་ཆུབ་པ། །དེ་འདིར་བདག་གིས་ཐོབ་པར་མཛོད།། ཅེས་ལན་གསུམ་བརྗོད་ལ། སློབ་དཔོན་བདག་ཉིད་བདག་མེད་མར་བསྐྱེད། དེ་ལ་ཡེ་ཤེས་ཀྱི་ལྷ་མོ་བསྟིམ། དབང་བསྐུར་ནས་མཆོད། དེ་ནས་དེའི་སྙིང་ག ལྟེ་བ། གསང་གནས། ལྐོག་མ། སྨིན་མཚམས། སྤྱི་གཙུག་ཏུ་དྲིའི་ཐིག་ལེ་བྱས། དེ་རྣམས་སུ་རིམ་པ་བཞིན་མི་བསྐྱོད་པ་དང་། དོན་གྲུབ། རྡོ་རྗེ་འཆང་། སྣང་མཐའ། རིན་འབྱུང་། རྣམ་པར་སྣང་མཛད་རྣམས་བསྒོམས་ལ་མཆོད། ལུས་ཀྱི་དཀྱིལ་འཁོར་མ་མཐོང་བ་མཚོན་པའི་ཕྱིར་གདོང་རས་དམར་པོས་བཅིངས་ལ། ཡིད་ཀྱིས་སློབ་དཔོན་སྒྱུ་མ་ལྟ་བུའི་སྐུ། མོས་གུས་རྩེ་གཅིག་པས་གཡོན་བསྐོར་ལན་གསུམ་བྱས་པར་སོམས་ཤིག་བྱས་ལ་ཡེ་ཤེས་པ་དབབ་པའི་དོན་ནི་རང་བྱིན་གྱིས་བརླབ་པ་བསྟན་པ། ཀྱཻ་ཡི་རྡོ་རྗེ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པའི། །དེ་བཞིན་བདག་གིས་སད་མཛད་པ། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །བཤད་ཀྱིས་འདོད་པས་རབ་ཏུ་ཉོན། །ལྷ་མོ་ཐམས་ཅད་དགའ་བར་འགྱུར། །རངས་པར་གྱུར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ།། ཞེས་བཤད། པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་མེ་ཏོག་གཏོར་ལ། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར།། ཞེས་དང་། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར།། ཞེས་གསུངས་པས། བུམ་པའི་དབང་གི་དུས་སུ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ལ་དེ་བས་ཟབ་པ་འདི་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ། སཾ་པུ་ཊ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་ཡིན། །ཞེས་པས། སློབ་དཔོན་བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མར་གནས་པའི་ཐུགས་ཀ་ན་མི་བསྐྱོད་པ། དཔྲལ་བ་ན་རིན་ཆེན་འབྱུང་ལྡན། །ལྟེ་བ་ན་དོན་ཡོད་གྲུབ་པ། མགྲིན་པ་ན་སྣང་བ་མཐའ་ཡས། གསང་བའི་གནས་ན་རྡོ་རྗེ་འཆང་། སྤྱི་བོ་ན་རྣམ་པར་སྣང་མཛད་བཞུགས་པ་ཡིན་ནོ།། ཞེས་ལུས་ཀྱི་ལྷ་ངོ་བསྟན་ལ་སྔར་གྱི་མེ་ཏོག་ཕོག་པའི་མིང་གིས་གདགས་སོ། །དེ་ནས་སློབ་དཔོན་བདག་ཉིད་འོད་ཀྱི་ཐབས་ཧེ་རུ་ཀ་དང་སྙོམས་པར་འཇུག་པ་བྱས་ཏེ་ཐིག་ལེ་ཕྱུང་བར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཞེས་ང་རྒྱལ་བྱས་ལ་འོ་མ་དང་བདུད་རྩི་ལྔ་སྦྱར་ཏེ་མཐེབ་སྲིན་གྱིས་སློབ་མའི་ལྕེ་ལ་བཞག་ཅིང་། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་གསང་བའི་སེམས་རྒྱུན་གྱིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨ་ཧོཿསུ་ཁ། ཞེས་བརྗོད་ལ། བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ཁྱོད་རང་རྣམ་པའི་ལྕེ་ཐོག་ཏུ་སྐྱ་ཕུང་ཡོད་པར་སྒོམས་ལ་ལྕེ་ཡར་རྐན་ལ་སྦྱར་ཏེ། རྩ་ཨ་ཝ་དྷཱུ་ཏཱི་མདའ་སྨྱུག་ཙམ་པའི་མར་སྣ་རྡོ་རྗེ་ནོར་བུའི་རྩེ་མོ་དང་། ཡར་སྣ་ལྕེའུ་ཆུང་ལ་ཟུག་པའི་ནང་ན་མར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་སྐྱ་ཆི་ལི་ལི་སོང་བས་ལུས་ཐམས་ཅད་ལ་བདེ་བ་ཕྲི་ལི་ལི་སྐྱེས་པར་བསྒོམ། ཟག་པ་མེད་པའི་བདེ་སྟོང་དབྱེར་མེད་ཀྱི་དོན་ལ་ཤེས་པ་ལྷན་ནེ་གཏོད་ཅིག ཁྲག་ཆེན་པོ་ནི་ག་པུར་བཅས། །ཙན་དན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེ་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་དང་མཐུན་པར་གསུངས། །དམ་ཚིག་འདི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ།། ཞེས་དམ་ཚིག་ཕོག་ལ་མིག་དར་བསལ་ལོ། །དེས་སྤྱིར་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཁྱད་པར་ངག་གི་དྲི་མ་དག་ནས་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་དང་། ཟས་ཀྱི་རྣལ་འབྱོར་བྱར་རུང་བ་དང་། རྩ་རླུང་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བསྒོམ་དུ་རུང་བའི་རྗེས་སུ་གནང་བ་ཐོབ་པའོ།། དབང་གསུམ་པའི་དོན་དུ་བྱང་ཆུབ་སེམས་ཀྱིས་བྱུགས་པའི་མཎྜྻལ་ཆོས་འབྱུང་གྲུ་གསུམ་ཟླུམ་སྐོར་གཉིས་ཀྱི་ནང་མཛེས་པར་ལྷ་མོ་བཅོ་ལྔའི་ཚོམ་བུ་བཀོད། ལྷ་བསྐྱེད་མཆོད་པ་དང་ཚོགས་ཀྱིས་མཉེས་པར་བྱས། དེ་ནས་སློབ་མས་ཡོན་དུ་མཎྜྻལ་ཕུལ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་ཅི་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལ་དེ་སྩོལ་ཅིག །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས།། ཞེས་ལན་གསུམ་བརྗོད་ལ་ཆོས་འབྱུང་གི་དཀྱིལ་འཁོར་མ་མཐོང་བ་མཚོན་པའི་ཕྱིར་གདོང་གཡོགས་བཅིངས་ལ། ཆོས་འབྱུང་གི་དཀྱིལ་འཁོར་ལ་གཡོན་སྐོར་ལན་གསུམ་ཡིད་ཀྱིས་བྱས་པར་མོས་ལ་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམ་པའི་རྐང་པ་གཉིས་གཤིབས་ཀྱིས་གཤིབས་ལ་ལངས་ཏེ་ལུས་ཐང་ཤ་བཅད་ལ་ཐལ་མོ་སྦྱར་ནས་དམིགས་པ་འདི་བཞིན་དུ་མཛོད། དབང་པོ་ལྔའི་འཇུག་ཤེས་བསྡུས་ཏེ། རང་གི་སྙིང་གར་ཟླ་བའི་དབུས་སུ་མི་ཤིགས་པའི་ཐིག་ལེ་ཡུངས་འབྲུ་ཙམ་དེ་ལ་རླུང་བཅུག་སྟེ་མ་ཡེངས་པར་བྱའོ།། དེའི་དོན་སྙིང་གའི་དབུས་ན་ཟླ་བ་གནས། །ཟླ་བའི་གཟུགས་ལས་མི་ཤིགས་པ། །སྣ་ཚོགས་འོད་ཀྱི་རྣམ་འཁྲིགས་ལྡན། །དེས་ན་རྡོ་རྗེ་རྣམ་པར་བསྒོམས། །རྡོ་རྗེ་བདག་མེད་མ་མཁའ་འགྲོ། །བསྐུལ་བའི་ཆོ་ག་བསྒོམ་པར་བྱའོ། །མཁའ་འགྲོ་མ་ཡི་སྣ་རྩེར་ནི། །ཡུངས་ཀར་རྣམ་པར་གནས་པར་བསྒོམ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་བ་མ་ལུས་ཡུངས་ཀར་དུའོ། །དེ་ལྟ་བུར་ནི་བསྒོམས་གྱུར་ན། །རང་བྱིན་བརླབ་པ་རབ་ཏུ་འགྲུབ། །པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་ཆོས་འབྱུང་གི་དཀྱིལ་འཁོར་དུ་མེ་ཏོག་དོར་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་པ་དང་། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། ཞེས་གསུངས་པས། །གསང་དབང་གི་དུས་སུ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་བས་ཟབ་པ་འདི་ཆོས་འབྱུང་གི་དཀྱིལ་འཁོར་ཡིན། དེ་ཡང་ཆོས་འབྱུང་གིས་ནི་བདེ་སྟོང་མཚོན་ལ། །དེ་ན་བཞུགས་པའི་ལྷ་ཡང་བདེ་སྟོང་དབྱེར་མེད་ལས་མ་འདས་པར་བསྟན་ཏོ། །ཞེས་ཆོས་འབྱུང་གི་དཀྱིལ་འཁོར་དུ་ལྷ་ངོ་བསྟན་ལ། རྡོ་རྗེ་སྙེམས་མ་ཞེས་སོགས་ཀྱི་མིང་གིས་གདགས་སོ། །དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ཞལ་ཕྱག་རྒྱན་ཆ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཀྱི་རིག་མ་ལྷ་མོ་བདག་མེད་མ་ཕྱག་ན་གྲི་གུག་དང་ཐོད་པ་བསྣམས་པ་ཤིན་ཏུ་མཛེས་ཤིང་གཞོན་ཤ་ཆགས་པ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་པ་ཞིག་བྱུང་ནས་ཁྱེད་རང་རྣམས་ལ་གཏད་པར་གྱུར། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས།། ཞེས་བརྗོད་ལ། དེ་དང་སྙོམས་པར་འཇུག་པ་བྱས་པས་དགའ་བ་བཞི་ཉམས་སུ་མྱོང་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་སྒོམས་ཤིག ཡང་ཁྱེད་རང་རྣམ་པའི་ལྟེ་བ་ན་གཏུམ་མོ་ཡེ་ཤེས་ཀྱི་མེ་རེག་བྱ་ཚ་བ་རྣོ་བ་གདུང་བ་ཅིག་དམར་ནར་གྱིས་འབར་བ་ལ་ཤེས་པ་གཏོད་ལ་བདེ་བ་ཕྲི་ལི་ལི་སྐྱེས་པར་སྒོམས་ཤིག་བྱས་ལ། སློབ་དཔོན་གྱི་མཐེབ་སྲིན་གྱིས་སློབ་མའི་རྩ་རྦ་རླབས་བཙིར་ལ་སྒོམ་དུ་བཅུག་པས་རྟོགས་པའི་སྒྲོ་འདོགས་གཅོད་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བས་དབང་བསྐུར་བ་ཞེས་བྱའོ། །དེས་སྤྱིར་ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཁྱད་པར་སེམས་ཀྱི་དྲི་མ་དག་ནས་ཆགས་ཅན་གྱིས་ལས་ཀྱི་ཕྱག་རྒྱ་བསྟེན་པ་དང་། ཆགས་བྲལ་གྱིས་ལྷ་ཞལ་སྦྱར་གྱི་བསྐྱེད་རིམ་དང་གཏུམ་མོ་བསྒོམ་པའི་རྗེས་སུ་གནང་བ་ཐོབ་པའོ།། དབང་བཞི་པའི་ཡོན་དུ་མཎྜྻལ་ཕུལ་ལ་ཚིག་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཆང་ཆེན་བཀའ་དྲིན་གྱིས། །འདིར་ནི་དབང་བསྐུར་རྣམ་གསུམ་ཐོབ། །སྟོང་ཉིད་ཤེས་རབ་མཛེས་པ་ཡི། །བཞི་པའི་བཀའ་དྲིན་སྩལ་ཏུ་གསོལ།། ཞེས་ལན་གསུམ་བརྗོད་ལ། དེ་ལྟར་དབང་གསུམ་པའི་དུས་སུ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་གཏན་ལ་ཕབ་ནས། བཞི་པར་ཚིག་གིས་གཏན་ལ་དབབ་པ་ནི། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་བྱང་བ་དག །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ཅིང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བའང་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང་། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་མེད་ཅིང་བཤེས་དང་དགྲ་མེད་དང་། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད།། ཅེས་པ་དང་། ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང་། །རྡོ་རྗེ་ནམ་མཁའ་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་འབྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ལྟར་དབང་བཞི་པ་བསྐུར་བས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོ་སྒོམ་དུ་རུང་བའི་རྗེས་སུ་གནང་བ་ཐོབ་པའོ། །དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜྻལ་ཕུལ་ལ། དེ་ནས་གཏོར་མ་འབུལ་བ་ལ། མདུན་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་སྟེང་དུ་པདྨ་དཀར་པོ་དང་། བར་དུ་ནག་པོ་དང་། འོག་ཏུ་དམར་པོ་རྣམས་འདབ་མ་བརྒྱད་པ་བརྩེགས་པ་རང་གི་སྤྱི་བོའི་སྐུ་རྡོ་རྗེ་ལས་འོད་ཟེར་དཀར་པོ་འཕྲོས་པས་གཟུགས་མེད་སྲིད་པའི་ལྷ་ཚོགས་ནས་རྒྱལ་ཆེན་རིགས་བཞིའི་བར་གྱི་ལྷ་ཚོགས་རྣམས་འོད་ཀྱིས་བསྡུས་ནས་མདུན་གྱི་པདྨ་དཀར་པོའི་དབུས་སུ་ཨོཾ་དཀར་པོ་ཅིག་ཏུ་གྱུར། སྙིང་གའི་ཐུགས་རྡོ་རྗེ་ལས་འོད་ཟེར་ནག་པོ་འཕྲོས་པས་ཕྱོགས་སྐྱོང་བཅུ་དང་ཕ་མ་ལ་སོགས་པ་འོད་ཀྱིས་བསྡུས་ནས་པདྨ་ནག་པོའི་དབུས་སུ་ཧཱུྃ་ནག་པོ་ཅིག་ཏུ་གྱུར། མགྲིན་པའི་གསུང་རྡོ་རྗེ་ལས་འོད་ཟེར་དམར་པོ་འཕྲོས་པས་ས་སྟེང་གི་མི། ས་འོག་གི་ཀླུ། དམྱལ་བ་ཡི་དྭགས་བྱོལ་སོང་ཐམས་ཅད་འོད་ཀྱིས་བསྡུས་ནས་པདྨ་དམར་པོའི་དབུས་སུ་ཨཱཿདམར་པོ་ཅིག་ཏུ་གྱུར། ཡི་གེ་གསུམ་པོ་དེ་དག་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་འཁོར་ལོ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། རྡོ་རྗེ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། པདྨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱང་བས་བཞུགས་པ། རང་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་འཕྲོས་པས། དམ་ཚིག་སེམས་དཔའ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་གསུམ་སྤྱན་དྲངས། གཽ་རཱི་ཛཿ།ཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷསྨ་རཱི་ཧོཿཞེས་དགུག་གཞུག་བཅིང་མཉེས་བྱས་ལ། སླར་ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བས་སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཡང་རང་གི་གནས་གསུམ་གྱི་ལྷ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱཱྎ ཨཱ་ལོ་ཀེྎ ལྔས་མཆོད། གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ་དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། ཨོཾ་ཨིནྡྲ། ཡ་མཱ། ཛ་ལ། ཡཀྵ། བྷཱུ་ཏ། བ་ནི། ཝཱ་ཡུ། རཀྵ། ཙནྡྲ། སུརྻ། མཱ་ཏ། པ་བྱཱ་ཏཱ་ལ། པ་ཏཱ་ལ། ཨཥྚ། ས་བྱཱ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛིཾ་ག པུཥྤེ། དྷཱུ་པ། མཾ་ས། བིདྒ། ཨཱཏྨ། སརྦ། ཀཉྫྱ་སྭཱ་ཧཱ། ཁནྟི། ཁུ་ཏི། པེ་ཏ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། གཏོར་མའི་མགྲོན་རྣམས་མཉེས་ནས་ཧ་ཧ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿཞེས་ཡེ་ཤེས་ཀྱི་གད་མོ་བཅུ་གཉིས་སྒྲོགས་ཤིང་། སྒྲུབ་པ་པོ་ཁྱོད་ཀྱི་ཡིད་ལ་ཅི་འདོད་པ་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་ཁས་ལེན་པར་གྱུར། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམསྎ ཡི་དྭགས་ཚོགསྎ ཤ་ཟའི་ཚོགསྎ སྨྱོ་བྱེད་ཚོགསྎ བརྗེད་བྱེད་ཚོགསྎ མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲ་འཇོམས་དང་། །དགར་དང་བསད་དང་དགུག་པ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །མཁའ་འགྲོའི་བྱད་སོགས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་རྫོགས་ཤོག། ཅེས་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པ་བརྗོད། མུཿགཏོར་མའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། དེ་ནས་ཆོས་སྐྱོང་ལྕམ་དྲལ་གྱི་གཏོར་མ་གཏོང་། ཚོགས་ཀྱི་མཆོད་པ་གོང་དུ་མ་གཏང་ན་འདིར་བྱའོ། །དེ་ནས་ལས་ཀྱི་ཧེ་རུ་ཀས་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ། ཀྱཻ་གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ།། ཞེས་ལན་གསུམ་གྱིས་རྟོག་པ་དགྲོལ། སློབ་དཔོན་གྱིས། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོཿསུ་ཁཾ། བརྗོད་ཅིང་ཚོགས་ལ་ལོངས་སྤྱད། ལྷག་མ་བསྡུས། སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། བདུད་རྩིའི་ཁ་ཕྲུ་བཏབ་ལ། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཁ་ཁ་ཁཱ་ཧི་ཁཱ་ཧི། མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་ལྷག་མའི་གཏོར་མ་རྒྱ་ཆེན་པོ་འདི་ཧབ་དི་རི་རི་གསོལ་བར་གྱུར། དུར་ཁྲོད་བདག་མོ་བརྗོད་གཏོར་མ་གཙང་སར་དོར། ཤིན་ཏུ་ལྷག་མ་བསྡུས་ཏེ་བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་དང་། ཨ་ཀཱ་རོ་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འབྱུང་པོ་ཕུད་ལ་མི་རེ་ཞིང་ལྷག་མ་ལ་དབང་བ་ཕྱི་རོལ་སྒོ་གདོང་ན་གནས་པ་རྣམས་ལ་སྦྱིན་ནོ། །སོ་སོ་ཟས་སྐོམ་གྱིས་ཚིམས་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག དེ་ནས་ཀོལླ་ཨི་རེཊྚྷི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལ། གྷ་ཎ་ཀྲི་པི་ཊཱ་ཧོ་བཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལ། ཏ་ཧིཾ་བ་ལ་ཁཱཛྫ་ཨཱི་ག་ཌེཾ་མ་ཨ་ཎཱ་པིཛྫ་ཨ་ཨི། ཧ་ལེ་ཀ་ལིཉྫྱ་ར་པཱ་ཎི་ཨ་ཨི། དུ་ན་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ་ཀཙྪ་ཏུ་རི་སི་་ཀསྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨི་ཨིནྡྷ་ཎ་སཱ་ལི་ཛ། ཏ་ཧེ་བྷི་རུ་ཁ་ཨི་ཨ་ཨི། ཕེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷཎྡྲ་མ་ཎི་ཨ་ཨི། ནི་རཾ་སུ་ཨངྒ་ཙ་ཌི་ཝི། ཏ་ཧིཾ་ས་ར་ཝ་པཱ་ཎི་ཨ་ཨི། མཱ་ལ་ཨ་ཙོ་ཀུནྟུ་རུ་བཱ་ཌ་ཨི་ཌཾ་ཎྜྻི་མ་ཏེ་ཧིཾ་ཎྡྲ་བཛྫ་ཨ་ཨི།། ཅེས་མངོན་རྟོགས་བཞིན་དུ་རྡོ་རྗེའི་གླུ་བླང་། ཡིག་བརྒྱ་བརྗོད། སློབ་མ་རྣམས་ཀྱིས་བླ་མ་དང་། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་ཡིག་བརྒྱ་བརྗོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བྱ་སྟེ། ཧཱུྃ་ཞེས་བརྗོད་པས་བགེགས་བསྐྲད། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱ་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཾྎ ཞེས་མཆོད། སྒྲུབ་མཆོད་ཀྱི་ཉིན་ཐ་མར་ཚིགས་བཅད་བཅས་རྒྱས་པར་བྱའོ། །བུད་མེད་ཀྱིས་འདུལ་འགྲོ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་གྱུར། །ཕྱག་འོས་ཐུབ་པ་ཕ་རོལ་ཕྱིན། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་བསྟོད། །གཏི་མུག་གིས་མནན་འགྲོར་བལྟས་ཏེ། །འགྲོ་བ་གཏི་མུག་ཞི་བའི་ཕྱིར། །རྡོ་རྗེ་ཅན་གྱི་གཽ་རཱིར་མཛད། །དེ་བས་གཽ་རི་བསྟོད་ཕྱག་འཚལ། །ཞེ་སྡང་གིས་མནན་འགྲོར་བལྟས་ནས། །འགྲོ་ལ་ཞེ་སྡང་ཞི་བྱའི་ཕྱིར། །རྡོ་རྗེ་ཅན་གྱི་ཙཽ་རཱིར་མཛད། །དེ་བས་ཙཽ་རིར་བསྟོད་ཕྱག་འཚལ། །ང་རྒྱལ་གྱིས་མནན་འགྲོར་བལྟས་ནས། །འགྲོ་བ་ང་རྒྱལ་ཞི་བའི་ཕྱིར། །གཙོ་བོས་བེ་ཏཱ་ལི་གཟུགས་མཛད། །དེ་བས་བེ་ཏཱ་ཁྱོད་ཕྱག་འཚལ། །འདོད་ཆགས་ཀྱིས་དཀྲུགས་འགྲོར་བལྟས་ནས། །འགྲོ་བ་འདོད་ཆགས་ཞི་བྱའི་ཕྱིར། །གཙོ་བོས་གྷསྨ་རི་གཟུགས་མཛད། །དེ་བས་གྷསྨ་རཱི་བསྟོད་འདུད། །བདག་མེད་མ་དང་གཉིས་མེད་གཟུགས། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཡེ་ཤེས་ལྔ་དང་སྐུ་གསུམ་བདག། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་རྣམ་སྦྱོང་ཞིང་། །སངས་རྒྱས་ཀྱི་ཆོས་ཐམས་ཅད་པ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་ལོ། །ཅེས་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། ཞེས་པས་བསྟོད། །དེ་ནས་ལྷག་ཆད་བསྐོང་བའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་དང་། གཙོ་བོ་ནུས་པ་མཆིས་ཤིང་། །མ་ཚང་བ་དང་ལྷག་གྱུར་དང་། །གང་ཡང་འགལ་བར་གྱུར་པ་རྣམས། །དེ་ཀུན་བཟོད་པར་མཛད་པར་རིགས། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་གང་། །དེ་ཡང་ཁྱོད་ཀྱིས་བཟོད་པར་མཛོད།། ཅེས་བཟོད་པར་གསོལ། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོ་མེད་རྣལ་འབྱོར་མ་དཔལ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །དགེ་བ་འདི་ཡིས་ཐོབ་འགྱུར་ཞིང་། །འགྲོ་བ་ལྔས་ཀྱང་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེ་བསྔགས་པ་ཡི། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ཀྱང་དེ་ཉིད་སྤྱོད་པར་ཤོག། ཅེས་བརྗོད་རང་དོན་གྱི་ཐུན་མཚམས་ཐམས་ཅད་ཀྱི་མཐར་ཡེ་ཤེས་སེམས་དཔའ་མི་གཤེགས་ལ། གཞན་དོན་ཐམས་ཅད་ཀྱི་ཐུན་མཚམས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ་བ་རྗེ་བཙུན་ནཱ་རོ་པའི་བཞེད་པ་ཐུན་མོང་མ་ཡིན་པའོ། །དེ་ནས། ཧེ་བཛྭ་མཎྜྻལ་མུཿམདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས། །འདིར་ནི་གཟུགས་དང་སོགས་ཀྱི་རྟེན་ལ་བསྟིམ་པའམ་རང་བཞིན་གྱི་གནས་སུ་གཤེགས། རྡུལ་ཚོན་གྱི་ནུབ་ཐ་མ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྭ་མུ། ཞེས་པ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས་རང་ཉིད་རྡོ་རྗེ་བདག་མེད་མའམ་ཡང་ན་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་བར་མངོན་རྟོགས་བཞིན་ནོ། །རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་འཕྱག་ལ་ཀླུ་ཆོག་གིས་ཆུ་བོར་དོར། ཐིག་དང་བུམ་པའི་མཚན་མ་རྣམས་མི་མངོན་པར་བྱའོ། །བླ་མ་ལ་ཡོན་ཕུལ། བཀྲ་ཤིས་བརྗོད་པ་ནི། རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང་། །མར་པ་ཆོས་རྡོར་མདོ་སྡེ་ཀུན་དགའ་དང་། །གཟི་བརྗིད་གྲགས་པ་རིན་བཟང་ཆོས་རྒྱན་སོགས། །བརྒྱུད་པའི་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག །ཐུགས་རྗེ་ཐབས་མཁས་འགྲོ་བའི་དོན་མཛད་ཕྱིར། །ཆགས་པས་འདུལ་མཛད་བདག་མེད་མ་ལ་འཁྱུད། །གདུལ་བྱའི་དབང་གིས་གར་དགུའི་རོལ་པ་མཛད། བཅོམ་ལྡན་དགྱེས་རྡོར་སྐུ་ཡི་བཀྲ་ཤིས་ཤོག །མགོན་པོ་བདེ་ཆེན་སྐུ་དང་གཉིས་མེད་ཡུམ། །ལྷ་མོ་བདག་མེད་མཁའ་འགྲོའི་དབང་ཕྱུག་གཙོ། །བྷ་གའི་དབྱིངས་ནས་ལྷ་མོའི་ཚོགས་སྤྲུལ་མ། །རྡོ་རྗེ་བདག་མེད་མ་ཡི་བཀྲ་ཤིས་ཤོག །གཟུགས་སོགས་ཕུང་པོ་བཞི་ནི་རྣམ་དག་ཅིང་། །ཡེ་ཤེས་རྣམ་པ་བཞི་ཡི་རང་བཞིན་ཅན། །ཞེ་སྡང་ལ་སོགས་ཉོན་མོངས་བཞི་སྦྱོང་བ། །སྒོ་བཞིའི་ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཤོག །ས་སོགས་འབྱུང་བ་བཞི་ནི་རྣམ་དག་ཅིང་། །བྱམས་སོགས་ཚད་མེད་བཞི་ཡི་རང་བཞིན་ཅན། །མགོན་པོ་བདེ་ཆེན་ཐུགས་ནི་སྐུལ་མཛད་མ། །མཚམས་བཞིའི་ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཤོག དེ་ལྟར་བདག་མེད་ལྷ་མོ་བཅོ་ལྔའི་ཆོ་ག་འདི་ཡང་པདྨ་དཀར་པོས་རྩེ་ཆེན་ཕོ་བྲང་དུ་མར་རྔོག་ཌོམྦི་པ་སོགས་ཀྱི་ལུགས་བཞིན་དུ་བཀོད་པ་ཐམས་ཅད་ལ་བཅོམ་ལྡན་འདས་བདག་མེད་མ་མངོན་སུམ་དུ་འབྱུང་བར་གྱུར་ཅིག ཡུམ་བཀའ་ལ་བརྒྱུད་པ་གཞན་ཡབ་བཀའ་བཞིན་ལ། རྒྱལ་དབང་རྗེ། ཨ་བ་དྷཱུ་ཏཱི་པ། རིན་ཆེན་རྣམ་རྒྱལ། ཆོས་ཀྱི་གྲགས་པ། སྔགས་འཆང་ཚེ་བདག་བཀྲ་ཤིས། དེས་བདག་གོ །སླད་ནས་བསྟན་འགྲོའི་དཔལ་མགོན་བླ་མ་དམ་པ་རྣམས་ཀྱིས་བཀའ་སྩལ་ལྟར་དབང་བསྐུར་སྒྲུབ་མཆོད་སོགས་ལ་འཇུག་པ་བདེ་བའི་ཆེད་དུ་དམིགས་ཏེ་ཀུན་མཁྱེན་རྗེས་དཀྱིལ་འཁོར་གྱི་ཆོ་གའང་འདོན་པ་ཅུང་ཟད་སྒྱུར་བ་ལས་ཡབ་བཀའ་དང་ཁྱད་པར་མེད་ཅེས་གསུངས་པ་ཁུངས་སུ་བྱས་ཤིང་དམ་པ་གོང་མ་རྣམས་ཀྱི་གསུང་ལ་སྒོ་བསྟུན་ནས་ ༧ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་ཁྲིགས་སུ་བཀོད་པ་འདིར་མ་རྟོགས་ནོངས་པའི་ཆ་ཀུན་སྙིང་ནས་འཆགས་ཞིང་། དགེ་བའི་ཆ་ཤས་གང་ཐོབ་འགྲོ་ཀུན་ཡེ་ཤེས་མཁའ་འགྲོའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས།

རྡོ་རྗེ་མཁའ་འགྲོའི་རྒྱུད་འཁྲུགས་བསྡེབས་པ་སྦྱིན་སྲེག་གི་ལས་རབ་འབྱམས་བཞུགས་སོ། །བླ་མ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །བདག་བྱིན་བརླབས་པའི་པྲ་བབས་ན་མཐོང་ཀུན་ཏུ་གཟུགས་སྐུ་ས་འོག་དང་། །དབུ་མའི་རྒྱུད་མངས་བསྐུལ་བ་ལས་ཐོས་ཐམས་ཅད་སྐད་གསུང་པ་ཉིད་དོ། །འཛག་མེད་ཡར་གྱི་གོང་འགྲོ་ལ་འཆར་སྙིང་རྗེའི་ཆ་ཐུགས་མཐོ་རིས་ཏེ། །མི་ཕྱེད་པར་ནི་གསུམ་པོ་དངོས་ཅིག་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ལྷ་ཀུན་ཞལ་མེ་སྲེག་པ་གསོལ་བ་ཉིད། །དེས་མཉེས་མཆོག་སྟེར་ངེས་པའི་བྲ་། །དེ་སྦར་མེད་ན་མི་འབྱུང་ཡཾ་སྲེགས་ཤིང་། །རྒྱུད་སྡེའི་ནགས་ཞུགས་གཅེས་པ་འདི་ན་འཐུ། །འདིར་ལྷའོ་ཅོག་ལ་མཆོད་སྦྱིན་བྱ་བའི་སྒོ་འབྱེད་པར་བྱའོ། །དེ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ཉིད་བསྡུས་དང་བདེ་མཆོག་དང་། །གསང་དང་རྡོ་རྗེ་འཇིགས་བྱེད་བཅས། ཏི་ལ་ཀ་སོགས་མ་བཤད་པ། །སྦྱིན་སྲེག་མདོ་རུ་བསྡུས་པའོ། །ཞེས་པས། རྒྱུད་མིང་གསལ་བ་དེ་དག་དང་། ཡང་རྒྱུད་སྡེ་གང་དུ་གསལ་བར་མ་གསུངས་པ་དེ་དག་སྤྱི་ལ་ཆོ་ག་འདི་འཇུག་ལ། གང་ལ་གསལ་བར་གསུངས་པ་རྣམས་ནི་དེ་ཉིད་བཞིན་དུ་སྒྲུབ་དགོས་ཏེ། རང་རང་གི་སྔགས་ཀྱིས་འགྲུབ་པའི་ཕྱིར་རོ། །ཞེས་ཤེས་པར་བྱས་ལ། རྣམ་པར་འགྱེད་རྒྱུ་ཡང་རྣམ་པ་གསུམ་སྟེ། ཕྱི་དང་ནང་བླ་ན་མེད་པའི་སྦྱིན་སྲེག་གོ །དང་པོ་ལ། ལས་རྐྱང་པ་དང་། ཐམས་ཅད་པ་དང་། དངོས་གྲུབ་སྒྲུབ་པའི་སྦྱིན་སྲེག་འགའ་ཞིག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྣམ་པར་དབྱེ་ན་མང་ཡང་། ཞི་རྒྱས་དབང་དྲག་པོ་བཞི་མདོ་དང་སྦྱར་ཏེ། བཅའ་གཞི། ཆོ་ག ཕན་ཡོན་གསུམ། དང་པོ་ནི། ལས་གང་ན། ཞི་བ། དགོས་པ་ཅི། ནད་སོགས་ཞི་ཕྱིར་སོགས་པས་གདོན་བཀྲ་མི་ཤིས་པ་སྡིག་པ་ཞི་བ་བསྟན་ནོ། །བྱེད་པ་པོ་སུ། སྙིང་རྗེར་ལྡན་པ། འདིས་བསམ་པའང་བཤད་དོ། །དུས་ནི་དགོང་མོ་བྱ། གནས་གར། ཞི་བ་ས་གཞི་དཀར་པོའི་ཆར། །ཕྱོགས། དཀྱིལ་འཁོར་ཁང་པ་ལ་སོགས་པའི། །ཤར་གྱི་ཕྱོགས་སུ་ལས་དེ་བརྩམ། བྱ་ཁྱེར། །དང་པོར་ས་གཞིར་གཟུང་ནས་སུ། །ཕྱི་ནས་ཧོཾ་ཁུང་བརྩམ་པར་བྱ། །ཐབ། ཁྲུ་གང་ཚད་ལ་ཤིན་ཏུ་ཟླུམ། །ཁྲུ་ཕྱེད་ཐུར་དུ་བསྐོར་བར་བྱ། །ཁའི་ཐད་ནས། ཁུང་ནས་སོར་བཞི་བོར་ནས་ནི། །སོར་བཞི་དཔངས་དང་ཞེང་ལྡན་པའི། །ཁ་ཁྱེར་གྱིས་ནི་བརྐོ་བར་བྱ། །འདི་ལ་སྡོམ་འབྱུང་ལས། ཁ་ཁྱེར་དཔངས་ཀྱི་ཕྱེད་ཚད་ཉིད། །དེ་ཉིད་དུ་ནི་དམའ་བར་སྦྱར། །ཇི་ལྟར་ཕྱི་རོལ་དམའ་བའི་ཚད། །དེ་བཞིན་ཁ་ཁྱེར་ནང་ཉིད་དོ། །དེ་ཡི་ཕྱི་ཡི་ཁ་རན་ཡང་། །དཔངས་ཀྱི་ཚད་ནི་ཇི་བཞིན་བྱ། །ཞེས་གསུངས། ཁ་དོག ས་དཀར་དང་ནི་བ་ལྕི་ཡིས། །ཧོཾ་ཁུང་ཀུན་ཏུ་བྱུག་པར་བྱ། །བརཏལ་ཞུགས་ཅན་གྱིས་གཉིས་ཀར་ཡང་། །དྲི་ནི་དཀར་པོ་བྱུགས་ནས་སུ། །ཤིན་ཏུ་མཉམ་པར་གཞག་པ་ཡིས། །མེ་ཏོག་དཀར་པོ་གཏོར་བར་བྱ། །མཚན་མ། སོར་བརྒྱད་པ་ཡི་རྡོ་རྗེ་ནི། །པདྨའི་སྟེང་དུ་བྲིས་པས་མཚན། །ཐབ་ཀྱི་ནང་ཁྱབ་པའི་པདྨ་འདབ་བརྒྱད་པའི་ལྟེ་བ་ལ་དེའོ། །མཚམས་སུ་རྡོ་རྗེའི་དབྱིབས་ལྟ་བུ། །འདི་ཡི་གྲར། རྩེ་གསུམ་རྡོ་རྗེས་བསྐོར་བར་བྱ། །འདི་ཁ་ཁྱེར་ལའོ། །བུད་ཤིང་། །མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །བུད་ཤིང་ཐབ་ལས་དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང་། །སྲོག་ཆགས་ལྡན་པ་སྤང་བར་བྱ། །སྲེག་རྫས། ཡཾ་ཤིང་པ་ལ་ཤ་དང་ནི། །ཨུ་དུམྦ་ར་ཨ་མྲྀ་དང་། །ནྱ་གྲོ་དྷ་དང་པ་ལ་ཤ །ཀ་ཏཾ་པ་སོགས་འོ་མ་ཅན། །རྩེ་མོའི་ཆ་ལས་བྱས་པ་སྟེ། །སོར་ནི་བཅུ་གཉིས་ཚད་དུ་བྱ། །རུང་བ། རློན་ཞིང་འདབ་མར་བཅས་པ་སྟེ། །མི་རུང་བ། རྙིང་དང་རྩེ་མོ་ཉམས་པ་དང་། །ཤུན་པ་མེད་ཅིང་གས་པ་དང་། ཐུང་དང་ཤིན་ཏུ་རིང་བ་དང་། །ཕྲ་དང་སྦོམ་དང་འཁྱོག་པ་དང་། །གས་དང་ཆག་དང་འབུས་ཟོས་དང་། །རྩེ་མོའི་ཆ་ནི་གཉིས་ཡོད་ཅིང་། །སྲོག་ཆགས་ལྡན་ཞིང་བསྐམས་པ་དག །དགེ་བའི་ལས་རྣམས་ཐམས་ཅད་ལ། །སྤངས་ཏེ། བོད་དུ། ཤུག་པ་སྦྱར་པ་ལ་སོགས་འོ་མ་ཅན་ཞེས་བྱས་ཀྱང་ཐང་ཆུ་འབབ་པ་དེ་དག་ཏུ་དམིགས་པས་སོ། །རྫས་གཞན། ཏིལ་དང་ནས་དང་འོ་མ་ཞོ། །སཱ་ལུའི་འབྲས་ཆན་པྲི་ཡང་ཀུ །ཀུ་ཤ་སྔོན་པོ་ཙུ་ཏའི་འདབ། །མེ་ཏོག་ཙན་དན་དཀར་པོ་དང་། །སྦྲང་རྩི་མར་དང་སྤོས་པོག་དང་། །དུརྦ་དྲི་ཞིམ་ཁུ་བ་རྣམས། །རྣལ་འབྱོར་པ་ཡིས་ཞི་བ་ལ། །ཇི་ལྟར་རྙེད་པ་བསྲེག་པར་བྱ། །སྤོས་པོག་སྤོས་དཀར་ཡིན་ནོ། །སྡོམ་འབྱུང་ལས། མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམས་འཕེལ་ལོ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་དཀར་དཀར་པོ་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་བཤད། །ཏིལ་གྱིས་སྡིག་པ་འཇོམས་རིག་བྱ། །སོ་བས་ནོར་དང་འབྲུ་རྣམས་འགུགས། །མཱ་ཤས་སྟོབས་ནི་ཆེན་པོར་བྱེད། །ནས་ཀྱིས་རླུང་གི་ཤུགས་རབ་སྟེར། །དུརྦས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་རྣམས་འཇོམས་པར་བྱེད། །འོ་མ་སྦྲང་རྩིས་ཤེས་རབ་འཕེལ། །ལག་པན་གྱིས་ནི་བདེ་ཀུན་སྟེར། །ཞེས་གསུངས། མཆོད་རྫས། དེ་ནས་མཆོད་ཡོན་སྣོད་བཤམས་ལ། །གསེར་དང་དངུལ་ལས་བྱས་པའམ། །དུང་དང་ཉ་ལྕིབས་དག་ཀྱང་རུང་། །ཟངས་དང་འཁར་བའི་རྫས་རྣམས་དང་། །ས་དང་ཤིང་ལོ་དག་ཀྱང་རུང་། །ཇི་ལྟར་འབྱོར་པ་བཤམས་པར་བྱ། །མེ་ཏོག་འོ་མར་བཅས་པ་ཡི། །ཨརྒྷཾའི་སྣོད་ནི་མདུན་དུ་བཞག །དང་། མཆོད་པའི་སྣོད་ནི་གཡོན་དུ་བཞག །ཅེས་པ། ལས་དང་མཐུན་པའི་མེ་ཏོག་སོགས་མཆོད་རྫས་ཀུན་སྣམ་ལོགས་གཡོན་དུ་བཤམས། །གཡས་སུ་སྲེག་རྫས་བཞག་པར་བྱ། །ཞེས་པས་སྲེག་རྫས་གཡས། སྟེགས་བུ་ཡིད་དུ་འོང་བ་གཡོགས་གཙང་མས་བརྒྱན་པར་དགོད་དོ། །དགང་བླུགས་རྒྱུ་དངུལ་ལམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང་། །དགང་གཟར་སྐྱུ་དང་དབྱིག་པ་སོགས། །ཚད་དང་དབྱིབས་ལ་སོགས་པ་བཤད། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བསྐོར་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་མཚན། །དེ་ཡི་སྟེང་དུ་མཆུ་སོར་བཞི། པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །བླུགས་གཟར་ནི། རྒྱ་རུ་སོར་གཉིས་ཟབས་སོར་གཅིག །ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེས་མཛེས་པ་སྟེ། །ལྷག་མ་སྔོན་བཞིན་མཚོན་པར་བྱ། །དག་པ། དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །མ་འབྱོར་ན། སོར་མོ་ལྔ་དང་ལྡན་པ་ཡི། །གང་བའི་སྦྱིན་སྲེག་བྱ་བར་བརྗོད། །གང་བ་དགང་གཟར་ལ་ཟེར། སོར་མོ་གསུམ་དང་ལྡན་པ་ཡིས། །སྦྱིན་སྲེག་གཅིག་ཤོས་བྱ་བར་བརྗོད། །བླུགས་གཟར། ཆས་ཞུགས། མེ་ཏོག་འཕྲེང་སོགས་རྒྱན་དང་ནི། །བགོ་བ་དག་ནི་དཀར་པོར་བྱ། །དང་། དེ་ནས་སྒྲུབ་པོ་དཔལ་ལྡན་པས། རྒྱན་རྣམས་ཀུན་གྱིས་བརྒྱན་ནས་སུ། །སྟན། འཇམ་པའི་སྟན་ལ་གནས་ནས་ནི། །འདུག་སྟངས། པདྨའི་སྐྱིལ་ཀྲུང་བཅིངས་ནས་སུ། ཁ་གར་བལྟ། དཔའ་བོ་ཤར་དུ་ཁ་བལྟས་ནས། །བཞིན། ཞི་བ་དང་ནི། དགེ་བའི་ལས་རྣམས་ལ། གདོང་ནི་འཛུམ་དང་བཅས་པར་བྱ། །ཆོ་ག་ལས་བདག་བསྐྱེད། གསང་བ་གཉིས་ཀྱི་ཏིང་འཛིན་གནས། གསང་བ་གཉིས་གསུང་བའི་དང་པོ་རང་ལྷའི་སྒྲུབ་ཐབས་གཞུང་བཞིན་བསྒོམས་ནས། དེ་བསྡུས། གཉིས་པ། དཔལ་ལྡན་རྣམ་སྣང་མཛད་བསྒོམས་ཏེ། །བརྩེ་དང་ལྡན་པས་མི་སྨྲ་བར། །ཞེས་རྣམ་སྣང་དུ་ལངས་ནས་སྦྱིན་སྲེག་གི་མི་སྨྲ་བ་ཚེ་སློབ་དཔོན་གྱིས་དེའི་ང་རྒྱལ་འཛིན་དགོས་པ་ཡིན། མཆོད་རྫས་བྱིན་བརླབས། རྫས་རྣམས་ཀུན་ལ་བསང་གཏོར་བྱ། །དྲི་དང་། དྲི་ཞིམ་བདུག་པ་བདུགས་ནས་སུ། །རང་གི་སྔགས་ཀྱིས་ལན་བདུན་བཟླ། །ཀུ་ཤ་བཀྲམ་པ། དེ་ནས་བཀྲ་ཤིས་བཅས་པ་ཡིས། །གཡས་ནས་བསྐོར་བས་ཀུ་ཤ་དགྲམ། །ཀུ་ཤ་ཡང་། རྩེ་མོའི་ཆ་ལས་བྱས་པ་ནི། །དྲི་མ་མེད་ཅིང་མ་ཉམས་པ། །འདབ་མར་བཅས་ཤིང་ཁ་དོག་སྔོ། །ཤིན་ཏུ་རིང་མིན་ཐུང་བ་མིན། །མདུད་པར་བཅས་པས་གཡས་བསྐོར་དགྲམ། །དེ་ཡང་ལས་ཀྱི་རྗེས་མཐུན་པར། །ཐབ་ཁུང་ཕྱོགས་ཀྱི་བྱེ་བྲག་གི །གཞན་ཡང་ཤར་སོགས་བསྟན་ཏེ་དགྲམ། །འདིར་རང་གི་གཡོན་གྱི་ཁ་ཁྱེར་ནས་བཟུང་རྩེ་ཤར་དུ་བསྟན་པས། །དེ་ཡི་སྒོར་ནི་བཀྲམ་ནས་སུ། །དེ་བས་ཐབ་ཀྱི་ནང་དུ་ནི། །སྒྲུབ་པ་པོ་ཡིས་ཀུ་ཤ་སྦྱིན། །ཀུ་ཤའི་ལས་ནི་རྫོགས་ནས་སུ། །མེ་ཡི་ལས་ནི་བརྩམ་པར་བྱ། །མེ་ནི། གཙུབ་ཤིང་ལས་བྱུང་མེའམ་ནི། །ཡང་ན་ལས་ཀྱི་བྱེ་བྲག་གི །སྐྱེ་གཉིས་ལ་སོགས་མེ་ཡང་རུང་། །སྦར་ཚུལ། རླུང་ཡབ་ཀྱིས་ནི་སྦར་ནས་སུ། །འོ་མར་ལྡན་པའི་བུད་ཤིང་སོགས། །མེ་ནི་གསལ་བར་སྦར་བར་བྱ། །འཇིག་རྟེན་པའི་མེ་ལྷ། མེ་ནི་འབར་བར་ཤེས་ནས་སུ། །དེ་ནས་མེ་ལྷ་དགུག་པར་བྱ། །དེ་ཡང་སྡོམ་འབྱུང་ལས། དམ་ཚིག་སེམས་དཔའ་བསམས་ནས་ནི། །ཡེ་ཤེས་སེམས་དཔའ་གཞུག་པར་བྱ། །བསམ་བྱའི་དོན། དམ་ཚིག་སེམས་དཔའ་མེ་ལྷ་བཞི་བཅུ། དེའི་ནང་ནས་བཟང་ཤོས་པཱ་བ་ཀ་ཞེས་བྱ་བ། ཡི་གེ་རཾ་ལས་ཡང་དག་བྱུང་། །ཨོཾ་ལས་བྱུང་བའི་པདྨ་ནི། །མཛེས་པ་ར་འགྱུར་ཕལ་ལ་ལུག་གི་སྟེང་འབྱུང་ཡི་སྟེང་གནས་པ། །བསམ་གཏན་ལ་ཞུགས་ཡང་དག་བསམ། །མདོག་དང་ན་བཟའ་རྒྱན་ལ་སོགས། །ལས་ཀྱི་རྗེས་སུ་མཐུན་པར་བྱ། །འདིར་དཀར་པོ། མེ་ཡི་ཁམས་ཀྱི་རང་བཞིན་ཏེ། །འབར་བའི་འཕྲེང་བ་རྒྱ་ཆེན་བཅས། །ཞལ་གཅིག་དང་ནི་ཕྱག་བཞིར་ལྡན། །རྡོ་རྗེ་རྩེ་གསུམ་དབྱིག་པ་དང་། །བགྲང་འཕྲེང་རིལ་བ་སྤྱི་བླུགས་ནི། །གཡས་དང་གཡོན་དུ་རིམ་པས་སམ། དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་གཞུག་པ། མེ་ཡི་ཕྱོགས་ནས་སྤྱན་དྲངས་པ། །དྲང་སྲོང་གི་ནི་འཁོར་གྱིས་བསྐོར། །དང་། རྡོ་རྗེ་མེ་ནི་བྱོན་པ་དང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །མཆོད་པ། དེ་ནས་ཨརྒྷཾ་སོགས་བྱིན་ཏེ། །ལས་ཀུན་བྱེད་པའི་ཆུ་ཡིས་ནི། །བསང་གཏོར་བྱས་ནས་ཞལ་བསིལ་སྦྱིན། །དགང་བླུགས། ཞི་བ་བྱང་ཆུབ་མཆོག་གིས་བཟུང་། །དང་། དགེ་བའི་ལས་ལ་གྲུ་མོ་པུས་མོའི་བར་དུ་བཅུག་སྟེ་སྲེག །དངོས་གྲུབ་བླང་བའི་བསམ་པ་ཡི། །དམ་ལ་བཞག་སྟེ་ཞི་བའི་ཏིང་ངེ་འཛིན། །སྲེག་ཚུལ། དེ་ཡི་ཁར་ནི་དགང་བླུགས་འབུལ། །སྔགས། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྷ་ལ་ཛྷ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚུཾ་བིགྷྣཱཾ་ཧཱུཾ་ཕཊ྄། མེ་ཡི་སྔགས་ནི་དེ་ཉིད་ལ། །ལས་དང་རྗེས་སུ་མཐུན་པར་སྤེལ། །དང་། སྭཱ་ཧཱ་མཐའ་ཅན་སྔགས་བཟླས་ལ། །རྟག་ཏུ་ཞི་བའི་ལས་རྣམས་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭཱ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་ཀུ་ཤའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་ཏིལ་གྱིས་སྡིག་པ་བསྲེག་པར་བྱའོ། །ཨོཾ་བཛྭ་ཨཱ་ཡུ་ཁེ་སྭཱ་ཧཱ། ཞེས་བྱ་བ་ནི་དུརྦའི་སྟེ། ཚེ་སྤེལ་བར་བྱ་བའོ། །ཨོཾ་བཛྭ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བ་ནི་འབྲས་ཀྱི་སྟེ། ཁྱིམ་རྒྱས་པར་བྱ་བའི་འོ། །འབྲུ་ལ་སོགས་གཞན་དག་ཀྱང་འདིར་མར་གྱིས་བསྒོས་ཏེ་བསྲེག་པར་བྱའོ། །དེ་ནས། བསང་གཏོར་ཞལ་བསིལ་སོགས། མེ་ནི་ཚིམ་བྱས་འབར་བ་ཡི། །རྣམ་པར་ཡོངས་སུ་ཐིམ་པར་འགྱུར། །འདིར་སུ་མ་ཏིའི་གསུང་ལས། སྤྱིར་མེ་ལྷ་གཞལ་ཡས་ཁང་དུ་ལྟ་བ། དཔང་པོར་ལྟ་བ། མེ་ལྷ་ཡེ་ཤེས་ཀྱི་མེ་འབར་བར་ལྟ་བ་གསུམ། མེ་ལྷའི་སྙིང་གར་འདོད་ལྷ་བཀོད་ནས་འབུལ་བ། གཉིས་པ་ཐབ་ནས་མགལ་དུམ་གཅིག་བཏོན་ནས་ཤར་ལྷོ་མཚམས་སུ་བཞག་སྟེ་མེ་ལྷར་བལྟས་ལ། དེ་ནས་འདོད་ལྷའི་སྦྱིན་སྲེག་བྱ་བ། གསུམ་པ་མེ་ལྷ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་བལྟས་ནས་དེའི་ནང་དུ་འདོད་པའི་ལྷ་དམིགས་ལ་མཆོད་པ་ཡིན་ཏེ། དཔལ་ནཱ་རོ་པ་འདི་ལ་གཙིགས་ཆེ་བར་མཛད་གསུང་ངོ་། །དེ་ཡན་འཇིག་རྟེན་པའི་སྦྱིན་སྲེག །དེ་ནས་འདོད་པའི་ལྷའི་སྦྱིན་སྲེག་ལ། འབུལ་སའི་ལྷ། དེ་ནས་མེ་དབུས་བདག་གི་ལྷ། །རྒྱན་དང་ན་བཟའ་ཁ་དོག་སོགས། །ལས་ཀྱི་རྗེས་སུ་མཐུན་པར་ནི། །བསམ་ཞིང་། པྲ་མེ་ཡི་མཚན་མ་བརྟག །གསེར་ལ་སོགས་པའི་ཁ་དོག་གིས། །མེ་ཡི་མདོག་ནི་ཤེས་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཤིས། །དང་། དབྱིབས་ནི་དཔལ་གྱི་བེའུ་དང་། །རྡོ་རྗེ་འཁོར་ལོ་ལ་སོགས་པ། །རང་གི་མཚན་མས་བརྒྱན་པ་ཤིས། །མེ་ནི་ཤིན་ཏུ་དྲི་ཞིམ་ན། །དགེ་བའི་ལས་ཀྱི་དངོས་གྲུབ་སྟེར། །ལེགས་པའོ། །མི་ལེགས་པ། །མི་རོའི་དྲི་དང་ཉ་ཡི་དྲི། །དུ་བ་ཆེ་ཞིང་སྒྲ་དང་ལྡན། །མེ་མདག་གིས་ནི་སྔགས་པ་སྲེག །མེ་ཡི་མཚན་མ་ངན་པ་སྟེ། །དང་། དེ་ཉིད་ཤིས་པའི་ལས་རྣམས་ལ། །ཤིས་པའི་མཚན་མ་མ་ཡིན་ནོ། །དེ་བྱུང་ན། བཟློག་ཐབས། དེ་ནས་བགེགས་ནི་བསྐྲད་ནས་སུ། །དེ་ནས་རང་གི་སྔགསཀྱིས་ནི། །མེ་ལ་བསང་གཏོར་བྱས་ནས་སུ། །དགང་གཟར་ཆོ་ག་བཞིན་བཀང་ལ། །དགང་བླུགས་ལན་གསུམ་སྦྱིན་པར་བྱ། །ཨོཾ་ཨགྣ་ཡེ་ཨ་མུ་ཀ་པཱ་བ་ཀ་ཨ་ཏི་མཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་སླར་ཡང་སྦྱིན་སྲེག་བརྩམ། །ཏིང་ངེ་འཛིན། བསྒྲུབ་བྱ་ཡི་གེ་ཨོཾ་གྱུར་པའི། །ཆུ་ཡི་དཀྱིལ་འཁོར་དཀར་པོ་ལ། །སེང་གེ་པདྨ་ཟླ་བ་ཡི། །སྟན་ལ་གནས་པར་དམིགས་ནས་སུ། །འོག་ནས་འབྱུང་བའི་རིམ་པ་ཡིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འབུལ་བའི་སྔགས། ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར། །ཡི་གེ་གསུམ་གྱི་སྔགས་སྔོན་དུ་བཟླས་པ་དང་། རང་གི་སྔགས་སྤེལ་ཏེ་རིམ་པ་བཞིན་དུ་བསྲེག་པར་བྱའོ། །དེ་ལ་སྲེག་པའི་གོ་རིམ་ནི་འདི་ཡིན་ཏེ། དང་པོར་ནི་ཡཾ་ཤིང་ངོ་། །དེའི་འོག་ཏུ་ནི་མར་རོ། །དེ་ནས་ཏིལ་དང་གྲོ་ལ་སོགས་པའོ། །དེ་ནས་བཟའ་བ་ལ་སོགས་པའོ། །དེ་ནས་ཟན་ནོ། །དེ་ནས་ཞོ་དང་འོ་མ་དང་། འབྲས་བུ་ལ་སོགས་པ་དང་། བལྡག་པ་དང་བཏུང་བ་ལ་སོགས་པའི་ཚོགས་བསྲེགས་ལ། དེ་ནས་རྣལ་འབྱོར་པས་མེ་ཏོག་དང་སོ་རྩི་ལ་སོགས་པ་འབུལ་ལོ། །དེ་བཞིན་དུ་རང་གི་ལྷ་མཆོད་ནས་འདོད་པའི་དོན་གྱི་དངོས་གྲུབ་གསོལ་བར་བྱའོ། །དེ་ནས་མགོན་པོ་གཤེགས་སུ་གསོལ་ནས། སླར་ཡང་སློབ་མས་མེ་ལྷ་མཆོད་དེ་གཤེགས་སུ་གསོལ་བས་དེ་ཡན་ཆོ་གའོ། །ཕན་ཡོན་ནི། རྣལ་འབྱོར་པ་ལ་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །ཞི་བའི་སྦྱིན་སྲེག་གི་ཆོ་གའོ། །ལས་གང་། རྒྱས་པའི། དགོས་པ། དབུལ་དང་རིགས་སོགས་རྒྱས་པའི་ལས། བྱེད་པ་པོ། དགའ་དང་ལྡན་པ། དུས་སྔ་དྲོ་བྱ། གནས་རྒྱས་པ་ས་གཞི་སེར་པོ་ལ། ཕྱོགས་འདི་ནི་རྟག་ཏུ་གྲོང་ཁྱེར་སོགས། བྱང་གི་ཕྱོགས་ཆར་བྱ་བ་ཡིན། བྱ་ཁྱེར་སྔར་དང་མཚུངས། ཐབ་རིན་པོ་ཆེ་ཡི་དབྱིབས་འདྲའི་ཐབ་ཟུར་བརྒྱད་པ། ཡང་ན་གྲུ་བཞི་པ་ཡང་རུང་། །ཁྲུ་དོ་ཟབས་སུ་ཁྲུ་གང་བརྐོ། །ཁ་ཡི་ཐད་ནས། དེ་ནང་སོར་བརྒྱད་བོར་ནས་སུ། །ཁ་ཁྱེར་སོར་བརྒྱད་ཚད་དུ་བྱ། །སོར་བརྒྱད་དཔངས་དང་ལྡན་པ་ལ། མདོག ས་སེར་དང་ནི་དྲི་སེར་གྱིས། །ཧོཾ་ཁུང་ཀུན་ཏུ་བྱུགས་ནས་སུ། །མེ་ཏོག་སེར་པོ་ལ་སོགས་པའི། །མཆོད་པ་དག་ནི་ཇི་བཞིན་བྱ། །མཚན་མ། ཧོཾ་ཁུང་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་སེར་པོ་བྲིས་པ་ལ། །འོག་ཏུ་ཆ་དྲུག་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་བྲི་བར་བྱ། །ཁ་ཁྱེར། རིན་ཆེན་འཕྲེང་བས་བསྐོར་བར་བྱ། །བུད་ཤིང་། བུད་ཤིང་སྔར་བཞིན་ཁྱད་པར་དུ། །འབྲས་བུ་དང་ནི་བཅས་པས་བྱ། །ལྕི་བ་དགོན་པའི་མི་རུང་བ། །སྲེག་རྫས་རྒྱུ་རུང་མི་རུང་ཀུན། །ཡཾ་ཤིང་ཞི་བའི་ལྟ་བུ་སྟེ། །ཁྱད་པར། དབུས་ཀྱི་ཆ་ནི་མཛེས་པ་ལས། །ཚད། སྲིད་དུ་བཅག་ཁྲུ་གང་དུ་བྱ། །དྲི་སེར་ཆུ་ཡིས་གཏོར་ནས་ནི། །ཞོ་དང་འོ་མ་མར་ལ་སྦག །མངར་གསུམ་ལ་ནི་སྦགས་པར་བྱ། །རྫས་གཞན། དེ་ནས་ཟས་མཆོག་ཞོ་ཟན་དང་། །མར་དང་ཏིལ་ནི་ནག་པོ་དང་། །ཤཔྟ་པུཥྤེ་མར་དང་བཅས། །སྦྲང་རྩི་དང་ནི་སཱ་ལུའི་འབྲས། །འབྲུ་རྣམས་གཞན་དང་པདྨ་དང་། །ན་ག་གེ་སར་བིལ་བའི་འབྲས། །དེ་བཞིན་དུརྦར་བཅས་པ་དག །རྒྱས་པའི་ལས་ལ་བསྲེག་པར་བྱ། །མཆོད་རྫས། ཞོ་དང་ཏིལ་དུ་བཅས་པ་དང་། །དྲི་སེར་ལ་སོགས་ལྡན་པའི་ཆུ། །རང་གི་སྔགས་ཀྱིས་སྔོན་བཟླས་པ། །རྒྱས་པ་ཡི་ནི་ཨརྒྷཾ་ཡིན། །དགང་བླུགས་རྒྱུ་གསེར་རམ། །གཞན་མཚུངས། ཆས་ཞུགས། གོས་སེར་ལ་སོགས་བརྒྱན་ནས་ནི། །སྟན་མཚུངས། འདུག་སྟངས། བཟང་པོ་ཡི་ནི་འདུག་སྟངས་སམ། །ཡང་ན་རོལ་པའི་སྟབས་ཀྱིས་གནས། །འབྲས་ཆན་དཀར་པོ་ཞོ་དང་ནི། །བཅའ་བཟའ་དེ་ཉིད་རིག་པ་ཡི། །བཟའ་དང་བཏུང་བས་ཚིམས་ནས་སུ། །ཁ་གར་བལྟ། །བྱང་ཕྱོགས་སུ་ནི། ཁ་བལྟས་ཏེ། བཞིན་རས་རྒྱས་དང་། །དགེ་བའི་ལས་ཡིན་པས་འཛུམ་པའོ། །ཆོ་ག་ལས་བདག་བསྐྱེད་གསང་བ་གཉིས་ཀྱི་ཏིང་ངེ་འཛིན་གནས་པའི་ཕྱི་མ། །རིན་ཆེན་འབྱུང་ལྡན་བསྒོམས་ནས་ནི། །ཀུ་ཤ་གཡས་བསྐོར་རྩེ་བྱང་དུ། །མེ་སྔར་སོགས་སྒྲས་རྒྱལ་པོའི་ཁབ་བམ་ཕྱུག་པོའི་ཁྱིམ་ནས་བླངས། །སྦར་ཚུལ་འདྲ། ཐབ་ནས་མེ་ལྷ་མཆོད་པའི་བར་འདྲ། མེ་ལྷ་དབང་ཞེས་བྱ་བ་མདོག་རྒྱན་སེར་པོ་སྟེ། ལས་ཀྱི་རྗེས་སུ་མཐུན་པར་བྱ། །ཞེས་གསུང་པས་སོ། །དགང་བླུགས་འཛིན་ཁྱེར་ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དངོས་གྲུབ་བླངས་བ་རྒྱས་པའི་ཏིང་ངེ་འཛིན། སྔགས། སྔགས་ཀྱི་མཐར་ནི་ཨོཾ་བརྗོད་ཅིང་། །རྒྱས་པར་བྱ་བའི་ཆོ་ག་སྦྱར། །འདོད་ལྷའི་སྐབས་ཏིང་ངེ་འཛིན་ལས་ཀྱི་རྗེས་མཐུན་ཏེ། ཡི་གེ་ལམ་ལས་བྱུང་བ་ཡི། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལ། གླང་ཆེན་སྟེང་དུ་གནས་པ་ཡི། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །དང་། མེ་པྲ་རྒྱས་པ་ལ་ནི་གསེར་ལྟ་བུ། །གཞན་ཐམས་ཅད་ཞི་བ་དང་མཚུངས་སོ། །འདིར། རྒྱལ་སྲིད་ཕྱིར་ནི་སྔགས་པ་ཡིས། །སྟོང་ཕྲག་བཅུར་ནི་བཟླ་བར་བྱ། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་སྟོང་ཕྲག་ལྔ་ནི་བྱ། །རྫས་གང་གྱིས་ནི་ཤ་ཆེན་འོ་མ་ལ་སྦགས་པ། །རིམ་པ་འདི་ཡིས་བསྲེགས་ན་ནི། དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །ཚུན་ཆད་ཕོ་བྲང་རྙེད་པར་འགྱུར། །དཔལ་ལྡན་རྒྱལ་སྲིད་ཆེ་འགྲུབ་པ། །སུས་ཀྱང་གཞིག་པར་མི་ནུས་སོ། །ཡང་། མི་དང་བ་གླང་ཅེ་སྤྱང་ཤས། །དེ་བཞིན་ངོ་མཚར་མཆོག་གྱུར་ཏེ། །ཆང་དང་འོ་མར་སྦགས་ནས་ནི། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །གླིང་བདུན་ལ་ནི་དབང་བ་ཡི། །རྒྱལ་སྲིད་ལོངས་སྤྱོད་དཔལ་ཆེན་འགྱུར། །ཞེས་གསུངས་སོ། །རྒྱས་པའི་སྦྱིན་སྲེག་གི་ཆོ་གའོ། །ལས་གང་། དབང་གི་དོན་དུ་འདི་གསུངས་ཏེ། །དགོས་པ། བུད་མེད་རྣམས་ནི་རྨོངས་པར་འགྱུར། །མཚོན་པ་ཙམ་སྟེ། ཁམས་གསུམ་དབང་དུ་བསྡུ་བ་ཡང་ཡིན་པས་སོ། །བྱེད་པ་པོ། ཆགས་པའི་སེམས་ཀྱིས་ནི། དུས་མཚན་མོ། གནས། དབང་ལ་ས་གཞི་དམར་པོ་དང་། ཕྱོགས་འདི་ནི་གྲོང་ཁྱེར་ལ་སོགས་པའི། །ནུབ་ཀྱི་ཕྱོགས་ཆར་རྟག་ཏུ་བྱ། །ཐབ་ཐབ་ཁུང་སྐྱེ་གནས་དབྱིབས་ལྟ་བུ། །ཡང་ན་ཟླ་ཕྱེད་དབྱིབས་ལྟ་བུ། །ཁུང་བུ་དང་ནི་ཁ་ཁྱེར་སོགས། །ཞི་བ་ཡི་ནི་ཚད་དུ་བྱ། །མདོག ས་དམར་དྲི་དམར་སོགས་བྱུགས་ཏེ། མེ་ཏོག་དམར་པོ་ལ་སོགས་གཏོར། །མཚན་མ། པདྨ་ཡི་ནི་མཚན་མ་ཡི། །བུད་ཤིང་། བུད་ཤིང་ཡང་ནི་སྒྱུར་བ་དང་། མེ་ཏོག་བཅས་པའི་ཤིང་ལ་བྱ། །སྲེག་རྫས། ཙམ་པ་ཀ་དང་ཨ་ཤོ་ཀ སུ་ན་ན་ག་ན་གེ་སར། ཤིན་ཏུ་དམར་ཞིང་སྐྱུར་བ་དང་། །མེ་ཏོག་དང་ནི་འབྲས་བུར་བཅས། །ཤིང་དེའི་ཡལ་གའི་ནི་ཆ་ལས་ཀྱང་། སོར་ལྔ་པ་ཡི་ཚད་དུ་ནི། །དབང་གི་ལས་ཀྱི་ཡཾ་ཤིང་བྱ། །མཆོད་རྫས། དབང་ལ་ཟངས་ཀྱི་སྣོད་སོགས་པར། །དྲི་དམར་ལ་སོགས་བཅས་པའི་ཆུ། །མེ་ཏོག་དམར་པོ་འབར་བ་སྟེ། །ཡོངས་སུ་བཀང་བས་ཆགས་པར་བྱ། །ཆས་ཞུགས། དམར་པོའི་རྒྱན་གྱིས་ཀླུབས་ནས་ནི། །འདུག་སྟངས། སེམས་དཔའི་སྐྱིལ་ཀྲུང་གནས་ནས་སུ། །ཁ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །བཞིན་དབང་། དགེ་བ་ཡི་ནི་ལས་རྣམས་ལ། །གདོང་ནི་འཛུམ་དང་བཅས་པར་བྱ། །ཆོ་གའི་ཁྱད་པར་གསང་བ་གཉིས་པ། །རྡོ་རྗེ་ཆགས་པ་མཆོག་ཏུ་བསྒོམ། །ཀུ་ཤ་གཡས་བསྐོར་རྩེ་ནུབ་ཏུ། །མེ། ཚོང་འདུས་སམ་སྨད་འཚོང་མའི་ཁྱིམ་ནས། མེ་ལྷ་དམར་པོ་ཞེས་བྱ་བ་མདོག་ལི་ཁྲི་ལྟ་བུ། དགང་བླུགས་ཟངས་སམ་འཛིན་པའི་ཁུ་ཚུར། དབང་དང་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་བཟུང་། །དངོས་གྲུབ་བླང་བའི་ཏིང་ངེ་འཛིན། ཡཾ་ལས་བྱུང་བའི་རླུང་དཀྱིལ་ལ། །བཙུན་མོ་པདྨ་འཇམ་ལྡན་པར། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས། སྔགས་ཀྱི་མཐར་ནི་ཧོཿབཟླས་ཏེ། འོད་ཟེར་དམར་པོས་བསྐུལ་ནས་སུ། །ཟུར་མིག་བལྟ་བས་སྦྱིན་སྲེག་ན། བུད་མེད་རྣམས་ནི་རྨོངས་པར་འགྱུར། །མཚོན་པ་ཙམ་སྟེ་རྒྱལ་པོ་དབང་དུ་བསྡུ་བ་ལ་སོགས་པའང་ཚུལ་དེས་སོ། །ཐབ་དེ་ཉིད་དུའམ། དགུག་པའི་ཧོཾ་ཁུང་རྡོ་རྗེ་ནི། །རྩེ་གཅིག་ལྟ་བུའི་དབྱིབས་སུ་བྱ། །རྡོ་རྗེ་ལྕགས་ཀྱུས་བསྐོར་བ་ལ། །ལྷག་མ་དག་ནི་དབང་དང་མཚུངས། །ཞེས་པར་ཏིང་ངེ་འཛིན། དེ་ནས་དགུག་པ་བཤད་བྱ་སྟེ། །བསྒྲུབ་བྱའི་ཤིང་གི་སྟན་ལ་ནི། །རོལ་པར་བཅས་ཤིང་གཡོ་དང་བཅས། །རླུང་གི་གདོང་ནི་སྟེང་དུ་བལྟ། །ལི་ཁྲི་ལྟ་བུའི་མདོག་ཏུ་བསམ། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྔགས་ཀྱི་མཐར་ནི་ཛཿབཟླས་ཏེ། །བསྒྲུབ་བྱའི་སྙིང་གི་པདྨ་དགུག །བུད་མེད་ཡིན་ན་སྐྱེ་གནས་དགུག །ཁམས་གསུམ་འགུགས་པར་གདོན་མི་ཟ། །རྣམ་པ་གཞན། དགུག་པ་ལ་སོགས་ཇི་བཞིན་འབྱུང་། དུམ་བུ་གཅིག་པའི་ཐོད་པ་ནི། །གཟུགས་མཛེས་མ་ཆག་མ་གས་ལ། །བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །འདབ་མ་རློན་པ་བརྒྱ་ལ་ནི། །ཁྲག་དང་གོ་རོ་ཙ་ནར་བཅས། །ད་དྷུ་ར་ཡི་སྨྱུ་གུ་ཡིས། །སྔགས་ནི་མིང་དང་བཅས་པ་བྲིས། །ཐོད་པའི་ནང་དུ་བཞག་ནས་སུ། །བསྒྲུབ་བྱ་དམར་པོ་རས་ཀྱིས་གཡོགས། །སྔགས་ཀྱི་ང་རྒྱལ་འགྱིངས་ནས་སུ། །འདབ་མ་རེ་རེ་བཟུང་ནས་ནི། །གོ་བཟློག་སྙིང་པོའི་གསང་སྔགས་ནི། །ཟློས་ཤིང་འདབ་མ་ཐམས་ཅད་བསྲེག །ཡིད་ལ་བསམ་བཞིན་འགུགས་པར་འགྱུར། །དབང་དགུག་གི་སྦྱིན་སྲེག་གོ །ལས་གང་། དྲག་པོ། དགོས་པ། དཀོན་མཆོག་གསུམ་ལ་གནོད་པ་དང་། །དམ་ཚིག་འདས་ཤིང་ཁྲོ་བ་ལ། །དང་། དེ་ནས་མཚམས་མེད་ལྔ་བྱེད་པ། །གང་གིས་གཞོམ་པར་འདོད་པ་དེས། བྱེད་པ་པོ། སྡང་བའི་སེམས་ཀྱིས། དུས། མཚན་ཕྱེད་དམ་ནི་ཉིན་ཕྱེད་ལ། །དང་། ཉིན་ཕྱེད་ན། སེམས་མི་གཡེང་བས་བསྲེག་པའམ། དང་། མཚན་ཕྱེད་ན་ནི་བསྲེག་པར་བྱ། །གནས། མངོན་སྤྱོད་ཕ་མེས་ནགས་དང་ནི། །མ་མོའི་ཁྱིམ་དང་རྩུབ་པ་དང་། །གསད་པའི་ས་ལ་བྲི་བར་བྱ། །ཕྱོགས། དཀྱིལ་འཁོར་ཁང་སོགས་ལྷོ་ཕྱོགས་བྱ། །ཐབ་ཁ། གྲུ་གསུམ་སོར་མོ་ཉི་ཤུ་ཚད། །སོར་བཅུ་ཐུར་དུ་བརྐོ་བར་བྱ། །ཁུང་བུ་སོར་གསུམ་བོར་ནས་ནི། །ཁ་ཁྱེར་སོར་གསུམ་བསྐོར་བར་བྱ། །མདོག ས་ནག་དུར་ཁྲོད་ཐལ་བ་སོགས། །ཅི་རྙེད་པ་ཡིས་བྱུགས་བྱས་ཏེ། །དང་། མེ་ཏོག་དྲི་ངན་རྣམས་དང་ནི། །དེ་བཞིན་འབྲུ་ནི་ནག་པོ་དང་། ཕུབ་མ་དག་ནི་གཏོར་བར་བྱ། །མཚན་མ། རྩེ་གསུམ་ཁྲོ་བོའི་རྡོ་རྗེ་ནི། །ཆར་སྤྲིན་གྱི་ནི་མདོག་དང་མཚུངས། །སོར་བརྒྱད་པ་ཡི་ཚད་ཙམ་དུ། །དེ་ཡི་དབུས་སུ་མཚན་པར་བྱ། །བུད་ཤིང་ཡཾ་ཤིང་དང་མཚུངས་པ་ལས། འུག་པའི་སྒྲོ་ལ་སོགས་པའང་རུང་། །དྲག་པོའི་ལས་ཀྱི་བུད་ཤིང་བྱ། །སྲེག་རྫས་ཡཾ་ཤིང་། ཚ་ཞིང་ཁ་དང་ཚེར་མར་བཅས། །དུར་ཁྲོད་དུ་ནི་སྐྱེས་པའི་ཤིང་། །རྩ་བའི་ཆ་ལས་བྱས་པ་སྟེ། །སོར་མོ་བཅུ་གཉིས་ཡཾ་ཤིང་ཚད། །རྩེ་མོ་རྣོ་ལ་རྩུབ་པ་སྟེ། རྩེ་གཉིས་དུག་ལ་སོགས་པས་སྦག །འདིར་སྔར་སྐྱོན་དུ་བཤད་པ་ཐམས་ཅད་ནི་རུང་བ་སྟེ། །སྡིག་པའི་ལས་ལ་ཤིས་ཞེས་བཤད་པས་སོ། །དེ་བཞིན་མི་རུས་ཕྱེ་མ་དང་། དུག་ལ་སོགས་པ་དབུལ་བར་བྱ། དང་། དུག་དང་ཁྲག་དང་མར་ནག་བཅས། །མི་ཡི་རུས་པ་བསྲེག་བྱས་ཏེ། །ཚེར་མ་ཅན་གྱི་ཤིང་ནང་ནི། །དེ་བཞིན་ཕུབ་མ་མི་སྐྲར་བཅས། །མཆོད་རྫས། ཆུ་ནི་ནག་ཅིང་དྲི་མི་ཞིམ། །ཁྲག་དང་ལྡན་པས་བྱ་བའམ། །རང་སྐྱུར་དང་ནི་བ་ལང་གཅིན། །ཡང་ན་མི་ཡི་གཅི་བའམ། །ཡང་ན་བོང་བུའི་གཅིན་ཡང་རུང་། །གཡས་ཀྱི་ཕྱོགས་སུ་བཞག་ནས་ནི། །དྲག་པོའི་ལས་ལ་སྦྱར་བར་བྱ། །སྲེག་རྫས་གཡོན་དུའོ། །ཆས་ཞུགས། གོས་སོགས་སྔོན་པོས་བརྒྱན་ནས་སུ། །ཤ་ཁྲག་བཟའ། མྱོས་བྱེད་བཏུང་། སྟན། མཁྲང་ཞིང་རྩུབ་པའི་སྟན་ལ་ནི། སྟང་སྟབས། ཁྲོ་བོའི་སྐྱིལ་ཀྲུང་བཅིངས་ནས་སུ། ཁ་ལྷོར་བལྟས་ཏེ་དང་། གཅེར་བུ་སྐྲ་ནི་ལྷུག་པ་ཡིས། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །བཞིན་ཁྲོ་བ་དང་བཅས་པས། དང་། དྲག་པོའི་ལས་ལ་ཁྲོ་གདོང་གིས། ཡཾ་ཤིང་ལ་སོགས་བསྲེག་པར་བྱ། །བདག་བསྐྱེད་ཀྱི་གསང་བ་ཕྱི་མ། རྡོ་རྗེ་ཁྲོ་བོ་བསྒོམ་པར་བྱ། །ཀུ་ཤ། དེ་ནས་ལས་ཀྱི་རྗེས་མཐུན་པར། །ཐབ་ཁུང་ཕྱོགས་ཀྱི་བྱེ་བྲག་གིས། རང་གི་གཡས་རྩེ་མོ་ལྷོར་བསྟན་ནས། གཡོན་བསྐོར་དུའོ། །མེ། གཤན་པ་ཡིས་ནི་མེ་སྦར་ལ། །མེ་ལྷ་རླུང་ཞེས་བྱ་བ་ནག་པོ། །དགང་བླུགས་ལྕགས་སམ། དགང་བླུགས་འཛིན་པའི་ཁུ་ཚུར། དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚུར་བྱ། །མེ་པྲ། མི་དགེ་བ་ཡི་མཚན་མ་ནི། མི་དགེ་བ་ཡི་ལས་ལ་ཤིས། །ཏིང་ངེ་འཛིན། རཾ་ལས་ཉི་མའི་དཀྱིལ་འཁོར་ལ། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས། ཧཱུཾ་དང་ཕཊ྄་ཅེས་བྱ་བ་ནི། འབྲུག་གི་སྒྲ་ལྟར་གྲགས་པ་སྟེ། །ཐོག་མ་དབུས་མཐར་སྦྱར་བར་བྱ། །དང་། སྔགས་ཀྱི་མཐར་ནི་མིང་དང་སྦྱར། །དགྲ་བོ་སྟོབས་དང་ལྡན་པ་ཡང་། །དཔུང་དང་བཅས་པ་བརླག་འགྱུར་ན། །ཕལ་པ་ལ་ལྟ་ཅི་ཞིག་སྨོས། འདིར། བཅིང་བ་ལ་ནི་གྲུ་བཞི་སྟེ། །རྨོངས་ལ་རྒྱས་པ་ལྟ་བུ་ཡིན། །དབང་ལྡན་གྱི་ནི་ཕྱོགས་ཆ་རུ། །ས་ནི་དཀར་དང་སེར་པོ་བྱ། །བསྐྲད་ལ་མངོན་སྤྱོད་ལྟ་བུ་སྟེ། །ཁྱད་པར་དུ་ནི་རླུང་མཚམས་སུ། །རྔ་མོའི་ལྕི་བས་བྱུགས་ཏེ་བྱ། །མཛའ་བ་དག་ནི་ཉམས་ནས་སུ། །ཕན་ཚུན་སྡང་བར་བྱ་བ་ལ། །དེ་ཡང་མངོན་པར་སྤྱོད་པ་ཡི། །ཆོ་ག་ཇི་བཞིན་བལྟ་བར་བྱ། །དང་། དེ་ནས་དགྲ་བོ་སྟོབས་ཀྱིས་ནི། །དྲེགས་པ་བསྐྲད་པའི་ཆོ་ག་བཤད། ཁྭ་ཡི་གཤོག་པ་ཞག་དང་ནི། །ནིམ་པའི་ཁུ་ནིར་ཡ་པའི་བར་བསྲེས་པ་དག །ཤ་ཟའི་ཤིང་ལ་མེ་སྦར་ཏེ། རླུང་དུ་བལྟས་ཏེ་བསྲེགས་བྱས་ན། །མཚན་མོ་བདུན་ནི་ཚུན་ཆད་ཀྱིས། །བསྐྲད་འགྱུར་འདིལ་ཐེ་ཚོམ་མེད། །དེ་ནས་དབྱེ་བ་བཤད་པར་བྱ། །མྱོས་བྱེད་མེ་ནི་སྤར་བ་ལ། །ནིམ་པ་ལ་ནི་ལོ་མ་དང་། སྦྲུལ་གྱི་པགས་པ་བསྲེས་བྱས་ལ། །བྱ་རོག་དང་ནི་འུག་པ་ཡི། །ཚང་གི་ཤིང་དང་བཅས་པ་དག །བརྒྱ་རྩ་བརྒྱད་དུ་བསྲེགས་ན་ནི། །མཛའ་བཤེས་གཉེན་འདུན་བཅས་པ་དང་། །སྐྱེ་བོ་ཐམས་ཅད་སྡང་བར་འགྱུར། །ཞེས་བཤད་དོ། །ཕྱོགས་མཐུན་བསྡེབས་པ་བཞིན། །ཐབ། ལྷག་མ་ཡི་ནི་ལས་རྣམས་ཀྱང་། །ལས་བཞིའི་ཁུང་བུར་འདུས་མོད་ཀྱི། །ཞེས་གསུངས། གཉིས་པ་ལས་ཐམས་ཅད་པ་ནི། ལས་རྣམས་ཐམས་ཅད་བསྡུས་པ་ཡི། །ཆོ་ག་དེ་ནས་བཤད་བྱ་སྟེ། །ལས་ཀུན་དེ་ཉིད་རིག་པ་ཡི། བསམ་པ་ལ་སོགས་བྱེ་བྲག་དབྱེ། །ལས་ཀྱི་རྗེས་མཐུན་ས་གཞི་ལ། །ལས་ཀྱི་རྗེས་མཐུན་ཐབ་ཁུང་བྱ། །ཞེས་དམིགས་བསལ་དང་མཐུན་པར་རམ། །སྔགས་པ་ཡིས་ནི་གར་དགའ་བའི། །ས་ཕྱོགས་སུ་ནི་སྦྱར་ཡང་རུང་། །ཐབ། ཁྲུ་གང་པ་ཡི་ཚད་དུ་ནི། །པདྨ་ཨུཏྤལ་དབྱིབས་འདྲ་བྱ། །ཁ་ཁྱེར་པདྨ་ལྟ་བུ་སྟེ། །ཁུང་དང་། ཁ་ཁྱེར་ཅུང་ཟད་གདེངས། །ནང་དུ་བོར་སོགས་ཞི་བ་འདྲ། །ཕྱོགས་བཞིར་རྡོ་རྗེས་མཚན་པར་བྱ། །རྒྱར་ནི་སོར་བརྒྱད་ཚད་ཙམ་ལ། །དཔངས་ནི་སོར་གཅིག་ཚད་ཙམ་པའི། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་མཚོན་ཆས་བསྐོར་བ་ཡི། །དབུས་སུ་རྡོ་རྗེས་མཚན་པར་བྱ། །ངོས་སུ་རྡོ་རྗེའི་ར་བ་ཡི། །ཧོཾ་ཁུང་ཀུན་ནས་ཟླུམ་པོ་ལ། །འོག་ནི་འཁོར་བར་བྲི་བར་བྱ། །བདག་བསྐྱེད་རྡོ་རྗེ་འཆང་། མེའི་ལྷ་ནི་མི་ཐ། དཀྱིལ་འཁོར་ཡང་རིགས་ཐམས་ཅད་པ། གཞན་ལས་གང་བྱ་བ་དང་། མཐུན་པས། ཐབ་ཁུང་འདི་ཉིད་དུ་དགེ་བའི་ལས་ཐམས་ཅད་སྦྱར་དུ་རུང་བས། འདི་ལས་ཐམས་ཅད་པ་ཞེས་བྱའོ། །གསུམ་པ་དངོས་གྲུབ་སྒྲུབ་པའི་སྦྱིན་སྲེག་འགའ་ཞིག་བཤད་པ་ནི། །སྔར་བསྟན་མཚན་ཉིད་ལྡན་པ་ཡི། །རོ་ནི་མཛེས་པ་གཟུང་ནས་ནི། །རྣལ་འབྱོར་ཆེན་པོ་ལགས་གནས་པ། །མཚན་ཕྱེད་ན་ནི་བསྒོམས་ནས་སུ། །དེ་ཡི་ཤ་ནི་དམར་ཆེན་བཅས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །མཁའ་འགྲོ་མ་ཡིས་བསྐོར་གྱུར་ཅིང་། །རོ་ལངས་སྲིན་པོ་དུ་མས་བསྐོར། །ཧ་ཧར་བཞད་པས་འཇིགས་བྱེད་པ། །དེར་ནི་དྲུང་དུ་འོང་བར་འགྱུར། །ཅེ་སྤྱང་བརྒྱ་ཕྲག་མང་པོ་ནི། །བསྐོར་ནས་འཇིགས་པའི་སྒྲ་སྒྲོག་བྱེད། །དེ་མཐོང་འཇིགས་པར་མི་བྱ་སྟེ། །སྔགས་ཀྱི་འགྱིངས་པའི་ལུས་སུ་བྱ། །རྡོ་རྗེའི་བརཏལ་ཞུགས་བདག་ཉིད་སེམས། །སྐྱེ་བོ་དཔའ་བོ་ཆེན་པོ་ལེགས། །ལྷ་མོས་དེ་སྐད་བརྗོད་ནས་ནི། །སྒྲུབ་པོ་ཡིད་ལ་གང་འདོད་པའི། །དངོས་གྲུབ་བརྒྱ་ཡང་སྟེར་བར་འགྱུར། །རྣལ་འབྱོར་མ་ཡིས་ཡོངས་བསྐོར་ཏེ། །དཔའ་བོ་རང་གི་གནས་སུ་འགྲོ། །དེ་ནི་དེ་ཡི་མོད་ལ་ཡང་། །ལྷ་ཡི་ལུས་སུ་གྱུར་ནས་ནི། །ཁམས་གསུམ་ཀུན་ཏུ་རྒྱུ་བར་འགྱུར། །དཔའ་བོ་འདོད་པའི་གཟུགས་ཅན་ཏེ། །བསྐལ་བཟང་དེ་བཞིན་གཤེགས་པ་འདྲ། །རྟག་ཏུ་ནམ་མཁར་འཕུར་བ་དང་། །རྒ་དང་འཆི་བ་རྣམ་པར་སྤོང་། །ས་གཞི་ཀུན་ཏུ་རྒྱུ་འགྱུར་ཞིང་། །ཇི་ལྟར་འདོད་བཞིན་དངོས་གྲུབ་འཇུག །འདི་ལྟ་བུ་དངོས་གྲུབ་སྒྲུབ་པ་ཀུན་རྒྱས་པའི་ལས་དང་སྦྱར་ལ། །བསྙེན་པའི་ཁ་སྐོང་ནི། ཞི་བ་ཉིད་དེ། གང་ལ་སྒྲིབ་པ་མེད་ན་ལྷ་མཐོང་ཞིང་མཉེས་པར་འགྱུར་བས་སོ། །གཉིས་པ་ནང་གི་སྦྱིན་སྲེག་ནི། དེ་ནས་ཉོན་མོངས་ཞི་བྱ་དང་། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །རང་གི་ལྷ་ཡི་སྦྱོར་བ་གནས། །ནང་གི་སྦྱིན་སྲེག་བརྩམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །འོད་ཟེར་འཕྲེང་བ་འཁྲུག་ཅིང་དྲག །འོད་ཀྱི་དཀྱིལ་འཁོར་འཕྲེང་བ་ཅན། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ནི། །སྟོང་གསུམ་སྟོང་གི་རྔུལ་མཚུངས་པ། །ཁ་དོག་དཀར་ལ་སོགས་བཀུག་སྟེ། །ལུས་མཆོག་དེ་ལ་གཞུག་པར་བྱ། །འདི་ནི་ཞི་བའི་སྦྱིན་སྲེག་ཡིན། །རྒྱས་ལ་བྱང་ཆུབ་སེམས་དཔའ་གཞུག །རང་སའི་གཟུགས་སུ་ལྷག་པར་མོས། ཤིན་ཏུ་ཉོན་མོངས་ཟད་བྱའི་ཕྱིར། །ཁྱད་པར་ཁྲོ་བོའི་གཟུགས་སུ་བྱ། །སྣ་ཚོགས་རྗེས་སུ་ཆགས་པའི་ཕྱིར། །བུད་མེད་ཀྱི་ནི་གཟུགས་སུ་བསམ། །གསུམ་པ་བླ་ན་མེད་པའི་སྦྱིན་སྲེག་ནི། ཕུང་པོ་ལ་སོགས་བུད་ཤིང་ནི། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ལྟེ་བའི་དཀྱིལ་འཁོར་ནས་འབར་བ། །ཡེ་ཤེས་མེ་ལ་བསྲེག་པར་བྱ། །ཚངས་པའི་མེ་ནི་སྐེད་པར་གནས། །ལ་ལཱ་ན་ནི་དགང་གཟར་ཏེ། །རཱ་ས་ནི་ན་བླུགས་གཟར་ཁ། །དབྱུག་པ་རྡོ་རྗེ་རིན་ཆེན་འོག །རང་གི་རྡོ་རྗེ་མཐའ་ཡི་བར། །ཐོད་པ་སྲེག་རྫས་སྣོད་ཡིན་ཏེ། །རྫས་རྣམས་ཐམས་ཅད་བསྲེགས་པར་བྱ། འདི་ནི་བླ་མེད་སྦྱིན་སྲེག་གི །ཆོ་གའི་རིམ་པ་ཉིད་ཡིན་ཏེ། །ཞེས་གསུངས། གསང་ཆེན་རྒྱུད་དོན་གོས་སེར་ཅན། །ལེགས་བཤད་ནམ་མཁའ་ལྡིང་ཞོན་འདི། །གནམ་མཚོ་དོ་བ་ལ་སོགས་པའི། །ཕེམ་གྱི་སྔགས་ཚིག་མཐའ་ལ་བྱོན།། །།མདྒ་ལཾ།། །