Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
   
   
སྤྱི་དོན་དྲུག་པ། བསྟན་པ་ནུབ་པའ་ཚུལ་བསྟན་པ།
   
   
   
   


 
previousསྤྱི་དོན་དྲུག་པ། བསྟན་པ་ནུབ་པའ་ཚུལ་བསྟན་པ།next

སྤྱི་དོན་དྲུག་པ། བསྟན་པ་ནུབ་པའ་ཚུལ་བསྟན་པ།


LR16_Page_461
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དྲུག་པ་བསྟན་པ་ནུབ་ཚུལ་ལ་གཉིས་ཏེ། མདོའི་བསྟན་པ་ནུབ་པའི་ཚུལ་དང། སྔགས་ཀྱི་བསྟན་པ་ནུབ་ཚུལ་ལོ། །མདོའི་བསྟན་པ་ནུབ་ཚུལ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་དང། བྱེ་བྲག་ཏུ་བཤད་པའོ། །དང་པོ། མདོའི་བསྟན་པ་ནུབ་ཚུལ་སྤྱིར་བསྟན་པ། སྤྱིར་བསྟན་པ་ནི་འཕགས་པ་བྱམས་པ་འབྱོན་པར་ལུང་བསྟན་པའ་མདོ་ལས། ཤཱ་རིའི་བུ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་ལྔའི་བར་ལ་རྣམ་པར་ལྔ་པོ་འདི་དག་རིམ་གྱིས་ནུབ་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་འབྲས་བུ་ཐོབ་པ་རྣམ་ནུབ་པར་འགྱུར་བད་ག། དེ་ནས་སྒྲུབ་པ་ལ་གནས་པ་རྣམས་ནུབ་པར་འགྱུར་བ་དང། དེ་ནས་ལུག་གི་ཆོས་རྣམས་ནུབ་པར་འགྱུར་བ་དང། དེ་ནས་ངུར་སྨྲིག་གི་རྟགས་རྣམས་ནུབ་པར་འགྱུར་བ་དང། དེ་ནས་ཐུབ་པའི་རིང་བསྲེལ་རྣམས་ནུབ་བར་འགྱུར་བ་ཡིན་ནོ། །


LR16_Page_462
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཐུབ་པའི་དབང་པོ་ང་ཉིད་མྱ་ངན་ལས་འདས་ནས། ལོ་སྟོང་ཕྲག་གཅིག་གི་ནང་དུ་འབྲས་བུ་རྣམས་ཐོབ་པར་ནུས་པ་ཡིན་ཏེ། དེ་ལས་རིམ་གྱི་རིམ་གྱིས་དུས་སོང་ནས། ཕྱིར་མི་འོང་བ་དང། ཕྱིར་འོང་བ་དང། རྒྱུན་དུ་ཞུགས་པ་རྣམས་ཐོབ་པ་ཡོད་ཀྱི་བར་ནི། འབྲས་བུ་ཐོབ་པ་རྣམས་ནུབ་པར་ཡང་མེད་པ་ཡིན་ལ། ནམ་རྒྱུན་དུ་ཞུགས་པ་ལ་གནས་པ་གཅིག་ཙམ་ཡག་མེད་པར་གྱུར་པ་ན། འབྲས་བུ་ལ་གནས་པ་ནུབ་པར་གྱུར་པ་ཡིན་ནོ། །འདི་ནི་འབྲས་བུ་ལ་གནས་པ་ནུབ་པར་འགྱུར་བའི་ཚུལ་ལོ། །སྒྲུབ་པ་ལ་གནས་པ་ནུབ་པར་འགྱུར་བ་གང་ཞེ་ན། བརྩོན་འགྲུས་ཀྱིས་མཐོང་ལམ་གྱི་འབྲས་བུ་ནི་སྒྲུབ་མི་ནུས་ཀྱི། ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་སོ་སོར་དག་པར་བསྲུང་བ་ཙམ་ཉམས་སུ་ལེན་ཏེ། ཚུལ་འདིས་རིམ་གྱི་གྱིས་དུས་སོང་ནས་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཙམ་བསྲུང་བའི་དགེ་སློང་སྟོང་ཕྲག་གཅིག་གམ་བརྒྱ་ཕྲག་གཅིག་ཙམ་ཡོད་ཀྱི་བར་ནི། སྒྲུབ་པ་ལ་གནས་པ་ནུབ་པར་མ་གྱུར་པ་ཡིན་ལ། ནམ་དགེ་སློང་གཅིག་ཙམ་ལུས་པ་མེད་པ་ཡང་སྡོམ་པ་གཏང་བ་འམ། །ཚེའི་དུས་བྱས་པར་གྱུར་པ་ན། སྒྲུབ་པ་ལ་གནས་པ་ནུབ་པར་གྱུར་པ་ཡིན་ནོ། །འདི་ནི་སྒྲུབ་པ་ལ་གནས་པ་ནུབ་པར་འགྱུར་བའི་ཚུལ་ལོ། །ལུག་གི་ཆོས་ནུབ་པར་འགྱུར་བ་གང་ཞེ་ན། སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་གསུམ་དང། དེའི་འགྲེལ་པ་དང། ལུང་ཡོད་ཀྱི་བར་ནི་ལུང་གི་ཆོས་རྣམས་ཡོད་པ་ཡིན་ལ། ནམ་རྒྱལ་པོ་རྣམས་ཀྱང་ཆོས་ལ་མི་དད། བློན་པོ་རྣམས་ཀྱང་ཆོས་ལ་དད་དེ། ཡུལ་འཁོར་དང༌། ལྗོངས་དང། ཡུལ་གྱི་མི་རྣམས་ཀྱང། དེའི་རཇེས་སུ་འབྲངས་ནས་ཆོས་ལ་དད་པ་མེད་པར་འགྱུར་ཏེ། ལྷ་ཡང་ཆར་ལེགས་པར་མི་འབེབས་ཤིང། འབྲུ་རྣམས་ཀྱང་ལེགས་པར་མི་སྨིན་ནོ། །དེའི་ཚེ་སྦྱིན་པ་པོ་རྣམས་ཀྱང་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་བྱེད་མི་ནུས་ལ། ནམ་རྒྱལ་པོ་རྣམས་ཀྱང་ཆོས་ལ་མི་དད། བློན་པོ་རྣམས་ཀྱང་ཆོས་ལ་མི་དད་དེ། ཡུལ་འཁོར་དང།


LR16_Page_463
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་དང། ཡུལ་གྱི་མི་རྣམས་ཀྱང། དེའི་རྗེས་སུ་འབྲངས་ནས་ཆོས་ལ་དད་པ་མེད་པར་འགྱུར་ཏེ། ལྷ་ཡང་ཆར་ལེགས་པར་མི་འབེབས་ཤིང། འབྲུ་རྣམས་ཀྱང་ལེགས་པར་མི་སྨིན་ནོ། །དེའི་ཚེ་སྦྱིན་པ་པོ་རྣམས་ཀྱང་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་བྱེད་མི་ནུས་ལ། དགེ་སློང་རྣམས་ཀྱང་སྦྱིན་པ་བྱེད་པ་མེད་པས། ཉེ་བར་འཁོད་པ་རྣམས་དང། སློབ་མ་རྣམས་འཛིན་པར་མི་ནུས་སོ། །དེའི་དབང་གིས་རིམ་གྱི་རིམ་གྱི་ལུང་གི་ཆོས་རྣམས་ཉུང་ངུར་འགྱུར་བ་ཡིན་ཏེ། དེ་ལས་ཐོགས་མར་རབ་ཏུ་བྱེད་པ་ཆེན་པོ་ཞེས་བྱ་བའི་ཆོས་ནུབ་པར་འགྱུར་རོ། །དེ་ནུབ་པར་གྱུར་ནས། རིམ་གྱིས་ཡ་མ་ཀམ་དང། ཚིགས་སུ་བཅད་པ་བཞི་པ་དང། ཕུད་ག་ལ་དང། གཙུག་ལག་ཁང་དང། ཁམས་ཀྱི་ཚོགས་པ་དང། རྣམ་པར་འབྱེད་པ་དང། ཆོས་ཡང་དག་པར་སྡུད་པ་སྟེ། མངོན་པའི་སྡེ་སྣོད་རྣམས་རིམ་གྱིས་ནུབ་པར་འགྱུར་རོ། །དེ་ནས་འདོའི་སྡེ་སྣོད་རྣམས་ནུབ་པར་འགྱུར་ཏེ། ཐོག་མར་ཨམ་གོ་ཏཱ་ར་ནི་ཀ་ཡམ་ཞེས་བྱ་བ་ནུབ་པར་འགྱུར་རོ། །ཨམ་གོ་ཧཱ་ར་ནི་ཀ་ཡམ་ནུབ་པར་གྱུར་ནས། ཡང་དག་པར་ལྡན་པའི་ལུང་དང། ལུང་བར་མ་དང། ལུང་རིང་པོ་རྣམས་ནུབ་པར་འགྱུར་རོ། །ལུང་རིང་པོ་རྣམས་ནུབ་ནས། ལུང་རིང་པོ་རྣམས་ནུབ་པར་འགྱུར་རོ། །ལུང་རིང་པོ་རྣམས་ནུབ་ནས། མདོ་སྡེ་སྐྱེས་རབས་བརྒྱ་ལྔ་བཅུ་པ་དང། འདུལ་བའི་སྡེ་སྣོད་ངོ་ཚ་ཤེས་པ་རྣམས་ཀྱིས་འཛིན་པར་བྱེད་དོ། །དེ་ནས་རིམ་གྱིས་སྐྱེས་པའི་རབས་རྣམས་ཀྱང་འཛིན་པར་མི་ནུས་ཏེ། ཐོག་མར་ཐམས་ཅད་སྒྲོལ་བའི་སྐྱེས་པའི་རབས་ནུབ་པར་འགྱུར་རོ། །ཐ་མར་ཨ་པརྞ་ཀའི་སྐྱེས་པའི་རབས་ནུབ་པར་འགྱུར་རོ། །སྐྱེས་པའི་རབས་ཐམས་ཅད་རིམ་གྱིས་ནུབ་པར་གྱུར་ནས། འདུལ་བའི་


LR16_Page_464
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་འཛིན་པར་བྱེད་དོ། །དེ་ནས་ཇི་སྲིད་རྐང་པ་བཞི་པའི་ཚིགས་སུ་བཅད་པ་གཅིག་འཆད་པའི་མི་ཡོད་ཀྱི་བར་ནི། ལུང་གི་ཆོས་ནུབ་པར་མ་གྱུར་པ་ཡིན་ལ། དེའི་ཚེ་དད་པ་ཆེན་པོ་དང་ལྡན་པའི་རྒྱལ་པོ་ཞིག་འབྱུང་སྟེ། དེས་གླང་པོ་ཆེའི་རྒྱབ་ཏུ་ཟ་མ་ཏོག་གི་ནང་དུ་ནོར་སྟོང་ཕྲག་གཅིག་བཅུག་སྟེ། སངས་རྒྱས་ཀྱི་གསུངས་པའི་ཚིགས་སུ་བཅད་པ་གཅིག་ཤེས་པ་ཡོད་ན། ནོར་སྟོང་ཕྲག་གཅིག་པོ་འདི་ཁྱེར་ཅིག་ཟེར་ཞིང། རྔ་བརྡུངས་ནས་གྲོང་ཁྱེར་ལ་སྐོར་བ་ལན་གསུམ་བྱེད་དོ། །དེ་ལེན་པའི་མི་མེད་པར་གྱུར་ནས། ནོར་སྟོང་ཕྲག་གཅིག་པོ་ཡང་རྒྱལ་པོའི་ཕོ་བྲང་དུ་འཛུད་པར་འགྱུར་བ་འབྱུང་སྟེ། འདི་ནི་ལུང་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །དེ་ནས་ངུར་སྨྲིག་གི་རྟགས་ནུབ་པར་འགྱུར་བ་གང་ཞེ་ན། རིམ་གྱི་རིམ་གྱིས་ཆོས་གོས་གྱོན་པ་དང། ལྷུང་བཟེར་ཁུར་བ་རྣམས། མུ་སྟེགས་གཅེར་བུ་པའིད་གེ་སྦྱོང་དུ་གྱུར་ཏེ། རྫ་ཕོར་གྱི་ལྷུང་བཟེད་དང། ཀུ་སའི་ལྷུང་བཟེད་ལག་ཏུ་འཕྱང་འཕྱང་པོར་ཁྱེར་ཏེ། ལག་པས་བཏེགས་བཏེགས་པོར་འཛིན་པ་དང། དྲྭ་བར་བཏུམས་ནས་རྒྱུ་བར་བྱེད་དོ། །དེ་ནས་རིམ་གྱི་རིམ་གྱིས་དུས་སོང་ནས། འདི་སྐད་དུ་གོས་སེར་པོ་འདིས་ནི། བདག་ཅག་ལ་དོན་མེད་ཀྱི། དེ་བས་ན་གོས་སེར་པོའི་དུམ་བུ་གཅིག་ལག་ཏུ་ཁྱེར་གཅིག་ཅེས་ཟེར་ཞིང། འཁྱེར་བ་དང་རྐེ་ལ་འདོགས་པ་དང། རྣ་རྒྱུན་དུ་བྱེད་པ་དང། སྐྲ་ལ་འདོགས་པ་འབྱུང་ངོ༌། །དེ་ནས་བག་མ་ལེན་པ་དང། ཞིང་རྨོ་བ་དང། ཉོ་བཙོང་བྱེད་ཅིང། རང་གི་འཚོ་བ་ཆེད་ཆེར་བྱེད་པར་འགྱུར་རོ། །དེའི་དུས་ན་སྦྱིན་པའི་


LR16_Page_465
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་རྣམས་ཀྱིས། དགེ་འདུན་གྱི་མིང་ཡིད་ལ་བྱ་སྟེ། དེ་དག་ལ་སྦྱིན་པ་གཏང་ན། ཤཱ་རིའི་བུ་དེའི་དསུ་ན་དགེ་འདུན་གྱི་མིང་ལ་ཕུལ་བའི་བསོད་ནསམ་གྲངས་མེད་པར་ང་ཉིད་འཆད་དོ། །དེ་ནས་ཀྱང་རིམ་གྱིས་དུ་སོང་ནས། འདིས་བདག་ཅག་ལ་དོན་ཅི་ཞིག་ཡོད་ཟེར་ཏེ། གོས་སེར་པོའི་དུམ་བུ་ཡང་བཅད་ནས་ཐང་ལ་བསྐྱུར་བར་བྱེད་དོ། །ཚུལ་འདིས་རྟགས་དང་ཆ་ལུགས་ནུབ་པར་གྱུར་པ་སྟེ། འདི་ནི་རྟགས་དང་ཆ་ལུགས་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །དེའི་རྗེས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འདི་ལོ་སྟོང་ཕྲག་ལྔ་པ་ལ། དད་པས་མཆོད་པ་དང་བཀུར་སྟི་དང། མཆོད་པ་བྱེད་པའི་གནས་སུ་འབྱོན་པར་འགྱུར་རོ། །དེ་ནས་རིམ་གྱི་རིམ་གྱི་དུས་སོང་ནས། འཇིག་རྟེན་ཐམས་ཅད་དུ་དད་པས་བཀུར་སྟི་དང། མཆོད་པ་བྱེད་པ་མེད་པར་འགྱུར་རོ། །དེ་ལྟར་བསྟན་པ་རྫོགས་པའི་དུས་ན། ཀླུའི་ཡུལ་ན་བཞུགས་པ་དང། །དེ་ལྟར་བསྟན་པ་རྫོགས་པའི་དུས་ན། ཀླུའི་ཡུལ་ན་བཞུགས་པ་དང། ལྷའི་ཡུལ་ན་བཞུག་པ་དང། ཚངས་པའི་འཇིག་རྟེན་ན་བཞུགས་པའི་རིང་བསྲེལ་དེ་ཐམས་ཅད་བྱང་ཆུབ་ཆེན་པོའི་གནས་སུ་འབྱོན་ཞིང། སངས་རྒྱས་ཀྱིས་བཀུར་སྟི་མཛད་ནས། ཆོ་འཕྲུལ་གསུམ་གྱིས་རྫུ་འཕྲུལ་ཀུན་ལ་སྣང་བར་མཛད་དེ། གནས་དེར་མིའི་སེམས་ཅན་གྱི་མིང་ཡང་མེད་ལ། འཇིག་རྟེན་པའི་འཁོར་ལ་སྟོང་ཕྲག་བཅུའི་ལྷ་ཁྲི་ཕྲག་མང་པོ་འོང་ནས། འདི་སྐད་ཅེས། དེ་རིང་སྟོབས་བཅུ་མངའ་བའི་བསྟན་པ་འོང་ནས། འདི་སྐད་ཅེས། དེ་རིང་སྟོབས་བཅུ་མངའ་བའི་བསྟན་པ་ནུབ་པར་འགྱུར་རོ། །ད་ནི་འཇིག་རྟེན་ཐམས་ཅད་མུན་པར་འགྱུར་རོ། །ད་ནི་འཇིག་རྟེན་ཐམས་ཅད་མུན་པར་འགྱུར་རོ་ཞེས་སྒྲ་ཆེན་པོས་དུ་བར་


LR16_Page_466
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །རིང་བསྲེལ་གྱི་སྐུ་དེའི་ཐ་ཐམས་ཅད་ནས་མེ་ཆེན་པོ་འབྱུང་སྟེ། བསྲེགས་ཤིང་ལྷག་པ་མེད་པར་འགྱུར་རོ། །འདི་ནི་རིང་བསྲེལ་ནུབ་པར་འགྱུར་བའི་ཚུལ་ཡིན་ནོ། །དེ་ལྟར་ལོ་སྟོང་ཕྲག་ལྔས་བསྟན་པ་འདི་ནུབ་པར་གྱུར་ནས། འཇིག་རྟེན་ཐམས་ཅད་མི་དགེ་བ་སྤྱོད་པ་ཤས་ཆེ་བར་འགྱུར་ལ། མི་རྣམས་ཀྱང་ངོ་ཚ་དང་ཁྲེལ་མེད་པར་འགྱུར་ཏེ། མ་དང། སྲིང་མོ་དང། བུ་མོ་ཡིན་པའི་སེམས་མི་བྱེད་པར། ཕག་དང་ཝ་དང་འདྲ་བར་ངོ་ཚེ་མེད་པར་འགྱུ་རོ། །ཚུལ་འདིས་སྡིག་པ་ཤས་ཆེ་བར་འགྱུར་ཏེ། ཚེ་ཐུང་པར་འགྱུར་ཞིང་ཚེ་ལོ་བཅུ་པར་འགྱུར་རོ། །དེའི་ཚེ་ལོ་ལྔ་པའི་སྐྱེས་པ་དང། བུད་མདེ་ཁྱིམ་ཐབ་བྱེད་ཅིང། ཡང་ལོ་ལྔའི་ནང་དུ་བུ་དང། བུ་མོ་དང། ཚ་བོ་རྣམས་འབྱུང་བ་ཡིན་ནོ། །དེའི་ཚེ་བར་གྱི་བསྐལ་པ་གསུམ་འབྱུང་སྟེ། མུ་གེ་ནད་མཚོན་གསུམ་མོ། །ཞེས་གསུངས་སོ། །གཉིས་པ། མདོའི་བསྟན་པ་ནུབ་ཚུལ་བྱེ་བྲག་ཏུ་བཤད་པ། གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་དམ་པའི་ཆོས་འདི་ཐ་མར་ཇི་ལྟར་ནུབ་པར་འགྱུར། རྒྱུ་ཅི་ལས་ཉམས། སུས་མ་མཆིས་པར་བགྱིད་ཅེས་ཞུས་པ་ན། ང་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ་ངའི་བསྟན་པ་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འབྱུང། དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་སྤྱོད་པ་མང་དུ་འབྱུང། རྒྱལ་པོ་དང་སེམས་ཅན་ཕལ་ཆེར་


LR16_Page_467
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་དད་ཅིང་སྤྱོད་པ་ནི་ཆེས་ཉུང་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང། སེམས་ཅན་འདྲེན་པ་དང། ཐར་པ་བྱེད་པའི་སློབ་དཔོན་མང་དུ་འབྱུང་ཞིང། ཉན་ཐོས་ཀྱི་དགྲ་བཅོམ་པ་ཉིད་ནི་ཉུང་བར་འགྱུར་རོ། །རྒྱལ་པོ་དང་སེམས་ཅན་ཕལ་ཆེར་ཡང་ཉན་པ་ཙམ་དུ་ཟད་ཀྱི། ཉམས་སུ་ལེན་ཅིང་སྤྱོད་པའམ་བརྩོན་འགྲུས་མི་བྱེད་ལ། དད་པ་འབྲི་བར་འགྱུར་རོ། །དམ་པའི་ཆོས་ཀྱི་སྲུང་མ་རྣམས་ཀྱང་མི་དགའ་བར་འགྱུར་ཏེ། དམ་པའི་ཆོས་ལ་མ་དད་པ་རྣམ་ས་ནི། མངོན་པར་མཐུ་སྟོབས་སྐྱེའོ། །འཛམ་བུའི་གླིང་གི་རྒྱལ་པོ་རྣམས་ཀྱང། ཕན་ཚུན་གཅིག་ལ་གཅིག་དམག་འདྲེན་ཅིང་འཁྲུག་པར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའམ་སུམ་བརྒྱར་ནི། དམ་པའི་ཆོས་སྤྱོད་པའི་ལྷ་ཀླུ་ལ་སོགས་པ་མི་གནས་ཤིང་སེམས་ཅན་རྣམས་ཆོས་ལ་མ་དད་པར་འགྱུར་རོ། །ཆོས་སྐྱོད་པ་རྣམས་ཀྱང་ཆོས་ཀྱི་གཞུང་བཞིན་མི་སྤྱོད་པ་དང། བརྩོན་འགྲུས་ཆུང་བས་འགྲུབ་པའང་ཉུང་བར་འགྱུར་རོ། །ཁ་དོག་བཞི་ལས་གྱུར་པའང་དྲི་རོ་ལ་སོགས་པ་ཆུང་བར་འགྱུར་རོ། །མི་ནད་དང། ཕྱུགས་ནད་དང། མུ་གེའང་འབྱུང་ངོ༌། །ལོ་ཉིས་བརྒྱ་ལ་དགེ་སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་འཚོལ། སྙིང་རྗེ་ཚུལ་ཁྲིམས་ལ་མི་གནས། དམ་པའི་ཆོས་མ་ནོར་བར་སྤྱོད་པ་ལ་ནི་སྐུར་བ་འདེབས། ལོངས་སྤྱོད་དང་ཡོ་བྱད་འཕྲོག་འཇིག་རྟེན་གྱི་རྒྱལ་པོའི་གསང་ལ་བརྟེན་ཅིང་རྒྱལ་སྲིད་འཛིན། རྒྱལ་པོའི་འཕྲིན་པར་འགྲོ་ཞིང་ངོ་འཕྲད་འཚོལ། རྒྱལ་པོ་དང་འབངས་འབྱེད་པའི་དབྱེན་བྱེད། ཉོ་ཚོང་དང་ཁེ་སྤོགས་བྱེད་ཐམས་ཚོལ། དམ་པའི་


LR16_Page_468
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་པའང་སྙིང་ནས་ཉམས་སུ་མི་ལེན་ཏེ། མི་ཆོས་ཀྱིས་ཕལ་ཆེར་ཁ་གསག་དང་ཚུལ་ཆོས་བྱེད་དོ། །དེའི་དུས་ན་ཆོས་ལ་དགའ་བའི་ལྷ་ཀླུ་ཐམས་ཅད་ཀྱིས་ཁམས་ཀྱི་དགེ་སློང་འདི་ལྟར་སྤྱོད་པའི་གཞི་འདི་བོར་ཏེ་མི་གནས་ཤིང། བདུད་ཀྱི་རིགས་ལ་སོགས་པ་ཅོས་ཀྱི་གེགས་རྣམས་དེར་འབྱུང་སྟེ་མཐུ་དང་སྟོབས་སྐྱེ་བར་འགྱུར། རྒྱལ་པོ་དང། བློན་པོ་ལ་སོགས་པ་དད་པ་འབྲི། དགེ་སྡིག་གི་མཚམས་མི་ཟིན། དམ་པའི་ཆོས་ལ་དམའ་འབྱིན། དཀོན་མཆོག་གསུམ་གྱི་དཀོར་དང། དགེ་འདུན་གྱི་རྫས་ལ་རྐུ་འཕྲོག་བྱེད། སྡིག་པ་ལ་མི་འཛེམ། གཟུགས་བརྙན་དང་ཆོས་རྟེན་རྣམས་ཐམས་ཅད་ཁད་ཀྱིས་བཤིག་མཆོད་པའི་ཡོ་བྱད་འབྲི། དམ་པའི་ཆོས་མ་ནོར་བར་སྤྱོད་པའི་དགེ་སློང་དང། ཁྱི་པ་འགའ་གནས་པའི་བསོད་ནམས་ཀྱིས་ཡུལ་ཕྱོགས་སུ་ཁ་ཆར་དུས་སུ་འབབ་ཅིང་ལོ་ལེགས་པ་དང། མི་ནད་ཕྱུགས་ནད་ཉུང་ཞིང། ཡུལ་བདེ་བ་དག་ཀྱང་འབྱུང་ལ། དེ་ལྟ་བུ་མི་གནས་པ་ཕལ་ཆེར་ནེ། སྡུག་བསྔལ་དང་མི་བདེ་བ་སྣ་ཚོགས་འབྱུང་ངོ་། །བ་ལ་ཝ་དང། ཤི་ཀུ་ཎ་ཞེས་བྱ་བ་གསུམ་འབྱུང་ཞིང། དེ་དག་དམ་པའི་ཆོས་ཆོས་བཞིན་མི་སྤྱོད་པར་དམག་འདྲེན་ཅིང་འཐབ་རྩོད་བྱེད་པས་ནུབ་དང་བྱང་ཛང་གཉིས་ཀྱི་ཡུལ་ཁམས་མང་པོ་མེད་པར་བྱས། ཡུལ་ཁམས་དེའི་མཆོད་སྟེན་དང་གཙུག་ལག་ཁང་བཤིག་མེས་བསྲེགས། མཆོད་པའི་ཡོ་བྱད་དཀོན་མཆོག་གི་དཀོར་ལ་སོགས་པ་འཕྲོག་བཅོམ་སྟེ། རྒྱལ་པོ་དེ་གསུམ་གཅིག་གིས་གཅིག་ལ་གནོད་པ་བྱེད་པས། གསུམ་ཆར་གྱི་རྒྱལ་སྲིད་མི་བདེ་བར་གྱུར་ནས།


LR16_Page_469
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དེ་དག་མཛའ་འདུམས་ཏེ། སྲིད་གཅིག་ཏུ་བྱས་ཏེ་དམག་མང་པོ་བསྡུས་ནས། རྒྱ་གར་གྱི་ཡུལ་གདྒའི་ཚུར་རོལ་གྷདྡྷ་ར་དང། མ་ཧཱ་དེ་བ་ལ་སོགས་པ་འཕྲོགས་ནས་འཛིན་པར་འགྱུར་རོ། །དེའི་ཚེ་གདྒའི་ཕ་རོལ་ལྷོ་ཕྱོགས་ན། ཀོའུ་ཤམ་བྷིའི་ཡུལ་ན་རྒྱལ་པོ་མ་ཧེནྟྲ་སེ་ན་ཞེས་བྱ་བ་ལ་བུ་ཞིག་བཙས་པའི་མིང་དུ། པྲ་ས་ཧ་ཞེས་བྱ་བ་སྨིན་མཚམས་ན་ལྕགས་ཀྱི་རྨེ་བ་ཡོད་པ། ལག་པའི་གྲུ་མོ་མན་ཆད་ཁྲག་གིས་བསྐུས་པ་ཞིག་འབྱུང་ངོ་། །དེ་དང་དུས་མཉམ་དུ་བློན་པོ་ལྔ་བརྒྱ་ལ། བུ་ལག་པའི་འཁྲིག་མ་མན་ཆད་ཁྲག་ཅན་དུ་བྱས་པ་ལྔ་བརྒྱ་བཙའོ། །དེ་དག་དང་དུས་མཉམ་དུ་རྒྱལ་པོ་དེ་ལ་རྟེའུ་སྨྲ་ཤེས་པ་ཞིག་ཀྱང་འབྱུང་སྟེ། ནུབ་མོ་ནམ་མཁའ་ལས་ཁྲག་གི་ཆར་པ་འབབ་བོ། །རྒྱལ་པོས་དྲང་སྲོང་མངོན་པར་ཤེས་པ་ཅན་ཞིག་ལ་དེ་དག་གི་མཚན་ལྟས་དྲིས་པས། དྲངས་སྲོང་གིས། རྒྱལ་པོ་ཁྱོད་ཀྱི་བུས་འཛམ་བུའི་གླིང་གི་རྒྱལ་པོ་བྱེད་པར་འགྱུར་རོ། །ཞེས་ལུང་སྟོན་ནོ། །དེ་ནས་རྒྱལ་བུ་བཙས་ནས་ལོ་བཅུ་གཉིས་ལོན་པ་དང། སྔར་གྱི་རྒྱལ་པོ་ཡ་བ་ལ་སོགས་གསུམ་འདུས་པའི་དམག་དཔུང་འབུམ་ཕྲག་རྒྱལ་པོ་དང་བཅས་ཏེ། རྒྱལ་པོ་མ་ཧེནྟྲ་ས་ནའི་ཡུལ་དུ་དམག་དྲང་པ་དང། དམག་བྱུང་བས་རྒྱལ་པོ་མི་དགའ་སྟེ། མྱ་ངན་བྱེད་ཅིང་འདུག་པ་ལ། བུ་པྲ་ས་ཧས། འདི་ལྟ་བུའི་ཡབ་ལ་ཐུགས་མི་དགྱེས་པ་ཅི་ལས་གྱུར་ཞེས་དྲིས་པ་དང། ཡབ་ན་རེ། རྒྱལ་པོ་གསུམ་གྱི་དམག་བྱུང་བས་མི་དཔའོ་ཞེས་སྨྲས་པ་དང། བུས། ཡབ་མི་དགྱེས་སུ་མ་མཛད་ཅིག་དམག་འདི་དག་བདག་གིས་ཐུབ་པར་བགྱིའོ་ཞེས་སྨྲས་


LR16_Page_470
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཕ་ན་རེ། དེ་ལྟར་ལེགས་སོ་ཞེས་ཟེར་ནས། དེ་ནས་རྒྱལ་བུ་དེས་བློན་པོའི་བུ་ཡ་མཚན་ཅན་ལྔ་བརྒྱ་ལ་སོགས་པ་དམག་ཉིས་འབུམ་ཆས་ནས་འཐབ་མོ་བྱས་པའི་ཚེ། སྨིན་མཚམས་ནས་ལྕགས་ཀྱི་རྨེ་བ་བསྐྱེད་ནས་ལུས་རིལ་ལྕགས་སུ་བྱས་ཏེ་རབ་ཏུ་ཁྲོས་ནས་རྒོལ་བ་དང། པྲ་ས་ཧས་དམག་རྒྱལ་ཏེ་ཕྱིར་ལོག་པ་དང། ཕ་ན་རེ། བུ་ཁྱོད་ཀྱིས་རྒྱལ་པོ་གསུམ་གྱི་དམག་དཔུང་འདི་ལྟ་བུ་དང་འཐབ་པ་ལས་རྒྱལ་བ་ལེགས་སོ། །ད་ཕྱིན་ཆད་ཁྱོད་ཀྱིས་རྒྱལ་པོ་གྱིས་ཤིག་ང་ནི་འབྱུང་ངོ་ཞེས་བསྒོ་ནས། རྒྱལ་སྲིད་བུས་བཟུང་ངོ་། །དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་རྒྱལ་པོ་གསུམ་གྱི་དམག་དང་འཐབས་པ་ལས། དམག་མང་པོ་རིམ་གྱིས་བཏུལ། རྒྱལ་པོ་གསུམ་ཡང་བཟུང་ནས་མེད་པར་བྱས་སོ། །དེ་ཕན་ཆད་འཛམ་བུའི་གླིང་གི་རྒྱལ་པོ་བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ། ང་འཛམ་བུའི་གླིང་གི་རྒྱལ་པོ་བྱེད་པ་ནི་དགའ་ན། སེམས་ཅན་མང་པོ་འདི་སྙེད་ཅིག་བསད་པའི་སྡིག་པ་ཆེ་བས་མི་དགའ་བས། སྡིག་པ་འདི་ཇི་ལྟ་བུ་བྱས་ན་འབྱང་བར་འགྱུར། །ཞེས་དྲིས་པ་དང། བློན་པོ་རྣམས་ན་རེ། ཡུལ་པ་ཌིལ་པུ་ཏྲ་ན་ཆོས་ཀྱི་མཁན་པོ་སྡེ་སྣོད་གསུམ་ཤེས་པ་བྲམ་ཟེ་ཨ་ཀ་ན་དྷ་དྷའི་བུ་སློབ་མ་ཅན་ཟེས་བགྱི་བ་ཞིག་དགོན་པ་ན་གནས་པ་དེ་སྤྱན་དྲངས་ན་སྡིག་པ་འབྱང་བར་བགྱི་ནུས་སོ། །ཞེས་ཟེར་བ་དང། རྒྱལ་པོ་དགའ་ནས་དགེ་སློང་སློབ་མ་ཅན་སྤྱན་དྲངས་ནས་རྒྱལ་པོས་ཕྱག་བྱས་ནས། སྡིག་པ་རྣམས་ཐམས་ཅི་ཞིག་གིས་འབྱང་ཞེས་ཞུས་པ་དང། དེས་དཀོན་མཆོག་གསུམ་ལ་ལོ་བཅུ་གཉིས་སུ་མཆོད་ཅིང་སྐྱབས་སུ་གསོལ་ན་སྡིག་པ་འབྱང་ངོ་ཞེས་བྱས་སོ། །དེ་ནས་འཛམ་བུའི་


LR16_Page_471
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ན་དགེ་སློང་འདུག་གོ་ཅོག་འགུགས་པར་བཏང་སྟེ། ཐམས་ཅད་ཀོའུ་ཤམ་བྷིར་བསྡུས་ནས། ཡུལ་གཞན་དུ་ཆོས་སྤྱོད་དུ་མི་སྟེར་བར་གྱུར་ཏོ། །དགེ་སློང་རྣམས་ཀྱང་ལམ་དུ་གཅན་གཟན་དང། མི་རྒོད་དང། ཆུ་ལ་སོགས་པས་ཕལ་ཆེར་ཆུད་ཟོས་ནས། རྒྱལ་པོའི་དྲུང་དུ་འབུམ་ཙམ་ཞིག་གིས་ཕྱིར་པར་གྱུར་རོ། །དེ་དག་ཕྱིན་པ་དང། རྒྱལ་པོས་མཆོད་སྟོན་གསོལ་ཡོན་ཕུལ་ཏེ་མཆོད་དོ། །དེ་ནས་དགེ་སློང་རྣམས་ཕན་ཚུན་ཁྱོད་ཀྱི་མཁན་པོ་ག་རེ། སློབ་མ་གར་སོང། གྲོགས་པོ་ཁྲིམས་ལྟ་ག་རེ་ཞེས་སོ་སོར་གཏམ་དྲིས་པ་དང། གཅན་གཟན་དང། མི་རྒོད་ཀྱིས་བསད་པ་དང། ཆུས་ཁྱེར་བ་དང་ནད་ཀྱིས་བཏབ་སྟེ་ཤི་བ་ལ་སོགས་པའི་གཏམ་བྱས་པས། སོ་སོ་ནས་མྱ་ངན་ལངས་ཏེ་ངུ་མོས་འདེབས་ཤིང་བྲང་བརྡུང་བར་འགྱུ་རོ། །དེ་ནས་རྒྱལ་པོས་མྱ་ངན་མ་བྱེད་ཅེས་བསྒོ་ནས། དགེ་འདུན་རྣམས་ཀྱིས་མ་ཉན་པ་དང། རྒྱལ་པོ་འང་མི་དགའ་སྟེ་ཁ་ཕྱོགས་ཏེ་ཉལ་ལོ། །ཉལ་་བའི་ཚེ། འཇིག་རྟེན་གྱི་དགེ་འདུན་ལ་ནི་སྐྱབས་མ་བྱུང་གི །དགྲ་བཅོམ་པའི་ཞལ་མཐོང་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་དང། འཇིག་རྟེན་གྱི་ལྷས་རྨི་ལམ་དུ་གྷནྡྷ་མ་ཧཱ་མ་ནའི་རི་ལ། སུ་རན་ན་ཤའི་བུ་དེས་པ་ཞེས་བྱ་བ་དགྲ་བཅོམ་པ་ཞིག་བཞུགས་ཏེ། དེ་སྤྱན་དྲངས་ན་སྡིག་པ་འབྱང་ཞིང་ཐེ་ཚོམ་ཡང་སེལ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང། རྒྱལ་པོས་རྨི་ལམ་བཞིན་དུ་གཉིད་སད་མ་ཐག་ཕོ་ཉ་བཀྱེ་སྟེ། འཕགས་པ་སྤྱན་དྲངས་ཏེ་མཆོད་ཅིང་ཕྱག་བྱས་སོ། །དེ་ནས་ཚེས་བཅུ་བཞིའི་ནུབ་མོ་དགེ་འདུན་འདུས་པའི་ནང་ནས། དགེ་སློང་གསར་ཞུགས་པ་རྣམས་ཀྱིས་མཁན་པོ་སློབ་མ་ཅན་ལ་


LR16_Page_472
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་བཤད་པར་གསོལ་བ་དང། སློབ་མ་ཅན་རེ། མི་ལ་མིག་ཞར་སྣ་དང་རྣ་བ་མེད་ན་མེ་ལོང་གིས་ཅི་བྱར་ཡོད། འདུལ་བ་བཤད་ཀྱང་ཁྱེད་རྣམས་འདུལ་བ་བཞིན་མི་སྤྱོད། ཆོས་ཁྲིམས་མི་བསྲུང་པ་ལ་བཤད་པས་ཅི་ཕན་ཟེར་བ་དང། དགྲ་བཅོམ་པ་དེས་པས་སེདྒེའི་སྒྲ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཁྲིམས་མནོས་ནས། ད་ཙམ་གྱི་བར་དུ་རྩ་མཆོག་ཙམ་ཡང་མ་ཉམས་ན། དེ་སྐད་མ་ཟེར་བར་འདུལ་བ་ཤོད་ཅེས་སྨྲས་པ་དང། མཁན་པོ་སློབ་མ་ཅན་གྱིས་དགྲ་བཅོམ་པ་ཡིན་པ་ཤེས་ནས་རབ་ཏུ་གནོང་ནས་ཅང་མི་སྨྲ་བར་འདུག་གོ །དེ་ནས་སློབ་མ་ཅན་གྱི་སློབ་མ། དགེ་སློང་དཔུང་རྒྱན་ཞེས་བྱ་བསྟན་ལས་ལངས་ཏེ། དགྲ་བཅོམ་པ་ལ། ཁྱོད་ཁྲིམས་ཀྱང་མེད་འདུལ་བ་ཡང་མི་ཤེས་པར། ངའི་མཁན་པོ་སྡེ་སྣོད་གསུམ་ལ་མཁས་པ་ལ། ཅིའི་ཕྱིར་བརྙས་ཞེས་ཁྲོས་ནས་དགྲ་བཅོམ་པ་ལ་བརྡེགས་ཏེ་བསད་དོ། །དེ་ནས་དམ་པའི་ཆོས་ལ་དགའ་བའི་གནོད་སྦྱིན་ཞོ་གདོང་ཞེས་བྱ་བས། རྡོ་རྗེ་ཐོགས་ཏེ་མངོན་དུ་བྱུང་ནས། དགེ་སློང་དཔུང་རྒྱན་ཅན་ལ་ཅིའི་ཕྱིར་དགྲ་བཅོམ་པ་གསོད་ཟེར་ནས། རྡོ་རྗེ་བརྡེགས་ཏེ་བསད་དོ། །དགེ་སློང་གེ་རད་ཅེས་བྱ་བས་མཁན་པོ་སློབ་མ་ཅན་བསད་དོ། །དེ་ནས་དགེ་སློང་ཐམས་ཅད་ཕན་ཚུན་གཅིག་གིས་གཅིག་བསད་དེ་གཅིག་ཀྱང་མ་ལུས་སོ། །དེའི་ཚེ་ནམ་མཁའ་ལ་ལྷ་ཀླུ་ལ་སོགས་པ་ཆོས་ཀྱི་སྲུང་མ་ཕལ་མོ་ཆེ་མི་དགའ་ནས་ངུས་པའི་མཆི་མ་ནི། ཁྲག་དང་མེའི་ཆར་དུ་ས་གཞི་དེར་བབ་བོ། །ནམ་མཁའང་སེར་པོ་དང། ནག་པོ་དང། དམར་པོར་གྱུར། གློག་དང་སྒྲ་ཆེན་པོ་ཡང་བྱུང། སྐར་མ་དྷཱུམ་ཀེ་ཏུ་ཞེས་བྱ་བའི་ལུས་ལས་


LR16_Page_473
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་ནག་པོ་ཞིག་བྱུང་སྟེ། ཉི་ཟླ་ལ་སོགས་པའི་འོད་ཀྱང་མི་སྣང་ངོ་། །དེའི་ཆོས་སུམ་ཅུ་རྩ་གསུམ་གྱི་ལྷ་དང། ཡུམ་སྒྱུ་འཕྲུལ་ཆེན་པོ་ལ་སོགས་པ་རྣམས་འོངས་ནས་མྱ་ངན་བྱེད་ཅིང་དགེ་འདུན་གྱི་གོ་མཚོན་ཐམས་ཅད་བསྡུས་ཏེ་སུམ་ཅུ་རྩ་གསུམ་དུ་འཁྱེར་རོ། །དེ་ནས་རྒྱལ་པོས་འདི་ལྟ་བུའི་ཅ་ཅོ་ཆེན་པོ་ཅི་ལས་བྱུང་དྲིས་པས། དགེ་འདུན་འཁྲུགས་ནས་གཅིག་གིས་གཅིག་བསད་དེ་མ་ལུས་པར་གྱུར་ཏོ། །ཞེས་གསོལ་པ་དང། རྒྱལ་པོ་མ་དགའ་ནས་ལངས་ཏེ། ཐོ་རངས་ཕྱི་རོལ་གྱི་ལྷ་ཁང་དུ་ལྟར་ཕྱིན་པ་དང། དགེ་འདུན་ལ་ལ་ནི་མགོ་བཅད། ལ་ལ་ནི་རྐང་ལག་བཅད། ཁ་ཅིག་ནི་མིག་ཕྱུང་སྟེ་སྣ་ཚོགས་སུ་ཤིག་བ་མཐོང་ནས། མྱ་ངན་ལངས་ཏེ་དགྲ་བཅོམ་པ་དེས་པ་དང། སྡེ་ནྶོད་གསུམ་པ་སློབ་མ་ཅན་གྱི་པྶུར་བཙལ་ཏེ་མཆན་ཁུང་གཡས་གཡོན་པ་ནི་ཆོས་ཀྱི་མཛོད་ཡིན་ཏེ། འདི་གཉིས་འདས་པས་ད་ཕྱིན་ཆད་ངའི་སྲོག་ཀྱང་གཅེས་པ་མེད་དོ། །རྒྱལ་སྲིད་ཀྱང་སུ་འདོད་པ་ལ་སྦྱིན་ནོ་ཞེས་སྨྲས་ནས། མིག་ཀྱང་བཙུམ་ནས་མི་ལྟ་བར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་མྱ་ངན་བསང་པའི་ཕྱིར། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་མྱ་ངན་བསང་པའི་ཕྱིར། མི་ལྔ་བརྒྱ་རབ་ཏུ་བྱུང་བར་བཅོས་ཏེ་སྐྲ་དང་ཁ་སྤུ་བྲེགས་དུས། སྤུ་གྲིས་མ་ཆོད་ནས། མེས་བསྲེགས་ཏེ་ཕྱུགས་དམར་པོའི་ཀོ་བ་བསྐོན་ཏེ། རྒྱལ་པོའི་དྲུང་དུ་ཡོངས་ནས། རབ་ཏུ་བྱུང་པ་ལྔ་བརྒྱ་འོངས་སོ་ཞེས་གསོལ་པ་དང། རྒྱལ་པོ་དགའ་ནས་མིག་ཕྱེ་སྟེ་བལྟས་པས། ཐམས་ཅད་ཕྱུགས་ཀྱི་ཀོ་བ་གྱོན་ཞིང། སྐྲ་དང་ཁ་སྤུ་མེས་བསྲེགས་པ་མཐོང་ནས། དཀོན་མཆོག་གསུམ་ལ་མཆོད་པའི་ཡོ་བྱད་ཁྱེར་ལ་ཤོག་


LR16_Page_474
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྒོ་ནས། དེ་རྣམས་ལ་མཆོད་དོ། །དེ་ནས་རྒྱལ་པོས་དེ་དག་ལ་ཆོས་དྲིས་པས་ཚིག་གཅིག་ཀྱང་མི་ཤེས་ནས། རྒྱལ་པོའང་མྱ་ངན་ལངཤ་ཏེ་ངུའོ། །དེ་ནས་དགེ་ལོང་རྣམས་ཀྱི་རོ་ཚོ་བསྡུས་ནས་མཆོད་པ་བྱེད་དོ། །དེའི་ཚེ་འཛམ་བུའི་གླིང་གི་དམ་ཆོས་རིམ་བུ་ནུབ་བོ། །དེ་ནས་གསེར་ནི་དངུལ་ངན་པ་དང་རྡོར་འགྱུར། དངུལ་ནི་ར་གན་ངན་པ་དང་རྡོར་འགྱུར། ར་གན་ནི་ཟངས་སུ་འགྱུར། མུ་ཏིག་ནི་ར་རུ་འགྱུར། རོ་དྲུག་ལས། ཁ་བ་དང་སྐྱུར་བ་གཉིས་ལུས་སོ། །ཞེས་འབྱུང་ངོ༌། །དགེ་འདུན་འཕེལ་གྱིས་ལུང་བསྟན་པ་ལ་སོགས་ལས། སྐུ་ལུགས་མ་ལ་སོགས་པ་ནི་ཀླུའི་ཡུལ་དུ་སྤྱན་འདྲེན་ནོ། །ཡི་གེ་ཐམས་ཅད་རང་བྱི་བར་འགྱུར། གོས་ཐམས་ཅད་རྩུབ་མོར་འགྱུར། རོ་ཁ་བ་དང༌། སྐ་བ་མ་གཏོགས་པ་རིན་པོ་ཆེ་ཐམས་ཅད་ནུབ་པར་འགྱུར་ལ། རྒྱལ་པོ་དེའང་བསྟན་པ་ནུབ་པའི་མྱ་ངན་གྱིས་འཆི་བར་འགྱུར་རོ་ཞེས་བཤད་དོ། །དེ་དག་ཀྱང་བསྟན་པ་ལོ་ཉིས་སྟོང་གི་དབང་དུ་བྱས་ནས་གསུངས་ལ། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པར། དེ་དག་སྔར་བྱུང་ཟིན་པར་བཤད་པས་གསལ་ལོ། །སྤྱིར་བསྟན་པ་ནུབ་པའི་རྒྱུ། སངས་རྒྱས་ཀྱི་སྨོན་ལམ་གྱི་འཕེན་པ་ཟད་པ་དང། བསྟན་པའི་གདུལ་བྱ་ཟད་པ་ཡིན། རྐྱེན་ནི་མདོ་དག་ལས། དགེ་སྦྱོང་རྣམས་རང་གི་ལྟ་སྤྱོད་ལས་ཉམས་པ་དང། སྦྱིན་བདག་རྣམས་བསྟན་པ་ལ་དད་པ་བྲི་བ་དང། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང། ཡི་དྭགས་ཀྱི་གར་གཅོད་བྱས་པ་གསུམ་གྱིས་ནུབ་པར་འབྱུར་བར་གསུངས་པ་ལ། སྟོན་པ་འདིའི་བསྟན་པ་འཇིག་པའི་རྐྱེན། དང་པོ་གཉིས་སུ་


LR16_Page_475
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལོ་གསུངས་སོ། །ནུབ་དུས་ཚེ་ལོ་བཅུ་པའི་དུས་སུ་ནུབ་པར་གདགས་པ་ལས་བཤད་དོ། །སྙིང་རྗེ་པད་དཀར་ལས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་པའི་རྗེས་ལ། སྐུ་གདུང་རྣམས་ཀྱི་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་པའི་རྗེས་ལ། སྐུ་གདུང་རྣམས་ཀྱི་འོག་ཏུ་གསེར་གྱི་ས་གཞིའི་མཐར་ཐུག་པར་འགྲོ་ཞིང། ནམ་མི་མཇེད་འཇིག་རྟེན་དུ་རིན་པོ་ཆེས་ཕོངས་པའི་ཚེ་སྐུ་གདུང་དེ་དག་ནོར་བུ་བེཌཱརྱ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་ནས། དབུལ་བ་སེལ་བ་དང། དེ་ནས་ཡང་སྐུ་དགུང་དེ་དག་སྟེང་དུ་འོག་མིན་གྱི་བར་དུ་འཕགས་ནས། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་ལ། མེ་ཏོག་གི་ཆར་དེ་དག་ལས། དཀོན་མཆོག་གསུམ་གྱི་སྒྲ་ལ་སོགས་པ་ཆོས་ཀྱི་སྒྲ་སྣ་ཚོགས་འབྱུང་ཞིང། ཆོས་ཀྱི་སྒྲ་དེ་རྣམས་འདོད་གཟུགས་ཀྱི་ལྷ་དེ་རྣམས་ཀྱིས་ཐོཔ་པས་སྔོན་བྱས་པའི་དགེ་བ་དྲན་ཏེ། དེ་དག་འཛམ་བུའི་གླིང་དུ་བབས་ཏེ། མི་རྣམས་དགེ་བ་བཅུ་ལ་འགོད་པར་འགྱུར་བ་དང། ཡང་མེ་ཏོག་ནམ་མཁའ་དགེ་བ་བཅུ་ལ་འགོད་པར་འགྱུར་བ་དང། ཡང་མེ་ཏོག་ནམ་མཁའ་ལ་རིན་པོ་ཆེ་སྣ་ཚོགས་སུ་གྱུར་ནས་མི་མཇེད་དུ་འབབ་ཅིང། མི་མཇེད་ཀྱི་སེམས་ཅན་རྣམས་ཀྱི་འཐབ་རྩོད་ལ་སོགས་པ་རྣམས་ཞི་ཞིང། ནད་མེད་པ་དང། ལོ་ལེགས་པ་ལ་སོགས་པ་དང། སེམས་ཅན་གང་གི་རིན་པོ་ཆེ་དེ་དག་མཐོང་བ་དང། རིག་པ་དང། ལོངས་སྐྱོད་པ་དེ་དག་ཀྱང། ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པར་བྱ་སྟེ། སླར་ཡང་སྐུ་གདུང་དེ་དག་གསེར་གྱི་ས་གཞིའི་མཐར་ཐུག་པར་གནས་པར་འགྱུར་རོ། །དེ་བཞིན་དུ་མཚོན་དང། མུ་གེ་དང། ནད་ཀྱི་བསྐལ་པ་བར་མོ་གསུམ་འབྱུང་བའི་དུས་སུའང། སྐུ་གདུང་དེ་དག་ནི་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དུ་གྱུར་ནས། སྟེང་དུ་འོག་མིན་གྱི་པར་དུ་འཕགས་ནས་གནས་ཏེ།


LR16_Page_476
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་ལྟར་མེ་ཏོག་གི་ཆར་འབེབས་ཤིང་ཆོས་ཀྱི་སྒྲ་སྒྲོགས་པ་དང། རིན་པོ་ཆེའི་ཆར་འབེབས་པ་དང། །མི་མཐུན་པའི་ཕྱོགས་རྣམས་ཞི་བར་བྱས་ཏེ། སླར་ཡང་གསེར་གྱི་ས་གཞིའི་མཐར་ཐུག་པར་གསན་པར་འགྱུར་བར་གསུངས་ལ། དགེ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས། འཛམ་བུའི་གླིང་པའི་མི་རྣམས་ཀྱིས་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན། གནས་བརྟན་ཆེན་པོ་བཅུ་དྲུག་གིས་སའི་སྟེང་ན་ཤཱཀྱ་ཐུབ་པའི་བསྟན་པའི་ཆོས་ཀྱི་ཚོགས་ཇི་སྙེད་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བྱས་ཏེ། དེར་བཞུགས་པ་ལ་ཀུན་ནས་བསྐོར་ཏེ། སྐྱིལ་ཀྲུང་བཅས་ཏེ་འདུག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ། ཕྱག་བྱས་ནས་གནས་བརྟན་དེ་དག་ཀྱང་ལྷག་མེད་དུ་མྱ་ངན་ལས་འདའ་ལ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ཡང་ནུབ་ནས། འོག་གི་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཞིང། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུ་རོ། །ཞེས་གསུངས་སོ། །གསང་སྔགས་འབྲས་བུའི་ཐེག་པ་ནུབ་ཚུལ། གཉིས་པ་གསང་སྔགས་འབྲས་བུའི་ཐེག་པ་ནུབ་ཚུལ་ནི། གསང་སྔགས་ཀྱི་སྒོར་ཞུགས་པའི་གང་ཟག་རྣལ་འབྱོར་པ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་ཉམས་ལེན་བརྒྱུད་ཁུངས་མཚན་ཉིད་དང་ལྡན་པ་ལ་མ་ཐུག་རང་བཟོའི་དབང་གིས་གཟུ་ལུམ་དང་རང་ཆོས་བྱ་པས་བཀའ་གཞུང་


LR16_Page_477
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལ་བའི་རྣམ་སྨིན་གྱིས་གནས་སྐབས་སུ་སྲིན་པོ་དང་རུ་ཏྲའི་གནས་སུ་སྐྱེས། མཐར་ཐུག་མནར་མེད་པའི་དམྱལ་བར་སྐྱེ་ཞིང། དེའི་དབང་གིས་སངས་རྒྱས་ཀྱི་བསྟན་པ་ཡང་ཉམས་དམད་ཅིང། བསྣུབ་པ་ཡིན་ཏེ། ཡེ་ཤེས་གསང་བའི་རྒྱུད་ལས། དེ་ནས་སེམས་དཔའ་རྡོ་རྗེས། བདེ་བར་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །ཐུགས་རྗེའི་མངའ་བདག་སྐྱོབ་པ་ཡིས། །བསམ་གྱིས་མི་ཁྱབ་ཆེན་པོའི་ས། གསང་བའི་ཐེག་པ་གསུངས་པ་འདི། །མ་འོངས་དུས་ན་ཇི་ལྟར་འབྱུང། །ཞེས་གསོལ་པ་དང། དེ་བཞིན་གཤེགས་པས་བཀའ་སྩལ་པ། རྩོལ་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །རྣ་བརྒྱུད་རིག་པའི་སྔགས་ཀྱི་དོན། །འཕྲུལ་ཚིག་རིག་པའི་སྒོ་ནས་བསྟན། གསང་འཛིན་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསང་བའི་དོན་གོ་ནས། །རྣལ་གྲོལ་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་ཁོབ་ཡུལ་དུ་རྒྱས་པར་འགྱུར། མ། །དེར་ཡང་གསང་བ་དམ་པ་འདིས། །སྐལ་ལྡན་གདུལ་བྱའི་ངོ་དག་ཏུ། །རིག་པའི་སྒྲོན་མེ་བྱེད་པར་འགྱུར། །དེ་ནས་ཐུགས་རྗེའི་སྐལ་མེད་པས། གསང་བ་དམ་པ་ནུབ་པར་འགྱུར། གསང་བའི་ཐེག་པ་དམ་པ་འདི། གཞན་གྱི་ནུབ་པར་མི་འགྱུར་ཏེ། །དྲི་མེད་བདུད་རྩི་རྟོགས་དཀའ་ལ། །རྣ་བརྒྱུད་འཁྲུལ་ཚིག་མི་ལྡནཔས། །སྒྲ་བཞིན་བཅས་ནས་སྨྲ་བ་དག །ལྷ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང། །རྣམ་རྟོག་ཞེན་པའི་རྟོགས་པ་དག །བྱེ་བྲག་མ་ཕྱེད་རྨོངས་


LR16_Page_478
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣོང་དང། །རྟོག་པའི་ཞེས་པ་བསྲེས་ནས་སྨྲ། །མ་བཅོས་རིག་པའི་གདོང་མེད་པར །རང་བལྟ་ཡ་རབ་མཐོ་འདོད་ནས། །ཕབ་ཅོལ་འདོད་ལྔ་སྤྱོད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་དག །སྦྲེལ་མ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེའི་ཁབ་ཏུ་ལྟུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །མགྱོགས་འགྲོ་སོ་མཚམས་འདས་དང་འདྲ། །དེ་ནས་ལྷོ་ཕྱོགས་རྒྱུད་དུ་རྒྱས། །སྐལ་ལྡན་འབྲེལ་བ་འབྱུང་བར་འགྱུར། །དེ་ནས་འཛམ་གླིང་དབུས་སུ་ནུབ། །སྤྲུལ་པ་ཐ་མའི་བསྟན་པ་ལ། །མ་འོངས་དུས་ན་འབྱུང་བར་འགྱུར། །འཛིན་པ་ལོག་པའི་གང་ཟག་གིས། གསང་བའི་ཐེག་ལ་བསྣུབས་པར་འགྱུར། །ཞེས་གསུངས་སོ། །


previousསྤྱི་དོན་དྲུག་པ། བསྟན་པ་ནུབ་པའ་ཚུལ་བསྟན་པ།next