Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
   
   
   
   
   
སྤྱི་དོན་དགུ་པ། བསྐལ་པ་འཇིག་པ་དང་ཆགས་པའི་ཚུལ།
   


 
previousསྤྱི་དོན་དགུ་པ། བསྐལ་པ་འཇིག་པ་དང་ཆགས་པའི་ཚུལ།next

སྤྱི་དོན་དགུ་པ། བསྐལ་པ་འཇིག་པ་དང་ཆགས་པའི་ཚུལ།


LR16_Page_494
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དགུ་པ་བསྐལ་པའི་འཇིག་ཆགས་དང། མ་འོགས་པའི་བསྐལ་པ་ལ་སངས་རྒྱས་འབྱོན་ཚུལ་བསྟན་པ་ནི། དེ་ཡང་སངས་རྒྱས་སྟོང་གི་བསྟན་པ་རྫོགས་ཤིང། མ་ཐོག་གི་ཚེ་ལོ་བརྒྱད་ཁྲི་བ་དེ་ནས་འཇིག་པའི་འགོ་ཚུགས་པའོ། །དེ་ཡག་འཇིག་ཚུལ་ནི། དང་པོ་སྔོན་ལ་ཆགས་པ་རྟིང་ལ་འཇིག་པ། རྟིང་ལ་ཆགས་པ་སྔོན་ལ་འཇིག་རྟེན། དང་པོ་མནར་མེད་དམྱལ་ན། བངས་ཀྱི་རྟིང་ལ་ཆགས་པས། འཇིག་པའི་ཚེ༌།སགོན་ལ་མནར་མེད་དམྱལ་བ་འཇིག་རྟེན། དམྱལ་བ་ལས་ཟད་པ་རྣམས་མིར་སྐྱེའོ། །ལས་མ་ཟད་པ་རྣམས་འཇིག་རྟེན་གྱི་ཁམས་སོ་མ་གཞཉ་དུ་ལས་ཀྱི་རླུང་གིས་འཕེན་ནོ། །དེ་ནས་དམྱལ་བ་སྟེང་བ་རྣམས་དང། དེ་དག་དུས་མཉམ་དུ་གྲང་དམྱལ་བརྒྱད་པོ་རྣམས་རིམ་གྱིས་འཕོ་ཞིང། དམྱལ་བའི་གནས་དུ་སེམས་ཅན་གཅིག་ཀྱང་མི་ལུས་སོ། །དེ་ནས་ཡི་དྲགས་དང་དུས་འགྲོ་རྣམས་ཀྱང་རིམ་གྱི་མིའམ། འཇིག་རྟེན་གཞན་དུ་འཕོ་སྟེ། ངན་སོང་གི་སེམས་ཅན་གཅིག་ཀྱང་མེད་པར་ཟད་པ་དང། དེ་ནས་མི་རྣམས་ལ་འཇིག་ཚུལ་གཉིས་ཡིན་ཏེ། མི་ལས་ངན་བྱས་པ་རྣམས། མཚོན། ནད། མུ་གེའི་བསྐལ་པ་བྱུང་ནས་འཇིག་ཅིང། འཇིག་རྟེན་གཡི་ཁམས་སོ་མ་གཞན་གྱི་གནས་སུ་སྐྱེའོ། །མི་ལས་བཟང་པོ་བྱས་པ་


LR16_Page_495
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བསམ་གཏན་དང་པོའི་་ཏིང་ངེ་འཛིན་སྐྱེས་ནས། དེ་དག་ཐམས་ཅད་ཚངས་རིགས་སུ་སྐྱེའོ། །དེ་ནས་འདོད་ཁམས་ཀྱི་ལྷ་རིགས་དྲུག་ཀྱང་དེ་བཞིན་དུ་བསམ་གཏན་དང་པོར་འཕོའོ། །དེ་ནས་ཚངས་རིགས་ཀྱི་ལྷ་རྣམས་ནི་བསམ་གཏན་གཉིས་པར་ཏིང་ངེ་འཛིན་སྐྱེས་ནས། ཐམས་ཅད་བསམ་གཏན་གཉིས་པར་འཕོ་སྟེ། བསམ་གཏན་དང་པོ་མན་ཆད་ན་སེམས་ཅན་གཅིག་ཀྱག་མེད་པར་འགྱུར་རོ། །དེ་ལྟར་བཅུད་ཀྱི་སེམས་ཅན་འཇིག་པ་དེ་དག་གིས་ཡུན། བར་གཡི་བསྐལ་པ་བཅུ་དགུའི་ཡུན་གྱིས་འཇིག་པའོ། །དེ་ནས་སྣོད་སྟོང་པ་དེ་བཤིག་པར་བྱེད་པ་ལ། ཉི་མ་འདི་ཉིད་དང། གཞན་ཉི་མ་འདི་བས་བཞི་འགྱུར་གྱི་ཆེ་ལ། འོད་ལྔ་འགྱུར་གྱི་ཚ་བ་དྲུག་སྟེ། ཉི་མ་བདུན་རིམ་གྱིས་ཤར་བས། སྣོད་རྣམས་རིམ་གྱིས་སྐེམས་ཤིང་སྲེག་པར་བྱེད་དེ། ཉི་མ་འདིའི་སྟེང་དུ་ཉི་མ་གཉིས་པ་ཤར་བས། ལྟེང་ཀ་ཐབས་མད་བསྐམ་མོ། །གསུམ་པས་ཉི་མ་གཉིས་པ་ཤར་བས། ལྟེང་ཀ་ཐམས་ཅད་བསྐམ་མོ། །གསུམ་པས་ཆུ་ཀླུང་ཆེན་པོ་རྣམས་བསྐམ་མོ། །བཞི་པས་མཚོ་མ་དྲོས་པ་བསྐམ་མོ། །ལྔ་པས་རྒྱ་མཚོ་རིམ་གྱི་བསྐམ་མོ། །དྲུག་པས་རྒྱ་མཚོའི་བརླན་ཐག་བཅད་ཅིང་རིང་རབ་ལ་དུད་པ་འཐུལ་ལོ། །བདུན་པས་མེ་རབ་ཏུ་འབར་ཏེ། མེ་ལྕེ་ཆད་པས། འཐབ་བྲལ་གྒི་གཞལ་མེད་ཁང་བསྲེག་གོ །དེ་ལས་མེ་ལྕེ་ཆད་པས་དགའ་དནད་ང་འཕྲུལ་དགའ་ནས་ཚངས་པ་ཆེན་པོའི་གནས་མན་ཆད་བསྲེག་གོ །དེའི་མེ་ལྕེ་རླུང་གིས་ཁྱེར་བས། འོད་བྱུང་གི་ལྷའི་འོག་ནས་ཡར་བྱུང་བ་ལ། ལྷ་ཕྲུག་གུ་རྣམས་དངངས་པར་འགྱུར་རོ། །དེར་ལྷ་རྒད་པོ་རྣམས་ན་རེ། འདི་ཀ་འདྲ་བ་སྔོན་ཡང་བྱུང་བ་ཡིན་ཏེ་འོག་ཅག་མ་ཚིག་པ་ཡིན་གྱི། མ་འཇིག་ཤིག་ཅེས་ཟེར་


LR16_Page_496
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལྟ་བུ་ལན་བདུན་བྱུང་གི་བར་ལ་དེ་ཡན་ཆད་མི་འཇིག་གོ །དེ་ལྟར་བསམ་གཏན་དང་པོ་མན་ཆད་མེས་བསྲེགས་ཤིང་ཚིག་པ་དང། མེ་ཡང་ཇེ་ཆུང་ལ་རང་ཞིར་སོང་སྟེ། གཞུག་ཐལ་བའི་ལྷག་མ་ཡང་མེད་པར་ནམ་མཁའ་སྟོང་པ་འབར་ཞིག་ཏུ་བསྒྱུར་རོ། །དེ་ལྟར་སྣོད་འཇིག་པ་ལ་ཡུན་བར་གྱི་བསྐལ་པ་གཅིག་གི་ཡུན་གྱིས་འཇིག་སྟེ། དེ་ལྟར་ན་བར་བསྐལ་ཉིས་ཤུའོ། །དེ་ནས་བར་བསྐལ་ཉིས་ཤུའི་དུ་ནམ་མཁའ་སྟོང་པ་འབར་ཞིག་ཏུ་གནས་སོ། །ཡང་ཕྱིས་ནས་ཇི་ལྟར་ཆགས་ཚུལ་བསྟན་པ་ནི། ཡང་ནི་སེམས་ཅན་སྤྱི་མཐུན་ལས་ཀྱི་མཐུས། དང་པོ་ལ་སྣོད་ཆགས་སྟེ། དེ་ཡང་དང་པོ་ནམ་མཁའི་ལྷ་གནས། ཚངས་པ་ཆེན་པོ་ནས་འཐབ་བྲལ་ཏན་ཆད་ཀྱི་གཞལ་མེད་ཁང་རྣམས་རླུང་ལ་བརྟེན་ནས་ཡས་མར་རིམ་གྱིས་ཆགས་སོ། །དེ་ནས་ས་ལ་བརྟེན་པའི་སྣོད་རྣམས་ཡས་མར་རིམ་གྱིས་ཆགས་ཏེ། དེའི་ཚུལ་རྒྱས་པར་གོང་དུ་སྲིད་པ་ཆགས་ཚུལ་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟར་འཇིག་རྟེན་ཆགས་པ་དང། གནས་པ་དང། འཇིག་པ་དང། སྟོངས་པ་དང་བཞི་ཀ་ལ། ཡུན་བར་བསྐལ་ཉིས་ཤུ་མཉམ་པས་ཏེ། དེ་དག་ཀུན་བསྡོམས་པས་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་གོ །བར་བསྐལ་དྲུག་ཅུ་རྩ་བཞིའི་གོ་རིམ་བསྟན་པ་ནི། བསམ་གཏན་དང་པོ་ན་རྟོགས་སྤྱོད་མེ་དང་འདྲ་བ་ཡོད་པས་དེའི་སྐྱོན་དང་ཆོས་མཐུན་པར། བསམ་གཏན་དང་པོ་མན་ཆད་ཉི་མ་བདུན་ཤར་བའི་མེས་འཇིག་གོ །དེ་ལྟར་ཡང་ཆགས་ཤིང་མེས་འཇིག་པ་ལན་བདུན་བྱུང་ནས་ནི།


LR16_Page_497
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་ལ་བསམ་གཏན་གཉིས་པ་དགའ་བདེ་ཆུ་དང་འདྲ་བས། དེའི་སྐྱོནད་ང་ཆོས་མཐུན་པར། བསམ་གཏན་གཉིས་པ་མན་ཆད་དུ་ཆུས་འཇིག་སྟེན། བསམ་གཏན་གསུམ་པའི་འོག་ནས་ཆར་ཆེན་པོ་བབས་པས། འཇགི་རྟེན་གྱི་ཁམས་ཐམས་ཅདུ་ཆུ་ཡིས་ཁེངས་ཏེ། སྣོད་ཐམས་ཅད་ལན་ཚཱ་ཆུ་ལ་ཐིམ་པ་ལྟར། ཆུའི་འཇིག་པ་ལན་གཅིག་བྱུང་ནས་ནི། དེ་ནས་ཡང་སྲིད་པ་ཆཊ་ནས། བསམ་གཏན་དང་པོ་མན་ཆད་མེས་འཚིག་པ་ལན་བདུན་ནོ། །དེ་ནས་ཡང་བསམ་གཏན་གཉིས་པ་མན་ཆད་ཆུས་ལན་གཅིག་འཇིག་གོ །དེ་ལྟར་མེས་བདུན་ཕྲག་བདུན། དེ་ལྟར་ཆུས་འཇིག་པ་ལན་བདུན་སོང་ནས་ནི། དེའི་རྗེས་ལ་ཡང་བསམ་གཏན་དང་པོ་མན་ཆད་ཆགས་ཀྱིན་མེས་འཇིག་པ་ལན་བདུན་ནོ། །དེའི་རྗེས་ལ་བསམ་གཏན་གསུམ་པ། དབུགས་དབྱུང་རྔུབས་ཀྱི་གཡོ་བ། རླུང་དང་འདྲ་བས། དེའི་སྐྱོན་དང་ཆོས་མཐུན་པར༌། བསམ་གཏན་གསུམ་པ་མན་ཆད། རླུང་གིས་འཇིག་སྟེ། འོག་ནས་རྣམ་པར་འཐོར་བྱེད་ཀྱི། དགའ་བདེ་དང། དབུགས་དབྱུང་རྔུབས་ཀྱི་སྐྱོན་དེ་དག་མེད་པས། མེ་ཆུང་རླུང་གསུམ་གྱི་འཇིག་པ་མེད། ལྷ་ར་སྐྱེས་པ་དང། གཞལ་ཡས་ཁང་རེ་རང་ཆས་སུ་ཡོང་ལ། ལྷ་རེ་ཤི་བ་དང། གཞལ་ཡང་ཁང་རེ་རང་ཆས་སུ་ཡོང་ལ། ལྷ་རེ་ཤི་བ་དང། གཞལ་མན་ཆད་རེའང་རང་ཡལ་དུ་འགྲོའོ། །དེ་ལྟར་བསམ་གཏན་དང་པོ་མན་ཆད་མེས་བདུན་ཕྲག་བདུན་ཏེ། བཞི་བཅུ་ཞེས་དགུ་ཆགས་འཇིག་བྱེད་དོ། །བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག་པ་ལན་བདུན་


LR16_Page_498
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལྔ་བཅུ་རྩ་དྲུག་དེ་ནས་ཡང་མེས་ལན་བདུན་ཏེ། དྲུག་ཅུ་རྩ་གསུམ་མོ། །མཇུག་ཏུ། རླུང་གིས་འཇིག་པ་ལན་གཅིག་སྟེ། དེ་ལྟས་སྲིད་པ་ཆགས་འཇིག་གི་བར་བསྐལ་དྲུག་ཅུ་རྩ་བཞིའོ། །


previousསྤྱི་དོན་དགུ་པ། བསྐལ་པ་འཇིག་པ་དང་ཆགས་པའི་ཚུལ།next