cover

གདམས་ངག་མཛོད།

གླེགས་བམ་བཅུ་པ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། 'jam mgon kong sprul blo gros mtha' yas, Lodro Thaye

Nitartha Publication

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་དུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །
—ཀློང་ཆེན་པ།

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ཡིད་བཞིན་གྱི་ནོར་བུ།


LT19_Page_001A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ཡིད་བཞིན་གྱི་ནོར་བུ་བཞུགས།། །།


LT19_Page_001B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨ་ཀཱ་ཡ། བླ་མ་དང་དུས་གསུམ་གྱིས་སངས་རྒྱས་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བླ་མ་རིན་པོ་ཆེའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། སློབ་མ་རྣམས་གཅིག་ལ་བྱོན་བ་གཅིག་ལ་མི་འབྱོན་པས། རང་རང་གི་སྐལ་བ་ལྟར་དུ་མ་བཞུགས་པ་ཡིན། འདིར་བདག་གིས་ཇི་ལྟར་ཐོས་པའི་ཚུལ་ནི། སྒོམ་ཕྱག་རྒྱ་ཆེན་པོ་དེ་སོ་སོ་སྐྱེ་བོའི་གང་ཟག་གཅིག་གི་རྒྱུད་ལ་སྐྱེ་བར་བྱེད་པ་ལ། ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་ཁོང་ནས་བརྡོལ་བ་ཅིག་དགོས་ངེས་སྣ་དྲངས་ནས། མིའི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ་ཞིང་འཇིག་པར་བླ་བ་དང་། ཤི་ནས་རིགས་དྲུག་གར་སྐྱེས་སྡུག་བསྔལ་ཡིན་པ་དང་། དེ་ལྟར་འཁོར་བ་དང་ངན་སོང་གི་དུཿཁ་ལས་ཐར་བར་བྱ་བའི་ཕྱིར། དགེ་བ་སྒྲུབ་ཅིང་སྡིག་པ་སྤང་པའི་བླང་དོར་བྱ་བ་དང་། དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད། བླ་མ་རྡོ་རྗེ་སེམས་དཔའ་སྦྱི་བོར་བཞུགས་པའི་སྐུ་ལས་བདུད་རྩི་བབས་པས། རང་གི་ཚངས་བུག་ནས་ཞུགས། སྡིག་སྒྲིབ་དག་པར་བསམ་ལ། ཡི་གེ་བརྒྱ་པ་མལ་གཅིག་ཏུ་ངག་བཅད་


LT19_Page_002A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟླ། ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དཀོན་མཆོག་ལ་ཕུལ་ནས་རྟོགས་པ་མཆོག་ཏུ་གྱུར་བ་རྒྱུད་ལ་སྐྱེ་བར་གསོལ་བ་གདབ། བླ་མ་རིན་པོ་ཆེ་སྤྱི་བོར་སྒོམས་ལ། དཀོན་མཆོག་ཐམས་ཅད་ཀྱི་ངོ་བོ་ཡིན་པ་ལ་ཡིན་པར་ཤེས་པས། སྙིང་ཁོང་རུས་པའི་དཀྱིལ་ནས་གསོལ་བ་བཏབ་བླ་མ་རང་ལ་ཐིམ་པས། བྱིན་བརླབས་ཐམས་ཅད་ཐོབ་པར་བསམ། དེ་རྣམས་སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པ་སྔོན་འགྲོ་བཞི་སྦྱོར་ཞེས་བྱའོ། དངོས་གཞི་ལ་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ། དེ་དང་ལྷན་ཅིག་སེམས་གཞན་དུ་མིའི་འགྲོ་བར་བཟུང་། རླུང་ཕྱིར་རྒྱུ་ནང་རྒྱུ་དང་སེམས་དབྱེར་མེད་པ་ལ་བཟུང་། ཡར་ལུས་ཀྱི་ཕྱི་ནང་སྟོད་སྨད་གང་ཡིན་པར། བླ་མ་རིན་པོ་ཆེ་བསྒོམས་པ་སེམས་བཟུང་། ཡང་དེར་ཐུབ་པའི་དབང་པོའམ་ཇོ་བོ་སྤྱན་རས་གཟིགས་བསྒོམས་ལ་སེམས་བཟུང་། ཡང་རང་གི་སེམས་ཀྱི་གྱུ་བ་འདི་དབྱིབས་ཁ་དོག་ཇི་ལྟར་སྣང་། དེ་གང་ནས་བྱུང་གང་དུ་གནས། གར་འགྲོ་སོགས་རྩད་བཅད་ཅིང་བསྒོམ། བྱུང་གནས་འགྲོ་བ་དང་། དབྱིབས་ཁ་དོག་སོགས་མ་རྙེད་པའི་དོན་དེ་ལ་ལྷན་ཙེར་བཞག་གོ །དེ་རྣམས་


LT19_Page_002B
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞི་གནས་སྒྲུབ་པ་དང་། གཞི་རྩ་གཅོད་པའོ། དེ་ནས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རྒྱུ་ནི། བྱིན་བརླབས་དང་མོས་གུས་ཡིན་པས། གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེ། ལར་ཡང་ལུས་གནད་གལ་ཆེ། སེམས་གང་ཤར་ལ་བཟོ་བཅོས་དང་། སྤྲ་སྤྲོ་མི་བྱེད་པར་བཞག །དེའི་ཚེ་སེམས་ཉིད་རྣལ་མའི་འདུག་ཚུལ་འདི་ཡོད་པ་ཞེས་དམིགས་སུ་མེད། མེད་དོ་ཞེས་སྟོང་པར་མ་ལུས། གང་སྣང་གི་ངོ་བོ་དེ་ཀ་གཉུག་མའི་རང་བབས་འདི་ལས་མི་འདའ་བ་ཡིན་ནོ། དེས་རྣམ་པར་རྟོག་པ་ཐམས་ཅད་ལ་ཉམས་སུ་ལེན་ཏེ། འདོད་ཆགས་ཞེ་སྡང་ལ་བལྟས་པས་སྣང་སྟོང་རྩ་བྲལ། བདེ་བ་དང་སྡུག་བསྔལ་ལ་བལྟས་པས་བདེ་སྡུག་རང་གྲོལ། ང་དང་བདག་ལ་བལྟས་བས་ང་མེད་བདག་མེད། ཕྱི་སྣང་བའི་ཡུལ་ཐམས་ཅད་སྣང་སྟོང་ལྷན་སྐྱེས། དུ་མ་རོ་གཅིག །སྣང་སེམས་དབྱེར་མེད་ཀྱི་དོན་ལས་མ་འདས་པ་ཡིན་ནོ། འདི་ནི་བླ་མ་རིན་པོ་ཆེ་སྒམ་པོ་པས། རྒྱུ་ཡི་དུས་ན་འབྲས་བུ་ངོ་མཚར་ཆེ། ཞེས་གསུངས་པ་སྟེ། སྐྱེས་བ་བརྟན་པར་བྱེད་པ་ངོ་སྤྲོད་རྣམ་པ་གསུམ་ཞེས་བྱ་བའི་མན་ངག་གོ །དེ་ནས་སྒོམ་གོ་ལས་མེད་པ་བྱ་བ་ཡིན་པས། བདེ་གསལ་ལ་མ་ཞེན་པ། ལྟོང་པོར་མ་ཤོར་བར་བྱ། མོས་གས་དང་སྙིང་རྗེ་བོགས་འདོན་པ་ཡིན། ལར་ཡང་བོགས་འདོན་པའི་རྩ་བ་ཚེ་འདི་བློས་བཏང་དགོས་པ་ཡིན། ཚེ་འདི་བློས་བཏང་ནས་བསྒོམས་ཙ་ན། ཉམས་མྱོང་ཐམས་ཅད་རང་ཤུགས་ཀྱིས་འོང་བ་ཡིན། རིན་པོ་ཆེ་ལ་མོས་གུས་གནད་དུ་སོང་ན། ལྷག་མཐོང་རྟོགས་པ་བྱ་བ་ལོགས་ན་མེད། དེ་ལྟར་ཉམས་སུ་བླང་ཙ་ན། རྣལ་འབྱོར་རྣམ་བཞི་རིམ་གྱིས་སམ། གཅིག་ཆར་དུ་འཆར་བ་ཡིན། དེ་ཡང་རིན་པོ་ཆེའི་ལུགས་ཀྱིས། རྣལ་འབྱོར་རེ་རེའང་གསུམ་གསུམ་དུ་འོང་བ་ཡིན་གསུངས་ཏེ། གེགས་སེལ་བོགས་འདོན་དང་འབྲས་བུའི་འཆར་ཚུལ་རྗེས་ཀྱི་དོན་ནོ། དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་མན་ངག་ཉམས་


LT19_Page_003A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཇི་ལྟར་ལེན་ཚུལ། རིན་པོ་ཆེའི་གསུང་ལས་བྱོན་པ། ཡིད་བཞིན་གྱི་ནོར་བུའི་གདམས་པ། །བན་དེ་བཀྲ་ཤིས་དཔལ་གྱི་ཡི་དམ་ལགས་སོ། ཨཱི། ༈ དཔལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། གཏུམ་མོ་ལ་ལུས་ཀྱི་འཁྲུལ་འཁོར། སེམས་ཀྱི་དམིགས་པ། རླུང་གི་བཅོས་ལུགས་གསུམ་ཡོད་པ་ལས། ལུས་ཀྱི་འཁྲུལ་འཁོར་དང་། རླུང་གི་བཅོས་ལུགས་གཉིས་དང་པོ་ལྟར་བྱས་པས་ཕྱིས་ཀྱང་ཆོག །དམིགས་པ་འཕྲོ་འཕྲོར་སྤོ་བ་ཡིན། དང་པོ་ལུས་ཀྱི་འཁྲུལ་འཁོར་ནི་ཙོག་པུར་བསྡད། རྐང་པ་རེའུ་མིག་ལྟར་བསྣོལ་གོས་སྟན་ལ་བཅུད་སྐོར་འདྲ་བ་ཞིག་བྱས་ལ། རང་གི་འཕོངས་ཞབས་སུ་བཅུག་ལ། རྐང་བབས་སོར་བཞིས་མཐོ་བར་བྱ། སྒལ་ཚིགས་བསྲང་། མགོ་བོ་ཧ་ཅང་མི་སྒུ་དགྱེ་སྒུ་རན་པར་བྱ། སྒོམ་ཐག་ཅིག་བཅུག་ལ་དེའི་ཞབས་ན་ཚུར་ལ་ལག་པ་གཉིས་མཉམ་དུ་བསྣོལ་ལ། ལྟེ་བའི་འོག་སོར་གསུམ་གྱིས་ན་ཚུར་མནན་ནོ། དེ་ནི་ལུས་ཀྱི་འཁྲུལ་འཁོར་རོ། སེམས་ཀྱི་དམིགས་པ་ནི། དེ་ལྟར་འཁྲུལ་འཁོར་བྱས་ནས། སེམས་ཅན་གྱི་དོན་དུ་བློ་བསྐྱེད། ཡི་དམ་གྱི་ལྷར་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ་རང་ཡི་དམ་དུ་བསྒོམས་པའི་ནང་དུ་རྒྱ་རྒྱུ་ལྟ་ལྟོ་ཉལ་ཉིལ་མེད་པ། སྟོང་སོང་ངེ་བ་ཞིག་བསམ་པ་ཁྲིད་གཅིག་ཡིན། དེ་ནས་གཞན་ཐམས་ཅད་གོང་ལྟར་བྱས་ལ། ལྟེ་བ་ནས་ཨ་ཤད་དམར་སེང་ངེ་བ་ཞིག་ལས་མེ་སོར་བཞི་ཙམ་གཞུང་ནག་ཏུ་འདུག་པར་འབར་བར་བསམ་པ་ནི་སེམས་ཀྱི་དམིགས་པའོ། རླུང་གི་བཅོས་ལུགས་ནི། དང་པོ་སྣ་སྒོ་ནས་ལན་གསུམ་གཡས་གཡོན་དུ་བསལ་ནས། རྔུབས་དང་དགང་དང་གཞིལ་བ་དང་། མདའ་ལྟར་འཕང་དང་རྣམ་བཞིའོ། ཞེས་གསུངས་པས་དང་པོ་མི་རིང་ཚུར་རྡུབས་ལ། རིང་ན་གྲང་བར་འགྲོ། དེ་ནས་


LT19_Page_003B
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཡས་གཡོན་གཉིས་ནས་མངལ་ཏེ་བར་སོང་ནས། ལྟེ་བའི་མེ་ལ་ཏིམ་ཏིམ་ཐིམ་པར་བསམ་པ་ནི་དགོང་བའོ། དེ་ནས་སྟེང་རླུང་མར་མནན། འོག་རླུང་ཡར་གང་ཟབ་ཅིག་འཐེན་ནས་མནན་པ་ལ་འགྲོ་འོང་མེད་པར་ཞི་བས་ན་གཞིལ་བའོ། རླུང་མ་ཐུབ་ནས་བཏང་བའི་དུས་སུ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ལ་བུག་པ་དཀར་ཧ་རེ་བ་ཞིག་ཡོད་པ་ན་ཡར་ལ་སྔོ་ཕྱུར་ཕྱུར་སོང་བ་ནི་མདའ་ལྟར་འཕང་བ་དང་བཞིའོ། རླུང་མི་སྒོམ་ཙ་ན་སྤྱི་བོའི་བུག་པ་དེ་ཟླ་བའི་དཀྱིལ་འཁོར་སེན་མོ་ཟླུམ་པོ་ཙམ་གཅིག་གིས་བཅད་པར་བསམ། དེ་ལྟར་ཐུན་གྲངས་དང་ཐུན་ཚད་མེད་པར་ནུས་ཚད་བསྒོམ། རྗེས་ལ་བདག་གིས་གཏུམ་མོ་བསྒོམས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་བསམ་མོ། ནུབ་མོ་རྨི་ལམ་སྦྱོང་བར་འདོད་པས། ནུབ་མོ་ཉལ་ཁར། རང་ཡི་དམ་ལྷར་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ། རང་ཡི་དམ་དུ་བསྒོམས་པའི་ལྟོང་ལྟོང་གི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ་གཅིག་གི་ལྟེ་བར་ༀ་དམར་སེང་ངེ་བ་ཞིག་བསམ་པའི་ༀ་དེ་ལ་ཤེས་པ་གཏད་ལ། དོ་ནུབ་རྨི་ལམ་བཟང་པོ་རྨི་བར་བྱ། གསལ་པོར་རྨི་བར་བྱ། རྨི་ལམ་དུ་བླ་མ་དང་དེ་བཞིན་གཤེགས་པའི་ཞལ་བལྟ་བར་བྱ། རང་གི་ལུས་ལས་འོད་འཕྲོ་བར་བྱ་སྙམ་བའི་འདུན་པ་བདུན་བདུན་ཙམ་རེ་བྱ། དེ་ནས་གཉིད་ལོག་ཁར་ༀ་ལ་ཤེས་པ་གཏད་ལ་གཉིད་ལོག་གོ །སད་ཀོ་ཅོག་དེ་ལྟར་བྱ། ཉིན་པར་ཅི་མཐོང་མཐོང་རྨི་ལམ་ཡིན་ཨང་སྙམ་དུ་བསམ་མོ། དེ་ལྟར་ཞག་བཅུ་གཅིག་བསྒོམ་མོ། །འཁྲུལ་འཁོར་ལ་སོགས་པ་གཞན་ཐམས་ཅད་གོང་དང་འདྲའོ། །དམིགས་པ་སྤོ་བ་ནི། ལྟེ་བ་ནས་སྙིང་གའི་བར་དུ་སོར་ཕྱེད་དང་བཅུ་གསུམ་ཡོད་པ་ལྟ་ལྟེ་བའི་ཨ་ལས་མེ་སོར་བཞི་ཙམ་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེ་མ་ལུས་གང་བ་ལ་དམིགས་ལ་རླུང་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་


LT19_Page_004A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རླུང་གཅིག་མནན་དེ་ལྟར་སྒ་ར་ར་བྱ། རྨི་ལམ་ལ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་གོང་དང་འདྲ། མགྲིན་པའི་པདྨའི་ལྟ་བའི་ༀ་གྱི་སྟེང་དུ་བླ་མ་རྣམས། སྒོས་སུ་རྩ་བའི་བླ་མ་བཞུགས་པར་བསམ་ལ། དམིགས་པ་དེ་ལ་གཏད་ལ། དོ་ནུབ་ནི་ཅིས་ཀྱང་རྨི་ལམ་མང་པོར་རྨི། གསལ་པོར་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་བཏང་། མ་ཟིན་ན་ད་ཅི་མ་ཟིན་པས་ད་ཟིན་པར་བྱ་སྙམ་པ་ཡང་ཡང་སད་ཀོ་ཅོག་བྱའོ། །ཉིན་པར་གྱི་དུས་སུ་ཟས་ཟ་བའང་རྨི་ལམ་གྱི་ཟས་ཟ་བ་ཡིན་ཨང་སྙམ་པ་ལ་སོགས་པ་བྱེ་བ་གང་བྱེད་ཀྱང་རྨི་ལམ་ཡིན་ཨང་སྙམ་དུ་བསམ་མོ། །ལུས་ཀྱི་འཁྲུལ་འཁོར། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་ཐམས་ཅད་ཁྲིད་མ་ཚར་བར་དུ་གོང་དང་འདྲ། དམིགས་པ་སྤོ་བ་ནི། ལྟེ་བ་ནས་སོར་བརྒྱད་ཙམ་དུ་འབར་བའི་མེ་དེས་སྙིང་གའི་ཧཱུྃ་ལ་རེག་རེག་ཙམ། སོར་བཅུ་གཉིས་ཀྱིས་ན་ཡར་ལ་དམར་སེང་ངེ་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེའི་ས་བོན་ལས་མེ་སྐྱེས་པས་ལུས་གང་བ་ལ་དམིགས་ལ་རླུང་ཐུན་ཅིག་མནན། ཕྱག་རྒྱ་ཆེན་པོ་རང་ལུགས་སུ་བསྒོམ་པ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་ཐུན་གྲངས་དང་ཐུན་ཚད་མེད་པར་བསྒོམ་པ་ནི་བླ་མ་མི་ལའི་ལུགས་ཡིན། རྨི་ལམ་ལ་ཡང་བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ། མདུན་གྱི་ནམ་མཁའ་ལ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་བཞུགས་པར་བསམ་ལ། བདག་གི་ལུས་ལོངས་སྤྱོད་ཕུལ་ལ། དོ་ནུབ་རྨི་ལམ་ཟིན་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། དེ་ནས་རང་གི་མགྲིན་པའི་པདྨ་དམར་པོ་འདབ་མ་བཞི་བའི་མདུན། ཤར་ཕྱོགས་ཀྱི་འདབ་མའི་སྟེང་དུ་ཨ་དཀར་པོ་ཞིག་བསམ་ལ། དེ་ལ་ཤེས་པ་གཏད་ལ། དོ་ནུབ་རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་


LT19_Page_004B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ངོ་ཤེས་པར་བྱའི་སྙམ་པའི་འདུན་པ་ཉི་ཤུ་རྩ་གཅིག་བྱས་ལ། རྟོག་པས་བར་མ་ཆོད་པར་ཨ་ལ་ཤེས་པ་གཏད་ལ། ཨ་དེ་རང་ཡང་བསྒོམ་པའི་ངང་དུ་བཏང་ལ་ཉལ་ལོ། སད་ཀོ་ཅོག་ཀྱང་ད་ཅི་མ་ཟིན་པས་ད་ཟིན་པར་བྱའོ་སྙམ་པའི་འདུན་པ་བཏང་། དེ་ལྟར་བྱས་པས་བཟུང་བ་ནི་སྲོད་ལ་བཟུང་། ཟིན་པ་ནི་ཐོ་རེངས་ཟིན་པ་ཡིན་པས་ནམ་སང་སེང་ལ་ཟིན་ནས་འོང་། ཟིན་པར་བྱུང་ན་ཉི་མའི་སྲབ་མདའ་ལ་བཟུང་ལ་ཉི་ཟླའི་སྟེང་དུ་འགྲོ་བའམ་རི་རབ་ཀྱི་ཁར་འགྲོ་བའམ། སུམ་ཅུ་རྩ་གསུམ་གྱི་གནས་སུ་འགྲོ་བ་ལ་སོགས་པ་རྨི་ལམ་ཡིན་པས་ཅི་ཡང་བཏུབ་སྙམ་དུ་བསམ་ལ་བྱ། ནུབ་ཕྱོགས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ལྟ་བ་ལ་སོགས་པ་རྨི་ལམ་ཡིན་པས་བཏུབ་སྙམ་དུ་བསམ་ལ་བལྟ། ཉིན་པར་གྱི་དུས་སུ་བྱ་བ་ཅི་བྱེད་ཐམས་ཅད་རྨི་ལམ་གྱི་བྱ་བ་ཡིན་སྙམ་དུ་བསམ་ཞིང་བྱའོ། དེ་ལྟར་ཞག་བཅུ་གཅིག་བྱའོ། གཏུམ་མོ་ལ་སྟེང་རླུང་ཁ་སྦྱོར་བ་ལ་སོགས་པ་ཐམས་ཅད་གོང་དང་འདྲ། སྙིང་གའི་ཧཱུྃ་ལ་དམིགས་ལ། མེ་དེ་ལས་སོར་བཞི་སྐྱེས་པས་སོར་བཅུ་དྲུག་གི་ས་ན་ཡར་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེའི་ས་བོན་དེ་ལས་མེ་སྐྱེས་ནས་ལུས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་གསུམ་སྒ་ར་ར་བྱ། རྨི་ལམ་ལ་དམིགས་པ་གོང་གི་ཐམས་ཅད་བཞག་ལ། རང་གི་མགྲིན་པའི་པདྨའི་གཡས་ཕྱོགས་ཀྱི་སྟེང་དུ་ནུ་སེར་པོ་གཅིག་བསམ་ལ། དམིགས་པ་གཏད། དོ་ནུབ་རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བྱའོ། དེ་ལྟར་བྱས་པས་རྨི་ལམ་མ་ཟིན་ན། ད་གོ་ཟློག་རྣམ་གསུམ་བྱ་བ་ནི། སྲོད་ཀྱི་དུས་སུ་རྨི་ལམ་ཟིན་པ་དང་། རྨི་བའི་འདུན་པ་གཞན་མི་བྱ་བར། དོ་རེད་མཇིང་ལ་སད་པར་བྱའོ་སྙམ་པའི་འདུན་པ་བཏང་གཉིད་ཞིམ་པ་ནུན་ཅིག་ལོག །དེ་ནས་མཇིང་ལ་སད་དུས་སུ་མདུན་གྱི་ནམ་མཁའ་ལ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་


LT19_Page_005A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དང་། དཔའ་བོ་དང་མཁའ་འགྲོ་ལ་སོགས་པ་བཞུགས་པར་བསམ་ལ། དེ་རྣམས་ལ་བདག་གི་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ། རྨི་ལམ་ཟིན་པར་མཛད་དུ་གསོལ་ཞེས་པའི་གསོལ་བ་གདབ། ཐོ་རངས་སད་པར་བྱའི་སྙམ་པའི་འདུན་ལ་བཏང་ལ་ཉལ་ལོ། །དེ་ནས་ཐོ་རངས་སད་པའི་དུས་སུ་རང་གི་མགྲིན་པའི་གཡས་ཕྱོགས་ཀྱི་པདྨའི་སྟེང་གི་ནུ་སེར་པོ་ལ་ཤེས་པ་གཏད་ལ། རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བཏང་ལ་ཉལ་ལོ། དེ་ལྟར་ཞག་བཅུ་གཅིག་བྱའོ། །གཏུམ་མོའི་གཞན་ཐམས་ཅད་གོང་དང་འདྲ། མེ་དེ་ལས་ཡང་སོར་བཞི་སྐྱེས་པས་སྙིང་ག་ནས་སོར་བརྒྱད་ཀྱི་མཐོ་བ་ན་ཡར་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། མེས་ལུས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་བསྒོམས་པས་ལུས་ཁོལ་བུར་ནི་དྲོད་འབྱུང་། ལུས་སྤྱི་ལ་ཁྱབ་པ་ནི་མ་བྱུང་ན། ཕྱི་རོལ་དུ་མེའི་འཁོར་ལོ་གཅིག་བསམས་པའི་ནང་དུ་རང་ཡི་དམ་དུ་བསྒོམ་ཞིང་རླུང་མནན། དེ་ཙུག་བྱས་ཤིང་བསྒོམ་པས་ཕྱི་རོལ་དུ་ནི་དྲོད་ཆེ། ནང་དུ་ནི་དྲོད་ཆུང་ཞིང་གྲང་བར་འདུག་ན། ནང་དུ་རྩ་གསུམ་ཀའི་ནང་ན་ཡར་ལ་མེ་ད་ལ་ལ་འབར་བར་བསམ་ཞིང་རླུང་མནན་ནོ། །དེ་ཙུག་བསྒོམས་པའི་དུས་སུ་ལས་ལ་ཁོལ་བུར་ན་ཚའམ་ཟུག་གཟེར་བྱུང་ན། གང་ན་པའི་ས་དེར་གཏུམ་མོའི་མེ་ལྕེ་དེ་ལ་གཏད་ལ་རླུང་མནན་ཅིང་བསྒོམ། དེ་བཞིན་བྱས་ཤིང་བསྒོམ་པ་ནི་ཁོ་རང་གི་སྒོམ་ལུགས་དང་བཅོས་ཐབས་དང་གེགས་སེལ་བ་ཡིན་ནོ། །རྨི་ལམ་ལ་གོང་ལྟར་བྱས་པས་ཀྱང་མ་ཟིན་ན། ཡང་ཉལ་ཁར་རང་གི་མགྲིན་པའི་ནུབ་ངོས་རྒྱབ་ཀྱི་ཕྱོགས་ཀྱི་པདྨའི་སྟེང་གི་ཏ་དམར་པོ་ལ་ཤེས་པ་གཏད་ལ། དོ་ནུབ་རྨི་ལམ་བཟང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བྱ། དེ་ལྟར་བྱས་པས་རྨི་ལམ་ཡིན་སྙམ་པའི་ཧྲབ་ཧྲིབ་ཙམ་བྱུང་ན་སྤེལ་སྦྱང་བྱ་བ་ནི། རྨི་ལམ་དུ་ཆུ་ཆེན་པོ་རྨི་སོ་ན་རྨི་ལམ་གྱི་ཆུས་ཁྱེར་བ་མེད་སྙམ་དུ་བསམ་ལ་སླར་འབོག །ཕྱམ་


LT19_Page_005B
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱུང་ཡང་རྨི་ལམ་གྱི་ཕྱམ་ཡིན་སྙམ་དུ་བསམ་ལ་སླར་མཆོད། དེ་ལྟར་དུ་ཉི་ཟླ་མཐོང་ཡང་རྨི་ལམ་ཡིན་སྙམ་དུ་བསམས་ལ་སྟེང་དུ་འགྲོ་བའམ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ལྟ་བའམ། རྒྱལ་བ་རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཞིང་ཁམས་ལྟ་བ་ལ་སོགས་པ་བྱེད་པ་ནི་སྦྱང་བའོ། །སྤེལ་བ་ནི། རྨི་ལམ་དུ་ཁྱིའམ་བུད་མེད་ལ་སོགས་པ་གཅིག་རྨིས་ན། རྨི་ལམ་ཡིན་པས་ཅི་ཡང་བཏུབ་སྙམ་དུ་བསམ་ལ་མང་པོར་སྤེལ་ཞིང་བསྒོམ་མོ། །ཧྲབ་ཧྲིབ་ཟིན་ནས་དེ་ལྟར་བྱ། འཁྲུལ་འབྱམས་སུ་སོང་ནས་ཡེ་ཟིན་དུ་མ་ཉན་ན། འཁྲུལ་འབྱམས་རླུང་གིས་གཅོད་པ་བྱ་བ་ཡིན་པས། ནུབ་མོ་ཉལ་ཁར་སྟེང་རླུང་སྟེང་འོག་ཁ་སྦྱར་ལ་ཐུབ་ཐང་བདུན་རེ་བྱ་ཞིང་། དེའི་རྗེས་ལ་ནུབ་ཕྱོགས་ཀྱི་ཏ་དམར་པོ་ལ་ཤེས་པ་གཏད་ཅིང་འདུན་པ་བྱས་ལ་ཉལ་ལོ། །ཞག་གྲངས་སྔར་དང་འདྲ། ཡང་ལུས་ཀྱི་འཁྲུལ་འཁོར་ལ་སོགས་པ་ཐམས་ཅད་གོང་དང་འདྲ་བ་བྱས་ནས། སྙིང་ག་བས་སོར་བརྒྱད་ཙམ་ན་ཡར་ལ་འབར་བས་མེ་དེས་མགྲིན་བབས་ཀྱང་སོར་གཉིས་ཙམ་ན་ཡར་ལ་འབར་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ལུས་མེས་གང་བ་ལ་དམིགས་ལ་རླུང་ཐུན་གཅིག་མནན། ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་གསུམ་ཀ་གྲངས་དང་ཐུན་མཚམས་མེད་པར་བྱའོ། རྨི་ལམ་ལ། བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་སྤྱི་པོར་བསྒོམ་ལ། ནུབ་མོ་ཉལ་ཁར་རང་གི་མགྲིན་པའི་པདྨ་དམར་པོ་འདབ་མ་བཞི་པ་ཡོད་པའི་རང་གི་གཡོན་ཕྱོགས་ཀྱི། བྱང་ངོས་ཀྱི་འདབ་མའི་སྟེང་དུ་ར་ལྗང་གུ་བསམས་ལ། དེ་ལ་ཤེས་པ་གཏད་ལ་དོ་ནུབ་རྨི་ལམ་མང་པོ་རྨི། གསལ་པོ་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་བྱའོ། དེས་མ་ཟིན་ན་བཅུ་གཅིག་བྱ། དེས་ཀྱང་མ་ཟིན་ན་ཉི་ཤུ་རྩ་གཅིག་བྱ། རྟོག་པར་བར་མ་ཆོད་པར་བྱས་ལ་གཉིད་ལོག་གོ །ཡང་སད་ཀོ་ཅོག་དེ་ལྟར་བྱ། ཡང་ནམ་མཁའ་སང་


LT19_Page_006A
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལ་གཉིད་སད་པའི་དུས་སུ་དེ་ལྟར་བྱ། བར་བར་དང་སྐབས་སྐབས་སུ་མདུན་གྱི་ནམ་མཁའ་ལ་བླ་མ་དང་། དཔའ་བོ་མཁའ་འགྲོ་ལ་སོགས་པ་རྣམས་བཞུགས་པར་བསམས་ལ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་ཉིན་པར་ཡང་སྔ་དྲོ་ཕྱི་འཕྲེད་ཀུན་ལ་ཉལ་ཞིང་དེ་ལྟར་བྱའོ། །དེ་ལྟར་བྱས་ནས་བཟུང་བ་ནི་སྲོད་ལ་བཟུང་ནས། ཟིན་པ་ནི་ཐོ་རངས་ཟིན་པ་བྱ་བ་ཡིན་པས། ཐོ་རངས་ཟིན་ནས་འོང་། དེ་ལྟར་བྱས་ཀྱང་མ་ཟིན་ན་ཡང་གོང་ལྟར་བྱ་ཞིང་བསྒོམ། དེ་ལྟར་སྤྱིར་ཡང་ཞག་བཅུ་གཅིག་བྱ། གཏུམ་མོའི་འཁྲུལ་འཁོར་གོང་ལྟར་བྱས་ལ། ཨ་ཝ་་ཏི་འདོད་པ་འདྲ། ཡི་གེ་ཧཾ་ནི་སྟེ་རབ་འདྲ། ཞེས་པས། རྩ་ཨ་ཝ་དྷུ་ཏི་ལུས་ཀྱི་ནང་ན་ཡར་ལ་དྲང་སང་ངེ་ཡར་རྩེ་ཚངས་པའི་བུ་ག་ན་ཡར་ཟུག་པའི་ནང་ན་མར་ལ་ཡི་གེ་ཧཾ་གི་རྣམ་པ་བདུད་རྩིའི་རང་བཞིན་མགོ་མར་ལ་བསྟན་ནས་བའི་ནུ་མ་བཞིན་ཙ་རེ་ཡོད་པར་བསམ། མར་རྩེ་ལྟེ་བར་ཟུག་པའི་ནང་ན་ཡི་གེ་ཨ་ཡོད་པར་བསམ། རྩ་གཡས་གཡོན་གཉིས་སྔར་དང་འདྲ་བར་བསམ་ལ། སྟེང་རླུང་མནན་པ་ཙམ་གྱིས་མགྲིན་པའི་མེ་སོར་གཉིས་པོ་དེ། མགྲིན་པ་བས་སོར་དྲུག་ཙམ་ན་ཡར་འབར་བས། ཧཾ་ལས་བདུད་རྩི་ཕྲལ་ཙམ་ཕྲལ་ཙམ་བྱེད་པར་བསམ་ཞིང་སྟེང་རླུང་མནན་པ་ཞག་གསུམ་བྱ། དེ་ནས་འོག་རླུང་ཡར་འཐེན་ནས་ཚུར་བསྡམས་པས་ལྟེ་བའི་ཨ་ལས་མེ་དམར་ནར་གྱིས་ཡར་འབར་བས་ཧཾ་ལ་རེག་ཧཾ་ལས་བྱང་ཆུབ་ཀྱི་སེམས་སྐུད་པ་ཙམ་དཀར་ནར་གྱིས་མར་བྱུང་ནས་ལྟེ་བའི་ཨ་གསོས། ཨ་ལས་མེ་ཡར་འབར་ཧཾ་ལས་བྱང་སེམས་མར་འཛག་འདི་ལ་དམིགས་པ་གཅིག་ཏུ་མཛད་པ་ཡིན། པའི་འབར་འཛག་ལ་དམིགས་ཤིང་། རླུང་སྟེང་འོག་ཁ་སྦྱར་ཞིང་བསྒོམ་པ་ཞག་བཅུ་གཅིག་བྱ། དེ་ལྟར་བསྒོམས་བས་བདེ་བ་སྐྱེས་ན་ལག་པ་གཉིས་ཁུ་ཚུར་བཅངས་ལ་བྲང་དུ་བསྣོལ་ལ་ལུས་ཁྱབ་པར་དགྲམ་མོ། །བླ་མ་རིན་པོ་ཆེའི་ལུགས་ལ་འདི་བྱིན་ཆད་འོག་རླུང་ཡོད་གསུང་། རྨི་ལམ་ལ་ནུབ་མོ་གཉིད་


LT19_Page_006B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཧྲིབ་ཧྲིབ་འགྲོ་བའི་དུས་སུ། མགྲིན་པའི་པདྨའི་ལྟེ་བའི་ༀ་ལ་ཤེས་པ་གཏད། སང་འདི་བྱ་དང་། གནང་འདི་བྱ་ཙམ་དྲན་པའི་དུས་སུ་མགྲིན་པའི་པདྨའི་སྟེང་གི་མདུན་གྱི་ཨ་ལ་ཤས་པ་གཏད། དེ་ནས་སྔས་བདེ་མི་བདེ་ཙམ་དྲན་པའི་དུས་སུ་གཡས་ཀྱི་ནུ་ལ་ཤེས་པ་གཏད། དེ་ནས་རྟོག་པ་བྲིང་ཙམ་འོང་བའི་དུས་སུ་རྒྱབ་ཀྱི་ཏ་ལ་ཤེས་པ་གཏད། དེ་ནས་གཉིད་དུ་འགྲོ་བའི་དུས་སུ་གཡོན་གྱི་ར་ལ་ཤེས་པ་གཏད། དེ་ནས་གཉིད་དུ་ཧཱུམ་གྱིས་སོང་བའི་དུས་སུ་དབུས་ཀྱི་ༀ་དང་བླ་མ་ལ་ཤེས་པ་གཏད་ལ་གཉིད་ལོག །དེ་ནས་དེ་ཕན་ཆོད་ལ་འདུན་པ་འདིས་ཆོག །རྨི་ལམ་མང་པོ་རྨི། གསལ་པོར་རྨི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་འདིས་ཆོག་གོ །འདི་ནི་ཁྲིད་ཚར་ནས་རྒྱུན་པར་བྱེད་པའི་དུས་ཡིན་ནོ། །དེ་ལྟར་བྱས་པས་ཟིན་ན་སྤེལ་སྦྱང་ལ་སོགས་པ་ཤེས་པར་བྱའོ། རྨི་ལམ་ཁྲིད་རྫོགས་སོ། །རླུང་སྔོན་འགྲོ་ཐམས་ཅད་གོང་ལྟར་བྱས་ལ། རྩ་གསུམ་སྨིན་མཚམས་སུ་འཕྲོད། དེ་ནས་གྱེས། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། དེ་ནས་ལྟེ་བའི་འོག་སོར་བཞིའི་[1]གཡས་གཡོན་གྱི་རྩེ་མོ་གཉིས་དབུ་མའི་ནང་དུ་ཚུད་པར་བསམ་པའི་རྩའི་མདོ་དབུ་མའི་ནང་དུ་མི་མོ་ཁབ་[2]ཙམ་ཞིག་འབར་བ་ལ་སེམས་གཏད། འོག་སྒོ་ཚར་བསྡམས་ལ་སྟེང་། རླུང་མར་མནན། མ་ཐུབ་པའི་དུས་སུ་རྡུབས་ཆུང་ཕྱེད་འཛིན་བྱ་ཞིང་ཐུན་གྲངས་ཐུན་འཚམས་མེད་པར་བསྒོམ། འོད་གསལ་གྱི་ཁྲིད་ལ་སེམས་གསུམ་བསྒོམ་པ་གོང་དང་འདྲ་བ་ལ། ནུབ་མོ་གཉིད་གར་ཙོག་པུ་དང་གློ་གཡས་པ་ས་ལ་དབབ་པ་ལ་སོགས་པའི་ཉལ་ཐབས་གང་ཡང་འདི་ལ་གཏུབ་པས་བྱས་ལ། རང་ཡི་དམ་དུ་བསྒོམས་པའི་སྙིང་གི་ནང་དུ་པདྨ་སྔོན་པོ་འདབ་མ་བཞི་པ་གཅིག་གི་ལྟེ་བ་ལ་ཧཱུྃ་སྔོན་པོ་བསམས་ལ་ཤེས་པ་གཏད་དེ། དེ་ནུབ་རྨི་ལམ་མི་རྨི་བར་བྱ། གཉིད་འོད་གསལ་དུ་ཚུད་བར་བྱ་ཞེས་བའི་འདུན་པ་བདུན་རེ་ཙམ་བྱ་ཞིང་། ཧཱུྃ་ལ་ཤེས་བ་ལྷན་གྱིས་གཏད་ལ་ཉལ་ལོ། སད་ཀོ་ཅོག་དེ་ལྟར་བྱའོ། །


LT19_Page_007A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་པར་གྱི་དུས་སུ་བསྒོམས་པ་རང་གིས་ཆོག །གཞན་འདུན་པ་ལ་སོགས་པ་མི་དགོས་གསུང་། གཏུམ་མོ་བསྒོམ་པའི་དུས་སུ་སྣ་སུབ་ཅིང་བྱུང་ན་ཚུར་ལ་བཀུག་དྲགས་པས་སྣ་རང་དུ་རླུང་སེམས་འདུས་པ་ཡིན་པས། དེ་བསལ་བའི་ཐབས་ནི། ཡང་ན་ལྟག་པས་མཇིང་པ་མནན། ཞེས་པས། ཕྱིར་དགྱེ་པའི་དྲང་བར་བྱ་ཞིང་བསྒོམ་ན་དེས་སེལ་ལོ། །གཏུམ་མོའི་དམིགས་པ་མེ་ཟངས་མའི་མོ་ཁབ་ཙམ་ལ་དམིགས་པ་གོང་བཞིན་བསྒོམ། མ་བདེ་བ་བྱུང་ན་དེར་ཨ་ཞིག་བསམ་ལ་དེ་ཞུ་བས་ནང་ཐམས་ཅད་ལ་ཕན་པར་བསམ་གསུང་། འོད་གསལ་རང་གི་ཐུགས་ཀའི་པདྨའི་ཤར་ཕྱོགས་ཀྱི་འདབ་མའི་སྟེང་དུ་ཨ་དཀར་པོ་གཅིག་བསམ། དེ་ནས་དེའི་སྟེང་དུ་བླ་མ་ཞལ་ཚུར་བསྟན་ནས་བཞུགས་པར་བསམ་ལ། གཉིད་ཁར་དོ་ནུབ་རྨི་ལམ་མི་རྨི་བར་བྱ། གཉིད་འོད་གསལ་དུ་ཚུད་པར་བྱ། གཏི་མུག་གི་གཉིད་དུ་མི་འགྲོ་བར་བྱ་ཞེས་པའི་འདུན་པ་བདུན་བྱས་ལ་ཨ་དང་བླ་མལ་ཤེས་པ་ལྷན་གྱིས་གཏད་ལ་ཉལ་ལོ། །དེ་ནས་སད་ཀོ་ཅོག་ཀྱང་དེ་ལྟར་བྱ། ཉིན་པར་གྱི་དུས་སུ་སྦྱང་མི་དགོས། བསྒོམ་པ་རང་ཡིན་དེས་ཆོག །བསྒོམ་པའི་དུས་སུ་དྲོད་ནི་ཤིན་ཏུ་ཆེ། བདེ་བ་ཆུང་ན། སྔར་གྱི་གཏུམ་མོའི་མེའི་མལ་དེར་ཐིག་ལེ་དཀར་པོ་སྲན་མ་རློན་པ་ཙམ་ཅིག་ལ་དམིགས་ལ་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ་མོ། །རེས་མོ་ཁབ་ཙམ་རེས་མོ་ཁབ་ཙམ་གསུམ་རེས་བྱ་གསུང་། མ་བདེ་ན་མོ་ཁབ་ཙམ་ལས་སྐྱེས་པའི་མེས་གང་ན་སར་ཕུག་པར་བསྒོམ་གསུང་། འདི་ནི་ཚད་པ་ཅན་ཐིག་ལེ་བསྒོམ་བྱ་བ་ཡིན་གསུང་། ལར་ལུས་དྲོད་ཆེ་ཡང་གྲང་འདར་བྱེད། གྲང་བའི་བབས་ཡོད་ན་རྩ་གཡོན་པ་ནས་དབུ་མར་རླུང་འཕོ་མ་ནུས་པ་ཡིན་པས་དེ་འཕོ་བར་བྱེད་པའི་གདམས་ངག་ནི་རླུང་གནོན་པའི་དུས་སུ་རང་གི་གསང་གནས་ཀྱི་མགོ་ཐུར་དུ་བསྟན་ཅིང་བསྒོམ། ཁ་ཟས་ཀྱིས་བཅོས་པར་བྱའོ། འོད་གསལ་མ་ཟིན་ན། ཡང་རང་གི་སྙིང་གའི་པདྨ་སྔོན་པོ་འདབ་མ་བཞི་པའི་གཡས་ཕྱོགས་ཀྱི་འདབ་མའི་སྟེང་དུ་ནུ་སེར་པོ་གཅིག་བསམ་ལ། དེ་ལ་ཤེས་པ་གཏད་ལ་གོང་བཞིན་དུ་


LT19_Page_007B
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་བཏང་ངོ་། །གཏུམ་མོ་ལ་སྔར་གྱི་མེ་མོ་ཁབ་ཙམ་གྱི་མལ་དེར་པདྨ་དམར་པོ་འདབ་མ་བཞི་པ་ཅིག་གི་སྟེང་ན། མེ་གླང་པོ་ཆེའི་སྣ་ཞིགས་ལྟ་བུ་ཀྱོག་པོ་ཅིག་ལྟེ་བར་སླེབ་ཙམ་དུ་འབར་བ་ལ་དམ་གསལ་རླུང་མནན། འདིའི་མིང་ནི་གཏུམ་མོ་ཨ་ཤད་ཟེར་རོ། །རེས་ཟངས་མའི་མོ་ཁབ་ཙམ་རང་ལ་དམིགས་ཏེ་བསྒོམ་མོ། །རེས་མཁལ་མ་གཉིས་ཀྱི་ནང་དུའམ་དམར་ནག་རེ་བསམ་ལ་དེ་ལ་དམིགས་ཏེ་རླུང་བསྒོམ། རམ་ལ་དམིགས་བདེ་ཐུན་མགོ་ལ་ལན་གསུམ་གསུམ་ཙམ་རེ་ལ་དམིགས་ཏེ་རླུང་གོང་མ་གསུམ་དང་དམིགས་པ་བཞི་རེ་མོས་སྒ་ར་ར་བྱ་གསུང་། བསྒོམ། རྒྱུན་དུ་མང་ན་ཐིག་ལེ་འབྱུང་ཉེན་ཡོད་པས་ཉུང་བར་བྱ། རཾ་བསམས་པའམ་བླ་མ་བསམ་པའང་ཡོད། གཏུམ་མོའི་སྔོན་འགྲོ་གོང་དང་འདྲ། དམིགས་པ་མེ་ལྕེ་ལྟེ་བར་སླེབ་པའི་ཨ་ཤད་ཀྱི་མེ་དེ་ལྟེ་བ་ནས་སོར་དྲུག །སྙིང་གར་སོར་དྲུག་གིས་ཅུང་ཟད་མ་སླེབས་པ་ལ་དམིགས་ནས་རླུང་ཐུན་རེ་མནན་པས་ལུས་ཀྱི་ནང་ཐམས་ཅད་གང་བར་བསམ་ཞིང་བསྒོམ་པ་ལན་གསུམ་བྱ། རླུང་བཏང་བའི་དུས་སུ་མིའི་ས་བོན་ལ་ཚུར་འདུས་པར་བསམ། ཐུན་འཇོག་ཁར་ཡང་ལུས་ཀྱི་ནང་ཐམས་ཅད་མེས་གོང་བར་བསམ་པ་ལན་གསུམ་བྱ། དེ་མིན་ཚེ་མེའི་ས་བོན་སྙིང་གར་ཅུང་མ་སླེབས་པ་ལ་དམིགས་པར་བྱ། རེས་མེ་ཟངས་མའི་མོ་ཁབ་ཙམ་ལ་དམིགས་ལ་བསྒོམ། རེས་མཁལ་མ་གཉིས་ཀྱི་རམ་ལ་དམིགས་ལ་གོང་བཞིན་བསྒོམ་མོ། །འོད་གསལ་ལ་རང་གི་སྙིང་གའི་པདྨ་འདབ་མ་བཞི་པའི་ནུབ་ཀྱི་ཏ་དམར་པོ་ལ་དམིགས་པ་གོང་བཞིན་བྱའོ། །འདིའི་དུས་སུ་སྟོད་ན་བའམ། གྲོག་མ་འགྲོ་བ་འདྲ་བ་བྱུང་ན་རང་གི་ཁ་རྒྱབ་ཏུ་བསྟན་ཞིང་བསྒོམས་པས་ཆོག་གོ །གཏུམ་མོ་ལ་སྔོན་འགྲོ་ཐམས་ཅད་གོང་ལྟར་བྱས་ལ་སྔར་གྱི་རང་གི་ལྟེ་བ་ནས་སོར་དྲུག་གིས་མཐོ་བ་ན་ཡར་ལ་འབར་བའི་མེ་དེས། རང་གི་སྙིང་ག་ན་ཡར་སླེབས་པར་འབར་བར་བསམ་ཞིང་། སྤྲོ་བསྡུ་དང་ཐུན་གྲངས་གང་


LT19_Page_008A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའོ། །འོད་གསལ་ལ། རང་གི་སྙིང་གའི་པདྨ་འདབ་མ་བཞི་པའི་གཡོན་ཕྱོགས་གྱི་འདབ་མའི་སྟེང་དུ་ར་ལྗང་གུ་བསམ་ལ། ཤེས་པ་གཏད་ལ་འདུན་པ་མི་སྦ་བ་ཡིན་པས་གོང་བཞིན་བྱ། གཉིད་ཁར་འདུན་པ་བརྗེད་ན་ཉིན་པར་དོ་ནུབ་ནི་ཅིས་ཀྱང་འདུན་པ་མི་བརྗེད་པར་བྱའོ་སྙམ་པའི་འདུན་པ་བྱ། གཏུམ་མོའི་སྤྲོ་བསྡུ་དང་ས་བོན་སྔོན་འགྲོ་ཐམས་ཅད་གོང་དང་འདྲ། སྙིང་ག་བས་སོར་དྲུག་ཙམ་ན་ཡར་འབར་བར་བསམ། འོད་གསལ་ལ་གཞན་ཐམས་ཅད་གོང་དང་འདྲ། རྟོག་བ་སྣ་ཚོགས་འཕྲོ་བའི་དུས་སུ་རང་གི་སྙིང་གའི་པདྨའི་སྟེང་གི་ཤར་ཕྱོགས་ཀྱི་ཨ་དང་བླ་མ་ལ་ཤེས་པ་གཏད། སང་དང་གནང་ཀྱི་རྟོག་པ་ཡོད་པའི་དུས་སུ་ནུ་ལ་ཤེས་པ་གཏད། སྔས་བདེ་མི་བདེ་ཙམ་དྲན་པའི་དུས་སུ་ཏ་ལ་ཤེས་པ་གཏད། ཕྱིའི་སྣང་བ་འགགས། ནང་གི་ཤེས་པ་མ་འགགས་ཙམ་པའི་དུས་སུ་ར་ལ་གཏད། གཉིད་དུ་འགྲོ་བདེ་བའི་དུས་སུ་དབུས་ཀྱི་ཧཱུྃ་སྔོན་པོ་ལ་ཤེས་པ་གཏད་ལ་ཅོག་གིས་གཉིད། ཐམས་ཅད་ལ་གཞན་གོང་དང་འདྲ་འདི་ལ་འདུན་པ་དེ་གཉིས་གཉིས་བྱའོ། བླ་མ་རིན་པོ་ཆེའི་འོད་གསལ་གྱི་ཁྲིད་རྫོགས་སོ། །གཏུམ་མོའི་སྤྲོ་བསྡུ་ལ་སོགས་པ་གོང་དང་འདྲ། མེ་སྙིང་ག་བས་སོར་དྲུག་ཙམ་ན་ཡར་འབར་བ་དེ། རླུང་མནན་པ་ཙམ་གྱིས་རང་གི་མགྲིན་པ་བས་ཀྱང་སོར་གཉིས་ཙམ་ན་ཡར་འབར་བར་བསམ། བར་དོའི་ཁྲིད་དང་པོ་ལ་ད་ལྟའི་རང་གི་ཤེས་པ་ལ་བལྟས་ལ། ད་ལྟ་རང་གི་ཤེས་པ་འདི་སྤྲོས་པ་མཐའ་དག་དང་བྲལ་བར་འདུག །རྨི་ལམ་གྱི་ཤེས་པ་རང་དང་འདྲ་བར་སྤྲོས་པ་མཐའ་དག་དང་བྲལ་བར་འདུག །སྲིད་པ་བར་དོའི་ཤེས་པ་ཡང་འདི་གཉིས་རང་དང་འདྲ། སྤྲོས་བ་མཐའ་དག་དང་བྲལ་བར་འདུག་ཨང་སྙམ་པ་ཉིན་མཚན་ལ་ཁྱད་པར་མེད་པར་རྣམས་དྲན་པའི་དུས་སུ་འདུན་པ་བདུན་བདུན་ཙམ་རེ་བྱའོ། དེ་ཡང་བླ་མ་རས་ཆུང་པའི་ཞལ་ནས། ཚེ་འདི་དང་ཕྱི་མ་བར་དོ་གསུམ། མཉམ་པ་ཉིད་དུ་བསྒོམས་བསྒོམས་ནས། འཆི་བའི་འཇིགས་པ་བརྗེད་དེ་ཐལ། གསུངས་པའང་འདི་ལ་ཟེར་བ་ཡིན་


LT19_Page_008B
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། གཏུམ་མོའི་གཞན་ཐམས་ཅད་གོང་དང་འདྲ། དམིགས་པ་སྔར་གྱི་མེ་མགྲིན་པ་བས་སོར་གཉིས་ན་ཡར་འབར་བ་དེ། རླུང་ཐུན་གཅིག་མནན་པས་མགྲིན་པ་བས་སོར་བརྒྱད་ཙམ་ན་ཡར་འབར་བ་ལ་ཐུན་གཅིག་མེས་ལུས་གང་བ་ལ་ཐུན་གཅིག །ཕྱག་རྒྱ་ཆེན་པོ་ལ་དམིགས་ལ་ཐུན་གཅིག་བསྒོམ་པ་སྒ་ར་ར་བྱའོ། བར་དོའི་ཁྲིད་གཉིས་པ་ལ། ཕྱི་སྣོད་དང་ནང་བཅུད་ཀྱི་དངོས་པོ་ཐམས་ཅད་ཡི་དམ་གྱི་ལྷར་ཧྲམ་མེར་བཞུགས་པར་བསམ་ལ། ཐམས་ཅད་ཡི་དམ་གྱི་ལྷར་སྣང་བ་འདི་རྣམས་ཀྱང་རང་གི་སེམས་ཡིན། སེམས་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་ཨང་སྙམ་དུ་བསམ། ད་ལྟའི་སེམས་འདི་དང་། རྨི་ལམ་དང་སྲིད་པ་བར་དོའི་སེམས་གསུམ་ཀ་ཡང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་ཨང་སྙམ་པའི་འདུན་པ་ཉིན་མཚན་མེད། ནམ་དྲན་ནོ་ཅོག་འདུན་པ་བྱའོ། ཡང་རང་གི་མགྲིན་པ་བས་སོར་བརྒྱད་ཙམ་ན་ཡར་འབར་བ་དེས། ཡི་གེ་ཧཾ་ནི་སྟེར་བ་འདྲ། ཨ་ཝ་དྷཱུ་ཏི་འདོད་པ་འདྲ། ཞེས་པས་ཚངས་བུག་ན་མར་ལ། ཧཾ་བའི་ནུ་མ་བཞིན་དཀར་ཙ་རེ་ཡོད་པ་ལ་མེས་རེག་ཙམ་རེག་ཙམ་ཧཾ་ལས་བྱང་སེམས་ཕྲལ་ཙམ་ཕྲལ་ཙམ་བྱེད་པ་ལ་དམིགས་ཤིང་རླུང་གོང་བཞིན་མནན། བར་དོའི་ཁྲིད་གསུམ་པ་ལ། ཕྱིའི་དངོས་པོ་ཐམས་ཅད་བླ་མའི་སྐུ་རྡུལ་ཕྲ་རབ་ཏུ་སྤུང་ངེ་བཞུགས་པར་བསམ་ལ། བླ་མ་བཞུགས་པ་འདི་རྣམས་ཀྱང་རང་གི་སེམས་ཡིན། སེམས་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན་ཨང་རྨི་ལམ་གྱི་སེམས་ཀྱང་འདི་དང་འདྲ་བ་ཡིན། སྲིད་པ་བར་དོའི་སེམས་ཀྱང་འདི་དང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་འདུག་ཨང་སྙམ་དུ་བསམ་པ་གོང་བཞིན་བྱའོ། །གཏུམ་མོ་ལ་རླུང་མནན་པ་ཙམ་གྱིས་སྔར་གྱི་མེ་དེས་ཧཾ་ལ་རེག་རེག་བྱས་པ་ཙམ་གྱིས་ཧཾ་ལས་བྱང་ཆུབ་ཀྱི་སེམས་སྐུད་པ་དཀར་པོ་བརྐྱང་པ་བཞིན་སྐྱ་ནར་གྱིས་མར་བབས་པས་ལྟེ་བའི་མེ་ལ་ཐིམ་པར་བསམ། མེ་ཡང་ཧཾ་ལ་རིག་པར་བསམ་ཞིང་འདིའི་དུས་ཚོད་དུ་རང་གི་གསང་གནས་གཡས་གཡོན་དུ་མ་འཁྱོགས་པ་ཤིན་ཏུ་དྲངས་པ་གལ་ཆེ། དེ་ལྟར་བྱས་ན་རླུང་དབུ་མར་ཚུད་པ་ལ་ཚེགས་མེད་གསུངས་


LT19_Page_009A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀྱི་འབར་འཛག་ལ་དམིགས་ཤིང་བསྒོམ་པ་གོང་བཞིན་བྱའོ། །གཏུམ་མོ་འབར་འཛག་གི་ཁྲིད་རྫོགས་སོ། བར་དོའི་ཁྲིད་བཞི་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བུད་མེད་གཟུགས་དང་ལང་ཚོ་དང་ལྡན་པ། རང་གང་ལ་ཆགས་པ་ལྟ་བུར་བསམ་ལ། བུད་མེད་ལ་ཆགས་པས་ནི་ཁམས་གསུམ་འཁོར་བར་འཁྱམས་པ་ཡིན་པས། ད་ལྟ་ཡང་མི་ཆགས་པར་བྱ། སང་གནང་སྲིད་པ་བར་དོར་ཡང་དྲན་པར་བྱ་དགོས་སྙམ་དུ་བསམ། དེ་ནས་བུད་མེད་དུ་སྣང་བ་འདི་རྣམས་ཀྱང་རང་གི་སེམས་བུད་མེད་དུ་སྣང་བ་ཡིན། སེམས་ནི་སྤྲོས་པ་མཐའ་དག་དང་བྲལ་བ་ཡིན། རྨི་ལམ་གྱི་སེམས་དང་ད་ལྟའི་འདི་དང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་ཡིན། སང་གནང་སྲིད་པ་བར་དོའི་སེམས་ཀྱང་ད་ལྟའི་འདི་དང་འདྲ། སྤྲོས་པ་མཐའ་དག་དང་བྲལ་བ་ཡིན། དེ་ལྟར་དྲན་པ་བྱ་དགོས་སྙམ་པ་ནམ་དྲན་ནོ་ཅོག་གོང་བཞིན་དུ་འདུན་པ་བྱའོ། །བར་དོའི་ཁྲིད་རྫོགས་སོ། །འདི་པའི་ལུགས་ཀྱི་འཕོ་བ་ལ་ཁྲིད་མི་བྱེད། བར་དོའི་ཁྲིད་གོང་གི་དམིགས་བ་ཀུན་གྱིས་ཚར་པ་དེ་རང་ཡིན། གཏུམ་མོ་ལ་ཡང་ཨ་ཐུང་འབར་འཛག་བྱ་བའི་ཁྲིད་ཚར་བ་དེ་རང་ཡིན། ཡང་ཨ་ཐུང་ལ་འདོད་ལུགས་མང་། བླ་མ་རིན་པོ་ཆེ་བ་དང་འགལ་ལྟེ་བའི་ཨ་ལས་མེ་འབར་བ་ལ་བྱེད། འགས་འདོམས་ཀྱི་གྲུ་གསུམ་མེའི་རང་བཞིན་ལའང་ཨ་ཐུང་ཟེར་བ་ལ་སོགས་པ་ཨ་ཐུང་ལ་འདོད་ལུགས་ཀྱང་མང་ལ། དེ་རེ་རེ་ལའང་རྩ་དབུ་མ་ཟུག་པའི་འདོད་ལུགས། ལུས་ཀྱི་འཕྲུལ་འཁོར་གྱི་གནད་མི་འདྲ་བའི་འདོད་ལུགས། ལར་མང་ཡང་། ཨ་ཐུང་འདིའི་དབང་དུ་བྱས་ན་གོང་གི་གང་དང་ཡང་མི་འདྲ་བའི་གནད་ལ། དང་པོ་རྩའི་གནས་ལུགས་གོང་ལྟར་ཅོག་པུར་བྱས་ནས། རྩ་དབུ་མའི་ཡར་རྩེ་ཚངས་བུག་ཏུ་ཟུག །མར་རྩེ་ལྟེ་བའི་འོག་སོར་བཞིའི་ས་ན་ཉའི་ཁ་བཞིན་ཡོད་པ་ལ། གཡས་གཡོན་གཉིས་ཀྱི་ཡང་རྩེ་ཚངས་བུག་ཏུ་དབུ་མའི་ནང་


LT19_Page_009B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟུག །ཡང་གྱེས་པས་མགྲིན་པར་དབུ་མ་ལ་ཟུག །ཡང་གྱེས་སྙིང་གར་དབུ་མ་ལ་ཟུག །ཡང་གྱེས་ལྟེ་བར་དབུ་མ་ལ་ཟུག །ཡང་གྱེས་ནས་འདི་བའི་འདོད་ལུགས་ཀྱིས་ལྟེ་འོག་སོར་གསུམ་ཙམ་རྩ་དབུ་མའི་སེ་མོ་བས་སོར་གཅིག་གིས་མཐོ་བར་ཟུག་ནས་ཡོད་པའི་ལྟེ་འོག་སོར་གཉིས་ཙམ་པས་ཡང་མཐོ་བ་ནས་ལྟེ་བར་མནན་ཡང་གནད་ཆུང་། མར་སྣ་ནས་དབུ་མའི་རྩེ་མོ་མནན་ཡང་དབུ་མའི་ཁ་དབྱེ་དཀའ་གནད་ཆུང་བས་དབུ་མའི་རྩེ་ལྟག་ལྟེ་བའི་འོག་ཏུ་མཉམ་བཞག་གི་ཕྱག་རྒྱའི་མཐེའུ་ཆུང་གཉིས་ཀྱི་རུས་མདུད་གཉིས་སྟབས་གཅིག་འོང་བ་དེས་མནན་ནས། དབུ་མ་ཉའི་ཁ་འདྲ་བར་ཡོད་བ་དེའི་ལྟག་པར་མནན་པས་ཁ་དྭངས་ཀྱིས་བྱེ་ནས་འོང་། དེ་ནི་རྩའི་གནད་དོ། །ཨ་ཐུང་ནི་དབུ་མའི་སྣེ་མོ་ནས་ལྟེ་བར་སླེབས་པ་ཙམ་གྱིས་ཟངས་ལྕགས་བསྲེགས་པ་འདྲ་བའི་དམར་ཙེ་རེ་བ་སོར་བཞི་པ། ཕྲ་སྦོམ་ཁབ་ཙམ་ཞིག་ལ་དམིགས་ལ། རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། མེ་ཁབ་ཙམ་དེ་ལས་གཞན་དང་འདྲ་བའི་བསྐྱེད་བསྟུང་འབར་འཛག་གང་ཡང་མེད་དོ། །འདིའི་དམིགས་པ་དངོས་གཞི་ནི་མིན། བོགས་འདོན་ཡིན་པས་རྒྱབ་གྲང་བར་བྱུང་ན་སྔོན་འགྲོ་འཁྲུལ་འཁོར་ལ་སོགས་པ་ཐམས་ཅད་གོང་ལྟར་ལ། རང་གི་[3]བཅུ་དྲུག་མདོ་ནས་སྤྱི་བོ་ཚངས་པའི་བུ་གའི་བར་དུ་སྒལ་པའི་སྟེང་སྲོག་པ་རྩའི་ནང་ན་ཡར་ལ་རྩད་དབུ་མ་དྲང་སང་ངེ་ཡོད་པའི་མར་སྣའི་ནང་དུ་མེ་གྲུ་གསུམ་གཅིག་ཡོད་པར་བསམ་ལ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་མེ་གྲུ་གསུམ་ལས་མེ་གཅིག་ཁྱུག་གིས་ཡར་ཚངས་བུག་ནས། སྤྱི་བོ་ན་ཡར་འབར་བར་བསམ་ཞིང་བསྒོམ། འདི་ལ་དམིགས་པ་སྦོ་བ་ནི་མེད། རང་གིས་བསྒོམ་དུས་སུ་རྩ་དབུ་མ་དང་མི་ཆེ་ཆུང་ཡང་རང་གི་བློས་གང་ལྕོགས་ཀྱིས་ཆོགྨེའི་དམིགས་པ་གཏད་པ་ཡང་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་རང་གི་གང་བདེས་


LT19_Page_010A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །ཐུན་གྱི་རྗེས་ལ་མེ་ཡར་འབར་བ་དང་། ས་བོན་ལ་མར་བསྟིམ་པ་ཡང་མི་དགོས། སྒོམ་འཕྲོ་ལ་བཞག་པས་ཆོག །ཐུན་མགོ་ལ་གྲུ་གསུམ་ལས་མེ་འབར་བར་བསམ་ཞིང་། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། ནཱ་རོ་པའི་ཆོས་དྲུག །བླ་མ་རིན་པོ་ཆེའི་ལུགས་ལ་ཁྲིད་དགོས་དགོས་མ་ལུས་པ་རྫོགས་སོ། །།།། མཉམ་མེད་དམ་པ་རིན་པོ་ཆེའི་ཉམས་མྱོང་མན་ངག་སྨར་ཁྲིད་རྣམས། བན་དེ་བཀྲ་ཤིས་དཔལ་ཉིད་ཀྱིས། །ཡི་གེར་གསལ་བ་བྱས་པ་ལ། །བླ་མ་མཁའ་འགྲོ་མ་ལུས་པ། །མི་མཉེས་ནོངས་པ་བཟོད་པར་གསོལ། །ཉམས་ལེན་མན་ངག་སྨར་ཁྲིད་འདིས། །འགྲོ་བ་རྣམས་ལ་ཕན་ཐོགས་ཤོག །ཤུ་བྷཾ།

གདམས་ངག་མཛོད་པོད་བཅུ་པ།
ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག


LT19_Page_011A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག་བཞུགས་སོ། །


LT19_Page_011B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པའི་ཐུགས་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ངོ་སྤྲོད་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཉིས་པ་བླ་མའི་རྣལ་འབྱོར་བསྒོམ། གསུམ་པ་ཡི་དམ་ལྷ་ཡི་ང་རྒྱལ་བསྒོམ། བཞི་པ་སེམས་ཉིད་སངས་རྒྱས་སུ་ངོ་སྤྲོད། ལྔ་པ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། བྱམས་སྙིང་རྗེ་དྲག་པོས་སྨོན་འཇུག་གཉིས་ཀྱི་བྱང་སེམས་སྙིང་ཐག་པ་ནས་ལན་གསུམ་གྱི་བར་དུ་བསྒོམ་མོ། །གཉིས་པ་ནི། ཉིན་སྤྱི་བོ་དང་། མཚན་མོ་སྙིང་གར་སེང་ཁྲི་པད་ཟླ་གསུམ་བརྩེགས་ཀྱི་གདན་ལ་རང་གི་རྩ་བའི་བླ་མ་མཉམ་བཞག་གི་ཕྱག་རྒྱ་ཅན་གསལ་བར་བསྒོམས་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། གསོལ་བ་དྲག་ཏུ་གདབ་བོ། །གསུམ་པ་ནི། རང་གི་ལུས་རྩ་བའི་དཀྱིལ་འཁོར་ཡི་དམ་ལྷའི་ང་རྒྱལ་བསྐྱེད། བཟླས་པ་བརྒྱ་རྩ་བརྒྱད་ཙམ་བྱའོ། །བཞི་པ་ནི། མ་བཅོས་གཉུག་མར་ངོ་སྤྲད་པ་དང་། རྣམ་རྟོག་འོད་གསལ་དུ་ངོ་སྤྲད་པ་གཉིས་ལས། དང་པོ་ནི། བསམ་གཏན་གྱི་ཕྱག་རྒྱ་བཅས་ལ་རང་སེམས་འདི་བཅས་བཅོས་མི་བྱ་བར་ལྷོད་ཀྱིས་གློད། ལྷན་གྱིས་བཞག །ཕྱམས་ཀྱིས་བཏང་ངོ་། ཤོར་ས་བཞི་དང་། གོལ་བ་གསུམ་གྱི་བར་ཆད་བསལ། བྱིང་རྒོད་བློས་བྱས་གསུམ་གྱི་གེགས་བསལ་ལོ། །གཉིས་པ་ནི། དེའི་ངང་ལས་རྣམ་རྟོག་གང་བྱུང་ཡང་། བྱུང་བ་དེ་ཉིད་ལ་ཅེར་གྱིས་བལྟས་པས་བལྟ་རྒྱུ་མེད་དེ་རང་གྲོལ་དུ་འགྱུར་བས་རྟོག་པ་དེ་ཉིད་ཡུལ་སྣ་ཚོགས་ཀྱི་རྐྱེན་གྱིས་སྣང་བར་ཤར་དུ་བཅུག་པ་ནི། གཟུགས་སྒྲའི་རྐྱེན་གྱིས་ཡེ་ཤེས་རང་སད་པ་བྱ་བ་ཡིན། ཅེར་གྱིས་བལྟས་པས་བལྟ་རྒྱུ་མ་རྙེད་པ་ནི། ཡེ་ཤེས་ལ་ཡེ་ཤེས་སུ་རང་ངོ་རང་གིས་ཤེས་པར་བྱ་བ་ཡིན་ནོ། །


LT19_Page_012A
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ནི། སྔོན་འགྲོ་གསུམ་པོ་བསོད་ནམས་ཀྱི་ཚོགས་སོ། །བཞི་པ་དངོས་གཞི་ཡེ་ཤེས་ཀྱི་ཚོགས་ཡིན་པས་ཚོགས་གཉིས་ལས་འབྲས་བུ་སངས་པ་དང་རྒྱས་པ་གཉིས་འབྱུང་བས་ཇི་ལྟར་འབྱུང་བ་བཞིན་དུ་བསྔོ་སྟེ། །བདག་གི་དགེ་བའི་རྩ་བ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །རྗེ་བཙུན་དྭགས་པོ་རིན་པོ་ཆེའི་ཞལ་གདམས་རྫོགས་སོ། །ཞེས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་གསུང་རབ་མན་ངག་བརྒྱ་རྩ་ལས་བྱུང་བའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག


LT19_Page_013A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག་བཞུགས་སོ།། །།


LT19_Page_013B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ན་རོ་པའི་གདམས་ངག་སྙན་ནས་སྙན་དུ་བརྒྱུད་པ། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་། གདམས་པ་དངོས་པོ། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སྡུད་པ་པོས་བཅུའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་བཤད། དེས་རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ་ལ་བཤད། དེས་རྗེ་བཙུན་ནཱ་རོ་པ་ལ་བཤད། དེས་རྗེ་བཙུན་ལྷོ་གྲག་པ་ལ། དེས་རྗེ་བཙུན་མི་ལ་རས་པ་ལ། དེས་རྗེ་སྒམ་པོ་པ་ལ། དེས་རྗེ་ཕག་མོ་གྲུ་པ་ལ། དེས་རྒྱལ་ཚབ་རིན་པོ་ཆེ་ལ། དེས་ཀུན་ལྡན་རས་པ་ལ། དེས་གནུབས་ཚུལ་ཁྲིམས་ཤེས་རབ་ལའོ། །གཉིས་པ་གདམས་པ་དངོས་ནི། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཟེར་ཡང་། ཚིག་འབྲུ་བཞི་སྟེ་སེམས་ཀྱི་གཞི་རྩ་བཅད་པ་དང་། སེམས་ཀྱི་བཞག་ཐབས་བསྟན་[1]པ་དང་། སེམས་ཀྱི་གོལ་ས་བཅད་པ་དང་། སེམས་ཀྱི་ལམ་ཁྱེར་བསྟན་པ་དང་བཞིའོ། །དང་པོ་ནི། སེམས་ཉིད་འདི་ག་ནས་བྱུང་། བར་དུ་གང་ན་གནས། ཐ་


LT19_Page_014A
[མ་དཔེ་གཟིགས་ན་འདིར་གནོན།]

མ་གང་དུ་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ། རྒྱུ་དང་རྐྱེན་ལས་མ་བྱུང་བས། ཡེ་སྟོང་རྩ་བྲལ་གཅིག་ཏུ་འདུག །བར་དུ་གནས་པ་མེད་དེ། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས། འགྱུ་བ་སྟོང་རྒྱུ། སྣང་བ་སྟོང་སྣང་དུ་འདུག །ཐ་མར་འགྲོ་ས་མེད་དེ། འདིར་སོང་རྗེས་མེད་པས་འགྱུ་བ་རང་གྲོལ་རང་སངས་ཞིག་འདུག །དེས་ན་སེམས་ཉིད་འདི་དང་པོ་རྒྱུ་ས་མ་བསྐྱེད་པས། ཐ་མ་རྐྱེན་གྱིས་མི་འཇིག །དུས་གློ་བུར་དུ་མ་བྱུང་བས་གང་སྟོངས་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས། འདིས་མཚན་དུ་མེད་པ་ཅིས་ཀྱང་མ་འགག་ཅིར་ཡང་མ་གྲུབ་པས་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས། དུས་གསུམ་འཕོ་འགྱུར་མེད་པས་སྐྱེ་ཤི་ལ་གསལ་འགྲིབ་མེད། རང་བཞིན་ཡེ་ནས་དག་པས་འཁོར་བའི་སྐྱོན་གྱིས་མ་གོས་པ་ཡིན་ཏེ། སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་གསུངས། གཉིས་པ་བཞག་ཐབས་བསྟན་པ་ནི། དེ་ལ་རྟག་ཏུ་བློ་མི་གནས་པར་བྱ་བའི་


LT19_Page_014B
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་དྲུག་སྟེ། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ། མ་བཅོས་གཉུག་མའི་ངང་ལ་རྩོལ་སྒྲུབ་མེད་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་གཡོ་འགུལ་མེད་པར་བཞག །ཉི་མ་སྤྲིན་དང་བྲལ་བ་བཞིན་དུ། ཀུན་གསལ་མདངས་དང་ལྡན་པར་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ། གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་བཞག །ཆུའི་རྦ་རླབས་བཞིན་དུ། བྱུང་ཚོར་ཐམས་ཅད་ཤེས་པར་བྱས་ལ་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ། རིག་པ་རྗེས་མེད་དུ་བཞག་གོ །གསུམ་པ་སེམས་ཀྱི་གོལ་ས་གཅོད་པ་ལ་གསུམ་སྟེ། ཡར་སངས་རྒྱས་ལ་རེ་ན་གོལ་བས། སེམས་ལས་མ་གཏོགས་པའི་སངས་རྒྱས་གཅིག་ལོགས་ན་མེད་པར་བློ་ཐག་བཅད། མར་འཁོར་བ་ལ་དགོས་ན་གོལ་བས། རང་རྟོག་འཁྲུལ་པ་མ་གཏོགས་པའི་སེམས་ཅན་ལོགས་ན་མེད་པར་བློ་ཐག་བཅད། བར་གྱི་སྣང་བ་ལ་ཞེན་ན་གོལ་བས། ཅིར་སྣང་ཐམས་ཅད་རྨི་ལམ་སྒྱུ་མར་བློ་ཐག་བཅད། ནང་གི་ཉམས་ལ་ཞེན་ན་གོལ་བས། ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས། རྣམ་རྟོག་མ་ཟད་བར་དུ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་ཁོ་ཐག་བཅད་དོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ནི། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དྲུག་སྟེ། ཉིན་མོ་སྣང་བ་རྒྱས་གདབ་པའི་རྣལ་འབྱོར་དང་། ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར་དང་། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར་དང་། ནམ་གུང་ཤེས་བྱ་བུམ་པར་གཞུག་པའི་རྣལ་འབྱོར་དང་། ཐོ་རངས་རིག་པ་གསལ་ཆ་གདབ་པའི་རྣལ་འབྱོར་དང་། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་གཏོང་བའི་རྣལ་འབྱོར་རོ། །ཉིན་མོ་སྣང་བ་རྒྱས་གདབ་པའི་རྣལ་འབྱོར་ནི། འདི་ལྟར་གྱི་སྣང་བ་ཐམས་ཅད་སེམས་འཁྲུལ་པར་རྒྱས་


LT19_Page_015A
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། འཁྲུལ་པ་རང་བཞིན་མེད་པས་རྨི་ལམ་སྒྱུ་མར་རྒྱས་གདབ། སྒྱུ་མ་ལ་ངོས་བཟུང་མེད་པས་སྟོང་པར་རྒྱས་གདབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར་ནི། རང་ཅི་ཟ་ཅི་འཐུང་ཐམས་ཅད་སྟོང་པ་ལ་སྟོང་པར་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད། བླ་མ་ཡི་དམ་གྱི་ལྷ་ལ་མཆོད་པའི་བསམ་པས་རོལ་ཞིང་ལོངས་སྤྱད། སྲོད་ལ་དབང་པོ་བཞི་ལ་བསྡུ་བའི་རྣལ་འབྱོར་ནི། ཉིན་མོའི་རྣམ་རྟོག་འཁྲུལ་པའི་དྲན་པ་གང་ཤར་ལ་ཅེར་ཅེར་བལྟའོ། །ནམ་གུང་ཤེས་བྱ་བུམ་པར་གཞུག་པའི་རྣལ་འབྱོར་ནི། སྙིང་ག་དཀྱིལ་དུ་བླ་མ་བསྒོམ། རྟོག་པའི་གཞི་ཆོས་ཉིད་ཀྱི་ངང་དུ་བསྡུའོ། །ཉིན་མོ་སྤྱི་གཙུག་ཏུ་བསྒོམས་ལ་དེ་ལ་ཤེས་པ་གཏད་ནས་གཉིད་ལོག་པས་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། ཆོས་སྤྱི་དང་རང་གི་སེམས་ཉིད་ལ་གཞིག་འགྲེལ་བཏང་ཞིང་། ཁྱད་པར་དུ་བླ་མའི་མན་ངག་ཟབ་མོས་རིག་པ་ཉམས་ཀྱི་གསལ་གདབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་ནི། རྣལ་འབྱོར་པ་འཆི་ཁའི་ཚེ། རྣལ་འབྱོར་པས་དངོས་པོའི་ཆོས་ཐམས་ཅད་ཀྱི་ཆགས་ཞེན་རྦད་ཀྱིས་བཅད་ལ། དོན་ལ་སེམས་ལ་སྐྱེ་འཆི་མེད་པ། ཕྱག་རྒྱ་ཆེན་པོ་ལ་བསྒོམ་རྒྱུ་མེད་པར་ཁོ་ཐག་བཅད་དོ། །མ་ཡེངས་པར་བཞག་པས་སེམས་ཟང་ཐལ་དུ་སོང་ནས་བར་དོ་མེད་པར་སངས་རྒྱའོ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་རྫོགས་སོ། །ཞེས་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་གནུབས་བྱམས་པའི་དཔལ་གྱི་གསུང་རབ་མན་ངག་བརྒྱ་རྩ་ལས་བྱུང་བའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
སྔོན་འགྲོའི་ཟིན་བྲིས།


LT19_Page_016A
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་ཟིན་བྲིས་བཞུགས་སོ།། །།


LT19_Page_016B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་ལ། དལ་འབྱོར་རྙེད་པ་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་བཞི་ལས། དང་པོ་ལ་དལ་འབྱོར་རྙེད་པར་དཀའ་བ་ལ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས། གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པར་དཀའ་བ་བཞི་ལས། རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། རྒྱུ་ཚུལ་ཁྲིམས་བསྲུངས་པ་ལས། འབྲས་བུ་མི་ལུས་ཐོབ་པ་ཡིན་ལ་ཚུལ་ཁྲིམས་ནི་མི་དགེ་བ་བཅུ་འཁོར་བཅས་སྤོང་བའི་སེམས་པ་སྟེ། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ཅེས་གསུངས་སོ། །དེ་སྤོང་མཁན་ཆེས་ཉུང་བས་འབྲས་བུ་མི་ལུས་རྙེད་པར་དཀའ་བའོ། །དེ་ཡང་རྗེ་བཙུན་གྱིས། དལ་འབྱོར་མི་ལུས་མི་དཀོན་དུ། །ཚུལ་ཁྲིམས་སྲུང་བའི་མི་རེ་ཉུང་། ཞེས་གསུངས་སོ། །ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། དལ་བ་བརྒྱད་ཚང་བ་རྙེད་པར་དཀའ་སྟེ། མི་


LT19_Page_017A
[མ་དཔེ་གཟིགས་ན་འདིར་གནོན།]

ཁོམས་པའི་གནས་བརྒྱད་དུ་སྐྱེ་བ་ཆེས་སླ་བས་སོ། །དེ་ཡང་མི་ཁོམས་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། ཅེས་པའི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་སྡུག་བསྔལ་གྱིས་མནར་བ་དང་། ཀླ་ཀློ་སྟེ་གྲུབ་མཐའི་དབང་དུ་བྱས་པ་སྟག་གཟིག་པ་ལ་སོགས་པ་དང་། ཡུལ་གྱི་དབང་དུ་བྱས་པ་མཐའ་འཁོབ་པ་རྣམས་ནི་མིའི་གཟུགས་སུ་སྣང་ཡང་། དུད་འགྲོ་ལྟར་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པ་དང་། ལྷ་ནི་བག་མེད་པས་དང་། ལོག་པར་ལྟ་བ་ནི་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པས་དང་། སངས་རྒྱས་ཀྱིས་སྟོངས་པའི་འཇིག་རྟེན་ནི་མུན་པའི་བསྐལ་པ་དང་། གླིང་བར་ལྟ་བུར་སྐྱེས་པ་སྟོན་པའི་སྣང་བ་མེད་པ་དང་། ལྐུགས་པ་ནི་ཡིད་ཀྱི་དབང་པོ་མ་ཚང་བ་ལེགས་ཉེས་མི་ཤེས་པས་དམ་པའི་ཆོས་ཉན་པར་མི་ཁོམས་པ་ཞེས་བྱའོ། །འབྱོར་པ་དང་ལྡན་པ་རྙེད་པར་དཀའ་སྟེ། ཡུལ་གྱི་དབུས་སུ་མིར་སྐྱེས་ཤིང་། །དབང་པོ་


LT19_Page_017B
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཞིང་ཆོས་ལ་དད། །ལས་མཐའ་མ་ལོག་མཐའ་རུ་ཕྱིན། །འདི་ལྔ་རང་གི་འབྱོར་པ་ཡིན། ཡུལ་གྱི་དབུས་སས་བརྩིས་པ་རྒྱ་གར་རྡོ་རྗེ་གདན་ལ་སོགས་པའི་ཡུལ། ཆོས་ཀྱིས་བརྩིས་པ་སྟོན་པའི་བསྟན་པ་རྣམ་པར་དག་པ་གང་དུ་ཡོད་པ། འདི་དང་ཕྱི་མར་མིར་སྐྱེས་པ། དབང་པོ་སྒོ་དྲུག་ཚང་བ། ཆོས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པ་ནི་མཚམས་མེད་པ་ལྔ་གང་ཡང་རུང་བ་མ་བྱས་པ་དང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་གྱི་ཕྱིར་ན་དེ་སྙིང་རྗེ་བ། །འདི་ལྔ་གཞན་གྱི་འབྱོར་པ་ཡིན། །སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པ་ལ་ཞུགས་པ། ཆོས་བྱེད་པའི་མཐུན་རྐྱེན་ཚོགས་པ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མི་ལུས་ལ། རྙེད་པར་དཀའ་བ་སོགས་ཡོན་ཏན་དྲུག་ཆོས་མཐུན་དུ་ཡོད་པས་རིན་པོ་ཆེ་ཞེས་བྱའོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་མ་བྱས་པ་མེད་ལ། དེ་རེ་རེས་མ་བྱས་པའི་གྲངས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། རིལ་བུར་བྱས་ཀྱང་ས་ཡིས་ལངས་མི་འགྱུར། ཞེས་གསུངས་སོ། །དེ་ལྟ་བུའི་ལུས་ཇི་སྙེད་ཅིག་བླངས་ཀྱང་དལ་འབྱོར་གྱི་མི་ལུས་ཐོབ་པ་ད་རེས་ཙམ། ད་ལན་འདིས་གཏན་གྱི་དོན་མ་གྲུབ་ན། ད་དུང་ལུས་ཅི་ཙམ་ཞིག་ལེན་བར་བྱེད་ཀྱང་། དལ་འབྱོར་གྱི་ལུས་ནི་དེ་དག་ཏུ་ཤིན་ཏུ་རྙེད་པར་དཀའ་བ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་གལ་འགྱུར། ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་


LT19_Page_018A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་འདིར་གཉིད་མ་ལོག །ཅེས་གསུངས་སོ།། །།གྲངས་ཀྱི་སྒོ་ནས་རྙེད་དཀའ་བ་ནི། ངན་སོང་གསུམ་དུ་སྐྱེས་པ་ཆེས་མང་ཞིང་། མཐོ་རིས་སུ་སྐྱེས་པ་ནི་ཉུང་། དེའི་ནང་ནས་ཀྱང་དལ་འབྱོར་ཀྱི་མི་ལུས་ནི་ཤིན་ཏུ་ཉུང་བས། རྗེ་བཙུན་གྱིས། དལ་འབྱོར་མི་ལུས་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། ཅེས་ཁྱིར་བར་གསུངས་པ་བཞིན་ནོ། །དཔེར་བགྱིས་ན། ཐང་ལག་མཐིལ་ཙམ་ན་སྲོག་ཆགས་གྲོགས་སྦུར་ཇི་སྙེད་ཡོད་ལ། གྲོག་མའི་ཚང་རེ་རེ་ལ་ཡང་བགྲང་དུ་མེད་པ་ཙམ་ཡོད་ན། དུང་པ་གང་གི་མི་ལ་དེ་ལྟར་མིན་པས་ཤེས་པར་བྱའོ། །དེ་ཡང་མདོ་ལས། ས་རྡོ་རི་ཀླུང་ཐམས་ཅད་དུད་འགྲོས་ཁེངས་གྱུར་ན། །ངན་འགྲོ་གཞན་གྱི་ཚད་ནི་སུ་ཡིས་ཤེས། ཞེས་སོ། །དཔེའི་སྒོ་ནས་རྙེད་དཀའ་བ་ནི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་།བུ་གར་རུས་སྦལ་མགྲིན་ཚུད་ལྟར། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། མངལ་འཇུག་ལས། ཁབ་མིག་ནམ་མཁའ་ལ་ཕྱར་ནས་ཡུངས་ཀར་སྤར་མོ་གང་གཏོར་ན་ཁབ་མིག་གི་ནང་དུ་ཡུངས་ཀར་ཚུད་པ་ནི་སྲིད་ལ། མི་ཡི་ལུས་ནི་ཤིན་ཏུ་རྙེད་པར་དཀའོ། །ཞེས་གསུངས་སོ། །དེ་ལྟར་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་ནས་ཆོས་མ་བྱས་ན་རང་གིས་རང་བསླུས་པ་ཡིན་པས་སྙིང་ཐག་པ་ནས་དམ་པའི་ཆོས་བྱའོ། །དེ་ཡང་། ཆོས་རྗེས། མི་ལུས་ཐོབ་ནས་ཆོས་མེད་པོ། །གསེར་གླིང་ཕྱིན་ནས་སྟོང་ལོག་མཁན། །ངང་ངན་སོང་ལྷུང་ན་མི་འགྱོད་དམ། །མི་དད་མེད་རྣམས་ལ་འཕྲིན་དེ་སྐྱོལ། ཞེས་གསུངས་སོ།། །།གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ལ། སྐྱེས་ཀྱི་རྟིང་ལ་ངེས་པར་འཆི་བ། །ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་


LT19_Page_018B
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྟན་པ། ཅིས་ཀྱང་མི་སྟོངས་པར་འཆི་བ་བསམ་པའོ། །སྐྱེས་ཀྱི་རྟིང་ལ་ངེས་པར་འཆི་བ་བསམ་པ་ནི། སྐྱེས་ནས་སྐད་ཅིག་ཀྱང་སྡོད་ལོང་མེད་པར་འཆི་བདག་གི་མདུན་དུ་རྒྱུག་པ་སྟེ། དམ་པས། སྐྱེས་པའི་ནང་པར་འཆི་བའི་བྱ་བྱུང་བས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། ཞེས་གསུངས་སོ། །དཔེར་ན་གསོད་སར་ཁྲིད་པའི་དུད་འགྲོ་གོམ་པ་རེ་རེ་དོར་གྱིན་འཆི་བ་ལ་ཉེར་འགྲོ་བ་བཞིན་ནོ། །རྗེ་བཙུན་གྱིས། ཚེ་འདི་མི་རྟག་ཉི་རྒས་གྲིབ་སོ་འདྲ། །ཕར་ཕར་ཕྱིན་ཀྱང་ཚུར་ཚུར་འོང་། །བྲོས་པས་ཐར་བ་ངས་མ་མཐོང་། །ལོ་དང་ཟླ་བའི་ཆར་པས་བརྡུང་། །ཞག་དང་ཟ་མའི་ཐིགས་པ་བབ། །སྒྱུ་ལུས་ཀྱི་ཁང་པ་འགྱེལ་ལ་ཁད། །འཆི་བྲོད་ཀྱི་ཐིག་ཚགས་བྱེད་རེ་རན། ཞེས་གསུངས་སོ། །གཞན་ཡང་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་ཡིན་ཕན་ཆད་སྐད་ཅིག་མ་གཉིས་སུ་སྡོད་པའི་ལོང་མེད་པར་འཇིག་པས་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱའོ། །དཔའ་བོས། འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། ཞེས་གསུངས་སོ། །ནམ་འཆི་ཆ་མེད་བསམ་པ་ནི། ལུས་ཅན་རྣམས་ཀྱི་ཁྲོང་ན། འདི་སྔོན་ལ་འཆི། འདི་རྗེས་སུ་འཆི་ཞེས་རིས་སུ་བཅད་པ་ཅི་ཡང་མེད་ལ། མི་འཆི་ལ་རེ་བ་ཞིག་ཐོག་རྒྱབ་ཏུ་འཆི་ཡིས་འདུག་པ་ལྟར་རང་ལ་ཡང་འབྱུང་བས། རྗེ་བཙུན་གྱིས། ཁྱོད་གཞོན་པ་ཕོ་མོ་འཚོགས་ཙ་ན། །འཆི་བ་ཡོད་སྙམ་མི་གདའ་སྟེ། །འཆི་བ་ཐོག་བབས་ཀྱི་ཚུལ་དུ་ཡོང་གིན་གདའ། །ཞེས་སོ། །དེ་ཙམ་དུ་མ་ཟད་དོ་ནུབ་གློ་བུར་དུ་གཟའ་ལ་སོགས་པ་གདོན་ནམ། གཡང་ལ་ལྷུང་བའམ། གཏིབས་འོག་ཏུ་ཚུད་པའམ། ནད་ཀྱིས་སམ། མཚོན་གྱིས་འཆི་བར་མི་འགྱུར་བའི་གདིང་སུ་ལ་ཡང་མེད་ལ། དོ་ནུབ་མི་འཆི་བའི་ཐག་ཆོད་པ་མེད་པ་བཞིན་དུ་དེ་


LT19_Page_019A
[མ་དཔེ་གཟིགས་ན་འདིར་གནོན།]

རིང་འདི་བྱ། སང་འདི་བྱེད། ད་གཟོད་ལ་སོགས་པའི་བྱ་གཞག་གི་ཕྱི་ཚིས་དང་གསོག་འཇོག་སྒྲུབ་པ་ནི་རང་གིས་རང་བསླུས་པ་ཁོ་ནར་ཟད་དེ། རྒྱལ་སྲས་ཐོགས་མེད་པས། དེ་རིང་ཙམ་ཡང་མི་འཆིའི་གདིང་མེད་ལ། །རྟག་ཏུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །འཆི་ཀར་བྲང་ལག་འཐབ་མོ་འཆོར་ཉེན་གདའ། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས། ཞེས་དང་། སྤྱོད་འཇུག་ཏུ། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པའི་རིགས་མ་ཡིན། ཞེས་དང་། སློབ་སྤྲིང་ལས། འདི་ནི་སད་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོ་སེམས་པ་ན། གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བ་ཡི། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། ཞེས་གསུངས་སོ། །འཆི་བའི་རྐྱེན་མང་བར་བསྟན་པ་ནི། ལུས་ཅན་རྣམས་ཀྱི་ཚེ་གནོད་པ་འབའ་ཞིག་གི་ནང་དུ་གནས་པ་རླུང་གིས་བཏབ་པའི་ཆུའི་ལྦུ་བ་ལྟ་བུར་ད་ལྟ་མ་ཡལ་བར་འདུག་ཀྱང་། རིང་དུ་གནས་པར་བྱ་བའི་ནུས་པ་མེད་པས་ཡིད་བརྟན་དུ་རུང་བ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། ཞེས་གསུངས་ཤིང་། གཞན་ཡང་། སྐྱེས་པའི་ཐ་མ་ནི་འཆི། འདུས་པ་འབྲལ། བསགས་པ་འཛད། བརྩིགས་པ་འགྱེལ་བས་གང་ལ་ཡང་སྙིང་པོ་མེད་པར་བསམ་ཞིང་། ནད་དྲག་པོ་དབུགས་ཆད་ལ་ཁད་ཁད་པ་བྱུང་ཚེ། ནོར་གྱིས་བླུར་མེད། མཛངས་པ་དང་། གཟུགས་བྱད་མཛེས་པ་དང་། དཔའ་ཞིང་བརྟུལ་ཕོད་པ་དང་། མངའ་ཐང་དང་། ས་མཁར་དང་། གཉེན་གྱིས་


LT19_Page_019B
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བྱར་མེད་པར། གཅིག་པུར་ག་ཤེད་དུ་སྒྲེན་མོ་ལག་སྟོང་དུ་འགྲོ། བར་དོའི་འཇིགས་པ་ནི་དྲན། ཚེ་ཕྱི་མ་གར་འགྲོ་ནི་མེད། འདིར་མི་ཕན་པར་ན་པར་བཟུང་བས་ནི་ནོངས། །དུས་དེའི་ཚེ་ཆོས་མེད་བའི་འགྱོད་པ་དྲག་པོ། སྐྱིད་པའི་རྒྱལ་པོ་ནས་སྡུག་པའི་ཡ་གཤན་གྱི་པར་ཐམས་ཅད་ལ་འབྱུང་གི་འདུག་པ་ལ་བསམས་ཀྱང་། དམ་པའི་ཆོས་ལ་འབད་རིགས་ཏེ། །མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་བགྱིའི་སྦད་དུ་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པ་བཞིན་ནོ། ཅིས་ཀྱང་མི་སྟོང་པར་འཆི་བ་བསམ་པ་ནི། འཆི་བས་མི་ཚུགས་པའི་ས་ཕྱོགས་ནི་གང་དུའང་ཡོད་པ་མ་ཡིན་ཏེ། དཔའ་བོས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། ཡང་དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། ཅེས་གསུངས་ཤིང་། སྲ་བའི་ལྷུན་པོའང་ཐལ་བཅོམ་དུ་མ་ལུས་པར་འཇིག་ཅིང་། རྒྱ་མཚོ་ཆེན་པོ་ཟབ་པ་ཡང་སྐེམ་པར་འགྱུར་ན། ལུས་ཅན་གྱི་ལུས་ཉམས་ཆུང་བ་ཅིའི་ཕྱིར་མི་འཇིག་སྟེ། དེ་ཉིད་ཀྱིས་གང་དུ་ས་རྣམས་བསྲེགས་གྱུར་པས། །ལྷུན་པོ་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་བསྐམ་འགྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྨོས། ཞེས་སོ། །ད་དུང་མ་འཆི་བསམ་ན་ཅིའི་ཕྱིར་མི་འཆི་སྟེ། རང་གི་སྤྱི་བོའི་སྐྲ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལ་ཞིབ་མོར་བརྟགས་ན། ཅི་བས་ཉམ་ཐག་པ། ཉམ་ཆུང་བ། མི་གཙང་བ། རྟག་བའི་རང་བཞིན་ཅི་ཡང་མེད་པས། འདི་ལ་གཙང་བར་


LT19_Page_020A
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། རྟག་པར་བལྟས། བདག་ཏུ་ཞེན་པ་སྔོན་ཆད་རང་འཁྲུལ་པས་བསླུས་པ་འབའ་ཞིག་ཏུ་ཟད་ལ། སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུ་ཡང་ཞིག་ན། ངའི་ལུས་སྙིང་པོ་མེད་པ་འདི་ཅིའི་ཕྱིར་མི་འཇིག་ཅེས་བསམ་པར་བྱ་སྟེ། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་དག་སྨོས་ཅི་དགོས། ཞེས་གསུངས་སོ། །གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། བསམ་སྦྱོར་གཉིས་ཀ་དགེ་བས་བྱས་པ་གཅིག་ཏུ་དཀར་པའི་ལས། བསམ་སྦྱོར་གཉིས་ཀ་མི་དགེ་བ་གཅིག་ཏུ་གནག་པའི་ལས། བསམ་སྦྱོར་གང་རུང་གཅིག་དགེ་གཞན་མི་དགེ་ན་འདྲེས་པའི་ལས། དང་པོ་ལ་ནི་རྣམ་སྨིན་བདེ་བ་འབའ་ཞིག་པ་དང་། གཉིས་པ་ལ་ནི་རྣམ་སྨིན་སྡུག་བསྔལ་འབའ་ཞིག་པ་དང་། གསུམ་པ་ལ་ནི་བདེ་སྡུག་འདྲེས་པར་འབྱུང་ལ། དེ་ཡང་སྟོབས་ཆེ་བ་ཆོ་འདི་ལ་སྨིན་པ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་། སྐྱེ་བ་རྟིང་མར་འབྱུང་བ་ཕྱི་མར་མྱོང་བ། སྐྱེ་བ་མང་པོ་བརྒྱུད་ནས་སྨིན་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་པ་སྟེ། དེ་ལྟར་རང་གིས་བྱས་ཤིང་བསགས་པའི་ལས་ནི་རང་ཉིད་ཀྱི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་བས། སྡིག་ཏོ་མི་དགེ་པའི་ཕྱོགས་རྣམས་ནི་ཆུང་ངུ་ཡིན་ཡང་སྤང་ལ། དགེ་བའི་རྩ་བ་ནི་ཆུང་ངུ་ཆུང་ངུ་ཡིན་ཀྱང་བསྐྱེད་པར་བྱ་སྟེ། དུག་ཆུང་ངུས་མི་ཆེན་པོ་གསོད་པ་དང་། སྨན་ཆུང་དུས་ནད་ཆེན་པོ་འཇོམས་པའི་དཔེ་ཤེས་པར་བྱ་ཞིང་། ལུས་ཅན་རྣམས་ཀྱི་སྐྱིད་སྡུག་ལོགས་ཉེས་ཐམས་ཅད་བསམ་པའི་རྗེས་སུ་མི་འགྲོ། ལས་ཀྱི་རྗེས་སུ་འགྲོ་བས་སོ། །ཇོ་བོ་རྗེས། བསམས་ཚད་ཐོག་ཏུ་མི་ཁེལ། །ཕ་རོལ་ལས་ལས་གྲུབ་པས། །ལྷོད་ཀྱིས་གློད་ན་བདེའོ། །ཞེས་


LT19_Page_020B
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་ལས། ལས་ནི་གྲིབ་མ་བཞིན་དུ་ཕྱི་བཞིན་འབྲང་། །མི་ཚོ་ཕལ་ཆེར་སྡིག་པའི་ལས་ལ་ཟད། །ཕྱི་མའི་འགྲོ་ས་ངན་སོང་ཁོ་ན་ཡིན། ཞེས་དང་། ལས་བརྒྱ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་དང་། ཕན་པའི་འབྲས་བུ་བདེ་བ་ཆེ། །གནོད་བའི་འབྲས་བུ་སྡུག་བསྔལ་འབྱུང་། ཞེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་སོ།། །།བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལས་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། ཞེས་གསུངས་པ། སེམས་ཅན་དམྱལ་བ་ལ་ནི་ལས་ལས་སྐྱེས་པའི་གཤིན་རྗེས་འཇིགས་སུ་རུང་བའི་མཚོན་ཆས་ཡང་བཏགས་ཤིང་ཡང་སོས་པ་གང་སོས། ཐིག་ནག་པོ་བཏབ་ནས་དེ་སོག་ལེས་གཏུབ་པ་ཐིག་ནག །ལྕགས་ཀྱི་རི་ལུག་ལ་སོགས་པའི་གདེང་འདྲ་བའི་བར་དུ་འཐག་པ་བསྡུས་འཇོམས། གསལ་ཤིང་འབར་བ་རྩེ་མོ་གཅིག་པས་སྦྱི་བོ་ནས་ཐལ་བྱུང་དུ་འབུགས་པ་ངུ་འབོད། གསལ་ཤིང་རྩེ་མོ་གསུམ་པས་འབིགས་པ་ངུ་འབོད་ཆེན་པོ། ལུས་མེ་ལྕེའི་ཕྲེང་བས་སྲེག་པ་ཚ་བ། ཁྲོ་ཆུ་ཁོལ་མར་འཚོད་པ་རབ་ཏུ་ཚ་བ། ལུས་སྲེག་པ་དང་། ལྕགས་ཀྱི་གཟེར་བུས་གོ་མཚམས་མེད་པར་བསྡམས་པ་དང་། ལྕེ་ལ་རྨོན་དོར་ལྔ་བརྒྱས་རྨོད་པ་སོགས་སྡུག་བསྔལ་དྲག་པོས་མནར་བས་མནར་མེད་དེ། ཡུན། ཡང་སོས་ལ་སོགས་དྲུག་རིམ་བཞིན། །


LT19_Page_021A
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་ལྷའི་ཚེ་དང་མཉམ་པ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་སོ། །གཞན་ཡང་། ཆུ་བོ་རབ་མེད་དུ་ནུབ་པ་དང་། ལོ་མ་རལ་གྲིའི་ནགས་ཚལ་དང་། ཚེར་མ་རྣོན་པོའི་ཚལ་དང་། སླུ་གྲིས་གཏམས་པའི་སོ་དང་། རིམ་པ་མེད་པར་འགྲོ་བ་དང་། ལྕགས་ཀྱི་ཐོ་ལུམ་འབར་བ་ཟ་བ་དང་། ཁྲོ་ཆུ་འཐུང་བ་དང་། ས་གཞི་རབ་ཏུ་འབར་བར་འདུག་པ་དང་། ཡོངས་སུ་བསྒྱུར་ཞིང་འབྲོས་པ་དང་། བརྒྱལ་བ་དང་། སྨྲེ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཟུགས་དུ་མས་སྡུག་བསྔལ་བརྒྱ་ཕྲག་མང་པོ་མྱོང་ངོ་། །གྲང་བའི་དམྱལ་བ། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུ་ཏྤལ་ལྟར་གས་པ། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ། ཤིན་ཏུ་གྲང་བའི་སྡུག་བསྔལ་མི་བཟོད་པ་དང་། རལ་གྲི་རྣོན་པོ་ཐོགས་པའི་གཤིན་རྗེ་གཏུམ་པོས་བརྡེག་ཅིང་གཏུམས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡང་། ཏིལ་རྫོང་ནང་ནས་ལོ་བརྒྱ་བཞིན། །ཏིལ་རེ་ཕྱུང་ནས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་བསྒྱུར། ཞེས་པའི་བར་དུའོ། །གཞན་ཡང་། ཉི་ཚེ་བ་དང་ཉེ་འཁོར་བ་སྟེ་བཅོ་བརྒྱད་དོ། །ཡི་དྭགས་ནི། ལུས་མེ་འབར་བ། ནང་ཁྲོལ་གྱིས་སྟོངས་པའི་སྒལ་པ་རིའི་ཁྲོད་ལྟ་བུ། གཡོ་བ་དང་བྲལ་བ། ཁ་ཁབ་ཀྱི་མིག་ལྟར་ཕྲ་བ། སྐྲ་རྩུབ་ཅིང་གྱེན་དུ་བརྫེས་པ་དང་། ཁ་ཅིག་སྡོང་དུ་མ་མེས་རེག་དང་། །འགའ་ཞིག་ཕྱགས་ཤེལ་ལྟ་བུ་ལ་སོགས་པའི་གཟུགས་རྣམ་པ་སྣ་ཚོགས། །ཐས་སྐོམ་གྱི་མིང་ཙམ་ཡང་མི་ཐོས་པ་དང་། ངན་སྐྱུགས་ཟབ་དང་། ཟས་བློ་ཆུར་གྱུར་ནས་ལུས་སྲེག་པ་ལ་སོགས་པ་


LT19_Page_021B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚལ་དགུན་ནི་ཉི་མའང་གྲབ། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཆུ་ཀླུང་བསྐམ་པར་འགྱུར། ཞེས་དང་། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྗོངས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་དང་། ཚེ་ཚད་ནི། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། ཞེས་དང་། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། ཞེས་གསུངས་སོ། །དུད་འགྲོ་ནི་གླེན་ཞིང་རྨོངས་པ་དང་། གཅིག་ལ་གཅིག་ཟ་བ་དང་། གསོད་པ་དང་། བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་བགྲང་དུ་མེད་པ་སྟེ། ཁ་ཅིག་མུ་ཏིག་པལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་ལག་པ་རྡོག་པ་དང་། །ལྕགས་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། ཞེས་གསུངས་སོ། །མི་ལ་སྐྱེ་རྒ་ན་འཆི། ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཡོད་པ་དེ་རྣམས་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱའོ། །འགྱུར་བའི་སྡུག་བསྔལ་ནི་མཐོ་རིས་ཀྱི་བདེ་བ་ཐམས་ཅད་དེ་བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་སུ། །ལས་ཀྱི་དབར་གིས་སླར་ཡང་ས་སྟེངས་ལྷུང་། ཞེས་དང་། ཚངས་ཉིད་ཆགས་བྲལ་བདེ་བ་སྐྱེས་ནས་ཀྱང་། །ལས་ཀྱི་དབང་གིས་ཡང་བྲན་ཉིད་དུ་འགྱུར། ཞེས་གསུངས་པས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། །བྱིས་པ་ལག་མཐིལ་དང་འདྲ་བས་སྡུག་བསྔལ་དུ་མ་མཐོང་ལ་འཕགས་པ་མིག་དང་འདྲ་བས་སྡུག་བསྔལ་དུ་གཟིགས་པའོ། །དེ་ཡང་། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྦུཾ་མི་རྟོག །འཕགས་པ་མིག་དང་འདྲ་བ་


LT19_Page_022A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དེ་ཡིས་དེ་ཉིད་ཡིད་ཀྱང་འབྱུང་། ཞེས་དང་། རྣལ་འབྱོར་དབང་ཕྱུག་གིས། འཁོར་བ་སྐྱིད་མེད་ཀྱི་བཙོན་ར་ན། །སྐྱིད་དུ་རེ་ནས་སྡུག་བསྔལ་སྤྱོད། །ཡུན་རིང་གི་ནད་པ་གཅོང་ཅན་བཞིན། །བསྐྱངས་བསྐྱངས་ནས་འཆི་བ་ཡི་རེ་མུག །ཅེས་གསུངས་པ་བཞིན་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་ལ། གཏན་དུ་བདེ་བ་ནི་མྱ་ངན་ལས་འདས་པ་གཅིག་པུ་ཡིན་པས། མྱ་ངན་ལས་འདས་པ་འབའ་ཞིག་ཞི་ཞིང་བདེ་བའོ།། །།།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་རྫོགས་པར་བྱེད་པ་མཎྜལ། །བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞི་ལས། དང་པོ་རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། རང་གི་མདུན་གྱི་ནམ་མཁར། ལཾ་ལས་གསེར་གྱིས་གཞི་ཁོད་སྙོམས་པའི་དབུས་སུ། བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པཾ་ལས་དཔག་བསམ་གྱི་ཤིང་བལྟ་ན་ཆོག་མི་ཤེས་པའི་དབུས་སུ། རིན་པོ་ཆེའི་ཁྲི་ལ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སངས་རྒྱས་ཐམས་ཅད་དང་། རྒྱབ་ཏུ་ཡུམ་ཆེན་མོ་ལ་དམ་པའི་ཆོས་པོ་ཏི་དང་གླེགས་བམ་གྱི་རྣམ་པར་བཞུགས་པ། གཡོན་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོས་བསྐོར་བ། ཕྱོགས་མཚམས་ཐམས་ཅད་དཔའ་བོ་མཁའ་འགྲོ་མ་དམ་པ་ཆོས་


LT19_Page_022B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོད་བའི་སྲུང་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་བློས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། ཞེས་སོགས་ཀྱིས་སྐྱབས་འགྲོ་ལན་གསུམ་སྔོན་དུ་བཏང་ནས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ལ་སོགས་པ་སྔགས་ཀྱི་གཞུང་ལས་གསུངས་པའི་ཆོ་ག་ལན་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། རང་གི་ལུས་ཀྱི་བཀོད་པ་གྲངས་མེད་ཅིང་བརྗོད་དུ་མེད་པར་སྤྲུལ་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཞེས་པས་ཕྱག་སྟོང་ཕྲག་གཅིག་བཙལ་ནས། ཡིད་ཀྱིས་ཀུན་ཏུ་དམིགས་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཆོ་གས་ཕྱག་བཙལ་བ་ལ་སོགས་པ་ཡན་ལག་བདུན་གྱི་ཚུལ་དུ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །དེའི་རྗེས་མདུན་གྱི་ཡི་དམ་ནས་གཡས་བསྐོར་དུ་ཐིམ་པ་དབུས་ཀྱི་བླ་མ་གཙོ་འཁོར་ལ་ཐིམ་ཞིང་འཁོར་རྣམས་བླ་མ་དང་། དེ་བདག་ལ་བསྟིམ། བསྔོ་བ་སྨོན་ལམ་བྱའོ།། །།།གཉིས་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་


LT19_Page_023A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙམས་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་ལྔ་དང་ལྡན་པའི་མཐར། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སི་ངྔྷིམྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཅེས་པས་བསྐོར་བ། དེ་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སྤྱི་བོ་ན་ཚངས་པའི་བུ་ག་ནས་ལུས་ཀྱི་ཕྱིར་སོང་བ་རྣམས་ཀྱིས་དྲི་མ་དྭང་། ནང་དུ་སོང་བ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དུད་ཁུ་དང་སོལ་ཁུ། གདོན་བགེགས་ཐམས་ཅད་སྡིག་སྤྲུལ་སྦལ་ལྕོང་གི་རྣམ་པར་དབང་པོའི་སྒོ། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ནས་ལུས་ཐམས་ཅད་ཤེལ་གོང་དྲི་མ་མེད་པ་ལྟ་བུར་དྭངས་བ། བྱང་ཆུབ་སེམས་ཀྱིས་གང་བར་བསམ་ལ་ཡིག་བརྒྱ་ཅི་རིགས་པར་བཟླས་ནས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་


LT19_Page_023B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔས་རིགས་ཀྱི་བུ་ཁྱོད་ཀྱི་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ། སྔོན་འགྲོ་སྒྲུབ་པའི་མཎྜལ་དང་། དངོས་གཞི་མཆོད་པའི་མཎྜལ་གཉིས་ལས། སྔོན་འགྲོ་སྒྲུབ་པའི་མཎྜལ་ནི། རང་གི་མདུན་གྱི་ནམ་མཁར་རི་རབ་གྲུ་བཞི་བང་རིམ་བཞི་པའི་སྟེང་དུ། པདྨ་འདབ་མ་བཞི་པའི་དབུས་སུ་སེང་གེས་བཏེགས་པའི་ཁྲིར་བླ་མ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་ཏུ་ཆོས། བྱང་དུ་དགེ་འདུན། གོང་བཞིན་དུ་གསལ་བཏབ་བོ།། །།གཉིས་པ་མཆོད་པའི་མཎྜལ་ནི། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད། བའི་ལྕི་བའམ་དྲི་བཟང་གི་ཆུས་སའི་ཕྱོགས་བྱུག་པར་བྱའོ། །དེ་ནས་དབུས་སུ་མེ་ཏོག་བཞག་སྟེ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་བརྗོད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་བརྗོད་ཅིང་ཚོམ་བུ་བཀོད་པ་གླིང་བཞི་གླིང་ཕྲན་བརྒྱད། རིན་པོ་ཆེ་སྣ་བདུན། གཏེར་ཆེན་པོའི་བུམ་པ་དང་བརྒྱད། རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འབུལ་བར་བྱའོ། །ཕན་ཡོན་ནི། དཔག་ཏུ་མེད་པ་ཡོད་དེ། ཛེ་ཏཱ་རིས། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་བྱུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། ཅེས་བྱ་བ་ལ་སོགས་པ་གསུངས་ཤིང་། ཆོས་རྗེས། ཞིང་ཁམས་ཀྱི་རྟེན་འབྲེལ་ཐམས་ཅད་འདི་ལ་ཡོད་པར་ཡང་གསུངས་སོ། །དེ་ནས་སེམས་


LT19_Page_024A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ལ་འགྱོད་པ་རྣམ་པར་སུན་འབྱིན། ཕྱིས་མི་བྱེད་པར་སྡོམ་པ་སྡིག་པ་ལས་སླར་ལོག །བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་མདོ་ལ་སོགས་པའི་བཤགས་པའི་ཚིག་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཞིས་བདག་གཞན་གྱིས་སྡིག་པ་ཐམས་ཅད་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ནས་རིང་པོར་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་མི་འདའ་བར་གསོལ་བ་དང་། དེ་དག་གི་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིས་ནས། ཚོགས་ཞིང་སྔར་བཞིན་བདག་ཉིད་ལ་བསྡུའོ།། །།།བཞི་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྟ་བུའི་ལྷ་གང་མོས་པར་བསམ་པའི་སྤྱི་བོར་གྱད་དང་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་དར་གྱིས་ཀླུབས་པ། པདྨ་ཟླ་ཉི་བརྩེགས་པའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པ་གསལ་བཏང་པའི་སྤྱི་བོར། བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་ཐོ་བརྩེགས་སུ་བཞུགས་པ། དེ་ཐམས་ཅད་ངོ་བོ་ཆོས་ཉིད་དག་པའི་ཀློང་དུ་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་གཟུགས་ཀྱི་སྐུར་ཤར་བས། རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར། དགོངས་པ་ལ་མཐོ་དམའ་དང་། ཐུགས་རྗེ་ལ་བྲི་གང་མེད་པ། སངས་རྒྱས་ཉག་གཅིག་ཏུ་བཞུགས་པར་བསམས་ནས། བརྒྱུད་པའི་གསོལ་འདེབས་བྱས། བླ་མ་འོག་མ་འོག་མའི་གདུང་ཤུགས་ཀྱིས་གོང་མ་གོང་མ་རིམ་པ་བཞིན་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། རང་གི་སྨིན་མཚམས་ནས་ཞུགས་ལུས་ཐམས་ཅད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ།


LT19_Page_024B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། མགྲིན་པར་ཞུགས། ལུས་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་བཞུགས། ལུས་ཐམས་ཅད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མཐར་བླ་མ་གདན་ཁྲི་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་ཁྲིད་མཐའ་དག་གི་སྔོན་དུ་འགྲོ་བའི་ཡི་གེ་འདི་ཡང་། པདྨ་དཀར་པོས་ལྷ་བཙུན་གཞན་ཕན་བཟང་པོར་གདམས་པའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
ཆོས་རྗེ་འབྲུག་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག


LT19_Page_025A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་འབྲུག་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་བཞུགས་སོ།། །།


LT19_Page_025B
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །འདིར་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་འདི་འཆད་པར་བྱེད་པ་ལ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་གཞན་དུ་གསལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་དུ་སྔོན་དུ་འགྲོ་བས། རྣམ་སྣང་མངོན་བྱང་ལས། །ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བྱ། །ཡིད་ནི་རྩེ་གཅིག་ཕྱག་རྒྱ་ཆེ། ཞེས་གསུངས་པ་ལྟར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། སྒལ་ཚིགས་བསྲང་། ཐལ་གོང་དགྱེད། མགྲིན་པ་ལྕག་ཀྱུ་ལྟར་གུག་པ་ཨོག་སྐོས་མདུན་ནོན་ཙམ། ལྕེ་ཡར་རྐན་ལ་གཏད། སྤྱིར་རིག་པ་དབང་པོས་བསྒྱུར། ཁྱད་པར་མིག་གིས་བསྒྱུར་བས། མིག་མི་འཛུམ་ཞིང་མི་འགུལ་བར་གཉའ་ཤིང་གང་ཙམ་གྱི་ཐད་དུ་བལྟ་བ་རྣམ་སྣང་གི་ཆོས་བདུན་ཞེས་བྱ་ལ། བྱེད་ལས་ཀྱི་སྒོ་ནས་བསམ་གཏན་


LT19_Page_026A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོས་ལྔ་ཞེས་བཞག་པ་སྟེ། དེ་ཡང་སྐྱིལ་ཀྲུང་གིས་ཐུར་སེལ་དང་། མཉམ་གཞག་གིས་མེ་མཉམ་དང་། སྒལ་ཚིགས་བསྲངས་པ་དང་། དང་ཁ་དགྱེ་བས་ཁྱབ་བྱེད་དང་། མགྲིན་པ་གུག་པས་གྱེན་རྒྱུ་དང་། ལྕེ་ཡར་རྐན་ལ་སྦྱར་བ་དང་། ལྟ་སྟངས་ཀྱིས་སྲོག་འཛིན་གྱི་རླུང་དབུ་མར་ཚུད་པར་བྱེད་ཅིང་། དེ་ལྔ་དབུ་མར་ཚུད་པས་ལས་རླུང་མཐའ་དག་དབུ་མར་ཚུད་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་བ་ནི་ལུས་དབེན་ནམ། ལུས་མི་གཡོ་བ་དང་ལུས་རང་བབས་སུ་གནས་པ་ཞེས་བྱའོ། །ངག་རླུང་རོ་དོར་ནས་སྨྲ་བ་བཅད་དེ་གནས་པ་ངག་དབེན་པ་དང་། ངག་མི་གཡོ་བ་དང་། ངག་རང་བབས་སུ་གནས་པ་ཞེས་བྱའོ། །འདས་པ་མི་མནོ། །མ་ལོངས་པ་མི་བསམ། ཆེད་དུ་བློས་བཏགས་ནས་མི་བསྒོམ། སྟོང་པ་ཉིད་ཅེས་མེད་པ་ཡང་མི་བལྟ། ད་ལྟར་སྒོ་ལྔའི་ཡུལ་དུ་གང་སྣང་ཡང་འདི་ཡིན་འདི་མིན་ཞེས་རྟོག་དཔྱོད་མི་བྱེད་པར་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ་སྐད་ཅིག་ཀྱང་མ་ཡེངས་པར་བྱའོ། །དེ་ལྟར་ཡང་། བསམ་དང་བསམ་བྱ་


LT19_Page_026B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ཅེས་དང་། ཏི་ལླི་པས། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་གཞག །ཅེས་གསུངས་ཤིང་། ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུས། །མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། ཞེས་གསུངས་སོ། །དེ་ནི་སེམས་དབེན་ནམ། སེམས་མི་གཡོ་བ་དང་། སེམས་རང་བབས་སུ་བཞག་པ་ཞེས་བྱའོ། །ཀླུ་སྒྲུབ་ཀྱིས། །དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ལ་བསྒྲིམས་ཏེ་མངོན་པར་བསྲུང་བགྱི་ཞིང་། །དྲན་པ་ཉམས་པས་ཆོས་ཀུན་འཇིགས་པར་འགྱུར། ཞེས་པའི་དྲན་པ་ནི་མ་ཡེངས་པ་སྟེ། ཆོས་མངོན་པ་ལས། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཞེས་གསུངས་པས་སོ། ༡ །གཉིས་པ་དངོས་གཞི་ལ། ཐུན་མོང་གི་ཉམས་ལེན་དང་། ཐུན་མོང་མ་ཡིན་པའི་ཉམས་ལེན་གཉིས་ལས། དང་པོ་ཐུན་མོང་གི་ཉམས་ལེན་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ནས་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པ་དང་། གནས་འགྱུའི་རྩ་བ་བཅད་ནས་ལྷག་མཐོང་ངོས་བཟུང་སྟེ་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གཉིས་ལས། དང་པོ་སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ནས་རྩེ་གཅིག་གིས་རྣལ་འབྱོར་བསྒོམ་པ་ལ། རྟེན་ཅན་དང་རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ། རླུང་མེད་དང་རླུང་ཅན་ནོ། །རླུང་མེད་ལ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ། དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་རྟེན་བཅའ་བ་གཉིས་ཀྱི་དང་པོ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ་ནི། མདུན་དུ་རྡེའུ་ཆུང་ངུ་ཞིག་དམིགས་པའི་རྟེན་དུ་བཞག་ལ། དེ་ལ་ཤེས་པ་ཕྱིར་ཡང་མི་སྤྲོ། ནང་དུ་ཡང་མི་སྡུད་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་


LT19_Page_027A
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱ་ཞིང་། བླ་མ་སྤྱི་བོར་བསྒོམ། སངས་རྒྱས་དངོས་སུ་བསམ། མ་ནམ་མཁའ་མས་གསོལ་བ་གདབ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་དངོས་གྲུབ་ཞུས་ནས་བདག་ཉིད་ལ་བསྟིམ། ཐུགས་ཡིད་འདྲེས་པར་བསམས་ལ། ཅི་ཙམ་མཉམ་པར་འཇོག་ནུས་པ་དེ་ཙམ་དུ་གཞག་ལ། སེམས་ཀྱི་ངང་ཚུལ་འཕྲལ་ལ་བྱུང་བ་རྣམས་བླ་མ་ལ་ཞུ་ཞིང་བསྒོམ་པར་བྱའོ། །བྱིང་ན་ལྟ་སྟངས་གཏོད། ས་སྣང་གཡེར་ཆེ་བར་བསྒོམ། རྨུགས་པ་ལ་གཞན་སྔ་མ་བཞིན་དྲན་པས་བཞུར། རྒོད་ན་བགོལ་སར་འདུག །ལྟ་སྟངས་སྨད། ལྷོད་ཆ་གཙོ་བོར་བྱའོ། ༢ །གཉིས་པ་དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་རྟེན་བཅའ་བ་ནི། སྐུ་གཟུགས་བརྙན། གསུམ་ཡིག་ཡིག་འབྲུ། ཐུགས་ཐིག་ལེ་ལ་རྟེན་བཅའ་བ་གསུམ་ལས། སྐུ་གཟུགས་བརྙན་ལ་རྟེན་བཅའ་བ་ནི། སྐུ་ལུགས་མའམ། རི་མོར་བྲིས་པའམ། ཡང་ན་སངས་རྒྱས་ཀྱི་སྐུ་གསེར་གཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ། ཆོས་གོས་གསུམ་བགོས་པ་མདུན་དུ་དམིགས་ཏེ་རྒྱུན་དུ་ཡིད་ལ་བྱའོ། ༣ །གསུང་ཡིག་འབྲུ་ལ་རྟེན་བཅའ་བ་ནི། མདུན་དུ་ཟླ་བའི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་ཧཱུྃ་སྤུས་བྲིས་པ་ལྟ་བུ་བསྒོམ་པའོ། ༤ །ཐུགས་ཐིག་ལེ་ལ་རྟེན་བཅའ་བ་ནི། ཐིག་ལེ་བྱའི་སྒོ་ངའི་དབྱིབས་འདྲ་བ་སྲན་མ་ཙམ་འོད་ཟེར་དང་བཅས་པའི་མཚན་མ་ཁྱད་པར་ཅན་ལ་སྔར་བཞིན་དུ་སེམས་འཛིན་ནོ། ༥ །གཉིས་པ་རླུང་ཅན་ལ་རྡོ་རྗེའི་བཟླས་པ་ལ་བརྟེན་པ་དང་། བུམ་པ་ཅན་ལ་བརྟེན་པའོ། །དང་པོ་རྡོ་རྗེའི་བཟླས་པ་ལ་བརྟེན་བ་ནི། ལུས་དང་སེམས་རྣལ་དུ་བཞག་སྟེ། དབུགས་རྔུབ་པ་དང་དབྱུང་བ་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་གཞན་མེད་པར། གཅིག་དང་གཉིས་ལ་སོགས་པ་ནས་ཉི་ཁྲི་


LT19_Page_027B
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་སྟོང་དྲུག་བརྒྱའི་བར་དུ་བགྲང་བར་བྱའོ། །དེས་དབུགས་ཕྱི་ནང་དུ་རྒྱུ་བའི་གྲང་ལ་མཁས་པར་འགྱུར་ཞིང་། ༦ དེ་ནས་ཇི་སྲིད་དུ་འབྱུང་ཞིང་འཇུག་པ། ལུས་ཀྱི་ཐམས་ཅད་ནས་སམ། ཕྱོགས་གཅིག་ནས་རྒྱུ་བ་ཡིན་ཞེས་རྟོག་པས། དབུགས་འཇུག་པ་དང་དབྱུང་བའི་རྗེས་སུ་འགྲོ་བར་བྱའོ། །དེས་དབུགས་ཀྱི་མཚན་ཉིད་ལ་མཁས་པར་འགྱུར་རོ། ༧ དེ་ནས་དབུགས་དང་ཤེས་པ་བསྲེས་ནས་སྣ་རྩེ་མོ་ནས་ལྟེ་བའི་བར་དུ་འགྲོ་བ་དང་འོང་བ་དང་གནས་པའི་རང་བཞིན་ལ་བལྟ་བར་བྱའོ། །དེས་ནི་རླུང་སོ་སོའི་ཁ་དོག་དང་རིང་ཐུང་ཇི་ལྟ་བ་བཞིན་མཐོང་ངོ་། ༨ །དེ་ནས་འབྱུང་བ་ཆེན་པོ་ལྔ་སོ་སོར་མ་འདྲེས་པར་བརྟགས་པས། དབུགས་ཕྱི་ནང་དུ་རྒྱུ་བའི་འཕེལ་འགྲིབ་ཤེས་པར་བྱའོ། ༩་།དེ་ནས་རླུང་ཕྱིར་འགྲོ་བ་ༀ་ཡིག་དཀར་པོ་དང་། ནང་དུ་འོང་བ་ཧཱུྃ་ཡིག་སྔོན་པོ་དང་། གནས་པ་ཨཱཿཡིག་དམར་པོར་བསྒྱུར་བས་དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པ་མངོན་དུ་འགྱུར་རོ། ༡༠ །གཉིས་པ་བུམ་པ་ཅན་ལ་བརྟེན་པ་ནི། རླུང་རོ་ལན་གསུམ་དོར་ནས། སྟེང་རླུང་སྣ་ནས་དལ་བུས་བརྡུབ། འོག་རླུང་ཡར་འཐེན་ནས་ཙམ་ཐུབ་ཏུ་གཟུང་བ་ལ་འབད་དོ། །དེ་ལྟར་རབ་ཏུ་གདུལ་བར་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུང་དུ་མ་དམིགས་པའི་ཕྱིར། རླུང་གི་འཕོ་བ་ཟད་པས་སེམས་ཡུལ་ལ་འཕྱན་པའི་རྣམས་པར་རྟོགས་པའང་ཟད་པར་འགྱུར་རོ། ༡༡ །གཉིས་པ་རྟེན་མེད་ལ། ཐོལ་སྐྱེས་རྦད་གཅོད། གང་ཤར་བཟོ་མེད། བཞག་ཐབས་ཀྱི་གནད་དང་གསུམ་ལས། དང་པོ་ཐོལ་སྐྱེས་རྦད་གཅོད་ནི། དེ་ལྟར་བསྒོམས་པས་སེམས་ཡུལ་གྱི་རྗེས་སུ་སོང་བའི་རྣམ་པར་རྟོག་པ་སྐྱེས་ན། འཕྲོ་མཐུད་དུ་མི་འཇུག་བར་རྟོག་པ་གཅིག་ཀྱང་མ་སྐྱེས་པར་བྱེད་དགོས་སྙམ་པའི་དྲན་པས་བཞུར་ནས། རྣམ་རྟོག་ཐོལ་གྱིས་སྐྱེས་པའི་འཕྲོ་རྦད་རྦད་བཅད་ལ་བསྒོམ་མོ། ༡༢ །དེ་ཡུན་བསྲིངས་


LT19_Page_028A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིན་བསྒོམས་པས་རྣམས་བར་རྟོག་པ་ཇེ་མང་དུ་སོང་ནས་མཐར་རྣམ་རྟོག་གཅིག་རྟིང་ལ་གཅིག་སྐྱེ་བས་རྒྱུན་མི་ཆོད་པ་ལྟ་བུ་འབྱུང་སྟེ། །དེ་ནི་རྣམ་རྟོག་ངོས་ཟིན་པ་དགྲ་བོ་ཤེས་པ་ལྟ་བུའམ། གནས་པ་དང་པོ་རི་གཟར་གྱི་ཆུ་འབབ་པ་ལྟ་བུ་ཞེས་བྱའོ། །དེ་ཡང་སྐད་ཅིག་མ་རེ་རེ་ཙམ་སེམས་གནས་པས་རྣམ་རྟོག་གི་སྐྱེ་འགག་ཤེས། དེའི་དབང་གིས་རྣམ་རྟོག་མང་དུ་སོང་བ་འདྲ་ཞིག་བྱུང་བ་མ་གཏོགས་རྣམ་རྟོག་རྒྱུན་ཚགས་སུ་སྐྱེ་བས་མང་ཉུང་ཡོད་པ་མ་ཡིན་ཏེ། རྣམ་རྟོག་སྐད་ཅིག་ལ་སྐྱེ། དེའི་ཕྱི་ལོགས་ཀྱི་སྐད་ཅིག་ལ་འགག་པ་ཆོས་ཉིད་ཡིན་པས་སོ། ༡༣ །གཉིས་པ་གང་ཤར་བཟོ་མེད་ནི། དེ་ནས་རྣམ་རྟོག་ཁོ་རང་གང་བྱེད་དུ་གཞག །དབང་དུ་ཡང་མ་སོང་། དགག་ཀྱང་མི་དགག །རང་གི་སེམས་བྱ་ར་བར་བཞག་ནས་བསྒོམས་པས། ༡༤ རྣམ་པར་རྟོག་པ་འཕྲོར་མི་ཉན་པར་ཞི་གནས་ལ་རྩེ་གཅིག་ཏུ་གནས་པ་འབྱུང་། དེ་ནས་ཡང་རྣམ་རྟོག་ལ་སོགས་པར་ཁྱུར་ཁྱུར་འགྱུར་འགྲོ། དེ་ལ་སྔ་མ་བཞིན་བསྒོམས་པས་གནས་རྒྱུན་ཇེ་རིང་དུ་འགྲོ་བ་ནི། གནས་པ་བར་བ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུ་ཞེས་བྱའོ། །དེ་ལྟར་ལྷུག་པར་འཇོག་པར་གནད་འདིས་སེམས་ཀྱི་དྭངས་སྙིགས་ཕྱེད་པ། ཆོས་རྗེས། སེམས་མ་བཅོས་ན་བདེ། ཆུ་མ་རྙོགས་ན་དྭངས། ཞེས་དང་། རྣལ་འབྱོར་དབང་ཕྱུག་ཆེན་པོས། མ་བཅོས་སོ་མར་གཞག་ན་རྟོགས་པ་འཆར། ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། རྟག་ཏུ་མཉམ་པར་ཞོག་དང་རྣལ་འབྱོར་པ། ཞེས་དང་། དེ་ལྟ་བུའི་སྒོམ་བའི་ཚུལ་གཉིས་ཀ་ས་ར་ཧའི་ཞབས་ཀྱིས་བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་པར་རྩོམ། ཐོང་པར་གྱུར་ན་མི་གཡོ་བརྟན་པར་གནས། གོ་བཟློག་རྔ་མོང་ལྟ་བུར་བདག་གིས་རྟོགས། ཞེས་གསུངས་པའི་དོན་ནོ། ༡༥ གསུམ་པ་གཞག་ཐ བས་ཀྱི་གནད་ལ་བཞི་ལས། བྲམ་ཟེ་སྐུད་པ་འཁལ་བ་ལྟར་བཞག་པ་ནི། སྐུད་པ་ལ་གྲིམས་ལྷོད་སྙོམས་པ་ཞིག་དགོས་པ་ལྟར། སྒོམ་


LT19_Page_028B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་གྲིམས་དྲགས་ན་རྟོག་པར་འཆོར། ལྷོད་དྲགས་ན་སྙོམས་ལས་སུ་ལུས་པས་གྲིམས་ལྷོད་སྙོམས་པར་བྱའོ། །དེ་ཡང་ལས་དང་པོ་ལ། དང་པོར་ཐོལ་སྐྱེས་རྦད་གཅོད་ཀྱིས་བསྒྲིམས། དེ་ལ་སུན་པ་དང་གང་ཤར་བཟོ་མེད་ཀྱིས་གློད། དེ་ལྟ་བུའི་རེས་འཇོག་གིས་ཅི་ཞིག་ནས་གྲིམས་ལྷོད་རང་ལུགས་སུ་སྙོམས་པར་འགྱུར་བ་ལ་དགོངས་ནས། སེམས་སྒྲིམ་བསྒྲིམས་ནས་ལྷོད་གློད་པ་བྲམ་ཟེ་སྐུད་པ་འཁལ་བ་ལྟ་བུར་གཞག་པ་ཞེས་གསུངས་སོ། ༡༦ །སོག་ཕོན་ཐག་པ་ཆད་པ་ལྟར་བཞག་པ་ནི། དེ་ལྟར་སྔར་གྱི་གཉེན་པོ་ཐམས་ཅད་རྣམ་རྟོག་སྐྱེས་འདུག་བསམ་སྤང་པ་བྱེད་དགོས་སྙམ་པ་ཁོ་ན་སྟེ། རྣམ་རྟོག་འགགས་ནས་གཉེན་པོ་སླེབ་པ་ལས་མ་བྱུང་བས། དྲན་པ་ཕྱིས་སྙེགས་པ་ཞེས་བྱ་བ་སྒོམ་གྱི་དྲི་མ་ཡིན་པས། དེ་ལྟ་བུའི་དྲན་ཤེས་སྤངས་ནས་ཞི་གནས་ཀྱི་རྒྱུན་དེ་ཀ་ལ་རང་བབ་སུ་གཞོག་པ་ནི་སེམས་བྱ་རྩོལ་དང་བྲལ་བར་འཇོག་པ་སོག་ཕོན་ཐག་པ་བཅད་པ་ལྟ་བུ་ཞེས་བྱའོ། ༡༧ །བུ་ཆུང་ལྷ་ཁང་ལྟ་བ་ལྟར་གཞག་པ་ནི། སེམས་ཀྱི་གླང་པོ་དྲན་ཤེས་ཀྱི་ཀ་བ་ལ་དམ་པོར་ཐོགས་པས་རླུང་རང་མལ་དུ་ཟིན། དེའི་དབང་གིས་དུ་བ་ལ་སོགས་པའི་སྟོང་གཟུགས་དང་། བདེ་བས་བརྒྱལ་བ་ཙམ་དང་། མི་རྟོག་པ་ལུས་སེམས་ཡོད་དུ་མི་ཚོར་བ་བར་སྣང་སྟོང་པ་ལ་འདུག་པ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་ཅི་ཤར་ཡང་དགའ་བ་དང་སྐྱོན་དུ་བལྟས་ནས། ཆེད་དུ་འཛིན་པ་དང་སྣང་ཆ་འགོགས་པ་གང་ཡང་མི་བྱ་བས། སྣང་ཆ་མ་འགགས་ལ་འཛིན་པ་མེད་པ་བུ་ཆུང་ལྷ་ཁང་ལྟ་བ་ལྟ་བུར་གཞག་པ་ཞེས་བྱའོ། ༡༨ །གླང་པོ་ཆེ་ལ་ཚེར་མ་བཏང་བ་ལྟ་བུར་གཞག་པ་ནི། གནས་ཐོག་ཏུ་རྟོགས་པ་སྐྱེས་པ་དང་། ངོ་ཤེས་པའི་དྲན་པ་དུས་མཉམ་དུ་ལངས། སྤང་གཉེན་བྲང་འཕྲད་པས་རྣམ་རྟོག་གཅིག་ནས་གཉིས་སུ་བརྒྱུད་མ་ཐུབ། གཉེན་པོ་རྩོལ་བས་བསྒྲུབ་མ་དགོས་པར་


LT19_Page_029A
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཁྱུང་བས་དྲན་པས་ཚུར་བཅངས་པ་ཞེས་བྱ་བ་ནི། རྣམ་རྟོག་བྱུང་ཚོར་ལ་དགག་སྒྲུབ་མི་བྱེད་པར་འཇོག་པ་གླང་པོ་ཆེ་ལ་ཚེར་མ་བཏབ་པ་ལྟ་བུར་བཞག་པའི་དོན་ནོ། །དེ་ལ་གནས་པ་ཐ་མ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཞེས་གསུངས་ཤིང་། དེ་དུས་གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས། འགྱུ་ཐོག་ཏུ་གནས་པའི་རང་ས་ཟིན་པས་གནས་འགྱུའི་བར་ལག་འགྱེལ་བ་ཞེས་བྱ་སྟེ། རྩེ་གཅིག་གི་རང་ངོ་འཕྲོད་པ་ཡིན་ནོ། དེ་དུས་ཀྱི་གནས་པ་དང་འགྱུ་བ་ངོ་ཤེས་མཁན་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པའམ་སོ་སོར་རྟོག་པའི་ཤེས་རབ་དང་རང་རིག་པ་ཞེས་བྱའོ། །དེ་ཡང་མདོ་སྡེ་རྒྱན་ལས། །དེས་ན་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་དཔྱད་ཤེས་བྱ། ཞེས་གསུངས་པའོ། ༡༩ །གཉིས་པ་གནས་འགྱུའི་རྩ་བ་བཅད་དེ་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་ལ། །གནས་འགྱུའི་རྩ་བ་བཅད་པ། །ལྷག་མཐོང་ངོས་འཛིན་པ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གསུམ་ལས། དང་པོ་གནས་འགྱུའི་རྩ་བ་བཅད་པ་ནི། རྣམ་པར་མི་རྟོག་པའི་ཞི་གནས་སོར་སོར་རྟོག་པའི་ཤེས་རབ་ལངས་པ་དེས། གནས་ན་གནས་པའི་ངོ་བོ་ཅི་ལྟ་བུ་ཞིག །ཚུལ་ཇི་ལྟར་གནས། དེ་ལས་ཇི་ལྟར་འགྱུ། འགྱུ་བའི་ཚེ་གནས་པ་ལས་གཡེལ་ཏེ་འགྱུའམ། གནས་བཞིན་པར་འགྱུ་འགྱུ་བ་དེ་གནས་པ་ལས་གཞན་ཡིན་ནམ་མ་ཡིན། དེ་ཀའི་ངོ་བོ་ཇི་ལྟ་བུ་ཞིག །མཐར་འགག་པའི་ཚུལ་གང་ཡིན་ཞེས་དཔྱད་ཅིང་། ༢༠ གནས་པ་ལས་གཞན་དུ་འགྱུ་བ་དང་། འགྱུ་བ་ལས་གཞན་དུ་གནས་པ་བཞག་ཏུ་མེད་པས། གནས་འགྱུའི་ངོ་བོ་མ་རྙེད་པ་དེའི་ཚེ། ལྟ་མཁན་གྱི་རིག་པ་དེ་ཉིད་བལྟ་བྱའི་གནས་འགྱུ་ལས་གཞན་དུའམ། གནས་འགྱུ་ཉིད་ཡིན་ནམ་ཞེས། རང་རིག་པའི་མིགས་གིས་དཔྱད་པས་ཅི་ཡང་མ་རྙེད་པས་བལྟ་བྱ་ལྟ་བྱེད་དབྱེར་མེད་དུ་རྟོག །དེའི་ངོ་བོ་གང་དུ་ཡང་བཞག་ཏུ་མེད་པས་བློ་


LT19_Page_029B
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ལྟ་བའམ། ལྟ་བ་ཁས་ལེན་དང་བྲལ་བ་ཞེས་བྱ་སྟེ། རྒྱལ་བའི་དབང་པོས། །བློས་བྱས་ཀྱིས་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་མིང་ཡང་མེད། །བལྟ་བྱ་དང་ལྟ་བྱེད་དབྱེར་མེད་པའི། །ངེས་པ་དེ་བླ་མའི་དྲིན་ལས་རྙེད། །ཅེས་གསུངས་སོ། །ཚུལ་དེ་ལྟ་བུའི་དཔྱད་པ་དེ་ཀ་སློབ་དཔོན་ཞི་བ་ལྷས། །ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཚོར་བར། །བདག་གི་ཡིད་ནི་གང་དཔྱད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་གསུངས་སོ། །དེ་ཡང་བུད་ཤིང་དང་མེའི་དཔེས། འོད་སྲུངས་ཀྱིས་ཞུས་པའི་མདོར་གསུངས་པ། །ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། ཅེས་སོ། །དེ་ལྟ་བུའི་དཔྱད་པ་ནི་ཁ་ནང་དུ་བལྟས་པའི་རང་རིག་གིས་དཔྱོད་པའི་ཕྱིར། ཀུ་པཱ་ལིའི་དཔྱད་བསྒོམ་ཞེས་བྱ་བ། པཎྜི་ཏའི་དཔྱད་སྒོམ་ནི་མ་ཡིན་ཏེ། དེ་དག་ཁ་ཕྱིར་ལྟའི་ཤེས་པས་དཔྱོད་པས་སོ། ༢༡ །གཉིས་པ་ལྷག་མཐོང་ངོས་བཟུང་བ་ནི། རྣམ་པར་རྟོག་པའམ། ཉོན་མོངས་པ་ཇི་ལྟ་བུ་སྐྱེས་ཀྱང་མི་སྤང་ཞིང་། དེའི་དབང་དུ་མི་བཏང་བར་གང་ཤར་དེ་ཉིད་བཟོ་མེད་དུ་གཞག །སྐྱེས་པའི་སྐད་ཅིག་དེ་ཀར་ངོ་ཤེས་པར་བྱས་པས། དེ་རང་མ་སྤངས་གནས་སུ་དག་པའི་སྟོང་པ་ཉིད་དུ་འཆར་ཞིང་། ཚུལ་དེས་འགལ་རྐྱེན་ཐམས་ཅད་ལམ་དུ་ཁྱེར་བར་ནུས་པས་རྐྱེན་ལམ་དུ་སློངས་བ་ཟེར་རྣམ་པར་རྟོག་པ་ཉིད་རང་གི་ངོ་ཤེས་པ་ཙམ་གྱིས་གྲོལ་བས་སྤང་གཉེན་དབྱེར་མེད་དུ་རྟོགས་པ་འདི་ནི། རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་སྙིང་པོ་བཟློག་པའི་བསྒོམ་པ་ཞེས་བྱའོ། །དེ་ནས་རང་གི་སེམས་ཉིད་ཀྱི་རང་བཞིན་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ལྷག་པར་སྐྱེ་ཞིང་ལུས་ངག་ཡིད་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྐྱེད་པའི་


LT19_Page_030A
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལ་སོགས་པའི་ཐབས་ཀྱི་བྱ་བས་འདའ་ཡང་། ཤེས་རབ་ཀྱི་ཚུལ་དེས་བདེན་པར་ཞེན་པ་ཡོངས་སུ་སྦྱངས་པའི་དབང་གིས་སྔགས་ཀྱིས་ཟིན་པའི་དུས་སྤྱད་པས་ཉོན་མོངས་པར་མི་འགྱུར་བ་ལྟར་རོ། །ཚུལ་འདི་ལྟ་བུའི་ཉམས་ལེན་ལ་དགོངས་ནས་ལམ་གང་ཤར་ལ་སྤང་བླང་མེད་པ་ཞེས་གསུངས་སོ། ༢༢ གསུམ་པ་སྤྲོས་བྲལ་ཀྱི་རྣལ་འབྱོར་བསྒོམ་པ་ལ། དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ། གཅིག་དང་ཐ་དད་ཀྱི་སྒོ་ནས་དཔྱད་པ་དང་གསུམ་ལས། དུས་གསུམ་གྱི་སྒོ་ནས་སྤྱད་པ་ནི། འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟ་བའི་སེམས་ནི་ངོས་འཛིན་དུ་ཅི་ཡང་མེད་ལ། དེ་བཞིན་དུ་བརྟགས་པས་ཆོས་ཐམས་ཅད་ཀྱི་ཚུལ་ཡང་དེ་འདྲ་བ་ཞིག་སྟེ་ཐམས་ཅད་ཀྱང་བདེན་པ་མ་ཡིན་པ་རང་གི་བློས་བཏགས་པ་ཙམ་དུ་ཟད་པས། སྐྱེ་བ་དང་འགག་པ་དང་། གནས་པ་ཅི་ཡང་གྲུབ་པ་མ་ཡིན་ནོ་སྙམ་དུ་རིག་པ་ནི་ས་ར་ཧས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམས་སྤངས་ཕྱིས་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོག །ཞེས་གསུངས་པ་ལྟར་དུ་དཔྱད་པའོ། ༢༣ གཉིས་པ་དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ་ནི། དེ་ཡང་། རང་གི་སེམས་ནི་ཡོད་པ་དངོས་པོ་གྲུབ་བམ། མེད་པ་དངོས་མེད་དུ་གྲུབ། དངོས་པོར་གྲུབ་ན་གཟུང་བ་འཛིན་པ་གང་དུ་གྲུབ། གཟུང་བ་གྲུབ་ན་དབྱིབས་ཁ་དོག་ཅི་ལྟ་བུ། འཛིན་པ་ཡང་དེར་སྣང་བ་ཉིད་དུ་ཟད་ལ།


LT19_Page_030B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པ་ཞིག་ན་སྣ་ཚོགས་སུ་སྣང་བའང་འདི་གང་གིས་བྱ་ཞེས་བརྟགས་པས། ངོ་བོར་གྲུབ་པ་ཞིག་ཡོད་ན་དངོས་པོར་བཞག་ཏུ་རུང་སྟེ། རིག་པས་བརྟགས་པའི་ངོ་བོ་ཅི་ཡང་གྲུབ་པ་མེད་པས་ཡོད་པ་དངོས་པོའི་ཆོས་སུ་བཞག་ཏུ་མ་རྙེད། རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བས་མེད་པ་དངོས་མེད་ཀྱི་ཕྱོགས་སུ་མ་སོང་། དེས་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་དང་བྲལ་བས་རྟག་པ་ཆད་པའི་ལམ་དུ་མ་ལྷུང་བ་དབུ་མའི་ལམ་ཞེས་བྱ་ལ། དེ་ཡང་རྟགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པས་གཏན་ལ་ཕབ་པ་མ་ཡིན་པར་བླ་མའི་མན་ངག་གིས་ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་བ་དང་འདྲ་བས་ཆེན་པོ་ཞེས་བྱའོ། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། ཞེས་གསུངས་སོ། ༢༤ །གསུམ་པ་གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པ་ནི། སེམས་་་་་་་་འདི་གཅིག་པུ་ཞིག་གམ། དུ་མ་ཞིག །གཅིག་པུ་ཡིན་ན། སེམས་ཞེས་བྱ་བ་འདི་སྣ་ཚོགས་སུ་སྣང་བ་ལ་བཏགས་པ་ཉིད་དེ། ཇི་ལྟར་གཅིག་ཏུ་གཞག །དུ་མ་ཞིག་ན་དེ་ཐམས་ཅད་ཀྱང་རང་གི་ངོ་བོ་སྟོང་པ་ཉིད་དུ་མཉམ་པར་ཇི་ལྟར་འགྱུར་བརྟགས་པས། ཐ་དད་དུ་བཅས་པ་དང་། མཐའ་དང་བྲལ་བ་ལས་འདས་པས་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ཞེས་བྱའོ། དེ་ལྟར་རྟོགས་པའི་རྣལ་འབྱོར་པའི་མཉམ་བཞག་ཏུ་སོ་སོ་རང་རིག་པ་ལ་ཡེ་ཤེས་འབའ་ཞིག་ལས་གཞན་ཅི་ཡང་མི་སྣང་བས་སྣང་བ་མེད་པ་ཞེས་བྱ་ལ། རྗེས་ཐོབ་ཏུ་ལམ་འདིས་ཆོས་ཐམས་ཅད་ལ་བདེན་པར་ཞེན་པ་དག་པའི་ཕྱིར་སྒྱུ་མ་ལྟ་བུར་སྣང་བ་ཡིན་ནོ། །དེ་ལྟར་ཡང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། གང་གང་མཐོང་བ་དེ་དེ་ཉིད། དེ་རིང་མགོན་པོ་ང་ལྟར་འཁྲུལ་པ་ཆད། །ང་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་གསུངས་སོ། ༢༥ གཉིས་པ་ཐུན་མོངས་མ་ཡིན་པའི་ཉམས་ལེན་ལ། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་སྙོམས་པ་རོ་གཅིག་གི་རྣལ་འབྱོར་དང་། ཆོས་ཐམས་ཅད་


LT19_Page_031A
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་པ་སྒོམ་མེད་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་སྙོམས་པ་རོ་གཅིག་གི་རྣལ་འབྱོར་ལ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲོད། ཆུ་དང་འཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད། ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲོད་པ་ནི། གཉིད་ཀྱི་དུས་སུ་ཇི་ལྟར་སྣང་ཡང་སེམས་ལས་ལོགས་སུ་མེད་པ་ལྟར། ད་ལྟར་གྱི་སྣང་བ་ཐམས་ཅད་ཀྱང་གཏི་མུག་གི་གཉིད་ལོག་པའི་རྨི་ལམ་ཡིན་ཅིང་། རང་སེམས་ལས་གཞན་དུ་མེད་པས། སྣང་བ་གང་སྣང་གི་ཡུལ་ཐོག་དེ་ཀར་གློད་ནས་གཞག་པ་ཉིད་ཀྱིས་ཕྱིའི་ཡུལ་སྣང་དང་། རང་གི་སེམས་ཞེས་གཉིས་སུ་བྱེ་རུ་མེད་པར་རོ་གཅིག་ཏུ་འདྲེས་པར་འགྱུར་ཏེ། རྣལ་འབྱོར་དབང་ཕྱུག་གིས། མདངས་རྨི་ལམ་ཉམས་སུ་མྱོང་བ་དེ། སྣང་བ་སེམས་སུ་ངོ་སྤྲོད་པའོ། སློབ་དཔོན་ཅིག་ལགས་ཏེ་གོ་ལགས་སམ། ཞེས་དང་། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཞིག་དང་། ཞེས་གསུངས་སོ། ༢༦ གཉིས་པ་ཆུ་དང་འཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ་ནི། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་བའི་དུས་དེ་ཉིད་དུ་ངོ་བོ་ཅིར་ཡང་མ་གྲུབ་པས་སྟོང་པ་ཞེས་བྱ་ལ། ཅིར་ཡང་མ་གྲུབ་བཞིན་དུ་ཅིར་ཡང་སྣང་གི་འདུག་པས་སྣང་སྟོང་ཟུང་འཇུག་གམ་རོ་གཅིག་པ་ཞེས་བྱ་སྟེ། དཔེར་ན་འཁྱག་པ་དང་ཆུ་བཞིན་ནོ། ཚུལ་དེས་བདེ་སྟོང་གསལ་སྟོང་རིག་སྟོང་ཟུང་འཇུག་ཀྱང་ཤེས་པར་བྱ་བས་དུ་མ་རོ་གཅིག་ཏུ་རྟོགས་པ་ཞེས་བྱའོ། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། ཀློག་པ་དེ་ཡིན་འཛིན་དང་སྒོམ་པའང་དེ། ཞེས་གསུངས་སོ། ༢༧ གསུམ་པ་ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་ནི། ཆུ་རླབས་ཆུ་


LT19_Page_031B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་ཤར་བ་བཞིན་དུ། ཆོས་ཐམས་ཅད་རང་གི་སེམས་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ཚུལ་གྱིས་བྱས་པར་རྟོགས་པ་སྟེ། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། ཞེས་གསུངས་པས། འདི་ལ་ཆོས་ཉིད་གཅིག་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རོ་གཅིག་དུ་མར་ཤར་བ་ཞེས་བྱའོ། །འདི་རྟོགས་པའི་རྣལ་འབྱོར་པ་ལ་རྗེས་ཤེས་སྟོང་པ་ཉིད་ཀུན་ཏུ་འགྲོ་བར་འཆར་རོ། ༢༨ གཉིས་པ་ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཉམས་སུ་བླང་བ་ནི། སྤང་བྱ་ཉོན་མོངས་པ་ཟད་པས་སྤོང་བྱེད་ཀྱི་གཉེན་པོ་ཟད་ནས་ལམ་ཆད་དེ། དེ་ལས་གཞན་དུ་ཕྱི་ནས་མེད་དེ། འཇུག་པ་ཆད་དེ། དེ་ལས་གོང་དུ་ཕུལ་ས་མེད་པ་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་བསྲེ་སྐོར་གྱི་གཞུང་ལས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། ཏིལ་ལི་ངས་ནི་ཅི་ཡང་བསྟན་དུ་མེད། རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། ཞེས་དང་མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབ་བཞག །ཅེས་གསུངས་པའི་དོན་ནོ། ༢༩ གསུམ་པ་རྗེས་ལ། ཕྱག་རྒྱ་ཆེན་པོ་ངོས་བཟུང་ཞིང་རང་ངོ་སྤྲད་པ། གེགས་དང་གོལ་ཤོལ་དཔྱད་པ། ཉམས་རྟོགས་གོ་བ་གསུམ་གྱི་ཤན་འབྱེད་པ་དང་གསུམ་ལས། དང་པོ་ཕྱག་རྒྱ་ཆེན་པོ་ངོས་བཟུང་ཞིང་རང་ངོ་སྤྲད་པ་ནི། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། ཉམས་མྱོང་གི་སྤུ་རིས་འབྱེད་པ་ས་ལམ་གྱི་དྲོད་རྟགས་འབྱེད་པ། འབྲས་བུ་མངོན་དུ་གྱུར་པའི་རྣལ་འབྱོར་བཞི་ཚན་རྣམས་སོ། ༣༠ །གཉིས་པ་གེགས་དང་གོལ་ཤོར་དཔྱད་པ་ནི། སྣང་བ་དགྲར་ལངས་ཀྱི་གེགས་སྣང་བ་སེམས་སུ་ཤེས་པས་སེལ། རྣམ་རྟོག་དགྲར་ལངས་རྣམ་རྟོག་ཆོས་སྐུར་ཤེས་པ་དང་། སྟོང་པ་དགྲར་ལངས་སྣང་སྟོང་ཟུང་འཇུག་ཏུ་ཤེས་པས་སེལ་ཞིང་། གོལ་ས་གསུམ་ནི་ཞི་གནས་ཀྱི་ཉམས་ལ་ཞེན་པ་སྟེ། ལྷག་མཐོང་དུ་ན་སྤར་བས་སེལ་ལོ། ཤོར་ས་བཞི་སྟོང་ཉིད་གཤིས་ལ་ཤོར་བ། སྟོང་ཉིད་སྙིང་རྗེར་ལངས་པས་


LT19_Page_032A
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད། རྒྱས་འདེབས་སུ་ཤོར་བ་ཡིན་ལུགས་ཡིན་བཞིན་པར་རྟོགས་པས་གཅོད། གཉེན་པོར་ཤོར་བ་སྤང་གཉེན་དབྱེར་མེད་དང་། ལམ་དུ་ཤོར་བ་ཤར་གྲོལ་དུས་མཉམ་དུ་རྟོགས་པས་ཁགས་པར་འགྱུར་རོ། ༣༡ །གསུམ་པ་ཉམས་རྟོགས་གོ་བ་གསུམ་གྱི་ཤན་དབྱེ་བ་ནི། སེམས་ཀྱི་གནས་ལུགས་ཐོས་བསམ་གྱིས་རྟོགས་པ་གོ་བ། དོན་སྤྱིའི་ཚུལ་དུ་རྟོགས་པ་རྩེ་གཅིག་སྟེ་ཉམས་མངོན་སུམ་རྟོགས་པ་སྤྲོས་བྲལ་མན་ཆད་ལ་རྟོགས་པ་ཞེས་བྱ་ལ། སྒྲ་འཇུག་པ་གཅིག་པའི་དབང་གིས་ཐམས་ཅད་ལ་རྟོགས་པ་སྦྱར་ཡང་འགལ་བ་མེད་དོ། ༣༢ །དེ་ཡང་ཁ་ཆེ་ཟངས་དཀར་གྱི་རྒྱལ་པོ་གཞན་ཕན་བཟང་པོས་གུར་གུམ་གྱི་གེ་སར་ཁལ་གཅིག་ལྷག་པའི་ཡོན་དང་བཅས་ཏེ། ཕྱག་ཆེན་དང་ཆོས་དྲུག་ལ་ཟིན་བྲིས་དགོས་ཞེས་བསྐུལ་བ་དང་། །གསུང་རྒྱུན་ལ་བསྙད་པའི་སུག་བྲིས་མང་པོ་ལ་ཡིད་བརྟན་དུ་རུང་བ་ཅི་ཡང་མ་མཐོང་ནས། ཕྱི་རབས་ལ་ཕན་པའི་ཆེད་ཁོ་ནར་པདྨ་དཀར་པོས་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་མཁར་ཆུ་བྱང་ཆུབ་གྱི་སྙིང་པོ་ལ་འདུག་པའི་ཚེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

གདམས་ངག་མཛོད་པོད་བཅུ་པ།
ཆོས་དྲུག་བསྡུས་པའི་ཟིན་བྲིས།


LT19_Page_033A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་བསྡུས་པའི་ཟིན་བྲིས་བཞུགས་སོ། །


LT19_Page_033B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་སུམ་དུ་བྱེད་པ། ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད་འཆད་པར་བྱེད་པ་ལ། གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན་གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ། རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་དབང་དུ་བྱས་པ་དང་། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་པ་གཉིས་ལས། འདིར་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་ཏེ་བཤད་པ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་གཞན་དུ་གསལ། གཉིས་པ་དངོས་གཞི་ལ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་ལས། དང་པོ་གཏུམ་མོ་ལ། སྔོན་འགྲོ། དངོས་གཞི། བོགས་འདོན་པ་གསུམ་ལས། དང་པོ་སྔོན་འགྲོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། སྲུང་


LT19_Page_034A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔ་ལས། དང་པོ་ཕྱི་ལུས་ཀྱི་སྟོང་ར་ནི། བླ་མའི་རྣལ་འབྱོར་ཡན་གྱི་སྔོན་འགྲོ་བྱ། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲོག་བྲལ་བའི་སྙིང་ག་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཕྱི་ལྷའི་རྣམ་པ་ནང་སྟོང་པའི་ར་བའི་མིང་ཅན་དྭངས་ཤིང་གསལ་བས་སྒྲིབ་པ་མེད་པ། སོར་མོའི་སྦུབས་ཚུན་ཆད་སྟོང་སེང་ངེ་བ། དར་དམར་པོའི་གུར་རམ།


LT19_Page_034B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུམ་ཕུས་བཏབ་པ་ལྟ་བུ། དང་པོ་རང་གི་ལུས་ཚད་ཙམ། ད་ནས་ཁང་པ་དང་། རི་དང་། མཐར་ནམ་མཁའི་ཁམས་ཁྱབ་པར་བསྒོམ་པ་ལ་སེམས་ཟིན་པ། ཡང་ཇེ་ཆུང་དུ་སོང་བ་ཡུངས་འབྲུའམ། ཏིལ་འབྲུ་ཙམ་པ་སྐྱེ་མཆེད་ཤིན་ཏུ་གསལ་བ་ལ་དམིགས་པར་བྱའོ། །གཉིས་པ་ནང་རྩའི་སྟོང་ར་ནི། རང་རྣལ་འབྱོར་མ་ལ་ལུས་ཚད་ཙམ་དུ་གསལ་བའི་ཁོང་པའི་དབུས་དྲང་པོར་རྩ་དབུ་མ། དམར་བ་རྒྱ་སྒྱེགས་ཀྱི་ཁུ་བ། གསལ་བ་ཏིལ་གྱི་མར་མེ། དྲང་བ་ཆུ་ཤིང་གི་སྙིང་པོ། སྟོང་པ་ཤོག་གུ་ཁོང་སྟོང་ལྟ་བུ་མཚན་ཉིད་བཞི་ལྡན། མདའ་སྨྱུག་འབྲིང་བོ་ཙམ་གསལ་བཏབ། དེ་ཐེབས་པ་དང་འཁར་བ་དང་། ཀ་བ་དང་། ཁང་པ་དང་། རི་ཙམ་ནས་ནམ་མཁའ་ཐམས་ཅད་ལུས་ཀྱིས་ཁྱབ། །ལུས་ཀྱི་སོར་མོའི་མཐའ་ཚུན་ཆད་དབུ་མས་ཁྱབ་པར་བསྒོམ་མོ། ལུས་ཡུངས་འབྲུ་ཙམ་པའི་ཚེ་དབུ་མའང་སྐྲ་རྩེ་བརྒྱར་གཤགས་པའི་ཚད་ཙམ་དུ་ཕྲ་བ་བསྒོམ་མོ། དེ་ཡང་། མི་གསལ་བ་ལ་སྟོང་ར་བཅའ། །མ་ཟིན་པ་ལ་སྟོང་ར་བཅའ། །མི་གནས་པ་ལ་སྟོང་ར་བཅའ། ཞེས་གསུངས་སོ། །གསུམ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ལ། ལུས་གནད། རླུང་གནད། དམིགས་པའི་གནད་གསུམ་ལས། ལུས་གནད་ནི་རྣམ་སྣང་གི་ཆོས་བདུན། རླུང་གནད་ནི་རླུང་རོ་ལན་གསུམ་བསལ་ནས། སྟེང་རླུང་མནན། ངག་རླུང་ཡིད་ཙམ་འཐེན་པའི་ཁ་སྦྱོར་ཙམ་ཐུབ་འཛིན་པ། དམིགས་པའི་གནད་ནི་རླུང་ཕྱིར་འགྲོ་བའི་ཚེ་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ལྔ་པ་དཔག་ཏུ་མེད་པ་འཐོན། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་སྣ་ལྔ་པའི་རང་བཞིན་གྱིས་གང་། ནང་དུ་རྔུབ་པའི་ཚེ་བུ་ག་ཐམས་ཅད་ནས་ཞུགས་ལུས་ཐམས་ཅད་གང་བར་བསྒོམ་པ་ཐེངས་བདུན། དེ་ནས་འོད་ཟེར་རྣམས་ཧཱུྃ་ཡིག་སྣ་ཚོགས་པར་གྱུར་པས་ཕྱིར་འགྲོ་བའི་ཚེ་འཇིག་རྟེན་དང་། ནང་དུ་འཇུག་པའི་ཚེ་ལུས་གང་བར་བསམ་པ་བདུན། དེ་ནས་


LT19_Page_035A
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་དེ་དག་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ནམ་མཁར་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཤིན་ཏུ་ཁྲོ་ཞིང་གཏུམ་པ། ཁ་དོག་སྣ་ལྔ་པ་ཡུངས་འབྲུ་ཙམ་པ། རླུང་ཕྱིར་དབྱུང་བའི་ཚེ་འཇིག་རྟེན་ཁེངས་པ་ནང་དུ་བརྔུབས་ནས་འཛིན་པའི་ཚེ་ལུས་ཐམས་ཅད་གང་བར་བསྒོམ་བ་བདུན་ཏེ་ཉེར་གཅིག །དེ་ནས་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་བོ་ཞལ་ཕྱི་ལ་གཟིགས་པས་གཏམས་པ་གོ་གྱོན་པ་ལྟ་བུ་བསམ་མོ། །བཞི་པ་རྩ་ལམ་སྦྱང་བ་ནི། དབུ་མའི་གཡས་གཡོན་དུ་རོ་རྐྱང་གཉིས་ཀླད་རྒྱའི་སྟེང་ནས་སྣའི་སྒོར་ཟུག་པ། མར་སྣ་གསང་བའི་སྣ་རྩེར་ཟུག་པ། བུག་པ་ཧ་རེ་བའི་གཡོན་པའི་ནང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཡས་པའི་ནང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ རྣམས་པདྨའི་སྐུད་པ་ལྟ་བུར་ཕྲ་ཞིང་ཕྲ་བ། ཁ་དོག་དམར་པོ་བརྩེགས་མར་བསྒོམ། རླུང་ཕྱིར་དབྱུང་བའི་ཚེ་ཡིག་འབྲུ་རེ་རེ་ནས་ཕྱིར་རྒྱར་རྒྱང་འཐོན། ནང་དུ་འཇུག་པའི་ཚེ་གསང་བའི་སྣ་རྩེ་ནས་ཞུགས་པ་མགལ་མེ་འཁོར་བ་ལྟ་བུ་ལ་སེམས་འཛིན་ཅིང་རླུང་ཁ་སྦྱོར་དུ་བསྒོམ་མོ། དེ་ནི་ཆུ་འདྲེན་པའི་སྔོན་དུ་ཡུར་བ་གད་བྱེད་པ་དང་འདྲ་སྟེ་ཤིན་ཏུ་གནད་ཆེའོ། །ལྔ་པ་རྩ་གནས་བྱིན་གྱིས་བརླབ་པ་ནི། དབུས་ཀྱི་རྩ་དབུ་མ་གྲོ་སོགས་འབྲིང་བོའི་སྦུབས་ཙམ་པའི་སྙིང་གའི་ནང་དུ། རྩ་བའི་བླ་མ་དེའི་དབུ་ཐོག་ཏུ་ཆོས་དྲུག་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ། མུ་ཏིག་གི་འཕྲེང་བ་བསྒྲིགས་པ་ལྟ་བུར་ཤིན་ཏུ་ཕྲ་བ་བསྒོམས་ཏེ། ཆོས་དྲུག་གསོལ་འདེབས་སམ། ཡང་ན། སྣང་བ་གཏུམ་མོར་འཆར་བར་བྱིན་གྱིས་རློབས། སྣང་བ་སྒྱུ་མར་སྣང་བ་འོད་གསལ་དུ་སྣང་བ་སྐུ་གསུམ་དུ་གོང་ནས་གོང་དུ་


LT19_Page_035B
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བར་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཟག་པ་མེད་པ་བདེ་བའི་རང་བཞིན་དུ་ཞུ་བས་ལུས་ཐམས་ཅད་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ལས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོ་གསུམ་ལས། དང་པོ་ལས་ཀྱི་གཏུམ་མོ་ལ། བཅའ་བ་ལུས་ཀྱི་གནད། ཞི་དྲག་རླུང་གི་གནད། བསྒོམ་པ་དམིགས་པའི་གནད་གསུམ་ལས། དང་པོ་བཅའ་བ་ལུས་ཀྱི་གནད་ནི། བཞུང་དུ། ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་། །སྒལ་ཚིག་རིན་ཆེན་རྩར་ལ་བརྒྱུས། །མཐོང་ཁ་རྒྱུན་དུ་ཡངས་པ་དང་། །ལྟོང་སྐོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་གཞག་ཕྱག་རྒྱ་ལྟེ་འོག་བཙིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། ཞེས་གསུངས་པའི་དོན། རྐང་པ་གཡས་སྟེང་དུ་བཏོན་པའི་རྡོ་རྗེ་སྐྱིལ་ཀྲུང་། མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅས་པའི་གྲུ་མོས་སྟོད་གཅུན། སྒལ་ཚིགས་དོར་རྩེ་བརྩེགས་པ་ལྟར་བསྲང་། མཐོང་ཁ་ཡངས་པར་བྱ། ཨོག་སྐོས་ཨོ་ལ་མདུད་མནན། ལྕེ་ཡར་རྐན་ལ་གཏད་པའི་མིག་གཉིས་སྣ་རྩེའམ། ཐད་ཀའི་བར་སྣང་ལ་བལྟའོ། །ཡང་ན་གཞན་སྔར་བཞིན་ལ། ལུས་ཙོག་པུ་རེའུ་མིག་བཞིན་བསྣོལ་བ། སྒོམ་ཐག་ཁུག་པས་མགོ་བོ་འཁོར་བ་ཚད་དེ། དེས་ལྷམ་སྒྲོག་འཆིངས་ནས་ལུས་བསྡམ། ཚངས་རའི་གདན་དུ་འབེབས་གདན་ཁྲུ་གང་། དཔངས་སུ་སོར་བཞི་ཡོད་པ་ནང་ཚངས་ཅན་བྱའོ། །གཉིས་པ་ཞི་དྲག་རླུང་གི་གནད་ལ། འཇམ་རླུང་དང་དྲག་རླུང་གཉིས་ལས། དང་པོ་འཇམ་རླུང་ལ། སྔོན་འགྲོ་འབུད་པ་དགུ་ཕྲུགས།


LT19_Page_036A
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་སྦྱོར་བ་བཞི་ལྡན་གཉིས་ལས། དང་པོ་སྔོན་འགྲོ་འབུད་བ་དགུ་ཕྲུགས་ནི། གཡས་ནས་གཡོན། གཡོན་ནས་གཡས། དབུས་ནས་ཐད་ཀར་གཏད་ནས་འཇམ་པོ་མིས་མི་ཚོར་བ་གསུམ། དྲག་པོ་གསུམ། གཅུད་ཅིང་འབུད་པ་གསུམ་སྟེ་དགུ་ཕྲུགས་སུ་བྱའོ། །གཉིས་པ་དངོས་གཞི་སྦྱོར་བ་བཞི་ལྡན་ནི། ལྕགས་ཀྱུ་བཞིན་ཏུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང་། །རྒྱ་མདུད་བཞིན་དུ་བསྔམས་ནས་སུ། །མདའ་ལྟར་གྱེན་དུ་འཕང་བར་བྱ། ཞེས་སམ། བརྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉན། ཞེས་པའི་དོན་ཕྱིའི་སོར་བཅུ་དྲུག་ཙམ་གྱི་ཐད་ནས་སྒྲ་མེད་དུ་སྣ་གཉིས་ཀྱི་ནང་དུ་གཞུག་པ་བརྔུབ་པ་དེ་ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་འཛིན་པ་དགང་བ། མི་ཐུབ་ལ་ཁད་པ་དང་བརྔུབ་ཆུང་བྱ། གཡས་བཅག །གཡོན་བཅག །ཆ་མཉམ་དུ་བཅག་པ་གཞིལ་པ། དེ་ནས་མི་ཐུབ་ལ་ཁད་པ་དང་སྣ་གཉིས་ནས། དང་པོ་དང་མཇུག་ཏུ་ཤེད་ཆུང་ཞིང་། བར་དུ་ཤུགས་ཆེ་བར་དབྱུང་བ་མདའ་ལྟར་འཕང་པའོ། །གཉིས་པ་དྲག་རླུང་ནི། རླུང་ལོག་མི་འབྱུང་བ་འབུད་པའི་གནད། རླུང་རང་གནས་སུ་གཞུག་ལ་བརྔུབ་པའི་གནད། རླུང་དབང་དུ་འདུ་བ་དགང་བའི་གནད། རླུང་རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། རླུང་ཕྱི་ནང་བསྲེ་བ་གཏོང་བའི་གནད་དོ།། །།གསུམ་པ་སྒོམ་པ་དམིགས་པའི་གནད་ལ། ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོ་གསུམ་ལས། དང་པོ་ཕྱིའི་གཏུམ་མོ་ནི། སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །སྒྱུ་མ་ལྟ་བུའི་སྐུ་བསྒོམས་ཏེ། ཞེས་གོང་བཞིན་རྣལ་འབྱོར་མའི་སྟོང་ར་ལུས་ཚད་ཙམ་གསལ་བཏབ། གཉིས་


LT19_Page_036B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནང་གི་གཏུམ་མོ་ནི། །གདུང་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་བསྒོམ། ཞེས་པས། ལུས་སྟོང་རའི་དབུས་སུ་རྩ་དབུ་མ་ངོ་བོ་ཆོས་ཉིད་མཚོན་པས་སྟོང་པ། ཁ་དོག་བདེ་བ་མཚོན་པས་དམར་བ། བྱེད་ལས་སྒྲིབ་པ་དག་པས་གསལ་བ། མཚན་ཉིད་སྲོག་ཤིང་མཚོན་པས་དྲང་བ་སྟེ་མཚན་ཉིད་བཞི་ལྡན། ཚངས་བུག་ནས་ལྟེ་འོག་སོར་བཞིར་ཟུག་པའི་སྣ་གཉིས་བཅད་ཁར་ཡོད་པ། གཡས་གཡོན་དུ་རོ་རྐྱང་གཉིས་ལུག་རྒྱུད་ཀྱི་རྒྱུ་མ་ལྟ་བུ་གླད་རྒྱའི་སྟེང་ནས་མདུན་དུ་འཁྱོགས་ཤིང་སྣའི་སྒོར་ཟུག་པ། མར་སྣ་དབུ་མའི་ནང་དུ་ཆུད་པས་ཡི་གེ་ཆའི་འཕོངས་ལྟ་བུ། རྩ་གསུམ་འདུས་མཚམས་སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་འོག་ཏུ་ལྟ་བ། མགྲིན་པར་བཅུ་དྲུག་ཡར་ལྟ་བ། སྙིང་གར་བརྒྱད་མར་ལྟ་བ། ལྟེ་བར་དྲུག་ཅུ་རྩ་བཞི་ཡར་ལྟ་བས་གདུགས་ཀྱི་རྩིབ་མ་ལྟ་བུའམ། ཤིང་རྟའི་འཁོར་ལོ་དང་རྒྱུད་རིམ་བཞིན་དུ་བསྒོམ་མོ། གསུམ་པ་གསང་བའི་གཏུམ་མོ་ནི། གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། ཅེས་པ་ལྟེ་འོག་སོར་བཞིའི་དབུ་མའི་ནང་རོ་རྐྱང་གཉིས་འཛོམ་པའི་རྩེ་མོར། ཨ་ཐུང་ཤད་བླུ་ཏའི་རྣམ་པ་ཅན་སོར་ཕྱེད་པ། ཁ་དོག་དམར་སེར། རེག་བྱ་ཚ་བ། སྤུ་རྩེ་རླུང་གིས་བསྐྱོད་པ་ལྟ་བུར་བསྐྱོད་པ་མྱུར་བ་ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ་དང་། སྤྱི་བོའི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་བདུད་རྩི་འཛག་ལ་ཁད་པ་གསལ་བཏབ་ནས། རླུང་བརྔུབས་པ་རོ་བརྐྱང་གི་ལམ་དུ་སོང་། དེ་གཉིས་ཕུས་བཏབ་པ་ལྟར་གང་ནས་དབུ་མའི་ནང་དུ་ཞུགས། ཨ་ཤད་ལ་ཕོག་བས་དམར་ལྟེམ་གྱིས་སོང་། དགང་བ་དང་གཞིལ་བའི་ཚེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་བཞག །དབྱུང་བའི་དུས་རླུང་དབུ་མའི་ནང་ནས་སྔོ་འཕྱུར་དོན་པར་བསམས་ནས། དངོས་སུ་སྣ་ནས་འབུད་དོ། དེ་ལ་སེམས་རྩེ་གཅིག་པ་ཐོབ་ནས། དེ་ནས་ཚུལ་འདྲ་བའི་རླུང་ཐོབས་གཉིས་པ་ལ། ཨ་ཤད་ལས་


LT19_Page_037A
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཕྱད་པ་རྩེ་མོ་ཤིན་ཏུ་རྣོ་བ་འབར་བས། མཚན་ཉིད་བཞི་ལྡན་དུ་གྱུར་བ་འཕང་ཐུར་ལྟ་བུར་བསམ། རླུང་དེ་འདྲ་བ་རེ་རེས་མེ་སོར་ཕྱེད་ཕྱེད་སྦར་བས་བརྒྱད་ཀྱིས་ལྟེ་བར་སླེབ། རླུང་ཁུག་པ་བཅུས་ལྟེ་བའི་རྩ་འདབས་མེས་གང་། ཡང་བཅུས་ལྟོ་བ་ནས་མར་སོང་རྐང་སོར་གྱི་རྩེའི་བར་མེས་གང་། དེ་ནས་བཅུས་ཡར་འབར་བས་སྙིང་ག་མན་གང་། བཅུས་མགྲིན་པ་དང་། བཅུས་སྤྱི་བོ་གང་བ་འབར་བ་ལ་དམིགས་ནས། ནམ་མཁའི་བ་ནི་རིམ་བཞིན་བཞོ། ཞེས་པ་བཅུས་སྤྱི་བོའི་ཧཾ་ཡིག་མེས་ཆིལ་གྱིས་བཞུ་བས་བྱང་ཆུབ་སེམས་ཀྱིས་སྤྱི་བོ་གང་། བཅུས་མགྲིན་པ་གང་། བཅུས་སྙིང་ག །བཅུས་ལྟེ་བ། བཅུས་སོར་མོའི་མཐའ་ཚུན་ཆད་གང་བ་འཛག་པ་ལ་བསླབ་པ་སྟེ་རླུང་ཁུག་བརྒྱ་དང་བརྒྱད་ལ་ཐུན་གཅིག་ཏུ་བྱས་པ། དང་པོ་ཉིན་ཞག་རེ་ལ་ཐུན་དྲུག་དང་ཕྱིས་ནས་ཐུན་བཞི་ལ་སོགས་པ་རླུང་ཐག་རིང་ཐུང་ལ་ལྟོས་ནས་བྱ་སྟེ། ཟས་དང་ཁམས་གསོའི་གཉིད་མ་གཏོགས་པ་བར་མེད་དུ་བསྒོམ་མོ། དེ་ནི་ལུས་སེམས་རླུང་གསུམ་གྱི་ལས་ལ་གནད་དུ་བསྣུན་པའི་ཕྱིར་ལས་ཀྱི་གཏུམ་མོ་ཞེས་བྱའོ། །གཉིས་པ་ཉམས་ཀྱི་གཏུམ་མོ་ལ། ཐུན་མོང་དང་ཁྱད་པར་གྱི་ཉམས་གཉིས་ལས། དང་པོ་ཐུན་མོང་གི་ཉམས་ནི། རླུང་ནི་ཟིན་པར་གྱུར་པ་ན། །དང་པོ་དྲོད་ལྟ་བུ་འབྱུང་། །གཉིས་པ་བདེ་བ་འཆར་བ་དང་། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །སྐྱ་རེངས་ཤར་བ་ཇི་བཞིན་དང་། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང་། ཞེས་པའི་དོན། རླུང་ཕྱིར་འཕྲོ་བ་རྩོལ་བས་བཀག་པ་རང་གནས་སུ་གནས་པ་ནི་ཟིན་པ་ཞེས་བྱ་སྟེ། དེའི་དབང་གིས་རླུང་རྒྱུ་བའི་གྲངས་ཉུང་དུ་སོང་བ་རྒྱུ་བ་ཟིན་པ། ཕྱིར་སོང་ཚད་ཐུང་དུ་སོང་བ་རིང་ཐུང་ཟིན་པ། ཕྱིར་རྒྱུ་བའི་ཤད་ཉམས་པ་ཤུགས་ཟིན་པ། དེ་ནས་ཁ་དོག་ཤེས་པ་ཁ་དོག་ཟིན་པ།


LT19_Page_037B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འབྱུང་བ་སོ་སོའི་ནུས་པ་ཐིམ་པ་སྟོབས་ཟིན་པ་སྟེ། དེ་ལྟར་རླུང་ཟིན་པས་གཏུམ་མོའི་རྦ་རླབས་བརྟན། དེ་ནས་རླུང་སེམས་རྣལ་དུ་ཚུད་པའི་དྲོད་སྐྱེ། དེས་རྩ་ཁ་བྱེ་བ་རྣམས་སུ་རླུང་གིས་ཐིག་ལེ་ཁྲིད་དེ་ཕྱིན་པས་རྩ་ཟུག་དང་། ཐིག་ལེའི་ཟུག་དང་། རིགས་དྲུག་གི་གནས་སྦྱོང་ཤར་བ་འདུས་པ་དང་པོ་སྡུག་བསྔལ་གྱི་དུས་སམ། དྲོད་ཀྱི་དུས་ཞེས་བྱའོ། །དེ་ནས་རྩ་རྒུད་པ་རླུང་དང་ཁམས་ཀྱིས་གསོས་པས་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་སྨིན་ནས་ཐག་པ་དང་བཅས་པའི་བདེ་བ་མཐའ་ཡས་པ་རྙེད་པ་ནི་གཉིས་པ་བདེ་བའི་དུས་སོ། །དེ་ནས་ནང་གི་བདེ་བ་ལ་སེམས་ཆགས་པས་ཕྱི་རོལ་གྱི་དངོས་པོ་ལ་དགའ་བ་ཉམས། རྒྱུ་དེས་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་ཞི་ནས་སེམས་རྣལ་དུ་ཕེབས་པ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཏིང་ངེ་འཛིན་ཤར་ཞིང་། དེ་ལ་གོམས་པ་གསུམ་པ་མི་རྟོག་པའི་དུས་སོ། །དེ་ལྟ་བུའི་ཞི་གནས་དེའང་ཚོར་བ་བཏང་སྙོམས་ཀྱི་མཚན་ཉིད་ཅན་མ་ཡིན་ཏེ། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། སྒྲོན་མའམ་སྐྱ་རེངས་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་བགྲང་དུ་མེད་པས་ལྷག་པར་གསལ་བའི་ཕྱིར་རོ། །རྣལ་འབྱོར་པས་ཁམས་འདུས་པ་གསུམ་པོ་དེ་གང་གི་གནས་སྐབས་སུའང་རྟགས་མཚན་ཡོད་པ་མི་སྤངས། མེད་པ་མི་བསྒྲུབ་པར་བྱུང་རྒྱལ་དུ་ལས་ཀྱི་གཏུམ་མོ་བསྐྱངས་པས་རླུང་ལས་སུ་རུང་བར་གྱུར་ཏེ་ཕྱི་རོལ་གྱི་ནད་དང་རྒས་པ་ལ་སོགས་པའི་རྐྱེན་གང་གིས་ཀྱང་གནོད་མི་ནུས་ཤིང་། ཟག་པ་དང་བཅས་པའི་མངོན་ཤེས་ལྔ་ལ་སོགས་པ་ཡོན་ཏན་མཐའ་ཡས་པ་འབྱུང་ངོ། །གཉིས་པ་ཁྱད་པར་གྱི་ཉམས་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏཱི་རུ། །རླུང་རྣམས་ཚུད་པར་གྱུར་བ་ཡིས། ཅེས་དང་། ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། ཅེས་པ་ཐུན་མོང་གི་དུས་སུ་འབབ་འབུན་འདེད་གྱིས་རླུང་དབུ་མར་ཞུགས་པ། སྲོག་རྩོལ་


LT19_Page_038A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རླུང་དབུ་མར་ཚུད་པ་ཞེས་བྱ་བ། འདིར་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་ཚུད་པ་ཞེས་བྱ་བ་ཕྱི་ནང་གི་རླུང་གཅིག་ཏུ་འདྲེས་པ་སྲོག་ཐུར་གོང་བུ་གཅིག་ཏུ་གྱུར་ནས། ལུས་ཀྱི་ལྟེ་བ་གསང་གནས་ཀྱི་འཁོར་ལོ་ནས་དབུ་མར་ཞུགས་ཤིང་འཁོར་ལོ་བཞིའི་ལྟེ་བ་ནས་ལྟེ་བ་འབའ་ཞིག་ཏུ་འགྲོ་འོང་བྱས་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྟོབས་སུ་གྱུར་ནས་བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་འདུས་པས་མདུད་པ་ལྷོད་པར་གྱུར་པ་དེའི་དབང་གིས་ཁྱད་པར་གྱི་རྟགས་ལྔ། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྐྲ་གཅན་དང་། གོ་གཅེས་བྱ་བ་དང་། འོད་ཟེར་སེར། དཀར། དམར། སྔོ། དམར་སྐྱ་ལྔའི་དབུས་སུ་ལུས་ཆུང་བ་དང་། ཡོན་ཏན་བརྒྱད་ཀྱི་རྟོགས་པ་མངོན་དུ་འགྱུར་ཏེ། དེ་ཡང་། སའི་ཡོན་ཏན་སྲེད་མེད་ཀྱི་བུའི་སྟོབས་དང་། ཆུའི་ཡོན་ཏན་མཉན་ལྕུག་དང་། མེས་མི་འཚིག །མེའི་ཡོན་ཏན་དངོས་པོ་ཐམས་ཅད་འབྱིན་སྡུད་ནུས་ཤིང་། ཆུར་མི་བྱིང་། རླུང་གི་ཡོན་ཏན་རྐང་མགྱོགས་དང་ལུས་ཤིང་བལ་ལྟ་བུར་ཡང་བ། ནམ་མཁའི་ཡོན་ཏན་འཕུར་བ་དང་། ས་དང་ཆུ་ལ་སོགས་པ་ཐམས་ཅད་ལ་ཐོགས་པ་མེད་པ། ཟླ་བའི་ཡོན་ཏན་ལུས་ཤེལ་ལྟར་དྭངས་ནས་གྲིབ་མ་མི་འབྱུང་། ཉི་མའི་ཡོན་ཏན་ལུས་སྙིགས་མ་དག་པའི་འཇའ་ལུས་སུ་གྱུར་པས་གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་སྐུའི་སྒོ་དགུ་འགག །གསུང་གི་སྒོ་བཞི་འགག །ཐུགས་ཀྱི་སྒོ་གཉིས་བྱེ་བས་བདེ་བ་ཆེན་པོ་ནང་ནས་འཆར་ཞིང་དེའི་དབང་གིས་རྣམ་པ་ཐམས་ཅད་པའི་ཐོད་བརྒལ་གྱི་ཏིང་ངེ་འཛིན་ཁོར་མོ་ཡུག་ཏུ་འཆར་བ་ཡིན་ནོ། །གསུམ་པ་མཆོག་གི་གཏུམ་མོ་ནི། མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཞེས་པས། གཡོན་ཕུང་པོ་ལྔའི་རླུང་དེ་བཞིན་གཤེགས་པ་དང་། གཡས་ཁམས་ལྔའི་


LT19_Page_038B
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དེ་བཞིན་གཤེགས་མའི་རང་བཞིན་དབུ་མའི་ནང་དུ་མས་རིམ་གྱིས་ཐིམ་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་གཉུག་མ་སེམས་ཀྱི་གནས་ལུགས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རྒྱུ་མཐུན་དང་། རྣམ་སྨིན་དང་། སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུའི་ཚུལ་བཞིས་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པས་དབུ་མའི་ཡར་སྣ་རཻངས་ནས། གཙུག་ཏོར་པ་ལྟར་མི་མངོན་པ་འགྲུབ། དེ་བྱང་ཆུབ་ཀྱིས་སེམས་ཀྱིས་གང་བའི་ཚེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ཡིན་ནོ། །ཁམས་དཀར་པོ་གསད་བའི་སྣ་རྩེ་ནས་གྱེན་དུ་རེངས་ནས་གཙུག་ཏོར་གྱི་མཐར་ཐུག་པར་གང་བ་དང་། །དམར་པོ་གཙུག་ཏོར་ནས་རེངས་ཏེ་རྐང་པའི་མཐེ་བོང་གི་མཐར་ཐུག་པ་གང་བ་ལྷན་ཅིག་ཏུ་འབྱུང་བ་ཡིན་ནོ། །གསུམ་པ་བོགས་འདོན་ལ། དྲོད་ཀྱི་བོགས་འདོན་དང་། བདེ་བའི་བོགས་འདོན་གཉིས་ལས། དང་པོ་དྲོད་ཀྱི་བོགས་འདོན་ལ། ལུས་གནད། རླུང་གནད། དམིགས་པའི་གནད་ལས། ལུས་གནད་ནི། ཙོག་པུར་རྐང་པ་བསྣོལ་བའི་རྒྱུ་མ་ཁུང་གཉིས་ལག་པ་རིང་ན་བསྣོལ། ཐུང་ན་རང་དགར་འཁྱུད། ཕོ་བ་གཡས་གཡོན་དུ་སྒྲིལ་བ་གསུམ་གསུམ་དང་། དེ་ནས་ཐུབ་ཚད་དུ་གཙུབ། མཐར་རྟ་རྒོད་སྤྲུགས་པ་ལྟར་དྲག་ཏུ་སི་ལི་ལི་སྤྲུག་པ་དང་བསྟུན་རྡེབ་ཆུང་གཅིག་བྱེད། དེ་འདྲ་བ་གསུམ་གྱི་མཐར་ཚིག་རྫོགས་ཀྱི་རྡེབ་ཆེན་རེ་བྱའོ། །རླུང་གནད་ནི་སྟེང་མནན། འོག་བསྔམ་པའི་བུམ་པ་ཅན་ནོ། །དམིགས་པའི་གནད་ནི་རང་ཉིད་རྣལ་འབྱོར་མའི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་ཨ་ཤད་དང་བཅས་པ་གསལ་བཏབ་པའི། འོག་གི་ལག་པ་དང་རྐང་པའི་


LT19_Page_039A
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་གཉིས་སུ་ཉི་མ་རེ་རེ་སྟེ་ཁ་སྦྱར། སུམ་མདོར་ཉི་མ། རྐང་ལག་གི་ཉི་མ་བསྲུབས་པས་མེ་འབར། ལྟེ་འོག་གི་ཉི་མ་ལ་ཕོག །དེ་ལས་མེ་འབར་ཨ་ཤད་ལ་ཕོག །དེ་ལས་མེ་འབར་ལུས་ཐམས་ཅད་གང་། རླུང་ཕྱིར་གཏོང་བའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་མེའི་རང་བཞིན་དུ་འབར་བར་བསྒོམ་མོ། རྡེབ་ཆེན་ཉེར་གཅིག་ལ་ཐུན་གཅིག་ཏུ་བྱས་ནས། ཞག་བདུན་དུ་བསྒོམས་ན་རས་ཐུབ་པར་མཚོམ་མེད་དོ། །གཉིས་པ་བདེ་བའི་བོགས་འདོན་ལ། སྔོན་འགྲོ་ཡིད་རིག །དངོས་གཞི་འབར་འཛག །རྗེས་བཅའ་བ་ལུས་ཀྱི་འཁྲུལ་འཁོར་རོ། །སྔོན་འགྲོ་ཡིད་རིག་ནི། མདུན་དུ་ཡིད་ཀྱི་རིག་མ་མིའི་བུ་མོ་མཚན་དང་ལྡན་པ་སེམས་ཆགས་སུ་རུང་བ་ཞིག་བསྒོམ་མོ། དངོས་གཞི་འབར་འཛག་ལ། ཟུས་གནད་མེ་ཐབ་དྲུག་ཆིངས། །རླུང་གནད་སྦྱོར་བ་བཞི་ལྡན། དམིགས་པའི་གནད། རང་ཉིད་འཁོར་ལོ་སྡོམ་པར་གསལ་བའི་སྟོང་ར་དར་སྔོན་པོའི་གུར་ཕུབ་པ་ལྟ་བུའི་ལུས་ཀྱི་ནང་དུ་རྩ་གསུམ་འབོར་ལོ་བཞི། ཨ་ཤད་ཧཾ་ཡིག་དང་བཅས་གོང་བཞིན་གསལ་བཏབ། རླུང་གིས་ཨ་ཤད་ལས་མེ་སྦར། དེའི་དྲོད་ཀྱིས་ཧཾ་ཡིག་ཞུ་བའི་ཐིགས་པ་ལྷུང་། ཨ་ཤད་ལ་ཕོག་ཚེགས་སྒྲ་དང་བཅས་པས་མེ་ལྕེ་མར་ཐུར་དུ་སོང་། སླར་སྔ་མ་ལས་ཆེར་འབར་བས་ལྟེ་བར་སླེབ། ཧཾ་ཡིག་ཆེར་ཞུ་བའི་ཐིགས་པ་ཕོག་པས་མར་བྲོས། དེས་ཆེར་གསོས། མེ་ལྕེ་སྙིང་གར་སླེབ། ཚུལ་དེས་མགྲིན་པ་དང་སྤྱི་བོར་ཕྱིན་པས་ཧཾ་ཡིག་ཆིལ་གྱིས་བཞུ་བའི་རྒྱུན་མགྲིན་པའི་རྩ་འཁོར་གང་བར་བབས་པས་དགའ་བའི་བདེ་བ་དང་། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། སྟོང་པའི་ངང་དུ་མཉམ་པར་གཞག །དེ་ནས་སྙིང་ག་གང་བ་མཆོག་དགའ་དང་། རྣམ་པར་སྨིན་པ་དང་། ཤིན་ཏུ་སྟོང་པ། ལྟེ་བས་ཁྱད་དགའ་དང་། རྣམ་པར་ཉེད་པ་དང་། སྟོང་པ་ཆེན་པོ། གསང་བའི་སྣ་


LT19_Page_039B
[མ་དཔེ་གཟིགས་ན་འདིར་གནོན།]

རྩེའི་མཐར་ཐུག་པར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བ། མཚན་ཉིད་དང་བྲལ་བའི་སྐད་ཅིག་ཐམས་ཅད་སྟོང་པ། འོད་གསལ་ངོས་བཟུང་ནས། འཛག་མེད་དུ་བཟུང་བས་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་གང་བ་དགའ་བ་ནས་ལྷན་སྐྱེས་ཀྱི་བར་ངོས་གཟུང་བར་བྱའོ། །རྗེས་བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། རྩ་བའི་འཁྲུལ་འཁོར་ནཱ་རོ་དྲུག་སྐོར་དང་། ཉི་ཤུ་པ་དང་། ལྔ་བཅུ་པ་ལ་སོགས་པ་བྱའོ། །གཉིས་པ་སྒྱུ་ལུས་ལ། མ་དག་པའི་སྒྱུ་ལུས་རྒྱུ་མར་སྦྱང་བ། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་གསུམ་ལས། དང་པོ་མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། རྣམ་པར་སྨིན་པའི་སྒྱུ་ལུས་དང་། ཞེས་པ། རང་གི་མདུན་དུ་ཤིང་བུ་ལ་མེ་ལོང་བཏགས་པ་ལའམ། གང་ཡང་རུང་བ་ལ་གཟུགས་འཆར་དུ་བཅུག་ནས། དེ་ལ་རྙེད་པ་སྦྱིན་པ་དང་། གྲགས་པ་དང་། བསྟོད་པ་དང་། བདེ་བས་དགའ་བ་དང་། འཕྲོགས་པ་དང་། མི་སྙན་པ་དང་། སྨད་པ་དང་། སྡུག་བསྔལ་བས་མི་དགའ་བ་མི་འབྱུང་བ་བཞིན་དུ། །རང་དང་མེ་ལོང་གི་བར་དུ་གཟུགས་བརྙན་དེ་འདྲ་བ་བསྒོམས་ལ་སྦྱར། དེ་ནས་རང་ཉིད་མེ་ལོང་གི་གཟུགས་བརྙན་དང་ཁྱད་པར་མེད་པར་བལྟས་ཏེ་ཐམས་ཅད་ལ་དཔེ་བཅུ་དྲུག་གིས་སྒྱུ་མ་ལྟ་བུར་བློ་སྦྱོང་ཞིང་དོ་གལ་དུ་འཛིན་པ་སྤང་བར་བྱའོ། །གཉིས་པ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བས། བསྐྱེད་རིམ་སྒྱུ་མ་དང་། རྫོགས་རིམ་སྒྱུ་མ་གཉིས་ལས། དང་པོ་བསྐྱེད་རིམ་སྒྱུ་མ་ནི། གསང་བའི་དབང་གི་དུས་དག་ཏུ། །མི་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། ཞེས་པས། རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བའི་བྲིས་སྐུ་འགྱིང་ལོག་མེ་ལོང་དུ་འཆར་དུ་བཅུག་ལ། དེའི་གཟུགས་བརྙན་ལ་མིག་དང་ཤེས་པ་མ་འགྱུར་བར་


LT19_Page_040A
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ནས་དེ་ཇི་ལྟ་བ་ཡིད་ཡུལ་དུ་བསྒོམས་པས་འཆར་པ་དང་། མེ་ལོང་དང་རང་གི་བར་དུ་བསྒོམ། དེ་ནས་རང་མེ་ལོང་ནང་གི་ལྷའི་གཟུགས་དེ་ཇི་ལྟ་བར་བསྒོམས་པས། རེག་ཏུ་རུང་བ་ཙམ་དུ་འཆར་ན། གང་མཐོང་བའི་གཟུགས་གཅིག་དེ་ལྟ་བུའི་ལྷའི་སྐུར་བསྒོམ། དེ་གསལ་ན་གང་མཐོང་བའི་གཟུགས་ཐམས་ཅད་ཡི་དམ་གྱི་ལྷ་དེ་ལྟ་བུར་གསལ་བཏབ་པས། སྣང་བ་ཐམས་ཅད་ལྷའི་རོལ་པར་འཆར་བ་ལྷའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བསྐྱེད་རིམ་སྒྱུ་མ་དང་། ཆོས་ཅན་ལྷ་དང་ལྷ་མོར་དག་པ་ཞེས་བྱའོ། །གཉིས་པ་རྫོགས་རིམ་སྒྱུ་མ་ནི། ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། ཞེས་པ་ལུས་གནད་རྣམ་སྣང་གི་ཆོས་བདུན། སེམས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྡུན་མི་བསུ། ད་ལྟ་བར་བཟོ་མ་བྱས་པར་མ་ཡེངས་པས་བར་སྣང་སྟོང་སེང་ངེ་བ་ལ་རྩེ་གཅིག་ཏུ་བལྟས་པས། རླུང་སེམས་དབུ་མར་ཚུད། རྣམ་པར་རྟོག་པ་ཞི་ནས། དུ་བ་ལ་སོགས་པའི་རྟགས་ལྔ། ཁྱད་པར་སྤྲིན་མེད་པའི་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུའི་སྣང་བ་ཆུའི་ཟླ་བའམ། མེ་ལོང་ལ་གཟུགས་ཤར་བ་ལྟར་དྭངས་ཤིང་གསལ་ལ་སྒྲིབ་པ་མེད་པ། མཚན་དང་དཔེ་བྱད་ལྡན་པའི་སྤྲུལ་པའི་སྐུ་མཐོང་ཞིང་། དེ་ནས་སྒྲར་སྣང་བའི་ལོངས་སྐུ་འབྱུང་ངོ། །དེ་ཡང་དེ་བས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། ཅེས་གསུངས་སོ། །གསུམ་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། ཅེས་པ་མཉམ་གཞག་དེ་བརྟན་པ་དང་། རྗེས་ཤེས་ཀྱི་སྣང་བའི་སྟེད་དུ་སྟོང་གཟུགས་དྲངས་ནས་བལྟས་པས། འཁོར་འདས་ལ་སོགས་པའི་གཉིས་སུ་སྣང་བའི་ཆོས་ཐམས་ཅད་


LT19_Page_040B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ཏིང་ངེ་འཛིན་དུ་འཆར་ཞིང་། དེ་ཉིད་ལ་མཉམ་པར་བཞག་པས་འོད་གསལ་དུ་དག་པར་འགྱུར་རོ། །གསུམ་པ་རྨི་ལམ་ལ། གཟུང་བ། སྦྱང་བ། སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་བཞི་ལས། དང་པོ་གཟུང་བ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གིས་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བ་གསུམ་ལས། དང་པོ་འདུན་པའི་སྟོབས་ཀྱིས་འཛིན་པ་ནི། དང་པོར་རྨི་ལམ་གཟུང་བ་དང་། ཞེས་པ་དྲན་པ་རྒྱུན་ཆག་འདུན་པ་རྗེས་འབྲང་དུ་བྱེད་པ་སྟེ། དེའང་ཉིན་པར་གྱི་གནས་སྐབས་ཐམས་ཅད་དུའང་། རྨི་ལམ་ཡིན་སྤྱད་དགོས་སྙམ་པའི་དྲན་པ་དང་། ནུབ་མོ་ཉལ་ཁར་བླ་མ་ལ་རྨི་ལམ་ཟིན་པའི་གསོལ་བ་བཏབ། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཡིད་ལ་དྲག་པོ་བསྒོམས་པས་ངེས་པར་ཟིན་ཏེ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། འདུན་པའི་རྩ་ལ་རབ་ཏུ་གནས། ཞེས་སོ། །གཉིས་པ་རླུང་གི་སྟོབས་ཀྱིས་འཛིན་པ་ནི། གཞོགས་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་ཀྱིས་ཉལ། ལག་གཡས་པའི་མཐེབ་སྲིན་གྱིས་མགྲིན་པའི་རྩ་འཕར་བ་མནན། མཛུབ་མོས་སྣ་དམ་པོར་བཀག །མཆིལ་མ་མགྲིན་པར་བསྐྱིལ་ལོ། །གསུམ་པ་དམིགས་པའི་སྟོབས་ཀྱིས་འཛིན་པ་ལ། དངོས། སྤོགས་ཆོག །འབྱམས་གཅོད་པ་ལས། དངོས་ནི། རང་ཉིད་ལྷར་བལྟས་པའི་མགྲིན་པའི་དབུས་སུ་གསུང་རྡོ་རྗེའི་ངོ་བོ་ཨཱཿཡིག་དམར་པོ་གསལ་བཏབ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་སྒྱུ་མར་བསྒོམས་པས་ཟིན་པར་འགྱུར་རོ། །སྤོགས་ཆོག་ནི། སྲོད་ལ་ཁ་རྩང་གི་དམིགས་པ་དེ་ཀས་འཛིན། ཐོ་རངས་རླུང་བུམ་པ་ཅན་བདུན། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཐེངས་བཅུ་


LT19_Page_041A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དམིགས་པ་སྨིན་མཚམས་སུ་རུས་པའི་ཐིག་ལེ་དཀར་པོ་ལ་སེམས་གཏད་དོ། །ཁྲག་ཤས་ཆེ་ན་དམར་པོ་དང་། རླུང་ཤས་ཆེ་ན་ལྗང་ཁུར་བསྒོམ། དེས་མ་ཟིན་ན། སྲོད་ལ་དེ་ཀ་བསྒོམ། ཐོ་རངས་རླུང་ཉི་ཤུ་རྩ་གཅིག །འདུན་པའང་ཉེར་གཅིག །དམིགས་པ་གསང་བའི་སྣ་རྩེར་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་ཤེས་པ་གཏད་པས་ཟིན་པར་འགྱུར་རོ། །འབྱམས་གཅད་པ་ནི། སད་འབྱམས་ནི། རྨི་ལམ་ཟིན་ཀྱང་སྤྱད་དགོས་བསམ་པ་དང་འཕྲལ་དུ་སད་པའོ། །དེ་ལ་ཟས་བཅུད་ཅན་བསྟེན། ལུས་ངལ་དུབ་ཀྱི་ལས་བྱས་པས་གཉིད་ཆེ་བར་འགྱུར་རོ། །དེས་སེལ་ལོ། །དྲེད་འབྱམས་ནི། སྔར་གྱི་རྨི་ལམ་ཡོང་བཞིན་པ་ཞིག་གཏན་དུ་རྨིས་ནས་འགྱུར་དུ་མ་འདོད་པ་སྟེ། དེ་ལ་ཡང་ཡང་དུ་རྨི་བ་དེ་བསྒོམ། ད་རྨི་ལམ་སྦྱང་བར་བྱའོ་སྙམ་པའི་འདུན་པ་ལ་འབད། སྨིན་མཚམས་ཀྱི་ཐིག་ལེ་དང་རླུང་སྦྱོར་རོ། །རྡུགས་འབྱམས་ནི། རྨི་ལམ་མང་པོ་རྨིས་པ་ལ་ཡེ་དྲན་པས་མ་ཟིན་པ་དང་། གྲིབ་དང་མི་གཙང་བ་ལ་འཛེམ། ཏིང་ངེ་འཛིན་གྱི་དབང་བླང་། གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་དེས་སེལ་ལོ། སྟོང་འབྱམས་ནི། རྨི་ལམ་རྨི་རུ་ཡེ་མ་འདོད་པ་སྟེ། དེ་ལ་གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་དང་རླུང་བསྒོམ། ཁྱད་པར་ཚོགས་གཏོར་གྱིས་དཔའ་བོ་མཁའ་འགྲོ་མཉེས་པར་བྱའོ། །གཉིས་པ་སྦྱང་བ་ནི། དེ་ནས་སྦྱང་ཞིང་ཞེས་པ། རྨི་ལམ་དུ་མེ་ལྟ་བུ་རྨིན། རྨི་ལམ་གྱི་མེ་ལ་འཇིགས་སུ་ཅི་ཡོད་སྙམ་ནས་དེའི་སྟེང་དུ་མཆོད་པ་སོགས། གང་རྨི་བ་ལ་ཐོག་བརྫིས་གཏང་ཞིང་། དེ་ལ་གོམས་ནས་ཞིང་ཁམས་སྣ་ཚོགས་པ་བལྟ་བར་བྱའོ། །དེ་ལ་ཉལ་ཁར་མགྲིན་པའི་དབུས་སུ་ཐིག་ལེ་དམར་པོའི་ནང་དུ་གང་བལྟ་འདོད་བའི་ཞིང་ཁམས་དེའི་ཡོན་ཏན་ཐམས་ཅད་གསལ་བར་ཤར་བར་མོས་ཏེ་སེམས་བཟུང་བས། དགའ་ལྡན་ནམ། བདེ་བ་ཅན།


LT19_Page_041B
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དགའ་བ་ལ་སོགས་པ་གང་འདོད་པའི་ཞིང་ཁམས་མཐོང་བ་འབྱོངས་པའི་ཚད་དོ། །གསུམ་པ་སྒྱུ་མར་བསླབ་པ་ནི། སྒྱུ་མར་བསླབ་པ། དེ་ཚེ་ཡང་སྤང་བ་དང་། ཞེས་པས། མ་རྨི་ན་ཆུར་སྤྲུལ་པ་གོ་ཟློག་གི་གཉེན་པོ་དང་། ཆུང་དུ་རྨི་ན་ཆེན་པོར་སྤྲུལ། ཆེན་པོ་ཆུང་ངུར་བསྒྱུར་བ་སྟོབས་ཆེ་ཆུང་དང་། གཅིག་རྨི་ན་མང་པོར་བསྒྱུར། མང་པོ་གཅིག་ཏུ་སྡུད་བ་ལ་གོམས་ན། རྨི་ལམ་དུ་རང་གི་ལུས་དང་གང་མཐོང་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསྒོམས་པ་དེ་ལྟར་དུ་ཤར་བ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་བསྒོམ་པ་ནི། ཁོ་ན་ཉིད་དོན་བསྒོམ་པའོ། །ཞེས་པས། རྨི་ལམ་གྱི་སྣང་བ་གང་མཐོང་ལྟར་མཐོང་ནས་རྨི་ལམ་གྱི་བག་ཆགས་དག །ལྷའི་སྐུ་ལ་སེམས་བཟུང་ནས་མ་བཅོས་པར་མཉམ་པར་གཞག་པས་ལྷའི་སྣང་བ་དེ་ཉིད་དམིགས་པ་མེད་པའི་ངང་དུ་ཞི་ནས་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་གྱི་འོད་གསལ་འཆར། དེ་ལ་གོམས་པར་གྱུར་ན་གཉིད་ལོག་པ་དང་། སད་པ་ཁྱད་པར་མེད་པ་སྣང་པ་ཐམས་ཅད་འོད་གསལ་དུ་འཆར་བས་སྣང་སེམས་འདྲེས་པར་འགྱུར་རོ། །བཞི་པ་འོད་གསལ་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་གསུམ་ལས། དང་པོ་གཞིའི་འོད་གསལ་ནི། འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུར་རང་ཤེས་བྱ། །ཞེས་པས། ཡུལ་དམིགས་པ་མེད་པའི་བདེ་བ་ཆེན་པོ། ཡུལ་ཅན་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་དངོས་པོའི་གནས་ལུགས་དེ་ལ་རང་བཞིན་གྱི་འོད་གསལ་ཞེས་བྱའོ། །གཉིས་པ་ལམ་གྱི་འོད་གསལ་ལ་ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་གསུམ་ལས། དང་པོ་ཉིན་མོ་ལམ་དང་རང་


LT19_Page_042A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཅིག་ཏུ་བསྲེ་བ་ནི། དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། ཞེས་པ་ཆོས་ལྔ་སྟེ། སྔོན་དུ་གང་འགྲོ་ན་བླ་མ་འགྲོ། དཔེ་བུ་ཆུང་མའི་མངལ་ནས་སྐྱེས་མ་ཐག་པས་མཚོན། མཚམས་གང་གིས་སྦྱོར་ན་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། དེས་རྟོག་པ་སྔ་མ་འགགས་ཕྱི་མ་མ་སྐྱེས་པའི་བར་དུ་འཛིན། ལམ་དུ་ཏི་ལླི་པའི་ཆོས་དྲུག་གིས་སློད་སྟེ། དེ་ཡང་། མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབས་གཞག །དེ་ལྟར་བསྒོམས་པས་གང་སྣང་སྟོང་ཉིད་དུ་ཤར་བ་འོད་གསལ་ལྟ་བུ། རྟོག་པས་ཕྱིའི་སོ་མཚམས་སུ་སེམས་ཀྱི་གནས་ལུགས་སྒྲིབ་མེད་དུ་ཤར་བ་འོད་གསལ་མ། དེ་ངོ་ཤེས་པ་འོད་གསལ་མ་བུ་འདྲེས་པའམ། ལམ་དང་རང་བཞིན་གཅིག་ཏུ་འདྲེས་པ་ཞེས་བྱའོ། །གཉིས་པ་མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ནི། སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། ཞེས་སམ། ཕུང་པོ་ལམ་དང་སྐྱེ་མཆེད་དབང་སོགས་ལ། ཤེས་པ་གཉིས་པོས་དེང་འདིར་རབ་བསྡུས་ནས། །སྟོང་ཆེན་གྱུར་པ་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། ཞེས་པས། སྔོན་དུ་གཉིད་མཐུག་པོ་འགྲོ། དཔེ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པས་མཚོན། མཚམས་གཉིད་དུ་འགྲོ་བའི་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། ངོས་ཉིན་པར་གྱི་རྟོག་པ་འགགས་རྨི་ལམ་གྱི་སྣང་བ་མ་བྱུང་བའི་བར་དུ་འཛིན། ལམ་དུ་བསམ་གཏན་གཉིད་དང་བསྲེ་བའི་གདམ་ངག་གིས་སློང་སྟེ། དེའང་བླ་མ་ལ་འོད་གསལ་ཟིན་པའི་གསོལ་བ་བཏབ། འདུན་པ་དྲག་པོ་གཏང་། ཉལ་དུས་གཞོགས་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་བཞིན་ཉལ། ལུས་ལྷར་བསྒོམས་པའི་སྙིང་པདྨ་འདབ་མ་བཞིར་གྱེས་པའི་དབུས་སུ་


LT19_Page_042B
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་གསལ་བཏབ། གཉིད་དུ་ཐིམ་ཐིམ་འགྲོ་བའི་ཚེ་སྣང་གྲགས་ཐམས་ཅད་རང་ལ་ཐིམ། དེ་པདྨ་འདབ་བཞི་ལ། དེ་ནས་གཉིད་ཀྱིས་ཆེར་བཟི་པའི་ཚེ་མདུན་གྱི་ཨ་ལ་ཐིམ། དེ་གཡས་ཀྱི་ནུ། དེཏ། དེ་ར་ལ། དེ་ཧཱུྃ། ཧཱུྃ་གི་ཞབས་ཀྱུ་ཧ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་མི་དམིགས་པས་འོད་གསལ་ལ་གནས་པར་བསམས་ནས་ཉལ་བ་རྗེས་གཞིག་གི་རྣལ་འབྱོར། ཡང་ན་ཨ་ནུ་ཏ་ར་བཞི་ལམ་མེ་བའི་དབུས་ཀྱི་ཧཱུྃ་ཡིག་འབའ་ཞིག་ལ་སེམས་གཏད་པ་རིལ་འཛིན་ནོ། །དེ་ལྟར་གཉིད་མ་ལོག་པའི་གནས་སྐབས་སྣང་བ། གཉིད་ཀྱིས་བཟི་བ་མཆེད་པ། གཉིད་དུ་སོང་བ་ཐོབ་པ། དེ་ནས་གཉིད་འཐུག་པོའི་འོད་གསལ་འཆར་བ་འོད་གསལ་མ། ཐིམ་རིམ་ལ་དམིགས་རྟེན་བཅས་སེམས་མ་བཅོས་པར་གཞག་པས་ཐིམ་རིམ་སྟོང་པར་ཤར་བ་བུ་དཔེ་སྔར་འདྲིས་ཀྱི་མ་དང་འཕྲད་པ་བཞིན་གཞིའི་འོད་གསལ་ངོ་ཤེས་པ་འོད་གསལ་མ་བུ་འདྲེས་པ་ཞེས་བྱའོ། །གསུམ་པ་བར་དོར་བཤད། གསུམ་པ་འབྲས་བུའི་འོད་གསལ་ནི། འོད་གསལ་ལས་ཤེས་བཞིན་དུ་དག་པའི་སྒྱུ་ལུས་ཆུ་ལས་ཉ་ལྡང་བའམ། གཉིད་ལོག་པ་ལས་སད་པ་ལྟ་བུར་བཞེངས་པའི་རྡོ་རྗེ་འཛིན་པ་ནི་སྦྱོང་གཞི་སྦྱོང་བྱེད་ཡོད་པ་སློབ་པའི་ཟུང་འཇུག་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཉིས་ཡིན་ལ། གཟུགས་ཕྲ་རེག་ན་ཡང་བ་དང་། ཁྱབ་དང་ཡང་དག་ཐོབ་པ་དང་། རབ་ཏུ་སྣང་དང་བརྟན་པ་དང་། དབང་སྒྱུར་འདོད་དགུར་སྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། ཅེས་སོ། སྦྱང་གཞི་སྦྱོང་བྱེད་ཟད་པ་ནི་མི་སློབ་པ་འབྲས་བུའི་རྡོ་རྗེ་འཆང་ཆེན་པོ་རྫོགས་པའི་སངས་རྒྱས་ཏེ། སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། ཅེས་སོ། །ལྔ་པ་བར་


LT19_Page_043A
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ལ། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར། གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་དང་གསུམ་ལས། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར་ནི། སྣང་བ་ཐིམ་དང་རགས་པ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་སུ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་པ་སྔོན་དུ་འཆི་བ་འགྲོ། དཔེ་སྟོན་གནམ་དྲི་མ་མེད་པས་མཚོན། མཚམས་འཆི་ཀའི་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། ངོས་ཚེ་འདིའི་རྟོག་པ་འགགས་ཕྱི་མའི་རྟོག་པ་མ་ཤར་བར་དེར་འཛིན། ལམ་དུ་ལམ་དང་རང་བཞིན་གཅིག་ཏུ་བྱེད་པའི་གདམ་ངག་གིས་སློང་སྟེ། དེ་ཡང་། མིག་སོགས་དབང་པོ་ལྔའི་རླུང་ནང་དུ་ཐིམ་པས་གཟུགས་ཀྱི་སྣང་བ་ནུབ་པ། སྣང་བ་ཐིམ་པ། དེ་ནས་ས་ཆུ་ལ་ཐིམ། ལུས་ཀྱི་ཟུངས་ཤོར། ཆུ་མེ་ལ་ཐིམ། སྐོམ་ཞིང་ཁ་སྣ་བསྐམས། མེ་རླུང་ལ་ཐིམ། དྲོད་ཡལ། རླུང་རྣམ་ཤེས་ལ་ཐིམ། དེའི་ཚེ་སྡིག་ཅན་ལ་གནད་གཅོད་ཀྱི་སྡུག་བསྔལ་འབྱུང་། དགེ་བ་སྤྱོད་པ་ལ། ལྷ་དང་བླ་མ་ཌཱ་ཀིའི་བསུན་མ་འོང་། དེ་ནས་ཕྱི་དབུགས་ཆད་པ། རགས་པ་ཐིམ་པ། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པ་ཕྱིའི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ། སྣང་བའི་སྐབས། དེ་མཆེད་པ་ལ་ཐིམ། ཞེ་སྡང་གི་རྟོག་པ་སོ་གསུམ་འགག །ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས། དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཕྱི་རྟགས་ནག་ལམ་སྒྲ་གཅན་གྱི་སྣང་བ། ནང་རྟགས་བུམ་ནང་གི་མར་མེ་ལྟ་བུ།


LT19_Page_043B
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཉེར་ཐོབ། །དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགག །ཕྲ་བ་ཐིམ་པ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མ་མེད་པ་ལྟ་བུ། བཞི་པ་འོད་གསལ་གྱི་སྐབས། འཆི་སྲིད་ཀྱི་དངོས་གཞི། བར་དོ་མགོ་རྩོམ་པའི་ཐོག་མ་ཡིན་པས། གདམས་ངག་པ་རྣམས་ཀྱིས་བར་དོ་དང་པོ་ཞེས་བྱའོ། །ཉམས་ལེན་ནི། འཆི་ཀར་ཆགས་སྣང་གི་འཁྲི་བ་བཅད། ཐིམ་རིམ་གྱི་སྟེང་དུ་མ་བཅོས་པར་གློད་པས་ཐིམ་རིམ་ཤར་གྲོལ་དུ་སོང་བ་འོད་གསལ་བུ་དེའི་རྐྱེན་གྱིས་བཞི་པ་འོད་གསལ་ཤར་བ་མ། དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་རིག་པ་འོད་གསལ་མ་བུ་འདྲེས་པ་ཞེས་བྱ་སྟེ། འོད་གསལ་དེ་ལ་ནམ་འདོད་དུ་གནས་ནས། དེ་ནས་ལུགས་བཟློག་གི་སྣང་བ་གསུམ་གྱིས་ཟུང་འཇུག་གི་སྐུར་ལངས་སྤྱི་བོ་ནས་འཕོ་བ་ནི། སྦྱངས་པ་ཅན་སངས་རྒྱས་ཀྱིས་དང་། སྦྱངས་པ་ཅུང་ཟད་མན་པས་བཅུ་ཅི་རིགས་པའི་རྡོ་རྗེ་འཛིན་པར་འགྱུར་རོ། །གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར་ནི། སྟོང་པ་ཆེན་པོ། དེ་ནས་འདོད་ཆགས་གྱི་རྟོག་པ་བཞི་བཅུ་ལངས། མཆེད་པ་ཤར། ཤིན་ཏུ་སྟོང་པ། དེ་ནས་ཞེ་སྡང་གི་རྟོག་པ་སོ་གསུམ་ལངས། སྣང་བ་ཤར། སྟོང་པ་ཞེས་བྱ། དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་འདུ་བྱས་ཏེ་རྣམ་པར་ཤེས་པ་སྔར་གྱི་ཕུང་པོ་རྙིང་པའི་སྒོ་དགུ་གང་རུང་གི་ལམ་ལས་འཕོས་ནས་བར་དོའི་སྲིད་པར་གྲུབ་བོ། །དེ་ཡང་གང་དུ་སྐྱེ་འགྱུར་གྱི་སྲིད་པ་དེའི་ཤ་ཚུགས་ཀྱི་ཡིད་ལུས་དབང་པོ་ཀུན་ཚང་བ། མའི་མངལ་མ་གཏོགས་གང་ལའང་མི་ཐོགས་པ། བསམ་པ་ཙམ་གྱིས་སྟོང་གསུམ་བགྲོད་པའི་ལས་ཀྱི་རྫུ་འཕྲུལ་ཅན། བར་དོ་ནང་རིགས་མཐུན་པས་མཐོང་། ལྷའི་མིག་གིས་མཐོང་། ཟས་སུ་དྲི་ཟབ། ཉི་ཟླ་མི་སྣང་བས། སྣང་བའང་མིན། མུན་པའང་མ་ཡིན་པས། སྣང་མུན་འོད་ཀྱི་


LT19_Page_044A
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ། དེ་ཡང་ཕྱེད་དང་བཞིའི་ཞག་ཚུན་བརྒྱལ་ཐབས་སུ་གནས། དེ་ནས་ཤི་བར་ངོ་ཤེས་པས་ཤིན་ཏུ་མྱ་ངན་ཆེ་བ་ཞིག་འབྱུང་། དེའི་དུས་བར་དོ་ལ་བར་དོར་ངོ་ཤེས་པ་ཡོད། དེའི་སྔོན་ལ་བརྒྱལ། ཕྱི་ནས་འཁྲུལ་སྣང་ཤས་ཆེ་བའི་ཕྱིར། དུས་དེ་ཁོ་ནར་བར་དོའ་གདམས་ངག་དྲན་དགོས་པས་དུས་ཀྱིས་ཞེས་བྱའོ། །ལམ་ཁྱེར་ནི། དེ་ལ་སྲིད་པའི་བར་མ་དོར། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །ཞེས་པས། ཤི་བར་ངོ་ཤེས་པ་དང་། རང་ལུས་ལྷར་བསྒོམ། དེ་ནས་རྗེས་གཞིག་གམ། རིལ་འཛིན་དྲན་པས་འོད་གསལ་དུ་ཆུག །དེ་ནས་ལུགས་བཟློག་གི་སྣང་བ་གསུམ་རྒྱུར་བྱས་པའི་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་དུ་བཞེངས་པའི་སངས་རྒྱས་ཡིན་ནོ། །གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་ནི། བར་དོ་གཉིས་པར་ལམ་མཆོད་ན་འཇིགས་པའི་སྒྲ་བཞི་ཞེས་པ་ས་རླུང་ལས་རི་ཉིལ་བ་ལྟ་བུའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་རླབས་འཆོས་པའི་སྒྲ། མེ་རླུང་ལས་ནགས་ལ་མེ་མཆེད་པའི་སྒྲ། རླུང་གི་རླུང་ལས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་འབྱུང་། དེ་ལ་ཞེད་ནས་བྲོས་པས་གང་དུ་ཚུད་པ་དེ་མངལ་ཡིན། ཉམ་ང་བའི་གཡང་ས་གསུམ་ནི། དཀར་དམར་ནག་པོའི་གཅོང་གཡང་དེ་གང་རུང་ལ་ལྷུང་བ་དེ་མངལ། རྣམ་བྱང་གི་ལམ་དཀར་པོ་ལ་སོགས་པ་འོད་ལྔའི་ལམ། དེར་ཕྱིན་པས་མངལ་དུ་ཆུད། གཞན་ཡང་ཐིག་ལེ་ཐིག་ཕྲན་འཆར་བ་ཆར་དྲག་པོས་འདེད་པ། ཁྲོ་བོ་ཁྲོ་མོས་འཇིགས་སྔངས་སྟོན་པ་ལ་སོགས་པ་འབྱུང་། སྲོག་གཅོད་པའི་གཤེད་མས་ཁྲིད་པ་དང་། ལྕགས་ཁང་དུ་ཚུད་པ་དམྱལ་བ། སྡོང་དུམ་དང་ས་སྐྱིབས་སུ་ཡིབས་པ་ཡི་དྭགས་དང་དུད་འགྲོ། ངང་པས་བརྒྱད་པའི་མཚོར་བྱིང་བ་ཤར་གླིང་། བ་གླང་གིས་བརྒྱན་པ་ནུབ་གླིང་། རྟས་བརྒྱན་པ་བྱང་གླིང་དུ་སྐྱེ། ཁང་


LT19_Page_044B
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཕ་མའི་འདུ་འཕྲོད་མཐོང་བ་ལྷོ་འཛམ་བུ་གླིང་། ལྷའི་གཞལ་མེད་ཁང་མཐོང་ནས་ནང་དུ་ཚུད་པ་ལྟར་སྐྱེ་བའི་མཚན་མ། འཁྲུལ་པའི་སྣང་བ་ཤས་ཆེ་བས་མངལ་འཚོལ་བས། དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་ཞེས་བྱའོ། །ཉམས་ལེན། ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་པས་མཚམས་སྦྱར་ཏེ། །མངལ་སྒོ་འདམ་པའི་སྦྱོར་བ་བྱ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། ཞེས་པ། འཇིགས་སྐྲག་སོགས་སྣང་བ་ཐམས་ཅད་སྒྱུ་མར་དྲན་ན་མངལ་ངན་པ་འགག །སྟོང་པ་དང་། བླ་མ་ཡི་དམ་དུ་དྲན་ན་མངལ་ངན་པ་འགག །དེ་ནས་མངལ་བཟང་པོ་རིགས་ཆེ་ཞིང་མཐོ་བ་འབྱོར་པ་དང་ལྡན་པ། ཆོས་སྤྱོད་པའི་སྐལ་པ་ཡོད་པར་བསམས་བཞིན་དུ་ལུས་ལེན་པ་སྐྱེ་བ་སྤྲུལ་པའི་སྐུ་ཞེས་བྱ་ལ། སྦྱངས་པ་ཆེ་བས། འོད་གསལ་མངོན་དུ་མ་བྱས་ཀྱང་། དག་པའི་ཞིང་བདེ་བ་ཅན་མངོན་དགའ་ལ་སོགས་པར་སྐྱེས་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དྲུག་པ་འཕོ་བ་ལ། རབ་ཆོས་སྐུར་འཕོ་བ། འབྲིང་ལོངས་སྐུ། ཐ་མ་སྐྱེ་བ་འཛིན་པ་གསུམ་མོ། དང་པོ་རབ་ཆོས་སྐུར་འཕོ་བ་ནི། བར་དོ་དང་པོ་ལ་འོད་གསལ་མངོན་དུ་བྱས་པ་དེའོ། །གཉིས་པ་འབྲིང་ལོངས་སྐུར་འཕོ་བ་ནི། བར་དོར་ཟུང་འཇུག་གི་སྐུར་བཞེངས་པའོ། །གསུམ་པ་ཐ་མ་སྐྱེ་བ་འཛིན་པ་ལ་བྱའོ། །དེ་གསུམ་ཀ་འབྲས་བུར་བཞག་པས། ལམ་ཁྱེར་གྱི་གདམས་ངག་བསྒོམ་བྱ་ལ་ཁྱད་ཞུགས་བ་མ་ཡིན་པས། འདིར་རྣམ་ཤེས་བླ་མའི་འཕོ་བ་ཞེས་བྱ་བ་སྟོན་ཏེ། བུམ་པ་སྔོན་དུ་བརྩམས་ནས་ནི། ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིགས་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །ཡར་ལྡོག་མར་ལྡོག་ས་བོན་གྱི། །སྦྱོང་བ་


LT19_Page_045A
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །དུས་ལ་བབ་ན་འཕོ་བྱ་སྟེ། ཞེས་པས། སྦྱང་བ་དང་ལས་ལ་སྦྱར་བ་གཉིས། དང་པོ་སྦྱང་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད། རང་རྗེ་བཙུན་མ་སྟོང་རར་བསྒོམ། ལས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁང་སྟོང་གི་ཀ་བ་ལྟ་བུའོ་གཟུམ་པ། སྟེང་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུར་བསམ་པའི་གཙུག་ཏུ། བླ་མ་རྡོ་རྗེ་འཆང་སྟོང་རའི་སྐུའི་ནང་དུ་ཡེ་ཤེས་ཀྱི་རྩ་དབུ་མ་དང་། རང་གི་གཉིས་ཁ་སྦྱར་དུ་བསམ། བླ་མའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་དང་། རང་གི་སྙིང་གར་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྤུས་བྲིས་པ་ལྟ་བུར་བསམ། རླུང་བུམ་པ་ཅན་བསྒོམ། བླ་མའི་ཐུགས་ཀའི་ཧཱུྃ་ཡིག་གི་ཞབས་ཀྱུ་ནར་གྱིས་བརྐྱང་། སྙིང་གའི་རྣམ་ཤེས་ཀྱི་ངོ་བོ་ལ་འཁྲིལ་ནས་གྱེན་དུ་དྲངས་པར་བསམ། རླུང་ཕྱིར་འབུད་པ་དང་ཧིག་གི་སྒྲས་དབུགས་ཐེངས་གཅིག་ལ་ཉེར་གཅིག་སྡངས་སྟབས་སུ་བྱའོ། །དེས་ཧཱུྃ་སྤྱི་བོར་སླེབ་པར་བསམ། ཀས་འཐུར་དུ་ཕབ། རྟགས་མ་བྱུང་བར་དུ་སྦྱང་། གཉིས་པ་ལས་ལ་སྦྱར་བའི་ཚེ། བླ་མའི་ཐུགས་ཀར་ཐིམ། བླ་མ་འོག་མིན་དུ་གཤེགས་བསམ་དུ་མེད་པའི་ངང་ལ་གཞག་གོ །པུ་རི་བྱང་ཆུབ་སྙིང་པོའི་སྤོར། །མངའ་རིས་གངས་དཀར་གྱི་ལྷ་བཙུན་ཆེན་པོ། གཞན་ཕན་བཟང་པོས་བསྐུལ་ནས། དགེ་སློང་མཁས་པ་པདྨ་དཀར་པོས་སྦྱར་བའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག


LT19_Page_046A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་བཞུགས་སོ། །


LT19_Page_046B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙཱ་རྱ་དྷརྨ་སྱ་གཱི་ཏི་ནཱ་མ་བྷཱུ་ཏ་ས་མ་རས། བོད་སྐད་དུ། སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །འདོད་ཆགས་ཆེན་པོའི་རྗེས་ཆགས་ཀྱིས། །འདོད་ཆགས་ཆེན་པོའི་རང་བཞིན་ཕྱིར། །ཆགས་མེད་ཏིང་འཛིན་ལ་གནས་ཏེ། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་ལ་ཕན་པའི་དོན་དུ་ནི། །ཨ་ཝ་དྷཱུ་ཏིའི་སྤྱོད་པ་བཤད། །དམན་དང་འབྲིང་དང་མཆོག་རྣམས་ལ། །གཞན་རྣམས་གང་རྣམས་དེ་རྣམས་ཀྱང་། །རོ་སྙོམས་དེ་ཉིད་བསྒོམ་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །ཆོས་རྣམས་ཀུན་ལ་མཉམ་བྱུང་བ། །དེ་ཉིད་སྤྱོད་པ་གང་ན་མེད། །ཅི་གསུང་རྣམ་པ་སྣ་ཚོགས་པའི། །སྤྱོད་པ་བླ་ན་མེད་པ་ཡི། །ཀུན་བཟང་མཚུངས་པ་མེད་པ་འགྲུབ། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །


LT19_Page_047A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །རྟོག་པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བ་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་མེད་ན་གྲོལ་འགྱུར་ཞིང་། །གནས་མེད་དྲི་མེད་ཞི་བ་ཉིད། །དེ་ཕྱིར་རྟོག་པའི་དྲག་ཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང་། །དེ་ནི་རྟག་ཏུ་གོམས་པར་བྱ། །དབང་པོ་གང་དང་གང་ལ་ཉིད། །དེ་དང་དེ་ཡི་རང་བཞིན་ལས། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་ཤིན་ཏུ་མཉམ་བཞག་ཉིད། །རྣམ་རྟོག་བདེན་པ་མ་ཡིན་པས། །རིན་ཆེན་སེམས་ནི་དྲི་མར་ཕྱང་། །ཐོག་མ་མེད་པའི་སྲིད་རྒྱུན་ལས། །ཕྱི་ཡི་དོན་དུ་རྟོགས་པ་སྟེ། །ཐམས་ཅད་སེམས་ཀྱིས་རྣམ་སྤྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། །སེམས་དག་པས་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཇོམས། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་བཞན་ནས་བསྟན་དུ་མེད། །རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་


LT19_Page_047B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །གནས་མེད་གནས་པ་ཞེས་བྱ་བ། །ནམ་མཁའི་རང་བཞིན་འདི་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱི་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །བདེ་བ་གང་གིས་མི་ཤེས་པས། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ཉིད་དུའོ། །སྐྱེ་བོ་མི་བཟད་བ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་། །དཔག་མེད་དོན་གྲུབ་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང་། །འདོད་ཆགས་ཕྲག་དོག་བདེ་བའི་བདག །དྲན་པ་མི་འཕྲོག་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱི་གར། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །བརྡ་དང་བརྡ་ཡི་ལན་གྱིས་རོལ། །རྡོ་རྗེ་ཐོད་བའི་སྦྱོར་བ་ཡིས། །བཟའ་དང་བཏུང་བ་ལ་སོགས་སྤྱད། །ལེགས་པར་གླུ་བླང་གར་ཡང་བྱ། །ཡང་ཡང་རྡོ་རྗེས་འདོད་པ་བྱ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ལྟ་སྟངས་བཞི་པོ་བསྒྲུབ་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །བསྒྲུབ་བྱའི་ལྟེ་བ་རྩ་བ་ནས།


LT19_Page_048A
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཅན་གྱི་ལག་པས་འདོན། །དངོས་པོའི་མཚན་ཉིད་མི་ཕྱེད་པའི། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་བསྒྲུབ། །ཡང་ན་རིགས་ནི་རྣམ་པ་ལྔ། །འདོད་ཆགས་ཞེ་སྡང་གཏི་མུག་གི། །རྡོ་རྗེ་རྣམ་པ་གསུམ་དུ་འགྱུར། །མི་བསྐྱོད་ཞེ་སྡང་གཟུགས་ཅན་ཉིད། །ཐུགས་ཀྱི་བདག་པོ་རིགས་གཅིག་གོ །གང་དང་གང་གི་བསམ་པ་ཡིས། །མི་རྣམས་ཀྱི་ནི་ཡིད་སྦྱང་ན། །དཔེ་ནི་དེ་ཡི་སྔོན་འགྲོ་བ། །ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །དངོས་གྲུབ་གལ་ཏེ་མི་སྟེར་ན། །དེ་ཚེ་མཁའ་འགྲོ་མ་བཞི་ཡིས། །སངས་རྒྱས་རྣམས་ལ་སྟོབས་ཀྱི་བསྒྲུབ། །གསང་བའི་སྦྱོད་པར་གནས་ནས་ནི། །བློ་གྲོས་ཆེན་པོས་བྱ་བ་བྱ། །སྤྱོད་པས་ཕ་རོལ་ཕྱིན་པ་ཉིད། །གང་གི་རིང་གནས་རྡོ་རྗེ་ནི། །རྣལ་འབྱོར་ཡེ་ཤེས་ཐེ་ཚོམ་མེད། །རོ་ཡི་ཐལ་བ་བགོ་བྱ་ཞིང་། །རོ་ཡི་གོས་ཀྱང་བགོ་བར་བྱ། །ཞེན་པ་མེད་པའི་སེམས་ཀྱི་བསུ། །ཁ་དོག་བཅོས་མའི་རས་རྙིང་བགོ །གུ་ཛ་ན་ལ་སོགས་པ་ཡི། །འབྲས་བུའི་འཕྲེང་སོགས་ཀྱིས་བརྒྱན་བྱ། །འཇམ་པའི་རྡོ་རྗེས་བདག་དབང་བསྐུར། །རི་བོ་དང་ནི་བཞི་མདོ་དང་། །གླིང་གཅིག་ཆུ་འགྲམ་ཐང་ཆེན་དང་། །དེ་བཞིན་དབེན་པ་བས་མཐའ་དང་། །རི་བོའི་སུལ་དང་རྩེ་མོ་དང་། །པདྨའི་ཚལ་ནི་ཡིད་འོང་དང་། །རྫིང་བུ་ཆུ་ངོགས་ཡུལ་རྣམས་དང་། །ཚང་ཚིང་ཕུག་དང་རྒྱ་མཚོའི་འགྲམ། །གདོད་ནས་དག་པའི་དུར་ཁྲོད་ཆེ། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །དུར་ཁྲོད་ཕྲུ་ཆག་ཐོབས་ནས་ནི། །མཚན་དུས་གསང་སྟེ་རྒྱུ་བར་བྱ། །སྔགས་པས་དེར་བསྒོམ་ཤིས་པར་མཛད། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཤིན་ཏུ་མཉམ་གཞག་རབ་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །གཉིད་ནི་སྤང་བར་མི་བྱ་སྟེ།


LT19_Page_048B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྣམས་ཀྱང་མི་དགག་གོ །མཁའ་འགྲོ་མ་སོགས་གཏོར་མ་སྦྱིན། །ཇི་ལྟར་རྙེད་པ་བཟའ་བཏུང་ནི། །དེ་བཞིན་རྣལ་འབྱོར་པ་ཡིས་བཟའ། །གལ་ཏེ་བདག་ནི་བསྒྲུབ་འདོད་ན། །སླར་ཡང་བྱིས་པའི་སྤྱོད་པ་བྱ། །བཟའ་དང་བཟའ་མིན་ཇི་སྙེད་ནི། །སྨྱོན་པའི་བརྟུལ་ཞུགས་སྦྱོར་བས་བྱ། །འཇིགས་པ་ཐམས་ཅད་རྣམ་སྤངས་ནས། །གནས་དེར་ཤེས་རབ་ཅན་གྱིས་བསྒོམ། །ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །སེམས་ཅན་རྗེས་སུ་གཟུང་བྱའི་ཕྱིར། །བློ་དང་ལྡན་པས་རྒྱུ་བར་བྱ། །རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པ་རབ་སྦྱོར་བས། །རྣལ་འབྱོར་པ་ཡིས་བཀུག་ནས་བསྒྲུབ། ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བླངས་པར་ཡང་ལྷ་ཡིས་སྟེར། རྒ་དང་ནད་ལས་རྣམ་པར་གྲོལ། །ཡང་ནི་དཔལ་ལྡན་རྒྱལ་ཚབ་ཆེའི། །བརྟུལ་ཞུགས་སྤྱོད་པ་སྤྱད་པར་བྱ། །ཅུང་ཟད་དྲོད་ནི་ཐོབ་པ་ཡིས། །རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཏེ། །རྐང་པར་དེ་བཞིན་རྐང་གདུབ་བོ། །དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པ་ལ་ནི་རུས་པའི་འཕྲེད། བགོ་བ་སྟག་གི་པགས་པ་ཉིད། །ལུས་ནི་སྦྱིན་པར་སྦྱིན་ནས་ནི། །ཕྱིས་ནས་སྤྱོད་པ་ཡང་དག་བརྩམས། །སྐལ་དང་སྐལ་མིན་རྣམ་དཔྱད་ན། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །དེ་ལྟར་རྙེད་པ་རབ་ཏུ་བཟའ། །བཟའ་བ་མི་འཆི་བཅུ་ཕྱེད་དོ། །བཟའ་དང་བཟའ་མིན་རྣམ་པར་བཟའ། །བཏུང་དང་བཏུང་མིན་རྣམ་པར་བཏུང་། །མི་གཙང་ངོ་ཚ་རྣམ་པར་སྤང་། །ཧེ་རུ་ཀ་སྦྱོར་རྣལ་འབྱོར་གནས། །ཤིན་ཏུ་བཞིན་བཟངས་མིག་ཡངས་


LT19_Page_049A
[མ་དཔེ་གཟིགས་ན་འདིར་གནོན།]

མ། །རང་གི་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །བརྟུལ་ཞུགས་སྤྱད་ན་དངོས་གྲུབ་འགྲུབ། །ཤེས་རབ་ཁ་ཊྭཱཾ་ག་གཟུགས་ཅན། །ཐབས་ཀྱི་རང་བཞིན་ཌ་མ་རུ། །ཅང་ཏེའུའི་སྒྲ་ནི་བཟླས་པ་སྟེ། །སེམས་ཅན་ཐམས་ཅད་མགྲོན་གཉེར་བ། ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །རྡོ་རྗེ་བཟླས་དང་བསྒོམ་པ་ཡིན། །ཐོད་པ་ཅན་དུ་རང་གྱུར་པ། །བརྐམ་དང་རྨོངས་དང་དེ་བཞིན་འཇིགས། །ཁྲོ་དང་ངོ་ཚའི་བྱ་བ་ནི། །རྟག་ཏུ་རྣམ་པར་སྤང་བར་བྱ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤང་། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །མནར་མེད་ལ་སོགས་སྤང་བའི་ཕྱིར། །དད་པས་བླ་མར་མངོན་ཕྱག་བྱ། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་བ། །གཞན་གྱི་བཏུང་བས་བཟི་བ་མེད། །བསྟོད་ན་དགའ་བའི་སེམས་དཔངས་སྐྱེ། །ངན་སྨྲས་སྡིག་པ་གསོག་པ་ལ། །ཁོང་ཁྲོ་ལྡང་ན་སྤྱོད་པ་བཞག །ཆོས་བརྒྱད་མགོ་བོ་སྙོམས་གྱུར་ཅིང་། །མངོན་ཤེས་ནུས་པ་རྫུ་འཕྲུལ་གྱིས། །མི་དད་པ་དག་བཟློག་ནུས་ན། །སྤྱོད་པ་ཚད་ལ་བབ་པ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལས། །དབང་པོ་ཡུལ་དང་སྦྱོར་བ་ཡི། །རྣམ་ཤེས་རྣམས་ཀྱི་སོ་སོ་བ། །རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་དུ་ནི་ཆུ་ཟླ་བཞིན། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་སྟེ། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་


LT19_Page_049B
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཅན་ནོ། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་སྤྱད། །ཇི་ལྟར་བདག་བཞིན་སེམས་ཅན་ཉིད། །ཇི་ལྟར་སེམས་ཅན་དེ་བཞིན་བདག །རང་གིས་བྱང་ཆུབ་ཐོབ་བྱའི་ཕྱིར། །གཞན་གྱི་དོན་ལ་བརྟུལ་བྱས་ན། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ནི་བསྟན་པར་གནས། །ཆོས་དབྱིངས་རང་བཞིན་དུ་བསྒྲུབས་ན། །བདག་ཏུ་འཛིན་པ་ངེས་པར་སེལ། །སྤྲོས་བ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་ལྡན་ལྷན་ཅིག་གཅིག་གྱུར་བ། །ནམ་མཁར་ནམ་མཁའ་ཇི་ལྟ་བ། །ལྷ་སྲིན་གནོད་དང་འབྱུང་བ་བཞི། །འཕེལ་འཁྲུགས་ཟད་དར་ཚ་གྲང་དང་། །བད་ཀན་འདུས་པ་ཉོན་མོངས་ནད། །ལུས་ལ་འཐེམས་འཆུས་ལྷགས་དང་གསུམ། །ངག་ལ་ལོག་འཚུབས་སྟོར་དང་གསུམ། །ཡིད་ལ་འབྱམས་འདུས་ལྟེངས་དང་གསུམ། །དགུ་པོའི་འཕྲང་ལ་མ་བརྡུགས་ན། །སྒོམ་སྐྱོན་འབྱུང་བར་འགྱུར་མ་ཡིན། །འཐེམས་པ་ཤ་རུས་འཐེམས་པ་སྟེ། །ཆུ་སེར་ཚད་པ་འཕེལ་བར་འགྱུར། །རྩ་འཐེམས་རླུང་ཁྲག་བྱང་ཆུབ་སེམས། །འགྱུ་བའི་ལམ་ཆད་འཛག་པའང་འབྱུང་། །འཆུས་པ་དེ་དར་ཆམ་ཐུན་ཏེ། །འོན་ཀྱང་འཕྲལ་ལ་གསལ་བར་འགྱུར། །ལྷགས་པ་ཆུ་སེར་སྐྱ་སྦབ་སོགས། །ཡུན་རིངས་ལུས་ན་མཛེ་རུ་འགྱུར། །ལྦ་བ་ལ་སོགས་བེམ་པོར་རོ། །སྲོག་འཛིན་རླུང་ནི་སྙིང་ལ་གནས། །ལས་སུ་བདག་འཛིན་དྲན་རྟོག་སྐྱེད། །ལོག་ན་འདར་དང་སྨྱོ་སོགས་འབྱུང་། །མེ་དང་མཉམ་པ་ལྟེ་བར་གནས། །ཁ་ཟས་འཇུ་ཞིང་དྭངས་སྙིགས་འབྱེད།


LT19_Page_050A
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ན་སྦོ་ཞིང་འཁྲོག་དང་འཁྲུ། །ཐུར་དུ་སེལ་བ་གསང་བར་གནས། །སྒོ་གཉིས་སྡོམ་དང་འཕེན་བར་བྱེད། །ལོག་ན་དྲི་གཉིས་སྡོམ་དང་འཆོར། །གྱེན་དུ་རྒྱུ་བ་མགྲིན་པར་གནས། །སྨྲ་རྗོད་ལས་ཀུན་བྱེད་པར་འགྱུར། །ལོག་ན་མགྲིན་པ་སྐྲངས་དང་དིག །ཁྱབ་བྱེད་ལུས་ཀྱི་ཚིགས་ལ་གནས། །ལས་ནི་ཡན་ལག་འགུལ་སྐྱོད་བྱེད། །ལོག་ན་ཚིགས་བཞི་ན་བར་འགྱུར། །རྒྱུ་བ་མིག་གིས་གཟུགས་མཐོང་བྱེད། །རབ་ཏུ་རྒྱུ་བ་རྣ་བའི་སྒྲ། །ཤིན་ཏུ་རྒྱུ་བ་སྣ་ཡི་དྲི། །མངོན་པར་རྒྱུ་པ་ལྕེ་ཡི་རོ། །ཡང་དག་རྒྱུ་བ་པགས་པ་ཡི། །རེག་བྱ་ཉམས་སུ་མྱོང་བར་བྱེད། །འདི་རྣམས་གནས་སུ་ལོག་གྱུར་ན། །ཡུལ་ལྔ་རྣམ་པ་སྣ་ཚོགས་འབྱུང་། །སྟོད་དུ་འཚུབས་ན་མགོ་བོ་ན། །སྨད་དུ་འཚུབས་ན་རྒྱུ་ལོང་འཁྲོག །བར་དུ་འཚུབས་ན་རོ་རྒྱབ་གཟེར། །སྐྱོན་ཡོན་ཅི་ཡང་མ་བྱུང་ན། །སྟོར་བ་ཡིན་པས་བཙལ་བར་བྱ། །རྩ་དང་རླུང་གི་བྱེ་བྲག་གིས། །ལ་ལས་བརྒྱལ་ཞིང་འགྱེལ་བར་འགྱུར། །ལ་ལས་སྐྱུག་ཅིང་འཁྲུ་བར་འགྱུར། །ལ་ལས་སྡུག་བསྔལ་མྱ་ངན་སྐྱེ། །ལ་ལས་སྐྲག་ཅིང་དངངས་བར་འགྱུར། །སངས་རྒྱས་ཞིང་དང་དམྱལ་བའི་གནས། །མཐོང་སྣང་དཔག་ཏུ་མེད་པ་འབྱུང་། །རྒོད་ཅིང་ཀུ་ཅོ་འདོན་པ་དང་། །ལྐུགས་ཤིང་ཡན་ལག་རེངས་པ་དང་། །ཁོལ་བུར་ཤ་འཕྲིག་ལ་སོགས་འབྱུང་། །ཀུན་གྱི་བྱེ་བྲག་ཤེས་བྱ་སྟེ། །གེགས་སེལ་གནད་དུ་བསྣུན་པར་བྱ། །འབྱམས་པ་རི་གཟར་ཆུ་འབབས་འདྲ། །སྣ་ཚོགས་ཡུལ་ལ་འཐོར་པ་ཡིན། །འདུས་པ་བྱ་རྙིས་ཟིན་པ་འདྲ། །འདར་དང་འཕར་དང་དུ་སོགས་འབྱུང་། །ལྟེངས་པ་ཀོ་མའི་ཆུ་དང་འདྲ། །སེམས་ཀྱི་དྭངས་སྙིགས་མ་ཕྱེད་པས། །མི་གསལ་རྨུགས་པའི་རང་བཞིན་ཅན། །རྩ་


LT19_Page_050B
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སྒོམ་པའི་ལོག་རྣམས་ནི། །ཕལ་ཆེར་ལུས་གནད་རླུང་ལས་བྱུང་། །ཞི་གནས་ལོག་ནི་སེམས་ལས་སོ། །རང་བཞིན་ལོག་རྣམས་རྐྱེན་རེས་སློང་། །སྐྱོན་རྣམས་ངོ་ཡིས་མ་ཟིན་ན། །ལོག་གནོན་བྱེ་བྲག་དཔག་མེད་ཀྱང་། །མུན་པའི་འབེན་ལ་མདའ་འཕེན་འདྲ། །ལུས་སྐྱོན་དམིགས་པས་འཆོས་པ་ནི། །མགོ་ཆག་རྐང་པ་འཆིང་དང་མཚུངས། །རྩ་རླུང་དམིགས་པ་དེ་དང་འདྲ། །དེ་བས་མིག་དང་འདྲ་བ་ཡི། །མན་ངག་སྙིང་གི་སྐྱིལ་དུ་འཆང་། །རྣམ་རྟོག་ནད་ནི་གློ་བུར་བ། །བག་བཞི་ས་ལ་ལྷུང་པ་དང་། །ཤ་ཟད་རུས་ལ་གཏུགས་པ་དང་། །ཟས་ལ་ཞེན་པ་ལོག་པ་དང་། །ལྡང་འདུག་མེད་པར་ན་པ་དང་། །མཚང་ཅན་གནད་དུ་ཕོག་པ་དང་། །ཤེས་པ་གནས་ནས་འཁྱར་པ་སྟེ། །དྲུག་པོ་འདི་དག་མཁས་པས་སྤང་། །བླ་མ་ལ་གུས་གཏོང་ཕོད་ཆེ། །ལུས་སྟོབས་བརྟན་ཞིང་སྙིང་རུས་ཆེ། །དམིགས་པ་རྣོ་ཞིང་ཉམས་ལེན་བཟང་། །མི་མཐུན་ཕྱོགས་རྣམས་རྒྱན་དུ་ཤར། །དེ་ནི་བློ་གྲོས་ཅན་གྱིས་བསྟེན། །མི་བརྗེད་གཟུང་ཐོབ་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བསྟེན་བྱས། །ང་ཡི་རྟོགས་པ་ཁོ་ལ་ཡོད། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །རྟོགས་པར་འདོད་ན་ཁོ་ལ་ཐུག །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བརྒྱ་ཕྲག་བརྒྱ་ཡང་བསྟན། ། ཀླུ་སྒྲུབ་སུ་མ་ཏི། །སངས་རྒྱས་དང་ཡང་ངས་གཏམ་བྱས། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་དང་། །སྲོག་རྩོལ་རླུང་གི་བྱེད་པ་དང་། །དམིགས་པ་ཡིད་ཀྱི་ཏིང་འཛིན་གསུམ། །རྣལ་འབྱོར་པ་ཡིས་གསུང་བར་བྱ། །རྟོགས་ལྡན་རྣམས་ནི་ལྟ་བས་ཏེ། །དམིགས་པ་རྣོན་པོ་སྒོམ་པ་ཡིན། །རྩོལ་སྒྲུབ་དྲག་པོའི་འཁྲུལ་ཁོར་གྱིས། །སྦྱོར་བ་འཇོམས་པར་བྱེད་པ་ཡིན། །ནད་དང་གདོན་གྱི་བར་ཆད་ཀྱང་། །བསྡུ་


LT19_Page_051A
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྣམ་པར་རྟོག་པར་འདུས། །ན་ནའང་རྟོག་པ་དེ་ཉིད་ན། །གནོད་ནའང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །སངས་རྒྱས་ཆེ་བའི་ཡོན་ཏན་དང་། །འཁོར་བ་སྡུག་བསྔལ་རང་བཞིན་གཉིས། །རྟོག་པའི་ངོ་བོར་གཅིག་པ་སྟེ། །དཔེར་ན་ནམ་མཁའ་སྤྲིན་བཞིན་ནོ། །ཡོན་ཏན་ཉིད་ཀྱང་ཡལ་གྱུར་ན། །སྡུག་བསྔལ་རྟོག་བ་སུ་ཞིག་ལེན། །དེ་བས་རང་བཞིན་ཤེས་པར་ཡིས། །བླང་དོར་མེད་པར་སྤྱད་པར་བྱ། །ནད་ལ་སྨན་པ་མི་དགུག་ཅིང་། །གདོན་ལ་རིམ་གྲོ་མི་བྱ་སྟེ། །གཞན་གྱིས་ཕན་པའི་སེམས་སྤངས་ལ། །འཇིག་རྟེན་མི་དང་བློ་མི་བསྟུན། །རྒྱུན་ཆད་མེད་པར་གསོལ་བ་གདབ། །ལྟེམ་རྐྱང་མེད་ལར་ཉམས་སུ་བླང་། །ཁུ་འཁྲིག་མེད་པར་བརྟན་པའི་བློས། །རེ་དོགས་ཐག་པ་གཅད་པར་བྱ། །ཀུན་གྱི་རྩ་བ་འཛིན་པ་སྟེ། །འཛིན་པ་མེད་ན་ས་རྡོ་དང་། །ནམ་མཁའ་ལྟ་བུར་གནས་པ་ལ། །ན་བ་གང་ཡིན་བདེ་བ་གང་། །གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་བཞག །དེ་ལྟར་བདག་འཛིན་བོར་བྱས་པས། །རྟོག་པ་མཁའ་ལྟར་དག་གྱུར་ཏེ། །ནད་དང་གནོད་པ་གདོན་དང་གསུམ། །ནམ་མཁའ་ལྟ་བུར་བྱིན་རློབས་ན། །རང་སར་གྲོལ་བར་ཐེ་ཚོམ་མེད། །རེས་འགའ་ནམ་མཁའི་འཇའ་ཚོན་འདྲ། །གཟུགས་སྐུའི་རང་བཞིན་ཤེས་བྱས་ལ། །ཐོགས་མེད་རྡོ་རྗེ་ལྟ་བུའི་སྐུའི། །མཁའ་དང་མཉམ་པའི་ཞིང་ཁམས་གང་། །མཁའ་ལ་གྲགས་བའི་བྲག་ཆ་ལྟར། །སྒྲ་ཡི་


LT19_Page_051B
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཤེས་བྱས་ལ། །གསང་སྔགས་རྡོ་རྗེའི་འབྲུག་སྒྲ་དང་། །འོད་ཀྱིས་ནམ་མཁའ་གང་བར་བྱ། །རྟོགས་པ་ལྟ་བའི་གདིང་ཚད་དང་། །བསྐྱེད་རིམ་ལྷ་ཡི་ང་རྒྱལ་དང་། །བརྗོད་པ་སྔགས་ཀྱི་ནུས་པ་ཡིས། །རིག་པའི་བརྟུལ་ཞུགས་བསྐྱེད་པར་བྱ། །ནད་དང་གདོན་གྱི་དངོས་པོ་དེ། །གང་ནས་བྱུང་ཞིང་གང་ལ་གདོན། །གང་དུ་འགྲོ་བ་བལྟ་བྱས་ལ། །མ་རྙེད་པ་དང་ངང་ལས་གཞག །ཡང་ཅིག་ལྡང་བར་བཟོ་བ་དང་། །ད་རུང་གཞི་རྩ་གཅད་པར་བྱ། །སྔར་མ་རྙེད་པའི་ནད་དང་གདོན། །ཕྱི་ནས་འབྱུང་བ་ག་ལ་འགྱུར། །དེས་ཀྱང་མ་བདེ་ལྡང་གྱུར་ན། །བཟློག་པ་གནད་དུ་བསྣུན་པར་བྱ། །ཇི་ལྟར་རླུང་ནད་ལྡན་པ་ལ། །སྲན་མའི་བཟའ་བ་སྦྱིན་པར་བྱ། །རླུང་གིས་རླུང་ནི་འཇོམས་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ལ་བདུག་པར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུང་པ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པ་སྨན་དུ་ཤེས་པར་བྱ། །བཟློག་པའི་སྒོམ་པ་དེ་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དེ་ལྟར་སྙོན་པའི་བ་མ་ལ། །དད་གུས་བསྐྱེད་ཅིང་གསོལ་བ་གདབ། །དེ་ལྟ་བུ་ཡི་གདམས་ངག་ལ། །ངེས་ཤེས་བསྐྱེད་ཅིང་ཉམས་སུ་བླང་། །གློ་བུར་བ་ཡི་ནད་གཞི་ལ། །རྟག་འཛིན་མ་བྱེད་བོར་ལ་ཞོག །སྙིང་པོ་མེད་པའི་སྒྱུ་ལུས་ལ། །གཅེས་པར་མ་བཟུང་བློ་ཡིས་ཐོང་། །གཞི་རྩ་མེད་པའི་རྣམ་རྟོག་ལ། །དགག་སྒྲུབ་མ་བྱེད་ཡལ་དུ་ཆུག །སྤྲོས་དང་བྲལ་བའི་སེམས་ཉིད་ལ། །ཕན་གནོད་མེད་གྱི་བློ་བདེར་སྡོད། །བདག་གི་ཞེ་འདོད་བསྒྲུབ་བྱ་ལ། །སྐད་ཅིག་ཙམ་ཡང་མི་བསམ་པར། །ཇི་ལྟར་བྱས་ལ་སེམས་ཅན་གྱི། །སྡུག་བསྔལ་ཞི་འགྱུར་སྙམ་དུ་བསམ། །གལ་ཏེ་གསོས་སུ་རེ་བ་དང་།


LT19_Page_052A
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡི་དོགས་པ་བྱུང་བ་ན། །ནད་གདོན་ངོས་ནི་ཟིན་པ་སྟེ། །རྡད་ཀྱང་དེ་ཡིན་གདོན་ཡང་དེ། །དེ་ཉིད་བབ་ཚུལ་དུ་གཞག །རྣམ་རྟོག་ཆོས་སྐུའི་སྤྲུལ་པ་སྟེ། །ན་བ་ཆོས་སྐུའི་ཕྲིན་ལས་ཡིན། །རྣམ་རྟོག་དབྱིངས་སུ་ཡལ་བ་ལ། །འཆི་བ་ཞེས་སུ་བཏགས་པ་ཡིན། །དེ་ཉིད་གསལ་བའི་སྒྲོན་མ་སྟེ། །དེ་ཉིད་དྲིན་ཅན་བླ་མ་ཡིན། །གཉེན་པོ་དགག་ཅིང་སྤང་བའི་བློ། །སྐད་ཅིག་ཙམ་ཡང་བསྐྱེད་མི་བྱ། །དམིགས་པས་གདོན་ལ་འདི་ལྟ་སྟེ། །ཆུ་ནི་མེ་ཡིས་སྐེམ་པར་བྱ། །མེ་ནི་ཆུ་ཡིས་གསད་པར་བྱ། །རླུང་ནི་ས་ཡིས་མནན་པར་བྱ། །ས་ནི་རླུང་གིས་གཏོར་བར་བྱ། །སྟོད་ནད་ཐམས་ཅད་གྱེན་ལ་འདོན། །སྨད་ནད་ཐམས་ཅད་ཐུར་ལ་བདའ། །བར་ནད་ཐམས་ཅད་ཐད་ཀར་སེལ། །ལོག་གནོན་རླུང་ལྔ་གནས་སུ་གཞུག །ཡན་ལག་རླུང་ལྔ་རང་སར་གཞག །ཡན་ལག་ཉིང་ལག་སྤྲུག་ཅིང་འདོན། །གཟེར་ན་བཙལ་ཞིང་དབྱུང་བར་བྱ། །སྐྲངས་དང་ཁོལ་བུར་ན་བ་ལ། །འཁོར་ལོ་ལྟ་བུར་བསྐོར་བར་བྱ། །ཡང་ན་བཙལ་ཞིང་དབྱུང་བར་བྱ། །སྐྲན་གྱི་གྲོང་ཁྱེར་མེ་ཡིས་གཞོམ། །དམུ་ཆུ་རྒྱ་མཚོའི་གཏིང་ནས་སྤུག །སྨྱོ་ན་རི་བོའི་འོག་ཏུ་མནན། །མཛེ་ནད་ཆུ་སེར་ལ་སོགས་པ། །བ་སྤུའི་བུ་གའི་སྦྱོར་བ་བྱ། །ཟླ་བའི་དཀྱིལ་འཁོར་ཨ་ལས་ནི། །ག་བུར་བསིལ་བའི་ཆུ་རྒྱུན་དབབ། །ཉི་མའི་དཀྱིལ་འཁོར་རཾ་ལས་ནི། །ཚ་ཞིང་གདུང་བའི་མེ་ཕུང་འབར། །བླ་མ་ཕྱོགས་བཅུའི་སངས་རྒྱས་རྣམས། །མདུན་གྱི་ནམ་མཁར་བཞུགས་པ་ལ། །གསོལ་བཏབ་བདུད་རྩིར་ཞུ་བ་ཡིས། །གཉིས་མེད་བཅུད་ཀྱིས་བདག་ལུས་གང་། །རླུང་གི་དཀྱིལ་འཁོར་ཡཾ་ལས་ནི། །རྩོལ་སྒྲུབ་དྲག་པོའི་འཁྲུལ་འཁོར་བྱ། །ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགོས་ཐམས་ཅད་


LT19_Page_052B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །སྒྱིད་ལུག་ཞུམ་པའི་སེམས་སྤངས་ལ། །སྙོམས་ལས་ལེ་ལོར་མི་བཞག་པར། །སེང་གེ་ལྟ་བུར་སྤྱད་པར་བྱ། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། །པདྨ་ལྟ་བུའི་དཀྱིལ་སྐྱིལ་ཀྲུང་གིས། །ཐམས་ཅད་མཉེ་ཞིང་སྟོང་གསུམ་བརྐྱང་། །མགོ་བོ་མཉེ་ཞིང་ཀྱོག་པ་དང་། །ལག་པ་སྐོར་དང་རྒྱབ་ཏུ་བརྡུངས། །ལག་པ་བཅུད་ཅིང་གནས་དྲུག་བཅིང་། །རྒྱབ་ཏུ་བཀན་ཞིང་མདུན་དུ་བསྡུ། །རྒྱ་མཚོ་སྤྲུག་ཅིང་ཧབ་ཀྱིས་གདབ། །གཡས་དང་གཡོན་དུ་གཅུ་བ་དང་། །རྒོད་པོའི་ལྡིང་ལྟབས་ཚུལ་གྱིས་མཆོད། །རྡོ་རྗེ་སྐྱིལ་ཀྲུང་ལ་གནས་ཏེ། །རི་བོ་སྒུལ་ཞིང་བྱ་རྐང་གཟུག །མཐེ་བོང་འཐེན་ཞིང་སྲིན་ལག་བསྲང་། །ཀ་ར་ཎ་ཡི་སྦྱོར་བ་བྱ། །གཡས་བརྐྱང་གཡོན་པ་གཅུད་ལ་བོར། །གཡོན་བརྐྱང་གཡས་པ་བཅུད་ལ་བོར། །བྱ་རྨྱང་ཚུལ་གྱིས་གན་རྐྱལ་དང་། །ཁ་སྦུབ་གཡས་གཡོན་མཉམ་པ་དང་། །ས་ག་སྒྱིད་པའི་ནང་ཕྱོགས་ནས། །ཟླུམ་པོ་སྒྱིད་པའི་ཕྱི་ཕྱོགས་ནས། །རོལ་པ་རྟིང་པ་སོག་ཁར་གཞག །གཞན་ཡང་རྒྱུག་དང་འདུར་དང་མཆོང་། །གཡས་དང་གཡོན་དུ་སྐོར་བ་དང་། །མདུན་རྒྱབ་ལ་སོགས་རྡོ་རྗེའི་གར། །བླ་མའི་ཞལ་གདམས་ཤེས་པར་བྱ། །བརྟུལ་ཞུགས་མཐའ་རུ་འཁྱོལ་བ་དང་། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ། །མེ་ཏོག་སོགས་པས་མཆོད་བྱས་ནས། །བསམ་གཏན་གནས་སུ་ལེགས་འདུག་སྟེ། །ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། །རྡོ་རྗེའི་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ཉིད་རབ་བསམས་ན། །སྐྱ་རེངས་ཤར་བའི་དུས་སུ་ནི། །འགྲུབ་པར་འདི་ལ་ཐེ་ཚོམ་


LT19_Page_053A
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཉིན་གཉིས་གསུམ་བཞི་ལྔས་ངེས་པར། །གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །དགའ་བའི་གནས་སུ་ཁྲིད་པའོ། །ཡང་ན་བདེ་བ་ཅན་དུ་སྐྱེ། །གང་འདོད་རིགས་སུའང་སྐྱེ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །གཟུང་དང་འཛིན་པའི་སྒོམ་སྤངས་ཕྱིར། །ཕྱོགས་ཀུན་རྣམ་རྒྱལ་ཞེས་བྱར་བརྗོད། །དཔལ་ལྡན་ནཱ་རོ་པ་ཆེན་པོའི་སྤྱོད་པ་ཆོས་ཀྱི་གླུ་རྫོགས་སོ།། །།བྷ་རི་རྣལ་འབྱོར་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་ཞིང་ཞུས་པ། །ཆོས་ཀྱི་རྗེས་མཁར་ཆུའི་བྲག་ནས་གཏེར་སྤྱན་དྲངས་པ་ཇི་ལྟ་བའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག


LT19_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁའ་སྤྱོད་དབང་པོས་མཛད་པའི་རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག་བཞུགས་སོ།། །།


LT19_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་དག་སྣང་དུ་དངོས་སུ་མཇལ་ཞིང་། །བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་གཅིག་ཏུ་འདུས་པ་འཁོར་ལོ་བདེ་མཆོག་གི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་དངོས་སུ་བྱིན་གྱིས་རློབས་པའི། །རྗེ་ནཱ་རོ་པ་ཆེན་པོ་དེ་ཉིད་ཀྱིས་དཀའ་བ་མི་འདྲ་བ་བཅུ་གཉིས་སྤྱད་དེ། བླ་མ་བསྟེན་ཞིང་མོས་གུས་ཚད་མེད་པ་དང་ལྡན་ནས། ཐབས་མཁས་ལ་ཐུགས་རྗེ་ཆེན་པོས། རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། །ལྷ་འདྲེ་དང་། སྡུག་བསྔལ་དང་། ན་ཚ་དང་། འཆི་བ་ལམ་དུ་ཁྱེར་བ་རོ་སྙོམས་ཀྱི་གདམས་པ་དྲུག་ལས། དེ་ཉམས་སུ་ལེན་པ་ལ། བླ་མ་མཚན་ཉིད་དང་ལྡན་པས། །སློབ་མ་སྣོད་དང་ལྡན་པའི་རྒྱུད་དབང་བཞིའི་སྨིན་པར་བྱས་ནས། གནས་ཡིད་དུ་འོང་བར། སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ། མཎྜལ། འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་རྒྱ་ཆེར་བསམ་ལ། ཆོས་དྲུག་པོ་རེ་རེ་ཡང་དབང་པོ་རབ་འབྲིང་ཐ་མའི་ཉམས་སུ་ལེན་


LT19_Page_055A
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མ་ནོར་བར་མདོར་བསྡུས་ཏེ་བསྟན་པ་ལ། ཐོག་མར་རྣམ་རྟོག་ལམ་དུ་ཁྱེར་བ་ནི། རབ་ཀྱིས་རྣམ་པར་རྟོག་པ་གར་སོང་། གང་ནས་བྱུང་། གང་དུ་གནས་བལྟས་པས། དུས་གསུམ་དབྱེར་མེད་པར་མཉམ་པ་ཉིད་དུ་རྟོགས་པས། རང་སེམས་སྐྱེ་མེད་ཆོས་སྐུར་རྟོགས་ན་སངས་རྒྱས་བྱ་བ་ཡིན། འབྲིང་གིས་ཡུལ་དུས་ཕྱོགས་མཚམས་སུ་རྣམ་རྟོག་འགྲོ་འོང་གནས་གསུམ་ལ་བལྟ་བའི་མན་ངག་གིས་མཐའ་བྲལ་དུ་ངོ་ཤེས་ནས་མ་བཅོས་སྤོས་བྲལ་ལྷུག་པར་བཞག་པས་ཡོན་ཏན་ཐམས་ཅད་རང་འཆར་ལ་འགྲོ། ཐ་མས་ལྟ་སྟངས་བཞི་ལ་ཉན་ཐོས་ཀྱི་ཞི་བའི་ལྟ་སྟངས་ཀྱིས་ཞི་གནས་ཀྱི་བརླན་བཙལ། སེང་གེའི་ལྟ་སྟངས་ཀྱིས་སེམས་གསལ་དྭངས་སུ་འཇུག །ཁྲོ་བོའི་ལྟ་སྟངས་ཀྱིས་རིག་པ་ལ་དར་བཏགས། ལྷ་ཚངས་པའི་ལྟ་སྟངས་ཀྱིས་རྣམ་རྟོག་རང་འགག་ལ་འགྲོ་བ་རིག་པས་དབང་པོ་བསྒྱུར་བ་སྟེ། ཞི་ལྷག་ཟུང་འཇུག་གི་མན་ངག་དམ་པ་ཡིན། འདི་ནི་རྣམ་


LT19_Page_055B
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ལམ་དུ་ཁྱེར་བ། ལྟས་ངན་གཡང་དུ་བླངས་པའི་མན་ངག་སྟེ། འཇིག་རྟེན་པའང་ལྟས་ངན་མཐོང་ན་རྣམ་རྟོག་གི་འཕྲིག་མི་ཟ་བར་གྲོགས་སུ་འགྲོ་བ་དང་འདྲ་དགོས། གཉིས་པ་ཉོན་མོངས་པ་ལམ་དུ་ཁྱེར་ས་ལ། རབ་ཀྱིས་ཉོན་མོངས་པ་སྐྱེ་བའི་རྒྱུ་ཚོགས་དྲུག་གི་ཡུལ་ལ་བདེན་ཞེན་བསྐྱེད་པས་མཛེས་མི་མཛེས་ལ་སོགས་བདེ་སྡུག་སྣ་ཚོགས་འབྱུང་བར་མཐོང་ནས། ཡུལ་བདེན་མེད་སྒྱུ་མ་ལྟར་གཏན་ལ་ཕབ་པས་ཡུལ་ཅན་རང་འགགས་པ་རང་བཞིན་གྱིས་ཉེ་བར་ཞི་བ་སྐྱེ་བ་མེད་པའི་ཆོས་སྐུར་གོ་ཞིང་རྟོགས་པར་འགྱུར། འབྲིང་གིས་ཆགས་ཡུལ། སྡང་ཡུལ། རྨོངས་ཡུལ་རྣམས་སོ་སོར་ཤུགས་བསྐྱེད་ནས་དམིགས་ཡུལ་དུ་བྱེད་པའམ། ཡང་ན་ཡུལ་གཅིག་གིས་གཅིག་ལ་དམིགས་པ་སྤོས་ནས་ཡུལ་དུ་བྱས་པས། ཡུལ་ལ་ཞེན་པ་དང་བྲལ་བས། ཡུལ་ཅན་དུག་གསུམ་རང་སར་གྲོལ་ནས་སྟོང་ཉིད་རྟོགས་པར་འགྱུར། ཐ་མས་ཆགས་ཡུལ་ལ་རྣམ་པར་བམ་པ་ལ་སོགས་པ་མི་གཙང་བའི་འདུ་ཤེས་བསྒོམ། སྡང་ཡུལ་ལ་བྱམས་པ་བསྒོམ། རྨོངས་ཡུལ་ལ་རྟེན་འབྲེལ་བསྒོམས་པས་དུག་གསུམ་རང་འགགས་ལ་རྩོལ་མེད་དུ་འགྲོ། ཉོན་མོངས་ལམ་དུ་ཁྱེར། དུག་བདུད་རྩིར་བསྒྱུར་བའི་གདམས་ངག །སྔགས་ཀྱིས་བོར་བའི་ནུས་པ་བསད་ནས་དུག་མེད་པར་སྨན་དུ་འགྲོ་བ་དང་འདྲ་དགོས། གསུམ་པ་ལྷ་འདྲེ་ལམ་དུ་ཁྱེར་བ་ནི། བརྒྱ་བྱིན་ལྟ་བུའི་གདོན་དག་ནི། མདུན་དུ་ངེས་པར་བྱུང་འགྱུར་ན། འཇིགས་པ་ཙམ་དུ་མི་བྱ་སྟེ། སེང་གེའི་ཚུལ་དུ་རྒྱ་བར་བྱ། ཞེས་པས། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་སྔགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཞིར་བཤད་པས། རབ་ཀྱིས་བདེ་སྡུག་རོ་མཉམ་པས་


LT19_Page_056A
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་མི་ཚུགས་པའི་སྤྱོད་པ་དྲན་མེད་ཡིད་ལ་བྱར་མེད་སྤྲོས་བྲལ་ཆོས་སྐུ་མངོན་དུ་བྱེད། འབྲིང་གིས་ལྷ་འདྲེ་རྣམ་རྟོག་གི་རང་བཞིན་བདེན་པས་སྟོང་པར་ཡང་དང་ཡང་དུ་དམིགས་པས་སྤྲོས་བྲལ་དུ་གོ །ཐ་མས་ལྷ་འདྲེ་ལ་མགྲོན་པོའི་ཚུལ་དུ་ལུས་གཟན་སྐྱུར་གྱི་མཆོད་སྦྱིན་བྱས་ལྷ་འདྲེ་དབང་དུ་འདུས་ནས་དངོས་གྲུབ་འབྱུང་བའི་གདམས་པའོ། །འདི་ནི་ལྷ་འདྲེ་ལམ་དུ་ཁྱེར་བ་བར་ཆད་དངོས་གྲུབ་ཏུ་བསྡུ་པའི་མན་ངག་སྟེ། གཅན་གཟན་སྒོ་དྲུང་དུ་བཀོལ་བས་རང་ལ་མི་གནོད་པར་གཞན་འགོགས་པ་དང་འདྲ་དགོས། བཞི་པ་འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་ནི། གཞི་མ་རིག་པ། རྒྱུ་ལས་དང་ཉོན་མོངས་པ། སྒོ་གསུམ་གྱིས་བྱ་བས་འབྲས་བུ་སྡུག་བསྔལ་ཚེ་འདི་དང་། ཚེ་ཕྱི་མ་དང་། ལན་གྲངས་ཚེ་རབས་གཞན་དུ་རྐྱེན་དང་འཕྲད་ནས་ལས་སྨིན་ནས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ། རབ་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྐྱེད། འབྲིང་གིས་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད། ཐ་མས་བདག་གཞན་མཉམ་པོར་མོས་པ་བྱང་ཆུབ་ཀྱི་སེམས་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེད་པའི་གདམས་པ་འདི་ནི་འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག་སྟེ། མ་བུ་གཅིག་པར་བརྩེ་བས་མ་བུ་གཅིག་གིས་གཅིག་མི་འདོར་བ་དང་འདྲ་དགོས། ལྔ་པ་ན་ཚ་ལམ་དུ་ཁྱེར་བ། གདོན་གྱི་ནད། འབྱུང་བ་བཞི་འཁྲུགས་པའི་ནད། རླུང་མཁྲིས་བད་ཀན་ཆམ་སྙོམས་པའི་ནད་ངོས་བཟུང་ལ། རབ་ཀྱིས་སྙིང་པོ་མེད་པ་ཆུ་ཤིང་ལྟ་བུའི་ལུས་ལ་བདེན་འཛིན་བྱས་པའི་རྣམ་རྟོག་གློ་བུར་བའི་ནད་སྨིག་རྒྱུ་ལྟ་བུ་ལ་སྤོང་སྒྲུབ་མེད་པར་གཞི་མེད་རྩ་བྲལ་དུ་བཞག །སྤྲོས་དང་བྲལ་བའི་སེམས་ཉིད་སྐྱེ་བ་མེད་པར་རྟོགས་པ་ལྟ་བས་གྲོལ་བྱ་བ་ཡིན།


LT19_Page_056B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་གིས་ནད་ངོས་གཟུང་ལ། སྤང་བྱ་དང་། གཉེན་པོ་ལྟ་བུའི་དམིགས་པ་དང་། ནད་ཐོག་ཏུ་ནད་དབབ། གདོན་ཐོག་ཏུ་གདོན་དབབ་པའི་དམིགས་པ་དང་། ནད་གནས་སུ་གང་འོས་ཀྱི་དམིགས་པ་ཚུར་ཁུགས་སམ། ཡང་ན་བླ་མའི་སྒུ་བསྒོམ་ཞིང་མོས་གུས་དྲག་ཏུ་བྱས་པས་ནད་སེལ་བ་ནི། དམིགས་པས་ནད་འདོན་པའོ། །ཐ་མས་ནད་ངོས་བཟུང་ནས་མན་ངག་དང་ལྡན་པས། ལུས་ཀྱི་འཁྲུལ་འཁོར། ངག་རླུང་སྦྱོར། སེམས་ཀྱིས་བླ་མ་ལ་མོས་གུས་བྱས་ཏེ་བརྩོན་འགྲུས་དྲག་ཏུ་བྱ་བ་ནི། འཁྲུལ་འཁོར་གྱིས་ནད་འདོན་པ་ཡིན། འདི་ན་ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རེ་སྙོམས་ཀྱི་མན་ངག་སྟེ། བྱིས་པས་གསེར་དང་བོང་བ་ལ་བླང་དོར་གྱི་ཞེན་པ་མེད་པ་དང་འདྲ་དགོས། དྲུག་པ་འཆི་བ་ལམ་དུ་ཁྱེར་བ་ནི། རབ་ཀྱིས་གཞིའི་འོད་གསལ་མ་ལྟ་བུ་དང་། ལམ་གྱི་འོད་གསལ་བུ་ལྟ་བུར་གནས་པ་ལ། འཆི་ཙ་ན། རྟོགས་པའི་འོད་གསལ་དང་། འཆི་ཀ་རང་བཞིན་གྱི་འོད་གསལ་གཉིས་ནམ་མཁའ་དང་ནམ་མཁའ་ལྟར་འདྲེས་ནས་རྣམ་རྟོག་གནས་འགྱུར་ཏེ། རང་དོན་དུ་ཆོས་སྐུ། གཞན་དོན་དུ་གཟུགས་སྐུར་སངས་རྒྱས་ནས་འགྲོ་དོན་རྒྱ་ཆེན་པོ་འབྱུང་ལ། འབྲིང་གིས་སྒྱུ་ལུས་ལ་གོམས་ཤིང་ཆོས་ཐམས་ཅད་སྒྱུ་མའི་དཔེར་རང་བཞིན་མེད་པ་ཉིད་དུ་བསྒོམས་པས་རྣམ་པར་དག་ཅིང་གྲོལ་བར་འགྱུར་ལ། ཐ་མས་མངལ་སྒོ་དགག་པ་ནི། དད་གུས་དང་བསླབ་པ་གསུམ་ལ་གནས་ཤིང་སྟོང་ཉིད་བསྒོམས་ཏེ་བཀག་ནས། རིགས་ཁྱད་པར་ཅན་བཙལ་བའི་སྐྱེ་བ་ཕྱི་མ་ལ་མཆོག་གི་དངོས་གྲུབ་ཐོབ་པའི་གདམས་པ་ནི། འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད་པའི་གདམས་པ་སྟེ། མཚོ་ལ་ཁ་བ་ཐིམ་པས་དབྱེར་མེད་དུ་འགྲོ་བ་དང་འདྲ་དགོས། དེ་ཡང་། ཇི་ལྟར་རླུང་ནད་ལྡང་པ་ལ། སྲན་མའི་བཟའ་བ་སྦྱིན་པར་བྱ།


LT19_Page_057A
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་རླུང་ནི་འཇོམས་པར་བྱ། །ཇི་ལྟར་མེ་ཡིས་འཚིགས་པ་ལ། །མེ་དེ་ཉིད་ལ་གདུང་བར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུང་བ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པས་སྨན་དུ་ཤེས་པར་བྱ། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དཔལ་ལྡན་ནཱ་རོ་པའི་གདམས་པ་རོ་སྙོམས་སྐོར་དྲུག་གི་དོན་མདོར་བསྡུས་ཏེ་བརྗོད་ཀྱིས་རྒྱས་པར་སྤྲོ་ཞིང་ཉམས་སུ་ལེན་པ་ལ་བརྩོན་པར་བྱོས་ཤིག། །། ༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏིལླི་པ། ནཱ་རོ་པ། ཏི་ཕུ་པ། རས་ཆུང་པ། རྒྱ་རས། རྒོད་ཚང་པ། ཨོ་རྒྱན་པ། རང་བྱུང་བ། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། མཁའ་སྤྱོད་པའོ། །

གདམས་ངག་མཛོད་པོད་བཅུ་པ།
རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ།


LT19_Page_058A
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ་ཞེས་བྱ་བ་བཞུགས་སོ། །


LT19_Page_058B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཡེངས་ཏིང་འཛིན་ནགས་ཕུག་གནས་བཅས་ཤིང་། ཤེས་རབ་མཆོག་གི་གདོང་ལྔའི་རྩལ་གྱིས་སྙེམས། །དངོས་འཛིན་གླང་པོའི་སྡེ་རྣམས་ལ་སྟོན་པ། །དཔལ་ལྡན་འབྲུག་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རོ་སྙོམས་ཕྱག་རྒྱ་ཆེན་པོར་སྒང་དུ་དྲིལ་བ་གྲོལ་ལམ་རོ་སྙོམས་སྐོར་དྲུག་གསུམ་གསུམ་གྱིས་བཤད་པ་འདི་ལ། བརྒྱུད་པའི་ལོ་རྒྱུས་གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན། གཉིས་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་བཏོན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཟབ་མོ་ཟབ་པའི་མཐར་ཐུག་བ་འདི་བསྒོམ་པར་བྱའོ་སྙམ་པས་ལུས་ཅི་བདེ་བར་བཞག །རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བལྟས། སྤྱི་བོར་བརྒྱུད་རིམ་གྱི་བླ་མ་རྣམས་གསལ་བཏབ། རོ་སྙོམས་གསོལ་འདེབས་བྱ། མཐར་འོད་དུ་ཞུ་རང་ལ་བསྟིམ། དེ་ནས་སེམས་ཡུལ་ལ་


LT19_Page_059A
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་བཟློག་ནས། སེམས་ཇི་ལྟ་བའི་ངང་ལ་འཇོག་པའོ། །གཉིས་པ་ལ་སྐོར་དྲུག་ལས། དང་པོ་རྣམ་རྟོག་ལམ་དུ་འཁྱེར་བ་ལྟས་ངན་གཡང་དུ་ལེན་པའི་གདམས་ངག་ལ། སྔོན་འགྲོ་འདུན་པ་གཏོང་བ། དངོས་གཞི་སྟོང་ཉིད་ལ་གཞག་པ། རྗེས་རོ་སྙོམས་པ་གསུམ་ལས། དང་པོ་ནི། ཕལ་ཆེར་རྣམ་པར་རྟོག་པ་འཁོར་བར་བསྐྱུར་པའི་རྩ་བ་ཡིན་པས། དེ་སྐྱེས་པ་མི་འདོད་ནས་སྤོང་བར་བྱེད་དོ། །འདི་ནི་དེ་ཀ་ལམ་དུ་འཁྱེར་བ་ཞིག་མ་ཤེས་ན། སྤང་གཉེན་དུ་འཛིན་པས་ལམ་ཆོད་མི་ཐུབ། །དེས་ན་སྤྱི་ལས་ཟློག་པས་ཟློག་པའི་སྒོམ་པ། སྣང་གྲགས་རིག་གསུམ་རང་རིག་ཏུ་མཉམ་པར་འབྱུང་བ་རོ་སྙོམས་འདི་ལ་རྣམ་པར་རྟོག་པ་ཇི་ཙམ་མང་བ་དེ་ཙམ་གྱིས་ཡེ་ཤེས་ཀྱི་རྩལ་རྒྱས་པར་འགྱུར་བ་མེ་བུད་ཤིང་དང་འཕྲད་པ་ལྟ་བུ། དེས་ན་རྣམ་རྟོག་བྱུང་ན་དགའ་བ་འབའ་ཞིག་བྱ་བ་ཡིན་ནོ། །གཉིས་པ་ནི། རྣམ་རྟོག་ཤར་བའི་དུས་དེར་ངོས་ཟིན་ན་དེ་ཁོ་ནས་ཤར་གྲོལ་དུ་འགྱུར་ཏེ། མ་རིག་པ་ལས་བཟློག་པས་རིག་པའི་ཡེ་ཤེས། ངོས་མ་ཟིན་ན་དེ་ཀ་མ་རིག་པ་ཉིད་


LT19_Page_059B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་བ་ཡིན་ནོ། །སྔ་མ་དེ་ཀ་གཉེན་པོར་བཏགས་པ་མིན་པ་གཞན་མེད། དེ་མེད་པས་སྤང་གཉེན་དབྱེར་མེད། སྲིད་ཞི་མཉམ་ཉིད་རྣམ་རྟོག་ཆོས་སྐུའོ། །དེ་ཉིད་ཀྱི་དུས་རིག་པ་ཡང་སེམས་རང་གི་ངང་ལ་གནས་ནུས་པ་ཞིག་ལ་འབྱུང་གིས་གཞན་ལ་མ་ཡིན་ནོ། །དེས་ན་དགོངས་པ་ལུང་སྟོན་ལས། དང་པོའི་སེམས་ནི་ཞི་གནས་ཏེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །མཐོང་བས་ལྷག་མཐོང་ཞེས་བྱའོ། །ཞེས་གསུངས་པས། འདིར་བསྟན་གྱི་ཞི་ལྷག་དེ་ལ་བྱེད་དོ། །དེས་ན་སྒང་དྲིལ་བའི་ཉམས་ལེན་གྱི་རྩ་བ་དེ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ངོས་ཟིན་ཡུལ་དང་འཛིན་བྱེད་ཀྱི་ཤེས་པ་གཉིས་མེད་པས་མཉམ་པ་ཉིད། ཆུ་ཐོག་ཏུ་ཆུ་བླུགས་པ་ལྟ་བུ། རྟོག་པ་མི་འཕྲོན་མ་བཅོས་པ་ལམ་ཡེངས་པ་དེ་སྐྱོང་འཕྲོན་རྟོག་པ་གཉིས་སུ་བརྒྱུད་མི་འཇུག་པར་ཤར་བའི་དུས་དེ་ཉིད་དུ་ངོས་ཟིན་པར་བྱའོ། །གཉིས་པ་ཉོན་མོངས་པ་ལམ་དུ་འཁྱེར་བ་དུག་བདུད་རྩིར་བསྒྱུར་བ་ལའང་གསུམ་གྱི་དང་པོ་འདུན་པ་གཏང་པ་ནི། ཉོན་མོངས་པ་སྐྱེས་ཤིག །སྦུགས་ཤིག །ཉོན་མོངས་པའི་དབང་དུ་སོང་ཞིག་སྙམ་པ་ཐུན་མོང་མ་ཡིན་པ་བྱའོ། །གཉིས་པ་དངོས་གཞི་སྟོང་ཉིད་ལ་གཞག་པ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་བསྡུ་ན་ཉོན་མོངས་པ་ལྔར་གཞག་པ་སྟེ། ཉོན་མོངས་པ་གཏི་མུག་ལྟ་བུ་ལ། གཉིད་ཀྱི་དུས་གཉིད་ཀྱི་ཐོག་ཏུ། ཡེངས་མེད་དུ་གཞག་པས་གཉིད་ཀྱི་ཐིམ་རིམ་རང་གྲོལ། གཞིའི་འོད་གསལ་ངོ་ཤེས་པར་འགྱུར་བ་ཉམས་སུ་ལེན་རྒྱུ་ཡིན། དེས་ན། སྔར་གོམས་པ་ལ་སེམས་གཞག་སྟེ། འོད་གསལ་བར་ནི་འཇུག་པར་བྱ། །ཞེས་གསུངས། ཉོན་མོངས་པ་འདོད་ཆགས་ལྟ་བུ་ལ་ཆགས་པ་རིགས་བཅུའི་ཐ་མ་བརྒྱལ་བའི་དུས། ཆགས་པ་དང་ངོ་ཤེས་པ་ལ་བརྒྱལ་བ་མེད། དེ་ཀ་བདེ་བ་ཆེན་པོ་རང་


LT19_Page_060A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཞེས་བྱའོ། །ཞེ་སྡང་ལྟ་བུ་ལ་ཞེ་སྡང་གི་དུས་ཞེ་སྡང་རང་ངོ་ཤེས་པས་གསལ་ཆ་ཆེ། དེས་མངོན་སྤྱོད་ལྟ་བུ་ལ་བསྒྲལ་བ་དང་འདྲེན་པ་གཉིས་ཀ་ནུས་པ་ཡིན་ནོ། །དེས་མཚོན་ན་སང་རྒྱལ་ཕྲག་དོག་ལའང་འགྲེའོ། གསུམ་པ་ནི། །དེ་ལྟར་ཉོན་མོངས་པ་རང་སྟོང་ཙམ་ཉིད་ཀྱི་དུས་རང་གྲོལ་བས་ཉོན་མོངས་ཡེ་ཤེས་ཞེས་བྱའོ། །གསུམ་པ་ལྷ་འདྲེ་ལམ་དུ་འཁྱེར་བ་བར་ཆད་དངོས་གྲུབ་ཏུ་སྡུད་པའི་གདམས་ངག་ལ་གསུམ་ལས། དང་པོ་ནི། གནས་རི་ཁྲོད་དམ། གསང་སྤྱོད་ཀྱི་གནས་སམ། མདོར་ན་འཇིགས་ཤིང་སྐྱི་གཡའ་བ་གང་དུ་འགྲོ་བའམ་སྡོད་པ་ལྟ་བུ་ལ། བར་ཆད་བྱུང་དོགས་མི་བྱ་བར་བྱུང་ན་དགའ་བའི་འདུན་པ་གཏང་སྟེ། བར་ཆད་དངོས་གྲུབ་ཀྱི་སྣ་འདྲེན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གནས་དེ་དག་ཏུ་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་ཀྱི་ལྷོངས་བྱུང་ནས་འཇིགས་ན་ལུས་འཇིགས་སམ་སེམས་འཇིགས། ལུས་འཇིགས་ན་ལུས་དེ་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་དམིགས་ནས་ལྷ་འདྲེ་རྣམས་ལ་སྦྱིན་པར་གཏང་། སེམས་སྟོང་པ་ཉིད་ཡིན་པས་སུས་ཀྱང་གནོད་པ་བྱེད་མི་ནུས། ད་རུང་འཇིགས་ཀྱིན་འདུག་ན་འཇིགས་མཁན་དེ་རང་གིས་བཟོས་པ་ཡིན་པས། མཁན་པོ་རང་གི་ངོ་བོ་ལ་རྩ་གདར་བཅད་པས་རང་གྲོལ། འཇིགས་སྣང་དགེ་སྦྱོར་གྱི་བསྐུལ་མང་འགྱུར་བ་ཡིན་ནོ། །གསུམ་པ་ནི། ལྷ་འདྲེ་ལ་ལྷ་འདྲེར་བལྟས་ན་ལྟ་བ་དེའི་སྐྱོན་གྱིས་ཚེ་སྲོག་ལ་བར་ཆད་འབྱུང་། ལྷ་འདྲེར་འཛིན་པ་ངོ་ཤེས་ན་བདུད་རིགས་ཆོས་སྐྱོང་དུ་འཆར་བས། བར་ཆད་དངོས་གྲུབ་ཏུ་འདུ་བ་ཡིན་ནོ། །བཞི་པ་སྡུག་བསྔལ་ལམ་དུ་འཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། སྡུག་བསྔལ་ལ་སྐྱོན་དུ་མི་བལྟ་སྟེ། །འཁོར་བར་འཁྱམས་ན་སྡུག་བསྔལ་འབྱུང་བ་ལས་འོས་མེད་བསམ་པ་དང་། དེ་ཡང་ཚེ་རབས་སྔ་མ་རྣམས་


LT19_Page_060B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་དགེ་བ་སྤྱད་པས་ད་རེས་རྣམ་པར་སྨིན་པ་ཡིན། ད་རེས་སྡིག་པ་འཛད་པས་དགའ་བ་ཡིན་ནོ་བསམ། དེས་ན་བྱུང་ན་དགའ་བར་བྱའོ། །གཉིས་པ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་སེམས་སུ་བློ་སྦྱོང་བ་དང་། དོན་དམ་བྱང་ཆུབ་སེམས་སུ་བློ་སྦྱོང་བའོ། །དང་པོ་ནི། ལུས་སོགས་ལ་སྡུག་བསྔལ་གང་བྱུང་བ་དེ་ལྟ་བུའི་མནར་བའི་སེམས་ཅན་དུ་མ་ཡོད་པས། དེ་ཐམས་ཅད་ཀྱི་སྡུག་བསྔལ་འདི་ལ་འདུས་ནས་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ཐམས་ཅད་ཀྱིས་ཇི་ཙམ་འཁུར་དགོས་པ་དེ་སྲིད་བདག་གིས་འཁུར་བར་བྱའོ་སྙམ་པས་སོ། །གཉིས་པ་ནི། སྡུག་ན་སྡུག་པ་དེའི་ངོ་བོ་ལ་བལྟས་པས། སྡུག་པ་དེ་གྲུབ་མ་མྱོང་བའི་གནད་ཀྱིས་རང་དག་ལ་མི་འགྲོག་མེད། སྡུག་བསྔལ་དག་པ་ལས་བདེ་བ་གཞན་མེད་པས། སྡུག་བསྔལ་བདེ་བར་འཁྱེར་བ་ཞེས་བྱའོ། །གསུམ་པ་ནི། སྡུག་བསྔལ་དེ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སུ་སོང་བའི་མཐར་ལམ་སྦྱོང་བའི་ཐབས་མཆོག་ཏུ་འགྱུར་རོ། །ལྔ་པ་ན་ཚ་ལམ་དུ་འཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། ནད་སྒྲིབ་པའི་ཕྱགས་ཤིང་། རྐྱེན་ངན་དགེ་བའི་བཤེས་གཉེན། ཟུག་རྔུ་སྒྲིབ་པའི་འཁྲུད་མ་ཡིན་པས་བྱུང་ན་དགའ་བ་བསྒོམ། གཉིས་པ་ནི། ནད་བྱུང་བའི་དུས་སུ་སེམས་ཅན་དེ་ལྟ་བུས་ན་བ་ཐམས་ཅད་ཀྱི་ནད་འདི་ལ་འདུས་ཤིག །དེ་དག་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ཐམས་ཅད་ཀྱིས་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ་བདག་གིས་འཁུར་བར་བགྱིའོ་སྙམ་པས་སྤང་བློ་མ་ཞུགས་པར་བྱའོ། །འདི་ལ་སྙིང་རྗེའི་ཟློག་སྒོམ། དེ་ནས་ནད་དང་། ན་བ་དང་། ན་མཁན་གྱི་མཁན་པོ་རྩད་བཅད་བས་དམིགས་སུ་མེད་དེ། ཅི་ཡང་མ་གྲུབ་བ་དེ་ལ་གཡོ་མེད་དུ་གཞག །འདི་ལ་སྟོང་ཉིད་ཀྱི་ཟློག་སྒོམ་ཟེར། ཡང་ལྡང་ན་སྔར་བཞིན་


LT19_Page_061A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྙིང་རྗེའི་ཟློག་སྒོམ་དང་། སྟོང་ཉིད་ཀྱི་ཟློག་སྒོམ་སྤེལ་མར་བསྒོམ་མོ། །གསུམ་པ་ནི། ནད་འདིའི་རྒྱུ་ཉོན་མོངས་པ་ཡིན་པས། ཉོན་མོངས་པ་ལམ་དུ་འཁྱེར་བའི་རྒྱུ་ཆོས་སོ། །རྐྱེན་རྣམ་པར་རྟོག་པ་ཡིན་པས་རྣམ་རྟོག་ཉོན་མོངས། ལྷ་འདྲེ་ལམ་དུ་འཁྱེར་བས་རྐྱེན་པས་ལ། འབྲས་བུ་ནད་དུཿཁ་ཡིན་པས་རོ་སྙོམས་རྣམ་པ་གཉིས་ཀྱི་རྩལ་སྦྱངས་པས་ནང་འཇོམས། རྟོགས་ལྡན་མགོན་ཡེས་ཀྱིས། དེ་ཤི་དང་དོ་ཆད་བཅུ་གསུམ་ལས། །རྣལ་འབྱོར་ཤེས་པའི་གདིང་ཆེན་རྙེད། །དྲིན་ཅན་གྱི་འགལ་རྐྱེན་རིན་པོ་ཆེ། །དེ་མཐུན་རྐྱེན་བརྒྱ་ཡི་དོ་ཟླ་མིན། ཞེས་གསུངས་སོ། །དྲུག་པ་འཆི་བ་ལམ་དུ་འཁྱེར་བ་མ་བུ་ངོ་སྤྲོད་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། འཆི་བར་ཤེས་ན་དེ་ལ་སྐྱོན་དུ་མི་བལྟ་སྟེ། འཆི་བ་ལས་ཆོས་སྐུ་མངོན་དུ་བྱའོ་སྙམ་པས་སོ། །གཉིས་པ་ནི། ཕྲ་བའི་འཆི་བ་དང་། རགས་པའི་འཆི་བ་ལམ་ཁྱེར་གཉིས་ལས། ཕྲ་བ་ནི་སྐད་ཅིག་མའི་སྐྱེ་འགགས་ཏེ། སྐད་ཅིག་སྔ་མ་འགགས་པ་དེ་ཀ་འཆི་བ་ཕྱི་མ་སྐྱེ་བ་ཡིན་པས། གང་ཤར་གྱི་རྣམ་རྟོག་དེའི་དུས་སུ་ངོ་འཕྲོད་ན། དེ་ཉིད་ཀྱི་མཚམས་སུ་འོད་གསལ་ལ་འཆར་བ་དེ་ངོས་ཟིན། དེ་ཀ་མ་བུ་འཕྲོད་པ་ཡིན་པས། རྗེ་བཙུན་གྱིས། རྣམ་རྟོག་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱན་དུ་འཆར་ཏེ་བྲོད། །ཅེས་གསུངས། རགས་པའི་འཆི་བ་ནི། འཆི་བའི་སྲིད་པ་ཐིམ་རིམ་གྱི་མཐར་ཕྱི་དབུགས་ཆད་ནང་དབུགས་གནས་པའི་སྐད་ཅིག་བཞི་པར་འོད་གསལ་འཆར་ལ། དེ་ལ་དེས་ཐིམ་རིམ་ངོས་བཟུང་ནས་དག་པས་གཞིའི་འོད་གསལ་ངོས་ཟིན་དེས་བག་ཆགས་ཐམས་ཅད་སྦྱངས་པས་སངས་རྒྱས་དེ་འགྲོ་བ་ཡིན་ནོ། །གསུམ་པ་ནི། འཆི་ཁའི་འོད་གསལ་ངོས་ཟིན་པས་ན་འཆི་བ་དམིགས་སུ་མེད་པས། འཆི་མེད་


LT19_Page_061B
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་དོན་ལ་འབྱོར་པ་ལ་བྱེད་པ་ཡིན་ནོ། །དེ་ལྟར་སྐོར་དྲུག་ཏུ་ཕྱེ་བ་ཁྲིད་ཀྱི་དུས་ཡིན། ཉམས་སུ་ལེན་པའི་དུས་སུ་བླ་མ་རང་སེམས་བསྲེས་ནས་མཉམ་གཞག་སྐྱོང་། དེའི་དུས་རྣམ་རྟོག་ནས་འཆི་བའི་བར་གོ་རིམ་བཞིན་འབྱུང་བ་མ་ཡིན། གང་དང་འཕྲད་པའི་དུས་དེ་ལ་རྩལ་སྦྱང་བ་ཡིན་པས། ཉམས་ལེན་ཐུན་གཅིག་མ་ཞེས་བྱའོ། །དེ་ལྟར་སྒང་དྲིལ་གྱི་ཞལ་གདམས་རྒྱལ་རྩེ་ཀླུ་དབང་ཚལ་དུ་སྡེ་པ་མི་འགྱུར་རབ་ཏུ་བརྟན་པས་དགོས་ཞེས་བསྐུལ་བ་ལྟར། དགེ་སློང་པདྨ་དཀར་པོས་སྦྱར་བའོ།། །།།མངྒ་ལམ། །

གདམས་ངག་མཛོད་པོད་བཅུ་པ།
རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཀྱི་ཟ་མ་ཏོག


LT19_Page_062A
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཀྱི་ཟ་མ་ཏོག་བཞུགས་སོ། །


LT19_Page_062B
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཆོས་ཀུན་གཟིགས་པའི་ལམ། །ཡངས་པར་འགྲོ་བ་མ་ལུས་པ། །འདྲེན་མཛད་བཀའ་བརྒྱུད་བླ་མ་ལ། །དང་བ་རྒྱ་མཚོས་ཕྱག་བགྱིའོ། །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་མ་ཡིན་ལ། དེ་གཏན་ལ་འབེབས་པའི་གདམས་ངག །རབས་བདུན་མའི་སྒོམ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། མཉམ་གཞག་ཡོན་ཏན་སྐྱེ་བའི་རྟེན་འབྲེལ་དང་། རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་ལོ། །དང་པོ་ནི། བསམ་གཏན་གྱི་ཚེར་མ་རྣམ་པར་གཡེང་བས་དབེན་པའི་གནས་ཉམས་དགྱེས་ཤིང་ཡིད་དུ་མཆིས་པར་ཚེ་འདིའི་འདོད་པ་དང་། ཞེན་པ་དང་། སྲེད་པ་འཕེལ་བའི་རྟེན་བསྐྱུངས་ཏེ། སྒྲིབ་པ་ལྔ་དང་མི་དགེ་བ་བཅུའི་ཆོམ་རྐུན་དང་བྲལ་བས། བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་མོ་ཀྲུང་དང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅིངས། སྒལ་ཚིགས་དྲང་པོར་བསྲངས། དཔུང་པ་ཕན་ཚུན་ཕྱིར་དེང་། མགྲིན་པ་ཨོག་སྐོས་མདུན་ནོན་ཙམ། ལྕེ་མཆུ་རང་སར་བཞག །མིག་སྣ་རྩེའི་ཐད་དུ་ལྟ་བ་བྱེད་ཆིངས་དང་ལྡན་པས་རླུང་རོ་ལན་གཅིག་བུས་ཏེ། དབུགས་འབྱུང་རྔུབ་ཀྱི་རྩོལ་བ་མེད་


LT19_Page_063A
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་བབས་སུ་བཞག་ནས། ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱའོ་སྙམ་པས། རིན་པོ་ཆེའི་ཁྲི། པད་ཟླའི་གདན་ལ་རང་ཉིད་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་གསེར་བཙོམ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་ཤིན་ཏུ་མཛེས་པ། ཕྱག་གཉིས་ས་གནོན་མཉམ་བཞག་མཚམས་སྤྲིན་གཞོན་ནུའི་འོད་ལྟར་དམར་བའི་ཆོས་གོས་གསུམ་འཆང་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བའི་སྤྱི་བོའི་ནམ་མཁར། རྩ་བའི་བླ་མ་བསྒོམ་སྟེ། སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་སྟེ། རང་གི་མདུན་གཉའ་ཤིང་གང་ཙམ་གྱི་ཐད་དུ། ཟླ་བའི་དཀྱིལ་འཁོར་ཤིན་ཏུ་དྭངས་ཤིང་འོད་ཟེར་གྱི་འཁོར་ལོ་ཅན་ལ་མིག་དང་སེམས་རྩེ་གཅིག་ཏུ་གཏད་དེ། སྔར་འདི་བྱས། འདི་ལས། འདི་འབྱུང་ངོ་ལ་སོགས་པ་འདས་པ་མིན་ནོ། །ད་འདི་བྱེད་འདི་ལས་འདི་འབྱུང་ངམ་མི་འབྱུང་སོགས་མ་འོངས་པ་མི་སེམ། ད་ལྟར་ཇི་ལྟར་སྣང་བའི་ཚོགས་


LT19_Page_063B
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཟང་འདིང་ན། འདི་ཡིན་འདི་མིན་སྙམ་དུ་བསམ་པ་དང་། རིག་པས་དཔྱད་པར་མི་བྱ། ཆེད་དུ་འདི་ལྟ་བུའོ་ཞེས་ཀྱང་མི་བསྒོམ། སྟོང་པའོ་ཞེས་ཅང་མེད་ཅི་མེད་ཀྱི་ཆད་ལྟ་ཡུག་ཏུའང་མི་བལྟ། བློས་བྱས་ཀྱི་སྟོང་པ་ཉིད་དང་། ཡེ་ཤེས་ཡིན་ནོ་སྙམ་པའི་རྒྱས་འདེབས་དང་དོན་སྤྱི་ཡང་མི་བསྒོམ། འོ་ན་ཇི་ལྟར་ཞེས་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། མ་ཡེངས་ཙམ་གྱིས་སེམས་ལྷུག་པ་མ་བཅོས་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱའོ། །དེ་ལྟར་ཡང་། འགྲོ་བའི་མགོན་པོ་གཙང་པས། སེམས་མ་བཅོས་ན་བདེ། ཆུ་མ་རྙོག་ན་དྭངས། ཞེས་དང་། གླིང་གིས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། ཆུ་བོའི་གཞུང་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། རྟག་ཏུ་མཉམ་པར་ཞོག་དང་རྣལ་འབྱོར་བ། ཞེས་དང་། བདེ་གཤེགས་ཁམས་པ་ཆེན་པོས། ཕྱག་ཆེན་ངོ་སྤྲོད་དུ། བསྒོམ་བྱ་སྒོམ་བྱེད་དུ་བྱས་ན་བློ་བཅོས་མའོ། །འོ་ན་ཇི་ལྟར་ཞེ་ན། རང་གསལ་རྣམ་རྟོག་ངག་ཆགས་གང་བྱུང་མ་བཅོས་པར་གཞག་ན་རང་མཐོང་བར་འགྱུར་རོ། །ཞེས་དང་། ས་ར་ཧས། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། ཅེས་དང་། བྱམས་མགོན་གྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་བར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྷ། །ཡང་དག་མཐོང་ན་ཡང་དག་གོལ། ཞེས་གསུངས། ཤེར་ཕྱིན་གྱི་མདོར་ཡང་། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་རྣམས། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་དང་། བརྟག་གཉིས་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་


LT19_Page_064A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྒོམ་པར་བྱ། ཞེས་གསུངས། འདི་ལ་ཁ་ཅིག་ན་རེ། དམ་པ་སངས་རྒྱས་ཀྱིས། སྟོང་ཉིད་མཁའ་ལ་རིག་པའི་མདུད་སྐོར་གྱིས། ལྟ་བ་ཐོགས་རྡུགས་མེད་དོ་དིང་རི་བ། ཞེས་གསུངས་པས་མ་དཔྱད་པའི་སྒོམ་པ་ནི། བླུན་སྒོམ་ཡིན་གྱི། ལྷག་མཐོང་གི་རྟོགས་པ་མི་འབྱུང་ངོ་ཟེར་མོད། ལུང་དེས་ནི་ཁོ་བོ་ཅག་ལ་གནོད་པ་མ་ཡིན་ཏེ། ལུང་འདིའི་དོན་འཆད་པ་ལ་ཞུགས་ན། ཅིར་སྣང་བའི་ཆ་ནས་སྣང་བ་དང་། དེ་ཉིད་གང་དུ་གྲུབ་པར་བཙལ་བས་མ་རྙེད་པ་སྟོང་པ་དང་། དེ་འཚོལ་མཁན་དེ་ལ་རིག་པ་ཟེར་བ་ཡིན་གྱི། ཐོས་བསམ་གྱིས་གཏན་ལ་ཕབ་པའི་རིག་པ་དང་དོན་མི་གཅིག །འདི་སྐབས་ཀྱི་རིག་པ་དེ་གནས་ཆ་མ་ཡེངས་པའི་སྟེང་ནས་བྱུང་ཚོར་ཐམས་ཅད་ཤེས་ཤིང་། ཤེས་པའི་མོད་ལ་རང་སར་གྲོལ་བར་བྱེད་པས་རིག་པའི་མདུང་སྐོར་གྱིས་ཟེར་བ་ཡིན་ལ། དེའི་ཚེ་ཤེས་བྱ་དང་ཤེས་མཁན་གྱི་རིག་པ་གཉིས་ཐ་དད་དུ་གྲུབ་པ་རྩ་བ་ནས་མ་ཡིན་པས་དབྱེར་མེད་དང་། ལྟ་བྱེད་ཀྱི་རིག་པའང་ངོ་བོ་ངོས་གཟུང་གང་དུའང་མ་གྲུབ་པས། རིག་སྟོང་ཟུང་འཇུག་གི་རྣམ་གཞག་བྱེད་པ་ཡིན་ནོ། །དེ་ལྟར་ཧ་ཅང་དྲན་ཤེས་ཀྱིས་གྲིམས་ཆེས་ན་རྟོག་པའི་འཕྲོ་རྐྱེན་བྱེད་ལ། གློད་ཐལ་ན་འཁྲུལ་པ་ལ་འབྱམས་མཆི་བས། ཡིད་ཀྱི་གླང་པོ་རྩེ་གཅིག་པའི་ཀ་བ་ལ་མ་ཡེངས་པའི་ཐག་པས་གདགས་པར་བྱའོ། །དེ་ལྟར་བསྒོམས་པས། འཁོར་འདས་གང་ལ་ཡང་མ་རེག་པ། རྟེན་མེད་ངོས་གཟུང་སྤྲོས་པ་ཐམས་ཅད་དང་བྲལ་བ། སུས་ཀྱང་ཚིག་གིས་སྟོན་པར་མི་ནུས་རང་གིས་མྱོང་བྱའམ་རིག་བྱར་གྱུར། མཐོང་རྒྱུ་གསར་དུ་མེད་ལ། མཐོང་བའི་མཆོག་བཅོས་མ་མིན་པ་ཞིག་ནང་ནས་འཆར་ཏེ། འདི་ནི་སྒོམ་ཐ་མལ་གྱི་ཤེས་པ་ངོ་འཕྲོད་པ་ཡིན་ཏེ། སློབ་དཔོན་ཏོག་རྩེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། ཅེས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། རྟོགས་མེད་ཚུལ་གྱིས་རྟོགས་པས་ན། སྟོང་ཉིད་མཐོང་


LT19_Page_064B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཐ་སྙད་གདགས། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་མོའི་མདོ་ལས་གསུངས། །དེ་ལ་མཐོང་དང་མཐོང་བྱེད་མེད། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྣམ་པར་རྟོག་མེད་དམིགས་པ་བྲལ། །གནས་པ་མེ་དང་གནས་མེད་པ། །འགྲོ་འོང་མེད་ཅིང་དཔེ་དང་བྲལ། །བརྗོད་དུ་མེད་པ་བལྟར་མེད་པ། །འགྱུར་བ་མེད་པ་འདུས་མ་བྱས། །རྣལ་འབྱོར་པ་ཡིས་དེ་རྟོགས་ན། །ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤོང་། ཞེས་གསུངས། གཉིས་པ་རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་ནི། དེ་ལྟར་བསྒོམས་པའི་ཚེ། སེམས་མི་གནས་པར་འཕྲོ་ན། དེ་ཉིད་ཀྱི་སྟེང་དུ་ངོས་བཙིར་གྱིས་གཟུང་ལ་བཟོ་བཅོས་མེད་པར་གློད་པས་རང་སར་གྲོལ་བར་འགྱུར་བ་ཆུ་ལ་ཆུ་བཞག་པ་བཞིན་ནོ། །དེ་བཞིན་དུ་ཉོན་མོངས་པ་ཆགས་སྡང་རྨོངས་པ་ཤུགས་ཤིན་ཏུ་དྲག་པ་ལ་ཡང་སྤང་བར་མི་བྱ། དབང་དུ་ཡང་མི་གཏོང་། །གཉེན་པོས་ཀྱང་མི་གཞོམ་པར། གང་སྐྱེས་དེ་ཉིད་ངོས་བཟུང་ནས་དེ་ཐོག་ཏུ་གློད་ན་དེ་ཉིད་སྟོང་པར་ཟང་ཐལ་ལེ་འཆར་ཏེ། འགྲོ་མགོན་རིན་པོ་ཆེ་ཕག་མོ་གྲུ་པས། རྣམ་རྟོག་བྱུང་ཡང་འཇིགས་པར་མི་བྱ་སྟེ། དྲན་པའི་དུས་ཉིད་ན་གཉུག་མའི་ངོ་བོར་གྲུབ་པའི་ཕྱིར་རོ། །ཞེས་དང་། ཡང་གཉུག་མའི་ངོ་བོ་ལ་རྣམ་རྟོག་བྱུང་ཡང་། ནམ་ལངས་པའི་མུན་པ་བཞིན་རང་བཞིན་གྱིས་དེངས་པར་འགྱུར་རོ། །རྗེ་བཙུན་མི་ལས། སེམས་ཉིད་བསྒོམ་དུ་བདེ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། ཅེས་དང་། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། ཞེས་དང་། རྣམ་སྣང་མངོན་བྱང་ལས། མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། ཞེས་དང་། སམྦུ་ཊར། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་སྦྱང་། ཞེས་གསུངས་པས་སོ། །དེ་བཞིན་དུ་ལམ་ཁྱེར་དེ་ཉིད་ཀྱིས་ཚོགས་དྲུག་གི་སྣང་བ་ཐམས་


LT19_Page_065A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། དང་པོར་སྣང་མཁན་གྱི་ཤེས་པ་ངོས་བཟུང་ནས། དེ་ཐོག་ཏུ་རྩལ་སྦྱང་། དེ་ལ་གོམས་ནས་སྣང་ཐོག་ཏུ་བཞག་པས། སྣང་བ་ཤར་བ་དང་གྲོལ་བ་དུས་མཉམ་དུ་བྱུང་བས་སྣང་སེམས་འདྲེས་པ་ཞེས་ངོ་མཚར་ཅན་ཅིག་འབྱུང་བ་ཡིན་ནོ། །དུས་དེའི་ཚེ་ལམ་གང་ཤར་ལ་སྤང་བླང་མེད་པ་གཤའ་མ་དེ་འབྱུང་བ་ཡིན་ཏེ། ས་ར་ཧས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་ལྟར་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་བོང་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་དང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །ཞེས་གསུངས། དེ་ཙ་ན། འཁོར་བ་དང་མྱང་འདས། རྣམ་རྟོག་དང་ཆོས་སྐུ། ཉོན་མོངས་དང་ཡེ་ཤེས་ཐམས་ཅད་རྒྱལ་ཁམས་གཅིག་ཏུ་སོང་བ་ཡིན་ནོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་ལྡང་སྟེ། སྒྱུ་མ་ལྟ་བུའི་བློས། ལུས་ངག་ཡིད་ཀྱི་དགེ་བ་ཅི་ནུས་བྱའོ། །སྟོང་ཉིད་དེ་ཡང་སྙིང་རྗེས་མ་ཟིན་ན་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་བས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། སྒྱུ་མ་ལྟ་བུའི་བློས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་དུ་བསྒོམ། བདེ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ལ། དེ་ཐོབ་པ་ལ་རྒྱུ་ཟག་པ་དང་ཟག་པ་མེད་པའི་དགེ་བའི་རྩ་བསྒྲུབ་པ་དང་ལྡན་ན་སྙམ་པའི་བྱམས་པ་ཡིད་དང་འདྲེ་ངེས་པར་བསྒོམ། དེ་བཞིན་དུ་སྡུག་བསྔལ་ཏེ་ཁམས་གསུམ་འཁོར་བའི་གནས་སྐབས་དང་བྲལ་ན་སྙམ་དུ་བསྒོམ། དེ་དང་བྲལ་བ་ལ་དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་དང་བྲལ་ན་སྙམ་པའི་སྙིང་རྗེ་བསྒོམ། དེ་ནས། རང་གི་སྣ་གཡས་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྣ་གཡས་ནས་ཞུགས། དེ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བྱུང་། རང་གི་སྣ་བུག་གཡས་ནས་ཚུར་ཞུགས། སེམས་


LT19_Page_065B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བསམ། དེ་ནས་རང་གི་བདེ་བ་སྣ་གཡོན་ནས་འོད་ཟེར་གྱི་རྣམ་པར་འཐོན། སེམས་ཅན་ཐམས་ཅད་ལ་བྱིན་པས་དེ་ཐམས་ཅད་བདེ་བ་དང་ལྡན་པར་བསམ། སེམས་ཅན་གྱི་སྡུག་བསྔལ་བདག་ལ་སྨིན་པ་དེ་ཐོག་ཏུ་གཞག་པས་ཟག་པ་མེད་པའི་བདེ་བ་ཆེན་པོར་གྱུར་པར་བསམ། དེ་ལ་འབྱོངས་ན་དངོས་སུའང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་བསླབ་བོ། དེ་ལྟར་བསྒོམས་པའི་རྗེས་ཐོག་ཏུ་བདག་གིས་འདི་ལྟར་བསྒོམས་པ་དང་། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་དེའི་མཐུས་བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་དུ་བསམས་ཏེ་འཕགས་པ་བྱམས་པ་དང་ཀུན་ཏུ་བཟང་པོ་ལ་སོགས་པའི་སྨོན་ལམ་ལ་འཇུག་པར་བྱའོ། །དེ་ལྟར་རྟེན་འབྲེལ་གྱི་སྒོམ་པའི་རིམ་པའི་མན་ངག་དམ་པའི་ཆོས་ཀྱི་ཟམ་ཏོག་ཅེས་བྱ་བ་འདི་ནི། སྡེ་སྲིད་རིན་པོ་ཆེ་ཕག་མོ་གྲུ་པ་དཔལ་གོང་མ་ཆེན་པོའི་ཐུགས་དམ་དུ། བཀའ་བརྒྱུད་ཀྱི་བཙུན་པ་པདྨ་དཀར་པོས་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

གདམས་ངག་མཛོད་པོད་བཅུ་པ།
བླ་མ་ཕྱི་ནང་གསང་བར་སྒྲུབ་པའི་གཞུང་།


LT19_Page_066A
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཕྱི་ནང་གསང་བར་སྒྲུབ་པའི་གཞུང་བཞུགས་སོ།། །།


LT19_Page_066B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་རུ་ནོ་པི་ཀ །བོད་སྐད་དུ། །བླ་མ་སྒྲུབ་པའི་ཐབས། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་བ་ཚེ་འདིར་ཐོབ་འདོད་པས། །ལམ་གྱི་མཐར་ཐུག་བླ་མ་དམ་པའི་ལམ། །མོས་གུས་མཐར་ཐུག་བླ་མའི་མོས་གུས་ཡིན། །སྒྲུབ་པ་ཟབ་མོ་བླ་མའི་སྒྲུབ་པ་སྟེ། །དམ་ཚིག་ཟབ་མོ་བླ་མའི་དམ་ཚིག་ལ། །རྟེན་འབྲེལ་ཟབ་མོ་བླ་མའི་རྟེན་འབྲེལ་མཆོག །འབྲས་བུས་མཐར་ཕྱིན་བླ་མའི་འབྲས་བུའོ། །དེ་ཕྱིར་བླ་མ་བསྟེན་ལ་མཁས་པར་བྱ། །བླ་མས་གཞིའི་རང་བཞིན་ལ། །རྒྱུ་དང་མི་རྒྱུས་བསྟེན་པར་བྱེད། །བླ་མ་ཡེ་ཤེས་མེ་ཆེན་གྱིས། །སྒྲིབ་གཉིས་བག་ཆགས་སྲེག་པར་བྱེད། །བླ་མ་བྱིན་རླབས་རླུང་གིས་ནི། །ཡོན་ཏན་གོང་དུ་གཡོ་བར་བྱེད། །བླ་མ་ཐུགས་རྗེའི་ཆུ་བོ་ལས། །འགྲོ་བ་གཉིས་ཀྱི་གསོ་སྐྱེད་མཛད། །བླ་མ་ཤེས་རབ་ཟླ་བ་ཡིས། །མ་རིག་མུན་པ་སེལ་བར་བྱེད། །བླ་མ་ཐབས་ཀྱི་ཉི་མ་ཡིས། །ཉོན་མོངས་རླན་རྣམས་སྐེམ་པར་བྱེད། །བླ་མ་མཁའ་


LT19_Page_067A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དག་པ་ལས། །ཆགས་འཛིན་ཐམས་ཅད་འཇིག་པར་བྱེད། །བླ་མ་བྱིན་རླབས་སྨན་གྱིས་ནི། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །བླ་མ་དཔག་བསམ་ཤིང་བཞིན་དུ། །འདོད་པའི་འབྲས་བུ་སྟེར་བར་བྱེད། །བླ་མ་ལྷ་ཡི་ཤེལ་བཞིན་དུ། །མཆོག་དང་ཐུན་མོངས་དངོས་གྲུབ་འབྱུང་། །བླ་མ་ཡིད་བཞིན་ནོར་བུ་ལྟར། །ཕུན་སུམ་ཚོགས་པ་བསྐྱེད་པར་བྱེད། །དེ་ཕྱིར་དེ་ལ་དམ་པར་བྱོས། །བླ་མ་ཕྱི་ལྟར་སྒྲུབ་པའི་མན་ངག་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོས་པས་མཛད་པའོ།། །།རྒྱ་གར་སྐད་དུ། །གུ་རུ་སིངྒྷི་ནཱ་མ། བོད་སྐད་དུ། བླ་མ་སྒྲུབས་པ་ཞེས་བྱ་བ། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་སངས་རྒྱས་སྐུ་གསུང་ཐུགས། །ཨེ་མ་ཧོ་མཁའ་འགྲོ་གསང་བའི་སྐད། །གསང་བའི་མཛོད་བརྟོལ་བླ་མ་སྒྲུབ་པ་བྲི་བར་བྱ། དུས་གསུམ་སངས་རྒྱས་དང་ནི་ཡི་དམ་ཕྱི་ནང་ལྷ། །རྒྱལ་སྲས་རྣམས་དང་དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །འདི་བསྒྲུབས་པས་


LT19_Page_067B
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀུན་གྱི་དངོས་གྲུབ་མ་ལུས་ཐོབ། །དུར་ཁྲོད་རི་ཁྲོད་གནས་དང་ཞིང་རྣམས་དང་། །མཁའ་འགྲོ་མ་རྣམས་འདུ་བའི་གནས་དག་དང་། །བཀྲ་ཤིས་གནས་སུ་དམ་ཚིག་རྫས་རྣམས་གསག །ནང་གི་ཁྲུས་བྱས་འབོལ་བའི་སྟན་དག་ལ། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །ཛཿཧཱུྃ་བྃ་ཧོཿས་དཀྱིལ་འཁོར་སྤྱན་དྲངས་ལ། །མཱ་གུ་རུ་ན་མ་སྟེ་ན་མཱ་མི་ན་མོ། །ཆུ་གསུམ་སྡོན་སོང་ཕྱི་ཡི་མཆོད་པས་མཆོད། །ཤ་ལྔ་བདུད་རྩི་ནང་གི་མཆོད་པས་མཆོད། །གསང་བའི་མཆོད་པས་དགྱེས་པར་མཛད་ནས་ནི། །ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བྱ། །ༀ་སརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅ཧཾ། །ཆོས་ཀྱི་དག་པ་རྣམ་པར་དྲན་པར་བྱ། །དག་པ་ལུས་ཀྱི་དཀྱིལ་འཁོར་བསྒོམ་བྱ་སྟེ། །ཆུ་སྐྱེས་ཉི་མ་ཟླ་བའི་གདན་ལ་ནི། །ཞལ་གཅིག་ཕྱག་གཉིས་འགྱིང་བའི་སྐུ་མངའ་ཞིང་། །སྒེག་ཅིང་དཔའ་ལ་ཞི་བའི་ཚུལ་འཛིན་པ། །རུས་པའི་རྒྱན་སྤྲས་གར་གྱི་ཉམས་དགུ་ལྡན། །རྡོ་རྗེ་དྲིལ་འཛིན་ཕག་མོ་ལ་ནི་འཁྱུད། །གར་གྱི་རོལ་པས་རྣམ་པར་བཞུགས་པར་བསམ། །རྡོ་རྗེ་ཕག་མོ་མཚན་ཉིད་ཇི་ལྟར་བསམ། །རྡོ་རྗེ་མ་ནི་སྔོ་ཞིང་རྡོ་རྗེ་འཛིན། །རིན་ཆེན་མ་ནི་སེར་ཞིང་རིན་ཆེན་འཛིན། །པདྨའི་རིགས་ནི་དམར་ཞིང་པདྨ་འཛིན། །ལས་ཀྱི་རིགས་ནི་ལྗང་ཞིང་རྒྱ་གྲམ་འཛིན། །བདེ་གཤེགས་རིགས་ནི་དཀར་ཞིང་འཁོར་ལོ་འཛིན། །སྣ་ཚོགས་རིགས་ནི་སྣ་ཚོགས་ཕྱག་མཚན་འཛིན། །འོག་ཏུ་བཀོད་ལ་མཆོད་པ་བྱེད་པར་བསམ། །ཀུན་ཀྱང་བཅུ་དྲུག་ལོ་ལོན་གཅེར་བུ་ལ། །མདོག་གསལ་དྲི་ཞིམ་དམར་སེར་གྱེན་དུ་བརྫེས། །ཐུར་དུ་འཕྱང་ཞིང་ཧི་ཧེའི་སྒྲ་སྒྲོག་ཅིང་། །ཧ་ཧ་རྒོད་ཅིང་ཌ་རུའི་སྒྲ་ཡང་འབྱིན། །ཕྱག་རྒྱ་ལྔ་དང་ལྡན་པ་རྣམ་པར་བསྒོམ། །ཡི་གེ་


LT19_Page_068A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། །སངས་རྒྱས་པ་ན་རབ་ཏུ་བཞུགས་པ་རྣམས། །ལྷ་མོ་རྣམས་ལ་དགུག་དང་གཞུག་པར་བྱ། །དེ་རྗེས་ལྷ་མོ་རྣམས་ལ་དབང་བསྐུར་ཞིང་། །རིགས་ཀྱི་བདག་པོས་རྣམ་པར་བརྒྱན་བྱས་ཏེ། །ཕྱི་ནང་གསང་བས་རྡོ་རྗེ་འཛིན་པ་མཆོད། །དེ་རྗེས་བསྟོད་པ་དག་གིས་བསྟོད་པར་བྱ། །བདུད་རྩི་མྱང་ཞིང་ལྷ་མོ་མྱོས་པར་བྱ། །མེ་ལོང་གཟུགས་བརྙན་བཞི་རྫོགས་གནས་པར་བྱ། །མཁའ་འགྲོ་གསང་བའི་སྐད་ནི་བསྒྲག་པར་བྱ། །ༀ་ཨཱཿགུ་རུ་སིདྡྷི་ཧཱུྃ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ་སྲཱ་ཧཱ། ༀ་ཨཱཿཧཱུྃ་བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཤནྟིང་ཀུ་རུ་ཡེ། པུཥྚིཾ་ཀུ་རུ་ཡེ། པ་ཤཾ་ཀུ་རུ་ཡེ། མཱ་ར་ཡ་ཕཊཿ དི་རི་དི་རི། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊཿཕཊཿསྭཱ་ཧཱ། ཡི་གེའི་ཕྲེང་བ་མིག་གིས་བལྟས་ནས་ནི། །བློ་དང་ལྡན་པས་གསང་སྔགས་བཟླས་ན་ནི། །སངས་རྒྱས་སྲོག་འཕྲོག་དཔའ་བོ་མཁའ་འགྲོ་འདུ། །ས་རྣམས་གཡོ་ཞིང་དངོས་གྲུབ་ཆར་ཀྱང་འབབ། །དུས་དང་བསམ་པ་དམིགས་པ་བྱེད་པ་ལས། །རྡོ་རྗེ་མཁའ་འགྲོས་ཞི་བའི་ལས་རྣམས་བསྒྲུབ། །རིན་ཆེན་མཁའ་འགྲོས་རྒྱས་པ་པདྨས་དབང་། །འཇིག་རྟེན་མཁའ་འགྲོས་དྲག་པོའི་ལས་བྱེད་ཅིང་། །མངོན་སྤྱོད་ལས་དང་བདེ་གཤེགས་བྱང་ཆུབ་འཐོབ། །ཀ་པཱ་ལ་ནི་དམ་ཚིག་རྫས་ཀྱིས་དགང་། །སྦྱང་ཞིང་ཡི་གེ་རྣམས་ཀྱིས་བྱིན་གྱིས་བརླབས། །གོང་གི་ཕྲེང་སྔགས་ཀྱིས་ནི་དབུལ་བར་བྱ། །དེ་རྗེས་འདོད་པའི་དོན་ལ་གསོལ་བ་གདབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལས། །རྩ་བའི་དམ་ཚིག་ལྔ་ནི་བསྲུང་བར་བྱ། །ཕམ་པ་ལྟུང་བ་སྦོམ་པོ་ཉེས་བྱས་ཕྲ་མོ་བསྲུང་། །སྤང་


LT19_Page_068B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་སྒྲུབ་དང་ཤེས་པར་བྱ་བའི་དམ་ཚིག་བསྲུང་། །ཉམས་ན་ཚེ་འདིར་སྡུག་བསྔལ་ཕྱི་མ་དམྱལ་བར་ལྟུང་། །དམ་ཉམས་དེ་ཡི་རྫི་ཕྱོགས་སུ་ཡང་མི་འགྲོའོ། །དབང་བསྐུར་ཚོགས་འཁོར་སྦྱིན་སྲེག་འབུམ་ཕྲག་བདུན། །མེ་ཏོག་ཚོམ་བུ་གསང་སྔགས་བྱེ་བ་བཟླ། །སྲོག་ཆགས་བྱ་བའི་ཚེ་སྐྱབས་བཤགས་པའོ། །ལུས་ལ་ཁྲག་ཕྱུང་མཎྜལ་བརྒྱ་རྩ་དབུལ། །རྟག་མཐོང་གནད་ཐོབ་བསྐང་བ་ཆད་སྐྱོལ་ཉེས་པ་དག །དུས་གསུམ་སངས་རྒྱས་བས་ཀྱང་བླ་མ་དམ་པ་ལྷག །རྡོ་རྗེ་འཆང་དང་གཉིས་སུ་མེད་པར་བསྒོམས་བྱས་ན། །བསྐལ་བ་བཟང་པོའི་རྒྱལ་བ་ཐམས་ཅད་བསྒོམས་པར་འགྱུར། །བླ་མ་བསྒྲུབ་ཤིང་རིགས་པ་འདི་བཟླས་ན། །རྒྱལ་བ་ཀུན་གྱི་དངོས་གྲུབ་དེ་ཡིས་ཐོབ། །དེ་ཡི་སྐུ་མཐོང་རྒྱལ་བའི་དཀྱིལ་འཁོར་མཐོང་། །གསུང་ཐོས་པས་ནི་རྒྱུད་སྡེ་ཐོས་མཚུངས་ཤིང་། །དྲན་པས་སེམས་ཀྱི་སྒྲིབ་བྱང་ཡོན་ཏན་འཕེལ། །སྐུ་གསུང་ཐུགས་ནི་དྲག་པོའི་ཚུལ་བཟུང་ན། །ལུས་ངག་ཡིད་གསུམ་སྒྲིབ་པ་དེ་ཡིས་འདག །སྤྱི་གཙུག་ཞབས་བཞག་བུམ་དབང་རབ་ཏུ་ཐོབ། །དེ་བཞིན་གསང་དབང་ཤེས་རབ་བཞི་པ་དང་། །མཆོག་གི་དབང་བསྐུར་བློ་ལྡན་གྱིས་ནི་ཞུ། །དམ་པ་དེ་མཆོད་བདེར་གཤེགས་མ་ལུས་མཆོད། །ལུས་ངག་ཡིད་ཀྱིས་ཞབས་ཏོག་ལྔ་བྱའོ། །སྒྲིབ་པ་སྦྱོང་དང་ཚོགས་གསོག་དམ་པར་འགྱུར། །མི་ཉམས་བྱེད་དང་ཉམས་ན་བཤགས་པའི་མཆོག །མཁའ་འགྲོ་མི་འཁུ་མི་ལྡོག་དབང་དུ་འདུ། །དངོས་གྲུབ་མ་ལུས་འགྲུབ་ཅིང་ཉམས་མི་འགྱུར། །གྲུབ་པ་བརྒྱད་དང་ཕྲ་མོ་མངོན་དུ་འགྱུར། །ཕྱག་རྒྱ་ཆེན་པོའང་དེ་ལ་མངོན་དུ་འགྱུར། །ཨེ་མ་ཧོ་འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བརྙས་ན་ནི་སངས་རྒྱས་ཀུན་བརྙས་ཤིང་། །དེ་མཉེས་ན་ནི་སངས་རྒྱས་ཀུན་མཉེས་འགྱུར། །སྲོག་


LT19_Page_069A
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཅེས་གཟུང་མིག་འབྲས་ལྟ་བུར་བཙའ། །གཙུག་གི་ནོར་བུ་ལྟ་བུར་གསོལ་བ་གདབ། །དེས་ནི་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར། །དུས་གསུམ་སངས་རྒྱས་ཀུན་གྱི་ཞབས་ཏོག་ཏུ། །རྡོ་རྗེ་འཛིན་བའི་སྒྲུབ་ཐབས་འདི་བྱས་པས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །དྲི་མ་དང་བཅས་སྣོད་མིན་སྤེལ་བྱས་ན། །རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་འཇིག་བྱེད་ཅིང་། །ལོག་འདྲེན་གཏུམ་པོས་བསད་ནས་དམྱལ་བར་འགྲོ། །རིན་ཆེན་ལྟ་བུའི་གང་ཟག་གིས་ནི་བསྒྲུབ་པར་བྱ། །བླ་མ་སྒྲུབ་པ་ཆེན་པོ་བླ་མ་ནཱ་རོ་པས་མཛད་པའོ། །རྒྱ་གར་སྐད་དུ། གུ་རུ་གུ་ཧྱ་སིདྡྷི་ནཱ་མ། བོད་སྐད་དུ། བླ་མ་གསང་བར་སྒྲུབ་པ་ཞེས་བྱ་བ། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །དེ་བཞིན་མར་ལ་མར་བཞག་བཞིན། །བླ་མས་མཚན་པའི་སྐུ་གསུམ་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཨེ་གསང་ཆོས་ཀྱི་འབྱུང་གནས་སུ། ཝཾ་རྐྱེན་སྦྱོར་བས་འབྱུང་བཞི་གྲུབ། །རྐང་པ་རླུང་ལ་སུམ་མདོར་མེ། །ལྟོ་ཆུ་བྲང་ས་སྒལ་ཚིགས་རི། །དབང་ཆེན་པོ་ཡི་དཀྱིལ་འཁོར་ལས། །གསང་བ་མཆོག་གི་དགྱེས་པ་གྲུབ། །རླུང་ལྔ་རིན་ཆེན་ལྔ་ཡི་རྩིག །འདོད་ཡོན་དབང་པོ་ལྔ་ཡིས་མཛེས། །དེ་བཞིན་རིན་ཆེན་ཕ་གུ་སྣ། །རྩ་རྣམས་དྲྭ་བ་ཕྱེད་པས་ཏེ། །བྲེ་ཕག་སོ་ཡི་འཕྲེང་བས་བརྒྱན། །མི་མཉམ་མེད་པ་གྲུ་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞིར་སྣང་། །རྣམ་ཤེས་ཚོགས་བརྒྱད་དུར་ཁྲོད་བརྒྱད། །གནས་ཀྱི་བྱེ་བ་རབ་བསྟན་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །མ་ཚོགས་མ་བུལླི་རམ་ལ། །སྤྱི་གཙུག་ཛཱ་ལེནྡྷར་དང་། །རྣ་བ་གཡས་པ་ཨུ་རྒྱན་དང་། །སྤྱི་བོའི་རྒྱབ་ནི་ཨཱ་ཏ། །གོ་དཱ་ཝ་རི་རྣ་བ་གཡོན། །རཱ་མེ་ཤྭ་ར་སྨིན་མའི་དབུས། །མིག་གཉིས་དེ་ཝཱི་ཀོ་ཊི་དང་། །མ་ལ་ཝ་ནི་དཔུང་པའི་


LT19_Page_069B
[མ་དཔེ་གཟིགས་ན་འདིར་གནོན།]

རྩ། །ཀཱ་མ་རུ་ནི་མཆན་ཁུང་གཉིས། །ཨོ་ཊི་སྠ་ནི་ནུ་མ་གཉིས། །ཀོ་ས་ལ་ནི་ལྟེ་བར་ཤེས། །ཏྲི་ཤ་ཀུ་ནེ་སྣ་ཡི་རྩེ། །ཁ་ཡི་པདྨ་ཀ་ལིང་ཀ །མགྲིན་པ་ལམ་བ་ཀ་ནི་བརྗོད། །སྙིགས་ནི་ཀ་ཉ་ཙིར་ཤེས་པར་བྱ། །ཧི་མ་ལ་ཡ་འདོམས་སུ་ཤེས། །མཚན་མ་གྲི་ཧ་དེ་ཝ་དང་། །པྲེ་ཏ་པཱུ་རི་བཤང་བའི་ལམ། །བརླ་གཉིས་སུ་ཝརྣ་དྭཱི་པ་སྟེ། །སོ་སོ་རཥྚ་ད་ནི་བྱིན་པ་གཉིས། །རྐང་པའི་བོལ་ནི་སིནྡྷཱུའི་ཡུལ། །སོར་མོ་རྣམས་ལ་ན་ག་ར། །མཐེ་བོ་གཉིས་ནི་མ་རུར་ཤེས། །ཀུ་ལུ་ཏྲཱ་ནི་རྐང་པའི་མཐིལ། །དེ་ལྟར་གནས་ནི་རྣམ་དག་པ། །ས་བཅུ་པར་ནི་དག་པ་ཉིད། །རྩ་རྣམས་དཔའ་བོའི་རང་བཞིན་ཏེ། །བདེ་བ་དཔའ་མོའི་རྣམ་པར་རྒྱུ། །རྩིབས་མ་རྡོ་རྗེའི་རྭ་སོགས་སྲུང་། །བ་སྤུ་མཚོན་ཆའི་དྲྭ་བར་འགྱུར། །སེན་མོ་མ་རི་འབར་བས་སྲུང་། །སྐུ་ཡི་དཀྱིལ་འཁོར་ལེགས་པར་གྲུབ། །ཐིག་ལེ་ཟླ་བའི་རང་བཞིན་ལ། །རྣམ་ཤེས་ཨ་ཐུང་གཟུགས་དང་འགྲོགས། །སིཧླ་ཉི་མའི་རང་བཞིན་གནས། །ཞུ་བདེ་སྤྲོ་དང་བྲལ་བར་འགྱུར། །དེ་ཚེ་རིགས་ཀྱི་ཕྱག་མཚན་འཛིན། །མགོན་པོ་སྐུ་ཡི་རྡོ་རྗེར་བཞེངས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་རྣམས་རིམ་བཞིན་བཞུགས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོ་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་མོ། །སྐྱོད་པ་ལ་སོགས་རླུང་ཁམས་ལ།


LT19_Page_070A
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །གཤེར་བ་ལ་སོགས་ཆུ་ཁམས་ལ། །བཅོམ་ལྡན་རྡོ་རྗེ་མཱ་ཀཱི་བཞུགས། །ཡུལ་ལྔ་རྣམ་པར་དག་པ་ལ། །མངོན་པའི་ལྷ་མོ་ལྔ་རུ་གྱུར། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་སའི་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེར་གཤེགས་ཕྱག་ན་རྡོ་རྗེ་བཞུགས། །དེ་ཡི་སྣ་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་ནམ་མཁའི་སྙིང་། །དེ་ཡི་ལྕེ་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཤེས་བྱ་བར་བཏགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བའི། །དེ་བཞིན་གཤེགས་པ་དེ་བཞུགས་པའོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་རྣམས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གཞན་མི་ཐུབ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་སྔོན་ནོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་བསྒྱུར། །རྐང་པའི་འོག་ཏུ་བཞུགས་


LT19_Page_070B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་པོ། །ལུས་ནི་འདི་ཉིད་ཀུན་ལ་ཡང་། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་དབྱེ་བ་ཡིས། །རྫོགས་པའི་སངས་རྒྱས་མ་ལུས་འདི། །ལུས་པ་མེད་པས་སངས་རྒྱས་སྐུ། །སྐྱེ་བ་འདི་ལ་རྣལ་འབྱོར་པ། །མྱ་ངན་འདས་ལ་འཇུག་པར་འགྱུར། །མྱ་ངན་འདས་པ་མྱུར་དུ་ཐོབ། །ཁྱེད་ཀྱི་དགེ་བ་ཡོངས་སུ་སྨིན། །དེ་བས་རྡོ་རྗེ་སློབ་དཔོན་ནི། །མཐོང་ན་དོན་ནི་ཡོད་དོ་ཀྱེ། །ཕྱི་མའི་དུས་ཀྱི་སེམས་དཔའ་ཆེ། །དེས་ན་སེམས་ཅན་ཐམས་ཅད་ཀྱིས། །ལྷ་ལ་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་པས་བླ་མ་མཆོད། །དེ་ནས་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །དགའ་ཞིང་གུས་ནས་ཕྱག་བྱས་ཏེ། །བཅོམ་ལྡན་འདས་ལ་མཆི་མ་བླང་། །གསང་དང་ཐུགས་ཀྱི་དཀྱིལ་འཁོར་ཞུས། །ལེགས་སོ་བྱ་བ་བྱིན་ནས་ནི། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དབྱངས་དང་གསལ་བྱེད་རང་བཞིན་ཏེ། །ཀ་ཙ་ཊ་ཏ་པ་ཡི་སྡེ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། །གསུང་གི་དཀྱིལ་འཁོར་ཆེན་པོ་ཞེས། །ངག་ཀུན་རབ་ཏུ་སྤྲོ་བས་འདོན། །ཇི་ལྟར་འོ་མའི་ཁྱད་པར་ནི། །མར་གསང་གནས་པར་གྱུར་པར་ཡིན། །དེ་བཞིན་གོས་དཀར་ལ་སོགས་པ། །སྔགས་ཀྱི་རྒྱལ་པོར་རབ་ཏུ་གནས། །ཀློག་དང་བསམ་ཏན་མེད་མོད་ཀྱང་། །འོན་ཀྱང་བཟླས་བར་བཤད་པ་ཡིན། །འགོག་པའི་བཟླས་པར་རབ་ཏུ་གནས། །དེ་རིང་ངག་ནི་རབ་ཏུ་སྨིན། །ཐུགས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། །རང་བྱུང་གསལ་བས་ཀུན་མཁྱེན་པ། །ང་ནི་མི་གནས་དབྱིངས་སུ་དག །གཉིས་མེད་བདེ་བའི་རྒྱན་གྱིས་བརྒྱན། །ད་ནི་ལྷན་ཅིག་སྐྱེས་པའོ། །


LT19_Page_071A
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤར་བ་ནི་ང་ཡི་རྩལ། །ང་ནི་སྤྲོས་དང་བྲལ་བ་ཡིན། །ཡུལ་དྲུག་སྣང་བ་ང་ཡི་མདངས། །གང་ཡང་གཉིས་སུ་མེད་པའོ། །རྒྱུ་འབྲས་རྐྱེན་གྱི་བདག་ཉིད་ཅན། །དགེ་བ་རྡོ་རྗེ་ང་ཡི་སྲོག །ང་ཡི་རྒྱན་ནི་ཡེ་ཤེས་ལྔ། །བདེ་བར་གཤེགས་པ་ཀུན་ལ་མཛེས། །སྲིད་དང་ཞི་ལ་ང་ཡིས་ཁྱབ། །མི་གནས་པ་ནི་རྡོ་རྗེའི་ཐུགས། །བསྐྱེད་དང་རྫོགས་པ་གཉིས་སུ་གསལ། །གྲོལ་བའི་གཙོ་བོར་འཚང་རྒྱའོ། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །དབྱེར་མེད་རྡོ་རྗེ་ཞེས་བྱ་བ། །འཆང་བ་འཛིན་པ་ཞེས་གྲགས་ཡིན། །རྣམ་ཤེས་རྡོ་རྗེ་འཆང་དུ་འདོད། །ཁྱོད་ཀྱི་དགེ་བ་རབ་ཏུ་སྨིན། །བདག་དོན་གཞན་དོན་འབྲས་བུར་བཅས། །དེ་རིང་སངས་རྒྱས་སྲས་སུ་གྱུར། །གཙོ་བོའི་དབང་བསྐུར་རབ་ཏུ་ཐོབ། །དེ་ཡི་དགོངས་པ་རབ་ཏུ་རྟོགས། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གྱུར། །མྱ་ངན་འདས་ལ་རབ་ཏུ་ཞུགས། །མི་གནས་རྡོ་རྗེ་ཁྱོད་ལ་སྨིན། །དེ་སྐད་ཅེས་ནི་ཐོས་པ་དང་། །རྡོ་རྗེ་འཛིན་པ་རབ་དགའ་བས། །ནམ་མཁའ་མཉམ་པར་རྒྱལ་བ་མཆོད། །རྗེས་སུ་ཡི་རང་གུས་ཕྱག་འཚལ། །འཁོར་ལོ་སྒྱུར་བའི་གཙོ་བོ་ཡིས། །རྡོ་རྗེ་འཛིན་ལ་གསལ་བར་བསྟན། །སྡུད་པ་པོ་ལས་བདག་གིས་ཐོས། །ཏེ་ལོ་པ་ཡིས་མི་བརྗེད་བཟུང་། །འཕགས་པ་ལྷ་ཡིས་མངོན་པར་བྱས། །བླ་མ་གསང་བར་སྒྲུབ་པ་ཀླུ་སྒྲུབ་སྙིང་པོས་མཛད་པའོ། །པཎྜི་ཏ་བི་བྷཱུ་ཏི་ཙནྟྲས་བསྒྱུར་བའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
ལམ་ཟབ་ཐུན་མོང་གི་ཁྲིད།


LT19_Page_072A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ཐུན་མོང་གི་ཁྲིད་བཞུགས་སོ།། །།


LT19_Page_072B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་གྱི་མཆོག་ལྡན་ལ། །ཐམས་ཅད་མཁྱེན་པའི་སྐད་ཅན་ཏེ། །ཤེས་རབ་ཐབས་སུ་མི་ཕྱེད་པའི། །དཔལ་ལྡན་རྩ་བའི་བླ་མར་འདུད། །རིགས་པས་གྲུབ་པ་ལུང་གི་བཅུད། །ཉམས་སུ་བླངས་ཀྱིན་མཚར་བའི་ལམ། །ཟབ་མོ་འདི་སྙམ་འབའ་ཞིག་ནས། །སློབ་མ་སངས་རྒྱས་སར་ཁྲིད་པ། །དྭགས་པོ་བཀའ་བརྒྱུད་ལ་འཁུ་བའི། །གངས་ཅན་པ་དག་བསྔགས་པའི་ལམ། །དཔེ་ནི་རྗེས་དཔག་གཡང་ས་ན། །མི་བཟད་འཁོར་བའི་གཅོད་དུ་བསྐྱུར། །ཨེ་མ་རང་ཉིད་བསླུར་མི་ཕོད། །ལྷག་པར་གཞན་དོན་འགྲུབ་རིངས་པ། །དེ་དག་ཟླ་འོད་གཞོན་ནུའི་རྗེས། །སྙེག་པའི་སྐལ་བཟང་ལྷ་ལ་སློང་། །འདིར་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་བ་ལས་ཆེས་མྱུར་བར་འཁྲིད་པའི་ལམ་ཟབ་བླ་མའི་སྒྲུབ་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། །དང་པོ་ལ། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། །དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ། །རྗེས་ངོ་སྤྲོད་པ་ལ་བསླབ་པ་ལས། །དང་པོ་ནི། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་ཅི་མཛད་གདུལ་བྱ་འདུལ་བྱེད་ཀྱི་ཐབས་སུ་ཤེས་པར་བྱས་ལ། རྣམ་པར་ཐར་


LT19_Page_073A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅིར་སྟོན་ཡང་ལོག་པར་མི་བལྟ། བཀའ་གང་གནང་གདམས་ངག་ཏུ་ཤེས་པར་བྱས་ལ། ཅི་གསུང་ཡང་དང་ལེན་གྱི་གོ་ཆ་གྱོན། །གང་འདུལ་གྱི་སྐུ་མི་གཟུགས་སུ་སྣང་བ་མ་གཏོགས་རྫོགས་པའི་སངས་རྒྱས་དངོས་རང་དུ་ཤེས་པར་བྱས་ལ། བཟང་ངན་མི་བརྟག །མི་དགྱེས་པ་སྐད་ཅིག་ཀྱང་མ་ཤོར་བར་བྱའོ། །གལ་ཏེ་ཐོག་མ་མེད་པའི་མ་རིག་པའི་དབང་གིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པའམ། རང་བཞིན་གྱིས་གནས་ངན་ལེན་སྤྱད་པས་མི་དགྱེས་པ་བྱུང་ན། སྦྱོར་དངོས་རྗེས་གང་ཡིན་པ་དེ་ཉིད་དུ་རང་རིག་པའི་ཡེ་ཤེས་ཀྱིས་སྦྱང་། །དེས་མོད་ལ་དག་པར་འགྱུར་ལ། །གཞན་དུ་ཉིན་ཞག་གཅིག་གི་ཁོངས་ཡན་ཆད་དུ་བཤགས་ཕུལ་དང་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་བརྟེན་གྱི་སྟོབས། །སྔར་བྱས་ལ་འགྱོད་སེམས་རྣམ་པར་སུན་འབྱིན་གྱི་སྟོབས། བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཉེས་པ་ལས་སླར་བཟློག་པའི་སྟོབས་བཞིས་སྦྱོང་བར་བྱའོ། །དེ་ནི་རྒྱུན་དུ་དམ་ཚིག་གཙང་བ་ལ་བསླབ་པའོ། །དེ་ནས་མཉེས་


LT19_Page_073B
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱིས་བསྟེན། །རང་གི་ལུས་ལོངས་སྤྱོད་དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་བླ་མ་ལ་འབུལ་བ་ནི་བསོད་ནམས་ཀྱི་ཚོགས་གསོག་བ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ལ། །དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པའི་ཏིང་ངེ་འཛིན་རྙེད་ཅིང་། ཏིང་ངེ་འཛིན་དེ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པར་འགྱུར་ཏེ། ཚུལ་འདིས་མཆོད་བྱ་དང་མཆོད་བྱེད་གཉིས་སུ་མེད་པར་མཆོད་པས་ཡེ་ཤེས་ཀྱི་ཚོགས་ཀྱང་མཐར་ཐུག་པ་གསོག་པར་བྱེད་དོ། །གཞན་དུ་བླ་མའི་མཎྜལ་ལ་བརྩོན་པར་བྱ་སྟེ། བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ལས་འབྱུང་བ་བཞིན་ནམ། མདོར་བསྡུས་པས་ཀྱང་ངོ་། །དེ་ནི་ཚོགས་བསགས་པ་ལ་བསླབ་པ་ཞེས་བྱའོ། །དེ་ནས་གསང་སྔགས་བྱིན་རླབས། བྱིན་རླབས་མོས་གུས། །མོས་གུས་གསོལ་འདེབས་ཀྱིས་རྙེད་པར་སླ་བས་གསོལ་བ་གདབ་པའི་ཚུལ་ནི། རྩ་བའི་བླ་མ་ཉིད་དུས་གསུམ་གྱི་བླ་མ་ཐམས་ཅད་པར་བཞེངས་པ་ནམ་མཁའ་སྤྲིན་གྱིས་གང་བ་ལྟ་བུའམ། དཔག་བསམ་གྱི་ཤིང་ཡལ་ག་དང་ཡལ་ག་ཕྲ་འུར་གྱེས་པ་ལྟར་དམིགས་པ་རིང་རྫོགས། བཀའ་བརྒྱུད་ཀྱི་བླ་མ་མུ་ཏིག་རྩལ་ལ་བརྒྱུས་པ་ལྟ་བུར་ཐོར་རྩེགས་སུ་བསྒོམ་པ་ཉེ་བརྒྱུད། བླ་མ་ཉིད་བླ་མ་ཀུན་འདུས། དཀོན་མཆོག་གསུམ་གྱི་རང་བཞིན། རྟེན་དཀྱིལ་འཁོར་བརྟེན་པ་ལྷ་དང་བཅས་པའི་ཡི་དམ། བྱིན་རླབས་སྟེར་བའི་མཁའ་འགྲོ། བར་ཆད་སེལ་བའི་ཆོས་སྐྱོང་དུ་ངེས་པ་ཀུན་འདུས་ནོར་བུ་ལུགས་ཏེ། གསུམ་གར་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱབས་མགོན་གཞན་དུ་མི་འཚོལ་བར་བློ་བླ་མ་འབའ་ཞིག་ལ་བཀལ། རོགས་གསོལ་འདེབས་འབའ་ཞིག་ལ་བཅོལ། ཉམས་ལེན་མོས་གུས་འབའ་ཞིག་ལ་བྱས་ན་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཐེ་


LT19_Page_074A
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད་དོ། །གལ་ཏེ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པ་སྐྱེས་ན། དུས་དེར། བླ་མ་རང་སེམས་དབྱེར་མེད་དུ་བསྲེས་ནས་གང་ཤར་གསོལ་འདེབས་ཀྱི་གདངས་སུ་ཁྱེར་བས་རང་ཞི་ལ་འགྲོ་བ་ཞི་བའི་གསོལ་འདེབས། ཁམས་འདུས་པ་མྱ་ངན། ཡིད་མི་བདེ་བའམ། མི་མ་ཡིན་གྱི་བར་ཆད་དྲག་པོ་བྱུང་བའི་དུས་སུ། སྙིང་གར་བླ་མ་འཛུམ་དམུལ་ལེ་བ། རང་ཉིད་ཀྱང་དགའ་ཡ་ལེ་འཛུམ་དམུལ་ལེ་བ། སྣང་བ་ཐམས་ཅད་ཀྱང་བླ་མའི་སྐུ་རྡོ་རྗེ་འཛུམ་དམུལ་ལེ་བར་བསམས་ནས། གསོལ་འདེབས་ཀྱི་དབྱངས་ལ་སེམས་རྒྱ་ཡན་དུ་བོར་བས་སྐྱོན་རང་གྲོལ་དུ་ཞིག །སྣང་བ་འབལ། འབོལ་དུ་སོང་། ཡོན་ཏན་གྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འགྱུར་བས་རྒྱས་པའི་གསོལ་འདེབས། ཡར་མོས་གུས་ཀྱིས་བླ་མ་དཀོན་མཆོག་དབང་དུ་བསྡུ། མར་སྙིང་རྗེས་འགྲོ་དྲུག་གི་སེམས་ཅན་དབང་དུ་བསྡུ་བས་དབང་གི་གསོལ་འདེབས། བསམ་པ་ཚེ་འདིར་ཤོར་བས་འཇིག་རྟེན་ཆོས་བརྒྱད་ཀྱིས་ཟིན། དེ་དུས་ཙ་ན་རང་གིས་རང་ལ་ཆོས་བྱེད་པར་མ་བཅས། བླ་མ་དཀོན་མཆོག་ཆོས་བྱེད་བྱེད་འདྲ་བའི་ཁ་སྦྱང་གིས་བསླུ་བའི་དྲེད་པོ་ཁྱོད་འདྲ་བ་ཞེས་པ་ལ་སོགས་པའི་ཞེ་ཁྲེལ་དེ། སྐྱོན་དེ་དག་འདོར་འདོད་པ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྒྱང་འབོད་དུ་བཏབ་པས་བླ་མ་དཀོན་མཆོག་ར་མདར་སྦྲན་པ་དྲག་པོའི་གསོལ་འདེབས་ཞེས་བྱའོ། །དེ་ནི་རྒྱུན་དུ་གསོལ་བ་གདབ་པ་ལ་བསླབ་པའོ། །གཉིས་པ་དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ་ལ་བསྙེན་པ། སྒྲུབ་པ། ལས་སྦྱོང་གསུམ་ལས། དང་པོ་ལ། ཕྱི་སྒྲུབ་ཕྱག་གི་བསྙེན་པ། ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ། གསང་སྒྲུབ་བཟླས་པའི་བསྙེན་པ་ལས། །དང་པོ་ནི། གནམ་དང་


LT19_Page_074B
[མ་དཔེ་གཟིགས་ན་འདིར་གནོན།]

ས་འབྱར་བར་སྣང་བའི་ཐད་ནས་སྐོར་བ་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཕྱག་སྟོང་ལ་སྤྱན་སྟོང་མངའ་བ། བཞེངས་པ་ཤིན་ཏུ་ཞི་བའི་ཉམས་ཅན། དེའི་ཐུགས་ཀར་བསམ་གཏན་གྱི་ཁང་བུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། མལ་ཁ་སར་ཎ་མཆོག་སྦྱིན་དང་། ཐུགས་ཀར་ཨུཏྤལ་དཀར་པོ་བསྣམས་པ་ཕྱེད་སྐྱིལ་གྱིས་བཞུགས་པ། གཅིག་གིས་ཐུགས་ཀར་གཅིག་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་ལྟ་བུ། དེའི་ཐུགས་ཀར་རང་འདུག་པའོ། །ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ། །དེ་ནས་སྲུང་འཁོར་དེའི་ནང་རང་གི་མདུན་གྱི་ནམ་མཁར། བྃ་ལས་གང་ཆེན་མཚོ། དབུས་སུ་པདྨའི་སྡོང་པོ་དཔག་བསམ་གྱི་ཤིང་ལྟར་ཡིད་དུ་མཆིས་པའི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བ་ལ། ལཾ་ལས་ཀུན་ཏུ་བཟང་པོའི་ཞིང་ཁམས་བཀོད་བ་བསམ་གྱིས་མི་ཁྱབ་པ། རྡུལ་རེ་རེ་ལས་ཀྱང་རྡུལ་སྙེད་ཀྱི་ཞིང་དུ་ཀུན་ཏུ་སྟོན་པ་དེར། བླ་མ་བརྒྱུད་པ་དང་བཅས་པ་ཡེ་ཤེས་ཀྱི་སྤྱི་གཟུགས། བླ་མའི་ཐུགས་ཡི་དམ་གྱི་ལྷ་ཞི་ཁྲོའི་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཐམས་ཅད་དུ་སྣང་བས་གང་བར་གྱུར་པ། བསམ་པ་ཞེ་ཐག་པས། དཔལ་ལྡན་བླ་མ་དམ་པའི་ཐུགས་རྡོ་རྗེ་ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པའི་ཧེ་རུ་ཀ་རྡོ་རྗེ་སངས་རྒྱས་དང་། གསུང་རྡོ་རྗེ་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱིས་ཆོས་དང་། སྐུ་རྡོ་རྗེ་འཁོར་ལོར་གནས་པའི་རྣལ་འབྱོར་བ་དང་རྣལ་འབྱོར་མའི་དགེ་འདུན་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་འཁྱུད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་དུ་སེམས་


LT19_Page_075A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བགྱིའོ། །སྨོན་སེམས། འདི་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་རྡོ་རྗེ་ཐེག་པ་ལ་བདག་གིས་བརྟེན་པར་བགྱིའོ། །ཞེས་འཇུག་པ་སྟེ་ལན་གསུམ། དེ་ནས་རང་གི་སྤྱི་བོར་པདྨ་དང་ཟླ་བ་ལ་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཧཱུྃ་ཡིག །ལམ་གྱི་རྡོ་རྗེ་སེམས་དཔའ་འམ་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་ཀྱི་མ་དག་པ་སྦྱངས་ནས་རྡོ་རྗེ་སེམས་དཔའ་ཉིད་དུ་འགོད་པར་བཞེངས་པ་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་སེམས་དཔའ་དཀར་ཞིང་དྲི་མ་མེད་པ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ་རྡོ་རྗེའི་སྤྱིལ་ཀྲུང་བཅིངས་ཏེ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། མཐར་ཡིག་བརྒྱས་བསྐོར་བ། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་བཟླ་དུས། དེའི་སྦྱོར་མཚམས་ནས་སྐུའི་བདུད་རྩི། སྔགས་ལས་གསུང་གི། ཟླ་བ་ལས་ཐུགས་ཀྱི། རྡོ་རྗེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། བདག་གི་སྤྱི་བོ་ནས་ཞུགས་ལུས་ངག་ཡིད་ཡེ་ཤེས་ཀྱིས་བསྐྱེད་པའི་སྡིག་སྒྲིབ་དུད་ཁུ་དང་སོལ་ཁུ། གདོན་བགེགས་སྲིན་བུའི་རྣམ་པར་དབང་པོའི་སྒོ་བ་སྤུའི་ཁུང་ཐམས་ཅད་ནས་ཐོན་ཏེ། དྲི་མ་མེད་ཅིང་བྱང་ཆུབ་སེམས་ཀྱིས་ཁྱབ་པ་འོ་མས་ཤེལ་གྱི་ཕོར་བ་བཀང་བ་ལྟ་བུ། མཐར་སྡིག་སྒྲིབ་དག་གོ་ཞེས་གནང་བ་བྱིན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་མོ། །དེ་ནས་ཚོགས་ཀྱི་ཞིང་སྐྱབས་ཡུལ་དུ་སྤྲོས་པས་སླར་གསལ་བཏབ་ནས་རང་གི་ལུས་ཇི་སྙེད་པ་དེ་བརྙེད་པའི་རྡུལ་དང་མཉམ་པ་རེ་རེའང་མགོ་དང་ལྕེའི་དབང་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བལྟས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཅིག །བླ་མ་བླ་མ་སྙམ་པས་ལུས་ཀྱི་ཕྱག །ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་


LT19_Page_075B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ། ཞེས་པ་སྟོང་ཕྲག་གཅིག་ནས། རྒྱལ་བ་ཀུན་དངོས་བླ་མ་ལ། །ལུས་ངག་ཡིད་གསུམ་གུས་བའི་བློས། །སྤྲོ་བའི་སྙིམས་པ་དང་བཅས་ནས། །རབ་ཏུ་བཏུད་དེ་གུས་ཕྱག་འཚལ། ཞེས་བརྗོད་པས་ཕྱག་བྱའོ། །དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་རང་གི་གནས་ལུས་ལོངས་སྤྱོད་ཀུན་གཞིའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་ཁམས་རྣམ་བརྒྱ་ཆེ་བའི་མཆོད་རྫས་ཐམས་ཅད་ཆར་དུ་བབས་པ་ཕྱི་མཆོད། བབས་བ་དེ་དག་རང་བཞིན་ཤ་ལྔ་བདུད་རྩི་ལྔར་དག་པས་ནད་མཆོད། ངོ་བོ་འདོད་པ་ལྔའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བུད་མེད་ཡིན་པས་དེ་ལ་འཁྱུད་པ་གསང་མཆོད། འཁོར་གསུམ་ཡོངས་དག་གམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་སྣང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་གྱི་རྒྱན་ཚད་མེད་པ་སྣང་བའི་མཎྜལ་འདིས་འབུལ་བར་བྱའོ། །ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏང་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོར་ནོར་བུའི་ཁོར་ཡུག་གི། །ནང་ན་ཞིང་ཁམས་རྒྱ་མཚོ་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེའང་འདོད་ཡོན་རྨད་ཀྱིས་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཅིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་བའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གིས་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དང་


LT19_Page_076A
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབུལ་བར་བགྱི། ཞེས་སམ། བསྡུས་པར། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་ལན་གསུམ། དེ་ནས། ཐོག་མེད་དུས་ནས་བསགས་པ་ཡི། །ཐུན་མོང་ཁྱད་པར་དང་འགལ་བའི། །མི་དགེ་བཅུ་སོགས་ཉེས་པའི་ཚོགས། །མ་ལུས་འགྱོད་པའི་སྒོ་ནས་བཤགས། །ཞེས་སྡིག་པའི་གཉེན་པོ་སྟེ་སྟོབས་གཞན་གསུམ་གྱིས་ཟིན་པར་བྱས་པ་ལན་གསུམ་གྱིས་སྡིག་པ་བཤགས། ནམ་མཁའི་མཐར་ཐུག་ཕྱོགས་ཀུན་ཏུ། །འགྲོ་ལ་ཕན་པར་མཛད་པ་ཡི། །དུས་གསུམ་རྒྱལ་བ་སྲས་བཅས་ལ། །དགའ་བའི་སེམས་ཀྱིས་རྗེས་ཡི་རང་། །ཞེས་པས་རྗེས་སུ་ཡི་རང་། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །རང་རང་བསམ་པ་ཇི་ལྟ་བར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཐེག་མཆོག་ཆོས་འཁོར་བསྐོར་དུ་གསོལ། །ཞེས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཞེས་མྱ་ངན་ལས་མི་འདའ་བར་གསོལ་བ། བདག་གཞན་ཀུན་གྱིས་བསགས་པ་ཡི། །དུས་གསུམ་དགེ་བ་གཅིག་བསྡུས་ནས། །མར་གྱུར་འགྲོ་བ་མ་ལུས་པ། །བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ། །ཞེས་བསྔོ་བ་བྱས་ནས། མཐར་ཚོགས་ཀྱི་ཞིང་བླ་མ་ཉིད་ལ་བསྟིམ་སྟེ་སྤྱི་བོར་སྤྱན་དྲངས། རྗེ་མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། །ཞེས་པ་ལ་སོགས་པས་གསོལ་བ་བཏབ། བླ་མ་དང་རང་གི་གནས་བཞིར་ཡི་གེ་བཞི་གསལ་བཏབ་ནས། བླ་མའི་དཔྲལ་བའི་ༀ་ལས་སྐུའི་བྱིན་རླབས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བའི་ༀ་ལུས་ཀྱི་བདག་


LT19_Page_076B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཞུགས་པས་སད་པའི་གནས་སྐབས་སྐྱེད་པའི་སྒྲིབ་པ་སྦྱངས། །བུམ་དབང་ཐོབ། སྐུ་རྡོ་རྗེ་ལྷག་བར་གནས་པར་བྱས། བླ་མའི་མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པའི་ཨཱཿངག་གི་རང་བཞིན་ལ་ཞུགས། རྨི་ལམ་གྱི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། གསང་བའི་དབང་ཐོབ། གསུང་རྡོ་རྗེ་ལྷག་པར་གནས་པར་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གའི་ཧཱུྃ་ཡིད་ཀྱི་རང་བཞིན་ལ་ཞུགས། གཉིད་སྟུག་གི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེ་ལྷག་པར་གནས་པར་བྱས། དེ་ནས་བླ་མའི་ལྟེ་བའི་ཧོཿཡིག་ལས་ཡེ་ཤེས་ཀྱི་བྱིན་རླབས་འོད་ཟེར་ལྗང་གུ་བྱུང་། བདག་གི་ལྟེ་བའི་ཧོཿཡེ་ཤེས་ཀྱི་རང་བཞིན་ལ་ཞུགས། བཞི་པའི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ཐོབ། །ཡེ་ཤེས་རྡོ་རྗེ་ལྷག་པར་གནས་པར་བྱས། མཐར་བླ་མ་འོད་དུ་ཞུ། །བདག་ལ་ཆུ་དང་ཆུ་བསྲེས་པ་བཞིན། སེམས་མ་བཅོས་བར་གཉིས་སུ་མེད་པ་ལ་ཡེངས་མེད་དུ་གཞག་གོ །དེ་བས་ལངས་ནས་དགེ་བའི་རྩ་བ་འདི་ལྟར་བསྔོ་སྟེ། བདག་གིས་བྱས་ཤིང་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་གཅིག་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔལ་ལྡན་བླ་མ་དམ་པ་འགྲུབ་པར་གྱུར་ཅིག །ཅེས་པས་སོ། །གཉིས་པ་ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ་ནི། སྲུང་འཁོར། སྐྱབས་སེམས། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན་དུ་བྱས་ལ། དེ་ནས་རང་གི་མདུན་གྱི་ནམ་མཁར། གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་ཉི་སྒྲ་


LT19_Page_077A
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་བདུད་བཞི་བརྩེགས་པའི་གདན་ལ། ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་གདན་གསུམ་གྱི་ལྷར་གདོད་མ་ནས་གྲུབ་པ་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པ། སྐྱབས་གསུམ་གྱི་འདུས་པ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་འཆར་གཞི། རིགས་ཐམས་ཅད་ཀྱི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་གཅིག་པའི་སྤྱི་གཟུགས། དེ་ཡང་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྟོན་ཟླ་ལྟ་བུ་རྡོ་རྗེ་ཕག་མོ་དང་ལྷན་ཅིག་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་དཔལ་མཆོག་དང་པོའི་སྐྱེས་བུ་ཧཱུྃ་འོད་ཟེར་ལྔར་འབར་བས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་དམ་པ་ཉིད་ཀྱི་འཁོར་ལོ་གསུམ་གྱི་ལྷར་སད་པར་བྱས། དེ་དག་ལ་དམིགས་ཏེ། ༀ་ཨཱཿཤྲི་མཱ་ནྶ་དྒུ་རུ་ཙ་ར་ཎ་ཡཱ་མི། ཞེས་པས་གཉིས་སུ་མེད་པར་ཕྱག་བྱ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་སྤྱི་བོ་ནས་ཐོན། དེས་གྲི་གུག་གིས་ཐོད་པ་བྲེགས་པ་མི་མགོ་གསུམ་གྱི་ཁར་བཞག་པ་ནམ་མཁའི་ཁྱོན་ཙམ་ནང་དུ་འདོད་པ་ལྔའི་ལོངས་སྤྱོད་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ༀ་ཨཱཿཧཱུྃ་ཧྲཱིཿས་སྦྱངས་རྟོགས་སྤར་བདུད་རྩིར་ཞུ་བ་བླ་མ་དམ་པའི་ཚོགས་ཀྱི་དཀྱིལ་འཁོར་ལ་སྙོམས་འཇུག་གི་བདེ་བ་དྭངས་མའི་བདུད་རྩི་ལྔའི་རོ་དང་དབྱེར་མེད་པས་མཆོད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་རང་རིག་གི་གདོད་མའི་རྡོ་རྗེ་བཞིར་མཉམ་པར་སྦྱོར་བ་དུས་རྒྱུན་ཆད་མེད་པར་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་རབ་འབྱམས་གྱིས་མཉེས་པར་གྱུར་


LT19_Page_077B
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དེ་ནས་མ་ནམ་མ་བཞི་སྐོར་ཅི་རིགས་པ་གྲང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་སྟོང་ཕྲག་གཅིག་གི་མཐར། བླ་མ་སངས་རིན་མ་སོགས་ཀྱིས་གསོལ་བ་གདབ། བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་། བདག་གི་ལུས་ལ་ཕོག །བླ་མའི་ཞལ་དུ་ཞུགས། ཡབ་ཡུམ་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་སུ་བཞུ། ཨ་བྡྷཱུ་ཏཱི་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། །ཧེ་རུ་ཀའི་སྐུར་གྱུར་པ་ལ་སླར་ཡང་བླ་མ་ཡབ་ཡུམ་གྱི་གདན་གསུམ་གྱི་དབང་ལྷ་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་ལྕེ་ཐོག་ཏུ་གཞག་པས་དབང་བསྐུར། ལུས་གང་། དྲི་མ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་ཞུགས་པར་གྱུར་པའི་མཐར། བླ་མ་ཡབ་ཡུམ་མེ་ལོང་གི་དབུགས་ཐིམ་པ་ལྟར་རང་དང་རོ་མཉམ་པ་རང་བཞིན་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག །དགེ་བའི་རྩ་བ་སྔར་བཞིན་དུ་བསྔོའོ། །གསུམ་པ་གསང་སྒྲུབ་བཟླས་པའི་བསྙེན་པ་ནི། སྲུང་འཁོར་སྐྱབས་སེམས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན། དེ་ནས་རང་ཉིད་ཀྱི་སྤྱི་བོར་ལམ་ཟབ་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་གསལ་བཏབ་ནས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་གསོལ་བ་བཏབ། འོད་དུ་ཞུ་བ་རང་ལ་བསྟིམ་མོ། །དེ་ནས་རྣལ་འབྱོར་བཅུ་ལ་འཇུག་སྟེ། དང་པོར་ཚད་མེད་པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། བདེ་སྡུག་གི་རྒྱུ་ཆགས་སྡང་གཉིས་དང་བྲལ་པའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་སྙམ་པའི་ཚངས་པའི་གནས་བཞི་བསྒོམ། དེ་ནས་ལྷའི་རྣལ་འབྱོར་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ


LT19_Page_078A
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སེམས་ཀྱི་དེ་ཁོ་ན་ཉིད་འོད་གསལ་བ་ལས། སྐད་ཅིག་ཙམ་གྱིས་ལུས་དམ་པ་རིགས་བརྒྱའི་སྤྱི་གཙུག་དཔལ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཁྲོ་འཛུམ་རལ་པའི་ཅོད་པན་ཅུང་ཟད་ཡོ་བ་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་འཆང་བ། མགོ་བོའི་ཅོད་པན་དང་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ལྡན་པའི་ཞབས་གཡས་པ་རྐྱང་བས་འཇིགས་བྱེད་དུས་མར་བཅས་པ་བརྗེས་ཏེ་ཉི་མ་དང་པདྨའི་གདན་ལ་བཞུགས་པ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་སེམས་དང་མི་ཕྱེད་པའི་བླ་མ་རྡོ་རྗེ་འཆང་ཚོན་གང་ཙམ་པ་ཡབ་ཡུམ་ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡེ་ཤེས་སེམས་དཔའ་འོ། །དེའི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མར་མེ་ལྟར་འབར་བ་ནི་ནང་གི་བདག་ཉིད་རྡོ་རྗེའི་བཅོམ་ལྡན་འདས་སོ། །ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པའི་སྔགས་ཀྱིས་བསྐོར་བའོ། །དེ་ནི་ཏིང་ངེ་འཛིན་སེམས་དཔའ་འོ། །ལྟ་ལ་དམིགས་པས་དུ་བ་ན་ངག་ཏུ་སྔགས་ཁྲི་ཕྲག་རེ་རེ་བཟླ་བ་བཟླས་པའི་རྣལ་འབྱོར་དང་། སྤྲོ་བསྡུའི་རྣལ་འབྱོར་ནི། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ལུས་དཀྱིལ་གྱི་རིགས་བརྒྱའི་ལྷ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ཕན་ཚུན་རྒོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་འཁོར་ལོ་བཞིར་བབ། གསང་བའི་སྣར་ལྷན་ཅིག་སྐྱེས་དགའ་མངོན་དུ་བྱས་པའི་དབང་བླང་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི། མཐར་ཡེ་ཤེས་སེམས་དཔའི་རྗེས་ཆགས་ཀྱི་བདེ་བའི་སྒྲས་བརྟན་གཡོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རོལ་པ་བསད། ཞལ་དུ་ཞུགས་


LT19_Page_078B
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་ཞུ། ཡུམ་གྱི་མཁར་ལྷུང་བ་བྃ་ཡིག་གི་རྣམ་པར་གྱུར་པ་ལས་རྣམ་པ་སྣ་ཚོགས་པའི་རིག་མ་རྣམས་སུ་གྱུར་ཏེ་ནམ་མཁར་ཐོན་ནས་སེམས་དཔའ་གསུམ་མཆོད་པས་ཕྱི་ནང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་ཐིམ། །ཟག་པ་མེད་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་གོ །བསྔོ་བའི་རྣལ་འབྱོར་ནི་སྔ་མ་བཞིན་ནོ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ནི། རང་ཉིད་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་ལྟར་གདོད་མ་ནས་གྲུབ་པ་གསལ་བཏབ། བཟའ་བཏུང་ༀ་ཨཱཿཧཱུྃ་ཧྲཱིཿས་སྦྱངས་རྟོགས་སྦར་བདུད་རྩིར་བཞུ་བའམ། བཟའ་བཏུང་སོགས་འདོད་ཡོན་གྱི་སྣང་བ་མཐའ་དག་སྒྱུ་མའི་འཁོར་ལོར་ཤེས་པ་ལ་གཉིས་སུ་མེད་པར་སྤྱོད། ཐུན་མཚམས་གཏོར་མའི་རྣལ་འབྱོར་ནི། བླ་མའི་གཏོར་མ་ཡི་གེ་བཞིས་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་འོད་ཀྱིས་བརྟན་གཡོའི་ཚོགས་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་དུ་སྣང་བར་བྱས་ཏེ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་འདོད་དོན་གསོལ། ཀུ་སཱ་ལའི་ཚོགས་གསོག་པའི་རྣལ་འབྱོར་ནི། སྲོད་ཉལ་ཁར་ཕཊ། རང་གི་རྣམ་ཤེས་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སུ་ཚངས་བུག་ནས་ཐོན། ཕཊ། དེའི་གྲི་གུག་གིས་རང་གི་ཐོད་པ་བྲེགས། མི་མགོའི་སྒྱེད་བུ་གསུམ་གྱི་ཁར་བཞག །སྟོང་གསུམ་ཙམ་ཁྱབ་པ། ཕཊ། ལུས་གྲི་གུག་གིས་དེར་བཅུག་རུབ་ཀྱིས་གཏུབས། ༀ་ཨཱཿཧཱུྃ་ཧྲཱིཿ བདུད་རྩིར་སྦྱངས་རྟོགས་སྦར་བཞུ། ཕཊ། དཀོན་མཆོག་སྲི་ཞུའི་མགྲོན། ཕཊ། མགོན་པོ་ཡོན་ཏན་གྱི་


LT19_Page_079A
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན། ཕཊ། སྣང་སྲིད་ལྷ་འདྲེ་ལན་ཆགས་ཀྱི་མགྲོན། ཕཊ། འགྲོ་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་བོས། ཕཊ། ཐམས་ཅད་ཀྱིས་གསོལ་བས་ཚིམ། ཕཊ། མཆོད་ཡུལ་གྱི་མགྲོན། མཆོད་རྫས། མཆོད་བྱེད་ཀྱི་རྣལ་འབྱོར་མ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་ཡལ་གྱིས་གཏད་དོ། །བཅུ་པ་འོད་གསལ་གྱི་རྣལ་འབྱོར་ནི། ཉལ་དུས་སེམས་དཔའ་གསུམ་བརྩེགས་སུ་གསལ་བཏབ་པ་ལ། སྣང་བའི་ཚོགས་ཁམས་ཕྲ་བ་ལ་བཅུག །དེ་སེམས་ལ་གཞུག །དེ་སེམས་བྱུང་ལ་གཞུག །དེ་མ་རིག་པ་ལ་གཞུག །དེ་འོད་གསལ་བ་ལ་བཅུག་པས་གཉིད་ལོག་པ་དང་སད་པ་ཁྱད་པར་མེད་པར་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་གནས་པར་འགྱུར་ཏེ་རྟོགས་པའི་འོད་གསལ་ལོ། །གཉིས་པ་སྒྲུབ་པ་ནི། སྲུང་འཁོར། སྐྱབས་སེམས། རྡོར་བཟླས། བརྒྱུད་པའི་གསོལ་འདེབས། ཚད་མེད་པ། དམ་ཚིག་སེམས་དཔའ་བསྐྱེད་པ་རྣམས་གསང་སྒྲུབ་བཞིན་བྱས་ནས། དམ་ཚིག་སེམས་དཔའ་དེའི་སྐུའི་ནང་དུ་རྩ་དབུ་མ། དེ་ལས་རོ་རྐྱང་དུ་གྱེས་པ། སྤྱི་བོར་རྩ་འཁོར་སོ་གཉིས་ལ་བླ་མ་རྣམ་སྣང་ཧེ་རུ་ཀ་ཡབ་ཡུམ་དཀར་པོ། མགྲིན་པའི་རྩ་འཁོར་བཅུ་དྲུག་ལ་བླ་མ་ཧེ་རུ་ཀ་ཡབ་ཡུམ་དམར་པོ། །སྙིང་གའི་རྩ་འཁོར་བརྒྱད་ལ་བླ་མ་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་སྔོན་པོ། ལྟེ་བའི་རྩ་འཁོར་དྲུག་ཅུ་རྩ་བཞི་ལ་བླ་མ་རིན་ཆེན་ཧེ་རུ་ཀ་ཡབ་ཡུམ་སེར་པོའམ། རྩ་འདབ་ཀྱི་གྲངས་མཉམ་གང་མོས། རང་རང་གི་སྙིང་གར་ཟླ་བ་ལ་ས་བོན་རིམ་པ་བཞིན་ༀ་ཧྲཱིཿཧཱུྃ་ཏྲཱཾ་མཐར། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བལྟས་ཏེ། ཐོག་མར་ཐོ་རངས་ཀྱི་དུས། སྤྱི་བོའི་རྣམ་སྣང་ལ་ལས་དང་མཐུན་པའི་མཆོད་པའི་སྤྲིན་གྱིས་སྤྲུལ་ཏེ་


LT19_Page_079B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་གནོད་བ་ཐམས་ཅད་ཞི་བར་བྱེད་པ་སྨན་གྱི་བུ་མོ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེ་བར་འཚེ་བའི་རིགས་ཐམས་ཅད་བསལ། ཞི་བའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ལ་ཐིམ། བདག་ཉིད་ཞི་བའི་ལས་ལ་མཐུ་དང་ལྡན་པར་བསམ་ལ་སྔགས་ཁྲི་ཕྲག་ཞིག་བཟླ། མཐར་ལྷ་འོད་དུ་ཞུ་ནས་ཟག་པ་མེད་པའི་ཡེ་ཤེས་སུ་གནས་པ་ལ་མཉམ་པར་བཞག །དགེ་བ་བསྔོའོ། །སྔ་དྲོ་ལྟེ་བའི་རིན་ཆེན་འབྱུང་གནས་ལ་ལས་མཐུན་གྱི་མཆོད་པ་ཡིད་ཀྱིས་ཕུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་མངའ་ཐང་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སེར་པོ་རྒྱལ་མཚན་རྩེའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་བར་བྱས། རྒྱས་པའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་རྒྱས་པའི་མཐུ་དང་ལྡན་པར་བསམས་ལ་བཟླས་ལ་སོགས་སྔར་བཞིན་ནོ། །དགོངས་མོ་མགྲིན་པའི་འོད་དཔག་མེད་ལ་ལས་མཐུན་གྱིས་མཆོད། ཁམས་གསུམ་དབང་དུ་འདུ་བར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། འོད་ཟེར་དམར་པོ་དབང་ཕྱུག་ཆེན་པོའི་ལྕགས་ཀྱུ་ལྟ་བུ་འཕྲོས། ཁམས་གསུམ་པོ་ཐམས་ཅད་ཀྱི་སྙིང་ལ་བཏབ། བདག་གི་མདུན་དུ་བཅིངས་ཏེ་བོར་བས་ཅི་བསྒོབ་མཉན་པ་དབང་དུ་འདུས་པར་བསམ། ཁྱད་པར་དབང་གི་ལས་ལ་


LT19_Page_080A
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་དབང་གི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་འདྲའོ། །དེ་ནས་སྲོད་ཀྱི་དུས་ལ་སྙིང་གའི་མི་བསྐྱོད་པ་ལ་ལས་མཐུན་གྱིས་མཆོད། གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། སྔགས་ཕྲེང་ལས་འོད་ཟེར་ནག་པོ་སྤུ་གྲི་ཅན་གྱི་རླུང་ལྟ་བུ་ཕྱོགས་བཅུར་འཕྲོས་བསྒྲལ་བར་འོས་པའི་ཞིང་ཐམས་ཅད་ལ་ཕོག་པས་དུམ་བུ་དུམ་བུར་བཏང་སྟེ་མཐར་རྡུལ་བརླག །དྲག་པོའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པས་བདག་ཉིད་དྲག་པོའི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་སྔར་བཞིན་ནོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་བླ་མ་བསྒྲུབས་ནས་ཕྲིན་ལས་གང་འདོད་ལ་སྦྱོར་བ་སྟེ། ནད་ཞི་བར་འདོད་ན་བླ་མ་སྨན་པའི་རྒྱལ་པོ། གདོན་ཞི་བར་འདོད་ན་ཕྱག་རྡོར། སྡིག་སྒྲིབ་ཞི་བར་འདོད་ན་རྡོ་རྗེ་སེམས་དཔའ། དབང་དུ་འདུ་བར་འདོད་ན་རྟ་མགྲིན། གྲུབ་པ་བརྒྱད་ཐོབ་པར་འདོད་ན་བདེ་མཆོག །བྱིན་རླབས་འཇུག་པར་འདོད་ན་ཕག་མོ། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་འདོད་ན་འཇམ་དཔལ་གཤིན་རྗེའི་གཤེད་དང་མགོན་པོ། ནོར་ཆེ་བར་འདོད་ན་ནོར་ལྷ་ཛམྦྷ་ལ་ལ་སོགས། འཁོར་མེད་པར་འདོད་ན་བསྟན་པའི་གཙོ་བོ། །ཚེ་རིང་བར་འདོད་ན་ཚེ་དཔག་ཏུ་མེད་པ་སྟེ། ཐམས་ཅད་ལ། ཐ་མ་ཉིད་ཚོགས་ཀྱི་ཞིང་དེར་བསྒོམ། གང་འདོད་པ་དེ་མཆོད་པའི་རྫས་སུ་ཕུལ། མོས་གུས་ཀྱི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་འདོད་པ་སྨྲད་དུ་གསོལ་བས། གང་དགོས་ཡིད་བཞིན་དུ་འགྲུབ་སྟེ། མཆོག་གི་དངོས་གྲུབ་ཀྱང་དཀའ་བ་མེད་ན་ཐུན་མོང་རྣམས་ལྟ་ཅི་སྨོས་སོ། །རྗེས་ངོ་སྤྲད་བ་ལ་བསླབ་པ་ནི། བླ་མའི་སྐུ་རྡོ་རྗེ་གང་ལ་ཟེར་ན་ཁམས་གསུམ་དུ་དུས་གསུམ་དུ་འབྱུང་བའི་རྡུལ་མེད་པ་སྣ་ཚོགས་པའི་གཟུགས་བརྙན་འཆར་བའི་འོད་


LT19_Page_080B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ལ་ཟེར་བས་ན་སྣང་ཚད་བླ་མ་སྤྲུལ་སྐུ། དགེ་འདུན་དཀོན་མཆོག །གང་ཤར་མཇལ་ཁ་རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་སྐུ། བསམ་གྱིས་མི་ཁྱབ་པའི་མིག་གིས་ཡང་ལན་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་གློང་དུ་འབྱམས་ཀླས་པར་གདའོ། །བླ་མའི་གསུང་རྡོ་རྗེ་གང་ལ་ཟེར་ན། གཞོམ་དུ་མེད་པའི་སྒྲ་བརྙན་བརྗོད་དུ་མེད་ལ། བརྗོད་པ་ཐམས་ཅད་པར་འཆར་བ་ལ་སྒྲ་ཚུལ་ལ་ཟེར་བས་ན། གྲགས་ཚད་བླ་མ་ལོངས་སྐུ། ཆོས་དཀོན་མཆོག །གར་ཐོས་ཆོས་འཁོར། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་གསུང་། བསམ་གྱིས་མི་ཁྱབ་པའི་རྣ་བར་ཐོས་ནས་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་འོ། །བླ་མའི་ཐུགས་རྗེ་གང་ལ་ཟེར་ན། བདེ་སྟོང་ལྷན་ཅིག་སྐྱེས་པ་ཐམས་ཅད་པ་ཞིག་ལ་ཟེར་བས་ན། དེ་རང་སེམས་ལས་གཞན་མིན། དེའི་ཕྱིར་དྲན་རིག་བླ་མ་ཆོས་སྐུ། སངས་རྒྱས་དཀོན་མཆོག །གང་སྐྱེས་མཉམ་ཉིད། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་སུ་བསམ་གྱིས་མི་ཁྱབ་པའི་ཐུགས། བསམ་གྱིས་མི་ཁྱབ་པའི་ཡིད་ཀྱིས་རིག་ནས། བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་སྟེ། དོན་འདི་ལ་ཆོས་རྗེས། བླ་མ་རང་སེམས་དབྱེར་མ་ཕྱེད། །གཟུགས་སྐུར་འཛིན་པ་སྦྱོར་ནས་ཐལ། །མོས་གུས་བྱ་བའི་ཡུལ་མ་རྙེད། །གསོལ་བ་འདེབས་ན་ཇི་ལྟར་འདེབས། །ཞེས་གསུངས་པ་དང་། རྒྱལ་བ་རྒོད་ཚང་པས། མི་བདག་གིས་བླ་མ་བསྒྲུབས་པས་གྲུབ། །བླ་མ་ཆོས་སྐུའི་ཞལ་ཡང་མཐོང་། །སྣང་སྲིད་བླ་མ་ཆོས་སྐུར་ཤར། །ཞེས་སོ། །གནད་ཀ་འདིས་དཔལ་རྒྱལ་བའི་དབང་པོས། །ལམ་ཟབ་མོ་བླ་མ་སྒྲུབ་པ་ལ། །སྐྱབས་གསུམ་ཀུན་འདུས་ཀྱི་གདམས་ངག་ཡོད། །ལམ་སྣ་ཆོད་མི་འདི་ལྟར་


LT19_Page_081A
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །ཞེས་གསུང་བར་མཛད་པ་ཡིན་ནོ། །ལུང་དོན་རིགས་པས་གཏན་ལ་མི་ཕེབས་པའི། །ཁ་བཤད་ཕལ་མོ་སྤྲིན་གྱི་གྲིབ་མ་འདྲ། །བསིལ་སྐྱོབ་རེས་ཀྱང་དགོས་དུས་ཐོག་མི་ཁེལ། །དེ་བས་དང་པོར་གཅེས་པ་ཡོངས་འཛིན་ཡིན། །གང་ཞིག་ཉམས་བླངས་གྲུབ་པ་མཆོག་གི་ཁྱུ། །སུ་མང་ཆོས་ཀྱི་ཟབ་ཁྱད་ལགས་པའི་ཕྱིར། །གྲགས་པ་ཚད་མས་གཞལ་ནས་ཉམས་ལེན་འོས། དཔེ་ལོགས་རྫུན་གྱིས་བཀང་ལ་དབུ་མ་འཁོར། །རྒྱ་གར་ཡུལ་ན་ཉི་ཟླ་ལྟ་བུར་གསལ། །གངས་རིའི་ཁྲོད་འདིར་ཆེན་པོའི་གཙུག་གི་རྒྱན། །ད་ལྟའང་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ལས། །ས་གསུམ་མཆོད་སྡོང་འོས་པའི་བསྟན་འཛིན་སུ། །ལམ་ཟབ་ཐུན་མོང་བ་འདི་ལ་ཟིན་བྲིས་སྣ་ཚོགས་པས་དོན་གཞན་དུ་འགྱུར་ཉེ་བར་མཐོང་བ་མི་འཕྱུགས་པར་བྱ་བའི་ཆེད་དང་། བྱར་ཁྲི་ལྕམ་ཀུན་དགའ་དཔལ་སྒྲོན་གྱི་ཉམས་བཞེས་སུ་མཛད་པའི་བརྗེད་བྱང་དུའང་བསྐུལ་བས། པདྨ་དཀར་པོ་ཞེས་གྲགས་པའི་བ་དན་སྐྱོང་བ་དེ་ཡིས་སྦྱར་བ་ཡིན་ནོ།། །།

གདམས་ངག་མཛོད་པོད་བཅུ་པ།
ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ།


LT19_Page_082A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་བཞུགས་སོ།། །།


LT19_Page_082B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ཐུན་མོང་མ་ཡིན་པའི་བསྒོམ་བྱ་ཉམས་སུ་བླང་བ་ལ། ཞིང་དང་བསམ་པ་དངོས་པོ་ཀུན། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། ཞེས་གསུངས་པའི་དོན། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཞེས་སོགས་སྐྱབས་འགྲོ་ལན་གསུམ་བྱ། སེམས་ཅན་ཐམས་ཅད་མི་བཟད་པའི་སྡུག་བསྔལ་ལས་བསྒྲལ་ནས། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར། བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་པ་བཞི་བསྒོམས་པས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་ནས་ༀ་སྭ་བྷཱ་ཝ་སོགས་མངོན་རྟོགས་སུ་ཇི་ལྟར་བཤད་པ་


LT19_Page_083A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་བདག་བསྐྱེད། མདུན་བསྐྱེད་བསྒོམ། ཕྱག་འཚལ། མཎྜལ། མཆོད་པ་སོགས་ཡན་ལག་བདུན་པ་བྱ། བདག་འཇུག་བླང་། དེ་རྗེས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུའི་མོས་གུས་ཀྱི་གདུང་ཤུགས་དྲག་པོས། རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་དངོས་གྲུབ་ཞུས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་པས་བདག་དང་གཉིས་སུ་མེད་པར་བསམ་ནས་གསལ་སྣང་མ་བྱུང་བར་དུ་ཡང་ཡང་བསྒོམ། དེ་ལ་སུན་ན། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་དབུས་སུ་ཧཱུྃ་ཡིག་སྔོན་པོའི་མཐར། ༀ་


LT19_Page_083B
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པས་བསྐོར་བ་ལ་དམིགས་ནས། ངག་ཏུའང་ཅི་ཙམ་ནུས་ཀྱི་བར་དུ་བཟླ། སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་མཆོད། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་གི་བ་སྤུའི་བུ་ག་ནས་ཞུགས་ནས་རང་ལ་བསྟིམ། དེ་ལྟར་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་གཞལ་ཡས་ཁང་། འཁོར་གྱི་ལྷ་དང་བཅས་པའི་ལྷ་རང་ལ་བསྟིམ་ནས། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བར་བྱེད། དེ་ནས་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་ནི། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་སྙིང་གར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ལྟར་དཀར་བ་བཞེངས་པའི་སྐུ། བདུད་བཞི་ཞབས་འོག་ཏུ་མནན་པ། ཕག་མོ་དང་མཉམ་པར་སྦྱོར་བ། དེའི་ཐུགས་ཁར་པདྨ་དཀར་པོ་འདབ་མ་བཞི་པའི་སྟེང་དུ་རྡོ་རྗེ་ནས་འབྲས་ཙམ་བུ་གུ་ཅན་གྱི་ལྟེ་བར། བླ་མ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མིག་འབྲས་ཀྱི་ནང་དུ་གཟུགས་ཤར་བ་བཞིན་དུ་བསྒོམ། རླུང་སྣའི་སྒོ་ནས་ཕྱིར་འགྲོ་བའི་དུས། རྡོ་རྗེའི་ལྟེ་བའི་དཀྱིལ་འཁོར་གྱི་ལྷ་ལས་འོད་ཟེར་འཕྲོས་པའི་འོད་ཟེར་གྱི་སྣ་ལས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། རླུང་ནང་དུ་འོང་དུས་སྙིང་གའི་ལྷ་ལ་ཐིམ། ནང་དུ་གནས་པའི་ཚེ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསམ། གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ་པ་ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་དམིགས་པ་བརྟན་ནས། སྙིང་གར་བསྒོམས་པའི་རྡོ་རྗེ་སེམས་དཔའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་ཟར་མའི་མེ་ཏོག་ལྟར་སྔོ་ལ་དྭངས་པ་ཞིག་བསྒོམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་འོ་མ་ལྟ་བུ་རྒྱུན་ཆད་མེད་པར་བབས། སྙིང་གའི་རྡོ་རྗེ་སེམས་དཔའི་ཡབ་ཡུམ་གྱི་སྦྱོར་མཚམས་ལས་བྱུང་། རང་གི་ལྟེ་བར་རླུང་གི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་


LT19_Page_084A
[མ་དཔེ་གཟིགས་ན་འདིར་གནོན།]

སེན་མོ་ཙམ་པའི་སྟེང་དུ་པདྨ་ཐོད་པ་བདུད་རྩིས་གང་བ། དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་དང་བཅས་ཧཱུྃ་གིས་བྱིན་གྱིས་བརླབས་ནས། རླུང་གིས་མེ་སྦར། དེས་ཐོད་པའི་བདུད་རྩི་ཁོལ་བ་ཕྱིར་ལུད་པས། ལུས་ཐམས་ཅད་ཁྱབ་ཟག་པ་མེད་པའི་བདེ་བས་ཚིམ་པར་བསྒོམ། དེ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེས་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཇའ་ཚོན་ལྟ་བུ་ཐོབ་པར་འགྱུར་བ་བུམ་དབང་གི་ཉམས་ལེན་ཡིན་ནོ། །གཉིས་པ་ལུས་དཀྱིལ་དུ་བླ་མ་ལོངས་སྐུར་སྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས་རྒྱུད་ཀྱི་རིམ་པའི་བསྒོམ་བྱ་ནི། རང་གི་ལུས་འདི་ཀ་རྟེན་གཞལ་ཡས་ཁང་། དེའི་དབུས་ཀྱི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་འཁོར་ལོ་བཞིའི་དང་པོ་བརྟེན་པ་ལྷའི་ངོ་བོ་ཡིན་པས་དེ་ལྟར་བསྒོམ་པ་ལ་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི། དེ་ཡང་རྩ་རྣམས་ཡུམ། དེའི་ནང་བྱང་ཆུབ་སེམས་ཀྱིས་གང་བ་ཡབ་ཏུ་ཤེས་པར་བྱས་ཏེ། སྤྱི་བོའི་དབུས་སུ་བླ་མའི་སྐུ་རྡོ་རྗེ་ཡབ་ཡུམ་ཧཾ་ཡིག་གི་རང་བཞིན། དེའི་ཕྱིར་དབྱངས་ཡིག་བཅུ་དྲུག་དཔའ་བ་དང་། །དེ་ལ་འཁྱུད་པའི་རྩ་འདབ་དཔའ་མོ། སྙིང་གའི་དབུས་སུ་བླ་མའི་ཐུགས་རྡོ་རྗེ་ཡབ་ཡུམ་ཧཱུྃ་གི་རྣམ་པ་ཕྱིའི་འདབ་མའི་ཕྱོགས་བཞི་ལ་ཨ་ཨི་ཨུ་ཨེ། མཚམས་སུ་ཡ་ར་ལ་ཝ་བཞི་སྟེ་བརྒྱད། མགྲིན་པའི་དབུས་སུ་བླ་མའི་གསུང་རྡོ་རྗེ་ཡབ་ཡུམ་ཨཿཡིག་གི་རྣམ་པ། ཕྱིའི་ཕྱོགས་བཞིར། ཨཱ་ཨཱི་ཨཱུ་ཨཱེ། མཚམས་བཞིར། །རྀ་རཱྀ་ལྀ་ལཱྀ་བཞི་སྟེ་བརྒྱད། ལྟེ་བའི་དབུས་སུ་བླ་མའི་ཐུགས་ཡེ་ཤེས་རྡོ་རྗེ་ༀ་ཡིག་གི་རྣམ་པ། ཕྱི་རོལ་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། སྤྱི་བོའི་རྩ་འདབ་དང་མགྲིན་པའི་རྩ་ཁ་སྦྱར། སྙིང་ག་དང་ལྟེ་བའི་རྩ་འདབ་ཁ་སྦྱར་བ་ཐབས་ཤེས་ལྟེ་འོག་ཏུ་ཨ་ཤད་སུམ་འཁྱོག་པླུ་ཏིའི་དབྱིབས་ཀྵ་


LT19_Page_084B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གདན་དུ་བྱས་པ། རྩ་གསུམ་གྱི་ཡས་སྣ་སྤྱི་བོ་ནས་སོ་སོར་གྱིས་ནས་དབུ་མ་སྨིན་མཚམས་སུ་ཟུག་པ། རོ་རྐྱང་གཉིས་སྣ་གཡས་གཡོན་གྱི་རྩེ་ལ་ཟུག་པ་བསྒོམ། རླུང་ཕྱིར་འགྲོ་དུས་ལྟེ་འོག་གི་ཨ་ཤད་ལས་ཨ་ཡིག་ཅིག་ཟུར་དུ་ཕྱེ་ནས་ལུས་ཀྱི་གཡས་འབའ་ཞིག་ནས་འཁོར་ལོ་བཞིའི་ལྟེ་བར་ཕྱིན། ཡི་གེ་དབུས་མ་རྣམས་ལ་སྐོར་བ་ལན་གསུམ་གསུམ་བྱས། སྤྱི་བོ་ནས་སྨིན་མཚམས་བརྒྱུད་སྣ་རྩེར་ཐོན་པར་བསམ། རླུང་ནང་དུ་འོང་དུས་ༀ་ཡིག་གི་རྣམ་པར་སྣ་གཡོན་ནས་ཞུགས། ལུས་ཀྱི་གཡོན་འབའ་ཞིག་ནས་བརྒྱུད། དབུས་ཀྱི་ཡི་གེ་ལ་བསྐོར་བ་བྱས། གསང་གནས་ཨ་ཤད་ཆུན་སླེབ་པར་བསམ། ནང་དུ་གནས་པའི་དུས་ཧཱུྃ་ཡིག་གི་རང་བཞིན་ཨ་ཤད་དང་གཅིག་ཏུ་འདྲེས་པས་ཐམས་ཅད་མིག་ལ་གཟུགས་ཤར་བ་བཞིན་བསྒོམ། སྔགས་ཀྱི་རིམ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱ། རླུང་སྣ་སྒོ་གཉིས་ནས་ཞུགས། ལྟེ་འོག་ཏུ་སོང་། འོག་རླུང་ལྟེ་འོག་ཏུ་སླེབ་པ་དང་གཅིག་ཏུ་འདྲེས་ནས། ཀྵ་ཡིག་གི་ནང་དུ་ཞུགས་ཨ་ཤད་ལ་ཕོག་པས་ཨ་ཤད་དུ་བར་འཐུལ་མེ་འབར་བས་འཁོར་ལོ་བཞིའི་རྩ་གནས་ཐམས་ཅད་མེའི་རྣམ་པར་ལྕགས་གོང་མེས་བསྲེགས་པ་བཞིན་སོང་། སྤྱི་བོའི་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་ལས་བདུད་རྩིའི་རྒྱུན་བབས་ཏེ་འབར་འཛག་འཐབས་པའི་དམིགས་པ་ཡང་ཡང་དུ་བསྒོམ་པར་བྱ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། དེ་ནས་གཏུམ་མོའི་མེས་ལུས་ཀྱི་རྩ་ཐམས་ཅད་བསྲེགས་པ་མགར་བའི་ཐབ་ཏུ་ལྕགས་གོང་བསྲེགས་པ་བཞིན་གྱུར། སྤྱི་བོ་བརྒྱུད་སྨིན་མཚམས་ནས་ཕྱིར་འཐོན་མཐོང་སྣང་ཐམས་ཅད་གཏུམ་མོ་ཡེ་ཤེས་ཀྱི་མེར་སོང་། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུས་བདུད་རྩི་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟ་བུས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་ཐམས་ཅད་མེར་གྱིས་གང་། གསང་གནས་སུ་ངལ་གསོ་བའི་ཚུལ་དུ་གནས་པར་བསྒོམས་ནས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་


LT19_Page_085A
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྣང་། སོགས་གསོལ་འདེབས་བྱས། འདོད་དོན་ཞུས། ཐམས་ཅད་བདེ་བའི་རང་བཞིན་དུ་ཐིམ་པར་བསམ། བཞི་པ་གསང་བའི་རིམ་པ་ནི། རླུང་བཀག་ནས་བསྒོམས་པས་རླུང་ཟིན། དེ་ཡང་ཤུགས། གྲངས་རིང་ཐུང་། ཁ་དོག་ནུས་པ་ཟིན་པ་རྣམས་རིམ་པར་འབྱུང་། དེས་གཏུམ་མོའི་བདེ་དྲོད་རྒྱས་པས་རྩ་ཁ་བྱེ། དེར་རླུང་གིས་ཐིག་ལེ་ཁྲིད་པས་རྩ་ཟུག་དང་རླུང་ཟུག་འབྱུང་། བག་ཆགས་ཀྱི་དབང་གིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་འཆར་བས། འདུས་པ་དང་པོ་དྲོད་དམ་སྡུག་བསྔལ་གྱི་དུས། དེ་ནས་དྲོད་ཀྱིས་བྱང་སེམས་རྒྱས་པས་ལུས་ལ་བདེ་བ་མི་བཟོད་པ་སྐྱེ་བ་གཉིས་པ་བདེ་བའི་དུས། ནང་གི་བདེ་བས་ཡིད་འཕྲོགས་ཕྱིའི་འདོད་པ་ལ་བློ་མི་འཇུག །དེས་རྣམ་རྟོག་འགགས་མི་རྟོག་པའི་ཏིང་འཛིན་སྐྱེ་བས། གསུམ་པ་མི་རྟོགས་པའི་དུས། སྲོག་རྩོལ་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། ཡོན་པའི་རྒྱུ་བ་ཁེག །འཆི་བ་བསླུས། དེ་ནས་རགས་པའི་རྩའི་མདུད་པ་གྲོལ། སྟེང་འོག་གི་རླུང་གཅིག་ཏུ་འདྲེས་པས་རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། སྙིགས་མའི་ཁམས་ཐམས་ཅད་དངས་མར་སོང་། ཡོན་ཏན་བརྒྱད་དང་ལྡན་པའི་འཇའ་ལུས་སུ་འགྱུར། ལས་རླུང་ཉི་ཁྲི་ཆིག་སྟོང་དབུ་མར་ཐིམ་པས། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་ཡིན་ནོ། །གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ་ལ། བདག་གི་བཟང་པོ། གཞན་གྱི་བཟང་པོ། དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། བདག་གི་བཟང་པོ་ནི། བརྟག་གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། ཅེས་གསུངས་པའི་དོན། ལུས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བ་ཐབས། དེ་ལ་བརྟེན་པའི་བདེ་བ་ཤེས་རབ། དེའང་ཐབས་བྱུང་གི་སེམས་ཏེ། ཚེས་གཅིག་ནས་བཅོ་ལྔའི་བར་རྐང་པའི་མཐེ་བོང་ནས་


LT19_Page_085B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོའི་བར་དུ་ལུས་ཀྱི་གཡོན་ནས་རིམ་པས་འཕེལ་ནས་ཆ་བཅུ་དྲུག་བར་ལུས་ཐམས་ཅད་ལ་ཁྱབ་པ་དེ་ཉིད་སྙིང་རྗེ་བཅུ་དྲུག་གི་རང་བཞིན། མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་གང་བ་མཐར་ཐུག་པར་ལུས་ཀྱི་གཡས་ལ་བསྟེན་ནས་འབབ་པ། སྟོང་ཉིད་བཅུ་དྲུག་གི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་ཉམས་སུ་བླང་བ་ནི། རང་ཉིད་བཅོམ་ལྡན་འདས་དང་བཾ་ཡིག་གིས་བྱིན་གྱིས་བརླབས་པའི་ལག་པ་བཅོམ་ལྡན་འདས་མ་ཁ་སྦྱར་བའི་བྱེད་པ་ལ་བརྟེན་ནས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་གནས་སུ་བབས། དེ་གཉིས་གཅིག་ཏུ་འདྲེས་པས། འཛག་མེད་ཀྱི་བདེ་བ་སྟོང་པ་ཉིད་དང་དབྱེར་མེད་པར་བསྒོམ་མོ། དེ་ནི་རྡོ་རྗེ་མཁའ་འགྲོར། བདག་གི་དེ་ཉིད་རྡོ་རྗེ་འཛིན། །བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམས་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམ་པར་བསྒོམ། ཞེས་པའི་དོན་རང་ལུས་ཐབས་ལྡན་གྱི་ཉམས་ལེན། གཉིས་པ་གཞན་གྱི་བཟང་པོ་ནི། །ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་ལ་དངོས་སུ་སྦྱར་བའི་ཉམས་ལེན་གྱི་རྗེས་ཆགས་ཀྱི་མེས། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ་གསང་གནས་ཀྱི་རྩེར་ཤེས་རབ་མའི་དམར་ཆ་དང་འདྲེས་པའི་བདེ་བ་སྟོང་ཉིད་དབྱེར་མེད་པའི་དོན་ལ་མ་ཡེངས་པར་བཞག་གོ །དེ་ཡང་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་གར་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱི་དེ་ཉིད་ཇི་བཞིན་གསུངས། ཞེས་གསུངས་པའི་དོན་གཞན་ཤེས་རབ་ཕྱག་རྒྱའི་ལམ་ཁྱེར་དུ་ཤེས་པར་བྱའོ། །གསུམ་པ་དུས་ཀྱི་བཟང་པོ་ནི། གསང་གནས་ཀྱི་སྣ་རྩེར་བྱང་སེམས་ཆ་བཅོ་ལྔ་པའི་དུས་ལོངས་སྐུའི་ཐིག་ལེ། དེ་ཕྱིར་འཕྲོས་ན་སྤྲུལ་སྐུའི་ཐིག་ལེ་དཀར་དམར་འདྲེས་པའི་དུས་འཛད་མེད་དུ་བཅིངས་པའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་དང་གཅིག་ཏུ་འདྲེས་པ་ལ། ཡིད་ནང་དུ་ཆུད་པ་ཟེར། དོན་ལྷན་སྐྱེས་


LT19_Page_086A
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་པ་ཡིན་ནོ། །དེ་ནི། རྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱི་མ་ཉིད་དུ་འགྱུར། ཞེས་གསུངས་པའི་དོན། བཞི་པ་ཡེ་ཤེས་བཟང་པོ་ནི། གསང་གནས་ཀྱི་རྩེར་བྱང་ཆུབ་ཀྱི་སེམས་རང་རིག་གི་གནད་ཀྱིས་འཛག་མེད་བཅིངས་པས། གྱེན་དུ་གཤེགས་པས་མས་བརྟན་གྱི་དགའ་བཞིས། ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱས། གནས་སྐབས་བཞི་སྦྱངས། བླ་མ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་ནོ། །ཆོས་སྐུའི་གསོལ་འདེབས་བྱས་འདོད་པའི་དོན་ཞུས་ནས་ཐུན་ལས་ལྡང་བར་བྱའོ། །བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་བཞི། དང་པོ་ནི། ལུས་དྲང་པོར་བསྲང་། མིག་ཐད་ཀའི་བར་སྣང་ལ་ལྟ་སྟངས་བཅུད་ནས་དམིགས་པ་ཉེ་བར་ཞི་བའི་ཡུལ་ལ་མཉམ་པར་བཞག་གོ །དེ་ཉིད་ས་ར་ཧས། དབང་པོ་གང་དུ་ནུབ་གྱུར་ཅིང་། །རང་གི་ངོ་བོ་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །བླ་མའི་ཞལ་ལས་གསལ་བར་དྲིས། ཞེས་པའི་དོན་ནོ། །གཉིས་པ་ནི། མཉམ་གཞག་དེ་ལས་ལངས་པའི་དུས་སུ་ཡང་། སྣང་བ་ཐམས་ཅད་ཞེན་མེད་སྒྱུ་མ་ལྟ་བུར་འཆར་བས་སྤང་བླང་གི་མཚན་མ་རང་སར་གྲོལ་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །དེ་ནི་གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པའི་དོན་ཏོ། རྗེས་ཐོབ་ཀྱི་ཉམས་ལེན་ནོ། །གསུམ་པ་ནི། མཉམ་བཞག་ཏུ་འོད་གསལ་ལས་གཡོ་བ་མེད་པས་ཡེ་ཤེས་ཀྱི་ཚོགས། རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་ཟུང་འཇུག་གི་སྐུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་མཐར་ཕྱིན་པ་འགྲུབ་པ་ཡིན་ནོ། །ས་ར་ཧས། ནམ་ཞིག་སྦྱོར་བ་ཞི་གནས་


LT19_Page_086B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ནི་ཞུགས་པ་ན། བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་པའི་དོན་ནོ། །གསུམ་པ་གེགས་སྲུང་པའི་དམ་ཚིག་ནི། །ཁྱེད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བརྟེན་པར་གྱིས། །ཞེས་གསུངས་པ་ལས་མི་འདའ་བའོ། །བཞི་པ་བོགས་འདོན་གྱི་སྤྱོད་པ་བཞི་དུས་ཚོད་དང་འབྲེལ་བར་བྱའོ། །ལམ་ཟབ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྙིང་པོར་དྲིལ་བ་པདྨ་དཀར་པོས་ཟིན་བྲིས་སུ་ལེགས་པར་བཀོད་པའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན།


LT19_Page_087A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཆེན་བརྒྱད་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་སོ།། །།


LT19_Page_087B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཆེན་བརྒྱད་ཀྱི་མཛེས་རྒྱན་ཞེས་བྱ་བ། དཔལ་འབྲུག་པ་ཡབ་སྲས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །དུལ་ཞིང་ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །འཇིག་རྟེན་མགོན་པོ་སྐྱབས་མཆོག་བླ་མེད་པ། །ཐུབ་དབང་རྗེས་སྐྱེས་སྲས་བཅས་ཐམས་ཅད་དང་། །གཉིས་མེད་དཀར་བརྒྱུད་དེ་ལ་ཕྱག་འཚལ་ལོ། །ལེགས་བྱས་ཐབས་ཚུལ་སྣ་ཚོགས་འོད་ཟེར་གྱིས། །འགྲོ་འདིའི་རྨོངས་པའི་མུན་པ་མཐར་འབྱིན་པའི། །དཔལ་ལྡན་འཇིགས་མེད་བདུད་ལས་རྒྱལ་བ་ཡི། །བཤེས་གཉེན་བླ་མ་དེ་ཡིས་འདིར་སྲུངས་ཤིག །འདི་ན་འཁོར་བའི་རྒྱ་མཚོར་ཆོས་ཀྱི་རྫིང་། །སྦྱར་བ་ལྟ་ངན་རླུང་གིས་བསྐྱོད་པ་ཡིས། །ལོག་སྡེ་སྲིན་མོའི་གླིང་འཁྱམས་ཤེས་ལྡན་འགའ། །ཐེག་མཆོག་ཅང་ཤེས་འདི་ཞོན་འབྲོས་པར་གྱིས། །སྐྱེ་བོ་ཕལ་ཆེར་མྱ་ངན་ཐང་ཆེན་པོར། །ཆོས་མིན་སྨིག་རྒྱུའི་རྗེས་འབྲང་ངལ་གྱུར་པ། །དེ་དག་ཟབ་རྒྱས་གཏིང་མཐའ་མི་དཔོག་པའི། །ཆོས་མཚོ་འདི་འཐུངས་མངོན་པར་ཚིམས་པར་བྱོས། །


LT19_Page_088A
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གངས་ཅན་གྱི་ལྗོངས་ཀྱི་གྲུབ་པའི་རིང་ལུགས་པ་ཆེན་པོ་དཔལ་འབྲུག་པ་ཞེས་གྲགས་པའི་གསུང་གི་བདུད་རྩི་རྣལ་འབྱོར་ཅན་གྱི་དབང་ཕྱུག་རྣམས་ཀྱིས་སྐུ་ཉམས་སུ་བསྟར་བའི་ཁྲིད་ཆེན་པོ་བརྒྱད་པོ་འདི་དག་སྐྱེས་བུ་སྐལ་པ་བཟང་པོ་རྣམས་ཀྱིས་སྤྱོད་པའི་ཡུལ་དུ་གྱུར་པ། བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་གསང་བར་སྟན་པའོ། །དེ་འཆད་པ་ལ་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པ་ལ་འཇུག་པར་བྱ་སྟེ། དེ་ཡང་བླ་མ་མོས་གུས་དང་། ཕྱག་ཆེན་དང་། ནཱ་རོ་པ་ཆེན་པོའི་ཆོས་དྲུག་དང་། གསང་སྤྱོད་ཟློག་སྒོམ་གྱི་ཁྲིད་དག་དང་པོ་ནས་རྒྱས་པར་བཞུགས་ལ། ཕྱི་མ་རྣམས་རྗེ་འགྲོ་བའི་མགོན་པོ་རྒྱ་རས་པ་ཉིད་ཀྱིས་རྩ་བ་ཙམ་ཞིག་མཛད། དེ་ལས་རྒྱས་པར་རྒྱལ་བ་རྒོད་ཚངས་པས་མཛད། དེ་ལས་ཀྱང་ཆེས་ཆེར་རྒྱས་པར་རྒྱལ་བ་ཡང་དགོན་པ་དང་། གྲུབ་ཐོབ་ཆེན་པོ་ཨོ་ཌཱི་ཡ་ན་པ་རིན་ཆེན་དཔལ་ལ་སོགས་པས་མཛད་དོ། །འདིར་དཔལ་རྒྱལ་བའི་དབང་པོས་མཛད་པ་ཟབ་གནད་དང་།


LT19_Page_088B
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཤད་པ་ཆེས་མང་བར་སྣང་བ་ལས། བརྒྱུད་པ་ལའང་འདི་ཉིད་གདན་རབས་གཙོ་ཆེ་བར་གཟུང་ན་ལེགས་པར་མངོན་ནོ། །གཞན་ཡང་ཕྱག་ཆེན་གྱི་བརྒྱུད་པ་ལ། དཀར་བརྒྱུད་འདི་ཉིད་ཀྱི་ཆོས་སྲིད་ཀྱི་སྦྱོར་བས་ཕུན་སུམ་ཚོགས་པའི་བླ་མ་དག །ནཱ་རོ་པ་ནས། ཌོམྦི་པ། ཇོ་བོ་རྗེ། དེའི་སློབ་མ་དགོན་པ་བ་ལས་རིམ་པར་བརྒྱུད་དེ། དྭགས་པོས་གསན་ཞེས་ཚིག་བརྒྱུད་དང་། དོན་བརྒྱུད་ནཱ་རོ་པ་ནས་མར་པ་དང་། མི་ལ་དྭགས་པོ་ཡིན་ཞེས་བརྗོད། དེ་ལ་ཁོ་བོ་ཅག་འདི་སྐད་དུ་སྨྲ་སྟེ། དེ་ལྟར་ན་སྨྲ་བའི་དབང་ཕྱུག་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱིས། ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་སྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་གསུངས་བ་ལ་ལན་གདབ་ཏུ་མེད་དོ། །གཞན་ཡང་ལ་ལ་དག་ཕྱག་རྒྱ་ཆེན་པོ་མདོའི་ཕྱོགས་ཀྱི་མན་ངག་ཡིན་ནོ་སྙམ་དུ་སེམས་ཤིང་། གཞན་དག་ལའང་བརྗོད་པར་བྱེད་དོ། །དེ་ལྟར་ན་ཁྱེད་ཅག་ཉིད་ཀྱིས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་གསུང་ལས་ལྟ་སྒོམ་དབུ་མ་ལས་ལྷག་པ་མེད་པར་སྨྲ་བ་ལ་སྐྱོན་དུ་ལྟ་ཞིང་། དགག་པ་ལྟར་བཅོས་པའི་ཚིག་འགའ་ཞིག་གི་འདོམ་གྱིས་མཁས་པའི་དགོངས་པ་ནམ་མཁའ་ལྟ་བུ་ལ་འཇལ་བར་བྱེད་པས་ན་རྣམ་དཔྱོད་ཀྱིས་དབེན་པར་འཇལ་ལོ། །གཞན་ཡང་དེ་སྐད་དུ་སྨྲ་བ་ནི། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་པའི་དོན་ལ་ངེས་པ་མ་རྙེད་པ་ལྟ་ཅི་སྨོས་ཏེ། ངེས་པ་ཚད་མས་མ་དམིགས་པ་ཡིན་ནོ། །དེ་ཙམ་དུ་མ་ཟད་ལྟ་བ་ཁས་ལེན་དང་


LT19_Page_089A
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཞེས་རང་སྟོང་པ་ཁོ་ན་ལྟར་བཤད་ནས། བདག་ཅག་དཀའ་བརྒྱུད་རིན་པོ་ཆེའི་ལྟ་བ་ནི་འདི་ཡིན་ལ། གཞན་བཤད་པ་པོ་ཕལ་ཆེ་བས་བཤད་པ་ནི་ལོག་པའོ་ཞེས་སྨྲ་བ་ནི། རྡོ་རྗེ་ཐེག་པ་ཆེན་པོ་བླ་ན་མེད་པ་ལ་ངེས་པ་མ་དམིགས་པའོ། །བདག་ནི་ཕྱག་རྒྱ་ཆེན་པོ་གསང་སྔགས་ཀྱི་རྫོགས་རིམ་མཚན་ཉིད་པ་དང་། བརྒྱུད་པ་རྗེ་མི་ལ་ནས་བརྒྱུད་པར་ཁས་ལེན་ནོ། །དེ་ལ་རྒྱུ་མཚན་མེད་པར་སྨྲ་ན། སྔ་མ་ནི་དཀར་བརྒྱུད་འདི་ཉིད་ཀྱི་བླ་མ་དམ་པ་ཕལ་མོ་ཆེ་བཞིག །ཕྱི་མ་ནི་ཕག་མོ་གྲུ་པའི་ཕྱག་ཆེན་ཚིགས་བཅད་མ་ལས་བཤད། དེ་ལས་རྒྱས་པར་བདག་གི་ཡོངས་སུ་འཛིན་པ་ཆེན་པོ་དཔལ་ངག་གི་དབང་པོའི་ཞལ་སྔ་ནས་ཀྱིས། མདོ་རྒྱུད་ཀྱི་ལུང་རྒྱ་ཆེན་པོས་བསྒྲུབ་པར་མཛད་པ་དང་། མཚུངས་མེད་རྒྱལ་བའི་དབང་པོས་བཤད་པ་ལས་འདིར་མངས་ཀྱིས་དོགས་ནས་མ་སྤྲོས་སོ། །དེ་བས་ན་བཤད་པར་བྱ་བ་དེ་དག་གིས་བཅད་ཙམ་ཞིག་བརྗོད་པས་ཕྱི་རབས་པ་རྣམས་འཇུག་པ་བདེ་བར་འགྱུར་བ་དེ་ཉིད་ཀྱི་ཆེད་དུ་བཤད་པ། བྱིན་རླབས་ཀྱི་ཐམས་ཅད་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། གསང་སྔགས་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ། བླ་མ་མོས་གུས་ཀྱི་ཁྲིད་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ། བླ་མ་ཚོགས་ཞིང་དུ་བྱས་ནས་མཎྜལ་འབུལ་བ། བླ་མ་རིགས་བདག་ཏུ་བྱས་ནས་སྡིག་སྒྲིབ་སྦྱོང་བ། བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་འདེབས་པ། བླ་མ་རང་སེམས་དང་བསྲེས་ཏེ་བར་ཆད་སེལ་བ་དང་བཞིའོ། །དང་པོ་ལ། བསྒྲུབ་པའི་མཎྜལ་དང་མཆོད་པ། མཎྜལ་ལོ། །གསུམ་པ་ལ། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱོང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་


LT19_Page_089B
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པའོ། །དེ་ལ་རིང་བརྒྱུད་བླ་མ་ཚོགས་སུ་བསྒོམ་པ་དང་། ཉེ་བརྒྱུད་ཐོ་བརྩེགས་སུ་བསྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པའོ། །གཉིས་པ་དངོས་གཞི་ལ། སྨིན་བྱེད་དབང་དང་དབང་དོན་ཉམས་སུ་བླང་བའོ། །དང་པོ་ལ། རྒྱས་འབྲིང་བསྡུས་པ་གསུམ་མོ། །གཉིས་པ་ལ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་རོ། །གཉིས་པ་ལ་རགས་པ་ལྷ་སྐུ་ལ་བསླབ་པ། འབྲིང་པོ་ཕྱག་མཚན་ལ་བསླབ་པ། ཕྲ་བ་ས་བོན་ལ་བསླབ་པའོ། །གསུམ་པ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་བཅད། རྣམ་པ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱའོ། །དེ་དག་གི་ཉམས་ལེན་འདིར་འདུ་སྟེ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གྱིས་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ཆོས་སྐུར་སྒྲུབ་པའོ། །དེ་ལ་དང་པོ་ཕྱི་སྒྲུབ། གཉིས་པ་ནང་སྒྲུབ། གསུམ་པ་གསང་བའི་སྒྲུབ་པ་ཡིན་ལ་སྔོན་དུ་འགྲོ་བ་བཞི་པར་བླ་མ་ཕྲིན་ལས་བཞི་པའི་ལས་སྦྱོར་དང་སྦྱར་ཏེ་བཤད་དགོས་སོ། །གསུང་རབ་ཆུ་བོ་ཇི་སྙེད་པ། །མངོན་པར་འབབ་པ་ཟབ་མོའི་ལམ། །མོས་གུས་མ་དྲོས་མཚོ་འདིར་ནི། །སྐལ་བཟང་ཀླུ་དབང་དགྱིས་སྤྱོད་ཅིང་། །གང་གིས་རིང་ནས་ཐོབ་དཀའ་བའི། །མགོན་པོ་ཚེ་འདིར་སྒྲུབ་པའི་ཐབས། །བླ་མའི་གསུང་བཞིན་འདིར་བཀོད་པས། །ཤེས་ལྡན་བག་ཡོད་བསྟེན་པར་རིགས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


LT19_Page_090A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །གཉིས་པ་ལའང་ཐུན་མོང་གི་ཉམས་ལེན་དང་། ཐུན་མོང་མ་ཡིན་པའི་ཉམས་ལེན་ནོ། །དང་པོ་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ཏེ་རྩེ་གཅིག་གི་རྣལ་འབྱོར་ཉམས་སུ་བླང་པ་དང་། གནས་འགྱུའི་རྩ་བ་བཅད་དེ་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པའོ། །དང་པོ་ལ། ཐོལ་སྐྱེས་རྦོད་གཅོད། གང་ཤར་བཟོ་མེད། གཞག་ཐབས་ཀྱི་གནད་དོ། །གཉིས་པ་ལ། གནས་འགྱུའི་རྩ་བ་བཅད་པ། ལྷག་མཐོང་ངོས་གཟུང་བ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པའོ། །དེ་ལ་དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ། གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་ཀྱི་སྒོ་ནས་ཟུང་འཇུག་ཏུ་རོ་གཅིག་པས་རོ་གཅིག་གི་རྣལ་འབྱོར་ཉམས་སུ་ལེན་པ་དང་། ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའོ། །དང་པོ་ལ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། ཆུ་དང་ཆབ་རམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་དང་། ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་འབེབས་པའོ། །གསུམ་པ་རྗེས་ལ་ཕྱག་རྒྱ་ཆེན་པོ་ངོས་གཟུང་ཞིང་རང་ངོ་སྤྲོད་པ། གེགས་དང་གོལ་ཤོར་བཅད་ཅིང་ཉམས་རྟོགས་གོ་བ་གསུམ་གྱི་ཤན་


LT19_Page_090B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ། འབྲས་བུ་སྐུ་གསུམ་གྱི་ཐོབ་ཚུལ་བསྟན་པའོ། །དེ་དག་གི་ཉམས་ལེན་ཐམས་ཅད་འདིར་འདུས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་གནད་ཀྱིས་ལྟ་བ་གཏན་ལ་དབབ་པ། སྣང་བ་ལྷན་ཅིག་སྐྱེས་པ་རང་འོད་གཟུགས་ཀྱིའི་གནད་ཀྱིས་སྒོམ་པ་ཉམས་སུ་བླང་བ། སྣང་སྲིད་ལྷན་ཅིག་སྐྱེས་པ་དབྱེར་མེད་ཀྱི་གནད་ཀྱིས་འབྲས་བུ་མཐར་ཕྱིན་པ་བྱ་བའོ། །ཕལ་ཆེར་གཉིས་སུ་འཛིན་ཅིང་འགལ་བའི་ཆོས། །རོ་མཉམ་ཉིད་དུ་འཇལ་བྱེད་ཚད་མ་གང་། །གྲུབ་པ་མཆོག་གིས་མངོན་སུམ་གཟིགས་པ་ཡི། །ཚུལ་དེར་སྤྱོད་ལ་སྤྲོ་བ་འདིར་ཞུགས་ཤིག །ཅེས་ཀྱང་སྨྲས་སོ། །གསུམ་པ་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་སུམ་དུ་སྟེར་བར་བྱེད་པ་ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །གཉིས་པ་ལ། གཏུམ་མོ། །སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་གོ །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། སྲུང་བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔའོ། །གཉིས་པ་དངོས་གཞི་ལས། ལུས་ཀྱི་གནད་མེད་ཐབ་དྲུག་ཆིངས། ངག་གི་གནད་སྦྱོར་བ་བཞི་ལྡན། སེམས་ཀྱི་གནད་གཏུམ་མོ་རྣམ་གསུམ་མོ། དེ་ལ་ལུས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོའོ། །གསུམ་པ་རྗེས་ལ། དྲོད་ཀྱི་བོགས་འདོན་གཙུབ་ཤིང་མ་དང་། བདེ་བའི་བོགས་འདོན་ཨ་ཧཾ་གི་འབར་འཛག་གོ །དེ་ལ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་བོ། དང་པོ་ལ་སྔོན་འགྲོ་ཡིད་རིག་དངོས་གཞི་འབར་འཛག་གོ །གཉིས་པ་སྒྱུ་ལུས་ལ། མ་དག་པའི་སྒྱུ་ལུས་སྒྱུ་མར་སྤྱད་བ་སྤྱི་དོན་གྱི་སྒྱུ་མ། དག་པའི་སྒྱུ་


LT19_Page_091A
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྒྱུ་མར་སྦྱང་བ་སྦས་དོན་གྱི་སྒྱུ་མ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་མཐར་ཐུག་གི་སྒྱུ་མའོ། །གསུམ་པ་རྨི་ལམ་ལ། རྨི་ལམ་གཟུང་བ། སྦྱང་ཞིང་སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་ལ་རྩལ་སྦྱོང་བའོ། །དང་པོ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གི་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བའོ། །བཞི་པ་འོད་གསལ་ལ་གསུམ་སྟེ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་ལོ། །གཉིས་པ་ལ། ཉིན་སྣང་ལམ་དང་དར་བཞིན་གཅིག་ཏུ་བསྲེ་བ། མཚན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའོ། །ལྔ་པ་བར་དོ་ལ། རང་བཞིན་དག་པ་ཆོས་སྐུའི་ལམ་ཁྱེར། རྣམ་པ་དག་པ་ལོངས་སྐུའི་ལམ་ཁྱེར། བྱེད་ལས་དག་པ་སྤྲུལ་སྐུའི་ལམ་ཁྱེར། རོ་མཉམ་དག་པ་ངོ་བོ་ཉིད་སྐུའི་ལམ་ཁྱེར་རོ། །དྲུག་པ་འཕོ་བ་ལ། རབ་ཆོས་སྐུར་འཕོ་བ། འབྲིང་ལོངས་སྐུར་འཕྲོ་བ། ཐ་མ་སྐྱེ་བ་འཛིན་པའི་འཕོ་བའོ། །ཆོས་དྲུག་པོ་དེ་དག་ཀྱང་བསྲེ་བ་གསུམ་དུ་འདུས་པ་ཡིན་ཏེ། ཉིན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་གཏུམ་མོ་དང་སྒྱུ་ལུས་སྤྲུལ་སྐུའི་ལམ་ཁྱེར། མཚན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་འོད་གསལ་དང་རྨི་ལམ་ཆོས་སྐུའི་ལམ་ཁྱེར། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་གནད་ཀྱིས་བར་དོ་དང་འཕོ་བ་ལོངས་སྐུའི་ལམ་ཁྱེར་དང་གསུམ་པོ་འདིར་འདུས་སོ། །རྒྱུད་སྡེ་མཆོག་གི་སྙིང་པོའི་སྙིང་པོ་གང་། །ལེགས་པར་གཟིགས་ནས་གཞན་ལ་འདོམས་མཛད་པ། །རྗེ་བཙུན་ནཱ་རོའི་གདམས་ངག་འདི་བཤད་པས། །འགྲོ་རྣམས་བདེ་བར་གཤེགས་པའི་ས་ཐོབ་ཤོག །ཅེས་སོ། །བཞི་པ་ཐུན་མོང་དང་


LT19_Page_091B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་འགལ་རྐྱེན་ཐམས་ཅད་གྲོགས་སུ་ཁྱེར་ཞིང་། མཐུན་རྐྱེན་ཐམས་ཅད་ལམ་དུ་ལོངས་ཤིང་བར་ཆད་ཐམས་ཅད་དངོས་གྲུབ་ཏུ་སྡུད་པར་བྱེད་པའི་གནད་མ་ནོར་བ་གསང་སྤྱོད་ཟློག་སྒོམ་གྱི་ཁྲིད་ལ་བཞི་སྟེ། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། གསང་བའི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །གཉིས་པ་ལ་གནས་གང་དུ་འགྲོ་བ། གྲོགས་གང་དང་འགྲོགས་ནས་འགྲོ་བ། དུས་ནམ་འགྲོ། སྤྱོད་ལམ་ཇི་ལྟ་བུས་འགྲོ་བ་དང་བཞིའོ། །དེ་ལ་དབང་པོ་རབ་ཀྱི་ཉམས་ལེན། འབྲིང་གི་ཉམས་ལེན། དབང་པོ་ཐ་མའི་ཉམས་ལེན་ནོ། །དང་པོ་ལ། གཞི་ལྟ་བའི་གོ་ཆ། རྐྱེན་བླ་མའི་མོས་གུས། དམིགས་པ་སྒོམ་པའི་མཚོན་ཆའོ། གཉིས་པ་ལ། སྔོན་འགྲོ་འདུན་པ་བཏང་བ། དངོས་གཞི་སྟོང་ཉིད་ཀྱི་ངང་ལ་བཞག་པ། རྗེས་རོ་མཉམ་པའོ། །གསུམ་པ་ལ། རང་དོན་རྟོགས་པའི་རྩལ་སྦྱོང་། གཞན་དོན་སྙིང་རྗེའི་རྩལ་སྦྱོང་། ཐུན་མོང་དུ་ཆོས་བརྒྱད་མགོ་སྙོམས་པའོ། །དེ་དག་ལས་སྤྱོད་པ་གཞན་གསུམ་ཤུགས་བསྟན་དང་། གསང་སྤྱོད་བསྟན་བྱའི་གཙོ་བོ་ཡིན་ལ། དེའི་ཉམས་ལེན་མདོར་བསྡུ་ན་གཅེར་ཉལ་འཕྲིགས་མེད་ཀྱི་གནད་ཀྱིས་གདོན་ཆོས་ཀྱི་སྐུར་གཏན་ལ་འབེབས་པ་ལྟ་བའི་ཐག་ཆོད། ཕུང་པོ་ཚོགས་འཁོར་གྱི་གནད་ཀྱིས་གདོན་ལོངས་སྤྱོད་རྫོགས་པའི་སྐུར་རྩལ་སྦྱོང་བསྒོམ་པའི་ལམ་ལོངས། ཕུང་པོ་གཟན་བསྒྱུར་གྱི་གནད་ཀྱིས་གདོན་སྤྲུལ་པའི་སྐུར་ལྟ་བ་སྤྱོད་པའི་བོགས་འདོན་དང་གསུམ་དུ་འདུས་སོ། །གྲུབ་པ་མཆོག་རྣམས་གཤེགས་པའི་ལམ་ཆེན་པོ། གསང་ཆེན་ཀུན་ཏུ་སྤྱོད་པ་འདིར་ཞུགས་ན། །མཆོག་གི་ས་ལ་འབད་པ་མེད་པར་ཡང་། །འགྲོད་འགྱུར་སྐལ་བཟང་


LT19_Page_092A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྟེན་པར་བྱོས། །ཞེས་སྨྲས་སོ།། །།ལྔ་པ་ཟབ་མོ་དག་སྣང་ཞིང་སྦྱོང་གི་ཁྲིད་ལ་གཙོ་བོར་སྔགས་ཀྱི་ཐེག་པ་དང་མཐུན་པ་ཞིང་སྐུ་གསུམ་དུ་སྦྱོང་བ། ཞར་བྱུང་ཐུན་མོང་ཐེག་པ་དང་མཐུན་པ་ཞིང་བརྒྱུད་པའི་སྒོ་ནས་སྤྱོད་བའོ། །དང་པོ་ལ། ངོ་བོའི་སྒོ་ནས་ཆོས་སྐུ་ཡིན་ཚུལ། རྣམ་པའི་སྒོ་ནས་ལོངས་སྐུར་འཆར་ཚུལ། བྱེད་ལས་གྱི་སྒོ་ནས་སྤྲུལ་སྐུར་གྲུབ་ཚུལ་ལོ། །གཉིས་པ་ལ་བསྐྱེད་རིམ་གཙོ་བོར་གྱུར་པའི་སྐབས། རྫོགས་རིམ་གཙོ་བོར་གྱུར་པའི་སྐབས། རིམ་གཉིས་མཉམ་པར་གནས་པའི་སྐབས་སོ། །གཉིས་པ་ཐུན་མོང་བརྒྱུད་པའི་སྒོ་ནས་སྦྱོང་བ་ལ། ཞིང་སྒྱུ་མར་སྦྱོང་བ། ཞིང་སྟོང་ཉིད་དུ་སྦྱོང་བ། ཞིང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་སྦྱོང་བའོ། །སྲིད་ཞིའི་སྒྱུ་ཐབས་མིག་འཕྲུལ་ལྟ་བུ་ཡང་། །དག་པ་རབ་འབྱམས་ཉིད་དུ་སྣང་བ་ཅན། །གང་དེ་མ་རིག་པ་རྣམས་འདིར་ཞུགས་ཏེ། །སླད་ནས་གནས་པ་ཉིད་དུ་ཤེས་པར་བྱོས། །ཞེས་སྨྲས་སོ།། །།དྲུག་པ་ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད་ལ་གསུམ་སྟེ། སྤང་བྱ་གཉེན་པོའི་སྒོ་ནས་སྤང་བ་དང་། ཐབས་ལ་མཁས་པས་སྤང་བ་དང་། རང་བཞིན་གཅིག་ཏུ་རོ་མཉམ་པའི་ཚུལ་གྱིས་སྤང་པའོ། །དེ་ལ་སྤང་བར་གདམས་པ་དང་། སྤོང་བའི་ཚུལ་གཉིས་སོ། །དང་པོ་ལ། རྩ་བར་གྱུར་པའི་སྒོ་ནས་སྤོང་བར་གདམས་པ་དང་། འབྱུང་ཉེ་བའི་སྒོ་ནས་སྤོང་བར་གདམས་པ། སྤང་དཀའ་བའི་སྒོ་ནས་སྤང་བར་གདམས་པའོ། །དང་པོ་ལ། ཆོས་བརྒྱད་ངོས་བཟུང་བ། དེ་ཉིད་རྩ་བ་གང་ལས་བྱུང་བའི་ཚུལ་ལོ། །གཉིས་པ་ལ། སྔོན་འགྲོ་དང་། དངོས་གཞིའོ། །དེ་ལ་སྣང་བ་སེམས་སུ་རོ་མཉམ་པ། སེམས་སྒྱུ་མར་རོ་མཉམ་པ། སྒྱུ་མ་རྟེན་འབྲེལ་དུ་རོ་མཉམ་པ། རྟེན་


LT19_Page_092B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་སྟོང་ཉིད་དུ་རོ་མཉམ་པ། སྟོང་ཉིད་ཟུང་འཇུག་ཏུ་རོ་མཉམ་པ། ཟུང་འཇུག་གཉིས་མེད་དུ་རོ་མཉམ་པ། གཉིས་མེད་ཁྱབ་གདལ་དུ་རོ་མཉམ་པའོ། །དང་པོ་ལ། སྣང་བ་སེམས་ཡིན་ཚུལ་དང་། རྨི་ལམ་ལ་བརྟེན་ནས་རོ་མཉམ་པ། མངོན་སུམ་ལ་བརྟེན་ནས་རོ་མཉམ་པའོ། །ལྔ་པ་ལ། བདེ་སྟོང་ཟུང་འཇུག་ཏུ་རོ་མཉམ་པ། གསལ་སྟོང་ཟུང་འཇུག་ཏུ་རོ་མཉམ་པ། རིག་སྟོང་ཟུང་འཇུག་ཏུ་རོ་མཉམ་པའོ། །དེ་དག་གི་དོན་ཉེ་བར་བསྡུ་ན། རབ་ཆོས་སྐུར་མཉམ་པ་གྲོལ་ལམ་སྲིད་ཞི་མཉམ་ཉིད། །འབྲིང་ལོངས་སྐུར་མཉམ་པ་ཐབས་ལམ་བདེ་སྟོང་མཉམ་ཉིད། ཐ་མ་སྤྲུལ་སྐུར་མཉམ་པ་ཐུན་མོང་སྐྱིད་སྡུག་ལམ་ཁྱེར་དང་གསུམ་མོ། །སྡུག་བསྔལ་ཆུ་བོ་མ་ལུས་ཇི་སྙེད་པ། །བདེ་ཆེན་རྒྱ་མཚོར་རོ་མཉམ་གཅིག་གྱུར་པའི། །ཐབས་བཟང་འདི་ནི་སྐྲལ་པ་མཆོག་རྣམས་ཀྱིས། །བསྟེན་འོས་ཉིད་ཡིན་གཟུ་བོས་ཉམས་སུ་ལོངས། །ཞེས་སྨྲས་པ་དགེ་བ་ཉིད་དོ།། །།བདུན་པ་ལམ་ཟབ་མོ་ཐམས་ཅད་གྱི་གནད་སྐལ་ལྡན་བྱང་ཆུབ་ཏུ་བགྲོད་པར་བྱེད་པ་ལ་རིང་བ་མ་ཡིན་པ་བྱམས་སྙིང་རྗེའི་ཁྲིད་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེའོ། །དེ་དག་གི་དོན་ཡང་། ཟབ་ཆོས་སྡུ་དང་རྣམ་པ་མཐུན་པ་དམིགས་པ་མེད་པའི་སྙིང་རྗེ། འབྲིང་ལོངས་སྐུ་དང་རྣམ་པ་མཐུན་པ་ཆོས་ལ་དམིགས་པའི་སྙིང་རྗེ། ཐ་མ་སྤྲུལ་སྐུ་དང་རྣམ་པ་མཐུན་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་གསུམ་དུ་འདུས་སོ། །འཇིག་རྟེན་མགོན་དང་དེ་སྲས་བཅས་རྣམས་ཀྱིས། །ཇི་ལྟར་འགྲོ་བའི་དོན་དུ་བསླབས་མཛད་གང་། །གྲུབ་དབང་ཤིང་རྟའི་སྲོལ་ལས་ལེགས་འོངས་པ། །མི་ཕམ་པད་དཀར་བདག་


LT19_Page_093A
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དགའ་བས་སྨྲས། །ཅེས་ཀྱང་བཤད་པ་ལེགས་པ་ཡིན་ནོ།། །།བརྒྱད་པ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་ལ་གཉིས་ཏེ། ཤེས་བྱའི་ཚུལ་གྱིས་གཏན་ལ་དབབ་པ་དང་། བསྒོམ་བྱའི་ཚུལ་གྱིས་ཉམས་སུ་ལེན་པའོ། །དེ་ལ་བཞི་སྟེ། གཅིག་ཆོག་ཉམས་སུ་བླང་བ་དང་། རྩལ་རྫོགས་ཉམས་སུ་བླང་བ་དང་། སྤེལ་སྦྱང་ཉམས་སུ་བླང་བ། ཞར་ལ་སྒྲིག་དུས་བཞི་མ་འཆོལ་བའོ། །དང་པོ་ལ་བཞི་སྟེ། རྩ་བ་གཅིག་ཆོག་ཉམས་སུ་བླང་བ་དང་། ཡན་ལག་བཞི་ཕྱོགས་བཞིར་བརྒྱང་བ་དང་། དམ་ཚིག་གསུམ་པོ་ཁྲིད་དུ་བྱ་བ་དང་། ཐབས་ཀྱི་སྒོ་ནས་ཕན་འདོགས་ཀྱི་བྱ་བ་ཡོངས་སུ་བསྒྲུབ་པའོ། །གཉིས་པ་ལ་བཞི་སྟེ། བྱ་བ་བཏང་བ། ཆོག་ཤེས་པ། འདོད་པ་ཟད་པ། སྡོད་ཚུགས་པའོ། །གསུམ་པ་ལ་ནི། ལུས་ཀྱི་དམ་ཚིག་དང་། ངག་གི་དམ་ཚིག་དང་། ཡིད་ཀྱི་དམ་ཚིག་གོ །གཉིས་པ་རྩལ་རྫོགས་བ་ལ། བཞི་སྟེ། བྱ་བ་སྣ་ཚོགས་ལ་རྩལ་སྦྱོང་བ། རིག་པ་སྣ་ཚོགས་ལ་རྩལ་སྦྱོང་བ། གདོན་སྣ་ཚོགས་ལ་རྩལ་སྦྱོང་བ། སྤྱོད་ལམ་སྣ་ཚོགས་ལ་སྦྱོང་རྩལ་བའོ། །གསུམ་པ་སྤེལ་སྦྱོང་ལ་གཉིས་ཏེ། སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྦྱོང་བ་དང་། དགེ་བ་ཕྲ་ཞིང་ཕྲ་བ་ནས་སྤེལ་བའོ། །བཞི་པ་སྒྲིག་དུས་བཞི་ནི། བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ་སྒྲིག་པ། འཇིག་རྟེན་བློས་བཏང་གི་དུས་སུ་ཞེན་ལོག་གི་རྟེན་འབྲེལ་སྒྲིག་པ། སྒྲུབ་པའི་དུས་སུ་ཉམས་ལེན་གྱི་རྟེན་འབྲེལ་སྒྲིག་པ། འགྲོ་དོན་གྱི་དུས་སུ་གཞན་ཕན་གྱི་རྟེན་འབྲེལ་སྒྲིག་པའོ། །དེ་དག་གི་དོན་ཉེ་བར་བསྡུས་པ་འདི་ཡིན་ཏེ། གང་ལ་གང་འདུལ་གྱིས་ནད་ཀྱིས་དངོས་པོར་སྣང་བའི་རྒྱུ་འབྲས་


LT19_Page_093B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་རྩལ་སོང་། སྣང་ལ་རང་བཞིན་མེད་པའི་གནད་ཀྱིས་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་། ཟབ་གསལ་གཉིས་མེད་ཀྱི་གནད་ཀྱིས་ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་དང་གསུམ་དུ་མ་འདུས་པ་མེད་དོ། རྟེན་ཅིང་འབྲེལ་འབྱུང་བདག་ཉིད་རྒྱལ་བའི་གསུང་། །གཞན་གྱིས་བདེ་བླག་ཉིད་དུ་རྟོགས་བྱའི་ཕྱིར། །འགྲོ་མགོན་རྗེ་ཡིས་ལེགས་པར་འདོམས་མཛད་པ། །ཇི་བཞིན་བཤད་འདི་བླང་བར་འོས་མིན་ནམ། །ཤེས་ལྡན་ཁྱེད་རྣམས་ཆོས་མིན་མཆིང་བུའི་ཚོགས། །ནོར་བུར་ཞེན་པའི་བློ་དེ་ཡོངས་སྤོངས་ལ། །ཟབ་དོན་ནོར་བུ་ཚེ་འདིར་རབ་བཟུང་ནས། །འགྲོ་བའི་རེ་བ་སྐོང་ན་མི་ལེགས་སམ། །ལ་ལ་རྨིག་རྗེས་ཆུ་དང་རྒྱ་མཚོ་དང་། །ཡུངས་འབྲུ་རི་རྒྱལ་མཆོག་ནི་མཚུངས་ལྟ་ཞིང་། །འདི་དང་གཞན་ནི་འདྲ་བར་སེམས་པའམ། །དེ་ལྟར་འཕགས་པ་རྣམས་ཀྱིས་དགོངས་པ་ཉིད། །ལ་ལ་ཁམས་ཀྱི་རྒྱལ་པོའི་ལོངས་སྤྱོད་ཀྱིས། །འཁོར་ལོས་སྒྱུར་རྒྱལ་དཔལ་ལ་འགྲན་བྱེད་པ། །དེ་ལྟར་རང་བཟོའི་སྒྲོ་བཏགས་ལྟར་སྣང་ཆོས། །འདི་དང་མཚུངས་ཞེས་སྨྲ་བ་བླུན་པ་ཉིད། །གཞན་ལ་ཕན་ཕྱིར་ལེགས་བྱས་འདི་བཤད་པས། །དགེ་པས་གང་གིས་བདག་གཞན་ཐམས་ཅད་ཀྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་ལེགས་བསྒྲལ་ཏེ། །རྣམ་མཁྱེན་མྱ་ངན་འདས་པའི་གླིང་བསྒྲོད་ཤོག །ཅེས་པ་འདི་ནི་གཙང་སྟོད་སའི་ཐིག་ལེ་དཔལ་ལྡན་ས་སྐྱའི་བྱད་འདབས་སུ་སྐྱེས་པ། སྡོམ་བརྩོན་སྡེ་སྣོད་འཛིན་པ་འཛིམས་དཀར་ཉི་ཟླ་རབ་འབྱམས་ཀྱིས་ཉེ་བར་བསྐུལ་བའི་ངོར། ཤཱཀྱ་འི་དགེ་སློང་ཆོས་སྨྲ་བ། འབྲུག་པ་རིན་པོ་ཆེའི་རིང་ལུགས་འཛིན་པ་མི་ཕམ་པདྨ་དཀར་པོ་ཕྱོགས་


LT19_Page_094A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས། ལྷོ་བརྒྱུད་བྱར་ཕུའི་དབེན་གནས་ཀུན་དགའ་བདེ་ཆེན་དགོན་པར་སྦྱར་བའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
འབྲུག་པ་རིན་པོ་ཆེའི་ཁྲིད་ཆུང་བརྒྱད་ཀྱི་གདམས་པ།


LT19_Page_095A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་པ་རིན་པོ་ཆེའི་ཁྲིད་ཆུང་བརྒྱད་ཀྱི་གདམས་པ་ཀུན་ལ་མེད་པའི་ཁྱད་ཆོས་བཞུགས་སོ།། །།


LT19_Page_095B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲཱ་ཡ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གདུལ་བྱ་རང་གི་བསམ་པ་དང་མཐུན་པར་གང་ལ་གང་འདུལ་བའི་ཆོས་ཀྱི་སྒོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དོན་དང་བཅས་པ་ཁོ་ན་སྟེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། ཞེས་པ་དང་། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་གསུངས་པ་བཞིན་དུ། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་དང་། གསང་སྔགས་ཀྱི་རྣལ་འབྱོར་སྤྱོད་པ་རྣམས་ལ། གང་དང་གང་གི་སྐབས་སུ་གསུངས་པའི་རྟགས་དང་། ཆ་ལུགས་དང་། སྤྱོད་ལམ་ཐམས་ཅད་རང་རང་གི་ལམ་གྱི་དངོས་གཞི་མཚོན་པའི་རྗེས་དྲན་དུ་གྱུར་པ་ཡིན། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ནི། བརྡ་དང་ཐབས་ཁྱད་པར་ཅན་གྱི་སྒོ་ནས། བྱ་བ་མཐའ་དག་སངས་རྒྱས་ཀྱི་ལམ་དུ་དངོས་སུ་རྫོགས་པར་བྱེད་པའི་ལམ་ཡིན་ཞིང་། ཇི་ལྟར་སྣང་བའི་སྤྱོད་ཡུལ་དུ་གྱུར་བ་ཐམས་ཅད་ལ་འདི་དག་ནི་ཐ་མལ་གྱི་དངོས་པོར་རང་གའམ་སྙམ་དུ་བསམ་པར་མི་བྱེད་ཅིང་། མོས་པ་ལམ་བྱེད་དང་། ཡེ་ཤེས


LT19_Page_096A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་རོལ་པ་སྣ་ཚོགས་པ་ཉིད་དུ་རྗེས་སུ་དྲན་པར་བྱེད་པས་ན་རྣམ་པ་ལམ་བྱེད་དང་། དེ་ཐམས་ཅད་རང་གི་ངོ་བོ་ཉིད་བཅོས་མ་མ་ཡིན་པའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་གཞན་དུ་མི་འདའ་བས་མངོན་སུམ་ལམ་བྱེད་དེ། དེ་ལྟ་བུའི་སྒོ་ནས་ཡིད་ཆེས་པའི་གནས་སུ་བལྟ་བར་བྱའོ། །དེ་ལ་ཉམས་ལེན་དུ་བྱ་རྒྱུའི་ཆོས་ནི་བཞི་སྟེ། མིག་རའི་ཆོས་དང་། གཉེན་པོ་དུང་ཆོས་དང་། སྒོམ་ཐག་རབ་གནས་དང་། ཕྲེང་བ་བྱིན་རླབས་དང་རྣམ་པ་བཞིའོ། །དེ་ལ་དང་པོ་མིག་ར་འདི། །འགྲོ་བའི་མགོན་པོ་ཆོས་རྗེ་ཉིད། ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་གནས་རྣམས་སུ་གཤེགས་པའི་ཚེ། གངས་རི་ཆེན་པོ་རྣམས་ཉི་མའི་འོད་ཟེར་གྱིས་འཚེར་བར་བྱས་ནས། མིག་གི་དབང་པོ་རྣམ་པར་ཉམས་པར་གྱུར་པའི་གནོད་པ་དང་། སྡུག་བསྔལ་ཟློག་ཅིང་། ཕན་པ་དང་བདེ་བ་བླ་ན་མེད་པའི་སྒོར་གཟིགས་ནས། སིན་དྷུ་རའི་མཚོ་ནས། ཆུ་བུར་གྱི་ཚུལ་དུ་བརྡོལ་བའི་ཡེ་ཤེས་ཀྱི་ཌཱ་ཀི་མས་འོངས་ཏེ། རྣལ་འབྱོར་པ་ཁྱོད་གནས་འདི་རྣམས་སུ་འགྲོ་བའི་ཚེ། རྟགས་འདི་རྣམས་འཆར་བའི་སྒོ་ནས་ཡང་དག་པའི་དྲན་པ་མ་ཉམས་པར་གྱིས་ཤིག །ཅེས་རྗེས་


LT19_Page_096B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གནང་བ་བཞིན། ད་ལྟའི་བར་ཟམ་མཆད་པར་བརྒྱུད་པའི་ཕྱག་ལེན་ལ་མཐོང་བ་ཡིན་ནོ། །ཡིག་ཆུང་མང་པོར་མིག་ར་ཀླད་རྒྱའི་ཁྲིད་ཅེས་འབྱུང་བ་ལ། ཀླད་ནི་མིག་འམ་ཐོག་མའི་དོན་ཡིན་ཞིང་རྒྱ་ནི་མི་འདའ་བའི་དོན་ཏེ། མགོ་བོ་དང་མི་འབྲལ་བར་འཆིང་བའམ། ཇི་ལྟར་བཅས་པའི་ར་བ་ལས་མི་འགོང་བ་ལ་བཅས་ཚོམས་ལས་མི་འདའ་བའི་ཐ་སྙད་ཡོད་པ་བཞིན་ཏེ་འདི་ལྟར་ན་མིག་ར་ཞེས་པའི་ར་བ་དང་འདིས་ཕྱེད་ཚོམ་ཐུབ་པར་འདོད་པ་དང་ཤིན་ཏུ་འབྲེལ་ལོ། །མིག་རའི་གཞི་མ་ཁ་དོག་ནག་པོར་ཡོད་པས་ནི། ཆོས་ཉིད་འགྱུར་བ་མེད་པ་མཚོན་ལ། དེ་ལ་མིག་མངས་རིས་སུ་བྲིས་པས་ནི། ལོངས་སྐུའི་ཞིང་ཁམས་གྲངས་མེད་པ་མཚོན་ནོ། །དེས་གནས་སྐབས་སུ་དགོས་པ་འགྲུབ་པ་ནི་གང་ལ་གང་འདུལ་དུ་འགྲོ་བའི་དོན་བྱེད་པས་སྤྲུལ་པའི་སྐུ་མཚོན་ནོ། །ཡང་མིག་གིས་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མཚོན་ལ། མདུན་གྱི་སྤྱན་གསུམ་གྱིས་དེ་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་དུ་འདུས་པ་མཚོན་ཞིང་། གཞིལ་ནག་པོར་ཡོད་པས་ནི་དེ་ཐམས་ཅད་ཆོས་ཉིད་གཅིག་པུ་ལས་མི་འདའ་བ་མཚོན་པའོ། །ཡང་མིག་རའི་ངོ་བོས་ཆོས་ཉིད་སྐྱེ་བ་མེད་པ་མཚོན་ཞིང་། རྣམ་པས་ནི་ཆོས་ཅན་འགག་པ་མེད་པ་མཚོན་ལ། བྱེད་ལས་ཀྱིས་ནི་འགྲོ་བའི་དོན་བྱེད་པ་མཚོན་པ་ཡིན་ནོ། །ཡང་ཁ་དོག་ནག་པོ་དབྱིངས་དང་། སྣ་ཚོགས་སུ་འཆར་བ་ལ་ནི་རིག་པ་དང་། མཐའ་གཉིས་མངོན་པར་སྦྲེལ་བས་ནི་ཟུང་དུ་འཇུག་པ་མཚོན་པའོ། །ཡང་གཞི་ནག་པོ་དེ་ཉིད་ཀྱི་མཐའ་ཁ་དོག་དམར་པོས་དྲིལ་བ་ནི་སྟོང་པ་ལ་བདེ་བས་རྒྱས་བཏབ་པ་མཚོན་ལ། སླར་ཡང་དེའི་མཐའ་གཉིས་སྔོན་པོས་དྲིལ་བས་ནི། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་མཚོན་ཞིང་། སྔོ་དམར་གྱི་ཁ་དོག་ནི་ཧེ་རུ་ཀ་ཡབ་ཡུམ་མཚོན་པའོ། །གཡོན་དུ་མིག་ཆེ་བ་བརྒྱད་བརྩེགས་པ་ནི་རྣམ་པར་ཤེས་པ་ཚོགས་


LT19_Page_097A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གནས་སུ་དག་པ་དུར་ཁྲོད་ཆེན་པོ་བརྒྱད་མཚོན་ཞིང་། གཡས་སུ་མིག་བཅུ་གཉིས་སམ། ཉི་ཤུ་རྩ་བཞི་གང་ཡང་རུང་བས་ནི། གནས་བཅུ་གཉིས་སམ་ཡུལ་ཉི་ཤུ་རྩ་བཞི་རྣམ་པར་དག་པ་མཚོན་པ་ཡིན་ནོ། །ཡང་མཐའ་གཉིས་རྒྱུད་གཅིག་སྦྲེལ་བས་ནི། སྲིད་པ་དང་ཞི་བ་གཉིས་ཤེས་རྒྱུད་གཅིག་ཏུ་སྦྱོར་བ་མཚོན་པ་ཡིན་གསུང་ངོ་།། །།གཉིས་པ་གཉེན་པོ་དུང་ཚེས་ནི། རྣལ་འབྱོར་པའི་སྲིན་ལག་གི་རྩ་བ་ལ་དུང་མོག་པ་དང་ནག་པོའི་ར་རི་མེད་པ་ཞིག་སྐུད་པ་དམར་པོས་བཏགས་ལ། དེས་ཁམས་དཀར་དམར་མི་ཉམས་པ་མཚོན་ཞིང་། དེ་ཡང་དུང་ཁ་དོག་དཀར་པོ་ནི། བྱང་ཆུབ་སེམས་མཚོན་ལ། དུང་ཁ་དོག་དཀར་བ་བཞིན་དུ་ལྷག་བསམ་རྣམ་པར་དཀར་བའི་བྱང་ཆུབ་ཀྱི་སེམས་དང་། ནང་དུ་རྟེན་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་མཚོན་ནོ། །དུང་གི་རྡོག་པོ་སྙིམས་པར་འཆང་བ་ལ་མི་འབྲལ་བ་བཞིན་དུ་ཁམས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལུས་ལ་བརྟེན་ཞིང་འཆང་བ་ལས་ནམ་དུ་ཡང་མི་འདའ་བར་འཆང་ངོ་སྙམ་དུ་ཡིད་ལ་བྱ་ཞིང་། དེ་ལྟ་བུའི་དྲན་པ་མི་ཉམས་པའི་རྟེན་ཡིན་ནོ། །ངེ་པའི་དོན་དུ་ནི་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བྱེད་པ་སྟེ། རྣལ་འབྱོར་པ་མཆོག་དང་འབྲིང་དང་ཐ་མའི་དབྱེབས་ཇི་ལྟར་རིགས་པར་ཉམས་སུ་བླང་བར་བྱ་བ་ཡིན་ལ། དུང་དྲི་མས་མ་གོས་པ་བཞིན་དུ། སྒོ་གསུམ་ལ་མི་མཐུན་ཕྱོགས་ཀྱི་དྲི་མས་ནམ་དུ་ཡང་མ་གོས་པར་བྱའོ། །དེ་ཡང་སྦྱིན་པ་ལས་སེར་སྣའི་དྲི་མས་མ་གོས་པར་བྱའོ། །ཚུལ་ཁྲིམས་ལ་འཆལ་བའི་དྲི་མས་མ་གོས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་དཀར་པོའི་ཕྱོགས་མཐའ་དག་ལ་སྦྱར་ནས་ཤེས་དགོས་ཏེ། འདིར་ཡི་གེ་མངས་པའི་འཇིགས་པས་མ་བྲིས་སོ། །མདོར་བསྡུ་ན་སོ་ཐར་གྱི་སྐབས་སུ་སྒོ་


LT19_Page_097B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པས་མ་གོས་པར་བྱའོ་སྙམ་པ་དང་། བྱང་སེམས་འགྲོ་བ་གཞན་གྱི་དོན་བྱེད་པ་ལ་རང་འདོད་ཀྱི་འཁྲིས་མ་ཞུགས་པ་བྱའོ་སྙམ་པ་དང་། གསང་སྔགས་ལ་སྒོ་གསུམ་ཐ་མལ་གྱིས་མ་གོས་ཤིང་ཧེ་རུ་ཀའི་བརྟུལ་ཞུགས་ལས་ནམ་དུའང་མི་འདའ་བར་བྱ་བའི་དམ་ཚིག་གི་རྗེས་སུ་དྲན་པར་བྱ་བ་ཡིན་ནོ་གསུང་།། །།གསུམ་པ་སྒོམ་ཐག་རབ་གནས་ནི། རང་བདེ་མཆོག་དང་སྒོམ་ཐག་ཕག་མོའི་ངོ་བོར་བསྐྱེད་ནས་རྩ་སྔགས་བཟླས་ཤིང་། ལུས་ལ་འཆིང་བའི་དུས་སུ་ཡབ་ཡུམ་འཁྲིལ་སྦྱོར་དུ་བྱང་ཆུབ་པར་བསམས་ལ། རྐང་པ་རེ་ལུ་མིག་ལྟར་བསྣོལ་བ་ལ་སོགས་པའི་ལུས་ཀྱི་གནད་དེ་ཉིད་སྒོམ་ཐག་རིང་ཐུང་གི་ཚད་ན་ཉིས་བལྟ་བ་མགོ་ཁུག་ཏུ་ཡོད་པས་རྐེད་པ་ནས་ལྷམ་སྒྲོག་འཆིང་བའི་བར་བསྡམས་ལ་ལུས་ཀྱི་གནད་མ་འཆུགས་པར་བྱའོ་གསུང་།། །།བཞི་པ་ཕྲེང་བ་བྱིན་རླབས་ནི། ༀ་རུ་ཙི་ར་མ་ཎི་པྲ་བར་ཏ་ཡེ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ་བོ། །ཕྲེང་བའི་རྡོག་པོ་རྣམས་རིགས་བརྒྱའི་ངོ་བོ་དང་། མདོ་འཛིན་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་ཤེས་པར་བྱས་ཏེ། ཨཱ་ལི་ཀཱ་ལི་ཁ་ཡར་རེ་བཟླས་ལ། དེ་ནས་ཡི་དམ་ལྷའི་སྙིང་པོ་ལ་སོགས་པ་བཟླ་བར་བྱའོ། །ཧེ་བཛྲ་ལས། ཨཱ་ལི་ཀཱ་ལི་རབ་བརྟགས་པས། བརྗོད་བཟླས་པར་ཡང་དག་བཤད། ཅེས་པ་ལྟར་ངག་གི་བཟླས་བརྗོད་ཐམས་ཅད་སྔགས་སུ་འགྱུར་བའི་དགོས་པ་ཡོད་དོ། །མདོར་ན་ཆོས་བཞི་པོ་འདི་དག་གི་དགོས་པ་ཡང་། སྒོམ་ཐག་གིས་ནི་ལུས་ཀྱི་དྲན་པ་མི་ཉམས་པར་བྱ་བ་ཡིན་ཞིང་། ཕྲེང་བས་ནི་ངག་གི་དྲན་པ་མི་ཉམས་པར་བྱ་བ་ཡིན་ལ། །དུང་ཆོས་ཀྱིས་ནི་ཡིད་ཀྱི་དྲན་པ་མི་ཉམས་པར་བྱ་བ་ཡིན། མིག་ར་འདི་རེ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དང་བྲལ་བ། སྣང་སྲིད་སྐུ་གསུམ་དུ་ཁྱེར་བའི་དོན་རྗེས་སུ་དྲན་པར་བྱ་བ་ཡིན་ནོ། །ལམ་དུས་ཀྱི་དབང་བཞི་རྫོགས་རིམ་དང་མཉམ་


LT19_Page_098A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞེས་བདག་གི་བླ་མ་འབྲུག་པ་ཡབ་སྲས་གསུང་ཞིང་། ལྷ་ཁབ་འཇིག་རྟེན་བློས་བཏང་གི་གསུང་གིས། ང་ཡི་སྒོ་གསུམ་ཐ་མལ་དུ་མ་ལུས་པ་ཙམ་གྱི་དྲན་འཛིན་གྱི་རྟེན་འདིས་བྱས་པ་ལ་འབྲུག་པའི་ཆོས་ཆུང་བཞི་པ་འདིའི་དྲིན་ཅིག་རང་ཡོད་གསུང་སྐད། ཆོས་ཆུང་བཞིའི་གོ་དོན་མདོ་ཙམ་ཞིག་ཟིན་བྲིས་བགྱིས་པ་འདི་ནི། དཔལ་ལྡན་འབྲུག་པ་ཡབ་སྲས་ཀྱི་གསུང་གི་སྙིང་པོ་གཅེས་སྤྲས་སུ་བྱས་ཤིང་། རང་གི་མྱོང་བ་དང་སྦྱར་ནས་ཅུང་ཟད་བཀོད་པ་སྟེ། ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པར་གྲགས་པ་སྨད་འབྲུག་གི་བསྟན་པ་རིན་པོ་ཆེའི་མངའ་བདག །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དང་ལྡན་ཞིང་དབང་འབྱོར་པ་མཁོ་མཐིང་གཟིམས་ཁང་དཀར་པོ་ནས། མཁར་ཆུ་དུང་གི་གཞལ་ཡས་སུ། ཚེ་བློས་བཏང་གི་སྒྲུབ་པ་པོའི་སྡེ་བཙུགས་ཤིང་མཐུན་རྐྱེན་སྦྱོར་བར་བསྐུལ་བ་ན་ཇི་སྐད་བཤད་པ་ཇི་བཞིན་རྗེས་སུ་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཐོས་པས་ཡིད་ལྷག་པར་རབ་ཏུ་དགའ་ནས། དཔལ་ངག་གི་དབང་པོའི་སྡེ་ཞེས་བྱ་བས། ལྷོ་བྲག་མཁར་ཆུ་དེ་ཝཱི་ཀོ་ཊི་ཞེས་བྱ་བའི་གཞལ་མེད་ཁང་ཆེན་པོའི་རྩེ་མོ་དཔལ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་སྨྲས་པའོ།། །།།ཅོག་ཆོས་རིན་ཆེན་ཤེལ་གྱི་སྒྲོམ་བུ་ཞེས་བྱ་བ། ༈ །ན་མོ་མ་ཧཱ་མུ་དྲཱ་ཡ། དེ་ཡང་རྗེ་འགྲོ་བའི་མགོན་པོ་ཉིད་ཀྱིས་ལུས་ཀྱི་དྲན་པ་མི་ཉམས་པའི་ཕྱིར་དུ་སྒོམ་ཐག་གི་ཆོས། ངག་གི་དྲན་པ་མི་ཉམས་པའི་ཕྱིར་དུ་ཕྲེང་བའི་བྱིན་རླབས། ཡིད་ཀྱི་དྲན་པ་མི་ཉམས་པའི་ཕྱིར་དུ་གཉེན་པོ་དུང་ཆོས། སྒོ་གསུམ་དྲན་འཛིན་དང་མི་འབྲལ་བའི་ཕྱིར་དུ་མིག་རའི་ཆོས་སྐོར་དང་བཞི་གསུངས་པར་གདའ་ཞིང་། དེའི་རྗེས་སུ་མཐུན་པར། ཕྱི་གནས་ཁང་ལ་ཞེན་པ་ཟློག་པར་བྱ་བའི་ཕྱིར་དུ་ཅོག་པུའི་ཆོས། ནང་འདོད་ཡོན་ལ་ཞེན་པ་བཟློག་པའི་ཕྱིར་དུ་དྲ་ཆུང་གི་ཆོས། གསང་བ་ལུས་ངག་གི་ཞེན་པ་བཟློག་པའི་ཕྱིར་དུ་སྒོམ་ཞྭའི་ཆོས། དེ་ཁོ་ན་ཉིད་གཟུང་འཛིན་གྱི་ཞེན་པ་ཟློག་བའི་ཕྱིར་དུ་རྣམ་རྟོག་གི་ཇ་


LT19_Page_098B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་བཞིར་གསུངས་ཡོད་པ་ལས། དང་པོར་ཅོག་པུའི་ཆོས་ནི། རྗེ་ཉིད་ཁ་ཆེན་ལ་ཐེག་དུས་བླ་མ་བདེ་སྟོང་པ་ན་རེ། རྗེ་ཉིད་སྐུ་ན་གཞོན་ནུའི་དུས་ནས་ཅོག་པུ་ཁོ་ན་ལ་མཉེས་པ་ཅིག་འདུག་པས། ངེད་ཀྱང་ཅོག་པུ་ཞིག་ཁྱེར་ནས་ཕྱོགས་ཕྱི་ལ་ཅོག་པུ་བ་བྱས་ནས་ཙཱ་རི་ལ་འགྲོ་བས། ཅོག་པུ་ལ་དགོས་པ་ཅི་ཡོད་རྣམས་གསུང་སྒྲོས་ལ་བཞེངས་པར་ཞུ་ཞུས་པའི་དུས་སུ་གསུངས་སོ།། ༈ །ན་མོ་མ་ཧཱ་མུ་དྲཱ་ཡ། འོ་སྐོལ་དཔོན་སློབ་ཆོས་བཞིན་བྱེད་པ་ལ། །ཉེ་བར་མཁོ་བ་ཅོག་པུ་རང་ཤོང་ཡིན། ཕྱི་ནས་བལྟས་ན་དང་བ་འདྲེན་པའི་གནས། །ནང་ནས་བལྟས་ན་ངེས་ཤེས་སྐྱེ་བའི་གནས། །འདི་དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་རང་རྣམས་ཀྱང་མཛོད། །རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ། །འོ་སྐོལ་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ། །བསྡད་པ་ཙམ་གྱིས་རིག་པ་དྭངས་པའི་གནས། །ཚེ་འདིའི་འཁྲི་བ་བཙན་ཐབས་ཆོད་པའི་གནས། །ཉམས་དང་རྟོགས་པ་གོང་དུ་འཕེལ་བའི་གནས། །སྤྱོད་ལམ་ཐམས་ཅད་དྲང་པོར་བསྲང་བའི་གནས། །འདི་དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས་པ་ལགས། །སྐྱིད་སྐྱིད་འདྲ་ན་ཁྱེད་རང་རྣམས་ཀྱང་མཛོད། །རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ། །འོ་སྐོར་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ། །གནམ་གཡེང་འདུ་འཛི་ངང་གིས་ཉུང་བའི་གནས། །ཆགས་སྡང་ཡུལ་དང་ཐབས་ཀྱིས་བྲལ་བའི་གནས། །ཆོས་ལྡན་གྲོགས་དང་འགྲོགས་པ་བདེ་བའི་གནས། །འཕྲལ་དང་འཕྲལ་དུ་དགེ་ལ་སྤྱོད་པའི་གནས། །འདི་དགའ་དགའ་འདྲ་ནས༴ སྐྱིད་སྐྱིད་འདྲ་ན༴ རྡོ་རྗེ་སྤུན་ཚོ༴ འོ་སྐོལ་དཔོན་སློབ༴ རང་གི་སྤྱོད་ལམ་རང་ཚོད་ཟིན་པའི་གནས། །གཞན་གྱི་བྱ་སྤྱོད་ཚོགས་སུ་བསྒྱུར་བའི་གནས། །བྱ་བཏང་ཐམས་ཅད་སྤྲོ་བ་སྐྱེ་བའི་གནས། །མཐུན་པའི་རྐྱེན་རྣམས་འབད་མེད་འབྱུང་བའི་གནས། །དགའ་


LT19_Page_099A
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་འདྲ༴ སྐྱིད་སྐྱིད་འདྲ༴ རྡོ་རྗེ་སྤུན༴ འོ་སྐོལ༴ འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བའི་གནས། །སྡོད་པའི་ཚེ་ན་ལྟོས་པ་མེད་པའི་གནས། །འགྲོ་བའི་ཚེ་ན་འཕྲེང་དོགས་མེད་པའི་གནས། །སུ་དང་འགྲོགས་ཀྱང་སྒོམ་འཛའ་མེད་པའི་གནས། །དགའ་དགའ༴ སྐྱིད་སྐྱིད༴ རྡོ་རྗེ༴ འོ་སྐོལ༴ ཇི་ཙམ་འགྲོགས་ཀྱང་འཐབ་དགོས་མེད་པའི་གནས། །ཆོས་ལ་ངེས་ཤེས་འཕྲལ་ལ་སྐྱེ་བའི་གནས། །འདོད་པ་ཆུང་ཞིང་ཆོག་ཤེས་སྐྱེ་བའི་གནས། །ཕྱི་བལྟས་བློ་སྣ་ནང་དུ་འགུགས་པའི་གནས། །སྐྱིལ་ཀྲུང་ལུས་གནད་ཤུགས་ལ་འབྱུང་བའི་གནས། །འབད་མེད་སྨྲ་བཅད་ཞར་ལ་འགྲུབ་བའི་གནས། །གཟུང་འཛིན་རྣམ་རྟོག་ངང་གིས་འགག་པའི་གནས། །དམ་སལ་ཉམས་གྲིབ་འཕྲལ་དུ་གཅོད་པའི་གནས། །དགའ་དགའ་འདྲ༴ སྐྱིད་སྐྱིད༴ རྡོ་རྗེ་སྤུན༴ འོ་སྐོལ༴ སྒོ་གསུམ་དབེན་གསུམ་མལ་དུ་ཆུད་པའི་གནས། །དམན་ས་ཟིན་ཞིང་དག་སྣང་སྐྱེ་བའི་གནས། །རང་ཚུགས་ཟིན་ཅིང་འགྲོ་ལ་ཕན་པའི་གནས། །ཆོས་བཞིན་བྱེད་པ་ཞོར་ལ་འདུ་བའི་གནས། །དགའ་དགའ་འདྲ་ནས༴ སྐྱིད་སྐྱིད༴ རྡོ་རྗེ་སྤུན༴ འོ་སྐོལ༴ ངོ་སྲུང་ཐག་པ་ནང་ནས་གཅོད་བའི་གནས། །ཕྱི་ཚིས་གསོག་འཇོག་ངང་གིས་འགག་པའི་གནས། །བག་མེད་སྤྱོད་པ་རྒྱད་དུ་བསྲིང་བའི་གནས། །དྲན་དང་ཤེས་བཞིན་བག་ཡོད་འབྱུང་བའི་གནས། །གོང་མའི་རྣམ་ཐར་རྗེས་སུ་དྲན་པའི་གནས། །སྐྱིད་ན་ཐེག་ཅིང་སྡུག་ན་ཐུབ་བའི་གནས། །སྐྱིད་ན་དཀོན་མཆོག་བཀའ་དྲིན་དྲན་པའི་གནས། །སྡུག་ན་གང་བྱུང་ལམ་དུ་ཁྱེར་བའི་གནས། །དགའ་དགའ༴ སྐྱིད་སྐྱིད༴ རྡོ་རྗེ་སྤུན༴ འོ་སྐོལ༴ མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེ་བའི་གནས། །བསྡད་ཀྱང་སླ་ལ་ཕྱིན་ཀྱང་སླ་བའི་གནས། །གང་ལྟར་བྱས་ཀྱང་ཆོས་སུ་འགྲོ་བའི་གནས། །འཇིག་རྟེན་བློས་བཏང་རྣམ་ཐར་སྐྱོང་བའི་གནས། །གཉན་ས་རི་ཁྲོད་ཤུགས་


LT19_Page_099B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲིམ་པའི་གནས། །ཆོས་བརྒྱད་མགོ་བོ་ངང་གིས་སྙོམས་པའི་གནས། །ཚོང་འདུས་བསྡད་ཀྱང་སྒྲུབ་གོ་ཆོད་པའི་གནས། །སྣང་སྲིད་ལྷ་འདྲེ་དབང་དུ་འདུ་བའི་གནས། །དགའ་དགའ་འདྲ༴ སྐྱིད་སྐྱིད༴ རྡོ་རྗེ་སྤུན༴ འོ་སྐོལ༴ གཞན་སྣང་མཐའ་དག་ཟིལ་གྱིས་གནོན་པའི་གནས། །རིག་པའི་རྩལ་ཁ་ཕྱོགས་མེད་སྦྱོང་བའི་གནས། །སྒྲུབ་བརྒྱུད་བསྟན་པའི་མིག་འགྲན་བཟང་བའི་གནས། །བཀའ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་པའི་གནས། །འདི་དགའ་དགའ་འདྲ་ནས་རྣལ་འབྱོར་ངས་ཀྱང་བྱས་པ་ཡིན། །སྐྱིད་སྐྱིད་འདྲ་ན་ཁྱེད་རང་རྣམས་ཀྱང་མཛོད། །རྡོ་རྗེ་སྤུན་ཚོ་བཀའ་བརྒྱུད་རྣམ་ཐར་སྐྱོང་དུ་འགྲོ། །འོ་སྐོལ་དཔོན་སློབ་སྒྲུབ་བརྒྱུད་བསྟན་པ་འཛིན་དུ་འགྲོ། །དྲྭ་ཆོས་རིན་ཆེན་པདྨ་རྭ་གའི་བང་མཛོད་བཞུགས་སོ། །དྲྭ་ཆོས་འདི་ཉིད་གནས་དང་ས་ཆ་གང་དུ་གསུངས། དགོས་ཆེད་རིང་ཐུང་ཅིའི་ཕྱིར་དུ་གསུངས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྤྱན་སྔ་རིན་པོ་ཆེ་རྒྱལ་དབང་ཆོས་ཀྱི་རྗེ། མཉམ་མེད་དཔལ་ལྡན་འབྲུག་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། །ཤར་དྭགས་ལྷ་སྒམ་པོ་དཔལ་གྱི་རི་བོ་ཆེ་ན་བཞུགས་པའི་ཚེ། །ཚོགས་པ་རྒྱ་མཚོ་ལྟ་བུ་ལ་མདོ་སྡེ་རིན་པོ་ཆེ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དུས་སུ། རྗེའི་ཞལ་ནས། ན་ནིང་གནས་ཆེན་དང་རི་ཕྲན་རྣམས་ལ་རི་པ་མང་པོ་བརྫངས། ད་ལོ་བཀའ་བརྒྱུད་ཀྱི་གདན་ས་རྣམས་སུ་སྒོམ་ཆེན་པ་མང་པོ་བརྫངས་དགོས་པར་འདུག་གསུངས་ནས། ཐུགས་སྲས་སླེའུ་ཆུང་པ་ལ་སོགས་པ་གདན་ས་ཐེལ་དང་། སྟག་ལུང་བྲེལ་ལ་བརྫངས། ཆུང་པོ་རྣལ་འབྱོར་པ་ལ་སོགས་པ་འབྲི་ཁུང་ཐེལ་ལ་བརྫངས། སློབ་དཔོན་རིན་ཆེན་སེང་གེ་ལ་སོགས་པ་དཔལ་འབྲུག་གི་དགོན་པ་ལ་བརྫངས། སྒྲུབ་ཆེན་རིང་མོ་བ་ལ་སོགས་གདན་ས་ར་ལུང་ཐིལ་ལ་བརྫངས་པའི་དུས་སུ་སྒོམ་ཆེན་པ་དྲྭ་བ་རྒྱབ་ལ་


LT19_Page_100A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བ་མང་ཡང་། ཆོས་སུ་ཁྱེར་ཤེས་པ་ཉུང་བར་འདུག །འོ་སྐོལ་གྱི་རྗེས་སུ་འཇུག་པའི་སྒྲུབ་པ་པོ་རྣམས་ཀྱིས། འདོད་ཡོན་ལ་ཞེན་པ་ཟློག་ཅིང་མཁོ་བའི་ཡོ་བྱད་ཅུང་ཟད་ཙམ་གྱིས་ཆོག་ཤེས་པའི་དོན་དུ། དྲྭ་ཆུང་རེ་ཅི་ནས་ཀྱང་བརྟེན། ཕྱི་ནང་གི་རྟེན་འབྲེལ་གྱིས་ཁ་དོག་ཀྱང་དམར་པོར་བྱེད་པ་དང་། ཆེ་ཆུང་གི་ཚད་ཀྱང་ཁྲུ་གང་ལས་མི་ཆེ་མི་ཆུང་བར་གྱིས་གསུང་བའི་བཀའ་རྒྱས་བཏབ་ནས་གནང་བའོ།། །།།ན་མོ་མ་ཧཱ་མུ་དྲཱ་ཡ། སྣོད་དྲྭ་ཆུང་ཟུར་གསུམ་འཆང་བ་འདི། །སེམས་སྐུ་གསུམ་མ་བུ་འཕྲོད་པའི་བརྡ། །གཞི་རྣལ་མ་འཇམ་ལས་གྲུབ་པ་འདི། །སེམས་རྣལ་མའི་དོན་ལ་སྤྱོད་པའི་བརྡ། །བལ་གྲིམས་ལྷོད་སྙོམས་པར་བཀལ་བ་འདི། །སྒྲུབ་པ་ཐང་ལྷོད་མེད་པའི་བརྡ། །ཁྲུ་གང་ཚད་ལ་བོར་བས་ནི། །ཆོས་པའི་ཚད་རྡོ་བཟུང་བའི་བརྡ། །ནང་སྤྱད་ཕྱི་ནས་གསལ་བ་འདི། །དམ་ཚིག་ངོ་ལྐོག་མེད་པའི་བརྡ། །ཚུལ་བཞིན་བསྒྲུབས་པས་གྲུབ་པ་འདི། །ལམ་གྱི་གནད་ལ་གོམས་པའི་བརྡ། །ལིང་ཚེ་བཞི་རུ་བགོས་པ་འདི། །ཉམས་ཚད་མེད་བཞི་དང་ལྡན་པའི་བརྡ། །མིག་མང་རིས་སུ་བྲིས་པ་འདི། །ཞིང་ཁམས་གྲངས་མེད་མཚོན་པའི་བརྡ། །རྩ་བ་གཅིག་ཏུ་དྲིལ་བ་འདི། །དུ་མ་རོ་གཅིག་རྟོགས་པའི་བརྡ། ཁ་ཚར་སིལ་བུར་འདུག་པ་འདི། །ཆོས་མ་འདྲེས་གསལ་བར་རྫོགས་པའི་བརྡ། །གཞི་བར་སྣང་དྭངས་ལ་འཆར་བ་འདི། །ཆོས་སྣང་སྟོང་ཟུང་དུ་ཆུད་པའི་བརྡ། །ཁ་དོག་དམར་པོར་འདུག་པ་འདི། ཆོས་བདེ་སྟོང་ཟུང་དུ་ཆུད་པའི་བརྡ། །ཕྱི་ནང་མེད་པར་གསལ་བ་འདི། །གསལ་སྟོང་གུང་དུ་ཆུད་པའི་བརྡ། །སྣོད་ཧ་ཅང་ཆེ་བ་མ་ཡིན་པ། །འདོད་ཆུང་ཆོག་ཤེས་བརྟེན་པའི་བརྡ། །ཧ་ཅང་ཆུང་བ་མ་ཡིན་པ། །མཁོ་བའི་ཡོ་བྱད་ཚང་བའི་བརྡ། །མཐའ་མུ་ཁྱུད་འཁོར་ཡུག་སྐོར་བ་འདི། །སྒོམ་ཉིན་མཚན་ཁོར་ཡུག་སྐྱོང་བའི་བརྡ། །དྲྭ་ཆིངས་ཤེས་པར་དཀའ་བ་འདི། །ཀུན་གྱིས་སྤྱོད་ཡུལ་མིན་པའི་བརྡ། །


LT19_Page_100B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བལྟབ་ཁུགས་སུ་བྱས་པ་འདི། །ཟུང་འཇུག་ལམ་དུ་ཁྱེར་བའི་བརྡ། །ཅུང་ཟད་འཁྱོག་པོར་དྲིལ་བ་འདི། །ཆོས་ལྡེམ་དགོངས་གཉིས་ལ་མཁས་པའི་བརྡ། །སྲད་བུའི་རྒྱུན་དང་འགྲོགས་བ་འདི། །དྲན་པ་རྒྱུན་ཆགས་བརྟེན་པའི་བརྡ། །ཟངས་ཀྱི་ཨ་ལོང་བཏགས་པ་འདི། །མཁའ་འགྲོ་དབང་དུ་སྡུད་པའི་བརྡ། །ལྕགས་ཀྱི་ཨ་ལོང་བཏགས་པ་འདི། །ཆོས་སྐྱོང་དབང་དུ་སྡུད་པའི་བརྡ། །རུས་པའི་ཆ་རུ་བཏགས་པ་འདི། །རྣལ་འབྱོར་སྙིང་རུས་ཆེ་བའི་བརྡ། །དེ་ལ་ཤ་འབྲེང་བཏགས་པ་འདི། །རྣལ་འབྱོར་ཤེས་རྒྱུད་མཉན་པའི་བརྡ། །དྲྭ་མིག་དུ་མར་ཡོད་པ་འདི། །ཐེག་པའི་འཇུག་སྒོ་མང་བའི་བརྡ། །ཐམས་ཅད་གཅིག་ཏུ་རྫོགས་པ་འདི། །མཐར་ཐུག་གཅིག་ཏུ་རྫོགས་པའི་བརྡ། །ལྟོ་རྒྱབ་ཁྱད་པར་མེད་པ་འདི། །འཁོར་འདས་དབྱེར་མེད་རྟོགས་པའི་བརྡ། །དེང་ཡང་གདམས་པ་སྐོར་ཅིག་བྲལ། །དྲྭ་ཆུང་བྲུར་གསུམ་མིག་མང་རིས། །ཟུར་གཅིག་ཉན་ཐོས་ཞི་བའི་ལམ། །གཟུང་འཛིན་ངང་གིས་ཞི་བའི་བརྡ། །ཟུར་གཅིག་རང་རྒྱལ་རྟེན་འབྲེལ་ལམ། །སྣང་བ་རྟེན་འབྲེལ་འཆར་བའི་བརྡ། ཁུང་གཅིག་ཐེག་ཆེན་ཡོངས་རྫོགས་ལམ། །ཐེག་གསུམ་གཅིག་ཏུ་རྫོགས་པའི་བརྡ། །དེར་ཡང་གདམས་པ་སྐོར་ཅིག་ཐལ། །དྲྭ་ཆུང་ཟུར་གསུམ་མིག་མངས་རིས། །ཟུར་གཅིག་སོ་ཐར་སྤོང་བའི་ལམ། །བྱང་བ་ངང་གིས་གཏོང་བའི་བརྡ། །ཟུར་གཅིག་བྱང་སེམས་སྒྱུར་བའི་ལམ། །འགྲོ་ལ་ཅི་ཕན་བྱེད་པའི་བརྡ། །ཟུར་གཅིག་རང་བཞིན་ཤེས་པའི་ལམ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡ། །དེར་ཡང་གདམས་པ་སྐོར་ཅིག་ཐལ། །དྲྭ་ཆུང་ཟུར་གསུམ་མིག་མངས་རིས། །ཟུར་གཅིག་འདུལ་བའི་སྡེ་སྣོད་མཚོན། །སྡིག་སྤོང་དགེ་བ་སྒྲུབ་པའི་བརྡ། །ཟུར་གཅིག་མདོ་སྡེའི་སྡེ་སྣོད་མཚོན། །ཏིང་འཛིན་སེམས་ལ་འཆར་བའི་བརྡ། །ཟུར་གཅིག་མངོན་པའི་སྡེ་སྣོད་མཚོན། །ཕྱི་ནང་མངོན་དུ་གྱུར་པའི་བརྡ། །དེ་ཡང་གདམས་པ །དྲྭ་ཆུང་ཟུར་གསུམ །རང་


LT19_Page_101A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དག་པས་ཆོས་སྐུ་མཚོན། །ཇི་ལྟའི་དབྱིངས་ལ་ཇི་སྙེད་གསལ། །རྣམ་པ་དག་པ་ལོངས་སྐུ་མཚོན། །ཞིང་ཁམས་མ་འདྲེས་སོ་སོར་གསལ། །བྱེད་ལས་དག་པ་སྤྲུལ་སྐུ་མཚོན། །རྩོལ་མེད་གཞན་དོན་ཤུགས་ལ་འགྲུབ། །དེར་ཡང༴ དྲྭ་ཆུང༴ རྒྱབ་དུ་ཁུར་བའི་དུས་ཙམ་ན། །རྒྱབ་བརྟེན་དཀོན་མཆོག་གསུམ་ལ་འཆའ། །སྲུང་སྐྱོབ་ཤུགས་ལས་འབྱུང་བའི་སྣོད། །འགྲོ་བ་གཞན་དོན་བྱེད་ཙམ་ན། །བདག་གཞན་བསོད་ནམས་མཉམ་པོར་སྤེལ། །ཚོགས་གཉིས་ངང་གིས་གསོག་པའི་སྣོད། །རོ་སྙོམས་ལྡོམ་བུ་བྱེད་ཙམ་ན། །བཟང་ངན་མེད་པར་ལམ་དུ་ཁྱེར། །སྤྱིར་སྣང་བ་རྒྱན་དུ་འཆར་བའི་སྣོད། །དེར་ཡང༴ དྲྭ་ཆུང༴ འགྲོ་བ་ཕལ་ལ་མི་མཁོ་ཞིང་། །བྱ་བཏང་རྣམས་ལ་ཉེར་མཁོ་བས། །རྣལ་འབྱོར་པ་ཡི་བང་མཛོད་ཡིན། །ཕྱི་ཆོས་གསོག་འཇོག་མི་འབྱུང་ཞིང་། །འདོད་དགུ་ངང་གིས་འབྱུང་བས་ན། །རྣལ་འབྱོར་པ་ཡི་བང་མཛོད་ཡིན། །སྒྲུབ་ན་དཀའ་བ་མ་མཆིས་ཤིང་། །འཕྲོག་ཀྱང་ཕངས་པ་མ་མཆིས་པས། །རྣལ་འབྱོར་པ་ཡིས་འཆང་བར་འོས། །ཅེས་པ་འདི་ཉིད་ཤར་དྭགས་ལྷ་སྒམ་པོའི་ཡང་དགོན་སེ་བའི་ནགས་ཀྱི་འདབ་མའི་ཚལ་དུ་བཀོད་པའོ། །དྲྭ་ཆོས་དང་ཅོག་ཆོས་ལ་སོགས་པ་འདི་རྣམས་ལ་རང་བཟོའི་ཉེས་པ་མི་འབྱུང་བའི་ཁུངས་ཇི་ལྟ་བུ་ཡོད་ཞུས་པས། སྤྱིར་ཐེག་པ་ཆེན་པོའི་ལུགས་ཀྱིས། རང་འདོད་ཀྱི་འཁྲིས་མ་ཞུགས་པར་ཅི་བྱེད་སེམས་ཅན་གྱི་དོན་དུ་སྤྱད་ན་གང་ཡང་ལམ་དུ་འགྱུར། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས་སྣང་བ་ཐམས་ཅད་བརྡ་དང་ཐབས་སུ་འཆང་། ཡང་སྒོས་བཀའ་བརྒྱུད་རིན་པོ་ཆེའི་ལུགས་ཀྱིས་སྣང་བ་རྟེན་འབྲེལ་དང་སྣང་བ་དཔེ་ཆར་འཆར་བ་ནི་ཁུངས་ཡིན་མོད། འདི་རྣམས་ལ་ཁུང་དང་བྱིན་རླབས་མེད་སྙམ་ན་འདི་རྣམས་ཚུལ་བཞིན་དུ་འཆང་བའི་སྒྲུབ་བརྒྱུད་འདི་རྣམས་ལ་བཀའ་སྲོལ་རྣམ་པར་དག་པ་དང་།


LT19_Page_101B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་བབས་ཇི་ལྟ་བུར་འདུག་པ་ལྟས་པས་གསལ་ལོ་གསུང་ངོ་། །བསམས་ན་ཤིན་ཏུ་ཡིད་ཆེས་ཤིང་དེས་ཤེས་སྐྱེ་རིགས་པ་གདའ། ཤུབྷཾ༎ །ཞྭ་ཆོས་རིན་ཆེན་དབང་གི་རྒྱལ་པོ། །ན་མོ་མ་ཧཱ་མུ་དྲཱ་ཡ། དཔལ་མཁས་དང་གྲུབ་བའི་གཙུག་རྒྱན། །རྗེ་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་ལ། །བོད་གངས་ཅན་དུ་སྒྲུབ་བརྒྱུད་ཀྱི་བསྟན་འཛིན་པ། །རྗེ་ཟླ་འོད་གཞོན་ནུའི་བཀའ་སྲོལ་ལས། །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པས། །འཁོར་འདས་ཀྱི་ཆོས་ལ་དབང་སྒྱུར་བའི། །སྐུ་གསུམ་གྱི་རྒྱལ་སྲིད་སྐྱོང་བ་ལ། །རྒྱལ་རྟགས་ཀྱི་སྒོམ་ཞྭ་རིན་པོ་ཆེ། །བཀའ་བརྒྱུད་ཀྱི་ཅོད་པན་དབང་གི་རྒྱལ། །རང་རིགས་འགྱུར་བ་མེད་པའི་ཞྭ། །རྩོལ་མེད་དགོས་འདོད་འགྲུབ་པའི་ཞྭ། །རང་སྣང་བདེ་བར་འཆར་བའི་ཞྭ། །གཞན་སྣང་དང་བ་འདྲེན་པའི་ཞྭ། །བཀའ་བརྒྱུད་བླ་མས་བྱིན་བརླབས་པས། གང་ཤར་ཆོས་སྐུར་རྟོགས་པའི་ཞྭ། །ཡི་དམ་ལྷ་ཡིས་བྱིན་བརླབས་པས། །ཅིར་སྣང་རྒྱན་དུ་འཁྱེར་བའི་ཞྭ། །མ་དང་མཁའ་འགྲོས་བྱིན་བརླབས་པས། །འདོད་ཡོན་ཚོགས་སུ་རོལ་བའི་ཞྭ། །ཆོས་སྐྱོང་རྣམས་ཀྱིས་བྱིན་བརླབས་པས། །འགལ་རྐྱེན་བར་ཆད་སེལ་བའི་ཞྭ། །ཞྭ་ཐོད་ལ་དྲང་པོར་གྱོན་པ་འདི། །སྒོ་གསུམ་དྲང་བར་སྲོང་བའི་བརྡ། །ཞྭ་རྩེ་མོ་གཅིག་ཏུ་རྣོ་བ་འདི། །བློ་རྩེ་གཅིག་ཏུ་འདྲིལ་བའི་བརྡ། །ཞྭ་ཐོད་དུ་འབྲལ་མེད་འཆང་བ་འདི། །དྲན་པ་ཡེངས་མེད་སྐྱོང་བའི་བརྡ། །ཞྭ་རྩེ་མོ་སྦུབས་སུ་འཁྱིལ་བ་འདི། །ཆོས་ཟབ་གསལ་གཉིས་སུ་མེད་བའི་བརྡ། །ཞྭ་རྩ་བ་བརྟན་པར་གནས་པ་འདི། །གནས་བྱང་སེམས་འགྱུར་བ་མེད་པའི་བརྡ། །ཞྭ་ཐོད་པའི་གདེངས་ཀ་མཐོ་བ་འདི། །ཆོས་ལྟ་བའི་ནམ་འཕང་གཅོད་པའི་བརྡ། །ཞྭ་མི་གཡོ་བརྟན་པར་གནས་པ་འདི། །ཆོས་སྒོམ་པའི་རི་རྒྱལ་བརྟན་པའི་བརྡ། །ཞྭ་ཁོག་ཡངས་རླབས་དང་ལྡན་པ་འདི། །ཆོས་སྤྱོད་པ་རླབས་ཆེན་སྐྱོང་པའི་བརྡ། །ཞྭ་རྩེ་མོ་རྣོ་ཞིང་བྱིན་ཆགས་པས། །ཆོས་འབྲས་བུའི་


LT19_Page_102A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ས་ཟིན་པའི་བརྡ། །ཞྭ་ཁ་དོག་དམར་པོར་འདུག་པ་འདི། །ཁམས་གསུམ་དབང་དུ་འདུས་པའི་བརྡ། །ཞྭ་འཁོར་བུག་གཅིག་ཏུ་བསྐོར་བ་འདི། །དུ་མ་རོ་གཅིག་མཚོན་བའི་བརྡ། །གཡས་གཡོན་ཀ་བ་བརྟན་པོ་གཉིས། །བདེན་གཉིས་རང་སར་གསལ་བའི་བརྡ། །ཀ་བའི་ཁ་དོག་དཀར་པོ་འདི། །དཀར་པོའི་ཆོས་རྣམས་རྫོགས་པའི་བརྡ། །དར་སྣ་རྣམ་ལྔའི་རྒྱན་འཆང་བ། །ཡེ་ཤེས་རྣམ་ལྔ་རྫོགས་པའི་བརྡ། །སུལ་རིས་མ་འདྲེས་རྫོགས་པ་འདི། །ཆོས་ཀུན་མ་འདྲེས་རྫོགས་པའི་བརྡ། །ཕྱི་ན་སྣལ་མ་འཇམ་ཞིང་མཉེན། །སྤྱོད་ལམ་འཇམ་ཞིང་མཉེན་བའི་བརྡ། །ནང་སྲོག་འཁྲང་ཞིང་ཚུགས་པ་འདི། །སྒྲུབ་བརྒྱུད་ཚུགས་ཁ་ཟིན་པའི་བརྡ། །ཕྱི་ནང་ཁ་དོག་དཀར་དམར་གཉིས། །བདེ་སྟོང་ཟུང་དུ་འཇུག་པའི་བརྡ། །ཕྱི་ནང་གཅིག་ཏུ་སྦྱར་བ་འདི། །སྣང་སེམས་གཅིག་ཏུ་འདྲེས་པའི་བརྡ། །གྱོན་བཙམ་གྱིས་བློ་དཔང་མཐོ། །འགྲན་ཟླ་ཀུན་དང་བྲལ་བའི་བརྡ། ཞྭ་ངོས་གསུམ་ཐད་ཀར་གསལ་བ་འདི། །སྐྱབས་གསུམ་ཐོད་དུ་འཆང་བའི་བརྡ། །ཞྭ་ངོས་གསུམ་གཅིག་ཏུ་རྫོགས་པ་འདི། །དུས་གསུམ་མཉམ་ཉིད་རྟོགས་པའི་བརྡ། །ཐེག་གསུམ་གཅིག་ཆར་རྫོགས་པ་དང་། །རྩ་གསུམ་གཅིག་ཏུ་དྲིལ་བའི་ཞྭ། །སྔོན་གསུམ་ལང་ལྡན་ཐོབ་པ་དང་། །སྒོ་གསུམ་ཆོས་དང་མཐུན་པའི་ཞྭ། །དུག་གསུམ་ལམ་དུ་སློངས་པ་དང་། །སྣང་གསུམ་བདེ་བར་འཆར་བའི་ཞྭ། །ཁམས་གསུམ་དབང་དུ་འདུ་བ་དང་། །སྒོ་གསུམ་འབྲས་བུ་སྨིན་པའི་ཞྭ། །ཞྭ་འདི་ལྟར་གྱོན་པའི་གང་ཟག་ལ། །རང་ལ་གཟའ་གཏད་མི་བདོག་ཀྱང་། འདུན་མ་བླ་མ་མཁའ་འགྲོས་བྱེད། །ཅི་བསམ་འགྲུབ་པའི་མི་རེ་སྐྱིད། །ཅེས་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཅོད་པན་སྒོམ་ཞུལ་ཅུང་ཟད་ཙམ་བསྟོད་པའི་ཡི་གེ་འདི་ནི་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་དུ་མ་ལས་ཀྱང་དུ་མའི་གཙོ་བོར་གྱུར་པ།


LT19_Page_102B
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དྭགས་ལྷ་སྒམ་པོ་དང་ལ་གྱི་རི་བོ་ཆེ་་རྒྱལ་བའི་ཕོ་བྲང་ཆེན་པོར་དཔལ་མི་ཕམ་རྒྱལ་བའི་དབང་པོས་མགོན་པོ་ཟླ་འོད་གཞོན་ནུར་གྱུར་པའི་སེང་གེའི་ཁྲི་ལ་མངོན་པར་འདུག་སྟེ་ཚིག་གི་སྦྱོར་བ་སྤངས་པའི་ངག་གིས་ཆེད་དུ་བརྗོད་བའོ། །ཚུལ་འདི་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དང་བར་མཚམས་མེད་པར་དར་ཞིང་རྒྱས་པར་གྱུར་ཅིག། ༈ །འབྲུག་པའི་ཇ་ཆོས་བཞུགས། ན་མོ་མ་ཧཱ་མུ་དྲཱ་ཡ། །ཐོག་མར་བརྒྱུད་པའི་གསོལ་འདེབས་བྱས་པའི་མཐར། །འདི་སྐད་དུ། །ཇ་བྱུང་དང་པོ་གང་ནས་བྱུང་། །ཇ་བྱུང་དང་པོ་ཆོས་ཀྱི་དབྱིངས་ནས་བྱུང་། །སྣང་བ་བློ་དང་རིག་པར་སྣང་། །འཁྲུལ་པ་གཟུང་འཛིན་གཉིས་སུ་འཁྲུལ། །ཤར་བ་ཉམས་དང་རྟོགས་པ་ཤར། །རྡུང་བ་མཉམ་ཉིད་ངང་དུ་བརྡུང་། །གྲོལ་བ་ཆོས་ཉིད་ཀློང་དུ་གྲོལ། །དུག་ལྔའི་མགོ་ལ་ཆེམས་སེ་ཆེམ། །རྣམ་རྟོག་མགོ་ལ་ཤིགས་སེ་ཤིག །བྱིན་རླབས་ཅན་གྱི་ཇ་རྡུང་འདི། །བཀའ་བརྒྱུད་བླ་མ་རྣམས་ཀྱང་མཛད། །བྱིན་རླབས་བརྒྱུད་པ་མ་ཆད་པ། །མུ་ཏིག་སྟར་ལ་བརྒྱུས་པ་འདྲ། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ། །སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི། །ལྷ་ཚོགས་མ་ལུས་ཐམས་ཅད་ཀྱང་། །མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན། །གནས་མཆོག་འདི་རུ༴ སྒྲུབ་མཆོག་བདག་ལ༴ གནས་གསུམ་དཔའ་བོ་མཁའ་འགྲོ་ཡི། །ལྷ་ཚོགས་མ་ལུས༴ མཁའ་ལ༴ ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །འདུག་ས་འདི་རུ༴ སྟན་ཐོག་འདི་རུ༴ ཇ་རྡུང་ཆེན་པོ་ཇི་ལྟར་རྡུང་། །མེ་ལོང་ཡེ་ཤེས་གཏུན་ཁུང་དུ། །གཟུགས་ཀྱི་ཕུང་པོ་ཇ་རུ་བརྡུང་། །ཞེ་སྡང་མ་སྤངས་གནས་སུ་དག །རྩོལ་མེད་ངང་དུ་ཆེམས་སེ་ཆེམ། །གཉིས་མེད་ངང་དུ་ཤིགས་སེ་ཤིག །སོར་རྟོག་ཡེ་ཤེས་གཏུན་ཁུང་དུ། །འདུ་ཤེས་ཕུང་པོ་


LT19_Page_103A
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་དུ་བརྡུང་། །འདོད་ཆགས་མ་སྤངས་གནས་སུ་དག །རྩོལ་མེད་ངང་དུ༴ གཉིས་མེད་ངང་དུ༴ བྱ་གྲུབ་ཡེ་ཤེས་གཏུན་ཁུང་དུ། །འདུ་བྱེད་ཕུང་པོ་ཇ་རུ་བརྡུང་། །ཕྲག་དོག་མ་སྤངས་གནས་སུ་དག །རྩོལ་མེད་ངང་དུ༴ གཉིས་མེད་ངང་དུ༴ ཆོས་དབྱིངས་ཡེ་ཤེས་གཏུན་ཁུང་དུ། །རྣམ་ཤེས་ཕུང་པོ་ཇ་རུ་བརྡུང་། །གཏི་མུག་མ་སྤངས་གནས་སུ་དག །རྩོལ་མེད༴ གཉིས་མེད་ངང་དུ༴ ཞེན་ལོག་ཆེན་པོའི་གཏུན་ཁུང་དུ། །འཁོར་བའི་སྣང་ཚུལ་ཇ་རུ་བརྡུང་། །ཞེན་ཆགས་མ་སྤངས་གནས་སུ་དག །རྩོལ་མེད༴ གཉིས་མེད༴ མོས་གུས་ཆེན་པོའི་གཏུན་ཁུང་དུ། །ལོག་པར་ལྟ་བ་ཇ་རུ་བརྡུང་། །བྱིན་རླབས་ངང་དུ་རང་སར་གྲོལ། །རྩོལ་མེད་ངང་དུ༴ གཉིས་མེད༴ སྙིང་རྗེ་ཆེན་པོའི་གཏུན་ཁུང་དུ། །གཞན་གནོད་གཞིར་བཅས་ཇ་རུ་བརྡུང་། །ཕན་སེམས་ངང་དུ་རང་སར་གྲོལ། །རྩོལ་མེད །གཉིས་མེད །ཟག་མེད་བདེ་ཆེན་གཏུན་ཁུང་དུ། །ཟག་བཅས་སྡུག་བསྔལ་ཇ་རུ་བརྡུང་། །བདེ་སྟོང་ངང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ མཐའ་བྲལ་ཆེན་པོའི་གཏུན་ཁུང་དུ། །སྤྲོས་པ་སྣ་ཚོགས་ཇ་རུ་བརྡུང་། །འཛིན་མེད་དང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ དུ་མ་རོ་གཅིག་གཏུན་ཁུང་དུ། །སྣང་བ་སྣ་ཚོགས་ཇ་རུ་བརྡུང་། །རོ་སྙོམས་ངང་དུ་རང་སར་གྲོལ། །རྩོལ་མེད་ངང་༴ གཉིས་མེད༴ གཉིས་མེད་ཡེ་ཤེས་གཏུན་ཁུང་དུ། །གཟུང་འཛིན་གཉིས་སྣང་ཇ་རུ་བརྡུང་། །འཁྲུལ་སྣང་མ་སྤངས་རང་སར་དག །རྩོལ་མེད༴ གཉིས་མེད༴ མཁྱེན་པ་གཉིས་ཀྱི་གཏུན་ཁུང་དུ། །སྒྲིབ་པ་གཉིས་པོ་ཇ་རུ་བརྡུང་། །སྤང་རྟོགས་དབྱེར་མེད་ངང་དུ་གྲོལ། །རྩོལ་མེད་ངང༴ གཉིས་མེད༴ ཐབས་ཤེས་གཉིས་ཀྱི་གཏུན་ཁུང་དུ། །བདག་གཞན་གཉིས་པོ་ཇ་རུ་བརྡུང་། །གཉིས་མེད་ངང་དུ་རང་


LT19_Page_103B
[མ་དཔེ་གཟིགས་ན་འདིར་གནོན།]

སར་གྲོལ། །རྩོལ་མེད༴ གཉིས་མེད༴ རྣམ་ཐར་སྒོ་གསུམ་གཏུན་ཁུང་དུ། སྐྱེ་འགག་གནས་གསུམ་ཇ་རུ་བརྡུང་། །དུས་གསུམ་དུས་མེད་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ དུས་གསུམ་སངས་རྒྱས་གཏུན་ཁུང་དུ། །ཁམས་གསུམ་འཁོར་བ་ཇ་རུ་བརྡུང་། །སྐུ་གསུམ་ངང་དུ་རང་སར་གྲོལ། །རྩོལ་མེད༴ འཛིན་མེད༴ དུས་གསུམ་ཕྱོགས་བྲལ་གཏུན་ཁུང་དུ། །དུག་གསུམ་འཆིང་བ་ཇ་རུ་བརྡུང་། །སྐྱེ་འགག་གནས་གསུམ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ སྐུ་གསུང་ཐུགས་གསུམ་གཏུན་ཁུང་དུ། །ལུས་ངག་ཡིད་གསུམ་ཇ་རུ་བརྡུང་། །ཐ་དད་འཛིན་པ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ རིགས་ཀྱི་ཡུམ་བཞིའི་གཏུན་ཁུང་དུ། །འབྱུང་བ་བཞི་པོ་ཇ་རུ་བརྡུང་། །ཚད་མེད་བཞི་ཡི་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ རྩ་འཁོར་ལོ་བཞི་ཡི་གཏུན་ཁུང་དུ། །གནས་སྐབས་བཞི་པོ་ཇ་རུ་བརྡུང་། །སྐུ་བཞིའི་ངང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ ཚོགས་དྲུག་སྟུག་པོའི་གཏུན་ཁུང་དུ། །སྐྱེ་མཆེད་དྲུག་པོ་ཇ་རུ་བརྡུང་། །ཕར་ཕྱིན་དྲུག་པོའི་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ བདེན་དོན་བཅུ་གཉིས་གཏུན་ཁུང་དུ། །འཕོ་ཆེན་བཅུ་གཉིས་ཇ་རུ་བརྡུང་། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །རྩོལ་མེད༴ གཉིས་མེད༴ རང་བཞིན་རྣམ་དག་གཏུན་ཁུང་དུ། །གློ་བུར་དྲི་མ་ཇ་རུ་བརྡུང་། །དག་པ་གཉིས་ལྡན་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ ང་མེད་བདག་མེད་གཏུན་ཁུང་དུ། །ངར་འཛིན་འགོང་པོ་ཇ་རུ་བརྡུང་། །ཆོས་དང་གང་ཟག་འཛིན་པ་གྲོལ། །རྩོལ་མེད༴ གཉིས་མེད༴ རྨི་ལམ་སྒྱུ་མའི་གཏུན་ཁུང་དུ། །དངོས་པོ་འཛིན་པ་ཇ་རུ་བརྡུང་། །ངོས་བཟུང་མེད་པའི་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ མ་བཅོས་ལྷུན་གྲུབ་གཏུན་ཁུང་དུ། །བཅོས་མའི་སྒྱུ་ཐབས་ཇ་རུ་བརྡུང་།


LT19_Page_104A
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་མེད་ཆེན་པོའི་དབྱིངས་སུ་གྲོལ། །རྩོལ་མེད༴ གཉིས་མེད༴ ཐེག་པ་སྣ་ཚོགས་གཏུན་ཁུང་དུ། །བསམ་པ་སྣ་ཚོགས་ཇ་རུ་བརྡུང་། །ཐེག་ཆེན་ཀློང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ གྲུབ་པ་མཐར་ཕྱིན་གཏུན་ཁུང་དུ། །གྲུབ་མཐའ་སྣ་ཚོགས་ཇ་རུ་བརྡུང་། །བདག་གཞན་འཛིན་པ་རང་སར་གྲོལ། །རང་སྣང་དག་པའི་གཏུན་ཁུང་དུ། །མ་དག་འཁྲུལ་པ་ཇ་རུ་བརྡུང་། །གཉིས་སུ་འཛིན་པ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ བློ་ལས་འདས་པའི་གཏུན་ཁུང་དུ། །བློ་བྱས་མཚན་མ་ཇ་རུ་བརྡུང་། །བློ་བྲལ་ངང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ དག་པ་ལོངས་སྐུའི་གཏུན་ཁུང་དུ། །འཁོར་བའི་རྒྱུན་ལམ་ཇ་རུ་བརྡུང་། །འཁོར་འདས་གཉིས་མེད་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ སྤང་གཉེན་དབྱེར་མེད་གཏུན་ཁུང་དུ། །ཐབས་ལ་མཁས་པའི་ཇ་ཞིག་བརྡུང་། །སྤང་བྱ་སྣ་ཚོགས་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ ཨ་བྡྷཱུ་ཏིའི་གཏུན་ཁུང་དུ། །གཟུང་འཛིན་གཉིས་པོ་ཇ་རུ་བརྡུང་། །རོ་རྐྱང་འཇུག་པ་དབྱིངས་སུ་གྲོལ། །རྩོལ་མེད༴ གཉིས་མེད༴ རང་རིག་འོད་གསལ་གཏུན་ཁུང་དུ། །མ་རིག་མུན་པ་ཇ་རུ་བརྡུང་། །རིག་བྱ་རིག་བྱེད་ངང་གིས་གྲོལ། །རྩོལ་མེད༴ གཉིས་མེད༴ རང་བྱུང་ལྷ་སྐུའི་གཏུན་ཁུང་དུ། །ཐ་མལ་ཞེན་པ་ཇ་རུ་བརྡུང་། །སྣོད་བཅུད་འཛིན་པ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ མཚན་ལྡན་བླ་མའི་གཏུན་ཁུང་དུ། །སྣོད་ལྡན་སེམས་བྱུང་ཇ་རུ་བརྡུང་། །སྨིན་གྲོལ་ངང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ རྣམ་ཀུན་མཆོག་ལྡན་གཏུན་ཁུང་དུ། །འཆིང་བ་ཀུན་ལྡན་ཇ་རུ་བརྡུང་། །སྣང་བ་ཆོས་སྐུའི་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ ཙཱ་རི་སྤྲུལ་པའི་གཏུན་ཁུང་དུ། །ཆགས་སྡང་སྣ་ཚོགས་ཇ་རུ་བརྡུང་། །དག་


LT19_Page_104B
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་འབྱམས་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ མཆོག་དང་ཐུན་མོང་གཏུན་ཁུང་དུ། །འགལ་རྐྱེན་སྣ་ཚོགས་ཇ་རུ་བརྡུང་། །བྱིན་རླབས་ངང་དུ་རང་སར་གྲོལ། །རྩོལ་མེད༴ གཉིས་མེད༴ སྐལ་ལྡན་སྣ་ཚོགས་གཏུན་ཁུང་དུ། །སྐལ་མེད་སྣ་ཚོགས་ཇ་རུ་བརྡུང་། །རང་བཞིན་གཅིག་གི་ངང་དུ་གྲོལ། །རྩོལ་མེད༴ གཉིས་མེད༴ ཇ་མཆོད་པ་བཀའ་བརྒྱུད་བླ་མ་མཆོད། །བཀའ་བརྒྱུད་རྣམ་ཐར་འབྱོངས་པར་བྱིན་གྱིས་རློབས། །ཇ་མཆོད་པ་དོན་བརྒྱུད་བླ་མ་མཆོད། །དོན་བརྒྱུད་སེམས་ལ་འཆར་བར་བྱིན་གྱིས་རློབས། །ཇ་མཆོད་པ་སྒྲུབ་བརྒྱུད་བླ་མ་མཆོད། །སྒྲུབ་བརྒྱུད་བསྟན་པ་ཟིན་པར་བྱིན་གྱིས་རློབས། །ཇ་མཆོད་པ་དྲིན་ཅན་བླ་མ་མཆོད། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཇ་མཆོད་པ་ཡི་དམ་ལྷ་ཚོགས་མཆོད། །ཅི་བསམས་ཡིད་ལ་འགྲུབ་པར་བྱིན་གྱིས་རློབས། །ཇ་མཆོད་པ་དཔའ་བོ་མཁའ་འགྲོ་མཆོད། །ཅི་འདོད་དངོས་གྲུབ་སྩོལ་བར༴ ཇ་མཆོད་པ་དམ་ཅན་རྒྱ་མཚོ་མཆོད། །འགལ་རྐྱེན་བར་ཆད་ཞི་བར༴ ཇ་མཆོད་པ་ཕྱག་རྒྱ་ཆེན་པོ་མཆོད། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཇ་མཆོད་པ་རྡོ་རྗེ་སྤུན་ཚོ་མཆོད། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །ཇ་མཆོད་པ་འདོད་དགུའི་འབྱུང་གནས་འདི། །ཙཱ་རི་ཏྲཱ་ཡི་ནགས་འདོད་ཏུ། །ཛ་ཡེནྡྲ་ཞེས་བྱ་བ་ཡིས། །ཛ་ཡེནྡྲ་སོགས་དོན་དུ་སྦྱར། །བྷཱུ་ཏེནྟྲ་སོགས་ཞི་གྱུར་ཅིག །ཨེ་ཝཾ། དགེའོ།།

གདམས་ངག་མཛོད་པོད་བཅུ་པ།
དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ།


LT19_Page_105A
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ་བཞུགས་སོ།། །།


LT19_Page_105B
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཚོན་གྱིས་རབ་སྦགས་ཞབས་མཐིལ་ལ། །མཆོད་དེ་འཇིག་རྟེན་ཆོས་ལ་གུས་ཐལ་ནས། །ཞེན་ལོག་སྒྲུབ་པའི་ཕྱོགས་སུ་ལྷུང་བའི་ཕྱིར། །མཚན་ལྡན་བླ་མར་ངེས་པ་འབྲུག་པ་ཁོང་། །གསུང་གི་ཟླ་ཉ་ལས་འཛག་བདུད་རྩིའི་རྒྱུན། །སུས་འཐུངས་དྲང་དོན་བསྙད་པའི་ཆང་གི་རོར། །མ་ཆགས་ཞི་ལ་རེག་ནས་བདེར་འཚོ་བས། །འབྲེལ་ཚད་དོན་ལྡན་ཁོང་ལས་གཞན་པ་སུ། །ཡིད་ཀྱི་ངོས་གཙང་གང་གི་རྣམ་ཐར་གྱི། །རི་ངོས་འགེངས་དེར་ངེས་ལེགས་ཡོན་ཏན་ཚོགས། །མ་བོས་ལྟད་མོ་ལྟ་བཞིན་འདུ་བས་ཀྱང་། །ཤེས་ལྡན་གཏན་གྱི་སྐྱབས་སུ་ཁོང་གི་འོས། །འདིར་གང་ཐོས་པས་ཉམས་ལེན་དུ་བསྒྲིལ་བ། །ཆོས་ཆོས་བརྒྱད་ཀྱི་གྲོགས་སུ་མི་གཏང་བ། །ཁ་དང་ཞེ་ཕུགས་སུ་བསྟུན་པ། །སྒོ་གསུམ་དགེ་སྦྱོར་གྱི་སྲང་དུ་བཅུག་ནས། །ཚེ་འདི་ལ་ཞེན་པའི་འཕྲི་བ་གཅད་དེ། །མཚོར་བར་ཐར་པའི་གོ་འཕང་དུ་འཛེགས་པ། ཆོས་རྗེ་འབྲུག་པའི་ཁྱད་པར་གྱི་གདམས་ངག་འདི་ལ། སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། །དང་པོ་ནི། །སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་


LT19_Page_106A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང་། །སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང་། བདེ་སྡུག་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་བསྒོམ་པར་བྱའོ། །ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་ཀྱི་ངང་ལས་བྷྲཱུཾ་ལས་རྡོ་རྗེའི་ས་གཞི་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལས་གྲུབ་པ། ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན། །མཚམས་བྱང་ཆུབ་ཤིང་གིས་ལེགས་པར་བརྒྱན་པ། །ནང་རྡོ་རྗེའི་གདན་གྱི་གཞལ་མེད་ཁང་། །བྲེ་ཡན་ལ་རྩ་བའི་བླ་མ་དཀར་བརྒྱུད་དང་བཅས་པ་ཐོ་བརྩེགས་སུ་བཞུགས་པ། །བུམ་ནང་དུ་རྣལ་འབྱོར་བླ་མེད་དང་བང་རིམ་ལ་རྣལ་འབྱོར་དང་། །སྤྱོད་པ་དང་། བྱ་བའི་རྒྱུད་ཀྱི་དུས་གསུམ་གྱི་སངས་རྒྱས་དཔའ་བོ་མཁའ་འགྲོ་དགེ་འདུན་དང་བཅས་པ། ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་དང་། འཇིག་རྟེན་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་རྣམས་རིམ་པ་བཞིན་འཁོད་པ་སེང་ཁྲིར་གཞི་བདག་གིས་གཙོས་


LT19_Page_106B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་བརྒྱད་རིགས་དྲུག་གི་ཚོགས་ཐམས་ཅད་མཆོད་རྟེན་འདེགས་པའི་ཚུལ་དུ་ཡོད་པའི་བུམ་ནང་གི་དབུས་སུ་རང་ཉིད་ཀྱི་ལུས་སྐུའི་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད་དཀར་པོ་བེ་ཅོན་འཕྱར་བ། །དེའི་སྙིང་གར་རང་གི་ངག་གསུང་གི་ཁྲོ་བོ་ཧ་ཡ་གྲཱི་བ་དམར་པོ་དབྱུག་ཐོ་འཕྱར་བ། དེའི་ཐུགས་ཀར་རང་གི་ཡིད་ཐུགས་ཀྱི་ཁྲོ་བོ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་འཕྱར་བ། གཡོན་རྣམས་ཐུགས་ཀར་སྡིགས་མཛུབ་མཛད་ཅིང་། ཤིན་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་། སྤྱན་གསུམ་བགྲད་དེ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་སྣང་ཞིང་། །རལ་པ་གཤོར་པོ་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའི་སྐུ་ཐུང་ལ་གེལ་ཞིང་ལྷུ་ལག་རགས་པ། གཡས་བརྐྱང་གིས་ཉིན་མོར་བྱེད་པ་ལ་བཞུགས་པ། བ་སྤུའི་ཁུངས་ནས་ཁྲོ་བོ་དང་ཁྲོ་མོ་དང་། གནམ་ལྕགས་ཀྱི་ཐོག་སེར་དང་། །རྡོ་རྗེ་དང་། རལ་གྲི་ལ་སོགས་པའི་མཚོན་རྣོན་པོ་དང་བཅས་པའི་རབ་ཏུ་འབར་བའི་མེ་ལྕེ་འཕྲོ་བས་ཀུན་ནས་བསྐོར་བར་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་འཛབ་ཏུ་བཟླའོ།། །།།གཉིས་པ་དངོས་གཞི་ལ། དང་པོ་སེམས་བསྐྱེད་གསོལ་བ་གདབ། །དགོས་མེད་བསྒོམ་ཞིང་ཟློག་བསྒོམ་བྱ། །ཞིང་ཁམས་སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཆོག་བསྒོམ་ཞིང་རྩལ་རྫོགས་བསྒོམ། ལས་འབྲེལ་གཞག་ཅིང་སྤེལ་སྦྱངས་བྱ། །དབང་བཞི་བསྐུར་ཞིང་གདམས་ངག་བསྒོམ། །རྟེན་འབྲེལ་བསྒྲིག་ཅིང་སྨོན་ལམ་གདབ། །ཅེས་བཅུ་བཞི་ཡོད་པ་ལས། དང་པོ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་མི་བཟད་པའི་འཁོར་བ་ལས་བསྒྲལ་ནས་བདེ་བ་ཆེན་པོའི་ས་ལ་གཞག་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ། །ཞེས་སྨོན་པ་དང་། དེའི་ཆེད་དུ་དགེ་སྦྱོར་བདུན་པ་ཉམས་སུ་བླང་བ་ནི་འཇུག་པ་ཡིན་ཏེ། ངག་ཏུ་ཕྱོགས་བཅུ་དུས་གསུམ་


LT19_Page_107A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞེས་པ་ནས། བདག་གི་དགེ་སྦྱོར་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་པའི་བར་ལན་གསུམ་བརྗོད་དོ། །གཉིས་པ་གསོལ་བ་གདབ་པ་ནི། རང་གི་སྤྱི་བོའི་ཐད། བྲེའི་ནང་གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིར། །པདྨ་ཟླ་ཉི་བརྩེགས་པའི་གདན་ལ་བཞུགས་པའི་རྩ་བའི་བླ་མ་རང་ལ་དགྱེས་པས་གཟིགས་པ། ཞལ་འཛུམ་བག་བལྟས་ཀྱིན་ངོམས་པ་མེད་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྲུལ་སྐུ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོངས་སྐུ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་སྐུ། དེ་གསུམ་ཐ་དད་དུ་ཕྱེའམ་གཉིས་མིན་དུ་རོ་གཅིག་པའི་སྤྱི་གཟུགས་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་གཞི་ཡེ་ཤེས་ལྔའི་ངང་བཞིན་རིགས་ཐམས་ཅད་ཀྱི་བདག་པོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ། །དཀོན་མཆོག་གསུམ་གྱི་འདུས་པ་ཡིན་པར་ཐེ་ཚོམ་དང་སོམ་ཉི་ཡོད་རི་སྙམ་པས་སྙིང་ཁོང་རུས་པའི་གཏིང་ནས། འདི་དང་བར་དོ་ཕྱི་མ་ཐམས་ཅད་ཀྱི་སྐྱབས་མགོན་རེ་ས་གཏད་ནས། ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུར་དཀར་བརྒྱུད་དང་བཅས་པ་ལ་དམིགས་ཏེ། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོར་དམིགས་ཏེ་ཡན་ལག་བདུན་པས་ཕུལ། མ་ནམ་བཞི་སྐོར་སོགས་ཀྱིས་གསོལ་བ་དྲག་པོ་མཆི་མ་ཐུལ་ཐུལ་དུས་དང་རྣམ་པ་ཐམས་ཅད་དུ་གདབ་པར་བྱའོ། །དེ་ཡང་། ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དེ་ལ་བསྟིམས་ནས་གསོལ་བ་བཏབ་ན་བླ་མ་ཐམས་ཅད་ལ་གསོལ་བ་བཏབ་པར་འགྲོ་ཞིང་། །དེ་བཞིན་དུ་ཡི་དམ་ཐམས་ཅད་བསྟིམ་ཞིང་གསོལ་བ་འདེབས་ཀྱིས་ངག་ལ་སྔགས་བསྟིམས་པས་ལྷ་ཐམས་ཅད་བསྙེན་པར་འགྲོ། ཆོས་སྐྱོང་


LT19_Page_107B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྟིམས་ཏེ་གསོལ་བ་བཏབ་ན་འགལ་རྐྱེན་ཐམས་ཅད་སེལ་ཞིང་། མཐུན་རྐྱེན་ཐམས་ཅད་སྒྲུབ་པས་མཚོན་ཏེ། ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིག་ཤེས་ན་ཆོས་ཀྱི་དགོས་པ་ཐམས་ཅད་དེའི་ལག་པའི་རྩེན་སྣང་ངོ་། །གསུམ་པ་དགོས་མེད་སྒོམ་པ་ནི། ཕྱི་སྐྱེས་པའི་ཡུལ། བྱམས་པའི་གཉེན། བསགས་པའི་ནོར། གཅེས་པའི་ལུས། འཇིག་རྟེན་མི་ཆོས་ཀྱི་བླང་བ་དང་དོར་བར་བྱ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་མ་ལོག་གི་བར་དུ། གང་ལ་ཆགས་པ་དང་། ཞེན་པ་དང་། སྲེད་པ་སྐྱེ་བ་དེ་བློས་རྒྱང་གིས་བསྐྱུར་ནས། དངོས་སུའང་དེ་སྦྲུལ་ནག་པོའི་དུག་ལྟ་བུར་བལྟས་ལ་དོར་ཏེ། ཅིས་ཀྱང་དགོས་པ་མེད་ཅེས་ངག་ཏུ་བརྗོད་ཅིང་། ཡིད་ཀྱིས་ཞེ་ཐག་པ་ནས་བསྒོམ་མོ། །འཇིག་རྟེན་མིག་ཉེའི་དབང་དུ་མ་ཤོར་བར། ཆགས་ཞེན་སྲེད་པ་སྐྱེ་བའི་རྐྱེན་ངན་དང་ནམ་འཕྲད་པའི་དུས་དེ་ཉིད་དུ་གཉེན་པོ་དེ་ལྟ་བུའི་ཐོག་བརྫིས་སུ་བྱའོ། །དེ་བཞིན་དུ། ནང་ཆོས་ཀྱི་ཐོས་པ་དང་བསམ་པ་དང་། གསང་བ་སྒོམ་པའི་ཉམས་མྱོང་ཡོན་ཏན་ལའང་མ་ཆགས་མ་ཞེན་མི་སྲེད། བློས་ཆིལ་གཏད་ནས་དགོས་མེད་ཀྱི་དྲག་སྔགས་དྲག་པོས་གཅུད་ལ་འབོར་རོ།། །།བཞི་པ་ཟློག་བསྒོམ་བྱ་བ་ལ། གཉན་ས་རི་ཁྲོད་འགྲིམ་པ་ཕྱིའི་སྤྱོད། །ཕུང་པོ་གཟན་དུ་བསྒྱུར་བ་ནད་གི་སྤྱོད། །གཟུང་འཛིན་སྙེམས་ཐག་གཅོད་པ་གསང་བའི་སྤྱོད་པ་གསུམ་ལས། དང་པོ་ནི། གནས་གང་གཉན་ཅིང་འཚུབས་པ། ཡང་བ། སྐྱིན་བུན་པ། སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པ། མི་མ་ཡིན་དང་། གཅན་གཟན་གཏུམ་པོ་འགྲིམ་པ། ཟོས་ཀྱིས་དགོས་པ། ཁྱེར་གྱིས་དོགས་པ། སྲོག་བཅད་ཀྱིས་དོགས་པ་དེར་ཕྱིན་ནས། ཅིས་ཀྱང་དགོས་པ་མེད་ཅེས་བརྗོད་ཅིང་། ཡིད་ལ་བསྒོམས་པས་རེ་བའི་འཕྲང་ཐམས་ཅད་བཀབ། །ཅི་འོང་བ་ཤོག་


LT19_Page_108A
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལྟར་འགྲོ་བ་སོགས་ཞེས་བརྗོད་ཅིང་བསྒོམས་པས། དོག་པའི་གཡང་གང་ཟ་བ་ལ་བསྒྱུར། མདོར་ན་སྐྱིད་སྡུག་གཉིས་ཀྱི་སྐྱིད་པ་རྒྱབ་ཏུ་བསྐྱུར། སྡུག་པ་དང་དུ་ལེན་པས་མཚོན་ནས་གང་མི་ཕོད་པ་ལ་ཐོག་བརྫིས་བྱས་ནས་འཇོག་པས། གཞན་དག་མི་འདོད་པའི་སྤང་བྱར་བྱེད་པ་ཐམས་ཅད་འདིར་བསྒྲུབ་བྱར་བྱེད་པ་སྟེ། སྙིང་པོའི་མིང་ཟློག་པའི་སྒོམ་པ་ཞེས་བྱའོ། །ཚུལ་དེ་ལུས་སེམས་ལ་གཟན་ཆ་ནམ་བྱུང་གི་དུས་སུ་བྱས་ལ། དེ་དུས་ཕན་དུ་རེ་བའི་རྐུན་བུས་མ་ཁྱེར་བ་གལ་ཆེའོ། །གཉིས་པ་ནི། དེར་ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་བྱུང་བའམ། གཞན་དུའང་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། དེ་རྣམས་ལ་ལེན་ཆགས་ལེན་ཅིང་། ཤ་འཁོན་གཉེར་བ་ཡོད་པས། དེ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོའི་ལུས་འདི་གཏོང་ངོ་སྙམ་དུ་བསམས་ནས། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མདུན་དུ་བོས་ཏེ། ལུས་ཀྱི་ལྷུ་བཅུ་གཉིས། མགོ་དང་བཅུ་གསུམ། དབང་པོ་ལྔ། དོན་སྙིང་ལྔ། ནང་ཁྲོལ་དྲུག །ཤ་རུས། རྐང་དང་ཚིལ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁྲག །སྐྲ་དང་སེན་མོ། །པགས་པ་དང་དྲི་མ། དབུགས་དང་ཚེ་སྲོག །མདངས་དང་བཀྲག་ལ་སོགས་པ་སོ་སོའི་ཡིད་ལ་གང་འདོད་པ་རྣམས་ད་ལྟ་ཉིད་དུ་ཁྱེར་ཅིག་ཅེས་བརྗོད་དེ། ལུས་ལ་གཅེས་འཛིན་དོར་བས། དེ་དག་གིས་ཧབ་ཤར་བྱས་ནས་ཟོས་པས་ཚིམས་པར་བསམ་ལ། ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་ལྷ་འདྲེ་འདིར་འཚོགས་པ་རྣམས་ཞེ་སྡང་གདུག་རྩུབ་ཀྱི་བསམ་པ་ཞི་ནས། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་ལས་ལོག་སྟེ་ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་གང་ནས་ཕན་འདོགས་པའི་བྱང་ཆུབ་ཀྱི་སེམས་ལ་གནས་པས་རྣམ་པ་ཐམས་


LT19_Page_108B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་ལུས་ནི་ལྷ་འདྲེ་ལ་སྦྱིན་ཟིན། སེམས་སྟོང་པ་ཉིད་ལ་ནི་ཚངས་པའི་འཇིག་རྟེན་མན་ཆད་དགྲར་ལངས་ཀྱང་བར་དུ་གཅོད་མི་ནུས་པར་ཤེས་པར་བྱས་ལ། ཕྱི་འཁྲུལ་པ་གདོན་གྱི་བར་ཆད་ཐམས་ཅད་ནད་རྣམ་པར་རྟོག་པའི་ཉེར་ལེན་ལས་བྱུང་བ་ཡིན་པས། ཡིད་འགྱུ་བ་ཕྱི་ནང་གི་འཕྲང་བཅད་ནས་སེམས་མ་བཅོས་པའི་ངང་དུ་གློད་ལ་གཞག་གོ། །།གསུམ་པ་ནི། གཟུང་བའམ་འཛིན་པ་ཏོལ་སྐྱེས་པའི་རྟོག་པ་ཐམས་ཅད་སྐད་ཅིག་མ་དང་པོ་ལ་ངོས་བཟུང་ལ། ཕཊ་དྲག་པོ་གཅིག་བརྒྱབ་ལ་གནས་ལུགས་ཀྱི་ངང་དུ་གཅུད་ལ་བོར། དེ་ལ་མི་གནས་པར་ཤེས་པ་ཡུལ་ཕྱིར་འབྲང་ན། ཕཊ་ཅེས་བརྗོད་ནས་རྣམ་པར་རྟོག་པ་འཐོར་བ་བསྡུའོ། །དམིགས་པ་བརྗེད་པའི་དུས་སུ་ཕཊ་ཅེས་བརྗོད་པས་རིག་པ་བྱིང་བ་བསང་ངོ་། །ཚུལ་དེ་ལྟ་བུས་སེམས་ཡེངས་སུ་མི་འཇུག་གོ །ལྔ་པ་ཞིང་ཁམས་སྦྱོང་བ་ནི། ཅིར་སྣང་ཐམས་ཅད་སྣ་ཚོགས་གཟུགས་བརྙན་བླ་མའི་སྐུ་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་མཇལ་བའི་དུས་དེར་མོས་གུས་གྱིས་ཐུགས་ཡིད་བསྲེས་ནས་མཉམ་པར་གཞག་པས་སྣང་སྟོང་ཟུང་འཇུག་ཏུ་འཆར་ཏེ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཅེས་བྱའོ། །ཅི་ཐོས་པ་ཐམས་ཅད་གཞོམ་དུ་མེད་པའི་སྒྲ་བརྙན་བླ་མའི་གསུང་རྣམ་པ་ཐམས་ཅད་པ་ཡིན་པས། གང་ཐོས་པའི་དུས་དེ་ཉིད་དུ་གྲགས་སྟོང་དུ་ཉན་པས་གསལ་སྟོང་ཟུང་འཇུག་ཏུ་འཆར་ཏེ། གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། །གང་དྲན་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་ཐུགས་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་ཤར་དེ་ཉིད་དུ་སོ་སོ་རང་གིས་རིག་པར་བྱས་ན་བདེ་སྟོང་ཟུང་འཇུག་ཏུ་འཆར་ཏེ། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཚུལ་འདིས་སྣང་སྲིད་འཁོར་


LT19_Page_109A
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་དུ་ཤེས། རྐྱེན་སྣང་གང་ཤར་ཐམས་ཅད་བྱིན་རླབས་དང་ཐུགས་རྗེའི་རྩེལ་ཁར་རྟོགས་པས་བླ་མ་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱའོ། །དྲུག་པ་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་གང་ལ་རང་གི་རྒྱུད་ཚོད་དང་མཐུན་པར་ཞུགས་ཏེ། སེམས་ཅན་ཕ་མ། ཕ་མ་ཐམས་ཅད་དྲིན་ཅན། དྲིན་ཅན་འདི་དག་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམ། སྡུག་བསྔལ་དྲག་པོས་མནར། ཐར་པའི་དུས་ནི་མེད་པས། འདི་དག་སྡུག་བསྔལ་དེ་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་མོ། །དེས་སེམས་ཅན་ཐམས་ཅད་འཁུ་གཅིག་པུ་སྙིང་དུ་སྡུག་པ་ལ་དེའི་མས་བཞིན་དུ་མཐོང་ནས། བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པར་མཉམ་པས་ན། བདག་དང་སེམས་ཅན་འདི་དག་མཉམ་པ་ཉིད་ཡིན་པས། བདག་གིས་གཞན་གྱིས་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་སྟེ། བདག་གི་སྡུག་བསྔལ་བ་བཞིན་ནོ། །བདག་གིས་གཞན་ལ་ཕན་པ་ཐམས་ཅད་བསྒྲུབ་པར་བྱ་སྟེ། བདག་གི་ཕན་པ་བཞིན་ནོ་ཞེས་བསྒོམ་མོ། །དེ་ནས་བདག་ལས་སེམས་ཅན་ལྷག་པར་བསྒོམ་སྟེ། བདག་ལ་ནད་དང་ཡིད་མི་བདེ་བ་ལྟ་བུ་གཅིག་བྱུང་དུས་སུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་དམ་བཅས་ནས། དེ་དག་གིས་སྡུག་བསྔལ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ། དེ་ལ་སྤོང་བློ་མ་ཞུགས་པར་བྱེད་ཅིང་། བདག་གི་ལེགས་པའམ་དགེ་བ་ནམ་འབྱོར་བའི་དུས་བདག་གིར་མི་བྱ་བར་གཞན་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །དེ་


LT19_Page_109B
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །མཐར་སྡུག་བསྔལ་གྱི་རང་ཞལ་བལྟས་པས་སྡུག་བསྔལ་གྱི་དམིགས་པ་ཉེ་བར་ཞི་ནས་གཉུག་མའི་ངང་དུ་གནས་པར་འགྱུར་ཏེ། དོན་དམ་པའི་སེམས་སྒོམ་པའོ། །ཚུལ་འདི་ལ་སློབ་པ་ན་དངོས་སུ་བདག་གི་ཕུན་སུམ་ཚོགས་པ་གཞན་ལ་སྦྱིན་ཞིང་། གཞན་གྱི་དུཿཁ་བ་རང་གིས་བདག་གིར་ལེན་པ་ལ་པདྨའི་མཚོ་ལ་ངང་པ་བཞིན་དུ་འཇུག་པར་བྱའོ། །བདུན་པ་ཆིག་ཆོག་སྒོམ་པ་ནི། བྱར་མེད་བློ་ལས་འདས་པའི་དོན་ཏེ། བྱས་ཆོས་བློའི་དྲི་མས་མི་སྤགས་པར་བསྒོམ་དུ་མེད་ཅིང་། ཡེངས་སུ་མེད་པའི་སེམས་ཀྱི་རང་བཞིན་ཉིད་དུ་རང་བབས་སུ་ཁྲེས་སེ་འཇོག་པའོ། །འདི་ནི་སངས་རྒྱས་པའི་ལམ་རྣལ་མ་དེ་ཀ་ཡིན་པའི་ཕྱིར་ཆིག་ཆོག་མ་ཞེས་བྱའོ། །འོ་ན་སངས་རྒྱས་པ་ལ་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་དགོས་པ་མ་ཡིན་ནམ་ཞེ་ན་བདེན་མོད། འདིར་སྟོང་པར་མ་བསྒོམས་པས་སྣང་བ་མ་སྤངས། དེས་ན་སྣང་བ་མི་དགག་པ་ཐབས་ཀྱི་ཆ། དངོས་པོར་མ་བཟུང་པས་སྟོང་པ་མ་སྤངས་ལ། སྟོང་པ་མ་བོར་པས་ཤེས་རབ་ཀྱི་ཆ། དེ་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུར་ངོ་བོ་ཉིད་ཀྱི་དབྱེར་མེད་དུ་གནས་པ་ལ་དབྱེར་མེད་དུ་ཉམས་སུ་བསྟར་བས་ཐབས་ཤེས་ཟུང་འཇུག་ཅེས་བྱ་སྟེ། ཕྱོགས་རེ་རེ་བར་ལྷུང་པའི་སྐྱོན་མེད་དོ། །དེས་ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་སོ་སོ་རང་གི་རིགས་པའི་དབང་དུ་འདུ་བའི་ཕྱིར་གཞན་སྣང་དབང་དུ་སྡུད་པ་ཞེས་བྱའོ། །བརྒྱད་པ་རྩལ་རྫོགས་སྒོམ་པ་ནི། དལ་འགྲོའམ། འདུག་གམ། ཟའམ། ཉལ་བའི་དུས་གར་ཡང་དེའི་རྐྱེན་རྟོག་ཤར་པའི་དུས་སུ་དེ་ལ་སྐྱོན་དུ་མི་འཛིན་ཅིང་། སྤོང་བློ་མི་བྱ། རྟོག་པ་དེ་ཉིད་རང་བཞིན་སྟོང་པ་ཡིན་པས་བློས་སྟོང་བར་མི་སྒོམ། རྟོག་པ་ལྟར་སྣང་ཡང་ངོས་གཟུང་མེད་པས། དངོས་པོར་ཡང་མི་གཟུང་བར། དེ་ཉིད་ངོས་ཚིར་གྱིས་ཟིན་པའི་ངང་དེར་


LT19_Page_110A
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་མ་བཅོས་པར་གློད་པས། དེར་སྣང་གི་དམིགས་པ་ཞིག་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇུག་པ་ཡིན་ནོ། །འདིའི་གནད་ཀྱིས་ཟིན་ན། འགྲོ་འདུག་སྐོར་བ། ཟས་གང་ཟོས་ཚོགས་འཁོར། གཉིད་དམ་ཉལ་འོད་གསལ། སྤྱོད་ལམ་གང་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །དགུ་པ་ལས་འབྲེལ་གཞག་པ་ནི། དུས་དང་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་སྤྱད་ནས་རང་འདོད་ཀྱི་འཁྲིས་ཡེ་མ་ཞུགས་པས། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་ལ་མ་ཆགས་མ་ཞེན་པར་སེམས་ཅན་ཐམས་ཅད་ལ་ལྟོས་མེད་དུ་སྦྱིན་པར་བྱའོ། །རང་ལ་ལོག་པར་སྒྲུབ་པ་བྱུང་ན། དེ་ལ་དེའི་རྐྱེན་གྱིས་ལྷག་པར་བརྩེ་བས། གནོད་པར་བྱས་པའི་རྒྱུ་འདིས་འདི་སྡུག་བསྔལ་བར་མི་འགྱུར་བར་བདག་གིས་ཚེ་རབས་ཐམས་ཅད་དུ་འདི་ལ་ཕན་པ་དང་བདེ་བ་ཐམས་ཅད་བསྒྲུབ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པར་བྱའོ་སྙམ་དུ་དམ་བཅའོ། །དགེ་བའི་རྩ་བ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་མཐུ་དང་ལྡན་ན་མ་རུངས་པ་དག་དྲག་པོའི་ལས་ལ་སོགས་པས་ཀྱང་རྗེས་སུ་འཛིན་པར་གསུངས་སོ།། །།བཅུ་པ་སྤེལ་སྦྱོང་ནི། སྡིག་པའམ་དགེ་བའི་རྟོག་པ་སྐད་ཅིག་འགྱུས་པ་ཡན་ཆད་སྟོང་ཉིད་དུ་སྦྱངས་ཤིང་། རྗེས་ལ་སྡིག་པ་སྟོབས་བཞིས་བཤགས་པ་དང་། དགེ་བ་དོན་གཉིས་ལྡན་པའི་རྒྱུ་རུ་བསྔོས་པས། ལུས་ངག་ཡིད་གསུམ་ཐ་མ་ལ་དུ་མི་ལུས་པར་སྒྲིབ་གཉིས་འདག་ཅིང་། ཚོགས་གཉིས་ངམ་ངམ་གྱིས་རྫོགས་པར་འགྱུར་རོ། །བཅུ་གཅིག་པ་དབང་བཞི་བསྐུར་བ་ནི། བླ་མ་ཡི་དམ་གྱི་ཚོགས་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ཧེ་རུ་ཀ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་


LT19_Page_110B
[མ་དཔེ་གཟིགས་ན་འདིར་གནོན།]

བས། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱིས་ལྷ་རྣམས་ཀྱི་སྤྱི་བོ་ནས་རིམ་པས་ཞུགས་པས་ལུས་ངག་ཡིད་བཞི་པའི་དྲི་མ་ཐམས་ཅད་ནག་འདུར་འདུར་ཞབས་ཀྱི་མཐེ་བོང་ནས་ཟགས་པས་དྲི་མ་མེད་པར་གྱུར་པའི་སྐུ་ལུས་བདུད་རྩིས་གང་བར་བསམ་པ་ཕྱིའི་དབང་ངོ་། །དེས་ཕུང་ཁམས་སྐྱེ་མཆེད་ལྷར་རིག །རླུང་སྔགས་ཟུང་འཇུག་ཏུ་རིག །ཐིག་ལེ་བདེ་བའི་ངོ་བོར་རིག །བདེ་བའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཟུང་འཇུག་ཏུ་རིག་པས་ནང་གི་དབང་། བདག་གི་ལུས་དང་སངས་རྒྱས་ཀྱི་སྐུ་རྡོ་རྗེ། ངག་དང་གསུང་རྡོ་རྗེ། ཡིད་དང་ཐུགས་རྡོ་རྗེ། ཡེ་ཤེས་དང་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པ་ཆུ་དང་འཁྱག་རོམ་ལྟར་བྱིན་གྱིས་བརླབས་པ་དོན་གྱི་དབང་ངོ་། །བཅུ་གཉིས་པ་གདམས་ངག་སྒོམ་པ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱི་ལྷ་ཡིན་པས་རྣམ་པའི་བསྒྱུར་སྒོམ་མི་དགོས། རང་ངོ་ཤེས་པར་བྱས་པས་བཅོས་མའི་ཟོལ་རྡིབ་སྟ། ཀུན་ཁྱབ་སྒྱུ་འཕྲུལ་གྱི་སྣང་བ་འཆར་བ་ལྷའི་དེ་ཁོ་ན་ཉིད་དོ། །རླུང་སྔགས་ཟུང་འཇུག་ཡིན་པས་བགྲང་འདྲེན་གྱི་བཟླས་བརྗོད་མི་དགོས། རང་ངོ་ཤེས་པར་བྱས་པས་ལས་རླུང་དག་སྟེ། གཞོམ་དུ་མེད་པའི་སྐད་དུ་འཆར་འཆར་བ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དྲན་རྟོག་སྟོང་ཉིད་ཀྱི་རང་མདངས་ཡིན་པས་བཅོས་མའི་རྒྱས་བཏབ་མི་དགོས། རང་ངོ་ཤེས་པར་བྱས་པས་འཁྲུལ་པའི་གཟུང་འཛིན་ཞིག་སྟེ། འཁྲུལ་མེད་ཀྱི་བདེ་བར་ཤར་བས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་གསུམ་ཡང་ཐ་དད་དུ་བཤད་ཀྱང་ཟུང་འཇུག་ཏུ་གནས་པས་བློས་བརྟགས་ནས་བསྲེ་མི་དགོས། ཁྱབ་གདལ་དུ་བསྐྱངས་པས་གཞི་ཐོག་ཏུ་ཐིམ་པ་བདག་གི་དེ་ཁོ་ན་ཉིད་དོ། །བཅུ་གསུམ་པ་རྟེན་འབྲེལ་བསྒྲིག་པ་ནི། ཕྱིར་ལུས་ཀྱིས་བཟང་ངན་འབྲིང་གསུམ་སྤྱི་བོར་ཁུར། །ངག་གིས་ཐམས་ཅད་ལ་སྙན་པར་འབའ་ཞིག་བརྗོད། ཡིད་ཀྱིས་ལོག་སྒྲུབ་བཟོད་པའི་དག་སྣང་ལ་སྦྱང་། ནང་དུ་ལུས་ཐོག་ཏུ་སྐུ་རྡོ་རྗེའི་རྟེན་འབྲེལ་བསྒྲིགས་པས་འབྲས་བུ་སྤྲུལ་པའི་སྐུར་འཆར། ངག་ཐོག་ཏུ་གསུང་རྡོ་རྗེ་ལོངས་སྐུ། ཡིད་ཐོག་ཏུ་ཐུགས་རྡོ་རྗེ་ཆོས་སྐུ། གསང་


LT19_Page_111A
[མ་དཔེ་གཟིགས་ན་འདིར་གནོན།]

བར་བདེ་སྟོང་མཉམ་པ་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་པས་ནང་གིས་གསལ་སྟོང་རོ་མཉམ། དེ་ལས་ཕྱིའི་སྣང་སྟོང་རོ་མཉམ་ཞིང་། དེས་འབྲས་དུས་སུ་ཐུགས་ལས་གསུང་དུ་སྣང་། གསུང་ལས་སྐུ་སྟེ། བདག་གཞན་གྱི་དོན་གཉིས་འབྲུབ་པ་ཡིན་ནོ། །བཅུ་བཞི་པ་སྨོན་ལམ་གདབ་པ་ནི། ལྷག་པའི་བསམ་པས་དགེ་བ་ཐམས་ཅད་ཀྱི་མཇུག་ཏུ། འདི་ཉིད་ནས་བཤད་བའི་སྨོན་ལམ་རིང་མོའམ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོ་བར་བྱའོ། །གསུམ་པ་རྗེས་ནི། རྟེན་བརྟེན་པར་བཅས་པའི་ལྷ་ཚོགས་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ལན་ཚྭ་ཆུ་ལ་སིམ་པ་ལྟར་མི་ཕྱེད་པར་བསྒོམས་ལ་མཉམ་པར་གཞག་ཅིང་། མཐར་བྱ་བ་ཐམས་ཅད་གཞན་དོན་དུ་མོས་པས་ལྡང་བར་བྱའོ། །དེ་ལྟར་ཐུགས་དམ་དགེ་སྦྱོར་བདུན་པའི་ཁྲིད། ཉམས་སུ་བླང་བྱའི་སྙིང་པོར་བསྒྲིལ་བ་འདིའང་། གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་སྒོམ་གཡའ་བཟང་པ་དཔལ་འབྱོར་གྲགས་པའི་ངོར་དགེ་སློང་པདྨ་དཀར་པོས་སྲོང་གཙན་བང་སོའི་རྒྱལ་པོའི་ཁབ་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །འཇིག་རྟེན་མིག་ངོར་སུ་འཕྱོར་འཁྱེར་ལེགས་པ། །དེང་སོང་ཀུན་གྱིས་ཆོས་ལ་བཟང་པོར་བྱས། །སྙེམས་ཆུད་ཉོན་མོངས་ཐུལ་དེ་བཙུན་པ་ཞེས། །ཟས་གཙང་སྲས་ཀྱི་གླེགས་གམ་ཁོ་ནར་གྲགས། །ཐམས་ཅད་གཟིགས་དེས་འདོད་པ་ཉེས་དམིགས་རྒྱུར། །དགོངས་ནས་རང་གི་སློབ་མར་སྤོངས་ཞེས་གསུངས། །ལྷག་པའི་ནོར་མེད་ད་དུས་ཆོས་པའི་ཁྲོད། །མ་ཚུད་དོགས་ནས་ཐེ་ཚོམ་འཁྱོག་ལ་བརྟེན། །སྙིགས་དུས་སྐྱེ་དགུ་དགའ་བའི་ཟོལ་མ་མཁྱེན། །ཚེ་འདིའི་ཞེན་པ་དང་ཡང་མ་འདྲིས་པས། །མི་ཁྱུར་མ་ཚུད་ཁོ་བོའི་བླ་མ་དག །དབེན་པའི་རིར་གབ་ཆགས་མེད་ཞི་ལ་སེམས།། །།

གདམས་ངག་མཛོད་པོད་བཅུ་པ།
ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་།


LT19_Page_112A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་དཔལ་ལྡན་སྨད་འཐུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཆོས་སྐུ་རང་ཤར་ཅེས་བྱ་བ་བཞུགས་སོ། །


LT19_Page_112B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་ཆོས་རྗེ་ལོ་རས་པ་ལས་བརྒྱུད་པའི་སྨད་འབྲུག་གི་ཁྱད་ཆོས་ཐུབ་པ་ལྔའི་གདམས་ཁྲིད་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་ཁྲིད་དོ། དང་པོ་ལ། འཁོར་བའི་ཆོས་ལ་ཞེན་པ་ཟློག་པའི་ཕྱིར་མི་རྟག་པ་སྒོམ་པ་ནི། ངེས་པར་འཆི། ནམ་འཆི་ཆ་མེད། འཆི་བ་ལ་བཟློག་ཐབས་མེད། ཤི་ནས་གར་འགྲོ་ཆ་མེད། དེ་ལ་ཕན་པ་དམ་པའི་ཆོས་ལས་གཞན་མེད་པ་དང་ལྔའི་སྒོ་ནས་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། སྡིག་སྒྲིབ་སྦྱོང་བའི་ཕྱིར་རྡོར་སེམས་ཡི་གེ་བརྒྱའི་བཟླས་བསྒོམ། ཚོགས་རྫོགས་པའི་ཕྱིར་མཎྜལ་འབུལ་བ། བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་རྣམས་རྟགས་ཐོན་པར་ཉམས་སུ་བླང་ངོ་། གཉིས་པ་དངོས་གཞི་ལ་ལྔ། གཞི་ཕྱག་རྒྱ་ཆེན་པོ་གདིང་ཐུབ། ཡན་ལག་གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་བོ། དང་པོ་ལ་གསུམ། སློབ་མས་སེམས་ངོ་ཙལ་བ། བླ་མས་ངོ་སྤྲད་པ། མན་ངག་གི་གཏན་


LT19_Page_113A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ་པའོ། དང་པོ་ནི། འཁོར་འདས་ཀྱི་རྩ་བ། ཆགས་སྡང་བདེ་སྡུག་ལ་སོགས་པའི་རྩ་བ་སེམས་སུ་འདུག་གམ་མི་འདུག་བལྟ། སྣ་ཚོགས་སུ་རྟོག་པའི་སེམས་འདི་གང་ན་གནས། གཟུགས་དབྱིབས་ཇི་ལྟར་འདུག་ཁ་དོག་ཇི་ལྟར་འདུག་བལྟ། ཡང་། མདུན་ཏུ་མེ་ཆེན་བསྒོམ་པ་ལ་སེམས་བསྲེག་ནས་ཚིག་གམ་མི་ཚིག །ཆུ་ཆེན་ལ་སྦང་ནས་བང་ངམ་མི་སྦང་། རྣོན་པོའི་མཚོན་གྱིས་བཅད་ནས་ཆོད་དམ་མི་ཆོད་བལྟ། ཡང་། དགྲ་བསམ་ལ་ཞེ་སྡང་སྐྱེ་མཁན་ལ་བརྟག །གཉེན་བསམ་ལ་གདུང་སེམས་སྐྱེ་མཁན་ལ་བརྟག །ནོར་རྫས་བསམ་ལ་འདོད་པ་སྐྱེ་མཁན་ལ་བརྟག་ནས་སེམས་ཚོལ་བས། སེམས་འདི་འདྲ་ཞེས་སྙེད་ན་དེ་སེམས་ཡིན་མིན་རྩད་བཅད་དུ་གཞུག །མ་སྙེད་ན་མེད་པའི་ངོ་བོ་ལ་བརྟག །གཉིས་ཀས་ཚོལ་མཁན་གྱི་རྟོག་པ་ལ་རྩད་གཅོད་དུ་གཞུག་པས་གོ་བ་དཔེ་བལྟས་སོགས་མིན་པའི་ཐམས་ཅད་ཀྱི་རྩ་བ་སེམས། སེམས་ལ་དངོས་པོ་གང་དུའང་མ་གྲུབ་པ་ལ་འགགས་མེད་ཅིག་འཆར་བ་ཤེས་དགོས་སོ། གཉིས་པ་ངོ་སྤྲད་པ་ལ་གསུམ། དང་པོ་ཉན་


LT19_Page_113B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་གཟིགས་མོ་ནི། ཤིན་ཏུ་དབེན་པའི་གནས་སུ་ཕྱིན་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ཁྲུ་གང་ཙམ་གྱི་མདུན་དུ་དམིགས་རྟེན་ཤིང་བུའམ་རྡེའུ་ལ་མིག་ཕབ་སྟེ་བལྟར་གཞུག །སེམས་མ་བསྒྲིམ་པར་ཁོང་ནས་ལྷོད་ལ་བཞག་འདས་པ་དང་མ་འོངས་པ་དང་ད་ལྟ་བའི་ཤེས་པ་གང་ལའང་མི་མནོ་མི་བསམ། ངོས་བཟུང་མེད་པའི་ངང་དུ་བཞག །ཚོགས་དྲུག་གི་རྟོག་པ་གང་ལའང་ཆགས་སྡང་ཆེད་འཛིན་དགག་སྒྲུབ་གང་ཡང་མི་བྱེད་པར་སེམས་མ་བཅོས་པའི་ངང་དུ་འབོལ་ལེ་ཤིག་གེ་ལྷོད་ལ་བཞག །དང་པོ་ཐུང་ཐུང་ལ་གྲངས་མང་བ་དང་། དེ་ནས་ཡུན་ཇེ་རིང་མཐར་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བར་བསླབ། གཉིས་པ་བྱང་ཆུབ་སེམས་དཔའི་གཟིགས་མོ་ནི། མིག་སྣ་རྩེ་ལ་ཕབ། རིག་པ་གཞན་དུ་མི་འཕྲོ་བར་འབོལ་ལེ་བཞག་སེམས་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས། དངོས་པོ་རང་བཞིན་བདེན་པར་མ་གྲུབ་པའི་ངང་དུ་འབོལ་ལེ། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་རང་སྟོང་། སྟོང་ཉིད་ཙམ་དུ་མི་བཟུང་བ་འཛིན་མེད་ཞེན་བྲལ་མ་བཅོས་པའི་ངང་དུ་བཞག་གོ གསུམ་པ་རྡོ་རྗེ་འཆང་གི་གཟིགས་མོ་ནི། སྣ་རྩེའི་ཐད་ཀྱི་བར་སྣང་གི་ནམ་མཁའ་སྟོང་སང་ངེ་འདི་ལ་མིག་མ་ཡེངས་པར་གཏད། སེམས་མི་མནོ་མི་བསམ་པའི་ངང་ལ་འབོལ་ལེ་ཤིག་གེ་བཞག །བལྟས་པས་མི་མཐོང་། བསམ་མེད་བརྗོད་མེད་གཟའ་གཏད་བྲལ་བའི་ངང་དུ་ཞོག །ཅེས་ངོ་སྤྲད། སེམས་ཚོལ་རྣམས་ལ་ཞག་རེ། ངོ་སྤྲོད་ལ་ཚིག་དང་ཐ་སྙད་ཉུང་དུས་ཡུད་ཙམ་རེར་བཞག་ལ་སླར་ཞག་བདུན་དུ་བསྐྱང་གཞུག །གསུམ་པ་མན་ངག་གིས་གཏན་ལ་དབབ་པ་ནི། ཞག་བདུན་ནས་ངོ་འཕྲོད་ན། སེམས་སྐྱེ་མེད་བློ་འདས། དངོས་མེད་སྤྲོས་བྲལ། གཞི་མེད་རྩ་བྲལ། གསལ་སྟོང་ཟུང་འཇུག་ལ་བསྒོམ་རྒྱུ་ཅིའང་མེད་པར་མདོ་རྒྱུད་ཀྱི་ལུང་སྦྱོར་དང་བཅས་ཏེ་བཤད། ཡུམ་ལས། སེམས་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་སངས་


LT19_Page_114A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བར་གསུངས་པ་དང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། ཞེས་དང་། དགྱེས་རྡོར་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། ཅེས་སོགས་དང་། གྲུབ་ཐོབ་རྣམས་ཀྱི་གསུང་ལ་བརྟེན་ནས་སྟོང་ཉིད་དུ་ཡིད་ཆེས་པར་བྱ། འཁོར་འདས་སེམས་ཀྱི་ཆོ་འཕྲུལ་ཡིན། སྔར་སེམས་དངོས་མེད་དུ་མ་ཤེས་པས་འཁོར་བའི་སྡུག་བསྔལ་མྱོང་། ད་ཤེས་པས་འཁོར་བར་འཁྱམས་དོན་སྡུག་བསྔལ་མྱོང་དོན་མེད། བལྟར་མེད་མཐོང་མེད་དེ་ཉིད་དོན་དམ་པའི་བདེན་པ་མཐོང་བ་ཡིན་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཅེས་དེ་བཞིན་གཤེགས་པས་བསྟན། ཞེས་སོགས་གསུང་། གནས་ལུགས་ཀྱི་དོན་དེ་ངག་ཏུ་སྨྲ་རུ་མེད། ཚིག་ཏུ་བརྗོད་དུ་མེད། ཡིད་ལ་བསམ་དུ་མེད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། རང་སེམས་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་འདི་ག་ཡིན་པས་འདི་ཉིད་རྟོགས་པས་ཆོག་སྟེ། རྒྱུད་བརྟག་གཉིས་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། ཅེས་སོགས་བཀའ་བསྟན་བཅོས་ཀུན་ནས་མགྲིན་གཅིག་ཏུ་གསུང་། ངོ་བོ་ཅིར་ཡང་མ་གྲུབ་པའི་གཤིས་ཐོག་ཏུ་བཞག་པས་ཆོག །རྒྱུས་ཆ་རང་ལ་ཡོད་ཀྱང་བླ་མས་ངོ་སྤྲད་པ་དེ་བཞིན་ལ་མེ་ལོང་བསྟན་པ་དང་འདྲ། བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་པས་རྟོགས་


LT19_Page_114B
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྒོམ་བཤིག །སྒོམ་པའི་གཉེན་པོ་བཤིགས། བསྒོམ་པའི་འབྲས་བུ་བློ་ཟད་ཆོས་ཟད་ལ་བཤིགས། མི་སྒོམ་པའི་བཞག་ཐབས་ལ་དྲུག །བྱས་ཚད་འཁྲུལ་པར་འདུག་པས་བྱར་མེད་དུ་བཞག །སྒོམ་ཚད་རྟོག་པར་འདུག་པས་སྒོམ་མེད་དུ་བཞག་བརྗོད་ཚད་སྟོང་ཉིད་དུ་འདུག་པས་བརྗོད་མེད་དུ་བཞག །དྲན་ཚད་སྣང་སྟོང་དུ་འདུག་པས་རང་གྲོལ་དུ་བཞག །འགྱུ་ཚད་ཆོས་ཉིད་དུ་འདུག་པས་རྒྱ་ཡན་དུ་བཞག །ཡེ་ནས་ལྷུན་གྲུབ་ཏུ་འདུག་པས་ཡིན་ཐོག་ཏུ་བཞག་པའོ། མཇུག་ལ་གསུམ། སྐྱོང་ཚུལ། གེགས་སེལ། བོགས་འདོན་ནོ། དང་པོ་ལ་གསུམ། ལས་དང་པོ་པ་རྣལ་འབྱོར་ཆུང་ངུའི་དུས། དབེན་པ་བརྟེན་ནོ། འདུ་འཛི་ཞེན་པ་བྱ་བ་ཐམས་ཅད་བསྐྱུང་། རྩོལ་སྒྲུབ་བསྐྱེད། རྟོག་པ་དགག །སྐྱེས་བདོ་བ་དང་རྩད་གཅོད། སྒོམ་སྐྱེས་རུང་མ་སྐྱེས་རུང་འབད་ལ་ཉམས་སུ་ལེན། རྣལ་འབྱོར་འབྲིང་པོའི་དུས། སྒོམ་འཕྲོ་མི་བཅད། ཚེ་འདིའི་དབང་དུ་མི་བཏང་། ཆོས་བརྒྱད་ཆགས་སྡང་བདེ་སྡུག་ཐམས་ཅད་ཕྲ་ཆོད་སྦོམ་ཆོད་ལ་བཏང་། ཐོག་བརྫིས་དང་རོ་སྙོམས་ལ་གཉེན་པོའི་དཔུང་དང་མ་བྲལ་བར་བྱ། རྣལ་འབྱོར་ཆེན་པོ་དུས། སྤང་གཉེན་གཉིས་ཀ་བོར། ཉོན་མོངས་དང་ཡེ་ཤེས། རྣམ་རྟོག་དང་ཆོས་སྐུ། ཉམས་སུ་ལེན་བྱ་ལེན་བྱེད་གང་ཡང་མེད་པའི་དབུ་མའི་ངང་དུ་བཞག་པར་བྱའོ། གཉིས་པ་གེགས་བསལ་བ་ལའང་གསུམ། ལུས་ངག་ཡིད་གསུམ་གྱི་གེགས། ཐོས་བསམ་སྒོམ་གསུམ་གྱི་གེགས། ལྟ་སྒོམ་སྤྱོད་གསུམ་གྱི་གེགས་རྣམས་ངོ་ཤེས་པར་བྱས་ལ་བསལ། གསུམ་པ་བོགས་འདོན་པ་ནི། ལམ་མཆོག་ཐུབ་པ་ལྔ་བསྟེན་པར་བྱའོ། ༈ །གཉིས་པ་གཏུམ་མོ་རས་ཐུབ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི། ངེས་འབྱུང་དང་དད་པས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བསྒོམ། གཉིས་


LT19_Page_115A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། རྩ་སྦྱོང་བའི་ཕྱིར་སྟོང་ར། དྲོད་སྐྱེ་བའི་ཕྱིར་གཏུམ་མོ། བོགས་འདོན་པའི་ཕྱིར་དེའི་ཞལ་གདམས་བསྒོམ་པའོ། དང་པོ་ནི། ལུས་འདི་སྟོང་སང་དེ། ཡང་ཕྱ་ལེ། སྲབ་ཕྱམ་མེ་བ། ཁོང་པའི་ནང་གི་ལྗན་ལྗིན་ཐམས་ཅད་འོག་སྒོ་གཉིས་ནས་མར་སང་གི་ཐོན་ཏེ་ཕྲུ་མ་ཕུས་བཏབ་པ་ལྟ་བུ། རྩ་གསུམ་ཟོ་བ་དཔྱད་ལ་བཏགས་པ་ལྟ་བུ་མ་འབྱར་བར་བསྒོམ། གཉིས་པ་གཏུམ་མོ་སྤྱི་ཁྲིད་བསྒོམ་པ་ལ་གསུམ་བཅའ་བ་ལུས་ཀྱི་གནད། འབྱུང་འཇུག་རླུང་གི་གནད། དམིགས་པ་ཡུལ་གྱི་གནད་དོ། །དང་པོ་ནི། བསམ་གཏན་གྱི་ཆོས་ལྔའམ་རྣམ་སྣང་ཆོས་བདུན་བཅའ། གཉིས་པ་ནི། སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བཟུང་། གསུམ་པ་ནི། རང་ལུས་ལྷག་པའི་ལྷའི་རྩ་དབུ་མ་ཡར་སྣ་སྤྱི་བོའི་ཧཾ་ལ་ཟུག་པ། མར་སྣ་ལྟེ་བའི་ཐད་ཀར་རག་དུང་གི་ཁ་ལྟར་ཡོད་པ། གཡས་གཡོན་རོ་རྐྱང་གཉིས་ཡར་སྣ་སྣ་བུག་དང་། མར་སྣ་ལྟེ་འོག་སོར་བཞི་ནས་ཡར་ལོག་དབུ་མའི་ནང་དུ་ཚུད་པར་བསྒོམ། རྩ་གསུམ་འདུས་མདོར་མེ་ཨ་ཤད་ཀྱི་རྣམ་པ་སོར་བརྒྱད་ཁ་དོག་དམར་པོ། །རྩེ་མོ་རྣོ་བ། རེག་བྱ་ཚ་བ། དམར་ལྷང་ལྷང་བ་ལ་དམིགས་པ་གཏད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། བཀའ་བརྒྱུད་བླ་མ་རྣམས་ཐིམ་པས་སྔར་བས་འབུམ་འགྱུར་གྱིས་ཚ་བར་བསྒོམ། དེས་དབུ་མའི་ནང་ཐམས་ཅད་དམར་ལམ་མེ་བ། ཚ་འུར་རེ། སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་ཚིག་པར་བསྒོམ། གསུམ་པ། ཞལ་གདམས་བསྒོམ་པ་ལ་གསུམ། བོགས་འདོན་པ། བརྟན་པ་ཐོབ་པ། གེགས་སེལ་བར་བྱེད་པའོ། དང་པོ་ལའང་གསུམ། དྲོད་བདེ་བ། ཕྱག་ཆེན་གྱི་བོགས་འདོན་པའོ། །དང་པོ་ནི། མེའི་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་རང་ལུས་རྡོ་རྗེ་རྣལ་འབྱོར་མ་མེའི་སྐུ་ཅན། དེའི་ཐུགས་ཀར་རང་འདྲ་བའི་


LT19_Page_115B
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་རྡོ་རྗེ་རྣལ་འབྱོར་མ། སྤྱི་བོ་ནས་མེའི་རྡོ་རྗེ་རྣལ་འབྱོར་མ་གོ་ཞུ་ལུབས་སུ་བླུགས་པས་ཕྱི་ནང་མེད་པ་མེའི་རང་བཞིན་ཏུ་བསྒོམ། འདི་དག་གི་སྐབས་སུ་བདེ་དྲོད་ཀྱི་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས་ཞེས་གསོལ་འདེབས་དྲག་ཏུ་བྱ། སེམས་རྩེ་གཅིག་ཏུ་བཟུང་། གཏུམ་མོ་མེའི་འཁོར་ལོ་ནི། ལྟེ་བའི་རྩ་གསུམ་གྱི་ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་སྟེང་ན་མཁའ་འགྲོ་སྡེ་བཞི་མེའི་རང་བཞིན་ཏུ་བཞུགས་པར། རྒྱན་དང་ཕྱག་མཚན་ཐམས་ཅད་མེའི་རང་བཞིན། རླུང་མནན་པས་རྩ་ནང་དུ་འཁོར་བར་བསྒོམ། གཏུམ་མོ་རྩུབས་ཤིང་མ་ནི། མེའི་རྡོ་རྗེ་རྣལ་འབྱོར་མ་བཞིའི་ཕྱག་གིས་རྩ་རོ་རྐྱང་གཉིས་ལ་འཇུས། རླུང་མནན་པས་རྫ་མཁན་གྱི་འཁོར་ལོ་ལྟར་འཁོར་བར་བསྒོམ། གཏུམ་མོ་མེ་དྲོད་ཀྱི་ཡེ་ཤེས་ནི། ལྟེ་བར་དབུ་མའི་ནང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མེའི་རང་བཞིན་ཅན་གར་སྟབས་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམ། གཏུམ་མོ་མེའི་སྙིང་པོ་ནི། རང་ལུས་ལྷ་སྐུར་བསྒོམ་པའི་སྟེ་བའི་ཐད་པོ་བའི་དཀྱིལ་ན་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་མེ་འུ་རུ་རུ་འབར་བར་བསྒོམ། གཏུམ་མོ་བདེ་སྟོང་མ་ནི། སྲོག་རྩའི་ནང་ན་མེའི་རྡོ་རྗེ་ཨ་རུ་རའི་སྙིང་པོ་ཙམ་ཞིག་བསྒོམ། རླུང་མེའི་རྡོ་རྗེ་རྩ་སྦུབ་ཐམས་ཅད་དཀྲུགས་པར་བསྒོམ། གཏུམ་མོ་མེའི་སྲོག་ཤིང་ནི། ལྟོ་བའི་ཐད་དཀར་ཉི་དཀྱིལ་ལ་རྃ་ལས་མེའི་སྡོང་པོ་ཁྲུ་གང་སྦོམ་ཕྲ་ལག་ངར་ཙམ་ཡལ་ག་ཐམས་ཅད་མེར་གྱེས་པས་བ་སྤུའི་བུ་ག་ཐམས་ཅད་མེ་ལྕེ་འཆུབས་ཁྱི་ལི་ལི་འབར་བར་བསྒོམ། གཉིས་པ་ནི། རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧྃ་གིས་འབེན་ལ་བརྡེག །ཟག་མེད་བདུད་རྩིའི་བདག་ལུས་གང་། །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །བདེ་ཆེན་འཁོར་ལོ་ཡང་ལྔ་བསམ། །སྤྲུལ་པའི་འཁོར་ལོ་ཡུམ་ལྔ་བསམ། །སྙིང་གར་འདུས་ཏེ་སྙམ་པར་འདུག །ཟག་མེད་བདེ་བས་བདག་ལུས་གང་། གསང་བའི་


LT19_Page_116A
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྦུབས་སུ་དྲངས། །ལྟེ་བའི་རྡོ་རྗེ་རྣལ་འབྱོར་མའི། །པདྨར་ཐིམ་པས་བདེ་སྟོང་གིས། །ཐིག་ལེ་ཡེ་ཤེས་བཅུད་ཀྱིས་གང་། །དངོས་སམ་ཀུན་སྤོང་ཡིད་ཀྱིས་ནི། །ཞེས་རབ་ཡིད་འོང་བཅུ་དྲུག་ཡུམ། མཉམ་པར་སྦྱོར་བའི་ཡེ་ཤེས་མཆོག །མི་འགྱུར་ཟག་མེད་བདེ་ཆེན་བསྒོམ། གསུམ་པ་ནི། དམིགས་པ་ཨ་ཐུང་ལ་གཏད་དེ་གསལ་ལ་རྟོག་པ་མེད་པའི་ནང་དུ་བཞག །རླུང་སྟོང་ཉིད་ཀྱི་ངང་དུ་བཟུང་། དྲན་རྟོག་རྩ་བྲལ་དུ་ཤེས་པར་བྱ། བདེ་གསལ་མི་རྟོག་པའི་ཉམས་ཅི་སྐྱེས་ཀྱང་མ་ཞེན་པར་བྱའོ། གཉིས་པ་བརྟན་པ་ཐོབ་པར་བྱ་བ་ནི། ལུས་གནད་དང་དམིགས་པ་ཐམས་ཅད་རྒྱུན་བསྲིང་། དར་ལ་དྲག་པར་བསྒོམ། འགལ་རྐྱེན་དང་ཡང་ཡང་སྤྲད། གསུམ་པ་གེགས་བསལ་བ་ལ་གསུམ། ལུས་ཀྱི་གེགས་ན་ཚ། ཁམས་ཀྱི་གེགས་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་གེགས་ཀྱི་གཙོ་བོར་རླུང་སྦྱོར་ལ་གནད་དུ་བསྣུན། སོ་སོའི་སྐབས་བསྟུན་བཅོས། དམིགས་པའི་གེགས་འབྱམས་པ་སྟེ་ཡུལ་ལ་འཐོར་བ་ལ། སྣ་བུག་གཡོན་ཏུ་སེམས་ཀྱི་ངོ་བོ་ཧཱུྃ་གསལ། རླུང་གྱེན་དུ་དྲངས་པས་རྐྱང་མ་ནས་ཞུགས་དབུ་མར་ཐིམ་པར་བསྒོམ། འདུས་པ་ནི། ཞེ་སྡང་ཅན་དགྲ་ལ་འདུས་པ། གདུང་སེམས་ཅན་གཉེན་ལ། འདོད་པ་ཅན་ནོར་ལ། དད་པ་ཅན་ཆོས་ལ་འདུས་པ་རྣམས་ལ་རོ་སྟོད་མདུན་རྒྱབ་བུག་པ་མང་པོ་བསྒོམ། ཧ་དྲག་ཏུ་བརྗོད་ཅིང་རླུང་ཕྱིར་ལ་འདོན། ལྡོང་པ་ནི་སྐྱོན་ཡོན་གང་ཡང་མེད་པ་སྟེ་གདམས་ཞན་པའམ་རྩོལ་བ་སྟོད་པའི་སྐྱོན་ནོ། །འདི་ནི་ཕྱག་རྒྱ་ཆེན་པོའི་བོགས་འདོན། ལམ་ཐམས་ཅད་ཀྱི་རྨིང་རྡོ། གྲུབ་ཐོབ་ཐམས་ཅད་འདི་ལས་བྱོན་པའོ། ༈ གསུམ་པ་གསང་སྤྱོད་དེ་ཐུབ་ལ་བཞི། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་སྔགས་ཀྱི་སྤྱོད་པ། རིག་པ་བརྟུལ་ཞུགས། ཕྱོགས་ལས་རྣམ་རྒྱལ་


LT19_Page_116B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱོད་པའོ། དང་པོ་ནི། རང་གནས་སུ་ཕྱག་ཆེན་གྱི་སྒོམ་པ་ལ་གདིང་ཐོབ་ནས་རྐྱེན་གང་ལའང་བསྲེ་ནུས་པ་བྱ། གཉིས་པ་གསང་སྤྱོད་ཉམས་སུ་བླང་བའི་དགོས་པ་ནི། ཉམས་ལེན་གྱི་བོགས་ཐོན། མི་མཐུན་པ་གྲོགས་སུ་འཆར། བར་ཆད་དངོས་གྲུབ་ཏུ་འགྱུར། རྐ་མ་ཐག་ཆུ་ནང་གཅོད་པའོ། གསང་སྤྱོད་ནུས་པའི་གང་ཟག་བདག་འཛིན་བློས་ཐང་། ཉམས་ལེན་སྙིང་ཁམས་ཆེ། སྣང་སྲིད་སྒྱུ་མར་ཤེས་པའོ། །དེས་ཀྱང་འགལ་རྐྱེན་བར་ཆད་བྱུང་དུས་རོ་སྙོམས་ནུས་ཤིང་། དེའང་སྟོང་ཉིད་སྙིང་རྗེའི་གྲོགས་སུ་འགྲོ་ངེས་པ་ཞིག་དགོས། དེ་ལྟ་བུས་སྔོན་འགྲོ་ལྷ་འདྲེ་མ་བསློང་བ་སློང་བར་བྱེད་པ། དངོས་གཞི་བསླངས་པ་ནོན་པར་བྱེད་པ། མཇུག་ཏུ་ནོན་པ་དབང་དུ་སྡུད་པའོ། དང་པོ་ནི། གནས་དུར་ཁྲོད་སོགས་གཉན་སར། དུས་མཚན་མོར་སོང་སྟེ་ནུབ་དང་པོར་བདག་འཛིན་བློས་བཏང་ནས་ན་དགའ་འཆི་སྐྱིད་ཀྱི་སྙིང་ཁམས་བསྐྱེད། གཉིས་པར། བླ་མའི་བཀའ་སྒྲུབ་ཕྱིར་འོང་བ་ལ་མཐོར་བཏང་དམར་བཏང་བླ་མ་མཁྱེན་སྙམ་པས་ལུས་ལ་ཆགས་ཞེན་སྤུ་ཙམ་མེད་པར་ལྷ་འདྲེ་ལ་བཏང་། གསུམ་པར་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །འཁོར་འདས་སེམས་ཅན་ཕུ་ཐག་བཅད། འཇིགས་མཁན་གྱི་ངོ་བོར་བརྟགས་ལ་ཉལ་བས་སློང་དང་ཆོ་འཕྲུལ་འབྱུང་ངོ་། གཉིས་པ་ལས། ནུབ་བཞི་པར་སྤྲོས་བཅས་ཀྱི་སྤྱོད་པ་ནི། སྙིང་རྗེ་དང་སྒྱུ་མའི་ཏིང་འཛིན་མ་བྲལ་བས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རྒྱན་ཆ་ལུགས་ཡོངས་རྫོགས་སྟོང་གསུམ་ཁེངས་པའི་ཐུགས་ཀར་བླ་མ་བ་སྤུའི་བུ་ག་ཐམས་ཅད་དུ་ཁྲོ་བོ་ཁྲོ་མོས་ཁེངས་པའི་སྐུ་ལས་མེ་འབར་བ། སྣང་སྲིད་ཐམས་ཅད་ལ་ཉམ་ང་མེད་པར་བསྒོམ། ཕཊ་བརྗོད་པས་བ་སྤུའི་ཁྲོ་ཆུང་ལ་མེ་སྟག་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམ། འཁོར་འདས་སེམས་ལས་ལོགས་ན་


LT19_Page_117A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཆོས་སྐུ་བློ་འདས་སུ་ཐག་ཆོད་པའི་ལྟ་དགོངས་ཀྱི་གདིང་ཚད་ལྡན་པའི་ཞེ་སྡང་ལམ་བྱེད་ཀྱིས་གཉན་སར་འགྲོ། སྤྲོས་མེད་ལ་བཞི། རང་གཞན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོང་པ་ལྟ་བ་བདེན་འཛིན་དང་བྲལ་བ། འཇིགས་སྐྲགས་སོགས་རྟོག་པ་ཅི་བྱུང་ཡང་སྟོང་ཉིད་དུ་བཞག་པ་སྒོམ་པ་ཡིད་ལ་མི་བྱེད་པ། ཆོས་བརྒྱད་བདེ་སྡུག་བདུད་ཀྱི་བར་ཆད་ལྷའི་དངོས་གྲུབ་ཅི་བྱུང་ཡང་བླང་དོར་མེད་པར་སྤྱོད་པ་རོ་སྙོམས་ལ་བཟང་ངན་གང་ལ་ཡང་རེ་དོགས་མེད་པ་འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་པ་སྟེ་གཉན་སར་སླེབས་ནས་གཉིད་མི་ཁྲོ་བའི་བར་འདོད་ཆགས་ལམ་དུ་བྱེད་པའོ། ཤིན་ཏུ་སྤྲོས་མེད་ལའང་བཞི། ཡུལ་གང་ལ་དངོས་པོ་ཅི་སྟེར་ཡང་ཡུལ་ལྷ་ཟས་བདུད་རྩིར་སྒོམ་པ་ཕྱིའི་ཚོགས། རང་ལུས་ལྷ་ལ་ཟས་བདུད་རྩིས་མཆོད་པར་བསམ་པ་ནང་གི་ཚོགས། སྙིང་ནས་རང་སེམས་རྣལ་འབྱོར་མའི་རྣམ་པར་དོན། གྲི་གུག་གིས་ཐོད་པ་བྲེགས། བྲང་ཁ་ཕྱེས་ནས་དོན་སྙིང་རྣམ་ལྔ་བླུགས་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་རྣམ་པར་བྱོན། ཕྱག་ན་ཐོད་པ་རེ་རེ་ཐོགས་པའི་ནང་དུ་རང་ལུས་དུམ་བུ་དཔག་མེད་གཏུབས་པ་བཟའ་བཏུང་དུ་གྱུར་པ་ལ་ལོངས་སྤྱད་པས་ཟག་མེད་ཀྱི་བདེ་བ་དང་ལྡན་པར་བསྒོམ། མདོར་ན་སྒོ་གསུམ་ལ་བདག་འཛིན་མེད་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཏང་བ་གསང་བའི་ཚོགས། ཆོས་སྐུ་སྤྲོས་བྲལ་གྱི་ངང་དུ་ཉལ་ནས་གཉིད་འོད་གསལ་དུ་ཁྱེར་བ་དེ་ཁོ་ན་ཉིད་ཀྱི་ཚོགས་འཁོར་ཏེ་གཏི་མུག་ལམ་དུ་བྱེད་པའོ། ནུབ་ལྔ་པའི་ཉམས་ལེན་ལ། ཕྱིའི་འགལ་རྐྱེན། ནང་གི་ལུས་ངག་ཡིད་གསུམ་ཐམས་ཅད་སྟོང་པར་བསྒོམ་ལ་དང་པོར་ལྷ་འདྲེའི་རྟོག་པ་གཞོམ། རེ་བ་སྤང་། དོགས་པ་བླང་།


LT19_Page_117B
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འོང་བ་ཤོག་སྙམ་པས་བར་དུ་བློ་བསྒོམ་གྱིས་རོ་སྙོམས་བྱ། དགེ་བ་དེས་གནོད་བྱེད་གདོན་བགེགས་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་བར་ཤོག་ཅིག་པའི་སྨོན་ལམ་གདབ་ཅིང་ཐ་མ་སྙིང་རྗེའི་རྗེས་སུ་བཟུང་། དེ་རེ་རེ་ལའང་དུས་རིང་པོ། ཐུང་ངུ་དང་། ཐད་སོར་ཉམས་སུ་ལེན་པའི་ཚུལ་རྒྱས་པར་འབྱུང་ངོ་། ནུབ་དྲུག་པར་སྐྱབས་སེམས་བྱ། རྡོ་རྗེ་རྣལ་འབྱོར་མ་ཞི་བར་བསྒོམས་ལ་འཇམ་པོས་འགྲོ། མ་གཉིད་བར་དུ་ཕྱིའི་ལྷ་འདྲེའི་བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག་གི་ངོ་བོ་རྩད་བཅད་ལ་གང་དུའང་མ་གྲུབ་པར་སྟོང་ཉིད་དུ་ཤེས་པས་ཕྱི་འཇིགས་ཡུལ་གྱི་ལྷ་འདྲེ་དོས་བཟུང་། གཉིད་དུ་འགྲོ་ཁར་འཇིགས་པའི་མཁན་པོ་རྩད་བཅད་པས་དངོས་མཚན་དུ་གྲུབ་པ་རྡུལ་ཙམ་མེད་པར་ནང་འཇིགས་མཁན་སེམས་ཉིད་རྩད་བདར་བཅད། རྨི་ལམ་དུ་ལྟས་དང་ཆོ་འཕྲུལ་སྣ་ཚོགས་བྱུང་བའི་དུས་སད་པའི་ཚེ་རང་བཞིན་མ་གྲུབ་པ་གཅོད་བྱེད་གནོད་པ་རང་སེམས་གསུམ་གཅིག་ཏུ་བསྲེས་ལ་སྟོང་ཉིད་དུ་བཞག་ལ་འཇིགས་པའི་ཆོ་འཕྲུལ་སྟོང་ཉིད་དུ་གཞིལ་ལོ། གསུམ་པ་ནི། ནང་དུག་གསུམ་གྱི་ཕྱི་གདོན་གསུམ་བསླངས་ནས་ནད་གསུམ་བསླབ་ན། ཅིས་ཀྱང་དགོས་པ་མེད། གང་འོང་བར་ཤོག་ཅེས་པའི་དྲག་སྔགས་བཟླས་ནས་ཚེ་འདིའི་འཁྲི་བ་རྦད་ཀྱིས་བཅད། རྒྱུ་འབྲས་ལ་འཛེམ། ཡེངས་མེད་ཀྱི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ན་གདོན་གསུམ་དབང་འགྱུར་རོ། གསུམ་པ་རིག་བརྟུལ་གྱི་སྤྱད་པ་སྤྱོད་པ་པོ་ནི། བསྐྱེད་རིམ་ལ་རྟགས་ཐོན། རྫོགས་རིམ་ལ་བརྟན་པ་ཐོབ། གསང་སྤྱོད་མཐར་ཕྱིན་པས་སོ། དུས་མངོན་ཤེས་རྫུ་འཕྲུལ་ཐོབ། བླ་མ་དང་ལྷས་ལུང་བསྟན་པའི་དུས་སུའོ། གནས་གྲོང་ཁྱེར་ཚོང་དུས་དམངས་དང་གདོལ་པའི་གནས་སུ་བྱ། ཟས་ཤ་ལྔ་བདུད་རྩི་ལྔ་གང་རྙེད་ཟ། གོས་རོ་རས་དང་དམན་གོས་གྱོན། རྒྱན་རུས་རྒྱན་ནམ་ཅི་སྙེད་བཏགས། གྲོགས་ཆགས་


LT19_Page_118A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པ་མཚན་ལྡན་གྱི་རིག་མ། གྲོལ་ལམ་པ་རང་རིག་བདེ་བའི་ཉམས་དང་འགྲོགས་སྤྱོད་ལམ་གླུ་གར་བྲོ་རྩེད་སྨྱོ་སྤྱོད་སྣ་ཚོགས་བྱས་པས་འབར་ཤ་སྐུར་འདེབས་རྡེག་རྒྱུང་བྱུང་བའི་ཚེ་རབས་ཀྱིས་རྫུ་འཕྲུལ་བསྟན་ནས་གཞན་གྱིས་མ་དད་བ་བཟློག །འབྲིང་གིས་ཆགས་སྡང་དགག་སྒྲུབ་གཉིས་མེད་ཕྱག་རྒྱ་ཆེན་པོ་རོ་སྙོམས་པ། ཐམས་འགལ་རྐྱེན་ལ་སྐྱོན་དུ་མི་ལྟ་བར་ལམ་དུ་ཁྱེར་ན་བོགས་ཐོན་པའོ། བོད་དུ་རྒྱུད་ནས་བཤད་པའི་སྤྱོད་པ་སྤྱད་ནུས་པ་མེད་པས་དེའི་ཚབ་ཏུ་ཕྱོགས་མེད་ཀྱི་ལྡོམ་བུ་བྱེད་ཅིང་རོ་སྙོམས་ཀྱི་སྤྱོད་པ་སྐྱོང་བ་ཡིན་ནོ། བཞི་བ་ཕྱོགས་ལས་རྣམ་རྒྱལ་ནི། སྤྱོད་པ་སྔ་མ་གསུམ་གྱིས་རིམ་པར་གདིང་ཐོབ། གཟུགས་མེད་གཟུགས་ཅན་ལ་བརྟེན་ནས་རོ་སྙོམས་དེ་རྣམས་མཐར་ཕྱིན་པའི་འབྲས་བུ་འཁོར་བ་ངན་སོང་བདུད་དང་འགལ་རྐྱེན་བར་ཆད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་འགྱུར་རོ། ༈ །བཞི་པ་ནད་གདོན་འཁྲུགས་ཐུབ་ལ་གསུམ། དགོས་པ། ངོས་འཛིན། ནད་འདོད་ཐབས་སོ། དང་པོ་ནི། རི་ཁྲོད་སྨན་དཔྱད་མི་འཛོམ་པའི་ས་དང་། སྐྱབས་འགྲོའི་བསླབ་བྱར་མི་འགལ་བ་དང་། འཇིག་རྟེན་ཕལ་པ་ལས་ཁྱད་པར་འཕགས་པ་དང་། རྐྱེན་ངན་ལ་འཇིགས་པ་མེད་པ་དང་། བར་དོའི་ཤེས་པ་ཉམས་འོག་ཏུ་ཚུད་པའི་ཕྱིར་རོ། གཉིས་པ་ལ་གསུམ། ཕྱི་གནོད་བྱེད་གདོན་གྱི་ནད་ལ་རྨི་ལམ་དང་། ལུས་ངག་ཡིད་གསུམ་གྱི་ཉམས་འཁྲུགས་པ་ལ་བརྟག །བར་འབྱུང་བ་འདུས་པའི་ནད་ལ། ལུས་ངག་ཡིད་གསུམ། རླུང་མཁྲིས་བད་ཀན། ས་ཆུ་མེ་རླུང་། ཉོན་མོངས་དུག་གསུམ་གྱི་ནད་རྣམས་ལས། ལུས་ལ་འཐེམ་འཆུས་ལྷག་དང་གསུམ། །ངག་ལ་ལོག་འཚུབས་སྟོར་དང་གསུམ། །སེམས་ལ་འབྱམས་འདུས་སྲོང་དང་གསུམ། དགུ་པོའི་འཕྲང་ལ་མ་རྡུག་ན། །སྒོམ་སྐྱོན་འབྱུང་བར་མི་


LT19_Page_118B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། ཞེས་པ་རྣམས་དང་། གཞན་ལས་འབྱུང་བ་ལྟར་ཉེས་པ་གསུམ་སོགས་ངོས་བཟུང་། ནད་རྣམ་པར་རྟོག་པའི་ནད་ནི། རྣམ་རྟོག་ལ་ནད་དང་གདོན་དུ་བཟུང་བའོ། །གསུམ་པ་ལ་གསུམ། ཐུན་མོང་སྤྱི། བྱེ་བྲག་སོ་སོའི་ནད་འདོན། མཇུག་བསྡུ་བའོ། །དང་པོ་ལ་གསུམ། དང་པོ་ཐབས་ལ་མཁས་པའི་རྟེན་འབྲེལ་བསྒྲིག །བར་དུ་གདམས་པ་ཟབ་མོའི་གནད་ཀྱིས་འདོན། ཐ་མ་ཟློག་སྒོམ་བྱས་ལ་ལྟ་ཐོག་ཏུ་བསྒྱུར་བའོ། །དང་པོ་ནི། ལུས་ལོངས་སྤྱོད་མཆོད་སྦྱིན་དུ་བཏང་ནས་ཚོགས་བསགས། བཤགས་པ་ཡིག་བརྒྱ་ཚོགས་འཁོར་སོགས་ཀྱི་སྒྲིབ་པ་སྦྱང་། བླ་མ་དཀོན་མཆོག་ལ་མོས་གུས་དྲག་པོས་གསོལ་འདེབས་བྱ། གཉིས་པ་ནི། བློ་རབ་ཀྱིས་ལྟ་བས་འདོན་ཏེ། ཕྱག་རྒྱ་ཆེན་པོའི་གསལ་འདེབས། བྱམས་དང་སྙིང་རྗེའི་བོགས་འདོན། ལས་ཀྱི་སྒྲིབ་པའི་སྒྲིབ་སྦྱོང་དུ་བསྟན་ལ་སོ་སོའི་ལམ་མཁྱེར་སྤྱི་དང་མཐུན། བློ་འབྲིང་སྒོམ་པས་འདོན་ཏེ། སྟོང་པར་སྒོམ་པ། བླ་མར་སྒོམ་པ། བདེ་བར་སྒོམ་པ་གསུམ་ལས་དང་པོ་ནི། གང་དུ་ན་བའི་ས་ནས་བུག་པ་ལྕགས་ཚག་གི་མིག་ལྟ་བུ་གྲངས་མང་བ་ནས་ནད་ཐམས་ཅད་དུང་རླང་སྔོ་དམར་གྱི་རྣམ་པ་དང་། རྟེན་ཤ་ཁྲག་ལ་སོགས་པའང་ཕྱིར་ལ་ཤད་ཀྱིས་ཐོན་པར་བསྒོམ། གཉིས་པ་ནི། འོག་རྐང་མཐིལ་སོགས་མ་ཡིན་པའི་ནད་དམིགས་དེར་ཤེལ་གྱི་གཞལ་ཡས་ཁང་དུ་བླ་མ་སངས་རྒྱས་སྨན་བླའི་རྣམ་པར་བཞུགས་པའི་སྐུ་ལས་འོད་འཕྲོས། ནད་ཐམས་ཅད་ཕྱིར་བདས། བླ་མ་འོད་ཞུ་ན་སར་ཐིམ་པས་བདེ་སང་སོང་བར་བསྒོམ། གསུམ་པ་ནི། ན་ས་དེར་བདེ་མཆོག་ཡབ་ཡུམ་ཚོན་གང་པར་གསལ་བ་ལ་བླ་མ་ཡི་དམ་ཐམས་ཅད་བྱོན་ནས་ཐིམ། ཡབ་ཡུམ་སྙོམ་འཇུག་མཛད་པའི་བྱང་སེམས་དཀར་དམར་གྱིས་གང་། ནད་དང་དེའི་རྒྱུ། ན་མཁན་ཐམས་ཅད་བདེ་བའི་ངོ་བོར་ཕྲིལ་གྱིས་སོང་བར་བསམ་


LT19_Page_119A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདེ་སྟོང་ཟག་མེད་ཀྱི་ངང་དུ་ལྷོད། བློ་ཐམས་སྤྱོད་པས་འདོན་པ་ལ་གསུམ། དཀར་མངར་ཤ་ཆང་སྤང་། ལྟོ་བཅག་ལ་དེ་ཆུ་དང་། ཕྱེ་ཐུག་རྡོར་མེད་བསྟེན། མེ་ཉིར་མི་སྡོད། འདོད་ཆགས་ཞེ་སྡང་གི་ལས་མི་བྱ། ཉིན་གཉིད་མི་ལོག །དུས་བཞི་དང་མཐུན་པ་སོགས་སྤྱོད་ལམ་གཟབ། མགོ་དང་མགྲིན་པ། རོ་སྟོད་དཔུང་བ། ལྟོ་བ་རྐེད་པ་རྣམས་ལྷན་ཅིག །རྐང་པ་གཉིས་སོ་སོར་བྱས་ཏེ་སྤྲུགས་པ་དང་། བསྐོར་བ་དང་། གཅུ་བ་དང་། བཀན་པ་དང་། སྤྲུགས་པར་བྱའོ། གཉིས་པ་གདམས་པ་ཟབ་མོའི་གནད་མདོར་བསྡུས་འོག་ཏུ་འབྱུང་། གསུམ་པ་ཟློག་སྒོམ་ནི། ཕན་བདེ་དང་གནོད་པ་དེ་གཉིས་ཀ་ལས་ལོག་ནས་བདག་འཛིན་བློས་བཏང་ལ་ཅི་འོང་ཤོག་སྙམ་པའི་མཐའ་མེད་རླུང་ཁྱེར་དུ་བཏང་ངོ་། །གཉིས་པ་བྱེ་བྲག་སོ་སོའི་ནད་འདོན་པ་ལ་གསུམ། ཕྱི་གནོད་བྱེད་གདོན་གྱི་ནད་གསང་སྤྱོད་དང་རོ་སྙོམས་ལྟར་ཉམས་སུ་བླང་། བར་འབྱུང་བ་འདུས་པའི་ནད་འདོན་པ་ལ་གསུམ། དང་པོ་ལུས་ངག་ཡིད་གསུམ་གྱི་ནད་འདོན་པ་ནི། ལུས་ནད་འཐེམ་པ་ལ་རྨའི་ནང་དུ་བླ་མ་བསྒོམ། བླ་མའི་གསང་བ་ནས་ཐིག་ལེ་བབས་བས། རྨའི་ནང་བདེ་འཕོལ་གྱིས་སོང་བར་བསྒོམ། དེ་ནས་བླ་མར་རང་ཡང་བདུད་རྩིར་ཞུ་ནས་རྨའི་ནང་དུ་ཐིམ་པས། སྔར་བས་ཀྱང་བདེ་བ་ཆེན་པོར་བསྒོམ་མོ། མཆུས་པ་ལ་གང་དུ་མཆུས་པ་དེར་སད་ཀྱིས་བརྩད་བར་བསྒོམ་པས། རྩ་དབུགས་རག་དུང་གི་རྐང་ལྟ་བུ་སེང་ངེ་འདུག་བའི་ནང་ན་མར་ལ་ཁྲག་དང་ཆུ་སེར་དང་། ནད་ཐམས་ཅད་རླུང་གི་བརྡས་ནས་སི་རི་རི་འགྲོ་བར་བསམ་མོ། ལྷག་པར་གང་དུ་སྒྲང་པ་དེར། ཉི་མའི་དཀྱིལ་འཁོར་སེན་མོ་ཙམ་ཞིག་གི་སྟེང་ན་མེ་བྱ་སྒོང་ཙམ་ཞིག་བསྒོམས་ལ། ནད་དེ་སོ་སོ་ཁོལ་བར་བསམ། དེ་ནས་ཚིག་པར་བསྒོམ། ཐ་མ་མེ་རུ་འབར་བར་བསྒོམ་མོ། ངག་གི་ནད་གསུམ་


LT19_Page_119B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལག་པ་ལས། རྩ་བའི་རླུང་ལྔ་གང་ལོག་ཀྱང་སྔོན་ལ་ཞུན་ཆེན་གྱི་བཀུ་མཉེ་བྱ། དེ་ནས་ཁུ་ཚུར་གྱིས་རན་པར་བརྡུང་། ཟས་བཅུད་ཅན་བཏང་། ན་སར་ཐིག་ལེ་ཨ་རུ་རའི་སྙིང་པོ་ཙམ་ཅིག་བསྒོམས་ལ། བདེ་བས་ཁེངས་པར་བསྒོམ་མོ། ཡན་ལག་གི་རླུང་ལྔ་ལོག་པ་ལ་གང་ལོག་པའི་ས་དེར། བུག་པ་ཟང་ཐལ་བསྒོམས་ལ། ནད་ཐམས་ཅད་རླུང་གིས་བདས་ནས་སྟོང་སིང་པར་བསྒོམ། འཚུབ་པ་ལ། གང་དུ་འཚུབ་ཀྱང་སྤྱི་བོའི་རྒྱ་མཐོང་འཕང་ལོ་ཙམ་ཅིག་ཁ་ཕྱེ་ལ་དེ་ནས་ཡར་ནད་ཐམས་ཅད་ཁང་ཆུང་དུ་བས་ཁེངས་པ་ལ་སྐར་ཁུང་ཁ་ཕྱེ་བ་བཞིན་སྔོ་ཕྱུར་གྱིས་སོང་བར་བསྒོམ་ཞིང་། རླུང་ཕྱིར་ལ་དྲག་ཏུ་འབུད་དོ། གཏོང་བ་ལ་དམིགས་པ་བཅུན་ལ་རྩོལ་བ་སྐྱེད་ཅིང་བསྒོམ་མོ། སེམས་ཀྱི་ནད་གསུམ་ལས། །འབྱམས་ལ་སེམས་ཉིད་རྣམ་རྟོག་གི་ངོ་བོ་དེ། སྣ་སྒོ་གཡོན་པར་ཧཱུྃ་སྔོན་པོ་ནས་ཙམ་ཞིག་བསྒོམ་ལ། རླུང་སྣ་ནས་རྔུབས་ཏེ་མནན་པས། ཧཱུྃ་དེ་རྩ་རྐྱང་མའི་ནང་ན་མར་ཆུའི་སྣ་ལ་རིལ་མ་བརྡས་པ་བཞིན་དུ་སོང་ལ། དབུ་མའི་ནང་དུ་ཐིམ་གྱིས་སོང་ནས། དབུ་མའི་རྩ་སྣ་ཁ་ཟུམ་པས་རིག་པ་དེ་ནག་ཐུམ་རྩེར་སོང་བར་བསྒོམ་མོ། འདུས་པ་ལ་རྟོག་པ་གཞན་དུ་སྤོ། སེམས་ཡེངས་སུ་གཞུག །སྙིང་དང་བྲང་ལ་བུག་བ་ཕྱོགས་བཞི་རུ་དབུས་དང་ལྔར་བསྒོམས་ལ་དེ་ནས་ཕར་འབྱུང་བ་ལྔའི་རླུང་དང་ནད་བལྡོངས་ནས་སྔོ་བུན་སོང་བར་བསྒོམ། ཧ་བསྒྲངས་རྔམས་རིངས་གདོན། སྙིང་གར་བླ་མ་བསྒོམ། བླ་མ་ཞུ་ནས་ཐིམ་པས་ཉམས་དགའ་ཡར་རྩེར་སོང་བར་བསྒོམ་མོ། ཁོའི་རྣ་བར་སྡུག་བསྔལ་སྐྱེ་བ་དང་། སེམས་ཁྲལ་འོང་བ་དང་། མི་སྙན་པའི་གཏམ་མི་སྒྲོག །བྲེད་སྔངས་སྐྱེ་བོའི་སྤྱོད་པ་མི་བྱ། ལྟེང་བ་ལ་རིག་པ་དཔང་བསྟོད། རྒྱ་མཚོ་ཆེན་པོའི་དཀྱིལ་ན་གངས་རི་ཆེན་པོ་གཅིག་བསྒོམ། དེའི་སྟེང་ན་རང་འདུག་པར་བསྒོམ། སྐབས་སུ་ཕཊ་དྲག་པོ་


LT19_Page_120A
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། དུས་རྒྱུན་དུ་རིག་པ་ལ་ངར་བཏགས་ལ་ཧུ་རེ་བྱའོ། གསུམ་པ་མཇུག་སྡུད་པ་ནི། ནད་གདོན་གང་ལའང་གདམས་ངག་ཚིག་པོ་ཉམས་སུ་བླང་བར་བྱ་སྟེ། གཞི་ལྟ་བའི་གོ་ཆ། ལམ་བླ་མའི་མོས་གུས། །དམིགས་པ་རྣོན་པོའི་མཚོན་ཆ། ཐབས་ལ་མཁས་པའི་རྟེན་འབྲེལ་ལོ། དང་པོ་ནི་རེ་དོགས་མེད་པ་ལྟ་བའི་ཐོག་ཏུ་བློ་ཐག་བཅད། ནད་ལ་ནད་དུ་མི་འཛིན། ནད་ན་བདག་འཛིན་བོར། གཉིས་པ་ནི། ནད་སོས་རུང་མ་སོས་རུང་བླ་མ་མཁྱེན། ཚིག་དང་པོ་འགུས་ལ་བློ་གཏད། གསུམ་པ་ནི། དམིགས་པ་གསལ་རུང་མི་གསལ་རུང་ཡེངས་མེད་ཕུར་ཚུགས་སུ་བསྒོམ། བཞི་པ་ནི། ཚོགས་བསགས་སྒྲིབ་སྦྱོང་ཅི་ནུས་འབད། སྤྱོད་ལམ་ལ་གཟབ་བོ། སྤྱིར་ནད་གདོན་ཐམས་ཅད་ལྟ་བ་ལ་རྒྱབ་གཏད། བློ་བླ་མ་ལ་བཀལ། ཚོགས་གསོག་གི་དཔུང་བསྐྱེད། རྣོ་དམིགས་པས་འདོན། སྙིང་རྗེའི་ངང་ནས་ལས་སུ་བསྒོམ། མཐར་ཐུག་ཟློག་སྒོམ་གྱི་ཐོག་ཏུ་བསྒྱུར་བ་བཅས་དྲུག་པོ་དེའི་གནད་ཀྱིས་ཟིན་ན། ཤི་རུང་གསོན་རུང་བློ་བདེའི་གདིང་རྙེད་པའོ། ༈ །ལྔ་པ་གཉེན་པོ་རྐྱེན་ཐུབ་ལ། སྤྱིར་བཀའ་མདོ་རྒྱུད་བླ་མའི་གདམས་ངག་ཐམས་ཅད་རྐྱེན་ཐུབ་པ་ཁོ་ནའི་ཐོག་ཏུ་འདྲིལ་དགོས། བྱེ་བྲག་ཏུ་བསྟན་པ་ལ་གསུམ། རྐྱེན་ལ་གཉེན་པོ་བཏང་བ། གཉེན་པོ་མ་ཐེངས་པའི་སྐྱོན། ཐེངས་པའི་ཡོན་ཏན་ནོ། དང་པོ་ལ་གསུམ། རྐྱེན་ངོས་བཟུང་བ། གཉེན་པོ་བཏང་བའི་དུས། གཏོང་བའི་ཐབས་སོ། དང་པོ་གསུམ། ངན་པའི་རྐྱེན་དུག་ལྔ་སྡངས་པ་རྒྱུའི་རྐྱེན་དང་། དེས་སྐྱེད་པའི་ན་ཚ་སྡུག་བསྔལ་བྱུང་བའི་ཆོས་ལ་བློ་མ་ཁེལ་ནས་མོ་གཏོ་སྨན་དཔྱད་ལ་རེ་བའོ། །ཐུན་མོང་རྐྱེན། དགེ་བ་ལ་ཆོག་ཤེས་པ་དང་། བསླབ་གསུམ་སོགས་སྐྱོ་ཞིང་སུན་པའོ། །བཟང་པོའི་རྐྱེན། རང་རྒྱུད་ལ་ཡོན་ཏན་སྐྱེས་པ་དང་གཞན་


LT19_Page_120B
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྟོད་བསྔགས་ལ་སོགས་པ་བྱུང་བའི་ཚེ་ང་རྒྱལ་དང་ཕྲག་དོག་སྐྱེས་པའོ། །གཉིས་པ་བཏང་བའི་དུས་ནི། འདས་པའི་རྐྱེན་ལ་གཉེན་པོ་ཕྱིས་སྙེགས་སུ་བཏང་སྟེ། སྔར་བྱས་ཀྱི་ལས་ལ་ཐམས་ཅད་ལ་འགྱོད་པའི་སེམས་ཀྱིས་དྲན་པར་བྱས་རུས་པའི་གཏིང་ནས་བཤགས་པ་བྱས་ཏེ་ར་མདའ་བྱེད་པའོ། །མ་འོངས་པའི་རྐྱེན་སྔོན་བསུ་རུ་བཏང་སྟེ། ཉོན་མོངས་དང་འགལ་རྐྱེན་གྱི་མི་གནོད་པའི་གོ་ཆ་བསྒོའོ། །སོ་ཁ་བསྲུང་བའི་ཟོན་དང་བྱར་བྱེད་པ་ལྟ་བུའོ། །དེ་ལྟའི་རྐྱེན་ལ་འཕྲད་འཛོམ་བྱ་སྟེ། ཆགས་སྡང་དང་ཉོན་མོངས་པ་སྐྱེས་ཚད་ཆུ་ལ་རལ་གྲི་རྒྱབ་པའམ། རྡོ་ཚན་ལ་ཁ་བ་བབས་པ་ལྟ་བུ་རྗེས་མེད་ལ་གཏོང་བ་སྟེ། གཡུལ་དུ་ཞུགས་ནས་ལག་འཕྲད་པ་ལྟ་བུ་སྟེ། ལམ་དུ་ཅི་ལོང་དང་རང་གྲོལ་ལ་བཏང་བའོ། གསུམ་པ་གཏོང་བའི་ཐབས་ནི། རབ་ལྟ་བས་སྟོང་ཉིད་དུ་བསྒོམ། འབྲིང་བསྒོམ་པས་ལྷ་སྐུར་བསྒོམ། ཐ་མ་སྤྱོད་པས་སྙིང་རྗེར་བསྒོམ་པའོ། །དང་པོ་ནི། ཉོན་མོངས་པ་དུག་ལྔ་དེ་ཕ་རོལ་པོའི་ལུས་ངག་ཡིད་གསུམ་ལ་གནས་སམ། རང་གི་ལུས་ངག་ཡིད་གསུམ་ལ་གནས་སམ། ཉོན་མོངས་པ་རང་གི་ངོ་བོ་དབྱིབས་དང་ཁ་དོག་ཏུ་གྲུབ་པ་འདུག་གམ་མི་འདུག་ལྟོས། འདོད་ཆགས་མཁན་དང་ཆགས་ཡུལ་མ་གྲུབ་པ་མེད། སྤྲོས་བྲལ་སྟོང་པའམ། སྐྱེ་མེད་བློ་འདས་ཀྱི་ངང་དུ་བཞག་གོ གཉིས་པ་ནི། ཆགས་སྡངས་སྐྱེས་པའི་དུས་ན་རབ་ལྷ་སྐུ་དང་བླ་མར་བསྒྱུར། འབྲིང་ཕ་དང་མ་རུ་བསྒྱུར། ཐ་མ་གྲོགས་མཛའ་བཤེས་མ་ནོར་གཅེས་པར་བསྒྱུར། འདོད་ཆགས་མོས་གུས་དང་བྱམས་པར་བསྒྱུར། ཞེ་སྡང་སྙིང་རྗེ་དང་ཕན་སེམས་སུ་བསྒྱུར་ལ། ང་རྒྱལ་གཞན་གྱི་ཡོན་ཏན་དུ་བསྒོམ། ཕྲག་དོག་རང་གི་རྐྱེན་དུ་བསྒོམ། གསུམ་པ་ནི། ཉོན་མོངས་པ་རྒྱུད་ལ་སྐྱེས་པའི་ཚེ་ན་རང་ལ་སྙིང་རྗེ་བསྒོམ། བསྟན་པའི་སྒོར་ཉན་ཐོས་ཀྱི་སྡོམ་པ་བླངས་ནས་གཞན་གནོད་གཞིར་བཅས་སྤངས་དགོས་པ་དང་།


LT19_Page_121A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྡོམ་བླངས་ནས་སེམས་ཅན་ཐམས་ཅད་ལ་ཕ་མའི་འདུ་ཤེས་བསྒོམ་དགོས་པ་ལས། སེམས་ཆགས་སྡང་དང་མ་བྲལ་བ་སྙིང་རེ་རྗེ། གསང་སྔགས་རྡོ་རྗེ་ཐེག་བར་དབང་བསྐུར་ནས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནད་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་བསྒོམ་དགོས་པ་ལ། བསམ་པ་ཞེ་སྡང་དང་མ་བྲལ་བར་འདུག་པ་སྙིང་རེ་རྗེ། བླ་མས་ཕྱག་རྒྱ་ཆེན་པོར་ངོ་སྤྲད་ནས། འཁོར་འདས་ཀྱི་བདེ་སྡུག་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་བསྒོམ་དགོས་པ་ལ་ད་རུང་དངོས་པོ་དང་མཚན་མ་བཟུང་ནས། སེམས་ཆགས་སྡང་དང་མ་བྲལ་བར་འདུག་པ་སྙིང་རེ་རྗེ་སྙམ་པ་བྱས་ལ་ཇི་སྲིད་ཉོན་མོངས་པ་དེ་མ་ཟད་ཀྱི་བར་དུ། ཅི་ཆོམ་གྱི་ཐབས་ལ་འབད་དོ། གཉིས་པ་གཉེན་པོ་མ་ཐེངས་པའི་སྐྱོན་ནི། གནས་སྐབས་སུ་ཡོན་ཏན་རྒྱུད་ལ་མི་སྐྱེ་ཞིང་མཐར་ཐུག་ངན་འགྲོའི་རྒྱུར་འགྱུར་རོ། གསུམ་པ་ཐེངས་པའི་ཡོན་ཏན་ནི། གནས་སྐབས་ཕྱི་ནང་གི་ཡོན་ཏན་དང་ལམ་གྱི་མངོན་རྟོགས་གོང་དུ་འཕེལ། མཐར་ཐུག་སྐུ་བཞི་ལྔའི་བདག་ཉིད་དུ་སངས་རྒྱས་ནས་གཞན་དོན་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་འབྱུང་བར་འགྱུར་རོ། ཞེས་པའི་ཁྲིད་ཚུལ་ཁྱད་པར་ཅན་འདིའང་རྒྱུན་ཤིན་ཏུ་དཀོན་པ། སྣང་བས་དང་འདོད་ཡིད་ཆེས་ཀྱི་དད་བས་ཀུན་ནས་བསླངས་ཏེ། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་རབ་ལས་འབྱུང་བ་ཉིད་རྩ་བར་བཟུང་། ཡིག་རྙིང་གི་བཤད་དོན་བསྒྲིལ་བའི་གསལ་བྱེད་ཀྱིས་བརྒྱན་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །

གདམས་ངག་མཛོད་པོད་བཅུ་པ།
རྒྱལ་བ་ཡང་དགོན་པའི་ཁྱད་ཆོས་རི་ཆོས་ཡོན་ཏན་ཀུན་འབྱུང་གི་སྙིང་པོ་མ་དྲུག་གི་གདམས་ཟབ།


LT19_Page_122A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཡང་དགོན་པའི་ཁྱད་ཆོས་རི་ཆོས་ཡོན་ཏན་ཀུན་འབྱུང་གི་སྙིང་པོ་མ་དྲུག་གི་གདམས་ཟབ་བཞུགས་སོ།། །།


LT19_Page_122B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དུས་གསུམ་སངས་རྒྱས་ཀྱི་ངོ་བོ། སྐུ་བཞིའི་དབང་ཕྱུག །ཕན་བདེའི་འབྱུང་གནས། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་དེ་ལ་དད་པའི་ཡིད་ཀྱིས་གུས་པའི་ལུས་བཏུད་སྙན་པའི་ངག་བརྗོད་དེ། ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཁྱེད་ཀྱི་གསུང་ངག་བདུད་རྩིའི་ཐིག་པ་འདི་ཕྱོགས་ཐམས་ཅད་དུ་ཉི་ཟླ་ལྟར་རྒྱས་པར་གྱུར་ཅིག །རི་ཆོས་ཡོན་ཏན་ཀུན་འབྱུང་ནས་གདམས་ངག་གནད་ཀྱི་སྙིང་པོ་དྲུག་ཅེས་བྱ་བ་སྟོན་པ་ཞལ་གདམས་བརྗོད་པས་འཇིགས་ནས་ཡི་གེར་འགོད་པས་གནང་བར་ཞུའོ། །དེ་ལ་མ་དྲུག་ནི། དྲག་རླུང་གནད་ལྔ་མ། འཕོ་བ་ཧཱུྃ་དམར་མ། སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མ། གསང་སྤྱོད་རྨང་ལམ་མ། ནད་འདོན་ཧཱུྃ་ཆོས་མ། འཛག་སྲུང་བཀའ་རྒྱ་མའོ། །དང་པོ་དྲག་རླུང་གནད་ལྔ་མ་ལ། སྤྱིར་རྡོ་རྗེའི་ཐེག་པ་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ཡིན། ཐབས་དེ་ཡང་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནས་དུ་བསྣུན་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་དུ་བྱེད་པ་སྟེ། དཔེར་ན་ལུས་ཀྱིས་ཆང་འཐུངས་ན་སེམས་ར་རོ་ནས་འགྲོ་བ་དང་འདྲ་བ་ཡིན། དེ་ལ་གནས་པ་རྩ་གཡོ་བ་རླུང་བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་གྱི་ནང་ན་ཡང་


LT19_Page_123A
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་མཆོག་ཏུ་གྱུར་བ་སྟེ། རྩ་ཁྱིམ་དང་འདྲ། ཐིག་ལེ་ནོར་དང་འདྲ། རླུང་བདག་པོ་དང་འདྲ་བ་ཡིན། དེ་ཡང་དགོངས་པ་ལུང་སྟོན་གྱི་རྒྱུད་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །རྣམ་ཤེས་བཞོན་པའི་རྟ་ཕོ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རྟེན་འབྲེལ་བཅུ་གཉིས་ཞེས་གྲགས་པ། །ངོ་བོ་རྣམ་པ་གསུམ་དུ་འགྱུར། །རླུང་ཞེས་བྱ་བའི་བྱང་ཆུབ་སེམས། རྣམ་ཤེས་ཀུན་གྱི་གཙོ་འདི་ཡིན། །ཅེས་གསུངས་པས། རླུང་འབྱུང་བ་ལྔའི་བདག་ཉིད་མིར་གི་དབྱེ་བ་བཅུ། དུས་སྦྱོར་གྱི་ཁྱིམ་བཅུ་གཉིས་སུ་འཕོ་བ། ངོ་བོ་འབྱུང་འཇུག་གནས་གསུམ་གྱི་རང་བཞིན་ཅན། ཕྱི་ནང་མེད་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་རླུང་རྣམ་པར་ཤེས་པའི་རང་བཞིན་ཡིན་ནོ། །ཞེས་བླ་མ་དམ་པའི་གདམས་ངག་གི་ལུགས་སུ་བྱེད་པ་ལ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་ནས། རླུང་པ་འཇུག་པ་བཞི། དབྱེ་བ་བཅུ། ཉམས་སུ་བླང་བའི་གནད་བདུན། །མན་ངག་གི་གནད་བདུན་ཅུ་ཐམ་པ་ཞེས་གསུངས་པ་དང་། གཞན་ཡང་རླུང་ལ་འཇམ་རླུང་དྲག་རླུང་གཉིས། དང་པོ་ལ་དགང་བ་དབྱུང་བ་མེད་པ་དང་། དགང་


LT19_Page_123B
[མ་དཔེ་གཟིགས་ན་འདིར་གནོན།]

བ་དབྱུང་བ་དང་བཅས་པ་གཉིས། དྲག་རླུང་བུམ་པ་ཅན་དང་། བུམ་ཅན་མ་ཡིན་པ་གཉིས་སུ་གསུངས་ཡོད། དེ་ལས་གཞན་པའི་རླུང་སྦྱོར་ལ། དགྲམ་པ། བཏང་བ། བཟུང་བ། དགང་བ་དང་། ཁ་སྦྱོར། རླུང་རྒྱ་ཡན། ཕོ་རླུང་གདུལ་བ། མོ་རླུང་སྦྱོར་བ་མ་ནིང་གི་རླུང་བཙན་ཐབས་སུ་དགག་པ་ལ་སོགས་པ་མང་དུ་གསུངས་པས། འདིར་དེ་རྣམས་ཀྱི་གནས་དྲིལ་བ་རླུང་གི་མྱོང་བས་གྲུབ་པ་སྟེ། གཙོ་ཆེར་འཕགས་པ་ཡབ་སྲས་དང་བིར་ཝ་པའི་རྗེས་སུ་འབྲངས་པ། རླུང་དྲག་པོ་རྡོ་རྗེ་ཐོད་སྦྱོར་ཉམས་སུ་བླང་བའི་གནད་ལྔ་དང་བཅས་པ་སྟོན་ཏེ། དེ་ལ་རྡོ་རྗེ་ཐོད་སྦྱོར་ཅེས་པ་ནི། རྡོ་རྗེ་རྣམ་པ་ཀུན་ལྡན་གྱི་སྟོང་པ། ཐོད་པ་ནི་ཀ་པཱ་ལ་སྟེ་བདེ་བསྐྱོང་བ། སྦྱོར་བ་བདེ་སྟོང་མྱུར་དུ་བསྐྱེད་པའམ་སྦྱོར་བར་བྱེད་པ་སྟེ། རྡོ་རྗེ་ཐེག་པའི་རླུང་སྦྱོར་ཐུན་མོང་མ་ཡིན་པ་ཞེས་པའི་སྒྲ་དོན་ནོ། །དེ་ཡང་རླུང་སྒོམ་པ་ཕལ་ཆེར་མུ་སྟེགས་ཀྱི་རླུང་སྦྱོར་ཡོད། ཉན་ཐོས། སེམས་ཙམ་དབུ་མའི་རླུང་སྦྱོར་ལ་སོགས་པ་ཡོད་དེ། རྡོ་རྗེ་ཐེག་པའི་རླུང་སྦྱོར་གསང་དབང་གི་མངོན་པར་རྟོགས་པ་ཕྱིན་ཅི་མ་ལོགས་པ་རྒྱུད་ཀྱི་དགོངས་པ་སྒོམ་ཤེས་པ་ཉུང་བར་འདུག །གོང་མ་རྣམས་ཀྱིས་སེམས་ཟིན་པའམ། ཐུན་མོང་གི་དྲོད་རྟགས་སྣ་རེ་ཙམ་འབྱུང་གི། རླུང་བཅུ་གཅིག་ཏུ་མི་ཟིན་པས་རྩ་མདུད་མི་འཇིག་ཅིང་། ཡེ་ཤེས་སྐྱེ་བར་མི་ནུས་སོ། །དེས་ན་རླུང་བཅུ་གཅིག་ཏུ་མི་ཟིན། འབྱུང་འཇུག་གནས་གསུམ་ལམ་དུ་མི་སློང་བའི་རླུང་སྦྱོར་ཟབ་ཀྱང་། རྡོ་རྗེ་ཐེག་པའི་རླུང་སྦྱོར་མ་ཡིན་ནོ། །དེ་ལ་རླུང་རྡོ་རྗེ་ཐོད་སྦྱོར་ལ་ཁྱད་པར་གྱི་བྱེད་ཆོས་གསུམ། ལུས་གནད་ཀྱི་ཁྱད་པར་རྩ་སྟེང་འོག་ཁ་སྦྱོར་གྱི་གནད་ཀྱིས་ཡུལ་ཉི་ཤུ་རྩ་བཞིར་འཐེམས་པ། རླུང་སྦྱོར་གྱི་ཁྱད་པར་རླུང་ཕྱི་ནང་དབྱེར་མེད་ཀྱི་གནད་ཀྱིས་རླུང་བཅུ་གཉིས་ཏུ་ཟིན་པ། དམིགས་པའི་ཁྱད་པར་དངོས་པོའི་གནས་ལུགས་དང་མཐུན་པས་རླུང་སེམས་གཅིག་ཏུ་འདྲིལ་བའོ། །དང་པོ་ནི་འཁྲུལ་འཁོར་མེ་ཐབ་ཀྱི་དྲུག་ཆིངས་ཡིན་ཏེ། དང་པོ་རྐང་པ་


LT19_Page_124A
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མིག་ལྟར་བསྣོལ་བ་ལ། གཡས་པ་ཕྱིར་བཏང་གཡོན་པ་ནང་དུ་བཅུག་པའི་རྟིང་པས་བཤང་གཅིའི་བར་བལྟེམས་པས། ཡུལ་ཉི་ཤུ་རྩ་བཞིའི་སིནྡྷུ་ར། སུ་ཝརྣ་ཊཱི་པ། སཽ་རཥྚ། པྲེ་ཏ་བུ་རི། གྲྀ་ཧ་དེ་བ། ཧི་མཱ་ལ་ཡ། དེ་རྣམས་དབང་དུ་སྡུད་པ་སྟེ། ཡུལ་དེ་རྣམས་ཀྱི་རླུང་འགག །རྩ་སྟེང་འོག་ཁ་སྦྱོར་དུ་འགྲོའོ། །གཉིས་པ་ལག་པ་ཞགས་པ་ལྟར་བསྡམས་པ་ནི་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་གཉིས་སུ་བཙིར་ཏི་གྲུ་མོ་ཐུར་ལ་བརྒྱངས་པས། ཡུལ་ཉེར་བཞིའི། ནཱ་ག་ར། མ་རུ། ཏྲི་ཤ་ཀུ་ནི། ཀཱ་མ་རཱུ་པ། དེ་རྣམས་དབང་དུ་སྡུད་པ་གོང་བཞིན་ནོ། །གསུམ་པ་མགྲིན་པ་ལྕག་ཀྱུ་ལྟར་དགུག་པ་ནི། མགྲིན་པ་དྲང་ལ་སྒུ་བར་བྱ་སྟེ། རྒྱབ་ཏུ་རྟི་པར་གོ་འཐེམས་པས་རྩ་ཆུའི་ཁ་འཐིམས་ནས་བདེ་བ་སྐྱེ། བྱང་སེམས་འབེབ་པའི་རྩ་གཡོན་པ་འཐེམས་པས་ཐིག་ལེ་མི་འཛག །མདུན་དུ་ཨོལ་མདུད་སྦས་པས་སྙིང་ཁའི་རྩ་བ་སིནྟ་ཁ་གྱེན་ལ་བལྟ། མིག་མི་འཛུམ་པར་ཧྲིག་གེར་བལྟ། ལྕེ་ཅུང་ཟད་བཟློག་སྟེ་རྐན་ལ་སྦྱར། ལུས་གནད་དེས་ཡུལ་ཉེར་བཞིའི་སྤྱི་གཙུག་ཛཱ་ལེནྡྷ་ར། ཨ་ར་བུ་ཏ། ཨཽ་ཌཱི་ཡ་ན། གོ་དཱ་བ་རི། དེ་བཱི་ཀོ་ཊི། ཀ་ལིངྐ། ལམྦ་ཀ །དེ་རྣམས་དབང་དུ་བྱེད་པ་གོང་བཞིན་ནོ། །བཞི་པ་དཔུང་པ་རྒོད་གཤོག་ལྟར་བརྒྱངས་པས་ཡུལ་ཉེར་བཞིའི། ཀཉྩི་ཀ །ཨོ་ཊི། མཱ་ལ་བ། དེ་རྣམས་དབང་དུ་སྡུད་པའོ། །ལྔ་པ་ལུས་སེམས་ལི་རི་ལྟར་བསྒྲིམས་པས་ཡུལ་དེ་རྣམས་འཆུན་ཅིང་དབང་དུ་སྡུད་པས་བདེ་དྲོད་མྱུར་དུ་སྐྱེའོ། དྲུག་པ་རྐེད་པ་མདའ་ལྟར་བསྲང་བས་ཡུལ་དེ་ཐམས་ཅད་དུ་ཡོན་ཏན་བསྐྱེད། ལུས་ཀྱི་རྩ་བྲན་ཐམས་ཅད་ནང་དུ་ཁ་བལྟ། དབུ་མ་ཤིན་ཏུ་དྭངས་པར་འགྱུར་ཏེ། རླུང་རང་གནས་སུ་འཇུག་པའོ། །དེ་ལྟར་འཁྲུལ་འཁོར་མེ་ཐབ་ཀྱི་དྲུག་ཆིངས་དེས། ཡུལ་ཉེར་བཞིའི་རྩ་གཅིག་དངོས་སུ་འཆུན་ཅིང་། ཀོ་ས་ལ། སུལླི་ར་མ། རཱ་མེ་ཤྭ་རི་གསུམ་ཡང་ཤུགས་ཀྱིས་འཆུན་པས། ཡུལ་དེ་


LT19_Page_124B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་རླུང་འགགས་པས་མི་རྟོག་པ་སྐྱེ། རྩ་སྟེང་འོག་ཁ་སྦྱོར་དུ་འགྲོ། ཁམས་དང་སྙིགས་མ་ཕྱེད་པས་བདེ་བ་སྐྱེ། རྩ་ཁ་བྱེ་བས་དྲོད་སྐྱེ། རྩ་མདུད་འཇིག་པས་འཇིག་རྟེན་པའི་ལམ་གྱི་ཡེ་ཤེས་དང་ཡོན་ཏན་དཔག་ཏུ་མེད་པ་སྐྱེ་བའི་རྟེན་ཏེ། འཁྲུལ་འཁོར་འདི་བཅས་པ་ཙམ་གྱིས་བདེ་དྲོད་འུར་གྱིས་འོང་བ་ཡིན། རླུང་བཅུ་དབང་དུ་འདུས་ཏེ་རྐང་པ་རེ་མིག་ལྟར་བསྣོལ་བས་ཐུར་སེལ་དབང་དུ་སྡུད། ལག་པ་ཞགས་པ་ལྟར་བསྡམས་པས་མཉམ་གནས། མགྲིན་པ་ལྕག་ཀྱུ་ལྟར་བཀུག་པས་གྱེན་རྒྱུ། དཔུང་པ་རྒོད་གཤོག་ལྟར་གདེངས་པས་སྲོག་འཛིན། རྐེད་པ་མདའ་ལྟར་བསྲང་བ་དང་། ལུས་ལི་རི་ལྟར་བསྒྲིམ་པས་ལས་ཁྱབ་བྱེད་དབང་དུ་སྡུད། དེ་ལྟར་རྩ་བའི་རླུང་ལྔ་དབང་དུ་འདུས་པས། ཡན་ལག་གི་རླུང་ལྔ་དབང་དུ་འདུ་བ་སྟེ། མདོར་ན་ཕ་རྒྱུད་ནས་རླུང་གཙོར་སྟོན། མ་རྒྱུད་ནས་རྩ་གཙོར་སྟོན་པ་སྟེ། དེ་རྣམས་འཁྲུལ་འཁོར་ལུས་གནད་འཐིམས་པ་གཅིག་གིས་དབང་དུ་བྱེད་པ་ལགས། གཞན་ཀུན་ལ་འཁྲུལ་འཁོར་འདི་འོལ་ཚོད་ཙམ་ཡོད་དེ། མིང་རྐྱང་ཙམ་ལས། འདི་ལ་གནང་འདི་ཡོད་མེད་པས་ཁྱད་པར་གྱི་ཆོས་སོ། །གཉིས་པ་རླུང་སྦྱོར་གྱི་ཁྱད་པར་ལ། རླུང་ཕྱི་ནང་དབྱེར་མེད་ཅེས་པའི་གནད་འདི་སུས་ཀྱང་གོ་བ་མེད། ཐབས་ལམ་པ་ཐམས་ཅད་རླུང་ཅུང་ཟད་ནང་དུ་གནས་ན་ཡོན་ཏན་སྐྱེ། དེ་ཀས་ལས་ཟིན་པ་ཚོད། ཕྱི་རུ་སོང་ན་ཡོན་ཏན་ཕྱང་པ་ཚོད་དུ་བྱས་ནས་རྩོལ་བ་ཆེ་ལ་ཡོན་ཏན་ཆུང་བཞི་ག་བྱེད་པར་འདུག་སྟེ། འདི་ཐམས་ཅད་རླུང་སེམས་དབྱེར་མེད་རླུང་ཕྱི་ནང་དབྱེར་མེད་མ་གོ་བ་ཡིན། འཁོར་འདས་ཀྱི་ཆོས་ཐམས་ཅད་རླུང་རྣམ་པར་ཤེས་པའི་རང་གཟུགས་ཡིན། དེ་ལ་ཕྱི་ནང་དབྱེར་མེད་དེ། ནམ་མཁའ་ཁྱབ་ཚད་རླུང་སེམས་ཀྱིས་ཁྱབ་སྟེ། དེའི་ངོ་བོ་ཡོང་བ་མིན། དེ་ལ་ལུས་སེམས་བེམ་རིག་རྣམ་རྟོག་ཐ་དད་ཕྱི་ནང་འཛིན་པ་ཐམས་ཅད་འཁྲུལ་བའི་སྣང་ངོ་ཡིན་ནོ། །དོན་ལ་ཐ་དད་མེད། དབུ་མར་ཚུད་པ་ཅེས་པ་ཡང་ཕྱི་ནང་མེད་པར་རླུང་


LT19_Page_125A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནམ་མཁའི་ངོ་བོར་དྭངས་ཏེ་འགྱུ་བ་དང་བྲལ་བ་གཅིག་ཡིན་གྱི། རླུང་ཐམས་ཅད་རྩ་གཅིག་གི་ནང་དུ་བསྟུམས་ནས་སྡོད་པ་ནི་མ་ཡིན་ནོ། །དོན་གྱི་དབུ་མ་ཡང་དེ་ཡིན་ནོ། །དེས་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་གྱིས་རྩ་དབུ་མར་ཚུད་པའི་དུས་སུ། ཕྱི་ནང་མེད་པར་རླུང་སེམས་ནམ་མཁའི་ངོ་བོར་དྭངས་ཏེ། འབྱུང་འཇུག་གི་རླུང་དང་གཟུང་འཛིན་གྱི་རྟོག་པ་རྒྱུན་ཆད་པའོ། །དེས་དབུ་མར་རླུང་འཇུག །དེས་ནང་དུ་ཟིན་པ་དང་འཇུག་པས། རླུང་ཕྱི་རུ་ཟིན་དང་ནང་དུ་ཟིན་པ་ལ་ཡོན་ཏན་ཁྱད་མེད། བར་དུ་རླུང་འགྱུ་བ་ལ་ཟིན་ཀྱང་ཁྱད་མེད། ཐབས་ཀྱིས་ཟིན་ན་དེ་ཐམས་ཅད་ཡོན་ཏན་མཉམ་པོར་སྐྱེ། སེམས་ཕྱི་རུ་ཟིན་པ་དང་ནང་དུ་ཟིན་པ་དང་འགྱུ་བའི་ཐོག་ཏུ་ཟིན་པ་རྣམས་ཁྱད་མེད་དེ་མི་རྟོག་པ་མཉམ་པོར་སྐྱེ་བ་ཡིན། དེ་ཐམས་ཅད་རླུང་སེམས་ཕྱི་ནང་དབྱེར་མེད་པ་ཡིན་པའི་ཕྱིར་རོ། །དེས་ན་དཔལ་ཆེན་བིརྺ་པས། འབྱུང་བ་ལམ་དུ་བྱེད་པ་ལ་གཏོང་བའི་ཡན་ལག་གསུམ། འཇུག་པ་ལམ་དུ་བྱེད་པ་ལ་དགང་བའི་ཡན་ལག་གཉིས། གནས་པ་ལམ་དུ་བྱེད་པ་ལ་ཁ་སྦྱོར། དེ་ཐམས་ཅད་སྡོམ་པ་ལ་སྲོག་རྩོལ་གྱི་མན་ངག་གསུངས། དུས་འཁོར་ནས་ཀྱང་། རླུང་སྦྱོར་དྲུག་གསུངས་སོ། དེ་ཐམས་ཅད་ཡོན་ཏན་མཉམ་པོར་སྐྱེ་བར་བཤད་པ་ཡིན། དེ་ལྟར་ཕྱི་ནང་དབྱེར་མེད་ཀྱི་གནད་ཀྱིས། རླུང་བཅུད་དབང་དུ་སྡུས་པ་ལ། རླུང་ལ་ཕྲ་བའི་རླུང་དང་རགས་པའི་རླུང་གཉིས། ཕྲ་བའི་རླུང་སེམས་ཀྱིས་ཁྱབ་ཚད་དུ་གསལ་གནས་ཟེར་བ་ཡིན་ལ། ཞེས་པའི་རླུང་ལ་རྩ་བའི་རླུང་ལྔ་ཡན་ལག་གི་རླུང་ལྔ་སྟེ་བཅུ། བུག་དགུའི་རླུང་ལུས་ཀྱི་ཆ་ཤས་ཁྱབ་པར་རྒྱུ་སྟེ། དེ་ཐམས་ཅད་གཅིག་ཏུ་ཟིན་དགོས། དེ་མ་ཟིན་ན་འཁོར་ལོ་ལྔའི་རྩ་མདུད་འཇིག་མི་ནུས། ཡུལ་ཉི་ཤུ་རྩ་བཞིའི་རྩ་མདུད་འཇིག་མི་ནུས། རླུང་འགག་མི་ནུས་ཏེ་ཡེ་ཤེས་མི་སྐྱེའོ། །ད་ལྟ་རླུང་སྒོམས་པ་ཕལ་ཆེར་གྱེན་རྒྱུ་ཕྱིར་མི་རྒྱུ་བ་དང་། འོག་སྒོ་ལས་མི་བྱེད་པ་ཙམ་ལ་རླུང་སྒོམ་པ་བྱེད་དེ་དོན་མི་འགྲུབ།


LT19_Page_125B
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་རླུང་དེ་རྣམས་དབང་དུ་སྡུད་པ་ལ་གནད་ལྔ་སྟེ། རླུང་ལྡོག་པ་མི་འབྱུང་བ་འབུད་པའི་གནད། རླུང་དང་གནས་སུ་བཟུད་བ་རྔུབ་པའི་གནད། རླུང་དབང་དུ་བསྡུ་བ་དགང་བའི་གནད། རླུང་རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། རླུང་ཕྱི་ནང་བསྲེ་བ་གཏོང་བའི་གནད་དོ། །རླུང་སྦྱོར་དེ་རྣམས་རྒྱུད་ལས་བཤད་དེ། གདན་བཞི་ལས། རྔུབ་དང་དགང་པ་གཞིལ་བ་དང་། མདའ་ལྟར་འཕང་དང་རྣམ་པ་བཞི། རླུང་སྦྱོར་བ་བཞི་ལྡན་མ་ཤེས་ན། ཡོན་ཏན་སྐྱོན་དུ་འགྱུར་བ་ཡིན། ཅེས་པ་དང་། བརྟག་གཉིས་ལས་ལྟ་སྟང་བཞི་དང་ཕྲིན་ལས་བཞི་ཡང་འགྲུབ་པར་བཤད་ལ། ཐིག་ལེ་དབང་དུ་སྡུད་པ་ལ། རྔུབ་པས་བཟུང་བ་དགང་བས་སྐྱིལ་བ། གཏོང་བས་འདྲེན་པ། གཞིལ་བས་དགྲམ་པ་འགྲུབ་པ་སྟེ། མདོར་ན་རླུང་སྦྱོར་འདིར་རྩ་རླུང་ཐིག་ལེའི་ཡོན་ཏན་མཐའ་དག་སྐྱེ་བའོ། །དེ་ལ་དང་པོ་འབུད་པ་ནི། དྲག་པོར་གསུམ་འབུད། འཇམ་ལ་རིང་བ་གསུམ་འབུད། ལུས་གཅུ་ཞིང་གསུམ་འབུད་པ་སྟེ། ད་ལ་རྩ་སྦུབས་ན་རླུང་རོ་ངན་པ་ཡོད་པ་ཐམས་ཅད་སྦྱངས་ནས། སྣོད་བཀླུ་བཤལ་བྱས་པར་ཟས་ལྟུགས་པ་ལྟ་བུ་སྟེ། རླུང་རོ་མ་བུས་པར་རླུང་བཀག་ན། དཔེར་ན་འོ་མ་རུལ་པ་ཐགས་གཅིག་གིས། འོ་མ་ཟངས་གང་བ་འདྲུལ་བ་ལྟར། རྩ་སྦུབས་ཀྱི་རླུང་རོ་ངན་པ་དེས་རླུང་བཀག་པ་དེ་ཐམས་ཅད་དབང་དུ་བྱས་ནས་གེགས་སྐྱོན་དུ་འགྱུར་ལ། དེ་སྦྱངས་པས་རླུང་གི་ནད་ཐམས་ཅད་མི་འབྱུང་། གཞན་ཡང་དབང་པོ་ཐམས་ཅད་དྭངས། འདུ་བའི་ནད་ཐམས་ཅད་སེལ། ལུས་ཡང་ཞིང་མགྱོགས། ལུས་བཀྲག་མདངས་རྒྱས། གེགས་སྔར་ཡོད་པ་ཐམས་ཅད་སེལ་བ་སྟེ། རྗེ་ཀོ་བྲག་པའི་གེགས་སེལ་གྱི་གནད་ཐམས་ཅད་གཅིག་འདྲིལ་བའི་རླུང་སྦྱོར་ཡིན་པས། འདུད་བ་དགུའི་གནད་མ་འཆུགས་པ་གལ་ཆེའོ། །གཉིས་པ་རྔུབས་བ་ནི། མགྲིན་པ་ཅུང་ཟད་གུབས་དྲག་ལ་[1]རིང་བ་རྔུབ་ལ། རླུང་གི་ཤུགས་རྫོགས་པ་དང་མཆིལ་མ་ཐིག་གཅིག་དང་སྦྲགས་ལ། མཉམ་


LT19_Page_126A
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཅེར་གྱིས་བསྒྲིམ་སྟེ། ལུས་དྲང་པོར་ལྡིགས་ཀྱིས་བསྐྱུར་ལ་ལྟེ་འོག་ཏུ་ཧྲིལ་གྱིས་གཏོང་བའོ། །དཔེར་ན་སྦུད་པ་རླུང་གིས་གང་ཡང་། སེ་ཁར་མ་འདྲིལ་ན་མེ་མི་ཕེར། དེ་བཞིན་དུ་ལུས་རླུང་གིས་གང་ཡང་ལྟེ་འོག་གི་གནས་སུ་མ་འདྲིལ་ན་བདེ་དྲོད་མི་སྐྱེ། གསུམ་པ་དགང་བ་ནི། དེ་ནས་མར་ཙིར་མི་མནོན་པར་རོ་སྟོད་སེང་བྱས་ལ། སོ་བར་བག་ཙམ་བཞག །རླུང་རང་ས་རུ་སེང་ངེ་ཁེགས་པ་ལ་ཁྲིམ་མེ་བསྒྲིམས་ནས། ལྟེ་འོག་ཏུ་ཧྲིལ་གཏོད་པ་ཡིན། མ་བསྒྲིམས་ན་ཆུ་རླུང་སྟོབས་འཕེལ་འགྲོ། འོག་རླུང་ཡང་ལུས་དང་པོ་ཆུས་ཆུས་པ་གསུམ་བྱས་ཏེ་སྲིན་པོའི་ཞལ་ཐེམས་བཏང་ནས་དྲག་ཏུ་འཐེན་འཐེན། རླུང་ཞབས་སོལ་འཇོག་དབུགས་བྱུང་ན་མི་བསྐྱིལ། འོག་རླུང་དང་པོ་ནས་སྡོམ་ན་བླ་མ་དང་གདམས་ངག་གནད་ཅན་མེད་ན་རླུང་ལོག་མང་བ་ཡིན། རྒྱུ་མཚན་རླུང་ཚ་གྲང་གཉིས་རྟ་གཡག་གི་ཚུལ་དུ་ཡོད་པས། དེ་གཉིས་མ་སྙམས་པ་ལས་གེགས་སྐྱོན་འབྱུང་ལ། སྟེང་རླུང་ཅུང་ཟད་འབྱོངས་ནས་རླུང་བསྡོམས་པས། སྟེང་རླུང་བདེ་གསལ་གྱི་རང་བཞིན་དྲོད་དུ་སྐྱེས་པ་དང་། དྲོད་གཉིས་སྙམས་ནས་གེགས་མི་ལོང་པ་ཡིན་ནོ། །རླུང་སྟེང་འོག་གཉིས་པོ་ཐུབ་པ་དང་དྲག་ཏུ་གཅུན། དེ་ཐུབ་མི་ཐུབ་གཅིག་འཛིན་པ་ཡིན། དེས་རླུང་བཅུ་གཅིག་ཏུ་ཟིན་དགོས་ཏེ། ཁྱབ་བྱེད་ཆེད་དུ་ཟིན་པས་རྩ་རྣམས་ཀྱི་འཕར་བསྟོངས་འགྲོ། ཐུར་སེལ་གྱེན་ལ་ལོག་ཅིང་མེ་རླུང་སྟོབས་འཕེལ་བས་བདེ་དྲོད་སྐྱེ། སྲོག་འཛིན་དྭངས་སྙིགས་ཕྱེད་པས་རྣམ་རྟོག་གི་འགྱུ་བ་ཆད། གྱེན་རྒྱུ་གནད་རུ་ཙུད་པས་རླུང་ཚ་གྲང་འདྲེས་ཞིང་དགང་བ་ལ་དབང་ཐོབ། དེའི་སྟོབས་ཀྱིས་ཡན་ལག་གི་རླུང་ལྔ་ཡང་ཟིན་ཏེ། དབང་པོ་རྣམས་ལས་བཤོག་ནས་ཡུལ་ལ་མི་འཛིན་པར། སྒོམ་ལྔ་རྟོག་མེད་དུ་ཧད་ཀྱིས་འགྲོ། དེ་ལྟར་རླུང་བཅུ་གཅིག་ཏུ་ཟིལ་པའི་རླུང་སྦྱོར་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་དགོངས་པ། རླུང་ཕྲ་རགས་ཐམས་ཅད་ཕྱི་ནང་གཉིས་མེད་ཀྱི་གནད་ཀྱིས་ནང་དུ་དབང་དུ་


LT19_Page_126B
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་སྟེ། མཐར་ཕྱིན་པའི་ཚེ་ཇི་ཙམ་བཀག་ཀྱང་མི་བདེ་བ་མེད་པ་འབྱུང་ངོ་། །བཞི་པ་གཞིལ་བ་ནི། དེ་མི་ཐུབ་པ་དང་། རླུང་གི་དུག་དབྱུང་བ་བྱ་བ་ཅུང་ཟད་ཙམ་བཏང་། ཡང་རྔུབས་ལ་མནན། དེ་ནི་དཔེར་ན་ཇ་བསྐོལ་བའི་གཞུར་ནས་སྤུ་བར་གཡེང་བ་དེ་ཕྱིར་ཕོ་བ་དང་འདྲ་སྟེ་གནད་ཆེ་བ་ཡིན་ནོ། །དེ་མི་ཐུབ་པ་དང་གཡས་སུ་གཅིག་བཅག །གཡོན་དུ་གཅིག་བཅག །དབུས་སུ་གཅིག་བཅག །ཡང་སེང་གེ་རྩལ་སྤུགས་ཀྱིས་འཕར་ཞིང་བཅག་གོ །དེས་ནི་རྩ་རྣམས་ཀྱི་མདུད་པ་གྲོལ་ཞིང་ཡོན་ཏན་གྱི་རྩ་ཁ་བྱེ་ནས་དབུ་མར་རླུང་མྱུར་དུ་འཇུག་པའི་རླུང་སྦྱོར་རོ། འཕར་བ་དེས་རླུང་ཐམས་ཅད་རང་སར་ཕེབས་ཏེ་རླུང་མཐོས་པའི་ལོག་པ་ཐམས་ཅད་མི་འབྱུང་ངོ་། ལྔ་པ་བཏང་བ་ནི། ཅུང་ཟད་ནང་དུ་འཐེན་ལ་དྲག་ཏུ་ཤད་ཀྱིས་ལྷག་མ་མེད་པར་བཏང་། ཕྱི་རུ་གནས་ཚད་ཅིག་བཞག །བཏང་བའི་དུས་སུ་ལྟ་བ་གུལ་ཙམ་ནང་དུ་འཐན་ལ། དམིགས་པ་ལྟེ་འོག་ཏུ་གཏད་པ་གལ་ཆེ། དྭངས་མའི་རླུང་ཞབས་འཛིན་པ་གལ་ཆེ། དེ་ནི་རླུང་ཕྲག་རགས་ཐམས་ཅད་ཕྱི་ནང་དབྱེར་མེད་ཀྱིས་ནད་ཀྱིས་ཕྱི་རུ་དབང་དུ་སྡུད་པ་སྟེ། ཇི་ཙམ་བཏང་ཡང་མི་བདེ་བ་མེད་ཙ་ན་མཐར་ཕྱིན་པའོ། །རླུང་ཕྱི་ནང་རང་འདྲེས་སུ་ཚ་བ་ཡིན་ནོ། །དེ་ལྟར་ཡང་ཡང་ངལ་མི་གསོ་བ་རུ་རྔུབས་ནས། གཡས་སུ་རླུང་སྦྱོར་དེ་རྣམས་ཆང་བ་གཅིག །གཡོན་དུ་དེ་རྣམས་ཚང་བ་གཅིག །དབུས་སུ་རླུང་སྦྱོར་དེ་རྣམས་ཚང་བ་གཅིག་སྟེ། དུས་རེ་ལས་ངལ་མི་གསོ་བར་བཞི་སྐོར་རེ་བྱེད་པ་ཡིན། དེ་རྣམས་ལ་གནད་མ་འཁྲུལ་པ་གལ་ཆེ་སྟེ། དེ་ཡང་བཏང་བའི་གནད་གཞིལ་བ་ལ་རགས། གཞིལ་བའི་གནད་དགང་བ་ལ་རགས། དགང་བའི་གནད་རྔུབས་པ་ལ་རགས། རྔུབས་པའི་གནད་འབུད་པ་ལ་རགས་ཏེ། གཅིག་འཁྲུལ་ན་ཐམས་ཅད་འཁྲུལ་འགྲོ། དེ་ཡང་རླུང་ལྷག་སྟོད་དུ་ལུས་ན་འབུད་པའི་གནད་འཁྲུལ་རླུང་བཅུ་གཅིག་ཏུ་མི་ཟིན་ན་དགང་བའི་


LT19_Page_127A
[མ་དཔེ་གཟིགས་ན་འདིར་གནོན།]

གནད་འཁྲུལ། སྲོག་རྩོལ་གྱི་རླུང་དྷཱུ་ཏིའི་མར་སྣར་མི་འདྲིལ་ན་རྔུབས་པའི་གནད་འཁྲུལ། ཁངས་པ་ལུས་ལ་མི་ཁྲིམས་ན་གཞིལ་བའི་གནད་འཁྲུལ། དབྱུང་བ་མཐུན་དུ་མི་བསློངས་ན་བཏང་བའི་གནད་འཁྲུལ་ལོ། །དེ་ལྟར་རྔུབས་པས་འཇུག་པ་ལམ་དུ་བྱེན། དགོང་བ་དང་གཞིལ་བས་གནས་པ་ལམ་དུ་བྱེད། བཏང་བས་དབྱུང་བ་ལམ་དུ་བྱེད་པ་སྟེ། རང་བཞིན་གྱིས་འབྱུང་འཇུག་གནས་གསུམ་རླུང་སྦྱོར་གཅིག་གིས་དབང་དུ་བྱེད་ཅིང་། རླུང་སེམས་ཕྱི་ནང་དབྱེར་མེད་ཀྱི་གནད་ཀྱིས། རླུང་བཅུ་གཅིག་ཏུ་ཟིན་པའི་རླུང་སྦྱོར་འདི་རྡོ་རྗེ་ཐེག་པའི་གཞུང་གསང་དབང་གི་མངོན་པར་རྟོགས་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །གཞན་གྱི་རླུང་སྦྱོར་དང་འདི་ཤ་རྒྱབ་ཏུ་ཡོད། གཞན་གྱི་རླུང་གེགས་མང་བའི་རྒྱུ་མཚན་གནང་མང་དུ་འཆུགས་ཡོད་པ་ཡིན། ཐོག་མར་འབུད་པ་མི་ཤེས་དེས་གེགས་མང་། རྔུབས་པ་ལ་སྒྲ་དང་བཅས་པས་གྲང་ཞིང་སྦོ། དྲག་པས་རྩ་གནས་གཞན་དུ་འབྱེར། ཁ་ནས་རྔུབས་པས་སྙིང་རླུང་འོང་། སྲོག་རྩོལ་གང་རུང་ནས་རྔུབས་པས་ཚེ་ཐུང་། སྣ་སྒོ་ནས་ཟིན་ཙམ་རྔུབས་པས་ཤུགས་མི་རྫོགས། དགང་བ་དབང་དུ་མི་འདུ། འཁྲུལ་འཁོར་སྨད་དུ་བསྐྱུར་མ་ཤེས་པས་སྟོད་མི་བདེ། བདེ་དྲོད་བུལ། དགང་བ་ལ་རླུང་བཅུ་གཅིག་ཏུ་མ་ཟིན་པས། ཡུལ་ཉེ་བཞིའི་རླུང་འགག་མི་ནུས་པས་ཡེ་ཤེས་མི་སྐྱེ། རླུང་ཚ་གྲང་མ་འདྲེས་པས་ཡོན་ཏན་གང་ཡང་མི་སྐྱེ། གཞིལ་བལ་ལ་བ་སྤུའི་བུ་ག་རྣམས་ནས་རླུང་སོང་བར་བསྒོམ་ཟེར་ཏེ། དེ་ལ་སྐྱ་རྦབ་བམ། ཡང་དག་པར་རྒྱུའི་རླུང་ལོག་དོགས་ཡོད། ཡོན་ཏན་གྱི་རྩ་ཁམ་བྱེ་བར་རླུང་དབུ་མར་མི་ཚུད། བཏང་བ་ལ་སྤྱི་བོ་ནས་རྩལ་པོ་ཆེས་མདའ་འཕངས་པ་བཞིན་སྔོ་ཕྱུ་རུ་སོང་བར་བསམ་ཟེར་ཏེ། དེ་ཤིན་ཏུ་གནད་འཁྲུལ་ཚེ་ལ་ནན་ཏན་གནོད། རླུང་ལོག་འོང་། རླུང་ཞབས་འཇོག་སྟེ་དེས་མི་འགྲུབ། རླུང་ཕྱིན་པ་བསྲེ་བ་མ་


LT19_Page_127B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་དཀའ་ལས་ཆེ་ལ་དོན་ཆུང་བའི་རླུང་སྒོམ་པ་མང་བར་འདུག །འདི་དེ་རྣམས་དང་ཤ་རྒྱབ་ཏུ་ཡོད་དེ། གེགས་མི་འབྱུང་ལ་ཡོན་ཏན་མྱུར་དུ་སྐྱེ་བའི་གནད་ཤིན་ཏུ་མང་བར་ཡོད། ཐབས་ལམ་པ་རྣམས་ཕྱག་ལེན་མཐའ་ཆོད་པར་ལེགས་པར་ལག་ཁྲིད་ཚར་བ་གལ་ཆེའོ། །གསུམ་པ་དམིགས་པའི་ཁྱད་པར་དངོས་པོའི་གནས་ལུགས་དང་མཐུན་པ་ནི། ལུས་དངོས་པོའི་གནས་ལུགས་དང་མཐུན། ཕྱི་ནང་གསང་གསུམ་རྟེན་འབྲེལ། སྦྱང་གཞི། སྦྱོང་བྱེད། བརྡའ་དོན་འཕྲོད་པ་ཞིག་དགོས་ཏེ། དེ་གནད་འཆུགས་ན་བསྐལ་པར་བསྒོམས་ཀྱང་ཡོན་ཏན་མི་སྐྱེ་སྟེ། རྣ་བ་ལ་མིག་སྙམ་དུ་བསྒོམ་པ་དང་འདྲ། མིག་ཏུ་བསྐལ་པར་བསྒོམས་ཀྱང་རྣ་བ་མིག་ཏུ་མི་འགྲོ་བ་བཞིན་ནོ། །རྗེ་རས་པ་ཆེན་པོའི་ཞལ་ནས་རྒྱུ་ལས་མ་བྱུང་བའི་འབྲས་བུ་དཀའ། རླན་ལས་མ་བྱུང་བའི་མེ་ཏོག་དཀའ། གནད་དུ་མ་སོང་བའི་སེམས་འཛིན་དཀའི། གསུངས་སོ། །སྒོམ་པ་དོན་གྱི་གནད་རླུང་འབྱུང་བ་ལྔའི་རྟེན། ཁམས་བདུད་རྩི་ལྔའི་དྭངས་མ། ཉོན་མོངས་པ་དུག་ལྔའམ། ཡེ་ཤེས་ལྔའི་རང་གཟུགས་འཁོར་ལོ་ལྔའི་གནད་ཀྱི་སྙིང་པོ་མ་འཁྲུལ་བ་དངོས་པོའི་གནས་ལུགས་དང་མཐུན་པ་གལ་ཆེ་སྟེ། ལྟེ་བར་གཏུམ་མོ་ལམ་དུ་བྱེད་པས་མཉམ་གནས་མེའི་རྟེན། བདེ་ཆེན་མེ་ཤེལ་རྒོད་མ་ཁའི་གནད། ཕག་མོའི་ཐིག་ལེ་ཨ་ཤད་ཀྱི་གཟུགས། དེའི་གནད་མ་འཁྲུལ་པ་གལ་ཆེ་བ་ཡིན། ལྟེ་བའི་དབུས་ན་ཨའི་གཟུགས་ཀྱིས་གནས་པ་དང་། དུས་སྐབས་འགའ་ཞིག་གི་ཚེ་ཨ་ཤད་ཚེག་དྲག་ཏུ་འགྲོ་བ། དེ་ལ་སོགས་པ་རྒྱུན་གྱི་གནས་ལུགས་མ་ཡིན་ཏེ། ནོར་ས་ཡོད། འོད་གསལ་ལམ་དུ་བྱེད་པ་ལ་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་ན་ཡོན་ཏན་གྱི་རྩ་བ་སནྟ་ཞེས་བྱ་བའི་དབུས་ན། ཐིག་ལེ་ཧཱུྃ་གི་གཟུགས་ཡུངས་ཀར་སྦོམ་པོ་ཙམ་གཅིག་ཡོད་པ་ཡིན། དེ་ལུས་ཅན་རྣམས་ཀྱི་ཤེས་པ་གསལ་སྟོང་མི་རྟོག་པ་སྐྱེ་བའི་རྒྱུའམ་རྟེན་བྱེད་པ་ཡིན། འོད་གསལ་འཛིན་པའི་གནད་ཀྱང་དེ་


LT19_Page_128A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཨ་ནུ་ཏ་ར་ཧཱུྃ་ཡང་དེར་བསྒོམ་པ་ཡིན། སྙིང་ཁའི་ཕྱི་འདབ་དང་ཞེ་སྡང་གི་ཧཱུྃ་ལ་སོགས་པར་བསྒོམ་ན་གནད་འཆུགས་འགྲོ་སྟེ་ནོར་ས་ཡོད། སྒྱུ་ལུས་ལམ་དུ་བྱེད་པ་ལ་མགྲིན་པ་ཨའི་རྩ་མདུད་ཨའི་གཟུགས་ལ་དམིགས་པ་ཡིན། ཐིག་ལེ་ཨའི་གཟུགས་ལ་དམིགས་པ་ཡིན་ཏེ་ནོར་ས་ཡོད། ལས་ཀྱི་ཕྱག་རྒྱ་ལམ་དུ་བྱེད་པས་སྤྱི་གཙུག་གི་ཐིག་ལེ་ཟླ་བ་ཉ་བ་དང་། ཧྃ་རྐྱང་པ་དང་། ཧྃ་བཅུ་དྲུག་པ་དང་། མཛོད་སྤུའི་ཧྃ་ཀྱོག་པོ་དང་། ལྕེ་ཆུང་གི་ཧྃ་དང་། དེ་རྣམས་ལ་སྒོམ་པ་དུས་ཀྱི་གནད་མ་འཁྲུལ་བ་དགོས་ཏེ་ནོར་ས་ཡོད། དེ་ལྟར་དམིགས་པའི་གནད་དངོས་པོའི་གནས་ལུགས་དང་མཐུན་པས་དམིགས་པ་དེ་ལ་སེམས་རྩེ་གཅིག་ཏུ་བཟུང་བས། རླུང་སེམས་དབྱེར་མེད་པའི་གནས་ཀྱིས་རླུང་དང་། མཆོག་གི་གནས་དེར་རླུང་ཆུད་པ་སྟེ། དམིགས་པ་རླུང་འཛིན་པའི་གནད་དེ་གོ་བར་བྱས་ལ་དམིགས་པ་ལ་རྩེ་གཅིག་ཏུ་གཅུན་ཅིང་། གེགས་མང་བ་རྣམས་དམིགས་པ་མི་གསལ་བ་དང་། སེམས་ཡེངས་པ་ལས་བྱུང་བར་ཤེས་པར་བྱའོ། །དེ་ལྟར་རླུང་སེམས་དབྱེར་མེད། ལུས་སེམས་དབྱེར་མེད། སྣང་སེམས་དབྱེར་མེད་ཀྱི་གནད་ཀྱིས། རླུང་འཁྲུལ་འཁོར་དམིགས་པ་གསུམ་ཚོགས་པ་གཅིག་ཏུ་བྱས་པའི་གནད་འདིས་མྱུར་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པར་ཡིན་གྱིས། དེ་ལས་གཞན་པ་རྒྱུད་སྡེའི་དགོངས་པ་གནད་ཀྱི་སྙིང་པོ་མ་ཤེས་པའི། མགོ་བོར་འདི་བསྒོམ་དང་འཕོངས་སུ་འདི་བསྒོམ་གྱི་དམིགས་པའི་རྣམ་བཞག་མང་པོ་དང་། ཡུལ་ཆེ་གེ་མོར་བླ་མ་རྗེ་བཙུན་ཆེ་གེ་མོའི་གདམས་ངག་འདི་དང་ཞེས་བའི་ཚིག་སྙན་སྙན་འདྲ་བའི་རྫུན་གྱི་ཕྲེང་བ་བརྒྱུས་པའི་ཐག་རུལ་གྱི་སྣལ་འབྲེང་ཧྲུལ་འཐུད་པ་དེ་རྣམས་ཀྱིས་ཡུལ་མཐའ་འཁོབ་ཏུ་རྨོང་པའི་མགོ་བོ་བསྐོར་བ་ལ་ཕན་གྱི། བྱང་ཆུབ་སྒྲུབ་པའི་སྒོམ་ཆེན་པ་ཉམས་སུ་ལེན་པ་ལ་མི་ཕན་པས། གྲུབ་ཐོབ་བརྒྱུད་པའི་གདམས་ངག་


LT19_Page_128B
[མ་དཔེ་གཟིགས་ན་འདིར་གནོན།]

གནད་མ་འཆུག་གོལ་ས་མེད་པའི་ཕུལ། ཤུལ་བྲེང་ངེ་བ་འདི་རྣམས་ཤེས་བཟོ་དང་ཚོད་ཡོད་མི་བྱ་བར། ལེགས་པར་ཐུགས་སུ་ཆུད་པར་བྱས་ལ་ཉམས་སུ་བླང་ངོ་། །དྲག་རླུང་གནང་ལྔ་མའི་ཞལ་གདམས་ཆེ་ལོང་ཙམ་ཡི་གེར་བཀོད་པའོ། །།།།། །ན་མོ་གུ་རུ་བ། འཕོ་བ་ཧཱུྃ་དམར་མའི་ལོ་རྒྱུས་ནི། རྗེ་མར་པ་ལོ་ཙཱ་བ་ལ། དགེ་བཤེས་རྔོག་ཆོས་རྡོར་གྱིས་འབྲི་དཀར་ཟལ་མ་གཅིག་བུ་བརྒྱ་ཐམ་པ། སྦྲ་དང་ཤེལ་མ་སྒོ་ཁྱི་ཚུན་ཆོད་ཕུལ། གཡང་ཉམས་འགྲོ་བྱས་ནས་འབྲི་ཕུད་གཅིག་བཞག །དེ་མིན་ཐམས་ཅད་ཕུལ་བའི་དུས་སུ། སྤྱིར་དུ་ཡང་གདམས་ངག་མང་དུ་གནང་། ཁྱད་པར་དུ་འཕོ་བའི་གདམས་ངག་འདི་གནང་ནས་བསྒོམས་པས། སྤྱི་བོ་ཚ་ནས་མི་ཟུག་པ་བྱུང་ནས། གདམས་ངག་འདྲ་མི་བདོག་གམ་ཞུ་བྱས་པས། ངའི་གདམས་ངག་གི་གཡང་ཉམས་ནས་འོང་གསུང་། དེར་འབྲི་ཕུད་བཞག་པ་དང་། དེ་མིན་ཡང་ནོར་མང་དུ་ཕུལ་ནས་ཞུས་པས། ལོག་གནོན་དང་ཚེ་སྲིང་བའི་དམིགས་པ་གཉིས་གནང་བ་ཡིན་གསུང་། འཕོ་བ་ཁྱད་པར་གྱུར་པ་རྔོག་ལ་གནང་བ་བྱ་བ་ཡིན། གཏུམ་མོ་ཁྱད་པར་དུ་གྱུར་པ་མི་ལ་ལ་གནང་བ་བྱ་བ་ཡིན། བཀའ་བརྒྱུད་འཕོ་བའི་གདམས་ངག་ཙམ་ན་འདི་ལས་ཟབ་པ་མེད་པ་བྱ་བ་ཡིན་ནོ། །དེ་ཉམས་སུ་ལེན་པ་ལ་གཉིས། སྦྱོང་བ་དང་ལས་ལ་སྦྱར་བའོ། །སྦྱོང་བ་ལ་གཉིས། ཐོག་མར་སྔོན་འགྲོ་རླུང་བུམ་པ་ཅན་སྦྱོང་བ། འཕོ་བ་དངོས་སྦྱོང་བའོ། །དང་པོ་ནི། འཁྲུལ་འཁོར་སྐྱིལ་ཀྲུང་ལག་པ་མཉམ་བཞག་ཏུ་བྱས་ལ། ཐོག་མར་རླུང་དྲག་ཏུ་གསུམ་འབུད། དེ་ནས་རླུང་གི་ཕུགས་རྫོགས་ངེས་པ་ཞིག་དྲག་ལ་རིང་བར་རྔུབས་སྟེ། ལྟེ་འོག་ཏུ་ཧྲིལ་གྱིས་བསྐྱུར་ལ། དེ་དང་དུས་མཚུངས་པར་འོག་རླུང་ཡང་བསྡམས་ཏེ། ཁ་སྦྱར་ལ་ཧ་ཅང་མིག་ཅུན་པར་རང་སར་སེང་ངེ་བཟུང་ལ་ཁེབས་ཚད་དུ་དགག །དེ་མི་ཐུབ་པ་དང་། ལན་གཅིག་ལན་གཉིས་


LT19_Page_129A
[མ་དཔེ་གཟིགས་ན་འདིར་གནོན།]

གཞིལ་ལ་དེ་མི་ཐུབ་པ་དང་བཏང་། དེ་ལ་དབུག་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པ་ཕྲེང་དོག་རེ་བསྐྱུར་བའམ། པུས་མོ་གཉིས་པོ་ལ་ལག་པ་མི་དྲག་པར་བསྐོར་ཞིང་སེ་གོལ་རེ་གཏོགས་པ་དེ་ལྟ་བུ་སུམ་ཅུ་སོ་དྲུག་ཁེགས་ན་བུམ་པ་ཅན་ཆུང་ངུ། བདུན་ཅུ་རྩ་གཉིས་ཁེགས་ན་བུམ་པ་ཅན་འབྲིང་། བརྒྱ་རྩ་བརྒྱད་ཁེགས་ན་བུམ་པ་ཅན་རབ་བོ། །དེའང་དང་པོ་སྦྱོང་བའི་དུས་སུ་རླུང་སོ་མ་ཇི་ཚད་ཁེགས་བལྟས་ལ། དེའི་ཐོག་ཏུ་ཞག་རེ་དབུགས་ཁུག་པ་རེ་རེ་ཡུན་གྱིས་རིང་བར་མནན་ཏེ། བུམ་པ་ཅན་རབ་འབྲིང་ཐ་གསུམ་ནས་ཁེགས་ཁེགས་སྦྱང་ངོ་། འཕོ་བ་ལས་སུ་རུང་ནས་ནམ་དགའ་དགར་འཕོ་བ་ལ་བུམ་པ་ཅན་འབྱོངས་པ་གལ་ཆེའོ། །དེ་ལྟར་བུམ་པ་ཅན་འབྱོངས་ནས་འཕོ་བ་སྦྱོང་བ་ལ་གསུམ། སྦྱང་བ་དངོས་དང་ལོག་གནོན་དང་། ཚེ་སྲིང་བའི་དམིགས་པའོ། དང་པོ་དུས་ཀྱི་གནད། སྟོན་ལ་སོགས་པའི་ནམ་ཟླ་བཟང་པོ་ལ། དབེན་པའི་གནས་སུ་མཚམས་དམ་པར་བཅད་ལ། ཟས་བཅུད་ཅན་གྱིས་ཁམས་བརྟས་པར་བྱས་ལ། ལུས་ཀྱི་གནད་རྐང་པ་སྐྱིལ་ཀྲུང་བཅའ། ལག་པས་ནོན། རྐེད་པ་དྲང་པོར་བསྲང་། མགྲིན་པར་དྲང་ཞིང་སྒུ་བར་བྱ། བསམ་གཏན་གྱི་ཡན་ལག་གི་གནས་ལ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕོ་བའི་རྣལ་འབྱོར་བསྒོམ་པར་བྱ་སྙམས་དུ་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷ་རུ་བསམ། བླ་མ་དམ་པ་སྤྱི་བོའི་གཙུག་ཏུ་གདན་བཞི་བརྩེགས་ཀྱི་སྟེང་དུ་བསྒོམ། ལྟེ་བར་ཧཱུྃ་དམར་པོ་བྱེ་རུའི་ཁ་དོག་ལྟ་བུ་ནས་གང་བ་གཅིག་བསམ། དེ་གསང་གནས་སུ་ལྷན་གྱིས་བབས་པ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས་པས། ལུས་ཀྱི་ནང་ཆ་དང་མི་གཙང་ལྗན་ལྗིན་སྡིག་སྒྲིབ་ནད་གདོན་ཐམས་


LT19_Page_129B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྲེགས་ཏེ་ནང་བསེ་རྟའི་རྐྱལ་པ་ཁ་ཕྱེ་བ་བཞིན་དམར་སང་སྟོང་སང་སོང་བར་བསམ། ཧཱུྃ་ལས་ཧཱུྃ་བསྒྲིལ་མ་རེ་ཆད་ཅིང་གཤང་ལམ་དང་ཆུ་སོ་དང་། ལྟེ་བ་དང་ཁ་དང་སྣ་དང་མིག་དང་རྣ་བ་དང་། སྨིན་མཚམས་རྣམས་ཧཱུྃ་བསྒྲིལ་མ་རེས་དགག །སྤྱི་གཙུག་རྒྱ་མཐོང་ཁ་ཕྱེ་བ་བཞིན་ཧ་རེ་བཞག །དེ་ལྟར་ལུས་སྟོང་པའི་དཀྱིལ་ན་ཡར་རྩ་དབུ་མ་ཆོས་བཞི་ལྡན། མདའ་སྨྱུག་ཙམ་གཅིག་ཡར་རྩེ་སྤྱི་གཙུག་ཏུ་ཟུག །མར་རྩེ་གསང་བའི་གནས་སུ་ཟུག་པ་གཅིག་བསམ། དེའི་ནང་ན་ཡར་ཧཱུྃ་དམར་པོ་དེ་ཤིག་གི་འགྲོས་ཙམ་དུ་གུ་ལུ་ལུ་བྱུང་ནས། ལྟེ་བར་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་ཡུན་ཙམ་གཅིག་ངལ་གསོ། །ཡང་དལ་བུས་ཕྱིན་ཏེ་སྙིང་ཁར་དེ་ཙམ་གཅིག་ངལ་གསོ། །མགྲིན་པར་དེ་ཙམ་གཅིག་ངལ་གསོ། །དེ་ནས་དལ་བུས་སྤྱི་གཙུག་ཚངས་པའི་བུ་ག་ན་ཡར་ཏུར་གྱིས་ཐོན་ནས་བླ་མའི་ཐུགས་ཁར་སིབ་ཀྱིས་སོང་བས། བླ་མ་དང་ཧཱུྃ་ཐ་མི་དད་པར་སྐྱ་ཀའི་གནམ་འཕང་བཞིན་ཡར་རྒྱངས་རྒྱངས་སོང་ནས། སུམ་ཅུ་རྩ་གསུམ་གྱི་གནས་རྡོ་ཨར་མོ་ལི་ཀའི་སྟེང་ན་ཕྱག་རྒྱ་ཆེན་པོའི་ངང་ལ་ཕྱད་དེ་བཞུགས་པ་ལ། དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པ་བཅུའི་ཡུན་ཙམ་གཅིག་རིག་པ་གཏད། ཡང་བླ་མ་སྤྱི་བོའི་གཙུག་ཏུ་དལ་བུས་མར་བྱོན་ཏེ། བླ་མའི་བཤང་ལམ་ནས་ཧཱུྃ་ཏུར་གྱིས་ཐོན་ནས་ཚངས་བུག་ནས་ཞུགས་ཏེ་དབུ་མའི་ནང་ནས་དལ་བུས་བབས་ནས་ལྟེ་འོག་ཏུ་གནས་པ་ལ། དབུགས་ལྔའི་ཡུན་ཙམ་ཞིག་རིག་པ་གཏད། ཡང་གོང་བཞིན་དལ་བུས་ཡར་འདོན། མར་དབབ། དེ་ལྟ་བུ་ནུས་ཆད་དུ་བསྒོམ་ཞིང་། རླུང་བུམ་པ་ཅན་ནུས་ཚད་དུ་བཟུང་ངོ། །དེ་ལྟར་རྩ་དབུ་མ་གསལ་བས་ཧཱུྃ་གིས་ཡར་འགྲོ་མར་འགྲོ་བྱེད་པ་དང་། དལ་བུས་བྱེད་པས་རླུང་ལོག་དང་གེགས་མི་ཡོང་བ་ཡིན། ཧུར་ཕྱུར་བྱས་ན་རླུང་ལོག་འོང་། དེ་ལྟར་ཐུན་བཞིར་སྦྱོང་ཞིང་འཕྲོ་གཅོད་པའི་དུས་སུ། སྤྱི་བོར་བླ་


LT19_Page_130A
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཚང་བུག་མི་མངོན་པར་དགག །ཧཱུྃ་ལྟེ་འོག་ཏུ་བབས་པ་ལ་རིག་པ་ཡུན་རིང་གཏད། རླུང་རོ་མང་དུ་བུས་ཏེ། རིག་པ་སེམས་ཀྱི་སོ་བཟུང་ལ། དལ་བུས་ལངས་ཏེ་སྤྱོད་ལམ་བྱའོ། །དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་རབ་སྤྱི་བོ་འབུར་བའམ། འབྲིང་ཆུ་སེར་ཚིག་པའམ། འགུལ་བའམ། ཐ་མ་ཡང་གཡའ་བའམ་ཟ་བའམ་ན་ཟུག་ནམ་བྱུང་བྱུང་གི་བར་དུ་བསྒོམ་མོ། །གཉིས་པ་དེ་ལྟར་རྟགས་བྱུང་བ་དང་ལོག་གནོན་བསྒོམ་པ་ནི། གོང་བཞིན་ཧཱུྃ་དང་བླ་མ་ཐ་མི་དད། རྡོ་ཨ་མོ་ལི་ཀའི་སྟེང་ན་ཕྱག་རྒྱ་ཆེན་པོ་ལ་བཞུགས་པ་ལ་དབུགས་ལྔའི་ཡུན་ཙམ་ཞིག་རིག་པ་གཏད། དབུ་མའི་མར་སྣ་ལྟེ་འོག་ཏུ་བབས་པ་ལ་བཅུའི་ཡུན་ཙམ་ཞིག་རིག་པ་གཏད། དེ་ནས་རིམ་གྱིས་ཡ་གིར་ཇེ་ཐུང་མ་ཀིར་ཇི་རིང་ལ་གཏད་དེ། བླ་མའི་ཐུགས་ཁར་ཐིམ་སོང་ཙམ་ལ། བླ་མ་ཡར་མི་འདེབས་པར་ཧཱུྃ་དབུ་མར་དབབ། དེ་ནས་སྤྱི་བོ་ཙམ་དེ་ནས་མགྲིན་པ་ཙམ། དེ་ལས་མར་ཕབ་ལ་མཐར་ལྟེ་འོག་ཏུ་ལྷན་ཆགས་པ་ཙམ་ལ་རིག་པ་ཡུན་རིང་དུ་གཏད་དེ། རླུང་བུམ་པ་ཅན་བཟུང་ཞིང་ཟུག་ཆག་ནས་ཀྱང་ཞག་གསུམ་གྱི་བར་ལ་བསྒོམ་མོ། །གསུམ་པ་ཚེ་རིང་བའི་དམིགས་པ་བསྒོམ་པ་ནི། ལུས་སྟོང་རའི་ནང་དུ་རྩ་དབུ་མ་གསལ་བར་དམིགས་ལ། དེའི་ནང་དུ་ཧཱུྃ་དམར་པོ་ནས་གང་བདེ་ཡར་ཟད་སྤྱི་གཙུག་ལ་ཐུག །མར་ཟང་འོག་སྒོར་ལྷན་སོང་བར་བསམ་ཞིང་རླུང་བུམ་པ་ཅན་བཟུང་། དེ་ལ་ངེས་པ་ཁོ་ནར་ཞག་བདུན་བསྒོམ་གསུང་། དེ་ལྟར་སྦྱོང་བ། ལོག་གནོན། ཚེ་སྲིང་བའི་དམིགས་པ་གསུམ་ཞག་ཉེར་གཅིག་ལ་སོགས་པ་བསྒོམ་སྟེ། འབྱོངས་པའི་ངེས་པ་ཐོབ་པ་དང་། དེ་ནས་གདམས་ངག་ལ་མ་བརྗེད་ཙམ་མ་གཏོགས་པ་བསྒོམ་མི་དགོས་ཏེ། ནམ་འཆི་བའི་དུས་ན་ལས་ལ་སྦྱར་བས་ཆོག་གོ །གཉིས་པ་ལས་ལ་སྦྱོར་བ་ལ་གསུམ། ཁམས་གསུམ་འཁོར་བའི་འཁྱམས་པའི་རྒྱུ་དུག་གསུམ་གྱི་སྤྲོས་པ་བཅད་པ། རྣམ་པར་ཤེས་པ་བྱང་ཆུབ་ཀྱི་གནས་


LT19_Page_130B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདོན་པ། འོད་གསལ་སེམས་ཀྱི་རང་སོ་བཟུང་བའོ། །དང་པོ་ནི། ངེས་བའི་འཆི་རྟགས་བྱུང་སྟེ་འཆི་བར་ཤེས་པ་དང་། འདོད་ཆགས་ཀྱི་སྤྲོས་པ་བཅད་དེ། ནང་སེམས་ཅན་ལ་ཆགས་པའི་ཉེ་འབྲེལ་དང་འཁོར་གཡོགས་དང་རང་ལུས་ལ་མ་ཆག་པར་བྱ། ཕྱི་རྫས་དང་ལོངས་སྤྱོད་ལ་ཆགས་པ་བདོག་པ་ཐམས་ཅད་སྤོང་དག་བྱ་ཞིང་། དངོས་པོ་གང་ལ་ཡང་ཞེན་པ་མེད་པར་བློས་བཏང་། ཞེ་སྡང་གི་སྤྲོས་པ་བཅད་དེ་སུ་དང་སུ་ལ་ཡང་ཞེ་འགྲས་པ་མེད་པར་བྱ་ཏེ། མཁོན་གཅུག་སྦྱངས། གཏི་མུག་གི་སྤྲོས་པ་བཅད་དེ། ནད་དང་ཟུག་དབང་དུ་མི་བཏང་བར་རིག་པ་དྲུངས་བཏོན་ལ། ཐོས་བསམ་སྒོམ་གསུམ་གྱི་ཤེས་ཉན་དང་ཉམས་མྱོང་གང་ཡོད་པ་ཐམས་ཅད་གསལ་གདབ་པའོ། །གཉིས་པ་རྣམ་པར་ཤེས་པ་བྱང་ཆུབ་ཀྱི་ལམ་ནས་གདོན་པ་ནི། གདན་བཞི་ལས། དུས་སུ་གྱུར་ན་འཕོ་བྱ་སྟེ། དུས་མིན་ལྷ་རྣམས་གསོད་པར་བྱེད། ཅེས་བས་ནམ་དགའ་དགར་འཕོས་ན་ལྷ་བསད་པའི་ལྟུང་བ་འོང་། ངེས་པར་འཆི་བའི་དུས་ལ་བབས་ཏེ་འབྱུང་བཞི་དང་། །དབང་པོ་ཐིམ་ནས། དབུགས་ཅུང་ཟད་རྩེག་ཅིང་དཀར་དམར་གྱི་སྣང་བ་ཤར་བ་ལ་འཕོ་བར་བྱ་སྟེ། འཁྲུལ་འཁོར་སྐྱིལ་ཀྲུང་སེམས་ལུས་བཅོས་ཏེ་འཕོ་བའི་འདུག་སྟངས་བྱས་ལ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། སྐད་ཅིག་གིས་ལུས་ཡི་དམ་གྱི་ལྷར་བསམ། སྤྱི་བོ་ནས་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་གདན་བཞི་བརྩེགས་ཀྱི་སྟེང་དུ། བླ་མ་དང་ཡི་དམ་ཐ་མི་དད་བཞུགས་པར་བསམ། ལྟེ་བའི་འོག་ཏུ་ཧཱུྃ་དམར་པོ་ནས་གང་བ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་ཆ་དང་མི་གཙང་བའི་ལྗན་ལྗིན་ཉོན་མོངས་རྣམ་རྟོག་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་བསྲེག་པར་བསམ། དེ་ནས་ཧཱུྃ་དེ་ལས་ཧཱུྃ་བསྒྲིལ་མ་རེ་ཆད་ཅིང་། སྒོ་བརྒྱད་པོ་གོང་བཞིན་བཀག་ལ། ཚངས་བུག་རྒྱ་མཐོངས་ཁ་ཕྱེ་བ་བཞིན་


LT19_Page_131A
[མ་དཔེ་གཟིགས་ན་འདིར་གནོན།]

བཞག། རྗེ་ནཱ་རོ་པའི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། སྒོ་བརྒྱད་བཀག་ནས་སྒོ་གཅིག་འབྱེད། མིང་ཡང་འཕོ་བའི་གདམས་ངག་ཟེར། རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཅེས་པའི་དོན་ནོ། །དེ་ནས་འཆི་ཀའི་རླུང་བཟློག་པ་དཀའ་ན་ཡང་། ཤད་པ་གཅིག་ནང་དུ་ཟློག་ལ་ཏིང་ངེ་འཛིན་གྱིས། ཧཱུྃ་དེ་ལ་ལུས་སེམས་ཐམས་ཅད་བསྡུས་ཏེ། དེ་གྱེན་ལ་དྲག་ཏུ་སོང་ནས་ཚང་བུག་ནས་རྒྱངས་ཐོན་ཏེ། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པ་ཕྱག་རྒྱ་ཆེན་པོའི་ངང་ལ་རིག་པ་ལྷན་གྱིས་གཏད་ལ་རླུང་དྲག་ཏུ་གྱེན་ལ་ཕུལ་བས། བུམ་པ་ཅན་ཐུན་གཅིག་གིས་འཕོའོ། །དེས་ཀྱང་མ་འཕོས་ན་དམིགས་པ་མར་མི་དབབ་པར་རླུང་ཤད་པ་གཅིག་བཟློག་ལ་དྲག་ཏུ་གྱེན་ལ་ཕུལ་བས། གཉིས་པ་ལས་ཅིས་ཀྱང་འཕོའོ། །འཆི་བའི་རླུང་སེམས་ཤིང་ཐོག་སྨིན་པ་དང་འདྲ་བ་ཡིན། རྡོ་རྗེ་གདན་བཞི་ལས། ཧཱུྃ་གི་ང་རོ་དྲག་པོ་ཡིས། ལུས་ཅན་རྣམས་ནི་སྐྲོད་པར་བྱེད། ཅེས་པའི་དོན་ནོ། །གསུམ་པ་འོད་གསལ་སེམས་ཀྱི་རང་སོ་བཟུང་བ་ནི། དེ་ནས་རང་བཞིན་གྱི་འོད་གསལ་འཆར་ཏེ། དེ་དང་གོང་གི་རང་སེམས་བླ་མའི་ཐུགས་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པ་གཉིས་འོད་གསལ་མ་བུ་འཕྲོད་དེ། སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་ངོ་ཤེས། བྱེ་མ་དང་ཆུ་སྣ་འཕྲད་པ་བཞིན་གཅིག་ཏུ་འདྲེས། ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་པར་གྱུར་ཏེ། དེའི་ངང་ལ་ཞག་བདུན་གནས་ནུས་ན་དེ་ནས་ཕར་ཚེགས་མེད། དེ་ལ་ཞག་བཞི་བཅུ་རྩ་དགུ་གནས་ནུས་ན། མཐོང་སྤང་དང་བསྒོམ་སྤང་གི་སྒྲིབ་པ་མ་ལུས་པ་སྦྱངས་ཏེ། འཆི་བ་ཆོས་སྐུའི་ཞིང་ཁམས་ལ་སངས་རྒྱས་ནས་བར་དོ་གཟུགས་སྐུའི་ཞིང་ཁམས་ལ་སྣང་བ་འཆར་རོ། །རབ་འོད་གསལ་དུ་འཕོ་བ། འབྲིང་སྒྱུ་ལུས་སུ་འཕོ་བ་དང་། ཐ་མ་གླིང་དང་སྐྱེ་གནས་སུ་འཕོ་བ་དང་།


LT19_Page_131B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འཕོ་བའི་འབྲས་བུ་གསུམ་ལ་སོགས་པ། འཕོ་བའི་གཞུང་ཁྲིད་ཀྱི་ཚར་ཆོས་སུ་ཤེས་པར་བྱའོ། །འཕོ་བ་ཧཱུྃ་དམར་མའི་ཞལ་གདམས། དཔལ་ཡང་དགོན་པའིའོ། །དགེའོ། །།།།། རྒྱ་རྒྱ་རྒྱ། །ན་མོ་རཏྣ་གུ་ར་བེ། སྟོང་ཉིད་རྡོ་རྗེའི་ཚིག་དྲུག་ནི། གཞིའི་སྟོང་ལུགས་གཉིས། ལམ་གྱི་སྟོང་ལུགས་གཉིས། འབྲས་བུའི་སྟོང་ལུགས་གཉིས། སྟོང་པའི་འཐད་ལྡན་གཉིས། སྟོང་པ་གཏན་ལ་དབབ་ཐབས་གཉིས། སྟོང་པའི་སྐྱོན་ཡོན་གཉིས་སོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཅི་ཡང་མ་ཡིན་པ། རྣམ་པ་ཀུན་ལྡན་ཅེས་པའི་དོན་སྟོན་པ་སྟེ། སྤྱིར་སྟོང་པ་ལ། ཡོད་པ་ལ་ལྟོས་པའི་མེད་པ་ལྟ་བུ་ཕྱོགས་གཅིག་པའི་སྟོང་པ། ཀ་པ་ལི་ཆོས་ཀྱིས་སྟོང་པའམ། བུམ་པ་ཆུས་སྟོང་པ་ལྟ་བུ་ཉི་ཚེ་བའི་སྟོང་པ་དང་། སྣང་བ་བཀག་པའི་སྟོང་པ་ལྟ་བུ་དང་། གཅིག་པ་བཀག་པའི་སྟོང་པ་དང་། སྟོང་པ་དང་སྟོང་པའི་རྣམ་བཞག །རྣམ་གྲངས་ཀྱི་སྟོང་པ་ལ་སོགས་པ། མདོར་ན་སྟོང་པ་ཅེས་པ་མེད་པའམ་མ་གྲུབ་པ་གཅིག་ལ་བློ་རྩེ་གཏད་པའི་ཕྱོགས་འཛིན་གྱི་ཤེས་པ་དེ་རྣམས་འདིའི་དགོངས་པ་མ་ཡིན་ལ། འདིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཅི་ཡང་མ་ཡིན་པ་དེ་ཉིད་ཆོས་ཅན་གྱི་དངོས་གཞིར་གནས་པ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཞེས་བྱ་སྟེ། དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སྟོང་པ་ཉིད་དུ་རྒྱལ་བས་བཤད། །གང་གིས་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱང་ངན་འདས་མི་ཤེས། །གང་ཕྱིར་དངོས་དང་དངོས་མེད་པ། །འཛིན་པ་སྟོང་ཉིད་ཡིན་ཞེས་བརྗོད། ཅེས་པ་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། ཞེས་པ་དང་། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། བྱང་ཆུབ་སེམས་དཔའ་


LT19_Page_132A
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་འདི་ཤེས་མངོན་པར་འབྱུང་། ཅེས་པ་ལ་སོགས་པ་གསུངས་ཏེ། མདོར་ན་ནང་པ་སངས་རྒྱས་པའི་བརྗོད་པར་བྱ་བའི་དོན་གྱི་སྙིང་པོ། །སྟོང་པ་ཉིད་ཡིན་དེ་མ་རྟོགས་པས་རྫོགས་པའི་སངས་རྒྱས་མི་འཐོབ་པས་ཉན་རང་གི་བྱང་ཆུབ་མངོན་དུ་བྱེད་པར་བཤད་དོ། །དེ་ལ་གཞིའི་སྟོང་ལུགས་གཉིས་ནི། ཡོད་དང་མེད་པས་སྟོང་ལ་རྟག་དང་ཆད་པས་སྟོང་། སྣང་དང་སྟོང་པས་སྟོང་ལ་གཅིག་དང་དུ་མས་སྟོང་། ཅེས་པ་སྟེ། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཅེས་པ་སྟེ། དེའང་གཟུགས་སྟོང་པའོ་ཅེས་པ་ནི། ཡོད་པས་སྟོང་། རྟག་པས་སྟོང་། སྣང་བས་སྟོང་། དུ་མས་སྟོང་། དངོས་པོས་སྟོང་པའི་སྟོང་པ་ཡིན་ལ། སྟོང་པ་ཉིད་གཟུགས་སོ། །ཅེས་པ་ནི། མེད་པས་སྟོང་། ཆད་པས་སྟོང་། གཅིག་གིས་སྟོང་། སྟོང་པས་སྟོང་། དངོས་མེད་ཀྱིས་སྟོང་པའི་སྟོང་པ་སྟེ། དེ་གཉིས་སྔོན་ལ་སྣང་བར་ཤར་ནས། དེ་ནས་སྟོང་པར་ཐིམ་པའམ། སྔོན་ལ་སྟོང་པ་ཡིན་ལ་ཕྱི་ནས་སྣང་བར་ཤར་བ་ལྟ་བུ་མ་ཡིན་ཏེ། སྣང་བ་ལས་ལོགས་ན་སྟོང་པ་མེད་ཅིང་། སྟོང་པ་ལས་ལོགས་ན་སྣང་བ་མེད་པས། སྣང་སྟོང་གཉིས་འདུ་འབྲལ་མེད་པར་སྟེ། དེ་ཉིད་ལས་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ཅེས་སོ། །དེ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡང་ཡིན་ཏེ། དངོས་པོའི་ཆོས་སུ་སྐྱེ་བ་མེད་པ་ནི་གཟུགས་སྟོང་པ། དངོས་མེད་ཀྱི་ཆོས་སུ་འགག་པ་མེད་པ་ནི་སྟོང་པ་ཉིད་ཀྱི་གཟུགས། ཐ་དད་ཆོས་ལ་གནས་པ་མེད་པ་ནི་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་པའོ། །མདོར་ན་ཆོས་ཉིད་ཅི་ཡང་མ་ཡིན་པ་སྟེ། ཡོད་པའང་མ་ཡིན། མེད་པའང་མ་ཡིན། རྟག་པའང་མ་ཡིན། ཆད་པའང་མ་ཡིན། སྣང་


LT19_Page_132B
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་མ་ཡིན། སྟོང་པའང་མ་ཡིན། དངོས་པོའང་མ་ཡིན། དངོས་མེད་ཀྱང་མ་ཡིན། འཁོར་བའང་མ་ཡིན། འདས་པའང་མ་ཡིན་ཏེ། ཕྱོགས་གཅིག་ཏུ་ཅི་ཡང་ཡིན་པས་སྟོང་ལ། ཕྱོགས་གཅིག་ཏུ་ཅི་ཡང་མ་ཡིན་པས་ཕྱོགས་མེད་དུ་ཅི་ཡང་ཡིན་པ་སྟེ། དེ་ཉིད་ལ་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཞེས་བྱའོ། །དེས་ན་སྟོང་པ་དང་རྟེན་འབྲེལ་དབྱེར་མེད་པ་སྟེ། ཀླུ་སྒྲུབ་ཀྱིས། གཉིས་མེད་རྟེན་ཅིང་འབྲེལ་པར་འབྱུང་། འགོག་པ་མེད་པ་སྐྱེ་མེད་པ། ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེའང་ཆོས་ཉིད་ཅི་ཡང་མ་ཡིན་པས་སྟོང་པ། ཆོས་ཅན་ཅིར་ཡང་འཆར་བས་སྟོང་པ་སྟེ། ཅིར་ཡང་མ་ཡིན་པས་ཅིར་ཡང་འཆར་ལ། ཅིར་ཡང་འཆར་བས་ཅིར་ཡང་མ་ཡིན་ཏེ་དབྱེར་མེད་པའོ། །དེས་ན་སྟོང་པ་ཉིད་རྟེན་འབྲེལ་དུ་མ་གོ་ན་ཆད་ལྟར་འགྲོ་ལ། རྟེན་འབྲེལ་སྟོང་ཉིད་དུ་མ་གོ་ན། ལས་རྒྱུར་སྨྲ་བར་འགྲོ་བས། དེ་གཉིས་གནད་གཅིག་གིས་གཏན་ལ་འབེབས་པ་འདི་ཤིན་ཏུ་ཟབ་པའི་བརྗོད་བྱ་སྟེ། དེའི་དོན་མདོ་རྒྱུད་བསྟན་བཅོས་རྣམས་ནས་ཡང་མང་དུ་གསུངས་ཏེ། ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་གཞན་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་གཞན་ཡོད་པ་མ་ཡིན་ནོ། །ཅེས་ཐ་མི་དད་པར་གསུངས་པ་དང་། །ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་དངོས་པོ་ཡོད་མ་ཡིན། །རྐྱེན་ལ་རགས་ལས་གང་དེ་སྟོང་པ་དེ། །གང་གིས་སྟོང་ཉིད་ཤེས་ན་མཁས་པར་བཤད། །ཅེས་པ་དང་། ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་འདོད། །དེ་ནི་རྐྱེན་ལས་སྐྱེ་བ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། ཞེས་སྟོང་པ་རྟེན་འབྲེལ་དུ་བཤད་པ་དང་། །ནམ་མཁའ་ཆེ་ལས་ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བཏགས། །ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་རྒྱུ་འབྲས་


LT19_Page_133A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་བཤད་པའོ། །དེ་ལྟར་ཆོས་ཉིད་ཅི་ཡང་མ་ཡིན་ཞིང་། །ཅི་ལ་ཡང་མི་གནས་པས། ཐ་སྙད་ཀྱི་གདགས་པ་མ་རྙེད་ཅིང་། བློའི་ཡུལ་དུ་བྱར་མ་བཏུབ་པ་དེ་ལ་སྟོང་ཉིད་ཅེས་བྱ། དེ་བཞིན་ཉིད་ཅེས་བྱ། སྐྱེ་མེད། སྤྲོས་བྲལ། འོད་གསལ། དོན་དམ་པའི་བདེན་པ། ཆོས་དབྱིངས་སམ། ཆོས་ཉིད་ཅེས་པ་མིང་གི་རྣམ་གྲངས་ཏེ། བྱང་ཆུབ་སེམས་ཀྱི་རང་བཞིན། བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ལམ་གྱིས་སྟོང་ལུགས་གཉིས་ནི། སྒོམ་དང་ཐ་མལ་གྱིས་སྟོང་ལྟ་དང་ལྟ་མིན་སྟོང་། ཕྱ་དང་མི་བྱེད་འཁོར་གསུམ་ཀུན་དུ་སྟོང་། ཅེས་པ་སྟེ། དང་པོ་ལྟ་བ་དང་ལྟ་མིན་གྱིས་སྟོང་པ་རྣམ་པ་ཀུན་ལྡན་གྱི་སྟོང་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕེབས་པས་ངའི་ལྟ་བ་འདི་ཡིན་ཅེས་པ་ཡོངས་གཅོད་ཀྱིས་བསྒྲུབ་བྱ་མེད་པས་ལྟ་བས་སྟོང་ལ། འདི་མིན་ཅེས་པ་རྣམ་གཅོད་ཀྱི་དགག་བྱ་མེད་པས་ལྟ་མིན་གྱིས་སྟོང་སྟེ། ཕྱོགས་འཛིན་གྱི་ལྟ་བ་ཐམས་ཅད་ལས་གྲོལ་བའོ། །དེའང་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ཀྱི་ལྟ་ཐོབ་ཀྱང་། ལ་ལའི་ལྟ་བ་མ་ཞིག་ན། གསོར་མི་རུང་བའི་ལྟ་བ་ཅན། སྨན་པས་བོར་བའི་ནད་པ་བཞིན། ཅེས་པ་དང་། དེ་བས། ལྟ་བ་ཐམས་ཅད་འཇོམས་མཛད་པའི། །ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ། །ཅེས་པ་དང་། རྡོ་རྗེ་གུར་ལས། ལྟ་བ་རྣམས་ལས་བཟློག་པ་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པར་རྒྱལ་བ་རྣམས་ཀྱིས་གསུངས། །ཅེས་གསུངས་པས། གོང་གི་ཕྱོགས་གཅིག་ཏུ་ཅི་ཡང་མ་ཡིན་ལ་ཕྱོགས་མེད་དུ་ཅི་ཡང་ཡིན་པའི་གནད་ཀས་འདིར་ལྟ་བ་འདི་ཡིན་འདི་མིན་གྱི་གཟའ་གཏད་མེད་པས། མཐའ་བརྒྱད་ཀྱི་ཕྱོག་འཛིན་རང་གྲོལ་བ་ནི་ལྟ་བ་ཕྱིན་ཅི་མ་ལོག་པའོ། །བླ་མ་ཞང་གིས། ཡིན་པ་གང་ཡང་མེད་པ་ལ། མ་ཡིན་པ་ཡང་གང་ཡང་མེད། ཡིན་པ་དང་ནི་མིན་པ་གཉིས།


LT19_Page_133B
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ལྟོས་པར་འཛིན་པ་སྟེ། ལྟོས་པ་ཟད་ལ་ལྟ་བ་མེད། ཅེས་པའི་དོན་ནོ། །སྒོམ་གྱིས་སྟོང་པ་ཐ་མལ་གྱིས་སྟོང་པའི་སྒོམ་པ་རྣམ་པ་ཀུན་ལྡན་གྱི་སྟོང་པ་ནི་སེམས་རང་ལུགས་བཞག་པས་རྣམ་པར་རྟོག་པ་རང་འགགས་པའི་དུས་ན་ངོས་བཟུང་མེད་པའི་ཤེས་པ་སྒྲོ་བཏགས་ཀྱི་སྤྲོས་པ་དང་བྲལ་བས་སྒོམ་གྱིས་སྟོང་ལ་རང་རིག་ཡུལ་མེད་དུ་གསལ་བ་ལ་རྟོག་མེད་དུ་ངེས་ཤེས་སྐྱེས་པས་ཐ་མལ་གྱིས་སྟོང་པའོ། །ཡང་འདི་བསྒོམ་མོ་ཞེས་བློས་བྱས་པའི་བསྒོམ་རྒྱུ་གཅིག་ཀྱང་མི་འདུག་པས་བསྒོམ་གྱིས་སྟོང་ལ། །འདི་བསྒོམ་མིན་ནོ་ཞེས་སྤོང་བྱའམ་དོར་བྱ་མི་འདུག་པས་ཐ་མལ་གྱིས་སྟོང་པ་སྟེ། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱིས། སྒོམ་པ་ལྷག་མ་དེ་དོན་ཡིན། ཅེས་པའི་དོན་ནོ། །བྱ་བྱེད་ཀྱི་སྟོང་པའམ་མི་བྱེད་པས་སྟོང་པའི་སྤྱོད་པ་རྣམ་པ་ཀུན་ལྡན་ནི། །བྱ་བ་བྱེད་པས་སྟོང་སྟེ། །སྦྱིན་པ་ལ་སོགས་ཉམས་སུ་ལེན་པའི་དུས་ཉིད་ན། གཏང་བྱའི་ཡུལ། གཏོང་མཁན་གྱི་བདག །བཏང་བའི་ཕན་ཡོན་གསུམ་རང་གི་ངོ་བོས་སྟོང་ཞིང་ཡོད་མ་མྱོང་ལ། བྱ་བ་མི་བྱེད་པས་སྟོང་སྟེ། སྟོང་པ་ཉིད་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཕུང་པོར་ཤར་ཅིང་། མ་འགགས་ཅིང་ཡ་མ་བྲལ་སྤྱོད་པའོ། །དེ་ལྟར་བྱ་བ་བྱེད་ལྟར་མ་འགགས། བྱ་བ་བྱེད་མཁན་ངོ་བོས་སྟོང་པའི་བྱ་བ་བྱེད་པ་དང་མི་བྱེད་པ་ཅིངས་གྲོལ་མེད་པའི་སྟོང་ཉིད་དེ། འགགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བའོ། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དོན་ནོ། །དེ་ལྟ་བུའི་ལམ་རྣམ་པ་མཆོག་ལྡན་གྱི་སྟོང་པ་སྟེ། ཐབས་ཤེས་རབ། དོན་དམ་ཀུན་རྫོབ། བསྐྱེད་རིམ་རྫོགས་རིམ་ལ་


LT19_Page_134A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དབྱེར་མེད་པ་སྟེ། ཕྱོགས་གཅིག་ཏུ་ཞེན་པ་ལས་གྲོལ་བའི་ལམ་མ་ནོར་ཅིང་རྣམ་པར་དག་པའོ། །དེ་ལྟར་ལམ་སྒྲོ་སྐུར་གྱི་མཐའ་དང་བྲལ་བ་ཟུང་འཇུག་རབ་ཏུ་མི་གནས་པ་དབུ་མའི་ལམ་ཉམས་སུ་བླངས་པས། འབྲས་བུ་སྲིད་ཞིའི་མཐའ་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་པའོ། །གསུམ་པ་འབྲས་བུའི་སྟོང་ལུགས་གཉིས་ནི། སྣང་དང་སྣང་མེད་ཡེ་ཤེས་རྒྱུན་གྱིས་སྟོང་། རྟོག་དང་རྟོག་མེད་འཁོར་དང་འདས་པས་སྟོང་། །ཅེས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྣང་བས་སྟོང་སྟེ། ཞེན་པས་བརྟས་པའི་འཁྲུལ་སྣང་མི་མངའ། སྣང་མེད་ཀྱིས་སྟོང་སྟེ། རང་སྣང་རང་ངོ་ཤེས་པ་ཡེ་ཤེས་ཀྱི་སྣང་བ་ལ་འགག་པ་མེད། ཡེ་ཤེས་ཡོད་པས་སྟོང་སྟེ། ཡོད་པ་དངོས་ཅན་གྱི་ཡང་དག་ཞིག་གྲུབ་པ་མེད། མེད་པས་སྟོང་སྟེ་ཡོད་མེད་སྒྲོ་སྐུར་གྱི་མཐའ་དང་བྲལ་བ་དེ་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་དངོས་གཞིར་བཞུགས། རྟོག་པས་སྟོང་སྟེ། སེམས་དང་སེམས་ལས་བྱུང་བའི་རྣམ་ཤེས་དང་། །འདུ་ཤེས་ཀྱི་རྣམ་རྟོག་མི་མངའ། ཡུལ་དང་ཡུལ་ཅན་གྱི་ཐུགས་རྗེ་དང་ཕྲིན་ལས་མི་མངའ། རྟོག་མེད་ཀྱིས་སྟོང་སྟེ་ཉན་ཐོས་ཀྱི་འགོག་པའི་འབྲས་བུ་ལྟ་བུ་མ་ཡིན་པར། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱིས་ཤེས་བྱའི་དཀྱིལ་འཁོར་ལ་མཁྱེན་པའི་ཡེ་ཤེས་རྒྱས་ཤིང་དུས་གསུམ་མངོན་སུམ་དུ་མཁྱེན་ལ། དམིགས་མེད་ཀྱི་སྙིང་རྗེས་རྩོལ་མེད་ཀྱི་ཕྲིན་ལས་སྲིད་མཐའི་བར་དུ་འབྱུང་བའོ། །འཁོར་བས་སྟོང་སྟེ་ཤེས་རབ་ཆེན་པོས་སྲིད་པ་ལ་མི་གནས། འདས་པས་སྟོང་སྟེ་སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པའོ། །དེ་ལྟར་གཞི་ལམ་འབྲས་བུའི་ཉེས་པ་ཟད་པའི་སངས་རྒྱས་དེ་ལ་འགའ་ཞིག་འཁྲུལ་སྣང་གཞི་དང་ལམ་གྱི་ཤེས་སྒྲིབ་བཀབ་ནས་སྣང་བ་ཡོད་མེད་དང་ཡེ་ཤེས་རྒྱུན་ཆད་མ་ཆད་དང་། རྟོག་པ་ཡོད་མེད་ལ་སོགས་པ་ལ་རྩོད་པ་


LT19_Page_134B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འདུག་སྟེ། ཕྱོགས་གཅིག་གི་མུར་འཛིན་པ་དེ་དག་གིས་འབྲས་བུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གོ་བ་མིན་ན། །རྡོ་རྗེ་གཅོད་པའི་མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་། གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་མཐོང་ལ་ཞུགས་པ་ཡི། །སྐྱེ་བོ་དེས་ནི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་སྐུ་མཐོང་བྱ་མ་ཡིན་ནོ། །ཅེས་པའི་དོན་ནོ། །བཞི་པ་སྟོང་པའི་འཐད་ལྡན་ནི། སྟོང་དང་རྟེན་འབྱུང་དབྱེར་མེད་དག་སྡིག་འབྲས་བུ་འབྱིན། ཐམས་ཅད་སྟོང་པ་ཡིན་ཕྱིར་འཁྲུལ་སྣང་ལྡོག་ཏུ་བཏུབ། ཅེས་པ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཅི་ཡང་མ་ཡིན་པའི་གནད་ཀྱིས་རྐྱེན་གྱིས་ཅིར་ཡང་འཆར་ཅིང་ཅིར་ཡང་བྱར་བཏུབ་པ་སྟེ། བསམ་པའི་རང་གཟུགས་བག་ཆགས་ཀྱི་གཟུགས་བརྙན། སྟོང་པ་ལས་སྟོང་པའི་ཆོས་འབྱུང་བ་དཀར་ནག་གི་རྒྱུ་འབྲས་ཏིལ་འབྲུ་ཙམ་ཡང་ཆུད་མི་ཟ་ཞིང་། མ་འདྲེས་པར་འབྲས་བུ་འབྱིན་པ་སྟེ། ཕྱོགས་གཅིག་ཏུ་ཅི་ཡང་མིན་པས། ཕྱོགས་མེད་ཅིར་ཡང་འཆར་བས་ན། ཀུན་རྫོབ་ཀྱི་ཆོས་འཁོར་བའི་རྒྱུ་འབྲས་ཇི་སྙེད་པ་ཐམས་ཅད་ཀྱང་སྟོང་ཉིད་ཡིན་པས་འབྱུང་བའོ། །ཡང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡིན་པའི་གནད་ཀྱིས། འཁྲུལ་པ་ལྡོག་ཅིང་མྱ་ངན་ལས་འདར་ཡང་བཏུབ་པ་སྟེ་ཆོས་ཐམས་ཅད་ལ་རྟག་བརྟན་ཐེར་ཟུག་མི་འགྱུར་བའི་དངོས་པོ་ཀོ་འཐས་ཡང་དག་ཏུ་གྲུབ་པ་གང་ཡང་མེད་པས། སྡིག་པ་བཤགས་སུ་བཏུབ་ལ། དགེ་བ་བསྔོ་རུ་བཏུབ། འཁྲུལ་སྣང་ལྡོག་ཏུ་བཏུབ་པ་སྟེ། སྡིག་པ་ལ་རང་བཞིན་མེད་ཅིང་མ་གྲུབ་པར་ཤེས་པ་ནི། སྡིག་པ་བཤགས་པའི་མཆོག་ཡིན་ལ། དགེ་བ་རང་བཞིན་མེད་ཅིང་མ་གྲུབ་པར་ཤེས་པ་ནི་ཟག་མེད་ཀྱི་དགེ་བའི་མཆོག་ཡིན་ཞིང་། ཆོས་ཐམས་ཅད་རང་བཞིན་མེད་ཅིང་མ་གྲུབ་པ་ནི་ཆོས་སྐུའི་དངོས་གཞིར་གནས་ཅིང་། དེ་དེ་ལྟར་ཤེས་པ་ཡེ་ཤེས་ཏེ། མདོར་ན་སྟོང་ཉིད་རང་བཞིན་མེད་པའི་གནད་ཀྱིས་སངས་རྒྱ་རུ་བཏུབ་ལ། མི་རྒྱ་


LT19_Page_135A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་དབང་མེད་པའོ། །སྟོང་པ་དང་མི་རྟག་པ་ཡང་ཕུགས་གཅིག་སྟེ། དེ་ཉིད་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཡིན་ལ། ཆོས་ཉིད་དེ་དུས་ལས་འདས་ཅིང་། དེ་ཉིད་ཤེས་པའི་ཡེ་ཤེས་དེ་དུས་ལ་དབང་སྒྱུར་བས། དུས་བསྐལ་པ་དང་སྐད་ཅིག་མ་ལ་ཁྱད་མེད་པ་དང་། དུས་གསུམ་དང་དུས་མངོན་དུ་མཁྱེན་པ་དང་། སྣང་བ་ལ་དབང་སྒྱུར་བས་སྟོང་གསུམ་ཉུངས་འབྱུང་ཚུད་པ་དང་། བ་པུའི་བུ་ག་ནས་ཞིང་ཁམས་བྱེ་བ་འགྱེད་པ་ལ་སོགས་པའི་སྟོང་ཉིད་ཅི་ཡང་མ་ཡིན་པའི་གནད་ཀྱིས་འབྱུང་བ་སྟེ། ལུགས་བཟློག་མྱ་ངན་ལས་འདས་པའི་རྟེན་འབྲེལ་ཐམས་ཅད་སྟོང་ཉིད་ཡིན་པའི་གནད་ཀྱིས་འབྱུང་བའོ། །རྒྱལ་བའི་ཡུམ་ལས། གཟུགས་རྟག་བརྟེན་ཐེར་ཟུག་མི་འགྱུར་བའི་དངོས་པོ་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་རོ། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ལྔ་པ་སྟོང་པ་དེ་གཏན་ལ་དབབ་ལུགས་ཀྱི་ཚིག་རྐང་གཉིས་ནི། མ་བྱས་ཡུལ་མེད་རང་སྟོང་ལྷན་ཅིག་སྐྱེས། གདོད་ནས་ཡོད་པ་བླ་མའི་དྲིན་གྱིས་ཤེས། ཅེས་པ་སྟེ། སྟོང་ཉིད་དེ་ཡང་མཆོག་གསུམ་དང་ལྡན་པ་སྟེ། རང་སྟོང་། ཡེ་སྟོང་། རང་བཞིན་གྱིས་སྟོང་པའོ། །རང་སྟོང་པས་ཡུལ་མེད་དེ། སྟོང་བྱ་ཕྱི་རུ་བཞག་ནས། སྟོང་མཁན་ནང་དུ་ལུས་པ་ལྟ་བུ་མ་ཡིན་ཏེ། སྣང་རིག་རང་སྟོང་པའོ། །ཡེ་སྟོང་པ་དུས་བློ་བུར་དུ་མ་བྱུང་བ་སྟེ། སྔོན་ལ་སྣང་བ་འབྱུང་བ་ལ་དེ་ནས་སྟོང་པ་སོང་བ་ལྟ་བུ་མ་ཡིན་ཏེ། གདོད་མ་ནས་སྟོང་ཞིང་། དངོས་པོའི་ཆོས་སུ་སྐྱེ་མ་མྱོང་བའོ། །རང་བཞིན་གྱིས་སྟོང་པ་ནི་བྱེད་པ་པོ་གཞན་གྱིས་མ་བྱས་པ་སྟེ། སངས་རྒྱས་ཀྱིས་བཅོས་ནས་སྟོང་དུ་བཅུག་པའམ། སེམས་ཅན་གྱིས་སྦྱངས་ནས་སྟོང་དུ་བཅུག་པའམ། ལམ་གྱིས་སྦྱངས་ནས་སྟོང་དུ་བཅུག་པའམ། བླ་མ་གདམས་ངག་ཆེ་ནས་བྱས་བའམ། སློབ་མ་ཤེས་རབ་ཆེ་ནས་བྱས་པའམ། སྣང་བ་བཀག་ནས་སྟོང་པ་བསྒྲུབས་


LT19_Page_135B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་། ངོ་བོས་སྟོང་པ་དུས་གསུམ་དུས་མེད་པས་སྟོང་པ། སྣང་བའི་དུས་ཉིད་ན་ངོ་བོས་སྟོང་པ་ཉིད་དོ། །བརྒྱད་སྟོང་པ་ལས། རབ་འབྱོར་གཟུགས་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ཡིན་པའི་ཕྱིར་རོ། ཅེས་རྒྱ་ཆེར་གསུངས་པ་དང་། ཡབ་སྲས་མཇལ་བ་ལས། ཆོས་འདི་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། འདས་པའི་དུས་ནའང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་ན་ད་ལྟར་བྱུང་བའི་བར་དུ་ངོ་བོ་ཉིད་དང་བྲལ་བའོ། །ཅེས་གསུངས་པའོ། །དེ་ལྟ་བུའི་སྟོང་པ་དེ་དངོས་པོའི་ཆོས་ཐམས་ཅད་དང་གཉིས་སུ་མེད་པར་རང་གི་ངོ་བོའི་ལྷན་ཅིག་སྐྱེས་པ་སྟེ། བརྟག་གཉིས་ལས། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་སྐྱེས་ཞེས་བརྗོད་དེ། །རྣམ་པ་ཐམས་ཅད་སྡོམ་པར་གཅིག །ཅེས་པའི་དོན་ནོ། །དེ་ལྟ་བུའི་སྟོང་ཉིད་ལྷན་ཅིག་སྐྱེས་པ་དེ་ཐ་སྙད་ཀྱིས་གཏན་ལ་མི་ཕེབས་ཤིང་། རྟོག་གེ་བའི་སྤྱོད་ཡུལ་མ་ཡིན་པས། ཐོས་བསམ་གྱི་ཤེས་རབ་ཀྱིས་དོན་སྤྱིའི་རྣམ་པ་ཙམ་གཏན་ལ་ཕེབས་སུ་ཟིན་ཀྱང་། རང་མཚན་མངོན་སུམ་དུ་རྟོགས་པར་མི་འགྱུར་བས། བླ་མ་དམ་པའི་བྱིན་རླབས་ཀྱི་བརྡའ་ཐབས་ཁྱད་པར་ཅན་ལ་བརྟེན་ནས་སྐྱེ་བའི་མཚན་མས་སྐྱེ་མེད་རྟོགས་པར་འགྱུར་ཞིང་། དངོས་པོའི་ཆོས་ལ་བརྟེན་ནས་སྟོང་པའི་ཆོས་ཉིད་རྟོགས་པར་འགྱུར་ལ། ཡེ་ནས་ཡོད་པའི་ཡེ་ཤེས་ཁོང་ནས་སད་པར་བྱེད་དོ། །དྲུག་པ་སྟོང་པའི་སྐྱོན་ཡོན་གཉིས་ལ། རྣམ་ཀུན་མཆོག་ལྡན་ཟུང་འཇུག་དངོས་པོའི་གཤིས། མེད་པའི་སྟོང་པ་འདྲ་མེན་ནོར་སར་ནོར། ཅེས་པ་སྟེ། རྣམ་པ་ཀུན་ལྡན་གྱི་སྟོང་པ་ཕྱོགས་གཅིག་གིས་སྟོང་པ་སོགས་སྤྲོས་པས་དབེན་པའི་རང་བཞིན་དེ་ནི། དངོས་པོའི་གནས་ལུགས་དངོས་པོའི་གཤེས་ཡིན་ལ། དེ་ཇི་ལྟ་བར་རྟོགས་པའི་ཤེས་རབ་ནི། མྱུར་དུ་འཁོར་བ་ལས་སྒྲལ་ཞིང་།


LT19_Page_136A
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་པ་ཡིན་ནོ། །ཀླུ་སྒྲུབ་ཀྱིས། ཡོད་པ་པོ་ནི་བདེ་འགྲོར་འགྲོ། །མེད་པ་པོ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ནི། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཅེས་པ་དང་། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིགས་ཚོགས་ལྟ་ལས་བྱུང་། །སྟོང་ཉིད་ལྟ་དང་དེ་འགལ་བས། །དེ་ལས་བྱུང་བའི་ཉེས་ཀུན་སྤོང་། །ཅེས་པ་དང་། མདོ་དཀོན་མཆོག་བརྩེགས་པ་ལས། སྐལ་པ་དམན་པས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེར་མི་ནུས། །ཐེ་ཚོམ་ཙམ་ཞིག་སྐྱེས་པས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པ་ཉིད། །ཅེས་པ་ལ་སོགས་པ་གསུངས་པས། གནས་ལུགས་ཀྱི་གཤིས་སྟོང་པ་ཉིད་དུ་བཞུགས་པ་ཡིན་ལ། དེ་མ་ནོར་བར་རྟོགས་པའི་ཤེས་རབ་ཀྱིས། ལས་ཐམས་ཅད་ཟག་པ་མེད་པར་སྒྲུབ་ཅིང་། །མྱུར་དུ་འཁོར་བ་ལས་གྲོལ་ཅིང་། །མྱ་ངན་ལས་འདས་པ་མངོན་དུ་བྱེད་པའོ། །མེད་པའི་སྟོང་པ་འདྲ་མེན་ནོར་སར་ནོར། ཅེས་པ་ནི། སྟོང་པ་དང་མེད་པ་འདྲ་མེན་གྱི་ནོར་སར་ནོར་བ་ཡིན་པས། སྟོང་པ་ཞེས་པ་ཅང་མེད་ཕྱང་ཆད་གཅིག་ཏུ་གོ་ན། བློ་གྲོས་རྨོངས་ཤིང་ལྟ་བ་ཤིན་ཏུ་ནོར་བ་སྟེ། དེ་ལ་དགོངས་ནས། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཅེས་དང་། ས་ར་ཧས་དངོས་པོར་རྟོག་པ་ཕྱུགས་དང་འདྲ་བར་བརྗོད། དངོས་མེད་རྟོག་པ་དེ་བས་ཀྱང་ནི་བླུན། ཅེས་པ་དང་། ཡུམ་ལས། སྟོང་པ་ཉིད་སྟོང་པ་ཉིད་དང་ཅེས་པ་ལ་སོགས་པ་མང་དུ་གསུངས། ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ལོག་པར་སྒྲུབ་པ་བཞིན། །ཅེས་པ་དང་། ཆོས་སྤྱོད་མངོན་རྟོགས་ལས། །སྟོང་པའི་བདག་པོ་


LT19_Page_136B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་འགྲོ། །ཅེས་པ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་རྣམས་ནས་མང་དུ་གསུངས་ཏེ། དེ་ཐམས་ཅད་སྟོང་པ་མེད་པའི་ཕྱོགས་སུ་འཛིན་པ། ཆད་པར་ལྟ་བ་ལ་ཉེས། ཐབས་ལ་སྐུར་པ་འདེབས་པ་རྣམས་ལ་དགོངས་པ་ཡིན་ཏེ། སྟོང་པ་དང་མེད་པ་མ་ནོར་བར་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་གཉིས་མེད་རྟེན་ཅིང་འབྲེལ་འབྱུང་གི་དོན་ཁོང་དུ་ཆུད་པར་བྱའོ། །ཡང་རྒྱལ་བའི་ཡུལ་ལས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་འདྲེས་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་མི་བྱའོ། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེང་གེ་གང་ལའང་མི་འཇིགས་མོད། །མེ་ཆེན་བྱུང་ན་འཇིགས་པ་སྐྱེས། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་། །ཆོས་གཞན་གང་ལའང་མི་འཇིགས་ཀྱང་། །སྟོང་པ་ཉིད་ལ་འཇིགས་པ་སྐྱེ། །ཅེས་པ་གསུངས་པའི་དོན་ཡང་གོ་བར་བྱའོ། །སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མའི་ཞལ་གདམས་ཆེ་ལོང་ཙམ་ཡི་གེར་བཀོད་པའོ། །།།།། ༀ་སྭ་སྟི་སིདྡྷཾ། སྣང་དང་སྟོང་པས་སྟོང་ལ་རྟོག་དང་ཆད་པས་སྟོང་། །ཡོད་དང་མེད་པས་སྟོང་ལ་གཅིག་དང་དུ་མས་སྟོང་། ༡ །བསྒོམ་དང་ཐ་མལ་གྱིས་སྟོང་ལྟ་དང་ལྟ་མིན་སྟོང་། །བྱ་དང་མི་བྱེད་འཁོར་གསུམ་ཀུན་དུ་སྟོང་། ༢ །རྟོག་དང་རྟོག་མེད་འཁོར་དང་འདས་པས་སྟོང་། །སྣང་དང་སྣང་མེད་ཡེ་ཤེས་རྒྱུན་གྱིས་སྟོང་། ༣ །སྟོང་དང་བརྟེན་འབྱུང་དབྱེར་མེད་དགེ་སྡིག་འབྲས་བུ་འབྱིན། །ཐམས་ཅད་སྟོང་པ་ཡིན་ཕྱིར་འཁྲུལ་སྣང་ལྡོག་ཏུ་བཏུབ། ༤ །མ་བྱས་ཡུལ་མེད་རང་སྟོང་ལྷན་ཅིག་སྐྱེས། །ཡེ་ནས་ཡོད་པ་བླ་མའི་དྲིན་གྱིས་ཤེས། ༥ །རྣམ་ཀུན་མཆོག་ལྡན་ཟུང་འཇུག་དངོས་པོའི་གཤིས། །མེད་པའི་སྟོང་པ་འདྲ་མིན་ནོར་སར་ནོར། ༦ །སྟོང་ཉིད་རྡོ་རྗེའི་ཚིག་དྲུག་བྱ་བ་དོན་དམ་པ་རྣལ་དུ་སྟོན་པའི་ཡེ་གེ་།།།། །ན་མོ་གུ་རུ། བླ་མ་རིན་པོ་ཆེ་དང་ཞང་རིན་པོ་ཆེ་སྐྱེ་བ་འགའི་དཔོན་སློབ་ཡིན་གསུངས། དེ་ལྟ་ཡང་རྩ་བའི་བླ་མ་དང་མཉམ་པའི་མོས་གུས་ཡོད་པས། དུས་མཆོད་ཀྱང་ཁྲིག་གེ་མཛད།


LT19_Page_137A
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལ་བོགས་མེད་ཙ་ན་ཡང་གསོལ་བ་འདེབས། བྱང་ཆུབ་ཀྱི་སེམས་ལ་བོགས་འདོན་པ་དང་། རྨི་ལམ་སྦྱང་བ་ལ་སོགས་པའི་དུས་སུ་ཡང་གསོལ་བ་འདེབས་གསུངས། སྤྱིར་ཡང་མཚན་མོ་རྨི་ལམ་དུ་ཞལ་མང་དུ་འཇལ་བས། ཞང་གི་ཆོས་ཚོ་ལ་བརྒྱུད་པ་གཞན་ལ་བདའ་མི་དགོས། ཞང་རིན་པོ་ཆེས་རྒྱུད་བྱིན་གྱི་རླབས་པ་ཡིན་གསུངས། ད་ལྟ་ཡང་གསོལ་བ་ནམ་བཏབ་པའི་དུས་སུ་མཇལ་བ་ལ་ཐེ་ཚོམ་མི་ཟ་བར་གདའ་འོ། །ད་རེས་འདིར་ཇི་ལྟར་མཇལ་ན། རས་སྔོན་མདའ་རུ་རྗེ་རིན་པོ་ཆེ་སྐུ་འཁོར་ཤས་གཅིག་གིས་བཞུགས་པའི་དུས་སུ། སྔར་ཡུམ་བཞུགས་པ་ལ་ཡུམ་དགོན་པར་གཤེགས་པའི་ནུབ་མོ་ཁ་བ་གཅིག་བྱུང་། དེར་རིན་པོ་ཆེའི་ཐུགས་ལ་ང་དགའོ་མི་རྒྱལ་བར་འདུག་སྟེ། གན་མོ་ལྷང་ནང་འཕྲེང་ཡིན་ཡོད་སྙམ་པ་གཅིག་བྱུང་། དེས་རྐྱེན་བྱས་ནས་མའི་དྲིན་དྲན། དེར་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མ་བྱས་པའི་དྲིན་དྲན་པས་བྱམས་སྙིང་རྗེ་བསམ་གྱིས་མི་ཁྱབ་བ་ཐུགས་ལ་འཁྲུངས་སྤྱན་ཆབ་དཔག་ཏུ་མེད་པ་བྱུང་། སྨོན་ལམ་དཔག་ཏུ་མེད་པ་བཏབ། དེའི་དུས་སུ་ལམ་དུ་བཏང་ཤེས་ནང་འགྲོ་དོན་གྱི་རྟེན་འབྲེལ་དེ་ཀས་འགྲིགས་པ་ལ། ངས་མ་ཤེས་པར་ཕ་རོ་མྱངས་གསུངས། དེའི་མཐར་ཐུག་ཐ་མལ་ཉིན་ཞག་གཅིག་ཏིང་ངེ་འཛིན་ལ་ཕྱམས་སོང་ནས། ཉེ་གནས་པས་ཚ་བ་དྲངས་པ་ཡང་ཕྱག་ཏུ་བཞེས་པ་བྱུང་འདུག་སྟེ་གསོལ་བ་མ་བྱུང་འདུག །དེ་ནས་དར་ཅིག་རྩ་ན། ཉི་བཞུར་ཐལ་ལེ་བ་གཅིག་ཡུད་བྱུང་། ཡང་དེ་མ་ཐག་ཕྱམས་སོང་། དེའི་བར་ལ་ཉེ་གནས་པས་འབོད་ནི་མ་ནུས། ཡང་ཡང་བསྐོར། དགོང་མོར་སོང་བ་དང་ཁོང་ཚོས་སྐོར་བའི་རྡོག་སྒྲས་ཏིང་ངེ་འཛིན་ས་དེ་ནས་དེར་རྣམ་རྟོག་གི་སྦུན་ཐག་ཆད་ནས། གསལ་སྟོང་དུ་རྗེན་པར་རྟོགས་པའི་བོགས་ཉམས་ཀྱིས་བཏོན་ཁོར་ཡུག་ཏུ་སོང་། སྒོམ་མེད་ཆེན་པོ་ཡིན་སྙམ་པའི་ཐག་ཆོད་པ་བྱུང་། དེ་ནས་ཆོས་མང་པོ་གཅིག་གི་སྒྲོ་འདོགས་ཆོད། གེགས་སེལ་གཟེར་ལྔའི་ལྷ་འདྲེ་ལམ་དུ་ཁྱེར་བའི་སྐབས་སུ། ལྷ་འདྲེ་ཕ་མ་ཡིན། བླ་མ་ཡིན། ཡི་དམ་ཡིན། ལྷན་སྐྱེས་ཡིན་གསུངས་པ་ལས། འདི་ལྟར་ཡིན་བྱ་བ་མི་འདུག །ལམ་དུ་འཁྱེར་


LT19_Page_137B
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གཅིག་ཡོད་སྙམ་ནས་ཞང་རིན་པོ་ཆེ་ལ་གསོལ་བ་བཏབ་པས། དེའི་ནུབ་མོ་མཚན་ལམ་ན། ན་བཀྲའི་བྲག་རྐེད་ཡིན་སྙམ་བཞིག་ན། །སྤང་ཁུད་སེར་སྡིང་ངེ་བ་ཞིག་ན། བླ་མ་ཞང་རིན་པོ་ཆེ་ཁྲི་གཅིག་གི་ལ་ན་བཞུགས། དར་ཐོད་གཅིག་མཛད། གདུགས་དཀར་པོ་གཅིག་ཕུབ། བུད་མེད་གཉིས་ཀྱིས་གཡས་གཡོན་ནས་བརྟེན་ནས་མདུན་ན་བཙུན་པ་འདྲ་བ་ཤས་གཅིག་དང་། མི་སྐྱ་འདྲ་བ་དང་མཐའ་མན་སྤྲང་པོ་འདྲ་བའི་ཞས་ཞིས་འདྲ་འདུག་པས། ངས་དེས་དགའ་བ་དང་མོས་གུས་ཐུན་མོང་མ་ཡིན་པས་ཕྱག་མང་དུ་བཙལ། དྲུང་དུ་ཕྱིན་པས་བླ་མ་ཞང་ཞལ་ཟས་ཀྱི་བྱེ་བྲག་གཅིག་གསོལ་གིན་འདུག་པས། ང་ལ་ཡང་རྒུན་འབྲུམ་འོལ་འདྲ་བའི་ཆེ་ཆུང་རྒུན་འབྲུམ་ཙམ་བྱས་པའི་སྤྲིན་སྤྲིན་པའི་འདི་ཡིན་ངོ་མི་ཤེས་པ་ཞིག་གནང་། དེ་གསོལ་བས་རོ་མངར་ཤུལ་ཕྲིལ་བ། སྔར་ལྗགས་ལ་འཇོག་མ་མྱོང་བའི་རོ་མཆོག་བརྒྱ་དང་ལྡན་པ་ཞིག་བྱུང་། ནང་པར་མནལ་སད་ཙ་ན་ཡང་དེའི་རོ་དེ་ལྗགས་དང་ཚེམས་ཀྱི་བར་དུ་ཆགས་ནས་ཞག་འགའ་ཞིག་བྱུང་། ད་ལྟ་ཡང་ཁམས་ནམ་བཟའ་ཙ་ན་ཡོད་གསུངས། དེའི་དུས་སུ་གསང་སྤྱོད་རྨོང་ལམ་མ་གནང་བའོ། །དེའང་། ལྷ་འདྲེ་སྟོང་པའི་གཟུགས་བརྙེན་འདི། །ལམ་དུ་ཁྱེར་བ་འདི་ལྟར་རོ། །ཕ་མ་ཡིན་གྱིས་བྱམས་བསྒོམས། །བླ་མ་ཡིན་གྱིས་གསོལ་བ་ཐོབ། །ཡི་དམ་ཡིན་གྱིས་དངོས་གྲུབ་ཞུས། །ལྷན་སྐྱེས་ཡིན་གྱིས་ངང་ལ་ཞོག་གསུངས། །དེའི་འདྲོག་ལ་མནལ་སད་ནས་ཆོས་རྣམ་བ་བཞི་ལ་བརྟེན་ནས། ལྷ་འདྲེ་ལམ་དུ་འཁྱེར་ཚུལ་གྱི་གསང་སྤྱོད་འདི་ཐུགས་ལ་ལམ་མེ་ཤར་ནས་འདུག །གཞན་ཡང་སྐུའི་བཀོད་པ་དང་འཁོར་གྱི་བྱེད་པ་དེ་རྣམས་ལ་གོ་རྒྱུ་མང་པོ་ཞིག་བྱུང་། དེ་ལྟར་ལྷ་འདྲེ་ལམ་དུ་འཁྱེར་བ་ཐུན་མོང་མ་ཡིན་པའི་གསང་སྤྱོད་འདི་ལ་ལྷ་འདྲེ་ལམ་དུ་སློང་ཚུལ་བཞི་སྟེ། ལྷ་འདྲེ་ཕ་མར་ཤེས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ལམ་དུ་བྱེད་བ་བྱམས་པ་ཆེན་པོའི་གསང་སྤྱོད་དང་། ཡི་དམ་དུ་ཤེས་པས་


LT19_Page_138A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་བསྐྱེད་རིམ་ལྷའི་འཁོར་ལོས་ལམ་དུ་བྱེད་པ་སྒྱུ་ལུས་ཞིང་སྦྱོང་གི་གསང་སྤྱོད་དང་། བླ་མར་ཤེས་པས་ལམ་ཟབ་མོ་མོས་གུས་གྱིས་ལམ་དུ་བྱེད་པ་དག་སྣང་ཀུན་ཁྱབ་ཀྱི་གསང་སྤྱོད་དང་། ཆོས་སྐུར་ཤེས་པས་གཉིས་མེད་ཕྱག་རྒྱ་ཆེན་པོས་ལམ་དུ་བྱེད་པ་སྣང་སྲིད་རྒྱ་ཐེགས་ཀྱི་གསང་སྤྱོད་དོ། །དེ་རེ་རེ་ལ་གཉིས་གཉིས་ཏེ་སྤྱིར་ལྷ་འདྲེ་ལམ་དུ་སློང་ཚུལ་དང་། ཁྱད་པར་དུ་གསང་སྤྱོད་ཉམས་སུ་བླང་ཚུལ་ལོ། །དང་པོ་ནི། དོན་དམ་པའི་གཤིས་ལ་ལྷ་འདྲེ་དང་སངས་རྒྱས་དང་སེམས་ཅན་དང་། རང་དང་གཞན་སྣང་ལ་སོགས་པའི་གཉིས་སྣང་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་རྣམ་པར་དག་པས། དུས་གསུམ་དུ་ཡོད་མ་མྱོང་བ་ཡིན་ཡང་དེ་ཙམ་ཀྱིས་ལྷ་འདྲེ་ལམ་དུ་མི་བསློངས་པས། དོན་དམ་པར་ལྷ་འདྲེ་མ་གྲུབ་པས་བསླང་བྱ་སློང་བྱེད་ཀྱང་མ་གྲུབ་ལ། ཀུན་རྫོབ་ཏུ་ལྷ་འདྲེ་མེད་བྱས་ན་སྐུར་འདེབས་སུ་གོལ་བས་དེ་ཡང་ཇི་སྲིད་རང་དུ་འཛིན་པ་ཡོད་ཀྱི་བར་དུ་ལྷ་འདྲེ་ཡང་ཡོད་ལ། དེ་ཡང་རང་དང་ལྷ་འདྲེ་གཉིས་ཀ་ལ་རྟག་བརྟན་ཐེར་ཟུག་མི་འགྱུར་བའི་དངོས་པོ་མེད་པས། བཏགས་ཆགས་ལྟར་སྣང་བ་སྒྲུབས་འགྲུབ་ཡིན་ཚུལ་ངེས་པ་མེད་ལ་རྐྱེན་གྱིས་ཅིར་ཡང་འཆར་བ་སྟེ། རང་ཐ་མལ་གྱི་རྣམ་རྟོག་དུག་གསུམ་རང་ཁ་མར་ཡོད་པའི་དུས་ན། དེའི་རང་གཟུགས་ལྷ་འདྲེ་ཡང་གནོད་བྱེད་ཀྱི་གདོན་བགེགས་སུ་ཡོད་ལ། རང་ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་དུས་ན། ལྷ་འདྲེ་དྲིན་ཅན་གྱི་ཕ་མར་ཡོད་ལ། རང་སྨིན་བྱེད་བུམ་པའི་དབང་ཐོབ་ནས་གྲོལ་བྱེད་བསྐྱེད་རིམ་ལམ་དུ་བྱེད་པའི་དུས་ན། ལྷ་འདྲེ་ཡི་དམ་གྱི་ལྷར་ཡོད་ལ། རང་རྫོགས་རིམ་ཀྱི་སྙིང་པོ་མོས་གུས་གཙོར་བྱེད་པའི་དུས་ན། ལྷ་འདྲེ་བླ་མ་སྐུ་གསུམ་གྱི་རང་བཞིན་དུ་ཡོད་ལ། རང་སྨིན་བྱེད་དབང་བཞི་ཐོབ་ནས་གྲོལ་བྱེད་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་དུས་ན། ལྷ་འདྲེ་དེ་ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་སུ་ཡོད་པ་སྟེ།


LT19_Page_138B
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སེམས་ཀྱི་བྱེད་པ་ཇི་ལྟ་བ་བཞིན། ཕྱི་རོལ་གྱི་སྣང་བ་ཡང་དེར་སྣང་བས། སྣང་བ་རང་སེམས་བསམ་པའི་རང་གཟུགས་ཡིན་ལ། རང་ཐ་མལ་ལ་སེམས་ཅན་ལྷ་འདྲེ་གནོད་བྱེད་གདོན་བགེགས་ཡང་དག་ཏུ་གྲུབ་པ་མེད་པས། རྐྱེན་གྱིས་ཅིར་ཡང་འཆར་དུ་བཏུབ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡིན་ལ། ཀུན་རྫོབ་ཀྱི་ཆོས་ཉིད་དེ་ཉིད་དོན་དམ་པ་སྟེ། བདེན་གཉིས་དབྱེར་མེད་པའོ། །དེ་ལ་དང་པོ་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་འདྲེ་ལམ་དུ་བྱེད་པ་ནི། ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་རྣལ་འབྱོར་པ་ལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གང་ཡང་མེད་དེ། དེ་རེ་རེས་ཀྱང་ལན་གྲངས་བསམ་གྱིས་མི་ཁྱབ་པར་ཕ་མ་བྱས་ཅིང་། ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བསྐྱངས་པའི་དྲིན་ཅན་གྱི་ཕ་མ་ཡིན་ལ། དེ་ཉིད་མདོ་ནས་རྒྱ་ཆེར་གསུངས་པ་སྟེ། ལུང་དེ་དགོངས་པ་ཅན་མ་ཡིན་པར་སྟོན་པ་ལ། ཀླུ་སྒྲུབ་ཀྱིས་ཀྱང་གསལ་པོར་གསུངས་ཏེ། དྲིན་ཅན་གྱི་ཕ་མ་དེ་རྣམས་སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པ་ལ། ཕན་འདོགས་གནོད་སྐྱོབ་བདེ་བ་ལ་སྦྱོར་བའི་དྲིན་ལན་ལྡོན་དགོས། དེ་ལ་ཕ་མ་ཡིན་པའི་ལྷ་འདྲེ་ལ་ཞེ་སྡང་བྲེང་པ་གཅིག་བྱུང་ན། སེམས་བསྐྱེད་རྒྱས་ཀྱང་མ་ཐོབ། བློ་སྦྱོང་བྱས་ཀྱང་མ་འབྱོངས་པ་ཡིན། ད་ལྷ་འདྲེ་ཡིན་ན་ཕ་མ་ཡིན། ཕ་མ་ཡིན་ན་ལྷ་འདྲེ་མིན་པས། དེ་ཐམས་ཅད་ཕ་མ་རུ་ཤེས་ཤིང་བློ་སྣ་གཞན་དོན་དུ་སྦྱོང་བའི་ལྟ་བའི་གོ་ཆ་གྱོན། ད་ལྷ་འདྲེའི་བར་ཆད་གནོད་པ་བྱུང་བའི་དུས་སུ་འདི་ལྟར་ལམ་དུ་བཏང་སྟེ། ལྷ་འདྲེའི་བར་ཆད་དམ་གནོད་པ་དེ་ཉིད་རང་གནང་དུ་བྱང་ཆུབ་ཀྱི་སེམས་ལ་ལྟེམ་རྐྱང་བྱུང་ཞིང་། དུས་གསུམ་གྱི་རྟོག་པ་སྐྱེས་པའི་རང་གཟུགས་ཡིན་པས། སྐྱོན་གྱིས་ས་བོན་རང་ལ་ཡོད་པ་ཤེས་པར་བྱས་ལ་དེ་ལ་གནད་དུ་བསྣུན་པ་ནི། ལུས་འཁྲུལ་འཁོར་དུ་གནས་ལ་ཚད་མེད་པ་བཞིའི་སྒོ་ནས་བྱང་ཆུབ་


LT19_Page_139A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་བསྒོམ་པ་ནི། སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་མ་ཡིན། སྒོས་གནོད་ཅིང་བར་ཆད་བྱེད་པའི་གནོད་བྱེད་ཀྱི་ལྷ་འདྲེ་འདི་རྣམས་བདག་གི་མ་ཡིན། དྲིའང་ལན་གྲངས་བསམ་གྱིས་མི་ཁྱབ་པར་མ་བྱས་ཅིང་། མ་བྱེད་པའི་དུས་ན་བདེ་སྡུག་གཏམ་ངན་གསུམ་ལ་མ་བལྟས་པར་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བསྐྱངས་པས་ཤིན་ཏུ་དྲན་ཆེ། དྲིན་ཅན་གྱི་མ་ཡིན་སྙམ་དུ་དྲིན་རྒྱས་པར་བསྒོམ་ཞིང་། བདག་གི་དྲིན་ཅན་གྱི་མ་འདི་རྣམས་ལ་ཇི་ལྟར་ཕན་འདགས། ཇི་ལྟར་དྲིན་ལན་གླན། ཇི་ལྟར་བདེ་བ་ལ་དགོད། མ་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱའོ། །སྙམ་དུ་བྱམས་པ་ཚད་མེད་པ་བསྒོམ། དེ་ལྟར་བདག་གི་དྲིན་ཅན་གྱི་མ་འདི་རྣམས་འདོད་བདེ་བ་འདོད་ཀྱང་འདུག་སྡུག་བསྔལ་གྱི་རང་བཞིན་དུ་འདུག །སྡུག་བསྔལ་གྱི་རྒྱུ་ལ་གནས། འབྲས་བུ་ལ་སྤྱོད། རྐྱེན་དང་མི་ལྡན་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་དུ་སེམས་ཅན་གྱི་སྡུག་བསྔལ་རྒྱས་པར་བསྒོམ་ཞིང་། སྡུག་བསྔལ་འདི་རྣམས་ལས་ཇི་ལྟར་བྱས་ལ་སྐྱོབ། གནོད་པ་འདི་རྣམས་ཇི་ལྟར་བསལ། སེམས་ཅན་འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱའོ། །སྙམ་པའི་སྙིང་རྗེ་ཚད་མེད་པ་བསྒོམ། གནོད་བྱེད་ཀྱི་མ་ཡིས་གཙོ་བྱས་པའི་སེམས་ཅན་རྣམས་བདེ་བ་དང་ལྡན་ན་རེ་དགའ་སྟེ། སྡུག་བསྔལ་དང་བྲལ་ན་དགའ་སྟེ། མྱུར་དུ་བྱང་ཆུབ་ཐོབ་ན་རེ་དགའ་སྟེ། སེམས་ཅན་འདི་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་མྱུར་དུ་སངས་རྒྱས་ཐོབ་ན་རང་ཉིད་ཇི་ལྟར་སོང་ན་ཡང་སོང་སྟེ་སྙམ་པའི་དགའ་བ་ཚད་མེད་པ་བསྒོམ་མོ། །དེ་ཡང་དགྲ་ཟིན་ཉེ་རིང་མེད་པར་མཐོ་དམན་མེད་པར་ཀུན་ལ་སྙམས་ཤིང་། དུས་རྒྱུན་ཆད་མེད་པར་བཏང་སྙོམས་ཚད་མེད་པ་བསྒོམ། དེ་ནས་གཞན་གྱི་སྡུག་བསྔལ་བསྡུ་ཞིང་གཞན་དོན་དུ་སྨོན་ལམ་གདབ་པ་སྟེ། བདག་ལ་ལྷ་འདྲེའི་བར་ཆད་དང་གནོད་པ་འདི་ལ་བརྟེན་ནས་ནམ་


LT19_Page_139B
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཤེས་བྱའི་སྒྲིབ་པ་དང་སྐྱོན་དང་ཉེས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལྷ་འདྲེ་འདི་རྣམས་ཀྱིས་བདག་ལ་གནོད་པའི་བསམ་སྦྱོར་བརྩམས་པ་འདི་ཉིད་ཀྱིས་ནག་པོའི་འབྲེལ་པ་བྱས་ནས་གནོད་པའི་སྦྱོར་བ། དང་། ཞེ་སྡང་གི་བསམ་པ་ཞི་ནས། བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་ཡོངས་སུ་གང་ནས། དུས་དང་སྐྱེ་གནས་ཐམས་ཅད་དུ་བདག་གི་གདུལ་བྱར་གྱུར་ནས་ཐེག་པ་ཆེན་པོའི་ཆོས་ཀྱིས་སྨིན་པ་དང་གྲོལ་བར་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་ཅིང་བློ་སྦྱང་། དེ་ནས་གནོད་བྱེད་ཀྱི་ལྷ་འདྲེ་ལྟར་སྣང་བ་འདི་ཉིད་རང་གི་བློས་འཁྲུལ་པའི་སྣང་དོར་ཤར་བ་ཡིན་གྱི། དོན་དམ་པ་ཤེས་བྱའི་གཤིས་ལ་སྐད་ཅིག་ཀྱང་གྲུབ་པ་མེད་ཅིང་ཡོད་མ་མྱོང་ལ། ལྷ་འདྲེ་དང་བར་ཆད་ལྟར་སྣང་བའི་དུས་ཉིད་ན་རང་ངོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད་དུ་ཤེས་པས་གཉིས་སུ་མེད་པའི་ངང་ལ་ཕྱམས་ཀྱིས་བཞག་གོ །དེ་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱིས་ལམ་དུ་བྱེད་པ་སྟེ། དེ་ལྟར་རང་རྒྱུད་བྱང་ཆུབ་ཀྱི་སེམས་སུ་ལྷང་ཤར་བའི་དུས་ན་ལྷ་འདྲེ་ཐམས་ཅད་ཕ་མ་རུ་འཆར་ཞིང་། གནོད་པའི་སྦྱོར་བ་ཐམས་ཅད་ཕན་བདེ་རུ་འགྲོ་བར་འགྱུར་རོ། །ད་རང་ལས་གདོན་ནམ་གནོད་པའི་ལྷ་འདྲེ་གདུག་པ་ཅན་གྱི་ཟིན་པ་ཡིན་ནའང་། གོང་མ་དེ་རྣམས་ལ་ཕུར་ཚུགས་སུ་བསྒོམས་པས་མྱུར་དུ་ནད་དང་གདོན་ལས་ཐར་བར་འགྱུར་ཏེ། འཇིག་རྟེན་མགོན་པོ་འབྲི་ཁུང་པ་ལ། ཨེ་ཆུང་སྒོམ་ཕུག་ཏུ་མཛེ་ནད་དྲག་པོ་བྱུང་བའི་དུས་སུ། ཚད་མེད་པའི་སྙིང་རྗེ་ཐུགས་ལ་འཁྲུངས་པས་སྐད་ཅིག་དེ་ཉིད་ལ་བསྙུང་ནད་དེ་དྭངས་ཤིང་། ཕྱིས་ཀྱང་སྙིང་རྗེའི་ཁྲིད་དེས་མཛེ་ཕོ་མང་པོའི་དོན་མཛོད་དེ། མཛེ་འུར་འདེད་ཅེས་ཡོངས་སུ་གྲགས་པའོ། །གཞན་ཡང་དགྲ་ཐུལ་བ་དང་ནད་སེལ་བ་དུས་གཅིག་འོང་སྟེ། ལྷ་འདྲེའི་གནོད་བའི་བསམ་སྦྱོར་རྒྱུན་ཆད་པ་དང་། ལྷ་འདྲེ་དེ་ཉིད་གདུལ་བྱར་གྱུར་པ་དང་། དེ་ལ་བརྟེན་ནས་གཞན་དོན་བསམ་གྱིས་མི་ཁྱབ་པའི་སྒོ་འབྱེ་ཞིང་། གོང་


LT19_Page_140A
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚད་མེད་པ་བཞི་པོ་དེས་ཕྲིན་ལས་བཞི་ཡང་འགྲུབ་སྟེ། བྱམས་པས་ཞི་བའི་ཕྲིན་ལས་སྡིག་སྒྲིབ་ནད་གནོན་ཞི་བ་དང་། སྙིང་རྗེས་དྲག་པོའི་ཕྲིན་ལས་ལྷ་འདྲེའི་བསམ་སྦྱོར་ངན་པ་འཆར་བ་དང་། དགའ་བས་དབང་གི་ཕྲིན་ལས་གདོན་བགེགས་དེ་དབང་དུ་འདུ་བ་དང་། བཏང་སྙོམས་ཀྱིས་རྒྱས་པའི་ཕྲིན་ལས་གདོན་དེ་ལ་བརྟེན་ནས་ཡང་ཚད་མེད་པའི་ལྷ་འདྲེའི་དོན་བྱེད་ཅིང་། འཁོར་དང་ལོངས་སྤྱོད་སྙན་གྲགས་དང་ཕྲིན་ལས་ནམ་མཁའ་དང་མཉམ་པར་རྒྱས་པར་འགྱུར་བའོ། །ཡང་སྦྱང་གཞི་ཚངས་པའི་གནས་བཞི་ལ་སྦྱོང་བྱེད་ཚད་མེད་པ་བཞི་བསྒོམས་པས། འཇིག་རྟེན་པའི་མེས་པོ་ལྷ་ཚངས་པ་ཡིན་པས་འཇིག་རྟེན་ན་དེ་བས་དབང་ཆེ་བ་མེད་ཅིང་། དེ་ཐམས་ཅད་དེའི་གཡོག་ལྟ་བུ་ཡིན་པའི་ཕྱིར་དུ། ལྷ་འདྲེ་མཐུ་བོ་ཆེ་རྣམས་དང་། འཇིག་རྟེན་པ་ཐམས་ཅད་གདུལ་བྱར་འགྱུར་ཞིང་། མཐར་ཐུག་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ལྟ་བུའམ། འཁོར་ལོ་བདེ་མཆོག་ལྟ་བུས་སེམས་ཅན་གྱི་དོན་མཛད་པའང་དེའི་རང་གཟུགས་ཡིན་ནོ། །གཞན་གྱི་སྡུག་བསྔལ་བསྡུས་པས་བློ་སྦྱོང་གི་བོགས་འདོན་ཅིང་། དེ་ལ་རང་གི་སེམས་སུ་ཤེས་པས་དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཞིང་། །ཐམས་ཅད་ཀྱི་ཡོན་ཏན་གྱི་བདེ་ཆོས་མྱུར་དུ་བསྐྱོད་པའོ། །གཉིས་པ་གསང་སྤྱོད་ཉམས་སུ་བླང་བའི་ཚུལ་ནི། འདྲེར་འཛིན་གྱི་རྣམ་རྟོག་དང་བདག་འཛིན་གྱི་ལྟོས་ཐག་བཅད་པ་དང་། བྱང་ཆུབ་སེམས་ལ་བོགས་དབྱུང་བའི་ཕྱིར། གཅོད་པར་ཕྱིན་ལ་རོ་མཉམ་ཞིང་ཐག་བཅད་དོ། དེའང་རང་ལ་ལྷ་འདྲེ་གདོན་ཟེར་བ་ཡོད་ན་དེའི་ས་རུ་འགྲོ། དེ་མ་ཡིན་ན་གང་གཉན་ས་འདྲེ་ཆེ་བའི་སར་ཕྱིན་ལ། དེའི་ཡངས་དམིགས་སམ་གང་འཇིགས་འཇིགས་འདྲ་བ་རུ་ཕྱིན་ལ་མལ་བཅས་ཏེ། ལུས་འཁྲུལ་འཁོར་གནས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བླ་མ་ལ་གསོལ་བ་གདབ། བྱང་ཆུབ་ཀྱི་མཆོག་དང་སེམས་བསྐྱེད། དེ་ནས་གནས་བདག་དེས་གཙོ་བྱས་པའི་སེམས་


LT19_Page_140B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་གོང་གི་ཚད་མེད་པ་བཞི་པོ་དེ་སྙིང་ཐག་པ་ནས་ནན་ཏན་བསྐྱེད་ལ། ཡུན་རིང་དུ་གནད་དུ་བཏང་། དེར་འཇིགས་པ་དང་ཡང་བའི་རྟོག་པ་བྱུང་ན་འདི་སེམས་ཅན་མ་རུ་མ་ཤེས་པས། གནོད་བྱེད་འདྲེ་གདོན་དུ་བཟུང་བས་ལན། ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་གཞན་དོན་དུ་མ་ཐོངས་པས། རང་ལུས་ལ་བདག་འཛིན་སྐྱེས་པས་ལན་པས། ཁྱོད་ཀྱི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཁ་ཙམ་དང་ཚིག་ཙམ་དང་གོ་ཡུལ་དུ་སོང་ནས་འདུག་པ། ཁྱོད་ལ་བློ་སྦྱོང་གི་སྐྱེ་ཚུལ་དེ་ལས་མི་འདུག་པ་སྙམ་དུ་རང་ལ་ཐག་བཅད་དེ་སྐྱོན་གྱི་རྩ་བ་བཏོན་ལ། ལྷ་འདྲེ་འདི་ནི་དྲིན་ཅན་མ་ཡིན་ན། ཕ་མས་འཇིགས་སམ། ཕ་མ་ལ་བག་ཚའམ། གཞི་བདག་གིས་གཙོར་བྱས་བའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་ཡིན་པ་ལ། སྔོན་ཆད་དྲིན་ལན་གང་ཡང་མ་ལོན་པས། ད་རེས་ལུས་འདི་བཏང་དགོས་སྙམ་དུ་བསམ་ལ། སྙིང་རྗེ་དུང་བ་གཅིག་བསྒོམས་ལ་གཞི་བདག་དེས་གཙོར་བྱས་པའི་ལྷ་འདྲེ་དཔག་ཏུ་མེད་པ་ཐིབས་ཀྱིས་བྱུང་བར་བསམ། དེ་ཐམས་ཅད་ཕ་མ་རུ་ཤེས་པས་དྲིན་ཆེན་གྱི་མཁྱེད་རྣམས་ལ་དྲིན་ལན་དུ་སྟོར་བས་ཤ་དགའ་བ་ཤ་ཁྱེར། ཁྲག་དགའ་བ་ཁྲག་ཁྱེར། རུས་པ་དགའ་བ་རུས་པ་ཁྱེར། སོ་སོ་ཅི་འདོད་པ་ཁྱེར་ཅིག །ད་ལྟར་ཉིད་དུ་ཁྱེར་ཅིག་ཅེས་པས་ལྟོས་པ་མེད་པར་ཐམས་ཅས་ལ་ལིང་ཀྱིས་བསྐྱུར་ལ། ལུས་ལ་སེམས་ཀྱི་ཕྱི་མིག་ཀྱང་མི་ལྟ་བར་སེས་ཀྱིས་བཞག་སྟེ། སེམས་བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའི་ངང་ལ་ཕྱམས་ཀྱིས་ཡུན་རིང་དུ་བཞག་གོ །དེ་ནས་གོང་ལྟར་ལ་འདྲེ་རང་སེམས་སུ་ཤེས་པས་རང་དང་ལྷ་འདྲེ་གཉིས་སུ་མེད་ཅིང་རང་ངོ་སྐྱེ་འགག་གནས་གསུམ་དང་བྲལ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་མཉམ་པར་བཞག་ལ། གཉིད་ལོག་པ་དང་སད་པ་དང་། ཉིན་པར་ལ་སོགས་པ་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ལ་རྩེ་གཅིག་བསྒོམ་ཞིང་། ཁྱད་པར་ལྷ་འདྲེའི་ཆོ་འཕྲུལ་བྱུང་ན་རང་གི་བྱང་ཆུབ་ཀྱི་སེམས་


LT19_Page_141A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟེམ་བརྐྱང་བྱུང་ཞིང་། འདྲེར་འཛིན་གྱི་རྟོག་པ་སྐྱེས་པའི་རང་གཟུགས་ཡིན་སྙམ་དུ་ཤེས་པས་གོང་ལྟར་གནད་དུ་བསྣུན་ཅིང་། ལུས་ལྷ་འདྲེ་ལ་སྦྱིན་པ་བཏང་བ་ལ་ནན་ཏན་བསྐྱེད། སེམས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་རྩེ་གཅིག་ཏུ་བསྒོམ། ཀུན་འཇུག་ཐམས་ཅད་ལ་སྨོན་ལམ་རྒྱ་ཆེན་པོ་མང་དུ་གདབ་ཅིང་། ལྷ་འདྲེ་དེ་དག་གདུལ་བྱར་སྨོན་ལམ་གདབ། ཆོས་ཀྱི་སྦྱིན་པ་གཏང་། དཀར་པོའི་འབྲེལ་གདགས། གཞན་དོན་གྱི་རྟེན་འབྲེལ་བསྒྲིག །དེ་ལྟར་ཇི་སྲིད་རང་གི་འདྲེར་འཛིན་གྱི་རྟོག་པ་དང་ཡ་ང་བའི་ཁུ་འཁྲིགས་ཆོད་དེ། སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་མ་བྱུང་གི་བར་དུ་བསྒོམ། གཉིས་པ་བསྐྱེད་རིམ་ལྷའི་འཁོར་ལོས་ལྷ་འདྲེ་ལམ་དུ་སློང་ཚུལ་གཉིས་ལས། དང་པོ་སྤྱིར་ལམ་དུ་སློང་བ་ནི། སྨིན་བྱེད་བུམ་པའི་དབང་ཐོབ་ནས་གྲོལ་བྱེད་བསྐྱེད་རིམ་སྒོམ་པའི་རྣལ་འབྱོར་པ་ལ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོ། །ཚོར་བ་ཐམས་ཅད་བདེ་བ་ཆེན་པོ་ཡིན་ཏེ། དེ་ལ་ལྷ་མ་ཡིན་པའི་གནོད་བྱེད་བགེགས་ཤིག་གུད་དུ་བྱུང་ན་བུམ་དབང་བསྐུར་ཡང་མ་ཐོབ་ལ། སྐྱེད་རིམ་བསྒོམས་ཀྱང་མ་འབྱོངས་པས། དུས་རྣམ་པ་ཐམས་ཅད་དུ་རང་གཞན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡི་དམ་ལྷའི་འཁོར་ལོར་ཤེས་པར་བྱ་སྟེ། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང་མ་བྲལ་བར་བྱ། ཁྱད་པར་དུ་རང་ལ་ལྷ་འདྲེའི་བར་ཆད་དམ་གནོད་པ་བྱུང་ན། རང་གི་བསྐྱེད་རིམ་ལ་ལྟེམ་བརྐྱང་ཤོར་ཅིང་། ཐ་མལ་གྱི་སྒོ་གསུམ་འདྲེར་འཛིན་གྱི་རྣམ་པར་རྟོག་པའི་རང་གཟུགས་ཡིན་པས། སྐྱོན་གྱིས་ས་བོན་རང་དུ་ཤེས་པར་བྱས་ལ། གནད་དུ་བསྣུན་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ངམ་ཡི་དམ་གྱི་ལྷ་རུ་བསྒོམ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་རུ་བསྒོམ། མདུན་དུ་གནོད་བྱེད་ཀྱི་བགེགས་དེ་ཡི་དམ་དུ་བསྒོམ། རང་དང་གནོད་བྱེད་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་


LT19_Page_141B
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་གདོན་ཡི་དམ་དུ་ཡོད་པའི་ཐུགས་ཀའི་ས་བོན་ལ་ཕོག་པས། ཐུགས་མཉེས་པའི་མཆོད་པ་ཕུལ་ནས། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཚུར་འཕྲོས་པས། རང་གི་ཐུགས་ཀའི་ས་བོན་ལ་ཕོག་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་ཞིང་། འོད་ཟེར་གྱི་འཕྲོ་འདུལ་རིག་པ་གཏད་ལ་བཟླས་པ་བྱའོ། །དེའི་བྱེད་ལས་ནི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམས་པས་འབྲོས་མི་ནུས་པ་ཡིན། བཅུད་ཀྱི་སེམས་ཅན་ཡི་དམ་དུ་བསྒོམས་པས་རྫུ་མི་ནུས་པ་ཡིན། བགེགས་ཡི་དམ་དུ་བསྒོམས་པས་བསམ་སྦྱོར་ཕན་བདེ་རུ་ལྡོག་པ་ཡིན། རང་ཡི་དམ་དུ་སྒོམ་ཞིང་། དེ་ཐམས་ཅད་དང་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པས་བགེགས་དེ་རང་གི་དབང་དུ་འདུ་ཞིང་། འོད་ཟེར་གྱི་འཕྲོ་འདུ་དེས་དེའི་གནོད་པའི་བསམ་སྦྱོར་ལ་ནུས་པ་སྐྱེས་ཚད་མཆོག་ཐུན་མོང་གི་དངོས་གྲུབ་ཏུ་འགྱུར་ཞིང་དེའི་ནུས་པར་འཆར་རོ། །བར་ཆད་ཀྱི་གདོན་བགེགས་ཞེས་པས་ཟིན་ཐེར་ཟུག་པ་ཞིག་ཡང་དག་ཏུ་གྲུབ་པ་མེད་པས། རང་གི་ནང་གི་སེམས་ཀྱི་བྱེད་པ་ཇི་ལྟར་བལྟས་པ་བཞིན་དུ་ཕྱི་རོལ་དུ་ཡང་དེ་ལྟར་སྣང་སྟེ། འདྲེ་གདོན་དུ་བལྟས་ན་འདྲེ་གདོན་དུ་སྣང་ཞིང་དེའི་བྱེད་ལས་གནོད་པ་དང་བར་ཆད་དུ་འགྱུར་ལ། ཡི་དམ་དུ་བལྟས་ན་ཡི་དམ་དུ་སྣང་ཞིང་དེའི་བྱེད་ལས་ཀྱང་དངོས་གྲུབ་རྣམ་གཉིས་སུ་འབྱུང་སྟེ། ཀུན་སྤྱོད་ལས། འགྲོ་ལྔ་འདི་དག་སངས་རྒྱས་མངའ་བདག་ཉིད། གར་མཁན་དག་དང་རི་མོ་མཁན་ལྟར་གནས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། གཅིག་པུའི་ཉམས་ཀྱིས་སུ་མའི་གར་མཛད་དོ། །ཅེས་པ་དང་། རྗེ་བཙུན་མི་ལའི་ཞལ་ནས། འཁྲུལ་སྣང་གདོན་བགེགས་ཆོ་འཕྲུལ་འདི། །མ་རྟོགས་དུས་ན་ལྷ་འདྲེ་ཡིན། །བར་ཆད་ཐེ་འཚོམ་སྐྱེད་པར་བྱེད། །རྟོགས་པའི་དུས་ན་ཡི་དམ་ལྷ། །མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བྱེད།


LT19_Page_142A
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐའ་ཐུག་ལ་ལྷ་དང་འདྲེ་རུ་མེད། །ཅེས་པ་སྟེ། །རང་གི་ནང་གི་ཐུགས་དམ་གྱི་བྱེད་པས་ཕྱི་རོལ་དུ་ལྷ་འདྲེའི་བར་ཆོད་དང་གནོད་པ་ཐམས་ཅད་ཕན་འདོགས་དང་། དངོས་གྲུབ་དུ་འཆར་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདུད་ཀྱིས་མཚོན་ཆའི་ཆར་ཕབ་པ་མེ་ཏོག་གི་ཆར་དུ་གྱུར་ཅིག །མི་སྙན་པའི་ང་རོ་བསྟོད་པའི་ཚིགས་བཅད་དུ་གྱུར་པ་ལྟ་བུའོ། །དེས་ན་ཡི་དམ་མིན་པ་ལ་ཡིན་པར་བསྒོམ་པའི་ཀུན་བརྟགས་ལྟ་བུ་མ་ཡིན་ཏེ། ལྷ་འདྲེ་དེ་ཉིད་ལུས་གཟུགས་སྐུར་ལྷན་ཅིག་སྐྱེས། ངག་ལོངས་སྐུར་ལྷན་ཅིག་སྐྱེས། སེམས་ཆོས་སྐུར་ལྷན་ཅིག་སྐྱེས། ལྷན་སྐྱེས་ཡི་དམ་གྱི་འཁོར་ལོར་གནས་པ་ལ། ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱེད་པ་སྟེ། བསྐྱེད་རིམ་བརྟེན་ཅིག་དག་པའི་སྒྱུ་ལུས་དང་ཞིང་ཁམས་སྦྱོར་བར་འགྲོ། སྔར་འདྲེ་གདོན་ཏུ་ལྟ་བ་རྣམས་ཀྱི་གནོད་པའི་སྦྱོར་བ་ལྟོག་ཅིང་། ད་འདྲེ་གདོན་གྱིས་མི་ཚུགས་ཅིང་། སྣང་བ་ཡི་དམ་གྱི་ལྷར་འཆར་བའི་གདམས་ངག་ཡིན་ནོ། །གཉིས་པ་རང་གི་བསྐྱེད་རིམ་ཞིང་སྦྱོང་གི་བོགས་དབྱུང་ཞིང་ཡང་བའི་ཁུ་འཕྲིག་འདྲེར་འཛིན་གྱི་རྟོག་པ་གཞོམ་པའི་ཕྱིར་གསང་སྤྱོད་ཉམས་སུ་བླང་བ་ནི། རང་ལ་གདོན་སྟབས་པའམ། གང་འདྲ་ཆེ་ཞིང་གཉན་པའི་ས་དེར་ཕྱིན་ཏེ། རང་ལྷའི་ང་རྒྱལ་བརྟན་པས་གཟུགས་སྣང་སྟོང་མཐོང་ཚད་ཡི་དམ་དུ་ལམ་ལམ་བསྒོམ་ཞིང་། རིག་པ་ངར་དང་ལྡན་པས་ཕྱིན་ཏེ། གཉན་ས་དེ་གཞལ་ཡས་ཁང་དུ་བསྒོམ། གཞི་བདག་དེ་ཡི་དམ་དུ་བསྒོམ། ཡི་དམ་དང་ཞལ་མཇལ་བ་རེ་དགའ་ན། སྣང་བ་ཐམས་ཅད་ཡི་དམ་གྱི་འཁོར་ལོ་དང་ཞལ་མཇལ་བ་རེ་དགའ་ན་སྙམ་དུ་བསམ་ཞིང་ངག་ཏུ་ཡང་བརྗོད་པས་རིག་པ་ཧུར་བུན་གྱིས་བཏང་ལ་སྤྲོས་བཅས་དྲག་པོ་ཞིག་བྱའོ། །དེ་ནས་གཞལ་ཡས་ཁང་དེའི་ཡ་ང་བའམ་འཇིགས་འཇིགས་འདྲ་བ་ཞིག་ཏུ་མལ་བཅས་ལ། གསུམ་ལ་སྐྱབས་འགྲོ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། བླ་མ་ལ་གསོལ་བ་གདབ། དེ་ནས་གོང་གི་མངོན་


LT19_Page_142B
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་བསྒོམས་ལ་འོད་ཟེར་ཀྱི་འཕྲོ་འདུ་ལ་རིག་པ་གཏད་ལ། བཟླས་པ་བྱ་བའམ། ཡང་ན་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་བཞག་གོ །དེ་ལ་ཡང་ཡང་དང་ཁུ་འཕྲིགས་ཀྱི་རྟོག་པ་བྱུང་ན། སྣང་བ་ཡི་དམ་གྱི་འཁོར་ལོ་ཡིན། གདོན་བགེགས་འདི་ནི་ཡི་དམ་གྱི་ལྷ་ཡིན། ཁྱོད་ཡི་དམ་གྱི་ལྷས་འཇིགས་སམ། ཡི་དམ་མངོན་སུམ་དུ་བྱུང་ན་དགའ། གསུང་རང་མཇལ་ན་དགའ་བས། ཁྱོད་འཇིགས་ཤིང་ཡ་ང་བ་ནི་སྣང་བ་འདི་ཡི་དམ་དུ་མ་ཤེས་པས་འདྲེ་གདོན་དུ་བཟང་བས་ལན་པ་ཡིན་ན་ཁྱོད་ཀྱི་བསྐྱེད་རིམ་ཙམ་པོ་དེས། མ་གྲུབ་ཟིན་སམ་དུ་རང་ལ་ཐག་བཅད་དེ། ཡང་དང་ཁུ་འཕྲིགས་སེ་དེ་ན་ལུས་ཀྱི་གཅེས་འཛིན་འདིས་ལན་པས། ཐ་མལ་གྱི་ཞེན་པ་བཏང་དགོས་སྙམ་དུ་བསམ་ཏེ། རང་གི་མདུན་དུ་མི་མགོ་སྐམ་པོ་གསུམ་གྱི་སྒྱེད་པུ་གསུམ་བསམ། སེམས་ཡི་དམ་དུ་ཡོད་པ་དེས་རང་གི་ཐོད་པས་ཕྱག་སྟེ་སྡང་པ་དེའི་སྟེང་དུ་བཞག །དེའི་ནང་དུ་རང་གི་ལུས་དེ་ཡེ་ཤེས་ཀྱི་བདུད་རྩིར་བཞུ་སྟེ་དེ་ནས་གཞི་བདག་དེས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཡི་དམ་གྱི་ལྷར་སྤྱན་དྲངས་ཏེ། དེ་རྣམས་ལ་བདུད་རྩི་དེ་ནས་ཐོད་པས་གཅུས་ཅིང་དྲངས་པས། ལྷ་ལ་ལྷ་ཐིམ་པའི་ཚུལ་དུ་རོལ་བས་དེ་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཕྲིལ་ཕྲིལ་ཡོད་པར་བསམ། མཐར་བདག་ལ་མཉེས་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་གནང་བར་བསམས་ལ། ལྷ་འདྲེ་དེ་རྣམས་རང་ལ་བསྡུ། རང་ཡི་དམ་དུ་གསལ་བས་རང་དང་ལྷ་འདྲེ་གཉིས་སུ་མེད་པར། སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ངང་ལ་རྣམ་རྟོག་གིས་སུན་ཐག་བཅད་དེ་ཕྱམས་ལིངས་ཀྱི་བཞག་གོ །དེའི་ངང་ལ་གཉིས་ལོག་གོ ཆོ་འཕྲུལ་བྱུང་ན་ཡི་དམ་གྱི་རྣམ་འཕྲུལ་བྱོན་པ་ཨ་རེ་དགའ། ད་རུང་དེ་བས་ཀྱང་ཆེ་བ་དངོས་གྲུབ་ཏུ་བྱོན་པར་ཞུའོ་སྙམ་དུ་བསམ་ཞིང་ངག་ཏུ་ཡང་བརྗོད་ལ། རིག་པ་གྲུང་བཏོན་ཏེ། ཡང་དག་ཉིད་ཆེན་པོའི་ཚོགས་འཁོར་ཅིག་བྱ་སྟེ། གོང་གི་མངོན་རྟོགས་དེ་གནད་དུ་བསྣུན། མཐར་དེ་ཐམས་ཅད་རང་ལ་


LT19_Page_143A
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་བཞག་གོ །མཚན་མོ་ཡང་དེ་ཉམས་སུ་བླང་ཞིང་། ཉིན་པར་དང་རང་གཞན་སྣང་བ་ཐམས་ཅད་ཡི་དམ་ལྷའི་འཁོར་ལོ་ལ་ཡུན་རིང་དུ་དྲན་པ་རྒྱུན་ཆགས་སུ་བསྐྱང་ཞིང་རང་གཞན་གཉིས་སུ་མེད་པའི་ངང་ལ་ཕྱམས་བཞག་པའམ། བཟླས་པ་བྱའོ། །རྒྱུན་གཏོར་གཏོང་ན་གཞི་བདག་དེ་ལྷའི་འཁོར་ལོར་བྱས་ལ་དབུལ་ལོ། །དེ་ལྟར་རང་གི་བསྐྱེད་རིམ་ལ་བོགས་དབྱུང་བ་དང་། ཡ་ང་བའི་འཁུ་འཕྲིགས་ནམ་ཆོད་ཆོད་ཉམས་སུ་བླང་། འདིས་མྱུར་དུ་བསྐྱེད་རིམ་བརྟན་པར་བྱེད་དེ། གཞན་དུ་ལོ་གསུམ་བསྒོམས་པ་བས། གཉན་སར་ཞག་གསུམ་བསྒོམས་པ་བོགས་ཆེ། གཞན་ཡང་རང་གི་ཆགས་པ་ལ་སོགས་པའི་བར་ཆད་ཐམས་ཅད་སེལ་ལོ། །གདོན་ལྟ་བ་ཡོད་ན་དེའི་གནོད་པའི་སྦྱོར་བ་ལྡོག་ལ། །ལྷ་འདྲེ་ལ་བརྟེན་པའི་མཐུ་དང་ནུས་པ་དཔག་ཏུ་མེད་པ་འབྱུང་ངོ་། །གསུམ་པ་ལམ་ཟབ་མོ་བླ་མ་ལ་མོས་གུས་ཀྱིས་ལམ་དུ་བྱེད་པ་ནི། སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་མོས་གུས་ཡིན། དེ་ལམ་དུ་བྱེད་པ་ལ་བླ་མ་སངས་རྒྱས་སུ་མཐོང་དགོས། དེ་ལ་ཡང་སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན། དེ་ལ་སངས་རྒྱས་ཆོས་ཀྱི་སྐུ་དེ་ལུས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་དང་དབྱེ་བ་མེད་པར་བཞུགས་པ་ཡིན། ལོངས་སྤྱོད་རྫོགས་པའི་སྐུ་དེ་རང་གཞན་གྱི་ལུས་ངག་ཡིད་གསུམ་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་བརྟན་གཡོ་དང་དབྱེ་བ་མེད་བར་བཞུགས་པ་ཡིན། སངས་རྒྱས་སྤྲུལ་པའི་སྐུ་དེ་སངས་རྒྱས་བྱང་སེམས་ཉན་རང་སོ་སོ་སྐྱེ་པོ་འབྱུང་བ་སེམས་པོ་ཐམས་ཅད་ཀྱི་རང་རང་གི་ནུས་པས་འགྲོ་དོན་བྱེད་པ་དང་དབྱེར་མེད་པར་བཞུགས་པ་ཡིན། དེ་ལྟར་སྣང་བ་ཐམས་ཅད་བླ་མ་སྐུ་གསུང་གྱི་ངོ་བོ་ཡིན། སྣང་བ་ཐམས་ཅད་བླ་མར་མགོ་བའམ། བླ་མ་མིན་པའི་འདྲེ་གདོན་ཅིག་གུད་དུ་བྱུང་ན་མོས་གུས་བྱས་ཀྱང་མ་སྐྱེས་པ་ཡིན། བྱིན་རླབས་ཞུས་ཀྱང་མ་ཞུགས་


LT19_Page_143B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ཕྱོགས་འཛིན་ཞེན་པའི་མོས་ཞུས་དེས་དོན་མི་འགྲུབ་པ་ཡིན། དུས་ཐམས་ཅད་དུ་རང་གཞན་ལྷ་འདྲེ་བཟང་ངན་མཐོ་དམན་མེད་པར་སྣང་བ་བླ་མའི་དཀྱིལ་འཁོར་དུ་ཤེས་པས་གཉིས་སུ་མེད་པར་གསོལ་བ་གདབ་པོ། །ཁྱད་པར་དུ་ལྷ་འདྲེའི་བར་ཆད་དམ་གནོད་པ་བྱུང་ན། རང་གི་མོས་གུས་ལ་ལྟེམ་བརྐྱང་བྱུང་ནས། སྣང་བ་བླ་མའི་དཀྱིལ་འཁོར་ལ་འདྲེ་གདོན་དུ་བཟུང་བའི་རྣམ་རྟོག་དེའི་རང་གཟུགས་སུ་ཤེས་པས་གནད་དུ་བསྣུན་པ་ནི། རང་ཉིད་ཡི་དམ་གྱི་ལྷར་བསྒོམ། འདྲེ་གདོན་དེ་རྩ་བའི་བླ་མར་བསྒོམས་ལ་གདན་བཞི་བརྩེགས་ཀྱི་སྟེང་དུ་སྤྱི་བོའི་གཙུག་ཏུ་བསྒོམ། དེ་ལ་བླ་མ་བརྒྱུད་པ་དང་བཅས་པ་རྣམས་བསྟིམ། དེ་ལ་ལུས་ལོངས་སྤྱོད་ལྟོས་པ་མེད་བར་ཕུལ་ལ། སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་གསོལ་བ་ཕུར་ཚུགས་སུ་གདབ། རྨད་དུ་བྱུང་བའི་བྱིན་རླབས་འབྱུང་སྟེ། འདྲེ་གདོན་དེའི་ལུས་ངག་ཡིད་གསུམ་གྱི་གཤིས་བླ་མ་སྐུ་གསུམ་གྱི་ངོ་བོར་གདོད་མ་ནས་དབྱེར་མེད་པར་བཞུགས་པ་ཡིན། དེའི་གནོད་དུ་དེ་ལྟར་བསྣུན་པས་འདྲེ་གདོན་དེའི་གནོད་པའི་སྦྱོར་བ་ཐམས་ཅད་བྱིན་རླབས་ཀྱི་དཔུང་དུ་འབར་བ་སྟེ། གཤིས་ཅི་ཡང་མ་ཡིན་པས་རྐྱེན་གྱིས་ཅིར་ཡང་བྱར་བཏུབ་པའོ། །གཞན་ལ་བྱིན་རླབས་བྱེད་ན་ཡང་ནད་པ་དེ་ཡི་དམ་དུ་བསྒོམ། དེའི་སྤྱི་བོར་འདྲེ་གདོན་དེ་བླ་མར་བསྒོམས་ལ། ནད་པ་དེའི་ལུས་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ་ལ། བླ་མ་ལ་བླ་མ་བརྒྱུད་པ་དང་བཅས་པ་བསྟིམས་ཏེ་གསོལ་བ་བཏབ་པས། གདོན་དྲག་པོ་ལ་ནད་པ་ལ་ང་རོ་ཆེར་འོང་བར་འདུག་སྟེ། དེ་ཡང་བླ་མའི་རྣམ་སྤྲུལ་དང་ཐུགས་རྗེའི་འཛིན་སྟངས་སུ་ཤེས་པས། མོས་གུས་ལྟེམ་བརྐྱང་མེད་པར་གསོལ་བ་བཏབ་པས། གནོད་བྱེད་དེའི་ནུས་པ་ཐམས་ཅད་བྱིན་རླབས་ཀྱི་དཔུང་དུ་སོང་ནས་མྱུར་དུ་ནང་སོས་ནས་འགྲོ་བར་འདུག་སྟེ། ནད་པའི་བྱིན་རླབས་ཀྱང་འདིས་མཛད་པར་གདའ་འོ། །དེ་ལྟར་མོས་གུས་གནད་དུ་གཏོང་བ་འདིས་རང་


LT19_Page_144A
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་རྟོག་ངན་གནོད་པ་ཐམས་ཅད་ཟློག་ལ། ཕྱིན་ཆད་ཀྱང་གདོན་གྱིས་མི་ཚུགས་པ་དང་། མྱུར་དུ་མོས་གུས་དང་དག་སྣང་རྒྱ་ཆེན་པོ་འཆར་བར་འདུག་གོ །གཉིས་པ་རང་གི་མོས་གུས་ལ་བོགས་དབྱུང་ཞིང་ཡང་བའི་ཁུ་འཕྲིགས། །འདྲེར་འཛིན་གྱི་རྟོག་པ་གཅོད་པ་ལ་གསང་སྤྱོད་ཉམས་སུ་བླང་བ་ནི། གཉན་ས་དེ་གཞལ་ཡས་ཁང་། གཞི་བདག་རྩ་བའི་བླ་མ་སྐུ་གསུམ་གྱི་ངོ་བོ། རང་ཡི་དམ་དུ་གསལ་བས་རིག་པ་ངར་དང་ལྡན་པར་བྱས་ཏེ་སླེབ་པ་དང་བླ་མ་ཡི་དམ་ཞལ་མཇལ་བར་བསམས་ལ། བླ་མ་དང་མཇལ་བ་རེ་དགའ་སྙམ་དུ་བསམ་ལ་ངག་ཏུ་བརྗོད་ཅིང་སྤྲོས་བཅས་དྲག་པོ་ཞིག་བྱའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དེ། རང་ཡི་དམ་དུ་བསྒོམ། གཞི་བདག་དེ་རྩ་བའི་བླ་མར་བསྒོམས་ལ། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མའི་སྐུའི་རྣམ་པར་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམས་པས་སྣང་བ་ཐམས་ཅད་བླ་མར་བསྒོམས་ལ། རང་གི་ལུས་དབང་པོ་ཁོག་རྟེན་དང་བཅས་པ་འདི་ལྟོས་མེད་དུ་ཕུལ་ལ། ལུས་ལ་ཉེ་བར་མཁོ་བའི་ལོངས་སྤྱོད་ཐམས་ཅད་ཕུལ་ལ་མོས་གུས་ཚད་མེད་པས་གསོལ་བ་ཕུར་ཚུགས་སུ་གདབ་བོ། །དེ་ནས་བྱིན་རླབས་ཞུས་ཏེ་བླ་མ་རང་ལ་བསྡུས། རང་དང་བླ་མ་སྣང་བ་ཐམས་ཅད་གཉིས་སུ་མེད་པ་བླ་མ་ཆོས་སྐུའི་ངང་ལ་ཡུན་རིང་དུ་བཞག་གོ །དེའི་ངང་ལ་གཉིད་ལོག་གོ །དེར་ཡང་འཇིགས་པ་དང་ཡ་ང་བའི་རྟོག་པ་བྱུང་ན་སྣང་བ་བླ་མའི་དཀྱིལ་འཁོར་ཡིན། ལྷ་འདྲེ་འདི་ནི་བླ་མ་སྐུ་གསུམ་གྱི་ངོ་བོ་ཡིན། ཁྱོད་བླ་མས་འཇིགས་སམ། བླ་མ་དངོས་སུ་བྱོན་ན་དགའ། ཞལ་མཇལ་ན་དགའ། གསུང་ཐོས་ན་དགའ། སྣང་བ་སྐུ་གསུམ་གྱི་ངོ་བོ་ལ་ཁྱོད་འདྲེར་འཛིན་གྱི་རྟོག་པ་འཆར་བ། མོས་གུས་ཀྱི་ཁམས་དེ་ལས་མེད་པ་སྙམ་དུ་རང་ལ་ཐག་བཅད་ལ། གང་གི་བླ་མའི་རྣལ་འབྱོར་ལ་ཤིན་ཏུ་འཇུར་བར་ཞིག་གནང་དུ་གཏང་ངོ། །རྨད་དུ་བྱུང་བའི་བྱིན་རླབས་འབྱུང་། ཆོ་འཕྲུལ་འབྱུང་ན་


LT19_Page_144B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣམ་འཕྲུལ་དང་ཐུགས་རྗེའི་འཛིན་སྟངས་སུ་ཤེས་པའི་མོས་གུས་ལ་དྲག་ཏུ་བསྣུན་པས་བྱིན་རླབས་ཀྱི་ཉམས་བུན་མ་བུན་མ་འོང་སྟེ། ཉམས་སྣང་ཁ་མི་བསྐྱིལ་བར་འུར་གྱིས་གཏང་ངོ་། །དེ་ལ་ཉིན་མཚན་མེད་པར་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་རང་ལྷ་རུ་ཀྲོང་ངེ་། གཞི་བདག་དེ་བླ་མ་ཀྲོང་ངེ་། སྣང་བ་མཐོང་ཚད་བླ་མ་སྐུ་གསུམ་དུ་ཀྲོང་ཀྲོང་སྦྱོང་ཞིང་། རང་གི་མོས་གུས་ལ་བོགས་ཐོན། ཡ་ང་བའི་སྙེམ་ཐག་ཆོད་ཆོད་ཀྱི་བར་དུ་ཉམས་སུ་བླང་ངོ་། གཏོར་མ་ལ་སོགས་པ་གཏོང་ན། ཡང་བླ་མ་ལ་འབུལ་བ་བྱས་ལ་བཏང་ངོ་། །དེས་རང་གི་མོས་གུས་ལ་བོགས་རྒྱངས་པ་འོང་། དག་སྣང་ཕྱོགས་མེད་དུ་འཆར། གཞི་བདག་དེའི་ནུས་པ་དང་འཇིག་རྟེན་པའི་ལྷ་འདྲེ་ཐམས་ཅད་ཀྱི་ནུས་པ་བྱིན་རླབས་སུ་འཆར་རོ། །གཞི་བདག་གཉན་གིན་བྱིན་རླབས་ཆེ་བར་འོང་། དེས་ནི་བྱིན་རླབས་ཀྱི་ཚན་ཀ་མྱུར་དུ་འབབས་པའོ། །བཞི་པ་གཉིས་མེད་ཕྱག་རྒྱ་ཆེན་པོས་ལམ་དུ་བྱེད་པ་ལ་གཉིས་ལས། སྤྱིར་ལམ་དུ་སློང་བ་ནི། སྨིན་བྱེད་དབང་བཞི་པ་ཐོབ་ནས་གྲོལ་བྱེད་ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྒོམ་པའི་རྣལ་འབྱོར་པ་ལ། སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་ཤིང་ལུས་པ་མེད་པར་ཐམས་ཅད་སོ་མཉམས། མདོག་མ་བསྒྱུར་བར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་ཞིང་། དེ་ལས་ལོགས་པའམ། དེའི་གོང་ན་གཞན་མེད་དེ། སྤང་བླང་མེད་པར་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་མིན་པའི་ལྷ་འདྲེ་ཞིག་ལོགས་སུ་བྱུང་ན། དབང་བཞི་པ་བསྐུར་ཀྱང་མ་ཐོབ་ལ། །ཕྱག་རྒྱ་ཆེན་པོ་བསྒོམས་ཀྱང་མ་སྐྱེས་པ་ཡིན་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་པ་ཐམས་ཅད་རང་ལ་བསྡུ་རང་ངོ་ཤེས་པས། གཉིས་མེད་རང་དག་ཏུ་ཤར་བའི་ངང་ལ་རྒྱུན་ཆད་མེད་པར་གནས་པར་བྱའོ། །ཁྱད་པར་དུ་ལྷ་འདྲེའི་བར་ཆད་དམ་གནོད་པ་བྱུང་བའི་དུས་སུ། རང་གི་དགེ་སྦྱོར་ལ་ལྟེམ་བརྐྱང་བྱུང་བས། གང་ཤར་ངོ་མ་ཤེས་


LT19_Page_145A
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདྲེར་འཛིན་གྱི་རྣམ་རྟོག་རང་ཁ་མར་ཤོར་བའི་རང་གཟུགས་ཡིན་པས། སྐྱོན་གྱི་ས་བོན་དེ་ངོ་ཤེས་པར་བྱས་ལ་གནང་དུ་བསྣུན་པ་ནི། འདྲེར་སྣང་དང་འདྲེར་འཛིན་བར་ཆད་གནོད་པ་རུ་ལམ་མེ་བདེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། དེའི་ངོ་བོ་གསལ་སྟོང་བློ་བྲལ་ཡུལ་མེད་དུ་རྗེན་ལྷང་ངེ་འགྱུར་བ་དེ། ལྷ་འདྲེ་ངན་པ་ཞིག་གུད་དུ་སྤངས་ལ་ཕྱག་རྒྱ་ཆེན་པོ་བཟང་པོ་ཞིག་གུད་དུ་བཙལ་མ་དགོས་པར་འདྲེ་གདོན་བར་ཆད་ཀྱི་རྣམ་རྟོག་དེ་ཉིད་རང་གཉིས་མེད་ཕྱག་རྒྱ་ཆེན་པོར་རང་ངོ་ཤེས་པ་དེ་ལ། བདུད་རང་བྱུང་དང་གཅོད་རང་གྲོལ་ཞེས་བྱའོ། རང་ཞི་ཙ་ན་བདུད་ཞི། རང་གནས་ཙ་ན་བདུད་གནས། བདུད་རང་དུ་ཤེས་ཤིངས་དང་ཤེས་པས་རྒྱལ་བ་བདུད་ལས་རྒྱལ་བའི་དཔའ་བོ་ཞེས་བྱའོ། །ལྷ་དང་བཅས་པའི་ཅོད་པན་གྱི་རྒྱན་དུ་འགྱུར་རོ། །གཞན་ལ་བྱིན་རླབས་བྱེད་པ་ཡིན་ན། ནད་པ་དེའི་རྩར་ཕྱིན་པ་དང་། རང་དང་ལྷ་འདྲེ་ནད་པ་གསུམ་རང་གི་སེམས་སུ་ཤེས་པས། གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པས་མྱུར་དུ་ནད་གདོན་ལས་གྲོལ་བའི་བྱིན་རླབས་ཆེན་པོ་འབྱུང་ངོ། །གཉིས་པ་རང་གི་རྟོག་པ་ལ་བོགས་དབྱུང་ཞིང་ཡ་ང་བའི་ཁུ་འཕྲིགས་གཅོད་པ་ལ་གསང་སྤྱོད་བྱ་བ་ནི། རང་ལ་གདོན་ལྟ་བའམ་གཉན་ས་དེར་ཕྱིན་ཏེ། ལུས་སེམས་གཉིས་སུ་མེད་པ། སྣང་སེམས་གཉིས་སུ་མེད་པ། བེམས་རིག་གཉིས་སུ་མེད་པ། རང་དང་ལྷ་འདྲེ་གཉན་ས་ཐམས་ཅད་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་ལ་དེའི་རྒྱུན་མ་ཡེངས་པར་བསྐྱང་ངོ་། །ཡ་ང་བའི་ཁུ་འཕྲིགས་སམ་ལྷ་འདྲེའི་ཆོ་འཕྲུལ་བྱུང་ན། འདྲེར་འཛིན་འདྲེར་སྣང་དེ་ཉིད་ཀྱི་ངོ་བོ་ལ་ངོ་ཤེས་བྱ་ཞིང་། བདུད་རང་གྲོལ་དང་གཅོད་རང་གྲོལ་གྱི་གནད་ཤེས་པས་གང་ཤར་ཐམས་ཅད་བཟོ་མེད་ཆོས་ཉིད་དུ་རྩལ་སྦྱང་ངོ་། །དེ་ལྟར་ཉམས་སུ་བླངས་པས་རང་གི་རྟོགས་པ་ལ་བོགས་མྱུར་དུ་ཐོན་ཅིང་། རང་གཞན་དབྱེར་མེད་དུ་ཤེས་ཤིང་རྣམ་རྟོག་དེ་དབང་དུ་འདུས་པའི་གནད་ཀྱིས་གཞི་བདག་དེས་གཙོ་བྱས་པའི་ལྷ་འདྲེ་ཐམས་ཅད་དབང་དུ་འདུ་ཞིང་


LT19_Page_145B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱ་མཆོད་པའི་གནས་སུ་འགྱུར་རོ། །དེ་ལྟར་ལྷ་འདྲེའི་གཞི་གཅིག་ལ་རང་གི་བྱེད་པ་ཐ་དད་ཀྱིས་བྱེད་པ་ཐ་དད་དུ་འབྱུང་སྟེ། གཤིས་ཆོས་ཉིད་ཅི་ཡང་མ་ཡིན་པ་ལ་རྐྱེན་གྱིས་ཅིར་ཡང་བྱར་བཏུབ་པའི་ཕྱིར། ད་ཕྱིན་ཆད་ལྷ་འདྲེའི་རྟོག་པ་བྱུང་ཚད་དེ་ལྟར་ལམ་དུ་བཏང་ཞིང་། དགྲ་སྡང་བ་ལ་སོགས་པ་མི་མཐུན་པའི་རྐྱེན་ངན་བྱུང་ཚད་ཕ་མའམ། བླ་མའམ། ཡི་དམ་མམ། ཆོས་སྐུར་ཤེས་པས་ལམ་དུ་བྱེད་ཚུལ་གང་ཡང་རུང་བས་ལམ་དུ་བསླང་ངོ་། །རྣམ་རྟོག་ལ་བཟོ་མཁས་པ་ཤེས་པས་འཁོར་འདས་ཀྱི་བདེ་ལེགས་རང་གིས་བྱེད་པ་ཞེས་པ་ཡང་དེ་ཉིད་ཡིན་ལ། ལྟས་ངན་གཡང་དུ་ལྡོག་ཅིང་བར་ཆད་དངོས་གྲུབ་ཏུ་སྤུངས་པའང་དེ་ཡིན་ནོ། །ལྷ་འདྲེ་ལམ་དུ་བྱེད་ཚུལ་འདི་མདོ་རྒྱུད་ཀྱི་དགོངས་པ་ཐམས་ཅད་དང་མཐུན་ཅིང་། གདམས་ངག་བཀའ་མ་ཐམས་ཅད་ནས་ཀྱང་ནང་གདོན་བླ་མར་བལྟ། ཡི་དམ་དུ་བལྟ། ཆོས་སྐུར་བལྟ་ཅེས་པ་ལ་སོགས་མང་དུ་གསུངས་ཏེ། ཉམས་མྱོང་ཆོས་སྤྱན་མེད་པས་མ་གོ་།ལྷ་འདྲེ་ལམ་དུ་བྱེད་པ་འདི་ལས་ཟབ་པ་མེད་ཇོ་མོ་ལབ་སྒྲོན་མའི་བདུད་གཅོད་དམ། གསང་སྤྱོད་ཟློག་སྒོམ་མ་ལ་སོགས་པ་བས་ཀྱང་འདི་ལམ་གྱི་འཆུན་ཆེ་སྟེ། འདི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་རིམ་དང་མོས་གུས་དང་། ཕྱག་རྒྱ་ཆེན་པོ་བཞི་ཀའི་བོགས་འདོན་ཡིན་གསུངས། གསང་སྤྱོད་ལ་གཉན་ས་གཅིག་ཏུ་ལྷ་འདྲེ་ལམ་དུ་བྱེད་ཚུལ་བཞི་པོ་འདི་ལ་ཞག་གསུམ་གསུམ་བཅུ་གཉིས་ཀྱིས་ཐག་ཆོད་པ་ཡིན་གསུངས། འདི་ངའི་ཉམས་མྱོང་སོ་མ་ཡིན་པས་ཉམས་སུ་བླངས་ན་གདམས་ངག་གཞན་དང་བློ་བོགས་ལ་ཁྱད་ཡོད། བསྒོམས་ལ་ལྟོས་གསུངས། གསང་སྤྱོད་རྨང་ལམ་པའི་ཞལ་གདམས་ཅུང་ཟད་ཡི་གེར་བཀོད་པའོ། །།།།། ༈ ན་མཿཤྲཱི་བཛྲ་ཡོ་གཾ་ནཱི། བླ་མ་རིན་པོ་ཆེ་ཤྲཱི་རི་རས་སྔོན་ན་རྡོ་རྗེའི་སྐྱིལ་ཀྲུང་ལ་བཞུགས་པའི་དུས་སུ། ནུབ་གཅིག་གི་ནམ་ཕྱེད་སྨད་ཙམ་ན། མཚན་མའི་ཁྱད་པར་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་བྱུང་། དེ་ནས་མནལ་དེ་སད་པ་དང་། གླུ་ལེན་མཁའ་འགྲོ་མ་བཞི་བཞུགས་


LT19_Page_146A
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཧཱུྃ་སྐོར་གྱི་གདམས་ངག་བཞི་གནང་བ་ནི། རྡོ་རྗེ་མཁའ་འགྲོས་གནང་བ་ལ་འོད་གསལ་ལ་ལམ་དུ་བྱེད་པའི་ཧཱུྃ་སྐོར་དང་། རིན་ཆེན་མཁའ་འགྲོས་གནང་བ་ལ་ནད་འདོན་གྱི་ཧཱུྃ་སྐོར་དང་། པདྨ་མཁའ་འགྲོས་གནང་བ་ལ་ཐིག་ལེ་དབང་དུ་བྱེད་པའི་ཧཱུྃ་སྐོར་དང་། ལས་ཀྱི་མཁའ་འགྲོས་གནང་བ་ལ་བར་ཆད་སེལ་བའི་ཧཱུྃ་སྐོར་དང་བཞི་གནང་བ་ཡིན། དེ་རྣམས་ལས་མཇལ་ལུགས་དང་གནས་ལུགས་བརྡར་བསྟན་པ་ལ་སོགས་པ་ངོ་མཚར་ཆེ་བ་ཡོད་དེ་སྨྲ་མ་བཏུབ་གསུངས། དེ་ལ་རིན་ཆེན་མཁའ་འགྲོས་གནང་བ་ནད་འདོན་གྱི་ཧཱུྃ་སྐོར་ནི། རིན་ཆེན་མཁའ་འགྲོ་སྐུ་མདོག་མི་ཤ་ཁ་སེར་མོ་སྐུ་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐུགས་ཁ་ན་ཧཱུྃ་མཐིང་ཀ་བཞུགས་པ། དེ་ལས་ཧཱུྃ་དཀར་པོ་ཆད་ཅིང་གྱེན་ལ་འཕྲོ་བ། དམར་པོ་ཆད་ཅིང་ཐུར་དུ་འཕྲོ་བ། ཕྱག་ཞབས་ཧཱུྃ་མཐིང་ག་རྒྱུན་པ་རུ་འབྱུང་ཞིང་རྒྱུན་པ་རུ་འཕྲོ་བ། ཧཱུྃ་ཞེས་བརྗོད་པས་ཐུགས་ཀ་ནས་ཤངས་སྡོའི་བར་དུ་ཧཱུྃ་མཐིང་ཁ་བྲེང་ཆགས་སུ་བྱུང་ཞིང་། ཤངས་སྒོ་ནས་ཧཱུྃ་གཅིག་ཆད་དེ་རང་གི་ཁར་ཐིམ་པ་དང་། ངའི་སྙིང་ཁར་འཚངས་པ་འདྲ་བའི་མི་བདེ་བ་གཅིག་ཡོད་པ་དེ། རང་དབང་མེད་པར་དྲངས་ཞིང་འགྲོ་བའི་རྣམ་འཕྲུལ་དེ་ལྟ་བུ་གཅིག་བསྟན་ནས་དེ་ནས་འདི་སྐད་གསུངས་ཏེ། ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་གིས་སྦྱོང་། །ཧཱུྃ་བསྒོམ་ཧཱུྃ་གི་འཕྲོ་འདུ་ཡིས། །རང་གཞན་ནད་རྣམས་ཧཱུྃ་གིས་འཇོམས། །ཅེས་གསུངས་ཏེ། གསུང་གི་ཚིག་དེ་དང་གོང་གི་བརྡའ་དེ་ལ་བརྟེན་ནས་ནད་འདོན་གྱི་གོ་བ་འདི་སྙེད་པ་ཡིན་གསུང་ངོ། །འདི་ལ་གཉིས། རང་གི་ནད་འདོན་པ་དང་། གཞན་གྱི་ནད་འདོན་པའོ། །དང་པོ་ནི་ལུས་ཡི་དམ་དུ་གསལ་བ། འཁྲུལ་འཁོར་སྐྱིལ་ཀྲུང་དྲང་པོར་འདུག་ལ། སྙིང་གའི་དཀྱིལ་དུ་ཧཱུྃ་མཐིང་ག་རྩེ་སེར་གཅིག་ཚད་ཙམ་ཤིན་ཏུ་གསལ་བར་བསྒོམ། དེ་ནས་ནད་ཚ་གྲང་གཉིས་བརྟགས་ལ་ཚད་པའི་ནད་ཀྱི་སྡེ་ཚན་ཡིན་ན་ཐུགས་ཀའི་ཧཱུྃ་མཐིང་ག་དེ་ལས་ཧཱུྃ་དཀར་པོ་ནས་གང་བ་གཅིག་ཆད་དེ། ལུས་ཀྱི་སྟོད་སྨད་


LT19_Page_146B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁོར་བསྐོར་བས་ནད་གདོན་ཐམས་ཅད་ཁབ་ལེན་གྱིས་ལྕགས་བསྡུས་པའམ། ནོར་བུ་སྦུར་ལེན་གྱིས་སྤུར་སྡུས་པ་བཞིན་འུབ་རིལ་གྱིས་བསྡུས་ཏེ། སྤྱི་གཙུག་ནས་རྒྱངས་ཐོན། ནམ་མཁའི་དཀྱིལ་ཤིན་ཏུ་མཐོ་བར་ཡལ་གྱིས་ཡལ་བར་བསྒོམ་ཞིང་། ཧཱུྃ་གིས་གདངས་དང་ལྡན་པའི་རླུང་དྲག་པོ་གྱེན་ལ་འབུད་དོ། གྲང་བའི་ནད་ཀྱི་སྡེ་ཚན་ཡིན་ན། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དམར་པོ་དྲོད་ཀྱི་རང་བཞིན་ཅན་གཅིག་ཆད་ནས་ལུས་ཀྱི་སྨད་དུ་བསྐོར་བས། ནད་ཐམས་ཅད་བསྡུས་ནས་འོག་སྒོ་ནས་འཐོན་ཏེ་སའི་སྟེང་ཤིན་ཏུ་དམའ་བར་ཡལ་བར་བསམ་མོ། །ནད་ངོས་མ་ཟིན་ན་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ག་གཅིག་ཆད་དེ། ལུས་ཀྱི་སྟོད་སྨད་ཐམས་ཅད་དུ་བསྐོར་ནས་ན་བ་ཐམས་ཅད་བསྡུས་ནས་རླུང་གང་རྒྱུ་བའི་སྣ་སྒོ་ནས་འཐོན་ཏེ་མདུན་གྱི་བར་སྣང་ལ་ཡལ་བར་བསམ། ཡན་ལག་གི་ནད་སྐྲངས་པ་ལ་སོགས་པ་ཐམས་ཅད་ལ་ཁོལ་བུའི་ནད་ལ། གང་ན་བའི་སར་ཧཱུྃ་མཐིང་ག་ནས་གང་བ་གཅིག་བསམ་སྟེ། ནད་ཐམས་ཅད་ལྷག་མ་མེད་པར་དེ་ལ་བསྡུས་ནས་སྐྲངས་པའི་དམིགས་སམ། སོར་མོའི་རྩེ་མོ་ནས་འཐོན་ཏེ། ནམ་མཁའ་ལ་ཡལ་བར་བསམ་མོ། །ནད་འདོན་དེ་རྣམས་བྱིན་རླབས་སོ་མ་ཡིན་པས་ཤིན་ཏུ་རྣོ་ཞིང་ཟབ་པར་འདུག་གོ་། རྣམ་རྟོག་གིས་བར་མ་ཆད་པར་བསྒོམ་ན་ནད་ཆེ་ཆུང་མེད་པར་གང་ཡང་འཐོན་པར་འདུག་གོ །༈ །གཉིས་པ་གཞན་གྱི་ནད་འདོན་པ་ནི། ནད་པ་དེའི་དྲུང་དུ་སླེབ་པ་དང་བྱང་ཆུབ་ཀྱི་སེམས་ལ་དུངས་པ་གཅིག་གནད་དུ་བཏང་ལ། ལྷའི་ང་རྒྱལ་བརྟན་པོས་འདུག་སྟེ། རང་གི་རླུང་གཡས་གཡོན་གང་རྒྱུ་བའི་ཕྱོགས་སུ་ནད་པ་བཞག་ལ། ནད་པ་དེའི་ཡང་རླུང་གང་རྒྱུའི་ཕྱོགས་སྟོན་དུ་གཞུག །དེ་གཉིས་ཀ་འཛོམ་ན་རྟེན་འབྲེལ་འགྲིགས་པ་ཡིན། མོས་གུས་དྲག་པོ་བསྒོམ་དུ་གཞུག །རང་གི་ཐུགས་གར་ཧཱུྃ་མཐིང་ཁ་དེ་གསལ་བར་བསྒོམ། དེ་ནས་རླུང་གཅིག་དྲག་ཏུ་ཤད་བུས་ལ་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་རྒྱུན་པར་ཆད་དེ། རླུང་གང་རྒྱུ་བའི་སྣ་སྒོ་ནས་ཐུགས་ཀའི་བར་གྱི་རྩའི་ནང་དུ་ཧཱུྃ་གིས་ཁྲིགས་


LT19_Page_147A
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྟེ། སྣ་སྒོ་ནས་ཧཱུྃ་གཅིག་ལྷུག་སེ་ཡོད་པར་བསམ། ཡང་ནད་པ་དེའི་ཕྱོགས་སུ་རླུང་གཅིག་དྲག་ཏུ་བུས་པས། སྣ་སྒོའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ། ནད་པའི་ནད་ཚད་པ་ཡིན་ན་སྟོད། གྲང་བ་ཡིན་ན་སྨད། གང་དུ་གང་ན་བའི་སར་ཧཱུྃ་དེ་ཕར་སོང་བས། ནད་ཐམས་ཅད་རང་དབང་མེད་པར་ཧཱུྃ་དེ་ལ་འུབ་རིལ་གྱིས་བསྡུས་ནས། ཡང་རླུང་ཚུར་ལ་དྲག་ཏུ་རྔུབས་པས། ཧཱུྃ་དང་ནད་དུ་བཅས་པ་རང་དབང་མེད་པར་ཚུར་རྔུབས་ཏེ། སྣ་སྒོའི་ཧཱུྃ་ལ་ཐིམ། ཡང་དྲག་ཏུ་བུས་པས་ཧཱུྃ་དེ་ཕར་སོང་ནས་ནད་ཐམས་ཅད་བསྡུས། ཡང་རྔུབས་པས་སྣ་སྒོའི་ཧཱུྃ་ལ་ཐིམ་སྟེ། དེ་ལྟ་བུ་ལན་བདུན་གྱི་བར་དུ་བྱས་ནས་དེ་ནས་ཕྱི་ཕྱོགས་སུ་ཤད་བུས་པས། སྣའི་ནང་གི་ཧཱུྃ་ཐམས་ཅད་གཅིག་གིས་གཅིག་དེད་དེ། ཕྱིར་ཉེལ་སྤྱི་བོ་ནས། ཧཱུྃ་མཐའ་མ་དེས་སྣ་བཀག་པར་བསམ་སྟེ་རང་སྲུང་བ་ཡིན། ནད་འདོན་ཤིན་ཏུ་རྣོ་བ་ཚེར་མ་འདོན་པ་འདྲ་བ་འོང་བར་འདུག་སྟེ། གང་རུང་རུང་ལ་བྱས་ན་རང་ལ་གཟན་པར་འདུག །དམ་སེལ་ལམ། སྡིག་སྒྲིབ་བམ་འཆལ་བའི་སྐྱོན་ཡོད་པ་ལ་བྱས་ན་རྣལ་འབྱོར་པའི་ཚེ་ལ་བར་བྱུང་དོགས་ཡོད་པས། སློབ་མ་མོས། ནད་པའི་ཡང་སྣ་གོང་གཉིས་སྙིང་ག་དང་གསུམ་དུ་ཧཱུྃ་ན་ཐིང་ག་རེ་བསྒོམས་ཏེ་རང་སྲུང་བ་ཡིན་མཆན། གུས་ཅན་ནམ། གྲོགས་དམ་ཚིག་ཅན་ནམ། ཉེ་དུ་སྙིང་རེག་མ་ཡིན་པ་ལ་བྱ་རུ་མི་བཏུབ་གསུངས། སྤྱན་སྔ་ནས་ཕྱག་ལེན་འདི་ཀ་མཛད་པར་འདུག་སྟེ། ནད་དེ་ཏོག་ལེན་པ་འདྲ་བ་འོང་གིན་འདུག །ནད་འདོན་ཧཱུྃ་ཆོས་མའི་ཞལ་གདམས་།།།། ༈ ན་མཿཤྲཱི་བཛྲ་ཡོ་གི་ནཱི། འཛག་སྲུང་བཀའ་རྒྱ་མ་ལ་གསུམ། དམིགས་པ་བཀའ་རྒྱ་མ། འཁྲུལ་འཁོར་བཀའ་རྒྱ་མ། རྫས་སྲུང་བཀའ་རྒྱ་མ། དང་པོ་ནི་སྤྱིར་ཐབས་ལམ་སྒོམ་པ་ན་འཛག་པའི་གེགས་འདི་ཀ་འོང་བར་འདུག །དེ་སེལ་ཡང་དཀའ། ཕལ་ཆེ་རང་ལ་གེགས་སུ་འོང་བ་མང་བར་འདུག །དམིགས་པ་དང་འཁྲུལ་འཁོར་ལེགས་ལེགས་འདྲ་བ། ཉན་ཙ་ན་རྣ་བར་སྙན་པ་དེ་རྣམས་ལ་སྒོམ་ཙ་ན་གཡུད་མི་འདུག་


LT19_Page_147B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། གདམས་ངག་གནད་དུ་སོང་ན། བྱིས་པའི་རྩེད་མོ་འདྲ་བ་རྩེག་ཙམ་ལ། ཉན་ཙ་ན་ཡིད་མི་ཆེས་པ་འདྲ་བ་ཞིག་གིས་བསྒོམ་ཙ་ན་གནད་དུ་སོང་འོང་བ་ཡིན། ལར་ཁ་ཚོ་ཆེ་བ་མང་སྟེ་གདམས་པ་འདི་འདྲ་གཞན་ན་མི་བདོག་གོ །གནད་ཟབ་མོ་འདི་རྣམས་སླ་མོ་གཅིག་ཡོད་པས་ཤིན་ཏུ་གསང་བར་བྱ་གསུངས་ནས་བཀའ་རྒྱ་དམ་བོ་མཛད་པར་གདའ་འོ། །དེ་ལ་དམིགས་པ་དང་པོ་ནི། ཡང་དགོན་ན་འདག་ཆར་མཛད་པའི་དུས་སུ་ནངས་ཕྱོགས་ཤིག་བདེ་བ་ཟུག་རྔུ་དང་བཅས་པ་དྲག་པོ་གཅིག་སྐྱེས་ནས། ཐིག་ལེ་འཆོར་ལ་ཁང་པ་ཞིག་བྱུང་བས། བླ་མ་ལ་གསོལ་བ་བཏབ་པས། ཚིག་འདི་གཉིས་ནམ་མཁའ་ལ་ལྷང་བྱུང་སྟེ། ཟླ་བ་མཐུར་དུ་འཛག་པ་ན། ཧཾ་ཡིག་གྱིན་ལ་བཞེངས་པར་བྱ། ཅེས་བྱ་བ་ལ་དམིགས་པ་དེའི་ཡན་ལག་ཏུ་རྡོ་རྗེའི་བུ་གར་ཕཊ་དམར་སེར་མགོ་ཐུར་ལ་བསྟན་པ་གཅིག་བསམ། རྡོ་རྗེའི་རྩེ་མོ་ནས་ལྟེ་བའི་བར་རྩའི་ནང་། ཧཱུྃ་དཀར་པོ་མགོ་གྱེན་ལ་བསྟན་པ་བྲེང་ཆགས་སུ་ཡོད་པར་བསམ། བ་སྤུའི་བུ་ག་ཐམས་ཅད་དུ་ཧཱུྃ་ཕྱེད་ཕྱེད་ཕྱིར་ཐོན། ཕྱེད་ཕྱེད་ནང་དུ་ནུབ་པས་འབག་ཞལ་དུ་ཡོད་པར་བསམ། དེ་ནས་ཧཾ་ཡིག་གྱེན་ལ་བཞེངས་པར་བྱ་བ་ལ་ཤེས་བ་དྲག་ཏུ་གཏད་ཅིང་། རླུང་གྱེན་ལ་ཤད་ཤད་པ་དྲག་ཏུ་བུད། རྗེས་ལ་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་མཉམ་པར་བཞག །དམིགས་པ་གཉིས་པས་གསང་ཁྲིག་ཀྱི་དམིགས་པ་ཡིན། རྡོ་རྗེའི་རྩེ་མོ་ནས་ཡར་ཕྱིར་ལྡོག་ཏུ་འབུ་རུ་རུ་བྱུང་སྟེ། སྤྱི་བོ་ནས་ཏུར་ཐོན་ནས་མཐོ་གང་ཙམ་དུ་ཕྱུ་རེ་ཡོད་པ་ལ་རིག་པ་དྲག་ཏུ་གཏད། དམིགས་པ་འདི་གཉིས་ངག་འདྲེན་པ་ཞི་དྲག་ཕལ་བས་འཆུན་ཆེ་བར་འདུག །འཛག་པ་དྲུག་ཀ་སྲུང་བར་འདུག་སྟེ། རྨི་ལམ་དུ་འཛག་ན་གཉིད་ལོག་ཁར་མང་དུ་བསྒོམ། བདེ་བ་སྐྱེས་པ་ལ་སོགས་པ་ནམ་འཛག་པའི་དུས་སུ་བསྒོམ། ཐུན་ཞབས་ཐམས་ཅད་ལ་བསྒོམ་མོ། །གཉིས་པ་འཁྲུལ་འཁོར་བཀའ་རྒྱ་མ་ནི། གྱད་གྱི་འདུག་སྟངས་བགྲད་པའི་མཐའ་དེས་བྱང་སེམས་འབབ་པའི་རྩ་སུམ་ཅུ་སོ་གཉིས་


LT19_Page_148A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་ཁ་འཐེམས་པ་ཡིན། ལན་གཉིས་ལན་གསུམ་གྱིས་གཟེར་ཐེམས་བཀག་པ་བཞིན་འགྲོ་བར་འདུག་སྟེ། འཛག་པའི་དུས་མ་ཡིན་པར་བྱས་ན་བདེ་ཉམས་ལ་གནོད་གསུངས། གཉིས་པ་ནི། ཤིང་བུ་མཐོ་གང་བ་གཅིག་གིས་རྐེད་པ་ན་ཐ་གུས་བཏགས་ནས། ཤིང་བུ་ཨར་བུ་ཏའི་གནས་སུ་དྲང་པོར་བཞག་སྟེ། ལམ་པ་ཀའི་གནས་སུ་ཐ་གུས་བཏོད་ནས་མི་འཆུག་པར་བྱས་པས། རྩ་གཡོན་པའི་ཁ་འཐེམས་ནས་མ་འཇག་པ་ཡིན། གདམས་ངག་ཁོལ་དུ་བཏོན་ན་བྱིས་པའི་རྩེད་མོ་འདྲ། གསུམ་པ་རྫས་སྲུང་བཀའ་རྒྱ་མ་ནི། དེ་ཐམས་ཅད་ཀྱི་ས་མ་ཕན་ན། གཤིན་རྗེའི་རལ་པ་བསླད་མེད་གཅིག་དྲག་པོའི་ཐུན་རྫས་རྒྱལ་པོ་གཅིག །པདྨ་རཀྟ་རོམ། གྲོང་པའི་ཆོས་ཀྱིས་མ་གོས་པ་གཅིག །ན་ར་མ་གོ་ཏི་རུལ་སུངས་སུ་མ་སོང་བ་གཅིག །མ་ཧཱ་བྷུ་ལུ༑ རྒྱའི་ཚིལ་བུ། དེ་རྣམས་ཆ་སྙོམས་པ་ཞིབ་ཏུ་བཏགས་ལ། བྱིས་པ་ལོ་བརྒྱད་པ་ནད་མེད་ཀྱི་དྲི་ཆུས་སྦྲུས་ལ། རིལ་བུ་ཡུངས་དཀར་གྱི་འབྲུ་ཙམ་གྲིབ་སྐམ་བྱས་ལ། ནང་ནུབ་བཞིན་རྡོ་རྗེའི་བུ་གར་རེ་རེ་བཅུག་པས་གཟེར་ཐེམས་ཁེགས་པ་བཞིན་འགྱུར་རོ། །འདི་ཐབས་གཞན་གྱིས་མ་ཕན་ནས་རྩ་ཁ་བྱེ་ནས་ཆུ་བཞིན་འཛག་པ་ཡང་འཕྲལ་དུ་ཁྲིག་གིས་འགྲོ་བར་འགྱུར་རོ། །ཟླ་བ་ཕྱེད་ཀྱི་བར་དུ་བསྟེན་ན་ལོ་གཅིག་ཙམ་གྱི་བར་དུ་སྲུང་བ་ཡིན་གསུངས། འཛག་སྲུང་བཀའ་རྒྱ་མའི་ཞལ་གདམས་ཆེ་ལོང་ཙམ་ཡི་གེར་བཀོད་པའོ། །།།།། རི་ཆོས་ལམ་གྱི་ཁོག་ཆེན་ལ། །མ་དྲུག་དོན་སྙིང་མི་བདོག་ན། །གནད་ཆེན་མང་ཡང་མ་ཚང་བས། །འཆུག་མེད་ལག་ལེན་ཤེས་པ་དཀའ། །བླ་མ་བརྟེན་ཡུན་ཐུང་བ་ཡིས། །ཟབ་མོའི་རྩ་བ་མི་ཆོད་པས། །གདམས་ངག་ཐོབ་ལོ་མི་བྱེད་པར། །ཞབས་པད་གཙུག་ཏུ་བསྟེན་བྱོས་ལ། །ཟབ་མོ་གསུང་གི་བདུད་རྩི་དེ། །ཡིད་ཚིམས་ལྷག་མ་མིང་འཐུངས་ན། །རང་གཞན་དོན་གཉིས་འགྲུབ་པར་ངེས། །དབེན་གནས་བུ་ལའི་གངས་


LT19_Page_148B
[མ་དཔེ་གཟིགས་ན་འདིར་གནོན།]

འདབས་སུ། །བླ་མ་དམ་པའི་གསུང་སྒྲོས་ལ། །དབྲི་བསྣན་ལྷག་ཆད་མེད་པ་འདི། །གསོལ་བཏབ་དགྱེས་བཞིན་གནང་བ་ཡིན། །བློ་དམན་བསྒོམ་པ་རིན་ལྡན་གྱིས། །རང་ཉིད་མི་བརྗེད་གཟུངས་སུ་བྲིས། །དགེ་དེས་གདམས་ངག་བདུད་རྩི་འདི། །དྲི་མེད་ཕྱོགས་བཅུར་གསལ་གྱུར་ནས། །ཆོས་རྗེའི་ཐུགས་དགོངས་རྫོགས་པར་ཤོག །།།།།

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ།


LT19_Page_149A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཏིང་ངེ་འཛིན་གྱི་དབང་ཟབ་མོ་བཞུགས་སོ། །འབའ་ར་བའི་ཕྱག་ཆེན།


LT19_Page_149B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རང་གི་སྤྱི་བོར་གདན་བཞི་བརྩེགས་ཀྱི་སྟེང་དུ། རྩ་བའི་བླ་མ་དེ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པར་བསྒོམ། དེའི་སྟེང་དུ་ཐོ་བརྩེགས་སུ་རྡོ་རྗེ་འཆང་གི་བར་རང་རང་གི་ཆ་ལུགས་སུ་རིམ་པས་བསྒོམ། རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟིམས་ལ་མཆོད་པ་ལྔ་ལ་སོགས་པ་དབུལ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་དང་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ་སྐུ། གསུང་། ཐུགས། ཡོན་ཏན། ཕྲིན་ལས་ལ་འགྲེ། ཅི་ཤེས་དེ་ཤེས་སུ་གསོལ་བ་ཕུར་ཚུགས་སུ་བཏབ་ལ། རྡོ་རྗེ་འཆང་འོད་དུ་ཞུ། ཏཻ་ལོ་པ་ལ་ཐིམ། དེ་ནཱ་རོ་པ་ལ་ཐིམ། དེ་བཞིན་དུ་རྩ་བའི་བླ་མའི་བར་དུ་ཐིམ་པས་བླ་མ་སྐུ་བཀྲག་མདངས་གཟི་མདངས་དང་ལྡན་པར་གྱུར་ནས། ཐུགས་ཟག་མེད་ཀྱི་བདེ་བ་འུར་འུར། སྐུ་གར་སྟབས་ལོག་ལོག །རུས་པའི་རྒྱན་ཆ་ཁྲོལ་ཁྲོལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། བླ་མའི་ཐུགས་ཀར་


LT19_Page_150A
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་བསྒོམ། རྒྱས་པ་ལ་སྤྲོ་ན་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། སློབ་མའི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་པ་དག། སྤྱི་བོའི་རྩ་འདབ་སུམ་ཅུ་རྩ་གཉིས་འོད་ཟེར་གྱིས་ཁེངས། ལུས་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར་པར་བསྒོམ། དེ་བཞིན་དུ་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་ནས་རང་གི་མགྲིན་པར་ཐིམ། འོད་དཔག་མེད་དུ་གྱུར་པར་བསྒོམ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་ནས་རང་གི་སྙིང་གར་ཐིམ། མི་བསྐྱོད་པའི་ངོ་བོར་གྱུར། ལྟེ་བ་ནས་འོད་ཟེར་སེར་པོ་བྱུང་ནས་ཡོན་ཏན་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་དག་ནས་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར། གསང་གནས་ནས་འོད་ཟེར་ལྗང་གུ་བྱང་ནས་ཕྲིན་ལས་ཀྱི་བར་དུ་གཅོད་པའི་སྡིག་སྒྲིབ་དག་ནས། དོན་ཡོད་གྲུབ་པའི་ངོ་བོར་གྱུར་པར་བསྒོམ། དེ་ནས་རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་བསྒོམ། དེ་ནི་བུམ་དབང་ངོ་། །དེ་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་གསང་གནས་ནས་བདུད་རྩི་དཀར་དམར་བབས་རང་གི་ལྕེ་ཐོག་ཏུ་བྱུང་ལུས་ཁེངས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། གསང་དབང་ཐོབ་པར་བསྒོམ། བླ་མ་ཡབ་


LT19_Page_150B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་དཀར་དམར་མཉམ་དུ་འདུས་པས་རྡོ་རྗེ་ཕག་མོར་གྱུར། དེ་རང་ལ་གནང་ནས་སྙོམས་པར་ཞུགས་པས་ཡེ་ཤེས་དགའ་བ་བཞི་སྐྱེས་པར་བསྒོམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསྒོམ། དེ་ནས་བླ་མ་རང་གི་སྤྱི་གཙུག་ཏུ་ཐིམ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་དུ་སེམས་མ་བཅོས་པར་བཞག་པའི་ངོ་བོ་ལ་ལྟ། དབང་བཞི་པ་ཚིག་དབང་ཐོབ་པར་བསྒོམ་མོ། །ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བ་འདི། རྒྱལ་མཚན་དཔལ་གྱིས་ཏིང་ངེ་འཛིན་གྱི་དབང་ཆོག་ཡི་གེར་བཀོད་པ་།།།། བརྒྱུད་པ་རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། མར་པ། མི་ལ། སྒམ་པོ། མཐའ་རྩ། གནའ་ཕུ། འབྲུག་པ། རྒོད་ཚང་པ། སྤྱན་སྔ་བ། ཟུར་ཕུག་པ། འབའ་ར་བ། ཐུགས་སྲས་ནམ་བཟང་བ། བྱང་སེམས་ཀུན་དགའ་ཆོས་རྒྱལ་བ། སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་བློ་གྲོས་དཔལ་བཟང་། བྱང་སེམས་ཀུན་དགའ་རབ་བརྟན། ཕ་རྒོད་ནམ་མཁའི་མཚན་ཅན། དེས་བདག་མི་བསྐྱོད་རྡོ་རྗེ་ལའོ།། ༈ །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་བཞུགས་སོ། ༈ །རྟོགས་པའི་རྟ་བདུན་ཐུགས་རྗེའི་ཚ་ཟེར་རྒྱས། །ལོག་ལྟའི་མུན་སེལ་སྲིད་པའི་ཆུ་ཀླུང་སྐེམ། ཐེག་དམན་ཀུ་མུད་ཟུམ་བྱེད་ཐེག་མཆོག་གི། །པདྨོའི་ཁ་འབྱེད་བླ་མ་རྒྱལ་གྱུར་ཅིག །འདིར་ཟབ་ལམ་ཁྲིད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ། སྒྲུབ་པ་ཉམས་སུ་ལེན་པའི་དུས་སུ་སྔོན་འགྲོ་སྦྱོར་བ་བཞི་ལྡན་ཉམས་སུ་བླང་སྟེ། དེ་ལ་གསུམ། ནང་པའི་ཁྱུར་ཚུད་པ་ལ་སྐྱབས་འགྲོ་ཉམས་སུ་བླང་བ་དང་། ཐེག་ཆེན་གྱི་བྱུར་ཚུད་པ་ལ་སེམས་བསྐྱེད་བྱ་བ་དང་། དངོས་གཞི་སྔོན་འགྲོ་ཉམས་སུ་བླང་བའོ། །དང་པོ་ནི། རང་གི་མདུན་དུ་དཔག་བསམ་གྱི་ཤིང་ལོ་འདབ་ཀྱིས་


LT19_Page_151A
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་ཁྱབ་པ་ཞིག་བསམ། དེའི་སྟེང་དུ་སེང་གེ་བཞིས་བཏེགས་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨ་འདབ་མ་སྟོང་དང་ལྡན་པའི་གདན། དེའི་སྟེང་དུ་ཉི་མའི་གདན། དེའི་སྟེང་དུ་ཟླ་བའི་གདན་བསམས་ཏེ། དེ་ཐམས་ཅད་ཀྱིས་བར་སྣང་ཁྱབ་པ་ཞིག་བསྒོམ་པར་བྱའོ། །གདན་དེའི་དབུས་སུ་རང་གི་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་དང་། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མས་བསྐོར་ནས་བཞུགས་པར་བསྒོམ། བླ་མའི་མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་རྒྱབ་ཏུ་དམ་པའི་ཆོས་ཐམས་ཅད་པོ་ཏི་གླེགས་བམ་གྱི་ཚུལ་དུ་གསེར་གདོང་རང་ལ་བསྟན་པ། གཡོན་དུ་ཐེག་ཆེན་གྱི་དགེ་འདུན་སྤྱན་རས་གཟིགས་འཇམ་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཤཱ་རིའི་བུ་དང་མོ་གལ་གྱི་བུ་ལ་སོགས་པ་དབུ་ཟླུམ་ཞབས་རྗེན་ན་བཟའ་ངུར་སྨྲིག་གསོལ་བ་དཔག་ཏུ་མེད་པར་བཞུགས་པར་བསྒོམ། དེ་ལ་མཆོད་པ་ནི། ༀ་བཛྲ་ཨཱརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། མཆོད་ཡོན། ༀ་བཛྲ་པཱ་དྱཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ། ཞབས་བསིལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག །ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་སྤོས། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། ༀ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་གིས་ཞལ་ཟས། ༀ་བཛྲ་ཤབྡ་ཨཱཿཧཱུྃ་གིས་རོལ་མོ་འབུལ་བར་བསམ་མོ། །དེ་ནས་རང་གིས་ཐོགས་དྲངས་སེམས་ཅན་ཐམས་ཅད་མོས་གུས་ཆེན་པོས་སྐྱབས་འགྲོ་བྱེད་པར་བསྒོམས་ཞིང་། ངག་ཏུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་ལ་ཐེག་པ་ཆེན་


LT19_Page_151B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དམ་པའི་ཆོས་ལ་སྐྱབས་སུ༴ བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ༴ ཞེས་བློ་དང་འདྲེས་ངེས་དུང་དུང་བ་བྱའོ། །གཉིས་པ་སེམས་བསྐྱེད་བར་བྱ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ན། འདོད་པ་བདེ་བ་འདོད་ཀྱང་མྱོང་བ་སྡུག་བསྔལ་མྱོང་བ་འདི་རྣམས་སྙིང་རེ་རྗེ་ན་སྙམ་པ་དུང་དུང་བ་བསྒོམས་པའི་རྗེས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་དོན་དུ་བདག་གི་ལུས་ངག་ཡིད་གསུམ་སངས་མ་རྒྱས་ཀྱི་བར་དུ་དགེ་བའི་ལས་ལ་བཀོལ་བར་བགྱིའོ། །ཞེས་པ་བློ་དང་འདྲེས་པ་ཚར་གསུམ་ལས་མི་ཉུང་བར་བྱའོ།། །།གསུམ་པ་དངོས་གཞི་ལ་བཞི། རྒྱུད་ལ་བྱིན་རླབས་འཇུག་བའི་ཕྱིར་བླ་མ་ལ་གསོལ་བ་འདེབས་པ་དང་། རྒྱུད་ཀྱི་སྡིག་པ་འདག་པའི་ཕྱིར་ཡི་གེ་བརྒྱ་པ་བགྲང་པ་དང་། རྒྱུད་ལ་ཚོགས་རྫོགས་པའི་ཕྱིར་མཎྜལ་དབུལ་བ་དང་། འཁོར་བ་ལ་ཞེན་པ་བཟློག་པའི་ཕྱིར་མི་རྟག་པ་བསྒོམ་པའོ། །དང་པོ་ནི། རང་གི་ལུས་ཡི་དམ་དུ་གསལ་བའི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་དེ། རང་ལ་མཉེས་བཞིན་པས་ཞལ་འཛུམ་པའི་མདངས་དང་ལྡན་པ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན་དུ་བསྒོམ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བཀའ་བརྒྱུད་བླ་མ་རྣམས་དང་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྱན་དྲངས་ལ་བླ་མའི་ཐུགས་ཀར་བསྟིམས་ལ། དེའི་བླ་


LT19_Page_152A
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བླ་མ་ཀུན་འདུས་ཡི་དམ་ཀུན་འདུས་སངས་རྒྱས་ཀུན་འདུས་ཆོས་ཀུན་འདུས་དགེ་འདུན་ཀུན་འདུས་མཁའ་འགྲོ་ཀུན་འདུས། སངས་རྒྱས་རྡོ་རྗེ་འཆང་དངོས་ཡིན་སྙམ་དུ་མོས་གུས་དུང་དུང་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཞེས་པ་མོས་གུས་དྲག་པོས་བུ་གཅིག་པུ་ཤི་བའི་མ་བཞིན་དུ་གདོང་མཆི་མས་དག་དག་ཏུ་གསོལ་བ་གདབ། རྔ་མོ་རྡེའུ་སྟོར་བ་བཞིན་དུ་ཡིད་རྩེ་གཅིག་ཏུ་བཞག་ལ་གསོལ་བ་གདབ། འཇིགས་པའི་འཕྲང་ལ་སྐྱེལ་མ་ཞུ་བ་བཞིན་དུ་ཅི་ཤེས་དེ་ཤེས་ཀྱི་སྒོ་ནས་གསོལ་བ་གདབ། དེ་ནས་འཕྲོ་འཇོག་པ་དང་། བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པར་བསྒོམ། དེ་བཞིན་བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པར་བསྒོམ། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པར་བསྒོམ། བླ་མའི་སྐུ་གསུང་ཐུགས་ལ་སོགས་པ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱུང་། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསྒོམ། དེ་ནས་བླ་མ་རང་གི་སྤྱི་བོར་མར་ཐིམ་པས་བླ་མ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ། དེའི་ངང་ལ་སེམས་མ་


LT19_Page_152B
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པར་ལྷོད་གློད་ལ་མཉམ་པར་བཞག་གོ། །།གཉིས་པ་ཡི་གེ་བརྒྱ་པ་བགྲང་བ་ནི། རང་གི་ལུས་ཐ་མལ་པའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། གཡོན་དྲིལ་བུ་དཀུར་བསྟེན་པ། ཞབས་གཡས་ཅུང་ཟད་པ་རྐྱང་ཞིང་། གཡོན་ཅུང་ཟད་བསྐུམ་པ། རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་གི་མཐའ་མར་ཡི་གེ་བརྒྱ་པས་ཆོས་འཁོར་དུ་བསྐོར་བར་བསམ། དེ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚུར་འདུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ། དེ་རྣམས་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་འོ་མའི་མདོག་ལྟ་བུ་སྤྱན་དྲངས། རྡོ་རྗེ་སེམས་དཔའི་ཞལ་ནས་ཞུགས། སྐུ་ལུས་ཐམས་ཅད་ཞོ་གྲོད་འོ་མས་གང་བ་བཞིན་དུ་བདུད་རྩིས་སྐྱ་མེར་གང་བའི་ཞབས་གཡས་པའི་མཐེའུ་ཆེ་ནས། བདུད་རྩི་སྐྱ་རྒྱང་བྱུང་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ན་མར་སོང་བས་ལུས་ངག་ཡིད་གསུམ་གྱི་སྡིག་པ་སྒྲིབ་པ་དམ་ཚིག་ཉེས་ལྟུང་ནད་དང་གདོན་དང་གྲིབ་དང་མི་གཙང་བ་ཐམས་ཅད་ཐ་ན་ནང་ཁྲོལ་མན་ཆད་བ་ཤང་གཅིའི་ལམ་ན་མར་ནག་ཉིལ་ཉིལ་ཐོན་ནས་འཕོངས་འོག་གིས་གཞི་ལ་ཐིམ་འགྲོ་བ་ལ་སེམས་མ་ཡེངས་པའི་ངང་ལ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་དྷརྨ་པྲ་ཡ་ཙྪ། སརྦ་ཀརྨཱ། སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ།


LT19_Page_153A
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པ་བརྒྱ་རྩ་ལ་སོགས་པ་བགྲངས་ཚར་བ་དང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ལ་སོགས་པ་སངས་ཏེ་དག་ནས། ལུས་ཤེལ་གོང་བཞིན་དུ་དཀར་འཚེར་གྱིས་གྱུར་ཅིང་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་གང་ནས། དེ་ནས་རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཏེ་དག་གོ་གསུངས་ནས་སྤྱི་བོ་ནས་མར་ཐིམ་པས། རྡོ་རྗེ་སེམས་དཔའ་དང་རང་གཉིས་སུ་མེད་པའི་ངང་ལ་སེམས་ལྷོད་གློད་ལ་མཉམ་པར་གཞག་གོ།། །།གསུམ་པ་མཎྜལ་འབུལ་བ་ནི། དང་པོ་སྒྲུབ་པའི་མཎྜལ་བཤམ་སྟེ། ༀ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ་྅ཧཾ། ཞེས་བརྗོད་ཅིང་མཎྜལ་ཆོས་སྐོར་དུ་ཕྱིས་ལ་སྟོང་པར་བསམ། དེ་ནས་བྷྲཱུྃ་ཞེས་བརྗོད་པས་སྟོང་པའི་ངང་ལས་མཎྜལ་དེ། རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། མཛེས་ཤིང་ཡིད་དུ་འོང་པ་དྭངས་ཤིང་ཐོགས་པ་མེད་པར་བསྒོམ། དེའི་ནང་དུ་གདན་བཞི་བརྩེགས་གྲོང་བཞིན་བསམ། དེ་ནས་ན་མོ་གུ་རུ་བྷྱཿ ཞེས་མཎྜལ་གྱི་དབུས་སུ་ཚོམ་བུ་གཅིག་བཞག་པས། གདན་གྱི་དབུས་སུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་དང་། ཆོས་འབྲེལ་ཡོད་ཚད་ཀྱི་བླ་མས་བསྐོར་ནས་བཞུགས་པར་བསྒོམ། དེ་བཞིན་དུ་མཎྜལ་གྱི་མདུན་དུ་ན་མོ་མཎྜལ་དེ་ཝ་ཏྭ་ཞེས་ཚོམ་བུ་གཅིག་བཀོད་པས་ཡི་དམ་གྱི་ལྷ་ཚོགས་བཞུགས་པར་བསྒོམ། ཆོས་སྐོར་དུ་གཡས་སུ་ན་མོ་བུདྡྷཱ་ཡ་ཞེས་ཚོམ་བུ་གཅིག་བཀོད་པས། སངས་རྒྱས་དཔག་ཏུ་མེད་པ་བཞུགས་པར་བསྒོམ། རྒྱབ་ཏུ་ན་མོ་དྷ་རྨ་ཡ་ཞེས་ཚོམ་བུ་གཅིག་བཀོད་པས་དམ་པའི་ཆོས་པུ་སྟི་གླེགས་བམ་གྱི་ཚུལ་དུ་བཞུགས་པར་བསྒོམ། གཡོན་དུ་ན་མོ་སངྒཱ་ཡ་ཞེས་ཚོམ་བུ་གཅིག་བཀོད་པས།


LT19_Page_153B
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་བཞུགས་པར་བསྒོམ། དེ་ལ་མཆོད་པ་ལྔས་མཆོད་ལ། མཎྜལ་གཉིས་ཡོད་ན་མདུན་དུ་བཞུགས་སུ་གསོལ། གཅིག་ལས་མེད་ན་དེ་ལག་པས་བཏེགས་ལ། བླ་མ་ཡི་དམ་གཞལ་ཡས་ཁང་དང་བཅས་པ་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསྒོམ་ལ། ཚོམ་བུ་རྟིང་མ་ནས་རིམ་པར་བསྡུ། དེ་ནས་མཆོད་པའི་མཎྜལ་བཤམས་ཏེ། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་ཆོས་སྐོར་དུ་ཕྱིས་པས་སྟོང་པར་བསྒོམ། སྟོང་པའི་ངང་ལས་མཎྜལ་དེ་ཉིད་གསེར་གྱིས་གཞིར་བསམ། དེའི་དབུས་དང་ཤར་དང་ལྷོ་དང་ནུབ་དང་བྱང་དང་ཤར་དང་དབུས་ཀྱི་བར་དང་ནུབ་དང་དབུས་ཀྱི་བར་རྣམས་སུ་ཆོས་སྐོར་གྱིས་མེ་ཏོག་ཚོམ་བུ་རེ་འཇོག་པ་དང་མཉམ་དུ། དབུས་སུ་རི་རབ་བང་རིམ་བཞི་པ་ཤར་དངུལ་དཀར་པོ་ལྷོ་བཻ་ཌཱུརྻ་སྔོན་པོ་ནུབ་པདྨ་རཱ་ག་དམར་པོ་བྱང་གསེར་སེར་པོ་ལས་གྲུབ་པ། ཤར་ལུས་འཕགས་དབྱིབས་ཟླ་གམ་དཀར་པོ། ལྷོ་འཛམ་བུ་གླིང་སོག་ཁ་སྔོན་པོ། ནུབ་བ་ལང་སྤྱོད་ཟླུམ་པོ་དམར་པོ། བྱང་སྒྲ་མི་སྙན་གྲུ་བཞི་སེར་པོ། དེ་རྣམས་ཀྱི་མི་ནོར་ལོངས་སྤྱོད་དང་བཅས་པ་དབུལ་བར་བསམ་ཞིང་ངག་ཏུ། དབུས་ཀྱི་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད། བླ་མ་རྗེ་བཙུན་དམ་པ་དང་ལྷ་ཇོ་བོ་དཀོན་མཆོག་གསུམ་ལ་འབུལ་ལོ་ཡོངས་སུ་བཞེས་སུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་ལ་རྟོགས་པ་མཆོག་ཏུ་གྱུར་བ་བསྐྱེད་དུ་གསོལ། ཉམས་མྱོང་རྒྱུན་ཆད་མེད་པར་བརྟན་དུ་གསོལ། སྣང་བ་རྟེན་


LT19_Page_154A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་འཆར་བར་མཛད་དུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པས་དབུལ། སྒྲུབ་པའི་མཎྜལ་ཐེབས་གཅིག་ལ་མཆོད་པའི་མཎྜལ་བདུན་བདུན་འབུལ་ལོ། །བཞི་པ་མི་རྟག་པ་བསྒོམ་པ་ནི། ག་རེ་བདག་སྐྱེས་ནས་ད་ལྟའི་བར་ལ་ལོ་དུ་སོང་ལེགས་པར་བསམ། དེའི་བར་ལ་ཕ་མ་དང་སྤུན་ཟླ་ལ་སོགས་ཉེ་འབྲེལ་ཤི་བ་རྣམས་དྲན་པར་བྱས་ལ། ཁོང་རྣམས་ཡིད་ལ་མེད་བློ་མེད་གྲོས་མེད་དུ་ཐོ་རེ་རེ་ཤི་འདུག་པ་ལ། ང་མ་ཤི་བ་ཁ་རྗེ་རེ་ཆེ་ན། དེར་མ་ཟད་ཡུལ་མི་ཁྱིམ་མཚེས་ཤི་བ་རྣམས་དྲན་པར་བྱས་ལ། འདི་རྣམས་ཀྱང་ཐོ་རེ་རེ་ཤི་འདུག་པ་ལ། ང་མ་ཤི་བ་ཁ་རྗེ་རེ་ཆེ་ན། དབང་ཆེ་བ་རྒྱལ་པོ་དང་ཡུལ་གྱི་རྗེ་དཔོན་ཁ་དྲག་པོ་འདི་དང་འདི་ཡང་ཤི །ནོར་ཆེ་བ་ཕྱུག་པོ་འདི་དང་འདི་ཡང་ཤི །ཕོ་གྲུང་པོ་འདི་དང་འདི་ཡང་ཤི །དཔའ་རྩལ་ཆེ་བ་འདི་དང་འདི་ཡང་ཤི །ལོ་གཞོན་པ་བུ་ཆུང་འདི་དང་འདི་ཡང་ཤི་འདུག་པ་ལ་ང་མ་ཤི་བ་ཁ་རྗེ་ཆེ། ང་ལ་རྒྱུས་ཡོད་པ་འདི་ཙམ་ཤི་འདུག་རྒྱུས་མེད་པ་ཤི་བ་གྲངས་ལས་འདས། ངས་ངོ་ཤེས་པ་འདི་ཙམ་ཤི་འདུག་ངོ་མི་ཤེས་པ་ཤི་བ་གྲངས་ལས་འདས། ང་མ་ཤི་བ་ཁ་རྗེ་རེ་ཆེ། སྔར་མ་ཤི་བར་ཚེ་ཐར་དུ་ལུས་པ་སུ་ཡང་མི་འདུག་ན་ད་མི་འཆི་བ་ཚེ་ཐར་དུ་སྡོད་པ་སུ་ཡང་མི་འདུག་ཐམས་ཅད་འཆི་བར་འདུག་པ་ལ། ང་ཡང་ནམ་འཆིའམ། འཆི་དུས་ནོར་གྱིས་བསླུས་ས་མི་འདུག །ཕྱི་མར་ནས་རྡོག་པོ་གཅིག་གམ་གསེར་ར་ཏི་གཅིག་འཁྱེར་དབང་ནི་མི་འདུག །གཉེན་ཉེ་འབྲེལ་ཡོད་ཀྱང་འཆི་ཙམ་ན་དུམ་གཅིག་བཟུངས་ནི་མི་འདུག །ཕྱི་མར་དུམ་གཅིག་ཀྱང་འགྲོགས་དབང་མི་འདུག །དབང་ཆེ་ཡང་དར་ཅིག་ཀྱང་སྡད་དབང་མི་འདུག །དེ་ཙམ་ན་ཆོས་མིན་པ་གང་གིས་ཀྱང་ཕན་པ་མི་


LT19_Page_154B
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ལ་སོགས་པ་ལེགས་པར་བསམ། དེ་ལྟར་འཆི་བ་ནི་ངེས་པར་འཆི་བར་འདུག །ནམ་འཆི་ནི་ཆ་མི་འདུག །སོང་ཕོད་པ་ཙམ་ན་ང་ཤི་འདུག་ཟེར་བ་ཡོང་ངམ་མི་ཡོང་། དེ་ཡ་ང་བའི་ལུས་འདི་འཆི་ནད་དྲག་པོ་ཞིག་གིས་ཐེབས། ལུས་འོར་ལྷུང་མིག་གཏིང་དུ་བྲོས། ཁ་སྣ་སྒོམ་ཁ་སྣབ་ལ་དུད་ཚེམས་སེ་སོང་། རྩ་རྣམས་བསྡུས། དབུགས་ཕྱིར་ཤ་ཤ་འགྲོ་ཞིང་ནང་དུ་སྡུད་མི་ཤེས་པར་ངར་ངར་སོག་སོག་བྱེད། མཆི་མ་ཕྲལ་འདོན་རྒྱབ་འདྲེ་ལོག་ལོག་བྱེད་པ་ཞིག་ནམ་ཡོང་ངམ། སང་ཕོད་ད་ཙམ་ན་ཡོང་ངམ། ཟླ་བ་འདིའི་ནང་དུ་ཡོང་ངམ། ཞག་འདིའི་ནང་དུ་ཡོང་ངམ། དེ་ནས་དབུགས་ནི་ཆད་དྲོད་ནི་ཡལ་བཞིན་གྱི་མདངས་ནི་ཡལ། ཡབས་ཁད་དེ་ཆགས་སྐྲ་ནི་གྱེན་དུ་གཟེངས། ཉེ་འབྲེལ་དང་མཆེད་གྲོགས་ལ་སོགས་པ་རྣམས་ཆེ་གེ་མོ་ཤིའོ་ཟེར་ནས་དུ། དེ་ནས་རོ་དེ་གོང་རིལ་ཞིག་བྱས། དེ་ལ་ཕྱར་བ་ལ་སོགས་པའི་ཡོལ་བཞིག་བཏང་། དེ་ནས་བདུན་ཚིག་བྱེད་ཀཾ་ཀ་ནི་བགྲད། དྲི་མའམ་རོའ་རྩར་བཟང་བཏུང་གི་སྐལ་བ་རེ་འཇོག །དེ་ནས་རོ་དེ་རི་ལ་བསྐྱལ་ནས་བྱ་རྒོད་ལ་སོགས་པས་བཟའ་ཞིང་ཕར་འཐེན་ཚུར་འཐེན་བྱེད་ཡར་མར་དུ་འདྲུད། བྱ་རོག་ལ་སོགས་པས་ཤ་རུས་པའི་དུམ་བུ་རེ་ཁར་ཁྱེར་ཞིང་སྒག་སྒག་ཟེར་གྱིན་འཕུར་འགྲོ། སྐྲ་དང་རུས་པའི་དུམ་བུ་ཡ་གི་མ་གི་ན་ཐོར་བ་ཞིག་ཡོང་ངམ། མེ་ལ་བསྲེགས་ནས་རུས་པ་སྤར་གང་བྱེད་དམ། ས་ལ་སྦོས་ནས་འབུ་དོང་གང་བྱེད་དམ། ཆུ་ལ་བསྐུར་ནས་ཉ་སྲམ་གྱིས་ཟ་རྒྱུ་བྱེད་དམ། དེ་འདྲ་ཞིག་ངའི་ལུས་ལ་ནམ་ཡོང་ངམ། དེའི་ཚེ་ངའི་གོས་ལ་སོགས་པ་གཞན་གྱིས་གྱོན། ཁང་པ་ལ་སོགས་པར་གཞན་གྱིས་སྡོད་ཅིང་། ལོངས་སྤྱོད་བྱེད་པ་ཞིག་ནམ་ཡོད་དམ། སོང་ཕོད་དེ་ཙམ་ན་ཡོང་ངམ་ཟླ་བ་འདིའི་ངོགས་


LT19_Page_155A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡོང་ངམ། སོང་ད་ཙམ་ན་ཡོང་ངམ། དོ་ནུབ་རང་ཡོང་ངམ་སྙམ་དུ་དུངས་དུངས་པ་བསྒོམ། དེ་ལ་དབང་མེད་དུ་མཆི་མ་འབྱུང་བ་དང་། །

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་རྩ་ཡིག


LT19_Page_156A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་རྩ་ཡིག་བཞུགས་སོ། །


LT19_Page_156B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་སྦྱོར་གདམས་ངག་ནི། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལ། །དང་པོ་ཟླ་བ་གཅིག་གི་བར། །སྐྱོ་ཤས་དྲག་པོ་བསྐྱེད་ནས་ནི། །གསོལ་བ་གདབ་ཅིང་མཎྜལ་དབུལ། །ཡི་གེ་བརྒྱ་པ་བརྒྱ་རྩ་བཟླ། །དེ་ལ་རྨིས་ལྟས་བཟང་པོ་དང་། །འཇིག་རྟེན་ཆོས་ལ་བློ་སྣ་བཟློག །གང་ཟག་དད་གུས་ལྡན་པ་ལ། །རབ་ཀྱིས་དེ་རུ་སྒྲོ་འདོགས་ཆོད། །འབྲིང་ལ་ཉམས་མྱོང་བཟང་པོ་ཡོང་། །ཐ་མས་རྗེ་ལ་དད་གུས་སྐྱེ། །ཉམས་སྐྱེ་བའི་རྒྱུ་ནི་དད་པ་ཅན། །སྐྱོ་ཤས་སྐྱེས་པས་མོས་གུས་ཅན། །བྱིན་རླབས་སྟོབས་ཀྱིས་ཤེས་རབ་ཅན། །དེ་ལྟ་བུ་ཡིས་དོན་གོ་བས། །དེ་གསུམ་གང་ལྡན་སྔོན་འགྲོ་ཚར། །དངོས་གཞི་ལ་ནི་རྣམ་གཉིས་ཏེ། །ཆ་རྐྱེན་དང་ནི་གདམས་པའོ། །དང་པོ་ཁ་ཟས་བཅུད་ཅན་བཟའ། །ལུས་རུང་རྒྱས་པས་སེམས་ལས་རུང་། །གནས་ནི་དབེན་པར་མཚམས་བཅད་བྱ། །ལུས་ངག་ཡིད་གསུམ་བྱ་བ་བཏང་། །སྤྱོད་ལམ་གཉའ་ཤིང་གང་ཙམ་བལྟ། །འགྲོ་འདུག་ནད་པའི་སྤྱོད་ལས་བཞིན། །གདམས་ངག་དངོས་ལ་རྣམ་


LT19_Page_157A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། །དང་པོ་རྟོག་པ་བཀག་ནས་བསྒོམ། །དེ་ལ་རླུང་ཅན་རླུང་མེད་གཉིས། །རླུང་ནི་བུམ་ཅན་ཐུན་བཞིར་བསྒོམ། །རླུང་མེད་རྟེན་ཅན་རྟེན་མེད་གཉིས། །རྟེན་ནི་ཤིང་བུ་རྡེའུ་དང་། །མར་མེ་བླ་མ་དག་ལ་གཏད། །རྟེན་མེད་མ་བཅོས་ངང་ལ་བཞག །བར་སྐབས་སྒྲུང་རྒྱུད་སྙན་པོ་བཤད། །སྐྱོ་བ་སྐྱེ་བའི་གདམས་ངག་བཤད། །རྗེ་ལ་གསོལ་བ་མ་ཐེབས་ཤིང་། །ཞེན་པ་གཏིང་ནས་མ་ལོག་ན། །སྒོམ་པ་བཟང་ཡང་ཉུང་མའི་གཡོས། །སྒོམ་སྐྱོན་བྱིང་རྨུགས་རྒོད་པ་གསུམ། །བྱིང་ན་འདུག་ས་བསེང་བར་བྱ། །ཆུ་གདབ་བྱ་དང་བྱ་བར་བསྒོམ། །རྒོད་ན་བསྐུམ་སྟེ་བཅུད་ཅན་བཟའ། །ཕོ་རླུང་དྲག་པོ་ཡང་ཡང་བསྒོམ། །རྨུགས་ན་གློ་སྐར་སེར་བུ་བསྟེན། །རྟེན་ཁྱད་ཅན་གྱི་སྤྱན་སྔ་རུ། །ཚེ་རབ་ཐོག་མ་མེད་པ་ནས། །བླ་མ་དཀོན་མཆོག་ལ་སོགས་ལ། །སྒྲོ་སྐུར་བཏབ་ཅིང་སྡིག་བསགས་རྣམས། །ཞག་བདུན་བར་དུ་བཤགས་པ་བྱ། །དེ་ནས་ཡང་ནི་བསྐྱར་ལ་བསྒོམ། །དེ་ལྟར་བསྒོམས་པས་ཉམས་མྱོང་འཆར།


LT19_Page_157B
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གསལ་མི་རྟོག་སྣ་ཚོགས་འབྱུང་། །དེ་ལ་དགའ་བ་སྣ་ཚོགས་སྐྱེ། །མོས་གུས་མ་བཅོས་ཤུགས་ཀྱིས་སྐྱེ། །ཞེན་པ་ནང་ནས་དབང་མེད་ཟློག །དེ་ནི་སྐྱོང་ཡུན་རིང་ཚད་དཀའ། །སྒོམ་ཤེས་མང་སྟེ་བཤག་ཤེས་ཉུང་། །དེ་ནས་བབས་ཀྱིས་བཤིག་ཐབས་ནི། །སྒོམ་དང་རྟོག་པ་བསྲེ་བ་ནི། །རྟོག་པ་བརྒྱུད་མར་མ་སོང་བར། །རྩ་ཆད་བུམ་བུར་སྒོ་གསེབ་གདབ། །མིག་ཀྱང་དང་ཚུམ་མང་དུ་བྱ། །འགྲོ་འཆག་ཉལ་འདུག་སྨྲ་སོགས་ལ། །ཡེངས་པར་མེད་པར་བྱ་ར་བས། །ཉོན་མོངས་རྣམ་རྟོག་ལ་སོགས་ལ། །དགོས་ཤིང་མེད་ཐབས་མེད་དུ་བལྟ། །སྐྱོན་ཅན་མི་དང་སྲིད་དུ་བཅད། །དེས་ནི་དགག་སྒྲུབ་གཉིས་དང་བྲལ། །རྣམ་རྟོག་བསྒོམ་དུ་མ་ཤར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །སྒོམ་ཆེན་བསྒོམ་གྱིས་མ་བཅིངས་པར། །གོ་བའི་ལྟ་བ་རྒྱབ་ཏུ་བསྐྱུར། །བསྒོམ་པའི་ཉམས་མྱོང་རྨང་ནས་བཤིག །ངོ་སྤྲད་མ་སྔ་རྐུན་བུར་གཏང་། །བླ་མའི་བྱིན་རླབས་ཞུགས་པ་དང་། །ལྟ་སྒོམ་དག་དང་འབྲེལ་པ་གཉིས། །འཇོ་ཆན་རྟོག་པ་འཆར་བ་སྟེ། །སྔར་འདྲིས་མི་དང་དེ་རུ་འཕྲད། །ལྷ་གསོལ་ཡོད་ན་བྱ་དགོས་སྙམ། །དགའ་བ་ཁྱད་པར་ཅན་ཡང་སྐྱེ། །མདོ་རྒྱུད་བླ་མའི་གསུང་བགྲོས་དང་། །ངོ་སྤྲོད་ཐམས་ཅད་རྫོགས་པ་ནི། །རྣལ་འབྱོར་བཞི་ཡིས་རིམ་པར་བཤད། །འཁོར་བར་མི་ལྡོག་ལུང་ཡང་བསྟེན། །ལས་འབྲས་རང་ལ་དགོས་མེད་ཀྱང་། །གཟུགས་སྐུའི་ས་བོན་གདབ་པའི་ཕྱིར། །མི་བདེན་བཞིན་དུ་རྟེན་འབྲེལ་བསྒྲིག །དེ་ནས་རྗེས་ཀྱི་གདམས་ངག་ལ། །བསྒོམ་སྐྱེས་བདག་པོ་མེད་པ་ནི། །ཤོག་བུ་རླུང་གིས་ཁྱེར་བ་འདྲ། །ཡིད་བཞིན་ནོར་བུ་འདམ་གསེབ་བཅིངས། །སེང་གེ་ཁྱི་ཡིས་ཟླ་ལ་ཤོར། །རྒྱལ་པོ་དམངས་སུ་བབས་པ་བཞིན། །དེས་ན་ཞེན་ལོག་


LT19_Page_158A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་དགོས། །རྟོགས་པ་ཤར་བའི་རྣལ་འབྱོར་པ། །མ་བསྒོམས་པར་ནི་ལས་ཐབས་ཚར། །ལུག་ཇི་ལྟ་བུའི་རྣལ་འབྱོར་པས། །མི་ཚེ་ཟང་གིས་བསྒོམ་པའམ། །དགུའམ་དྲུག་ཏུ་བསྒོམ་པར་བྱ། །དེ་ཡང་མི་ཚེ་རྟག་ཏུ་བལྟ། རྟོགས་པ་སྒྱུ་མར་མ་ཤར་བར། །ཞེན་ལོག་ཆོས་བརྒྱད་མ་སྙོམས་པར། །སྙིང་རྗེས་རང་དོན་མ་ཟད་པར། །ཐབས་མཁས་དུས་ལ་མ་བབ་པར། །ཡོན་ཏན་དེ་ཚོ་ལྡན་པ་ན། །རིན་ཆེན་ལྟ་བུའི་གང་ཟག་ལ། །ཀུན་གྱིས་ཐོད་བཞིན་བསྐུར་བར་རིགས། །ཆེ་འབྲིང་ཆུང་གསུམ་འབགས་ཚད་འཆོངས། ལྷན་ཅིག་སྐྱེས་སྦྱོར་གནད་གསུམ་ལྡན་གྱི་མན་ངག་རྫོགས་སོ།། །དགེའོ། །ཤུ་བྷཾ། །མངྒ་ལཾ།།

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་ཆུང་།

༈ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གཞུང་ཆུང་བཞུགས་སོ།། ༈ བླ་མ་དང་དཔལ་རྡོ་རྗཻ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གདོད་ནས་དྲི་མེད་འོད་གསལ་ཆེན་པོའི་ངང་། །བློ་བུར་དྲི་མས་བཏང་བས་ཟག་མེད་སྐུ། རྟེན་འབྲེལ་ཆོས་ལས་འདས་པས་དག་པའི་དབྱིངས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །གདོད་ནས་རང་ལ་གནས་པས་ལྷན་ཅིག་སྐྱེས། །རྒྱུ་རྐྱེན་གཉིས་མེད་རང་བྱུང་ཆོས་ཀྱི་དབྱིངས། །བསམ་བརྗོད་ཡུལ་ལས་འདས་པས་རྟོག་ཡུལ་མིན། །ཟབ་མོ་མཚོན་པའི་གདམས་པ་འདིར་བཤད་བྱ། །ཀྱེ་ཧོ་བསགས་སྦྱང་གཉིས་འདིར་ཆོས་ཀུན་འདུས། །དངོས་གཞི་བཞི་ལ་སྦྱོར་བ་རྗེས་ཀྱི་ཆོས། །སྔོན་འགྲོ་དྲུག་ལ་ཉིན་མཚན་རྟག་ཏུ་འབད། །རྟགས་བཞི་རྫོགས་ཚེ་འདོད་ཡོན་ལྷུན་གྱིས་གྲུབ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེ། །བླ་མའི་དྲིན་ལས་རྟོགས་པར་འགྱུར་བའི་ཕྱིར། །རྒྱུན་དུ་བླ་མའི་མོས་གུས་གནད་དུ་བསྣུན། །དེ་ཡི་བྱིན་རླབས་སྙིང་ལ་འཇུག་པར་འགྱུར། །རང་གི་ལུས་ལ་ཡེ་ཤེས་ཆེན་པོ་གནས། །དེ་ལས་གཞན་དུ་རྙེད་པར་ནུས་མིན་པས། །ཆོས་བདུན་ལྡན་པའི་རྣལ་འབྱོར་གྱིས་གནས་པས། །རྣམ་པར་མི་རྟོག་ཡེ་ཤེས་


LT19_Page_158B
[མ་དཔེ་གཟིགས་ན་འདིར་གནོན།]

ངང་གིས་སྐྱེ། །དེ་ཉིད་དོན་ལ་སེམས་པའི་རྣལ་འབྱོར་པས། །ཕྱག་དང་བསྐོར་བ་ཁ་འདོན་ལྷ་བསྒོམ་པ། །གནས་ལུགས་དོན་ལས་གཡེལ་ཕྱིར་སྤང་བར་བྱ། །བག་ཡོད་དྲན་ཤེས་སྤྱོད་ལམ་ཉིད་ལ་གནས། བྱང་ཆུབ་ཤིང་དང་སྐུ་གསུང་ཐུགས་ཀྱི་རྟེན། །སྟེང་འོག་ཐིག་ལེ་སྙིང་གའི་ས་བོན་ལ། །མ་ཡེངས་མི་བསྒོམ་སོ་མའི་ངང་དུ་བཞག །ཐུན་གྱི་གདམས་པས་འདོར་ལེན་གནད་དུ་བསྣུན། །རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུང་བཅིང་ཞིང་། །སྒྲིམ་དང་གློད་པས་རིག་པ་གཡོ་མེད་བཅིང་། །རང་སར་བཞག་ལ་ཡེངས་མེད་དྲན་པ་བརྟེན། །ཆོས་ཀྱི་སྤྱོད་པ་དྲན་པའི་སོ་པས་སྐྱོང་། །རི་གཟར་ཆུ་དང་གང་གཱ་རྒྱ་མཚོ་བཞིན། །རབ་འབྲིང་ཐ་མ་གནས་པའི་སྐྱེ་ཚུལ་ཏེ། །མི་རྟོག་བདེ་གསལ་ཉམས་ཀྱི་འཆར་སྒོ་སོགས། །ཞི་གནས་ཉམས་ཀྱི་སྐྱེ་ཚུལ་ཤེས་པར་བྱ། །ཀྱེ་ཧོ་ཉི་ཟླ་གཡོ་མེད་ནམ་མཁར་བཅིང་། །སེམས་འདི་མ་བཅོས་སོར་བཞག་རང་ལུགས་ལ། །སྒོམ་མེད་ཡེངས་མེད་རིག་པ་ངར་ལྡན་པས། །སྐྱེ་བ་མེད་པས་ཆོས་ཉིད་དོན་ལ་བལྟ། །རང་གིས་རང་ངོ་ཤེས་པའི་ཆོས་ཉིད་དེ། །དབྱིབས་དང་ཁ་དོག་མེད་པས་མཚོན་དུ་མེད། །གསལ་རིག་སྟོང་གསུམ་གཤིས་ཀྱི་གནས་ལུགས་དེ། །གར་དུ་མ་གྲུབ་མཐའ་བྲལ་བདེ་བ་ཆེ། །རྣམ་རྟོག་གང་ཤར་མ་ཡེང་དེ་ལ་བལྟ། །གནས་དང་མི་གནས་གཉུག་མའི་ངང་དུ་གཅིག །སྤྲིན་ཚོགས་འཐུག་ཀྱང་ནམ་མཁའ་ལས་མ་འདས། །སྐྱེ་འགག་གནས་མེད་སྟོང་གསལ་རིག་པར་བཞུགས། །འདོད་ཆགས་ཞེ་སྡང་གཏི་མུག་ཉིད་ལ་བལྟ། །གསལ་ལ་ངོས་བཟུང་མེད་པ་དུག་གསུམ་གཤིས། །རང་བཞིན་རང་ངོ་ཤེས་པས་མ་སྤངས་དག །དུག་གིས་དུག་འཇོམས་ཉོན་མོངས་ཆེན་པོ་ཡི། །སྒོ་ལྔ་ཡུལ་ཐོགས་ཡིད་དང་བྲལ་བར་བཞག །འཛིན་སེམས་མེད་པས་ཡུལ་


LT19_Page_159A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རང་སར་དག །བསལ་བཞག་མེད་ཀྱང་གཤིས་ལུགས་སྟོང་པ་ཡིན། །ཡིན་ལུགས་རྟོགས་པས་སྣང་སེམས་དབྱེར་མེད་འདྲེས། །ཆོས་ཉིད་དོན་ལ་འདི་བསྒོམ་དམིགས་སུ་མེད། །སྒོམ་མཁན་སྟོང་ན་སྒོམ་མེད་ངང་དུ་གྲོལ། །སྤང་བླང་མེད་པ་ཐམས་ཅད་གཅིག་ཏུ་འདྲེས། །བསྒོམ་པ་སྒོམ་མེད་ཐ་མལ་ངང་ན་བདེ། །དྲན་པའི་རང་བཞིན་ཡེ་ནས་ཆོས་ཀྱི་དབྱིངས། །དྲན་མཁན་ཤེས་པས་དྲན་པ་རང་སར་དག །དྲན་སྟོང་དུས་མཉམ་རྗེས་ཐོབ་ལམ་གྱི་གནད། །ཀུན་ལས་ཁྱད་འཕགས་མཁའ་འགྲོའི་གསང་ཚིག་ཡིན། །རང་བྱུང་ཡིན་པས་སྐྱེ་འགག་གནས་གསུམ་བྲལ། །ཁ་དོག་དབྱིབས་ཀྱི་རྫས་མེད་རྟག་མཐའ་བྲལ། །གསལ་ཞིང་རིག་པས་མེད་པའི་མཐའ་མ་ལྷུང་། །འགྱུར་བ་མེད་པས་དགེ་སྡིག་ལས་གཉིས་ཀྱིས། ཕན་དང་གནོད་པ་མི་འགྱུར་རྫས་མེད་ཕྱིར། །དགེ་དང་སྡིག་པ་མ་གྲུབ་གནོད་བྱེད་མེད། །ལས་དང་ལས་འབྲས་རྨི་ལམ་བདེ་སྡུག་བཞིན། །ང་བདག་མེད་པས་སྒྲིབ་དང་བཅིང་བ་མེད། །སྤང་བྱས་དབེན་པས་བཅིངས་ལས་གྲོལ་བ་མེད། །འོད་གསལ་ཉིད་ལ་རྒྱུན་ཆད་མེད་པ་ཡི། །དྲན་པར་ཁྲིད་ན་མཉམ་རྗེས་གཉིས་སུ་མེད། །སྤྱོད་ལམ་ཀུན་ཏུ་འདུན་པའི་ལྕག་གིས་བསྐུལ། །དེ་ལ་གོམས་ན་ཉམས་རྟོགས་འཁོར་མར་འབྱུང་། །ཐ་མལ་ཤེས་པ་མ་བཅོས་ཕྱག་རྒྱ་ཆེ། །སྣང་སྲིད་ཆོས་རྣམས་སྣང་དུས་ཉིད་ནས་སྟོང་། །གང་ཤར་སྟོང་པ་ཉིད་ལས་མི་འདའ་ཞིང་། །མ་བྱས་ལྷུན་གྲུབ་ཟུང་འཇུག་གཤིས་ལུགས་ཡིན། སེམས་དང་ཀུན་གཞི་བདེ་གཤེགས་སྙིང་པོ་དང་། །རང་བྱུང་ཡེ་ཤེས་ཆོས་ཉིད་ཆོས་དབྱིངས་དང་། །དེ་བཞིན་ཉིད་དང་སྟོང་ཉིད་འོད་གསལ་དང་། ཟུང་འཇུག་ཡང་དག་དོན་དམ་རྣམ་གྲངས་ཉིད། །སྟོང་པ་རིག་པ་གསལ་བ་རྣམ་པ་གསུམ། །རེ་རེའི་སྟེང་དུ་དེ་གསུམ་དབྱེར་མེད་པར།


LT19_Page_159B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པས་ལྷན་སྐྱེས་ཡེ་ཤེས་ཏེ། །གདོད་ནས་རང་ལ་ལྷན་ཅིག་སྦྱོར་བ་བྱས། །འོད་གསལ་ཉིད་ལས་སངས་རྒྱས་སེམས་ཅན་གཉིས། །ཁྱད་པར་མེད་ཅིང་སེམས་ཉིད་སངས་རྒྱས་ཏེ། །རང་གིས་རང་མ་རྟོགས་པས་མ་རིག་འཁྲུལ། །རང་སེམས་རང་གིས་རྟོགས་པ་སངས་རྒྱས་ཡིན། །སེམས་མ་རྟོགས་པས་ཁམས་གསུམ་འཁོར་བར་འཁྱམས། །རང་སེམས་རྟོགས་པས་སངས་རྒྱས་ཆོས་ཀྱི་སྐུ། །འཁོར་འདས་གཉིས་པོ་སེམས་ཀྱི་ལྡོག་ཆ་སྟེ། །ཀུན་གྱི་གཞི་ནི་བྱང་ཆུབ་སེམས་ཡིན་ནོ། །སེམས་ཉིད་གཅིག་ཉིད་འཁོར་འདས་གཉིས་སུ་ཤར། །སེམས་ཉིད་རྟོགས་ན་འཁོར་བ་མ་སྤངས་པར། །མྱ་ངན་འདས་པ་མ་བསྒྲུབས་ལྷུན་གྱིས་གྲུབ། །ཆོས་ཀྱི་དབྱིངས་ལ་འཁོར་འདས་དབྱེར་མི་ཕྱེད། །ཁ་དོག་དབྱིབས་མེད་ཚོགས་དྲུག་ཡུལ་ལས་འདས། །གསལ་ཞིང་རིག་པས་བདེ་སྡུག་ཉམས་སུ་མྱོང་། །སྐྱེ་འགག་མེད་པས་འདུས་མ་བྱས་ཕྱིར་རྟག །ཡུལ་དང་ཡུལ་ཅན་གཅིག་དང་ཐ་དད་བྲལ། །དབེན་པའི་གནས་སུ་འདུ་འཛི་ཀུན་སྤངས་ཏེ། །ཆོས་བདུན་ལྡན་པའི་གང་ཟག་དག་གིས་བསྒོམ། །ཡེངས་མེད་སྒོམ་མེད་དུས་གསུམ་རྟོག་པ་སྤང་། །ཤེས་པ་མ་བཅོས་གང་ལྟར་འདུག་སར་བཞག །ཡེངས་མེད་མི་རྟོག་སྤྲོ་བསྡུ་མེད་པར་བྱ། །མ་བྱིང་མ་ལྟེངས་ངར་དང་ལྡན་པར་བསྒོམ། །གང་ཤར་རྟོག་པ་ངོས་བཟུང་དེ་ལ་བལྟ། །ཉོན་མོངས་སྐྱེས་པའི་རང་བཞིན་ཤེས་པར་བྱ། །སྒོ་ལྔའི་ཡུལ་ལ་སྤོང་འགེགས་མི་བྱེད་པར། །གང་ཤར་ཐོག་ཏུ་མ་བཅོས་སོ་མར་བཞག །ཟ་འཆག་ཉལ་སོགས་སྤྱོད་ལམ་དུས་ཀུན་ཏུ། །དྲན་པའི་བྱ་རས་ཡེངས་པ་མེད་པར་སྐྱོང་། །ཆུ་བོའི་རྒྱུན་དང་མར་མེའི་རྩེ་མོ་བཞིན། །ཉིན་དང་མཚན་དུ་རྩེ་གཅིག་མཉམ་པར་བཞག །གནས་ལུགས་རྟོགས་ནས་སྤྲོས་བཅས་མཚན་མ་སྒོམ། །ཟས་མཆོག་


LT19_Page_160A
[མ་དཔེ་གཟིགས་ན་འདིར་གནོན།]

སྤོངས་ནས་ཟས་ངན་ཟ་བ་བཞིན། །ཆོས་ཉིད་ངང་ནས་ཀུན་བརྟགས་ལྷན་སྐྱེས་ཀྱི། །མ་རིག་ལ་སོགས་སྤོང་བྱའི་ཚོགས་རྣམས་འཇོམས། དོན་ལ་ཡེངས་མེད་ཇི་ལྟར་བས་ཀྱང་གྲོལ། །བདེན་པ་མཐོང་ཞིང་ཚེ་གཅིག་སངས་རྒྱས་འགྱུར། མི་རྟོག་རང་ལ་ལྷ་དང་སྔགས་ནི་གནས། །ཡེ་ཤེས་ལྔ་ཡི་ངོ་བོར་ལྷུན་གྱིས་གྲུབ། །བསྲུང་སྡོམ་མེད་པ་དམ་ཚིག་ཆེན་པོ་སྟེ། །དཀོན་མཆོག་མཆོད་དང་གཏོང་མའི་མཆོག་ཀྱང་འདི། །སྦྱིན་སྲེག་ལས་དང་བདུད་རྩི་ཟ་བ་འདི། །ཕར་ཕྱིན་དྲུག་དང་གྲུབ་མཐའ་ཀུན་ཀྱང་འདུས། །འདི་ཉིད་བསྒོམས་པས་བྱང་ཆུབ་སེམས་དཔའ་སྟེ། །དཔའ་བོ་དཔའ་མོ་རྒྱང་ན་གནས་ཀྱང་འདུ། །གོ་བ་ཉམས་དང་རྟོགས་པ་ཤར་བ་ལས། །རྟོགས་པ་རྒྱས་པས་སྡང་བ་ཇེ་དག་འགྲོ། །སྤང་བྱ་དག་པས་སྐུ་གསུམ་ཤུགས་ལ་འགྲུབ། །སྟོང་རིག་གསལ་གསུམ་བཞི་ཡི་སྐུ་གསུམ་ཡིན། །བདེ་གསལ་མི་རྟོག་ལམ་གྱི་སྐུ་གསུམ་མོ། །མདོག་དབྱིབས་མཚན་མ་མེད་པ་ཆོས་ཀྱི་སྐུ། །མཚན་དང་དཔེ་བྱད་འབར་བ་ལོངས་སྤྱོད་རྫོགས། །གཞོན་ནུ་རོལ་རྩེད་མཛད་སོགས་སྤྲུལ་སྐུའོ། །རྟོག་མེད་འདུལ་བྱའི་སྣོད་ཀྱི་ཁྱད་པར་བཞིན། །འཁྲུལ་པ་མེད་པར་ཆོས་སྟོན་བདེ་གཤེགས་གསུང་། །ཡུལ་དང་ཡུལ་ཅན་གནས་ལུགས་ཇི་ལྟ་བར། །མ་ནོར་མཁྱེན་པ་ཐུགས་ཀྱི་ཡེ་ཤེས་ཉིད། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ། །ཆོས་དབྱིངས་ཡེ་ཤེས་ཆོས་སྐུའི་ཡོན་ཏན་ནོ། །མཚན་དཔེ་གཟུགས་སྐུའི་ཡོན་ཏན་འདིར་མ་བརྗོད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་བཞིན་དུ། །རྟོག་པ་མེད་བཞིན་དོན་མཛད་ཕྲིན་ལས་ཡིན། །སྙིང་པོའི་ལམ་མཆོག་ཕྱག་རྒྱ་ཆེན་པོ་འདི། །ཀུན་གྱིས་བསྒོམ་དང་བསྒོམས་ནས་གཞན་དག་ལ། །མ་ནོར་སྟོན་པར་བྱེད་པ་ཟབ་མོའི་ལམ། །མ་ནོར་གསལ་བར་རྒྱུད་སྡེའི་སྙིང་པོར་བཤད། །ཕྱག་རྒྱ་ཆེན་


LT19_Page_160B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གདམས་པ་སྙིང་པོའི་གཏེར་མཛོད་རྫོགས་སོ། །རྒྱལ་མཚན་དཔལ་གྱིས་གོ་བདེ་བར་སྦྱར་བའོ།། །།།བཀྲ་ཤིས་བདེ་ལེགས་དཔལ་འབྱོར་དོན་གྲུབ་ཤོག །དགེའོ། །ཤུབྷམ། །མངྒ་ལཾ། ༈ །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གནད་ཡིག་བཞུགས་སོ། ༈ །མཚན་ཉིད་ལྡན་པའི་བླ་མ་མཆོག །མ་ནོར་ལམ་སྟོན་ཆོས་ཀྱི་རྗེས། །གུས་བཏུད་འགྲོ་བ་རྒྱལ་གྱུར་ཅིག །དེ་གསུངས་ཁྲིད་ཀྱི་གནད་ཡིག་བྲི། །ཐོག་མར་སྣོད་བཅུད་རྟེན་འབྲེལ་གཅེས། །བརྒྱུད་ལྡན་གདམས་དང་ཉམས་རྟོགས་འཛོམ། །བྱིན་རླབས་ཚན་གཡོས་རང་འདོད་ཟད། །སྙིང་རྗེའི་མདངས་ཅན་དེ་ཞབས་གཏུགས། །གཞན་དུ་ལྡོངས་པ་ནང་སྤྲེལ་བཞིན། །ཚེ་འདིའི་རེ་ལྟོས་ཐག་པ་བཅད། །མོས་གུས་མཆོག་གྱུར་སོམ་ཉི་མེད། །དད་ལྡན་བརྩོན་ཆེན་རྗེས་སུ་བཟུང་། །གཞན་དུ་སྤྲ་རློན་མེ་སྟགས་བཞིན། །འབྱུང་བཞིའི་ཁམས་དང་སྐྱེ་མཆེད་དང་། །རིམ་གཅིག་ཐོད་རྒལ་དབང་པོ་ཡི། །རིམ་ཤེས་དེ་མཐུན་གདམས་ངག་གདབ། །གཞན་དུ་མུན་པ་མདའ་འཕེན་བཞན། །ལང་ཚོ་དྲི་མས་ཕོག་པ་དང་། །ཤེད་མེད་སྟོབས་དང་བྲལ་བ་དང་། །བསླབ་ཉམས་དོན་ལ་སྲེད་པ་དང་། །བླུན་རྨོངས་ཤེས་རབ་ཆུང་བ་དང་། །ཆེར་སེམས་ང་རྒྱལ་སྙེམས་པ་དང་། །ཡོན་ཏན་མི་སྐྱེད་གདམ་ངག་སློང་། །གུས་ན་ཅུང་ཟད་རྗེས་སུ་བཟུང་། །སྣོད་བཅུད་འཛོམས་པའི་གདམས་ངག་ལ། །ཉམས་མྱོང་བཟང་པོའི་དྲོད་ཚད་དགོས། །ཚར་བཅད་རྗེས་བཟུང་རང་སོར་བཞག །རྣམ་གསུམ་ཁྲིད་ཀྱི་གནད་ཡིན་ནོ། །སྔ་མ་མ་ཚར་ཕྱི་མ་མིན། །མྱུར་ལ་ཡུན་ཐུང་སློབ་པའི་དུས། །ཡུན་རིང་འདོད་ན་ཡུན་ཐུང་འཆོར། །སྒོམ་པ་བཟང་འདོད་ཕུག་རྩོལ་ངན། །མི་གཏམ་ངན་ན་ཡིད་གཉིས་སྐྱེ། །མི་མཐུན་ཐེ་ཚོམ་སྐྱེ་བའི་རྒྱུ། །སླུས་ཀྱིས་དགོས་ན་སྒོམ་གཉའ་འཆག །དད་པ་ཆུང་ན་ཁུལ་རོ་ལྡངས། །


LT19_Page_161A
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་གཡེལ་ན་སྒོམ་པ་འཐས། །འདོད་ཐག་ཉེ་ན་སུན་པ་སྐྱེན། །བརྟགས་སྤྱོད་བྱས་ན་དོན་ཕྱིར་འཆོད། །ཞེན་འདོད་མི་དང་མི་འཕྲད་དོ། །འཕྲོ་ན་ཚར་བཅད་རྗེས་སུ་བཟུང་། །གནས་ན་རེ་མེད་རང་སོར་བཞག །གསལ་ན་དེ་འདོད་དེ་བསྒོམ་ལྟ། །ངོ་སྤྲོད་སྔས་ན་གོ་བར་དྲེད། ལྷག་མཐོང་སྔས་པས་ཞི་གནས་མེད། །གོལ་ས་སྔས་པས་ཟོ་ལྷོད་སྐྱེ། །བོགས་འདོན་སྔས་ན་ས་མི་ཟིན། །བསྒོམ་པ་འགྱུར་ན་ངོ་མ་སྤྲོད། །བཟང་སྐྱེད་འདོད་ན་ངན་སྐྱེད་ཆེ། །ཤ་ལུས་འཁྲིགས་ན་གཟེར་བའི་རྟགས། །ཁམས་ལུས་དུབ་ན་བརྩོན་པ་སློད། །བྱིང་རྒོད་ཆེ་ན་དྲན་ཤེས་བརྟེན། །མ་འཐེབས་པ་ལ་ལོག་ནོན་གཅེས། །ཞེན་ལོག་མོས་གུས་རྐང་དང་མགོ །མ་ཡེངས་མི་སྒོམ་གནད་དུ་ཆེ། །མ་བརྟན་བར་དུ་གཡེང་བ་སྤང་། །ལྡ་མེད་བསྒོམ་པ་བརྟན་གྱིན་ངན། །གསར་བུའི་སྒོམ་པ་བསྲིངས་ཀྱིན་ཐུང་། །བློ་དམན་བསྒོམ་པ་བརྟན་གྱིན་འཆོར། །སོར་འཇོག་མ་ཤེས་བཅོས་ཤིང་བསླད། །འཇུར་ལ་མ་ཐེམས་ངན་ལང་འཆོར། །བརྟག་སྤྱོད་བཟང་འདོད་རྩོལ་བས་བསླད། །ངོམ་པས་མཐོང་ན་མཚན་མས་འཆིང་། །རྣམ་རྟོག་འགོགས་པའི་བསྒོམ་ཆེན་སྡུག །མ་སྐྱེས་རྫུན་གྱིས་རྟིང་ནོན་ཡོང་། །སྔར་ཡོད་རྫུན་གྱིས་གདམ་ངག་སྦེད། །རང་བསྟོད་གཞན་སྨོད་སྒོམ་ཆེན་སྲེག །སོ་མ་རང་དངས་ལྷུག་པ་གསུམ། །བཞག་ཐབས་སྒོམ་གྱི་དངོས་གཞི་ཡིན། །རང་སེམས་སོ་མར་འཇོག་ཤེས་དང་། །གསལ་སྟོང་རང་ངོ་མཐོང་བ་དང་། རྣམ་རྟོག་རང་ངོ་ཤེས་པ་གསུམ། །ཁྲིད་ཚད་རབ་འབྲིང་རྣམ་གསུམ་ཡིན། །ཡིད་ཆེས་རྡོ་རུས་ཐུག་པ་དགོས། །འཁྲུལ་འཁོར་ལྟ་སྟངས་ཀུན་ལ་གཅེས། །བསྒོམ་པ་དུས་སྟོས་དགོས་མི་སླེབས། །སྤྱོད་ལམ་མ་འདྲེས་ཡེངས་མི་ཐུབ། །གོམས་འདྲེས་ཆུང་ན་རྐྱེན་ཁར་འཆོར། །ལོ་གསུམ་བླ་མའི་དྲུང་དུ་བསྒོམ། །ཉམས་མྱོང་རྫུན་ཞུམ་མེད་པར་འབུལ། །གོལ་ས་ཐེ་


LT19_Page_161B
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བརྡར་ཤ་བཅད། །ཆིག་སྐྱེ་ཕེར་ན་རི་ཁྲོད་འགྲིམ། །སྣང་རྐྱེན་ཐུབ་ན་སྤྱོད་པ་བྱ། །ཡོན་ཏན་རྫོགས་ན་གཞན་དོན་འབྱུང་། །ཚེ་གཅིག་སངས་རྒྱས་ཐེ་ཚོམ་མེད། །སྒོམ་ཉེས་པ་དང་སྒྲུབ་ཉེས་པ། །ངལ་བ་དོན་མེད་མ་བྱེད་པར། །དོན་དམ་གདམས་པའི་ཉམས་ཁྲིད་འདི། །རྟོགས་ལྡན་བླ་མའི་དྲུང་དུ་སྐྱོངས། །འདྲ་བ་མང་སྟེ་ནོར་ཉེན་ཆེ། །འདི་མེད་ཆོས་ཀུན་ཡིད་སྨོན་ཡིན། །ཟབ་མོ་ཁྲིད་ཀྱི་གནད་ཡིག དགེ་སློང་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་རྫོགས་སོ། །འདི་དོན་རྟོགས་ཤིང་འགྲོ་ལ་སྟོན་པར་ཤོག །ཤུབྷཾ། མངྒ་ལཾ། །།།།།།

གདམས་ངག་མཛོད་པོད་བཅུ་པ།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད།

༈ ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ངོ་སྤྲོད་བཞུགས་སོ།། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མདོར་བསྡུས་པ་ནི། །གཞི་ལམ་འབྲས་གསུམ་སྟེ། དེ་ལ་གཞིའི་ངོ་བོ་རང་གི་སེམས་སམ་རིག་པ་འདི་ཡིན་ཏེ། །གྲུ་བཞི་དང་ཟླུམ་པོ་ལ་སོགས་པའི་དབྱིབས་དང་། །དཀར་དམར་ལ་སོགས་པའི་ཁ་དོག་ཏུ་གྲུབ་པའི་རྫས་ཀྱི་དངོས་པོ་རྡུལ་ཕྲན་ཙམ་ཡང་མི་འདུག་པས་སྟོང་པར་འདུག །སྟོང་པའི་གདངས་མ་འགགས་པ་གསལ་ལ་དྭངས་པ་དྲི་མས་གོས་པ་མི་འདུག་པས་གསལ་བར་འདུག །གསལ་སྟོང་དེ་གཉིས་ཀྱི་གཤིས་སམ་ངོ་བོ་རིག་པ་སྟེ། །མི་འཆར་དགུ་འཆར་ཡིན་མིན་ཤེས་ཤིང་གོ་བ་སྣ་ཚོགས་སུ་འཆར་བར་ངོ་བོ་ཅིར་ཡང་མ་གྲུབ་པ་འདི་ལ་ཀུན་གཞི་ཞེས་བྱའོ། །དེ་ལ་གསལ་རིགས་སྟོང་གསུམ་དབྱེར་མེད་པ་སྟེ། ཀུན་གཞི་འདིས་ཀུན་གཞིའི་གནས་ལུགས་དེ་ངོ་མ་ཤེས་པས། །ཀུན་གཞི་མ་རིག་པའམ་ཀུན་གཞི་འཁྲུལ་པ་སྟེ། ཀུན་གཞི་ཉིད་ཇི་ལྟར་འཁྲུལ་ཡང་། །ཀུན་གཞིའི་ངོ་བོ་གསལ་རིག་སྟོང་གསུམ་དེ་ངན་དུ་མ་སོང་། །རྟོགས་ཏེ་སངས་རྒྱས་ཀྱང་བཟང་དུ་མི་འགྲོ་བས་ཀུན་གཞི་ཞེས་བྱ་སྟེ། ཀུན་གཞི་ཁོ་རང་གིས་ཁོ་རང་ངོ་མ་ཤེས་པས་གཟུང་འཛིན་སྣ་ཚོགས་པར་ཤར། །གཟུགས་འཛིན་གྱི་དབང་གིས་


LT19_Page_162A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣ་ཚོགས་བསགས་ལས་ཀྱི་དབང་གིས་འཁོར་བར་འཁྱམས་པས། །མ་དག་པ་རྣམ་ཤེས་ཀྱི་ཀུན་གཞི་ཞེས་བྱ། །བླ་མ་དམ་པའི་བཀའ་དྲིན་གྱིས་ལམ་བསྒོམས་པས། །གཞི་ཁོ་རང་གི་གནས་ལུགས། །ཁོ་རང་གི་རྟོག་པ་མཐར་ཕྱིན་པས་ཆོས་སྐུ་ཐོབ་པ་སྟེ། །ཆོས་སྐུ་དེ་སངས་རྒྱས་ཀྱི་སའི་ཡོན་ཏན་གྱི་ཆོས་ཐམས་ཅད་དང་། གཟུགས་སྐུ་གཉིས་ལ་སོགས་ཐོབ་བྱེད་ཀྱི་རྟེན་བྱེད་པས། དག་པ་ཡེ་ཤེས་ཀྱི་ཀུན་གཞི་ཞེས་བྱ་ཏེ། གཞི་དེ་གཉིས་ངོ་བོ་གསལ་རིག་སྟོང་གསུམ་ཡིན་པས་གཅིག་ཅིང་། མ་རྟོགས་པའི་ཚེ་འཁོར་བའི་གཞི་དང་། །རྟོགས་པའི་ཚེ་མྱ་ངན་ལས་འདས་པའི་གཞི་སྟེ། རྟོག་པས་ཕྱེ་བས་ཀུན་གཞི་གཉིས་སོ། །ལམ་ལ་ལྟ་བ། སྒོམ་པ། །སྤྱོད་པ་གསུམ་ཏེ། ལྟ་བ་ནི་ཆོས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབས་པ་སྟེ། ཀུན་གཞིའི་གནས་ལུགས་གོང་དུ་བསྟན་པ་དེ་ཡིན་ལ། དེའི་གདངས་མ་འགགས་པ་ཡུལ་དང་ཡུལ་ཅན་སྣ་ཚོགས་སུ་ཤར་བ་སྟེ། ཕྱི་ཡུལ་གྱི་སྣང་བ་སྣ་ཚོགས་པ་ཐམས་ཅད། རང་གི་སེམས་ཉིད་དེ་དང་དེར་ཤར་བ་ཡིན་པས། །སྣ་ཚོགས་སུ་སྣང་བ་སེམས་ཉིད་སྣང་བ་སྟེ། སྣ་ཚོགས་སུ་སྣང་བས་སེམས་སྣང་བའོ། །སྣང་བ་སྣ་ཚོགས་པ་དེ་དག་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་རྫས་སུ་གྲུབ་པས། མིག་གིས་བལྟ་རུང་། རྣ་བས་ཐོས་སུ་རུང་བ་ལ་སོགས་པ་ཡིན་ལ། ཀུན་གཞི་ལ་ནི། དབྱིབས་ཁ་དོག་ལ་སོགས་པ་མེད་པས་ཕྱིའི་ཡུལ་སྣང་སྣ་ཚོགས་པ་སེམས་མ་ཡིན་ནོ། །དེས་ན་སྣང་བ་སྣ་ཚོགས་པ་དང་། སེམས་གཅིག་པ་དང་ཐ་དད་པ་དང་གང་ཡང་མ་ཡིན་པ་སྟེ། སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་ཡུལ་སྣང་བདེན་པར་གྲུབ་པ་གཅིག་ཀྱང་མེད་དོ། །སེམས་ནི་དབྱིབས་ཁ་དོག་གི་རྫས་སུ་མ་གྲུབ་ཅིང་། ཕྱི་རོལ་གྱི་ཡུལ་སྣང་དབྱིབས་ཁ་དོག་གི་རྫས་སུ་གྲུབ་པས་གཅིག་པ་


LT19_Page_162B
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། རྫས་ཡིན་པ་དང་མ་ཡིན་པ་གཉིས་གཅིག་པ་མ་ཡིན་པ་བཞིན་ནོ། །སྒོམ་པ་ནི། འདས་པའི་དུས་སྐྱིད་སྡུག་ཇི་ལྟར་བྱུང་བའི་བསམ་བློ་མི་གཏོང་། ད་གཟོད་འདི་བྱ་འདི་བྱེད་ཀྱི་གཞིག་འགྲེལ་གྱི་བསམ་བློ་མི་གཏོང་། ད་ལྟ་འདི་བསྒོམ་ཡང་ཡིད་ལ་མི་བྱེད་པས་ཏེ། འདི་བསྒོམ་གྱི་དབྱིབས་གྲུ་བཞི་ཟླུམ་པོ་ལ་སོགས་པ་བསྒོམ་རྒྱུ་མེད། འདི་བསྒོམ་མ་ཡིན་བྱས་ནས་དབྱིབས་ཁ་དོག་གི་རྣམ་པ་ཅན་གང་ཡང་སྤང་རྒྱུ་མེད། །ད་ལྟར་གྱི་སེམས་འདི་ལ་བཅས་བཅོས་མེད་པར་རང་སོ་ལ་འཇོག་པ་ཡིན་ལ། །བདེ་གསལ་མི་རྟོག་པ་ལ་སོགས་པ་ཡོང་ལ་རེ་དང་། །མ་བྱུང་གིས་དོགས་པ་མི་བྱ། རེ་དོགས་གཉིས་ཀྱིས་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པ་ཡིན་པས། རེ་དོགས་མི་བྱ། རིག་པ་མ་བཅུར་མ་བསྒྲིམས་པར། རིག་པའི་རྩལ་ཐོན་པའི་ངང་ལ། མ་ཡེངས་མི་བསྒོམ་པར་བསྐྱང་། དེ་ལྟར་ཡིད་ལ་གང་ཡང་མི་བསམ་ཡང་། རྟོག་པ་སྣ་ཚོགས་སུ་འཕྲོ་བ་ན། ཡིད་ལ་རྟོག་པར་ལ་བྱུང་བ་དེ་ལ་ཆེར་བལྟས་པས། རྟོག་པ་ལ་ངོས་བཟུང་མི་དམིགས་པར་སྟོང་ཉིད་དུ་འཆར་ཏེ། རྒྱ་མཚོའི་ཆུ་དྭངས་པ་རླུང་གིས་བསྐྱོད་པས། ཆུ་བུར་དང་རྦ་རླབས་སུ་འཆར་ཏེ། ཤར་ཡང་རྒྱ་མཚོའི་ཆུ་ཡིན་པས། རྒྱ་མཚོའི་ཆུ་ལས་རྦ་རླབས་ཀྱི་ཆུ་ངན་རྒྱུ་ནི་མེད། རྦ་རླབས་ཀྱི་ཆུ་དེ་ལས་རྒྱ་མཚོའི་ཆུ་བཟང་རྒྱུ་མེད་པ་བཞིན་དུ། སེམས་མི་རྟོག་པར་གནས་པ་ལས། བག་ཆགས་ཀྱི་རྐྱེན་གྱིས་རྣམ་རྟོག་སྣ་ཚོགས་སུ་འགྱུ་ཡང་། སེམས་ཉིད་རྟོག་པར་ཤར་བ་ཡིན་པས། རྟོག་པ་ཉིད་མི་རྟོག་པ་ལས་ངན་རྒྱུ་མེད་ལ། སེམས་རྟོག་པར་ཤར་བ་ཡིན་པས། རྟོག་པ་ལས་མི་རྟོག་པ་བཟང་རྒྱུ་མེད་པས། རྟོག་པ་ལ་ལྟ་གོ་ཆོད་ན་མི་རྟོག་པར་འཆར་རོ། །དེས་ན་མི་རྟོག་པ་ལ་ཆེད་དུ་མི་སྒྲུབ། རྟོག་པ་ལ་ཆེད་དུ་མི་འགེགས་པར་དྲན་པའི་རྒྱུན་མ་ཤོར་བར་སྐྱོང་ངོ་། །དེ་ལྟར་བསྒོམས་པས། གང་ཡང་ཡིད་ལ་མི་བྱེད་པ་བསྒོམ་པ་ལ་བརྟེན་ནས། །མི་


LT19_Page_163A
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་རྗེན་ནེ་ཤར་བས། གསལ་སྟོང་བློ་བྲལ་ཡིད་ཆེས་ལ་བརྗོད་མི་ཤེས་པའི་རྗེན་པ་ཞིག་ནང་ནས་ཤར་བ་དེ་ལ་ལྷག་མཐོང་གི་ཡེ་ཤེས་ཞེས་བྱའོ། །དེ་ལ་ཡང་ཞེན་པ་མེད་པར་ཐུན་གྱིས་གདམས་ངག་གིས་ཉམས་སུ་བླང་བར་བྱའོ། །སྤྱོད་པ་ནི། མལ་ནས་ལྡངས་པའི་དུས་ཉིད་ནས། མཉམ་བཞག་གི་དྲན་པའི་རྒྱུན་མ་ཤོར་བའི་ངང་ནས་ལྡངས་ཞིང་། སྤྱོད་ལམ་གང་བྱེད་ཀྱང་དྲན་ཐག་མ་ཆད་པར་བསྐྱང་། བཟང་པོའི་ཉམས་བདེ་གསལ་མི་རྟོག་པ་གང་ཤར་ཀྱང་ཞེན་པ་མེད་པར་བྱ། ལུས་སེམས་ཀྱི་ཐོག་ཏུ་དགའ་བདེ་ཅི་བྱུང་ཡང་། ཞེན་ཆགས་མེད་པར་དགའ་བདེའི་ངོ་བོ་ལ་ལྟ་ཞིང་། སྟོང་ཉིད་དུ་རོ་མཉམ། ལུས་སེམས་ཀྱི་ཐོག་ཏུ་མི་འདོད་པའི་ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་ངོ་བོ་ལ་ལྟ་ཞིང་། །ཚེ་སྔ་མའི་ལས་ངན་ཡིན་པས། ལས་མྱོང་བས་འཛད་པས། ཕྱི་མར་ལས་ཀྱི་རྣམ་སྨིན་མི་མྱོང་བས་ཨ་རེ་དགའ་སྙམ་དུ་ལམ་དུ་ཁྱེར་རོ། །འབྲས་བུ་ནི། ལྟ་སྒོམ་སྤྱོད་པ་གསུམ་ཉམས་སུ་བླངས་པས་སེམས་ཀྱི་གནས་ལུགས་ངོ་མ་ཤེས་གློ་བུར་གྱི་དྲི་མ་ཇེ་དག་ལ་སོང་བས། རྣལ་འབྱོར་བཞིའི་རིམ་པ་ལ་སོགས་པ་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ནས། སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སངས་རྒྱའོ། །ཟབ་མོ་གནད་ཀྱི་གདམས་པ་ནི། །བླ་མ་ཁྱུང་སྟོན་རྡོ་རྗེས་བསྐུལ་བའི་ངོར། །སྒོམ་ཆེན་པ་རྒྱལ་མཚན་དཔལ་བཟང་པོས། །གཤོངས་ཆེན་ཡངས་པའི་གཞལ་ཡས་ཁང་དུ་བཀོད་པའོ། །དགེ་བ་འདི་ཡིས་ལྷོ་མུན་པའི་གླིང་གི་སེམས་ཅན་ཐམས་ཅད་ལ། །ཆོས་ཉིད་ཡང་དག་པའི་ཉི་མ་ཤར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །བཀྲ་ཤིས་བདེ་ལེགས་དཔལ་འབར་དོན་གྲུབ་ཤོག །འདི་བཞེངས་དགེ་བས་སངས་རྒྱས་མྱུར་ཐོབ་ཤོག །མངྒ་ལཾ། །ཤུབྷམ། །དགེའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
ཆོས་དྲུག་རྡོ་རྗེའི་གཞུང་།


LT19_Page_164A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་རྡོ་རྗེའི་གཞུང་བཞུགས་སོ། །


LT19_Page_164B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུས་ལ་རྡོ་རྗེའི་རྟེན་འབྲེལ་བསྒྲིགས། རྡོ་རྗེ་སེམས་དཔའ་རྡོ་རྗེའི་ལུས་བུག་ནས། །རྡོ་རྗེ་གསུམ་བརྙེས་རྡོ་རྗེའི་བརྟུལ་ཞུགས་ཅན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །ཚེ་གཅིག་སངས་རྒྱས་སྟེར་བ་རྡོ་རྗེའི་ཐེག །སྤང་བྱ་ལམ་དུ་བྱེད་པ་ཁྱད་འཕགས་ལམ། །རྟེན་འབྲེལ་ལུས་ལ་སྒྲིག་པ་ཟབ་པའི་གནད། །མྱུར་སྐྱོབས་བདེ་བའི་ལམ་མཆོག་འདི་བཀོད་བྱ། །གང་ཞིག་དངོས་པོའི་གནས་ལུགས་ལུས་དང་སེམས། །ཇི་བཞིན་མངོན་དུ་བྱེད་པ་ཟབ་མོའི་ལམ། །དེ་དོན་མངོན་དུ་གྱུར་པ་འབྲས་བུའི་མཆོག །གཞི་ལམ་འབྲས་བུ་གསུམ་འདིར་ཐམས་ཅད་འདུས། །རྩ་རླུང་ཐིག་ལེ་སྐྱོན་མེད་རྡོ་རྗེའི་ལུས། །གནད་དུ་སྣུན་པར་བྱེད་པ་གཏུམ་མོའི་ལམ། །སྦྱོར་བ་དངོས་གཞི་རྗེས་ཀྱི་རྣལ་འབྱོར་གསུམ། །རིམ་པ་གསུམ་ལ་ངེས་པར་འབད་པར་བྱའོ། །སྐྱོན་མེད་ལུས་ལས་ཡོན་ཏན་འབྱུང་བའི་ཕྱིར། །ལུས་ཀྱིས་ལུས་ལ་གནད་དུ་སྣུན་པའི་ཕྱིར། །ལུས་ཀྱི་སྐྱོན་རྣམས་ལུས་ཀྱིས་དག་བྱེད་པས། །ལུས་ཀྱི་བྱ་བ་འཁྲུལ་འཁོར་


LT19_Page_165A
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པར་བྱ། །བཅུ་ཕྲག་ལྔ་དང་དྲུག་གིས་ལྷག་པ་ཡིས། །འཁྲུལ་འཁོར་རྣམས་ནི་ཉི་མ་རེ་རེ་བཞིན། །དུས་ཚོད་གསུམ་ལ་རེ་རེ་མ་ཆག་པར། །ལྷ་དང་སྟོང་རའི་སྦྱོར་བ་ལྡན་པས་བྱ། །ལུས་ནི་ཆོས་བདུན་ལྡན་པས་གནས་བྱས་ལ། །ལྷ་དང་བླ་མའི་རྣལ་འབྱོར་རྣམས་བྱས་ནས། །རྔུབ་དང་དགང་དང་འབུད་པའི་སྦྱོར་བ་ཡིས། །བུམ་པ་ཅན་གྱི་རླུང་ནི་སྦྱང་བར་བྱ། །ལུས་དང་རྩ་ཡི་སྟོང་ར་གཉིས་ལྡན་པས། །དབུ་མ་ཆོས་བཞི་ལྡན་པ་བསྒོམས་བྱས་ལ། །དྷཱུ་ཏིའི་མར་སྣར་རིག་པ་བཙུད་པར་བྱ། །རྩ་ལམ་སྦྱངས་པས་རྩ་ཡི་ཟུག་རྔུ་མེད། །རླུང་རྣམས་འདུ་ཞིང་རྩ་ཡི་མདུད་པ་དྲལ། །ཁམས་རྣམས་གཡོས་པས་སྲིད་པ་གསུམ་པོ་འཇིག །ཡོན་ཏན་ཀུན་འབྱུང་གསང་བའི་ལམ་མཆོག་སྟེ། །སྲོག་གིས་ལུས་ཕུག་ཟླ་བ་ནམ་མཁར་བརྟན། །སུམ་ཅུའི་ཞག་གིས་རླུང་རེ་གནས་སུ་ཞི། །དབུ་མ་དག་པས་རླུང་རྣམས་འདོད་དོན་འབྱིན། །དེ་དོན་བླ་མ་དམ་པ་ལས་ཤེས་ཤིང་། །མཐོང་བ་བརྒྱུད་ལས་རྟོགས་འགྱུར་གཞན་དུ་མིན། །རླུང་སེམས་དབང་དུ་སྡུད་ཅིང་རྩ་མདུད་


LT19_Page_165B
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག །དྭངས་མ་གཡོ་བར་བྱེད་པ་ལུས་ཀྱི་གནད། །མེ་ཐབས་དྲུག་ཆིངས་བདེ་དྲོད་རང་འབར་ཏེ། །བཅུ་ཕྲག་གསུམ་ན་ལུས་ཀྱིས་མངོན་གསུམ་མོ། །དྲག་པོ་གསུམ་དང་གཅུད་དང་འཇམ་པ་གསུམ། །གསུམ་གསུམ་དགུ་ཡིས་འབུང་པ་དགུ་ཕྲུགས་ཏེ། །རོ་སྟོད་ཁེངས་དང་རླུང་གི་ནད་རྣམས་སེལ། །འབུད་པ་འབྱོངས་པས་རྡུབ་པ་ལས་སུ་རུང་། །འཇམ་ལ་རིང་བས་ཕྱི་ནས་ནང་དུ་དྲང་། །ཁེངས་པར་བཟུང་ལ་གང་བའི་དུས་ན་གཞིལ། །མི་ཐུབ་དུས་ན་བཅག་ཅིང་སྤྲུགས་པར་བྱ། །དྲག་པོས་འབུད་ལ་བར་མཚམས་མེད་པར་བསྒོམ། །རྩ་གསུམ་འཁོར་ལོ་བཞི་ལ་བརྒྱ་དང་ནི། །བཅུ་ཕྲག་གཉིས་དང་གསུམ་གྱིས་ལྷག་པའི་རྩ། །གདུགས་ཀྱི་རྣམ་པ་མེ་ཡི་རང་བཞིན་ཅན། །གསལ་བར་སྒོམ་པ་རྩ་ཡི་རྣལ་འབྱོར་རོ། །རྩ་གསུམ་འཇོམ་པར་ཨ་ཐུང་རྒོད་མ་ཁ། །ཤད་ཀྱི་རྣམ་པ་སོར་མོ་དག་གི་ཚད། །རླུང་གིས་གཙུབས་པས་མེ་ཡི་རང་བཞིན་འགྱུར། །རྩེ་གཅིག་བསྒོམས་པས་ཕྲ་བའི་རླུང་ཉིད་འགོག །སོར་མོ་བཞི་སྙོམས་འཁོར་ལོ་རབ་བཅིངས་ཏེ། །ཐུར་སེལ་བསྐུམ་པས་གཏུམ་མོའི་མེ་ཆེན་འབར། །འཐུར་དུ་འགྲོ་བ་གཡོ་མེད་བརྟན་པར་བཅིང་། །རླུང་གི་ཡོན་ཏན་མ་ལུས་འདི་ལས་བྱུང་། །སྦོ་འདྲིལ་གཟེར་ཟུག་འཁྲུལ་འཁོར་དྲུག་གིས་བཤིག །ངག་འདྲེན་གནད་ཀྱིས་འོག་རླུང་སྟེང་དུ་འདོན། །གཞང་སྲིད་ཟ་བ་དྲོད་ཀྱི་སྦྱོར་བས་བསལ། །སྲིན་ལམ་བསྡམས་ན་འཁྲུལ་འཁོར་དག་གིས་བསལ། ཚ་ཟུག་ལ་སོགས་སུམ་ཅུའི་ཞག་ན་ཞི། །མ་ཟོས་བཀྲེས་མེད་ཟོས་ན་ཐམས་ཅད་འཇུ། །རླུང་མཁྲིས་བན་ཀན་འདུས་པའི་ནད་རྣམས་སེལ། །གཏུམ་མོའི་མེ་འབར་ཟླ་བ་ཟས་སུ་འཛིན། །ཨ་ཤད་སྲོག་ཐུར་གཉིས་ཀྱིས་གཙུབས་པ་ལས། །སོར་མོ་བཞི་དང་བཞི་ཡི་བར་དུ་འབར། །སྐུ་བསྲིངས་ནས་ནི་སྙིང་ཁ་མགྲིན་པའི་བར། །གཏུམ་


LT19_Page_166A
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འབར་ནས་གྲང་བའི་རེག་བྱ་འཇོམས། །མེ་ཡི་དྲོད་ཀྱིས་སུམ་ཅུ་རྩ་གསུམ་ཁམས། །དངས་མ་ཀུན་རྡར་རྩེ་ལ་འདུས་པ་ཡིས། །འཁོར་ལོ་བཞི་པོ་རིམ་པས་གང་པ་ལས། །དགའ་བ་བཞི་ཡི་ཡེ་ཤེས་དྲན་པར་བྱ། །མཐར་ནི་ཉི་མ་ཟླ་བས་ནོན་པ་ལས། །མགོ་ཞབས་མེད་པར་བདེ་བས་གང་བྱས་ལ། །འབྲོས་འདེད་ལ་སོགས་ཉམས་དང་བསྟུན་ལ་བྱ། །འཁོར་ལོ་གཉིས་ན་ཐིག་ལེའི་འབར་འཛག་བསྒོམ། །སྲིན་པོའི་གནད་དང་དྲང་ཚུགས་གསུམ་པོ་སོགས། །བཟུང་ཟློག་ལ་སོགས་ཉམས་མྱོང་དུས་དང་བསྟུན། །རྩ་ཁ་སྡོམ་དང་གློད་པ་ལ་སོགས་པ། །དུས་ཚོད་མ་ཤེས་ལོག་པའི་ལམ་དུ་འགྱུར། །སྟེང་དུ་འཐེན་ཅིང་འོག་ཏུ་དྲག་པོར་གཅུད། །སྟེང་འོག་རླུང་གཉིས་དྲག་པོར་ཁ་སྦྱར་ལ། །དྲོད་དང་བདེ་བ་སྟོབས་ལྡན་རབ་ཏུ་འབར། །མ་ཞུ་སྐྲན་སོགས་གྲང་བའི་ནད་རྣམས་འཇོམས། །དེས་ཀྱང་བགོས་ཆུང་གཙུབས་ཤིང་མེའི་འཁོར་ལོ། །སྔོན་དུ་འགྲོ་བའི་འཁོར་ལོ་ལྔ་བརྩེགས་དང་། །རྔུབ་དང་དགང་དང་གཞིལ་བ་དག་གི་མཐར། །བསད་པ་གསུམ་གྱི་མཐར་ནི་དགྲམ་དང་དབབ། །གསུམ་ཚན་གསུམ་གྱི་མེ་ཐབ་དགུ་སྐོར་ཡིན། །མགོ་བོའི་འཁྲུལ་འཁོར་ལྔ་དང་ལག་པའི་དྲུག །རྐང་པའི་བཞི་སྟེ་རྗེས་ཀྱི་འཁྲུལ་འཁོར་གསུམ། །སྦྱོར་བ་ལྔ་དང་དངོས་གཞིའི་འཁྲུལ་འཁོར་གཅིག །རྗེས་ཀྱི་གསུམ་པོ་བསྡོམས་པས་དགུ་སྐོར་ཡིན། །ཕྱི་ནང་མེད་པ་མེ་ཕུང་བཞིན་དུ་འགྱུར། །མེ་སྟོབས་ཆུང་ན་ཐིག་ལེ་ཞལ་སྦྱོར་བྱ། །ལོངས་སྤྱོད་རྦ་རླབས་སྦོམ་པོའི་སྟོབས་ཀྱིས་མནན། །གཡོ་བ་མེད་འགྱུར་མི་རྟོག་འོད་གསལ་འཆར། །འཕར་སྤྲུགས་བདེ་བ་གླུམ་སྤང་ཁོལ་བ་བཞིན། །གནད་ཀྱི་གེགས་སེལ་བླ་མའི་ཞལ་ལས་ཤེས། །བརྐྱང་བསྐུམ་གར་གྱིས་ཐུར་སེལ་དབང་དུ་བྱ། །དེ་ལ་གོམས་ནས་དྲང་ཚུགས་རྣམ་གསུམ་གྱིས། །


LT19_Page_166B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་སྟོབས་ཀྱིས་སྦྱོར་བ་སྟེང་དུ་དྲངས། །རྒྱ་མཚོ་དགང་ཞིང་གཅུ་བའང་མན་ངག་ཡིན། །ཡི་དྭགས་འདུག་སྟངས་གསང་བའི་ལུས་གནད་ལ། །ལག་པའི་ཕྱག་རྒྱ་ཨཾ་གུ་ལི་ཉིད་ནི། །ཚིམས་པར་མཉེས་པས་གཏུམ་མོའི་མེ་འབར་བས། །རིམས་གྱིས་དབབ་ཟློག་དྲང་ཞིང་གནས་སུ་བསྐྱལ། །ཡིད་འཕྲོག་ཕྱག་རྒྱ་མདུན་བསམ་འདུ་ཤེས་ཉིད། །གསུམ་དང་ལྡན་པས་མཁའ་གསང་བྱིན་གྱི་རླབས། །སྲུབ་སྐྱོང་དམིགས་པས་དབབ་ཅིང་བཟུང་བར་བྱ། །ཚིམས་པར་གྱུར་ནས་རང་གི་གནས་སུ་བསྐྱལ། །པདྨ་ཅན་སོགས་བུ་མོ་རྣམ་པ་དྲུག །རབ་འབྲིང་ཐ་མ་རེ་རེའང་གསུམ་གསུམ་སྟེ། །བརྟག་དང་དགུག་དང་སྦ་ཞིང་དབང་བྱས་ཏེ། །ཁྲིམས་བཅུ་ནོར་སོགས་དབང་གིས་སྨིན་པར་བྱ། །དབེན་པའི་གནས་སུ་བཅུད་ལྡན་བཟའ་བཏུང་གིས། །ལུས་ཁམས་རྒྱས་པར་བྱ་ཞིང་རྣལ་འབྱོར་བསྒོམ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི། །འདོད་ཡོན་ལྔ་ལ་རིམ་གྱིས་བྲིད་ཅིང་བསླབ། །སྔོན་འགྲོ་ཁམས་ལ་རང་དབང་མ་ཐོབ་ན། །དངོས་གཞིའི་དུས་སུ་རྗེས་ཆགས་དབང་གྱུར་པས། །མདའ་འཕང་བཞིན་ཏུ་བྱང་སེམས་གནས་ནས་འཕོ། །ཁུ་བ་ཉམས་པ་མནར་མེད་དམྱལ་བའི་རྒྱུ། །གསུམ་དང་ལྡན་པས་མཁའ་གསང་བྱིན་གྱིས་བརླབ། །རོལ་རྩེད་བྱས་པས་གསང་བའི་རྩ་ཁ་བྱེ། །སྙོམ་པར་ཞུགས་ལ་རུས་སྦལ་འགྲོས་བཞིན་བྱ། །གོམས་པ་ཆུང་བས་གཡོ་བ་ཉིད་ནས་བཟུང་། །གོམས་པར་གྱུར་ན་དགའ་བཞི་རྫོགས་པར་དབབ། །ཟབ་མོའི་སྦྱོར་བས་འཕོ་མེད་བརྟན་པར་བཅངས། །རྣམ་པར་མི་རྟོག་ཟླ་བ་ནམ་མཁར་འགྲོ། །ཟློག་དང་དགྲམས་པས་བདེ་བ་རྒྱས་པར་བྱེད། །ལུས་ཀྱི་འཁྲུལ་འཁོར་ངག་གི་དྲག་རླུང་དང་། །སེམས་ཀྱི་དམིགས་པ་གནད་ཀྱི་གདམས་པ་རྣམས། །བླ་མ་དམ་པའི་ཞལ་ལས་རྟོགས་པར་གྱིས། །གཞན་དུ་བྱིས་པ་བསླུ་


LT19_Page_167A
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཚངས་སྟོན་བཞིན། །བཅུ་གཉིས་ལྡན་པའི་ལུས་གནད་ཀྱིས་གནས་པས། །ཉི་ཟླ་གཡོ་མེད་ནམ་མཁའི་དབྱིངས་སུ་བཅིངས། །འཇམ་རླུང་ཁ་སྦྱོར་འབུད་རྔུབ་དགང་བ་གསུམ། །ཡི་གེ་གསུམ་དམིགས་གཉུག་མའི་ངང་དུ་བཞག །འགྲངས་ཆེས་ལྟོགས་ཆེས་མི་སྒོམ་མེ་ཆུ་སྤང་། །རྐང་རྗེན་དྲག་ཤུལ་ལུས་པོ་མཉེ་བ་དང་། །ལན་ཚྭ་ཆེས་དང་རྒ་དང་གཡེར་མ་དང་། །སྒོག་བཙོང་གྲིབ་ཟས་སྐྱི་ཆགས་གོས་སོགས་སྤང་། །བཅུད་ཆེན་ཟས་དང་ཏིལ་མར་བྱུག་པ་དང་། །ཁ་ཟས་ཟ་ཚེ་རླུང་རོ་བུས་ལ་ཟ། །འགྱེལ་བུབ་མེད་པར་རྟག་པར་ལུས་པོ་བསྲང་། །རྩ་རླུང་མི་ཉམས་ཟས་སྤྱོད་བརྟེན་པར་བྱ། །ཕྱི་ནང་གསང་བའི་བདུད་རྩི་ལྔ་སོགས་ཀྱི། །རོ་བཅུད་སྦྱོར་བས་ལུས་ཀྱི་སྟོབས་རྒྱས་ནས། །སྙིགས་མ་རྣམས་སྦྱངས་རྡོ་རྗེའི་སྐུ་འགྲུབ་ཕྱིར། །དྭངས་མའི་རོ་བཅུད་ཀྱི་ནི་སྦྱོར་བས་སྤེལ། །སྟོང་ཕྲག་བདུན་ཅུ་གཉིས་སོགས་རྩ་རྣམས་ནི། །ཕལ་ཆེར་སྐམ་དང་འབྱར་དང་ཞར་བས་ན། །དེ་དག་རླུང་སོགས་རྩ་ཡི་ཟུག་རྣམས་འབྱུང་། །ལུས་སྦྱོང་འཁྲུལ་འཁོར་འབད་པས་ཟུག་ལས་གྲོལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་ཀྱི་རླུང་། །རང་རང་གནས་སུ་སྦྱོར་བ་མ་སྙོམས་པས། །ལོག་དང་རེངས་དང་བྱེར་དང་འཐས་པ་དང་། །འཐུམས་པས་རླུང་གི་ནད་རྣམས་ཐམས་ཅད་སྐྱེད། །རང་གནས་བཟུང་དང་གཞིལ་དང་སྡུད་པ་དང་། །དབབ་དང་གསེང་བའི་འཁྲུལ་འཁོར་རླུང་སྦྱོར་དང་། །དམིགས་པ་སྒོམ་དང་རྟེན་འབྲེལ་ཟབ་མོ་ཡིས། །རླུང་གི་ནད་ལས་རྣལ་འབྱོར་རྒྱལ་བར་བྱ། །སུམ་ཅུ་རྩ་གཉིས་གཟའ་སྐར་སྙིགས་མའི་ཚོགས། །བསྒོམས་པས་དྭངས་སྙིགས་ཕྱེད་ཅིང་གཡོ་བ་ལས། །དངོས་དང་རྨི་ལམ་ལ་སོགས་འཛག་པ་ལ། །འཁྲུལ་འཁོར་རླུང་སྦྱོར་རྟེན་འབྲེལ་


LT19_Page_167B
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོས་བཅིང་། །རྩ་རླུང་ཐིག་ལེ་གནད་ཀྱིས་སྒོམ་པའི་ཉམས། །འཕེལ་འགྲིབ་ལ་སོགས་ཉམས་སྣང་སྣ་ཚོགས་པ། །གང་ཤར་ནང་གི་རྟེན་འབྲེལ་ཉིད་ཡིན་ཞིང་། །འབོར་ལེན་གནད་ཀྱི་གདམས་པས་ལམ་དུ་བྱ། །མ་རིག་བ་དང་ཉོན་མོངས་ལས་དབང་དང་། །འབྱུང་བཞི་ཆ་མ་སྙོམས་པ་ལས་བྱུང་བའི། །རླུང་མཁྲིས་བད་ཀན་འདུས་པའི་ནད་ལ་སོགས། །ཕྱི་ནང་ནད་རིགས་བྱེ་བྲག་བསམ་མི་ཁྱབ། །གྲོགས་སུ་འཁྱེར་དང་རོ་སྙོམས་དམིགས་པ་དང་། །འཁྲུལ་འཁོར་དབྱུག་པ་རིན་ཆེན་སྦྱོར་བ་སོགས། །ནད་རིགས་བཅོས་དགོས་སོ་སོར་མ་འཛོལ་བར། །ཉམས་ཀྱི་དཔགས་ལ་འདུ་བ་འཁྲུགས་པ་བསལ། །གེགས་སྐྱོན་བསལ་ཞིང་རྩེ་གཅིག་བསྒོམ་པ་ལས། །སྡུག་བསྔལ་དུས་དང་འདོད་ཆགས་འབར་བའི་དུས། །གཏུམ་མོ་ཡོན་ཏན་དུས་དང་རྣམ་པ་གསུམ། །དྲོད་དང་བདེ་བ་རྣམ་པར་མི་རྟོག་པས། །རླུང་ལྔ་ཟིན་དང་ལས་རང་དབང་དུ་འགྱུར། །རྩ་འཛིན་ཉམས་དང་བྷ་ག་རྩ་ཉམས་གསུམ། །ཟིན་དང་སྟོབས་འཕེལ་ཆ་སྙོམས་རླུང་ཉམས་གསུམ། །བདུད་རྩི་ཆ་སྙོམས་སྟོབས་འཕེལ་རྒྱས་པ་གསུམ། །འདུ་བ་གསུམ་སོགས་གནས་སྐབས་ལམ་གྱི་རྟགས། །གསང་གནས་ཕྱེད་དུ་གང་ཞིང་བརྟན་པ་ལས། །སྟོང་དང་བརྒྱད་བརྒྱའི་ལས་རླན་དབུ་མར་ཐིམ། །མཐོང་བའི་ལམ་སྟེ་སྟོང་དང་བརྒྱད་བརྒྱའི་བར། །བཅུ་གཉིས་ཐིམ་པས་སྒོམ་པའི་ལམ་གྱིས་ནི། །བཅུ་གཅིག་ས་ནི་ཡོངས་སུ་བགྲོད་པའོ། །ཐོག་མའི་ས་ལ་དབུ་མའི་མདུད་པ་རེ། །བར་དུ་ས་རེས་གསུམ་གསུམ་སུམ་ཅུ་གྲོལ། །དབུ་མའི་ཐོག་མའི་མདུད་པ་གྲོལ་བ་ལས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་བརྙེས། །རོ་རྐྱང་རྩ་དག་རྩོལ་བ་སྲོག་གི་རླུང་། །དབུ་མར་ཐིམ་པས་ལོངས་སྤྲུལ་སྐུ་གསུམ་བརྙེས། །ཡབ་ཡུམ་ཞལ་སྦྱོར་མཚན་དཔེས་བརྒྱན་པ་དང་། །སྟོབས་བཅུ་མི་འཇིགས་


LT19_Page_168A
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རིག་པ་བཞི། །མངོན་ཤེས་དྲུག་དང་མ་འདྲེས་བཅོ་བརྒྱད་ཆོས། །ཕྲིན་ལས་བཞི་ཡིས་འགྲོ་བའི་དོན་མཛད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཚེ་འདིར་མངོན་དུ་བྱེད་པ་གཏུམ་མོའི་བདེ་དྲོད་རྩོལ་མེད་དུ་སྐྱེ་བའི་གདམས་པ་རྫོགས་སོ།། །རང་བཞིན་དག་པ་གདོང་ནས་འོད་གསལ་ཞིང་། རྒྱུ་རྐྱེན་གཉིས་བྲལ་ལྷུན་གྲུབ་འདུས་མ་བྱས། །ཡོད་མེད་ཅིར་ཡང་མ་ངེས་སྤྲོས་པས་དབེན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །དབེན་པའི་གནས་སུ་འདུ་འཛི་ཀུན་སྤངས་ལ། །ཚ་ཟེར་མི་བསྟེན་བཅུད་ཅན་ཟས་དག་བརྟེན། །བླ་མའི་མོས་གུས་གསོལ་འདེབས་གནད་ནས་སྐུལ། །རླུང་དྲག་གཅུད་ཅིང་སྤྲོས་མེད་དོན་ལ་བསྒོམ། །ཁ་བས་དྭངས་སྙིགས་ལེགས་པར་ཕྱེད་སོགས་དུས། །མིའི་སེང་གེའི་ཉལ་ཐབས་ཅོག་པུ་ལ། །ལྷ་དང་བླ་མའི་རྣལ་འབྱོར་སྔོན་སོང་ནས། །ཧཱུྃ་གི་སྤྲོ་བསྡུས་པདྨའི་སྐབས་བཞིན་བསྒོམ། །མིག་གཉིས་སོར་བཞག་དམིགས་པ་ཡང་ཡང་བསྟེན། །ཞག་ལྔའི་དུས་ལས་མི་འདའ་འདོད་པ་འགྲུབ། །དེ་ལ་བརྟེན་ནས་རིམ་གྱིས་ཇེ་ཆེར་འཕེལ། །གཅིག་ལ་མི་བརྟན་སྦྱོར་བ་སྤོ་མི་བྱ། །སྐྱ་རེངས་ཤར་ནས་ཉི་མ་བཅུ་སྙེད་བར། །སེང་གེའི་སྟབས་སོགས་གང་བདེའི་ངང་གནས་པས། །སྲོག་རླུང་གཅུད་ཅིང་སྲོག་རྩོལ་གཉིས་ཀྱི་དབུས། །འདམ་སྐྱེས་སྟེང་དུ་ཧཱུྃ་ཡིག་གསལ་བར་བསམ། །གནད་བཞི་ལྡན་པས་གཉུག་མའི་ངང་དུ་གཉིད། །སྐབས་སུ་འདུན་པ་དྲན་པའི་ལྕག་གིས་བསྐུལ། །སྣང་མཆེད་ཐོབ་ཐིམ་ལྟ་ཐབས་ངོ་སྤྲོད་བྱ། །དོན་མ་འགྲུབ་ན་དབུགས་དང་མཛོད་སྤུར་གཅུད། །གཉིད་མཐུག་གྱུར་པ་སྲོད་ཀྱི་དུས་དག་ཏུ། །སྙིང་གི་ཆུ་སྐྱེས་འདབ་མ་བཞི་པ་ལ། །ཨ་ནུ་ཏ་ར་ཧཱུྃ་ཡིག་ལྔ་རིམས་བཞིན། །ཤེས་པ་གཏད་ལ་གནད་ཀྱི་མན་ངག་བསྟེན། །ཚེས་གཅིག་ནས་ནི་གཉིས་ལ་གཉིད་གཅིག་ལ། །གསུམ་


LT19_Page_168B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་ནས་འདོད་དོན་མ་འགྲུབ་བར། །ཨ་ནུ་ལ་སོགས་གནད་ཀྱི་མན་ངག་གིས། །འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །གྲིབ་ལ་འཛེམ་ཞིང་བཅུད་ཅན་ཁ་ཟས་བསྟེན། །དབེན་བའི་གནས་སུ་ལེགས་པར་མཚམས་བཅད་ནས། །རླུང་བཟུང་མི་རྟོགས་ངང་ལ་མ་ཡེངས་བསྒོམ། །བླ་མའི་མོས་གུས་གསོལ་འདེབས་གནད་དུ་ཆེ། །ཀུན་དྷ་མི་ཉམས་དམ་ཚིག་འདི་དྲུག་བསྲུང་། །ཆོས་ཉིད་དྲི་མས་དབེན་ཞིང་འོད་གསལ་སྟེ། །རང་གསལ་ཡེ་གསལ་ཁ་གཏིང་མེད་པར་གསལ། །གསལ་ཞིང་དྭངས་པས་རྐྱེན་གྱི་དབང་བཞིན་འཆར། །སྤང་རྟོགས་རིམ་བཞིན་ལམ་གྱི་འོད་གསལ་ཏེ། །བརྒྱལ་དང་སྙོམས་འཇུག་ཤི་དང་གཉིད་ལོག་དང་། །ཏིང་འཛིན་དབུ་མར་རླུང་ཚུད་གནས་སྐབས་དྲུག །ཇི་ལྟ་ཇི་སྙེད་མཁྱེན་པ་འབྲས་བུའོ། །ཉམས་ཀྱི་འོད་གསལ་མངོན་པར་ཤེས་པའི་རྒྱུ། །སྲབ་དང་འཐུག་པས་རིམ་བཞིན་བར་དོ་དང་། །འཆི་བའི་དུས་ལ་ཆོས་སྐུ་མངོན་དུ་བྱེད། །ཉིན་མཚན་མེད་སྒོམ་འཇའ་ལུས་རྡོ་རྗེའི་སྐུ། །འོད་གསལ་གཏི་མུག་ལམ་འཁྱེར་གྱི་གདམས་པ་རྫོགས་སོ།། །།གང་གི་བློ་གྲོས་ཉིན་མོར་བྱེད་པའི་མཐུས། །གཉིས་སྣང་མུན་པའི་སྨག་རུམ་ལེགས་བསལ་ནས། །གནས་ལུགས་མ་ནོར་གསལ་བར་སྟོན་མཛད་པའི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །དངོས་པོ་ཀུན་གྲུབ་སྣ་ཚོགས་ཇི་སྙེད་ཀུན། །ཇི་ལྟར་སེམས་ཀྱིས་བཟུང་ཞིང་དེར་སྣང་ཕྱིར། །སྣང་བ་གཞན་དུ་དེར་ནི་མ་སྐྱེས་ཏེ། །མ་སྐྱེས་པ་ལ་གནས་དང་འགག་པ་མེད། །ཕྱོགས་ཀྱི་ཆ་མེད་དངོས་པོའི་རྫས་མི་སྲིད། །ཆ་ཤས་ཡོད་ན་རྫས་ཀྱི་ཆུང་མཐའ་མིན། །ཆུང་མཐའ་ཡོད་ན་ཆ་ཤས་ཇི་ལྟར་རུང་། །གཅིག་མ་གྲུབ་ཕྱིར་དུ་མ་ག་ལ་ཡོད། །ཇི་ལྟར་སྣང་བ་རྒྱུ་ལས་སྐྱེས་པ་ན། །ཐོག་མའི་རྒྱུ་དེ་གང་ལས་སྐྱེ་བར་འགྱུར། །དེ་ལ་རྒྱུ་ཡོད་ཐོག་མར་མི་རུང་ལ། །རྒྱུ་མེད་པས་ན་རྒྱུ་ལས་ཇི་


LT19_Page_169A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྐྱེས། །སྔ་མ་འགག་པ་མེད་ཕྱིར་སྐྱེ་བ་མེད། །ཕྱི་མ་ད་ལྟར་མེད་ཕྱིར་གང་ལས་སྐྱེ། །ད་ལྟར་བ་ལ་རྒྱུ་འབྲས་གཉིས་མི་སྲིད། །དེ་ཕྱིར་རྒྱུ་ལས་མེད་འབྲས་རྐྱེན་ལ་མཚུངས། །རྒྱུ་ཉམས་པ་ལས་འབྲས་བུ་མི་སྐྱེ་སྟེ། །ས་བོན་རུལ་བའི་མྱུ་གུ་ཇི་བཞིན་ནོ། །རྒྱུ་མཉམ་ས་ལ་འབྲས་བུ་མི་སྲིད་དེ། །ས་བོན་རང་སར་གནས་པའི་འབྲས་མི་སྲིད། །འབྲས་བུ་གྲངས་མཉམ་དེ་ཡཾ་རྒྱུ་ཡོད་ན། །རྒྱུ་གཅིག་ལས་སྐྱེས་འབྲས་བུར་ག་ལ་འགྱུར། །འབྲས་བུ་རེ་ལ་རྒྱུ་རེ་མེད་པ་ན། །རྒྱུ་ལས་སྐྱེས་པའི་འབྲས་བུར་ག་ལ་འགྱུར། །རང་ལས་རང་མ་སྐྱེས་ཏེ་རང་ལས་ནི། །ཐ་དད་པས་ནི་རང་ལས་སྐྱེ་བ་མིན། །གཞན་ལས་རང་ནི་སྐྱེ་བ་གང་ལ་སྲིད། །རྒྱུ་ལ་ཇི་ལྟར་རྐྱེན་ལས་ཤེས་པར་བྱ། །རྒྱུ་རྐྱེན་འཚོགས་པས་འབྲས་བུ་སྐྱེད་བྱེད་ན། །རྒྱུ་ཡང་རྐྱེན་དེ་བྱེད་པའང་རྐྱེན་ཡིན་ཕྱིར། །དེ་དག་བྱར་མེད་འདུས་མ་བྱས་སུ་འགྱུར། །རྒྱུ་རྟག་པ་ལས་འབྲས་བུ་སྐྱེད་མི་ནུས། །མི་རྟག་པ་ནི་མེད་ཕྱིར་སྐྱེ་མི་ནུས། །ནུས་པ་མཐུན་ན་རྒྱུ་རྐྱེན་གཉིས་མ་ཡིན། །ནུས་པ་མི་མཐུན་གཅིག་གིས་གཅིག་འཇོམས་པས། །རྒྱུ་རྐྱེན་གཉིས་འཛོམ་འབྲས་བུ་སྐྱེད་པ་མེད། །རང་བཞིན་གཅིག་ནས་འབྲས་བུ་མང་པོ་མིན། །ཐ་དད་པས་ན་རྒྱུ་གཅིག་ལས་སྐྱེས་མིན། །སྟོང་པ་ཡིན་ན་མེད་ཕྱིར་འབྲས་མི་སྐྱེ། །སྟོང་མིན་སྣང་ཞིང་བདེན་ནའང་འབྲས་མི་སྐྱེ། །བསྐྱེད་བྱ་སྐྱེད་བྱེད་གཅིག་ན་རྒྱུ་འབྲས་མིན། །རིགས་མ་མཐུན་ན་རྒྱུ་འབྲས་འཆོལ་བར་འགྱུར། །འདས་དང་མ་འོངས་ད་ལྟར་དུས་མཉམ་ལས། བསྐྱེད་བྱ་སྐྱེད་བྱེད་རྒྱུ་རྐྱེན་འབྲས་བུ་མེད། །རྒྱུ་ལ་འབྲས་བུའི་མཚན་ཉིད་དག་ཡོད་ན། །ཡོན་ཏན་འབྲས་བུ་གསར་དུ་སྐྱེད་ཅི་དགོས། །མེད་ན་རྐྱེན་གྱིས་འབད་པ་དོན་མེད་དོ། །དབྱིབས་དང་ཁ་དོག་དྲི་རོ་ནུས་པ་སོགས། །ལྷན་ཅིག་གྲུབ་ཕྱིར་སོ་སོར་བྱེད་པོ་མེད། །བྱེད་པོ་མེད་ན་འདུས་མ་བྱས་སུ་འགྱུར། །བྱེད་པོ་ཡོད་ན་རྒྱུ་ལ་རྐྱེན་དག་གིས། །འདི་ཡིས་འདི་བྱས་ཇི་ལྟར་ཤེས་པར་འགྱུར། །རྒྱུ་མ་འགགས་པར་འབྲས་བུ་མི་འབྱུང་ལ། །འབྲས་བུ་སྨིན་ཚེ་རྒྱུ་


LT19_Page_169B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཕྲེལ་པ་མེད། །སྔ་མའི་དངོས་ཚོགས་ཕྱི་མ་སྐྱེས་ཆོ་འགག །རིང་ཐུང་སྦོམ་ཕྲ་དུས་གཅིག་འབྲེལ་པ་མེད། །རྩེ་མོ་མ་སྐྱེས་རྩ་བ་ཇི་ལྟར་རུང་། །རྩ་བ་མེད་པའི་རྩེ་མོ་ཇི་ལྟ་བུ། །རྩ་བ་རྩེ་མོ་ཐོག་མར་གང་ཞིག་སྐྱེས། །གང་སྐྱེས་རྩ་བ་རྩེ་མོ་གཉིས་ཀ་མིན། །དེ་གཉིས་མཉམ་དུ་བྱུང་བའང་མ་ཡིན་ནོ། །དུས་དང་གནས་དང་ངོ་བོ་ཐ་དད་ནས། །ཐ་དད་ཕྱིར་ན་གཅིག་པའི་འབྲེལ་བ་མེད། །འདུས་བྱས་ཆོས་ལ་ཆོས་གསུམ་ཚང་བ་མེད། །འདུས་བྱས་ཆོས་ལ་ཚང་ན་འདུས་བྱས་མིན། །འབྲས་བུའི་རང་བཞིན་ཡོན་ཏན་སྐྱེ་མི་འགྱུར། །འབྲས་བུར་གྲུབ་ཕྱིར་སྐྱེ་བ་གང་ལ་སྲིད། །རང་བཞིན་མེད་ན་སྐྱེ་བར་ག་ལ་འགྱུར། །དེ་མེད་པ་ལས་དེ་ནི་སྐྱེ་བ་མེད། །མ་སྐྱེས་པར་ནི་སྐྱེ་བ་གང་ཡང་མེད། །སྐྱེས་ཟིན་པ་ནི་སླར་ཡང་ཇི་ལྟར་སྐྱེ། །དངོས་དེ་ལས་ནི་དངོས་པོ་དེ་མི་སྐྱེ། །དེ་ལས་ཐ་དད་པ་ནི་གང་ལ་སྐྱེ། །དངོས་མེད་ལས་ནི་དངོས་པོ་གང་ལས་སྐྱེ། །སྔ་མ་འགགས་དང་ཕྱི་མ་མ་སྐྱེས་བས། །ད་ལྟར་གནས་པ་ཉིད་ནི་ག་ལ་འབྱུང་། །གནས་ཚར་བ་ལ་གནས་པ་ཉིད་ནི་མང་། །མ་གནས་པར་ནི་གནས་བར་ག་ལ་འགྱུར། །འགགས་ཟིན་ཕྱིར་ན་སླར་ཡང་འགག་པ་མེད། །མ་འགགས་པར་ནི་དེ་བས་འགགས་པ་མེད། །མ་སྐྱེས་པ་ལ་འགག་པ་མེད་པ་སྟེ། །གནས་པ་གནས་པའི་ཕྱིར་ན་འགག་པ་མེད། །སྐྱེ་བ་སྐྱེ་བའི་ཕྱིར་ན་འགག་པ་མེད། །ཆད་དང་རྟག་ལ་འགག་པ་ཡོད་མ་ཡིན། །ཀུན་རྫོབ་ཆོས་རྣམས་རྒྱུ་དང་རྐྱེན་ལས་བྱུང་། །བདེན་མིན་རྫུན་མིན་སྒྱུ་མ་ལྟ་བུའི་ཆོས། །སྣང་ཙམ་ཉིད་ནས་མ་གྲུབ་རྟེན་འབྲེལ་ཡིན། །དེ་ལྟར་རྟོགས་ན་སྤངས་རྟོགས་གང་ཡང་མེད། །རྒྱུ་དང་འབྲས་བུ་གཅིག་དང་ཐ་དད་མིན། །ཆ་ཤས་བཅས་ལ་རྫས་གཅིག་མི་སྲིད་ལ། །རྫས་དེའི་རྫས་སུ་གཅིག་པས་ཐ་དད་མིན། །བྱེ་བྲག་སོ་སོའི་རྫས་རྣམས་གཅིག་པ་མིན། །བྱེ་


LT19_Page_170A
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཇི་སྙེད་ཡོད་པ་དངོས་པོར་གཅིག །དངོས་པོ་དངོས་མེད་གཉིས་ཀྱང་གཅིག་པ་མིན། །གཉིས་ཀ་ཤེས་བྱ་ཡིན་ཕྱིར་ཐ་དད་མིན། །སྤྱི་ཡིས་མ་ཁྱབ་བྱེ་བྲག་རྫས་མེད་ལ། །བྱེ་བྲག་རྫས་ནི་སྤྱི་ཉིད་མ་ཡིན་ནོ། །ཆོས་ཉིད་ལས་གཞན་ཆོས་ཅན་གཅིག་ཀྱང་མེད། །ཆོས་ཅན་སྣ་ཚོགས་ཆོས་ཉིད་མ་ཡིན་ནོ། །འཁོར་བ་ཉིད་ལས་མྱང་འདས་ཐ་དད་མིན། །མྱ་ངན་འདས་པ་འཁོར་བ་ཉིད་མིན་ནོ། །ཤིང་དང་ལྤགས་པ་རྔ་ཡོག་ལག་པ་སོགས། །ཀུན་ལས་འབྱུང་ཕྱིར་སྒྲ་དེ་ཐ་དད་མིན། །སྒྲ་དེ་ཤིང་སོགས་མིན་པས་གཅིག་པ་མིན། །གང་ལས་མ་སྐྱེས་མི་གནས་འགག་པ་མེད། །འདུས་བྱས་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན། །ཉི་ཟླ་གང་ཤར་ཀུན་གྱི་ཤར་ཡིན་ཕྱིར། །ཤར་ནུབ་ལྷོ་བྱང་གཅིག་ཏུ་ངེས་པ་མེད། །ཤར་སོགས་ཕྱོགས་ལ་ངེས་པ་མེད་པའི་ཕྱིར། །མཐའ་མེད་པས་ན་དབུས་ཉིད་ག་ལ་ཡོད། །ཐོག་མར་སྐྱེས་སམ་འོན་ཏེ་ཐོག་མར་ཤི །གཅིག་ལ་གཅིག་ལྟོས་ཐོག་མ་ག་ལ་སྲིད། །ཟད་པ་མེད་ཕྱིར་འཁོར་བའི་མཐའ་མ་གང་། །ཐོག་མཐའ་མེད་པས་དབུས་ཉིད་ག་ལ་རུང་། །དུས་མཐའི་སྐད་ཅིག་ཞག་དང་ཟླ་བ་ལོ། །བསྐལ་པའི་ཐོག་མཐའ་མ་དམིགས་དབུས་དེ་བཞིན། །འདས་དང་མ་འོངས་འགགས་དང་སྐྱེ་མེད་ཕྱིར། །བར་དུ་གནས་པའི་སྐད་ཅིག་མ་དེ་མེད། །སྐྱེ་བཞིན་པ་ནི་འདས་དང་མ་འོངས་མིན། །སྐྱེ་བ་མ་ཚར་བར་དུ་གནས་པའང་མིན། །སྐྱེ་བ་མེད་ལ་དུས་གསུམ་ག་ལ་སྲིད། །འགགས་ཟིན་ན་ནི་ད་ལྟ་གནས་པ་མེད། །སྔ་མ་མ་ཡིན་གཞན་པ་གནས་མེད་ཕྱིར། །སྔ་མ་ཡིན་ཕྱིར་ད་ལྟ་གནས་པ་མེད། །ད་ལྟར་བ་ཡི་སྐད་ཅིག་མ་འདི་ནི། །སྔ་མ་ལ་ལྟོས་ཕྱི་མ་ཉིད་ཡིན་ལ། །ཕྱི་མ་ལ་བལྟོས་སྔ་མ་ཡིན་པས་སྟེ། །སྔ་ཕྱི་གཉིས་འགལ་དུས་གསུམ་


LT19_Page_170B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་འགལ། །དུས་བཞི་སོ་སོར་སྣང་ཚུལ་ཐ་དད་པ། །བྱེད་པ་པོ་མེད་འདུས་མ་བྱས་སུ་འགྱུར། །བྱེད་པ་ཡོད་ན་མི་དམིགས་སུ་ཡིས་བྱས། །རང་སེམས་འཁྲུལ་པའི་འཁྲུལ་སྣང་སྒྱུ་མ་བཞིན། །སྐྱེས་ནས་ད་ལྟའི་བར་གྱི་བདེ་སྡུག་འདི། །འགགས་ཕྱིར་མེད་པས་རྨི་ལམ་སད་པ་བཞིན། །བག་ཆགས་རྒྱུན་ཙམ་མིན་པ་ཕྱོགས་ན་མེད། །ལོ་ཟླ་ཞག་དང་སྔ་དྲོའི་དུས་སོགས་མཚུངས། །བར་དོའི་ཤེས་པ་རིགས་དྲུག་སྐྱེ་གནས་ཏེ། །ཤར་བ་ལུས་མེད་པ་ཡི་བླང་བྱའི་ཡུལ། །ལེན་པོ་ཡིན་ན་བླང་ཡུལ་མེད་པར་འགྱུར། །སྐྱེ་གནས་ཡིད་ཡུལ་ཤར་བ་ལེན་པ་པོ། །ཡིན་ཕྱིར་བླང་ཡུལ་ཐ་དད་མེད་པའི་ཕྱིར། །བླང་ཡུལ་ཡིན་ན་གོང་བཞིན་ལེན་པོ་མེད། །བག་ཆགས་མིན་པ་སྐྱེ་གནས་གྲུབ་པ་མེད། །རྣམ་ཤེས་དངོས་པོ་མེད་ཕྱིར་ལུས་སྒྱུ་ཡིན། །འབྱུང་ལྔའི་རྒྱུ་ལས་ལུས་ཤིག་གྲུབ་པ་མེད། །ནུར་ནུར་པོ་ནས་ལུས་པོ་རྫོགས་པའི་བར། །བྱེད་པོ་མེད་པས་འདུས་མ་བྱས་སུ་འགྱུར། །རིམ་པས་འགྱུར་བས་རྟག་པ་མེད་པས་ཏེ། །བྱས་དང་རྟག་པ་མེད་པས་སྒྱུ་མའི་ཆོས། །དངོས་པོས་མཐོང་ན་རོ་ཡིས་མཐོང་ཐོས་འགྱུར། །སེམས་ཀྱིས་མཐོང་ན་ལོ་སོགས་མེད་པར་འགྱུར། །མེད་བཞིན་སྣང་བ་འཁྲུལ་པའི་མཐོང་ཚུལ་སྟེ། །འཁྲུལ་པ་དག་ནས་འཁྲུལ་སྣང་རང་སར་གྲོལ། །ཡན་ལག་ལྔ་དང་དབང་ལྔ་དོན་སྙིང་ལྔ། །སྣོད་དྲུག་ལུས་མིན་དབང་པོ་གཅིག་ཏུ་འགྱུར། །ལུས་པོ་མིན་ན་ལུས་གཞན་གཅིག་ཏུ་འགྱུར། །དེ་དག་ལྷུ་དང་སྡུམ་དང་ཁམ་ཚད་དང་། །རྡུལ་ཕྲན་བར་དུ་ཆ་ཤས་ཕྲ་མོར་གསིལ། །འདུས་མ་བྱས་སོགས་ལུས་ཀྱིས་བདག་བཙལ་ལོ། །གླུ་དང་དབྱངས་དང་ཡི་གེ་སྣ་ཚོགས་རྣམས། །ངག་གི་རྒྱུན་ཡིན་དེ་དག་རེ་རེ་ལས། །ངག་འབྱུང་ལྷག་མ་གཞན་གྱིས་དགོས་པ་མེད། །བཞི་ཀ་དགོས་ན་རྒྱུ་མ་འབྲས་ཞིག་འབྱུང་། །གྲེ་བ་ཁ་དང་ལྕེ་རྐན་སོ་


LT19_Page_171A
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་སྣ། །རེ་རེའང་ཐམས་ཅད་འདུས་པ་ག་ལ་སྐྱེ། །དེ་དག་སྔ་མ་བཞིན་དུ་ཤེས་པར་བྱ། །ཁོང་ནས་འབྱུང་ན་ཡོད་པའམ་མེད་པ་འབྱུང་། །ཡོད་པ་འབྱུང་ན་གྲེ་སོགས་རྐྱེན་མི་དགོས། །རྐྱེན་ལ་ལྟོས་ན་ཡོད་པ་མ་ཡིན་ནོ། །མེད་ན་ཁོང་ནས་འབྱུང་བ་མ་གྲུབ་པོ། །གྲེ་སོགས་སོ་སོ་ལས་ནི་འབྱུང་བ་ན། །ཐམས་ཅད་དགོས་མིན་མ་ཚང་འབྱུང་བ་མེད། །ཁ་དོག་དབྱིབས་སོགས་མ་དམིགས་སྒྲ་དེ་རུ། །མ་སྐྱེས་ཕྱིར་ན་འགག་པ་ཡོངས་མེད་དོ། །དཔང་པོ་དབང་ཡུལ་རྒྱུ་ལ་འབྲས་གནས་ལ། །རྒྱུར་མི་རུང་སྟེ་འབྲས་བུར་གྲུབ་ཟིན་ཕྱིར། །འབྲས་དུས་མ་གནས་རིགས་གཞན་རྒྱུར་མི་རུང་། །རྒྱུ་མེད་པ་ཡིས་གཟུགས་སོགས་འབྲས་བུ་མེད། །གཟུགས་སྒྲ་ལ་སོགས་སེམས་ཉིད་སྣང་བ་ན། །ཡུལ་དང་ཡུལ་དུ་དུས་མཉམ་སྐྱེ་བ་མེད། །སྔ་ཕྱིར་སྐྱེས་ན་ཤེས་པས་ཡུལ་མི་འཛིན། །འདས་དང་མ་འོངས་མེད་ཕྱིར་ཡུལ་མ་སྐྱེས། །མ་སྐྱེས་མི་སྐྱེ་སྐྱེས་ཟིན་སྐྱེ་བ་མེད། །གཟུགས་སོགས་སྤྱི་དོན་མ་ཡིན་སེམས་ཀྱང་མིན། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས། །སྤྱིར་བསྟན་སྔ་མ་བཞིན་དུ་ཤེས་པར་བྱ། །དམིགས་གསལ་ཀུན་གཞི་ཤེལ་དང་ཚོན་བཞིན་དུ། །ཆོས་དབྱིངས་ཡུལ་རྐྱེན་གཅིག་དང་ཐ་དད་མིན། །དུས་གསུམ་རྒྱུ་ལ་གནས་ཕྱིར་སྐྱེ་མི་དགོས། །རྒྱུ་ལ་མི་གནས་གང་ལས་སྐྱེ་བར་འགྱུར། །ལུས་ནི་བེམ་པོ་ཡིན་ཕྱིར་བྱེད་པོ་མེད། །ལས་ཉིད་མ་གྲུབ་ཕྱིར་ན་འབྲས་མ་སྐྱེས། །གྲུབ་ན་བདེན་ཕྱིར་འབྲས་བུ་གང་ལ་སྐྱེས། །སེམས་དང་ལས་གཉིས་གཅིག་པའམ་ཐ་དད་ན། །རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། །བསྟོད་སྨད་བདེ་སྡུག་འཇིག་རྟེན་ཆོས་བརྒྱད་པོ། །རྙེད་སོགས་ཆགས་སྡང་འཕེལ་ཕྱིར་སྡུག་བསྔལ་རྒྱུ། །སྔ་མ་ལས་འཛད་ཕྱི་མ་བདེ་པར་བྱེད། །བླང་དོར་མེད་པར་སྒྱུ་མར་རོ་མཉམ་མོ། །ངོ་ཚ་ཞིམ་དང་མི་ཞིམ་ལེགས་མ་ལེགས། །སྐྱིད་སྡུག་


LT19_Page_171B
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གཉེན་ཕྱོགས་གཅིག་མ་ངེས་པས། །ཇི་ལྟར་འཛིན་པ་དེ་ལྟར་འཆར་བས་ན། །བདེན་པར་མ་གྲུབ་སྒྱུ་མའི་རང་བཞིན་ཅན། །རས་བྲིས་མེ་ལོང་གཟུགས་བརྙན་ཇི་ལྟ་བར། །ལྷ་དང་ལྷ་མོ་གང་བསྒོམ་དེ་དག་གི །དབུ་དང་སྤྱན་དང་ཕྱག་སོགས་རིམ་གྱིས་བསྒོམ། །ཕྱི་ནང་སྣོད་བཅུད་གཞལ་ཡས་ཁང་པ་དང་། །ལྷ་དང་ལྷ་མོར་མི་བརྟན་བར་དུ་བསྒོམ། །གོམས་འདྲིས་བརྟན་པ་དག་པའི་སྒྱུ་ལུས་ཡིན། །སེམས་འཁྲུལ་བག་ཆགས་བཞིན་དུ་དེར་སྣང་སྟེ། །སྣང་བཞིན་མ་གྲུབ་སྒྱུ་མའི་རང་བཞིན་ཡིན། །འཁྲུལ་པས་སྣང་ལ་མ་འཁྲུལ་མི་སྣང་བས། །སེམས་དང་སེམས་ལས་གཞན་པ་མ་ཡིན་ནོ། །སྒྱུ་ལུས་གཉིས་ལ་གོམ་པ་བརྟན་པ་ལས། །སྒྱུ་མ་གསུམ་བསྲེས་འཁྲུལ་སྣང་བདེན་འཛིན་འཇིག །དག་སྣང་བརྟན་པས་ཅིར་སྣང་ལྷ་རུ་འཆར། ལོངས་སྤྱོད་རྫོགས་སྐུར་མངོན་པར་སངས་རྒྱའོ། །སྒྱུ་ལུས་དངོས་འཛིན་རང་གྲོལ་གྱི་གདམས་པ་རྫོགས་སོ།། །སྐྱེ་འགག་མེད་པ་འོད་གསལ་ངང་ཉིད་ལས། །སྣ་ཚོགས་རོལ་པ་སྒྱུ་མའི་སྐུར་ཤར་ནས། །རྨི་ལམ་ལྟ་བུའི་འགྲོ་བ་འདྲེན་མཛད་པའི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །སྒྱུ་ལུས་བསྒོམས་པས་བདེན་འཛིན་བདེན་མ་གྲུབ། །གང་སྣང་སྤྱོད་པ་རྨི་ལམ་ཉིད་དུ་བལྟ། །སྣང་གྲགས་སྤྱོད་ལམ་ཉིན་མཚན་ཁྱད་པར་མེད། །འདུན་པ་རྩེ་གཅིག་རྨི་ལམ་ཉིད་དུ་སྦྱངས། །ནམ་ཕྱེད་ཡོལ་ནས་ཉི་མ་མ་དྲོས་བར། །སེང་གེའི་ཉལ་ཐབས་ཙོག་བུ་སྐྱིལ་ཀྲུང་སོགས། །གང་བདེར་གཉིད་ཅིང་མཛོད་སྤུ་སོགས་གསུམ་དུ། །ཨ་ལ་དམིགས་པས་འདུན་པ་ཡང་ཡང་བསྐུལ། །རྟེན་འབྲེལ་ཐབས་ཀྱིས་རྨི་ལམ་སྦར་འཛིན་བྱ། །དེས་མ་ཟིན་ན་དམིགས་པ་གཞན་ཡང་བསྒོམ། །བག་ཆགས་ཆེ་ལ་ཉིན་མཚན་གཉིས་སུ་བསྒོམ། །གང་སྣང་ལས་སྤྲུལ་ཡི་དམ་ལྷ་རུ་བསམ། །ཡ་ང་བག་ཚ་ཐོག་རྫིས་འདུན་པ་བསྐྱེད། །


LT19_Page_172A
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ངང་ནས་ཕྱག་རྒྱ་ཆེ་ལ་བཞག །ཀུན་ལ་ཉིན་དང་མཚན་མོ་གཉིས་ཀར་སྦྱང་། །མོས་གུས་ཆུང་དང་དམ་ཚིག་ཐིག་ལེ་ཉམས། །གོམས་ཆུང་ཞེན་ཆེ་རྣམ་གཡེང་ཁྱེར་བ་རྣམས། །རྨི་ལམ་མི་ཟིན་དེ་ལས་བཟློགས་པར་བྱ། །འཁྲུལ་འབྱམས་སད་འབྱམས་དྲན་འབྱམས་སྟོང་འབྱམས་རྣམས། །རྨི་ལམ་གེགས་ཏེ་འདུན་པ་དྲག་པོ་བཏང་། །གནད་ཀྱི་གདམས་པ་ཤེས་པས་སྐྱོན་རྣམས་བསལ། །རང་བཞིན་རྨི་ལམ་འཁྲུལ་པའི་རྨི་ལམ་དང་། །བག་ཆགས་ཉམས་དང་དག་པའི་རྨི་ལམ་ལྔ། །རྨི་ལམ་རྨི་དང་འོད་གསལ་ཁ་སྒྱུར་དང་། །ཟིན་དང་རྒྱུན་ཆད་པ་དང་རྣམ་པ་བཞི། །ཉིན་སྣང་མཚན་སྣང་འཁྲུལ་པའི་བག་ཆགས་ཉིད། །རང་ངོ་ཤེས་དང་འོད་གསལ་ཤར་བ་ལས། །བར་དོ་གཉིས་ལ་མངོན་པར་སངས་རྒྱའོ། །རྨི་ལམ་ཉིང་འཁྲུལ་ཁྲེགས་གཅོད་ཀྱི་གདམས་པ་རྫོགས་སོ།། །གང་གི་དྲིན་གྱིས་བདེ་ཆེན་ཡེ་ཤེས་ནི། །སྐད་ཅིག་ཉིད་ལ་འཆར་བར་བྱེད་པ་ཡི། །དབང་གི་རྒྱལ་པོ་ལྟ་བུའི་རིན་པོ་ཆེ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །བུམ་པ་ཅན་ལ་རབ་འབྲིང་ཐ་མར་སྦྱང་། །རྡོ་རྗེའི་དཀྱིལ་འཁོར་རང་གནས་ལྷག་པའི་ལྷ། །གསལ་བའི་ཁོང་ལ་སྟོང་པའི་དྷཱུ་ཏིར་བསམ། །དེ་སྟེང་བླ་མ་ནང་དུ་རང་སེམས་ཧཱུྃ། །དྷཱུ་ཏིའི་རྒྱབ་ཏུ་ཆུ་སྐྱེས་དམར་པོ་སྟེ། །གཅིག་གིས་ལྷག་པའི་བཅུ་ཕྲག་གཉིས་བརྩེགས་བསམ། །ཧིཀ་ཀའི་ང་རོས་བདེ་ཆེན་གནས་སུ་བསྐྱལ། །ཀ་ཧིཀ་ཅེས་པས་གསང་བའི་གནས་སུ་དབབ། །ཡང་ནི་ཧཱུྃ་གི་ང་རོས་སྟེང་འོག་བསྐྱལ། །དེ་ལ་གོམས་ནས་བླ་མའི་སྙིང་གར་བསྟིམ། །དེ་ནས་འོག་མིན་གནས་སུ་འཕངས་བྱ་སྟེ། །སླར་ཡང་དྷཱུ་ཏིའི་གནས་སུ་བཞག་པར་བྱ། །རབ་འབྲིང་ཐ་མའི་རྟགས་གསུམ་བྱུང་བར་སྦྱང་། །ཡང་ན་ཉི་ཟླའི་ལོངས་སྤྱོད་འགོག་པས་སོ། །འབྱོངས་ནས་མགྲིན་པ་སྙིང་ཁ་ལྟེ་


LT19_Page_172B
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །གསང་བའི་གནས་སུ་ཧཱུྃ་ཡིག་བསམ་པར་བྱ། །གང་དུ་བགྲོད་པའི་ཞིང་དེར་འགྲོ་བ་དང་། །འདུན་མོས་ཁྱད་པར་ཉིད་དུ་ནན་ཏན་བྱ། །ལུས་དང་རླུང་དང་སེམས་ཀྱི་འགྱུར་བ་ཡི། །ཕྱི་ནང་གསང་བའི་འཆི་ལྟས་ཤེས་པ་ཡིས། །འཆི་སླུ་བྱ་ཞིང་མི་སླུས་ངེས་ན་འཕོ། །དུས་ལ་བབ་ན་དག་པའི་སྨོན་ལམ་གྱིས། །མཚམས་སྦྱར་འདུན་པའི་རྟ་ཡིས་གང་འདོད་འཕངས། །ཧཱུྃ་གི་ང་རོས་རྟེན་དང་བརྟེན་པ་ཕྲལ། །དམིགས་པ་རྩེ་གཅིག་གང་འདོད་གནས་སུ་འགྲོ། །རྣམ་པར་མི་རྟོག་ཕྱག་རྒྱ་ཆེ་ལ་བཞག །རྟགས་ལས་འཆི་བའི་ངེས་པ་མ་ཐོབ་བར། །དུས་མིན་འཕོས་ན་ལྷ་བསད་ངན་འགྲོར་ལྟུང་། །དུས་ལ་བབ་ཚེ་འཕོ་བར་བྱེད་པས་ན། །མཚམས་མེད་བྱས་པའང་ཐར་པའི་གནས་སུ་འགྲོ། །བཤང་སོགས་བུ་གའི་སྒོ་བརྒྱད་འཁོར་བའི་ལམ། །ཚངས་བུག་དག་ནི་འོག་མིན་འགྲོ་བའི་ལམ། །ལམ་འདི་ནས་འཕོས་འཆི་བའི་དུས་ཀྱི་ཚེ། །རྣལ་འབྱོར་པ་ནི་ངེས་པར་མཁའ་སྤྱོད་འགྲོ། །འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་གདམས་པ་རྫོགས་སོ།། །།ཆོས་དབྱིངས་མཁའ་ལ་མཁྱེན་པའི་ཉི་མ་ཤར། །ཐུགས་རྗེའི་རང་རྩལ་གཟུགས་སྐུའི་ཚ་ཟེར་ཅན། །རྨོངས་པའི་གདུང་སེལ་གདུལ་བྱའི་ལོ་ཐོག་སྨིན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །སད་པའི་དུས་དེར་བར་དོའི་དྲན་པ་བརྟེན། །རྟགས་རྣམས་དྲུག་གིས་གང་ཡིན་ངོ་ཡིས་བཟུང་། །བསྐྱེད་རྫོགས་གཉིས་ལ་མ་ཡེངས་མཉམ་པར་བཞག །གང་འཇིགས་ཡུལ་ལ་མི་ཕོད་ཐོག་བརྫིས་བྱ། །ལྷ་དང་བླ་མའི་མོས་གུས་དྲག་པོ་བརྟེན། །འབྱུང་བཞིའི་འཇིགས་པ་དེ་ལ་ཆེད་དུ་བསྲེ། །སྣང་ཞིང་མ་གྲུབ་སྟོང་པར་ཤེས་པར་བྱ། །སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ། །འདོད་པ་བསྟེན་པ་ཡབ་ཡུམ་ཞལ་སྦྱོར་རོ། །ཉི་མའི་འོད་སོགས་རྣམ་བྱང་འོད་དུ་ལྟ། །འོད་དེ་ཡིད་མ་མི་རྟོག་ངང་དུ་བྱ། །འགྲོ་དྲུག་


LT19_Page_173A
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་གནས་རིགས་མཐུན་གང་ཡང་སྣང་། །སྤོང་སེམས་བརྟན་ཅིང་ལྷ་སྒོམ་མི་རྟོག་པས། །རླུང་དང་ཆར་ཆུ་མི་ཡི་འཇིགས་པ་དང་། །མེ་ལྕེ་ལ་སོགས་སྐྲག་སྔངས་སྐྱེ་བའི་ཡུལ། །ཆེད་དུ་བསམ་དང་དངོས་སུ་མཐོང་བ་ན། །ཐོག་བརྫིས་བྱ་ཞིང་ལྷ་དང་ཕྱག་རྒྱ་ཆེ། །དག་པའི་ཞིང་དུ་སེམས་འདུན་རྒྱུན་དུ་འཕང་། །ལོངས་སྤྱོད་རླབས་ལ་སྣང་མཆེད་ཐོབ་པ་གསུམ། །སྡུད་སྐྱེད་རིམ་པ་བར་དོ་རྣམ་པ་གཉིས། །ངོ་ཤེས་བྱ་ཞིང་རྒྱུན་དུ་ཉམས་སུ་བླང་། །གཡེང་མེད་གནས་སུ་མི་རྟོག་གཉུག་མའི་ངང་། །ཡིད་དང་མིག་ནི་ནམ་མཁའི་དབྱིངས་སུ་གཏད། །དུ་སོགས་རྟགས་བཅུ་ངོ་ཤེས་ངང་དུ་བཞག །ས་ནི་ཆུར་ཐིམ་འོག་ལྷུང་ཤེས་པ་བྱིང་། །གོས་བསལ་དུ་འཚུབ་ལྟ་བུའི་མཐོང་སྣང་འབྱུང་། །ཆུ་ནི་མེར་ཐིམ་སྣ་ཞོམ་ལྕེ་ཉིད་ནི། །སོ་སྒོར་མི་ཐོན་མལ་ཚིག་ཟ་ཞིང་འཚུབས། །སྨིག་རྒྱུ་ལྟ་བུའི་མཐོང་སྣང་འབྱུང་བར་འགྱུར། །མེ་ཉིད་རླུང་ཐིམ་དབུགས་རྒོད་ཁ་སྣ་གྲང་། །མི་ངོ་མི་ཤེས་སྲིན་བུ་མེ་ཁྱེར་མཐོང་། །རླུང་ཉིད་མཁར་ཐིམ་རྩ་ཆུ་མི་བསྡམས་འཆོར། །མཐོང་སྣང་འབྱུང་ཞིང་མར་མེའི་འོད་འདྲ་མཐོང་། །ཡན་ལག་རླུང་ལྔ་བསྡུས་པས་གཟུགས་སྒྲ་དང་། །དྲི་རོ་རེག་བྱ་མི་ཚོར་དབང་ཤེས་ཐིམ། །འཆི་ཁའི་བསམ་པ་ལས་སྟོབས་ཆེ་བའི་ཕྱིར། །དུག་གསུམ་ཀུན་སློང་ཕྲ་ནས་བཤགས་པ་བྱ། །སྐྱབས་འགྲོ་སེམས་བསྐྱེད་དམ་ཚིག་སྡོམ་པ་གསོ། །ལམ་གྱི་རྣལ་འབྱོར་ཡང་ཡང་གསལ་གདབ་བོ། །ཧཾ་ཡིག་ཐུར་བྱོན་སྣང་བ་དཀར་ལམ་འཆར། །ཨ་ཤད་ཡར་བྱོན་སྣང་བ་དམར་ལམ་འཆར། །དཀར་དམར་རླུང་སེམས་དབུ་མར་དབང་དུ་འདུས། །ཤེས་པ་འོད་གསལ་སྟོང་པ་ཉིད་ལ་ཐིམ། །དྲན་མེད་རྒྱལ་ཏེ་སྣང་བ་ནག་ཐིབ་འགྲོ། །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པ་ལས། །ཤིན་ཏུ་སྤྲོས་མེད་འོད་གསལ་ཆེན་པོ་འཆར། །དྲན་འདུན་རྒྱུན་ཆགས་


LT19_Page_173B
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་མ་བུ་མཇལ། །འཆི་ཁ་ཆོས་སྐུའི་ཞིང་དུ་སངས་རྒྱའོ། །འོད་གསལ་མ་རྟོགས་སྔ་མའི་བག་ཆགས་ཀྱིས། །སྔ་མའི་ལུས་བཞིན་ཡིད་ཀྱི་ལུས་སུ་སྐྱེ། །རྟགས་དྲུག་སྒོ་ནས་བར་དོ་ངོ་ཤེས་བྱ། །ཡིད་ཀྱི་ལུས་དེ་ལྷ་ཡི་སྐུ་རུ་བསྒོམ། །མ་བཅོས་ཤེས་པ་གཉུག་མའི་ངང་དུ་བསྐྱང་། །དྲན་པ་རྩེ་གཅིག་ཡང་ཡང་འདུན་པ་བརྟེན། །ཤེས་པ་འཁྲུལ་མེད་གོམས་འདྲིས་བརྟན་པ་ལས། །བར་དོ་ལོངས་སྐུའི་ཞིང་དུ་སངས་རྒྱའོ། །གོམས་འདྲིས་ཞན་པས་བསྐྱེད་རྫོགས་མ་དྲན་ན། །རང་སེམས་འཁྲུལ་པས་ས་ཆུ་མེ་རླུང་གི། །འཇིགས་པ་བཞི་དང་གཡང་ལ་ལྷུང་བ་དང་། །སྲིན་པོ་གཤིན་རྗེ་ཤ་ཟ་ཁྱི་སྤྱང་སོགས། །འཁྲུལ་སྣང་འཇིགས་པས་ཤིན་ཏུ་སྡུག་བསྔལ་འགྱུར། །གཅེས་འཛིན་དོར་ལ་སླར་ཡང་དེ་ལ་བསྲེ། །ཡུལ་དེ་ལྷར་སྒོམ་གནས་ལུགས་ངང་དུ་བཞག །ཕྱེད་མཚམས་ནས་ནི་ཕྱི་མའི་སྣང་བ་འཆར། །དཀར་སེར་དམར་དང་སྔོ་དང་ནག་ལ་སོགས། །འོད་ལྔའི་ལམ་ལས་ལྷ་དང་ལྷ་མ་ཡིན། །དུད་འགྲོ་ཡི་དྭགས་དམྱལ་བའི་སེམས་ཅན་གྱི། །སྲིད་པར་སྐྱེ་བའི་སྐྱེ་གནས་འཛིན་པའི་རྟགས། །འོད་ལྔ་གང་ཤར་ལྷ་དང་བླ་མར་བསྒོམ། །འོད་དེའི་སྟེང་དུ་མ་ཡེངས་སོ་མར་བཞག །གཞལ་མེད་ཁང་དང་ནགས་ཚལ་ཉམས་དགའ་དང་། །ངང་པ་བ་གླང་རྟ་ཡིས་བརྒྱན་པའི་མཚོ། །མི་ཉིད་ཕོ་མོ་འཁྲིག་པ་བསྟེན་པའི་ཚུལ། །ལྷ་དང་ལྷ་མིན་སྒྲ་མི་སྙན་པ་དང་། །བ་གླང་སྤྱོད་དང་ལུས་འཕགས་འཛམ་གླིང་དུ། །སྐྱེ་བ་ལེན་པའི་ཕ་མའི་མཐོང་ཚུལ་ཡིན། །སྡོང་དུམ་སྦྲ་མཐོང་ཡི་དྭགས་སྐྱེ་བ་སྟེ། །སྤྱིལ་པོ་ས་ཕུག་རེ་རུལ་དུད་འགྲོའོ། །ལྕགས་ཀྱི་ཁང་པ་དམྱལ་བའི་སྐྱེ་གནས་ཏེ། །ཀུན་ཀྱང་འཇིགས་པས་སྐྱབས་ཚོལ་དེ་རུ་འགྲོ། །དེ་དག་མཐོང་ཚེ་འཇིགས་པས་ཆེར་བྲོས་ནས། །ཆགས་སེམས་མེད་པར་མི་རྟོག་ངང་དུ་བཞག །དག་པའི་ཞིང་དུ་འགྲོ་བའི་འདུན་པ་དང་། །ཕྱོགས་དང་ཁ་དོག་དབྱིབས་ཀྱི་


LT19_Page_174A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སོགས། །ཡིད་ལ་བསམས་པས་སྐད་ཅིག་དེ་ལ་ཕྱིན། །ཆོས་ཀྱི་འཕྲོ་མཐུད་ལམ་ལ་གོམས་བྱས་ནས། །སྐྱེ་བ་སྤྲུལ་སྐུའི་ཞིང་དུ་སངས་རྒྱའོ། །སྐྱེ་བ་སྔ་ཕྱིའི་བར་གྱི་ཡིད་ཀྱི་ལུས། །སྔོན་གྱི་ལུས་ཀྱི་རྣམ་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་གང་ལའང་མ་ཐོགས་རྒྱུ། །བསམས་བཞིན་འབྱུང་བའི་རྫུ་འཕྲུལ་ཐོགས་པ་མེད། །བར་དོ་ནང་ནས་ལྷ་ཡི་མིག་གིས་མཐོང་། །དྲི་ཡི་ཟས་ཟ་མིང་གཞིའི་ཕུང་པོ་ཅན། །སྐྱེ་འཆི་སྲིད་པ་ཏིང་འཛིན་བར་དོ་གསུམ། །བར་དོ་ཐ་མས་སྔ་མ་གཉིས་པོ་སྦྱོར། །སྐྱེ་འཆི་བར་དོས་ཏིང་འཛིན་བར་དོ་སྦྱོང་། །ཏིང་འཛིན་འབྱོངས་ནས་མཆོག་གི་དངོས་གྲུབ་ཐོབ། །བར་དོ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་རྫོགས་སོ།། །ཚེ་གཅིག་སངས་རྒྱས་སྟེར་བ་ཉེ་བའི་ལམ། །གོལ་འཆུགས་མེད་པ་ཤིན་ཏུ་ཟབ་པའི་གནད། །ལམ་གྱི་ནང་ནས་མཆོག་གྱུར་རྡོ་རྗེ་ཐེག །ཆོས་ཀུན་སྙིང་པོ་རྡོ་རྗེའི་ཆོས་དྲུག་ཡིན། །ཟབ་ལམ་རྡོ་རྗེའི་ཁྲིད་ཁྱད་པར་འཕགས་པའི་ཆོས་དྲུག་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
རྗེ་བློ་གྲོས་ཆོས་འཕེལ་གྱི་ཟབ་གཏེར་སྐྱེས་མཆོག་འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་བླ་སྒྲུབ་ཕྱག་ཆེན་ཆོས་དྲུག


LT19_Page_175A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བློ་གྲོས་ཆོས་འཕེལ་གྱི་ཟབ་གཏེར་།།།།སྐྱེས་མཆོག་འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་བླ་སྒྲུབ་ཕྱག་ཆེན་ཆོས་དྲུག་བཅས་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ། །


LT19_Page_175B
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དང་དབྱེར་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁོ་བོ་ཤངས་སྒོམ་རྒྱལ་མཚན་དཔལ་བཟང་ངས། །མཁས་ཤིང་གྲུབ་པའི་དམ་པ་དུ་མ་བསྟེན། །གསར་རྙིང་རྒྱུད་སྡེ་ཀུན་ལ་འདྲིས་པར་བྱས། །གདམས་པའི་ཡང་སྙིང་ཐམས་ཅད་ཉམས་སུ་བླངས། །དངོས་ཉམས་རྨི་ལམ་རྣམས་སུ་བླ་མ་དང་། །ཡི་དམ་མཁའ་འགྲོས་ལུང་བསྟན་གདམས་པ་གནང་། །ཟབ་ཆོས་ཐར་གྲུ་སྐོར་གསུམ་ལ་སོགས་པ། །སྙིང་མཛོད་ཕྱེས་ནས་ཟབ་ཆོས་ཐང་མར་བརྡལ། །རིས་མེད་སྐལ་ལྡན་ཀུན་ལ་རྒྱ་ཆེར་སྤེལ། །དེ་ནས་མི་རབས་མང་པོ་སོང་བ་ན། །དམ་ཆོས་ཚུལ་བཞིན་བྱེད་པ་ཤིན་ཏུ་དཀོན། །བསོད་ནམས་དམན་ཞིང་བརྩོན་འགྲུས་ཆུང་བ་ཡིས། །དམ་ཆོས་རྒྱ་ཆེན་ཉམས་སུ་ལེན་པ་ཉུང་། །ང་ཡི་ཟབ་ཆོས་ཐར་གྲུ་སྐོར་གསུམ་གྱི། །དབང་ཁྲིད་ལུང་གསུམ་ཕྱག་བཞེས་གདམས་པ་རྣམས། །འཆད་ཉན་སྒྲུབ་པའི་གང་ཟག་ཉིན་སྐར་ཙམ། །རེ་རེ་བྱུང་ཡང་ཀུན་གྱིས་བཀུར་བ་མང་། །མ་འོངས་དུས་ཀྱི་ཐ་མར་གྱུར་པ་ན། །རབ་བྱུང་ཚུལ་བཟུང་


LT19_Page_176A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལྡན་ཤིན་ཏུ་དཀོན། །ངུར་སྨྲིག་གྱོན་ནས་འདུལ་ཁྲིམས་རླུང་ལ་བསྐུར། །གསང་སྔགས་ཐབས་ལམ་རྣལ་འབྱོར་ཡིན་ཟེར་ཞིང་། །རྒྱུད་དང་འགལ་བའི་ཐོ་ཅོའི་སྤྱོད་པ་བྱེད། །པདྨ་ཅན་སོགས་ཕྱག་རྒྱ་རྣམ་པ་དྲུག །བརྟགས་དང་འགུགས་དང་སྔ་ཞིང་དབང་བྱས་ནས། །ཁྲིམས་བཅུ་ནོས་སོགས་དབང་གིས་སྨིན་བྱས་ཏེ། །དབེན་པའི་གནས་སུ་གསང་སྤྱོད་བྱེད་རྒྱུ་ལ། །བག་མེད་སྤྱོད་པས་ཡ་ཕོའི་ཆུང་མ་བཞིན། །འགྲོ་འདུག་འབྲལ་མེད་དམ་ཚིག་ཁྱད་དུ་གསོད། །སྔོན་འགྲོ་ཁམས་ལ་རང་དབང་མ་ཐོབ་པར། །དངོས་གཞིའི་དུས་སུ་རྗེས་ཆགས་དབང་གྱུར་པས། །བྱང་སེམས་མདའ་འཕང་བཞིན་དུ་གནས་ནས་འཕོ། །ཁུ་བ་ཉམས་པས་མནར་མེད་དམྱལ་བར་འགྲོ། །དེ་འདྲའི་ཆགས་ལམ་རྣལ་འབྱོར་ཡི་རེ་མུག །དེ་བས་རབ་ཏུ་བྱུང་བའི་ཚུལ་བཟུང་ལ། །རྩ་བཞི་ཆང་སོགས་དུག་བཞིན་སྤངས་བྱས་ནས། །ཟབ་ལམ་ཉུང་འདུས་འདི་ལ་ཡི་དམ་བགྱི། །དུས་ངན་མི་ངན་སྤྱོད་ངན་དར་པའི་དུས། །ཁོ་བོའི་ཟབ་ཆོས་ཉམས་པས་གཞུ་རྒྱུད་ཙམ། །


LT19_Page_176B
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཚེ་བསྟན་པའི་མེ་རོ་གསོ་གྱུར་ན། །དེ་ནི་ཤངས་སྒོམ་རྒན་པོའི་སྤྲུལ་པ་ཡིན། །དམ་ཆོས་ཟབ་ལ་ཉམས་སུ་ལེན་མི་ཉུང་། །མ་འོངས་དུས་མཐར་ཉུང་ལ་འདུས་པའི་ཆོས། །ཀུན་གྱི་བཅུད་བསྡུས་འདི་ཉིད་ཉམས་སུ་ལོངས། །ཆོས་ཀུན་རྩ་བ་སྐྱབས་སེམས་ཅི་ནུས་འབད། །བྱང་ཆུབ་སེམས་སྦྱང་དལ་འབྱོར་རྙེད་དཀའ་བསམ། །འཆི་བ་མི་རྟག་ལས་འབྲས་ནན་ན་བསླབ། །སྐྱབས་ཡུལ་གསལ་གདབ་ཕྱག་མཆོད་མཎྜལ་དང་། །རྡོར་སེམས་ཡིག་བརྒྱ་བླ་མའི་རྣལ་འབྱོར་སོགས། །སྔོན་འགྲོ་སྦྱོར་བ་བཞི་ལྡན་དག་ལ་ནི། །ཉིན་མཚན་མེད་པར་ཉམས་སུ་བླང་བར་བྱོས། །མཆོག་ཐུན་དངོས་གྲུབ་ཀུན་གྱི་རྩ་བ་ནི། །བླ་མ་སྒྲུབ་པ་ཕྱི་ནང་གསང་བ་གསུམ། །ཡིན་པས་དེ་ལ་ནན་ཏན་འབད་པར་བྱ། །ཕྱི་ལྟར་སྒྲུབ་པ་ནི། །ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་རང་ལུས་ཡི་དམ་འཁོར་ལོ་སྡོམ་པར་གསལ་བའི་སྤྱི་བོར་སེང་གེ་བཞིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གྱི་སྟེང་དུ། ཉི་མ་དང་ཟླ་བའི་གདན་གྱི་དབུས་སུ། །མ་ཧཱ་གུ་རུ་རྡོ་རྗེ་འཛིན་པ་ཆེན་པོ་དྷྭ་ཛ་ཤྲཱི་བྷཱ་དྲ་རབ་བྱུང་གི་ཆ་ལུགས་ཅན། །སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་སྐུ་ལ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་དབུ་ལ་པཎ་ཞྭ་དམར་པོ་ཟླུམ་བརྗིད་ཅན་གསོལ་བ། བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་དུ་འབར་ཞིང་དང་བ་འདྲེན་པ་བལྟ་བས་ཆོག་མི་ཤེས་པ་འོད་ཕུང་གི་དབུས་ན་བཞུགས་པར་བསམ། །དེའི་སྦྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་རང་གི་རྩ་བའི་བླ་མས་གཙོས་པའི་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དང་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་བཀའ་


LT19_Page_177A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བླ་མ་ཐམས་ཅད་དང་། རྒྱུད་སྡེ་བཞིའི་ཡི་དམ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོངས་ཐམས་ཅད་སྤྱན་དྲངས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཐིམ་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ༀ་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ་གནྡྷེ། ནཻ་ཝི་དྱེ། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་གསོལ་བ་བཏབ་བླ་མ་རིན་པོ་ཆེས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་གསང་གནས་ནས་བྱང་ཆུབ་ཀྱི་སེམས་སྐྱ་ན་ར་ར་བྱུང་། རང་གི་སྤྱི་གཙུག་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། བུམ་པའི་དབང་ཐོབ། །ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས། །བྱང་སེམས་ཀྱིས་མགྲིན་པ་ཡན་ཆད་གང་། །གསང་དབང་ཐོབ། །ངག་སྒྲིབ་དག །ལམ་གཏུམ་མོ་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་རྟེན་འབྲེལ་མངོན་དུ་བྱས། བྱང་སེམས་ཀྱིས་སྙིང་ཁ་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །ལམ་འོད་གསལ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་རྟེན་འབྲེལ་མངོན་དུ་བྱས། །བྱང་སེམས་ཀྱིས་རྐང་མཐིལ་ཡན་ཆད་གང་། དབང་བཞི་པ་ཐོབ། ལུས་


LT19_Page_177B
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་གྱི་དྲི་མ་དག །ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས། མཐར་སྤྱི་བོའི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པས། རང་ཉིད་བླ་མར་སྐད་ཅིག་གི་དཀྲོང་ཙེར་གྱུར་པའི་ཐུགས་ཁར་ཟླ་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ། ༀ་ཨཱཿགུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་བརྒྱ་སྟོང་སོགས་བཟླ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་འཁོར་འདས་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། རང་ཧཱུྃ་ལ། ཧཱུྃ་ཞབས་ཀྱུ་ལ། དེ་ཁོག་པ་ལ། དེ་མགོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་ནམ་མཁར་སྟོང་པར་ཡལ་བར་བསམས་ལ། ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་མཉམ་པར་བཞག་གོ །དེ་ནི་བླ་མ་ཕྱི་ལྟར་སྒྲུབ་པའོ། །ནང་ལྟར་སྒྲུབ་པ་ནི། རང་གི་སྤྱི་གཙུག་པདྨ་དང་ཉི་མའི་སྟེང་དུ་མ་ཧཱ་གུ་རུ་དྷྭ་ཛ་ཤྲཱི་བྷ་དྲ་དེ་ཉིད་སྐུ་མདོག་དམར་པོ་ལྕགས་གོང་མེས་བསྲེགས་པ་ལྟ་བུ་ཚ་ཞིང་རྩུབ་པ་སྐུ་གཅེར་བུ་སྤྱན་གཉིས་ལྟ་སྟངས་སུ་ཧྲིག་གེ་གཟིགས་པ། །མེ་ཐབ་དྲུག་བཅིང་གི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། །དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་རྩ་བརྒྱུད་བླ་མ། །ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཐམས་ཅད་དཔལ་ལྡན་བླ་མའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། ༀ་བཛྲ་ཨཱརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་སྟོང་སོགས་ཀྱིས་གསོལ་བ་བཏབ། །བདག་ལ་བུམ་པའི་


LT19_Page_178A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དུ་གསོལ། བླ་མའི་ལྟེ་འོག་སོར་བཞིན་ཡོད་པའི་གཏུམ་མོ་ཨ་ཐུང་ལས་ཡེ་ཤེས་ཀྱི་མེ་ཆེར་འབར། གསང་ལམ་ནས་མར་ནར་བྱུང་། རང་གི་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་གང་། ལུས་སྒྲིབ་དག །བུམ་དབང་ཐོབ། བསྐྱེད་རིམ་ལྷའི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས། བདག་ལ་གསང་དབང་བསྐུར་དུ་གསོལ། །ཡེ་ཤེས་ཀྱི་མེས་མགྲིན་པ་ཡན་ཆད་གང་། ནད་གདོན་སྡིག་སྒྲིབ་མེས་བསྲེགས་ཤིང་གང་། གསང་དབང་ཐོབ། ངག་སྒྲིབ་དག །ལམ་གཏུམ་མོ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། །བདག་ལ་ཤེར་དབང་བསྐུར་དུ་གསོལ། ཡེ་ཤེས་ཀྱི་མེས་སྙིང་ཁ་ཡན་ཆད་གང་། ནད་གདོན་སྡིག་སྒྲིབ་བསྲེགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །ལམ་འོད་གསལ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། བདག་ལ་དབང་བཞི་པ་བསྐུར་དུ་གསོལ། རྐང་མཐིལ་ཡན་ཆད་ཡེ་ཤེས་ཀྱི་མེས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ། སྤྱི་བོའི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐའ་མར་སྔགས་ཕྲེང་གིས་བསྐོར་བར་བསམ་ལ། །ༀ་ཨཱཿགུ་རུ་སརྦ་སིདྡྷི་ཧཱུྃ། མང་དུ་བཟླས་པས། རང་གི་ནང་གདོན་སྡིག་སྒྲིབ་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ནས། བདེ་སྟོང་ཆེན་པོ་དང་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་


LT19_Page_178B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གསང་སྒྲུབ་ནི། རང་གི་སྤྱི་གཙུག་ཏུ་པདྨ་དང་ཉི་མའི་སྟེང་དུ། གུ་རུ་དྷྭ་ཛ་ཤྲཱི་བྷ་དྲ་སྐུ་མདོག་སྔོན་པོ་བཻ་ཌཱུརྻའི་ཕུང་པོ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། སྐུ་གཅེར་བུ་རལ་པའི་ཐོར་ཅོག་ཅན། རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཉིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། པང་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་རྩ་བ་བརྒྱུད་པའི་བླ་མ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་བཛྲ་ཨཱརྒྷཾ་ནས་ཤབྡའི་བར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སོགས་བརྒྱ་སྟོང་གིས་གསོལ་བ་བཏབ། བདག་ལ་བུམ་དབང་བསྐུར་དུ་གསོལ། བླ་མའི་སྐུ་ལས་སྐུ་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ལ་མཚོ་ལ་ཆར་བབས་པ་བཞིན་ཐིམ། རང་ཉིད་བླ་མ་ཧེ་རུ་ཀའི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར། བུམ་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས། བདག་ལ་གསང་དབང་བསྐུར་དུ་གསོལ། བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་བྱུང་། རང་གི་ལྕེ་ཐོག་ནས་ཞུགས་ལུས་ཐམས་ཅད་བདུད་རྩིས་གང་། གསང་བའི་དབང་ཐོབ། ངག་སྒྲིབ་དག །ལམ་གཏུམ་མོ་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་རྟེན་འབྲེལ་མངོན་དུ་བྱས། བདག་ལ་ཤེར་དབང་


LT19_Page_179A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དུ་གསོལ། བླ་མའི་ཧེ་རུ་ཀའི་ཡུམ་ལས་ཡུམ་གཅིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་རང་ལ་གནང་། དེ་དང་སྙོམས་པར་ཞུགས་པས་ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་འོད་གསལ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་རྟེན་འབྲེལ་མངོན་དུ་བྱས། བདག་ལ་དབང་བཞི་པ་བསྐུར་དུ་གསོལ། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པ་འོད་དུ་ཞུ་རང་ལ་ཐིམ་པས། སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག །དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས། རང་ཉིད་བླ་མ་ཧེ་རུ་ཀ་ཡབ་ཡུམ་ཏུ་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ཁའི་མཐའ་མར་སྔགས་ཕྲེང་གིས་བསྐོར་བར་བསམ། ༀ་ཨཱཿགུ་རུ་སརྦ་སིདྡྷི་ཧཱུྃ། བརྒྱ་སྟོང་སོགས་བཟླ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྔགས་ཀྱི་འོད་ཟེར་གྱིས་བསྲེགས། འཁོར་འདས་ཐམས་ཅད་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་རང་ལ་ཐིམ་པས། བདག་ཉིད་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་བསྐྱེད་རིམ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ། བརྟན་པ་ཐོབ་པའི་ང་རྒྱལ་གཟུང་བར་བྱའོ། །རྗེས་སུ་དགེ་བའི་རྩ་བ་བསྔོ་བར་བྱའོ། །ཕྱག་མཆོད་འབུལ་དུས་བླ་མ་མདུན་གྱི་མཁའ་ལ་བསྒོམ། གསོལ་བ་བཏབ་དུས་སྤྱི་བོར་ཕྱག་ཆེན་སྒོམ་དུས་སྙིང་ཁར། གཏུམ་མོ་སྒོམ་དུས་ནང་སྒྲུབ་ཀྱི་བླ་མ་ལྟེ་བར། སྤྱི་ཁྱབ་ཏུ་ཕྱི་སྒྲུབ་ཀྱི་བླ་མ་བསྒོམ་པ་ཡིན་ནོ། །རང་ལུས་ཡི་དམ་གྱི་སྐུར་གསལ་བ་ནི། ༀ་སྭ་བྷཱ་ཝ་


LT19_Page_179B
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཤུན་གྱི་མདོག་ལྟར་སྔོ་ལ་དྭངས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེར་ནོར་བུ་རིན་པོ་ཆེ་དང་། གཡོན་དུ་ཚེས་གཅིག་གི་ཟླ་བ། མཚོགས་ཁར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཉིས་རྡོར་དྲིལ་བསྣོལ་བས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱངས་པས་དུས་མཚན་དམར་མོའི་ལྟོ་བ་དང་སྐྱེ་གནས་མནན་ཞིང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་ཁ་སྦུབ་ཀྱི་སོག་ཕྲག་མནན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་དང་ལྟག་ལྤགས་ཀྱི་ཤམ་ཐབས་ཅན། གར་དགུའི་ཉམས་དང་ལྡན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཅེར་བུ་མཆེ་བ་གཙིགས་ཤིང་དབུ་སྐྲ་ནག་པོ་མཐུར་དུ་གྲོལ་བ། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པས་ཡབ་མགུལ་འཁྱུད་པ། ཞབས་གཡས་བསྐུམ་པས་ཡབ་ལ་འཁྱུད་ཅིང་། གཡོན་བརྐྱངས་པས་དུས་མཚན་མནན་པ། མི་མགོ་སྐམ་པོའི་དབུ་རྒྱན་དང་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། དེ་ལྟར་གསལ་བའི་ངང་ནས་རྫོགས་རིམ་ནི། རང་ལུས་འཁོར་ལོ་སྡོམ་པར་གསལ་བའི་ཐུགས་ཀ་རུ་ཟླ་བའི་དཀྱིལ་འཁོར་རྒྱ་སྲན་ཕྱེད་གཤགས་ཙམ་ཞིག་སྐྱ་སྒོ་རེ་བ། དེའི་སྟེང་དུ་ཐིག་ལེ་དཀར་པོ་ཉུངས་འབྲུ་ཙམ་ཞིག་བསམས་ལ། སེམས་མི་ཡེངས་པར་ལྷོད་གློད་པའི་ངང་ལ་ཡུན་ཅི་གནས་སུ་བཞག་པར་བྱའོ། །དེས་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་བ་ནི། ལུས་གནད་


LT19_Page_180A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་ཆོས་བདུན་བྱ་སྟེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ལག་པ་མཉམ་བཞག་སྒལ་ཚིགས་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱངས། མགྲིན་པ་དགུག །མཆུ་ཐད་སོར་བཞག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་ཅིང་མིག་འབྲས་མི་འགུལ་པར་བྱ་ཞིང་། སྙིང་ནང་དུ་བླ་མ་ཕྱི་སྒྲུབ་ལྟར་གསལ་བ་ལ་གསོལ་བ་གདབ། སེམས་འདི་འདྲ་ཞིག་བསྒོམ་བྱ་བའི་གཟུགས་དབྱིབས་གྲུ་བཞི་ཟླུམ་པོ་གྲུ་གསུམ་སོགས་བསྒོམ་དུ་མེད། ཁ་དོག་ཀྱང་དཀར་ནག་སོགས་ཅི་ཡང་མི་བསྒོམ། བསམ་དུ་མེད། གང་ཡང་ཡིད་ལ་མི་བྱ། སེམས་མི་ཡེངས་པའི་ངང་ལ་མ་ཡེངས་མཁན་དེ་ལ་ཆེར་རེ་བལྟ། ཡུན་རིང་ན་ཡེང་འགྲོ་བས་ཐུན་ཐུང་ཐུང་བྱས་ལ་དྲན་པ་གསལ་བཏབ་ལ་གོང་བཞིན་བསྒོམ། །དེ་ལ་སེམས་མི་གནས་པར་རྟོག་པ་འཕྲོ་ན། རྟོག་པ་འཕྲོ་མཁན་གྱི་སེམས་དེ་ལ་ཆེར་རེ་བལྟས་པས། རང་ཡལ་དུ་འགྲོ། བལྟས་ཀྱང་ཡལ་མི་འགྲོ་ན་བསམ་མནོའི་འཕྲོ་མ་ཆོད་པ་ཡིན་པས། དེ་ལ་བསམ་མནོའི་འཕྲོ་རྦད་ཀྱིས་བཅད། འདོད་ཆགས་སོགས་ཉོན་མོངས་པའི་སེམས་སྐྱེས་ན་ཡང་། སྐྱེ་མཁན་གྱི་སེམས་དེ་ལ་ནན་ཏན་དུ་བལྟའོ། །མིག་གི་ཡུལ་དུ་གཟུགས་དང་། རྣ་བའི་ཡུལ་དུ་སྒྲ་གང་བྱུང་བ་དེ་ལ་འདི་ནི་ཆེའོ་སྙམ་པ་དང་། འདི་ནི་ཆུང་ངོ་སྙམ་པ་མི་བསམ། ཡུལ་དེའི་སེམས་ངོ་བོ་ལ་ཆེར་རེ་བལྟས་པས། ཡུལ་དེ་མེད་པར་མ་སོང་ཡང་། །འཛིན་པ་མ་ཞུགས་ཙམ་བྱུང་ན་ཆོག་ལ། ཁ་ཟས་ཟ་བ་དང་འགྲོ་སྡོད་སོགས་སྤྱོད་ལམ་ཐམས་ཅད་ཀྱི་དུས་སུ་ཡང་དྲན་པ་མ་ཡེང་པར་བྱའོ། །དེ་ལྟར་མ་ཡེངས་པར་རྩེ་གཅིག་ཏུ་བསྒོམས་པས། རྣམ་པར་རྟོག་པའི་འགྱུ་བ་སྣ་ཚོགས་པ་རང་ཤུགས་ལ་འགག་པར་འགྱུར་ཞིང་། བཟང་ངན་མཐོ་དམན་རེ་དོགས་གང་ཡང་ཡིད་ལ་མི་བྱེད་པ། ཐང་ཆད་པའི་མི་ངལ་གསོ་བ་ལྟར་ལྷོད་དེ་བཞག །ཡང་གང་


LT19_Page_1780B
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་སེམས་གནས་སུ་མི་གཏུབ་པར་ཆུ་ལས་ཆུ་ལྦུར་བརྡོལ་བ་ལྟར་རྣམ་རྟོག་སྣ་ཚོགས་སུ་ཐོལ་ཐོལ་སྐྱེ་བར་གྱུར་ན། དང་པོ་རྟོག་པའི་བྱུང་ས་རྩད་བཅད་པས་འདི་ནས་བྱུང་བྱ་བའི་བྱུང་ས་མི་རྙེད། མཐར་འགྲོ་ས་རྩད་བཅད་པས་འདིར་འགྲོ་ས་མི་རྙེད། བར་དུ་རང་གི་ངོ་བོ་དབྱིབས་ཁ་དོག་གི་ངོ་བོར་མ་གྲུབ་སྟེ། སྐྱེ་འགག་གནས་གསུམ་གྱི་སྟོང་པར་ཤེས་ནས་དྲན་རྟོག་ཅི་སྐྱེས་ཡང་དག་པར་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་སུ་གྲོལ་བས་ཕན་གནོད་མ་ནུས་པ་ནི། ཆུའི་ལྦུ་བ་ཆུར་ཞིག་པ་ལྟ་བུའོ། །སེམས་མ་ཡེངས་པར་ཡེངས་མཁན་དེ་ལ་ཅེ་རེ་ལྟ་བ་འདི་ལས་སྒོམ་དུ་གཅིག་ཀྱང་མེད་དོ། །འགག་ཏུ་དྲིལ་ན། སེམས་དེ་རང་ངོ་མ་ཤེས་པས་འཁོར་བར་འཁྱམས། ངོ་ཤེས་ན་སངས་རྒྱས་ཐོབ་པས་འཁོར་འདས་གཉིས་ཀྱི་གཞིར་འདུག་པས་ན་གཞི་ཕྱག་རྒྱ་ཆེན་པོ་ཟེར་ལ། སེམས་འདིས་འཁོར་འདས་གཉིས་ཀའི་གཞི་བྱེད་ཀྱང་། སེམས་འདི་ལ་གཟུགས་དང་ཁ་དོག་མ་གྲུབ་པས། འདི་ཡིན་བྱ་བའི་དངོས་པོ་མི་འདུག །དེ་བཞིན་དུ་དགའ་མི་དགའ་སོགས་ངོ་ཤེས་ཤིང་། རང་གི་རང་ངོ་ཤེས་རྒྱུའི་གསལ་ལ་དྭངས་པ་ཞིག་འདུག་པས་མེད་པ་ཡང་མ་ཡིན་ཏེ། ཡོད་མེད་གཉིས་དང་བྲལ་བས་གནས་ལུགས་རང་ངོ་ཤེས་ཤིང་སྒྲོ་འདོགས་ཆོད་པ་ལ་ལྟ་བ་ཟེར་བ་ཡིན། སྒྲོ་འདོགས་ཆོད་པའི་ངང་ལ་མ་ཡེངས་པར་སྒོམ་པ་ལ་སྒོམ་པ་ཞེས་བྱའོ། །སྒོམ་པ་དེ་ལ་རྒྱུན་ཆད་མེད་པར་འགྲོ་སྡོད་གང་བྱེད་ཀྱང་མི་འབྲལ་བར་སྒོམ་པ་ལ་སྤྱོད་པ་ཞེས་ཟེར། དེ་ལྟར་བསྒོམས་པས་གཞིའི་གནས་ལུགས་ཇི་ལྟ་བ་ངོ་ཤེས་ནས་གོམས་པ་མངོན་དུ་གྱུར་པས་ཆོས་ཉིད་གསལ་སྒྲིབ་མེད་པར་རྟོགས་པ་དེ་ལ་འབྲས་བུ་ཟེར་རོ། །དེ་ལྟར་དབྱིབས་གཟུགས་འགྲོ་འོང་ཐམས་ཅད་དང་བྲལ་བ། རང་གི་སེམས་སྣང་ལ་རང་བཞིན་མེད་པ་དེ་ཉིད་སྤྲུལ་པའི་སྐུ་ཡིན། བདེ་ལ་ཞེན་པ་


LT19_Page_181A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། གསལ་ལ་འཛིན་པ་མེད་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན། དེ་རྣམས་ཟུང་འཇུག་མཚན་མ་མེད་པ་དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེས་ན་རང་གི་སེམས་ཉིད་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན་ཡིན། རང་གི་སེམས་ཀྱི་ཆོས་ཉིད་བརྗོད་པ་དང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནི་ཆོས་ཀྱི་སྐུ་ཡིན་ལ། རང་གི་སེམས་ཆོས་ཅན་སྣ་ཚོགས་སུ་སྣང་ཞིང་ཀུན་ལ་ཁྱབ་པ་གཟུགས་ཀྱི་སྐུ་ཡིན་ཅིང་། རང་གི་སེམས་ལས་ལྷག་པའི་སངས་རྒྱས་གཞན་ན་མེད་དེ། རང་གི་སེམས་འདི་སངས་རྒྱས་ཀྱང་ཡིན། སངས་རྒྱས་གཞན་དུ་བསྟན་པ་ཡང་མེད། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱིས་གཞན་དུ་བཙལ་བས་རྙེད་པ་ཡང་མེད་དོ། །རང་གི་སེམས་དང་ཡིད་བཞིན་གྱི་ནོར་བུ་འདྲ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ཉིད་ལ་བྱི་དོར་བྱས་ནས་རྒྱལ་མཚན་གྱི་རྩེ་ལ་བཏགས་ཏེ་གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་བ་བཞིན། རང་གི་སེམས་ཀྱང་སངས་རྒྱས་སུ་ངོ་འཕྲོད་ན། ཕན་བདེའི་དགེ་ལེགས་ཐམས་ཅད་འབྱུང་ཞིང་། ནོར་བུ་འདམ་དུ་བྱིང་ན་དོན་བྱེད་མི་ནུས་པ་བཞིན། སེམས་སངས་རྒྱས་སུ་ངོ་མ་འཕྲོད་ན་ཐ་མལ་དུ་ལུས་ནས་སྡུག་བསྔལ་མྱོང་དགོས་པས། སེམས་སངས་རྒྱས་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱས་ནས། རང་གི་སེམས་ཉིད་སྣང་ལ་རང་བཞིན་པ། བདེ་ལ་ཞེན་པ་མེད་པ། གསལ་ལ་འཛིན་པ་མེད་པ། གཟུང་འཛིན་མཚན་མ་མེད་པ། བྱིང་རྒོད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ལ་ཕྱག་རྒྱ་ཆེན་པོ་ཞེས་ཟེར་རོ། །ཡང་དག་པའི་དོན་ཡང་ཟེར་བས། འགྲོ་འཆགས་ཉལ་འདུག་གང་བྱེད་ཀྱང་ཕྱག་རྒྱ་ཆེན་པོའི་ངང་ལ་ཉིན་མཚན་མེད་པར་འཇོག་པ་གལ་ཆེའོ། །དེ་ལྟར་ཉམས་སུ་བླངས་པས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སངས་རྒྱའོ། །གཏུམ་མོ་སྒོམ་པ་ནི། སྐྱབས་སེམས་


LT19_Page_181B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱས་ལ། རང་གི་ལུས་འདི་ཡི་དམ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བའི་ལུས་ཀྱི་ནང་ཐམས་ཅད་སྟོང་སང་པ་ཕྲུམ་ཕུས་བཏབ་པ་ལྟ་བུ། སྤྱི་བོ་ནས་རྐང་མཐིལ་སོར་མོའི་རྩེ་ཐམས་ཅད་སྟོང་སང་བ་སྲབ་སེང་ངེ་ཡོད་པའི་སྟོང་རའི་ནང་། ལྟེ་འོག་སོར་བཞིའི་ཐད་དུ་ཉི་མའི་དཀྱིལ་འཁོར་འཕང་ལོའི་རྒྱ་ཙམ་གྱི་སྟེང་དུ། གུ་རུ་དྷཱ་ཛ་ཤྲཱི་བྷ་དྲ་དེ་ཉིད་སྐུ་གཅེར་བུ་མེ་ཐབ་དྲུག་འཆིང་གི་ཕྱག་རྒྱ་མཛད་པ། སྐུ་མདོག་དམར་པོ་ལྕགས་གོང་མེས་བསྲེགས་པ་ལྟ་བུ་ཚོན་གང་བ་ཞིག་གསལ་གདབ་ལ། དེ་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་། གཞན་ཡང་དབང་རྒྱུད་མན་ངག་ཐོབ་པའི་བླ་མ་ཐམས་ཅད་དང་། ཡི་དམ་གྱི་ལྷ་ཐམས་ཅད། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྱན་དྲངས་ལ་བསྟིམ། ཀུན་འདུས་པའི་བདག་ཉིད་ཆེན་པོར་བསམ་ལ་གསོལ་བ་དྲག་པོ་སྙིང་གི་དཀྱིལ་ནས་གདབ་བོ། །དེ་ནས་རླུང་སྦྱང་སྟེ། །སྣ་གཡས་གཡོན་དབུས་དང་གསུམ་ནས་འཇམ་ལ་རིང་བ་འབུད་ནས་ཕྱིར་ཐུབ་ཆད་བཟུང་། དེ་ཡང་དང་པོ་ནུད་ཙམ་འབུད་ལ་དེ་ནས་ཤུགས་དྲག་ལ་རིང་བ་འབུད་དེ་སང་སང་འབུད། རླུང་བར་དུ་རླུང་རྒྱུར་མི་གཞུག་པར། ཁ་ནས་མ་སོང་བ་སྣ་ནས་དྲངས་ལ་ཤུགས་རྫོགས་པ་དང་མཆིལ་མ་དང་སྦྲགས་ནས་མིད་ལ་རླུང་བསྐྱུར་གྱི་གནད་དེས་ལྟོ་བར་ལྡིག་རྩེར་བསྐྱུར་རོ། །མི་ཐུབ་པ་དང་ཕྱིར་འབུད་ལ། ཡང་བཟུང་ལ་མནན་ནོ། །དེ་ནས་རྩ་སྦྱང་སྟེ། རང་ལུས་སྟོང་རར་གསལ་བའི་ནང་དུ་རྩ་དབུ་མ་ཆོས་བཞི་ལྡན་ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་སྣ་ལམ་ལྟར་ཕྲ་བ་སྟེ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་ཡར་རྩེ་སྤྱི་བོ་དང་། མར་རྩེ་གསང་གནས་ལ་ཟུག་པར་བསྒོམ། དེ་ཇེ་ཆེར་གྱུར་ནས་སྦ་དབྱུག་ཙམ། ཞོ་དོང་ཙམ། དེ་ནས་ལུས་ཐམས་ཅད་རྩ་དབུ་མའི་རང་བཞིན་དུ་


LT19_Page_182A
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། དམར་སེང་ངེ་སྲབ་སེང་དེ་ཡོད་པའི་ནང་དུ། ཡང་རྩ་དབུ་མ་ཆོས་བཞི་ལྡན་ཡར་སྣ་སྤྱི་བོ་དང་། མར་སྣ་ལྟེ་འོག་སོར་བཞིར་ཟུག་པར་བསྒོམས་པའི་མར་སྣ་རུ་རིག་པ་ཧྲིལ་གཏད་ལ་མ་ཡེངས་པར་བསྒོམ་མོ། །སྔོན་འགྲོའོ། །དངོས་གཞི་ནི་གསུམ་སྟེ། དང་པོ་ལུས་གནད་ནི། འཁྲུལ་འཁོར་མེ་ཐབ་དྲུག་འཆིང་བྱ་སྟེ། རྐང་པ་རེ་མིག་ལྟར་བསྣོལ་ཏེ། རྐང་པ་གཡས་ཕྱི་གཡོན་ནང་དུ་བཅུག་ལ་བསྣོལ་བའི་གཡོན་པའི་རྟིང་པས་བཤང་གཅིག་གཉིས་ཀྱི་བར་ཐེམ་པར་བལྟེམ། ལག་པ་ཞགས་པ་ལྟར་བསྡམ་སྟེ། མཐེ་བོང་གཡོན་པ་གཡས་ཀྱི་གུང་མོས་བསྣོལ་བའི་མཐེ་བ་སྙིང་གཉིས་སྦྱར་བ་གཡས་པའི་མཛུབ་མོ་བཞིས་བསྡམས། དེའི་ཕྱི་ནས་གཡོན་པའི་མཛུབ་མོ་བཞིས་དམ་དུ་བསྡམས་པ་དེ་ལྟ་བུའི་ཕྱག་རྒྱ་ལྟེ་འོག་སོར་བཞིའི་ཐད་དུ་བཅའ། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་སྟེ་མགྲིན་པ་རང་སར་ཨོལ་མདུད་པ་ལ་ཆར་སྦྱར། སྐེད་པ་མདའ་ལྟར་དྲང་པོར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱང་སྟེ་གྲང་མདུན་དུ་དེངས་བྱ། ལུས་སེམས་ལི་རི་ལྟར་བསྒྲིམ་སྟེ་སྒོམ་ཐག་རབ་གནས་དང་ལྡན་པས་དམ་ལྷོད་རན་པར་བསྡམ་མོ། །དེ་ནས་རླུང་ལམ་བསལ་བ་ནི། འབུད་པ་དགུ་ཕྲུགས་ཏེ། གཡས་གཡོན་དབུས་གསུམ་དུ་དྲག་ལ་ཡུན་རིང་བ་གསུམ་འབུད། རོ་སྟོད་གཅུ་ཞིང་དྲག་ལ་ཐུང་བ་གསུམ་འབུད། འཇམ་ལ་རིང་བ་གསུམ་འབུད་དོ། །རླུང་རང་གནས་སུ་བཟུང་བ་ནི། ཁ་ནས་མ་སོང་བར་ཕྱི་ནས་སྣ་སྒོའི་ནང་ན་མར་རླུང་འཇམ་ལ་རིང་བ་དྲངས་ལ། དེའི་ཤུགས་རྫོགས་པ་དང་། མཆིལ་མ་དང་སྦྲགས་ཏེ་མིད་ནས་ལྟེ་འོག་ཏུ་ལྡིག་རྩེར་བསྐྱུར། དེ་ནས་མར་རྩིར་མི་མནན་པར་རོ་སྟོད་སེང་གསང་ལ་སོ་མ་བག་ཙམ་བཞག །དེ་ནས་འོག་རླུང་གཡས་གཡོན་དབུས་དང་གསུམ་དུ་ཐེང་གསུམ་


LT19_Page_182B
[མ་དཔེ་གཟིགས་ན་འདིར་གནོན།]

འཐེན། རྒྱུ་ཞབས་སོ་ལ་བཞག །དེ་ནས་གཞིལ་བ་ནི། རླུང་མི་ཐུབ་ལ་ཁད་པ་དང་། གོང་བཞིན་དུ་བསྐྱར་ལ་རྔུབས་ནས་མནན་ཏེ་མི་ཐུབ་པ་དང་རླུང་ལྷག་མ་མ་ལུས་པར་ཕྱིར་སངས་འབུད་དེ། གཏོང་དུས་ལྟེ་བ་ནང་དུ་ཅུང་ཟད་འཐེན་ལ་སྣ་ནས་ཐོག་མར་ནུད་ཙམ་ལ། དེ་ནས་ཤུགས་ཡོད་ཚད་ཀྱིས་འབུད་དེ་དག་ལ་ཡུན་རིང་བ་ནར་ཙེར་འབུད་དོ། །དམིགས་པ་ལྟེ་འོག་ཏུ་གཏད་དོ། །དེ་ལ་བར་རླུང་རྒྱུ་རུ་མི་གཞུག་པར་ཕྱིར་གནས་ཚད་བཞག །ཕྱིར་མི་གནས་པ་དང་སྔར་བཞིན་ནང་དུ་རྔུབས་ལ་རླུང་སྦྱོར་དེ་རྣམས་ཚང་བར་གཡས་སུ་གཅིག །རྒྱག་ཏུ་གཅིག །གཡོན་དུ་གཅིག །མདུན་དུ་གཅིག་སྟེ་བཞི་བསྐོར་གཅིག་གོ །དེ་ལྟ་བུའི་རླུང་བཞི་སྐོར་རེ་ལ་ངལ་མི་གསོ་བར་བྱའོ། །དམིགས་པ་སེམས་ཀྱི་གཏད་པ་ནི་གསུམ་སྟེ། མེའི་དམིགས་པ། ཐིག་ལེའི་དམིགས་པ། རླུང་འོད་གསལ་དུ་གཞུག་པ་གསུམ། དང་པོ་ལ་རྩ་གསལ་བཏབ་པ་དང་། མེ་དམིགས་སྒོམ་པའོ། །རྩ་ལ་ཡང་རྩ་གསུམ་གསལ་གདབ་པ་དང་འཁོར་ལོ་བཞི་གསལ་གདབ་པའོ། །དང་པོ་ནི། ལུས་ཡི་དམ་དུ་གསལ་བའི་ལུས་ཀྱི་སྟོང་ར་དང་། རྩའི་སྟོང་ར་གཉིས་ཀྱི་ནང་དུ་དབུས་ན་ཡར་རྩ་དབུ་མ་ཆོས་བཞི་ལྡན་ཡར་སྣ་སྤྱི་གཙུག་དང་མར་སྣ་ལྟེ་འོག་སོར་བཞིར་ཟུག་པ། དེའི་གཡས་སུ་རོ་མ། གཡོན་དུ་རྐྱང་མ་སྟེ། རྩ་གཉིས་ཀྱི་ཡར་སྣ་སྣ་བུག་གཉིས་སུ་ཟུག་ནས་ཡར་སྤྱི་བོར་སོང་། དེ་མར་གུགས་ཏེ་ལྟེ་འོག་ཏུ་དབུ་མར་ཚུད་ལ་ཁད་ལ་རྩ་གསུམ་གྱི་འཛོམས་ཡི་གེ་ཆའི་འཕོངས་བཞིན་དུ་ཡོད་པ། མི་སྒོམ་ཙ་ན་ཁ་དོག་སེར་པོ། བསྒོམས་པས་ཁ་དོག་དམར་པོར་སོང་བར་བསམ་མོ། །གཉིས་པ་འཁོར་ལོ་བཞི་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་


LT19_Page_183A
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་བསྒོམ་ཏེ། འཁོར་ལོ་བཞི་པོ་དེ་གདུགས་བུབ་པའི་རྩིབ་མ་བཞིན་དུ་ཤབ་པེ་ཡོད་པ། རྩ་གསུམ་པོ་གདུགས་ཀྱི་ཡུ་བ་བཞིན་དུ་ཡོད་པ། མི་སྒོམ་དུས་ཁ་དོག་སེར་པོ། སྒོམ་དུས་དམར་པོ་བསམ་མོ། རླུང་རྔུབས་པས་རོ་རྐྱང་གཉིས་ན་མར་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་བཞིན་སོང་ནས། དབུ་མའི་མར་སྣར་སིབས་སིབ་བུས་པས། རྩ་གསུམ་དང་འཁོར་ལོ་བཞི་དམར་ཧུར་རེ་སོང་བ་ལ་དམིགས་པ་གཏད་དོ། །མེ་དམིགས་སྒོམ་པ་ནི། རྩ་གསུམ་འཁོར་ལོ་བཞིའི་མར་སྣ་ལྟེ་འོག་སོར་བཞི། རྩ་གསུམ་འཛོམ་པར་མ་ལས་ཐོབ་པའི་རཀྟའི་དྭངས་མ་ཨ་ཤད་ཀྱི་རྣམ་པ་སྐྱེར་པའི་ཚེར་མ་ལྟ་བུ་རིང་ཐུང་སོར་གཅིག་པ། རྩེ་མོ་ཤིན་ཏུ་ཕྲ་བ་ཐུར་དུ་བསྟན་པ། རྩ་བ་སྦོམ་པ་གྱེན་དུ་ཕྱོགས་པའི་སྣེ་མོ་དབུ་མའི་ནང་དུ་ཚུད་ཙམ་དུ་བསམ། སྤྱི་བོའི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་གསལ་བཏབ། དེ་ནས་རླུང་རྔུབས་པས་རླུང་རོ་རྐྱང་གཉིས་ནས་སོང་། ཨ་ཐུང་ལ་སིབས་སིབ་བུས་པས། ཨ་ཐུང་མེའི་རང་བཞིན་དུ་དམར་ལྷིང་སོང་བ་དེ་ཉིད་ཚ་བ་ཚིག་པ་ངར་དང་ལྡན་པར་བསམ། ཨ་ཤད་ལ་བུས་པས་མེ་ཧུར་ཙེར་འབར་ལ་ཁད་པ་ལ་རིག་པ་མ་ཡེངས་པར་གཏད། ཡང་ཨ་ཐུང་ལ་སྟེང་འོག་གི་རླུང་གིས་བུས་པ་ཨ་ཐུང་གི་ཡར་སྣ་ལས་མེ་སོར་གཅིག་དབུ་མའི་ནང་དུ་འབར་བས། ཨ་ཐུང་གི་ཡར་སྣ་ཕྲ་ནར་སོང་བས་ནས་ཀྱི་དབྱིབས་ལྟ་བུ་དཀྱིལ་ལྡིར་བ་སྟོད་སྨད་ཕྲ་བ་ལ། མེ་མཚན་ཉིད་བཞི་ལྡན་མེའི་རང་བཞིན་དུ་ཚ་བ། ཚིག་པ། ངར་དང་བཅས་པ་རླུང་གི་རང་བཞིན་དུ་གཡོ་བ། རྩེ་མོ་རྣོ་བ། ཁ་དོག་དམར་པོར་སྒོམ་མོ། ཡང་མེ་ལྕེ་དེ་རིང་དུ་སོང་ནས་སོར་བཞི་ཙམ་འབར་བས་ལྟེ་བའི་རྩ་མདུད་ལ་མེ་ལྕེ་རེག་ཡོད་པ་ཙམ་བསྒོམ། དེ་ནས་རང་གི་ལུས་ཡི་དམ་དུ་ཡོད་པའི་སྐེད་མན་ཆད་ཇེ་རིང་ལ་སོང་ནས་ས་འོག་ན་མར་སོང་བས། དབང་ཆེན་གསེར་གྱི་ས་གཞི་ལ་འཕོངས་འོག་གི་གདན་ལྷན་


LT19_Page_183B
[མ་དཔེ་གཟིགས་ན་འདིར་གནོན།]

ཙེར་འབྱར་བའི་ལྟེ་འོག་གི་ཨ་ཐུང་ལས་མེ་འབར་བས་དབུ་མའི་ནང་ན་ཡར་ཇེ་རིང་ཇེ་རིང་ལ་སྙིང་གའི་རྩ་མདུད་ལ་མེ་ལྕེ་རེག་རེག་ཡོད་པར་བསྒོམ། དེ་ནས་ཡང་མེ་ཇེ་རིང་ལ་མགྲིན་པར་སླེབ་བར་བསྒོམ། དེ་ཐམས་ཅད་ལ་མེ་མཚན་ཉིད་བཞི་ལྡན་དུ་འབར་བའི་མེའི་རྩ་བ་ཨ་ཤད་ལ་རིག་པ་གཏད་པ་གལ་ཆེའོ། །ཐིག་ལེའི་དམིགས་པ་ལ་གཉིས་ཏེ་འབར་འཛག་སྒོམ་པ་དང་བོགས་འདོན་པའོ། །དང་པོ་ལ་གསུམ། འཁོར་ལོ་བཞི་ལ་བརྟེན་པའི་འབར་འཛག་དང་། འཁོར་ལོ་གཉིས་ལ་བརྟེན་པའི་འབར་འཛག །ཙ་ན་ལཱིའི་འབར་འཛག་གོ །དང་པོ་ནི། མེ་ཤིན་ཏུ་ཚ་བ་དབུ་མ་ན་ཡར་སོང་། སྙིང་ཁ་དང་མགྲིན་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྙིགས་མ་ཐམས་ཅད་བསྲེགས། དེ་ནས་མེའི་འོད་ཀྱིས་སྤྱི་བོའི་ཧཾ་ལ་བསྣུན་པས་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་ཧཾ་ཡིག་དངུལ་ཆུའི་མདོག་ལྷ་བུ་ཅོག་སྒོང་ཙམ་སྐྱ་མེར་རེ་ཡོད་པ་དེ་མེར་ཙེར་བཞུ་བས་ཐིགས་ལ་ཁད་པ་ལ་དམིགས་པ་གཏད། དེ་ཡང་མེར་ཞུ་ནས་ནར་བྱུང་བས། ཧཾ་གི་དབྱིབས་མགོ་བོ་ཐུར་ལ་བསྟན་པ་ཐིགས་ལ་ཁད་པ་ལ་དམིགས་པ་གཏད་དོ། །དེ་ནས་མེའི་དྲོད་ཀྱིས་ཐིགས་ལ་ཁད་པ་དེ་མེར་ཞུ་ནས་སྐྱ་ནར་ནར་བྱུང་བས་སྤྱི་བོའི་རྩ་འདབ་ཐམས་ཅད་ཁྲིག་མེར་གང་བར་བསྒོམ། ཡང་སྤྱི་བོ་ནས་ཐིག་ལེ་སྐྱ་ནར་བྱུང་མེ་ལྕེ་ཐུང་ཧྲིལ་སོང་། མགྲིན་པའི་རྩ་འདབ་གང་། མེས་ཡར་ཕུལ་ཐིག་ལེས་མར་མནན་པས་བ་སྤུའི་བུ་ག་ཚུན་ཆད་ཐིག་ལེས་གང་བས་བདེ་མེར་རེ་ཡོད་པར་བསམ། དེ་བཞིན་དུ་སྙིང་ཁ་དང་ལྟེ་བའི་རྩ་འདབ་རྣམས་ཀྱང་གོང་བཞིན་བསྒོམ། དེ་ནས་ཐིག་ལེ་ལྟེ་འོག་ནས་མར་བབས་པས། མེ་ཇེ་ཐུང་ལ་ཨ་ཤད་ལ་ལྷན་སོང་བས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ཁམས་དཀར་དམར་གྱིས་གང་། ལུས་མགོ་ཞབས་མེད་པ་བདེ་མེར་སོང་བར་བསྒོམ། ཐིག་ལེ་བསྲུང་དཀའ་ཞིང་


LT19_Page_184A
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ཆུང་ན། ཨ་ཐུང་ལས་མེ་སོར་བཞིའམ་སྙིང་ཁ་དང་མགྲིན་པའི་བར་དུ་འབར་བ་བདེ་ཉམས་དང་བསྟུན་ཏེ། མེ་དེས་ལྟེ་བ་ཡན་ཆད་ཀྱི་ཐིག་ལེ་རྣམས་ཡར་ལྟེ་བ་སྙིང་ཁ། མགྲིན་པ་སྤྱི་བོ་རྣམས་གང་འདོད་ཀྱི་གནས་སུ་བསྐྱལ་ནས་མར་འབབ་ཏུ་མི་སྟེར། ཐིག་ལེས་མེ་དེ་འོག་ཏུ་མནན་ནས་ཡར་འབར་དུ་མི་སྟེར་བར་བསམ། འཛག་པ་མ་ཆོད་ན་སྤྱི་བོའི་ཧཾ་གྱེན་ལ་བཞེངས་པར་བསྒོམ། ཐིག་ལེ་ཐམས་ཅད་ཧཾ་ལ་བསྟིམས་ནས་ཧཾ་མེ་ལྕེའི་རྩེ་མོས་ཁྱེར་ཏེ་སྤྱི་བོ་ནས་མེ་སོར་བཞི་གྱེན་དུ་འབར་བའི་རྩེ་མོ་ལ་ཧཾ་ཡེར་རེ་ཡོད་པར་བསྒོམ། བདེ་བ་ཆུང་ན་སྔར་བཞིན་དུ་ཐིག་ལེ་མར་དབབ་པོ། །འཁོར་ལོ་གཉིས་ལ་བསྟེན་པ་ནི། མེ་མགྲིན་པར་སླེབས་པའི་འོད་ཀྱིས་ཐིག་ལེ་རྒྱུན་མ་ཆད་པར་ཨ་ཐུང་ལ་ཕོག །ལུས་བདེ་བས་གང་། མེ་ཡར་འབར། ཐིག་ལེ་མར་བབས་བས་ཁམས་དཀར་དམར་རྒྱུན་མ་ཆད་པ་ན་རེ་ཡོད་པར་བསྒོམ། རྩ་ན་ལཱིའི་འབར་འཛག་ནི། དབུ་མ་ལས་གྱེས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྒོམ་སྟེ། དེ་ནས་ཨ་ཐུང་ལས་མེ་འབར་བས་དབུ་མ་ན་ཡར་སོང་བས་རྩ་ཐམས་ཅད་ཀྱི་ནང་ན་ཡར་མེ་དམར་ཤིག་ཤིག་འབར་བས་ཧཾ་ཞུ་ནས་ཐིག་ལེ་ཡང་རྩ་ནང་ཐམས་ཅད་དུ་སོང་བས། རྩ་རེ་རེའི་ནང་དུ་འབར་འཛག་རྒྱུན་མི་ཆད་དུ་ཡོད་པར་བསྒོམ་མོ། །བོགས་འདོན་པ་ལ་གཉིས་ཏེ། དྲོད་དང་བདེ་བ་ལའོ། །དང་པོ་ནི། གཙུབས་ཤིང་མ་མེའི་འཁོར་ལོ་འདི་བྱ་སྟེ། རླུང་ལམ་འབུད་པ་དགུས་བསལ་ལ། རང་གི་ལུས་ཡི་དམ་ལྷན་སྐྱེས་ཧེ་རུ་ཀ་ནང་སྟོང་རའི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་བསྒོམ། དབུ་མ་ལས་གྱེས་པའི་ཁྲག་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གཏོར་སྐུ་ལ་རྒྱང་བུ་བཙུགས་པ་བཞིན་དུ་བསམ། སྤྱི་བོ་བདེ་ཆེན་འཁོར་ལོར་ཧཾ་ཡིག་བདེ་བའི་རང་བཞིན་དང་། གསང་གནས་བདེ་སྐྱོང་འཁོར་ལོར་


LT19_Page_184B
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཤད་དྲོད་ཀྱི་རང་བཞིན་དུ་བསམ། ལུས་གནད་ཙོག་པུ་རེ་མིག་ལྟར་བསྣོལ། རྐང་པའི་མཐེབ་ཆེན་གཉིས་ལ་མེ་རྩ་ཐུར་གྱུ་བའི་རི་རེ་རེ་ཡོད་པར་བསམས་ལ་ལག་པས་བཟུང་། སྟེང་འོག་གི་རླུང་གིས་རཾ་ལས་མེ་འབར་བ་རྐང་དར་གྱི་ནང་ནས་ཞུགས་པས་ཨ་ཤད་ལ་མེ་འབར། དབུ་མའི་ནང་ན་ཡར་ཞུགས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་གྱེས་པའི་རྩ་རེ་རེའི་ནང་དུ་ཡང་མེ་ཆེར་འབར་ནས། ཁམས་མར་འཛག་པའི་དཀར་དམར་དུ་ཤིག་ཤིག །འབར་འཛག་དུཾ་འུར་འུང་འབར་བར་བསྒོམས་ལ། གཡས་གཡོན་གཉིས་དྲག་ཏུ་སྤྲུགས་ཤིང་། རླུང་འབུད་ཁར་བཅག་སྤྲུགས་ལ་འབུད་དོ། །རླུང་གི་གནད་ནི་སྦྱོར་བ་བཞི་ལྡན་བྱའོ། །རྗེས་ཐམས་ཅད་དུ་རང་ལུས་མེ་རུ་འུར་འུར་འབར་བར་བསམ་ཞིང་། བཟའ་བཏུང་དང་གོས་སོགས་ཀྱང་མེ་རུ་བྱིན་གྱིས་བརླབ། སྣང་བ་ཐམས་ཅད་མེར་འབར་བར་བསྒོམ་མོ། །གཉིས་པ་བདེ་བའི་བོགས་འདོན་ནི། ཐིག་ལེ་ཞལ་སྦྱོར། སྟེང་འོག་གི་བདེ་བ་སྒོམ་པ། ཡེ་ཤེས་ཀྱི་རིག་མ་བསྟེན་པ་སོགས་ཞིབ་པར་ནི་གཏུམ་མོའི་ཁྲིད་ཡིག་རྒྱས་པར་ལྟའོ། །ཉམས་ལེན་མདོར་བསྡུས་ནི། མདུན་དུ་ཡིད་རིག་གསལ་ལ། ལུས་གནད་མེ་ཐབ་དྲུག་འཆིང་། རླུང་སྦྱོར་བ་བཞི་ལྡན། སེམས་གནད་རང་ཉིད་ལྷན་སྐྱེས་ཧེ་རུ་ཀར་གསལ་བའི་སྟོང་ར་དར་ཟབ་སྔོན་པོའི་གུར་ཕུབ་པ་ལྟ་བུའི་ལུས་ཀྱི་ནང་དུ་རྩ་གསུམ་དང་འཁོར་ལོ་བཞི་གསལ་བཏབ། སྤྱི་བོར་ཧཾ་དང་། ཨ་ཤད་སྔར་བཞིན་བསྒོམ། རླུང་གིས་ཨ་ཤད་ལས་མེ་སྦར། མེའི་དྲོད་ཀྱིས་ཧཾ་ཡིག་ཞུ་བའི་ཐིགས་པ་ལྷུང་། ཨ་ཤད་ལ་ཕོག་པས་མེ་ལྕེ་མར་ཐུར་དུ་སོང་། སླར་དེ་ལས་ཀྱང་ཆེར་འབར་བས་ལྟེ་བར་སླེབས། ཧཾ་ཡིག་ཆེར་ཞུ་བའི་ཐིགས་པ་ཕོག་པས་མར་བྲོས་པ་ལྟར་སོང་། ཡང་དེ་ལས་ཆེར་འབར། མེ་ལྕེ་སྙིང་ཁར་སླེབས། མགྲིན་པ་དང་སྤྱི་བོར་སོང་།


LT19_Page_185A
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ཡིག་ཆིལ་གྱིས་བཞུ་བའི་རྒྱུན་མགྲིན་པའི་རྩ་འཁོར་གང་བས་དགའ་བའི་བདེ་བ་དང་། སྙིང་ཁའི་རྩ་འཁོར་གང་བས་མཆོག་དགའ་དང་། ལྟེ་བའི་རྩ་འཁོར་གང་བས་དགའ་བྲལ་དང་། གསང་གནས་ཀྱི་སྣ་རྩེའི་མཐར་ཐུག་པར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཉམས་དྲན་པར་བྱ་ཞིང་། དེ་ལྟར་ཕྱག་རྒྱ་ཆེན་པོའི་ངང་ནས་འཛག་མེད་དུ་བཟུང་བས་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་གང་བ་དགའ་བ་ནས་ལྷན་སྐྱེས་ཀྱི་དགའ་བའི་བར་ངོས་བཟུང་བར་བྱའོ། །རླུང་འོད་གསལ་དུ་གཞུག་པ་ནི། དེ་ལྟར་བསྒོམས་ནས་བདེ་དྲོད་ཞེན་མེད་དུ་ཕྱག་རྒྱ་ཆེན་པོར་སྐྱེལ་བ་དང་། རིག་རླུང་འོད་གསལ་དུ་གཞུག་པ། རླུང་སྟེང་འོག་ཁ་སྦྱར་ལ་སེམས་ཨ་ཤད་ལ་ཅུང་ཟད་གཏད་ལ། བསམ་དུ་མེད་པའི་ངང་ལ་དྲན་པ་མི་ཡེངས་བར་བདེ་བའི་ངོ་བོ་ལ་བལྟ་བར་བྱའོ། །རྩ་རླུང་ཐིག་ལེའི་གེགས་བསལ་བ་ལ། སྤྱོད་ལམ་དང་གེགས་བསལ་བའོ། །དང་པོ་ནི། གཏུམ་མོ་སྒོམ་དུས་འགྲངས་ཆེས་པ། ལྟོགས་ཆེས་པ་མི་བྱ། མེ་དང་ཉི་མ་མི་འདེ། རྐང་རྗེན་ཆུ་བརྒལ་བ་གཡེར་མ་སྒ་དང་ཆང་སྐྱུར་ཤ་རུལ་ཟ་ཆོད་སོགས་སྔོ་ངད་རི་སྒོག་ཉ་ཤ་སོགས་སྤང་། རྡུལ་ཐོན་པའི་ལས་མི་བྱ། དུས་ཐམས་ཅད་དུ་འཁྲུལ་འཁོར་དྲང་སིང་བ་བྱ། །ཟས་ཟ་བ་ཉལ་ལྡངས་གང་བྱེད་ཀྱང་རླུང་རོ་འབུད། ཕྲུག་དང་སྐྱི་ཆགས་གྲིབ་ཅན་གྱི་གོས་རྣམས་མི་གྱོན། ལུས་སྦྱོང་དང་མར་ནག་གི་བསྐུ་བྱུག་བྱའོ། །གེགས་བསལ་བ་ནི། སྔར་གྱི་གེགས་སེལ་བདུད་རྩིའི་གཏེར་མཛོད་སོགས་ཡིག་ཆ་རྣམས་སུ་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། །འབྲས་བུ་སྐྱེ་བའི་རིམ་པ་ནི་གཉིས་ཏེ། ཡོན་ཏན་སྐྱེ་ཚུལ་དང་འབྲས་བུའོ། །དང་པོ་ནི། གཏུམ་མོ་ལ་དུས་གསུམ་ཡོད་དེ། གཏུམ་མོ་དུཿཁའི་དུས། གཏུམ་མོ་འདོད་ཆགས་ཀྱི་དུས་གཏུམ་མོ་ཡོན་ཏན་གྱི་དུས་དང་གསུམ་ཡོད་པས་དེ་


LT19_Page_185B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྣམ་དབྱེ་རྒྱས་པར་གཞུང་ཁྲིད་ཆེན་མོར་ཞིབ་པར་ཡོད་དོ། །འོད་གསལ་ནི། ལུས་གནང་རླུང་གནད་དམིགས་པའི་གནད་གསུམ། དང་པོ་ནི། མལ་མགོ་བྱང་དུ་བསྟན། ཁ་ནུབ་གཡས་འོག་གི་འགྲམ་འོག་ཏུ་ལག་པ་བཅུག །གཡོན་དཔྱི་ལ་བཀབ། གཉིས་པ་ནི། ལུས་ཡི་དམ་ལྷན་སྐྱེས་བསྒོམ། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ། བླ་མ་ཆོས་སྐུའི་རང་བཞིན་དུ་བཞུགས་པ་ལ་གསོལ་བ་བཏབ། རླུང་དྲག་པོ་ཞིག་རྡུབས་ལ་ཐུབ་ཚད་བཟུང་། མིག་གྱེན་ལ་བགྲད། རིག་པ་སྙིང་ཁར་གཏད། རླུང་བུམ་ཅན་བདུན་ཡན་ཆད་བསྒོམ། གསུམ་པ་ནི། སྙིང་ཁའི་འཁོར་ལོའི་དབུས་སུ་བྷ་སན་ཏ་ཁ་བྱེ་བའི་སྟེང་དུ་པདྨ་འདབ་བཞིའི་དབུས་སུ་ཧཱུྃ་སྔོན་པོ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བསམ། ཧཱུྃ་ལས་འོད་འཕྲོས་ལུས་ཀྱི་ནང་ཁྲོལ་སོགས་མི་གཙང་བ་དང་། སྡིག་སྒྲིབ་ཐམས་ཅད་བསྲེགས། སྟོང་སངས་སོང་། ལུས་ནང་ཐམས་ཅད་ཧཱུྃ་འོད་ཀྱིས་སྐྱ་ལམ་མེ་སོང་བར་བསམ། དེ་ནས་གཉིད་སོང་མ་ཐག་འོད་གསལ་འཆར་བ་ངོ་ཤེས་པར་བྱ་སྙམ་པའི་བདུན་པ་བཏང་། ཧཱུྃ་ལ་རིག་པ་གཏད་ཕྱག་རྒྱ་ཆེན་པོ་ལ་བཞག །དེའི་ངང་ནས་གཉིད་ལ་ཐིམ་སོང་བ་དང་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཞིག་ཡེར་འཆར། ཡང་ཧཱུྃ་གི་ཚབ་འོད་སྔོན་པོ་ཅོག་སྒོང་ཙམ་ལ་དམིགས་པ་གཏད། ཡང་སྙིང་དབུས་སུ་བླ་མའི་སྐུ་ཆུང་ལ་རྫོགས་པ་ཞིག་བསྒོམ། དེའི་ཐུགས་ཁར་ཧཱུྃ་སྔོན་པོ་ནས་ཙམ་ཞིག་སྒོམ་པ་གོང་བཞིན་བྱ་ཞིང་། དེའི་ངོ་བོ་ལ་སེམས་གཏད་ནས་གཉིད་ལོག་པས། མཐོང་སྣང་སྣ་ཚོགས་སུ་འབྱུང་སྟེ། འཇིག་རྟེན་གྱི་ཁམས་དང་། ལུང་པ་དང་ཡུལ་ཁམས་དང་། ཐ་མ་ཡང་རང་གི་སྤྱིལ་པོའི་ནང་ན་གང་ཡོད་མཐོང་བར་འགྱུར་རོ། །ཚེ་འདིར་སྦྱོང་ལོང་བྱུང་ན་བཙོན་འགྲུས་ཅན་ཚེ་འདིར་སངས་རྒྱས་ལ། སྦྱོང་


LT19_Page_186A
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་མ་བྱུང་ན་འཆི་ཁའི་བར་དོ་དང་ལམ་གོམས་པའི་འོད་གསལ་དང་། འོད་གསལ་གཉིས་ཆུ་ལ་ཆུ་བླུགས་པ་བཞིན་དུ་འདྲེས་ནས་འཆི་བ་ཆོས་སྐུའི་ཞིང་ཁམས་སུ་སངས་རྒྱའོ། །སྒྱུ་ལུས་ནི། རང་གི་མགྲིན་པར་བླ་མ་བསྒོམས་ལ་གསོལ་བ་གདབ། སྣོད་སྒྱུ་མར་སྦྱང་བ་དང་། བཅུད་སྒྱུ་མར་སྦྱང་བ་དང་། འཇིག་རྟེན་ཆོས་བརྒྱད་སྒྱུ་མར་སྦྱང་བའོ། །དང་པོ་ནི། ངོ་བོ་ལ་བལྟས་ན་བདེན་པར་སྐད་ཅིག་ཀྱང་མ་གྲུབ། འཁྲུལ་ངོ་ན་སྣ་ཚོགས་སུ་སྣང་གི་འདུག་པས་མི་བདེན་བཞིན་དུ་སྣང་བ་འདི་དང་། དྲོད་གཤེར་དང་ས་བོན་ལས་མྱུ་གུ་སྐྱེས། ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་སྨིན་ནས་ནམ་ཟླ་དུས་ཀྱིས་བྲུལ་ཅིང་། དབྱར་ཞུ་དགུན་འཁྱག་རིམ་གྱིས་འགྱུར་འགྲོ། ངོ་བོ་ལ་བལྟས་པས་བདེན་པར་མ་གྲུབ། ལྷོ་འཛམ་བུ་གླིང་པའི་དགུན་ལ་བྱང་སྒྲ་མི་སྙན་པའི་དབྱར་བྱེད། འཛམ་བུ་གླིང་པའི་ཉི་མ་ཕྱེད་ལ། སྒྲ་མི་སྙན་པའི་ནམ་ཕྱེད་བྱེད། དཔེ་ལོ་དང་ཉིན་མཚན་སྐྱིད་སྡུག་ལ་འགྲོ། གླིང་བཞི་ཀའི་ཉི་མ་འཆར་ནུབ་ལ་ཕྱོགས་འཛིན་པར་འདུག་གེ། །གཅིག་གི་ཤར་ལ་གཅིག་གི་ནུབ། གཅིག་སྟེང་ལ་གཅིག་གི་འོག་བྱེད་དེ་བཞིན་ཀུན་ལ་འགྲོ། ངོ་བོ་ལ་བལྟས་པས་བདེན་པར་སྐད་ཅིག་ཀྱང་མ་གྲུབ། འཁྲུལ་ངོ་ན་སྣ་ཚོགས་སུ་སྣང་གིན་འདུག་པས། ཞེན་མེད་དུ་སྣང་བ་འདི་སྒྱུ་ལུས་ཀྱི་ཉམས་ལེན་ཡིན་ནོ། །གཉིས་པ་བཅུད་སྒྱུ་མར་སྦྱང་བ་ནི། རང་ལུས་དང་གཞན་ལུས་གཉིས་ཀའི་སྤྱོད་པ་སྒྱུ་མར་སྦྱང་བའོ། །དང་པོ་ནི། ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི། བར་དོའི་རྣམ་ཤེས་དང་། ཕ་མའི་ཁུ་ཁྲག་འཛོམས་པ་ལས་བྱུང་ཞིང་། རྟེན་འབྲེལ་ཚོགས་པའི་རྫུན་སྣང་གི་ལུས་ལ་སོ་སོ་ལ་མིང་རེ་དུམ་བུར་བསིལ་ན་ལུས་གཞི་མ་གྲུབ། གཉིས་པ་ནི། མའི་མངལ་དུ་ཆགས་ནས་རྒ་ཤིའི་བར་རིམ་གྱིས་འགྱུར་འགྲོ། རང་གི་སེམས་ཐོག་ཏུ་བདེ་


LT19_Page_186B
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ཅི་ཤར་ཀྱང་། སྐད་ཅིག་རེ་ཡང་ཚུགས་མི་ཐུབ་པས། ངོ་བོ་ལ་བལྟས་པས་བདེན་པར་མ་གྲུབ། གསུམ་པ་གཉིས་ཀའི་སྤྱོད་པ་སྒྱུ་མར་སྦྱང་བ་ནི། ཁྱིམ་ཐབས་བྱེད་པ་དང་། ལུས་ལ་བུ་ཚ་བྱུང་བ་དང་། སྐྱེས་པ་སོགས་ལ་ངོ་མི་ཚ་བར། ཕོ་མཚན་དང་མོ་མཚན་ལ་ངོ་ཚར་ཕྱེད། ངོ་བོ་ལ་བལྟས་པས་བདེན་པར་མ་གྲུབ་བོ། །འཇིག་རྟེན་ཆོས་བརྒྱད་སྒྱུ་མར་སྦྱང་བ་ནི། སྟོད་སྨད་བདེ་སྡུག་སྙན་མི་སྙན་དང་། གྲགས་མ་གྲགས་བརྗོད་པ་ལ་གྲུབ་པ་འདུག་མི་འདུག་བལྟ། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། རང་གི་རྒྱབ་ཏུ་ཡི་དམ་ལྷའི་བྲིས་སྐུ་བཀྲམ་ལ། མདུན་དུ་མེ་ལོང་གཡའ་མེད་བཞག་པར་གཟུགས་བརྙན་འཆར་དུ་བཅུག་ལ། རིམ་གྱིས་བག་ཆགས་སྦྱངས་ཤིང་། མཐར་སྣོད་བཅུད་ཐམས་ཅད་ཡི་དམ་དུ་བསྒོམས་ལ་སྒྱུ་མ་ལྟ་བུའི་ངང་ནས་སྨོན་ལམ་བཏབ། རྫོགས་རིམ་སྒྱུ་མ་ནི། སེམས་འདས་པའི་རྗེས་མི་བཅད་ཅིང་མ་འོངས་པའི་སྡུན་མི་བསུ། ད་ལྟ་བར་བཟོ་མ་བྱས་པར་མ་ཡེངས་པར་བར་སྣང་སྟོང་སང་ངེ་བ་ལ་རྩེ་གཅིག་ཏུ་བལྟས་པས། རླུང་སེམས་དབུ་མར་ཚུད། རྣམ་རྟོག་ཞི་ནས་དུ་བ་དང་སྨིག་རྒྱུ་དང་མེ་འཁྱེར་དང་སྒྲོན་མའམ་སྐྱ་རེངས་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་ཆུ་ཟླའམ། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་དྭངས་ཤིང་གསལ་ལ་སྒྲིབ་པ་མེད་པ་མཚན་དཔེ་ལྡན་པའི་སྤྲུལ་པའི་སྐུ་མཐོང་ཞིང་། དེ་ནས་སྒྲར་སྣང་བའི་ལོངས་སྐུ་འབྱུང་ངོ་། །གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། མཉམ་བཞག་བརྟན་པ་དང་། རྗེས་ཤེས་ཀྱི་སྣང་བའི་སྟེང་དུ་སྟོང་གཟུགས་དྲངས་ནས་བལྟས་པས། འཁོར་འདས་ལ་སོགས་པའི་གཉིས་སུ་སྣང་བའི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ཏིང་ངེ་འཛིན་དུ་འཆར་ཞིང་། དེ་ཉིད་ལ་མཉམ་པར་བཞག་


LT19_Page_187A
[མ་དཔེ་གཟིགས་ན་འདིར་གནོན།]

པས་འོད་གསལ་དུ་དག་པར་འགྱུར་རོ། །རྨི་ལམ་ནི། ཉིན་པར་གྱི་དུས་སུ་འགྲོ་འཆགས་ཉལ་འདུག་ཅི་བྱེད་ཀྱང་། རྨི་ལམ་ཡིན་ཟེར་བ་ངག་ཏུ་ཡང་བརྗོད་ཅིང་། གཉིད་ལོག་པའི་དུས་སུ་མགྲིན་པར་ཨ་དམར་པོ་ལ་སེམས་གཏད་ནས། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམས་པའི་ངང་ནས་རྨི་ལམ་ཟིན་པ་དང་། ཁྱི་ཞིག་བྱུང་ཡང་དེ་བླ་མ་དང་ཡི་དམ་གྱི་ལྷར་གྱུར་ནས། དེ་ལ་དབང་ཆོས་ཞུས་སངས་རྒྱས་ཀྱི་ཞིང་དུ་ཕྱིན་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་བལྟ་ཞིང་། རང་གང་འདོད་པའི་ཞིང་ལ་བལྟ་བར་བྱའོ། །རྨི་ལམ་གྱི་ངང་ལ་ཕྱག་རྒྱ་ཆེན་པོ་ལ་བཞག་པས་མངོན་དུ་འགྱུར་རོ། །འཕོ་བ་ནི། ལུས་གནད་རྣམ་སྣང་ཆོས་བདུན་བྱས་ལ། རང་ལུས་ཡི་དམ་ལྷན་སྐྱེས་ཧེ་རུ་ཀ། ནང་སྟོང་རར་གསལ་བའི་ནང་དུ་རྩ་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་ཡར་རྩེ་སྤྱི་གཙུག་ཏུ་ཁ་དང་ངེ་ཡོད་པ། མར་སྣ་ལྟེ་འོག་སོར་བཞིར་ཟུག་པ་ཁ་དོག་དམར་པོ། སྤྱི་བོ་ཁྲུ་གང་བའི་ནམ་མཁའ་ལ་གུ་རུ་དྷཱ་ཛ་ཤྲཱི་བྷ་དྲ་རབ་བྱུང་གི་ཆ་ལུགས་ཅན། ཕྱག་གཉིས་མཉམ་བཞག་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་མཐར་ཆོས་དྲུག་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། ལྟེ་འོག་སོར་བཞིར་དབུ་མའི་ནང་དུ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་ཤ་བའི་རིལ་མ་ཙམ་ཞིག་གི་དབུས་ན་ཧཱུྃ་དམར་པོ་ནས་འབྲུ་ཙམ་ཞིག་བསྒོམ། དེ་གསལ་ཐེབས་པ་ན། ངག་ཏུ་ཧི་གཅེས་བརྗོད་པས། ཐིག་ལེ་དེ་སྤྱི་གཙུག་ཏུ་ཐལ་སླེབས། ཚངས་བུག་ཁང་པའི་མཐོད་ཁུང་ལྟར་སྐྱ་ཐལ་ལེ་འདུག་པར་བསམ། ཡང་ཧི་ཀ་ཅེས་བརྗོད་པས། ཚངས་བུག་ནས་རྒྱངས་ཐོན། གྱེན་དུ་མདའ་འཕངས་པ་བཞིན་སོང་། གུ་རུའི་ཐུགས་ཁར་སླེབས། ཟན་ཁམས་གཅིག་ཟ་ཡུན་ནས། ཀ་ཞེས་བརྗོད་པས་ཐིག་ལེ་དེ་དལ་བུས་ཚངས་བུག་ནས་ལྟེ་འོག་སོར་ཞིར་ཕབ།


LT19_Page_187B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཧིག་ཅེས་པས་སྤྱི་བོར་སླེབས། ཡང་ཧི་ཀ་བརྗོད་པས་གུ་རུའི་ཐུགས་ཀར་སླེབས། ཀ་ཞེས་པས་ལྟེ་འོག་ཏུ་ཕབ། དེ་ལྟར་དམིགས་པ་གསལ་བའི་ངང་ནས་སྦྱོང་ཐེབས་རེ་ལ་ཚར་ཉི་ཤུ་རྩ་གཅིག་ལས་མི་ཉུང་བར་བསྒོམ་པར་བྱའོ། །ཡང་ཐོ་རངས་གཉིད་སད་མ་ཐག །བདེ་བ་ཅན་ནམ་མངོན་དགའ་འམ། ཨོ་རྒྱན་སྤྲུལ་པའི་ཞིང་སོགས་གང་དུ་འགྲོ་འདོད་པའི་ཞིང་དེར་འགྲོ་དགོས་སྙམས་པས། ཞིང་དེའི་བཀོད་པ་ཡིད་ལ་དུང་ངེ་དྲན་པར་བྱ་ཞིང་། ཞིང་ཁམས་དེར་ཕྱིན་ནས་པདྨའི་སྟེང་དུ་དགེ་སྦྱོར་བྱེད་པར་བསམས་ལ། སེམས་ཡུན་རིང་དུ་མཉམ་པར་བཞག་གོ །དེ་ལ་དམིགས་སྐོར་གཅིག །ཡང་ཧིག་ཅེས་བརྗོད་པས་དབུ་མའི་ནང་གི་ཐིག་ལེ་ཧཱུྃ་དང་བཅས་པ་སྤྱི་གཙུག་ནས་རྒྱངས་ཐོན། གུ་རུའི་ཐུགས་ཀར་ཐིམ་པ་ལ་ཅུང་ཟད་མཉམ་པར་བཞག །ཀ་ཞེས་པས་མར་ལྟེ་འོག་ཏུ་ཕབ། ཅུང་ཟད་བཞག །དེ་ལ་དམིགས་སྐོར་གཅིག །ཡང་སྔར་ལྟར་དམིགས་པ་གསལ་བའི་སྤྱི་གཙུག་ཁྲུ་གང་གི་ནམ་མཁར་བཞུགས་པའི་གུ་རུ་དང་དབྱེར་མེད་པའི་ཞིང་ཁམས་གང་ལ་མོས་པའི་སྟོན་པ་དབྱེར་མེད་པར་བསྒོམ་ལ། ཧི་ཀ་ཅེས་པས་ཐེག་ལེ་སྤྱི་གཙུག་ནས་བྱོན། སྟོན་པའི་ཐུགས་ཀར་ཐིམ་པར་བསམ། ཡང་ཀ་ཞེས་པས་མར་ཕབ་པ་གོང་བཞིན་ནོ། །དེ་ལྟར་བསྒོམས་པས་རྟགས་སུ་སྤྱི་གཙུག་གཡའ་ཞིང་ཚ་བ། ཆུ་སེར་ཐོན་ཅིང་སྐྲངས་པ་ལ་སོགས་པ་འབྱུང་ལ། དེ་རྣམས་མ་བྱུང་བར་བསྒོམ་པར་བྱའོ། །ཡང་སྔར་བཞིན་བསྒོམས་པས་ཐིག་ལེ་ཧཱུྃ་གིས་མཚན་པ་དེ་བླ་མའི་ཐུགས་ཁར་ཐིམ་པ་དང་། བླ་མ་བདེ་བ་ཅན་ནམ་མངོན་དགའ་སོགས་སུ་མདའ་འཕངས་པ་བཞིན་སོང་ནས་འོད་དཔག་མེད་དམ་མི་འཁྲུགས་པའི་ཐུགས་ཁར་ཐིམ་པ་ལ་ཤེས་པ་མ་ཡེངས་པར་བསྒོམ་ཐོག་ཏུ་བཞག་པར་བྱའོ། །ཉལ་བའི་དུས་སུ་ཤེས་པ་སྙིང་ཁ་ནས་འཐོན། ཞིང་ཁམས་གང་མོས་


LT19_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འཕངས། རང་ཞིང་ཁམས་དེར་ཡོད་པའི་ངང་དུ་གཉིད་ལོག་གོ ལས་ལ་སྦྱར་བ་ནི། དུས་ལ་བབ་པའི་ཚེ་ལུས་གནད་ཙོག་པུའམ་སེང་གེའི་ཉལ་སྟབས་བྱ། རང་ལུས་ཕྱི་ཡི་དམ་ནད་སྟོང་ར་རྩ་དབུ་མ་སོགས་གོང་བཞིན་གསལ་བཏབ། སྤྱི་བོར་བླ་མ་དང་གང་མོས་ཀྱི་ཞིང་གི་སྟོན་པ་དབྱེར་མེད་དུ་བསྒོམ། དེ་ལ་སྐྱབས་སེམས་ཡན་ལག་བདུན་པ་གསོལ་འདེབས་བྱ། རང་གང་འདོད་པའི་ཞིང་དེར་འགྲོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བྱ། རང་གི་སེམས་ཐིག་ལེ་དཀར་པོ་ཧཱུྃ་གིས་མཚན་པ་དེ་དབུ་མའི་ནང་ནས་ཡར་སོང་། སྤྱི་གཙུག་ནས་ཐོན། བླ་མའི་ཐུགས་ཀར་ཐིམ་པར་བསམས་ལ་རླུང་ཕྱིར་འབུད། མིག་གྱེན་ལ་བསྒྲེང་། ཧི་ཀ་དྲག་པོ་ལན་འགའ་བརྗོད་པའི་རྟིང་ལ་བླ་མ་དེ་གང་དུ་འགྲོ་བའི་ཞིང་དེའི་སངས་རྒྱས་ཀྱི་དྲུང་དུ་སྐར་མདའ་འཕང་བ་བཞིན་སོང་ནས། དེའི་ཐུགས་ཀར་ཐིམ་པར་བསམ་མོ། །དེས་དོན་འགྲུབ་བོ། བར་དོ་ནི། འཆི་བའི་དུས་སུ་དབང་པོ་ཕྲ་རགས་ཐིམ་པའི་རྗེས་ལ། རྣམ་རྟོག་ཐམས་ཅད་དང་བྲལ་བ། ནམ་མཁའི་དྭངས་པའི་དཀྱིལ་ལྟ་བུ། ངོ་བོ་སྟོང་པའི་གནས་ལུགས་མ་བཅོས་པ་ཇི་ལྟ་བུ་བཞིན་དུ་དེར་འཆར་བས། དེ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ཤེས་པར་བྱས་ཏེ། དེའི་དུས་སུ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པས། འཆི་བ་འོད་གསལ་ཆོས་སྐུར་སངས་རྒྱའོ། །སྲིད་པ་བར་དོའི་དུས་སུ། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་ཞིང་རྫུ་འཕྲུལ་འོད་དང་ལྡན་པའི་དུས་ཤིག་འོང་སྟེ། དེ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ཤེས་པར་བྱས་ལ། ཡི་དམ་གྱི་ལྷ་སྐུར་གྱུར་པར་བསྒོམས་པས། ཤིང་བསྲེགས་པའི་སོལ་བ་དེ་ཤིང་དུ་མི་ལྡོག་པ་བཞིན། རླུང་སེམས་ལས་གྲུབ་པའི་རྒྱུ་མཚན་ཉིད་ཡིན་པ་སྟེ། ཡི་དམ་ལྷར་གྱུར་ནས་


LT19_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱའོ། །དྲི་ཟ་མངལ་སྒོ་འཚོལ་བའི་དུས། ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས། ཕ་མ་དེ་ཡི་དམ་ཡབ་ཡུམ་དུ་སྒོམ་ཞིང་། རང་ཉིད་གཏུམ་མོའི་འབར་འཛག་ལ་དམིགས་པ་གཏད་ནས་མངལ་དུ་མི་འཇུག་སྙམ་པའི་འདུན་པ་ཡང་ཡང་བྱས་ནས། ཕྱིན་ཆད་ཤེས་བཞིན་དུ་སྐྱེ་བ་ལེན་པ་ཞིག་ཡོད་སྟེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱས་ཏེ། གྲུབ་ཐོབ་ཕོ་མོ་སྦྱོར་བ་བྱེད་པའི་མངལ་དུ་ཞུགས་པས། སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུར་སངས་རྒྱའོ། །དེ་རྣམས་ཆོས་དྲུག་གི་སྙིང་པོ་བསྡུས་ནས་ཉམས་སུ་བླངས་ཚུལ་ཡིན། ཁོ་བོས་ནཱ་རོའི་ཆོས་དྲུག་ལ་ཡིག་ཆ་རྒྱས་འབྲིང་བསྡུས་གསུམ་ཆ་ལག་ཚང་ཞིང་ཟབ་པར་བྲིས་ཡོད་ཅིང་། སྐལ་ལྡན་གྱི་སློབ་མ་རྣམས་ལའང་རང་གི་མྱོང་ཆོས་ཟབ་མོ་རྣམས་མ་སྦས་ལྷུག་པར་བྱིན་ཡོད་པས་ཉམས་སུ་བླངས་ཤིང་སྐལ་ལྡན་རྣམས་ལ་སྤེལ་ཅིག །ང་ཤངས་སྒོམ་རྒད་པོའི་མྱོང་ཆོས་འདི་རྣམས་ཀྱི་ཡིག་ཆ་དབང་ཁྲིད་ལུང་གསུམ་གྱི་རྒྱུན་ནི། ཉི་འོག་ཐམས་ཅད་དུ་ཕྱོགས་དང་རིས་སུ་མེད་པར་ཁྱབ་པར་གྱུར་ཡོད་དེ། མ་འོངས་པའི་དུས་ན་ཡོངས་སུ་རྫོགས་པར་ཉམས་སུ་ལེན་ཅིང་འཆད་པ་དང་ཉན་པ་དང་སྒྲུབ་པ་ནི་ཉིན་སྐར་ལས་དཀོན་པར་འགྱུར་ལ། ཡིག་ཆ་རྣམས་ཀྱང་གཅིག་ཏུ་འདུས་པར་མི་འགྱུར་ཞིང་། བླ་མ་འབའ་ར་བ་ཞེས་པའི་མིང་རྐམ་པོ་ནི་སྐལ་པ་མ་སྟོང་གི་བར་དུ་གནས་སོ། །དུས་མ་འོངས་སྙིགས་མའི་དུས་ན། སྐྱེས་བུ་ཤེས་རབ་དང་བརྩོན་འགྲུས་ཆུང་བ། ཆེ་འདོད་དང་ནོར་འདོད་ཆེ་བ། དད་པ་དང་མོས་གུས་ཆུང་བ། འདོད་ཆགས་དང་ཕྲག་དོག་ཆེ་བ། བླ་མ་དང་ཆོས་ལ་ཡིད་མི་ཆེས་ཤིང་ལོག་ལྟ་ཆེ་བ། སྒྲུབ་པ་མི་ནུས་ཤིང་སྡུག་སྲན་ཆུང་བ། སྡོམ་པ་དང་དམ་ཚིག་ཁྱད་དུ་གསོད་པ། ཅི་བྱེད་ཀྱང་སྡིག་དང་འདྲེས་པའི་ལས་ཁོ་ན་བྱེད་པའི་དུས་སུ་ངའི་མྱོང་ཆོས་འདི་


LT19_Page_189A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་སྣུམ་ཟད་མར་མེ་ཙམ་དུ་འགྲོ་བས། དེ་དུས་ལས་དང་སྐལ་པར་ལྡན་པ་རེ་གཉིས་འབྱུང་སྟེ། དེས་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་ཐབས་ཟབ་མོ། ནཱ་རོའི་ཆོས་དྲུག་གི་གདམས་བ་ཟབ་ལ་འདུས་པ་ཤིན་ཏུ་བསྡུས་པ་འདི་ཉིད་ཉམས་སུ་བླངས་ཤིང་སྤེལ་བར་བྱོས་ཤིག །རབ་རྣམས་ཀྱིས་ཐར་པར་འཇུག་བའི་གྲུ་བོ་ཆེའི་རྩ་འགྲེལ་ལྷན་ཐབས་དང་བཅས་པ་ལ་འཆད་ཉན་དང་། ཕྲིན་ལས་སྐོར་གྱི་སྒྲུབ་ཐབས་དབང་བསྐུར་སོགས་གང་ལ་ཡང་བསྙེན་ཅིང་སྒྲུབ་པ་དང་ལག་ལེན་སོགས་མཐར་ཕྱིན་ཞིང་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པར་བྱས་ནས། ཕྱག་ཆེན་སོགས་ཟབ་ཁྲིད་མཐའ་དག་ལའང་མྱོང་ཁྲིད་ལོ་དང་ཟླ་བ་དུ་མར་སྦྲེལ་ནས་སྒྲུབ་པའི་རྟགས་མཚན་ཐོན་པར་བྱ་ཞིང་། འབྲིང་རྣམས་ཀྱིས་ཀྱང་ཐར་པར་འཇུག་པའི་གྲུ་བོ་སྐོར་གསུམ་གྱི་དབང་ཁྲིད་ལུང་གསུམ་ཐོབ་པ། ཁྱད་པར་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་རྩལ་ཐོན་པ། གདམས་པ་འདི་སྐོར་གྱི་དབང་ཁྲིད་ལུང་གསུམ་འཆད་ཐུབ་པ་བྱ། ཐ་མས་ཀྱང་གདམས་པ་ཟབ་བསྡུས་འདི་ཙམ་ལ་ཉམས་ལེན་གྱི་སྙིང་པོར་བསྒྲིལ་ལ། སྙིགས་མའི་སེམས་ཅན་འདུལ་དཀའ་ཞིང་དད་པ་དང་མོས་གུས་ཆུང་བའི་དུས་དེར་རྟགས་ཆ་ལུགས་ཀྱང་འདུལ་པ་དང་མཐུན་པ་གཙང་སིང་བ་རེ་བགྱི། ཆགས་ལམ་གྱི་ཉམས་ལེན་མཐར་མ་ཕྱིན་པར་བགས་མེད་ཀྱི་སྤྱོད་པ་དང་ཆ་ལུགས་འདིས་དམྱལ་བར་འཕེན་པའི་གྲོགས་ལས། ཐར་ལམ་བགྲོད་པ་ཞིག་དཀའ་བས་ལས་རྒྱ་བསྟེན་པ་དང་ལུང་མ་བསྟན་གྱི་ཆ་ལུགས་མ་བྱེད། དགོན་གནས་འབའ་ར་འདི་ཡང་དར་རྒུད་ཤིན་ཏུ་མང་བ་ཞིག་འབྱུང་སྟེ། སྐབས་སྐབས་སུ་ངེད་རང་གི་སྐྱེ་བ་འདྲ་ཡོང་བར་སྲིད་ཅིང་། གདམས་པ་འདི་ཡང་རྙེད་པར་འགྱུར་རོ། །ཡང་ན་ཕྱོགས་ངེས་མེད་ནས་ཁོ་བོ་རང་གི་རྗེས་སུ་འཇུག་པའི་སྐལ་ལྡན་རིགས་རུས་ཕུན་སུམ་


LT19_Page_189B
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ། ཁོ་བོ་ལ་ལྷག་པར་དད་པ། དཔའ་རྟགས་དཔྲལ་བར་ཐོད་སྐམ་གྱི་རི་མོ་ཡོད་པའམ། གདོང་སྨེའམ། རོ་སྟོད་ལ་སྨེ་བའི་སེར་ལ་ཁའམ། རོ་སྟོད་ལ་སྟག་ཤམ་གྱི་རི་མོ་དོད་པ་ཡོད་པ། བློ་སྣ་མང་ཞིང་བྱིས་པའི་སྤྱོད་པ་བྱེད་པ། སྐབས་སྐབས་སུ་ལྷག་པའི་ལྷའི་ཞལ་ཡུད་ཙམ་ཡུད་ཙམ་མཐོང་བའི་སྐལ་ལྡན་ཞིག་གིས་ཆོས་འདི་རྙེད་པར་འགྱུར་བས། འདི་རྙེད་པ་ན་གསང་ཞིང་དམ་པར་གྱིས་ལ། ཆོས་འདིའི་ཚིག་དོན་བློ་ལ་ཆུད་པར་བྱས་ནས་ཤོག་དྲིལ་འདི་སླར་ཡང་སྨོན་ལམ་དང་གསོལ་བ་ཐོབ་ལ་གནས་དེ་ཉིད་དུ་སྔར་བཞིན་ཞོག་ཅིག །སྦོས་ཤིག །འདི་རྙེད་པའི་གང་ཟག་དེས་ཆོས་འདི་ཉིད་རྙེད་ནས་ལོ་འགའ་སོང་བ་ན། སྙིང་དང་འདྲ་བའི་བུ་ཞིག་ལ་གཏོད་ལ། དར་རྒྱས་ཡུན་རིང་དུ་འབྱུང་བའི་རྟེན་འབྲེལ་བསྒྲིགས། དེས་ཉམས་སུ་བླངས་ཤིང་སྤེལ་ན། སློབ་མ་ལས་ཀྱང་ཡང་སློབ་བཟང་བར་འབྱུང་ངོ་། །སྙིང་གི་བུ་གཅིག་ལས་གཞན་ལ་ཆོས་འདིའི་དཔེ་ཡང་མི་སྟོན་ཞིང་། ལུང་ཡང་མི་བྱེད་ཅིའི་ཕྱིར་ན་དད་པ་དང་དམ་ཚིག་ཚུལ་བཞིན་མི་བྱེད་པས་ཀུན་ལ་གསང་ཞིང་དམ་པར་བྱེད་པ་ནི་གནད་དམ་པའོ། །འདིའི་ཆོས་བཀའ་འབྱེད་པ་ན། བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་གཏོར་རྒྱ་ཆེན་པོ་ཕུལ་ཞིང་། ཆོས་སྐྱོང་སྲུང་མ་ལ་སྐོང་བཤགས་ཚོགས་གཏོར། གནས་བདག་དགེ་བསྙེན་པ་ལ་གཏོར་མ་བསྔོ་ཞིང་བདེན་ཚིག་བརྗོད་ལ། བླ་མ་དང་མཁའ་འགྲོ་ལ་གནང་བ་ཞུས་ནས། སློབ་མ་སྙིང་དང་འདྲ་བ་ཞིག་ལ་བཤད་པར་བྱའོ། །ཆོས་འདིའི་རྒྱབ་ཆོས་ཁོ་བོས་བརྩམས་པའི་ཐར་པར་འཇུག་པའི་གྲུ་བོ་སྐོར་གསུམ་ཆ་ལག་དང་བཅས་པའི་ཡིག་ཆ་ཐམས་ཅད་ལ་ཞིབ་ཏུ་ལྟོས་ཤིག །ཁྱད་པར་སྒྲུབ་པའི་ལག་ལེན་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བའི་བསྟན་བཅོས་ལ་འང་ནན་ཏན་ཏུ་ལྟོས་ཤིག །མ་འོངས་པའི་སྐྱེ་འགྲོ་ཁོ་བོ་ལ་དད་ཅིང་འདུན་པ་ཐམས་ཅད། ཁོ་བོས་


LT19_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི་བསྟན་བཅོས་རྣམས་ལ་ལྟོས་ཤིག །ཀློགས་ཤིག །ཚིག་ཁ་འདོན་གྱིས་ཤིག །ཉམས་སུ་ལོངས་ཤིག །གླེགས་བམ་དུ་བྲིས་ཤིག །ཕྱག་དང་མཆོད་པའི་རྟེན་དུ་གྱིས་ཤིག །དོན་ཉམས་སུ་ལོངས་ཤིག །དེ་ལྟར་བྱས་ན་ཤངས་སྒོམ་རྒྱལ་མཚན་དཔལ་བཟང་དང་དངོས་སུ་འཕྲད་པ་ཡིན་ནོ། །བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ། །བཀྲ་ཤིས་བདེ་ལེགས་དཔལ་འབར་དོན་འགྲུབ་ཤོག །ཅེས་པའི་ཟབ་ཆོས་འདི་ཉིད་ཁོ་བོ་དྷ་རྨའི་མིང་ཅན་གྱིས་རང་ལོ་སོ་བཞི་ལོན་པ། ས་ཕོ་སྟག་གི་ལོ་ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིན་ཤངས་འབའ་ར་དོན་གྲུབ་སྡིང་ནས་དངོས་གྲུབ་ཀྱི་སྐལ་པར་ཐོབ་ནས་ལོ་ཉི་ཤུ་རྩ་གསུམ་སོང་བ། རང་ལོ་ལྔ་བཅུ་ང་དྲུག་ལ་སླེབས་པ་ལྕགས་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོ་ཆོ་འཕྲུལ་གྱི་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཤོག་དྲིལ་བུ་ཡིག་ལས་དཔེ་ཐོག་ཏུ་ཕབ་པ་འདིས་འགྲོ་དོན་ནམ་མཁའི་མཐའི་བར་ཁྱབ་པར་གྱུར་ཅིག །སརྦ་མངྒ་ལཾ། །གྲུབ་པའི་སྐྱེས་མཆོག་ཆེན་པོའི་ཞལ་གདམས་བླ་མ་སྒྲུབ་པའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་བཞུགས། ན་མོ་གུ་རུ་བཛྲ་དྷ་རཱ་ཡ། སྲིད་ཞིའི་ཁྱབ་བདག་སྐུ་ལྔའི་དབང་ཕྱུག་གཙོ། །སྟོན་མཆོག་བཅོམ་ལྡན་རྒྱལ་བ་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བ་དང་། རྣམ་ཐར་འཁྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་གསུམ་སྒྱུ་འཕྲུལ་བཀོད་པའི་རོལ་རྩེད་ཀྱིས། །བདེ་ཆེན་མཆོག་སྩོལ་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་སྨིན་ཅིང༴ རྣམ་ཐར་འཁྱོངས་པར༴ ཉམས་རྟོགས་དོན་བརྒྱུད་བྱིན་རླབས་བར་མ་ཆད། །གྲུབ་བརྙེས་རྒྱ་བོད་བླ་མ་བརྒྱུད་པའི་ཚོགས། །གསོལ་བ་འདེབས༴ རྣམ་ཐར་འཁྱོངས་པར༴ རྒྱལ་བ་དངོས་ཉིད་མཁས་གྲུབ་བཤེས་གཉེན་ཚུལ། །ཧེ་རུ་ཀ་དཔལ་སྐྱེས་མཆོག་རྒྱལ་མཚན་དཔལ། །གསོལ་བ་འདེབས་


LT19_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སྨིན་ཅིང་གྲོལ་བ་དང་། །རྣམ་ཐར་འཁྱོངས་པར༴ དགོངས་པས་བྱིན་རླབས་ཟབ་གཏེར་ཆོས་བཀའ་བབ། །བཀའ་དྲིན་གསུམ་ལྡན་བློ་གྲོས་ཆོས་འཕེལ་ཞབས། །གསོལ་བ་འདེབས་སོ༴ རྣམ་ཐར་འཁྱོངས་པ་དམ་པས་རྗེས་བཟུང་སྨོན་ལམ་ལས་འཕྲོ་ཅན། །དོན་བརྒྱུད་བཀའ་བབ་རྩ་བའི་བླ་མ་ལ། །གསོལ་བ༴ རྣམ་ཐར་འཁྱོངས་པར་བྱིན་གྱི་བརླབ༴ ཕྱོགས་བཅུ་དུས་གསུམ་རྒྱལ་བ་མ་ལུས་པའི། །ཐུགས་རྗེ་ནུས་པ་གཅིག་བསྡུས་གུ་རུ་ཉིད། །སྐྱབས་ཀུན་སྙིང་པོར་སྒྲུབ་ཅིང་གསོལ་བ་འདེབས། །བྱིན་རླབས་འཕོ་བས་བདག་རྒྱུད་འགྲོལ་དུ་གསོལ། །སྲིད་པའི་བདེ་ལ་ནམ་ཡང་མི་ཞེན་པར། །རྩེ་གཅིག་ངེས་དོན་སྙིང་པོའི་ལམ་བསྒོམས་པས། །སྐུ་གཉིས་འབྲས་བུ་ཚེ་འདིར་ཐོབ་པ་དང་། །བཀའ་བརྒྱུད་རྣམ་ཐར་འཁྱོངས་པར་བྱིན་གྱིས་བརླབ། །མགོན་ཁྱོད་རིང་ལུགས་རིན་ཆེན་དབང་གི་རྒྱལ། །ཚུལ་གནས་ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར། །མཆོད་པའི་བསྟན་འཛིན་དབྱར་མཚོ་ལྟར་འཕེལ་བས། །སྙིང་པོའི་བསྟན་པ་རྒྱས་པར་བྱིན་གྱི་རློབས། །ཁྱོད་གསུང་ཟབ་ལམ་ནོར་བུའི་ཅོད་པན་གང་། །རིས་མེད་མཆོག་དམན་འགྲོ་བ་མ་ལུས་པའི། །སྤྱི་བོར་བཀོད་པའི་ཕྲིན་ལས་རབ་རྒྱས་པས། །ཉིད་ཀྱི་རིང་ལུགས་འཕེལ་བར་བྱིན་གྱིས་རློབས། །བསླུ་མེད་དམ་པ་ཁྱེད་ཀྱི་ཐུགས་རྗེའི་མཐུས། །བདག་ཀྱང་སྐུ་ཚེ་མཛད་ཕྲིན་སྤངས་རྟོགས་ཀྱི། །ཡོན་ཏན་ཁྱོད་སྐུ་ཅི་འདྲ་དེ་ཐོབ་ནས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ཞེས་ཁྱད་པར་གྱི་བླ་སྒྲུབ་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་འདི་ནི། རང་ཉིད་ཀྱི་དད་པས་ཀུན་ནས་བསླངས་ཏེ་མེ་འབྲུག་ས་ག་ཆེན་པོའི་ཡར་ཚེས་དགེ་བར་རྣལ་འབྱོར་པ་ངག་དབང་ཡེ་ཤེས་དཔལ་བཟང་པོས་གདན་ས་ཆེན་པོ་


LT19_Page_191A
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་རར་སྦྱར་བ་དགེ་ལེགས་འཕེལ། ཆོས་དྲུག་བསྡུས་པའི་འཕོ་བའི་གསོལ་འདེབས་བཞུགས། ན་མོ་གུ་རུ། རྣམ་པར་འདྲེན་མཆོག་སྟོན་པ་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུང་། །རླུང་སེམས་འཕོ་བའི་ལམ་མཆོག་འབྱོངས་པ་དང་། །སྐུ་གསུམ་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཟག་མེད་བདེ་སྟེར་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་ཐུགས་རྗེའི །རླུང་སེམས་འཕོ་བའི༴ སྐུ་གསུམ་གོ་འཕང༴ རྒྱ་བོད་བཀའ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ༴ རླུང་སེམས་འཕོ་བའི༴ སྐུ་གསུམ་གོ་འཕང༴ གྲུབ་པའི་སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་ལ། །གསོལ་བ་འདེབས་སོ༴ རླུང་སེམས་འཕོ་བའི༴ སྐུ་གསུམ་གོ་འཕང༴ ཟབ་དོན་བཀའ་བབས་བློ་གྲོས་ཆོས་འཕེལ་ལ། །གསོལ་བ༴ རླུང་སེམས༴ སྐུ་གསུམ༴ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ༴ རླུང་སེམས༴ སྐུ་གསུམ༴ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །རླུང་སེམས་འཕོ་བའི་ལམ་མཆོག་འབྱོངས་པ་དང་། །སྐུ་གསུམ་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །འཁོར་བའི་ཕུན་ཚོགས་སྡུག་བསྔལ་རང་བཞིན་ལ། །ཆགས་མེད་ངེས་འབྱུང་དད་པས་ཡིད་དྲངས་ཏེ། །རླུང་སེམས་རྩེ་གཅིག་འཕོ་བའི་རྣལ་འབྱོར་གྱིས། །གཏན་བདེ་ཐར་པའི་ཞིང་མཆོག་བགྲོད་པར་ཤོག །བཙན་ཐབས་འཕོ་བ་ཟབ་མོའི་ལམ་མཆོག་གིས། །སྒྲིབ་གཉིས་རང་དག་ས་ལམ་མཐར་ཕྱིན་ཏེ། །སྐྱེ་མེད་འོད་གསལ་ཆོས་སྐུ་མངོན་གྱུར་ནས། །གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་སྤྱོད་ཤོག །ཅེས་ཆོས་དྲུག་བསྡུས་པའི་འཕོ་


LT19_Page_191B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གསོལ་འདེབས་འདི་ཡང་ངག་དབང་ཡེ་ཤེས་ཀྱིས་རང་དང་སྐལ་མཉམ་གྱི་སློབ་མ་དག་ལ་ཕན་པའི་ལྷག་བསམ་གྱིས་བདེ་ཆེན་འབའ་རར་སྦྱར་བ་དགེའོ།། །།།

གདམས་ངག་མཛོད་པོད་བཅུ་པ།
གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག


LT19_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་བཞུགས་སོ།། །།སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་མཛད།


LT19_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། །སྐུ་གསུམ་ངོ་བོ་བླ་མ་རིན་པོ་ཆེ། །འགྲོ་བ་འདྲེན་པ་ཆོས་རྗེ་བརྩེ་བ་ཅན། །འཁོར་བ་རང་གྲོལ་ཕྱག་རྒྱ་ཆེན་པོ་ཡི། །དོན་སྟོན་བླ་མ་མཁས་པའི་སྐུ་ལ་འདུད། བླ་མ་རིན་པོ་ཆེ་སྐུ་ཡལ་བའི་ཞལ་ནས། དལ་བ་འབྱོར་པའི་རྟེན་འདི་ཐོབ་པའི་དུས་སུ། འཁོར་བ་དང་འབྲེལ་གཅོད་དགོས་པ་ཡིན་གསུངས། དེ་ནི་ཉམས་རྟོག་ཀྱི་བརྒྱུད་པ་རྒྱུན་མ་ཆད་པའི་བླ་མ་དམ་པ་གཅིག་ཚོལ་དགོས་གསུངས། དེ་ཡང་དཔལ་སཾ་བྷུ་ཊ་ལས། ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །སྐྱབ་འཛིན་པ་མེད་པ་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཅེས་གསུངས། བླ་མ་ཉམས་རྟོགས་ཀྱིས་བརྒྱུད་པ་ཅན་དགོས་པ་ཡང་། །གང་གི་དྲིན་གྱིས་བདེ་ཆེན་པོ། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པདྨོར་འདུད། ཅེས་གསུངས་སོ། །དེ་ལྟ་བུའི་བླ་མ་གཅིག་རྙེད་ནས། ཉམས་སུ་ལེན་པའི་གང་ཟག་དེས་ཀྱང་། བླ་མའི་སྐུ་གསུང་ཐུགས་ལ་ལྟ་བའི་མོས་གུས་བསྒོམ་དགོས་པ་ཡིན། གསུངས་པ་ལ་ཚད་མར་བྱས་ཏེ་ཐེ་ཚོམ་ཡིད་གཉིས་ཀྱི་


LT19_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྤངས་ལ། བསམ་མནོ་དང་སྦྱར་སྦྱོར་མི་བྱ་བར་ཅི་ལྟར་གསུངས་པ་བཞིན་དུ་བསྒྲུབ་པ་ཉམས་སུ་བླངས་དགོས་པ་ཡིན་གསུངས། བླ་མ་རིན་པོ་ཆེས། བླ་མ་འཁོན་ས་སྐྱ་པ་ལ་མོས་གུས་ཆེའི་ཚད་མ་ཞུས་པས་ཅི་སྐད་གསུངས་པ་བཞིན་ཉམས་སུ་ལེན་པ་ཡིན་གསུངས་སྐད། དེ་ལྟར་བྱས་ན་སྤྱིར་ཐེག་པ་ཆེན་པོ། དེའི་ནང་ནས་ཀྱང་གསང་སྔགས་དཔོན་སློབ་ཀྱི་རྟེན་འབྲེལ་འཛོམས་པ་ལ་ཡོན་ཏན་སྐྱེ། སྐྱོན་དག་ཡོན་ཏན་བྱིན་རླབས་ཞུགས་པ་ཡིན། དེ་ནས་བླ་མ་རིན་པོ་ཆེ་སྒམ་པོ་བའི་ཞལ་ནས་ཀྱང་། བླ་མའི་ལུས་ལ་བརྟེན་པ་ཡིན། དད་པ་ཅན་རྣམས་རྟོགས་པ་ཡིན། །བྱིན་རླབས་ཀྱི་ལམ་ལ་གནས་པ་ཡིན། གསུངས། རྗེ་རིན་པོ་ཆེ་ཁམས་པས་ཀྱང་། ལུས་སེམས་ཧྲིལ་གྱིས་དྲིལ་གསོན། །མཆོག་ཐུན་མོང་གི་རྩ་བ་བླ་མ་དེ། །མེ་ཏོག་ཐོད་བཞིན་བཀུར་ལགས་ན། །ཉམས་རྟོགས་པའི་འཕེལ་བ་ནང་ལ་ཤར། །གཉུག་མ་བསྒོམ་ན་རྩ་བ་ཆོད། །བྱམས་སྙིང་རྗེ་བསྒོམ་ན་གཞན་དོན་འགྲུབ། །ཚུལ་ཁྲིམས་བསྲུང་ན་གྲགས་སྙན་འཐོབ། །ཆོས་ཀྱི་རྒྱལ་པོ་འདི་བཞི་དང་། །བུ་སྐད་


LT19_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཙམ་ཡང་མི་འབྲལ་ཞུ། དེ་ལྟར་སློབ་དཔོན་གྱི་རྟེན་འབྲེལ་འཛོམ་ནས་ཆོས་ཉམས་སུ་ལེན་པ་ལ། དང་པོ་ལམ་གྱི་སྣ་ཀ་འཛིན་པའི་གསལ་འདེབས་བར་དུ་བསྒྲུབ་པ་ཉམས་སུ་ལེན་པའི་དུས་སུ་བརྩོན་འགྲུས་ཀྱི་ལྕགས་བྱེད། ཐ་མ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་པས་འཆི་བ་མི་རྟག་པ་བསྒོམ་བ་གལ་ཆེ་གསུངས། དེ་ཡང་ཉམས་སུ་ལེན་པའི་དུས་སུ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །དཔའ་བོ་མཁའ་འགྲོ་མ་ཆོས་སྐྱོང་བའི་སྲུང་མ་གཉུག་མར་གནས་པ་ཐམས་ཅད། སྤྲིན་སྤུང་བཞིན་དུ་མདུན་དུ་བྱོན་པར་བསྒོམ། དེ་ནས་རང་གི་ལུས་ལོངས་སྤྱོད་བྲན་གཡོག་ཏུ་མཆོད་པར་འབུལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། དཔའ་བོ་མཁའ་འགྲོ་རྣམས་དང་། ཆོས་སྐྱོང་བའི་སྲུང་མ་གཉུག་མར་གནས་པ་རྣམས་ཀྱིས་བདག་ཅག་སྒྲུབ་པ་པོ་ཉམས་སུ་ལེན་པ་ལ་བྱིན་གྱིས་རློབས་པར་མཛད་དུ་གསོལ། བར་ཆད་ཞི་བར་མཛད་དུ་གསོལ། བསྟན་པའི་རིམ་པ་མཐའ་དག་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རྟོགས་པ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་ལན་གསུམ་མམ་བདུན་གསོལ་བ་གདབ། དེ་ནས་སྔར་འགྲོགས་འདྲིས་འདྲེས་པའི་རྒན་པ་གཞོན་པ། རང་ཉིད་དང་ནའུ་ལྡངས་སུ་གྱུར་པའི་སྔར་ཤི་བ་རྣམས་བསྒོམ། དེ་ནས་རང་ལ་ཚུར་ལ་སྦྱར་ལ་བདག་ཀྱང་དེ་བཞིན་དུད་ལྟ་ཤིན་ཅི་ཚུག་འོང་སྙམ་དུ་བསྒོམ། ག་རེ་ངེས་པར་འཆི་ནམ་འཆི་ཆ་མེད་ཅིས་ཀྱང་མི་སྟོང་བར་འཆི་བ་ཡིན་སྙམ་དུ་རང་ལ་ཡང་ཡང་བསྒོམ། འོ་ན་འཆི་བའི་དུས་སུ་མུ་སྟེགས་རྒྱང་འཕེན་པ་བཞིན་མེད་པར་འགྲོ་བ་ཡང་མ་ཡིན་སྙམ་དུ་བསྒོམ། འོ་ན་མུ་སྟེགས་རྟག་ལྟ་བ་ཇི་ལྟ་བ་བཞིན་དུ་རྟག་པ་བརྟན་པ་ནི་མེད་པ་ཡིན་ཨང་སྙམ་དུ་བསྒོམ། དེ་ཡང་ཞེ་སྡང་གིས་གཙོ་བོ་བྱས་པའི་ལས་མི་དགེ་བ་བཅུ་སྤྱད་ན་དམྱལ་བར་སྐྱེ་སྟེ། ཚ་


LT19_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་གསོད་གཅོད་ཀྱི་སྡུག་བསྔལ་མིན་པ་སྐད་ཅིག་ཀྱང་མེད་པ་ཡིན་ཨང་སྙམ་དུ་བསྒོམ། འདོད་ཆགས་ཀྱིས་གཙོ་བོར་བྱས་བའི་མི་དགེ་བ་བཅུ་སྤྱད་ན་ཡི་དྭགས་སུ་སྐྱེས་ཏེ། ཟས་སྐོམ་གྱི་སྒྲ་མི་ཐོས་བཀྲེས་སྐོམ་གྱི་སྡུག་བསྔལ་མིན་པ་སྐད་ཅིག་ཀྱང་མེད་པ་ཡིན་ཨང་དུ་བསྒོམ། གཏི་མུག་གིས་བྱས་པའི་མི་དགེ་བ་བཅུ་སྤྱད་ན། དུད་འགྲོར་སྐྱེས་ཏེ་བླུན་རྨོང་བཀོལ་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་མིན་པ་བདེ་བ་སྐད་ཅིག་ཀྱང་མེད་པར་འབྱུང་ཨང་སྙམ་དུ་བསམ། འོ་ན་ངན་སོང་གནས་གསུམ་དུ་སྐྱེས་ན་སྡུག་བསྔལ་ཡུན་རིང་ལ་དར་དྲག་ལ་བཟོད་པའི་ཐབས་མེད་པས་ངན་སོང་དུ་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་སྲོག་གི་ཕྱིར་ཡང་མི་བྱ་བ་དགོས་སྙམ་དུ་བསྒོམ། དེ་ལྟར་སློབ་དཔོན་ཞི་བ་ལྷའི་ཞལ། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཅི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིག །ཞེས་གསུངས་སོ། །འོ་ན་དགེ་བཅུ་སྤྱད་ན། འབྲས་བུ་ལྷ་མིའི་ལུས་འཐོབ་སྟེ། །དེ་ཡང་འཁོར་བ་ཙམ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་ལྷ་མིར་སྐྱེས་ཀྱང་བདེ་སྐྱིད་ཀྱི་གྲོགས་མེད། སྡུག་བསྔལ་རྒྱུ་དང་བཅས་པ་མེ་མ་མུར་གྱིས་འོབ་མི་གཙང་བའི་དོང་དང་ཁྱད་པར་མེད་པ་ཡིན་སྙམ་དུ་བསམ། འོ་ན་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་གྱི་གནས་དེ་སྤང་ལ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་བྱང་ཆུབ་ཐོབ་པར་བྱ་དགོས་སྙམ་དུ་བསྒོམ། དུས་ད་རེས་འཁོར་བ་མ་བཟློག་ན་འཁོར་བ་རང་ལོག་སྟེ་མི་འགྲོ། འཛད་པའི་མུ་མཐའ་མེད་པས་ད་རེས་འཁོར་བ་ཅི་བཟློག་བྱ་སྙམ་དུ་བསྒོམ། དེ་ལྟར་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་ཁམས་གསུམ་འཁོར་བའི་ཉེས་དམིགས་བསྒོམས་པས། ཚེ་འདིའི་བྱ་བ་ལ་མི་དགེ་བ་དང་ངན་སོང་གི་སྡུག་བསྔལ་དྲན་ནས། དེའི་རྒྱུ་སྡིག་པ་མི་དགེ་བ་


LT19_Page_194B
[མ་དཔེ་གཟིགས་ན་འདིར་གནོན།]

གླག་ཡོད་ཚད་ཀྱིས་སྤོང་བ་དང་། འཁོར་བ་ལ་འཇིགས་ནས་དེ་དང་བྲལ་བར་འདོད་པའི་བསམ་པ་སྐྱེ་བ་ཡིན། དེ་ལྟ་བུའི་བློ་གཅིག་སྐྱེ་བ་མ་བྱུང་ན་ཆོས་བྱེད་པ་འདྲ་ཡང་ཁ་ཆོས་སུ་འགྲོ། ཚེ་འདི་ཡི་ཆོས་སུ་འགྲོ་དོག་ཡོད་པས་མི་རྟོག་པ་དང་ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསྒོམ་པ་གལ་ཆེ་གསུངས། ད་འཁོར་བ་དང་འབྲེལ་ཐག་ཆོད་པ་ལ་ཚེ་ཐུང་ནད་མང་། ཚེ་ལ་ལོང་ཁོམ་མེད་པས་མགོ་ལ་མེ་ཤོར་བ་དང་། པང་དུ་སྦྲུལ་བྱུང་བ་གསོད་པ་དང་སྤོ་བ་ལྟ་བུའི་བརྩོན་འགྲུས་རྩོམ་དགོས། དུས་ད་རེས་སྐྱེ་བ་གཏན་གྱི་སོ་ནམ་གྱི་རྐང་འཛུག་དགོས། ད་རེས་ལམ་སྣ་ཅིག་མ་ཟིན་ན། ཡང་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པ་ཡིན། དེའང་འཁོར་བ་དང་འབྲེལ་ཐག་གཅོད་པ་ལ་ཆོས་ཅི་ཐོད་ཐོད་ཀྱི་མི་འོང་བས། ཐེག་པ་ཆེན་པོའི་ལམ་ཚང་ལ་མ་ནོར་བ་ཅིག་སྒྲུབ་པ་ཚུལ་བཞིན་དུ་ཉམས་སུ་ལེན་པ་ཡིན་གསུངས། དེ་ཡང་ཧྲིལ་གྱིས་དྲིལ་ན་ཐེག་པ་ཆེན་པོ་སྙིང་རྗེའི་ཁྱད་པར་དུ་བྱས་པས། སྦྱོར་བའི་སྙིང་པོ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་མ་བསྒོམ་ན་ཐེག་ཆེན་པའི་འཁོར་དུ་མི་གཏུབ། ཆོས་ཅི་བྱས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ། ཡི་དམ་གྱི་ལྷ་མ་བསྒོམ་ན་སེམས་ཅན་གྱི་དོན་དུ་གཟུགས་སྐུ་རྣམ་གཉིས་མི་འབྱུང་། འཁོར་བའི་རྒྱུ་ལས་སུ་འགྲོ། ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་ལ་ཡང་ཡི་དམ་གྱི་ལྷ་མ་བསྒོམ་ན་གསང་སྔགས་ཀྱི་ལམ་བསྐྱེད་རྫོགས་ཟུང་དུ་མི་འབྲེལ། མོས་གུས་མ་བསྒོམ་ན་ཉམས་རྟོགས་ལས་བསྐྱེད་པའི་ཡོན་ཏན་རྒྱུད་ལ་མི་སྐྱེ། ཕྱག་རྒྱ་ཆེན་པོའི་དོན་མ་བསྒོམས་ན་སེམས་ཀྱི་གཞི་རྩ་མི་ཆོད། སེམས་ཀྱི་རྩད་གཞི་མ་ཆོད་པས་འཁོར་བའི་རྣམ་རྟོག་ཆོས་སྐུར་རྟོགས་པའི་ཡོན་ཏན་མི་སྐྱེ་གསུངས། དེ་ལ་སྒོམ་ཉམས་སུ་ལེན་པའི་དུས་བསམ་གཏན་གྱི་ཁང་པར་འབོལ་བའི་སྟན་བཏིང་། རྐང་པ་སྐྱིལ་མི་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་བཅའ།


LT19_Page_195A
[མ་དཔེ་གཟིགས་ན་འདིར་གནོན།]

རྒལ་བ་བསྲང་། མགྲིན་པ་ཅུང་ཞིག་དགུ་བར་བྱ། མིག་སྣ་རྩེར་གཏད། ལྕེ་ཡ་རྐན་ལ་སྦྱར། ལུས་སེམས་ཁོང་ཀློད། དེ་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་དོན་དུ། བདག་གི་ཟབ་མོའི་དོན་བསྒོམ་པར་བྱ་སྙམ་དུ་ལན་གསུམ་བསྒོམ། དེ་ནས་མདུན་གྱི་ནམ་མཁའ་ལ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་དཔའ་མོ་ཐམས་ཅད་དང་། ཆོས་སྐྱོང་བའི་སྲུང་མ་གཉུག་མར་གནས་པ་རྣམས་སྤྲིན་དཔུང་བཞིན་དུ་བྱོན་པར་བསྒོམ། དེ་རྣམས་ལ་རང་གི་ལུས་ལོངས་སྤྱོད་ཐམས་ཅད་བྲན་དང་གཡོག་ཏུ་མཆོད་པར་འབུལ། སྙིང་ཐག་པའི་སྒོ་ནས་འབུལ། དེའི་རྗེས་ལ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མེའི་རྣམ་པ་ལྟ་བུ་བྱུང་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས། ལུས་མུན་ཁུང་ན་མར་མེ་བཏེགས་པ་ལྟར་ཕྱི་ནང་མེད་པར་གསལ་བར་བྱས་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་སྒྲིབ་དམ་ཚིག་ཆགས་ཉམས་ལ་སོགས་པ་ཉེས་པའི་སྐྱོན་ཐམས་ཅད་བཤང་བའི་ལམ་ནས་མར་ཕུད་ནས་སངས་ཀྱིས་དག་པར་བསྒོམ། དེས་སྡིག་སྒྲིབ་ཐམས་ཅད་དག་པས། ལུས་ནམ་མཁའ་ལ་འཇའ་ཤར་བ་བཞིན་ཡི་དམ་གྱི་སྐུར་གསལ་ལེར་བསྒོམ། སྐུ་ལུས་ཀྱི་ནང་དུ་ཐ་མལ་གྱི་རྒྱུ་ལྟོ་ལྟར་ཉལ་ཉིལ་མེད་བར་སྟོང་སངས་པར་བསྒོམ། སྐུ་ལུས་ཀྱི་ནང་དུ། ལུས་པོ་ལ་ཡོད་པའི་སྙིང་དེ་རིན་པོ་ཆེའི་གཞལ་ཡས་ཁང་དར་དཀར་གྱི་གུར་ཕུབ་པ་ལྟ་བུ་ལ་གསལ་བ་ཤིན་ཏུ་ཡངས་ཤིང་ཤིན་ཏུ་རྒྱ་ཆེ་བར་བསྒོམ། དེའི་ནང་དུ་གསོལ་བ་འདེབས་པའི་ཡུལ་བླ་མ་པདྨ་དང་ཉི་མ་ཟླ་བའི་སྟེང་དུ་གསལ་ལེར་བསྒོམ། བདག་གི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཁྱད་མེད་པ་ཡིན་དང་སྙམ་དུ་སངས་རྒྱས་ཀྱི་འདུ་ཤེས་ལན་གསུམ་


LT19_Page_195B
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་སྟེ། དེ་རྣམས་སྒོམ་གྱི་སྦྱོར་བ་ཡིན་ནོ། །དེ་ནས་དངོས་གཞི་ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་རིག་པའི་དོན་ནི་ཆོས་སྐུ་རང་ཆས་ཕྱག་རྒྱ་ཆེན་པོའི་དོན་ཡིན་ཨང་སྙམ་དུ་ལན་ཅིག་བསྒོམ། དེ་ནས་སེམས་ལྟ་བ་ཚུར་ནས་ཚུར་ལན་ཅིག་བསྡུས་ལ་ལྷོད་ཀྱིས་ཀློད་ལ་ཅིར་ཡང་མི་རྟོག །ཅིར་ཡང་ཡིད་ལ་མི་བྱ་བར་གཞག་རྒྱུ་མེད་པར་བཞག་ཅིང་། བལྟ་རྒྱུ་མེད་པར་བལྟ་བའི་ཕྱིར་ལ་དམིགས་གཏད་བསྒོམ། བསྒོམ་རྒྱུ་སྐྲའི་རྩེ་མོ་ཙམ་མེད་ཀྱང་སེམས་མ་བཅོས་པའི་ངང་མ་ཡེངས་པར་བཞག །དེ་ལྟར་བཞག་པས་བཞག་པར་ལྟེང་བ་ལྟེང་ངེ་མེ་རེ་བ་འོང་། བྱིང་རྨུགས་སུ་འགྲོ་ན་ཤེས་པ་གསེང་ལ་གཡེང་བ་དང་བཅས་པས་སང་ངེ་ཡེ་རེ་བསྒོམ། སེམས་སྟོང་པར་འཁྱམས་ནས་རྣམ་རྟོག་སྣ་ཚོགས་སུ་འཕྲོ་ན་འཕྲོ་བ་མི་དགག་སྟེ། དེ་རང་ཡང་སེམས་ཉིད་ཀྱི་དོན་ལས་ཤེས་རབ་ཀྱིས་དམིགས་ན་འཕྲོ་མཁན་གྱི་རྣམ་རྟོག་གི་སྐྱེ་འགག་གནས་ས་མི་རྙེད་སྟེ། གཞི་རྩ་མེད་ཀྱང་དེ་རང་གི་ངང་ལ་བཞག །རྣམ་རྟོག་ལམ་དུ་བྱེད་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་ཀྱང་དེ་ཡིན། བླ་མ་ཁམས་པའི་ཞལ་ནས་ཀྱང་། རྣམ་རྟོག་འཁོར་བ་ཡིན་པ་ལ། །སྐྱེ་འགག་དང་བྲལ་བས་མྱང་འདས་གསུངས། འོ་ན་རྣམ་རྟོག་རིག་རིག་ཏུར་ཏུར་སྣ་ཚོགས་སུ་སྐྱེ་བ་འདི་མ་གཏོགས་པའི་སེམས་ཞེས་བྱ་བའམ། འཁོར་བ་ཞེས་བྱ་བའམ། སེམས་ཉིད་ཞེས་བྱ་བའམ། མྱ་ངན་ལས་འདས་བ་ཞེས་བྱ་བའི་བླང་བྱ་ཅིག་ག་ལ་ཡོད། དེས་ན་འཁོར་འདས་གཉིས་ཀྱང་སེམས་རིག་པ་འདི་རྟོགས་མ་རྟོག་ཡིན་ཏེ། ལག་པ་ལྟོ་རྒྱབ་དང་འདྲ་བ་ཡིན། དེ་ལ་སྒོམ་པའི་དུས་སུ་ཡང་རྣམ་པར་རྟོག་པ་ཅི་ལྟར་སྣང་ཡང་འཕྲོ་བའི་ཡུལ་གཏན་ལ་མི་དབབ་པར་འཕྲོ་མཁན་གྱི་རིག་པ་དེ་ཉིད་ཀྱིས་བལྟ། དེ་ལ་བལྟས་པས་བལྟ་རྒྱུ་མ་མཐོང་བ་


LT19_Page_196A
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངང་ལ་ཅིར་ཡང་མི་རྟོག །ཅིར་ཡང་ཡིད་ལ་མི་བྱ་བར་བཞག །ཡང་དག་པའི་དོན་བསྒོམ་པ་ཡང་དེ་ཡིན། སེམས་ཉིད་ཀྱི་དོན་བསྒོམ་པ་ཡང་དེ་ཡིན། ཕྱག་རྒྱ་ཆེན་པོའི་དོན་བསྒོམ་པ་ཡང་དེ་ཡིན། དེ་བས་ལོགས་སུ་བཟང་བཟང་པོའམ། བྱུང་བྱུང་པོ་འདོད་པའི་བོག་ཅིག་བྱུང་ན་རེ་དོགས་ཀྱི་བློ་ཡིན་པས། གེགས་སུ་འགྲོ་བ་ཡིན་པས་རེ་དོགས་གི་རྟོག་པ་བྱུང་བའི་དུས་ཤེས་རབ་ཀྱིས་མིག་གིས་བལྟས་པས། གཞི་རྩ་མེད་པར་ངོས་བཟུང་བས་རེ་དོགས་གི་རྩ་བ་སྤད་ཀྱིས་གཅོད་པ་ཡིན། ཡང་ལྷ་དང་འདྲེ་ལ་སོགས་པའི་རྟོག་པ་བྱུང་བ་དེ་ཝལ་གྱིས་བྱུང་ན་ལྷ་དང་འདྲེ་བདུད་ལ་སོགས་པ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཡིན་པས། དེ་ཉིད་ལ་བལྟས་པས་ངོས་བཟུང་རྒྱུ་མེད། གཞི་རྩ་མེད་པས་སྐྱེ་འགག་མེད་པ། ཡོད་མེད་ལ་སོགས་པའི་སྤྲོས་བ་དང་བྲལ་བ། ནམ་མཁའ་བཞིན་རང་སར་གྲོལ་བ་དེ་འབྲས་བུ་ཆོས་ཀྱི་སྐུ་ཡང་དེ་ཡིན། དེའི་ངང་ལ་ཡེངས་པ་མེད་པར་འཇོག་པས་ལམ་ཡང་དེ་ཡིན། དེ་བས་རྩ་བྲལ་སེམས་ཀྱི་ངང་ཉིད་ལས། །གནོད་བྱ་གནོད་བྱེད་གཉིས་སུ་མེད། །བདུད་ཆོས་ཡིན་ནོ་སྐྲག་མི་དགོས། །བདུད་ལམ་དང་འབྲས་བུར་སེམས་ཐག་ཆོད། འཕྲོ་བ་མི་དགག་པར་ལམ་དུ་འཁྱེར་བའི་གདམས་ངག་ཡིན་ནོ། །ཡང་ཤེས་པ་སྲ་བའམ་བསྒོམ་འཚེར་ནས། བསྒོམ་སྙིང་མི་འདོད་པ་ལ་སོགས་པའི་གེགས་བྱུང་ན། རྗེ་རིན་པོ་ཆེའི་ཞལ་ནས། སེམས་མི་གནས་པ་གནས་པ། གནས་པ་བརྟན་པར་བྱེད་པ། བརྟན་པ་གོང་ནས་གོང་དུ་བོག་འདོན་པ། དེའི་བར་དུ་གེགས་བྱུང་ན་གེགས་སེལ་བའི་ཐབས་ཉིད་བླ་མའི་མོས་གུས་ཀྱིས་བྱེད་གསུངས་པ་ཡིན་པས། སེམས་པ་དར་ཅིག་སྙིང་རྗེ་དར་ཅིག །དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མའི་མོས་གུས་བྱ་སྙམ་དུ་བསམ། དེ་ནས་བླ་མའི་སྙིང་གི་དཀྱིལ་ལམ། སྤྱི་བོའི་


LT19_Page_196B
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏུ་བསྒོམ། སྙིང་ཐག་པའི་སྒོ་ནས་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། སྐྱོན་དག་པ་དང་ཡོན་ཏན་སྐྱེ་བའི་གསོལ་བ་བཏབ། དེ་ནས་བླ་མ་རྣམས་ཅི་གསལ་དར་ཅིག་བསྒོམ། ཡང་སེམས་ཀྱི་ངོ་བོ་སེམས་ཀྱིས་ཅེར་རེ་བལྟས་ལ་དེའི་ངང་དུ་བཞག་པ་ཐུན་གཅིག་དེ་ལྟར་རེས་འཇོག་ཏུ་བསྒོམ་པའི་འཕྲོ་འཇོག་པའི་དུས་སུ། བདག་གིས་ཟབ་མོའི་དོན་བསྒོམ་པ་ལ་སོགས་པའི་དགེ་བ་བགྱིས་པའི་འབྲས་བུ་ཐམས་ཅད་དེ། བདག་ཉིད་གཅིག་པུ་ལ་མི་སྨིན་པར་བདག་དང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་ཐར་ནས་ཆོས་སྐུའི་དོན་རྟོགས་པའི་རྒྱུར་གྱུར་ཅིག །ཅེས་པའོ། །དེ་ནས་བསྔོས་སངས་རྒྱས། བསྔོ་རྒྱུ་དགེ་བ། ཆེད་དུ་བྱ་བ་སེམས་ཅན། བསྔོ་མཁན་རང་ཉིད་རྣམས་རང་གི་སེམས་ཡིན་སྙམ་དུ་སེམས། སེམས་མ་བཅོས་པའི་ངང་ལ་ཐུན་ཅིག་བསྒོམ། སྙན་བརྒྱུད་བླ་མའི་མན་ངག་བདུད་རྩིའི་བཅུད། །ཚིག་དང་ཡི་གེར་བཀོད་པར་མི་རིག་ཀྱང་། །སེམས་ཅན་དོན་དུ་ཅུང་ཟད་ཡི་གེར་བཀོད། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། ཀྱེ་མ། ལས་ངན་དབང་གིས་འཁོར་བ་བདེ་བར་མཐོང་། །སྣ་ཚོགས་སྒྱུ་མའི་ཆོས་ལ་བདེན་པར་འཁྲུལ། །རྒྱུན་དུ་འགྲོགས་ཀྱང་རང་སེམས་ངོ་མ་ཤེས། །ལུས་ངག་འཇིག་རྟེན་བྱ་བ་དག་གིས་འཕྲོག །བློ་ནི་ཆགས་སྡང་གཉིས་ཀྱི་དབང་དུ་སོང་། །དེ་ལྟ་བུ་ཡི་སེམས་ཅན་རྣམས་ལ་ནི། །སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་བསྒོམ། །བློ་དེ་བཙལ་བས་ཅི་ཡང་མ་གྲུབ་པར། །དེ་ཡི་ངང་ལ་བཞག་པ་སྙིང་པོའི་དོན། །སྟོང་པ་སྙིང་རྗེ་ཟུང་དུ་འཇུག་པ་ཡི། །བླ་མའི་མན་ངག་ཡི་གེར་བཀོད་པ་འདིའི། །དགེ་བས་སྲིད་གསུམ་


LT19_Page_197A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མ་ལུས་པ། །རིན་པོ་ཆེ་དང་མྱུར་དུ་འཕྲད་ནས་ཀྱང་། །ཆགས་སྡང་རྣམ་རྟོག་ཆོས་སྐུར་རྟོགས་པར་ཤོག །ར་མ་ཡོན་བཙུན་བསོད་ནམས་འོད་ཟེར་གྱི་དོན་དུའོ། །སརྦ་མངྒ་ལཾ།། །།

གདམས་ངག་མཛོད་པོད་བཅུ་པ།
མཉམ་མེད་དྭགས་པོ་བཀའ་བརྒྱུད་སྤྱི་ཁྱབ་ཀྱི་བླ་མ་མཆོད་པའི་ཆོ་ག་བཀྲ་ཤིས་གྲགས་པའི་སྒྲ་དབྱངས།


LT19_Page_198A
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་དྭགས་པོ་བཀའ་བརྒྱུད་སྤྱི་ཁྱབ་ཀྱི་བླ་མ་མཆོད་པའི་ཆོ་ག་བཀྲ་ཤིས་གྲགས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


LT19_Page_198B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛམྦུ་དྭཱི་པ་ཀཱི་རྟི་ཡེ། །སྤྲོས་པའི་མཐའ་བྲལ་བདེ་སྟོང་ཟུང་འཇུག་དང་། །གང་འདུལ་རྣམ་པར་རོལ་བ་རྡོ་རྗེའི་གར། །ཅིར་ཡང་སྒྱུར་མཛད་བཀའ་བཞི་བརྒྱུད་པ་དང་། །སྤྲུལ་པས་སྤྲུལ་པའི་བརྒྱུད་འཛིན་རྣམས་ལ་འདུད། །ཐབས་གྲོལ་བྱིན་རླབས་ལམ་ལས་ཚེ་གཅིག་གིས། །རྡོ་རྗེ་འཆང་གི་རྒྱལ་སར་གཤེགས་མཛད་པ། །བཀའ་བརྒྱུད་གྲུབ་པའི་ཁྱུ་དང་དེ་ཀུན་གྱི། །ཡེ་ཤེས་གཅིག་བསྡུས་ཁྱབ་བདག་བླ་མས་སྤྱོངས། །ཐུན་མོང་དངོས་གྲུབ་ཐབས་ཆེས་མང་ཡང་། །མཆོག་གྲུབ་ཟབ་མོ་འདི་ལས་གཞན་མེད་པ། །མདོ་རྒྱུད་ཀུན་མཐུན་གོང་མས་ཕྱག་ལེན་ཏུ། །བསྟན་པའི་དོན་བཞིན་འདིར་ཡང་མོས་བློས་དགོད། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལས་ཚེ་གཅིག་གིས་མཆོག་གི་དངོས་གྲུབ་དོན་ཏུ་གཉེར་བ་རྣམས་ཀྱིས་ཉམས་སུ་བླང་བྱའི་གཙོ་བོ་བླ་མའི་རིམ་པ་ཡིན་ཅིང་། ཁྱད་པར་མཉམ་མེད་དྭགས་པོ་བཀའ་བརྒྱུད་མོས་གུས་དང་བྱིན་རླབས་ཀྱི་བཀའ་བབས་ཡིན་པས་གྲུབ་ཐོབ་གོང་མ་རྣམས་ཀྱང་བླ་མའི་ལམ་ལས་གྲུབ་པའི་རྒྱལ་སར་གཤེགས་པ་ཤ་སྟགས་ཡིན་པའི་ཕྱིར། རྗེས་འཇུག་རྣམས་ཀྱང་མོས་གུས་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་དྲིལ་བ་ཁོ་ན་གལ་ཆེ་བས་འདི་ཉིད་ཉམས་སུ་ལེན་པའི་ཚུལ་ལའང་རྒྱུད་དང་གྲུབ་ཆེན་སོ་སོའི་བཞེད་པས་ཕྱི་ནང་གསང་བའི་ཚུལ་མང་དུ་མཆིས་པ་ལས་འདིར་ཚོགས་གསོག་གཙོར་བཏོན་པ་བླ་མ་མཆོད་པའི་


LT19_Page_199A
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཡིན་ཅིང་། འདི་ལའང་དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པ་ལས་བརྩམས་ཏེ་པྲ་ཛྙཱ་རཀྵི་ཏ་དང་ཨ་ཌྷ་ཡ་སོགས་ཀྱི་བཞིད་གཞུང་འཕགས་ཡུལ་བའི་ཕྱག་བཞེས་རྣམ་པར་དག་པའི་ལུགས་ཀྱང་མཆིས་མོད། །སྐབས་འདིར་བོད་སྔ་མ་རྣམས་ཀྱི་ལུགས་དང་མཐུན་པར་བླ་མཆོད་ཐུན་མོང་བ་ཙམ་གྱི་ངག་འདོན་མདོར་བསྡུས་ཏེ་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་སྦྱོར་བ་གནས་ཁང་གཙང་ཞིང་དག་པར་བྱ། རྒྱན་གྱི་བྱེ་བྲག་ཇི་ལྟར་འབྱོར་པས་སྤྲས་པའི་གུང་དུ་དཀོན་མཆོག་གི་རྟེན་གསུམ་སྤྱི་དང་། ཁྱད་པར་མཉམ་མེད་དྭགས་པོ་རིན་པོ་ཆེ་གཙོ་བོར་གྱུར་བའི་རྡོ་རྗེ་འཆང་ནས་བརྩམ་རྩ་བའི་བླ་མའི་བར་གྱི་བཀའ་བརྒྱུད་གསེར་གྱི་ཕྲེང་བ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་ཕྱག་ཞབས་ཀྱི་རྗེས་སོགས་ཇི་ཙམ་འཛོམ་པ་བཀྲམ་པའི་སྤྱན་སྔར་མཆོད་སྟེགས་གོས་བཟང་པོས་བཀབ་བའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིས་བྱུགས་པ་ལ། རྡུལ་ཚོན་གྱིས་ལྟེ་བ་ཟླ་གདན་དང་བཅས་པའི་པདྨ་འདབ་དྲུག །དེ་རྒྱབ་འདབ་བརྒྱད། དེ་རྒྱབ་གྲངས་མེད་བྲིས་པ་ལ་མེ་ཏོག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་པད་འདབ་ཀྱི་གྲངས་མཚུངས་ཚོམ་བུ་བཀོད། རྡུལ་ཚོན་གྱིས་བྲིས་མ་ལྕོགས་ན་ཚོམ་བུ་ཁོ་ན་གྲངས་གོང་མཚུངས་བཀོད་པས་ཀྱང་རུང་སྟེ་མཉྫིའི་ཁྲི་ལ་བཀོད། མདུན་དུ་འབུལ་གཏོར་དཀར་ཟླུམ་རྒྱན་ལྡན་བཟའ་བཅའ་བཟང་པོ་དང་བཅས་


LT19_Page_199B
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད་རྣམས་བརྒྱ་རྩ་སོགས་གང་འབྱོར་བསྐོར་བཤམ་མམ། མང་དུ་མ་འཛོམ་ན་ཆ་གཅིག་ཕྲེང་ཚར་དུ་བཤམ། གཟུགས་སྒྲ་དྲི་རོ་རེག་བྱ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན་རྣམས་ཀྱང་བྲིས་འབུར་སོགས་གང་འབྱོར་བཀོད་ལེགས་བར་བཀྲམ། མཆོད་པའི་མཎྜལ། ནང་མཆོད་བདུད་རྩི་རིལ་བུ་སྦྱར་བ། རོལ་མོའི་བྱེ་བྲག །སྔོན་གཏོར་གྱིས་མཚོན་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་བར་བྱ། ཚོགས་མཆོད་འབུལ་བར་འདོད་ན་ཐབས་ཤེས་ཀྱི་རྫས་གཙོ་བོར་ཀྱུར་བའི་ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱའོ། །ཆོ་གའི་སྔོན་འགྲོའི་ཐོག་མར་བདག་བྱིན་གྱིས་བརླབ་པ་ནི། ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་གྱུར། བདུད་རྩི་བྱིན་རླབས་ནི། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ༀ་སྭ་བྷཱ་བ་ཤུདྡྷོ་སརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ་྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པའི་ནང་བུ་ཧཱུྃ་བྷྲཱུཾ་ༀ་ཛྲིཾ་ཁཾ་རྣམས་ལས་ཤ་ལྔ། པྃ་མྃ་ཏྃ་པྃ་ལྃ་རྣམས་ལས་བདུད་རྩི་ལྔ། རླུང་གཡོས། མེ་སྦར། རྫས་བཅུ་ཞུ་ཞིང་བསྐོལ་བའི་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ༀ་ཨཱཿཧཱུྃ། སྔགས་ལན་གསུམ། སྔོན་འགྲོ་མཁའ་འགྲོ་སྤྱི་གཏོར་བཏང་ནའང་ལེགས་མོད། འབྱུང་གཏོར་ཐུན་མོང་ཙམ་བྱེད་ན། དཀར་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ཡོངས་སུ་གྱུར་པ་ལས་ལྷའི་ཞལ་ཟས་རོ་བཅུད་སྣ་ཚོགས་ཀྱིས་གང་བར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་དང་། འབྲུ་གསུམ་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་སྐྱོང་དང་གཞི་བདག་རྣམས་སྤྱན་དྲངས་པར་གྱུར། དྲིལ་བུ་དཀྲོལ་ཞིང་། ༀ་ད་ཤ་དི་ཀློ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་པདྨ་ཀ་མ་ལཱ་ཡ་སྟཾ། ཞེས་སྤྱན་དྲངས་ཤིང་བཞུགས་པ་ལ་གོང་གི་སྔགས་དེའི་མཐར། ཨཱརྒྷཾ་ནས། ཤབྡའི་བར་བཏགས་པས་མཆོད་ཅིང་། པད་ཀོར་སྔོན་དུ་འགྲོ་བའི་རྡོར་ཐལ་ཁ་ཕྱེ་བའི་ཕྱག་རྒྱས་


LT19_Page_200A
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ད་ཤ་དི་ཀློ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་པ་གསུམ་གྱིས་ཕུལ་ནས། །གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། གང་དག་གསང་སྔགས་ཀྱི་ཆོ་ག་ཐོས་པ་དང་མཐོང་བར་མི་དབང་བ་རྣམས་ཀྱང་གཏོར་མའི་ལྷག་མ་འདིས་ཚིམས་པར་གྱིས་ལ་རང་གནས་སུ་དེངས་ཤིང་། གལ་ཏེ་མི་འགྲོ་ན་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམ་པར་བྱེད་དོ། །ཞེས་རོལ་མོ་དང་བཅས་པས། ༀ་ཙཎྜ་མ་ཧཱ་རོ་ཥ་ཎའམ་ཡི་དམ་གང་ཡིན་གྱི་སྙིང་པོ་དང་། སུམྦྷ་ནི་སོགས་བརྗོད་ལ་བསྡད། ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས་བྱུང་བའི་རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར། བླ་བྲེས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་ཀུན་ནས་བརྟན་པར་གྱུར། །ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། མཆོད་པ་བྱིན་རླབས་ནི། མཆོད་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས། ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན་མཆོད་པའི་རྣམ་པ། ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་པས་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ༀ་བཛྲ་ཨཱརྒྷཾ་སྭཱ་ཧཱ། ༀ་བཛྲ་པཱཏྱཾ་སྭཱ་ཧཱ། དེ་བཞིན་དུ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡ་བར་སྦྱར། རོལ་མོ་བྱིན་རླབས་ནི། ༀ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏཱ་ནཱ་ད་


LT19_Page_200B
[མ་དཔེ་གཟིགས་ན་འདིར་གནོན།]

སམྦ་བྷ་ཝི་ཏ། བཛྲ་དྷརྨ་ཧྲི་ད་ཡ་ནི། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། མཆོད་པ་གཞན་ནམ་མཁའ་གང་བར་སྤེལ་ལ། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཨཱ་བརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ། སྐྱབས་སེམས་ཚད་མེད་བཞི་དང་བཅས་པ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་ལ་སོགས་པས་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་དཔལ་ལྡན་བླ་མ་མཆོད་པའི་བྱ་བ་ལ་འཇུག་པར་བགྱིའོ། ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་ཀྱིས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་ལ་ཐོག་མར་མཆོད་པའི་རྟེན་གསལ་གདབ་པ་ནི། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཀྱི། །ངོ་མཚར་བཀོད་པ་བསམ་ཡས་ཕུན་སུམ་ཚོགས། །ཕྱོགས་མཚམས་ཀུན་ཏུ་མཆོད་པའི་སྤྲིན་ཕུང་གཏིབས། །དེ་དབུས་ཐར་པ་ཆེན་པོའི་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་ཡོངས་སུ་རྫོགས། །བྱང་ཆོས་སོ་བདུན་རྣམ་ཐར་སྒོ་མཐའ་ཡས། །རྒྱལ་བའི་ཡོན་ཏན་ཀུན་ཚང་ནང་གི་ཆར། །པདྨ་འདབ་དྲུག་དེ་རྒྱབ་འདབ་མ་བརྒྱད། །དེ་རྒྱབ་པད་འདབ་གྲངས་མེད་ཟླུམ་པོར་འཁྱིལ། །པད་ལྟེར་སེང་ཁྲི་པདྨ་ཟླ་བའི་སྟེང་། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་སྒམ་པོ་འཛམ་གླིང་གྲགས་པའི་ཞབས། །དཀར་གསལ་ཞི་འཛུམ་མཉམ་བཞག་ནོར་བུ་བསྣམས། །སྒོམ་ཞུ་


LT19_Page_201A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་རྣམ་གསུམ་བརྗིད་པར་ཀླུབས། །ཞབས་གཉིས་རྡོར་སྐྱིལ་ཐུགས་རྗེ་ཚད་མེད་པའི། །ཡེ་ཤེས་གཟི་བྱིན་འབར་བཞིན་ལྷམ་མེར་བཞུགས། །དབུ་གཙུག་རྗེ་བཙུན་བཞད་པ་རྡོ་རྗེ་དང་། །སྐུ་ཡི་གཡས་སུ་རས་ཆུང་རྡོ་རྗེ་གྲགས། །གཡོན་ཏུ་སྟོན་པ་བོ་དྷི་རཱ་ཛ་བཅས། །དེ་ཡི་དབུ་གཙུག་མར་པ་ལོ་ཙཱ་ཡི། །གཡས་གཡོན་མདུན་ཏུ་མེས་རྔོག་མཚུར་གསུམ་བཞུགས། །དེ་ཡི་དབུ་གཙུག་པཎ་ཆེན་ནཱ་རོ་པ། །གཡས་གཡོན་མཻ་ཏྲི་པ་དང་ཏི་ཕུ་པ། །དེ་ཡི་དབུ་གཙུག་གྲུབ་ཆེན་ཏེ་ལོ་པ། །གཡས་གཡོན་ས་ར་ཧ་དང་ཤ་བ་རི། །དེ་ཡི་དབུ་གཙུག་དྲུག་པ་རྡོ་རྗེ་འཆང་། །མཐིང་མདོག་རྡོར་དྲིལ་ཡེ་ཤེས་མཁའ་འགྲོར་འཁྱུད། །མཐའ་བསྐོར་བཀའ་བཞི་བརྒྱུད་པའི་བླ་མས་བསྐོར། །ཀུན་ཀྱང་རང་རང་ཆས་ལྡན་གཟི་བྱིན་འབར། །གཙོ་བོའི་མདུན་དུ་དཔལ་ལྡན་དུས་གསུམ་མཁྱེན། །ཕྱག་རྒྱ་མཉམ་བཞག་ཞྭ་ནག་གསེར་མདངས་གསོལ། །གཡས་སུ་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ། །ས་གནོན་མཉམ་བཞག་སྒོམ་ཞུ་བརྗིད་ཆགས་གསོལ། །གཡོན་ཏུ་སྒོམ་པ་ཚུལ་ཁྲིམས་སྙིང་པོའི་ཞབས། །ཕྱག་གཉིས་ཆོས་འཆད་མཉམ་བཞག་ནོར་བུས་མཚན། །རྒྱབ་གཡས་འབའ་རམ་དར་མ་དབང་ཕྱུག་དང་། །རྒྱབ་གཡོན་འགྲོ་མགོན་ཚལ་པ་བརྩོན་འགྲུས་གྲགས། །ས་གནོན་ཕྱག་རྒྱ་རང་རྟགས་སྒོམ་ཞུ་གསོལ། །དེ་རྒྱབ་པདྨ་འདབ་བརྒྱད་མཛེས་པའི་སྟེང་། །མདུན་དུ་མཉམ་མེད་འཇིག་རྟེན་གསུམ་གྱི་མགོན། །ཤར་ལྷོར་དཔལ་ལྡན་ཐང་པ་བཀྲ་ཤིས་དཔལ། །ལྷོ་རུ་རྒྱལ་ཚ་ཀུན་དགའ་ཁུ་དབོན་ཟུང་། །ལྷོ་ནུབ་གྲུབ་ཆེན་གླིང་དང་རྒྱ་རས་ཞབས། །ནུབ་ཏུ་སྨར་བ་ཤེས་རབ་ཡེ་ཤེས་པ། །ནུབ་བྱང་འགྲོ་མགོན་ཡེལ་པ་ཡེ་ཤེས་བརྩེགས། །བྱང་དུ་ཡེ་ཤེས་སེང་གེ་གཡའ་བཟང་པ། །བྱང་ཤར་གྱེར་སྒོམ་ཆོས་ཀྱི་སེང་གེ་རྣམས། །རབ་བྱུང་ཆ་ལུགས་རང་རྟགས་སྒོམ་


LT19_Page_201B
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་གསོལ། །ས་གནོན་མཉམ་བཞག་ཆོས་འཆད་ཕྱག་རྒྱ་མཛད། །སྐྱིལ་ཀྲུང་བདེ་སྟོང་ཡེ་ཤེས་གཟི་ལྡན་བཞུགས། །དེ་རྒྱབ་འདབ་མར་བཀའ་བརྒྱུད་ཆེ་བཞི་དང་། །ཆུང་བརྒྱད་གྲུབ་ཐོབ་གསེར་གྱི་ཕྲེང་བའི་ཚོགས། །རང་བྱུང་རྣལ་འབྱོར་ངེས་མེད་སྤྱོད་པའི་ཆས། །ཀུན་ཀྱང་སྐུ་ལ་ཡེ་ཤེས་གཟི་བརྗིད་འབར། །གསུང་དབྱངས་གསང་སྔགས་རྡོ་རྗེའི་རང་སྒྲ་སྒྲོགས། །ཐུགས་དགོངས་ཏིང་འཛིན་སྒོ་བརྒྱར་འཇུག་ཅིང་ལྡངས། །ཡོན་ཏན་ཕྲིན་ལས་གང་ལ་དེར་མཐུན་སྟོན། །ཕྱོགས་མཚམས་རྒྱ་བོད་མཁས་གྲུབ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །མདུན་ཏུ་ཆོས་སྐྱོང་དམ་ཅན་བཀའ་སྡོད་ཚོགས། །འཇའ་ཟེར་ཐིག་ལེ་མེ་དཔུང་དབུས་སུ་བཞུགས། །རྡོ་རྗེའི་སྐུ་གསུང་ཐུགས་སུ་གདོད་ནས་གྲུབ། །ཐུགས་མཆོག་ཡེ་ཤེས་རོལ་པའི་འོད་ཟེར་གྱིས། །ཆོས་ཀྱི་དབྱིངས་དང་དག་པའི་ཞིང་རྣམས་ནས། །བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །མདུན་མཁར་སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར། །ཡེ་ཤེས་པ་སྤྱན་འདྲེན་པ་ནི། ༀ། ཁྱབ་བདག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་ཏུ་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །འཕགས་བོད་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །དད་ལྡན་མཆོད་པའི་ཞིང་དུ་སྤྱན་འདྲེན་ན། །དམིགས་མེད་ཐུགས་རྗེ་ཆེན་པོས་བརྩེར་དགོངས་ལ། །རྫུ་འཕྲུལ་བྱིན་རླབས་ཆེན་པོས་གཤེགས་སུ་གསོལ། ཤྲཱི་


LT19_Page_202A
[མ་དཔེ་གཟིགས་ན་འདིར་གནོན།]

མཱན་གུ་རུ་དེ་བ་བུདྡྷ་བོ་ངྷི་ས་ཏྭ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པཱ་རི་བཱ་ར་བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། ༀ་པྲ་བ་ར་སཏྐ་ར་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟཾ། གདོད་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་ཀྱང་། །གཉིས་རྟོག་བློ་ཡི་འཆིང་བ་དྲལ་སླད་དུ། །བསྒོམས་པའི་དཀྱིལ་འཁོར་པ་དང་གཉིས་མེད་དུ། །བཞུགས་ནས་མོས་པའི་བུ་ལ་དགྱེས་དགོངས་མཛོད། ཛཿཧཱུྃ་བཾ་ཧོ། ཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་བཞུགས་པར་མོས། །དེ་ནས་བསགས་སྦྱོང་སྤེལ་བའི་རིམ་པ་ལ། ཐོག་མར་ཕྱག་འཚལ་བའི་རིམ་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་


LT19_Page_202B
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དང་བློ་གྲོས་རིན་ཆེན་ཞབས། །ས་ར་ཧ་དང་དཔལ་ལྡན་འཕགས་པ་ཀླུ། །ཤ་བ་རི་པ་མངའ་བདག་མཻ་ཏྲི་སོགས། །ཕྱག་ཆེན་བརྒྱུད་པ་རྣམས་ལ༴ སོ་སོའི་བཀའ་བབས་རྣམ་བཞིའི་བརྒྱུད་པར་བཅས། །ཀུན་འདུས་གྲུབ་པའི་དབང་ཕྱུག་ཏེ་ལོ་པ། །ཛྙཱ་ན་སིདྡྷི་དྲི་མེད་བཤེས་གཉེན་སོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ༴ དགྱེས་མཛད་མར་སྟོན་ཆོས་ཀྱི་བློ་གྲོས་ཞབས། །མེས་རྔོག་མཚུར་གསུམ་ཐུགས་ཀྱི་སྲས་མཆོག་བཞི །ལས་ཅན་སློབ་མ་མཆོག་བཞི་གཙོར་གྱུར་པའི། །མར་པ་བཀའ་བརྒྱུད་རྣམས་ལ༴ བཞད་པ་རྡོ་རྗེ་མཁའ་སྤྱོད་གཤེགས་པ་བདུན། །རས་པ་མཆེད་བརྒྱད་ཉེ་བའི་སྲས་ཆེན་བརྒྱད། །འདུལ་བའི་མཆོག་གསུམ་སྟོན་པ་དྲུག་ལ་སོགས། །མི་ལའི་བཀའ་བརྒྱུད་རྣམས་ལ༴ མཉམ་མེད་དྭགས་པོ་ཐུགས་སྲས་གྲུབ་མཆོག་བཞི། །ཉེ་བའི་སྲས་བཞི་ཡོངས་སུ་གྲགས་པ་བཞི། །ཉེ་གནས་བཞི་དང་འཕགས་པ་གཉིས་ལ་སོགས། །དྭགས་པོ་བཀའ་བརྒྱུད་རྣམས་ལ༴ ཚུལ་ཁྲིམས་སྙིང་པོ་སྒོམ་ཆུང་འདུལ་འཛིན་པ། །གླིང་པ་རྣམ་གཉིས་སྤྱན་སྔ་ལྷ་ལུང་པ། །བཀྲ་ཤིས་རྣམ་རྒྱལ་ནོར་བུ་རྒྱན་པ་སོགས། །གདན་ས་བཀའ་བརྒྱུད་རྣམས་ལ༴ དཔལ་ལྡན་ཀརྨ་པ་དང་གར་གྱི་དབང་། །སི་ཏུ་རྒྱལ་ཚབ་དཔའ་བོ་རིམ་བྱོན་དང་། །རྨ་སེ་རྟོགས་ལྡན་ཀརྨ་ཆགས་མེད་སོགས། །ཀཾ་ཚང་བཀའ་བརྒྱུད་རྣམས་ལ༴ འགྲོ་མགོན་རྡོར་རྒྱལ་སྤྱན་སྔ་རིམ་བྱོན་དང་། །ཉག་རས་སེ་བོ་གྲུབ་ཐོབ་སྤར་ཕུ་བ། །སངས་རྒྱས་ཞིག་ཆེན་ཆོས་སྐུའི་མཚན་ཅན་སོགས། །ཕག་གྲུ་བཀའ་བརྒྱུད་རྣམས་ལ༴ དར་མ་དབང་ཕྱུག་བརྒྱུད་འཛིན་སྲས་མཆོག་ལྔ། །ཏི་ཤི་ཤེར་སེང་རས་པ་དཀར་པོ་དང་། །ལུས་མེད་རྡོ་རྗེ་གཞོན་ནུ་འབྱུང་གནས་སོགས། །འབའ་རམ་བཀའ་


LT19_Page_203A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་རྣམས་ལ༴ ཡིན་ངེས་རྣམ་བཞི་འགྲོ་མགོན་སྐྱེ་མེད་ཞང་། །ཤཱཀྱ་ཡེ་ཤེས་སངས་རྒྱས་འབུམ་འོད་མཚན་བཞི། །དར་མ་གཞོན་ནུ་གཙང་སྒོམ་ལྕེ་སྒོམ་སོགས། །ཚལ་པ་བཀའ་བརྒྱུད་རྣམས་ལ༴ འཇིག་རྟེན་གསུམ་མགོན་དཔལ་ཆེན་རྣམ་པ་བདུན། །རང་མཉམ་བཅུ་གསུམ་གྲུབ་ཆེན་གཉོན་མགར་ཆོས། །རིན་ཆེན་རྣམ་གཉིས་གདན་རབ་རིམ་བྱོན་པའི། །འབྲི་གུང་བཀའ་བརྒྱུད་རྣམས་ལ༴ ཐང་པ་བཀྲ་ཤིས་དཔལ་བ་རང་མཉམ་བརྒྱད། །ཐུགས་ཀྱི་སྲས་བཞི་ཉེ་བའི་སྲས་བཅོ་བརྒྱད། །རྟོགས་པ་མཆོག་གྱུར་གཉིས་སྟོང་བརྒྱད་བརྒྱ་སོགས། །སྟག་ལུང་བཀའ་བརྒྱུད་རྣམས་པ༴ རྒྱལ་ཚབ་རིན་མགོན་ཀུན་ལྡན་རས་པ་ཆེ། །བྱམས་པ་དཔལ་བ་མ་གཅིག་རེ་མ་དང་། །ལྕེེ་སྒོམ་ཞིག་པོ་བུ་སྟོན་ཆེན་པོ་སོགས། །ཁྲོ་ཕུ་བཀའ་བརྒྱུད་རྣམས་ལ༴ གླིང་རས་རྒྱ་རས་སེང་གེའི་མཚན་ཅན་དགུ། །ལོ་རྒོད་རྣམ་གཉིས་ཡང་དགོན་འབའ་ར་བ། །སྟོད་སྨད་བར་གསུམ་ཕྱོགས་མཐའ་ཀུན་ཁྱབ་པའི། །འབྲུག་པ་བཀའ་བརྒྱུད་རྣམས་ལ༴ སྨར་པ་ཤེར་ཡེ་ཡང་དགོང་སྤྱན་སྔ་བ། །དབུ་རྩེ་རིན་གླིང་འོད་ཟེར་བླ་མ་དང་། །ཤིང་མགོ་རིན་ཆེན་རྒྱལ་མཚན་རྣམ་གསུམ་སོགས། །སྨར་ཚང་བཀའ་བརྒྱུད་རྣམས་ལ༴ སངས་རྒྱས་ཡེལ་པ་རྩེ་མོ་འོད་ཟེར་དཔལ། །འོད་གསལ་བ་དང་ཡང་དགོན་བློ་གྲོས་རྒྱལ། །རྒོ་ན་རིན་ཆེན་དགོན་སར་བ་ལ་སོགས། །ཡེལ་བ་བཀའ་བརྒྱུད་རྣམས་ལ༴ ཟ་ར་སྐལ་ལྡན་ཡེ་ཤེས་སེང་གེའི་ཞབས། །གནུབ་སྟོན་འདུལ་འཛིན་ཆོས་ཀྱི་སྨོན་ལམ་པ། །རིན་ཆེན་ཇོ་སྲས་རྟོགས་ལྡན་བུ་བཞི་སོགས། །གཡའ་བཟང་བཀའ་བརྒྱུད་རྣམས་ལ༴ གྱེར་སྒོམ་ཆོས་སེང་སྟོང་སྨད་རྟོགས་ལྡན་དྲུག །རིན་ཆེན་སྙིང་པོ་བྲག་འབུར་རི་པ་སོགས། །གང་ནས་སློབ་བརྒྱུད་རིམ་པར་བྱོན་པ་ཡི། །ཞུག་


LT19_Page_203B
[མ་དཔེ་གཟིགས་ན་འདིར་གནོན།]

གསེབ་བཀའ་བརྒྱུད་རྣམས་ལ༴ གྲུབ་བརྒྱའི་སྤྱི་མེས་མར་མི་དྭགས་གསུམ་ནས། །རྩ་བའི་བླ་མའི་བར་དུ་བྱོན་པ་ཡི། །ཚིག་གི་བརྒྱུད་པ་དོན་གྱི་བརྒྱུད་པ་དང་། །བརྡ་དང་བྱིན་རླབས་མན་ངག་བརྒྱུད་པ་ཡི། །དཔལ་ལྡན་བླ་མ་རྣམས་ལ༴ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་གསུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ༴ ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ༴ བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་ཀྱི། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་དང་། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །རབ་ཏུ་གུས་པ་ཆེན་པོས་ཕྱག་འཚལ་ལོ། གཉིས་པ་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། །དང་པོ་སྤྱི་ཁྱབ་མཆོད་པའི་མཎྜལ་ལག་ཏུ་ཐོགས། ཡིག་བརྒྱ་བརྗོད་བཞིན་ཏུ་རྡུལ་ཕྱིས། དྲི་བཟང་གི་ཆུང་བརླན། འབྲུ་ལ་སོགས་པའི་ཆམ་བུ་ཕྱག་ལེན་ལྟར་བཀོད་ཅིང་། །ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ། །ཤར་ལུས་འཕགས་པོ། །ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། །ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། །བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང་། འདོད་འཇོའ་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། །བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། །གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། །གཏེར་ཆེན་པོའི་བུམ་པ། སྒེག་མོ་མ།


LT19_Page_204A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ཞེས་གྲངས་ཅེ་ནུས་འབུལ། དེ་ནས་རྗེ་མར་པའི་གསུང་། རང་བཞིན་སྐྱེ་མེད་ཀྱི་མཎྜལ་ལ། །སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད། །བླ་མའི་སྐུ་ལ་མཆོད་པ་འབུལ། བདག་གི་ལུས་ལ་བྱིན་གྱིས་རློབས། །ནམ་མཁའ་རྣམ་དག་གི་མཎྜལ་ལ། འགགས་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད། །བླ་མའི་གསུང་ལ་མཆོད་པ་འབུལ། །བདག་གི་དག་ལ་བྱིན་གྱིས་རློབས། །རང་སེམས་བདེ་ཆེན་གྱིས་མཎྜལ་ལ། །རྣམ་རྟོག་སྣ་ཚོགས་ཀྱི་མེ་ཏོག་བཀོད། །བླ་མའི་ཐུགས་ལ་མཆོད་པ་འབུལ། །བདག་གི་ཡིད་ལ་བྱིན་གྱིས་རློབས། །རིན་ཆེན་ས་གཞིའི་མཎྜལ་ལ། །རི་རབ་གླིང་བཞིའི་མེ་ཏོག་བཀོད། །བླ་མའི་སྐུ་གསུང་ཐུགས་ལ་འབུལ། །བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས། །ཞིང་ཁམས་མཐའ་ཡས་རབ་འབྱམས་ན། །འབྱུང་བ་བཞི་ཡིས་བསྐྱེད་པ་ཡི། །ཡོན་


LT19_Page_204B
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་མེ་ཏོག་བདུག་སྤོས་དང་། །སྒྲོན་མེ་བྱུག་མཆོག་ཞལ་ཟས་སོགས། །ཇི་སྙེད་ལེགས་པར་གྲུབ་པ་རྣམས། །དམ་པ་རྗེ་ལ་མཆོད་པར་འབུལ། །བར་ཆད་མེད་པར་བྱིན་གྱིས་རློབས། །ནམ་མཁའི་མཐའ་དང་མཉམ་པ་ཡི། །གདུགས་དང་བླ་རེས་དར་དཔྱངས་དང་། བློ་ཡིས་སྤྲུལ་པའི་མཆོད་པའི་ཚོགས། །དམ་པ་རྗེ་ལ་མཆོད་པར་འབུལ། །རྟོགས་པ་འཕེལ་བར་བྱིན་གྱིས་རློབས། ཞེས་དང་། རས་ཆུང་པའི་གསུང་ལས་བྱུང་བ། །དབང་མཆོག་བཞི་ཡི་མཎྜལ་ལ། །དགའ་བཞི་ཉམས་མྱོང་གི་ཆག་ཆག་བཏབ། །བླ་མ་བརྒྱུད་པའི་སྐུ་ལ་འབུལ། །ལུས་ཀྱི་སྒྲིབ་པར་དག་གྱུར་ཅིག །བརྒྱུད་སྡེ་བཞི་ཡི་མཎྜལ་ལ། །ཤེས་རབ་རྣོན་པའི་ཆག་ཆག་བཏབ། །ཐེ་ཚོམ་མེད་པའི་མེ་ཏོག་བཀོད། །བླ་མ་བརྒྱུད་པའི་གསུང་ལ་འབུལ། །ངག་གི་སྒྲིབ་པ་དག་གྱུར་ཅིག །ལུས་ངག་ཡིད་གསུམ་གྱི་མཎྜལ་ལ། །སྡོམ་པ་གསུམ་གྱི་ཆག་ཆག་བཏབ། །དང་བ་སྐྱོན་མེད་ཀྱི་མེ་ཏོག་བཀོད། །བླ་མ་བརྒྱུད་པའི་ཐུགས་ལ་འབུལ། །སེམས་ཀྱི་སྒྲིབ་པ་དག་གྱུར་ཅིག །དྲན་པ་ཡེ་ཤེས་ཀྱི་མཎྜལ་ལ། །སྐྱེ་བ་མེད་པའི་ཆག་ཆག་བཏབ། །བློ་ལས་འདས་པའི་མེ་ཏོག་བཀོད། །དངོས་ཀྱི་བླ་མའི་ཐུགས་ལ་འབུལ། །མྱུར་དུ་སྐྱེ་མེད་དོན་རྟོག་ཤོག །འཁོར་འདས་དབྱེར་མེད་ཀྱི་མཎྜལ་ལ། །རོ་སྙོམས་གསུམ་གྱི་ཆག་ཆག་བཏབ། །དགག་སྒྲུབ་མེད་པའི་མེ་ཏོག་བཀོད། །དངོས་ཀྱི་བླ་མའི་གསུང་ལ་འབུལ། །སྐྱེ་མེད་མྱུར་དུ་རྟོགས་པར་ཤོག །སྨོན་ལམ་སྙིང་རྗེའི་མཎྜལ་ལ། གཟུགས་སྐུ་གཉིས་ཀྱི་ཆག་ཆག་བཏབ། །གཞན་དོན་མཐར་ཕྱིན་མེ་ཏོག་བཀོད། །དངོས་ཀྱི་བླ་མའི་སྐུ་ལ་འབུལ། །གཞན་དོན་མྱུར་དུ་འགྲུབ་པར་ཤོག །དངོས་དང་བརྒྱུད་པའི་བླ་མ་ལ། །ལུས་


LT19_Page_205A
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་མཆོད་པ་ཡི། །དགེ་བས་བདག་སོགས་སེམས་ཅན་ཀུན། །འོད་གསལ་ངང་ལ་གནས་པར་ཤོག །ཅེས་པ་རྣམས་དང་། །སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། ཅེས་འབུལ་ཞིང་འདོད་དོན་གསོལ། བྱེ་བྲག་ཏུ་ཕྱི་མཆོད་དངོས་འབྱོར་ཡིད་སྤྲུལ་ནི། །ཆུ་གཙང་ཡིད་འོང་འོ་མ་དང་འདྲེས་པའི། །དྲི་མ་མེད་པའི་མཆོད་ཡོན་རྒྱ་མཚོའི་ཚོགས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །བཞེས་ནས་དངོས་གྲུབ་དམ་པའི་བཀའ་དྲིན་སྩོལ། གུ་རུ་བུདྡྷ་བོ་དྷི་སྭ་ཏྭ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨཱརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། །ཆུ་གཙང་དྲི་མེད་མེ་ཏོག་དང་བཅས་པའི། །རབ་དྭངས་ཡིད་འོང་ཞབས་བསིལ་རྒྱ་མཚོའི་ཚོགས། །བླ་མ་དཀྱིལ་འཁོར༴ བཞེས་ནས་དངོས་གྲུབ༴ སྔགས་མགོ་མདུག་སྔར་ལྟར་ལ། པཱཏྱི༴ ་པདྨ་ཨུ་ཏྲ་ལ་དང་ཀུ་མུ་ད། །བུཎྜཱ་རི་ཀ་ལ་སོགས་མེ་ཏོག་ཚོགས། །བླ་མ་དཀྱིལ་འཁོར༴ བཞེས་ནས་དངོས་གྲུབ༴ པུཥྤེ༴ ཨ་ག་རུ་དང་དུ་རུཥྐ་ལ་སོགས། །སྤོས་ཀྱི་བྱེ་བྲག་རྣམ་པ་དུ་མའི་ཚོགས། །བླ་མ་དཀྱིལ་འཁོར༴ བཞེས་ནས་དངོས་གྲུབ༴ དྷུ་པེ༴ ཏིལ་མར་ཞུན་མར་སྒྲོན་མེ་ལ་སོགས་དང་། །ནོར་བུའི་འོད་སོགས་སྣང་གསལ་དུ་མའི་ཚོགས། །བླ་མ་དཀྱིལ་འཁོར༴ བཞེས་ནས་དངོས་གྲུབ༴ ཨཱ་ལོ་ཀེ༴ ག་བུར་ཙནྡན་གུ་རྒུམ་ལ་སོགས་དང་། །སྦྱར་དང་གྱུར་པའི་དྲི་མཆོག་དུ་མའི་ཚོགས། །བླ་མ་དཀྱིལ་འཁོར༴ བཞེས་ནས་དངོས་གྲུབ༴ གནྡྷེ༴ འབྲས་ཆན་དག་དང་གཙང་མའི་བཤོས་སོགས་དང་། །བཟའ་བཏུང་བྱེ་བྲག་སྣ་ཚོགས་དཔག་མེད་ཚོགས། །བླ་མ་དཀྱིལ་


LT19_Page_205B
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར༴ བཞེས་ནས་དངོས་གྲུབ༴ ནཻ་ཝི་དྱ༴ པི་ཝཾ་གླིང་བུ་རྔ་དང་རྫ་རྔ་དང་། །ཏིང་ཤག་སིལ་སྙན་ཕེབ་རྡོབ་རོལ་མོའི་ཚོགས། །བླ་མ་དཀྱིལ་འཁོར༴ བཞེས་ནས་དངོས་གྲུབ༴ ཤབྡ༴ སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་འབུལ། །འདོད་ཡོན་ལྔ་ནི། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །གཟུགས་མཆོག་རྒྱལ་བའི་སྤྱན་ལ་མཛེས་པ་ཀུན། །རྡོ་རྗེ་གཟུགས་མའི་ཚོགས་སུ་རྣམ་སྤྲུལ་ནས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི། གུ་རུ་དེ་ཝ་བུདྡྷ་བོ་དྷི་ས་ཏྭ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་རུ་པ་པྲ་ཏཱིཙྪ་སྭཱ་ཧཱ། །ཕྱོགས་བཅུའི་འཇིག་རྟེན༴ སྒྲ་མཆོག་རྒྱལ་བའི་སྙན་ལ་བདེ་བ་ཀུན། །རྡོ་རྗེ་སྒྲ་མའི་ཚོགས་སུ༴ བླ་མ་དཀྱིལ་འཁོར་ལྷ༴ སྔགས་ཐོགས་མཐའ་སྔར་ལྟར་ལ། ཤབྡ༴ ཕྱོགས་བཅུའི་འཇིག་རྟེན༴ རི་མཆོག་རྒྱལ་བའི་ཤངས་ལ་ཞིམ་པ་ཀུན། །རྡོ་རྗེ་དྲི་མའི་ཚོགས་སུ༴ བླ་མ་དཀྱིལ་འཁོར་ལྷ་གནྡྷེ༴ ཕྱོགས་བཅུའི་འཇིག་རྟེན༴ རོ་མཆོག་རྒྱལ་བའི་ལྗགས་ལ་མངར་བ་ཀུན། །རྡོ་རྗེ་རོ་མའི་ཚོགས་སུ༴ བླ་མ་དཀྱིལ་འཁོར་ལྷ༴ ར་ས༴ ཕྱོགས་བཅུའི་འཇིག་རྟེན༴ རེག་མཆོག་རྒྱལ་བའི་སྐུ་ལ་འཇམ་པ་ཀུན། །རྡོ་རྗེ་རེག་མའི་ཚོགས་སུ༴ བླ་མ་དཀྱིལ་འཁོར་ལྷ༴ སྤརྴེ༴ རྒྱལ་སྲིད་བདུན་ནི། །གསེར་གྱི་འཁོར་ལོ་ནོར་བུ་རིན་པོ་ཆེ། །ཡིད་འོང་བཙུན་མོ་བློ་ལྡན་བློན་པོ་དང་། །ཐེག་ཆེན་གླང་པོ་ཅང་ཤེས་རྟ་ཡི་མཆོག །དམག་དཔོན་རིན་ཆེན་བདུན་ཡང་དབུལ་བར་བགྱི། སྔགས་སྔར་ལྟར་དང་། སཔྟ་རཏྣ༴ བཀྲ་ཤིས་རྟགས་བརྒྱད་ནི། །རིན་ཆེན་གདུགས་བཟང་རྒྱལ་མཚན་དཔལ་བེའུ། །བུམ་པ་བཟང་པོ་པདྨ་གསེར་གྱི་ཉ། །འཁོར་ལོ་དུང་དཀར་མཚན་མཆོག་ལས་གྲུབ་པའི། །བཀྲ་ཤིས་རྟགས་བརྒྱད་དག་ཀྱང་དབུལ་བར་བགྱི། ཨཥྚ་མངྒ་ལ་ཙི་ཧཱ༴ བཀྲ་ཤིས་རྫས་བརྒྱད་ན། །དྲི་མེད་མེ་ལོང་ལི་ཁྲི་དུང་དཀར་པོ།


LT19_Page_206A
[མ་དཔེ་གཟིགས་ན་འདིར་གནོན།]

དཱུརྦ་བིལྤ་གི་ཝཾ་བཅུད་ལྡན་ཞོ། །ཡུངས་དཀར་དང་བཅས་རྒྱལ་བས་བྱིན་བརླབས་པའི། །བཀྲ་ཤིས་རྫས་བརྒྱད་དག་ཀྱང་དབུལ་བར་བགྱི། །ཨཱཥྚ་མངྒ་ལ་དྲ་བྱ། ཉེ་བའི་རིན་ཆེན་བདུན་ནི། །རལ་གྲི་ལྤགས་པ་སྐྱེད་ཚལ་ཁང་ཁྱིམ་དང་། །གཟིམ་ཆ་གོས་དང་མཆིལ་ལྷྭམ་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རླབས་ཏུ་གསོལ། །ཨུ་པ་རཏྣ༴ ལུས་ལོངས་སྤྱོད་འབུལ་བ་ནི། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བར་བཅས། །རང་གཞན་རྒྱུད་ཀྱིས་བསྡུས་པའི་གོ་ས་ན། །ཀུན་བཟང་མཆོད་པའི་སྤྲིན་དང་བདེ་ཆེན་རོལ། །ཟག་མེད་བླ་མའི་དགོངས་པ་རྫོགས་ཕྱིར་མཆོད། ནང་མཆོད་ནི། །ༀ་ཨཱཿཧཱུྃ། །དམན་པའི་ཡུལ་ལས་རབ་འདས་ཤིང་རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་བའི། །བདུད་རྩི་མཆོག་གི་མཆོད་པ་བཞེས། །རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་ཞབས། །ས་ར་ཧ་ས་ཀླུ་སྒྲུབ་ཤ་བ་རི། །མངའ་བདག་མཻ་ཏྲི་མར་པ་ལོ་ཙཱ་སོགས། །ཕྱག་ཆེན་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། ༀ་ཨཱཿཧཱུྃ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །བཀའ་བཞི་བརྒྱུད་པའི་གྲུབ་ཐོབ་ཕོ་མོའི་ཚོགས། །ཏཻ་ལོ་ནཱ་རོ་མར་པ་མི་ལ་སོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ་མཆོད་པ་འབུལ། ༀ་ཨཱཿཧཱུྃ། །མཉམ་མེད་དྭག་པོ་བཀའ་བརྒྱུད་ཆེ་བཞི་དང་། །ཟུང་བཞི་ཡ་བརྒྱད་དེ་ལས་གྱེས་པ་ཡི། །བརྒྱུད་འཛིན་གྲུབ་ཐོབ་སྐྱེས་ཆེན་དུས་གསུམ་དུ། །གཤེགས་ཤིང་བཞུགས་པ་རྣམས་ལ་མཆོད་པ་འབུལ། །ༀ་ཨཱཿཧཱུྃ། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ་རྣམས་དང་། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་སྲུང་མ་དཔལ་མགོན་དམ་ཚིག་ཅན། །དཀར་ཕྱོགས་སྐྱོང་བ་རྣམས་ལ་མཆོད་པ་འབུལ། ༀ་ཨཱཿཧཱུྃ།


LT19_Page_206B
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཆོད་ནི། །དགའ་མཆོག་ཁྱད་དགའ་ལྷན་སྐྱེས་ཉམས་འགྱུར་ལས། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་མ། །སྒེག་མོ་བཞེད་མ་གླུ་དང་གར་མཁན་མ། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ། །གཟུགས་རོ་རེག་བྱ་ཆོས་དབྱིངས་རྡོ་རྗེ་མ། ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་ཅན། །ནམ་མཁའ་གང་བས་བླ་མའི་དཀྱིལ་འཁོར་མཆོད། ༀ་བཛྲ་བཱི་ཎི་ཨཱཿཧཱུྃ། སྔགས་ཐོག་མཐའ་འགྲེས་ཏེ། བཾ་ཤེ། མྲྀ་དཾ་གེ མུ་ར་ཛེ། ཧཱ་སེ། ལཱ་སེ། གཱི་ཏཱི། ནྲྀ་ཏི། པུཥྤེ། དྡྷཱུ་པེ། དཱི་པེ། གནྡྷེ། རཱུ་པ་བཛྲི། ར་ས་བཛྲཱི། པུཥྤེ་བཛྲཱི། དྷརྨ་དྷཱ་ཏུ་བཛྲཱི། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུང་འཛིན་དང་། །བཏག་དཔྱད་ཡོད་མེད་བདེན་རྫུན་མཐའ་སྤངས་པ། །ཆོས་པ་དག་མེད་པ་དམིགས་མེད་མཉམ་པ་ཉིད། །སྤྲོས་བྲལ་སྟོང་ཉིད་ཆེན་པོའི་མཆོད་པ་འབུལ། །དེ་ལྟར་མཆོད་པའི་ཚིག་ཕྲེང་རྒྱས་པ་དེ་རྣམས་མ་ལྕོགས་ན་ཕྱག་འཚལ་བའི་འཕྲོས་སུ་འདིར་འཇུག །དེ་དག་ལྕོགས་ནའང་སྐུ་ལ་ལྟ་བ་སོགས་སླར་མཆོད་པ་ཐམས་ཅད་བསྡུས་སྟེ་འབུལ་བ་དང་ཡན་ལག་ལྷག་མ་རྣམས་རྒྱལ་དབང་ཐམས་ཅད་མཁྱེན་པ་བརྒྱད་པའི་གསུང་ལས་བྱུང་བ་འདི་ལྟར་བྱ་སྟེ། བདག་སོགས་སེམས་ཅན་མགོན་མེད་རྟེན་འབྲེལ་ལས། །དད་པ་དམ་ཚིག་བསླུ་བ་མེད་པ་ཡིས། །མིག་དང་ཡིད་ལ་མངོན་སུམ་ཉིད་དུ་ཤར། །བསམ་བརྗོད་ཡིད་ལས་འདས་པའི་དག་ལས་ཐོབ། །མི་བཟོད་སྐུ་ལ་ལྟ་བའི་མཆོད་པ་འབུལ། །ལུས་ཀྱིས་ཕྱག་འཚལ་ངག་གིས་བསྟོད་པར་བགྱི། །ཁྱོད་ལས་སྐྱབས་གཞན་མ་མཆིས་ཡིད་ཕྱག་འཚལ། །མཐོང་ན་ཟག་མེད་བདེ་བ་སྐྱེད་བྱེད་ཅིང་། །གང་གི་ཡི་གེར་བྱང་ཆུབ་འབྲས་སྩོལ་བའི། ནམ་མཁའ་ཁྱབ་པའི་མེ་ཏོག་ཅི་ཡང་འབུལ། །གང་གིས་ཆོར་ན་སྒྲིབ་གསུམ་ཞི་ནུས་ལ། །ལེགས་པར་བདུགས་ན་དམ་ཆོས་ངད་ལྡང་བའི། །སྤོས་བཟང་སྤྲིན་གྱིས་ནམ་མཁའ་རྒྱས་པར་འགེགས། །མི་ཤེས་མུན་པའི་ཚོགས་


LT19_Page_207A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འབྲོས་བྱེད་ཅིང་། །ཡང་དག་སྣང་བའི་འོད་ཟེར་འབྱུང་གནས་གཅིག །མཆོག་གི་སྒྲོན་མེ་འབར་མཚམས་མ་གྱུར་ཅིག །མི་བསྲུན་མེ་ལྕེའི་རྣམ་འགྱུར་དུ་བའི་ཟིལ། །བྱམས་པ་ཆེན་པོའི་དྲི་དང་ཆབ་ཀྱི་རྒྱུན། གཅིག་ཏུ་འདྲེས་ཏེ་ནམ་མཁའི་མཐའ་ལ་ཀླས། །བཀྲེས་ཤིང་ཕོངས་བ་རྣམས་ཀྱི་འཚོ་བའི་མཆོག །འཆི་མེད་རྟག་པའི་ཞལ་ཟས་དྲི་རོ་ཅན། །མཚུངས་མེད་ཁ་དོག་ཅན་དེས་ཞིང་ཀུན་ཁྱབ། །གང་ནས་མྱ་ངན་མ་ལུས་མཆིས་པ་དག །ཡིད་འོང་སྒྲ་སྙན་ངག་གིས་འཕྲོག་བྱེད་པའི། །སྣ་ཚོགས་རོལ་མོའི་སྒྲ་འདིས་ནམ་མཁའ་སྤྲུག །ཀུན་རྟོག་ཚ་ཟེར་མ་ལུས་འགོག་བྱེད་པའི། །མཆོག་གི་གྲིབ་བསིལ་ལྟ་ན་སྡུག་པ་ལ། །ལྡ་ལྡི་དྲྭ་བ་དྲྭ་ཕྱེད་གཡེར་ཁར་བཅས། །བ་དན་ཕུར་མའི་བྱེ་བྲག་མི་དམན་པས། །རྫུ་འཕྲུལ་མཆོག་གི་མཁའ་ལ་མངོན་པར་གར། །བདུད་སྡེའི་དཔུང་ཚོགས་དཔའ་བའི་གད་མོ་རྣམས། །ནམ་མཁའི་ཕྱི་རོལ་ལ་ཡང་མི་གནས་ཕྱིར། །རྣམ་པར་རྒྱལ་བའི་མཚན་མས་དགེ་བར་གྱུར། །ཡིད་བཞིན་སྙིང་པོ་སྦྱིན་པའི་ནོར་བུ་མཆོག །དགོས་འདོད་མ་ལུས་སྩོལ་བས་མཛེས་པར་བགྱི། །རིམས་ནད་མ་ལུས་གསོ་བའི་སྨན་ཆེན་དང་། །བག་ཡོད་ཚུལ་བཟང་གདུང་མེད་ན་བཟའ་ནི། །ཟད་མེད་ནམ་མཁའི་བླ་མ་དཀྱིལ་འཁོར་གྱུར། །འཕགས་རྣམས་དགྱེས་པའི་བཀྲ་ཤིས་མཚན་མ་དང་། །ཐུན་མོང་མཆོག་གི་དངོས་གྲུབ་འབེབས་པའི་རྫས། །ལུས་ཅན་ཀུན་ལ་དགོས་འདོད་ཉེར་མཁོའི་གཞི། །རྨད་བྱུང་གྲགས་པའི་དྲི་བསུང་ཅན་འདི་འབུལ། །བསམ་མི་ཁྱབ་པའི་བདེ་གཤེགས་ཕོ་བྲང་མཆོག །གཞལ་ཡས་རྣམ་དག་ནོར་བུའི་ས་གཞི་ལ། །རིན་ཆེན་རིན་ཐང་མེད་པའི་མིག་མང་རིས། །རྒོལ་བ་མཐའ་དག་འཇིག་པ་སེང་


LT19_Page_207B
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཁྲི། །བཅོས་བུ་མིན་པའི་དར་ཟབ་རྣམ་པར་ཀླུབས། །ཡེ་ཤེས་དྲི་མེད་འདྲེན་པའི་ཞིང་ཁམས་མཆོག །ས་ཆུ་མེ་རླུང་མཁའ་སྣང་རྣམ་དག་པ། །དཀྱིལ་འཁོར་མུ་མཐའ་མེད་པ་རབ་ཏུ་འབྱམས། །མདོར་ན་བདག་སོགས་མཁའ་མཉམ་སེམས་ཅན་གྱིས། །དགེ་རྩ་བགྱིས་དང་བགྱིད་སྩལ་བགྱིད་པ་ལ། །རྗེས་སུ་ཡི་རང་ཚོགས་གཉིས་དགེ་རྩ་འབུལ། །ཕྱོགས་བཅུའི་ཞིང་ན་བདེ་གཤེགས་ཇི་སྙེད་ཀྱི། །དགེ་འབྲས་གང་མཆིས་དེ་ཡང་མཆོད་པར་འབུལ། །རྨད་བྱུང་མཆོད་པའི་ཡུལ་སྣང་དེ་དག་ཀུན། །རྣམ་ཀུན་མཆོག་ཏུ་མི་འགྱུར་སྟོང་ཉིད་དང་། །འགྱུར་མེད་བདེ་བ་ཆེན་པོའི་རོས་བཏབ་ནས། །གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་པ། །རྡོ་རྗེ་བདེ་བ་དམ་པའི་ངོ་བོ་འབུལ། །མདོར་ན་སྐུ་ལ་ཕྲིན་ལས་ཕྱག་རྒྱ་འབུལ། །གསུང་ལ་དམ་ཚིག་ཡེ་ཤེས་ཕྱག་རྒྱ་འབུལ། །ཐུགས་ལ་བདུད་འཇོམས་ཕྱག་རྒྱ་ཆེན་པོ་འབུལ། །མཆོད་ཡུལ་མཆོད་བྱེད་མཆོད་བྱ་ཐམས་ཅད་པ། །རང་གི་ངོ་བོས་མ་གྲུབ་སྒྱུ་མ་ཙམ། །སྒྱུ་མ་ཙམ་དུ་མཆོད་པ་ཕུལ་བའི་དགེས། །སྒྱུ་མ་ཙམ་དུ་སེམས་ཅན་ཐམས་ཅད་ཀྱིས། །བདེ་སྐྱིད་ཟད་མེད་འབྱུང་འདིའང་འབུལ་བར་བགྱི། གསུམ་པ་སྡིག་པ་བཤགས་པས་སྤྱི་བཤགས་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་བ་འདོད་ཆགས་དང་། ཞེ་སྡང་དང་། །གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། །དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་ལས་འགལ་བ་དང་། །བྱང་ཆུབ་སེམས་པའི་


LT19_Page_208A
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ལས་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་ལས་འགལ་བ་དང་། དཀོན་མཆོག་གསུམ་ལ་མ་དད་ཅིང་མ་གུས་པ་བགྱིས་པ་དང་། ཕ་དང་མ་ལ་མ་དད་ཅིང་མ་གུས་པ་བགྱིད་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་དད་ཅིང་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་དད་ཅིང་མ་གུས་པ་བགྱིས་པ་དང་། གསུང་རབ་ཀྱི་གླུད་ཟོས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པ་བགྱིས་པ་ལ་སོགས་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། སླན་ཆད་ཀྱང་གཅོད་ཅིང་བསྡམ་པར་བགྱིའོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། །མ་མཐོལ་ཞིང་མ་བཤགས་ན་དེ་དེ་ལྟར་དུ་མི་འགྱུར་བ་ལགས་སོ། །བདེ་གཤེགས་དགྱེས་པའི་ལྟ་སྤྱོད་རྣམ་དག་གི །མཆོད་པ་གང་དེས་མཁའ་མཉམ་སེམས་ཅན་གྱིས། །ཐོག་མེད་དུས་ནས་བསགས་པའི་རང་བཞིན་དང་། །བཅས་པ་ལས་གྱུར་ཁ་ན་མ་ཐོའི་སྡིག །གང་བསགས་དེ་དག་ཉེས་གྱུར་ཉེས་པ་ལས། །ཉེས་པར་མཐོང་ནས་མི་བཟོད་འགྱོད་པ་སྐྱེས། །དེ་ཕྱིར་སྒོ་གསུམ་ནོངས་པ་མཐོལ་ཞིང་བཤགས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་ན། །སྔར་བྱས་ལས་ངན་འབྲས་མྱོང་མ་གྱུར་ཅིག །སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་སྡིག་རྒྱུན་ནི། དྲུངས་ནས་འབྱིན་བྱེད་བྱང་ཆུབ་སྤྱོད་མཆོག་གི །གཉེན་པོ་


LT19_Page_208B
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུ་སྤྱོད་པ་དགེ་བའི་སྟོབས། །མཁའ་མཉམ་སེམས་ཅན་རྒྱུད་ལ་རྫོགས་གྱུར་ཅིག །གང་ལ་བཤགས་དང་གང་གིས་བཤགས་པ་དང་། །བཤགས་པ་ཐམས་ཅད་རང་བཞིན་མ་གྲུབ་པས། །རྟེན་འབྲེལ་ཙམ་དུ་བཤགས་པའི་ཆོས་ཉིད་ཀྱིས། །རང་གཞན་སྡུག་བསྔལ་གནས་པར་མ་གྱུར་ཅིག །ཞེས་བཤགས་པ་བྱ། བཞི་པ་རྗེས་སུ་ཡི་རང་བ་ནི། །མཆོག་གི་བླ་མ་དཀོན་མཆོག་རྣམ་པ་གསུམ། །ཡི་དམ་རྒྱུད་སྡེ་བཞི་ཡི་ངོ་བོར་ཤར། །དེ་ལ་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས། །བཀའ་སྡོད་དམ་ཅན་ཚོགས་བཅས་མུ་མཐའ་མེད། །ཐུགས་རྗེ་ཆེ་མགོན་རྣམས་ཀྱི་ཐུགས་རྗེ་དང་། །མཁྱེན་རབ་ནུས་པ་ཕྲིན་ལས་ཟབ་མོ་ལ། །བསམ་གྱིས་མི་ཁྱབ་མོས་པས་རྗེས་ཡི་རང་། །དེ་བཞིན་ཉན་ཐོས་རང་སངས་རྒྱས་པ་དང་། འཁོར་བའི་ཆེན་པོ་ཚངས་པ་ལ་སོགས་ཀྱིས། །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་། །ལྷག་པར་སྙིགས་མར་སྤྱོད་ཅིང་མི་བསྲུན་དུ། །རང་བཞིན་དགེ་ཞིང་ཕ་མ་རྒན་རབས་ལ། །སྲིད་ཞུར་བརྩོན་ཤིང་དཀོན་མཆོག་མཆོད་པ་དང་། །འདོད་ཆུང་ཆོག་ཤེས་དབེན་ལ་དགའ་བ་ཡིས། །རང་གི་ཉེས་ཉེས་པ་པར་བཟུང་བ་ན། །བག་ཡོད་དྲན་ཤེས་འཛིན་ལ་རྗེས་ཡི་རང་། །ཇི་སྲིད་མངོན་འཚང་མ་རྒྱས་དེ་སྲིད་དུ། །འཆལ་ཚུལ་རྒྱང་བསྲིངས་སྐྱེས་བུ་ཆེན་པོ་ཡི། །སྤྱོད་པས་བཟོད་ལ་རྟག་པར་རྗེས་ཡི་རང་། །ལྔ་པ་ཆོས་འཁོར་བསྐུལ་བ་ནི། གང་ཞིག་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ། །ཞིང་ཁམས་ངན་པ་ཆོས་སྣོད་མ་གྱུར་བར། །འགྲོ་བློ་རྙོག་པར་ཐུབ་དབང་གཟུགས་འཆར་ཚེ། །བདག་གིས་མ་དག་གདུལ་བྱའི་ཁམས་སྦྱངས་ནས། །རྣམ་དག་མངོན་རྟོགས་བསྐྱེད་པར་སྨིན་བྱས་ཏེ། །རྫོགས་སངས་རྒྱས་དང་དེ་སྲས་སློབ་མར་བཅས། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།


LT19_Page_209A
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་རྣམ་པར་དཀར་བའི་འཁོར་ལོ་ཡིས། །སྲིད་ཞིར་ལྟུང་བའི་མཐའ་གཉིས་བཅད་དུ་གསོལ། །གང་ལ་རྫོགས་སངས་རྒྱས་དང་དབང་ཐོབ་ཀྱི། །སེམས་དཔའ་ཆེ་ཡི་མཐུ་དང་ནུས་པ་ལས། །སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་དང་། །རྟེན་མེད་ནམ་མཁའ་ལ་སོགས་འབྱུང་བ་ལས། །རྣམ་པར་འོང་བའི་ཆོས་ཀྱི་སྒྲ་རྣམས་ཀྱང་། །ཐར་འདོད་སྐྱེ་དགུའི་ཡིད་བཞིན་འབབ་གྱུར་ཅིག །དེ་བཞིན་གཤེགས་ལ་ཆོས་འཁོར་རྟག་ཏུ་གནས། །མི་གསུང་བཞུགས་པ་གདུལ་བྱའི་མཚན་འཛིན་ཡིན། །མཚན་མ་གདོད་ནས་མ་གྲུབ་བརྗོད་པ་བྲལ། །བརྗོད་མེད་འདི་ནི་ཆོས་ཀྱི་འཁོར་ལོའི་རྒྱུ། དྲུག་པ་མི་འདའ་བར་གསོལ་བ་འདེབས་པ་ནི། བསམ་བརྗོད་བྲལ་བའི་ཡེ་ཤེས་མངའ་བརྙེས་ནས། །གང་ལ་གང་འཚམས་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་ཅན་མཐའ་ཡས་ཁམས་དང་དབང་པོའི་ཚོགས། །ཇི་སྲིད་སྦྱང་བའི་བྱ་བ་མ་རྫོགས་པར། །གདུལ་བྱ་དུས་ལས་མི་ཡོལ་ཕྲིན་ལས་ཀྱིས། །མྱ་ངན་འདའ་ཚུལ་མི་སྟོན་བཞུགས་སུ་གསོལ། །ཁྱད་པར་དམ་ཆོས་སྤང་ཞིང་དཀོན་མཆོག་ལ། །འཁོན་དུ་འཛིན་པའི་འགྲོ་བ་ལོང་བ་ཀུན། །སླར་ཡང་ཕྲིན་ལས་ནུས་པས་མི་འདུལ་བ། །མི་སྲིད་ཕྱིར་ན་མགོན་མེད་སྐྱབས་མེད་ཀྱི། །མགོན་ཁྱོད་རྟག་ཏུ་སྐྱབས་སུ་བཞུགས་པར་གསོལ། །གཞན་ཡང་སེམས་ཅན་ཀུན་ལ་ཕན་བདེའི་གཏེར། །གང་ན་སྩོལ་ནུས་སྐྱེ་དང་འཕགས་པའི་ཚོགས། །སྣ་ཚོགས་གཟུགས་ཀྱིས་སྐྱེ་དགུ་སྲུང་མཛད་པ། །སྙིང་རྗེའི་དབང་ཕྱུག་དེ་དག་དེར་བཞུགས་ཤིག །འགྲོ་འོང་གཤེགས་བཞུགས་མི་མངའི་རྒྱལ་བ་ལ། །སྐྱེ་འགག་སྣ་ཚོགས་འཛིན་པའི་བྱིས་བློ་ཡང་། །གདོད་ནས་སྐྱེ་འགག་གནས་གསུམ་ག་ལ་ཡོད། །སྐྱེ་མེད་དོན་ལ་རྟག་ཏུ་འཚོ་གྱུར་ཅིག །བདུན་པ་བསྔོ་བ་ནི།


LT19_Page_209B
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དགེ་རྩར་བཅས། །དུས་གསུམ་སྲིད་པའི་ལེགས་སྤྱད་ཇི་སྙེད་ཀུན། །མ་རྒན་སེམས་ཅན་མགོན་མེད་གཏོལ་བྲལ་རྣམས། །ཡང་དག་རྫོགས་སངས་རྒྱས་ཀྱི་གོ་འཕང་ཉིད། །ད་ལྟ་ཉིད་དུ་ཐོབ་ཕྱིར་བསྔོ་བར་བགྱི། །མདོར་ན་བཟང་པོ་སྤྱོད་པའི་སྨོན་ལམ་དང་། །བྱང་ཆུབ་ཆེན་པོར་སྤྱོད་པའི་སྨོན་ལམ་དག །བདག་སོགས་མཁའ་མཉམ་ཀུན་གྱིས་བཟུང་བྱས་ཏེ། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། དེ་ནས་གསོལ་བ་འདེབས་པ་ནི། །སྤྱིར་ཕྱག་ཆེན་དང་ཆོས་དྲུག་བརྒྱུད་པའི་གསོལ་འདེབས་དང་། བྱེ་བྲག་མར་མི་དྭགས་གསུམ་གཙོ་བོར་གྱུར་པའི་བཀའ་བརྒྱུད་བླ་མ་སོ་སོའི་གསོལ་འདེབས་གང་ཤེས་རྣམས་ཇི་ཙམ་ནུས་པར་བྱ། །འདིར་མདོར་བསྡུས་སྤྱི་ཙམ་དུ་གོང་སྨོས་ཕྱག་འཚལ་གྱི་ཚིག ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། སོགས་ནས། །བཀའ་བརྒྱུད་རིན་པོ་ཆེ་ལ་གསོལ་བ་འདེབས། ཞེས་ཕྱག་འཚལ་རྣམས་གསོལ་འདེབས་སུ་བསྒྱུར་ལ། ། རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །འཆི་བ་སྙིང་ནས་གཟིར་བར་བྱིན་གྱིས་རློབས། །ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །ཅིས་ཀྱང་དགོས་མེད་རྟོགས་པར་བྱིན་གྱིས་རློབས། །མི་རྟག་ངེས་ཤེས་སྐྱེ་བར་བྱིན་གྱིས་རློབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །སྣང་བ་བདེན་འཛིན་མེད་པར་བྱིན་གྱིས་རློབས། །ཡུལ་ལ་ཆེད་འཛིན་མེད་པར༴ དགྲ་ལ་སྡང་བ་མེད་པར༴ གཉེན་ལ་ཞེན་པ་མེད་པར༴ ནོར་ལ་བསགས་བློ་མེད་པར༴ ཚེ་ལ་རྟག་འཛིན་མེད་པར༴ འཁོར་ལ་བདེན་འཛིན་མེད་པར༴


LT19_Page_210A
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ཡེངས་བ་མེད་པར་བྱིན་གྱིས་རློབས། །ཉམས་ལ་མཐོ་དམན་མེད་པར༴ སེམས་ལ་གསལ་འགྲིབ་མེད་པར༴ རང་ལ་ངར་འཛིན་མེད་པར༴ གང་ལའང་འཆིང་བ་མེད་པར༴ ཅིར་སྣང་ཆོས་སྐུར་འཆར་བར༴ རང་སེམས་ངོ་བོ་རྟོགས་པར་བྱིན༴ སྒོམ་མེད་ཡེངས་སུ་མེད་པར༴ གཅེར་མཐོང་རང་ངོ་ཤེས་པར༴ གཏུམ་མོ་སྒྱུ་ལུས་འབྱོངས་པར༴ རྨི་ལམ་འོད་གསལ་ཟིན་པར༴ བར་དོ་འཕོ་བ་འབྱོངས་པར༴ ཚེ་གཅིག་འཇའ་ལུས་འགྲུབ་པར༴ རྟག་ཏུ་བླ་མས་སྐྱོབ་པར༴ གེགས་སྐྱོན་ལམ་དུ་འགྱུར་བར༴ ཉོན་མོངས་རང་སར་གྲོལ་བར༴ བདེ་སྟོང་དབྱེར་མེད་རྟོགས་པར༴ བློ་ཆོས་སུ་འགྲོ་བར༴ ཆོས་ལམ་དུ་ལོངས་པར༴ ལམ་འཁྲུལ་པ་སེལ་བར༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར༴ རྟོགས་པས་བདག་རྒྱུད་གྲོལ་བར༴ ཐུགས་རྗེས་གཞན་རྒྱུད་སྨིན་པར་བྱིན༴ རྟེན་འབྲེལ་ཐབས་ལ་མཁས་པར་བྱིན་གྱིས་རློབས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། ཞེས་དང་། ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་འགོ་བོར་གསུངས་


LT19_Page_210B
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་སོགས། །ཞེས་མཁས་གྲུབ་ཆེན་པོ་བན་སྒར་འཇམ་དཔལ་བཟང་པོས་མཛད་པའི་བྱིན་རླབས་ཅན་དང་། །རྒྱལ་བ་ཀུན་གྱི་མཐར་ཐུག་ཧེ་རུ་ཀ །རྒྱུད་ལ་བདེ་ཆེན་སྐྱོད་མཛད་རྣལ་འབྱོར་མ། །ཡེ་ཤེས་སྤྲུལ་བསྒྱུར་སྟོན་མཛད་ཏེ་ལོ་པ། །མི་འཇིགས་སྤྱོད་པའི་དབང་པོ་ནཱ་རོ་པ། །འདོད་ཡོན་ལམ་དུ་འཛིན་པ་ལྷོ་པའི་ཞབས། །ཚེ་གཅིག་ཟུང་འཇུག་གྲུབ་པ་མི་ལ་རྗེ། །གསང་བ་བདེ་བས་གྲུབ་པ་རས་ཆུང་པ། །གསང་བ་བདེ་བར་སྨིན་པ་ལྷན་སྐྱེས་སྒྲོན། །སྣང་བ་དབང་དུ་འདུས་པའི་སྒམ་པོ་པ། །རྫུ་འཕྲུལ་ཕྱག་རྒྱ་གྲུབ་པ་སྒོམ་ཚུལ་ཞབས། །རླུང་སེམས་རང་དབང་ཐོབ་པའི་མཚུར་ཕུ་པ། །ཡེ་ཤེས་ཕྱག་རྒྱའི་མཆོག་གྲུབ་འབའ་བྲམ་པ། །ཐུགས་རྗེ་དྲག་པོར་ཁྲོས་པ་སྐྱེ་མེད་ཞང་། །བདེ་ཆེན་ལྷན་ཅིག་སྐྱེས་པ་ཕག་གྲུ་པ། །རྟེན་འབྲེལ་མོས་གུས་མཐར་ཕྱིན་འབྲི་སྟག་གཉིས། །རྣལ་འབྱོར་ཆེན་པོའི་དགོངས་གྲོལ་རྗེ་བཙུན་གླིང་། །སྒྲུབ་པའི་བརྒྱུད་འཛིན་དཔལ་ལྡན་འབྲུག་པའི་ཞབས། །རྡོ་རྗེ་འཆང་དབང་བན་སྒར་འཇམ་དཔལ་བཟང་། །སྤྱན་རས་གཟིགས་དངོས་དཔལ་ལྡན་ཀརྨ་པ། །རང་བྱུང་ཀུན་མཁྱེན་ཁམས་གསུམ་ཆོས་ཀྱི་རྗེ། །གྲུབ་ཐོབ་རྩོད་བྲལ་སངས་རྒྱས་མཉན་པའི་ཞབས།


LT19_Page_211A
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་སོགས། །བཀའ་བབས་མོས་གུས་བརྒྱུད་པའི་བླ་མ་རྣམས། །མཉེས་པ་གསུམ་གྱིས་མཆོད་པའི་སློབ་མ་ལ། །རྗེས་སུ་ཟུང་ཤིག་མ་གཡེལ་དུས་ལ་བབ། །རང་རྒྱུད་ཉེས་པས་མོས་གུས་མ་བསྒྲིབས་པར། །ལོག་པའི་མཐོང་ཚུལ་གནས་ལུགས་བླ་མ་ལ། །མཐོལ་ཞིང་བཤགས་ན་དམ་ཚིག་སྡོམ་པ་ཀུན། །དཔལ་ལྡན་བླ་མའི་ཡེ་ཤེས་བདག་ལ་སྐོངས། །སྙིང་རྗེ་མི་བཟོད་ཐུགས་དམ་དགོངས་པ་བསྐུལ། །སྐུ་གཉིས་མངོན་དུ་གྱུར་ནས་སེམས་ཅན་དོན། །འཁོར་བ་དོང་ནས་སྤྲུག་པའི་ཐུགས་རྗེ་ཅན། །སྐུ་དྲིན་འཁོར་ཐབས་མེད་པའི་ངེས་ཤེས་སྐྱེས། །བླ་མ་སངས་རྒྱས་དངོས་སུ་ཁོ་ཐག་ཆོད། །གཅིག་ཆོག་གཅིག་ཐུབ་བླ་མས་བྱིན་གྱིས་རློབས། ། ཞེས་རྒྱལ་དབང་བརྒྱད་པས་མཛད་པའི་མོས་གུས་ཆེན་པོའི་གསོལ་འདེབས་ཀྱང་བྱ། གཙོ་བོར་བཀའ་བརྒྱུད་རིན་པོ་ཆེ་སྤྱིའི་གསུང་རྒྱུན་མ་ནམ་བཞི་སྐོར་གྱི་གསོལ་འདེབས་གྲངས་ཅི་ནུས་སུ་བསགས། ཚོགས་མཆོད་འབུལ་བར་འདོད་ན་སྐབས་འདིར་བྱ་སྟེ། ཚོགས་རྫས་རྣམས་གོང་གསལ་བདུད་རྩི་ལྷར་བྱིན་རླབས། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། །མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་བ་འདི་སྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ། བྱིན་འབེབས་པ་ནི། གནས་རྡོ་རྗེ་བཙུན་མོའི་གསང་བ་ནས། །དཔལ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་གསང་བ་མཆོག་གི་དགྱེས་པ་ནས། །ཡུམ་ཡེ་ཤེས་མཁའ་


LT19_Page_211B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གནས་འདིར་བྱོན། །གནས་ཆོས་འབྱུང་ཐར་པའི་གྲོང་ཁྱེར་ནས། །བཀའ་བཞི་བརྒྱུད་པའི་བླ་མ་གནས་འདིར་བྱོན། །གནས་དག་པ་བདེ་སྟོང་མཁའ་སྤྱོད་ནས། །མདའ་བསྣུན་ཀླུ་སྒྲུབ་ཡབ་སྲས་འདིར་བྱོན་ཅིག །གནས་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ནས། །རྣལ་འབྱོར་དབང་ཕྱུག་ཏེ་ལོ༴ ཡུལ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔའ་བོ་ཆེན་པོ་ནཱ་རོ །རི་མེ་ལྟར་འབར་བའི་དུར་ཁྲོད་ནས། །མངའ་བདག་མེ་ཏྲི་གུཔྟ༴ ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རྗེ་ལྷོ་བྲག་ཆེན་པོ༴ ཐང་སྟོང་རི་ཡི་རྩེ་མོ་ནས། །རྗེ་རས་པ་ཆེ་ཆུང༴ ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ནས། །རྗེ་ལྷ་རྗེ་ཁུ་དབོན༴ མཚུར་མདོ་བོ་ལུང་གི་དབེན་གནས་ནས། །རྗེ་དུས་གསུམ་མཁྱེན་པ༴ དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ནས། །འགྲོ་མགོན་རྡོ་རྗེ་རྒྱལ་པོ༴ གནས་འབའ་བྲོམ་རིན་ཆེན་སྒྲུངས་པ་ནས། །རྗེ་དར་མ་དབང་ཕྱུག༴ ཚལ་གུང་ཐང་བདེ་ཆེན་ཕོ་བྲང་ནས། །ཞང་བརྩོན་འགྲུས་གྲགས་པ༴ གནས་ལུང་བསྟན་སོ་སོའི་དབེན་པ་ནས། །ཡ་བཞི་ཟུང་བརྒྱད་ཀྱི་གྲུབ་ཐོབ༴ གང་འདུལ་སྤྲུལ་པའི་ཕོ་བྲང་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་གནས་འདིར་བྱོན། །ཨེ་བྃ་ཟུང་འཇུག་གཞལ་ཡས་ནས། །བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས༴ གནས་ཡུལ་དུར་ཁྲོད་ཞིང་རྣམས་ནས། །དཔའ་བོ་རྣལ་འབྱོར་མ་ཚོགས༴ བདུད་འདུལ་ཕྲིན་ལས་ཕོ་བྲང་ནས། །དཔལ་མ་མགོན་ལྕམ་དྲལ་གནས་འདིར་བྱོན། ཅེས་བརྗོད་ཅིང་རོལ་མོ་བྱ། ། ཁྱོད་དཀོན་མཆོག་ཀུན་འདུས་ཡིན་པ་ལ། །དད་མོས་གུས་གདུང་བས་གསོལ་བཏབ་པས། །ལར་བྱིན་རླབས་དངོས་གྲུབ་ཆར་དུ་འབེབས། །དེ་བབས་པས་སྣང་སྲིད་བདུད་རྩིར་གྱུར། །བདུད་


LT19_Page_212A
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་དེས་འགྲོ་དྲུག་གི་སེམས་ཅན་ཚིམས། །འཁྲུལ་སྣང་གི་བདེན་འཛིན་རང་སར་དག །ཟག་མེད་ཀྱི་བདེ་བ་ནང་ནས་ཤར། །ཏིང་འཛིན་གྱི་ལུས་སྟོབས་ཁོང་ནས་རྒྱས། །མོས་གུས་གདུང་ཤུགས་སྙིང་ནས་འབར། །དེ་བླ་མ་ཡི་དམ་མཁའ་འགྲོ་ལ། །དོན་ཆོས་ཉིད་ངང་དུ་མཆོད་པ་འབུལ། །ཕྱི་གནས་ཁང་འདི་ལ་བྱིན་གྱིས་རློབས། །ནང་ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །ངེད་འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། དེ་ནས་ཚོགས་ཕུད་རིམ་བཞིན་སྤྲོས་ལ་གཏོར་མ་གསོས་ནས། ཡང་ནང་མཆོད་ལྟར་བྱིན་རླབས་བྱས་ལ་གཏོར་བསྔོས་ནི། འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། པད་སྐོར་རྡོར་ཐལ་ཁ་བྱེ་བས། ༀ་བཛྲ་ཨཱ་ར་ལླི་ཧོ། ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱཧོཿ ལན་གསུམ། ན་མོ་རཏྣ་གུ་རུ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ས་ར་ཧ་པ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ། །རྗེ་བཙུན་ཤ་བ་རི་པ། །མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་སོགས་པ་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཁྱབ་བདག་རྡོ་རྗེ་འཆང་ཆེན། ཡུམ་མཆོག་ཡེ་ཤེས་མཁའ་འགྲོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ་ལ་སོགས་པ་ཆོས་དྲུག་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་སོགས། མཉམ་མེད་འཛམ་གླིང་གྲགས་པ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་ཕག་མོ་གྲུབ་པ། འབའ་ཟོམ་དར་མ་དབང་ཕྱུག །སྐྱེ་མེད་ཞང་ཚལ་པ། འབྲི་སྟགས་ཁྲོ་གླིང་སྨར་ཡེལ་གཡམ་ཤུག་གི་བཀའ་བརྒྱུད་བླ་མ་རིམ་པར་བྱོན་པ་རྣམས་ཀྱི་ཞལ་དུ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ། རྗེ་བཙུན་རྡོ་རྗེ་ཕག་མོ། དགྱེས་


LT19_Page_212B
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཧེ་རུ་ཀ་དཔལ། ཡུམ་མཆོག་རྡོ་རྗེ་བདག་མེད་མ་ལ་སོགས་པ་ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར། གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཞལ་དུ༴ དཔལ་ལྡན་མ་ཧཱ་ཀཱ་ལ། ཡུམ་མཆོག་འདོད་ཁམས་དབང་ཕྱུག་གཙོ་བོར་གྱུར་པའི་ཡེ་ཤེས་དང་ལས་དང་འཇིག་རྟེན་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཞལ་དུ༴ དམ་རྫས་ཚོགས་ཀྱི་མཆོད་པ་ཕུལ་ཕུལ་བའི་མཐུ་ལ་བརྟེན་ནས་བདག་ཅག་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཆེན་པོས་བྱིན་གྱིས་རློབས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་བ་ཉིད་དུ་སྩལ་ཞིང་ཕྲིན་ལས་རྣམ་པ་བཞི་ཐོག་པ་མེད་པར་འགྲུབ་པར་མཛད་དུ་གསོལ། ཞེས་ཚོགས་ཕུད་ཕུལ། ཕྱོགས་སྐྱོང་སོགས་འཇིག་རྟེན་པ་རྣམས་ལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་ཀྱིས་བསྔོས་ལ། ཕྲིན་ལས་བཅོལ། བར་པ་བརྡའ་དང་བརྡའི་འབུལ་ལེན་བཅས་ནང་གི་ཚོགས་འཁོར་དང་ལྡན་པས་རོལ། །ལྷག་མ་བདུད་རྩིས་བྲན་ལ། ཨ་ཀཱ་རོས་བྱིན་རླབས། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕུད་ལྷག་བཤལ་ཆུའི་གཏོར་མ་རྒྱ་ཆེར་འཕྲོ་ཞིང་ཟད་མེད་ཅིར་ཡང་འཆར་བར་གྱུར། སྔོན་ཚེ་དཔལ་ཆེན་པོའི་སྤྱན་སྔར་འདུད་ཅིང་ཕྲིན་ལས་སྒྲུབ་པར་ཁས་བླངས་པའི་ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཤ་ཟ་མཁའ་འགྲོ་ཕོ་ཉའི་ཚོགས་རྣམས་ལ་དབུལ་བར་བགྱིའོ། །ཚིམས་ཞིང་དགྱེས་པར་བཞེས་ལ་དམ་ཚིག་ཅན་གྱི་རྣལ་འབྱོར་པ་སྐྱོང་བ་དང་། ཉམས་པ་ཅན་རྣམས་ཚར་གཅོད་རྗེས་སུ་འཛིན་ཅིང་། སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་ཅི་ལྟར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད་ཅིག ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་སི་སྭཱ་ཧཱ། ཅེས་ཕྱི་རོལ་དུ་དོར། བཤལ་ཆུ་ནི་ཤིན་ཏུ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། གསུམ་པ་རྗེས་ཀྱི་བྱ་བ་ལ། འདོད་དོན་སྨོན་ལམ་དུ་གསོལ་བ་ནི།


LT19_Page_213A
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །བྱོན་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི། །བླ་མ་དམ་པ་བྱིན་རླབས་དྲོད་ལྡན་ཞིང་། །བརྒྱུད་པ་འཆུག་མེད་བྱོན་པ་རྣམས་ལ་འདུད། །བདག་དང་སློབ་བརྒྱུད་བཅས་པ་མ་ལུས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཞིང་། །རང་རྒྱུད་དུལ་ཞིང་རྟོགས་པའི་གདིང་དང་ལྡན། །མངོན་ཤེས་རྫུ་འཕྲུལ་ཐོགས་མེད་སྟོན་ནུས་ཤོག །ཐོས་པས་ཕྱི་ཡི་སྒྲོ་འདོགས་ལེགས་ཆོད་ཅིང་བསམ་པས་མདོ་རྒྱུད་དགོངས་དོན་ཇི་བཞིན་རྟོགས། །སྒོམ་པས་གནས་ལུགས་སྒྲིབ་མེད་རྗེན་པར་མཐོང་། །ཐོས་བསམ་སྒོམ་པ་མཐའ་རུ་ཕྱིན་པར་ཤོག །བློ་གྲོས་འཇམ་པའི་དཔལ་དང་དབྱེར་མེད་ཅིང་། །སྙིང་རྗེ་སྤྱན་རས་གཟིགས་དབང་ཅི་འདྲ་བ། །མཐུ་སྟོབས་གསང་བའི་བདག་པོ་ཇི་བཞིན་དུ། །མཁྱེན་བརྩེ་ནུས་པ་ཕུལ་དུ་ཕྱིན་པར་ཤོག །བླ་མ་སངས་རྒྱས་དངོས་སུ་ཐག་ཆོད་དེ། །བློ་གཏད་ལིང་བསྐྱུར་ཅི་མཛད་ལེགས་མཐོང་ཞིང་། །ཅི་གསུང་ཚད་འཛིན་ཐུགས་ཡིད་གཅིག་བསྲེ་བའི། །བཅོས་མིན་མོས་གུས་ཕུལ་དུ་ཕྱིན་པར་ཤོག །སེམས་ཉིད་ལྷན་ཅིག་སྐྱེས་པའི་ངང་ཉིད་ལས། །བློ་བུར་རྣམ་རྟོག་བཟང་ངན་གང་སྐྱེས་པ། །གཉུག་མ་ཉིད་ཀྱི་ངང་དུ་ཐག་ཆོད་པ། །རྣམ་རྟོག་ཆོས་སྐུ་ཁོ་ནར་རྟོགས་པར་ཤོག །ཕྱི་ནང་སྣང་བའི་དངོས་པོ་འདི་དག་ཀུན། །སེམས་ཉིད་ཁོ་ནའི་མདངས་ལས་མ་འདས་ཤིང་། །སེམས་ཀྱང་གསལ་སྟོང་སྤྲོས་དང་བྲལ་བ་སྟེ། །སྣང་སྲིད་ཕྱག་རྒྱ་ཆེན་པོར་འཆར་བར་ཤོག །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་ལ་སོགས། །རྣམ་དཀར་བགྱི་བ་གང་དང་ཅི་བགྱིས་ཀུན། །ང་རྒྱལ་སྡིག་པའི་གྲོགས་སུ་མི་འགྱུར་བར། །བྱང་ཆུབ་མཆོག་གི་རྒྱུ་རུ་འགྱུར་བར་ཤོག །བླ་མ་དགེ་


LT19_Page_213B
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བསྟན་པའི་ཞབས་ཏོག་སོགས། །ལུས་ངག་ཡིད་ཀྱི་སྒོ་ནས་བསྒྲུབ་རྣམས་ལ། །དོ་སོ་ཁས་ལན་དྲིན་འཇོག་མི་བསམ་པར། །རང་དོན་ཉིད་དུ་བལྟས་ལ་སྒྲུབ་པར་ཤོག །བླ་མ་ཆོས་ལུགས་གྲྭ་ས་བཟང་ངན་སོགས། །རང་གི་མཐོང་ལུགས་མཆོག་དམན་གང་བྱུང་ཡང་། །བཟང་ངན་ཐམས་ཅད་ཁ་ཚོན་མ་གཅོད་པར། །ཀུན་ལ་དག་སྣང་བཅོས་མིན་འབྱོངས་པར་ཤོག །སྤྱིར་དུ་འདུས་བྱས་ཐམས་ཅད་མི་རྟག་ཅིང་། །སྒོས་སུ་འགྲོ་བའི་ཚེ་སྲོག་རྟག་མིན་པས། །སྙོམ་ལས་སྤངས་ལ་ལོང་མེད་རྒྱུད་བསྟེན་ནས། །ཉིན་མཚན་དགེ་སྦྱོར་ཁོ་ནས་དུས་འདའ་ཤོག །མི་ལུས་ཙམ་པོ་བ་ཡང་རྙེད་དཀའ་ན། །ད་དེས་དལ་འབྱོར་མི་ལུས་ཐོབ་པ་འདི། །དོན་མེད་སྟོང་ལོག་ཡལ་བར་མི་འདོར་བར། །ནམ་བཞག་གཏན་གྱི་སོ་ནམ་ཐེབས་པར་ཤོག །ཆོས་རྣམས་རྟེན་འབྱུང་ཉིད་ལ་རག་ལུས་ཕྱིར། །དགེ་འབྲས་བདེ་ཐོབ་སྡིག་པའི་འབྲས་བུ་ཡིས། །སྡུག་བསྔལ་མ་ལུས་འབྱུང་བར་ཡིད་ཆེས་ཏེ། །སྡིག་སྤང་དགེ་སྒྲུབ་ལས་ལ་སྤྱོད་པར་ཤོག །འཁོར་བའི་གནས་འདི་མེ་འོབ་ཉིད་དང་མཚུངས། །ལྟར་སྣང་བདེ་བའང་སྡུག་བསྔལ་ཉིད་ཀྱི་རྒྱུ། །ཐར་མེད་དོང་དུ་ཆུད་འདིས་ཆེས་སྡངས་ཏེ། །དགོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །འཁོར་བའི་སྡུག་བསྔལ་ཙམ་ལས་ཐར་ན་ཡང་། །རང་ཉིད་ཁོ་ན་ཞི་བདེ་འདོད་པས་ནི། །མ་རྒན་སེམས་ཅན་དོན་ཆེན་མི་འགྲུབ་པས། །བྱང་ཆུབ་མཆོག་གི་སེམས་མཆོག་སྐྱེ་བར་ཤོག །ཞི་ལྷག་དབྱེར་མེད་དོན་ལ་མཉམ་བཞག་སྟེ། །ཉམས་རྟོགས་གོང་འཕེལ་དབྱར་གྱི་ཆུ་བོ་བཞིན། །རྒྱུན་ཆད་མེད་པར་རྩེ་གཅིག་སྐྱོང་གྱུར་པས། །རྣལ་འབྱོར་བཞི་གསུམ་བཅུ་གཉིས་མྱུར་བསྒྲོད་ཤོག །ཉམས་རྟོགས་བཟང་པོ་ཇི་ཙམ་སྐྱེས་གྱུར་


LT19_Page_214A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བློས་བྱས་འཛིན་པ་ཞུགས་ན་འཆིངས་འགྱུར་བས། །འཛིན་མེད་སྤྲོས་བྲལ་གསལ་སྟོང་བདེ་བ་ཆེ། །མ་བཅོས་ཕྱག་རྒྱ་ཆེན་པོ་མྱུར་རྟོགས་ཤོག །སྤྱོད་ལམ་རྣམ་བཞིའི་གང་དང་གང་གི་ཚེའང་། །ཡེངས་མེད་དྲན་པའི་རྒྱང་སོ་དང་བཅས་ནས། །དྲན་དང་ཤེས་བཞིན་བག་ཡོད་རབ་བརྟེན་ཏེ། །ཐ་མར་ཤེས་པའི་རང་ངོ་མཐོང་བར་ཤོག །ན་ཚ་ཉོན་མོངས་སྡུག་བསྔལ་གང་བྱུང་ཡང་། །སེམས་ཀྱི་ཆོ་འཕྲུལ་ཉིད་དུ་ཐག་ཆོད་པས། །སྤང་བླང་བསལ་བཞག་དགག་སྒྲུབ་ཀུན་དོར་ནས། །མ་སྤངས་རང་དག་ལམ་དུ་ལོངས་པར་ཤོག །རང་གཞན་སྐྱེ་འགྲོ་དཔག་ཏུ་མེད་པ་ཡིས། །ཐོག་མ་མེད་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་བྱ་བ་གང་དང་ཅི་བགྱིས་པ། །ལན་ཅིག་རབ་ཏུ་བཤགས་པས་ཀུན་དག་ཤོག །དགེ་རྩ་བགྱིས་སམ་བགྱིད་སྩལ་བགྱིས་པ་དང་། །རྗེས་སུ་ཡི་རང་དགེ་འབྲས་གང་མཆིས་པ། །བག་ལ་ཞ་དང་ཆུད་ཟར་མི་འགྱུར་ཞིང་། །རྫོགས་བྱང་ཐོབ་པའི་རྒྱུ་རུ་འགྱུར་བར་ཤོག །སྦྱིན་སོགས་ཕར་ཕྱིན་དྲུག་ལ་བསླབ་པ་དང་། །བླ་མ་སངས་རྒྱས་མཉེས་པར་བྱས་པ་སོགས། །ལུས་ངག་ཡིད་ཀྱི་དགེ་རྩ་གང་བསྒྲུབས་པ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་རྒྱུ་རུ་ཤོག །སངས་རྒྱས་དངོས་ཀྱི་བླ་མ་དམ་པ་ལ། །ལྡོག་མེད་མོས་གུས་དྲག་པོ་རབ་ཕུལ་ཏེ། །བླ་མའི་ཆེད་དུ་ལུས་སྲོག་འབོར་ནུས་པའི། །ཐེག་ཆེན་ཆོས་ཀྱི་གོ་ཆ་བགོ་བར་ཤོག །གང་ལའང་སྙིང་པོ་མེད་པར་རབ་ཤེས་ནས། །རྙེད་བཀུར་གྲགས་འདོད་ཁ་ལེན་ངོ་སྲུང་སོགས། །ཟིན་མེད་ཚེ་འདིའི་གདོས་ཐག་ཀུན་བཅད་ནས། །འཇིག་རྟེན་ཆོས་བརྒྱད་དགྲ་འདི་མྱུར་ཐུལ་ཤོག །ཚོགས་དང་དབེན་པ་གང་དུ་སྡོད་ན་ཡང་། །སྒོ་གསུམ་ཚེ་འདིའི་བྱ་བས་མི་གཡེང་བར། །མི་རྟག་དགོས་མེད་ཞེན་ལོག་ངེས་


LT19_Page_214B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སོགས། །ཆོས་ཀྱི་སྙིང་པོ་རྒྱུད་ལ་བརྟེན་པར་ཤོག །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་དང་། །ལྷ་དང་དྲང་སྲོང་བཀའ་བརྒྱུད་གོང་མ་སོགས། །བདེན་ཚིག་འགྲུབ་པའི་སྐྱེས་ཆེན་གང་དག་གིས། །སྨོན་ལམ་གང་བཏབ་བདག་གིས་འགྲུབ་པར་ཤོག །གནས་སྐབས་སུ་ཡང་ཚེ་རིང་ནད་མེད་ཅིང་། །འགལ་རྐྱེན་བར་ཅད་ཚོགས་རྣམས་རབ་ཞི་ནས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་། །ཆོས་སྤྱོད་བཅུ་ཡིས་རྟག་ཏུ་དུས་འདའ་ཤོག །བདག་ཉིད་གང་དུ་གནས་པའི་ས་ཕྱོགས་སུ། །ཆར་ཆུ་དུས་འབབ་ལོ་འབྲས་རྟག་ཏུ་ལེགས། །མི་ནད་ཕྱུགས་ནད་འཁྲུགས་རྩོད་ཀུན་ཞི་སྟེ། །བདེ་སྐྱིད་དཔལ་ལ་རྟག་ཏུ་སྤྱོད་པར་ཤོག །བདག་གི་མིང་ཙམ་ཐོས་པར་གྱུར་ན་ཡང་། །རིགས་དྲུག་སོ་སོའི་སྡུག་བསྔལ་རྒྱུན་བཅད་དེ། །མཐོ་རིས་ཐར་པའི་སྒོ་འཕར་རབ་བྱེ་ནས། །བདེ་ཆེན་ཁང་བཟང་ཉམས་དགར་བགྲོད་པར་ཤོག །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་སྡེ་བརྒྱད་དང་། །ཆོས་སྐྱོང་སྲུང་མ་ཌཱ་ཀི་རྣམས་ཀྱིས་ཀྱང་། །བསམ་སྦྱོར་གང་མཆིས་དེ་དག་ཐམས་ཅད་ཀུན། །གེགས་མེད་འགྲུབ་པའི་སྡོང་གྲོགས་བྱེད་པར་ཤོག ནོངས་པ་བཟོད་གསོལ་ནི། །བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་པས། །ལེགས་བྱས་འདི་ལ་ཉེས་པར་གྱུར་པ་གང་། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་ཁྱོད་ལ་བཟོད་པར་གསོལ། ཡིག་བརྒྱ་བརྗོད། དེ་ནས་ལམ་དབར་ཆུ་རྒྱུན་གཅིག་མ་ལེན་པ་ནི། །དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ། །རྒྱུད་བཞི་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མདོ་ཉིད་ལ། །འཁོར་རྣམས་འོད་ཞུ་གཙོ་བོའི་


LT19_Page_215A
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་བསྐྱེད་རིམ་བསྒོམ་ལ་དབང་། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་སྒོམ་ལ་དབང་། །ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་སྒོམ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་དག །བཞི་པའི་དབང་ཐོབ་ཕྱག་ཆེན་སྒོམ་པར་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་བླ་མ་ཡི། །རྡོ་རྗེ་གསུམ་པོ་དབྱེར་མེད་རོ་གཅིག་ཅིང་། །ཁྱེར་སོ་གསུམ་ལྡན་ལྷུན་འགྲུབ་རང་གྲོལ་ལོ། ཅེས་དམིགས་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་མོས་གུས་སོ་མ་ཉམས་པའི་རང་བབ་ངང་དུ་མཉམ་པར་འཇོག །དེ་ལས་ལྡང་བ་ན་སྨོན་ལམ་ནི། ། རྟག་པར་ཐེག་ཆེན་བཤེས་ཀྱི་མགོན་གྱུར་ཅིག །རྙེད་དང་བཀུར་སྟི་རིམ་གྲོ་བསྒྲུབ་པ་ཡི། །དཀོན་མཆོག་བླ་མའི་བཀའ་ལ་ནན་ཏན་དུ། །གུས་པ་ཆེན་པོས་བསྟུན་པ་འཕེལ་གྱུར་ཅིག །བླ་མེད་རྫོགས་སངས་མཆོག་གྱི་རྒྱུར་གྱུར་པ། །མཐའ་ཡས་འགྲོ་བ་མ་ལུས་སྒྲོལ་པའི་གྲུ། །བྱང་ཆུབ་སེམས་ཀྱི་ཐེག་པ་མི་དམན་པ། །ཟབ་དང་རྒྱ་ཆེ་རྟག་པར་གླེང་གྱུར་ཅིག །བྱང་ཆུབ་དམ་པ་


LT19_Page_215B
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་སྤྱོད་པའི་རབ། །རྨད་བྱུང་སྦྱིན་པ་ལ་སོག་ཕ་རོལ་ཕྱིན། །ཐོག་མེད་དུས་ནས་རྙེད་དཀའི་རིན་པོ་ཆེ། །ཕུན་ཚོགས་མ་ལུས་བདེ་བར་འབྱོར་གྱུར་ཅིག །སྡིག་པའི་མུན་པ་འཐུག་པོ་གར་གནས་སར། །ཡེ་ཤེས་འོད་ཟེར་གསལ་བའི་དཔལ་འགྲོ་བ། །ཡེ་ཤེས་རྡོ་རྗེ་རྣོན་པོའི་བཙུན་མོ་མཆོག །ཤེས་རབ་ཕ་རོལ་ཕྱིན་མས་དགེ་གྱུར་ཅིག །ཐེག་མཆོག་ལམ་གྱི་རྩེ་མོ་རྡོ་རྗེའི་ས། །གྲུབ་པའི་དབང་ཕྱུག་རྣམས་ཀྱི་དཀྱིལ་འཁོར་ཆེ། །ཕྱག་རྒྱ་ཕྱེད་པར་དཀའ་བའི་བདུད་རྩི་ལ། །བློ་བཟང་དབང་པའི་རྟོགས་པ་རྒྱས་གྱུར་ཅིག །འཆི་མེད་རབ་དགའ་གྲུབ་པའི་བདེ་བ་ན། །འགྲོ་ཀུན་མཐའ་གཉིས་མལ་ནས་ལྡང་བའི་སྒྲ། །གསང་བ་རྡོ་རྗེའི་དམ་ཆོས་འབྱུང་བའི་རྔ། །སྐལ་པ་མཆོག་གི་རྣ་བར་བརྡུང་གྱུར་ཅིག །ཇི་སྲིད་དེ་ལྟའི་དབང་ཕྱུག་མ་ཐོབ་པར། །བཀའ་བརྒྱུད་རྣམས་ལས་དྭགས་པོ་བཀའ་བརྒྱུད་དང་། །སྒྲུབ་རྒྱུད་རྣམས་ལས་ཆེ་བཞི་ཆུང་བརྒྱད་ཀྱི། །གདམས་ངག་མ་ལུས་རྫོགས་པའི་སྣོད་གྱུར་ཅིག བཀྲ་ཤིས་བརྗོད་པ་ནི། །ཞལ་ནས་གསུངས་པའི་དཀོན་མཆོག་གསུམ་གྱི་ཤིས་བརྗོད་སྔོན་དུ་འགྲོ་བས། ། བཀྲ་ཤིས་ཀྱི་དང་པོ་བཀྲ་ཤིས་པ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལགས། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གཉིས་པ་བཀྲ་ཤིས་པ། །དམ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གསུམ་པ་བཀྲ་ཤིས་པ། །ཞིང་མཆོག་དགེ་འདུན་མཆོག་རྣམས་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །བཀའ་བརྒྱུད་ངོ་མཚར་ཅན་རྣམས་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །གཟུགས་མེད་གཟུགས་ཀྱི་ཁམས་ཀྱི་ལྷ། །


LT19_Page_216A
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ནང་གི་དགའ་བདེར་ལྡན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །འདོད་ཁམས་འདོད་ལྷ་རིགས་དྲུག་རྣམས། །འདོད་ཡོན་སྣ་ཚོགས་རྣམས་ཀྱིས་རྩེ། །རྟག་ཏུ་དགའ་དང་བདེ་བར་ལྡན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །མི་མཆོག་འཁོར་ལོས་སྒྱུར་རྒྱལ་གྱི། །རྒྱལ་སྲིད་བདུན་ལ་སོགས་པ་ཡིས། །གླིང་བཞིར་ཕུན་སུམ་ཚོགས་པ་ལ། །རྟག་ཏུ་བདེ་ཞིང་སྐྱིད་པ་ཡིན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །རྟེན་གཙོ་ཛམ་གླིང་རྒྱན་འདིར་ནི། །ཆོས་རྒྱལ་སྐུ་ཚེ་བརྟན་པར་ཤོག །བསྟན་པ་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་རབ་མ་ཛམ་གླིང་རྒྱན། ཛམ་གླིང་རྒྱན་གྱི་བཀྲ་ཤིས་ཤོག །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག ཅེས་བརྗོད་ཅིང་མེ་ཏོག་གི་ཆར་བབ་ཅིང་རོལ་མོའི་སྒྲ་སྙན་ལ་རེང་བར་བསྒྲག་གོ་།རྡོ་རྗེ་ཡེ་ཤེས་བུམ་པ་གང་བྱོའི་ཚུལ། །གཅིག་ནས་གཅིག་ཏུ་བར་མ་ཆད་པ་ལས། །གསོལ་བ་བཏབ་ན་བྱིན་རླབས་འཇུག་ངེས་པ། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་འདི་དག་གོ་།ཡོན་ཏན་འབྱུང་གནས་མཆོད་འོས་ཀུན་གྱི་ཕུལ། །དཔལ་ལྡན་བླ་མ་མཆོད་པའི་བསོད་ནམས་ཀྱིས། །དུས་གསུམ་རྒྱལ་ལ་བསྙེན་བསྐུར་དགེ་འབྲས་ཀྱང་། །ཟིལ་གྱིས་གནོན་ཕྱིར་ཚུལ་འདིར་འབད་པར་རིགས། །ལེགས་བྱས་བདུད་རྩིའི་ཆུ་གཏེར་ལས་འཁྲུངས་པ། །ཡོན་ཏན་ཉི་ཟླའི་དཀྱིལ་འཁོར་སྒྲིབ་མེད་ཀྱི། །སྣང་བས་སྲིད་པ་གསུམ་དུ་ཡོངས་ཁྱབ་ནས། །འགྲོ་ཀུན་ཐར་པའི་ལམ་བཟང་ལ་འཇུག་ཤོག །ཅེས་དད་མོས་འབད་སྩོལ་ཆེན་པོས་གཅེས་པར་བསྡུས་པའི་གདམས་ངག་རིན་པོ་ཆེའི་མཛོད་ལས་བཀའ་བརྒྱུད་རིན་པོ་ཆེའི་ཁྲིད་རིམ་རྣམས་ཀྱིས་ཡན་ལག་ཏུ་སྒྲུབ་བརྒྱུད་འཛིན་པའི་གྲལ་མཐའ་འཁོད་པ་ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུང་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ། །

གདམས་ངག་མཛོད་པོད་བཅུ་པ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཚལ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ཏིང་འཛིན་དབང་བསྐུར་དང་བཅས་པ་དངོས་གྲུབ་ཡང་སྙིང་།


LT19_Page_217A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཚལ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ཏིང་འཛིན་དབང་བསྐུར་དང་བཅས་པ་དངོས་གྲུབ་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །


LT19_Page_217B
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བགེགས་ཀླ་ཀློ་ཀུན་འཇོམས་ཤིང་། །ས་ལམ་བར་ཆད་སེལ་མཛད་པའི། །བླ་མ་འཁོར་ལོ་སྡོམ་པ་དང་། །དབྱེར་མེད་ནག་པོ་ཆེ་ལ་འདུད། །དཔལ་་ལོ་ཙཱ་ནས་བརྒྱུད་དེ་བཀའ་བརྒྱུད་རིན་པོ་ཆེར་བཀའ་བབས་པའི་བསྟན་སྲུང་ཀུན་གྱི་རྒྱལ་པོ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཚལ་ལུགས་ཀྱི་རྗེས་གནང་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་སྒོ་མེད་ལྷ་སྣམ་ཕྱོགས་མདོག་ཅན་གྱི་དབུས་སུ། །པདྨ་སྔོན་པོ་འདབ་བརྒྱད་ལྟེ་བ་དམར་པོ་ལ་ཆོས་འབྱུང་ནག་པོ་ཞིག་འབྲི། འདབ་མ་བརྒྱད་ལ་ཚོམ་བུ་དམར་པོ་བརྒྱད་འགོད། ཆོས་འབྱུང་ལ་གྲི་གུག་ཧཱུྃ་གིས་མཚན་པ་ཞིག་འབྲི། དེའི་སྟེང་དུ་མཉྫིལ་བུམ་པ། རྒྱབ་ཏུ་དཔལ་བཤོས་སྙིང་གཟུགས་མདའ་དར་གྱིས་བརྒྱན་པ། མདུན་ཏུ་ལྷ་གྲངས་དང་མཉམ་པའི་གཏོར་མ། །གཡས་སུ་ཀ་པཱ་ལ་བདུད་རྩིས་གང་བ། གཡོན་དུ་དམ་ཚིག་གི་རྡོ་རྗེ་རྣམས་བཞུགས། ཕྱག་མཚན་འབེ་ཏའི་འབྲས་བུ། རལ་བྲི། ཀ་པཱ་ལ། ཏྲི་ཤཱུལ་བཞི་དང་རྒྱ་གྲམ་རྣམས་ཀྱི་ཙཀླི་བཀོད། །མདུན་དུ་འབུལ་གཏོར། ཕྱི་མཆོད་སྐོར་བཤམ་མམ་ཕྲེང་ཚར་གང་བདེ། ནང་མཆོད་བདུད་རྩི། ཉེར་མཁོ་གཞན་ཡང་ཚོགས་པར་བྱའོ། །གཉིས་པ་ལ་སྒྲུབ་ཐབས་དང་རྗེས་གནང་གཉིས་ལས། དང་པོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས་འཁོར་ལོ་བདེ་མཆོག་གི་བདག་བསྐྱེད་རྒྱས་བསྡུས་གང་རུང་བཟླས་པ་དང་བཅས་


LT19_Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་འོད་གསལ་དུ་འཇུག་ཅིང་ལྷར་ལྡངས། མདུན་བསྐྱེད་མཆོད་པ་རྣམས། ཨ་མྲྀ་ཏས་བསད། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ། མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨཱརྒྷཾ་སྭཱ་ཧཱ། པཱ་དྱྃ། ཨཱ་ཉྩ་མ་ནཾ། པྲོ་ཀྵ་ནཾ། པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤབྡ། ༀ་བཛྲ་གྷཱཎྚ་ར་ཎི་ཏ་སོགས་ཀྱིས་བྱིན་དབབ། རྟེན་ཡོད་ན་དེ་ཉིད་བསྐྱེད་དགོས་ཤིང་། མེད་ན་གཏོར་མའི་སྟེང་གི་ནམ་མཁར་བསྐྱེད་པ་ཡིན་ཏེ། དེ་ཡང་། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་ཁང་མེད་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་། རང་གི་མདུན་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཤིང་དང་། མེ་དང་། ཆུ་དང་བཅས་ཤིང་རོ་དང་། རོ་ལངས་


LT19_Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲིན་པོ་དང་། འབྱུང་པོ་དང་། དཔའ་བོ་དང་། མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ལ་པྃ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་དུ་གྱུར། རང་གི་སྙིང་ག་ནས་ཧཱུྃ་མཐིང་ནག་འབར་བ་ཞིག་འཕྲོས་ཏེ་གདན་སྟེང་དུ་འཁོད། ཧཱུྃ་དེ་ཉིད་ཀྱི་འོད་ཀྱི་འཕྲོ་འདུ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དགྲ་བགེགས་གདུགས་པ་ཅན་ཐམས་ཅད་ཚར་བཅད་དེ་གནས་སྤར། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་དཔའ་བོ་ཆེན་པོ་སྐུ་མདོག་མཐིང་ནག་དུས་མཐའི་སྤྲིན་དང་མཚུངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ལྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ཞིང་། ཧ་ཧ་དང་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་གད་རྒྱངས་སྒྲོག་པ། སྨ་ར། སྨིན་མ། དབུ་སྐྲ་སེར་པོ་མེ་ལྟར་འབར་བ། ཕྱག་བཞིའི་གཡས་ཀྱི་དང་པོས་འབེ་ཏའི་འབྲས་བུ་སྙིང་དང་འདྲ་བ་དང་། གཡོན་གྱི་དང་པོས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཅིང་། གཡོན་འོག་མས་ཏྲི་ཤཱུ་ལས་མཚན་པའི་ཁ་ཊྭཱྃ་ག་དར་དཔྱངས་དང་བཅས་པ་འཕྱར་སྟབས་སུ་བསྣམས་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། རིན་པོ་ཆེའི་རྩེ་ཕྲན་དང་། སྦྲུལ་རིགས་བཞི་དང་། རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་བསྣོལ་བའི་གདན་ལ་དཔའ་བོ་རོལ་བའི་འདུག་སྟངས་ཀྱིས་བཞུགས་པའོ། །འདིར་ཡི་གེ་གསར་པ་འགའ་ན་ཏྲི་ཤཱུ་ལ་ཁོ་ན་ཡོད་པ་དང་། ཡིག་རྙིང་ཕལ་ཆེར་ན། ཕྱག་མཚན་ཏྲི་ཤཱུ་ལའི་དོད་དུ་རྡོ་རྗེ་ཁ་ཊྭཱྃ་ག་ཡོད་ཅིང་། རུས་རྒྱན་མ་བཤད་པ་ལྟར་ཡང་རུང་ངོ་། །དེའི་ཐུགས་


LT19_Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་ཧཱུྃ་གསུམ་སྤྲོས་ཏེ་མདུན་དུ་འཁོད་པ་ནི། སྐུ་གསུང་ཐུགས་ལས་སྤྲུལ་པའི་ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག །ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་རྣམ་པ་རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་གདོང་ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་པ། གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཞལ་དུ་རྔུབ་པ། ཞབས་བརྐྱང་བསྐུམ་གྱི་དོར་སྟབས་ཅན། དུག་སྦྲུལ་ནག་པོས་བརྒྱན་ཅིང་། སྐྲ་མཚམས་ནས་རྡོ་རྗེ་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་གསུམ་དུ་གྱུར། དེ་གསུམ་གྱི་གཡས་སུ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་རལ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་བརྐྱང་པའི་གར་སྟབས་ཅན། དར་ནག་གི་ན་བཟའ་དཀྲིས་པ་གསུམ། གཡོན་ཏུ་ཙཎྜི་ཀཱ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་ཐོད་ཁྲག །གཡོན་གཉིས་མི་མགོ་དང་མདའ་གཞུ་འཛིན་པ། གཅེར་བུ་ཁྲོ་ཞིང་སྒེག་པ་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ་གསུམ། གཙོ་བོའི་གཡོན་ཏུ་ལྷ་མོ་རེ་མ་ཏཱི་རལ་གྲི་དང་ནེའུ་ལེ་འཛིན་པ། དེའི་མདུན་དུ་ཨེ་ཀ་ཛཱ་ཊི་དམར་ནག་ཕྱག་བཞི་པ་རྩེ་གསུམ་མི་སྙིང་ཐོད་རློན་ལྕགས་སྤྱང་ཁྲ་ཐོགས་ཀྱི་ཚུལ་ཅན་དུ་འཁོད་པའོ། །དེའི་ཕྱི་རོལ་སྒོ་མཚམས་བརྒྱད་དུ་ཡི་གེ་མ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁཱ་ཏའི༴ ལྷོར་འུག་པའི༴ ཤར་ལྷོར་ཕག་གི༴ ལྷོ་ནུབ་ཏུ་ཁྱིའི༴ ནུབ་བྱང་དུ་སྤྱང་ཀིའི༴ བྱང་ཤར་དུ་སྟག་གི་གདོང་པ་ཅན། བརྒྱད་ཀའང་དམར་མོ་གཅེར་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་བཞེངས་པའི་སྟང་སྟབས་སྣ་ཚོགས་པས་གནས་པ། འཁོར་དེ་དག་ཐམས་ཅད་ཀྱང་དབུ་སྐྲ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ།


LT19_Page_219B
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། མི་རོའི་གདན་ལ་རྣམ་པར་འགྱིང་པ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་དུ་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་དང་། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་དང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས། མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །བདག་གིས་ཐུགས་དམ་གཉན་བསྐོད་ན། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། མགོན་པོའི་སྤྱི་བོར་འཁོར་ལོ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ཡང་རང་གི་ཐུགས་ཀིའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨཱརྒྷཾ་ནས། ཤབྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག །མཐུ་སྟོབས་དང་ནུས་མཐུལ་དབང་བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། ཡེ་ཤེས་མགོན་པོ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ནི། སྤྲོ་ན་མཆོད་ཕྲེང་ཚིགས་བཅད་ཡིག་རྙིང་ལས་འབྱུང་བ་རྣམས་བྱ། བསྡུ་ན། ༀ་བཛྲ་མ་ཧཱ་ཀཱ་ལ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ། པཱ་དྱཾ། ཨཱཉྩ་མ་


LT19_Page_220A
[མ་དཔེ་གཟིགས་ན་འདིར་གནོན།]

ནཾ། པྲོ་ཀྵ་ནཾ། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ། པུཥྤེ་ཨཱཿཧཱུྃ། དེ་བཞིན་ཏུ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱེ། ཤཔྟ། ཞེས་ཕྱི་མཆོད་དང་། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ཞེས་ནང་མཆོད་དང་། ཧཱུྃ། གཟི་བརྗིད་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་བཞད་སྒྲས་སྡེ་བརྒྱད་བྲན་དུ་འཁོལ། །བརྩེ་བའི་ཐུགས་ཀྱིས་འགྲོ་དྲུག་དབང་དུ་སྡུད། །ལྷ་ཆེན་དཔལ་འབར་ནག་པོ་ཁྱོད་ལ་བསྟོད། །བཀའ་ཡི་ཕོ་ཉ་ནག་པོའི་གཙོ། །བྱ་རོག་གདོང་ཅན་འཇིགས་པའི་གཟུགས། །ཁྲོས་པའི་ཆ་ལུགས་རྔམས་པའི་ཞལ། །དམ་ཉམས་སྲོག་གཅོད་ཁྱོད་ལ་འདུད། །དཔལ་ལྡན་ལྷ་མོ་ཙཎྜི་ཀཱ། །ལྷ་མིན་མུ་སྟེགས་ཚོགས་འཇོམས་ཤིང་། །ནད་ཀྱི་བདག་མོ་དྲག་ཤུལ་ཅན། །སྲོག་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །བསིལ་བའི་ཚལ་གྱི་ཤིང་གཅིག་དྲུང་། །ནག་པོ་ཆེན་པོ་སེང་གེའི་གདོང་། །ཞིང་སྐྱོང་ཤ་ཟ་ཆེན་པོ་སྟེ། །དཔལ་གྱི་བཀའ་སྡོད་ཁྱོད་ལ་བསྟོད། །གཞན་ཡང་མཁའ་འགྲོ་ཆེན་པོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་སྡེ་བརྒྱད་བཅས། །ཀུན་ལ་བསྟོད་ཅིང་ཕྱག་འཚལ་ལོ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ༀ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་དམ་ལ་བཞག །དེ་ནས་བསྙེན་སྒྲུབ་དང་རྗེས་གནང་སྐབས་འདིར་བཟླས་པ་བྱ་སྟེ། བཟླས་པའི་དམིགས་པ་མང་ཡང་སྤྱི་ཙམ་དུ་དོ་ལིའམ་ཁྱོགས་ཀྱི་བཟླས་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཞལ་ནས་འཐོན་ཏེ་མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོ་གནས་པ་ལ་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ལས་འོད་ཟེར་སྔོན་པོ་བྱུང་སྟེ་ལྟེ་བ་ནས་བརྒྱུད། རང་གི་ལྟེ་བ་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། དེ་ལ་བརྟན་པ་ཐོབ་ནས་འོད་ཟེར་སྔགས་ཕྲེང་དུ་བསྒྱུར། དེ་ལ་བཟླ་བྱའི་སྔགས་ནི། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཉེ་


LT19_Page_220B
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་། ༀ་བཛྲ་ཀ་ཝུ་བ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ༀ་བཛྲ་ཀ་ཝུ་ཝ་ཝ་བ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཁྱད་པར་གྱི་སྙིང་པོའོ། །དེ་ནས་རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་མགོན་པོ་བསྐུལ་བ་དང་། འཁོར་སྔགས་ལ་མགོན་པོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ། སོ་སོའི་སྐུ་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབས། ཁྱད་པར་བསྟན་དགྲ་ལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛད་པར་དམིགས། དེ་ལ་ཤཱ་ས་ན་རྩ་བའི་སྔགས་ཡིན་ལ། ༀ་ཀརྨ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། ཅེས་ལས་མགོན་གྱི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། གཙོ་བོ་ལས་མགོན་སྦྲགས་པའི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་ཀ་ཀ་མུ་ཁ་ཧཱུྃ་ཕཊ། ལས་མགོན་གྱི་མཚན་སྔགས་དང་། ༀ་མ་ཧཱ་ཀཱ་ལཱི་དེ་ཝཱི་ཝཾ་ཧྲི་ཧཱུྃ་ཕཊ། ཙཎྜི་ཀཱའི་སྙིང་པོ་དང་། ༀ་ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཤ་ཟ་སེང་གེ་གདོང་གི་སྔགས་དང་། མ་མ་ཏྲག་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ལྷ་མོའི་སྔགས་སོ། །གཏོར་ཆོག་ཁོ་ན་བྱེད་སྐབས་བཟླས་པ་མི་དགོས་པས་དམ་བཞག་གི་འཕྲོས་སུ་རྐང་བརྒྱད་ལན་གསུམ་སོགས་འདོན་ནས་གཏོར་འབུལ་ལ་འཇུག །སྐབས་འདིར། མདུན་གྱི་གཏོར་མ་དང་། བུམ་པའི་ནང་ཐོད་པའི་དབུས། རྡོ་རྗེ་རྣམས་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ལྷ་མོའི་འཁོར་གྱིས་བསྐོར་བ་བདེ་མཆོག་གི་དབུ་རྒྱན་ཅན་རེ་རེ་གསལ་བར་གྱུར། ཅེས་དམིགས་ལ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་སརྦ་བུདྡྷ་བཛྲ་ཌཱ་ཀི་ནཱི་ཤྭ་རི་ཧཱུྃ་ཕཊ། ཅེས་པ་གསུམ་སྦྲེལ་གང་ནུས་ཞིག་བཟླ། དེ་ནས་རྐང་པ་བརྒྱད་པའི་བསྟོད་པ། ༀ་འགྲུབ་པར་གྱུར་ཅིག །ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་ཤིང་། །ཧཱ་ཧཱ་ཊྚཱ་ཊྚཱ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀྃ་ཀྃ་ཀྃ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུཾ་བྷྲཱུྃ་བྷྲཱུཾ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང་། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་


LT19_Page_221A
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུག་ཅིང་སྒྱུར་མཛད་ཀྲཱུྃ་ཀྲཱུྃ་ཀྲཱུྃ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུྃ་དང་ཀི་ལི་ཀི་ལི་ཞེས་སྒྲོགས་ཕྱོག་གཡོན་ཁ་ཊྭཱྃ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབས་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང་། །ཁྃ་ཁྃ་ཁྃ་ཞེས་གཏུམ་བོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌྃ་ཌྃ་ཌྃ་ཞེས་ཌཱ་མ་རུ་ཅན་འདི་ཡིས་གདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་གྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵཱིཾ་ཀྵཱིཾ་ཀྵཱིཾ་ཞེས་བཟོད་པའི་གཟུགས་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྒྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོའི་རོ་ལོངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵུྃ་ཤྲིའི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེར་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེའི་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་ཏུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་


LT19_Page_221B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཙཾ་ཙཾ་ཙཾ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་ལ། །ཀྲྃ་ཀྲྃ་ཀྲྃ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང་། །སྃ་སྃ་སྃ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བཾ་བྃ་བཾ་ཞེས་གཤིན་རྗེ་ལྟར་ཁྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡྃ་ཡྃ་ཡྃ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླཱྃ་ཀླཱྃ་ཀླཱྃ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པྃ་པྃ་པྃ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱིས་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་བ་འཛིན་དང་གཟི་བརྗིད་རྒྱས་བ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་ནི་རྟག་ཏུ་ཉམས་པར་འགྱུར། ཞེས་བྱིན་རླབས་ཅན་གྱི་བསྟོད་པ་བརྗོད། དེ་ནས་གཏོར་མ་འབུལ་བ་ནི། ཨ་མྲཾ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀཾ་ལས་མི་མགོའ་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། ཐོད་པའི་སྟེང་དུ་


LT19_Page_222A
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་ཁ་གཅོད་ཧཱུྃ་ཡིག་གིས་མཚན་པའི་རྡོ་རྗེས་བརྒྱན་པ། དེའི་སྟེང་དུ་ཧཱུྃ་སྔོན་པོ། ཨཱཿདམར་པོ། །ༀ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་རྣམས་མགོ་བོ་མཐུར་བསྟན། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས། རང་གི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་འོད་འཕྲོས། གཏོར་མའི་སྟེང་གི་འབྲུ་གསུམ་ལ་ཕོག །མས་རིམ་གྱིས་གཏོར་མ་ལ་ཐིམ་པས། གཏོར་མ་བདུད་རྩི་སྔོ་དམར་དཀར་པོའི་རྣམ་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། རྡོ་རྗེས་བདུད་རྩི་ལན་གསུམ་དུ་དཀྲུགས། རྡོ་རྗེ་ལྟེ་བའི་ཧཱུྃ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ། རྡོ་རྗེ་ཡང་ཞུ་ཞིང་འདྲེས་པ་ལས། གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ འདི་ནི་འདི་ཉིད་ཀྱི་མན་ངག་ལས་འབྱུང་བའི་གཏོར་མ་བྱིན་གྱིས་རླབས་པའི་ལུགས་ཡིན་ལ། ཡི་དམ་གང་བྱེད་དེའི་ཆོ་ག་ལས་འབྱུང་བའི་གཏོར་མ་བྱིན་རླབས། དེ་ཉིད་གྱིས་ཀྱང་ངེས་པར་རུང་ངོ་། །མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་གཙོ་བོ་དང་། འཁོར་རྣམས་ལ་སྤྲོ་ན། སྙིང་པོ་ལན་གསུམ་གྱིས་དབུལ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ། རྩ་སྔགས་ཀྱིས་དབུལ་བ་ནི། ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི་ཨེ་ཥོ྅པཤྩི་མ། ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏི་ཛྙ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་མོ། །འདི་ནི་རྒྱས་པའི་ལུགས་ཡིན་ལ། འབྲིང་པོ་ལྟར་ན། ཤཱ་ས་ན་གཅིག་པུས་ཆོག །བསྡུས་པ་ལྟར་ན། གཙོ་བོའི་གཏོར་སྔགས་ཐུང་ངུ་དེས་ཀྱང་ཆོག་གོ །གཏོར་ཆོག་ཁོ་ནའི་སྐབས། དེ་


LT19_Page_222B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གཤམ་ནས་འབྱུང་བའི་འདོད་དོན་གསོལ་གདབ་ལ་འཇུག །གཉིས་པ་རྗེས་གནང་ནི། གོང་གི་གཏོར་འབུལ་གྲུབ་པ་དང་། སློབ་མ་རྣམས་ལ་ཕྱི་རོལ་དུ་ཆབ་བཏང་། གྲལ་ལ་འཁོད་དེ་མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་གདབ་ལ། དེ་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་དཀར་པོའི་ཕྱོགས་སྐྱོང་བ་རྣམས་ཀྱི་ནང་ནས་མཐུ་སྟོབས་ཕྲིན་ལས་ཁྱད་པར་དུ་འཕགས་པ་ནི་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་རྣམས་ཡིན་ལ། དཔལ་ནག་པོ་ཆེན་པོ་ལྕམ་དྲལ་ལའང་རིགས་མང་དུ་མཆིས་པ་རྣམས་ཀྱི་ནང་ནས་བཅོམ་ལྡན་འཁོར་ལོ་སྡོམ་པའི་ཐུགས་ལས་སྤྲུལ་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པ་འདི་ལ་སྤྱི་དང་བྱེ་བྲག་གི་རྒྱུད་གྲུབ་ཐོབ་སོ་སོའི་བཀའ་སྲོལ་གྱི་མན་ངག་ཤིན་ཏུ་མང་བར་བཞུགས་ཤིང་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱ་གར་ན་ལེནྡྲའི་གཙུག་ལག་ཁང་གི་སྲུང་མའི་གཙོ་བོར་མངའ་གསོལ། མུ་སྟེགས་ཀླ་ཀློའི་གཉེན་པོར་ཡང་འདི་ཉིད་ཁོ་ནར་བསྔགས། བོད་ཡུལ་འདིར་ཡང་བཀའ་སྲོལ་སྔ་ཕྱི་མང་དུ་བྱོན་པའི་ནང་ནས་སྐབས་སུ་བབས་པ་འདི་ནི། དཔལ་འཁོར་ལོ་བདེ་མཆོག་དང་དབྱེར་མེད་པའི་དཔལ་ཆེན་རྒྭ་ལོ་ཙཱ་བ་ཉིད་དུར་ཁྲོད་བསིལ་བའི་ཚལ་དུ་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་མགོན་བོ་འདི་ཉིད་དངོས་སུ་ཞལ་གཟིགས་ནས་སྒྲུབ་ཐབས་སོགས་རྒྱས་པར་ཕུལ་བ་ནས་བཟུང་སྟེ་ཡེ་ཤེས་མགོན་པོ་ཉིད་དུས་རྟག་ཏུ་འབྲལ་མེད་དུ་གཟིགས། ལོ་ཙཱ་བ་ཉིད་བོད་དུ་ཕེབས་པའི་སྐབས་བོད་ཡུལ་ཆེ་དགུ་ཀུན་གྱིས་ཞབས་ལ་བཏུད་ཅིང་། གདམས་ངག་ཞུས་པ་ལ་སོ་སོའི་སྣོད་དང་མཚམས་པའི་ཆོས་སྦྱིན་བརྩལ། ཁྱད་པར་མགོན་པོ་འདི་ཉིད་ཀྱི་རྒྱུད་དང་མན་ངག །སྒྲུབ་ཐབས་ཀྱི་སྐོར་རྣམས། བཀའ་བརྒྱུད་རིན་པོ་ཆེའི་གྲུབ་ཆེན་རྣམས་ལ། སོ་སོའི་བཀའ་བབས་དང་མཚུངས་པར་གནང་བ་ལས། འདིར་འགྲོ་བའི་མགོན་པོ་ཞང་ཚལ་པ་ནས་བརྒྱུད་པའི་ལུགས་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བང་འོས་པ་རྣམས་གྲུབ་པ་ལགས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་


LT19_Page_223A
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་ས་ཞུག །དེ་ནས་སློབ་དཔོན་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དངོས་སུ་གསལ་བ་ལ་མོས་གུས་བྱས་ཏེ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །ལོག་འདྲེན་བགེགས་རྣམས་ཚར་གཅོད་ཕྱིར། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། །ཞེས་ལན་གསུམ། དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་བསྐྱེད་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་ཏུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་དངོས་ཀྱི་ཐོག་མ་བྱིན་རླབས་ཀྱི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། བླ་མ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ཐོག་ལྷུང་བ་ལྟར་བྱུང་སྟེ། སློབ་མའི་ལུས་ལ་གཡོན་བསྐོར་ལན་གསུམ་བྱས་ནས་སྤྱི་བོར་ཐིམ་པས། མ་དག་པའི་ལུས་སྦྱངས་ཏེ། འོད་ཟེར་མཐིང་ཁའི་ཕུང་པོ་ཆེན་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། ཞེས་པ་ནས། རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །ཞེས་པའི་བར་གྱིས་མགོན་པོའི་སྐུར་གསལ་བཏབ། བླ་མའི་ཐུགས་ཀ་ནས་འཕྲོས། བསིལ་བ་ཚལ་ན་ལེནྡྲ། །དཔལ་གྱི་རི་ལ་སོགས་པ་ནས། །ཡེ་ཤེས་པ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་གྱི་སྒྲ་དང་བཅས་ཏེ་བྱོན། སློབ་མ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ། རོལ་མོའི་སྒྲ་བྱ། སྔགས་དྲག་ཏུ་བཟླ། དེ་


LT19_Page_223B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབང་གི་ལྷ་དཔལ་ཡེ་ཤེས་ཀྱི་མགོན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨཱརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་སོགས། སྒྲུབ་ཐབས་ཀྱི་དབང་བསྐུར་སྐབས་ལྟར་ལ། ༀ་བཛྲཱི་བྷ་བ། ཞེས་པའི་སྐབས་བདུད་རྩི་ཀཱ་པཱ་ལས་དབང་བསྐུར། འཐོར་འཐུར་བྱ། ཞེས་གསུངས་ཞིང་བདུད་རྩིའི་བུམ་པའི་ཆུས་དབང་བསྐུར། བདུད་རྩིའི་རྒྱུན་གྱིས་སྤྱི་བོ་གང་བས་བུམ་དབང་། མགྲིན་པར་གང་བས་གསང་དབང་། སྙིང་ཁར་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་། ལྟེ་བར་གང་བས་དབང་བཞི་པ་ཐོབ། དྲི་མ་དག །ལམ་སྒོམ་པ་ལ་དབང་བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔའི་དབུར་བརྒྱན་པར་གྱུར། དེ་ནས་བུམ་པས་དབང་བསྐུར་ལ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་སརྦ་བུདྡྷ་བཛྲ་ཌཱ་ཀི་ནཱི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩི། ཞེས་བརྗོད། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་རྣམས་རིམ་པར་བསྐུར་བས་སོ་སོའི་བསྒྲག་ཚིག་དང་མཐུན་པར་སྡིག་སྒྲིབ་དག །དབང་དང་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །གཏོར་མ་མགོར་བཞག་ལ། དམ་རྫས་གཏོར་མའི་དབང་བསྐུར་བས། །སྐུའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། བདུད་རྩི་ལྕེ་ལ་སྦྱིན་ཏེ། དམ་རྫས་བདུད་རྩིའི་དབང་བསྐུར་བས། །གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་གི་སྒྲིབ་པ་དག་གྱུར་ནས། །གསུང་མི་འགྱུར་ནུས་མཐུའི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེའི་དབང་ནི། རྡོ་རྗེ་སྙིང་གར་བཟུང་ལ། སྟོང་ཉིད་རྡོ་རྗེའི་དབང་བསྐུར་བས། །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །ཐུགས་མི་འགྱུར་འོད་གསལ་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཕྱག་མཚན་རྣམས་ལག་གཡས་


LT19_Page_224A
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཏུ་གཏད་ལ། ངོ་མཚར་རྨད་དུ་བྱུང་བ་ཡི། །འབེ་ཏའི་འབྲས་བུ་དབང་བསྐུར་བས། །རིན་ཆེན་གཏེར་གྱི་ཆར་པ་འབེབས། །ལོངས་སྤྱོད་དངོས་གྲུབ་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་བྷེ་ཙ་ཨ་བྷི་ཥིཉྩ་ཧཱུྃ། ངོ་མཚར་རྨད་དུ་བྱུང་བ་ཡི། །ཤེས་རབ་རལ་གྲིའི་དབང་བསྐུར་བས། །ཉོན་མོངས་དུག་གསུམ་རྩད་ནས་བཅད། །དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཁཌྒ༴ ཧཱུྃ། ངོ་མཚར་རྨད༴ བནྡྷ་ཐོད་པའི་དབང་བསྐུར་བས། །ཐུགས་ཞི་བས་བདུད་བཞི་འཇོམས། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ངོ་མཚར་རྨད་དུ༴ རྩེ་གསུམ་ཁ་ཊྭཱྃ་དབང་བསྐུར་བས། །སྐུ་གསུང་ཐུགས་དང་ལྡན་གྱུར་ཏེ། །སྐུ་གསུམ་ཡོན་ཏན་དབང་ཐོབ་ཤོག་ༀ་མ་ཧཱ་ཀཱ་ལ་ཧྲི་ཤཱུ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཕྲིན་ལས་ཀྱི་དབང་ནི། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ལ། ཧཱུྃ། ངོ་མཚར་རྨད་དུ་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས། །ཞི་རྒྱས་དབང་དྲག་མཐུ་བརྙེས་ནས། །ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་གཏོར་མ་དཔལ་འབར་བཙུགས་པ་སློབ་མའི་མགོ་ཐོག་ཏུ་བཟུང་ལ། ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ལ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་གཏོར་མ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་བཅུ་བདུན་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པར་གསལ་ཐོབ། དེའི་སྟེང་དུ་སློབ་དཔོན་དང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དབྱེར་མ་མཆིས་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བར་སྒོམས་ཤིག །བླ་མ་ཡི་དམ་གྱི་ཚོགས་ཀྱིས་ཆོས་སྐྱོང་སྲུང་མ་རྣམས་ལ་བཀའ་བསྒོས་པས། དེ་རྣམས་ཀྱིས་རྡོ་རྗེའི་བྲོ་དྲག་པོ་འཁྲབས་པས། དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པར་མོས་པ་གྱིས། ཞེས་བརྗོད་ལ། རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ། བསྟོད་པ་


LT19_Page_224B
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཚར་གཅིག་དང་། ཤཱ་ས་ན་དང་སྔགས་རྣམས་ཚར་གཅིག་དྲག་ཏུ་བརྗོད་པའི་རྗེས་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ། བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་། །གསང་བདག་ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྷ་ལྕམ་ལེགས་སྨིན། ཀླུའི་བུ་ཐུབ་པ་མི། སྒྲ་གཅན་འཛིན་བཟང་པོ། །འཕགས་པ་ཀླུ་སྒྲུབ། དེ་བ། སློབ་དཔོན་རྟ་དབྱངས། དུས་འཁོར་ཞབས། ཨ་བྷ་ཡཱ་ཀ་ར། ཙ་མི་སངས་རྒྱས་གྲགས། །དཔལ་ཆེན་རྒྭ་ལོ་ཙཱ། ཞང་གཡུ་བྲག་པ་ཆེན་པོ། །འགྲོ་མགོན་གཙང་པ་རྒྱ་རས་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སློབ་མ་འདིའི་སྲུང་མ་ཆེན་པོ་མཛོད་ལ། ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ཏེ། འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་སོལ། མཐུན་རྐྱེན་ཆོས་བཞིན་གྱི་བསམ་དོན་མཐའ་དག་ཡིད་བཞིན་ཏུ་སྒྲུབས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་སྡོང་གྲོགས་གཡེལ་བ་མེད་པར་མཛད་དུ་གསོལ། ཞེས་བཀའ་བསྒོ་བྱ། མཐར་བླ་མ་རྣམས་ཡི་དམ་ལ་ཐིམ། དེ་རྣམས་མགོན་པོ་འཁོར་དང་བཅས་པ་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་གྱུར། ཅེས་དཔོན་སློབ་གཉིས་ཅར་གྱིས་བསྒོམ། མགོན་པོ་བསྒྲུབ་པར་འདོད་པ་ཡིན་ན་བཟླས་ལུང་སྦྱིན་དགོས་པས། དེ་ནས་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་ཏུ་མཛོད། སློབ་དཔོན་ལ་མོས་གུས་དུང་པ་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་སྔགས་ཕྲེང་སྔོན་པོས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཧཱུྃ་ཡིག་སྔོན་པོའི་མཐར་འཁོད། དེའི་


LT19_Page_225A
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་འཇུག་པར་གྱུར་ཅིག ། ཅེས་དང་། དེ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་འོས་པ་བརྗོད། དམ་ཚིག་ཁས་བླང་། གཏོང་རག་མཎྜལ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་འདྲ། གསུམ་པ་རྗེས་ཆོག་ནི། གཏོར་མཆོད་རྣམས་ཁ་གསོ་བ་ལ་ལོངས་ཡོད་ན་སླར་ཡང་གཏོར་འབུལ་བྱ། གང་ལྟར་ཕྱི་ནང་གི་སྔགས་མཆོད་འབུལ། བསྟོད་པ་བསྡུས་པས་བསྟོད། རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གཏོར་མ་འདོད་རྒུ་འབྱུང་བའི་རྒྱ་མཚོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་ཅག་གི་བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ལ་སོགས་པ་ཕྲིན་ལས་རྣམ་པ་བཞི་གཡེལ་བ་མེད་པར་མཛོད་དུ་གསོལ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཀ་ཏིཥྛ་ཧཱུྃ། ཞེས་བརྗོད་ལ་ཐེག་པ་ཆེན་པོའི་སྐྱོན་ལམ་དང་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་སོགས་ཀྱིས་ཤིས་བརྗོད་བྱའོ།། ༈ །ཐེལ་ལུགས་དང་ཚལ་ལུགས་ཀྱི་བརྒྱུད་པ་གཉིས་ཅར་གཅིག་ཏུ་དྲིལ་པའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཁྱད་པར་ཅན་ནི། མཎྜལ་ལ་མེ་ཏོག་གི་ཚོམ་བུ་མཐིང་ནག་གཅིག་གམ་འཁོར་ཅན་བྱེད་ན། དེ་མདུན་གསུམ་བསྒྲིག །དེ་རྒྱབ་བརྒྱད་བཀོད་པའི་སྟེང་དུ་རྐང་གསུམ་ཁར་དཔལ་གཏོར་ནག་གི་གདུགས་ཕུབ་པ་བཞག །གཏོར་མཆོད་སྤྱི་མཐུན་པ་ཤམས། བདག་བསྐྱེད་བདེ་མཆོག་དང་མཐུན་བསྐྱེད་མགོན་པོ་གཙོ་རྐྱང་བསྐྱེད་ཀྱང་


LT19_Page_225B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །འཁོར་བཅས་ལྟར་ན། བྱ་རོག་གདོང་ཅན་གསུམ་དང་། མཁའ་འགྲོ་བརྒྱད་ཁོ་ནས་བསྐོར་བ་བསྐྱོད། སྒྲུབ་ཚུལ་གཞན་ཐམས་ཅད་སྔ་མ་དང་མཚུངས། དབང་དངོས་ལ་ཁྲུས་དང་། སེམས་བསྐྱེད་གསལ་གདབ། འདིར་སངས་རྒྱས་ཀྱི་བསྟན་སྲུང་ཀུན་གྱི་རྒྱལ་པོ། །ཁྲག་འཐུང་ཀུན་གྱི་སྤྱི་རྗེ། དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་གཉེན་པོ། །རྡོ་རྗེ་ནག་པོ་ཕྱག་བཞི་པའི་སྒྲུབ་ཐབས་མན་ངག་གི་བཀའ་སྲོལ་དུ་བྱུང་བ་ཐམས་ཅད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་དཔལ་ཆེན་རྒྭ་ལོ་ཙཱ་བའི་ལུགས་འདི་ལའང་བརྒྱུད་པའི་སྲོལ་ཀ་མང་དུ་མཆིས་པའི་ནང་ནས། དཔལ་ལྡན་ཕག་མོ་གྲུབ་ནས་སྟག་ལུང་ཐང་པ་ཆེན་པོ་ལ་བརྒྱུད་པ་དང་། འགྲོ་མགོན་ཞང་ཚལ་པ་ནས་ཆོས་རྗེ་གཙང་པ་རྒྱ་རས་སོགས་ལ་བརྒྱུད་པ་སྟེ་ལུགས་གཉིས་གཅིག་ཏུ་དྲིལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཁྱད་པར་ཅན་བསྒྲུབ་པ་ལ། སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་རྡོ་རྗེ་འཛིན་རྒྱལ་གཙོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་ཕྲིན་ལས་གཅིག་བསྡུས་པ། །ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །དངོས་གྲུབ་བདག་གིས་ཐོབ་པར་ཤོག །ལན་གསུམ། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་ཀྱི་དམིགས་པ་ཕོག་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱི་རྗེས་ཟློས་བྱར་གཞུག །དེ་ནས་ཏིང་ངེ་འཛིན་གྱི་དབང་བསྐུར་བ་དངོས་ལ་དམིགས་པ་འདི་རྣམས་རིམ་བཞིན་ཏུ་སྒོམས་ཤིག །བླ་མ་དཔལ་འཁོར་ལོ་སྡོམ་པར་གསལ་བ་དང་མདུན་བསྐྱེད་ཡེ་ཤེས་མགོན་པོའི་དཔྲལ་བ་ནས་སྐུའི་མགོན་པོ་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་རྗེས་སུ་གནང་བ་ཐོབ་ཅིང་བྱིན་རླབས་ཞུགས་པར་མོས་ཤིག །ཡང་བླ་མ་དང་ཡེ་ཤེས་མགོན་པོའི་མགྲིན་པ་ནས་གསུང་གི་མགོན་པོ་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱོན་


LT19_Page_226A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་རྗེས་སུ་གནང་བ་ཐོབ་ཅིང་བྱིན་རླབས་ཞུགས་པར་མོས་ཤིག །ཡང་བླ་མ་དང་ཡེ་ཤེས་མགོན་པོའི་ཐུགས་ཀ་ནས་ཐུགས་ཀྱི་མགོན་པོ་མཐིང་གའི་ཚོགས་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་བྱིན་རླབས་ཞུགས་པར་མོས་ཤིག །ཡང་བླ་མ་དང་ཡེ་ཤེས་མགོན་པོའི་ལྟེ་བ་ནས་ཡོན་ཏན་གྱི་མགོན་པོ་སེར་པོའི་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་ཡོན་ཏན་གྱི་རྗེས་སུ་གནང་བ་ཐོབ་ཅིང་བྱིན་རླབས་ཞུགས་པར་མོས་ཤིག །ཡང་བླ་མ་དང་ཡེ་ཤེས་མགོན་པོའི་གསང་གནས་ནས་ཕྲིན་ལས་མགོན་པོ་ལྗང་གུའི་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཐིམ་པས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་བྱིན་རླབས་ཞུགས་པར་མོས་ཤིག །ཅེས་རིམ་པར་བརྗོད་ལ་བར་མཚམས་རྣམས་སུ་ཅུང་ཟད་རེ་འཇོག །གཏོར་མ་མེ་སྒྲོན་བཙུགས་པ་ཐོགས་ལ། དེས་ཏིང་ངེ་འཛིན་གྱི་དབང་བསྐུར་བ་དངོས་གཞི་སོང་ནས་མཐའ་རྟེན་གཏོར་པའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོའི་ནང་དུ་གཏོར་མ་ཡེ་ཤེས་མགོན་པོ་ཕྱག་བཞི་པ། མདུན་ཏུ་བྱ་རོག་གདོང་ཅན་གསུམ། དེ་རྒྱབ་མཁའ་འགྲོ་བརྒྱད་ཀྱིས་བསྐོར་བ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་བཅས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་སྒྲུབ་པར་མོས་ཤིག །སྤྲོ་ན་གོང་སྨོས་བཞིན་བརྒྱུད་པ་གཉིས་ཀའི་མཚན་སྨོས་ལ་བཀའ་བསྒོ་བྱ། བསྡུ་ན་སྔགས་བརྗོད་ལ་མགོར་བཞག་པས་འཐུས། དེ་ནས་ལྷ་མོ་བརྒྱད་ཀྱི་ཐུགས་ཀ་ནས་བྱ་རོག་གདོང་ཅན་དཔག་ཏུ་མེད་པ་དང་བར་སྣང་གང་བ་ཙམ་བྱོན། ལྷ་མོ་བརྒྱད་དང་། དེ་རྣམས་ཐམས་ཅད་བ་


LT19_Page_226B
[མ་དཔེ་གཟིགས་ན་འདིར་གནོན།]

སྤུའི་བུ་ག་ནས་ཐིམ་པར་མོས་ཤིག །གུ་ཎ་ཧྲི་དའི་སྔགས་དྲག་ཏུ་བརྗོད། དམ་པའི་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་གྱིས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་ལས་མ་གཡེལ་བར་རྡོ་རྗེ་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ཏེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་མི་མཐུན་པ་ཐམས་ཅད་སེལ་ཞིང་མཐུན་རྐྱེན་ལེགས་ཚོགས་ཡིད་བཞིན་ཏུ་སྒྲུབ་ཅིང་རྟག་ཏུ་སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་གཏོར་མ་མགོར་བཞག་ཅིང་ལག་ཏུ་གཏད། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་དཔའ་བོ་ཆེན་པོ་སོགས་མངོན་རྟོགས་ལྟར་ལ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ན་པདྨ་ཉི་མ་ཞིང་ཆེན་བསྣོལ་བའི་གདན་ལ་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་སྐུར་གསལ་ཐོབ། དེ་ནས་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་ཏུ་མཛོད། ཅེས་པ་ནས། ནུས་པ་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་པའི་བར་བཟླས་ལུང་གོང་སྨོས་ལྟར་བྱ། བཀྲ་ཤིས་བརྗོད། དམ་ཚིག་བཟུང་བ་སོགས་རྗེས་རྣམས་སྔར་སྨོས་པ་ལྟར་རོ། །འདི་ཁྲིད་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ཡིན་པས་ཤིན་ཏུ་གཅེས་པར་བཟུང་དགོས་ཤིང་བྱིན་རླབས་ཤིན་ཏུ་ཆེ་བ་མྱོང་བས་ཀྱང་གྲུབ་གསུངས་སོ། །འཁྲུལ་རྟོག་དགྲ་བགེགས་ལྟར་སྣང་བ། །གཉིས་མེད་ཡེ་ཤེས་ནག་པོ་ཆེའི། །བདེ་ཆེན་དྲ་བར་རབ་བསྡམས་ནས། །སྲིད་ཞི་མཉམ་ཉིད་ཆེན་པོར་ཤོག །ཅེས་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཁྲིད་སྲོལ་གཅེས་པར་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ལས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྲུང་གི་གཙོ་བོར་བསྡགས་པ་འདི་ལ་རྒྱུད་གཞུང་མན་ངག་མཐའ་ཡས་པ་གཞུངས་ལས། སྒྲུབ་ཐབས་རྗེས་གནང་གི་སྙིང་པོ་ཇོ་ནང་རིན་འབྱུང་དུ་བཞུགས་པ་ལས་ཟུར་ཕྱུང་བཀླག་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

གདམས་ངག་མཛོད་པོད་བཅུ་པ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་།


LT19_Page_227A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་བ་ཐེལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱིན་རླབས་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །


LT19_Page_227B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཔལ་ལྡན་ནག་པོ་ཆེ། །ཐུབ་བསྟན་སྲུང་བའི་ཚོགས་ཀྱི་རྗེར། །བཏུད་ནས་དེ་སྒྲུབ་དངོས་གྲུབ་ཀྱི། །འབྱུང་གནས་རྗེས་གནང་བཅས་པ་དགོད། །དཔལ་ཆེན་རྒྭ་ལོ་ཙཱ་ནས་བརྒྱུད་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གདམས་ངག་གི་བཀའ་སྲོལ་མང་དུ་བཞུགས་པའི་ནང་ནས་གྲགས་ཆེ་ཞིང་གཙོ་བོར་གྱུར་པ་ཐེལ་ལུགས་ཀྱི་རྗེས་གནང་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་སྒོམ་དོན་དང་མཐུན་པའམ། བསྡུ་ན་ཟླུམ་སྐོར་གྱི་ནང་དུ། གྲུ་གསུམ་མཐིང་ནག་ལྷ་གྲངས་དང་མཉམ་པའི་ཚོམ་བུ་ཅན་གྱི་དབུས་སུ་གཏོར་མ་སྙིང་གཟུགས་མ་མཉྫི་ལ་བཀོད། མཐར་འབུལ་གཏོར་ལྷ་བྲངས་དང་མཉམ་པའི་གར་འོས་དང་། བདུད་རྩིའི་ཐོད་པ། ནང་མཆོད་སོགས་དང་། མཆོད་པ་རྣམས་བཤམ། ཤིན་ཏུ་བསྡུ་ན། དཀྱིལ་འཁོར་མེད་ཀྱང་ཆོག་པས། དཔལ་གྱི་གཏོར་མ་ལ་བརྟེན་པ་ཁོ་ནས་ཀྱང་བྱུང་ངོ་། །གཉིས་པ་ལ། སྒྲུབ་ཐབས་དང་རྗེས་གནང་གཉིས་ལས་དང་པོ་ནི། སྐྱབས་སེམས་ནས་བརྩམ། འཁོར་ལོ་བདེ་མཆོག་གི་བདག་བསྐྱེད་རྒྱས་བསྡུས་གང་རུང་བཟླས་བ་བཅས་སོང་ནས་བསྡུ་ལྡང་བྱ། དེ་ནས་མདུན་བསྐྱེད་ཀྱི་ཐོག་མར། མཆོད་པ་རྣམས་ཨ་མྲྀ་ཏ ས་བསང་།


LT19_Page_228A
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝ ས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀྤཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་ལ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨཱརྒྷཾ་སྭཱ་ཧཱ། པཱ་དྱཾ། མ་ནཾ། པྲོ་ཀྵ་ནཾ། པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤབྡ། ༀ་བཛྲ་གྷཱཎྚེ་ར་ཎི་ཏ། སོགས་ཀྱིས་བྱིན་དབབ། རྟེན་ཡོད་ན་དེ་ཉིད་བསྐྱེད་དགོས་ཤིང་། མེད་ན་གཏོར་མའི་སྟེང་གི་ནམ་མཁར་བསྐྱེད་པ་ཡིན་ཏེ། དེ་ཡང་། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷ྅ཧཾ། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་ཁང་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ཅུང་། རང་གི་མདུན་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཤིང་དང་། མེ་དང་། ཆུ་དང་བཅས་ཤིང་། རོ་དང་རོ་ལངས་དང་སྲིན་པོ་དང་འབྱུང་པོ་དང་། དཔའ་བོ་དང་། མཁའ་འགྲོའི་ཚོགས་ཀྱིས་


LT19_Page_228B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གང་བའི་དབུས་ཀྱི་ས་གཞི་ལ་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ། དབུས་སུ་ཐོད་པ་འབར་བའི་གཞལ་ཡས་ཁང་ཟླུམ་པོ། སྟེང་ཀེང་རུས་ཀྱིས་ཕུབ་པ། ཕྱི་ནང་ཀུན་ཏུ་རིན་པོ་ཆེ་དང་། ལྷ་རྫས་ཀྱི་གོས་དང་། མེ་ཏོག་དང་། ཞིང་ལྤགས་ནང་ཁྲོལ་རུས་ཕྲེང་སྐྲའི་རྔ་ཡབ་ལ་སོགས་པ། ཕྲིན་ལས་རྣམ་པ་བཞི་དང་འབྲེལ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ལ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་དུ་གྱུར། འདི་ནི་ལས་ཐམས་ཅད་པའི་གཞལ་ཡས་ཁང་བསྐྱེད་ཚུལ་རྒྱས་པ་ཡིན་ལ། ལས་རེ་རེ་ལ་ལས་དང་མཐུན་པའི་ཁང་པ་སོ་སོ་དང་། བསྡུ་ན་རྒྱུན་འདོན་ལ་ཡང་དུར་ཁྲོད་ཀྱི་གཞི་ཁོ་ནས་ཆོག་པ་ཡིན་ནོ། །རང་གི་སྙིང་ག་ནས་ཧཱུྃ་མཐིང་ནག་འབར་བ་ཞིག་འཕྲོས་ཏེ་གདན་སྟེང་དུ་འཁོད། ཧཱུྃ་དེ་ཉིད་ཀྱི་འོད་ཀྱི་འཕྲོ་འདུ་ལས། རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དགྲ་བགེག་གདུག་པ་ཅན་ཚར་བཅད་དེ་གནས་སྤར། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་དཔའ་བོ་ཆེན་པོ་སྐུ་མདོག་མཐིང་ནག་དུས་མཐའི་སྤྲིན་དང་མཚུངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ཞིང་། ཧ་ཧ་དང་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་གད་རྒྱངས་སྒྲོག་པ། སྨ་ར་སྨིན་མ་དབུ་སྐྲ་སེར་པོ་མེ་ལྟར་འབར་བ། ཕྱག་བཞིའི་གཡས་ཀྱི་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་གྱི་དང་པོས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཅིང་། གཡོན་འོག་མས་ཏྲི་ཤཱུ་ལས་མཚན་པའི་ཁ་ཊྭཱཾ་ག་དར་དཔྱངས་དང་བཅས་པ་འཕྱར་སྟབས་སུ་བསྣམས་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ།


LT19_Page_229A
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྩེ་ཕྲན་དང་། སྦྲུལ་རིགས་བཞི་དང་། རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་བསྣོལ་བའི་གདན་ལ་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །དེའི་ཐུགས་ཀ་ནས་ཧཱུྃ་གསུམ་སྤྲོས་ཏེ། གཙོ་བོའི་གཡས་གཡོན་དང་། མདུན་གྲར་འཁོད་པ་ནི། ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག །ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་རྣམ་པ་རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་གདོང་ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་པ། གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཞལ་དུ་རྔུབ་པ། ཞབས་བརྐྱང་བསྐུམ་གྱིས་དོར་སྟབས་ཅན། དུག་སྦྲུལ་ནག་པོས་བརྒྱན་ཅིང་། སྐྲ་མཚམས་ནས་རྡོ་རྗེ་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་གསུམ་དུ་གྱུར། གཙོ་བོའི་གཡས་སུ་ཀྵ་ལས་ལེགས་ལྡན་ནག་པོ། ཕྱག་གཡས་ཙནྡན་གྱི་བིང་ཆེན་དང་། གཡོན་པས་ལྕགས་ཀྱི་པར་བུ་བདུད་རྩིས་གང་བ་འཛིན་པ། དར་ནག་གི་འཇོལ་བེར་ཅན། ཞབས་ལ་སག་ལྷྭམ་ཡུ་རིང་གསོལ་ཞིང་། གཡོན་བརྐྱང་བ། གསེར་གྱི་སྐ་རགས་ཅན། གཙོ་བོའི་གཡོན་དུ་བྷྱོཿལས་ཙཎྜི་ཀཱ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་ཐོད་ཁྲག །གཡོན་གཉིས་མི་མགོ་དང་མདའ་གཞུ་འཛིན་པ། གཅེར་བུ་ཁྲོ་ཞིང་སྒེག་པ་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། གཙོ་བོའི་མདུན་དུ་ཧཱུྃ་ལས་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་རལ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་བརྐྱང་བའི་གར་སྟབས་ཅན། དར་ནག་གི་ན་བཟའ་དཀྲིས་པའོ། །དེའི་ཕྱི་རོལ་སྒོ་མཚམས་བརྒྱད་དུ་ཡི་གེ་མ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན།


LT19_Page_229B
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཁཱ་ཏའི་གདོང་པ་ཅན། ལྷོར་འུག་པའི་གདོང༴ ཤར་ལྷོར་ཕག་གི༴ ལྷོ་ནུབ་ཏུ་ཁྱིའི༴ ནུབ་བྱང་དུ་སྤྱང་ཀིའི༴ བྱང་ཤར་དུ་སྟག་གི་གདོང་པ་ཅན། བརྒྱད་ཀའང་གཅེར་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་བཞེངས་པའི་སྟང་སྟབས་སྣ་ཚོགས་པས་གནས་པ། འཁོར་དེ་ཐམས་ཅད་ཀྱང་དབུ་སྐྲ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། མི་རོའི་གདན་ལ་རྣམ་པར་འགྱིངས་པ་མེད་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་དུ་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་དང་། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་དང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས། མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །བདག་གིས་ཐུགས་དམ་གཉན་སྐོང་ན། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། །ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀམ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། མགོན་པོའི་སྤྱི་བོར་འཁོར་ལོ་ལ་ༀ་དཀར་པོ། །མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མ་ཛཿ ཨཱརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག་མཐུ་སྟོབས་དང་ནུས་མཐུ་ལ་དབང་བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་


LT19_Page_230A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཡེ་ཤེས་མགོན་པོ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་ཅིང་རྒྱས་གདབ། རྒྱས་པར་མཆོད་ཕྲེང་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན། ༀ་བཛྲ་མ་ཧཱ་ཀཱ་ལ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ། པཱ་དྱཾ། ཨཱཉྩ་མ་ནཾ། པྲོ་ཀྵ་ནཾ། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ། པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱེ། ཤཔྟ། ཞེས་ཕྱི་མཆོད་དང་། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ཞེས་ནང་མཆོད་འབུལ། ཧཱུྃ། གཟི་བརྗིད་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་བཞད་སྒྲས་སྡེ་བརྒྱད་བྲན་དུ་ཁྱོལ། །བརྩེ་བའི་ཐུགས་ཀྱིས་འགྲོ་དྲུག་དབང་དུ་བསྡུས། །ལྷ་ཆེན་དཔལ་འབར་ནག་པོ་ཁྱོད་ལ་བསྟོད། །བཀའ་ཡི་ཕོ་ཉ་ནག་པོའི་གཙོ། །བྱ་རོག་གདོང་ཅན་འཇིགས་པའི་གཟུགས། །ཁྲོས་པའི་ཆ་ལུགས་རྔམས་པའི་ཞལ། །དམ་ཉམས་སྲོག་གཅོད་ཁྱོད་ལ་འདུད། །སྲིན་པོའི་ཚོགས་ལ་མངའ་བསྒྱུར་ཞིང་། །ཁམས་གསུམ་སྲོག་བདག་ཆེན་པོ་ནི། །བདུད་འདུལ་ཙནྡན་བིང་ཆེན་བསྣམས། །ཐུགས་ཀྱི་སྤྲུལ་པ་ཁྱོད་ལ་འདུད། །དཔལ་ལྡན་ལྷ་མོ་ཙཎྜ་ཀཱི། །ལྷ་མིན་མུ་སྟེགས་ཚོགས་འཇོམས་ཤིང་། །ནད་ཀྱི་བདག་མོ་དྲག་ཤུལ་ཅན། །སྲོག་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །བསིལ་བའི་ཚལ་གྱི་ཤིང་གཅིག་དྲུང་། །ནག་པོ་ཆེན་པོ་སེང་གེའི་གདོང་། །ཞིང་སྐྱོང་ཤ་ཟ་ཆེན་པོ་སྟེ། །དཔལ་གྱི་བཀའ་སྡོད་ཁྱོད་ལ་བསྟོད། །གཞན་ཡང་མཁའ་འགྲོ་ཆེན་པོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་སྡེ་བརྒྱད་བཅས། །ཀུན་ལ་བསྟོད་ཅིང་ཕྱག་འཚལ་ལོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ཨོ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་དམ་ལ་བཞག །གཏོར་ཆོག་ཙམ་གྱི་སྐབས་ཡིན་ན། བསྟོད་པ་བརྒྱད་པ་ལན་གསུམ་མམ་བདུན་ལ་སོགས་པ་བཏོན་ལ། དེ་ནས་གཏོར་མ་འབུལ་བ་ལ་འཇུག་པ་ཡིན་ཅིང་། བཟླས་བརྗོད་བྱེད་པར་འདོད་ན་སྐབས་འདིར་བཟླས་པ་བྱས་ལ། དེ་ནས་བསྟོད་པ་བྱས་ཏེ་གཏོར་མ་འབུལ་བ་ཡིན་ནོ། །དེ་ལ་


LT19_Page_230B
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་དམིགས་པ་ཡང་སྤྱི་ཙམ་དུ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཞལ་ནས་ཐོན་ཏེ་མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོ་གནས་པ་ལ་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ལས་འོད་ཟེར་སྔོན་པོ་བྱུང་སྟེ་ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་པ་དོ་ལིའི་བཟླས་དམིགས་འདི་ཀས་འཐུས་ཤིང་། དེ་ལ་བརྟེན་ནས་འོད་ཟེར་སྔགས་ཕྲེང་དུ་བསྒྱུར། བཟླ་བྱའི་སྔགས་ནི། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཉེ་སྙིང་དང་། ༀ་བཛྲ་ཀ་ཝུ་བ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཁྱད་པར་གྱི་སྙིང་པོའོ། །དེ་ནས་རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་མགོན་པོ་བསྐུལ་བ་དང་། འཁོར་སྔགས་ལ་མགོན་པོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ། སོ་སོའི་སྐུ་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབས། ཁྱད་པར་བསྟན་དགྲ་ལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛད་པར་དམིགས། དེ་ལ། ཤཱ་ས་ན། རྩ་བའི་སྔགས་ཡིན་ལ། ༀ་ཀརྨ་མ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། ཅེས་ལས་མགོན་གྱི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། གཙོ་བོ་ལས་མགོན་སྤྲགས་པའི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་ཀ་ཀ་མུ་ཁ་ཧཱུྃ་ཕཊ། ལས་མགོན་གྱི་མཚན་སྔགས་དང་། ༀ་མ་ཧཱ་ཀ་ལ་ཀྵེཾ་ཕེཾ་ཧཱུྃ་ཕཊ་སྭཱ་ཧཱ། ལེགས་ལྡན་བིང་གི་སྔགས། ༀ་མ་ཧཱ་ཀཱ་ལི་དེ་ཝཱི་ཝཾ་ཧྲི་ཧཱུྃ་ཕཊ། ཙཎྜི་ཀའི་སྙིང་པོ་དང་། ༀ་ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཤ་ཟ་སེང་གེའི་གདོང་གི་སྔགས་སོ། །དྲེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་ནི། གཞི་སྟིང་དུ་གྲགས་པ་ཡིན་ཏེ། མན་ངག་གི་ཡི་གེ་རྣམས་སུ་ཤེས་པར་བྱའོ། །དེ་ནས་ད་ལྟ་རྐང་བརྒྱད་དུ་གྲགས་པ་ཞིང་སྐྱོང་གི་སྔགས་ཀྱི་སྒོ་ནས་བསྟོད་པ་སྟེ། བསྟོད་པ་བརྒྱད་པས་བསྟོད་པར་བྱ་སྟེ། དེ་ཡང་། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱ་ཧཱ་ཧཱུྃ་ཡིག་སྒྲ་དང་ཀི་ལི་ཀི་ལིའི་སྒྲ་སྒྲོགས་རོ་ལངས་འབྱུང་པོས་བསྐོར།


LT19_Page_231A
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་མཛད་ཅིང་ཀུན་ནས་མི་ཤས་ཞལ་དང་སྒྱུ་མའི་འཕྲེང་བ་འཁྲུགས་བའི་སྐུ། །ཕྱག་ན་མདུད་དང་ཁ་ཊྭཾ་མི་ཐོད་འཛིན་པ་འདོད་པའི་གཟུགས་ཅན་མི་སྡུག་གཟུགས། །སྤྱན་ནི་སེར་ཞིང་སྐྲ་སེར་རོ་ཡི་འདུས་ལ་དགྱེས་ཤིང་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཞལ་ནས་ཕེཾ་ཕེཾ་ཕེཾ་ཡིག་སྒྲ་དང་སོ་སོར་བསྐྱེད་པའི་མེ་ཆེན་མཆོག་གི་དབུས། །རབ་གསལ་འཇིགས་པའི་སྐུ་དང་ཡན་ལག་མགོ་ཕྲེང་ཉེ་བར་མཛེས་པའི་རྒྱན་དུ་མཛད། །བསད་པའི་མི་མགོ་ཁྲག་འཛག་དུམ་བུ་དྲག་པོའི་ཕྱག་གིས་འཛིན་ཅིང་མཆོད་ཡོན་འཐུང་། །མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ནི་རོལ་ཞིང་རོལ་ཞིང་རྩེད་མོས་སྲུང་། །ཀྵིཾ་ཀྵིཾ་ཀྵིཾ་རང་ཅ་ཅོ་སྒྲོགས་མཛད་བཟོད་པས་གདུག་ཅན་རྣམས་འཆིང་བཟོད་པའི་སྐུ། །ཆར་སྤྲིན་སྔོ་མདོག་ཀ་ཧ་ཀ་ཧ་བརྗོད་མཛད་གཅིག་པུས་སྣ་ཚོགས་གནོན་ཅིང་གནོན། །ཀྵིཾ་ཀྵིཾ་ཤྲཱིཾ་སྔགས་སྐུ་ཅན་པ་ཙ་པ་ཙ་བསྲེག་མཛད་ཀུན་ནས་སྔགས་ཀྱི་རིགས། །སྒྲུབ་པ་རྣམས་ཀྱི་བགེགས་རྣམས་སྐྲོད་ཅིག་ངེས་པར་ཞི་བར་མཛོད་ཅིག་ཞིང་སྐྱོང་ཀྱེ། །ཧཱ་ཧཱ་ཧཱར་བཞད་གད་རྒྱངས་ཕུལ་བྱུང་ཕྱུགས་རྣམས་དུས་ཀུན་འཇིགས་པར་མཛད་པ་གང་། །འཇིག་རྟེན་རྣམས་ཀྱི་བགེགས་འཇོམས་ཉིན་རིར་དྲི་མེད་རབ་ཐོབ་རྫོགས་པའི་བྱང་ཆུབ་བརྙེས། །ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་སྐད་དྲག་པོའི་ནུས་མཐུས་སྲིད་པ་གསུམ་ཁོངས་གང་བར་འགེངས། །སྲུངས་ཤིག་ཞིང་སྐྱོང་སྨ་ར་རལ་པ་དབུ་སྐྲ་ཁམ་སེར་ལྡན་པས་ཉེ་བར་བསྒྲུབས། །ཁཾ་ཁཾ་ཁཾ་འགྱིང་སྒེག་རོལ་ལྟོ་བ་འཕྱང་བ་ཕྱག་ན་རལ་གྲི་ཁྲག་འཐུང་བ། །རཾ་རཾ་རཾ་ནི་སྤྱན་དམར་གཏུམ་ཤུགས་ཕྱག་གིས་རུ་རུའི་ཁྲག་ལ་སྤྱོད་པར་མཛད། །ཀྲུཾ་ཀྲུཾ་ཀྲུཾ་ཁྲོས་ལྟ་སྟངས་མཛོད་ཅིག་མ་ལུས་བདུད་རྣམས་འཁུམས་པའི་ཁྲོ་གཉེར་མཛོད། །ཌཾ་ཌཾ་ཌཾ་འདིས་འདུལ་མཛད་ཅང་ཏེའུ་ལྡན་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཀྲཾ་ཀྲཾ་ཀྲཾ་མཛད་བདུད་དང་དགྲ་བོ་ཉོན་མོངས་བག་ཆགས་མ་ལུས་ངེས་པར་འཇོམས། །ཀྃ་ཀྃ་ཀྃ་གི་སྐུ་ནི་ནག་


LT19_Page_231B
[མ་དཔེ་གཟིགས་ན་འདིར་གནོན།]

པོའིམཆུ་མཚུངས་རྩོད་དང་ཉེས་འཕྲོག་ཐོད་ཕྲེང་ཅན། །ཙཾ་ཙཾ་ཙཾ་ཆེར་རབ་གཡོ་རྨད་བྱུང་ས་གཞི་འཇིག་རྟེན་སྣང་བྱེད་གཏུམ་པོའི་ཤུགས། །སཾ་སཾ་སཾ་བདག་དགེ་འདུན་དམ་ཚིག་དགེ་བར་སྤྱོད་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཡཾ་ཡཾ་ཡཾ་འགྲོ་སྣ་ཚོགས་དྲི་མེད་ཆུ་བཞིན་གཟིགས་ནས་ངེས་པར་གཤིན་རྗེ་འགོག །བཾ་བཾ་བཾ་ནི་འཇིག་རྟེན་རབ་སྐྱོད་སྐད་ཅིག་རླུང་ཤུགས་གློག་ལྟར་རབ་ཏུ་མཁྱེན། །བྷཱུཾ་བྷཱུཾ་བྷཱུཾ་འཇིགས་ཁྲོ་གཉེར་མཆོག་མཛད་སྒྲུབ་པོ་རྣམས་ལ་འཇིགས་པ་ལས་གྲོལ་སྟེར། །ཀྵཾ་ཀྵཾ་ཀྵཾ་ནི་གནོད་པ་རིང་དུ་སྐད་ཅིག་ལ་ཟད་བདེ་མཛད་ཞིང་སྐྱོང་ཀྱེ། །ཀླཾ་ཀླཾ་ཀླཾ་གང་དུལ་བའི་ལུས་ཅན་སྲིད་གསུམ་འགྲོ་བ་དུས་ཀུན་ཉོན་མོངས་རྣམས། །པཾ་པཾ་པཾ་མཛད་ཕྱག་གི་ཞགས་པས་ཕྱུགས་རྣམས་འཛིན་ཅིང་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་ལུས་ཅན་ཞི་བདེའི་འབྲས་སྟེར་སྔགས་པ་རྣམས་ལ་སྔགས་དང་མཚུངས། །ཞིང་རྣམས་སྐྱོང་བ་ཁྱོད་ཀྱིས་ལུས་ཅན་སྐྱེ་བོ་མཐའ་དག་གང་འདིར་ཡུན་རིང་སྐྱོང་། །སྔགས་རྣམས་བརྒྱད་པོ་ཐུན་གསུམ་དུ་ནི་ཀློག་བྱེད་ངེས་པ་མཁས་པའི་གློ་ཅན་གང་། །སློབ་དཔོན་དང་ནི་སྒྲུབ་པོའང་དམ་ཚིག་དགེ་བ་སྤྱོད་རྣམས་རྒྱལ་འགྱུར་བསོད་ནམས་ལྡན། །ཚེ་དང་དཔལ་དང་གྲགས་དང་འབྱོར་ལྡན་མཉམ་མེད་སྟོབས་འཛིན་རྣམ་གནོན་འོད་རྒྱས་ཏེ། །དེ་ཡིས་བགེགས་ཚོགས་ཉམས་ཤིང་མཚུངས་མེད་ཐམས་ཅད་ཤེས་པ་ཉིན་མཚན་རྟག་ཏུ་སྟེར། །ཅེས་རྒྱུད་ཀྱི་སྔགས་འགྲེལ་འཕགས་ཞབས་ཀྱིས་མཛད་པ་སྟེ་འདི་ལ་འགྱུར་མི་གཅིག་པ་མང་ངོ་། །དེ་ནས་གཏོར་མ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་བཱ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མར་ལས་བདུད་རྩི་ལྔ། ཐོད་པའི་སྟེང་དུ་ཟླ་བའི་ཁ་གཅོད་ཧཱུྃ་ཡིག་གིས་མཚན་པའི་རྡོ་རྗེས་བརྒྱན་པ། དེའི་སྟེང་དུ་ཧཱུྃ་སྔོན་པོ། ཨཱཿདམར་པོ། ༀ་དཀར་པོ་རྣམས་


LT19_Page_232A
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་སྟེང་དུ་བརྩེགས་པ་རྣམས་མགོ་བོ་ཐུར་བསྟན། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས། རང་གི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་འོད་འཕྲོས། གཏོར་མའི་སྟེང་གི་འབྲུ་གསུམ་ལ་ཕོག །ལས་རིམ་གྱིས་གཏོར་མ་ལ་ཐིམ་པས། གཏོར་མ་བདུད་རྩི་སྔོ་དམར་དཀར་པོའི་རྣམ་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། རྡོ་རྗེས་བདུད་རྩི་ལན་གསུམ་དུད་ཀྲུགས། རྡོ་རྗེར་ལྟེ་བའི་ཧཱུྃ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ། རྡོ་རྗེ་ཡང་ཞུ་ཞིང་འདྲེས་པ་ལས། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་གཙོ་བོ་དང་། འཁོར་རྣམས་ལ་སྤྲོ་ན། སྙིང་པོ་ལན་གསུམ་གྱིས་དབུལ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ། རྩ་སྔགས་ཀྱིས་འབུལ་བ་ནི། ༀ་ཤྲི་བཛྲ་མ་ཧཱ་ཀཱ་ལ། ཤཱ་ས་ན་ཨུ་པ་ཧ་རི་ཎི་ཨེ་ཥ྅པཉྩི་མ། ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་མོ། འདི་ནི་རྒྱས་པའི་ལུགས་ཡིན་ལ། འབྲིང་པོ་ལྟར་ན། ཤཱ་ས་ན་གཅིག་པུས་ཆོག །བསྡུས་པ་ལྟར་ན། གཙོ་བོའི་གཏོར་སྔགས་ཐུང་ངུ་དེས་ཀྱང་ཆོག་གོ །གཏོར་ཆོག་ཁོ་ནའི་སྐབས། དེ་རྗེས་འདོད་དོན་གསོལ་བཏབ་སོགས་འོག་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་རྗེས་གནང་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ཆབ་བཏང་། ཕྱག་བཅས་གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེ་ཡང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་འདི་ཉིད་ངེས་པའི་དོན་དུ་དཔལ་འཁོར་ལོ་སྡོམ་པ་དང་རྣམ་དབྱེར་མེད་ཅིང་གདུག་པ་འདུལ་ཕྱིར་ཁྲོས་པའི་ཚུལ་བསྟན་པ་ནི་རྒྱུད་ལས།


LT19_Page_232B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །གསང་གསུམ་ལས་སྤྲུལ་ནག་པོ་ཆེ། །ཞེས་གསུངས་ཤིང་། སྟོན་པ་རྡོ་རྗེ་འཆང་ཆེན་པོས་ལེགས་པར་གསུངས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོའི་རྒྱུད་རྣམས་མི་ཡུལ་དུ་སྤྱན་འདྲེན་པ་པོ་ནི་ཐོག་མར་སློབ་དཔོན་ཀླུ་སྒྲུབ་ཡིན་ཏེ། དེ་ཡང་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས། རིགས་ནི་བྲམ་ཟེ། ན་ལནྡར་མཁན་པོ་སྒྲ་གཅན་འཛིན་གྱིས་རྗེས་སུ་བཟུང་། རིག་པའི་གནས་མཐའ་དག་ལ་མི་མཁྱེན་པ་མེད་པར་བྱས་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར། རྨ་བྱ་ཆེན་མོ་དང་། ཀུ་རུ་ཀུ་ལླེ་དང་། གནོད་སྦྱིན་མོ་དགུ་དང་། ནག་པོ་ཆེན་པོ་རྣམས་བསྒྲུབས་པས་དངོས་གྲུབ་མཐའ་དག་བརྙེས། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར། ནག་པོ་ཆེན་པོའི་རིག་སྔགས་གྲུབ་ནས། དྷ་ནྱཀ་ཌ་ཀའི་གླིང་ནས་ནག་པོ་ཆེན་པོའི་རྒྱུད་རྣམས་སྤྱན་དྲངས། གཞན་ཡང་ལྷ་མོ་ནག་མོའི་རྒྱུད་དང་། ཀུ་རུ་ཀུ་ལླེའི་རྟོག་པ་སོགས་དང་། གཞན་ཡང་སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས་པར་གྲགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ་པ་སོགས། མདོར་ན་སློབ་དཔོན་ཆེན་པོ་དེ་ནི་འཕགས་པའི་ས་བརྙེས་པའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཅེས་བྱའོ། །ཀླུ་སྒྲུབ་ཞབས་ཀྱིས། ཀླུའི་བྱང་ཆུབ་སོགས་རྗེས་སུ་བཟུང་། སློབ་དཔོན་འཕགས་པ་ཡབ་སྲས་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་ཀྱིས་ཀྱང་བསྟན་སྲུང་གི་གཙོ་བོར་མཛད། རྒྱུད་འགྲེལ་མན་ངག་ཅི་རིགས་པ་བོད་དུ་སྤྱན་འདྲེན་པ་པོ་ལོ་ཙཱ་བ་ཅི་རིགས་བྱུང་བའི་ནང་ནས། འདིར་དཔལ་རྒྭ་ལོ་ཙཱ་བ་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་དེའི་ལུགས་རྩ་བར་བཟུང་། དེ་ལ་སློབ་མ་ཞང་ཚལ་པ། ཕག་གྲུ་པ། བྱལ་སྟོང་པ། ཨཻ་སང་ཅོག་རོ་སོགས་མང་ཡང་ཐེལ་གྱི་ལུགས་མཆོག་ཏུ་བསྔགས་པ་དེ་ཡིན། འདི་ལ་སྨིན་བྱེད་རྒྱས་པ་བུམ་དབང་བཅུ་བཞི་པ་དང་། དབང་བཞིའི་རིགས་འགའ་ཞིག་ཀྱང་བཞུགས་པ་ལས་བཀའ་ཡངས་ཤིང་བྱིན་རླབས་


LT19_Page_233A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བབས་ཤིན་ཏུ་ཆེ་ལ་ཟབ་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། ཅེས་པར་སྦྱར་ལ་མཎྜལ་ཕུལ་དུ་གཞུག །དེ་ནས་སློབ་དཔོན་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དངོས་སུ་གསལ་བ་ལ་མོས་གུས་བྱས་ཏེ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །ལོག་འདྲེན་བགེགས་རྣམས་ཚར་གཅོད་ཕྱིར། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། ཞེས་ལན་གསུམ། དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་བསྐྱེད་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་སོ་སོའི་བྱིན་རླབས་འབེབས་བ་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་སྐུའི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་ཧེ་རུ་ཀའི་ཐུགས་ནས་འོད་ཟེར་སྔོན་པོ་ཐོག་ལྷུང་བ་ལྟར་བྱུང་སྟེ། སློབ་མའི་ལུས་ལ་གཡོན་བསྐོར་ལན་གསུམ་བྱས་ནས། སྤྱི་བོར་ཐིམ་པས། མ་དག་པའི་ལུས་སྦྱངས་ཏེ། འོད་ཟེར་མཐིང་གའི་ཕུང་པོ་ཆེན་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། ཞེས་པ་ནས། རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །ཞེས་པའི་བར་གྱིས་མགོན་པོའི་སྐུར་གསལ་བཏབ། བླ་མའི་ཐུགས་ཀ་ནས་འོད་འཕྲོས། བསིལ་བ་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས།


LT19_Page_233B
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་གྱི་སྒྲ་དང་བཅས་ཏེ་བྱོན། སློབ་མའི་ལུས་ལ་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག་སྐུའི་བྱིན་རླབས་ཞུགས་པར་བསམ་ཞིང་། རོལ་མོའི་སྒྲ་བྱ། སྔགས་དྲག་ཏུ་བཟླ། དེ་ནས་དབང་གི་ལྷ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨཱརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་སོགས་སྒྲུབ་ཐབས་ཀྱི་དབང་བསྐུར་ལྟར་ལ། ༀ་བཛྲཱི་བྷ་བ་ཞེས་པའི་སྐབས་ཀ་པཱ་ལ་བདུད་རྩིས་གང་བས་དབང་བསྐུར། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་གྱུར། དེ་ནི་སྐུའི་རྗེས་གནང་སྐུའི་བྱིན་རླབས་འབེབས་པ་དང་བཅས་པའོ།། །།།གཉིས་པ་གསུང་གི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་ལ་མོས་གུས་དུང་བྱས་པ་ལས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་སྔགས་ཕྲེང་སྔོན་པོས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་སྔོན་པོའི་མཐར་འཁོད། དེའི་དུས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱོན་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཉེ་སྙིང་ཡི་གེ་བཅུ་པ་དང་། ཤཱ་ས་ནའི་རྗེས་ཟློས་ལན་གསུམ་བྱར་གཞུག ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་རྡོ་རྗེ་ནག་པོ་ཆེན་


LT19_Page_234A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྱག་བཞི་པའི་གསུང་རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཇུག་པར་གྱུར་ཅིག །བླ་མའི་ཐུགས་ཀའི་འོད་ཟེར་གྱིས། རང་བཞིན་གྱི་གནས་དང་བསིལ་བ་ཚལ་ལ་སོགས་པ་ནས། སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སློབ་མའི་སྙིང་གའི་སྔགས་ཕྲེང་ལ་བསྟིམ་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པར་བསམ་ལ། རོལ་མོའི་སྒྲ་བྱ། གསུང་གི་རྗེས་གནང་གསུང་གི་བྱིན་རླབས་འབེབས་པ་དང་བཅས་པའོ།། །།གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་ཡི་དམ་མདུན་བསྐྱེད་དང་བཅས་བ་ལ་མོས་གུས་དུང་བ་བྱས་པས། བླ་མའི་ཐུག་ཀ་ནས་འོད་འཕྲོས་རང་ལུས་ལ་ཐིམ། ལུས་ཡས་མས་ནས་རིམ་པས་ཞུ་སྟེ། སྙིང་གའི་སྔགས་འཁོར་ལ་ཐིམ། དེ་ཧཱུྃ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་སྣང་བར་གྱུར་པ་ལ་མཉམ་པར་བཞག །ཡང་ཧཱུྃ་ཞེས་བྱ་བའི་སྒྲས། སློབ་མ་མགོན་པོའི་སྐུ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། སློབ་དཔོན་ལ་མོས་གུས་དུངས་པ་བྱས་པས་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་དང་། རང་བཞིན་གྱི་གནས་དང་། བསིལ་བ་ཚལ་ལ་སོགས་པ་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་མཚན་སོ་སོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དགྲ་བགེགས་བསྒྲལ་བ་ལ་སོགས་པའི་ལས་མཛད། སློབ་མའི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་ལ་རོལ་མོའི་སྒྲ་བྱ། ཐུགས་ཀྱི་རྗེས་གནང་དང་། ཐུགས་ཀྱི་བྱིན་རླབས་འབེབས་པ་དང་བཅས་པའོ། །དེ་ནས་གཏོར་མ་དཔལ་འབར་ཅན་སློབ་མའི་མགོ་ཐོག་ཏུ་བཟུང་ལ། ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ལ་དམིགས་པ་འདི་བཞིན་མཛོད། །གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་གཏོར་མ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ལྷ་བཅུ་བདུན་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པར་གསལ་ཐོབ།


LT19_Page_234B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་སློབ་དཔོན་དང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དབྱེར་མ་མཆིས་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བར་སྒོམས་ཤིག །བླ་མ་ཡི་དམ་གྱི་ཚོགས་ཀྱིས་ཆོས་སྐྱོང་སྲུང་མ་རྣམས་ལ་བཀའ་བསྒོས་པས། དེ་རྣམས་ཀྱིས་རྡོ་རྗེའི་བྲོ་དྲག་པོ་བཀྲབས་པས། དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པར་མོས་པ་གྱིས། ཞེས་བརྗོད་ལ། རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ། བསྟོད་པ་བརྒྱད་པ་ཚར་གཅིག་དང་། ཤཱ་ས་ན་དང་སྔགས་རྣམས་ཚར་གཅིག་དྲག་ཏུ་བརྗོད་པའི་རྗེས་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། དེ་བ། སློབ་དཔོན་རྟ་དབྱངས། རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀ་ར། ཙ་མི་སངས་རྒྱས་གྲགས། དཔལ་ཆེན་རྒྭ་ལོ་ཙཱ། དཔལ་ལྡན་ཕག་མོ་གྲུབ། སྟག་ལུང་ཐད་པ་ཆེན་པོ། །འགྲོ་མགོན་སངས་རྒྱས་རྣམ་གསུམ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སློབ་མ་འདིའི་སྲུང་མ་ཆེན་པོ་མཛོད་ལ། ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ཏེ། འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་སོལ། མཐར་རྐྱེན་ཆོས་བཞིན་གྱི་བསམ་དོན་མཐའ་དག་ཡིད་བཞིན་ཏུ་སྒྲུབས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་སྡོང་གྲོགས་གཡེལ་བ་མེད་པར་མཛད་དུ་གསོལ། ཅེས་བཀའ་བསྒོ་བྱ། མཐར་བླ་མ་རྣམས་ཡི་དམ་ལ་ཐིམ། དེ་རྣམས་མགོན་པོ་འཁོར་དང་བཅས་པ་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་གྱུར། ཅེས་དཔོན་སློབ་གཉིས་ཅར་གྱིས་བསྒོམ། བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པར་བརྗོད། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །གཏོར་དབང་ཁོ་ན་བྱེད་པར་འདོད་ན། གསོལ་བཏབ་རྒྱུན་བཤགས་སོང་བའི་རྗེས་ལ། སློབ་མའི་བློའི་ངོར། གཏོར་མ་མགོན་པོར་བསྐྱེད་ཅིང་སྤྱན་དྲངས། དེ་ནས་གོང་བཞིན་གཏོར་མའི་བཀའ་བསྒོ་ཉིད་བྱས་པས་ཀྱང་བར་ཆད་སེལ་བའི་ཐབས་མཆོག་ཏུ་འགྱུར་ཞིང་།


LT19_Page_235A
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་འབུལ་བ་སོགས་ལ་དབང་བ་ཡིན་ནོ། །ཡང་ཆོས་སྐྱོང་དུ་མི་བསྟེན་པར་བར་ཆད་སེལ་བ་ཙམ་དོན་དུ་གཉེར་བ་ལ། བཀའ་བསྒོའི་སྐབས་སྲུང་མ་མཛོད་ཅེས་པ་པོར། མགོན་པོ་སློབ་མ་ལ་བསྟིམ་པའི་དམིགས་པ་མི་དགོས་སོ།། །གསུམ་པ་རྗེས་ཆོག་ནི། གཏོར་མ་དང་། མཆོད་པ་ཁ་གསོས་ལ། བྱིན་རླབས་ནས་བརྩམ་གཏོར་འབུལ་གང་ལྟར་དང་། ཕྱི་ནང་གི་སྔགས་མཆོད་འབུལ། བསྟོད་པ་བསྡུས་པས་བསྟོད། རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདོད་དགུ་བྱུང་བའི་རྒྱ་མཚོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་གི་བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ལ་སོགས་པ་ཕྲིན་ལས་རྣམ་པ་བཞི་གཡེལ་བ་མེད་པར་མཛད་དུ་གསོལ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་། སོགས་ཀྱིས་བཟོད་པར་གསོལ། བརྟན་ཡོད་ན་བརྟེན་བཞུགས་བྱ། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཀ་ཏིཥྛ་ཧཱུྃ། ཞེས་བརྗོད་ལ་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བྱའོ། །སྲིད་གསུམ་བགེགས་རིགས་ཀུན་ཉམས་ཤིང་། །གྲུབ་པ་རྣམ་གཉིས་བདེ་བླག་འགྲུབ། །ནག་པོ་ཆེ་དང་དབྱེར་མེད་པར། །རྒྱལ་བསྟན་སྲུང་བའི་མཐུ་ཐོབ་ཤོག །ཅེས་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཁྲིད་སྲོལ་གཅེས་པར་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ལས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྲུང་གི་གཙོ་བོར་བསྔགས་པ་འདི་ལ་རྒྱུད་གཞུང་མན་ངག་མཐའ་ཡས་པ་བཞུགས་པ་ལས། སྒྲུབ་ཐབས་རྗེས་གནང་གི་སྙིང་པོ་ཇོ་ནང་རིན་འབྱུང་དུ་བཞུགས་པ་ལས་ཟུར་ཕྱུང་བཀླགས་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

གདམས་ངག་མཛོད་པོད་བཅུ་པ།
དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་བ་སྐུ་རེགས་མའི་རྒྱ་གཞུང་དང་འཁོར་ལོ་གཉིས་མའི་སྒྲུབ་ཐབས་ཀྱི་ཁྲིད་ཡིག


LT19_Page_236A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་བ་སྐུ་རེགས་མའི་རྒྱ་གཞུང་དང་འཁོར་ལོ་གཉིས་མའི་སྒྲུབ་ཐབས་ཀྱི་ཁྲིད་ཡིག་བཞུགས་སོ། །


LT19_Page_236B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙིཏྟ་གུ་ཧྱ་ས་མ་ཡ་མ་ཧཱ་ཀྲྀཥྞ་སཱ་དྷ་ནཾ། བོད་སྐད་དུ། ནག་པོ་ཆེན་པོའི་གསང་བ་དམ་ཚིག་ཐུགས་སུ་སྒྲུབ་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་ལ་ཕྱག་འཚལ་ལོ། ནག་པོ་ཆེན་པོ་གསང་བ་ཡི། །སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས། །ཆགས་པས་དབང་དུ་སྡུད་པ་དང་། །དྲག་པོས་ལས་ལ་སྦྱར་བ་ཡི། །གསང་བའི་མན་ངག་བསྟན་འདིའོ། །སྐུ་གསུང་ཐུགས་དང་ཕྲིན་ལས་དང་། །ཡོན་ཏན་སྒྲུབ་པ་འདི་ཉིད་དེ། །སྲོག་དང་སྲོག་མ་ཡིན་པ་དང་། །དྭངས་མ་དང་ནི་སྙིགས་མ་ལ། །ཐུན་མོང་ཁྱད་པར་ཤེས་པར་བྱ། །གཏོར་དང་དྲིལ་བ་ལས་ཀྱི་སྔགས། །ཡེ་ཤེས་མགོན་པོ་ཆེན་པོ་ཡི། །ཡབ་ཡུམ་སྦྲེལ་མར་སྒྲུབ་པ་འདིས། །སངས་རྒྱས་བསྟན་པའི་སྙིང་པོ་སྲུང་། །ལས་མགོན་གསུམ་ནི་འདི་ཡིན་ཏེ། །ཚེ་བདག་སྐུ་དང་འཆི་བདག་གསུང་། །སྲོག་བདག་ཐུགས་ཏེ་གསུམ་ཡིན་ནོ། །ལས་བྱེད་བདུད་དང་རྒྱལ་པོ་དང་། མ་མོ་གསུམ་ན་ཤེས་པར་བྱ། །གསང་བའི་ཡུམ་ནི་ཁྲོས་མ་ཆེ། །དཔུང་སྒྲོལ་ནག་མོ་ཆེན་མོ་ཡིན། །འདི་ཡི་གསང་སྔགས་སྐྱེད་ཚུལ་དག །སྦས་པ་དྲག་མོ་


LT19_Page_237A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ཡིན། །གསང་རྟེན་ཙིཏྟའི་ཡང་སྙིང་འདི། །ལུས་ལ་བཅང་བ་བསྟེན་པའི་རྫས། །དར་ནག་བྲིས་སྐུ་སྲོག་སྙིང་བཅས། །ལུས་དང་གྲིབ་མ་བཞིན་དུ་བསྟེན། །ལྷ་སྲིན་སྡེ་བརྒྱད་དབང་དུ་འདུ། །བསང་དང་གསོལ་བ་འདིར་མི་དགོས། །ཕྱི་ནང་གསང་བ་མ་ལུས་པའི། །སྐུ་གསུང་ཐུགས་ནི་འདི་ཡིན་ཏེ། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །འདི་ནི་ཡོད་པ་ཙམ་གྱིས་ནི། །འབོད་ཅིང་བསྙེན་པ་སྒྲུབ་པ་དང་། །རྣལ་འབྱོར་ཕྲིན་ལས་འདི་ཡིས་འགྲུབ། །ཅེས་པ་འདི་དཔལ་ཕག་མོ་གྲུབ་པས་སྐུ་རགས་ཀྱི་ལྟེ་བ་ནས་དར་དམར་པོ་སུམ་ཡུག་གཅིག་གིས་དྲིལ་ནས་ཕྱུང་བ་ཡིན་ནོ། ༈ །ན་མོ་གུ་རུ། དཔལ་ནག་པོ་ཆེན་པོ་སྒྲུབ་ཐབས་སྐུ་རགས་མའི་ཁྲིད་འདི་ནི། ཆོས་སྐྱོང་ཕྱག་བཞི་པའི་སྒྲུབ་སྐོར་ཐམས་ཅད་ཀྱི་གསང་སྒྲུབ་ཀྱི་ཟབ་དོན་ཐམས་ཅད་བསྡུས་པ་ཡིན། དེ་ཡང་ཕྱི་ཚུལ་དུ་སྒྲུབ་པ། །ནང་ཚུལ་དུ་སྒྲུབ་བ། གསང་བའི་ཚུལ་དུ་སྒྲུབ་པ་དང་གསུམ་ལས། དང་པོ་ཕྱི་སྒྲུབ་ནི། གནས་དབེན་པར་སྒྲུབ་པའི་ཆ་རྐྱེན་འཛོམ་པར་བྱ་ཞིང་། མཆོད་གཏོར་གྱི་དངོས་པོ་ཅི་འཛོམ་མཎྜལ་གྱི་སྟེང་དུ་


LT19_Page_237B
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། དེ་ནས་རང་ཉིད་སྟན་བདེ་བ་ལ་བསམ་གཏན་ཡན་ལག་གིས་གནས་པར་བྱས་ལ། སྐྱབས་འགྲོ་དང་སེམས་བསྐྱེད་བསྡུས་པ་བྱས། སྐད་ཅིག་གིས་ཐུན་མཚམས་ཀྱི་ཧེ་རུ་ཀར་གསལ་བས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། སྣ་ཚོགས་པདྨ་ཉི་མའི་སྟེང་དུ་ཧཱུྃ་ཞུ་བ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་ལྔ་དཀར་བ། ལྷོའི་རྭ་ལྔ་སེར་བ། ནུབ་ཀྱི་རྭ་ལྔ་དམར་བ། བྱང་གི་རྭ་ལྔ་ལྗང་བ། ལྟེ་བ་མཐིང་ག་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཧཱུྃ་མཐིང་ནག །ཧཱུྃ་དེ་ལས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་ཏེ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་སོང་བས་རྡོ་རྗེའི་ས་གཞི་རྭ་བ། བླ་བྲེ་བསྐལ་པའི་རླུང་གིས་བསྐྱོད་པར་མི་ནུས་ཤིང་། སྲ་བ་མཁྲེག་པའི་གུར་དུ་གྱུར། ཧཱུྃ་ལས་རྡོ་རྗེ་ཕྲ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། སྔར་གྱི་གུར་ཁང་དེའི་གསེང་ཐམས་ཅད་བཏོན་ནས་ཞལ་བྱས་པས་རླུང་སེར་བུ་ཡང་མི་ཐར་བར་བསམ། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། དེ་ནས་སྣ་ཚོགས་རྡོ་རྗེའི་འོག་གི་ཉི་མ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་གུར་ཁང་གི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔའི་རང་བཞིན་དུ་འབར་བར་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ། བཛྲ་ཛྭ་ལ་རཾ་རཾ། དེ་ནི་འདིའི་ལུགས་ཀྱི་སྲུང་འཁོར་རོ། །དེའི་ནང་དུ་རང་ཉིད་ཧེ་རུ་ཀར་གནས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཁོར་ལོ་བདེ་མཆོག་ལ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ མཆོད་པ་འབུལ་བདུན་རྣམ་དག་བྱ། །དེ་རྣམས་འོད་དུ་ཞུ་ནས་བདག་དང་གཉིས་སུ་མེད་པར་བསམ། དེ་རྗེས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སངས་རྒྱས་ཀྱི་བསྟན་པ་སྲོག་བཞིན་དུ་བསྲུང་། དཔལ་ཡེ་ཤེས་ཀྱི་མགོན་པོའི་བསྐྱེད་རྫོགས་ཀྱི་ཁྲིད་


LT19_Page_238A
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བགྱིའོ། །ཚད་མེད་པ་བཞི་ལ་སོགས་རྒྱུད་ལ་མ་སྐྱེས་ཀྱི་བར་ཤེར་སྙིང་ཚར་གསུམ་བཏོན་པའི་ཡུན་ཙམ་དུ་ནན་ཏན་བྱས་ལ་བསྒོམ། རྒྱུད་ལ་ལྷང་གིས་སྐྱེས་པའི་རྟགས་སུ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་ཤུགས་ཀྱིས་སྐྱེས་པའམ། རང་གི་སེམས་རྒྱུད་མཉེན་ལྷན་གྱིས་འགྲོ་བའམ། ལུས་ཀྱི་མཚན་ཁུང་རྡུལ་ཆིལ་འོང་། དེ་ལྟ་བུ་བྱུང་བ་དང་། ༀ་སྭ་བྷཱ་ཝ་ཤུདྡྷ་སོགས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པར་བསམ། དེས་ནི་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོ་ལ་གནད་དུ་བསྣུན་པའོ། །དྭངས་མའི་སྲོག་འདི་མེད་ན་ནག་པོ་ཆེན་པོ་གཏན་ནས་མི་འགྲུབ་གསུངས། དེའི་རྗེས་ནས་རང་ཉིད་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་གཞུང་ནས་འབྱུང་བ་བཞིན་བསྒོམ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ། གོ་ཆ་དགོད། ཡེ་ཤེས་པ་བསྟིམ། དབང་བླང་། དབང་བསྐུར་དབུ་བརྒྱན་པ་ཡན་བྱེད། བརྟན་པར་བྱ་བའི་ཕྱིར་བཟླས་པ་ཕྲེང་སྐོར་གཅིག་བྱ། ཐུགས་ཀར་ཉི་མའི་སྟེང་དུ་ཡེ་ནས་གནས་པའི་ཧཱུྃ་གི་ཐ་མར་ཡི་གེ་བདུན་པ་དང་། ཕྱག་བཞི་པའི་ཡི་གེ་བདུན་ནམ། བཅུ་གསུམ་པའམ་གང་རུང་གིས་བསྐོར་བར་བསྒོམ། དེ་ནས་མདུན་བསྐྱེད་དུ། རྟེན་གཏོར་མ། ཡང་ན་མེ་ཏོག་ཚོམ་བུའམ། མེད་ཀྱང་ཏིང་ངེ་འཛིན་གྱིས་བྱ་སྟེ། གདན་པདྨ་དང་ཉི་མའི་སྟེང་དུ་བཾ་བསྣོལ་བའི་སྟེང་དུ་བདག་ཧེ་རུ་ཀའི་ཐུགས་ཀ་ནས་ཧཱུྃ་ལས་སྲས་ཀྱི་ཚུལ་དུ་ཧཱུྃ་གཅིག་སྤྲོས་པ་མདུན་གྱི་གདན་ལ་འདུག་པར་བསམ་ལ། །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། གདུག་པ་ཅན་ཚར་བཅད། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གྲི་གུག་ཏུ་གྱུར། འོད་ཟེར་འཕྲོས་དོན་གཉིས་བྱས་ནས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མངོན་རྟོགས་ལྟར་བསྐྱེད། དབུ་རྒྱན་ཡན་བྱས།


LT19_Page_238B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ནག་པོའི་མཐར་ཡི་གེ་བདུན་པའམ། ཡི་གེ་བཅུ་པས་བསྐོར་བར་བསྒོམ། དེ་ནས་རང་གིས་སྔགས་བཟླས་པས། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། མདུན་གྱི་ཡེ་ཤེས་མགོན་པོའི་ཐུགས་ཀར་ཐིམ། ཞལ་ནས་རང་གི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པར་བསྒོམ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་ཕྲིན་ལས་བཞི་ལ་སོགས་པ་གང་འདོད་པའི་དངོས་གྲུབ་སྟེར་བར་བསམ། འཕྲོ་འདུའི་བཟླས་པ་བྱའོ། །མཐར་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་། མཐུ་དང་ནུས་པ། ཚེ་དང་དཔལ་དང་གྲགས་པ་མི་ནོར་ཟས་གསུམ་གྱི་དངོས་གྲུབ་ཐམས་ཅད་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ཚུལ་དུ་རང་གི་ཐུགས་ཀར་འུབ་ཀྱིས་འདུས་པར་བསམ་མོ། དེ་ནས་གཏོར་མ་འབུལ། བསྟོད་པ་བྱ། མདུན་གྱི་ལྷ་རང་ངམ་རྟེན་ལ་བསྟིམས་ལ་ཡི་གེ་བརྒྱ་པ་བརྗོད། རྗེས་ལ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག །ཐུན་མགོ་མཇུག་ལ་དྭངས་མའི་སྲོག་ལ་གནད་དུ་བསྣུན་པ་ནི། ཡེ་ཤེས་མགོན་པོ་སྒྲུབ་པའི་གནད་ཟབ་མོ་ཡིན་ནོ། །དེ་ནི་ཕྱི་ལྟར་སྒྲུབ་པའོ། །ད་ནི་ནང་ལྟར་སྒྲུབ་པའི་མན་ངག་ནི། གོང་གི་སྐྱབས་འགྲོ་ནས་སྲུང་འཁོར་བསྒོམ་པ། ཧེ་རུ་ཀའི་མངོན་རྟོགས་ནས་བསྙེན་པ་ཕྲེང་སྐོར་གཅིག་ཡན་གྱིས་བརྟན་པར་བྱ་བ་གོང་དང་འདྲའོ། །གོང་བཞིན་དུ་རང་ཉིད་ཀྱི་ཐུགས་ཀ་ནས་ཧཱུྃ་གཅིག་སྲས་ཀྱི་ཚུལ་དུ་འཕྲོ་བ་ལ་སོགས་མདུན་དུ་མགོན་པོ་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པ་དང་། འཁོར་ལས་བཞི། སེང་གདོང་ཙནྟི་ཀ་ལ་སོགས་འོག་གི་གསང་སྒྲུབ་ཀྱི་ནང་ལྟར་བསྒོམ། ནག་པོ་སྟོང་ལ་སོགས་སྡེ་བརྒྱད་དང་སྦྲེལ་ནས་བསྒོམ་པ་ལ་སོགས་རྒྱས་བསྡུས་ཇི་ལྟར་བྱས་ཀྱང་འགལ་བ་མེད། དབང་བསྐུར་དབུ་བརྒྱན་པ་ཡན་བྱ། བསྙེན་པ། ༀ་བཛྲ་ཀ་ཝུ་ཝ་ཝ་པ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཞེས་པ་བཅོ་ལྔ་པ་ལས་འོད་ཟེར་


LT19_Page_239A
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟ་བུའི་འཕྲོ་འདུའི་དམིགས་པ་བྱ། བཟླས་པ་བྱ། ཐུན་མགོ་མཇུག་ལ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོ་ལ་གནད་དུ་བསྣུན་པ་གོང་ལྟར་བྱའོ། །གཏོར་མ་བསྟོད་བ་བྱ། མདུན་བསྐྱེད་རང་ལ་བསྟིམ། ཡི་གེ་བརྒྱ་པ་བརྗོད། དེ་ནི་ནང་ལྟར་སྒྲུབ་པའོ། །སྐུ་གསུམ་ལས་དེ་གཉིས་ནི་སྤྲུལ་སྐུར་སྒྲུབ་པའོ། །ད་ནི་གསང་བའི་སྒྲུབ་པ་སྟོན་ཏེ། འདི་ལ་གཉིས་ལྟེ་བ་སྤྲུལ་པའི་འཁོར་ལོ་དང་། གསང་གནས་ལ་བརྟེན་ནས་ལོངས་སྤྱོད་རྫོགས་སྐུའི་ཚུལ་དུ་སྒྲུབ་པ་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་ཆོས་སྐུར་སྒྲུབ་པའོ། །དང་པོ་ལྟེ་བ་སྤྲུལ་པའི་འཁོར་ལ་བརྟེན་ནས་ལོངས་སྐུར་སྒྲུབ་པ་ནི། དང་པོ་སྐྱབས་འགྲོ་དང་། སྲུང་འཁོར་དང་། བདེ་མཆོག་ལྷན་སྐྱེས་བསྒོམ་པ་གོང་ལྟར་བྱས་ལ། སྐུ་གསུང་ཐུགས་བྱིན་གྱི་བརླབས་ལ། ༀ་ཨཱཿཧཱུྃ་བརྒྱ་རྩ་བརྒྱད་བཟླ། ཡེ་ཤེས་པ་བསྟིམ། དབང་བསྐུར་དབུ་བརྒྱན། བསྙེན་པ་ཕྲེང་སྐོར་གཅིག་ཙམ་གྱིས་གསལ་ཞིང་བརྟན་པར་བྱས། ད་ནི་ཡེ་ནས་གནས་ཚུལ་ལམ་དུ་བྱེད་པ་ནི། གསང་བའི་ཁྲིད་ཀྱི་དམིགས་པ་ལ། རང་ཉིད་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་སྐུའི་ནང་ཁོང་སྟོང་ཤེལ་གྱི་བུམ་པའི་ནང་ལྟ་བུ་ཕྱི་གསལ་ནང་གསལ་མ་བསྒྲིབས་པའི་དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ་སྦོམ་ཕྲ་མདའ་སྨྱུག་ཙམ་ཁོག་པ་སྟོང་པ། ཡར་སྣེ་སྤྱི་གཙུག །མར་སྣ་གསང་གནས་སུ་ཟུག་པ། གཡས་སུ་རྩ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ། དེ་གཉིས་ཡར་སྣེ་སྤྱི་གཙུག་ནས་སྣ་བུག་གཉིས་སུ་ཟུག་པར་བསྒོམ། མར་སྣེ་ལྟེ་འོག་སོར་བཞི་པ་གནང་གནས་སུ་རྩ་གཉིས་ཀྱི་སྣེ་དབུ་མའི་ནང་དུ་འདུས་པར་བསམ། གསང་གནས་རྩ་གསུམ་འདུས་མདོ་ནས། གསང་གནས་བདེ་སྐྱོང་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་ཡོད་པ། ལྟེ་བ་སྤྲུལ་པའི་འཁོར་ལོ་དབུས་སུ་ༀ་ཡོད་པ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོ་དབུས་ན་ཧཱུྃ་ཡོད། རྩ་འདབ་མ་བརྒྱད་


LT19_Page_239B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་དབུས་སུ་ༀ་ཡོད། རྩ་འདབ་མ་བཅུ་དྲུག་ཡོད་པ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའི་དབུས་ན་ཧྃ་ཡོད། རྩ་འདབ་སུམ་ཅུ་སོ་གཉིས་ཡོད་པའོ། །དེ་ནི་ཡེ་ནས་གནས་ལུགས་སོ། །དེ་རྣམས་གསལ་བཏབ་ལ་རླུང་ལ་གནད་དུ་བསྣུན་པས་ཡུན་བསྲིངས་ལ་བསྒོམ། སྟོང་ར་དེ་ལ་དམིགས་པ་གསལ་ཞིང་བརྟན་པ་གལ་ཆེའོ། །དེ་ནས་གསང་གནས་སུ་རྩ་གསུམ་འདུས་མདོ་ན་རང་བྱུང་གི་ཆོས་འབྱུང་གྲུ་གསུམ་ཡོད་ལ། དེའི་དབུས་སུ་ཡེ་གདོད་མ་ནས་རང་བཞིན་གྱིས་ལྷུན་གྲུབ་ཏུ་རང་བྱུང་གིས་གནས་པའི་སྲོག་ཡུམ་གྱི་ས་བོན་བྃ་མམ་ཧྲཱིཿའམ། ཨ་ཐུང་ཤད་ཀྱི་རྣམ་པའམ། གཏུམ་མོ་ཞེས་གསུངས་པ་ཡོད་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་པདྨ་ཉི་མའི་གདན་སྟེང་དུ་གནས་པའི་སྲོག་ཨའམ་ཧཱུྃ་སེར་པོ་ལས། ཡོན་ཏན་གྱི་མགོན་པོ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རིན་པོ་ཆེ་དང་། གཡོན་དྲིལ་བུ་འཛིན་པ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆ་དྲུག་དང་། རིན་པོ་ཆེས་བརྒྱན་པ། ཞབས་གཉིས་གར་ཐབས་ཀྱིས་བཞེངས་ནས་འཇིགས་ཕྱེད་དང་དུས་མཚན་མནན་པ། དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་སེར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཐོད་པ་སྐམ་པོ་དང་ཕྱག་རྒྱ་ལྔས་བརྒྱན་པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་དབུས་སུ་ཟླ་བའི་གདན་སྟེང་དུ་གནས་པའི་ཡེ་ནས་གནས་ཚུལ་ལམ་དུ་བྱེད་པ་སྲོག་ཧཱུྃ་སྔོན་པོ་བསྒོམ། ཧཱུྃ་དེ་ལས་འོད་ཟེར་རྩ་དབུ་མའི་ནང་ནས་མར་འཕྲོས། ལྟེ་བའི་ལྷན་སྐྱེས་ཀྱི་ལྷ་ཚོགས་ཀྱི་ཐུགས་ཀར་ཕྱོག །ཐུགས་དམ་གྱི་རྒྱུད་བསྐུལ་ནས་རྩ་གསུམ་འདུས་མདོ་ནས་ཡར་སོང་། ཡང་འོད་ཟེར་དེ་རྩ་གཡས་པ་རོ་མའི་ནང་ནས་ཡར་བྱོན་ནས་སྣ་བུག་གཡས་ནས་བྱུང་། རླུང་གཅིག་འབུད་པ་དང་བསྡོངས་ནས་འོད་ཟེར་དེ་རྗེ་བཙུན་མར་གྱུར་ནས། རྗེ་


LT19_Page_240A
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་དང་སྣ་བུག་གཡས་པའི་རླུང་བསྡོངས་ནས་འོད་འཕྲོས་པས། འོག་མིན་གྱི་གནས། རྒྱ་གར་རྡོ་རྗེའི་གདན། དུར་ཁྲོད་བརྒྱད་དང་བསིལ་བའི་ཚལ་ན་བཞུགས་པའི་ཆོས་སྐྱོང་ཕོ་རྒྱུད་རྣམས་ལ་ཕོག །དེ་རྣམས་འོད་ཟེར་དུ་གྱུར། འདར་ཞིང་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ་གཅིག་ཏུ་གྱུར། དེའི་ཐུགས་ཀར་གནས་པའི་སྲོག་ཧཱུྃ་གཅིག་བསམ། དེ་ནས་འོད་ཟེར་རྗེ་བཙུན་མར་གྱུར་པའི་ཕྱག་གཡས་པའི་གྲི་གུག་གིས་གནས་པའི་སྲོག་ཧཱུྃ་དེ་ལ་འཇུས་ནས། སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ལ་མྱུར་དུ་བྱོན་ཅིག །མ་བྱོན་ན་གྲི་གུག་གིས་གནས་པའི་སྲོག་གཅོད་དོ། །ཞེས་པའི་ཚུལ་དུ་བསྐུལ་ནས། རླུང་འཚུབས་ཀྱིས་སྦུར་མ་བསྡུས་པ་ལྟར་རང་དབང་མེད་པར་དབང་དུ་བསྡུས་ནས་རླུང་གཅིག་རྔུབས་པ་དང་ལྷན་དུ་རང་གི་སྣ་བུག་གཡས་སུ་ཞུགས། རྩ་གཡས་པ་ལ་ཐིམ་པར་བསམ། དེ་ཡང་ཕྱིའི་རྟེན་འབྲེལ་དུ་ནག་པོ་སྟོང་། ནང་གི་རྟེན་འབྲེལ་དུ་རྩ་གཡས་པ་ལ་རྩ་སྣ་སྟོང་གིས་བསྐོར་ནས་ཡོད་པའོ། །གསང་བའི་རྟེན་འབྲེལ་དུ་རྩ་ལ་གནད་དུ་བསྣུན་པའི་ཕྱིའི་ནག་པོ་སྟོང་དབང་དུ་འདུས་ནས་སངས་རྒྱས་ཀྱི་བསྟན་པ་སྲོག་བཞིན་ཏུ་སྲུང་། དེ་ལྟར་མ་རྟོགས་པའི་དུས་སུ་ཞེ་སྡང་ཡིན། སྲིད་པ་པོ་རྒྱུད་པའི་སྲོག་ཞེ་སྡང་ཡིན། དེའི་རྟགས་བྱིས་པ་ཆུང་ངུ་ལ་ཡང་ཞེ་སྡང་གི་གཏམ་དང་རྣམ་འགྱུར་བསྟན་ན་རྔམ་རྔམ་ཙིག་ཙིག་ལ་འགྲོ་བ་དེ་ཡིན་ནོ་གསུངས། མཆན། རྟོགས་པའི་དུས་སུ་གསལ་སྟོང་ཟུང་འཇུག་ཡིན། འབྲས་བུའི་དུས་སུ་སྤྲུལ་སྐུ་མངོན་དུ་གྱུར། རྩ་རླུང་ཐིག་ལེ་ཡང་ལས་མགོན། ལས་མགོན་ཡང་རྩ་རླུང་ཐིག་ལེ་ཡིན། དེ་ལ་གནད་དུ་བསྣུན་པ་བསྒོམ་མོ། རང་རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་མར་འཕྲོས། ལྟེ་བའི་ལྷན་སྐྱེས་ལ་ཕོག །ཐུགས་དམ་རྒྱུད་བསྐུལ་ལྷན་སྐྱེས་ཀྱི་ཐུགས་ཀ་ནས་འོད་ཟེར་མར་བྱོན་ནས་རྩ་གསུམ་འདུས་མདོ་ནས་གཡོན་རྩ་རྐྱང་མའི་ནང་ནས་ཡར་བྱུང་། སྣ་བུག་གཡོན་ནས་རླུང་ཕྱིར་སོང་


LT19_Page_240B
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བསྡོངས་ནས་ཕྱིར་འཕྲོས་པ་དང་འོད་ཟེར་རྗེ་བཙུན་མར་གྱུར་པ་དང་། རང་གིས་སྦུད་པའི་རླུང་གཉིས་བསྡོངས་ནས། འོག་མིན་རྒྱ་གར་རྡོ་རྗེ་གདན་དུར་ཁྲོད་བརྒྱད་དང་བསིལ་བའི་ཚལ་ནས་ཆོས་སྐྱོང་མོ་རྒྱུད་རྣམས་ལ་ཕོག །དེ་རྣམས་འོད་ཟེར་དུ་གྱུར་པས་འདར་ཞིང་ཡོངས་སུ་གྱུར་ནས་ཡུམ་རྩ་འཇིབ་མ་གཅིག་ཏུ་གྱུར། དེའི་ཐུགས་ཀར་གནས་པའི་སྲོག་བྷྱོཿཡིག་བསྒོམ། དེ་ནས་འོད་ཟེར་རྗེ་བཙུན་མར་གྱུར་པ་གོང་ལྟར་བསྒོམས་ནས་རླུང་གཅིག་རྔུབས་པ་དང་ལྷན་དུ། རང་གི་སྣ་བུག་གཡོན་དུ་ཞུགས་རྩ་གཡོན་པ་ལ་ཐིམ་པར་བསམ། ཕྱིའི་རྟེན་འབྲེལ་ལམ་མོ་བྱེ་བ། ནང་གི་རྟེན་འབྲེལ་ལ་རྩ་གཡོན་པ་ལ་རྩ་སྣ་བྱེ་བས་བསྐོར་ནས་ཡོད། གསང་རང་དབང་མེད་པར་དབང་དུ་བསྡུས་ནས། འོད་ཟེར་རྗེ་བཙུན་མར་གྱུར་པ་དེ་དང་དཔལ་ལྷ་མོ་དང་གནས་སྲོག་བྷྱོཿདང་རང་གི་རླུང་དང་བཞིའོ། མཆན། བའི་རྟེན་འབྲེལ་ལ་རྩ་རླུང་སེམས་ལ་གནད་དུ་བསྣུན་པས། མ་མོ་བྱེ་བ་དབང་དུ་འདུས་ནས་སངས་རྒྱས་ཀྱི་བསྟན་པ་སྲོག་བཞིན་དུ་གྱུར། དེ་ལྟར་མ་རྟོགས་པའི་དུས་སུ་འདོད་ཆགས[1]། རྟོགས་ན་བདེ་སྟོང་ཟུང་འཇུག་གྲུབ་པའི་དུས་ལོངས་སྐུ་ཡིན། རྩ་རླུང་ཐིག་ལེ་ཡང་མ་མོ་ཡིན། མ་མོ་ཡང་རྩ་རླུང་ཐིག་ལེ་ཡིན། རླུང་བཟུང་ལ་བསྒོམ་པའོ། །ཡང་ཕྱིའི་རྟེན་འབྲེལ་དུ་ཡེ་ཤེས་སྲིད་པ་མོ་རྒྱུད་ཀྱི་སྲོག་འདོད་ཆགས་ཡིན། མགོན་པོ། ནང་གི་རྟེན་འབྲེལ་དུ་རྩ་དབུ་མ། གསང་པའི་རྟེན་འབྲེལ་དུ་རྩ་རླུང་ཐིག་ལེ་ལ། གཏུམ་མོ་ལྟ་བུར་གནད་དུ་བསྣུན་པས། ཡེ་ཤེས་མགོན་པོ་དབང་དུ་འདུས་ནས། སངས་རྒྱས་ཀྱི་བསྟན་པ་སྲོག་བཞིན་དུ་སྲུང་། དེ་ལྟར་མ་རྟོགས་ན་གཏི་མུག[2] །རྟོགས་ན་རིག་སྟོང་ཟུང་འཇུག་[3]འབྲས་བུ་ཆོས་སྐུ། རྩ་རླུང་ཐིག་ལེ་ཡང་ཡེ་ཤེས་ཀྱི་མགོན་པོ། ཡེ་


LT19_Page_241A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མགོན་པོ་ཡང་རྩ་རླུང་ཐིག་ལེ་ཡིན་ནོ། །རླུང་སྟེང་འོག་ཁ་སྦྱོར་ལ་སེམས་ཀྱི་གནད་ཤེར་ཉེར་ཡུན་རིང་དུ་བསྣུན། རྩ་གཡས་ཀྱི་ནག་པོ་སྟོང་ཡེ་ཤེས་མགོན་པོར་གྱུར། རྩ་གཡས་པའི་ནང་དུ་ཞུགས་པར་བསྒོམ། །གཡོན་གྱི་མ་མོ་བྱེ་བ་ཡུམ་ཙནྟི་ཀར་གྱུར། རྩ་གཡོན་པའི་ནང་དུ་ཞུགས་པར་བསྒོམ། དཔེར་ན་འཇིག་རྟེན་པའི་ཕོ་གཞོན་མོ་གཞོན་གཉིས་གཅིག་ལ་གཅིག་ཆགས་ནས་དུས་འདེབས་པ་བཞིན། ཡབ་ཡུམ་གཉིས་གཅིག་ལ་གཅིག་ཆགས་པའི་ཚུལ་གྱིས་ཕར་གཟིགས་ཚུར་གཟིགས་མཛད་པས། དེ་ནི་ཆགས་པས་དབང་དུ་བསྡུ་བ་སྟེ། ཕྱི་ནང་གསང་གསུམ་ལ་འདིར་རྗེ་བཙུན་མར་བསྒོམས་བས། ཕོ་རྒྱུད་མོ་རྒྱུད་རྣམས་ཕྱི་རོལ་ནས་བསྡུས་ཏེ། ཕྱི་ལྟར་ཆགས་པས་དབང་དུ་སྡུད་པ་ཡིན། ནང་གི་རྩ་གཡས་གཡོན་གཉིས་ནས་ཡབ་ཡུམ་གཉིས་ཕར་གཟིགས་ཚུར་གཟིགས་མཛད་ནས་གསང་གནས་སུ་རྩ་གསུམ་འདུས་མདོར་བྱོན་པ་དེ་ནི་ནང་ལྟར་ཆགས་པས་དབང་དུ་བསྡུ་བའོ། །ནང་གི་འཁོར་ལོ་གཉིས་སུ་སྙོམས་འཇུག་བྱེད་པ་ལ་སེམས་གནད་དུ་བསྣུན་པ་ཞབས་ནས་འོང་བ་ནི་གསང་བ་ལྟར་ཆགས་པས་དབང་དུ་སྡུད་པའོ། །ཡབ་ཡུམ་གཉིས་རྩ་གཡས་གཡོན་གཉིས་ནས་མར་བྱོན། གསང་གནས་རྩ་གསུམ་འདུས་མདོའ་རང་བྱུང་གི་ཆོས་འབྱུང་ཡོད་པ་དེའི་དབུས་སུ། ཉི་མ་[4]ཟུར་གསུམ་ཆོས་འབྱུང་གི་ནང་ཁེངས་པ་རོ[5]འི་གདན་གན་རྐྱལ་དུ་བསྣོལ་བའི་སྟེང་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོ་བྷེ་ཏའི་འབྲས་བུ་[6]དམར་པོ་རློན་པ་དང་། གཡོན་གྱི་དང་པོས་[7]ཐོད་ཁྲག་བསྣམས་ནས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་[8]


LT19_Page_241B
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་དང་། གཡོན་གྱི་འོག་མས་ཁ་ཊྭཱཾ་ཕྱར་པ། ཞལ་གདངས་པ། ལྗགས་འདྲིལ་བ། མཆེ་བ་བཞི་གཙིགས་པ། སྤྱན་གསུམ་ཟླུམ་པ། སྤྱན་རྩ་དམར་བ། ཨག་ཚོམ་དང་སྨ་ར་དམར་སེར་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། སྐུ་སྟོད་གླང་ཆེན་[9]ཀོ་རློན་དང་། ཞིང་ཆེན་གཡང་[10]གཞིས་བརྒྱན་པ། སྐུ་སྨད་སྟག་ལྤགས་ཀྱི་ཤམ་ཐབས་མནབས་པ། དུར་ཁྲོད་ཀྱི་ཆས་དང་རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཉིས་འདོར་ཐབས་ཀྱིས་བཞེངས་པར་བསམ། དེའི་པང་དུ་སྦས་པའི་ཡུམ་ནག་མོ་ཙནྟི་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་ཀྱིས་གྲི་གུག །གཡོན་གྱིས་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། གཟིག་གི་པགས་པའི་ཤམ་ཐབས་ཅན། དུར་ཁྲོད་ཀྱི་ཆས་དང་རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བར་བསྒོམ། དེ་ནས་འཁོར་རྣམས་བསྐྱེད་པ་ནི། དབང་བྱ་གཡས་ལ་གནད་འབེབས་གཡོན། ཅེས་གསུངས་པས་ཐུགས་མགོན་དྲེགས་པའི་མངའ་བདག་བསྐྱེད་པ་ནི། གཙོ་བོའི་གཡས་སུ་སྦས་པའི་མགོན་པོ་གནོད་སྦྱིན་བྱ་རོག་གདོང་ཅན། སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག །གཡོན་པ་ཡིད་བཞིན་གྱི་ནོར་བུས་བཀང་བ་གཙོ་བོ་ལ་སྟོབ་པ། གཡས་ཀྱི་ཐོད་པ་བརྟེན་པ། ཞབས་གཡས་པུས་མོ་བཙུགས་པ། གཡོན་གྱི་བྲང་བ་བཙུགས་པ། གསུས་ཁྱིམ་ཆེ་བ། ནོར་བུ་དང་། རུས་པ་དང་། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་བ། གཙོ་བོ་ལ་འདུད་པར་མཛད་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ།[11] གསུས་ཁྱིམ་ཆེ་བ། །ཤ་རྒྱས་ཤིང་རྔམས་ལ་མཛེས་པ་བསྒོམ། ཆོས་འབྱུང་[12]གི་ཟུར་


LT19_Page_242A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ལས་མགོན་བྱ་རོག་གི་གདོང་པ་ཅན་གསུམ་ནི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ། དེ་རྣམས་ཀྱང་དུར་ཁྲོད་ཀྱི་ཆས་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་དང་རུས་པས་བརྒྱན་པ་གསུས་ཁྱིམ་ཆེ་བ། ཤ་རྒྱས་ཤིང་ཡན་ལག་ཐུང་ལ་སྦོམ་ཞིང་རགས་པ། ཞབས་གཉིས་བརྐྱང་བསྐུམ་གྱིས་འདོར་བའོ། །དེའི་གཡས་སུ་ཤ་ཟ་སེང་གདོང་། གཡོན་དུ་ཙནྟི་ཀ་གཉིས་བསྒོམ། དེའི་ཤར་དུ་ནག་པོ་སྟོང་། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི། དེའི་ཕྱི་རོལ་དུ་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བར་བསམ། དེ་རྣམས་ཀྱི་དཔྲལ་བར་ༀ་[13]དཀར་པོ།[14] མགྲིན་པར[15]་ཨཱཿདམར་པོ།[16] ཐུགས་ཀར་[17]ཧཱུྃ་སྔོན་པོ།[18] ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་། རྡོ་རྗེ་གདན། དུར་ཁྲོད་བརྒྱད། འདི་སྡེ་བརྒྱད་སྤྲེལ་ནས་སྒྲུབ་པ་ཡིན། ཌཱ་ཀི་བརྒྱད་བསྒོམ་མི་དགོས་གསུང་། བསིལ་བའི་ཚལ་ནས། ཡེ་ཤེས་མགོན་པོ་འཁོར་བཅས་ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཡེ་ཤེས་པ་བསྟིམ། དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ དབང་བསྐུར། སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པར་བསམ། གཞུང་ལས། སྐུ་གསུང་ཐུགས་དང་ཕྲིན་ལས་དང་། །ཡོན་ཏན་སྒྲུབ་པ་འདི་ཉིད་དེ། ཞེས་གསུངས་པ་ནི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐུའི་བྱིན་རླབས་ནུས་མཐུ་བཀྲག་མདངས་གཟི་བརྗིད་ཐམས་ཅད་བསྡུས་ནས་རང་དང་གཙོ་འཁོར་གྱི་དཔྲལ་བར་ༀ་ལ་ཐིམ། ཡང་འོད་འཕྲོས་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་བཅུ་གསུང་ལ་བསྡུ། ཡང་འོད་


LT19_Page_242B
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་སྐྱེ་འགྲོ་སྣང་སྲིད་འབྱུང་བ་བཞིའི་ཡོན་ཏན་དང་གཟི་བརྗིད་གསུང་ལ་བསྡུ། ཡང་འོད་ཀྱིས་ཉི་ཟླ་ནོར་བུ་ནགས་ཚལ་གྱི་བཀྲག་མདངས་གསུང་ལ་བསྡུ་གསུངས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས་གོང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་བསྡུས་ནས་ཨཱཿལ་ཐིམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས། དེ་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཐུགས་ཀར་ཐིམ། ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་མཐུ་ནུས་པ་ཡོན་ཏན། བཀྲག་མདངས་གཟི་བརྗིད་སྲོག་སྙིང་དང་། ཡིད་བཞིན་ནོར་བུ་ཉི་མ་ཟླ་བ། འབྱུང་བ་ཆེན་པོ་བཞི་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱི་ནུས་པ་སིབས་སིབ་རང་དང་གཙོ་འཁོར་རྣམས་ལ་ཐིམ་པར་བསམ། ཡང་ཡོན་ཏན་སྒྲུབ་པ་འདི་ཉིད། ཅེས་གསུངས་པ་ནི་གསང་གནས་ཀྱི་གནོད་སྦྱིན་བྱ་རོག་གདོང་ཅན་ལྗང་སེར་ནོར་ལྷ་ལྟར་སྒྲུབ་པ་འདི་སྐུ་གསུང་ཐུགས་དང་སྦྲེལ་ནས་སྒྲུབ་པ་ཡིན། མཐུ་ཕར་བྱེད་ན་ཆུང་གིས་མི་ཙུགས་བ་ཡིན་གསུངས། དེ་ཡིན། གཙོ་བོའི་ཐུགས་ཀར་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཉི་མའི་སྟེང་དུ་གནས་པའི་སྲོག་ནི་ཧཱུྃ་མཐིང་ནག །དེའི་མཐའ་མར་གདགས་པའི་སྲོག་ནི། ༀ་བཛྲ་ཀའུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་གཡོན་དུ་འཁོར་བར་བསམ། ཡུམ་གྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་ལྟེ་བར་གནས་པའི་སྲོག་བྷྱོཿདམར་ནག་གི་མཐའ་མར་གདགས་པའི་སྲོག་ནི། ༀ་ཀི་ན་ཤྭར་སྙིང་ཁ་རག་ཙིཏྟ་སྲོག་ཏུང་ཏུང་དུན་དུན་བྲེང་བྲེང་ཛཿཛཿཧཱུྃ། གཡས་བསྐོར་དུ་བསམ། ལས་མགོན་བཞིའི་ཐུགས་ཀར་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པའི་སྟེང་དུ་གནས་པའི་སྲོག་ཧཱུྃ་མཐིང་ག་རེའི་མཐའ་མར་ལས་མགོན་གྱི་སྔགས་ནོར་བུ་དམར་པོའི་ནང་དུ་གབ། ཅེས་པ་ནི། གདགས་པའི་སྲོག །ༀ་མ་ཧཱ་ཀཱ་ལ་ཀ་ཀ་མུ་ཁ་ས་མ་ཡ། སྲོག་ཏུང་ཏུང་དུན་དུན་བྲེང་བྲེང་ཛཿཛཿ


LT19_Page_243A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྔགས་ཚན་གསུམ་པོ་བཟླས་པ་བྱའོ། །ཡབ་ཡུམ་སྙོམས་འཇུག་མཛད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་། ལས་མགོན་རྣམས་ཀྱི་ཐུགས་ཀའི་ཧཱུྃ་དང་སྔགས་འཁོར་གཉིས་ཀྱི་བར་ན། གྲི་གུག་གི་སོ་ནང་དུ་བསྟན་ནས་འཁོར་བས་གནས་པའི་སྲོག་རྩ་ལ་རེག་ལ་ཁད་པར་བསམ། གཙོ་བོ་ཡབ་ཡུམ་གྱི་དབུའི་སྟེང་ན་བྱ་རོག་གནག་ལ་སྣུམ་པ་མིག་གསུམ་ཡོད་པ་གསུམ་གྱིས་གཡས་སྐོར་ལིང་ལིང་བྱེད་པར་བསམ། ཡབ་ཡུམ་ཕར་གཟིགས་འདི་གནས་པའི་སྲོག་གི་ཐ་མ་ལ། གདགས་པའི་སྲོག་གི་མགོ་ཐོག་ཏུ་ཕར་འཁོར་བར་བསྒོམ་པ་ཡིན་གསུངས། ཚུར་གཟིགས་མཛད་ནས་སྙོམས་འཇུག་གི་སྦྱོར་བ་མཛད་པ་ལ་སེམས་རྩེ་གཅིག་ཏུ་གཏད། འཁོར་རྣམས་ཀྱང་བདེ་བ་རྒྱས་ནས་གར་བྱེད་པར་བསམ། བདག་ལ་བདེ་བ་དྲག་པོ་ཟུག་རྔུ་དང་བཅས་པ་མ་སྐྱེས་ཀྱི་བར་དུ་བསྒོམ་[19]གསུངས། བདེ་བ་ཆེན་པོ་སྐྱེས་པ་དང་། གསང་གནས་ཀྱི་གཙོ་བོ་ཡབ་ཡུམ་གྱི་སྦྱོར་བ་འདི་གསང་བ་ལྟར་ཆགས་པས་དབང་དུ་སྡུད་པ་ཡིན། མཚམས་ནས་ཧཱུྃ་གཅིག་སྲས་ཀྱི་ཚུལ་དུ་རྩ་དབུ་མའི་ནང་ནས་ཡར་བྱོན། ལྟེ་[20]བའི་མགོན་པོ་ཡབ་ཡུམ་ལ་ཕོག་པས། ཡབ་ཡུམ་འོད་དུ་ཞུ་ནས་ཧཱུྃ་ལ་ཐིམ། ཧཱུྃ་དེ་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་པའི་སྲོག་ཧཱུྃ་ལ་ཐིམ། རང་གི་སྙིང་དེ་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུ་རྩེ་མོ་གྱེན་ལ་བསྟན་པའི་ནང་དུ་རྩ་སྦུབས་གསུམ་དང་ལྡན་པ་འོད་ཀྱི་རང་བཞིན། རྩ་སྦུབས་དབུ་མའི་ནང་དུ་པད་ཉི་རོའི་སྟེང་དུ་ཧཱུྃ་གནས་པའི་སྲོག་མཐིང་ག །འདི་ལ་ཏིང་ངེ་འཛིན་བཞི་ཡོད་པའི་དང་པོ་གནས་པའི་སྲོག་ལ་ཤེས་པ་གཏད་ལ་བསྒོམ། གཉིས་པ་ནི། དབུས་ཀྱི་གནས་པའི་སྲོག་དེ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་


LT19_Page_243B
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོ་སྐྱ་ཟར་མའི་མེ་ཏོག་གསར་བ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ་ནས་ཡབ་ཡུམ་གཉིས་གསང་གནས་སུ་བསྐྱེད་པ་ལྟར་བསྒོམ།[21] གསུམ་པ་ནི། མགོན་པོའི་ཐུགས་ཀར་བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ་བསྒོམ། བཞི་པ་ཁྱད་པར་འཕགས་པའི་ཟབ་པའི་ཏིང་ངེ་འཛིན་ནི། དེའི་ཐུགས་ཀར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ་སྐུ་མདོག་སྔོན་པོ། དེའི་ཐུགས་ཀར་ཤེལ་གྱི་མཆོད་རྟེན་དཀར་པོ་བང་རིམ་གསུམ་པ་བུམ་པ་བྲེ་བཅུ་གསུམ་འཁོར་ལོ་ཆར་ཁེ་བཏོག་དང་བཅས་པ་འདི་འཕྲོ་བ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འདུས་པ་བསྒོམ། བུམ་པ་ནང་དུ་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ནག་སྦུས་བྲིས་པ་ལྟ་བུ། དེའི་མཐའ་མར། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀ་ལ་ཡེ་ཀཱ་ལི་ཧཱུྃ་ཧཱུྃ་ཕཊཿ ཅེས་སྔགས་ཀྱིས་བསྐོར་བར་བསམ། རྩ་སྦུབས་གཡས་ཀྱི་ནང་དུ་ཧཱུྃ་མཐིང་ནག་ལ་གྲི་གུག་གམ། ལས་མགོན་བྱ་རོག་གདོང་ཅན་སྐུ་མདོག་མཐིང་ག །རྩ་སྦུབས་གཡོན་གྱི་ནང་དུ་མྃ་སྨུག་ནག་ལ་ཡུམ་དམར་མོ་རྩ་འཇིབ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་རལ་གྲི་དང་རྩེ་གསུམ། གཡོན་གཉིས་ཀྱིས་མདའ་གཞུ་དང་མི་མགོ་ཁྲག་འཛག་པ་བསྣམས་ཞེས་སོགས་གོང་ལྟར་བསྒོམ། པ། ཞབས་གཉིས་གར་ཐབས་སུ་བཞེངས་པའོ། །དེ་གཉིས་ཀྱི་ཐུགས་ཀར་ཧཱུྃ་དང་མྃ་ལ་སྙིང་པོ་གོང་ལྟར་བསྐོར་བར་བསམ་མོ། །མཆོད་རྟེན་གྱི་གདུགས་ཀྱི་མགོ་བཅུ་གསུམ་འཁོར་ལོའི་ཐད་ཀར་ལས་མགོན་བྱ་རོག་གདོང་ཅན་ཡུག་པོའི་འབྲུ་གུ་གྱེན་ལ་ལངས་པ་ཙམ་གསུམ་གྱིས་ལིང་ལིང་བསྐོར་བར་བྱེད་པར་བསམ། དེ་ལྟར་རྩེ་གཅིག་ཏུ་བསྒོམ་ལ་བསྙེན་སྔགས་གསུམ་སྦྲེལ་ལ་བྱ། ཡང་རླུང་བཟུང་བ་


LT19_Page_244A
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་གཉིས་རེས་མོས་བྱ་གསུངས། དེ་ལྟར་བསྒོམས་པས། སྔར་གྱི་བདེ་བ་ཟུག་དང་བཅས་པ་དེ་ལྷན་གྱིས་ཞི་ནས་འགྲོ། ཞི་བ་དང་ཡང་ཐུགས་ཀའི་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་[22]ནས་ཧཱུྃ་གཅིག་སྲས་ཀྱི་ཚུལ་དུ་རྩ་དབུ་མ་ནས་མར་བྱོན་ནས། གསང་གནས་ཀྱི་གཙོ་བོ་ཡབ་ཡུམ་ལ་ཐིམ་པས་གཙོ་འཁོར་རྣམས་གསལ་གདབ་ལ། ཡབ་ཡུམ་སྙོམས་འཇུག་བྱེད་པ་དང་འཁོར་རྣམས་གར་བྱེད་པ་ལ་ཤེས་པ་གཏད། ཏིང་ངེ་འཛིན་གསལ་ཞིང་བདེ་བ་སྐྱེས་པ་དང་། དེ་ལྟར་ཡར་སྤོ་མར་སྤོ་བྱས་པས་ཏིང་ངེ་འཛིན་བདེ་སྟོང་གསལ་ཞིང་གོམས་པར་གྱུར་པ་དང་། སྲས་ཚུལ་ཧཱུྃ་དེ་ཡར་རྒྱུག་མར་རྒྱུག་བྱེད་ཅིང་གཙོ་བོ་སྙོམས་འཇུག་བྱེད་འཁོར་གར་བྱེད་པར་བསྒོམ། སྲས་ཀྱི་ཧཱུྃ་དེ་ཡར་བྱོན་ནས་སྙིང་གའི་གཙོ་བོ་ཡབ་ཡུམ་སྙོམས་འཇུག་མཛད་པ་དང་། འཁོར་གཉིས་གར་བྱེད་པ་ལ་ཤེས་པ་གཏད། ཏིང་ངེ་འཛིན་གོང་འོག་གསལ་ཞིང་བདེ་བ་སྐྱེས་པ་དང་། སྲས་ཀྱི་ཧཱུྃ་དེ་ཡར་རྒྱུག་མར་རྒྱུག་ཇེ་མགྱོགས་ཇེ་མགྱོགས་བྱེད་པས་ཐུགས་ཀའི་གཙོ་འཁོར་ཐམས་ཅད་གར་ལོག་ལོག་བྱེད་པ་ལ་སེམས་གཏད་པ་གཅེས་སོ། །ཕལ་ཆེར་གསང་གནས་ལ་གཙོ་ཆེར་བྱ་གསུངས། དེ་རྣམས་ནི་ཐུན་མོང་མ་ཡིན་པའི་མན་ངག་ཆོས་སྐྱོང་ཞལ་ནང་དུ་གཟིགས་པའི་ལུགས་སོ། །ཞལ་ཕྱིར་གཟིགས་པ་ནི་ནང་གི་ལྷ་རྣམས་མི་གསལ་བའི་ཚེ་མདུན་བསྐྱེད་རྟེན་གཏོར་ལ་གཙོ་འཁོར་རྣམས་བསྐྱེད་ལ་མཉམ་པར་བཞག་ལ་བཟླས་པ་བྱའོ། །ཐུན་འཇོག་ཁར་གསང་གནས་ཀྱི་འཁོར་སྡེ་བརྒྱད་ལས་མགོན་ལ་ཐིམ། ལས་མགོན་ཡུམ་ལ་ཐིམ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཧཱུྃ་ལ་ཐིམ་ནས་ཡར་བྱོན་ནས་ཐུགས་ཀའི་གཙོ་བོ་ལ་ཐིམ་པས། གཡས་གཡོན་འཁོར་གཉིས་གཙོ་བོ་ཡབ་ཡུམ་ལ། ཡབ་ཐུགས་ཀའི་ལྷན་སྐྱེས་ལ།


LT19_Page_244B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བླ་མ་ལ། དེ་མཆོད་རྟེན་ལ། དེ་ཧཱུྃ་ནས་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས། དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ།མཐར་བསྔོ་བ་སྨོན་ལམ་བྱའོ།[23] སྲོག་དང་སྲོག་མ་ཡིན་པ་དང་། །དྭངས་མ་དང་ནི་སྙིགས་མ་ལས། །ཐུན་མོང་ཁྱད་པར་ཤེས་པར་བྱ། ཞེས་གསུངས་ཏེ། སྲོག་དང་ཞེས་པ་ནི་སྲོག་བཞི་མ་སྟེ། དྭངས་མའི་སྲོག་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པའོ། །གནས་པའི་སྲོག་ནི་མགོན་པོའི་ས་བོན་ཧཱུྃ་ཡུམ་གྱི་ས་བོན་བྷྱོ་མྃ། བཏགས་པའི་སྲོག་ནི་སྙིང་པོ་རྣམས་སོ། །འཁྲུལ་པའི་སྲོག་ནི་ལས་མགོན་གྱི་སྲོག་ཡི་གེ་ཏྲི་སེར་པོ་དང་བཞིའོ། །སྲོག་མ་ཡིན་པ་ནི་བླ་མའི་ཞལ་ནས་བརྒྱུད་པའི་མན་ངག་འདི་རྣམས་མེད་པར། ཡི་གེ་གང་བྱུང་གི་སྒྲུབ་ཐབས་སྐྱ་སོགས་སྡོ་སོགས་མང་པོ་བསགས་ནས་བསྒྲུབས་ཀྱང་ཡེ་ཤེས་མགོན་པོ་མི་འགྲུབ་ཅིང་དབང་དུ་མི་འགྲོ་བའི་ཕྱིར་སྲོག་མ་ཡིན་ནོ། །དྭངས་མ་ཞེས་པ་ནི་གསུམ་སྟེ། ལྷའི་དྭངས་མ་ནི། སྙིང་ག་དང་གསང་གནས་ཀྱི་གཙོ་འཁོར་རྣམས་སོ། །སྔགས་ཀྱི་དྭངས་མ་ནི་ཀཱ་ལི་ལ་སོགས་པའོ། །ཏིང་ངེ་འཛིན་གྱི་དྭངས་མ་ནི། རླུང་ཁ་སྦྱོར་གཅུན་ཅིང་ཕྱག་རྒྱ་ཆེན་པོ་ལ་གནད་དུ་བསྣུན་པའོ། །སྙིགས་མ་ཞེས་པ་ནི་གསུམ་སྟེ། ལྷའི་སྙིགས་མ་ནི་དགྲ་བསད་ཆེ་འབྲིང་ཆུང་གསུམ་དུས་ཀྱི་ལྷ་རྣམས་སོ། །སྔགས་ཀྱི་སྙེགས་མ་ནི་བཞི་སྙིགས་ཡིན། ཏིང་ངེ་འཛིན་གྱི་སྙིགས་མ་ནི་དེའི་དུས་སུ་སྙིང་རྗེ་ཚད་མེད་པ་བསྒོམ་པ་དང་། དེ་དུས་ཀྱི་བསད་ལས་ཀྱི་ཏིང་ངེ་འཛིན་རྣམས་སོ། །ཐུན་མོང་ཞེས་པ་ནི་གསུམ་སྟེ། ལྷ་ནི་སྐྱབས་འགྲོ་སེམས་བསྐྱེད་བདེ་མཆོག་གསང་གནས་གཙོ་འཁོར་རྣམས་བསྒོམ་པ་རྣམས་སོ། །སྔགས་ནི་དེ་ཉིད་ཀྱི་བཅུ་བདུན་པ་རྣམས་སྔགས་སོ།[24] ཏིང་ངེ་འཛིན་ནི་དེ་རྣམས་ཀྱི་ཏིང་ངེ་འཛིན་ནོ།[25] ཁྱད་པར་ཞེས་པ་ནི།


LT19_Page_245A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྣལ་འབྱོར་ནི་སྙིང་གའི་གཙོ་འཁོར་རྣམས། སྔགས་ཀྱི་ཁྱད་པར་ནི་ཀཱ་ལི་བཏགས་པའོ། །ཏིང་ངེ་འཛིན་ཐུགས་ཀའི་རིམ་པ་བཞི་ལྡན་དུ་བསྒོམ་པའོ། །དེ་ཡན་ཆད་ཆགས་པས་དབང་དུ་སྡུད་པའི་ཕྱི་ནང་གསང་གསུམ་ལ་བརྟེན་ནས། སྟོད་ལས་བྱང་ཆུབ་ལམ་དུ་འཁྱེར་བའི་རིམ་པ་རྣམས་སོ།། ༈ །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོའི་མན་ངག་གི་མ་དེ་ལ་ཐུང་ལ་གཉིས་ཏེ། ནོར་སྒྲུབ་པ་དང་། དབང་དུ་སྡུད་པ་གཉིས་སོ། །དང་པོ་ནི། ཏིང་ངེ་འཛིན་རྣམས་སྐུ་རགས་ཀྱི་མངོན་རྟོགས་ལྟ་བུར་བསྒོམས་ལ་བསྙེན་པ་སུམ་སྦྲེལ་བྱ། ཁྱད་པར་དུ་གསང་གནས་ཀྱི་ཕྱག་བཞི་པའི་ཕྱག་གཡས་ཀྱི་དང་པོའི་ཕྱག་མཚན་བཻ་འབྲས་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོར་བསྒོམ། དེའི་ཐུགས་ཀ་དང་ཕྱག་མཚན་གཉིས་ཀ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། མཉེས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་བསྡུས། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་དང་། འབྱུང་བ་བཞི་དང་། སྨན་དང་རྩི་བཅུད། བཀྲག་གཟིམ་དངས། ཡོན་ཏན་ནུས་མཐུ། ཚེ་དཔལ་གྲགས་པ་དབང་ཕྱུག་དང་། ཉི་ཟླ་གཉིས་ཀྱི་ཡར་ངོ་ཐམས་ཅད་དབང་དུ་བསྡུས། འཇིག་རྟེན་ཁམས་ཀྱི་ནོར་བུ་རིན་པོ་ཆེ་དང་། རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད། རིན་པོ་ཆེ་སྣ་བདུན། ཟས་ནོར་ཐམས་ཅད་དབང་དུ་བསྡུས་ནས། རླུང་གཅིག་ཚུར་རྔུབས་པ་དང་། རླུང་དང་འགྲོགས་ནས་རང་གི་ཞལ་དུ་ཞུགས་ནས། རྩ་གཡས་གཡོན་གཉིས་ལ་བརྒྱུད་ནས་གསང་གནས་ཀྱི་ཕྱག་བཞི་པའི་ཕྱག་གཡས་གྱི་ཕྱག་མཚན་ལ་སིབས་སིབ་ཐིམ། ཡབ་ཡུམ་གཉིས་ལ་ཡང་ཐིམ་པས།


LT19_Page_245B
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བས་བྱིན་རླབས་གཟི་མདངས་རྒྱས། སྐུ་ལུས་ཐམས་ཅད་ལ་ཡང་ཡིད་བཞིན་ནོར་བུ་དཔག་ཏུ་མེད་པས་བརྒྱན་པ། ཐུགས་ཀ་དང་ཕྱག་མཚན་གཉིས་ཀ་ལས་འོད་ཟེར་དཔག་མེད་འཕྲོས་པས། རང་གི་གནས་ཁང་བང་མཛོད་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་དང་འབྲུ་དང་། གོས་དང་། ཟས་ནོར་སྣ་ཚོགས་གང་འདོད་ཀྱིས་གང་བར་བསྒོམ། ལས་མགོན་རྣམས་ཀྱང་དེ་ལྟར་རོ། །གཉིས་པ་དབང་སྡུད་ནི། ཕྱག་བཞི་གཡས་ཀྱི་དང་པོ་ཤིང་ཐོག་བཻཏ་རློན་པ་དམར་པོ་མདངས་དང་ལྡན་པར་བསྒོམ། དེ་ལ་ཐུགས་ཀ་དང་ཕྱག་མཚན་གཉིས་གནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས། རང་གི་རྩ་གཡས་གཡོན་གཉིས་ནས་ཡར་བརྒྱུད་ནས་སྣ་བུག་གཉིས་ནས་འཕྲོས། སྣ་བུག་གཡས་ནས་རླུང་རྒྱུ་ན་ཡབ་དང་། གཡོན་རྒྱུ་ཡིན་འདུག་ན་ཡུམ་གྱི་ཐུགས་དང་ཕྱག་མཚན་ལས་འོད་ཟེར་འཕྲོས། དབང་དུ་བསྡུ་གང་འདོད་ཀྱི་བླ་མ་དང་། རྒྱལ་པོའི་སྤྱི་བོར་ཕོག །གཞན་ཕོ་རིགས་ཐམས་ཅད་ཀྱི་སྙིང་ག །བུད་མེད་ཐམས་ཅད་ཀྱི་བྷ་གའི་ནང་དུ་ཕོག་པས། འདར་ཕྲི་ལི་ལི་གྱུར་ནས་རང་དབང་མེད་པར་མདུན་དུ་བཀུག་ནས་ཕྱི་རྒན་དུ་ཡོད་པར་བསྒོམ། དེའི་སྙིང་གའི་ས་བོན་ཡི་གེ་ནྀ་ཞིག་ཡོད་པ་དེ་འོད་ཟེར་གྱིས་ཚུར་བསྡུས་ནས་རླུང་རྔུབས་པ་དང་ལྷན་ཅིག་ཏུ་རང་གི་སྣ་བུག་ཏུ་ཞུགས། རྩ་གཡས་གཡོན་གཉིས་ལ་བརྒྱུད་ནས་མགོན་པོ་ཡབ་ཡུམ་གྱི་ཕྱག་མཚན་དང་། ཕོའི་ས་བོན་ཡབ་ཀྱི་ཐུགས་ཀ་དང་། མོའི་ས་[26]བོན་ཡུམ་གྱི་བྷ་གར་ཐིམ་པས་སྔར་བས་བཀྲག་མདངས་གཟི་མདངས་ཆེ་བར་བསྒོམ། ཡང་བཻ་འབྲས་ལས་འོད་ཟེར་དམར་པོ་འཕྲོས་པས་རང་གི་བཤང་ལམ་ནས་ཐོན། ཕོ་མོ་གང་འགུགས་ཀྱི་ལུས་ལ་རེག་པ་ཙམ་གྱིས་ལུས་དེ་འུབ་ཀྱིས་བསྡུས་ནས། རང་གི་བཤང་ལམ་ནས་ཚུར་ཞུགས་


LT19_Page_246A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགོན་པོ་ཡབ་ཡུམ་གྱི་ཞབས་འོག་ཏུ་ཧྲིལ་གྱིས་ཚུད་ནས་དབང་དུ་འདུས་པར་བསྒོམ། འདི་ཟབ་དོན་ཁྱད་པར་འཕགས་པའི་གནད་ཡིན་གསུངས། གཞན་ལ་ཕྱག་མཚན་ལས་འོད་ཟེར་སྤྲོས་ནས། དབང་དུ་སྡུད་པ་ཙམ་ལས་མ་བསྟན་པ་ཡིན་གསུངས། དབང་སྡུད་དང་ནོར་སྒྲུབ་འདི་གཉིས་དམིགས་པ་བཟུང་རེས་བྱ་ཞིང་རླུང་བཟུང་བ་དང་། བཟླས་པ་བྱ་བ་གཉིས་རེས་མོས་བྱེད་པ་ལ་བར་བར་དུ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གསུངས། བསྙེན་པ་ནི། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཀཱ་ལི་པ་ཧཱུྃ་ཧཱུྃ་ཕཊ། ཅེས་པའམ། གོང་གི་སྐུ་རགས་ལྟ་བུར་ཡབ་ཡུམ་གཉིས་ལས་མགོན་དང་གསུམ་སྦྲེལ་བྱ་ལ་བཟླས་སོ། །མན་ངག་མདེལ་ཐུང་།།།། ༈ དཔལ་མགོན་ནག་པོ་ལ་ཕྱག་འཚལ་ལོ། དེ་ནས་གཞུང་ལས། དྲག་པོས་ལས་ལ་སྦྱར་ཞེས་པ་ལ། སྨད་ཕྲིན་ལས་ལམ་དུ་ཁྱེར་བའི་མན་ངག་ལ་གསུམ་སྟེ། དགྲ་བསད་ཆེ་ཆུང་འབྲིང་གསུམ་མོ། དེ་ལ་དང་པོ་ཆེ་བ་ལ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ།[27] རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་བསྒོམས་པ་དེ་ཞུ་བ་ལས། དུར་ཁྲོད་ཆེན་པོའི་གཞལ་ཡས་ཀྱི་ཁང་པ་ཕྱི་གྲུ་བཞི། དེའི་ནང་དུ་ཐོད་པའི་གཞལ་ཡས་ཁང་གྲུ་གསུམ་པ་འཇིགས་སུ་རུང་བ་དེའི་ནང་དུ་ཁྲག་གི་རྒྱ་མཚོ་ཆེན་པོ་ཀེང་རུས་དང་ཞིང་ཆེན་གྱི་ལྷུ་རྡུམ་དང་། ཞག་དང་རོའི་ལིང་ལོག་མང་དུ་བྱེད་པར་བསམ། དེའི་དབུས་སུ་ཡར་དྲག་པོའི་ཆུ་སྐྱེས་སྔོ་ནག་ཟུར་གསུམ་པའི་སྡོང་བུ་གཅིག་བསམ། དེའི་སྟེང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་བསམ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དང་ཞིང་ཆེན་བསྣོལ་བའི་སྟེང་དུ་ས་བོན་ལ་མི་ལྟོས་པར་སྐད་ཅིག་དྲན་རྫོགས་སུ་བསྒོམ་གསུངས། རང་ཉིད་དཔལ་ཡེ་ཤེས་མགོན་པོ་གསང་གནས།


LT19_Page_246B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་ན་བསྒོམ་པ་ལྟར་བསྐྱེད། ཁྱད་པར་དུ་ཁྲོ་བ་གཏུམ་པ་དྲག་ཅིང་ཆེར་ཁྲོས་པའི་གཟུགས་ཅན། ཕྱག་གཡས་ཀྱི་དང་པོས་གྲི་གུག །གཞན་རྣམས་གོང་དང་འདྲ་བའི་ཡབ་ཡུམ་བསྐྱེད་དོ། །གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་ལ་ལ་ཏྲི་སེར་པོ་བརྒྱད་ལས་བཀའ་སྡོད་བྱ་རོག་གདོང་ཅན་བརྒྱད། དེ་རྣམས་ཀྱང་ཁྲོ་གཏུམ་རྔམས་པའི་ཚུལ་དུ་བསྒོམ། ཐུགས་ཀར་ཏྲི་རེ་རེ་བསྒོམ། དེའི་ཕྱི་རོལ་དུ་བཀའི་ལྷ་མ་སྲིན་སྡེ་བརྒྱད་དང་པོ་རྒྱུད་དང་མོ་རྒྱུད་ཀྱི་འཁོར་ཚོགས་རྣམས་བསམ། གཙོ་བོའི་སྐུ་གསུང་ཐུགས་གོང་ལྟར་བྱིན་གྱི་བརླབ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ༀ་ཨཱཿཧཱུྃ་བརྒྱ་རྩས་བརྟན་པར་བྱ། གཙོ་བོ་ཡབ་ཡུམ་ཐུགས་ཀའི་ཧཱུྃ་དང་མྃ་། འཁོར་རྣམས་ཀྱི་ཐུགས་ཀར་ཏྲི་ལ་གཞི་སྙིང་གཅིག་དྲིལ་གྱིས་བསྐོར་བར་བསམ། སྔགས་ནི་སྔགས་འབུམ་ན་ཡོན། ༀ་མ་ཧཱ་ཀཱ་ལ་ནྲི་ཐུན་ལང་ཐུན་རིལ་རྦད་ཅེས་པ་ལ་སོགས་པ་ཡིན་ནོ། །རང་གི་རླུང་གཡས་ནས་རྒྱུ་ན་ཡབ་གྱི་ཐུགས་ཀ་དང་། གཡོན་ནས་རྒྱུ་ན་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་ལས་མགོན་བརྒྱད་ཀྱི་ཐུགས་ཀར་ཕོག །དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ལས་མཁན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་བསྣམས་པ། ཕོ་ཉ་གློག་ལྟར་འཁྱུག་ཅིང་ཡང་རྩལ་ཐོག་ལྟར་དྲག་པ་མང་པོ་སྤྲོས་ནས། ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཕུག །ཞགས་པ་ཅན་གྱིས་རྐེ་ནས་ཐོགས། ལྕགས་སྒྲོག་ཅན་གྱིས་ཡན་ལག་བཅིངས། དྲིལ་བུ་ཅན་གྱིས་ལུས་སེམས་མྱོས། དགྲ་བགེགས་གང་ན་འདུག་ཀྱང་ལས་ངན་རླུང་གི་དཀྱིལ་འཁོར་ལ་ལུས་བསྐྱོན་ནས་རང་དབང་མེད་པར། རང་དང་ལས་མགོན་བརྒྱད་ཀྱི་བར་དུ་བཀུག་ནས་བྱུང་བར་བསམ། གན་རྐྱལ་དུ་རང་གི་མདུན་དུ་ཡོད་པར་བསམ། མཐུ་ཆུང་ཞིང་ལས་འགྱངས་ན་བདག་གི་


LT19_Page_247A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་གྲི་གུག་རེ་འཕྲོས། འཁོར་བརྒྱད་པོའི་ཐུགས་ཀར་སོང་ནས་ཏྲི་སེར་པོ་ལ་སོ་གཏད་ནས་འཁོར་བར་བསམ་མོ། སྔགས་ནི་གཞི་སྙིང་བཟླ་བ་ཡིན་ནོ། །རང་གི་གནས་གསུམ་ནས་འོད་ཟེར་འཕྲོས་པས། དགྲ་བོའི་ལུས་ངག་ཡིད་གསུམ་གྱི་བཀྲག་དང་གཟི་མདངས་མཐུ་ནུས་པ་ཡོན་ཏན་ཁ་རྗེ་བསོད་ནམས་དབང་ཐང་ལ་སོགས་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ་པས། རང་ཉིད་བཀྲག་གཟི་མདངས་བསམ། སྔགས་འབྲུ་གསུམ་གྱིས་བཀྲག་སྡུད་བྱེད་པ་ལ་སོགས་པ་ཡིན་ནོ། གྱིས་མི་ཁྱབ་པར་བསམ། ཁོའི་ལྷན་ཅིག་སྐྱེས་པའི་ལྷ་དང་། བསྒྲུབས་ཤིང་བསྙེན་པའི་ལྷ་སྲུང་རྣམས་ཀྱང་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ་པས། ཁོ་སྐྱབས་མགོན་དང་བྲལ་ནས་འདར་ཡེད་ཡེད་སྔངས་བྲེད་བྲེད་བྱེད་པར་བསམ། གོང་ལྟར་རླུང་བརྟགས་ལ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལས་མགོན་རྣམས་ལ་ཕོག །དེ་རྣམས་ཁྲོས་ཤིང་འཁྲུགས་ནས། ལས་མགོན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོད་ཟེར་རྣམས་ཡོངས་སུ་གྱུར་པ་ལས། གྲི་གུག་གཉིས་སུ་གྱུར་ཏེ། དེ་གཉིས་དགྲ་བོའི་ཁ་དང་བཤང་ལམ་གཉིས་སུ་ཞུགས་ནས་གཅིག་དེ་སྤྱི་བོ་ནས་གཡས་སུ། གཅིག་དེ་བཤང་ལམ་ནས་གཡོན་དུ་སྒ་ར་ར་བསྐོར་བས། སྤྱི་བོ་མན་དང་བཤང་ལམ་ཡན་གྱི་ཤ་རུས་རྣམས་བཅད་ནས་སྙིང་གར་འཁོར་བས་སྙིང་ཚལ་པ་ལ་ལིངས་ཀྱིས་བཀས་ནས། སྙིང་ནང་གི་ས་བོན་ནྲྀ་ལྗང་གུ་དང་། དེའི་ནང་ནས་བདེར་གཤེགས་སྙིང་པོའི་ངོ་བོ་ཨ་དཀར་པོ་གཉིས་སྤྱི་བོ་ཚངས་བུག་ནས་ཐོན་ནས། རང་ཉིད་ཕྱག་བཞི་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས། རྩ་དབུ་མ་བརྒྱུད་དེ་སྤྱི་བོ་མི་བསྐྱོད་པའི་[28]ཞིང་དུ་བཞག་ལ། དམིགས་མེད་དུ་བཞག་གོ །གནས་སྤར་བའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ལས་མགོན་རྣམས་བསྐུལ་ནས། དགྲ་བོའི་གཟུགས་པོ་དེ་རང་ཉིད་ཡབ་ཡུམ་གྱི་སྦྱོར་མཚམས་


LT19_Page_247B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐྱུར་བས་ཡུམ་གྱི་བྷ་ག་དེ་བྲུབ་ཁུང་དུ་བསམ། ཡབ་ཀྱི་རྡོ་རྗེ་དེ་ཕུར་པའི་དཔལ་རྣོ་བའི་ངར་ལྡན་དུ་བསམ་ལ། སྦྱོར་བ་བྱས་པས་དགྲ་བོའི་ལུས་ཤ་རུས་ཐམས་ཅད་དུམ་བུར་ཐོར་ཐོར་སོང་བ་རྣམས་ལས་མགོན་བརྒྱད་པོས་ཟོས་པར་བསམ། དེ་ནི་དགྲ་བོའི་ལུས་ཚོགས་སུ་འབུལ་བ་ཡིན་ནོ། །གཉིས་པ་དགྲ་བསད་འབྲིང་བ་ནི། དུར་ཁྲོད་ཀྱི་ཕོ་བྲོང་གོང་ལྟར་བསྐྱེད་ལ། གསང་གནས་སུ་ཉི་མའི་དཀྱིལ་འཁོར་ཟུར་གསུམ་པའི་དབུས་སུ་མགོན་པོ་ཡབ་ཡུམ་གོང་ལྟར་བསྒོམ། ཟུར་གསུམ་ལ་ཏྲི་སེར་པོ་གསུམ་ལས་ལས་མགོན་བྱ་རོག་གདོང་ཅན་གསུམ་བསྐྱེད། དེས་རྒྱབ་ཏུ་ཤ་ཟ་དང་། གཡོན་དུ་ཐུགས་མགོན་དྲེགས་པའི་མངའ་བདག་གཉིས་བསྒོམ་ན་ལེགས་གསུངས་སོ། །དེ་གནོད་སྦྱིན་བྱ་རོག་གདོང་ལ་ཟེར། དེ་རྣམས་ལ་ཡེ་ཤེས་པ་བསྟིམ། ཐུགས་ཀར་ཏྲི་སེར་པོ་ལ་གཞི་སྙིང་གིས་བསྐོར་བ་དམིགས་པ་གཞི་སྙིང་གི་བཟླས་པ་བྱ། དགྲ་བོ་དགུག་སྒྲོལ་སོགས་གོང་ལྟར་བྱའོ། །གྲི་གུག་སྤྲོ་དུས་ལས་མགོན་གྱི་ཕྱག་གི་གྲི་གུག་ལས་སྤྲོའོ། །།།། འདི་ལ་མཁོ་བའི་བདེར་གཤེགས་ཕག་གྲུས་མཛད་པའི་སྔགས་འབུམ་དང་། སྲོག་བཞི་མ་ཡང་གནད་ཆེ། མན་ངག་སྤྲེལ་ལོ། ༈ གསུམ་པ་དགྲ་བསད་ཆུང་བ་ནི། ལྷ་སྒོམ་པ་དང་། དགྲ་བོ་དགུག་པ་དགྲ་བསད་ཆུང་བ་ཞལ་ལ་དྲིས། ལ་སོགས་དགྲ་བསད་འབྲིང་པོ་དང་མཚུངས། ཁྱད་པར་དུ་དགྲ་བོ་དེ་ལྷན་ཅིག་སྐྱེས་པའི་ལྷ་དང་བྲལ་ཞིང་། སྐྱབས་མེད་པར་ལུས་འདར་བཞིན་པའི་ཚུལ་དུ་ཡོད་པའི་སྙིང་ནང་ན་ཁྲག་གི་རླངས་པ་བྱིའུ་ལན་མའི་མགོ་ཙམ་ཞིག་ཡོད་པ་དེ། སྐད་ཅིག་གིས་གནམ་ལྕགས་ཀྱི་སྡིག་པ་ནག་ལ་རྩུབ་པ། འཇིགས་ལ་རྔམས་པ། ཁྲོ་ལ་གཏུམ་པ་གཅིག་ཏུ་གྱུར་ནས། སྙིང་ནང་གི་རྩ་དང་སྲོག་རྩ་ཁྲག་ལ་སོགས་པ་ཟོས། དོན་སྙིང་གློ་མཆིན་ནང་ཁྲོལ་ཐམས་ཅད་མ་ལུས་པར་ཟོས། ཕྱིའི་ལུས་པོ་ཁོག་པ་


LT19_Page_248A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷག་མ་མེད་པར་ཐོས་ཏེ་རྡུལ་ཙམ་ཡང་མེད་པར་བྱས། མཐར་སྡིག་པ་ཆོས་ཉིད་དུ་ཐིམ་པར་བསམ། གནད་ཐམས་ཅད་བླ་མའི་ཞལ་ལས་ཤེས་པར་བྱའོ། །དགྲ་བསད་ཆུང་བ་འདི་ཡི་གེའི་རིས་མེད་ན་ཡང་། གསོལ་བ་བཏབ་པས་བླ་མས་གནང་པ་བྱིན་ཏེ་བཀའ་མི་ནུབ་པའི་དོན་དུ། སྙན་བརྒྱུད་ཡི་གེར་བཀོད་པའོ། །གཞན་བཀའ་ལུང་མ་ཐོབ་པ་ལ་མ་སྟོན་ཅིག །འབུལ་བ་གསེར་སྲང་རེ་མ་ཕུལ་ན་མི་སྟོན་པའི་བཀའ་རྒྱ་ཡོད། །།།། ༈ སྦྱིན་སྲེག་བྱ་བ་ནི། དགྲ་བོ་རང་གི་གསང་གནས་གྲུ་གསུམ། བསིལ་བའི་ཚལ་དུ་ལྗོན་ཤིང་གསུམ་གྱི་རྩ་བ་ན་དང་པོ་བཀུག་ལ། འཁྲུལ་འཁོར་གསུམ་གྱིས་རྩ་གསུམ་ནང་རླུང་གཏུམ་མོ་བསིལ་བའི་ཚལ་དུ་མེ་སྦར་ལ། མེ་ནང་གི་ལྷ་རྣམས་ཀྱི་ཞལ་དུ་བསྒྲུབ་བྱའི་ཤ་ཁྲག་བསྲེགས་ནས་གསོལ་བས་མཉེས་ཤིང་ཚིམས་པར་བསམ། དེ་ནས་མནན་པ་བྱ་བ་ནི། སུམ་མདོར་ཀྵ་ཡིག་ནག་པོ་ཟུར་གསུམ་པའི་ནང་དུ་དགྲ་བོ་བཀུག་ལ་རྐང་པ་སྐྱིལ་ཀྲུང་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཡོད་པས་ཁ་བཅད། དེའི་སྟེང་དུ་ལྟོ་བ་ཟླུམ་པོ་ཆུའི་དཀྱིལ་འཁོར་གྱིས་མནན། དེའི་སྟེང་སྒལ་ཚིག་རི་རབ་ལྷུན་པོས་མནན། དེ་སྟེང་ཆོས་སྐྱོང་གིས་ཕོ་བྲང་བཏབ་པར་བསམ། དོན་དབུ་མའི་ནང་ཡིན་ནོ། །འདིའི་བརྒྱུད་པ་ནི། སྒྲོལ་བྱེད་ཆེན་པོ། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། མར་མེ་མཛད་བཟང་པོ། དུས་ཞབས་ཆེ་བ། དུས་ཞབས་ཆུང་བ། རྡོ་རྗེ་གདན་པ། ཨ་བྷཱ་ཡ་ཀ་ར། ཙ་མི་ལོ་ཙཱ། དེ་གཉིས་ཀ་ལ་དཔལ་རྒྭ་ལོས་ཞུས། དེ་ནས་བདེ་གཤེགས་ཕག་མོ་གྲུ་པ། འབྲི་གུང་འཇིག་རྟེན་མགོན་པོ། སངས་རྒྱས་དབོན་རིན་པོ་ཆེ། རྒྱལ་བ་གཅུང་རིན་པོ་ཆེ། རྒྱལ་སྲས་ཐོག་ཁ་བ། སྤྱན་སྔ་མཚམས་བཅད་པ། ཆོས་རྗེ་ནུབ་པ། ཆོས་རྗེ་བཅུ་གཉིས་པ། ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ། ཉེར་


LT19_Page_248B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཆོས་ཀྱི་རྒྱལ་པོ། དྲུང་ཨ་པོ་པ། སྔགས་འཆང་ངག་དབང་བ། རྗེ་བཙུན་ཡེ་ཤེས་དབང་ཕྱུག །རྗེ་བཙུན་རིན་པོ་ཆེ་ཛྙཱ་ན་ཀེ་ཏུ། བླ་མ་ཀུན་དགའ་སེངྒེ། ཡང་ན་ཀླུ་སྒྲུབ། ཨཱརྱ་དེ་བ། ཀླུའི་བྱང་ཆུབ། རྡོ་རྗེ་གདན་པ། ཨ་བྷཱ་ཡ་ཀ་ར། ཙ་མི། དཔལ་སྒ་ལོ། བདེ་གཤེགས་ཕག་གྲུ། འབྲི་གུང་འཇིག་རྟེན་མགོན་པོ། སྤྱན་སྔ་རིན་པོ་ཆེ་གྲགས་པ་འབྱུང་གནས། རྒྱལ་བ་གྲགས་པ་བརྩོན་འགྲུས། གྲུབ་ཐོབ་ཝོ་ལ་པ། བྲག་པ་རིན་ཆེན་རྒྱལ་བ། རྒྱུད་བླ་རྡོ་རྗེ་རིན་ཆེན། བླ་མ་མགོན་གཞོན་པ། ཡར་ལུང་པ་སེང་གེ་རྒྱལ་མཚན། དཔོན་པོ་རྒྱལ་མཆོག །བདག་པོ་གྲགས་བློ། གྲུབ་ཐོབ་ངག་གི་དབང་པོ། རིན་ཆེན་བཀྲ་ཤིས་པ། དེས་ཀུན་སེང་པ་ལའོ། །མངྒ་ལཾ།། །།

གདམས་ངག་མཛོད་པོད་བཅུ་པ།
ཐུགས་རྗེ་ཆེན་པོ་དང་བདེ་མགོན་སྦྲགས་སྒྲུབ་ནག་པོ་གཟི་མདངས་ཀྱི་སྒྲུབ་པ་ཞེས་བྱ་བ་དཔལ་ཆེན་རྒྭ་ལོ་ཙཱ་བའི་སྙན་བརྒྱུད།


LT19_Page_249A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་དང་བདེ་མགོན་སྦྲགས་སྒྲུབ་ནག་པོ་གཟི་མདངས་ཀྱི་སྒྲུབ་པ་ཞེས་བྱ་བ་དཔལ་ཆེན་རྒྭ་ལོ་ཙཱ་བའི་སྙན་བརྒྱུད་བཞུགས་སོ། །


LT19_Page_249B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཙ་ཀྲ་སམྦྷར་མ་ཧཱ་ཀཱ་ལཱ་ཡ། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འདུད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །བསིལ་བ་ཚལ་དུ་དཔལ་ཆེན་རྒྭ་ལོ་ལ། །སྙན་བརྒྱུད་སྐོར་རྣམས་མགོན་པོ་ཉིད་ཀྱིས་གནང་། །བོད་དུ་སློབ་མ་བླ་མ་སྤྱན་ལ་གནང་། །དེ་ནས་བརྒྱུད་དེ་ཕར་འཕེལ་ཚུར་འཕེལ་གྱུར། །གསང་བའི་གསང་སྒྲུབ་ཡིན་པར་སྤྱན་གྱིས་བཞེད། །ནག་པོ་གཟི་མདངས་སྒྲུབ་པ་ཕག་གྲུས་གནང་། །གསལ་སྟོང་སྒོམ་པས་ནག་པོའི་སྲོག་སྒྲུབ་ཟེར། །མགོན་པོ་བཀའ་བབས་ལྟོ་པ་ཆར་འབེབས་ཀྱིས། །གསང་སྒྲུབ་བླ་ན་མེད་པ་ཡིན་པར་གསུངས། །ནག་པོའི་སྲོག་ལ་ནག་པོ་སྦ་པ་ཞེས། །བླ་མ་ཞང་གི་བཞེད་པ་ཡིན་པར་འདུག །བློ་སྙིང་བྲང་གསུམ་གཏད་པའི་སློབ་མ་ནི། །མ་གཏོགས་གཞན་ལ་མི་སྟོན་བཀའ་རྒྱས་བཏབ། །ནག་པོས་ནག་པོ་གཟི་མདངས་སྐྱེད་དང་གཅིག །ནག་པོས་ནག་པོ་དབང་དུ་སྡུད་དང་གཉིས། །དབང་དུ་འདུས་ནས་དངོས་གྲུབ་བླང་དང་གསུམ། །འཁོར་ལོ་གཅིག་ཏུ་དྲིལ་བའི་གདམས་པ་ཡིན། །ཡིད་ཀྱིས་བསྒོམ་ཞིང་སྔགས་བཟླས་ཆོག་པ་སྟེ། །མངོན་རྟོགས་ངག་ཏུ་བརྗོད་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་


LT19_Page_250A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བདེ་མཆོག་གི། །གོ་འཕང་ཐོབ་ཕྱིར་བདག་གིས་འདི་ཉིད་བསྒོམ། །རང་ཉིད་སྐད་ཅིག་བདེ་མཆོག་ལྷན་སྐྱེས་ནི། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ། །ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །གཡས་བརྐྱང་གཡོན་བསྐུམ་པད་ཉི་འཇིགས་དུས་མནན། །རང་འོད་མེ་ཕུང་འཁྲུགས་པའི་དབུས་ན་འགྱིངས། །གར་གྱི་ཉམས་དགུ་དཔལ་གྱི་ཆས་བཅུ་རྫོགས། །སྐུ་ཡི་ནང་ནི་ཕྲུ་མ་ཕུས་བཏབ་བཞིན། །ལྟེ་འོག་གསུམ་མདོར་ཆོས་འབྱུང་དམར་པོ་ནི། །ཡངས་ཤིང་རྒྱ་ཆེའི་ནང་དུ་པད་ཉིའི་སྟེང་། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཕྱག་གཡས་དང་པོ་གྲི་སྙིང་ནོར་བུའི་དབྱིབས། །གཡས་འོག་རལ་གྲི་གཡོན་པས་ཐོད་པ་དང་། །གཡོན་འོག་ཁ་ཊྭཱཾ་ཞབས་གཉིས་བཙན་སྐྱིལ་བཞུགས། །ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མགོན་པོའི་དབུ་གཙུག་པདྨ་ཟླ་བའི་གདན། །རྒྱལ་བ་རྒྱ་མཚོ་ཆ་ལུགས་སྤྱི་ལྟར་ལ། །དང་པོའི་ཕྱག་གཉིས་བར་དུ་ནོར་བུ་བསྣམས། །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་འཁོར། །མགོན་པོའི་ཐུགས་ཀར་ལས་མགོན་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་འཛིན་པའི་ཐུགས་ཀ་རུ། །ཉི་སྟེང་ཧཱུྃ་མཐར་བདེ་མཆོག་ཡིག་བདུན་དང་།


LT19_Page_250B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱབ་མགོན་པོའི་རྩ་སྔགས་གཡས་སུ་འཁོར། །མགོན་པོ་ཕག་མོའི་སྦྱོར་མཚམས་གསང་གནས་སུ། །ཀཱ་ལི་ནག་མོ་ཞལ་གཅིག་ཕྱག་བཞི་མ། །གྲི་གུག་རལ་གྲི་ཐོད་པ་ཁ་ཊྭཱཾ་བསྣམས། །གཡས་བརྐྱང་གཡོན་བསྐུམས་བཞུགས་པའི་བྷ་གའི་ནང་། །ཆོས་འབྱུང་སྔོན་པོའི་དབུས་སུ་ཧཱུྃ་མཐིང་ནག །ཡེ་ཤེས་མགོན་པོའི་ཐུགས་སྲོག་ངོ་བོར་བསྒོམ། །མགོན་པོའི་གདན་གྱི་ཆོས་འབྱུང་ཟུར་གསུམ་པོར། །ཚེ་བདག་འཆི་བདག་སྲོག་བདག་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་འཛིན་ཅིང་བྱ་གཤོག་ཅན། །ཡུམ་ནི་ཤ་ཟ་རྐང་ལྡག་རྩ་འཇིབ་མ། །དམར་མོ་ལྕགས་ཀྱུ་ཐོད་ཁྲག་འཛིན་པས་འཁྱུད། །གཙོ་འཁོར་ཐམས་ཅད་དུར་ཁྲོད་ཆས་བརྒྱད་རྫོགས། །སོ་སོའི་ཐུགས་སྲོག་སྔགས་ལས་འོད་ཟེར་ནི། །དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་འཕྲོས། །བསིལ་བ་ཚལ་སོགས་དུར་ཁྲོད་བརྒྱད་རྣམས་ནས། །བྱ་རོག་གདོང་ཅན་ལ་སོགས་ནག་པོ་སྟོང་། །སེང་གེའི་གདོང་ཅན་ལ་སོགས་ཤ་ཟ་འབུམ། །ཀཱ་ལི་ནག་མོ་མ་མོ་བྱེ་བའི་ཚོགས། །ལྟ་སྲིན་སྡེ་བརྒྱད་ལྷ་མི་ཐམས་ཅད་ཀྱི། །བྱང་སེམས་དཀར་དམར་བཀྲག་དང་གཟི་མདངས་ཀུན། །བསྡུས་ནས་ཡེ་ཤེས་མགོན་པོའི་ཐུགས་ཀར་ཐིམ། །ཡེ་ཤེས་མགོན་པོ་བཀྲག་དང་གཟི་མདངས་རྒྱས། །མགོན་པོ་ཡབ་ཡུམ་སྐུ་ལུས་བདེ་བས་གང་། །སྦྱོར་མཚམས་བྱང་སེམས་བདུད་རྩིའི་རྒྱུན་ཆེན་འབེབས། །བདག་ཉིད་བདེ་མཆོག་སྐུ་ལུས་མེར་གྱིས་གང་། །སྐུ་གསུང་ཐུགས་གྱི་བཅུད་དང་དངོས་གྲུབ་རྣམས། །བདག་གི་གནས་ལྔར་ཐིམ་པས་བཀྲག་མདངས་རྒྱས། །སྤྱན་རས་གཟིགས་ཀྱི་ཕྱག་གི་ནོར་བུ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སེམས་ཅན་ཀུན་གྱི་བཅུད་དང་བསོད་ནམས་ཀུན། །བསྡུས་ནས་བདག་གི་ལུས་གང་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་གཙོ་བོར་ཡིག་དྲུག་བཟླ། །ཐུན་མཇུག་བདེ་མཆོག་


LT19_Page_251A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བདུན་ཅུང་ཟད་དང་། །མགོན་པོའི་བསྙེན་པ་བརྒྱ་རེ་བྱས་པས་འཐུས། །ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། །ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། རྨི་ལམ་བླ་མ་མགོན་པོ་མི་ཆེན་སོགས། །རང་ལ་མི་གུས་ཕར་ལ་ཕྱག་འཚལ་སོགས། །བྱུང་ན་ཆོས་སྐྱོང་དབང་དུ་མ་འདུས་རྟགས། །ཡིན་ཕྱིར་གསང་གནས་ཀཱ་ལི་ནག་མོ་ཡི། །ཆོས་འབྱུང་ཧཱུྃ་ལ་སྔགས་ཀྱིས་གཡོན་དུ་བསྐོར། །དེ་ལས་འོད་ཟེར་དམར་ནག་ཕྱོགས་བཅུར་འཕྲོས། །མགོན་པོ་འཁོར་བཅས་མདུན་དུ་སྤྱན་དྲངས་བཞུགས། །ཁོང་རྣམས་ས་བོན་སྲོག་སྙིང་སྔགས་དང་བཅས། །འོད་ཟེར་གྱིས་དྲངས་ཡུམ་གྱི་བྷ་ག་ཡི། །ས་བོན་ལ་ནི་ཐིམ་པར་གྱུར་མ་ཐག །མགོན་པོ་འཁོར་བཅས་བདག་གི་དབང་དུ་འདུས། །འདར་དང་ཕྲིལ་ཕྲིལ་ཅིག་གསུང་བཀའ་ཉན་བསམ། །དེ་ཡིས་མགོན་པོ་འཁོར་བཅས་དབང་དུ་འདུས། །ནག་པོ་གཟི་མདངས་སྒྲུབ་པ་ངོ་མཚར་ཅན། །སྐུ་རིགས་མ་ཡི་གླེགས་བམ་ཀུན་གྱི་བཅུད། །གསང་སྒྲུབ་འཁོར་ལོ་ལྔ་མ་གཉིས་མ་སོགས། །མགོན་པོའི་ཁྲིད་རིམ་ཀུན་གྱི་ཡང་སྙིང་སྟེ། །དྲུང་ཆེན་མཁའ་སྤྱོད་པ་ནས་བརྒྱུད་པའི་ཕྱིར། །དབུས་སུ་མགོན་པོ་ཁམས་བྱོན་མ་རུ་གྲགས། །ཐུགས་རྗེ་ཆེན་པོ་བདེ་མགོན་སྦྲགས་སྒྲུབ་འདི། །རང་གི་རྒྱུན་ཁྱེར་ཉམས་སུ་བླངས་པ་བཞིན། །སློབ་བུ་པདྨ་ཐབས་མཁས་ཉིད་ལ་གདམས། །སྙན་བརྒྱུད་སྦ་འོས་གསལ་བཀོད་ཉེས་པ་རྣམས། །ཡེ་ཤེས་མགོན་པོ་འཁོར་དང་བཅས་ལ་བཤགས། །དགེ་བས་སྒྲུབ་བརྒྱུད་བསྟན་པ་མཐའ་རྒྱས་ཤོག །དེ་སྐད་ཤུགས་འཆང་མེ་ཕོ་རྟ་ཡི་ལོ། །ཐ་སྐར་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན། །སྟོན་པ་ལྷ་ལས་ལྷགས་པའི་དུས་མཆོད་ཀྱི། །ཐུན་མཚམས་སྐབས་སུ་རཱ་ག་ཨ་སྱས་སྨྲས། །དགེ་བཤེས་པདྨ་ཐབས་མཁས་ཞེས་བྱས་བྲིས། །མངྒ་ལམ།

གདམས་ངག་མཛོད་པོད་བཅུ་པ།
བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དཔལ་ཆེན་རྒྭ་ལོ་ནས་བརྒྱུད་པའི་ཐེལ་ལུགས་དང་ཚལ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་།


LT19_Page_252A
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དཔལ་ཆེན་རྒྭ་ལོ་ནས་བརྒྱུད་པའི་ཐེལ་ལུགས་དང་ཚལ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །


LT19_Page_252B
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། མ་ནོར་ལམ་སྟོན་བླ་མ་དང་། །ཡི་དམ་ལྷ་དང་བསྟན་སྲུང་ནི། །དངོས་གྲུབ་སྟེར་བ་ལ་བཏུད་ནས། །སྒྲུབ་ཐབས་ལག་ལེན་བྲི་བར་བྱ། །དཔལ་ནག་པོ་ཆེན་པོ་ཕྱག་བཞི་པ་སྒྲུབ་པར་འདོད་ན། ཡི་དམ་གྱི་མངོན་རྟོགས་སྔོན་དུ་འགྲོ་བས། བསྙེན་པའི་སྐབས་ཡིན་ན་སྔོན་འགྲོ་གཏོར་མ་བཏང་། བསྟན་པ་སྲུང་བའི་ཕྱིར་དུ་ནག་པོ་ཆེན་པོ་བསྒྲུབ་སྙམ་དུ་སེམས་བསྐྱེད། བླ་མ་དང་ཡི་དམ་ཆོས་སྐྱོང་དང་བཅས་པ་ཚོགས་ཞིང་གི་ཚུལ་དུ་སྤྱན་དྲངས་ཡན་ལག་བདུན་པ་བྱ། རྒྱུན་གྱི་གཏོར་ཚོག་ལ་དེ་རྣམས་མི་དགོས། གང་ལྟར་ཡང་མཆོད་གཏོར་ལེགས་པར་བཤམས་ལ། མཆོད་པ་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསངས་གཏོར། མེ་ཏོག །བདུག་


LT19_Page_253A
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨཱརྒྷཾ་སྭཱ་ཧཱ། པཱདྱཾ། ཨཱཉྩ་མ་ནཾ། པྲོ་ཀྵ་ནི། པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ། ༀ་བཛྲ་གྷཱཎྚ་ར་ཎི་ཏ་སོགས་ཀྱིས་བྱིན་དབབ། རྟེན་ཡོད་ན་དེ་ཉིད་བསྐྱེད་དགོས་ཤིང་། མེད་ན་གཏོར་མའི་སྟེང་གི་ནམ་མཁར་བསྐྱེད་པ་ཡིན་ཏེ། དེ་ཡང་། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་ཁང་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་། རང་གི་མདུན་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཤིང་དང་། མེ་དང་། ཆུ་དང་བཅས་ཤིང་། རོ་དང་རོ་ལངས་དང་སྲིན་པོ་དང་


LT19_Page_253B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་དང་། དཔའ་བོ་དང་། མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་ས་གཞི་ལ་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ། དབུས་སུ་ཐོད་པ་འབར་བའི་གཞལ་ཡས་ཁང་ཟླུམ་པོ། སྟེང་ཀེང་རུས་ཀྱིས་ཕུབ་པ། ཕྱི་ནང་ཀུན་ཏུ་རིན་པོ་ཆེ་དང་། ལྷ་རྫས་ཀྱི་གོས་དང་། མེ་ཏོག་དང་། ཞིང་ལྤགས་ནང་ཁྲོལ་རུས་ཕྲེང་དང་སྐྲའི་རྔ་ཡབ་ལ་སོགས་པ་ཕྲིན་ལས་རྣམ་བཞི་དང་འབྲེལ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ལ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་དུ་གྱུར། འདིའི་ལས་ཐམས་ཅད་པའི་གཞལ་ཡས་ཁང་བསྐྱེད་ཚུལ་རྒྱས་པ་ཡིན་ལ། ལས་རེ་རེ་ལ་ལས་དང་མཐུན་པའི་ཁང་པ་སོ་སོ་དང་། བསྡུ་ན་རྒྱུན་འདོན་ལ་ཡང་དུར་ཁྲོད་ཀྱི་གཞི་ཁོ་ནས་ཆོག་པ་ཡིན་ནོ། །རང་གི་སྙིང་ག་ནས་ཧཱུྃ་མཐིང་ནག་འབར་བ་ཞིག་འཕྲོས་ཏེ་གདན་སྟེང་དུ་འཁོད། ཧཱུྃ་དེ་ཉིད་ཀྱི་འོད་ཀྱི་འཕྲོ་འདུ་ལས། རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་དེ་གནས་སྦར། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་དཔའ་བོ་ཆེན་པོ་སྐུ་མདོག་མཐིང་ནག་དུ་ས་མཐའི་སྤྲིན་དང་མཚུངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྲིལ་ཞིང་། ཧ་ཧ་དང་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་གད་རྒྱངས་སྒྲོགས་པ། སྨ་ར། སྨིན་མ། དབུ་སྐྲ་སེར་པོ་མེ་ལྟར་འབར་བ། ཕྱག་བཞིའི་གཡས་ཀྱི་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་གྱི་དང་པོས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཡང་ན། གཡས་དང་པོས་བེ་ཏའི་འབྲས་བུ་སྙིང་དང་འདྲ་བ་བཟུང་བར་བྱས་ཀྱང་རུང་ངོ་། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་


LT19_Page_254A
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། གཡོན་འོག་མས་ཏྲི་ཤཱུ་ལས་མཚན་པའི་ཁ་ཊྭཱྃ་ག་དར་དཔྱངས་དང་བཅས་པ་ཕྱར་སྟབས་སུ་བསྣམས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། རིན་པོ་ཆེའི་རྩེ་བྲན་དང་། སྦྲུལ་རིགས་བཞི་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་བསྣོལ་བའི་གདན་ལ་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །འདིར་ཡི་གེ་གསར་པ་འགའ་ན་ཏྲཱི་ཤཱུ་ལ་ཁོ་ན་ཡོད་པ་དང་། ཡིག་རྙིང་ཕལ་ཆེར་ན། ཕྱག་མཚན་ཏྲི་ཤཱུ་ལའི་དོད་དུ་རྡོ་རྗེ་ཁ་ཊྭཱྃ་ག་ཡོད་ཅིང་། རུས་རྒྱན་མ་བཤད་པ་ལྟར་ཡང་རུང་ངོ་། དེའི་ཐུགས་ཀ་ནས་ཧཱུྃ་གསུམ་སྤྲོས་ཏེ། གཙོ་བོའི་གཡས་གཡོན་དང་མདུན་གྱི་གྲར་འཁོད་པ་ནི། ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག །ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་རྣམ་པ་ཅན་རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་གདོང་ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་པ། གཡས་གྲི་གུག་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཞལ་དུ་རྔུབ་པ། ཞབས་བརྐྱང་བསྐུམ་གྱི་དོར་སྟབས་ཅན། དུག་སྦྲུལ་ནག་པོས་བརྒྱན་ཅིང་། སྐྲ་མཚམས་ནས་རྡོ་རྗེ་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་གསུམ་དུ་གྱུར། །གཙོ་བོའི་གཡས་སུ་ཀྵ་ལས་ལེགས་ལྡན་ནག་པོ། ཕྱག་གཡས་ཙནྡན་གྱི་བཻད་ཆེན་དང་། གཡོན་པས་ལྕགས་ཀྱི་པར་བུ་བདུད་རྩིས་གང་བ་འཛིན་པ། དར་ནག་གི་འཇོལ་བེར་ཅན། ཞབས་ལ་སག་ལྷྭམ་ཡུ་རིང་གསོལ་ཞིང་། གཡོན་བརྐྱང་བ། གསེར་གྱི་སྐ་རགས་ཅན། གཙོ་བོའི་གཡོན་དུ་བྷྱོ་ལས་ཙཎྜི་ཀཱ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རལ་གྲི་དང་ཐོད་ཁྲག །གཡོན་གཉིས་མི་མགོ་དང་མདའ་གཞུ་འཛིན་པ། གཅེར་བུ་ཁྲོ་ཞིང་སྒེག་པ་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བསྐུམ་


LT19_Page_254B
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། གཙོ་བོའི་མདུན་དུ་ཧཱུྃ་ལས་ཤ་ཟ་ནག་མོ་སེང་གེའི་གདོང་པ་ཅན་རལ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་བརྐྱང་བའི་གར་སྟབས་ཅན་དར་ནག་གི་ན་བཟས་དཀྲིས་པའོ། ཡང་གཡས་སུ་བྱ་རོག་གདོང་ཅན་གཅིག །གཡོན་དུ་ལྷ་མོ། མདུན་དུ་སེང་གདོང་། རྒྱབ་ཏུ་བེང་མ་འགོད་བའི་ལུགས་དང་། བེང་མ་དང་བྱ་རོག་གདོང་རྒྱུད་གཅིག་པས་བིང་མི་འགོད་པ་ཡང་ཤིན་ཏུ་མངག་པར་ལྟར་ཡང་རུང་ངོ་། དེའི་ཕྱི་རོལ་སྒོ་མཚམས་བརྒྱད་དུ་ཡི་གེ་མ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། །བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི་གདོང་པ་ཅན། ལྷོར་འུག་པའི་གདོང༴ ཤར་ལྷོར་ཕག་གི༴ ལྷོ་ནུབ་ཏུ་ཁྱིའི༴ ནུབ་བྱང་དུ་སྤྱང་ཀིའི༴ བྱང་ཤར་དུ་སྟག་གི་གདོང་པ་ཅན། བརྒྱད་ཀའང་གཅེར་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་བཞེངས་པའི་སྟང་སྟབས་སྣ་ཚོགས་པས་གནས་པ། འཁོར་དེ་ཐམས་ཅད་ཀྱང་དབུ་སྐྲ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། མི་མགོའ་དབུ་རྒྱན་དང་དོ་ཤལ་ཅན། མི་རོའི་གདན་ལ་རྣམ་པར་འགྱིང་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། དེའི་ཕྱི་རོལ་དུ་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་དང་། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་དང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས། མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །བདག་གིས་ཐུགས་དམ་གཉན་བསྐང་ན། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། མགོན་པོའི་སྤྱི་བོར་


LT19_Page_255A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལ་ༀ་དཀར་པོ། །མགྲིན་པར་པདྨ་ལ་ཨཱཿདམར་པོ། །ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། །ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག །མཐུ་སྟོབས་དང་ནུས་མཐུ་ལ་དབང་བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། ཡེ་ཤེས་མགོན་པོ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན། བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་ལ་བྱེད་པའི་དབང་ལྟར་བྱས་ནས། རིགས་བདག་བདེ་མཆོག་ལྷན་སྐྱེས་ཀྱིས་བྱེད་པ་མན་ངག་ཏུ་འདོད་བའང་སྣང་མོད་ཀྱི། མན་ངག་ཁུང་མ་རྣམས་ནས་གོང་བཞིན་བཤད་ཅིང་། འདི་ཁོ་ན་འཐད་པ་ཡིན་ནོ། ༀ་བཛྲ་མ་ཧཱ་ཀཱ་ལ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། ཨཱཉྩ་མཱ་ནཾ། པྲོ་ཀྵ་ནཾ། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ། པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་དྷཱུ་པཾ། དཱི་པཾ། གནྡྷེ། ནཻ་ཝི་དྱ། ཤབྡ་ཞེས་ཕྱི་མཆོད་དང་། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ཞེས་ནང་མཆོད་དང་། ཧཱུྃ་གཟི་བརྗིད་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་བཞད་སྒྲས་སྡེ་བརྒྱད་བྲན་དུ་བཀོལ། །བརྩེ་བའི་ཐུགས་ཀྱིས་འགྲོ་དྲུག་དབང་དུ་སྡུད། །ལྷ་ཆེན་དཔལ་འབར་ནག་པོ་ཁྱོད་ལ་བསྟོད། །བཀའ་ཡི་ཕོ་ཉ་ནག་པོའི་གཙོ། །བྱ་རོག་གདོང་ཅན་འཇིགས་པའི་གཟུགས། །ཁྲོས་པའི་ཆ་ལུགས་རྔམ་པའི་ཞལ། དམ་ཉམས་སྲོག་གཅོད་ཁྱོད་ལ་འདུད། །སྲིན་པོའི་ཚོགས་ལ་མངའ་བསྒྱུར་ཞིང་། །ཁམས་གསུམ་སྲོག་བདག་ཆེན་པོ་ནི། །བདུད་འདུལ་ཙནྡན་བེང་ཆེན་བསྣམས། །ཐུགས་ཀྱི་སྤྲུལ་པ་ཁྱོད་ལ་འདུད། །དཔལ་ལྡན་ལྷ་མོ་ཙཎྜི་ཀཱ །ལྷ་


LT19_Page_255B
[མ་དཔེ་གཟིགས་ན་འདིར་གནོན།]

མིན་མུ་སྟེགས་ཚོགས་འཇོམས་ཤིང་། །ནད་ཀྱི་བདག་མོ་དྲག་ཤུལ་ཅན། །སྲོག་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །བསིལ་བའི་ཚལ་གྱི་ཤིང་གཅིག་དྲུང་། །ནག་པོ་ཆེན་པོ་སེང་གེའི་གདོང་། །ཞིང་སྐྱོང་ཤ་ཟ་ཆེན་པོ་སྟེ། །དཔལ་གྱི་བཀའ་སྡོད་ཁྱོད་ལ་བསྟོད། །གཞན་ཡང་མཁའ་འགྲོ་ཆེན་པོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་སྡེ་བརྒྱད་བཅས། །ཀུན་ལ་བསྟོད་ཅིང་ཕྱག་འཚལ་ལོ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ༀ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་། །དམ་ལ་གཞག་གཏོར་ཆོག་ཙམ་གྱི་སྐབས་ཡིན་ན། །བསྟོད་པ་བརྒྱད་པ་ལན་གསུམ་མམ་བདུན་ལ་སོགས་པ་བཏོན་ལ། །དེ་ནས་གཏོར་མ་འབུལ་བ་ལ་འཇུག་པ་ཡིན་ཅིང་། །བཟླས་བརྗོད་བྱེད་བར་འདོད་ན་སྐབས་འདིར་བཟླས་པ་བྱས་ལ། །དེ་ནས་བསྟོད་པ་བྱས་ཏེ་གཏོར་མ་འབུལ་བ་ཡིན་ནོ། །དེ་ལ་བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཉེ་སྙིང་དང་། ༀ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཁྱད་པར་གྱི་སྙིང་པོ་དང་། ཤཱ་ས་ན་རྩ་བའི་སྔགས་ཡིན་ལ། ༀ་ཀརྨ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། ཅེས་ལས་མགོན་གྱི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། གཙོ་བོ་ལས་མགོན་སྦྲག་པའི་སྙིང་པོ་དང་། ༀ་མ་ཧཱ་ཀཱ་ལ་ཀཱ་ཀ་མུ་ཁ་ཧཱུྃ་ཕཊ། ལས་མགོན་གྱི་མཚན་སྔགས་དང་། ༀ་མ་ཧཱ་ཀཱ་ལ་ཀྵི་ཕེཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལེགས་ལྡན་བེང་གི་སྔགས་དང་། ༀ་མ་ཧཱ་ཀཱ་ལི་དེ་ཝཱི་ཝཱཾ་ཧཱུྃ་ཕཊ། ཙཎྜི་ཀཱའི་སྙིང་པོ་དང་། ༀ་ཡ་མ་རཱ་ཛཱ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཤ་ཟ་སེང་གེའི་གདོང་གི་སྔགས་སོ། །དྲེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་ནི། །གཞི་སྙིང་དུ་གྲགས་པ་ཡིན་ཏེ། །མན་ངག་གི་ཡི་གེ་རྣམས་སུ་ཤེས་པར་བྱའོ། །དེ་ནས་ད་ལྟ་རྐང་བརྒྱད་དུ་གྲགས་པ་ཞིང་སྐྱོང་གི་སྔགས་ཀྱི་སྒོ་ནས་བསྟོད་པ་སྟེ། །བསྟོད་པ་བརྒྱད་པས་བསྟོད་པར་བྱ་སྟེ། དེ་ཡང་། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱ་ཧཱ་ཧཱུྃ་ཡིག་སྒྲ་དང་ཀི་ལི་ཀི་ལིའི་སྒྲ་སྒྲོགས་རོ་ལངས་འབྱུང་པོས་བསྐོར། །ཧཱུྃ་ཧཱུྃ་མཛད་ཅིང་ཀུན་ནས་མི་ཤེས་


LT19_Page_256A
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དང་རྒྱུ་མའི་ཕྲེང་བ་འཁྲུག་པའི་སྐུ། །ཕྱག་ན་མདུང་དང་ཁ་ཊཱཾ་མི་ཐོད་འཛིན་པ་འདོད་པའི་གཟུགས་ཅན་མི་སྡུག་གཟུགས། སྤྱན་ནི་སེར་ཞིང་སྐྲ་སེར་རོ་ཡི་འདུ་ས་ལ་དགྱེས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཞལ་ནས་ཕེཾ་ཕེཾ་ཕེཾ་ཡིག་སྒྲ་དང་སོ་སོར་བསྐྱོད་པའི་མེ་ཆེན་མཆོག་གི་དབུས། །རབ་གསལ་འཇིགས་པའི་སྐུ་དང་ཡན་ལག་མགོ་ཕྲེང་ཉེ་བར་མཛེས་པས་རྒྱན་དུ་མཛད། །བསད་པའི་མི་མགོ་ཁྲག་འཛག་དུམ་བུ་དྲག་པོའི་ཕྱག་གིས་འཛིན་ཅིང་མཆོད་ཡོན་འཐུང་། །མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ནི་རོལ་ཞིང་རོལ་པའི་རྩེ་མོས་སྲུངས། །ཀྵིཾ་ཀྵིཾ་ཀྵིཾ་དང་ཅ་ཅོ་སྒྲོག་མཛད་བཟོད་པས་གདུག་ཅན་རྣམས་འཆིང་བཟོད་པའི་སྐུ། །ཆར་སྤྲིན་སྔོ་མདོག་ཀ་ཧ་ཀ་ཧ་བརྗོད་མཛད་གཅིག་པུས་སྣ་ཚོགས་གནོན་ཅིང་གནོན། །ཀྵིཾ་ཀྵིཾ་ཤྲིཾ་སྔགས་སྐུ་ཅན་པ་ཙ་པ་ཙ་སྲེག་མཛད་ཀུན་ནས་སྔགས་ཀྱི་རིགས། །སྒྲུབ་པ་རྣམས་ཀྱི་བགེགས་རྣམས་སྐྲོད་ཅིག་ངེས་པར་ཞི་བར་མཛོད་ཅིག་ཞིང་སྐྱོང་ཀྱེ། །ཧཱ་ཧཱ་ཧཱར་བཞད་གད་རྒྱང་ཕུལ་བྱུང་ཕྱུགས་རྣམས་དུས་ཀུན་འཇིགས་པར་མཛད་པ་གང་། །འཇིག་རྟེན་རྣམས་ཀྱི་བགེགས་འཇོམས་ཉིན་རེར་དྲི་མེད་རབ་ཐོབ་རྫོགས་པའི་བྱང་ཆུབ་བརྙེས། །ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་སྐད་དྲག་པོའི་ནུས་མཐུས་སྲིད་པ་གསུམ་ཁོངས་གང་བར་འགེངས། །སྲུང་ཤིག་ཞིང་སྐྱོང་སྨར་རལ་པ་དབུ་སྐྲ་ཁམས་སེར་ལྡན་པས་ཉེ་བར་སྒྲུབས། །ཁཾ་ཁཾ་ཁཾ་འགྱིང་སྒེག་རོལ་ལྟོ་བ་འཕྱང་བ་ཕྱག་ན་རལ་གྲི་ཁྲག་འཐུང་བ། །རཾ་རཾ་རཾ་ནི་སྤྱན་དམར་གཏུམ་ཤུགས་ཕྱག་གི་རུ་རུའི་ཁྲག་ལ་སྤྱོད་པར་མཛད། །ཀྲུཾ་ཀྲུཾ་ཀྲུཾ་ཁྲོས་ལྟ་སྟངས་མཛོད་ཅིག་མ་ལུས་བདུད་རྣམས་འཁུམས་པའི་ཁྲོ་གཉེར་མཛོད། །ཌཾ་ཌཾ་ཌཾ་འདིས་འདུལ་མཛད་ཅང་ཏེའུ་ལྡན་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །ཀྲཾ་ཀྲཾ་ཀྲཾ་མཛད་བདུད་དང་དགྲ་བོ་ཉོན་མོངས་བག་ཆགས་མ་ལུས་ངེས་པར་འཇོམས། །ཀཾ་ཀཾ་ཀཾ་གི་སྐུ་ནི་ནག་པོའི་མཆུ་མཚུངས་རྩོད་དང་ཉེས་འགྲོག་ཐོད་ཕྲེང་ཅན། །ཙཾ་ཙཾ་ཙཾ་ཆེར་རབ་


LT19_Page_256B
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་རྨད་བྱུང་ས་གཞི་འཇིག་རྟེན་སྣང་བྱེད་གཏུམ་པོའི་ཤུགས། །སཾ་སཾ་སཾ་བདག་དགེ་འདུན་དམ་ཚིག་དགེ་བར་སྤྱོད་པ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་། །ཡཾ་ཡཾ་ཡཾ་འགྲོ་སྣ་ཚོགས་དྲི་མེད་ཆུ་བཞིན་གཟིགས་ནས་ངེས་པར་གཤིན་རྗེ་འགོག །བཾ་བཾ་བཾ་ནི་འཇིག་རྟེན་རབ་སྤྱོད་སྐད་ཅིག་རླུང་ཤུགས་གློག་ལྟར་རབ་ཏུ་མཁྱེན། །བྷཱུཾ་བྷཱུཾ་བྷཱུཾ་འཇིག་ཁྲོ་གཉེར་མཆོག་མཛད་སྒྲུབ་པོ་རྣམས་ལ་འཇིགས་པ་ལས་གྲོལ་སྟེ། །ཀྵཾ་ཀྵཾ་ཀྵཾ་ནི་གནོད་པ་རིང་དུ་སྐད་ཅིག་ལ་ཟད་བདེ་མཛད་ཞིང་སྐྱོང་ཀྱེ། །ཀླཾ་ཀླཾ་ཀླཾ་གང་རུལ་བའི་ལུས་ཅན་སྲིད་གསུམ་འགྲོ་བ་དུས་ཀུན་ཉོན་མོངས་རྣམས། །བཾ་བཾ་བཾ་མཛད་ཕྱག་གི་ཞགས་པས་ཕྱུགས་རྣམས་འཛིན་ཅིང་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་ལུས་ཅན་ཞི་བདེའི་འབྲས་སྟེར་སྔགས་པ་རྣམས་ལ་སྔགས་དང་མཚུངས། །ཞིང་རྣམས་སྐྱོང་བ་ཁྱོད་ཀྱིས་ལུས་ཅན་སྐྱེ་བོ་མཐའ་དག་གང་འདིར་ཡུན་རིང་སྐྱོངས། །སྔགས་རྣམས་བརྒྱད་པོ་ཐུན་གསུམ་དུ་ནི་ཀློག་བྱེད་ངེས་པ་མཁས་པའི་བློ་ཅན་གང་། །སློབ་དཔོན་དང་ནི་སྒྲུབ་པོའང་དམ་ཚིག་དགེ་བ་སྤྱོད་རྣམས་རྒྱལ་འགྱུར་བསོད་ནམས་ལྡན། །ཚེ་དང་དཔལ་དང་གྲགས་དང་འབྱོར་ལྡན་མཉམ་མེད་སྟོབས་འཛིན་རྣམ་གནོན་འོད་རྒྱས་ཏེ། དེ་ཡིས་བགེགས་ཚོགས་ཉམས་ཤིང་མཚུངས་མེད་ཐམས་ཅད་ཤེས་པ་ཉིན་མཚན་རྟག་ཏུ་སྟེར། ཞེས་པའོ། གཏོར་མ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔས། ཐོད་པའི་སྟེང་དུ་ཟླ་བའི་ཁ་གཅོད་ཧཱུྃ་ཡིག་གིས་མཚན་པའི་རྡོ་རྗེས་བརྒྱན་པ། དེའི་སྟེང་དུ་ཧཱུྃ་སྔོན་པོ། ཨཱཿདམར་པོ། ༀ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་རྣམས་མགོ་བོ་ཐུར་བསྟན། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས། རང་གི་གནས་གསུམ་གྱི་ཡི་གེ་འབྲུ་


LT19_Page_257A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་འོད་འཕྲོས། གཏོར་མའི་སྟེང་གི་འབྲུ་གསུམ་ལ་ཕོག །མས་རིམ་གྱིས་གཏོར་མ་ལ་ཐིམ་པས། གཏོར་མ་བདུད་རྩི་སྔོ་དམར་དཀར་པོའི་རྣམ་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། རྡོ་རྗེས་བདུད་རྩི་ལན་གསུམ་དུ་དཀྲུགས། །རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ། རྡོ་རྗེ་ཡང་ཞུ་ཞིང་འདྲེས་པ་ལས། གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ འདི་ནི་འདི་ཉིད་ཀྱི་མན་ངག་ལས་འབྱུང་བའི་གཏོར་མ་བྱིན་གྱིས་བརླབས་པའི་ལུགས་ཡིན་ལ། ཡི་དམ་གང་བྱེད་དེའི་ཆོ་ག་ལས་འབྱུང་བའི་གཏོར་མ་བྱིན་རླབས་དེ་ཉིད་ཀྱིས་ཀྱང་ངེས་པར་རུང་ངོ་། མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྤུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་གཙོ་བོ་དང་འཁོར་རྣམས་ལ་སྤྲོ་ན། སྙིང་པོ་ལན་གསུམ་གྱིས་འབུལ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ། རྩ་སྔགས་ཀྱིས་འབུལ་བ་ནི། ༀ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི་ཨེ་ཥོ྅པཥྩི་མ། ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྞ་གྲྀ་ཧྞ། བྷནྡྷ་བྷནྡྷ་། ཧ་ན་ཧ་ན། ད་ན་ད་ན། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཞེས་ལན་གསུམ་མོ། འདི་ནི་རྒྱས་པའི་ལུགས་ཡིན་ལ། འབྲིང་པོ་ལྟར་ན། ཤཱ་ས་ན་གཅིག་པུས་ཆོག །བསྡུས་པ་ལྟར་ན། གཙོ་བོའི་གཏོར་སྔགས་ཐུང་ངུ་དེས་ཀྱང་ཆོག་གོ །གཏོར་ཆོག་ཁོ་ནའི་སྐབས། དེ་རྗེས་འདོད་དོན་གསོལ་བཏབ་ལ་འཇུག །བསྙེན་པ་དང་འབྲེལ་བའི་ཚེ། སླར་ཡང་ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད་ཅིང་། གོང་བཞིན་བསྟོད་པ་བསྡུས་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་སམ། རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གཏོར་མ་འདོད་དགུ་འབྱུང་བའི་རྒྱ་མཚོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་


LT19_Page_257B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་གི་བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། དགྲ་བགེགས་ཐམས་ཅད་ཚར་བཅད་པ་ལ་སོགས་པ་ཕྲིན་ལས་རྣམ་པ་བཞི་གཡེལ་བ་མེད་པར་མཛད་དུ་གསོལ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ཨཱ་ཏྨ་ཀ་ཏིཥྛ་ཧཱུྃ། སྨོན་ལམ་བཏབ་ཅིང་བཀྲ་ཤིས་བྱའོ། ཡུམ་ཙཎྜི་ཀཱ་ནག་མོར་བྱེད་ན། གོང་དུ་བཤད་པའི་དམར་མོ་རྩ་འཇིབས་མ་དང་སྐུ་མདོག་ནི་ཁྱད་པར་མ་གཏོག་འདྲ་ལ། དེ་ཉིད་བོང་ཞོན་མ་དང་། དྲེའུ་ཞོན་མར་བྱེད་པའི་ལུགས་ཀྱང་ཡོད། ལོ་ཀ་ཤྲཱིའི་ལུགས་ཀྱི་འདོད་ཁམས་མའམ། དུད་སོལ་མ་གྲགས་པ་དང་། རེ་མ་ཏི་བོང་ཞོན་མ་དང་། དྲེའུ་ཞོན་མ་ཅི་རིགས་པ་དག་ལྕམ་དྲལ་དུ་བྱེད་པའི་ལུགས་ཀྱང་འདུག་མོད། སྤྱིར་དེ་ལྟར་སྦྱོར་བ་མི་འགལ་ཡང་། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཡོད་བཞིན་དུ་གཞན་དུ་བསྲེ་བར་མི་བྱའོ། །དཔལ་ཆེན་པོ་རྒྭ་ལོས་འགྲོ་མགོན་ཚལ་པ་ལ་གནང་བའི་ལུགས་ལྟར་ན། སྐུ་གསུང་ཐུགས་ཀྱི་བྱ་རོག་གདོང་ཅན་གསུམ་གཙོ་བོའི་མདུན་དུ་བཞུགས་པ་དང་། དེའི་གཡས་གཡོན་དུ་སེང་གདོང་གསུམ་དང་། ཙཎྜི་ཀཱ་གསུམ། གཙོ་བོའི་གཡོན་དུ་ལྷ་མོ་རེ་མ་ཏཱི་རལ་གྲི་དང་ནེའུ་ལེ་འཛིན་པ། དེའི་མདུན་དུ་ཨེ་ཀ་ཛཱ་ཊི་དམར་ནག་ཕྱག་བཞི་པ་རྩེ་གསུམ་མི་སྙིང་ཐོད་རློན་ལྕགས་སྤྱང་ཁྲ་ཐོགས་ཀྱི་ཚུལ་ཅན་དུ་བསྐྱེད་ནས། ལྷ་མོ་ལ་སྔགས། མ་མ་ཏྲ་ཀ་རུ་ཏྲ་མཱ་ར་ཡ་ཧཱུྃ་ཕཊ། །ཅེས་བཟླ་བ་དང་། མཁའ་འགྲོ་མ་བརྒྱད་པོའང་སྐུ་མདོག་དམར་མོར་མཛད་པ་ནི་ཁྱད་པར་རོ། ། འདི་ཉིད་ཀྱི་བསྟོད་པ་དང་། མཆོད་ཕྲེང་དང་། ཐུགས་དམ་བསྐུལ་བ་ལ་སོགས་པ་རྒྱས་པར་སྤྲོ་ན་ཡིག་རྙིང་རྣམས་ལས་ཤེས་པར་བྱ་ལ། སྒྲུབ་ཐབས་ཀྱི་ངོ་བོ་འདི་ཁོ་ནས་ཆོག་ཤེས་པར་བྱ་ཞིང་། ཁྲིད་ཚུལ་ཟབ་


LT19_Page_258A
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི་ལོགས་སུ་བཞུགས་པ་ལྟར་ཉམས་སུ་བླང་པར་བྱའོ། །འདིའི་རྗེས་གནང་གི་བྱ་བ་ནི། ཕྱག་ལེན་ལུགས་གཉིས་ལས། དང་པོ་དཔལ་ཕག་མོ་གྲུ་པ་ལས་བརྒྱུད་པ་ནི་ཤོམ་བྱ་ཚུལ་དཀྱིལ་འཁོར་སྒོམ་དོན་དང་མཐུན་པའམ། བསྡུ་ན་ཟླུམ་སྐོར་གྱི་ནང་དུ། གྲུ་གསུམ་མཐིང་ནག་ལྷ་གྲངས་མཉམ་པའི་ཚོམ་བུ་ཅན་དབུས་སུ་གཏོར་མ་སྙིང་གཟུགས་མ་མཉྫི་ལ་བཀོད། མཐར་འབུལ་གཏོར་ལྷ་གྲངས་དང་མཉམ་པའི་གང་འོས་དང་། བདུད་རྩིའི་ཐོད་པ། ནང་མཆོད་སོགས་དང་མཆོད་པ་རྣམས་བཤམ། ཤིན་ཏུ་བསྡུ་ན། དཀྱིལ་འཁོར་མེད་ཀྱང་ཆོག་པས། དཔལ་གྱི་གཏོར་མ་ལ་བརྟེན་པ་ཁོ་ནས་ཀྱང་རུང་ངོ་། གཏོར་འབུལ་ཡན་ཆད་གོང་དུ་བསྟན་པ་བཞིན་བྱས་ལ། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་ཆབ་བཏང་། ནད་དུ་འཁོད། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། སྤྲོ་ན་སྔོན་འགྲོའི་ཆོས་བཤད་ཅི་རིགས་བྱས་ལ། འདིར་སྐབས་སུ་བབས་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་འདི་ཉིད་ངེས་པའི་དོན་ཏུ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དང་དབྱེར་མེད་པ་སྟེ། རྒྱུད་ལས། དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །གསང་གསུམ་ལས་སྤྲུལ་ནག་པོ་ཆེ། ཞེས་གསུངས་ཤིང་། འདི་ཉིད་ཀྱི་རྩ་བའི་རྒྱུད་ནི་བཅོམ་ལྡན་འདས་ཤཱཀྱ་སེ་ངྒེས་ཤྲཱི་དྷ་ནྱ་ཀ་ཊ་ཀར་གསང་བ་སྔགས་ཀྱི་ཆོས་ཀྱི་སྡེ་ཆེན་པོ་གསུངས་བའི་ཚེ། བསྟན་པ་བསྲུང་བའི་སླད་དུ་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བ་ཞེས་བྱ་བའི་ཆོས་སྡེ་ཆེན་པོ་ཞིག་གསུངས་པའི་སྙིང་པོ་བཀའ་བསྡུབ་དང་འཛིན་པའི་པཎ་གྲུབ་རྣམས་ཀྱིས་ཕྱུང་བ་དཔལ་མགོན་པོ་སྒྲུབ་པའི་ཐབས་དབང་རྒྱུད་མན་ངག་གི་ཆོས་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཅིང་། རྒྱ་གར་དུའང་སློབ་དཔོན་འཕགས་པ་ཡབ་སྲས་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་ཀྱང་བསྟན་སྲུང་གི་གཙོ་བོར་མཛད། རྒྱུད་འགྲེལ་མན་ངག་ཅི་རིགས་པ་བོད་དུ་སྤྱན་འདྲེན་པ་པོ་ལོ་ཙཱ་བ་ཅི་རིགས་བྱུང་བའི་ནང་ནས། འདིར་དཔལ་རྒྭ་ལོ་ཙཱ་བ་ཧེ་རུ་ཀ་དང་རྣམ་དབྱེར་མེད་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་དེའི་ལུགས་རྩ་བར་བཟུང་། དེ་ལ་སློབ་མ་ཞང་ཚལ་པ། ཕག་གྲུབ།


LT19_Page_258B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་པ། ཨ་སེང་། ཅོག་རོ་སོགས་མང་ཡང་ཐེལ་ཚལ་གྱི་ལུགས་མཆོག་ཏུ་བསྔགས་པ་དེ་ཡིན། དེ་ལ་རྗེས་གནང་གི་སྒོ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། འདིར་ཕག་གྲུ་ལུགས་ཀྱི་རྗེས་གནང་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་བ་དང་། །ལོག་འདྲེན་བགེགས་རྣམས་ཚར་གཅོད་ཕྱིར། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། ལན་གསུམ། བླ་མ་དང་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་རྒྱུན་བཤགས་སྔོན་ཏུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། རྗེས་སུ་གནང་བ་དངོས་གཞིའི་ཐོག་མར་དམིགས་པ་འདི་བཞིན་དུ་བསྒོམ་མཛོད། བླ་མ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ཐོག་ལྷུང་བ་ལྟར་བྱུང་སྟེ། སློབ་མའི་ལུས་ལ་གཡོན་བསྐོར་ལན་གསུམ་བྱས་ནས་སྤྱི་བོར་ཐིམ་པས་མ་དག་པའི་ལུས་སྦྱངས་ཏེ། འོད་ཟེར་མཐིང་ཁའི་ཕུང་པོ་ཆེན་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། ཞེས་པ་ནས། བཞུགས་པའོ། ཞེས་པའི་བར་གྱིས་མགོན་པོའི་སྐུར་གསལ་བཏབ། བླ་མའི་ཐུགས་ཀ་ནས་འོད་འཕྲོས། བསིལ་བ་ཚལ། ན་ལེནྡྲ། །དཔལ་གྱི་རི་ལ་སོགས་པ་ནས། ཡེ་ཤེས་པ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་གྱི་སྒྲ་དང་བཅས་སྟེ་བྱོན། སློབ་མའི་ལུས་ལ་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས་པར་བསམ་ཞིང་། རོལ་མོའི་སྒྲ་བྱ། སྔགས་དྲག་ཏུ་བཟླ། དེ་ནས་དབང་གི་ལྷ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨཱརྒྷཾ་ནས་ཤབྡའི་


LT19_Page_259A
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཀྤཱ་ལ་བདུད་རྩིས་བཀང་བས་དབང་བསྐུར་ལ། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག །མཐུ་སྟོབས་དང་ནུས་མཐུ་ལ་དབང་བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱེལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་མོས་ཤིག །དེ་ནི་སྐུའི་རྗེས་གནང་སྐུའི་བྱིན་རླབས་འབེབས་པ་དང་བཅས་པའོ། དེ་ནས་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་མགོན་པོའི་ཐུགས་ཀར་ཕོག །ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་བརྒྱུད་དེ་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོའི་མཐར་འཁོད། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །ཡི་གེ་བཅུ་པ་དང་། ཤཱ་ས་ནའི་རྗེས་ཟློས་ལན་གསུམ་བྱར་གཞུག །དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱ་བའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་ཏུ་འདིའི་རྗེས་ཟློས། །བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། སྔགས་ཀྱི་དངོས་གྲུབ་


LT19_Page_259B
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ། རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །བླ་མའི་ཐུགས་ཀའི་འོད་ཟེར་གྱིས། རང་བཞིན་གྱི་གནས་དང་བསིལ་བ་ཚལ་ལ་སོགས་པ་ནས། སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སློབ་མའི་སྙིང་གའི་སྔགས་ཕྲེང་ལ་བསྟིམ་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པར་བསམ་ལ། རོལ་མོའི་སྒྲ་བྱ། གསུང་གི་རྗེས་གནང་གསུང་གི་བྱིན་རླབས་འབེབས་པ་དང་བཅས་པའོ། བླ་མ་ཡི་དམ་མདུན་བསྐྱེད་དང་བཅས་པ་ལ་མོས་གུས་དུང་པ་བྱས་པས། བླ་མའི་ཐུགས་ཀ་ནས་འོད་འཕྲོས་རང་ལུས་ལ་ཐིམ། ལུས་ཡས་མས་ནས་རིམ་པས་ཞུ་སྟེ་སྙིང་གའི་སྔགས་འཁོར་ལ་ཐིམ། དེ་ཧཱུྃ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་སྣང་བར་གྱུར་པ་ལ་མཉམ་པར་བཞག །ཡང་ཧཱུྃ་ཞེས་བྱ་བའི་སྒྲས། སློབ་མ་མགོན་པོའི་སྐུར་སྐད་ཅིག་གིས་གསལ་བཏབ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་དང་། རང་བཞིན་གྱི་གནས་དང་། བསིལ་བ་ཚལ་ལ་སོགས་པ་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་མཚན་སོ་སོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དགྲ་བགེགས་བསྒྲལ་བ་ལ་སོགས་པའི་ལས་མཛད། སློབ་མའི་སྙིང་ཁར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་ལ། རོལ་མོའི་སྒྲ་བྱས། །ཐུགས་ཀྱི་རྗེས་གནང་དང་། ཐུགས་ཀྱི་བྱིན་རླབས་འབེབས་པའོ། ཕྲིན་ལས་གཏོར་མའི་བཀའ་བསྒོ་ནི། གཏོར་མ་དཔལ་འབར་ཅན་སློབ་མའི་མགོ་ཐོག་ཏུ་བཟུང་ལ། གཏོར་སྣོད་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ། གཏོར་མ་ཡེ་ཤེས་མགོན་པོ་ནག་


LT19_Page_260A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོ་འཁོར་གཡོག་ཕོ་ཉའི་ཚོགས་དང་བཅས་པ། དེའི་སྟེང་དུ་སློབ་དཔོན་དང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དབྱེར་མ་མཆིས་པ་གསལ་བཏབ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མས་བསྐོར་བ་བསྒོམ་དུ་བཅུག །བླ་མ་ཡི་དམ་གྱི་ཚོགས་ཀྱིས་ཆོས་སྐྱོང་སྲུང་མ་རྣམས་ལ་བཀའ་བསྒོས་པས། དེ་རྣམས་ཀྱིས་རྡོ་རྗེའི་བྲོ་དྲག་པོ་འཁྲབ་པས། དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པར་མོས་པ་གྱིས། ཞེས་བརྗོད་ལ། རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ། བསྟོད་པ་བརྒྱད་པ་ཚར་གཅིག་དང་ཤཱ་ས་ན་དང་སྔགས་རྣམས་ཚར་གཅིག་དྲག་ཏུ་བརྗོད་པའི་རྗེས་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ། བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་བ། སློབ་དཔོན་རྟ་དབྱངས། རྡོ་རྗེ་གདན་པ། ཨཱབྷ་ཡ་ཀ་ར། ཙཱ་མི་སངས་རྒྱས་གྲགས། རྒྭ་ལོ་གཞོན་ནུ་དཔལ། དཔལ་ལྡན་ཕག་མོ་གྲུ་པ་ལ་སོགས་པ་རྩ་བརྒྱུད་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུང་། སེམས་ཅན་གྱི་བདེ་སྐྱིད་སྤེལ། བྱེ་བྲག་ཏུ་རིག་པ་འཛིན་པའམ་རྡོ་རྗེ་སློབ་མ་འདི་ཉིད། དུས་འདི་ནས་བཟུང་སྟེ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག །མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག །སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་རིག་པ་འཛིན་པ་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །མདོར་ན་རིག་པ་འཛིན་པ་འདིའི་ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། མཐར་བླ་མ་རྣམས་


LT19_Page_260B
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ལ་ཐིམ། དེ་རྣམས་མགོན་པོ་འཁོར་བཅས་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སློབ་མ་ཐིམ་པ་དཔོན་སློབ་གཉིས་ཅེར་གྱིས་བསྒོམ། བཀྲ་ཤིས་ཀྱི་ཚིག་བཅད་ཅི་རིགས་པར་བརྗོད། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །གཏོར་དབང་ཁོ་ན་བྱེད་པར་འདོད་ན། །གསོལ་བཏབ་རྒྱུན་བཤགས་སོང་བའི་རྗེས་ལ། སློབ་མའི་བློའི་དོར། གཏོར་མ་མགོན་པོར་བསྐྱེད་ཅིང་སྤྱན་དྲངས། དེ་ནས་གོང་བཞིན་གཏོར་མའི་བཀའ་བསྒོ་ཉིད་བྱས་པས་ཀྱང་བར་ཆད་སེལ་བའི་ཐབས་མཆོག་ཏུ་འགྱུར་ཞིང་། མཆོད་གཏོར་འབུལ་བ་སོགས་ལ་དབང་བ་ཡིན་ནོ། །ཡང་ཆོས་སྐྱོང་དུ་མི་བརྟེན་པར་བར་ཆད་སེལ་བ་ཙམ་དོན་དུ་གཉེར་བ་ལ། བཀའ་བསྒོའི་སྐབས་སྲུང་མ་མཛོད་ཅེས་པ་བོར། མགོན་པོ་སློབ་མ་ལ་བསྟིམ་པའི་དམིགས་པ་མི་དགོས། །རྗེས་གནང་འདི་བཀའ་ཡངས་ཤོས་དེ་ཡིན་ནའང་། བྱིན་རླབས་ཀྱི་བབས་ཤིན་ཏུ་ཆེ་ཞིང་ཟབ་པ་ཡིན་ནོ། །བུམ་དབང་བཅུ་བཞི་པར་གྲགས་པ་ཟབ་མོར་བཞེད་ཅིང་། ཕྱག་ལེན་བཀའ་དོགས་པོར་མཛད་པ་དེ་ནི། དབང་ཆོག་རིན་ཆེན་ཕྲེང་བ་ལས་ཤེས་པར་བྱ་ལ། དབང་བཞི་རྫོགས་སུ་གྲགས་པ་འགའ་ཞིག་ནི། བྱིན་རླབས་ཀྱི་སྒོ་ཅུང་ཟད་ཡོད་སྲིད་ནའང་། ཁུངས་དང་ལྡན་པ་མ་ཡིན་པས་བཏང་སྙོམས་སུ་བཞག་པར་བྱའོ། །གཉིས་པ་ཚལ་ལུགས་ཀྱི་ཕྱག་ལེན་ནི། དཀྱིལ་འཁོར་སྒོ་མེད་ལྷ་རྣམས་ཕྱོགས་མདོག་ཅན་གྱི་དབུས་སུ། པདྨ་སྔོན་པོ་འདབ་བརྒྱད་ལྟེ་བ་དམར་པོ་ལ་ཆོས་འབྱུང་ནག་པོ་ཞིག་འབྲི། འདབ་མ་བརྒྱད་ལ་ཚོམ་བུ་དམར་པོ་བརྒྱད་དགོད། ཆོས་འབྱུང་ལ་གྲི་གུག་ཧཱུྃ་གིས་མཚན་པ་ཞིག་འབྲི། དེའི་སྟེང་དུ་མཉྫིལ་བུམ་པ། རྒྱབ་ཏུ་དཔལ་བཤོས་སྙིང་གཟུགས་མདའ་དར་གྱིས་བརྒྱན་པ། མདུན་དུ་ལྷ་གྲངས་དང་མཉམ་པའི་གཏོར་མ། གཡས་སུ་ཀ་པཱ་ལ་བདུད་རྩིས་གང་བ། གཡོན་དུ་དམ་ཚིག་གི་རྡོ་རྗེ་རྣམས་བཞུགས། བདག་མདུན་གཉིས་སོང་བའི་རྗེས་སུ། གཏོར་མ་བུམ་པ། ཐོད་པ། རྡོ་རྗེ་རྣམས་ལ། །མགོན་པོ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བདེ་མཆོག་ལྷན་སྐྱེས་ཀྱི་དབུ་རྒྱན་ཅན་རེ་བསྐྱེད། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་སརྦ་བུཾ་བྡྷ་བཛྲ་ཌཱ་ཀི་ནཱི་ཤྭ་རི་ཧཱུྃ་ཕཊ། ཅེས་པ་གསུམ་སྦྲེལ་གང་ནས་ཞིག་བཟླ། སློབ་མའི་བྱ་བ་ཆོས་བཤད་སྐབས། ཚལ་ལུགས་ཀྱི་རྗེས་སུ་གནང་བ་ཞེས་བསྒྱུར། གཞན་རྣམས་ཅུང་ཟད་འདོན་པ་སྤོང་མ་གཏོགས། སྐུའི་བྱིན་རླབས་འབེབས་པ་ཡན་ཆད་དགོང་དུ་བཤད་


LT19_Page_261A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲ་བ་ལས། །བུམ་པའི་དབང་བསྐུར་སྐབས་དབང་ལྷ་སྤྱན་འདྲེན་མི་དགོས། དཔལ་རྡོ་རྗེ་ནག་པོ་ཆེན་པོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བས་སྤྱི་བོ་ནས་དབང་བསྐུར་བར་གྱུར། ༀ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་སྤྱི་བོའི་འཁོར་ལོ་གང་། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། མགྲིན་པའི་འཁོར་ལོ་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། སྙིང་གའི་འཁོར་ལོ་གང་། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལྟེ་བའི་འཁོར་ལོ་གང་། སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །དབང་བཞི་པ་ཐོབ་པར་མོས་ཤིག །གོང་གི་སྔགས་གསུམ་སྦྲེལ་གྱི་མཐར། ཨ་བྷི་ཥིཉྩ་བཏགས་སྟེ་བུམ་པས་དབང་བསྐུར། དེ་ནས་གཏོར་མའི་དབང་བསྐུར་བ་ལ། དམ་རྫས་གཏོར་མའི་དབང་བསྐུར་བས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། བདུད་རྩིའི་དབང་ནི། བདུད་རྩི་ལྕེ་ལ་བཞག་ལ། གོང་མའི་ཚིག་ལ་འདོན་པ་སྤོས་ཏེ། དམ་རྫས་བདུད་རྩིའི༴ གསུང་གི༴ ངག་གི༴ གསུང་མི་འགྱུར་ནུས་མཐུའི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཝཱ་ཀ་ཨ༴ རྡོ་རྗེའི་དབང་ནི། རྡོ་རྗེ་སྙིང་ཁར་བཟུང་ལ། སྟོང་ཉིད་རྡོ་རྗེའི༴ ཐུགས་ཀྱི༴ ཡིད་ཀྱི༴ ཐུགས་མི་འགྱུར་འོད་གསལ་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་ཙིཏྟ༴ ཧཱུྃ། ཡོན་ཏན་ཕྱག་མཚན་གྱི་དབང་ནི། །ངོ་མཚར་རྨད་དུ་བྱུང་བ་ཡི། །བེ་ཏའི་འབྲས་བུའི་དབང་བསྐུར་བས། །རིན་ཆེན་གཏེར་གྱི་ཆར་པ་འབེབས། །ལོངས་སྤྱོད་དངོས་གྲུབ་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལཱ་བྷེ་ཙ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ངོ་མཚར༴ ཤེས་རབ་རལ་གྲིའི༴ ཉོན་མོངས་དུག་གསུམ་རྩད་ནས་བཅད། །དགྲ་བགེགས་འདུལ་བའི༴ ཁཌྒ༴ ཧཱུྃ། ངོ་མཚར༴ བྷནྡྷ་ཐོད་པའི༴ ཐུགས་རྗེ་ཞི་བས་བདུད་བཞི་བཅོམས། །བྱང་ཆུབ་སེམས་ཀྱི༴ ཀ་པཱ་


LT19_Page_261B
[མ་དཔེ་གཟིགས་ན་འདིར་གནོན།]

ལ༴ ཧཱུྃ། ངོ་མཚར༴ རྩེ་གསུམ་ཁ་ཊྭཱཾ་༴ སྐུ་གསུང་ཐུགས་དང་ལྡན་གྱུར་ཏེ། །སྐུ་གསུམ་ཡོན་ཏན་ཏྲི་ཤཱུ་ལ། ཕྲིན་ལས་ཀྱི་དབང་ནི། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ལ། ཧཱུྃ། །ངོ་མཚར་རྨད་དུ་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེའི་དབང་བསྐུར་བས། །ཞི་རྒྱས་དབང་དྲག་མཐུ་བརྙེས་ནས། །ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག །ༀ་མ་ཧཱ་ཀཱ་ལ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཕྲིན་ལས་གཏོར་མའི་བཀའ་བསྒོ་གོང་དང་འདྲ་བ་ལས་བརྒྱུད་པ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། ཕྱག་ན་རྡོ་རྗེ། ཨིནྡྲ་བྷུ་ཏི། ལྕམ་ལེགས་སྨིན། ཀླུའི་བུ་ཐུབ་པ་མོ། སྒྲ་གཅན་འཛིན་བཟང་པོ། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་བ། སློབ་དཔོན་རྟ་དབྱངས། དུས་འཁོར་ཞབས། ཨཱབྷ་ཡཱ་ཀ་ར། ཙཱ་མི་སངས་རྒྱས་གྲགས། རྒྭ་ལོ་གཞོན་ནུ་དཔལ། འགྲོ་མགོན་ཞང་ཚལ་པ་ནས་རིམ་པར་བྱོན་པའི་རྩ་བརྒྱུད་དཔལ་ལྡན་བླ་མ་སོགས་བསྒྱུར། མགོན་པོ་སྒྲུབ་པར་འདོད་པ་ཡིན་ན་སྔགས་ཀྱི་བཟླས་ལུང་སྦྱིན་ཏེ་སྔ་མ་ལྟར་བྱ། རྗེས་དམ་ཚིག་བསྒྲག་བཟུང་སོགས་སྤྱི་དང་འདྲའོ། ཡང་བརྒྱུད་ལུགས་གཉིས་ཅར་གཅིག་ཏུ་དྲིལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཁྱད་པར་ཅན་ནི། མགོན་པོ་གཙོ་རྒྱང་ཉིད་དམ། འཁོར་བཅས་ལྟར་ན། བྱ་རོག་གདོང་ཅན་གསུམ་དང་། མཁའ་འགྲོ་བརྒྱད་ཁོ་ནས་བསྐོར་བར་བྱ། གསོལ་གདབ་ནི། བཅོམ་ལྡན་རྡོ་རྗེ་འཛིན་རྒྱལ་གཙོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། མཐུ་སྟོབས་ཕྲིན་ལས་གཅིག་བསྡུས་པ། །ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །དངོས་གྲུབ་བདག་གིས་ཐོབ་པར་ཤོག ཅེས་པས་བྱེད་ཅིང་། བླ་མ་དང་མགོན་པོའི་གནས་ལྔ་ནས་མགོན་པོ་རིགས་ལྔ་རིམ་པས་སྤྲོས་ཏེ་སློབ་མའི་གནས་ལྔར་རིམ་པས་ཐིམ་ཚུལ་རེ་རེ་བཞིན་ཕོག་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ཐོབ་པར་བསམ། །དེ་ནས་གཏོར་དབང་སྤྱི་དང་འདྲ་བ་ལས་མཐར་


LT19_Page_262A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་བརྒྱད་ཀྱི་ཐུགས་ཀ་ནས་བྱ་རོག་གདོང་ཅན་དཔག་ཏུ་མེད་པས་ས་དང་བར་སྣང་ཁེངས་པ་ཙམ་བྱོན། ལྷ་མོ་བརྒྱད་དང་། དེ་རྣམས་ཐམས་ཅད་བ་སྤུའི་བུ་ག་ནས་ཐིམ། གུ་ཎ་ཧྲྀ་དའི་སྔགས་དྲག་ཏུ་བཟླ་བ་དང་། །བྱ་རོག་གདོང་ཅན་ཉིད་ཀྱི་བཀའ་བསྒོ་བྱ། །སླར་སློབ་མ་སླར་བསྐྱེད་ནས་བཟླས་ལུང་སྦྱིན། འདི་ཁྲིད་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཡིན་པས། ཤིན་ཏུ་གཅེས་པར་བཟུང་དགོས་ཞེས་བླ་མས་གསུང་ལ། ཤིན་ཏུ་བྱིན་རླབས་ཆེ་བར་མྱོང་བས་ཀྱང་གྲུབ་བོ། །བསྟན་སྲུང་ཀུན་ལས་ཆེས་མཆོག་ཏུ། །རབ་ཏུ་གྲགས་ཤིང་དགའ་བར་བསྔགས། །གང་དེའི་སྒྲུབ་ཐབས་སྙིང་པོ་ནི། །རྗེས་གནང་ལག་ལེན་དང་བཅས་མཚར། །ཡེ་ཤེས་མགོན་པོ་ཕྱག་བཞི་པ་་ལོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །མངྒ་ལཾ། ཞེས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཁོལ་དུ་ཕྱུངས་རྗེས་གནང་ནག་འགྲོ་ས་ཁ་གསལ་དུ་བྱས་པ་དགེ་ལེགས་འཕེལ། །ཤུབྷཾ། །

གདམས་ངག་མཛོད་པོད་བཅུ་པ།
བསྟན་སྲུང་གཙོ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།


LT19_Page_263A
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གཙོ་མོ་དུད་པའི་སོལ་བ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།། །།


LT19_Page_263B
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། ཡུམ་གྱུར་རྡོ་རྗེ་མཁའ་འགྲོ་མ། །མ་མོ་གཙོ་མོའི་ཚུལ་བཟུང་ནས། །རྡོ་རྗེ་འཛིན་པའི་བསྟན་པ་སྐྱོང་། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། དཔལ་ལྡན་དུད་སོལ་མར་གྲགས་པ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་བཤད་པར་བྱའོ། །དེ་ལ་སྟེགས་བུ་གྲུ་བཞི་ལ་འབྲུབ་ཁུང་གྲུ་གསུམ། དེའི་དབུས་ཀྱི་ཐོད་པའི་ཟླུམ་སྐོར་ནང་ཟུར་གསུམ་དུ་རྡོ་རྗེ་ཕྱེད་པ་གསུམ་གྱིས་མཚན་པ། དབུས་སུ་ནས་ནག་གི་ཚོམ་བུ་བཀོད། མདུན་དུ་མཉྫིལ། ར་ནག་དང་བྱ་ནག་གི་ཤ་གཙོ་བོར་གྱུར་པའི་ཤ་ཁྲག་སྣ་ཚོགས་པས་སྦགས་པའི་གཏོར་མ་ཆེ་བ་ཞིག་བཤམ། མཆོད་པ་སྣ་ཚོགས་པས་མཐའ་བསྐོར། བདག་བསྐྱེད་བརྒྱུད་པ་འདི་ཉིད་དང་མཚུངས་པའི་དགེས་རྡོར་མཱ་ཡཱ་གདན་བཞི་ལ་སོགས་པའམ། ཁྲོ་བོ་གང་ཡང་རུང་བའི་མངོན་རྟོགས་སྔོན་དུ་འགྲོ་བས་མཆོད་བ་བྱིན་གྱིས་བརླབ། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་སོལ་མ་བཞུགས་པའི་སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། ར་ལས་མེ་འོད་འཕྲོ་བ། སྐུ་ལུས་སྐད་ཅིག་གིས་བསྲེགས། ༀ་དེའི་སྟེང་དུ་པཾ་ཡོངས་སུ་གྱུར་པཾ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མ་ཧཱ་ཀཱ་ལི། དེ་ཝཱི་ཀ་ར་ལི།


LT19_Page_264A
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཀྲཱནྟ་ཙཎྜ་རུ་པི་ཎི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ། ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་བྷཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། །གཉིས་པ་ན་ཏྲི་ཤཱུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་གྱི་སྦྲུལ་དང་། གཡོན་ན་སེང་གེས་བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་གཡོགས་ཤིང་། བ་གླང་གི་པགས་པས་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ། ཀླུའི་རྒྱལ་པོ་གཤིབས་པས་སྐེ་རག་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་ག་བའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་


LT19_Page_264B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང་། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་བ། དེའི་དབུས་སུ་ཧཱུྃ། མཐའ་སྐོར་དུ་ༀ་ཧཱུྃ་ཤྲཱི་ཡེ། དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡཱ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་ལྷ་མོ་དཔལ་ནག་མོ་འབུམ་སྡེ་དང་བཅས་པ་ༀ་བཛྲ་ས་མཱ་ཛ། ཞེས་སྤྱན་དྲངས། ༀ་ཤྲཱི་ཡེ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་པས་གཉིས་སུ་མེད་པ་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན་གཡས་མི་སྙིང་དང་། གཡོན་བྷནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་ཡང་བྷྱོ་ཡིག་གིས་མཚན་པ། དུད་པའི་སོལ་བ་མ་ཁྱོད་ཀྱི་སྐུ་མྱུར་དུ་སྟོན་ཅིག །སྐུ་མ་སྟོན་ན་ཡང་ཡིད་ལ་གང་འདོད་པ་དེ་འགྲུབ་པར་གྱིས་ཤིག །ནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུྃ་ཕཊ། ཅེས་དམ་ལ་བཞག །ༀ་ཧཱུྃ་ཤྲི་ཡེ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། དེ་བཞིན་དུ། དྷཱུ་པེ། གནྡྷེ། ནཻ་ཝི་ཏྱ། ཨཱ་ལོ་ཀེ་ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོཿདཀར་པོ་ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཧ་ཧོཿཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོད། ༀ་ཧཱུྃ་སོགས་ཀྱི། མཐར། ༀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི་ཨི་དཾ་བ་ལིཾ་གྲྀ་ཧྞ་གྲྀ་ཧྞ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བར་འདིར་བསྟོད་པ་ཏིལ་མར་མ་དང་། གཞན་ཡང་བསྟོད་པའི་བྱེ་བྲག་ཅི་ཤེས་ཀྱིས་བསྟོད་པ་ཡིན་ལ། བསྡུ་ན། །དཔལ་ལྡན་ལྷ་མོ་མི་ཕམ་


LT19_Page_265A
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་བསྐུར་འདོད་ཁམས་ཡ་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང་། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང་། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བཅུད་བསྡུས་ཟླ་བར་ཚིམ་མཛད་མ། །ནད་ཡམས་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། རཀྟ་དང་ཆང་གཏོར་མ་ལ་གཏོར་ཞིང་། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སི། ཀཱ་མ་ལ་རཱཀྵ་སི་ཧཱུྃ་བྷྱོ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད། སྔགས་དེ་ཉིད་དམ། ༀ་ཧཱུྃ་ཤྲི་སོགས་གང་འགྲུབ་བཟླ། མཆེ་བའི་ཕྱག་རྒྱ་ཁའི་གྲུར་བཅས་ལ། ༀ་བྷྱོཿབརྟ་ལི་བརྟ་ལི་ཚེ། ཁ་ཕྲུས་བཏབ་ལ། ཧཱུྃ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་གྲག་དགའ་མོ། །ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ།


LT19_Page_265B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེཾ་ཕྲུཾ་ཕྲེཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་བདབ། ཕྲིན་ལས་བཅོལ་འདོད་དོན་གསལ་བཏབ་གང་འོས་བྱ། དེ་ལྟར་བགྱིའོ། ། ཞེས་ཞལ་གྱིས་བཞེས་པར་བསམ། གཏོར་མ་གཙང་སར་བཏང་། དགེ་བ་བསྔོ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་གྲུ་གསུམ་གྱི་སྟེང་དུ། རྟེན་གཏོར་བཅས་ལ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གོང་དུ་བཤད་པ་ལྟར་བྱས་ལ། གཏོར་འབུལ་ཕྲིན་བཅོལ་ཡན་ཆད་གྲུབ་པ་དང་། སློབ་མ་ལ་ཁྲུས་ཆབ་བཏང་། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འདི་ཉིད་དོན་དམ་པར་རྒྱལ་བ་སྐྱེད་པའི་ཡུམ་རྣམ་ཐར་གསུམ་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བ་ཉིད། རྣམ་བཅས་ལྷ་མོའི་རྣམ་པར་བཞེངས་པ་ན་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དང་། རྡོ་རྗེ་བདག་མེད་མ་ཞེས་བྱ་བ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྙད་པར་གྱུར་པ་སྟེ། ཇི་སྐད་དུ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡིས། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། ཅེས་གསུངས་པ་བཞིན། །བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མ་ཉིད། །མ་མོའི་ཚོགས་ཀྱི་དབང་ཕྱུག་ཏུ་བཞེངས་ཏེ། དེ་ཡང་འཇིགས་བྱེད་ཧེ་རུ་ཀ་ལེགས་ལྡན་ནག་པོ་ཆེན་པོ་རྣམས་དང་དགྱེས་བདེར་སྤྱོད་པའི་རང་སྣང་ཤེས་རབ་ཀྱི་ཡུམ་ལའང་། ངོ་བོ་གཅིག་ལ་ལྡོག་ཆས་བྱ་བའམ། དབྱིངས་ཡུམ། སྦྱོར་ཡུམ། སྒྲོལ་ཡུམ་ཞེས་འགའ་ཞིག་ཏུ་དབྱེ་བར་མཛད་པའི་དབྱིངས་ཡུམ་ཨེ་ཀ་ཛ་ཌི་སྟེ་སྔགས་བདག་རལ་གཅིག་མ་དང་། སྦྱོར་ཡུམ་ཙཎྜེ་ཤྭ་རི། སྒྲོལ་ཡུམ་དུད་སོལ་མ་ཞེས་གྲགས་མོད། །ངེས་དོན་དབྱིངས་སུ་དབྱེ་བ་མེད་ཀྱང་། རྣམ་འགྱུར་གྱི་དབང་དུ་བྱས་པ་དེའི་ཕྱིར་དཔལ་ལྡན་ལྷ་མོ་འདི་ཉིད་རྒྱལ་བའི་སྤྱན་སྔར་ཐུགས་བསྐྱེད་ཅིང་། བསྟན་སྲུང་གཙོ་མོར་དབང་བསྐུར་བ་དང་། གཞན་ཏུ་རྒྱ་མཚོའི་ལྷ་མོ་དབྱངས་ཅན་མའི་ངོ་བོ་ཡིན་པས་དེ་དག་གི་ཚུལ་རྒྱུད་དུ་གསལ་ཞིང་། མདོར་ན་


LT19_Page_266A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཡེ་ཤེས་ལྷ་མོ་འདི་ཉིད་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་སྲུང་མའི་གཙོ་བོར་མཛད། ཁྱད་པར་རྗེ་ནཱ་རོ་ཏ་པའི་བཀའ་སྲུང་གི་གཙོ་མོར་བསྙེན་ཅིང་། དེས་རྗེ་མར་ལ་ལོ་ཙཱ་བ་ལ། དུད་སོལ་ལྷ་མོ་རྒྱུད་སྲུད་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲངས་ལ། །དུས་གསུམ་བ་ལིཾ་མ་ཆགས་གྱིས། །མཆོག་ཐུན་དངོས་གྲུབ་གདོན་མི་ཟ། །ཆུ་བོ་གངྒཱ་ཕན་ཆད་དུ། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །དཀའ་བར་མ་དགོངས་ཉམས་སུ་ལོངས། ཞེས་གསུངས་བཞིན་གནང་། མར་པ་ལོ་ཙཱ་བས་རྔོག་སྟོན་ལ་བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཀྱི་སྙིང་པོ་ཡིན་ཅེས་གནང་བས་མར་རྔོག་རྗེས་འབྲང་དང་བཅས་པའི་སྲུང་མའི་གཙོ་མོར་བསྟན་པ་ཡིན་ནོ། །འདི་ལ་རྗེས་གནང་གི་བཀའ་སྲོལ་འདྲ་མིན་འགའ་ཞིག་མཆིས་པ་ལས་སྐབས་འདིར་རྔོག་བློ་གྲོས་དཔལ་བཟང་ནས་རྗེ་གྲོལ་མཆོག་ཞབས་ལ་བརྒྱུད་པའི་ལུགས་ལྟར་གྱི་རྗེས་སུ་གནང་བ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱི་མཚམས་སྦྱར་ནས་མཎྜལ་འབུལ་དུ་བཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་མགོན་པོ་བརྩེ་བ་ཅན། །ཡེ་ཤེས་ལྷ་མོ་འཁོར་བཅས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་རྟེན་གཏོར་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སོགས་ནས། ཞེས་པས་བསྐོར་བར་གསལ་ཐོབ། །མདུན་བསྐྱེད་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྱན་དྲངས་ཏེ་བསྟིམས་པས། སྡིག་སྒྲིབ་སྦྱངས། ཡང་ལྷ་མོའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་


LT19_Page_266B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རོལ་མོའི་སྒྲ་བྱའོ། སྤོས་བདུག །སྙིང་པོའི་མཐར། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ར་ར། ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾཿ ཞེས་ལན་བརྒྱ་རྩ་བརྒྱད་བརྗོད། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་དུད་སོལ་མར་གྱུར་པའི་སྙིང་གར། སོགས་ནས། ཤ་ཟ་འབུམ་སྡེས་བསྐོར་བའི་སྐུ་གྱུར་པར་སྒོམས་ཤིག །དཔྲལ་བར་དྲི་བཟང་གི་ཐིག་ལེ་བྱས་ལ། སྙིང་པོའི་མཐར། ༀ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུྃ། སྐུའི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །དེས་དཔལ་ལྷ་མོའི་སྐུའི་རྗེས་གནང་ཐོབ་པ་ཡིན་ནོ། །དེ་ནས་སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ལྷ་མོའི་ཐུགས་ཀར་ཕོག །དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བའི་སྒོ་ངའི་དབྱིབས་ཅན་སོར་བཞི་པའི་དབུས་སུ་གནས་པའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་སྙིང་གར་འོད་ཀྱི་གོང་བུའི་དབུས་སུ་གནས་པའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། དང་པོས་བྱིན་གྱིས་བརླབ། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་ཏུ་འདིའི་རྗེས་ཟློས་མཛོད། ལྷ་མོ་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ་ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱི་མེ་ཏོག་གཏོར་ཞིང་། ལྷ་མོ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་གསུང་རིག་སྔགས་ཀྱི་ནུས་པ་མ་ལུས་པ་ཐོགས་པ་མེད་པ་འཇུག་པར་


LT19_Page_267A
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །མགྲིན་པར་ཐིག་ལེ་བྱས་ལ། ༀ་ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུྃ། གསུང་གི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །དེས་དཔལ་ལྷ་མོའི་གསུང་གི་རྗེས་གནང་ཐོབ་པ་ཡིན་ནོ། །མདུན་གྱི་ལྷ་མོའི་ཐུགས་ཀ་ནས་ཐུགས་ཀྱི་ཡེ་ཤེས་ཕྱག་མཚན་རལ་གྲི། བནྡ། ཤཀྟི། ཏྲི་ཤུ་ལའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །རོལ་མོའི་སྒྲ་བྱ། སྙིང་གར་ཐིག་ལེ་བྱས་ལ། ༀ་ཙིརྟ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཐུགས་ཀྱི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །དེས་དཔལ་ལྷ་མོའི་ཐུགས་ཀྱི་རྗེས་གནང་ཐོབ་པ་ཡིན་ནོ། ཧཱུྃ་ལས་བྱུང་བའི་རལ་གྲི་ལ་སོགས་པའི་ཕྱག་མཚན་རབ་ཏུ་འབར་བར་གྱུར། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམས། རལ་གྲི་སློབ་མའི་ལག་ཏུ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །གདུག་པ་ཅན་ཀུན་ཚར་གཅོད་དང་། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། ༀ་བཛྲ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་པ་གཏད་ལ། །གདུག་པ་ཅན་ཀུན་ཚར་གཅོད་དང་། ཞེས་པའི་ཚབ་ཏུ། སྐལ་ལྡན་རྗེས་སུ་འཛིན་པ་དང་། ཞེས་དང་། ཁངྒའི་ཚབ་ཏུ། བཛྲ་ཀ་པཱ་ལ་ཞེས་འདོན་པ་སྤྲོས། ཤཀྟི་གཏད་ལ། ནད་དང་བར་ཆད་ཞི་བ་དང་། བཛྲ་ཤཀྟི། རྩེ་གསུམ་གཏད་ལ། འགྲོ་བ་དབང་དུ་སྡུད་པ་དང་། བཛྲ་ཏྲི་ཤཱུ་ལ། ཞེས་འདོན་པ་སྤོ། ལྟེ་བར་ཐིག་ལེ་བྱས་ལ། ༀ་ཀརྨ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཕྲིན་ལས་ཀྱི་བྱིན་རླབས་བརྟན་པར་བྱས་པར་མོས་ཤིག །ཁྱེད་རང་རྣམས་སྙིང་གར་ཡི་དམ། དེའི་ཐུགས་ཀར་བྷྱོ་ཡིག་གི་སྟེང་དུ་ཧཱུྃ་གི་མཐའ་སྐོར་ཏུ། ཡི་དམ་གྱི་སྔགས་ཀྱིས་བསྐོར་བ་སྔགས་ཀྱི་འོད་ཟེར་གྱི་དྲྭ་བ་དམ་པོས་བྷྱོ་ཡིག་བཅིངས་པར་སྒོམས་ཤིག །གཏོར་མའི་བཀའ་བསྒོ་ནི། རྟེན་གཏོར་ཐོགས་ལ། གཏོར་མ་སྐད་ཅིག་གིས་དཔལ་ལྡན་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་


LT19_Page_267B
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་བཅས་པ་མངོན་གསུམ་བཞིན་དུ་གསལ་བ་ལ་བཀའ་བསྒོས་ཤིང་བྱིན་གྱིས་བརླབས་པས་ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྒྲུབ་པར་ཞལ་གྱིས་བཞེས་པར་སྒོམས་ཤིག །དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། རྗེ་མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ་ནས་རིམ་པར་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། བྱེ་བྲག་ཏུ་རིག་པ་འཛིན་པའམ་རྡོ་རྗེའི་སློབ་མ་འདི་ཉིད། དུས་འདི་ནས་བཟུང་སྟེ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག །མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག །སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་རིག་པ་འཛིན་པ་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །མདོར་ན་རིག་པ་འཛིན་པ་འདིའི་ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཅེས་བརྗོད། གཏོར་མ་མགོར་བཞག་ཅིང་ལག་པར་གཏད། མཐར་གཏོར་མ་ལ་ནང་མཆོད་རྡོ་རྗེའི་རྩེ་མོས་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ནས། ཀྲ་མ་ཧཱུྃ། ལྷ་མོ་དམ་ལ་གནས་པར་བསམ། གཏོར་མ་དང་ནང་མཆོད་ནས་ཅུང་ཟད་གཅིག་སློབ་མ་ལ་སྦྱིན་ལ། ༀ་རོ་རུ་རོ་རུ་སོགས་བརྗོད་དེ་དམ་ཚིག་བསྲེ་བའོ། དེང་ཕྱིན་ཆད་དཔལ་ལྡན་ལྷ་མོ་འདི་ཉིད་རྟག་ཏུ་བསྟེན་ཅིང་མཆོད་གཏོར་ལ་བརྩོན་པ་སོགས་སྐྱི་དང་བྱེ་བྲག་གི་དམ་ཚིག་ཚུལ་བཞིན་བསྲུང་དགོས་པས་དེ་ལྟར་


LT19_Page_268A
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་སྙམ་དུ་འདིའི་རྗེས་བཟློ། གཙོ་བོས་ཇི་ལྟར་སོགས་རྗེས་སྤྱི་ལྟར་བྱ། སླར་ཡང་གཏོར་འབུལ་སྔར་ལྟར་དང་། དཀྱིལ་འཁོར་ལ་མཆོད་བསྟོད། བཟོད་གསོལ། རྟེན་ཡོད་ན་རྟེན་བཞུགས། མེད་ན་གཤེགས་གསོལ། བསྔོ་སྨོན། བཀྲ་ཤིས་བརྗོད་པ་སོགས་སྤྱི་ལྟར་བྱས་པས་གྲུབ་བོ། །མ་མོ་ཀུན་གྱི་གཙོ་གྱུར་པ། །དགའ་ཆེན་ལྷན་ཅིག་སྐྱེས་པའི་དངོས། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཀྱི། །སྙིང་པོ་ཡིན་ཞེས་མར་པས་བསྔགས། །དཔལ་ལྡན་ལྷ་མོ་དུད་སོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ། ཅེས་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་ཏེ་རྗེས་གནང་ཁ་གསལ་བཀླག་ཆོག་ཏུ་བཀོད་པའོ།། །།དགེ་ལེགས་འཕེལ། ཤུབྷཾ།།

གདམས་ངག་མཛོད་པོད་བཅུ་པ།
བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཀའ་བརྒྱུད་བསྟན་པའི་བ་དན།


LT19_Page_269A
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཀའ་བརྒྱུད་བསྟན་པའི་བ་དན་ཅེས་བྱ་བ་བཞུགས་སོ། །


LT19_Page_269B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། ཤེར་ཕྱིན་ཡུམ་གྱི་ཕྲིན་ལས་རྩལ། །བསྟན་སྲུང་གཙོ་མོའི་སྐུར་སྣང་བ། །འདོད་ཁམས་དབང་ཕྱུག་དུད་སོལ་མས། །བསྟན་པ་རྒྱས་པའི་དགེ་ལེགས་རྩོལ། །མངའ་བདག་མར་པའི་བསྟན་སྲུང་བརྒྱ་རྩ་བརྒྱད་ལས་ཁྱད་པར་དུ་འཕགས་པ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་རྗེས་གནང་བྱ་བ་ལ་གསུམ། སྦྱོར་བ་དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུ་གྲུ་བཞི་ལ་འབྲུབ་ཁུང་གྲུ་གསུམ་ནག་པོ་བྱ། དེའི་དབུས་ཐོད་སྐམ་གྱི་རྭ་བ་ཟླུམ་པོའི་ནང་དུ་གྲུ་གསུམ་མཐིང་ནག་ཟུར་གསུམ་དུ་རྡོ་རྗེ་ཕྱེད་བས་མཚན་པ་བྲིས་བའི་དབུས་སུ་ནས་ནག་གིས་ཚོམ་བུ་གཅིག་བཀོད། དེའི་མདུན་ཏུ་ཁྲིའུའི་ཁར་ཟངས་ལྕགས་ཀྱི་སྣོད་དུ། ར་ནག་དང་བྱ་ནག་གཙོ་བོར་གྱུར་པའི་ཤ་ཁྲག་སྣ་ཚོགས་པས་སྦྲགས་པའི་གཏོར་མ་ཐོད་མཁར་མའམ་ཁ་ཊྭཱྃ་མ་གང་རུང་བཅས་ལ་བཤམ། མེ་ཏོག །སྤོས། དྲི་ཆབ། ཞལ་ཟས། མར་མེ་ལྔ་པོ་གོ་རིམ་ལྟར་བཀོད། འབུལ་གཏོར་ཟུར་པ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་ལ་ཐོག་མར་སྒྲུབ་མཆོད་ནི། བདག་བསྐྱེད་རྔོག་ལུགས་དགྱེས་རྡོར་རྒྱས་བསྡུས་གང་རུང་གྲུབ་ན་ལེགས། གཞན་ཡང་བདེ་མཆོག་མཱ་ཡཱ་གདན་བཞི་ལྟ་བུ་མར་པའི་བཀའ་བརྒྱུད་ལས་བྱོན་པ་ཞིག་གི་རྣལ་འབྱོར་ལ་གནས་དགོས་ཤིང་། དེ་དག་ཀྱང་རྒྱས་པར་མི་ནུས་ན་དྲན་པ་


LT19_Page_270A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་བཟླས་སྒོམ་ཙམ་གྱིས་འཐུས་སོ། །དེ་ནས་མདུན་བསྐྱེད་མཆོད་པ་བྱིན་རླབས་ནི། ༀ་སརྦ་སཾ་ཤོ་དྷ་ནི་ཨཱཿཧཱུྃ་སྭཱ་ཧཱས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསང་གཏོར། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམས་རང་བཞིན་སྟོང་པ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པར་གྱུར། ༀ་སརྦ་སཾ་ཤོ་དྷ་ནི་ཨཱཿཧཱུྃ་སྭཱ་ཧཱ། ༀ་ཛཿཧཱུྃ་བྃ་ཧོཿཁྃ་རྃ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ནཱི་རི་ཏི་ཧཱུྃ་ཁ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ་སྦྱར་ཏེ། དྷཱུ་པེ། གནྡྷེ། ནཻ་ཝིདྱ། ཨཱ་ལོ་ཀེ །རྣམ་དང་། ༀ་བཛྲ་གཎྜེ་ར་ཎི་ཏཱ། སོགས་ཀྱིས་རོལ་མོའི་བྱིན་དབབ། མདུན་ཏུ་སྐད་ཅིག་གིས་ལྷ་མོ་དུད་སོལ་མ་བཞུགས་པའི་སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། ར་ལས་མེ་འོད་འཕྲོ་བས། སྐུ་ལུས་སྐད་ཅིག་གིས་བསྲེགས།


LT19_Page_270B
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མ་ཧཱ་ཀ་ལི། དེ་ཝི་ཀ་ར་ལི། བི་ཀྲནྟ་ཙཎྜ་ནུ་པི་ཎི་ཧཱུྃ་ཕཊ། །དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ། །ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ནི་བཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། གཉིས་པ་ན་ཏྲི་ཤུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་མཁར་བཅུག་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ་སྙན་གཡས་ན་དྲི་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང་། གཡོན་ན་སེང་གེས་བརྒྱན་པ། མེ་ཏོག་དང་དར་ནག་གཅོད་པན་ཅན། ལྷ་མ་ཡིན་གྱིས་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ། ཀླུའི་རྒྱལ་པོ་བཤིབས་པས་སྐེ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་གྭ་པའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་གྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང་། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ། མཐའ་སྐོར་དུ་ༀ་ཧཱུྃ་ཤྲཱི་ཡ། དེ་ཝཱི་ཀ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོཿ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་ལྷ་མོ་དཔལ་


LT19_Page_271A
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་འབུམ་སྡེ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་གཏིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་དབུས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུང་སོལ་མ། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་མ་མོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིགས་མའི་དུས་ཉིད་དུ། །དམ་ཅན་གཤེགས་པར་མི་འོས་ཀྱང་། །སྔོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷོ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཅེས་སྤྱན་དྲངས། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོཿ དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ས་མ་ཧོཿ ཞེས་པས་གཉིས་སུ་མེད་པར་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང་། གཡོན་བནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་ཡང་བྷྱོ་ཡིག་གིས་མཚན་པ། དུད་པའི་སོལ་བ་མ་ཁྱོད་ཀྱི་སྐུ་མྱུར་དུ་སྟོན་ཅིག །སྐུ་མི་སྟོན་ན་ཡང་ཡིད་ལ་གང་འདོད་ཐམས་ཅད་གྲུབ་པར་གྱིས་ཤིག །ནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་


LT19_Page_271B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུྃ་ཕཊ། ཅེས་དམ་ལ་བཞག །ༀ་ཧཱུྃ་ཤྲཱི་ཡ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། དེ་བཞིན་དུ། དྷུ་པེ། གནྡྷེ། ནཻ་ཝི་ཏེ། ཨཱ་ལོ་ཀེ །ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོ་དཀར་པོ་ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོད། ༀ་ཧཱུྃ་སོགས་ཀྱིས་མཐར། ༀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བཱ་ལིཾ་གྲྀ་ཧྞ་གྲྀ་ཧྞ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བསྟོད་པ་རྒྱས་པ་སྤྲོ་ན་བྲམ་ཟེ་མཆོག་སྲེག་ཀྱིས་མཛད་པ་ནི། བྷྱོཿ ཏིལ་མར་གྱིས་བསྐུས་ལན་བུ་གཅིག་འཕྱངས་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཚང་། རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ། གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་ཁྱོད་ཡིན་ཏེ། བདག་གི་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚན་ཆེན་དོན་དག་སུ་ཡིས་ཤེས། འཁོར་བའི་འཇིག་པའི་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། ལྷ་མོ་མཆེ་བ་མི་བཟད་གཙིགས་པ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་འགྱུར། ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་བསྒྲུབ་པའི་སྤྱོད་ཡུལ་ཅན་དེ་དུར་ཁྲོད་དགྱེས། ཁྱོད་ནི་གཡོན་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་པ་སེལ་ཞིང་མི་ཟད་དྲིལ་ཡང་སྒྲོག །ཁྱོད་ནི་དཔའ་བོ་དག་གི་མགོ་ནི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བསད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་རྐྱང་རྐུབ་ཆོས་ཆེ་ཤིང་ཀླུ་དབང་གཤིབས་པ་ཡི། སྐ་རགས་


LT19_Page_272A
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ཤིང་ཁྲག་གི་ཆང་གིས་མྱོས་གྱུར་བས། །མིག་རྩ་དམར་མོར་གྱུར་ཅིང་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང་། །ཀོ་རློན་ཆེན་པོ་དྲལ་ཏེ་རྒྱངས་པའི་གོས་ཀྱིས་ན་བཟའ་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མང་འཛག་པའི་ཐིག་ལེས་ཚོམ་བུ་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆོམ་ཆེམ་གཅོད་བྱེད་ཐོད་པ་ཅན་དེས་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཁན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ནས། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབས་ལ་རྔམ་པ་འདོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་ནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཉིན་གཅིག་བཞིན་ཏུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་འདར་ཞིང་འདུ་བར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་བརྟུལ་བས་ན་ཁྱོད་ཀྱི་རྣམ་པ་ཡ་གཅིག་ལ། །བྲང་གི་འགྲོ་བའི་གདེང་ཀ་སྟོང་དང་ལྡན་པ་གཅིག་གི་རྒྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་འཕྱང་ཞིང་རྒྱ་མཚོའི་མཐའ་བསྐོར་ས་གཞི་མ་ལུས་གནོན། །སྟེང་ནས་འབྱུང་བའི་ཉི་མ་འོད་ཟེར་སྟོང་ལྡན་དེ་ནི་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་བཞག །བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་བཀའ་ཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་


LT19_Page_272B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །བསྡུ་ན། བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང་། སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡ་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང་། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང་། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངང་། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བཅུད་བསྡུས་ཟླ་བར་ཐིམ་མཛད་མ། །ནད་ཡམ་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །རཀྟ་དང་ཆང་གཏོར་མ་ལ་གཏོར་ཞིང་། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སི། ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ། དགྲ་བགེགས་མ་ར་ཡ་ཧཱུྃ་ཕཊ། ཞེས་བརྗོད། དེ་ནས་བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ལྷ་མོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ཏེ་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་བསྒྲུབ་པར་བསམས་ལ། ༀ་ཧཱུྃ་ཤྲཱི་ཡ་སོགས་ཅི་འགྲུབ་བཟླ། མཐར་ཐུན་གཏོར་འབུལ་བ་ནི། མཆེ་བའི་ཕྱག་རྒྱ་བའི་གྭར་བཅས་ལ། ༀ་བྷྱཿབརྟ་ལི་བརྟ་ལི་ཚེ། ཁ་ཁྲུས་བཏབ་ལ། ཧཱུྃ། དུར་ཁྲོད་བདག་


LT19_Page_273A
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དངོས་གྲུབ་ཞལ། །གཏུམ་མོ་གཙོགས་བྱད་ཡི་དྭགས་ཁ། །དམ་ཚིག་བསྲུང་མ་ཁྲག་དགའ་མོ། །ཀ་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱི་གྲོགས་ཀྱིས་ཤིག །གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ་། ཕྲེཾ་ཕྲུཾ་ཕྲེཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། ཕྲིན་ལས་བཅོལ་འདོད་དོན་གསོལ་བཏབ་གང་འོས་བྱ། དེ་ལྟར་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་བསམ། གཏོར་མ་གཙང་སར་གཏང་ངོ་། །དེ་ནས་རྗེས་གནང་གི་རིམ་པ་ལ། ཐོག་པར་སློབ་མ་རྣམས་ལ་ཆད་བཏས། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེའང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་གནོད་ཅིང་འཚེ་བར་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ་དང་། སྒྲུབ་པ་པོའི་བྱང་ཆུབ་ཀྱི་ལམ་ལ་བར་དུ་གཅོད་པ་རྣམས་སེལ་ཞིང་དངོས་གྲུབ་རྣམ་པ་གཉིས་སྩོལ་བའི་སྡོང་གྲོགས་མཛད་པ་ལ་དཔལ་གྱི་མགུལ་ནས་ཆེད་དུ་བསྔགས་པ་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་རྣམས་ཀྱི་ནང་ནས་ཀྱང་མྱུར་མགྱོགས་ཀྱི་རྩལ་ཆེ་ཞིང་སྒྲུབ་པ་པོ་ལ་སྙིང་ཉེ་བ་སོགས་ཀྱི་ཁྱད་པར་དུ་འཕགས་པ། དུས་གསུམ་རྒྱལ་བའི་ཡུམ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཡེ་ཤེས་ཀྱི་མ་མོའི་ཚུལ་བཟུང་བ་འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འདི་ནི། དགྱེས་མཛད་སྤྲུལ་པའི་རྣམ་རོལ་མངའ་བདག་མར་པ་ལོ་ཙཱ་བ་འཕགས་ཡུལ་དུ་ལན་རྗེས་མར་ཕེབས་སྐབས། དཔལ་ནཱ་རོ་པ་ཆེན་པོ་ལ་ཉིད་ཀྱི་ཆོས་སྲུང་ཐུན་མོང་མ་ཡིན་པ་རྣམ་པ་གསུམ་གནང་པར་གསོལ་བ་བཏབ་པས། གསུམ་ག་མི་འོང་གང་རུང་ཞིག་འདོམ་གསུངས་པས་གསུམ་གྱི་ནང་ནས་འདི་ཉིད་རྒྱུད་ཀྱི་ཁུངས་བཙུན་ཅིང་བླ་མའི་ཐུགས་གཙིགས་ཆེ་བར་དགོངས་ནས་དུད་སོལ་མ་


LT19_Page_273B
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་ཞུས་པས་རྒྱུད་གདམས་ངག་ཡོངས་སུ་རྫོགས་པར་གནང་ནས། ཆུ་བོ་གངྒཱ་ཕན་ཆོད་དུ། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །ལས་སླ་བར་མ་དགོངས་ཉམས་སུ་ལོངས། །ཞེས་གདམས་ཤིང་བཀའ་གཉེར་དུ་གཏད་པས་ལྷོ་བྲག་མར་པའི་བཀའ་བརྒྱུད་འཛིན་པ་རྣམས་ལ་ལྷག་པར་འགོ་ཞིང་བསྟན་པ་གཡེལ་མེད་དུ་སྐྱོང་བར་མཛད་པའི་སྲུང་མའི་གཙོ་བོ་ཁྱད་པར་ཅན་འདི་ལ་རྗེས་གནང་གི་རྣམ་གྲངས་འགའ་ཞིག་མཆིས་པ་ལས་འདིར་རྩ་བའི་རྗེས་གནང་རྔོག་པའི་ཕྱག་བཞེས་བསླད་མེད་ཉིད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་མགོན་པོ་བརྩེ་བ་ཅན། །ཡེ་ཤེས་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ། ཁྱེད་རང་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་ཡི་དམ་དབྱེར་མ་མཆིས་པ་རྒྱལ་བ་སྲས་དང་ཆོས་སྐྱོང་སྲུང་མར་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དམིགས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཡང་ན་འདིའི་མལ་དུ་ཡན་ལག་ལྔ་པ་བྱས་ཀྱང་ཆོག །དེ་ནས་རྗེས་གནང་དངོས་ཀྱི་ཐོག་མར་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་གཏོར་མ། འདི་ཉིད་དཔལ་ལྡན་ལྷ་མོ་དུང་སོལ་མ་སྐུ་མདོག་ནག་མོ། སོགས་གང་གི་མངོན་རྟོགས་ལྟར་ལྟར། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ་གསལ་ཐོབ། དེ་ལ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་མོས་གུས་བྱས་པས། མདུན་བསྐྱེད་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱིན་རླབས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་སྦྱངས། ཡང་མདུན་བསྐྱེད་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་ལྷ་མོའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་


LT19_Page_274A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །གུ་གུལ་སོགས་སྤོས་བདུག །རོལ་མོའི་སྒྲ་བྱས་ལ། སྙིང་པོའི་མཐར། ཨཱ་བེ་ཤཱ་ཡ། ཨ་བེ་ཤཱ་ཡ། ར་ར། །ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ་ཨ་ཧཛྷེཿཅེས་ལན་བརྒྱ་རྩ་བརྒྱད་བརྗོད། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་དུད་སོལ་མར་གསལ་བའི་སྙིང་གར་ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། སོགས་ནས། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བར་གྱུར་པར་གསལ་ཐོབ། །དཔྲལ་བར་དྲི་བཟང་གིས་ཐིག་ལེ་བྱས་ལ། སྙིང་པོའི་མཐར། ༀ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྗོད་དེ་བརྟན་པར་བྱ། དེའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །ལྷའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ལྷ་མོའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ་ནག་པོ་དང་། མཐའ་སྐོར་དུ་ༀ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་མ་ཧཱ་ལི་ཧཱུྃ་བྷྱོ། ཞེས་པས་བསྐོར་བ་འོད་འབར་བ། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན་ཏེ་ཁྱོད་རང་རྣམས་ལྷ་མོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་འོད་ཀྱི་སྒོ་ངའི་དབུས་སུ་ཧཱུྃ་ནག་པོའི་མཐའ་བསྐོར་དུ་འཁོད། དེའི་དུས་སུ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་ཀྱང་བྱིན་རླབས་ཡིག་འབྲུའི་རྣམ་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་མས་ལ་སྔགས་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །སློབ་དཔོན་ལ་མེ་ཏོག་ཕྲེང་བ་རེ་ཕུལ་བའི་མོས་པས་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགྲོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་མགོ་ལ་བཅིངས་པར་མོས་ཤིག །སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་སྤྱི་བོར་ལན་གསུམ་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་


LT19_Page_274B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་པ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་གསུང་རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །མགྲིན་པར་ཐིག་ལེ་བྱས་ལ། ༀ་ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་མཱ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྟན་པར་བྱ། དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་དག །བཟླས་བརྗོད་སྔགས་ཀྱི་རྣལ་འབྱོར་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །མདུན་བསྐྱེད་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་མཚན་རལ་གྲི་ཐོད་ཁྲག་ཤཀྟི་རྩེ་གསུམ་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་སྙིང་གར་ཐིམ་པར་སྒོམས་ཤིག །རོལ་མོ་བྱ། སྙིང་གར་ཐིག་ལེ་བྱས་ལ། ༀ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྟན་པར་བྱ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། ཧཱུྃ་ལས་བྱུང་བའི་རལ་གྲི་ལ་སོགས་པའི་ཕྱག་མཚན་རབ་ཏུ་འབར་གྱུར། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་པ་ཕྱག་མཚན་རྣམ་པར་སྤྱན་དྲངས་ཏེ་བསྟིམ། དེ་ཉིད་ཁྱེད་རང་ལ་གཏད་དེ་ཕྲིན་ལས་ཐོགས་པ་མེད་པར་མངའ་གསོལ་བར་མོས་ཤིག །རལ་གྲི་སློབ་མའི་ལག་ཏུ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །གདུག་པ་ཅན་ཀུན་ཚར་གཅོད་དང་། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། ༀ་བཛྲ་ཁཌྑ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་པ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐལ་ལྡན་རྗེས་


LT19_Page_275A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། ༀ་བཛྲ་ཀ་པཱ་ལཨཱ་བྷི་ཥིཉྩ་ཧཱུྃ། ཤཀྟི་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །ནད་དང་བར་ཆད་ཞི་བ་དང་། །སངས་རྒྱས་བསྟན་པ་རྒྱས་པ་ཡིས། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། ༀ་བཛྲ་ཥཀྟི་ཨ་བྷི་ཥིཉྩ་ཧཱུྃ། རྩེ་གསུམ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །འགྲོ་བ་དབང་དུ་སྡུད་པ་དང་། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ༀ་བཛྲ་ཏྲི་ཤུ་ལ་ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར་ཐིག་ལེ་བྱས་ལ། ༀ་ཀརྨ་བཛྲ་ཨ་བྷི་ཥིཉྩ་མཱུཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྟན་པར་བྱ། དེས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ། བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་བྱས་པ་ཡིན་ནོ། །དེ་ནས་ཁྱེད་རང་དཔལ་ལྷ་མོར་གསལ་བའི་སྙིང་གར་ཡི་དམ། དེའི་ཐུགས་ཀར་བྷྱོ་ཡིག་གི་སྟེང་དུ་ཧཱུྃ་གི་མཐའ་སྐོར་དུ། ཡི་དམ་གྱིས་བསྐོར་བ། སྔགས་ཀྱི་འོད་ཟེར་གྱི་དྲ་བ་དང་པོས་བྷྱོཿཡིག་བཅིངས་པར་བསམ་ཤིག ། འདིར་ཡི་དམ་བདེ་དགྱེས་སོགས་ལ་བྱེད་པ་ཡིན་ན་ལེགས་པས་དེ་ཀ་བསྒོམས། ངེས་པ་མེད་ན་ཁྲོ་བོའི་རིགས་ཤིག་བསྒོམ་དགོས་པས་སྤྱི་ཁྱབ་ཏུ་ཕྱག་རྡོར་བྱས་ན་ལེགས། དེ་ནས་གཏོར་མའི་བཀའ་བསྒོ་ནི། གཏོར་མ་ལ་དཔལ་འབར་བཙུགས་པ་ཐོགས་ལ། གཏོར་མ་འདི་ཉིད་དཔལ་ལྡན་ལྷ་མོ་དུད་སོལ་མ་འཁོར་དང་བཅས་པ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་གསལ་ཐོབ། སློབ་དཔོན་གྱིས་བཀའ་བསྒོས་པས་ཇི་ལྟར་བསྒོ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སྲུང་མ་ཆེན་མོ་འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེ་དང་བཅས་


LT19_Page_275B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱེད་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ་འཆང་། རྔོག་ཞེ་སྡང་རྡོ་རྗེ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདིའི་སྲུང་མ་ཆེན་མོ་མཛོད་ལ་ལུས་དང་གྲིབ་མ་བཞིན་ཏུ་མི་འབྲལ་བར་འགྲོགས་ཤིང་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སྲུང་བ་དང་། མཐུན་རྐྱེན་ལེགས་པའི་ཚོགས་མ་ལུས་པ་འབད་མེད་ཡིད་བཞིན་ཏུ་འགྲུབ་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་གཉན་པོ་མཛད་དུ་གསོལ། ཅེས་གཏོར་མ་མགོ་བོ་དང་ལག་པར་བཞག །དེ་དེ་ལྟར་དུ་བགྱི་བར་ཞལ་གྱིས་བཞེས་པར་མོས། མཐར་གཏོར་མ་ལ། ནང་མཆོད་རྡོ་རྗེའི་རྩེ་མོས་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། ནས། ཀྲ་མ་ཧཱུྃ། ལྷ་མོ་དམ་ལ་གནས་པར་བསམ། གཏོར་མ་དང་ནང་མཆོད་ནས་ཅུང་ཟད་ཅིག་སློབ་མ་ལ་སྦྱིན་ལ། ༀ་རོ་རུ་རོ་རུ་སོགས་བརྗོད་དེ། དམ་ཚིག་བསྲེ་བའོ། །ཤིས་བརྗོད་གང་འོས། དེས་བསྟན་སྲུང་ཀུན་གྱི་དབང་མོ་ཁྲག་འཐུང་དུད་པའི་སོལ་བ་མའི་རྗེས་གནང་དཔལ་ལྡན་རྡོག་པའི་བཀའ་སྲོལ་ལས་ཇི་ལྟར་བྱོན་པ་ཉིད་ལེགས་པར་གྲུབ་པ་ལགས་པས་མཆོད་གཏོར་ལ་བརྩོན་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོའི་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱ། གསུམ་པ་རྗེས་སློབ་དཔོན་གྱིས་མདུན་བསྐྱེད་ལ་དམིགས་པའི་མཆོད་བསྟོད། ནོངས་བཤགས་ཡིག་བརྒྱ་བརྗོད། བྲིས་སྐུ་སོགས་རྟེན་ཡོད་ན་བརྟན་བཞུགས་ཚིག་དང་། བཛྲ་ལཱ་སྱ་རཱ་ག་ཡཱ་མི། ཞེས་པས་བསྟིམ། རྟེན་མེད་ན་གཤེགས། བསྔོ་སྨོན་ཤིས་བརྗོད་སྤྱི་མཐུན་བྱའོ། །དགྱེས་མཛད་ལོ་ཙཱའི་བཀའ་བརྒྱུད་རིན་པོ་ཆེའི། །རང་ལུགས་


LT19_Page_276A
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་སྲིད་པའི་རྩེ་མོར་སྒྲེང་། །ས་གསུམ་མི་མཐུན་གཡུལ་ལས་རྣམ་རྒྱལ་ཏེ། །མི་ནུབ་བསྟན་པའི་བཙས་སུ་འདི་འགྱུར་ཤོག །ཅེས་གདམས་ངག་རིན་པོ་ཆེའི་མཛོད་ལས་མངའ་བདག་མར་རྔོག་གི་བཀའ་སྲོལ་འཛིན་པའི་སྲུང་མ་ཐུན་མོང་མ་ཡིན་པའི་རྗེས་གནང་འདི་ཉིད་དགོས་པའི་དབང་གིས་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་བྱུང་བཀླགས་པས་ཆོག་པར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ལས། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ།། །།