cover

རྒྱ་ཆེན་བཀའ་མཛོད།

གླེགས་བམ་གཉིས་པ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བརྒྱུད་པ་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཚུལ་ཚོགས་ཀྱི་ཆོ་ག་དང་བཅས་མདོར་བྱས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ།


LT29_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད། ཁ་ པར་བསྟོད་ཚོགས་འཕྲོས་བརྒྱུད་པ་ཀུན་འདུས་ཀྱི་བླ་མཆོད་ལྡེབ། ༨ བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར་ལྡེབ། ༡༤ གསོལ་འདེབས་མོས་གུས་རབ་བྱེད་ལྡེབ། ༡༩ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་སྐུ་བསྟོད་ལྡེབ། ༣༣ རིགས་གསུམ་བླ་མའི་རྣལ་འབྱོར་ལྡེབ། ༡༢ པ་ཆེན་ཤཱཀྱ་ཤྲཱིའི་གསོལ་འདེབས་སོགས་ལྡེབ། ༡༧ ཤངས་ཆོས་བླ་མཆོད་ལྡེབ། ༡༩ རྩ་གསུམ་གསོལ་འདེབས་སོགས་ལྡེབ། ༢༢ སི་ཏུ་པདྨ་ཉིན་བྱེད་གསོལ་འདེབས་སོགས་ལྡེབ། ༢༢ སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མཆོད་ལྡེབ། ༢༨ སྔ་འགྱུར་སྙིང་མའི་སྒྲུབ་ཐབས་སྐོར་ལ་སྔ་འགྱུར་སྙིང་མ་བཀའ་མ་འཁོན་ལུགས་ཡང་དག་སྒྲུབ་ཐབས་ལྡེབ། ༢༧ དཀྱིལ་ཆོག་དང་དབང་གི་ཆོ་ག་ལྡེབ། ༤༥ བསྙེན་ཡིག་ལྡེབ། ༡༢ བཅས་ཁ་པར་སྡོམ་ལྡེབ་གྲངས་ཉིས་བརྒྱ་བདུན་ཅུ་དོན་བརྒྱད་བཞུགས། །དགེའོ། །

བརྒྱུད་པ་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཚུལ་ཚོགས་ཀྱི་ཆོ་ག་དང་བཅས་མདོར་བྱས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །


LT29_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། ལྷན་སྐྱེས་ཡེ་ཤེས་བཅུད་ཀྱིས་བལྟམས་པའི་སྐུ། །གྲུབ་པའི་གཟི་བྱིན་རབ་ཏུ་འབར་བ་ཅན། །རྡོ་རྗེ་ཅན་དངོས་དཔལ་ལྡན་བླ་མ་ལ། །བདག་སོགས་འགྲོ་ཀུན་དངོས་པོ་ཀུན་གྱིས་བཏུད། །དེ་བཞིན་ཉིད་ཀྱི་ངང་དུ་རོ་གཅིག་ཀྱང་། །ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་ནོར་བུ་བཞིན། །རྣམ་འཕྲུལ་དུ་མས་གདུལ་བྱའི་རེ་སྐོང་རྣམས། །ལྷན་ཅིག་མཆོད་གསོལ་གདབ་པའི་རིམ་པ་བཤད། །དེའང་ཐུན་མོང་གི་ཐེག་པ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་པས་དེ་ཉིད་བསྙེན་པ་ནི་ལམ་ཐམས་ཅད་ཀྱི་སྔོན་ཏུ་འགྲོ་བ་ནས་མཐར་དབྱུང་བའི་བར་དུ་གསུངས་ཤིང་། ཐུན་མིན་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཀུན་ཏུ་དཔལ་ལྡན་བླ་མ་ཉིད་རིགས་ཐམས་ཅད་ཀྱི་འཆར་གཞི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་བཤད་ཅིང་དེ་ཉིད་མཆོད་པས་མ་ལུས་པའི་རྒྱལ་བ་སྲས་དང་བཅས་པ་མཆོད་པར་འགྱུར་བ་སོགས་མཐའ་ཡས་པའི་ལུང་དོན་ལ་བསྙེགས་ཏེ། སྐྱེས་བུ་དམ་


LT29_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ལམ་སྒྲུབ་པའི་གཙོ་བོ་བླ་མའི་རིམ་པ་ཕྱག་ལེན་དུ་བསྟར་བ་མཛད་པས་ན། ཚུལ་འདི་ནི་རྡོ་རྗེ་འཆང་གི་ཉེ་ལམ་བསྒྲུབ་བ་ལ་གཙོ་བོར་གྱུར་པའི་གསང་བ་ཟབ་མོ་ཡིན་པས་གཡར་དམ་དུ་འཆའ་བ་རིགས་ཤིང་། དེའང་ཕྱོགས་རེ་བ་དག་གིས་མཐའ་ཡས་པའི་གོ་འཕང་བསྒྲུབ་པར་མི་ནུས་པས། འདིར་རིས་སུ་མ་ཆད་བའི་ཡེ་ཤེས་སྤྱན་ལྡན་རྣམས་ཚོམ་བུ་གཅིག་ཏུ་མཆོད་ཅིང་གསོལ་བ་འདེབས་ནུས་པའི་ཆོས་ཀྱི་སྤྱན་རས་ཅན་གྱི་དབང་དུ་བྱས་ཏེ། རྟེན་དང་ཡོ་བྱད་གཙང་དག་རྒྱ་ཁྱོན་ནུས་པ་དང་འཚམས་པ་ལེགས་པར་བསྟར་ནས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བསམ་འོག་ཏུ་བཅུག་ལ་རྩེ་གཅིག་པའི་ཡིད་ཀྱིས། དཀོན་མཆོག་གསུམ་པོ་སྐུ་གསུང་ཐུགས་ཀྱི་ངང་། །རྩ་བ་གསུམ་པོ་ངོ་བོ་རང་བཞིན་རྩལ། །ཀུན་བྱེད་རྒྱལ་པོ་དཔལ་ལྡན་བླ་མ་ལ། །བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ། །


LT29_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་རྒྱ་མཚོར་བྱིང་བའི་ལུས་ཅན་ཀུན། །མྱུར་བདེའི་ལམ་ནས་གདོད་མའི་རྒྱལ་ས་རུ། །ཅིས་ཀྱང་བསྒྲལ་བསླད་བརྩོན་པའི་སྟོབས་ཆེན་པོས། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག་བསྒྲུབ་བྱ། །ཞེས་སེམས་བསྐྱེད། བདག་ཉིད་ཐ་མལ་དུ་འདུ་ཤེས་པ་ནི་བྱིན་རླབས་འཇུག་པའི་སྣོད་དུ་བཟང་བ་མ་ཡིན་པས་མཁའ་འགྲོ་ཀུན་གྱི་དྲྭ་བ་སྡོམ་པར་གསལ་གདབ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བདག་ཉིད་ཧེ་རུ་ཀ །འཁོར་ལོ་བདེ་མཆོག་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་ཆགས་པའི་ཉམས། །ཐོར་ཚུགས་ནོར་བུ་ཟླ་ཕྱེད་རྡོ་རྗེས་མཚན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱད། །སྟག་ལྤགས་ཤམ་གྲོལ་ཕྱག་རྒྱ་དྲུག་གིས་སྤྲས། །རྡོ་རྗེ་དྲིལ་འཛིན་ཕག་མོ་དམར་མོར་སྦྱོར། །གཡས་བརྐྱང་གཡོན་བསྐུམ་འཇིགས་དུས་པད་ཉིའི་སྟེང་། །ཡེ་ཤེས་མེ་འོད་འབར་བའི་ཀློང་དུ་རོལ། །མདུན་མཁར་བཀོད་པ་ཁྱད་འཕགས་ཞིང་གི་དབུས། །ཐར་པ་ཆེན་པོའི་ཕོ་བྲང་ཕྱོགས་ལྷུང་བྲལ། །རྒྱན་དང་མཆོད་པའི་བྱེ་བྲག་ལྷུན་རེ་འཐུག །འཕགས་ཚོགས་དགྱེས་རྒུས་རོལ་པའི་བསྟི་གནས་གྱུར། །དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང་། །མཐིང་སྔོན་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆས། །འོད་ལྔའི་ཀློང་ན་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །འཁོར་དུ་ཏེ་ལོ་ནཱ་རོ་མར་མི་དྭགས། །


LT29_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བཞི་ཆུང་བརྒྱད་གྲུབ་པའི་དབང་ཕྱུག་ཚོགས། །ཉམས་ལེན་བྱིན་རླབས་བརྒྱུད་པ་སྤྲིན་ལྟར་གཏིབས། །གཡས་ཕྱོགས་པད་ཟླར་དཔལ་ལྡན་འཕགས་པ་ཀླུ། །ཟབ་མོ་ལྟ་བ་བརྒྱུད་པའི་བླ་མས་བསྐོར། །གཡོན་ཕྱོགས་པད་ཟླར་འཕགས་མཆོག་ཐོགས་མེད་ཞབས། །རྒྱ་ཆེན་སྤྱོད་པ་བརྒྱུད་པའི་བླ་མས་བསྐོར། །རྒྱབ་ཕྱོགས་པད་ཟླར་གུ་རུ་པདྨ་འབྱུང་། །བརྒྱུད་གསུམ་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར། །མདུན་གྱི་པད་ཟླར་མཉམ་མེད་ཇོ་བོ་རྗེ། །གཞུང་གདམས་མན་ངག་བརྒྱུད་པའི་བླ་མས་བསྐོར། །ཕྱོགས་དང་མཚམས་སུ་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་མ། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མར་བཅས། །རྡོ་རྗེའི་སྐུ་ལ་བྱིན་རླབས་གཟི་བརྗིད་འབར། །དགྱེས་པའི་སྤྱན་རས་སྙིང་རྗེའི་འཛུམ་གྱིས་གཟིགས། །ཐུགས་རྗེས་མོས་པའི་བུ་ལ་རྩེ་གཅིག་དགོངས། །ཆོས་དབྱིངས་མཁའ་ལ་རང་གསལ་ཆེན་པོའི་ཚུལ། །མོས་པ་ནོར་བུའི་ས་གཞི་གཙང་མ་ལ། །དེ་འདུལ་སྣང་བརྙན་ཅི་ཡང་འཆར་བར་གྱུར། །ཞེས་རྟེན་ཚོགས་ཀྱི་ཞིང་གསལ་གདབ་ནས་མོས་གུས་ཀྱི་གདུང་ཤུགས་དང་བཅས་པས། ཨོཾ། ཆོས་དབྱིངས་ཀུན་ཁྱབ་བདེ་བ་ཆེན་པོའི་ངང་། །སྐྱེ་འགག་གནས་དང་འགྲོ་འོང་སྤྲོས་པ་བྲལ། །རྣམ་དག་ཞི་བའི་ཀློང་དུ་རོ་གཅིག་ཀྱང་། །གང་འདུལ་ཐུགས་


LT29_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྣང་བརྙན་སོ་སོར་གསལ། །འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་རྣམས། །དམིགས་མེད་སྙིང་རྗེས་མོས་པའི་བུ་ལ་དགོངས། །བརྩེ་བའི་སྤྱན་གྱིས་གདུལ་བྱའི་ཡུལ་ལ་གཟིགས། །ཆོས་དབྱིངས་སྟུག་པོ་བཀོད་དང་དག་པའི་ཞིང་། །མཁའ་སྤྱོད་གནས་ནས་ཆོ་འཕྲུལ་ཆེན་པོས་གཤེགས། །སྨོན་ལམ་རྒྱ་མཚོའི་སྤྲིན་ཕུང་བཀོད་པའི་ཞིང་། །འཕགས་པའི་འབྱོར་པས་ཡོངས་སུ་གང་བའི་ཚལ། །བྱང་ཆུབ་ཕྱོགས་ཆོས་འོད་འབར་ཁང་བརྩེགས་ན། །ཆོས་སྟན་མངོན་པར་མཐོ་བ་བཟང་པོའི་ཁྲི། །རིན་ཆེན་ཟ་མ་ཏོག་གི་རང་བཞིན་གྱི། །རྟེན་ལ་རྒྱལ་བའི་བརྟེན་པ་ཟུང་འཇུག་མཛོད། །བདག་གཅིག་ཁོ་ན་ཞིང་རྡུལ་གྲངས་སྙེད་སྤྲུལ། །མཁའ་ཁྱབ་སེམས་ཅན་རེ་རེའང་དེ་བཞིན་ཏེ། །ཀུན་ཀྱང་སྙིང་པོའི་བར་དུ་བརྩོན་པའི་གོ། །མི་ལྷོད་ཆམ་གཅིག་བཟང་པོར་སྤྱོད་པར་གྱུར། །ལུས་ཀྱི་གནས་ལྔས་ལ་འདུད་ཕྱག་འཚལ། །ངག་གིས་བསྟོད་དབྱངས་ཡན་ལག་བརྒྱད་ལྡན་འབུལ། །ཡིད་ཀྱིས་རྣམ་ཐར་ཡོན་ཏན་རྗེས་སུ་དྲན། །སྒོ་གསུམ་སྐྱབས་གནས་ཁྱེད་ཀྱི་བྲན་ཏུ་མཆི། །རྒྱལ་དང་རྒྱལ་སྲས་ལམ་ཞུགས་དཔའ་རྣམས་ཀྱིས། །འདུན་དང་རྣམ་པར་ཐར་པའི་སྒོ་ཕྱེས་ནས། །ཏིང་འཛིན་སྤྲིན་གྱིས་ཕྱོགས་བཅུའི་འདྲེན་པ་རྣམས། །མཆོད་པ་གང་དེ་བདག་གིར་བཟུང་ནས་མཆོད། །མཆོད་པའི་ཡོ་


LT29_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་བདག་གིར་མ་བཟུང་བ། །འཇིག་རྟེན་ཁམས་ན་རྒྱལ་བ་དགྱེས་བྱེད་དག །ཇི་སྙེད་ཀུན་ཀྱང་ལྷག་བའི་བློས་བླངས་ཏེ། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་མཆོད། །དག་ཅིང་གཙང་མར་སྦྱར་བའི་ཡོ་བྱད་དང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ་སོགས། །ལྷག་པའི་བསམ་པས་རྣམ་པར་དག་བྱས་ཤིང་། །འདུན་པའི་སྟོབས་ཀྱིས་རྒྱ་ཆེར་སྤེལ་ཏེ་མཆོད། །སྐྱེས་མཆོག་ཁྱེད་ཀྱིས་རྗེས་སུ་གདམས་པའི་དོན། །བཤད་ཅིང་སྒྲུབ་དང་ཚུལ་བཞིན་བགྱིད་ལ་སོགས། །དོན་མཐུན་དོན་སྤྱོད་གཞན་ལ་ཡོངས་སུ་བསྐུལ། །བླ་མེད་སྲི་ཞུར་རེས་འཇོག་མེད་པས་མཆོད། །གཉིས་མེད་གཉིས་སུ་བཟུང་བས་ཐོག་མེད་ནས། །སྲིད་ལམ་དུབ་སྟེ་ཉམ་ངའི་ལས་བགྱིས་དང་། །བླ་མ་སངས་རྒྱས་བཀའ་གཞུང་ལས་འགལ་བའི། །ཉེས་བྱས་གནོང་འགྱོད་དྲག་པོས་བཤགས་ཤིང་བསྡམ། །གསང་གསུམ་ཡོན་ཏན་ཕྲིན་ལས་ངོ་བོ་དང་། །བྱིན་རླབས་སྟོབས་ཀྱིས་བསམ་ཡས་ལམ་སྟོན་པས། །ཕྱོགས་བཅུར་བཟང་པོ་སྤྱོད་པ་གང་བྱུང་བ། །ཀུན་ལ་བསམ་པ་ཐག་པས་ཡི་རང་ངོ་། །ཐེག་རིམ་སྣ་ཚོགས་བློ་དང་འཚམས་པར་ཡང་། །བགྲོད་གཅིག་ཁོ་ནར་གཞོལ་ཞིང་འབབས་པའི་གསུང་། །རྒྱ་ཆེ་བ་དང་ཟབ་མོའི་སྒྲར་བསྒྲགས་ཏེ། །མཁའ་དང་མཉམ་པའི་འགྲོ་བ་སྒྲོལ་མཛད་གསོལ། །


LT29_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ཆོས་སྐུ་རྒྱུན་གྱིས་རྟག་པའི་ཐུགས། །མཁའ་ཁྱབ་ལོངས་སྐུ་གཞོམ་དུ་མེད་པའི་གསུངས། །གང་འདུལ་སྤྲུལ་སྐུ་མོས་པར་འཚམས་པའི་སྐུ། །སྒྲིབ་བྲལ་རྡོ་རྗེའི་ཕྱག་རྒྱར་རྟག་བཞུགས་མཛོད། །བགྱིས་དང་བསྐུལ་དང་རྗེས་སུ་ཡི་རང་སོགས། །དུས་གསུམ་རྣམ་དཀར་ས་བོན་གང་བཏབ་པ། །འགྲོ་ཀུན་དཔལ་ལྡན་བླ་མའི་གོ་འཕང་གི། །འབྲས་བུ་ཐོབ་ཕྱིར་བདེ་མཆོག་སྙིང་པོར་བསྔོ། །སང་དང་མི་སྣང་ཕྱེད་སྣང་སྲིད་པའི་ཁམས། །རྣམ་དག་གསང་བ་གསུམ་དང་རོ་གཅིག་པར། །རྡོ་རྗེ་བཞི་ཡི་ལྷུམས་སུ་བདག་འཇུག་ཅིང་། །གདོད་ནས་མི་ཕྱེད་གཅིག་པར་སྐྱབས་སུ་མཆི། །སུས་ཀྱང་མ་འཆིངས་གང་ཡང་འགྲོལ་མེད་པ། །རང་བཞིན་ཡོངས་ཤེས་ཡངས་པ་ཆེན་པོའི་སེམས། །རྡོ་རྗེ་སྙིང་པོར་འདའ་ཀས་སྦྲེལ་བ་ཡི། །ཤེས་རབ་ཆེན་པོའི་དམ་ཚིག་བཟུང་བར་བགྱི། །སྒྱུ་མའི་རང་བཞིན་ཅིར་ཡང་སྣང་བ་ལ། །སྒྱུ་མ་ཙམ་དུ་རབ་ཏུ་དགྲོལ་བ་ཡི། །བློ་ཐུགས་དུས་མཐའི་མེ་ལྟར་སྦར་ནས་སུ། །དཔལ་ལྡན་བླ་མའི་ཕྲིན་ལས་བསྒྲུབ་པར་བགྱི། །གཅིག་སྨིན་པས་ནི་ཐམས་ཅད་སྨིན་པ་དང་། །གཅིག་ཤེས་པས་ནི་ཀུན་གྲོལ་འགྱུར་བའི་ལམ། །སྐྱོ་དུབ་མེད་པར་བཤད་ཅིང་སྒྲུབ་པ་ཡིས། །འདྲེན་མཆོག་ཁྱེད་ཀྱི་དགོངས་པ་བསྐང་བར་བགྱི། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་


LT29_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །ཆེ་བཞི་ཆུང་བརྒྱད་བཀའ་བརྒྱུད་རིན་པོ་ཆེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་ཀླུ་སྒྲུབ་ཨཱརྻ་དེ་བ་དང་། །ས་ངོར་ཞ་ལུ་འཇིགས་བྲལ་ཡབ་སྲས་སོགས། །ཟབ་མོ་ལྟ་བ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྱམས་མགོན་ཐོགས་མེད་དབྱིགས་གཉེན་ཤཱནྟིཾ་པ། །མཻ་ཏྲི་གུཔྟ་ཀུན་མཁྱེན་ཡབ་སྲས་སོགས། །རྒྱ་ཆེན་སྤྱོད་བརྒྱུད་དཔལ་ལྡན་བླ་མ་ལ། །གསོལ་བ༴ སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང་། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས། །སྔ་འགྱུར་བཀའ་གཏེར་བརྒྱུད་པའི་རིག་འཛིན་ལ། །གསོལ་བ༴ དཔལ་ལྡན་ཨ་ཏི་ཤ་དང་ཁུ་རྔོག་འབྲོམ། །འཇམ་དཔལ་སྙིང་པོ་ཉེ་བའི་སྲས་བརྒྱད་སོགས། །ལྟ་ཆོས་བདུན་ལྡན་བཀའ་གདམས་བརྒྱུད་པ་ལ། །གསོལ་བ༴ དུས་གསུམ་གཤེགས་པའི་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ལ། །གསོལ་བ༴ ཚོགས་ཀྱི་མཆོད་པ་མདོར་བསྡུས་སྤྲོན་པར་འདིར་ཇི་ལྟར་འོས་པའི་ཚོགས་རྫས་འདུ་བྱ། གཙོ་བོར་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱ་བས་བསྒྲུབས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲིཿ ལན་གསུམ། །


LT29_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་མཚན་རྟོག་དངོས་འཛིན་དྲི་མ་སྦྱང་། །ཅིར་སྣང་ཡེ་ཤེས་རོལ་པའི་བདུད་རྩིར་རྟོགས། །བདེ་ཆེན་རྡོ་རྗེའི་མཆོད་སྤྲིན་མཁའ་ཁྱབ་སྤར། །དགྱེས་སྐོང་རང་བྱུང་དམ་ཚིག་ཆེན་པོར་གྱུར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་དགོངས་བླ་མ་དཀོན་མཆོག་གསུམ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་གནས་འདི་རུ། །དགྱེས་པར་དགོངས་ལ་ཚོགས་ཀྱི་མཆོད་པ་བཞེས། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་བས། །ལྷ་མིའི་དཔལ་འབྱོར་མཆོད་པར་འོས་པའི་དངོས། །དབང་ཤེས་རང་གྲོལ་དབྱིངས་སུ་ཚིམས་བྱེད་པ། །བདེ་སྟོང་རྡོ་རྗེའི་དམ་ཚིག་ཆེན་པོ་བཞེས། །སྟོང་པའི་མཁའ་ལ་གསལ་བའི་རྣལ་འབྱོར་མས། །གཟུང་འཛིན་ཕུང་པོ་བདག་མེད་རལ་གྲིས་གཏུབས། །རང་བྱུང་ཟག་མེད་བདུད་རྩིའི་རྒྱ་མཚོའི་བཅུད། །ཡེ་ཤེས་འོད་ཀྱི་སྦུ་གུས་དྲང་བར་མཛོད། །བཅུ་དྲུག་ལུས་ཅན་རེག་བྱ་རྡོ་རྗེ་མར། །འཁྱུད་དང་འཁྲིལ་དང་ཙུམྦ་ནས་བསྐྱེད་པའི། །


LT29_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཉེད་སོགས་དགའ་བཞིའི་རིམ་ལས་སྐྱེས། །འཕོ་མེད་བདེ་ཆེན་རྡོ་རྗེས་དགྱེས་གྱུར་ཅིག །སྣང་སེམས་མི་དམིགས་གཉུག་མ་འོད་དུ་གསལ། །སྤྲོས་པ་ཀུན་བྲལ་ནམ་མཁའི་རྡོ་རྗེ་ཅན། །དངོས་ཀུན་རང་བཞིན་དངོས་མེད་ཕྱག་རྒྱ་ཆེ། །དགག་སྒྲུབ་གཉིས་མཉམ་འདུ་འབྲལ་མེད་པར་རོལ། །ཆོས་སྐུའི་རང་མདངས་མ་རྟོགས་ཁ་ཡན་པོ། །དམ་ཚིག་ལྡན་པའི་འབྱུང་པོ་ཇི་སྙེད་ཀྱང་། །དཔའ་བོའི་གར་གྱིས་བདུད་རྩིའི་ལྷག་མ་བཞེས། །ཆོས་བཞིན་སྤྱོད་པའི་བསམ་དོན་ཀུན་སྒྲུབས་ཤིག །ཅེས་ཕུལ་ནས་མཐར། སྐྱེས་མཆོག་མཉམ་མེད་ཡེ་ཤེས་སྤྱན་ལྡན་རྣམས། །ངོ་བོ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཀྱང་། །ཐབས་ཚུལ་དུ་མས་རྒྱལ་བསྟན་སྐྱོང་མཛད་ཅིང་། །རྣམ་འཕྲུལ་མང་པོས་གདུལ་བྱ་ཐབས་ཀྱིས་འདུལ། །སྐལ་པར་མཉམ་པའི་གསང་བ་སྟོན་མཛད་ཅིང་། །བདག་གི་དབང་པོར་རྡོ་རྗེ་འཛིན་པར་སྣང་། །སྙིགས་མའི་འགྲོ་བ་སྒྲོལ་བའི་གཡར་དམ་ཅན། །ཐུགས་དམ་བསྐུལ་ལོ་དགོངས་པས་བཟུང་དུ་གསོལ། །བདག་གི་རྒྱུད་བཞི་སྨིན་ཅིང་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་ལམ་བཞི་མྱུར་དུ་འབྱོངས། །བླ་མེད་སྐུ་བཞིའི་གོ་འཕང་འཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ། །


LT29_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བཏབ་གདུང་བས་བསྐུལ་བས་ཐུགས་རྗེའི་ཤུགས། །མ་བཟོད་ཡེ་ཤེས་རོལ་པའི་འཁོར་ལོ་རྣམས། །གཅིག་ལ་གཅིག་ཐིམ་རིགས་རྣམས་བདག་པོར་འདུས། །ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་པོའི། །དཔྲལ་བར་ཨོཾ་དཀར་སྐུ་ཡི་རྡོ་རྗེ་ལས། །ཟླ་བ་ཞུན་མ་ལྟ་བུའི་འོད་ཟེར་བྱུང་། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་དབང་ཐོབ་ནས་བསྐྱེད་རིམ་བསྒོམ་ལ་དབང་། །སྣང་སྟོང་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པར་ཨཱཿདམར་གསུང་གི་རྡོ་རྗེ་ལས། །ཉི་མ་འཆར་ཁ་ལྟ་བུའི་འོད་ཟེར་བྱུང་། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་དབང་ཐོབ་ནས་རང་བྱིན་བརླབ་ལ་དབང་། །གསལ་སྟོང་ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀར་ཧཱུྃ་མཐིང་ཐུགས་ཀྱི་རྡོ་རྗེ་ལས། །སྟོན་གནམ་སྤྲིན་བྲལ་ལྟ་བུའི་འོད་ཟེར་བྱུང་། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ནས་ཕོ་ཉའི་ལམ་ལ་དབང་། །རིག་སྟོང་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ལྟེ་བར་ཧོཿསེར་ཡེ་ཤེས་རྡོ་རྗེ་ལས། །གསེར་སྦྱངས་བཙོམ་ལྟ་བུའི་འོད་ཟེར་བྱུང་། །ལྟེ་བར་ཐིམ་པས་ཆ་སྙོམས་འཕོ་སྒྲིབ་དག །བཞི་པའི་དབང་ཐོབ་གནས་ལུགས་བསྒོམ་ལ་དབང་། །བདེ་སྟོང་ངོ་བོ་ཉིད་འགྲུབ་སྐལ་ལྡན་གྱུར། །སླར་


LT29_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྡོ་རྗེའི་གསུང་གིས་གསང་བའི་གནས། །རྗེས་སུ་གདམས་པའི་བཀའ་དྲིན་སྩལ་བར་གྱུར། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡང་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་གྱུར། །ཨ་ཧཾ་སྒྲས་བསྐུལ་བླ་མ་སྣང་ཡུལ་བཅས། །བདེ་ཆེན་བཟོད་མེད་འབར་བའི་ཐིག་ལེར་ཞུ། །རང་དང་རོ་མཉམ་ཆུ་ལ་ཆུ་བཞག་བཞིན། །སྒོ་གསུམ་བླ་མའི་གསང་བ་གསུམ་དང་འདྲེས། །མ་བཅོས་གཉུག་མ་ཆོས་སྐུ་གཅེར་མཐོང་གྱུར། །ཅེས་མོས་གུས་ཤུགས་ཀྱིས་དྲངས་ཤིང་བྱིན་རླབས་ཀྱི་རིམ་པ་ལས་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་སྒོ་ཆོས་ཉིད་ཀྱི་མིག་གིས་མཐོང་བ་ལ་ཅི་གནས་སུ་མཉམ་པར་བཞག་ཅིང་། རྗེས་ཐོབ་ཐུན་མཚམས་སུ། གཟུགས་སྣང་བླ་མ་སྤྲུལ་སྐུའི་རྣམ་པར་རོལ། །སྒྲ་གྲགས་ལོངས་སྐུ་གཞོམ་མེད་ཆོས་ཀྱི་དབྱངས། །རྟོག་ཚོགས་ཆོས་སྐུ་ལྷན་སྐྱེས་ཕྱག་རྒྱ་ཆེ། །གནས་སྐབས་རྣམ་བཞི་སྐུ་བཞི་ལྷུན་གྲུབ་དང་། །སྤྱོད་ལམ་ཆོས་ཉིད་སྒྱུ་མའི་རང་བཞིན་ནོ། །དགེ་འདིས་འགྲོ་ཀུན་བླ་མའི་ལམ་མཆོག་ཏུ། །བསྟེན་ཚུལ་རྣམ་དགུས་འཇུག་པ་མཐར་ཕྱིན་ཏེ། །གསང་གསུམ་དམ་ཚིག་མི་ཕྱེད་བདེ་བ་ཆེས། །མཁའ་འགྲོ་ཀུན་གྱི་དྲྭ་བ་སྡོམ་གྱུར་ཅིག །སྐྱེ་བ་ཀུན་ཏུ་


LT29_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རིགས་སུ་ངེས། །གཙུག་ཏུ་བླ་མའི་ཅོད་པན་མི་འབྲལ་ཞིང་། །སྒོ་གསུམ་ལྷ་སྔགས་དེ་བཞིན་ཉིད་ཀྱི་ངང་། །འཇིགས་མེད་ངག་གིས་གསང་སྔགས་སློག་པར་ཤོག །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་དང་། །ཅི་གསུང་ཚད་མར་སྒྲུབ་པའི་བརྟུལ་ཞུགས་ཀྱིས། །བླ་མའི་བྱིན་རླབས་རྒྱུད་ལ་རབ་ཞུགས་ནས། །ཚེ་གཅིག་རྡོ་རྗེ་འཆང་དངོས་འགྲུབ་གྱུར་ཅིག །ཅེས་སོགས་ཐུན་མོང་མ་ཡིན་པའི་སྨོན་ལམ་ཁྱད་པར་ཅན་གདབ་ཅིང་། །འཁོར་གསུམ་རྣམ་པར་མི་རྟོག་པའི་བསྔོ་བས་རྒྱས་གདབ་པར་བྱའོ། །སྤང་ཀློག་འབྱོར་པའི་སྐྱེད་ཚལ་དར་བར་ཡང་། །བླ་མའི་ལམ་འཛིན་ཨུ་དུམྦ་རའི་དཔལ། །སྐལ་བཟང་གང་ལ་དེ་ཉིད་བཞད་མཐོང་བ། །ཚེ་གཅིག་སངས་རྒྱས་འབྱུང་བའི་ལྟས་སུ་ཤེས། །སྣ་ཚོགས་ནོར་བུའི་རྒྱལ་པོ་བསྦུན་།།།པ་ལས། །རེ་བའི་དངོས་པོ་མཐའ་དག་འཇོ་བ་དེས། །སྲིད་པའི་དབུལ་བ་འཕྲོག་པའི་ལུས་ཅན་ཀུན། །མྱུར་བདེའི་ལམ་གྱི་འབྲས་བུ་མཐར་ཕྱིན་ཤོག །ཞེས་པའང་གངས་རིའི་ཕྲེད་བས་བསྐོར་བའི་ནོར་འཛིན་གྱི་ཁྱོན་ཡངས་པོར་ལུགས་གཉིས་ཀྱིས་དབང་དུ་སྒྱུར་བ་ལ་གནམ་བསྐོས་གོང་མ་ཆེན་མོའི་ལུང་གི་ཅོད་པ་མངོན་པར་མཐོ་བ་དང་ལྡན་པ། བྱང་སེམས་ཁྱིམ་པའི་ཚུལ་ཅན་ཞབས་པད་རིན་པོ་ཆེ་སྐྱི་སྟོད་ནས་ཀྱིས་ཆེད་དུ་བསྐུལ་བའི་བཞེད་སྐོང་དུ། ཐུབ་བསྟན་རིས་སུ་མ་ཆད་པ་ལ་ལོག་རྟོག་གི་སྣང་བས་མ་སྦགས་ཤིང་མོས་


LT29_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་རྩ་རྣམ་པར་དཀར་བ་དང་ལྡན་པ། སྤོང་བའི་བརྟུལ་ཞུགས་ལ་མངོན་པར་དགའ་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་བོད་ཡུལ་གཙུག་ལག་ཁང་ཐམས་ཅད་ཀྱི་འབྱུང་གནས་དཔལ་གཡོ་རུ་ཁྲ་འབྲུག་གི་གཞལ་མེད་ཁང་ཆེན་པོར་བྲིས་པ་དགེ་ལེགས་འཕེལ། ཤུབྷཾ།། །།

བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར།


LT29_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར་ཅེས་བྱ་བ་བཞུགས་སོ། །


LT29_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། དད་མོས་དམ་ཚིག་དང་ལྡན་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་པ་ལ། སྐྱོ་ཤས་དང་ངེས་འབྱུང་གིས་རྒྱུད་བསྐུལ། བློ་རྣམ་གཡེང་གི་དབང་དུ་མི་བཏང་བར་རྣལ་དུ་དབག །ལུས་སེམས་ཁོང་ཀློད། མོས་གུས་ཀྱི་ཤུགས་བསྐྱེད་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་བ་སེམས་ཅན་རྣམས། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །སེམས་བསྐྱེད་འགྲོ་བ་ཀུན་དོན་ཏུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་དམ་བཅའ་འོ། །རྣལ་འབྱོར་


LT29_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ནི། རང་ཉིད་ཡེ་ཤེས་མཁའ་འགྲོར་གསལ། །མདུན་མཁར་པད་ཉི་ཟླ་བའི་སྟིང་། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་རྡོ་རྗེ་ཐོད་ཕྲེང་རྩལ། །མཐིང་སྔོན་རྡོ་རྗེ་དྲིལ་བུ་འཛིན། །ཁྲོ་འཛུམ་སྟག་གི་ཤམ་ཐབས་ཅན། །དར་དང་རིན་ཆེན་རུས་པའི་རྒྱན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའི་པང་། །ཡུམ་མཆོག་མཚོ་རྒྱལ་དཀར་དམར་མདངས། །སྐྲ་གྲོལ་གཅེར་བུ་རུས་རྒྱན་ཅན། །གྲི་ཐོད་འཛིན་པས་མགུལ་ནས་འཁྱུད། །འཇའ་ཟེར་འོད་ཕུང་ཀློང་དུ་གསལ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་དང་། །པདྨ་འོད་ནས་ཡེ་ཤེས་པ། །གྲངས་མེད་སྤྱན་དྲངས་སིབ་སིབ་ཐིམ། །


LT29_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུས་དཀོན་མཆོག་རྩ་བ་གསུམ། །སྐྱབས་གནས་ཀུན་འདུས་སྐུ་རུ་གྱུར། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། །དམིགས་པ་གསལ་བས་ཚར་གྲབས་ཅི་ནུས་བརྗོད། དེ་ནས་ཡན་ལག་བཅུ་པ་ནི། བླ་མ་རྩ་གསུམ་ལྷ་ཚོགས་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་ཏུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །གསོལ་འདེབས་ནི། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་


LT29_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །ཞེས་གྲངས་ཅི་ནུས་བསགས། བྱེ་བྲག་ཏུ། ཀུན་བཟང་པདྨའི་ཡེ་ཤེས་ཀློང་ཡངས་ལས། །སྒྱུ་འཕྲུལ་དྲྭ་བའི་གར་རོལ་འདྲེན་པ་མཆོག །རྡོ་རྗེ་ཆོས་དང་འཕགས་པ་ཀུན་དགའོ། །བཻ་རོ་ཙ་ན་མཁས་གྲུབ་ཁྱུང་པོའི་མཚན། །ཟུར་ཆེན་ཤཱཀ་འབྱུང་རོང་ཟོམ་ཆོས་ཀྱི་བཟང་། །གྲྭ་པ་མངོན་ཤེས་ར་ཤག་ལྷ་འབུམ་དང་། །རྡོ་རྗེ་ཀུན་སྐྱོང་ཨོ་རྒྱན་གཏེར་བདག་གླིང་། །ཏཱ་ར་ནཱ་ཐ་སྣ་ཚོགས་རང་གྲོལ་སོགས། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཡེ་ཤེས་དབྱིངས། །གཅིག་བསྡུས་བློ་གྲོས་མཐའ་ཡས་གར་གྱི་དབང་། །ཆེ་མཆོག་བསྟན་གཉིས་གཡུ་དྲུང་གླིང་པ་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདི་ནས་ཚེ་རབས་ཀུན་ཏུ་རྗེས་བཟུང་སྟེ། །གསང་བའི་མཛོད་ཐོབ་ཐུགས་ཡིད་གཅིག་ཏུ་འདྲེས། །མཆོག་ཐུན་དངོས་གྲུབ་བདེ་བླག་འགྲུབ་པར་ཤོག །ཅེས་དང་བཛྲ་གུ་རུ་བཟླ། མཐར། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་དཔལ་ལྡན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ལ་དབང་བླང་བ་ནི། བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡིས། །སྒོ་གསུམ་སྒྲིབ་སྦྱངས་དབང་བསྐུར་


LT29_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །སླར་ཡང་མོས་གུས་ཤུགས་ཀྱིས་བསྐུལ། །བླ་མ་ཡབ་ཡུམ་སྤྱི་བོར་བྱོན། །སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་པས། །ལུས་གང་སྒྲིབ་དག་དབང་བཞི་ཐོབ། །ལམ་བཞི་སྒོམ་ལ་དབང་བ་དང་། །སྐུ་བཞི་ཐོབ་པའི་སྐལ་ལྡན་གྱུར། །བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་དག་མཉམ་ཆེན་པོར་གྱུར། །ཅེས་མོས་གུས་ཀྱི་རང་ངོར་བལྟས་ལ་བློ་མ་བཅོས་པ་ཀ་དག་སྤྲོས་བྲལ་ཆེན་པོའི་ངང་དུ་མཉམ་པར་བཞག །མཐར་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་མོས་ལ། བསྔོ་སྨོན་ནི། །དགེ་འདིས་ཕྱོགས་བཅུ་དུས་གསུམ་གྱི། །བླ་མའི་ཐུགས་དགོངས་རྫོགས་པ་དང་། །དུས་གསུམ་ཕ་མས་ཐོག་དྲངས་པའི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །གུ་རུ་མཆོག་གིས་རྗེས་བཟུང་སྟེ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་པ་འདིའང་། ལུང་ཟིན་མཁའ་འགྲོའི་མཚན་ལྡན་རིན་ཆེན་ཆོ་འཚོ་ནས་ཆེད་དུ་བསྐུལ་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་སྟན་ཐོག་གཅིག་ཏུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཿཔདྨ་དི་བ་ཀ་རེནྡྲཱ་ཡ། སྐལ་བ་དང་ལྡན་པ་རྣམས་ཀྱིས་སྣང་སྲིད་བླ་མའི་རོལ་བར་ལམ་དུ་ཁྱེར་བས་དངོས་གྲུབ་དང་ཡོན་ཏན་མ་ལུས་པ་འབྱུང་བར་འགྱུར་བས་ན་རྣམ་རྟོག་ངན་པ་བྱུང་བའི་ཚེ་རླུང་རོ་བསལ་ཞིང་། ཡེ་ཤེས་ཀྱི་རླུང་རྒྱུ་བའི་ཚེ་བློ་དབང་བསྟོད་ནས་དེ་དག་བླ་མའི་མཆོག་ཏུ་བལྟས་ཏེ་མི་རྟོག་པའི་ཡེ་ཤེས་གསལ་གདབ་པའི་ཕྱིར། མཆོག་གསུམ་རྩ་གསུམ་ཀུན་འདུས་


LT29_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་ཀུན་སངས་རྒྱས་མཆོག་ཐོབ་ཕྱིར། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། ཧྲཱིཿརང་མདུན་ནམ་མཁར་པད་དཀར་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྡོ་རྗེ་སློབ་དཔོན་མཆོག །གུ་རུ་པདྨ་གར་གྱི་དབང་ཕྱུག་རྩལ། །སྟོང་དང་སྙིང་རྗེ་དབྱེར་མེད་སྒྱུ་མའི་ཚུལ། །ཤེས་ངོར་རོ་གཅིག་རྣམ་རོལ་ཆུ་ཟླའི་གར། །དད་མོས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐུ། །པདྨ་ལས་འཁྲུངས་བློ་ལྡན་མཆོག་ཏུ་སྲེད། །དཀར་དམར་མདངས་ལྡན་འཁོར་ལོས་སྒྱུར་བའི་ཆས། །ཤེས་རབ་ཅང་ཏེའུ་ཐབས་ཀྱི་ཀ་པཱ་ལའི། །ཕྱག་རྒྱ་མཁར་བསྐྱུར་མེ་ཏོག་དོ་ཤལ་འཆང་། །སྤྱི་བོར་རིགས་བདག་པདྨ་ཉིན་མོར་བྱེད། །ཚེ་དང་ཡེ་ཤེས་འོད་དཔག་མེད་པར་གསལ། །མཁྱེན་དང་རྟོགས་པའི་གཟི་བྱིན་འབར་བར་བཞུགས། །ཕྱོགས་དུས་རྒྱལ་བ་རྒྱལ་བའི་མྱུ་གུ་དང་། །རིག་འཛིན་གྲུབ་ཐོབ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྐུ་ལས་འཇའ་ཟེར་ཐིག་ལེ་ཤིག་ཤིག་འབར། །གསུང་གིས་ཧཱུྃ་ཕཊ་གླུ་དབྱངས་དིར་དིར་སྒྲོགས། །བདེ་སྟོང་ཐུགས་ཀྱིས་སྐལ་ལྡན་སློབ་མ་ལ། །རྡོ་རྗེ་ཡེ་ཤེས་དབང་བསྐུར་སྩལ་བ་ཡི། །མི་རྟོག་དགོངས་པ་ལྷན་ནེར་གཏད་པར་གྱུར། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །


LT29_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྒྱུན་བཤགས་ལན་གསུམ་ཚིག་དོན་འདྲི་ངེས་བྱ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །སྣང་བ་མཐའ་ཡས་ཀྱི་བྱིན་གྱིས་རློབས་མཛོད་ཅིག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས་སོ། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་རློབས་ཤིག །ཨོཾ་མ་ི་པདྨེ་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །པདྨ་སཾ་བྷ་ཝས་བྱིན་གྱིས་རློབས་མཛོད་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་བདེ་ཆེན་རྡོ་རྗེའི་སྐུ་ལ༴ །ཡེ་ཤེས་མཚོ་རྒྱལ་གྱིས༴ ཨོཾ་བུདྡྷ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ། སརྦ་སིདྡྷི༴ སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །མཆོག་གསུམ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བྱིན་གྱིས༴ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། སརྦ་སིདྡྷི༴ མཁྱེན་པ་གཉིས་ཀྱི་སྤྱན་དང་ལྡན་པ་ལ། །འཇམ་པའི་དབྱངས་ཀྱིས༴ ཨོཾ་ཝཱ་ཀྱེ་དཾ་ན་མཿ སརྦ་སིདྡྷི༴ རྟོགས་པའི་ཏིང་འཛིན་ནམ་མཁའ་དང་མཉམ་པ་ལ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་བྱིན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ། ཞེས་བླ་མ་གནས་འགྱུར་ལ་སོགས་པ་རྣལ་འབྱོར་པའི་བློ་ཡི་རྩལ་ཆེ་ཆུང་དང་བསྟུན་ནས་བྱ་ཞིང་། དེ་རྣམས་ཚར་གྲངས་སོ་སོའམ་ཆབ་ཅིག་ཏུ་བརྗོད་པས་མོས་


LT29_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཀྱིས་རྒྱུད་འཁུལ་བའི་ཚེ། མཁའ་ཁྱབ་ཏུ་སད་པའི་རྡོ་རྗེ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དང་། བླ་མ་རྡོ་རྗེ་འཆང་བདག་ལ་དགོངས་སུ་གསོལ། མི་ང་ཡི་ལུས་ངག་ཡིད་གསུམ་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག་ཅིག །བདག་གི་བྱ་བ་ཐམས་ཅད་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་ཤོག་ཅིག །དམ་པའི་ཆོས་མ་ཡིན་པའི་བསམ་པ་སྐད་ཅིག་མ་ཙམ་ཡང་མི་སྐྱེ་བར་ཤོག་ཅིག །གལ་ཏེ་སྐྱེས་པར་འགྱུར་ན་ཡང་དེ་མི་འགྲུབ་པར་ཤོག་ཅིག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་མ་ལུས་པ་བདག་གིས་རྫོགས་པར་བྱེད་པར་གྱུར་ཅིག །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཉམས་ཆག་མ་ལུས་པ་ད་ལྟ་ཉིད་དུ་ཞི་བར་མཛད་དུ་གསོལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་མཛད་དུ་གསོལ། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་རྟོགས་པར་མཛད་དུ་གསོལ། །ཚེ་དཔག་མེད་ཀྱི་སྐུ་ཚེ། སྤྱན་རས་གཟིགས་ཀྱི་ཐུགས་རྗེ། པདྨ་འབྱུང་གནས་ཀྱི་བྱིན་རླབས། འཇམ་དཔལ་དབྱངས་ཀྱི་མཁྱེན་རབས། གསང་བའི་བདག་པོའི་ནུས་མཐུ། རིག་འཛིན་གྲུབ་ཐོབ་ཕོ་མོའི་


LT29_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས། མདོར་ན་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་མཐུ་མཛད་པ་ཕྲིན་ལས། ཡེ་ཤེས་ཡོན་ཏན་མ་ལུས་པ་ཐམས་ཅད་ད་ལྟ་ཉིད་དུ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཆར་ཞིང་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། སྣོད་ཀྱི་འཇིག་རྟེན་ཐོད་ཞལ་ཡངས་པའི་ནང་། །རང་ལུས་བདུད་རྩིའི་དྭངས་མར་ལྟེམས་སེ་ཞུ། །རྩ་བརྒྱད་སྟོང་སྦྱར་ར་ས་ཡ་ནའི་སྨན། །བླ་མ་རྒྱལ་བ་སྲས་བཅས་ཡི་དམ་ལྷ། །དཔའ་བོ་རྣལ་འབྱོར་མ་རྣམས་དགྱེས་རོལ་པས། །ཟག་མེད་བདེ་བས་ཤིན་ཏུ་མཉེས་ཤིང་ཚིམས། །སྒོ་གསུམ་དུས་གསུམ་ཉམས་ཆགས་ཀུན་བྱང་གྱུར། །ཞེས་པའང་ལན་མང་ཉུང་སྐབས་དང་བསྟུན་ཏེ། སླར། མོས་གུས་དྲག་པོས་བླ་མ་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་གཙོ་བོ་རྩ་བའི་བླ་མ་ལ་ཐིམ། བླ་མའི་སྤྱི་བོ་ནས་འོད་ཟེར་དཀར་པོ། མགྲིན་པ་ནས་འོད་ཟེར་དམར་པོ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་དྲི་མ་མཐའ་དག་སྦྱངས། བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དབྱིབས་སྔགས་ཕྱག་རྒྱའི་ལམ་བསྒོམ་པ་ལ་དབང་། སྐུ་གསུམ་མངོན་ཏུ་བྱེད་པའི་རྟེན་འབྲེལ་རྒྱུད་ལ་འགྲིགས། སླར་ཡང་གནས་གསུམ་ནས་རྡོ་རྗེའི་འོད་ཟེར་ལུས་ངག་ཡིད་གསུམ་ལ་ཐིམ་པས་ཡེ་ཤེས་ཀྱི་དྲི་མ་


LT29_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་རིག་པ་རྩལ་གྱི་དབང་ཐོབ། ཁྲེག་ཆོད་དང་ཐོད་རྒལ་སྒོམ་པ་ལ་དབང་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་ཏུ་བྱེད་པའི་ས་བོན་ཐེབ། མོས་གུས་ཀྱི་ཤུགས་ཀྱིས་དཔལ་ལྡན་བླ་མ་འོད་ཟེར་གྱི་གོང་བུར་ཞུ་བ་སྒྲ་དང་བཅས་ཏེ་སྤྱི་བོར་ལྷགས་ནས་རང་སེམས་དང་དབྱེར་མེད་འདྲེས། ཏོལ་གྱིས་ཤར་བའི་སེམས་ཉིད་འདི། །བརྟགས་ན་གང་དུའང་མ་གྲུབ་ལ། །རང་གདངས་ཝ་ལེ་ཧྲིག་གེར་འཆར། །ཇི་ལྟར་འཆར་བ་འདི་ཉིད་དུ། །བཟོ་མེད་བཞག་པ་རྒྱལ་བའི་ཐུགས། །གཟུང་འཛིན་ཆོས་ཀུན་རང་གི་སེམས། །བླ་མ་ཉིད་ཀྱང་རྣམ་རྟོག་ཙམ། །རྣམ་རྟོག་སྟོང་པའི་རང་མདངས་ཏེ། །ཇི་ལྟར་ཤར་ཡང་རིག་པའི་རྩལ། །གང་ལྟར་སྣང་ཡང་ཆོས་ཀྱི་དབྱིངས། །རང་གིས་རང་ངོ་ཤེས་པ་ལས། །གུད་དུ་མི་དམིགས་བླ་མའི་ཐུགས། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་མྱུར་དུ་འཕོ་གྱུར་ཅིག ཅེས་བཟོ་མེད་རིག་པའི་རང་མདངས་སྐྱོང་བཞིན་ཏུ། དགེ་འདིས་མཁའ་ཁྱབ་སེམས་ཅན་ཀུན། །བདེ་བ་ཅན་གྱི་ཞིང་ཁམས་སུ། པདྨའི་སྦུབས་ལ་རྫུས་སྐྱེས་ནས། །བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཛད་པའི་སྟོབས། །དེ་འདྲ་ཡོངས་སུ་འགྲུབ་གྱུར་ཏེ། ཁམས་གསུམ་འཁོར་བ་སྟོང་པ་དང་། །ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག །ཀུན་བཟང་རྡོ་རྗེ་འཆང་


LT29_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མན་ཆད་ནས། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་ཏུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་བྱའོ། །ཅེས་པའང་དང་སློབ་དད་དམ་འགྱུར་མེད་ཀུན་སྤོང་པ་པྲཛྙཱའི་མཚན་ཅན་ནས་ནན་བསྐུལ་བྱས་པ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཆང་བ་གུ་སཱ་རས་བྲིས་པ་འགྲོ་ཕན་འབྱུང་བར་གྱུར་ཅིག། ༈ །།ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་བཞུགས་སོ། །འཁོར་འདས་སེམས་ཀྱི་རྣམ་རོལ་ཀུན། །དཀོན་མཆོག་བདེ་གཤེགས་སྙིང་པོའི་ངང་། །ཅིར་སྣང་བླ་མའི་གོ་འཕང་དུ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དོ། །བདག་གི་ཕུང་ཁམས་སྐྱེ་མཆེད་ཆོས། །གདོད་ནས་གདན་གསུམ་རྫོགས་པའི་དལ། །ལྷུན་གྲུབ་མི་ཤིགས་ཏི་ལ་ཀར། །དྭངས་མ་ལྔ་འདུས་འོད་ཀྱི་ཀློང་། །མཚོན་བྱ་རང་རིག་གདོད་མའི་མགོན། །མཚོན་བྱེད་གཟུགས་སྐུའི་བླ་མར་ཤར། །ངོ་བོ་པདྨ་གར་དབང་ཉིད། །རྣམ་པ་ཐོད་ཕྲེང་རྩལ་གྱི་སྐུ། །དཀར་དམར་བདེ་སྟོང་ཉམས་བརྒྱ་འབར། །རྡོ་རྗེའི་ལྟ་སྟངས་གྱེན་ཏུ་གཟིགས། །གཅེར་བུ་གཟི་མདངས་རས་གཟན་ཅན། །དབུ་སྐྲ་ལྕང་ལོ་ཐོར་ཅོག་བསྒྲེངས། །རྡོ་རྗེ་གདེངས་ཤིང་ཐོད་རྫས་བསྣམས། །མཚན་གཡོན་ཁ་ཊཾཱྭ་ཡུ་བ་དམར། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། གསོལ་བཏབ་ཙམ་གྱིས་བདག་རྒྱུད་ལ། རྟོགས་


LT29_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་སྐྱེད་ནུས་པའི། །བྱིན་རླབས་གཟི་བརྗིད་འབར་བར་གྱུར།། ༈ །།ཀུན་བཟང་པད་འབྱུང་འཇམ་པའི་དབྱངས། །མར་པ་མི་ལ་འཛམ་གླིང་གྲགས། །དྲི་མེད་འོད་ཟེར་ལ་སོགས་པ། །བྱིན་རླབས་ཅན་གྱི་བཀའ་བརྒྱུད་དང་། །ཡི་དམ་དཔའ་བོ་རྣལ་འབྱོར་མ། །ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་གི། འདུལ་ཞིང་གདུལ་བྱ་འདུལ་བྱེད་ཚུལ། །ཇི་སྙེད་བླ་མའི་སྒྱུ་འཕྲུལ་ཉིད། །རང་རིག་ཀློང་དུ་དབྱེར་མེད་པ། །བྱ་བྱེད་གཉིས་འཛིན་བྲལ་བ་ཡི། །ཡང་དག་དོན་གྱི་མཎྜལ་འབུལ། །ཡིན་ལུགས་རྟོགས་པས་གསོལ་བ་འདེབས། །འཁྲུལ་གྲོལ་མདུད་པ་བཤིག་ཏུ་གསོལ། ན་མོ་གུ་རུ་བྷྱཿའཁོར་འདས་ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང་། །སེམས་ཀྱི་ངོ་བོ་གདོད་ནས་སྤྲོས་པ་བྲལ། །མ་བཅོས་རང་བབ་བླ་མ་ཆོས་ཀྱི་སྐུ། གཅེར་མཐོང་ལྟ་བའི་ངང་དུ་གསོལ་བ་འདེབས། །རང་བཞིན་རང་གསལ་སུས་ཀྱང་འདུས་མ་བྱས། །ཟང་ཐལ་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད། །རང་གྲོལ་ཤུགས་འབྱུང་བླ་མ་ལོངས་སྤྱོད་རྫོགས། །ཡེངས་མེད་སྒོམ་པའི་ངང་ནས་གསོལ་བ་འདེབས། །ཐུགས་རྗེ་འགག་མེད་སྣ་ཚོགས་ཅི་ཡང་འཆར། །བསྐྱར་ནས་གྲོལ་མེད་ཀུན་བྱེད་ཀུན་ཏུ་བཟང་། །དུ་མ་རོ་གཅིག་བླ་མ་སྤྲུལ་པའི་སྐུ། །འཛིན་མེད་སྤྱོད་པའི་ངང་ནས་གསོལ་


LT29_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །རང་རིག་རང་གསལ་བླ་མའི་མཐར་ཐུག་སྟེ། །དྲན་པ་ཡེངས་མེད་མོས་གུས་སྙིང་པོ་ཉིད། །དབྱེར་མེད་ངོ་བོ་ཉིད་སྐུའི་ཀློང་དུ་འདྲེས། །ཅོག་བཞག་འབྲས་བུ་གཞི་ཐོག་གྲོལ་བར་མཛོད། ཡད་ཡུད་འགྱུར་བ་རྨི་ལམ་སྣང་བ་དངོས། །བདེན་མེད་ལུས་སྣང་སེམས་གསུམ་བག་ཆགས་ཀྱི། །འཁྲུལ་རྗེས་མི་འཕྲད་ཨ་འཐས་མདུད་པ་ཞིག །བློ་ཁ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །འདི་ཕྱི་བར་དོ་འཁོར་འདས་ལམ་གསུམ་ཀུན། །སེམས་སྣང་ཙམ་ལས་དོན་ཏུ་མ་གྲུབ་པའི། །ཆོས་སྐད་ཁ་ལ་ཡོད་ཀྱང་གཏིང་ལ་མེད། །ངར་འཛིན་ཕུང་འགོད་བརླག་པར་བྱིན་གྱིས་རློབས། །སྐད་ཅིག་བདེ་སྐབས་བྲལ་བའི་འདིར་སྣང་གི། ཟས་གོས་རྩོལ་སྒྲུབ་དགྲ་གཉེན་ཆགས་སྡང་སོགས། །སྒྱུ་མས་ཡིད་བསླུས་ཁོང་སྙིང་རུལ་བ་ལ། །མི་རྟག་བློ་སྣ་ཐུང་བར་བྱིན་གྱིས་རློབས། །ལས་འབྲས་བསླུ་མེད་དངོས་སུ་མཐོང་ན་ཡང་། ཁ་བཤད་ལག་ལེན་ཕྱིན་ཅི་ལོག་ཏུ་འཛོལ། །དགེ་བ་མི་སྒྲུབ་མི་དགེའི་ཡོ་ལངས་ཅན། །རྒྱུ་འབྲས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །བྱེད་བློའི་ངང་དུ་དོན་མེད་མི་ཚེ་ཟད། །གོ་བཤད་མཁས་ཀྱང་འཆི་བྲོད་གདིང་མ་ཐོབ། །ལས་སྒྲིབ་སྟེང་དུ་སྡིག་ལྟུང་ཁུར་པོ་བརྩེགས། །བསམ་ནོར་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །མདོ་སྔགས་ཆོས་ཀུན་རང་སེམས་འདུལ་བའི་


LT29_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། །དེ་ཕྱིར་གྲུབ་མཐའ་མཐའ་དག་རང་སར་བདེན། །ཆོས་དང་གང་ཟག་ཚད་འཛིན་རྒྱལ་བའི་ཡུལ། །ཆོས་སྤངས་ལས་ཀྱིས་མི་སྒྲིབ་བྱིན་གྱིས་རློབས། །བསྲུང་སྡོམ་མེད་པའི་ལྟར་སྣང་དགེ་སྦྱོང་དང་། །གྲོང་ཆོག་ཐལ་བ་འགོམ་པའི་སྔགས་ནུས་ཅན། །ཆོས་བརྒྱད་སྙིང་ལ་ཞེན་པའི་རྟོགས་ལྡན་སོགས། །ཆོས་མིན་འཕྲང་ལས་ཐར་བར་བྱིན་གྱིས་རློབས། །བླང་དོར་རྣམ་དབྱེ་ཙམ་ཡང་ཇི་བཞིན་ཏུ། །མི་ཤེས་ཐོས་བསམ་སྒོམ་པའི་སྟོང་ཟོབ་ཀྱིས། །རང་གཞན་གཉིས་མགོ་བསྐོར་བའི་འགྲོ་དོན་མཁན། །ཚེ་རབས་ཀུན་ཏུ་མི་སྐྱེ་བྱིན་གྱིས་རློབས། །སྡོམ་དང་དམ་ཚིག་ཉམས་ཆག་མི་འབྱུང་ཞིང་། །ཆོས་མིན་བསམ་སྦྱོར་རྒྱུད་ལ་མི་སྐྱེ་བར། །ཟོལ་ཟོག་འཁྲུལ་པ་མེད་པའི་བླ་མ་དང་། །མཇལ་ནས་ཟབ་དོན་རྟོགས་པར་བྱིན་གྱིས་རློབས། །བསྐུར་ཐོབ་སྤྲོས་པ་དུ་མའི་སྨིན་བྱེད་དང་། །དབྱིབས་ལ་ལྷར་ཞེན་བསྐྱེད་རིམ་མཚན་འཛིན་དང་། །ཆེན་པོ་གསུམ་སོགས་ལྟ་གྲུབ་མིང་སྙན་གྱིས། །མི་ཚེ་སྟོང་པར་མི་བསླུ་བྱིན་གྱིས་རློབས། །རྒྱལ་བས་གསུངས་པའི་ས་ལམ་ཇི་བཞིན་པའི། །ཉམས་རྟོགས་སྣེ་ཟིན་ཙམ་ཡང་མ་སྐྱེས་པར། །དྲོད་ཙམ་མཐོང་ནས་གྲུབ་པ་ཐོབ་རློམས་པ། །མཆོག་འཛིན་བདུད་ལས་ཐར་བར་བྱིན་གྱིས་རློབས། ཉམས་རྟོགས་སྐྱེ་དང་མི་སྐྱེའི་རེ་དོགས་


LT29_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །འཛིན་རྟོག་ཀུན་སྤངས་གཅིག་ཆོག་མོས་གུས་ལ། །སྙིང་ཕུར་ཐེབ་པས་ལྟ་སྒོམ་ནང་ནས་བརྡོལ། །ཚིག་ལ་རག་མ་ལུས་པར་བྱིན་གྱིས་རློབས། །དགག་སྒྲུབ་ཆུ་ལ་རི་མོ་མི་འདྲི་བར། །རྣམ་རྟོག་རང་སར་བཞག་པས་རྗེས་མེད་གྲོལ། །སྒོམ་པའི་བློ་ཡིས་མ་བསླད་ཐ་མལ་གྱི། །ཤེས་བ་རྗེན་པར་མཐོང་བར་བྱིན་གྱིས་རློབས། །དུས་ཡུན་ཐུང་ངུས་འཁྲུལ་པ་མི་ལྡོག་པས། །སྒོམ་ཡུན་ཤི་དང་མཉམ་ནས་དོན་གཉིས་ཀྱི། །གཏེར་ཆེན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྟན་ཐོག་འདི་རུ་ཐོབ་པར་བྱིན་གྱིས་རློབས། །གཅིག་དང་དུ་བྲལ་རང་རིག་གཉུག་མའི་གཤིས། །གཞི་ལམ་འབྲས་དང་འཁོར་འདས་དབྱེར་མེད་པ། །ཅི་ཡང་བྱར་མེད་ཀུན་བཟང་བླ་མའི་ཐུགས། །ཀུན་གྱིས་རྟོགས་ནས་འཁོར་བ་དོངས་སྤྲུགས་ཤོག །བདག་དང་བླ་མ་མོས་གུས་འཛིན་རྟོག་ཀུན། །ད་ལྟའི་ཤེས་རིག་སོ་མར་ལ་བཟླ་བས། །རང་བྱུང་རང་གྲོལ་ཡེ་ཤེས་ཆེན་པོའི་རྒྱས། །གཉིས་འཛིན་འཁྲུལ་སྣང་ཀུན་ལ་ཐེབ་གྱུར་ཅིག །ཅེས་པའང་། དད་དམ་བློ་གྲོས་ནོར་ཅན་ཚེ་དབང་བསམ་འགྲུབ་ནས་ནན་བསྐུལ་མཛད་པར། །སོ་སྐྱེ་འཆིང་བ་ཀུན་ལྡན་བདག་ལྟ་བུ་ལ་བླ་མའི་རྣལ་འབྱོར་སྦྱོར་འོས་པའི་ཡོན་ཏན་ཏིལ་འབྲུའི་བརྒྱ་ཆ་ཙམ་མེད་ཀྱང་། རང་རིག་དང་པད་འབྱུང་བླ་མ་དབྱེར་མེད་དོན་གྱི་མོས་གུས་སྐྱོང་བའི་ལུང་དང་སྦྱར་ཏེ། རིག་འཛིན་གྱི་བཙུན་པ་གུ་ས་དཔལ་སྤུངས་དབེན་ཁྲོད་དུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།


LT29_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། །འདིར་དམ་པའི་རྐྱེན་གྱིས་རིགས་སད་པས་དབང་པོ་རྣོན་པོའི་གྲངས་སུ་ཆུད་ཅིང་བསྐལ་པ་མཆོག་གིས་ཁྱད་པར་བྱས་པ་དག །ཐབས་བླ་མ་བདེ་བའི་སྡོམ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷན་སྐྱེས་མཛེས་ལ་གཉིས་སུ་མེད་པ་ལ་གསོལ་བ་གདབ་པར་འདོད་པས། ཐོག་མར། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་དང་། །དབྱེར་མེད་རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །སྙིང་ནས་སྐྱབས་མཆི་མཁའ་མཉམ་འགྲོ་བ་ཀུན། །ཁྱོད་ཀྱི་གོ་འཕང་སླད་དུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། རང་མདུན་ནམ་མཁར་པད་དཀར་ཟླ་བའི་སྟེང་། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ། །རྣམ་པ་རྗེ་བཙུན་ཡིད་བཞིན་འཁོར་ལོ་དཀར། །ཞི་འཛུམ་སྤྱན་བདུན་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་མཐེབ་སྲིན་གྱིས། །འདབ་རྒྱས་ཨུཏྤལ་གཞོན་ནུའི་ཡུ་བ་འཛིན། །དབུ་སྐྲ་ལི་བ་ལྟག་པ་གཡོན་ཏུ་འཁྱིལ། །འོད་ལྔའི་ཀློང་ན་ཟླ་བར་རྒྱབ་བརྟེན་ཏེ། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དབུ་གཙུག་རིགས་བདག་སྣང་མཐའ་ཡས་པས་བརྒྱན། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་ཟེར་འཕྲོས། །སྲས་བཅས་རྒྱལ་བའི་འཁོར་ལོ་བཀུག་སྟེ་ཐིམ། །མཆོག་གསུམ་རྩ་གསུམ་


LT29_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ངོ་བོར་གྱུར། །འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །འཁོར་འདས་ལམ་གསུམ་ཤེས་དང་ཤེས་བྱའི་དབྱིངས། །བརྟན་དང་གཡོ་བ་ཀུན་ལ་མཁའ་ལྟར་ཁྱབ། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོ་དང་། །མི་འགྱུར་མཆོག་གི་བདེ་བ་ཟུང་དུ་འཇུག །སྒྲིབ་གསུམ་བྲལ་ལ་སྤྲོས་བྲལ་ཆོས་ཀྱི་སྐུ། །རྟག་བདེ་གྲུབ་ལ་ཡེ་ཤེས་རྡོ་རྗེ་ཉིད། །ལམ་པ་རྣམས་ལ་བྱང་ཆུབ་ཆོས་སུ་སྣང་། །དྲི་མར་བཅས་ལ་སྙིང་པོའི་རང་བཞིན་ཉིད། །ཁྱོད་ཀྱི་རྣམ་པར་འཕྲུལ་པ་བསམ་མི་ཁྱབ། །བྲལ་དང་སྨིན་བའི་ཡོན་ཏན་ཚད་བཟུང་མེད། །རྣམ་ཐར་རྒྱན་གྱི་འཁོར་ལོ་དཔག་པར་དཀའ། །སྲིད་དང་ཞི་བའི་སྣང་བ་སྤྲོ་ཞིང་སྡུད། །རྣལ་འབྱོར་ཅན་ལ་རིག་པའི་རང་མདངས་སུ། །ཤར་ཡང་གཞན་ཏུ་མ་འཕོས་ཤེལ་གྱི་ཚོན། །མ་བྲིས་ཡེ་ཤེས་རི་མོ་གདོད་ནས་བཀྲ། །ཟག་མེད་བདེ་བའི་ལང་ཚོས་ཤིན་ཏུ་བསྙེམས། །གཉུག་མའི་ཀློང་ན་རྟག་ཏུ་འདུ་འབྲལ་མེད། །ཧོ་ཁྱོད་ལ་ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་འདུད། །འདུད་ཅིང་འདུད་དོ་ལུས་ངག་བྲན་ཏུ་འབུལ། །རྗེས་སུ་དྲན་ནོ་ཏཱ་རཱ་གུ་རུ་ཀྱེ། །སྙིང་ནས་གསོལ་འདེབས་ཐུགས་རྗེའི་བྱིན་གྱིས་རློབས། །ཡང་ཡང་གསོལ་འདེབས་མཁྱེན་བརྩེས་བདག་མ་འདོར། །འཆི་མེད་གྲུབ་པའི་འོད་སྣང་རབ་བཀྱེ་ནས། །འཕོ་


LT29_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཇིགས་བཅས་སྙིང་གི་མུན་པ་སོལ།། ༈ །།རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །གསོལ་བ་བཏབ་ལ་ཐུགས་དམ་དགྱེས་དགོངས་ཏེ། །མཆོག་སྦྱིན་ཕྱག་ནས་བདུད་རྩིའི་ཆུ་རྒྱུན་བབས། །བདག་གཞན་སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་། །ནད་གདོན་འཇིགས་བརྒྱད་གེགས་དང་བར་ཆད་བཀྲུས། །གཉུག་མའི་འཇའ་ལུས་ཤེལ་ལྟར་དྭངས་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱཾ་ས་པ་རི་བཱ་རཾ་ཥོ་ཌ་ཤ་བྷ་ཡཱ་དི་སརྦོ་པ་དྲ་བཱཾ་ཤཱནྟི་ཾཀུ་རུ་སྭཱ་ཧཱ། སྐྱབས་སྦྱིན་ཕྱག་རྒྱས་བདག་དང་བསྲུང་བྱ་བསྲུང་། །ཕྱི་རོལ་སྐུ་ཡི་འོད་ཟེར་ལས་གྲུབ་པའི། །འཁོར་ལོ་རྩིབས་བཅུ་རྩིབས་བརྒྱད་ཡི་གེ་བརྒྱད། །སྟེང་འོག་ཨོཾ་ཧཱ་དང་བཅས་གསལ་བའི་ཕྱི། །དཀར་སེར་དམར་ལྗང་སྔོན་པོ་མཐིང་ཁ་ཡི། །འོད་ཀྱི་གུར་ཁང་སྲ་བརྟན་སྲུབ་མེད་པའི། །བར་མཚམས་ཨུཏྤལ་སྔོན་པོས་ཤིག་ཤིག་གང་། །རྩ་གསུམ་ཀུན་ཀྱང་འཕགས་མའི་སྐུར་གྱུར་ཏེ། །ཆར་ལྟར་བབ་ནས་བདག་དང་བསྲུང་བྱར་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་རླབས་གྱུར། སྦྲོན། སེང་གེ་གླང་ཆེན་མེ་སྤྲུལ་ཆོམ་རྐུན་དང་། །ཞེས་སོགས་སམ། འཁོར་བ་ལས་སྒྲོལ་སོགས་བསྟོད་སྨོན་བྱིན་རླབས་ཅན་གང་བདེ་འདོན་མཐར། སྔར་གྱི་སྔགས་མཇུག །སརྦོ་པ་དྲ་བེ་བྷྱཿ


LT29_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བསྒྱུར་ལ་བཟླ། སྤྲོས་པ་ལ་མངོན་པ་པ་མི་དགའ་ཞིང་དགོས་ཆེད་དབེན་ན་གོང་གི། རྗེ་བཙུན་བཅོམ་ལྡན་འདས་མ་ནས་འདི་བར་བསྒྱུར་བས་མཐུས། འཁོར་བའི་རྒྱ་མཚོར་རྟག་ཏུ་བྱིངས་ནས་སུ། །སྡུག་བསྔལ་གསུམ་གྱི་རྦ་ལ་གཡང་བ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །བྱང་ཆུབ་འགྱུར་མེད་ས་ལ་བཀོད་དུ་གསོལ། །ཤུགས་དྲག་ལས་ཀྱི་རླུང་གིས་བདས་ནས་སུ། །སྣ་ཚོགས་འཇིགས་པའི་མེ་འོབས་འཕྱན་པ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །གདུང་སེལ་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མ་རིག་འཁྲུལ་པའི་མུན་ཁང་འཐིབས་པོ་ན། །ཡང་དག་ལྟ་བ་བག་ལ་ཞ་བ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །ཡེ་ཤེས་ཉི་ཟླའི་སྣང་བ་སྤར་དུ་གསོལ། །གཟུང་འཛིན་མདུད་པ་བརྒྱ་ཡིས་བཅིངས་ནས་སུ། །ཉོན་མོངས་རྒྱ་རུ་རྟག་པར་ཆུད་པ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །གློ་བུར་འཁྲུལ་བའི་ལྕགས་སྒྲོག་བརྡལ་དུ་གསོལ། །རང་སྣང་དགྲ་རུ་ལངས་པའི་འདུ་འཁྲུགས་ཀྱིས། །བཅོས་མེད་རྣམ་རྟོག་ཟུག་རྔུས་གཙེས་པ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །རང་གྲོལ་རིག་པའི་སྨན་གྱིས་གསོ་རུ་གསོལ། །ལྷན་སྐྱེས་ཆོས་སྐུ་འདུ་འབྲལ་མེད་བཞིན་ཏུ། །རྩོལ་སྒྲུབ་སྤངས་བླང་རེ་དོགས་བཅས་པ་བདག །རྗེ་བཙུན་བླ་མ་


LT29_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ནོ་ཐུགས་རྗེས་ཟུངས། །གནས་ལུགས་དོན་གྱི་རང་ཞལ་སྤྲད་དུ་གསོལ། །མཆོག་བདེ་ཕྱག་རྒྱ་ཆེན་མོས་འཁྱུད་བཞིན་ཏུ། །བདེ་འདོད་སྡུག་བསྔལ་ཁོ་ན་ཚོལ་བ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུངས། །ཞུ་བདེ་འགྱུར་མེད་བདུད་རྩིས་བརླན་ཏུ་གསོལ། །སྤྲོས་བྲལ་དེ་ཉིད་ཡིད་དཔྱོད་ལམ་དུ་ལུས། །སྤྲོས་པའི་རྫོབ་ལ་མི་ཚེ་བསྐྱེལ་བ་བདག། རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུངས། །བློ་འདས་བྱ་བྲལ་དབྱིངས་སུ་བསྐྱེལ་དུ་གསོལ། །མཁའ་མཉམ་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །རྗེ་བཙུན་བླ་མ་འཕགས་མ་སྒྲོལ་མ་ལས། སྐྱབས་གཞན་བདག་ལ་མེད་དོ་ཐུགས་རྗེས་ཟུངས། །ལེགས་ཉེས་སྐྱིད་སྡུག་ཅི་བྱུང་ཁྱེད་རང་མཁྱེན། །ཐུགས་བསྐྱེད་དམ་བཅའ་མ་བསྙེལ་བརྩེ་བས་དགོངས། །གསོལ་བ་བཏབ་པས་བླ་མའི་གནས་བཞི་ནས། །བྱིན་རླབས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས། །རང་གི་གནས་བཞིར་ཐིམ་པས་ལུས་ངག་སེམས། འཕོ་བའི་དྲི་བཅོམ་དབང་བཞིས་རྒྱུད་སྨིན་ཏེ། །རྡོ་རྗེ་བཞི་ཡི་ས་བོན་བཞག་པར་གྱུར། །མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། །རང་ལ་ཐིམ་པས་རང་ཉིད་སྐད་ཅིག་ལ། །བླ་མ་རྗེ་བཙུན་སྒྲོལ་མ་དབྱེར་མེད་གསལ། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་གཉུག་མའི་ངང་། །ཅི་སྣང་དག་པའི་འཁོར་ལོ་འབྱམས་


LT29_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་གྱུར། །ཞེས་པའི་ངང་རྩ་བའི་སྙིང་པོ་ཡི་གེ་བཅུ་པ་ཅི་ནུས་བཟླས་མཐར། སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །དམིགས་མེད་བསམ་བརྗོད་སྤྲོས་བྲལ་ཀློང་དུ་ཐིམ། །ཅི་ཡང་མ་ཡིན་གང་དུའང་མ་གྲུབ་ལ། །འཁོར་འདས་ལམ་གསུམ་རྣམ་པ་ཐམས་ཅད་པ། །རང་རིག་རང་གསལ་འདི་ནི་བདེ་བ་ཆེ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །རྗེས་ཐོབ་རོལ་པ་འགག་པ་མེད་པའི་གར། །གདོད་ནས་དག་པ་རབ་འབྱམས་ལྷུན་གྱིས་གྲུབ། །ཤེས་བཞིན་འགྱུར་བ་མེད་པའི་དྲན་རིག་དང་། །མི་འབྲལ་མོས་གུས་རྣལ་འབྱོར་ཁོར་ཡུག་གིས། །བླ་མ་རྒྱལ་བ་སྲས་བཅས་ཐུགས་དགོངས་དང་། །བདག་སོགས་འགྲོ་ཡིད་མཉམ་པ་ཉིད་འདྲེས་ནས། །ཟུང་འཇུག་འོད་གསལ་བདེ་བ་ཆེ་འགྲུབ་ཤོག །ཅེས་པའང་། ཀུན་མཁྱེན་ཨེ་བྃ་པ་མཆོག་གི་སྤྲུལ་སྐུའི་ཉེ་བར་གནས་ཤིང་འཕགས་ནོར་གྱིས་ཕྱུག་པ་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་ངོར་རྨོངས་བརྟུལ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་གདན་སར་གང་དྲན་བབ་ཅོལ་དུ་བྲིས་པ་འགྲོ་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། ༈ །།རྣམ་སྣང་ལོ་ཙཱ་བ་ཆེན་པོ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་རང་ཤར་བཞུགས་སོ།། །རང་བྱུང་ཐིག་ལེ་འགྱུར་བ་མེད་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་མའི་སངས་རྒྱས་ལ་ཡིད་ཆེས་པའི་སྐལ་ལྡན་གྱི་རྟོགས་འོང་། སྣང་སྲིད་ཆོས་སྐུའི་ཕྱག་རྒྱ་ལས་


LT29_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདའ་བས་མོས་པའི་རོལ་མོ་ཅིའང་སྒྱུར་དུ་བཏུབས་པའི་གནད་ཀྱིས། གང་ལ་དད་པའི་ཡུལ་ཉིད་རིགས་དྲུག་པའི་ངོ་བོར་ཡང་ལྟ་ཆོག་བ་རྡོ་རྗེའི་ལུང་གིས་གྲུབ་པས་གསེར་དང་རག་ན་མཉམ་པ་ཉིད་དུ་ལྟ་བ་སྣང་ཚུལ་ལ་འགལ་ཡང་། གནས་ཚུལ་པ་འགལ་བ་མ་ཡིན་པས་གཉིས་མེད་དགོངས་པའི་གདིང་དང་བཅས་ཏེ། ཨ། ཀ་དག་རིག་སྟོང་ཆོས་ཀྱི་སྐུ། །ཀློང་ལྔའི་དབྱིངས་སྣང་ལོངས་སྤྱོད་རྫོགས། །སེམས་ཉིད་རྣམ་དག་སྤྲུལ་པའི་སྐུ། །རོ་མཉམ་ངང་དུ་སྐྱབས་སུ་མཆི། །བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ། །གློ་བུར་དྲི་མས་བསྒྲིབས་པ་རྣམས། །ཅོག་བཞག་ཆེན་པོས་ལ་ཟླ་ཕྱིར། །བཅིང་གྲོལ་མེད་པར་སེམས་བསྐྱེད་དོ། ཨ། ཡུལ་སྣང་གཞིར་བཞེངས་འཇའ་ཟེར་ཀློང་། །རང་བྱུང་དབང་པོའི་གུར་ཁྱིམ་ན། །རྣམ་ཤེས་གནས་གྱུར་གར་གྱི་དབང་། །ཀུན་གཞི་རྣམ་སྣང་ལོ་ཙཱའི་ཚུལ། །དྲང་སྲོང་སྤྲུལ་པའི་སྐུ་ཡི་ཆས། །ཐབས་ཤེས་དཀར་དམར་ལང་ཆོས་གང་། །ཟུང་འཇུག་འདུ་འབྲལ་མེད་པའི་ཕྱག །མཆོག་སྦྱིན་ངལ་གསོའི་བརྡ་ཡི་ཐབས། །སེམས་སྐྱིལ་པད་ཟླའི་གདན་ལ་རོལ། །ཡེ་ཤེས་ཆེན་པོའི་གར་གྱིས་སྒེགས། །སྒྱུ་འཕྲུལ་རོལ་མོ་ཅི་ཡང་འཆར། །གདོད་ནས་མ་སྐྱེས་གཉུག་མའི་སྐུ། །སེམས་ཀྱི་རྡོ་རྗེའི་རོ་བོར་གསལ། ཨ། མ་སྐྱེས་ཆོས་སྐུའི་དབྱིངས་ཉིད་ནས། །ངོ་བོ་སྟོང་པའི་བླ་མ་གཤེགས། །མ་འགག་


LT29_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་ཞིབ་བམས་ནས། །རང་བཞིན་འོད་གསལ་བླ་མ་གཤེགས། །མི་གནས་སྤྲུལ་པའི་ཕོ་བྲང་ནས། །ཐུགས་རྗེ་གང་འདུལ་བླ་མ་གཤེགས། །གཉུག་མའི་དགོངས་ཉམས་ཡ་ལ་ལ། །བདེ་ཆེན་རོལ་གར་ལིངས་སེ་ལིང་། །སྣང་སྲིད་གཞིར་བཞེངས་བྱིན་ཆེན་ཕོབ། །དབྱིངས་རིག་འདུ་འབྲལ་མེད་པར་བཞུགས། །ཡུལ་སེམས་དག་མཉམ་ངང་དུ་འདུད། །རང་བྱུང་རང་ཤར་མཆོད་སྤྲིན་འབུལ། །མ་སྐྱེས་གློ་བུར་དྲི་མ་བཤགས། །འདུས་མ་བྱས་དགེར་ཡི་རང་ངོ། །མིང་ཚིག་བྲལ་བའི་འཁོར་ལོ་བསྐོར། །གཏེང་གསལ་འགྱུར་བ་མེད་པར་བཞུགས། །འཕོ་ཆེན་དབྱིངས་སུ་དགེ་རྩ་བསྔོ། །ཨ། མེད་པའི་དབྱིངས་སུ་ཆོས་ཀུན་རྫོགས། །སྣ་ཚོགས་བླ་མ་སྤྲུལ་པའི་སྐུར། །སྤང་བླང་མེད་པས་གསོལ་བ་འདེབས། །བསྲུང་མཚམས་བྲལ་བར་བྱིན་གྱིས་རློབས། །ཕྱལ་བའི་དབྱིངས་སུ་ཆོས་ཀུན་རྫོགས། །བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས། །བྱུང་ཚོར་བྲལ་བས་གསོལ་བ་འདེབས། གཟུང་འཛིན་ཟད་པར་བྱིན་གྱིས་རློབས། །གཅིག་པུའི་དབྱིངས་སུ་ཆོས་ཀུན་རྫོགས། །རིག་སྟོང་བླ་མ་ཆོས་ཀྱི་སྐུ། །ཡིད་བྱེད་བྲལ་བས་གསོལ༴ གཅིག་ཤེས་ཀུན་གྲོལ་བྱིན་གྱིས་རློབས། །ལྷུན་གྲུབ་དབྱིངས་སུ་ཆོས་ཀུན་རྫོགས། །འོད་གསལ་བླ་མ་ངོ་བོ་ཉིད། །བློ་འདས་ངང་ནས་


LT29_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །འུབ་ཆུབ་ཆེན་པོར་བྱིན་གྱིས་རློབས། །མཉམ་ཉིད་དབྱིངས་སུ་ཐམས་ཅད་རྫོགས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །འཁྲུལ་པ་ཟད་པའི་ཟང་ཐལ་སྐུ། །རང་སྣང་རིས་མེད་ཁྱོད་ལ་འདུད། །གྲོལ་གཞིའི་ཀློང་དུ་ཆོས་ཅན་ཟད། །གཏིང་གསལ་ཡེ་ཤེས་ཕྱོགས་ལྷུང་མེད། །མི་འགྱུར་གཞོན་ནུ་བུམ་པ་སྐུ། །འཕོ་བ་ཆེན་པོ་ཁྱོད་ལ་འདུད། །ལུས་སྣང་སེམས་སུ་བག་ཆགས་པ། །འོད་གསལ་འགྲོ་འོང་མེད་པར་ཐིམ། །གཞིར་གནས་རང་བྱུང་ཡེ་ཤེས་ལུས། །སྐུ་གསུམ་རྒྱལ་ཚབ་ཁྱོད་ལ་འདུད། །རྣམ་པར་སྣང་མཛད་གངས་ཆེན་མཚོ། །གསང་བའི་བདག་པོ་རྡོ་རྗེ་ཆོས། །རྒྱལ་བའི་སྙན་གྱུར་ཀུན་དགའ་བོ། །འཇིག་རྟེན་མིག་གཅིག་བཻ་རོ་རྗེ། །སྔགས་ཀྱི་བདག་པོ་ཤཱཀྱ་འབྱུང་། །ཁྱུང་པོ་རྣལ་འབྱོར་རྫུ་འཕྲུལ་ཆེ། །ཀུན་མཁྱེན་ཀུན་དགའ་རྒྱལ་མཚན་དཔལ། །གྲུབ་པའི་གཙུག་རྒྱན་སྐྱེ་མེད་ཞང་། །རྡོ་རྗེ་ཀུན་སྐྱོང་གླིང་པ་སོགས། །དངོས་གཅིག་ཡེ་ཤེས་ཉམས་བརྒྱའི་གར། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །བདེ་བའི་ངང་ནས་གསོལ་བ་འདེབས། །ཞེན་པ་མེད་པར་བྱིན་གྱིས་རློབས། །གསལ་བའི་ངང་ནས་གསོལ་བ་འདེབས། །འཛིན་པ་མེད་


LT29_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རློབས། །མི་རྟོག་ངང་ནས་གསོལ་བ་འདེབས། །ཐིམ་ལ་མ་རྨུགས་བྱིན་གྱིས་རློབས། །སྐྱེ་མེད་ཀློང་དུ་གསོལ་བ་འདེབས། །གནས་ལུགས་རྟོགས་པར་མཛད་དུ་གསོལ། །འགག་མེད་དབྱིངས་སུ་གསོལ་བ་འདེབས། །གཞི་ཐོག་གྲོལ་བར་མཛད་དུ་གསོལ། །བླ་མ་རྡོ་རྗེ་སེམས་དཔའ་ཀྱེ། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །ཀ་དག་ལྷོངས་སུ་ཕུད་པར་མཛོད། །སེམས་རིག་ཕྱེད་པར་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ། །གནས་བཞིར་གདོད་གནས་ཐིག་ལེ་རུ། །ཀུན་རྟོག་དག་པའི་ཡི་གེ་ལས། །ཡེ་ཤེས་འོད་ཟེར་རང་བབ་བྱུང་། །བསྐུར་ཐོབ་བྲལ་བའི་དབང་གིས་སྨིན། །སྒྲིབ་པ་མ་སྤངས་དབྱིངས་སུ་དག །རང་བྱུང་སྐུ་བཞི་གསོས་ཐེབ་གྱུར། །ཡི་གེ་བརྒྱ་པ་བརྗོད། མཐར། བླ་མ་དགྱེས་པས་འོད་དུ་ཞུ། །གདོད་གནས་སྙིང་གི་ཐིག་ལེར་ཐིམ། །གཉིས་སུ་སྣང་བ་རྟོག་པའི་དབང་། །རང་ངོ་ཤེས་པ་བླ་མའི་རབ། །སེམས་ཉིད་ཡེ་ནས་སྐྱེ་བ་མེད། །གང་དུའང་མི་གནས་འགག་པ་བྲལ། །རིག་སྟོང་ནམ་མཁའ་ལྟ་བུ་ལ། །འགྱུ་བ་རང་གྲོལ་ཆུ་རླབས་ལྟར། །བྱིས་པས་ལྷ་ཁང་ལྟ་བ་བཞིན། །རྣམ་རྟོག་སྔ་ཕྱི་མེད་པར་གྲོལ། །སྤྲུལ་མདུད་ནམ་མཁར་ཞིག་པ་བཞིན། །རྣམ་རྟོག་གཉེན་པོ་མེད་པར་གྲོལ། ཁང་


LT29_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རྐུན་པོ་ཕྱིན་པ་བཞིན། །རྣམ་རྟོག་ཐོབ་ཤོར་མེད་པ་གྲོལ། །བྱ་བ་ཟིན་བའི་སྐྱེས་བུ་བཞིན། །རྩོལ་སྒྲུབ་མེད་པ་གཞི་ཐོག་ཕྱིན། །རང་སྣང་རིས་མེད་ཀུན་ཏུ་བཟང་། །སྟན་ཐོག་འདི་རུ་མངོན་གྱུར་ཤོག །ཅེས་པའང་ཟབ་མོའི་གནས་ལ་ངེས་པ་འཁྲུངས་ཤིང་ཆོས་ཀྱི་སྤྱན་རས་ཡངས་པ། ལས་འཕྲོའི་དཔལ་ལྡན་ཀརྨ་པཱཛྟ་དྟྭ་ཛའི་ཐུགས་བཞེད་མི་གཅོགས་པའི་ཆེད་དུ། རྒྱལ་བའི་སྲས་པོའི་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་གནས་དྲུག་རི་བོའི་མདུན་ཞོལ་དུ་ཤར་མར་བྲིས་བ་དགེ་ལེགས་འཕེལ། །མངྒ་ལཾ།། །།

མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་།


LT29_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། །།


LT29_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ལྡན་དང་འབྲེལ་ཐོགས་ཀྱི་བླ་མ་རྣམས་ལ་གུས་པའི་ཚིག་རྡོ་རྗེ་གཉུག་མའི་གསང་ལམ་ཞེས་བྱ་བ། གདོད་མའི་གནས་ལུགས་མངོན་གྱུར་རྡོ་རྗེ་འཆང་། །ཟུང་འཇུག་འབྲས་བུའི་རང་བཞིན་ཧེ་རུ་ཀ །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཅོམ་ལྡན་འདས། །པདྨ་ཉིན་བྱེད་དབང་པོའི་ཞབས་ལ་འདུད། །མ་འོངས་རྣམ་འདྲེན་ལྔ་པ་བྱམས་ཆེན་མགོན། །ད་ལྟ་པདྨས་ལུང་བསྟན་པདྨ་དངོས། །གཞན་ཏུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། །སི་ཏུ་པདྨ་དབང་ཆེན་ཞབས་ལ་འདུད། །སྙིགས་དུས་བསྟན་འགྲོའི་དཔལ་གྱུར་ཟབ་རྒྱས་ཀྱི། །ཕྲིན་ལས་རྒྱལ་བ་ཁོ་ནའི་སྤྱོད་ཡུལ་ཉིད། །ཁྱད་པར་བདག་ཅག་སྐྱེ་བ་གཏན་གྱི་སྐྱབས། །དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཞབས་ལ་འདུད། སོ་ཐར་སྟོད་འདུལ་གྱི་སྡོམ་རྒྱུན། འབྲི་གུང་དང་ཆགས་མེད་ལུགས་ཀྱི་བྱང་སྡོམ་ལན་གཉིས། དུས་འཁོར། ཀྱེ་རྡོར། རྒྱལ་རྒྱམ་དཀོན་སྤྱི་གྲུབ་བརྒྱའི་རིགས་གཏད་སོགས་གསར་རྙིང་མང་པོའི་དབང་བསྐུར་རྗེས་གནང་རིག་གཏད། ཇོ་ནང་རིན་འབྱུང་དབང་ཚང་མ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་ལྗགས་ལུང་ཆེ་ཕྲ་མང་པོ། ཕྱག་ཆེན་ཆོས་དྲུག །སྦྱོར་དྲུག །རྫོགས་ཆེན། རླུང་སེམས་གཉིས་མེད། སྐུ་གསུམ་ངོ་སྤྲོད། ལྔ་ལྡན། གཞན་སྟོང་ལྟ་ཁྲིད་སོགས་སྡོམ་པ་གསུམ་དང་སྨིན་གྲོལ་མང་པོའི་བཀའ་དྲིན་ནོས་ཤིང་། གསོལ་བ་རྩེ་གཅིག་ཏུ་བཏབ་བས་གནས་ལུགས་རང་ཞལ་ཀྱང་གཡར་ཁྲལ་དུ་མཇལ་བར་རློམས་བས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་དངོས་སུ་ངེས་པ་ཡིན་ནོ། །


LT29_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ཀུན་བདག་མགོན་པོ་སྤྱན་རས་གཟིགས། །མ་བྱོན་རྒྱལ་བ་དྲུག་པ་སེང་གེའི་ཚུལ། །གངས་ཅན་སྐྱེ་དགུའི་སྐྱབས་གཅིག་ཀརྨ་པ། །ཐེག་པ་མཆོག་གི་རྡོ་རྗེའི་ཞབས་ལ་འདུད། དཔལ་དུས་ཀྱི་འཁོར་ལོ། །ཀརྨ་ཀཾ་ཚང་གི་ཡི་དམ། །ཆོས་སྐྱོང་ཡོངས་རྫོགས། དུས་མཁྱེན་རང་བྱུང་རྗེ་དགུ་བའི་གསུང་སྒོར་སོགས་སྨིན་གྲོལ་ཟབ་རྒྱས། འཐོང་གྲོལ་ཞཱ་ནག་གསེར་མདངས་ཀྱི་ཞལ་ལན་གྲངས་སུ་མཇལ་ཞིང་ཐུན་མོང་མ་ཡིན་པའི་ཐུགས་རྗེས་བྱིན་རླབས་ཐོབ་བའོ། ལོ་ཆེན་བཻ་རོའི་སྒྱུ་འཕྲུལ་རིག་པ་འཛིན། །མཆོག་ཏུ་མི་འགྱུར་བདེ་སྟོང་ཡེ་ཤེས་ཆེ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་དཔའ་བོ་མཆོག །གཙུག་ལག་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། ཕྱག་ཆེན་རྒྱ་གཞུང་གི་ལུང་། སྨིན་གླིང་། འཛི་སྒར། ཇེ་ཉིད་ཀྱི་དགོངས་གཏེར་སོགས་གསར་རྙེད་མང་པོའི་དབང་ལུང་དང་། བྱིན་རླབས་གཏད་རྒྱ་དངོས་དང་རྨི་ལམ་ལས་ཡིད་ཆེས་ཐོབ་པས་ཐུགས་རྗེས་ངེས་པར་བཟུང་བའོ། །རྩོད་བྲལ་ནཱ་རོའི་སྒྱུ་འཕྲུལ་འབྲུག་པ་ཆེ། །འགྲོ་འདུལ་མི་འགྱུར་དབང་གི་རྒྱལ་པོ་དང་། །ཤེར་འབྱུང་སྦས་པའི་རྣམ་འཕྲུལ་དབའ་བོ་རྗེའི། །ཡང་སྲིད་གཙུག་ལག་ཉི་མའི་ཞབས་ལ་འདུད། ངེས་དོན་བསྟན་པའི་སྒྲོན་མེ་འགྲོ་བའི་མགོན། །རིམ་གཉིས་བརྟན་ཐོབ་བསླབ་གཉིས་ཀ་ལས་སྨིན་བྱེད་ཀྱི་ཆོས་འབྲེལ་ནོས་ཤིང་དགོངས་གཏར་ཐུན་མིན་གནང་བའོ། གསུམ་རྣམ་པར་དག །ས་བཅུའི་དབང་ཕྱུག་ཆགས་མེད་དངོས་


LT29_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཞབས། །ཀརྨ་བསྟན་འཛིན་ཕྲིན་ལས་ཞབས་ལ་འདུད། །ངད་གླིང་ཐུགས་སྒྲུབ་ཞི་དྲག་འདུས་བསྐོར་གསུམ་སོགས་དང་། ཆགས་མེད་གསུང་སྐོར་ཕལ་མོ་ཆེའི་དབང་ལུང་རྒྱ་ཆེར་བཀའ་དྲིན་ཐོབ་ཅིང་། ཉིང་འཁྲུལ་གྱི་སྣང་བར་འདས་རྗེས་བྱིན་རླབས་བསྩལ་བས་བླ་མའི་མཆོག་རབ་ཏུ་གྱུར་པའོ། །ཤེས་དང་ཤེས་བྱ་ཀུན་གཟིགས་ཐམས་ཅད་མཁྱེན། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །བཀའ་དྲིན་སུམ་ལྡན་རྡོ་རྗེ་འཛིན་དབང་པོ། །ཀརྨ་ཐེག་མཆོག་བསྟན་འཕེལ་ཞབས་ལ་འདུད། ཀར་ལུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་ལུང་། བླ་མ་དགོངས་འདུབ། ཞི་ཁྲོ་འཇའ་ཚོན་པོད་དྲུག །ཡོན་དགེའི་གཏེར་ཆོས། མི་ཏྲ་བརྒྱ་རྩ། །ཞི་ཕྲེང་དྲག་ཕྲེང་སོགས་མདོར་ན་ཀཾ་ཚང་དང་གནས་མདོ་ལུགས་ལ་ད་ལྟ་རྒྱུན་བཞུགས་པའི་གསར་རྙིང་དབང་ལུང་བལ་མོ་ཆེ་དང་། ལྷ་ཁྲིད་ཕལ་ཆེར་དང་ཕྱག་ཆེན་ཆོས་དྲུག་གི་ཞིབ་ཁྲིད་སོགས་ཟབ་པ་དང་རྒྱ་ཆེ་བའི་སྨིན་གྲོལ་མཐའ་དག་བསྩལ་ཞིང་། རྨི་ལམ་དུའང་ཐུགས་རྗེས་བཟུང་བས་བཀའ་དྲིན་ཟླ་མེད་པའི་བླ་མ་མཆོག་ཏུ་གྱུར་བའོ། །བཅུ་ཕྲག་རིག་པར་བྱང་ཆུབ་པཎྜི་ཏ། །ཟབ་གསང་རྒྱུད་སྡེའི་གནད་རྟོགས་གསང་བའི་བདག །ལམ་ཟབ་རྣལ་འབྱོར་ཡོངས་གཙོ་བཀའ་དྲིན་ཅན། །འགྱུར་མེད་མཐུ་སྟོབས་རྣམ་པར་རྒྱལ་ལ་འདུད། སྒྲ་སྙན་ངག་སྡེབ་སྦྱོར་སུམ་རྟགས་གྲུབ་མཐའི་གོ་དོན་སོགས་རིག་གནས་ཕལ་མོ་ཆེ་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག །བསྟན་འགྱུར་ལས་རྒྱུན་གང་བཞུགས་པུསྟི་


LT29_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཉི་ཤུ་སྐོར། རྙིང་རྒྱུད་པོད་ཉེར་བདུན། ཀློང་ཆེན་མཛོད་བདུན། མ་ི་བཀའ་འབུམ། བཀའ་ཐང་སོགས་ལྗགས་ལུང་མང་པོ་དང་། སྨིན་གླིང་འདོད་བུམ་ཕལ་ཆེར། བཀའ་བརྒྱད་བདེ་འདུས། ཆོས་དབང་ཕུར་པ་སྦུ་གྲི་སོགས་ཀྱི་སྨིན་བྱེད་ཀྱང་ཐོབ་ཅིང་། ལར་ཐོས་བསམ་གྱི་ཤེས་རབ་ཐོག་མར་སྐྱེད་པ་པོ་ཡིན་པས་བཀའ་དྲིན་འཁོར་མཐའ་བྲལ་བའོ། །སྐྱེས་ཐོབ་མཁྱེན་རབ་ནམ་མཁའི་ཁྱོན་ལྟར་ཡངས། །འབད་མེད་ཏིང་འཛིན་སྒོ་བརྒྱ་ཀློང་ནས་བརྡོལ། །རིས་མེད་རྒྱལ་བསྟན་སྣང་བའི་ཉིན་མོར་བྱེད། །འཇམ་དབྱངས་མཁྱེན་བརྩེ་མཚན་དོན་མཐུན་ལ་འདུད། །བྱ་སྤྱོད་རྣལ་འབྱོར་གསུམ་གྱི་དབང་རྗེས་གནང་རིག་གཏད་བཀའ་ཡོད་ལྷད་མེད་ཕལ་མོ་ཆེ། དུས་ཀྱི་འཁོར་ལོ་དང་དགྱེས་པ་རྡོ་རྗེའི་སྨིན་བྱེད་རྒྱུད་བཤད་ལམ་འབྲས་བཅས། ནཱ་རོ་མཁའ་སྤྱོད། སྔགས་བཏུ་རིག་གསུམ་གཙོས་བླ་མེད་སྐོར། ལྔ་འགྱུར་སེམས་ཀློང་མན་ངག །ཁྱད་པར་སྒྱུ་འཕྲུལ་གསང་སྙིང་གི་དབང་ལུང་རྒྱུད་བཤད་ཡོངས་རྫོགས། །ཡང་དག་མཉམ་སྦྱོར་སོགས་བཀའ་མ། གང་། ཆོས་དབང་། བྱང་གཏེར། ལྷ་བཙུན། སྨིན་གླིང་སོགས་རྩོད་མེད་ཀྱི་གཏེར་ཆོས་ཕལ་མོ་ཆེ་དང་། རྗེ་ཉིད་ཀྱི་གཏེར་ཆོས། ཤང་ཆོས། ཞི་བྱེད། གཅོད་ཡུལ། བྷཱུ་རླུང་སོགས་མདོར་ན་བརྒྱུད་བ་སེལ་མེད་རྒྱུན་ཡོད་ངེས་གྱི་དབང་ལུང་གྲངས་ལས་འདས་པ་དང་། ཁྲིད་ཚུལ་ཁོ་ན་ཉིས་བརྒྱའི་གྲངས་ལས་བརྒལ་བ་ཐོབ་པས་བླུན་པོ་ཐོས་ཆུང་དལ་འབྱོར་སྟོང་ཟད་ཀྱི་གསེབ་ལས་དབུགས་ཆེན་དབྱུང་བ་བསྩལ་བའི་བཀའ་དྲིན་ནམ་མཁའི་ར་བ་ལས་


LT29_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་ལོ། །དམ་འཛིན་ཡང་སྲིད་གནས་གཏེར་བརྒྱ་རྩའི་བདག །སྔོན་མེད་ངོ་མཚར་ཟབ་ཆོས་གསང་མཛོད་འཛིན། །ད་ལྟ་སེམས་དཔའ་པདྨའི་མྱུ་གུའི་ཚུལ། །ཨོ་རྒྱན་མཆོག་གྱུར་གླིང་པའི་ཞབས་ལ་འདུད། །ཉིད་ཀྱི་ཟབ་གཏེར་མཐའ་དག་གི་སྨིན་གྲོལ་ཡོངས་རྫོགས་གཅིག་བརྒྱུད་གཏད་རྒྱ་བཅས་སྩལ་ཞིང་ཆོས་ཀྱི་བདག་པོར་མངའ་གསོལ་སྩལ་བས་བཀའ་དྲིན་ཆེའོ། །སྐྱེས་ཐོབ་སྟོབས་ཀྱིས་བྱང་ཆུབ་སེམས་གཉིས་རྫོགས། །སྒྲུབ་བརྒྱུད་བསྟན་ལ་སྲི་ཞུ་རླབས་ཆེན་མཛད། །ལང་གྲོའི་རྣམ་འཕྲུལ་ལུང་ཟིན་སྐྱེས་བུ་མཆོག །སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཞབས་ལ་འདུད། ཀློང་གསལ་གཏེར་ཆོས་ཁ་ཤས་དང་ཚེ་དབང་བརྒྱ་རྩ་སོགས་ནོས་ཤིང་དགེ་བའི་མཐུན་རྐྱེན་གྱི་བཀའ་དྲིན་གཞལ་དུ་མ་མཆིས་པའོ། །སྨྱོས་རིགས་རྡོ་རྗེའི་ཁྲིར་བཞུགས་གནུབས་ཆེན་འཕྲུལ། །འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོ་དང་། །བསླབ་གསུམ་སྦྱང་རྟོགས་ཕུལ་བྱུང་རྗེ་བཙུན་མ། །འགྱུར་མེད་བསྟན་འཛིན་དཔལ་གྱི་སྒྲོན་མར་འདུད། སྔ་མ་ལས་རྙིང་མ་བཀའ་མ་ཕལ་མོ་ཆེ་དང་། གཤེད་སྐོར་གཙོ་གྱུར་སྨིན་བྱེད་ཆེ་ཕྲ། །ཕྱི་མ་ལས་དེ་དག་གི་ལུང་སོགས་ནོས་པའོ། །ཡབ་སྲས་སྐྱེས་ཆེན་མང་པོས་བླ་མར་བཀུར། །རྩོད་བྲལ་གཏེར་ཁའི་ལུང་ཟིན་ཆོས་བདག་གྱུར། །གར་དབང་ཞེས་གྲགས་སྐྱེ་བའི་རབས་བདུན་པ། །ངེས་དོན་ཆོས་སྐྱོང་བཟང་པོའི་ཞབས་ལ་འདུད། སྨིན་གྲོལ་བདུད་རྩི་


LT29_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་དང་། ལྷག་པར་བཀའ་བརྒྱད་བདེར་འདུས་ཀྱི་དབང་ལུང་ཡོངས་རྫོགས་བསྩལ་བས་བཀའ་དྲིན་ཤིན་ཏུ་ཆེའོ། །སྐྱེས་རབས་དུ་མར་མཁས་གྲུབ་རྩེ་མོར་བསྙེགས། །རྣམ་ཀུན་སྒྲུབ་བརྒྱུད་བསྟན་ལ་བྱ་བ་མཛད། །སྐུ་ཚེ་འདིར་ཡང་འཕགས་པའི་རྣམ་ཐར་འཆང་། །བསྟན་འཛིན་དགེ་ལེགས་ཉི་མའི་ཞབས་ལ་འདུད། །བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་འཁོར་ལོ་ལྔ་ཚང་མའི་དབང་ལུང་ཁྲིད་བཅས། །རོལ་རྡོར་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་སོགས་མང་དུ་བཀའ་དྲིན་ཐོབ་པས་སྐལ་པ་ཤིན་ཏུ་བཟང་ངོ་། །སྙིགས་དུས་གདུལ་དཀའ་མི་དང་མི་མ་ཡིན། །སྦས་མངོན་ཐབས་ཀྱིས་འདུལ་མཛད་རིགས་སྔགས་འཆང་། །རྡོ་རྗེ་དྲག་པོའི་ཕྲིན་ལས་ལྷུན་གྲུབ་ཏུ། །དབང་སྒྱུར་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །བཀའ་འདུས། སྨན་ཡིག་རྒྱུད་བཞི། མི་ལའི་མགུར་འབུམ། གོང་མའི་དགོངས་གཏེར་འགའ་རེའི་སྨིན་གྲོལ་ནོས། །མཆོག་གྲུབ་རྒྱལ་པོ་ཤོ་སྒོམ་རྣམ་པར་འཕྲུལ། །ཡང་སྲིད་ཀུན་ཏུ་སྒྲུབ་བརྒྱུད་བསྟན་པ་མཆོག །འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྨད་བྱུང་བ། །ཁྲ་ལེབ་ཡེ་ཤེས་ཉི་མའི་ཞབས་ལ་འདུད། །རྔོག་དཀྱིལ་སོགས་ཞྭ་དམར་སྤྱན་སྔའི་རྒྱུད་སྡེའི་དབང་ལུང་ནོས། ཧཱུྃ་ཆེན་ཀ་ར་འཁོན་སྟོན་ཀླུ་དབང་སྲུང་། །ཐུགས་གཏེར་མཛོད་འཆང་ལ་ལི་ཏ་བཛྲ། །གང་འདུལ་རོལ་པ་སྒྱུ་འཕྲུལ་དྲྭ་བའི་གར། །མཆོག་སྤྲུལ་པདྨ་


LT29_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཕེལ་ཞབས་ལ་འདུད། །རོལ་རྡོར་ཐུགས་སྒྲུབ་ཞི་དྲག་དང་ཁྲོ་རོལ་ཕུར་པའི་དབང་སྐུར་ནོས། མཁས་གྲུབ་ཡོངས་འཛིན་དུ་མ་ཚུལ་བཞིན་བསྟེན། །དབང་ལུང་གདམས་སྤེལ་བསྟན་ལ་བྱ་བ་མཛད། །སོར་བསམ་མཐར་ཕྱིན་སྤྲོས་བྲལ་ཆེན་པོ་རྟོགས། །ཚེ་དབང་པདྨ་ནོར་བུའི་ཞབས་ལ་འདུད། །ཆོས་གླིང་རྫོགས་ཆེན། གནམ་ཆོས་གཏུམ་མོ་དང་རྫོགས་ཆེན་སོགས་སྨིན་ཁྲིད། སངས་གླིང་ཀློང་གསལ་གནམ་ཆོས་རོལ་རྡོར་སོགས་ཀྱི་དབང་སུང་ཆེ་ཕྲ་མང་པོ། སེམས་ཁྲིད་དང་དོགས་གཅོད་ལན་བླངས་གནང་ཞིང་འདས་རྗེས་རྨི་ལམ་གྱི་སྣང་བར་ངོ་སྤྲོད་ཐོབ་པས་མྱོང་ཐོག་ཏུ་བོགས་ཕྱིན་པ་སོགས་བཀའ་དྲིན་ཆེའོ། །རྒྱུད་སྡེ་དུ་མའི་བསྙེན་སྒྲུབ་ཚད་དུ་འཁྱོལ། །གཏུམ་མོའི་དྲོད་རྟགས་ཕྱི་ཡི་ལུས་ལ་ཤར། །མ་ཞེན་མ་བཀག་རྣལ་འབྱོར་སྤྱོད་པའི་ཕུལ། །རྡོ་རྗེ་སློབ་དཔོན་བསྟན་འཛིན་ཞབས་ལ་འདུད། ཐུགས་རྗེ་གསང་འདུས། རྒྱལ་རྒྱམ་སོགས་དབང་ཆེན་ཁ་ཤས། ཆགས་མེད་ལུགས་གྱི་དབང་ལུང་འགའ་ཙམ་ཐོག །སྡོམ་དང་དམ་ཚིག་སྤྱན་གྱི་འབྲས་ལྟར་བཙའ། །བསྟན་པའི་སྲི་ཞུ་སྲོག་གི་ཕྱིར་ཡང་བཟོད། །དམ་པས་ལུང་བསྟན་དམ་པའི་རྣམ་འཕྲུལ་མཆོག །ཀརྨ་འོད་གསལ་འགྱུར་མེད་ཞབས་ལ་འདུད། །རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ཕལ་མོ་ཆེའི་ལུང་དང་ཁྲིད། །དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་བླ་མེད་ཀྱི་རྒྱུད་སྡེ་རྒྱུན་བཞུགས་སོ་འཚལ་གྱི་དབང་


LT29_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཟབ་ཅིང་རྒྱ་ཆེ་བས་རྗེས་སུ་བཟུང་བས་སྤྱིར་བཀའ་དྲིན་ཆེ་བ་མ་ཟད། ཇོ་ནང་བའི་བསྟན་པ་ལ་སྲོག་མཐུད་པ་ལྟ་བུའི་གསོས་སུ་གྱུར་པས་བཀའ་དྲིན་སྙིང་པོའི་བར་དུ་འཁོར་བར་དཀའ་འོ། །བཙུན་ཚུགས་དགྲ་བཅོམ་ལྟ་བུར་དང་བ་འདྲེན། །གཞན་ཕན་བྱང་ཆུབ་ཐུགས་བློ་གཏིང་ནས་འབྱོངས། །མཚན་བཅས་མཚན་མེད་ཏིང་འཛིན་འདུ་འབྲལ་མེད། །ངེས་དོན་བསྟན་པ་རབ་རྒྱས་ཞབས་ལ་འདུད། །དྭགས་པོའི་བཀའ་འབུམ། ཡང་དགོན་རི་ཆོས། ནག་རྒྱལ་ཕག་གསུམ་སོགས་བཀླག་ལུང་དུ་མ། རྔོག་དཀྱིལ་བདུན་སོགས་རྒྱུད་སྡེ་དང་། སྨིན་གླིང་འདོད་བུམ་དང་ཆགས་མེད་དབར་བསྒྲིགས་སྐོར། བདུད་འདུལ་ཀློང་གསལ་གནམ་ཆོས་སོགས་གཏེར་ཆོས་རྣམས་ཀྱི་དབང་ལུང་ཐོར་བུ་མང་པོ་ཐོབ་ཅིང་། ཆོས་བཞིན་སྤྱོད་པའི་གེགས་སེལ་བོགས་འདོན་སོགས་མདོར་ན་སྡོམ་པ་གསུམ་ཀ་ལ་བཀའ་དྲིན་རབ་ཏུ་ཆེའོ། །ཀུན་རྫོབ་བྱང་ཆུབ་སེམས་འབྱོངས་ཐུགས་རྒྱུད་དུལ། །སྒྱུ་ལུས་རྨི་ལམ་བརྟན་ཐོབ་ཚུལ་འཆོས་ཞིག །ཟུང་འཇུག་ལྷ་ཡི་ཕྱག་རྒྱར་གསལ་སྣང་ཐེབས། །ཀརྨ་ནོར་བུ་ཤངས་ཆོས་བདག་པོར་འདུད། །ནི་གུ་ལུགས་ཀྱི་བྱིན་རླབས་སྒོ་འབྱེད་དང་། གཞུང་ཤིང་གི་བཀའ་དྲུག །ཆོས་དྲུག་ཞིབ་ཁྲིད་ལན་གསུམ། ཕྱག་ཆེན་གའུ་མ། བློ་སྦྱོང་ཞིབ་ཁྲིད་སོགས་ཐོབ་ཅིང་རྟག་ཏུ་ཡིད་ལ་བརྣག་བའི་གསེར་ཆོས་ཀྱི་བདུད་རྩི་སྙིང་གི་བུམ་པར་བསྩལ་བས་བཀའ་དྲིན་བྱང་ཆུབ་བར་དུ་གཞལ་བར་དཀའོ། །གོང་མའི་


LT29_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སར་སྲི་ཞུ་ནུ་རླབས་ཆེན་མཛད། །ཐུགས་རྗེ་ཆེན་པོའི་རིམ་གཉིས་ཚད་དུ་འཁྱོལ། །སྐྱེ་བ་བདུན་ནས་རྣམ་གྲོལ་ལུང་བསྟན་བརྙེས། །ཀརྨ་ཀུན་བཟང་བསྟན་འཛིན་ཞབས་ལ་འདུད། །གནམ་ཆོས་དགོངས་གཏེང་བཀའ་འབུམ་བཅས་པའི་དབང་ལུང་ཡོངས་རྫོགས། བདུད་འདུལ་གཏེར་ཆོས་རྣམས་ཀྱི་དབང་བསྐུར་ཚང་བར་ནོས། སྐྱེས་ཐོབ་སྟོབས་ཀྱིས་མཁྱེན་རབ་ཤིན་ཏུ་ཡངས། །ཉིན་མཚན་འཁོར་ཡུག་འོད་གསལ་ལྷུན་འབྱམས་ངང་། །རིག་པ་ཚད་ཕེབས་བྱིན་ནུས་འགྲན་ཟླ་བྲལ། །མཆོག་སྤྲུལ་ཀུན་བཟང་རྣམ་པར་རྒྱལ་ལ་འདུད། ཀློང་གསལ་གཏེར་ཆོས་བཀའ་འབུམ་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ། བདུད་འདུལ་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་། ཀར་གླིང་ཞི་ཁྲོ་དང་ཡང་ཏི་ནག་པོའི་སྨིན་ཁྲིད་སོགས་ནོས། ཅི་ནུས་བསླབ་པ་གསུམ་པོ་དྲི་མེད་བསྲུངས། །ཅི་ཡོང་རླབས་ཆེན་དགེ་བའི་ཕྱོགས་སུ་བཏང་། །ཅི་མཛད་དམ་པའི་རྣམ་ཐར་ཤ་སྟག་ཅན། །ཀརྨ་གཞན་ཕན་ཅི་ཡང་མཁྱེན་དེར་འདུད། །ཐེག་དགུའི་ཡང་བཅུད་རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞིར་གྲགས་པའི་ཆོས་སྡེ་མ་བུ་བཞི། །ཟབ་མོ་ཡང་ཏིག་གསང་སྐོར་དང་བཅས་པའི་དབང་ལུང་རྒྱུན་གཙང་། ཕྱག་དྲུག་པའི་གཞུང་བོད་ལུང་། །མགོན་སྤྲུལ། སོགས་བཀའ་དྲིན་ཟབ་སོ་ཐོབ་བོ། །ཀུན་སྤྱོད་རྣམ་ཐར་གཙང་བས་བྲམ་ཟེ་འདྲ། །བརྟུལ་ཞུགས་སྤྱན་ལྟོས་བཟང་བས་གནས་བརྟན་འདྲ། །ཐབས་ལམ་དྲོད་ཚད་ལྡན་པས་


LT29_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་འདྲ། །ཀརྨ་མཁས་གྲུབ་འདྲ་གསུམ་ལྡན་དེར་འདུད། དཀོན་སྤྱིའི་ཚེ་དབང་བརྒྱ་རྩ་སོགས་ནོས། མདོ་སྔགས་སྨིན་གྲོལ་ཟབ་མོའི་གཏེར་མཛོད་འཛིན། །བསླབ་གསུམ་དཔལ་ལྡན་རྡོ་རྗེའི་གནས་ལུགས་རྟོགས། །མི་ཕམ་ཆོས་ཀྱི་རྒྱལ་པོའི་བཞེད་བ་སྐྱོང་། རི་སྤྲུལ། །པད་དཀར་མཆོག་གི་རྣམ་རོལ་ཞབས་ལ་འདུད། ཇོ་ནང་ཁྲིད་བརྒྱ་དང་ཆོས་གླིང་ཕུར་པའི་དབང་ལུང་སོགས་ནོས། །འཇམ་དཔལ་ཁྲི་སྲོང་རྣམ་འཕྲུལ་རིག་འཛིན་རྗེའི། །རིགས་དང་ཆོས་ཀྱི་སྲས་གྱུར་རྗེ་པདྨས། །དགོངས་ཟབ་ཐུན་མིན་གཏོད་པའི་སྐྱེས་ཆེན་མཆོག །པདྨ་དབང་དྲག་བྱིན་ནུས་ལྡན་དེར་འདུད། །ཆོས་གླིང་ཐུགས་རྗེ་ཆེན་པོ་སའི་སྙིང་པོའི་དབང་ལུང་སོགས་དང་། འབྲུག་ལུགས་ཚེ་དཔག་ལྷ་མང་། རིག་འཛིན་རྡོ་རྗེ་དྲག་པོའི་དགོངས་གཏེར་སྨིན་གྲོལ་ཆ་ཚང་ནོས། བཀའ་དགོངས་ཕུར་སོགས་ཡོ་ག་སྐོར་གསུམ་ལྷར། །བསྙེན་སྒྲུབ་རྟགས་ཐོན་སྒྲུབ་ཕྲིན་ཕྱག་བཞེས་མཁས། །ནུས་པ་བརྙེས་ཀྱང་མངོན་སྤྱོད་ལས་མི་རྩོམ། །གསང་སྔགས་མགོན་པོ་སྔགས་བསྟན་འཛིན་དེར་འདུད། །བླ་མ་དགོངས་འདུས་ཚང་མ། རང་གླིང་ཐུགས་སྒྲུབ་ཞི་དྲག་དང་། ཀློང་གསལ་སྙིང་ཏིག་གཙོས་ཆེ་ཕྲ་ཡོངས་རྫོགས། པད་གླིང་ཕལ་མོ་ཆེ། ཞིག་གླིང་དབང་ཚད་མ། ཆགས་མེད་དང་གནམ་ཆོས་སྐོར་ཐོར་བུ། མགོན་པོ་ཚོགས་བདག་སོགས་དབང་ལུང་གྲངས་མང་དང་། ཁྱད་པར་འདུས་པ་མདོ་དབང་ཆེན་མོ།


LT29_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྡེ་དོང་སྤྲུགས་སོགས་གྱི་དབང་ལུང་། སྒྲུབ་ཆེན་ཕལ་ཆེར་གྱི་ཕྱག་ལེན་བསླབ་པ་སོགས་བཀའ་དྲིན་ལྷུན་པོའི་གཏོས་ལས་བརྒལ་ལོ། །ལས་འཕྲོའི་སྟོབས་ཀྱིས་ཟབ་ཆོས་སྣོད་གྱུར་པ། །ཉམས་རྟོགས་ཕུལ་བྱུང་བསམ་གཏན་བསྟན་འཛིན་དང་། །ནུས་ལྡན་རྡོ་རྗེའི་ཆོས་བདག་རིགས་ཀྱི་དབོན། །རྣལ་འབྱོར་དབང་ཕྱུག་ནཱ་ཐ་བཛྲར་འདུད། །འདི་གཉིས་ལས་སྟག་ཤམ་ཐུགས་སྒྲུབ་རྣམ་གསུམ། ཡི་དམ་དགོངས་འདུས་གཙོར་གྱུར་གཏེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་ནོས། ལྷ་སྲས་རྣམ་རོལ་པདྨ་བཛྲ་གྲུབ། །གཏེར་སྟོན་རིག་འཛིན་ཆོས་རྒྱལ་རྡོ་རྗེ་དང་། ཉིད་ཀྱི་གཏེར་ཆོས་རྣམས་ཞུས། དམ་པས་རྗེས་བཟུང་མདོ་སྔགས་ཆོས་ཀྱི་གཏེར། །འགྱུར་མེད་སྨོན་ལམ་དབང་གི་རྒྱལ་པོར་འདུད། བྱང་གཏེར་བཀའ་བརྒྱད། རྡོ་རྗེ་གཙུག་ལག་སོགས་གཏེར་རྙིང་མང་དུ་ནོས། རྗེ་བཙུན་དཔའ་བོའི་རིགས་སྲས་ཆོས་ཀྱི་མཛོད། །རིག་འཛིན་ཚེ་ནོར་མཆོག་གི་སྤྲུལ་སྐུ་དང་། བརྟག་གཉིས་རྒྱུར་བཤད་རང་བྱུང་ལུགས། ཡང་ཏི་ནག་པོ་སོགས་སྨིན་གྲོལ་རྒྱུན་དཀོན་ནོས། གོང་མའི་གདུང་རིགས་ཆོས་ཀྱི་བརྒྱུད་པ་འཛིན། །བཙན་རི་ཨོ་རྒྱན་མི་འགྱུར་ཉིད་ལ་འདུད། ཀློང་གསལ་གཏེར་ཆོས་ཁ་ཤས་དང་། བདེ་གླིང་ཆོས་བཀའ་ཡོངས་རྫོགས་ནོས། དཔལ་རྡོར་ཡང་སྲིད་མཁྱེན་བརྩེ་ནུས་པའི་བདག །མཁན་ཆེན་བླ་མ་ཐུབ་བསྟན་རྒྱལ་མཚན་དང་། དགོངས་པ་ཟང་ཐལ་སོགས་བྱང་གཏེར་སྐོར། །


LT29_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པད་གླིང་གཏེར་ཆོས། གསེར་འོད་ས་བཅུ་མ་དང་། བསྟན་འགྱུར་ལུང་རྒྱུན་སྔར་མ་ཐོབ་རིགས་ནོས། མཁས་བཙུན་བཟང་པོའི་ཕུལ་གྱུར་སྡེ་སྣོད་འཛིན། །དཀོན་མཆོག་འོད་ཟེར་རྒྱལ་བའི་མྱུ་གུར་བདུད། གཏེར་ཆོས་ཁ་ཤས་ནོས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པ་ཡི། །མཁན་ཆེན་རྡོ་རྗེ་འཛིན་དབང་དོན་གྲུབ་མཚན། ཚེ་བདག་ལྕགས་སྡིག །ཉང་། ཆོས་དབང་། ལས་འབྲེལ། ར་ཤག་སོགས་གཏེར་རྙིང་མང་ཙམ། སྔགས་སྡེབ། སྟོབས་ཆེན་མཆོད་རྟེན། ཡང་ཟློག་སོགས་ཀྱི་ཟབ་གནད་ལག་ལེན་མང་དུ་ཞུས། སྤྲོས་བཅས་ཕྱག་བཞེས་ཀུན་ལ་མ་རྨོངས་པའི། །མཁས་བཙུན་འགྱུར་མེད་བསྟན་པ་འཕེལ་ལ་འདུད། །ཆོས་དབང་ལོཀྟྲི་དང་འཆར་ཁ །འཇོམས་བྱེད་རྩལ་ཉི་སོགས་ཀྱི་དབང་ལུང་ལག་ལེན། སྨིན་ལུགས་ཕྱག་ལེན་དབྱངས་རོལ་འགའ་ཞིག་བསླབ། སྔ་འགྱུར་བསྟན་བདག་རྒྱལ་བ་ཀཿཐོག་པ། །གྲུབ་པའི་རྣམ་རོལ་ཐུབ་བསྟན་མཚན་ཅན་དང་། ཀློང་གསལ་གཏེར་ཆོས་ཁ་ཤས་ཞུས། །ཀུན་བཟང་སྤྱོད་གནས་ཀ་དག་རིག་རྩལ་རྫོགས། །འདྲེན་མཆོག་མདོ་སྔགས་སྤྲུལ་པའི་སྐུ་ལ་འདུད། །སྨིན་གཏེར་གསུང་འབུམ་གྱི་ལུང་ནོས། གསང་ཆེན་འབྱུང་གནས་དཔལ་ལྡན་ཨེ་ཝཾ་པའི། །རྡོ་རྗེ་སློབ་དཔོན་ངག་དབང་ལེགས་གྲུབ་དང་། ལམ་འབྲས་བྱིན་རླབས་ཁ་ཤས། ལས་འབྲེལ་དྲེགས་འདུལ་སོགས་ནོས། དམ་པའི་རྣམ་འཕྲུལ་དམ་པའི་སྤྱོད་ཚུལ་ཅན། །


LT29_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་སངས་རྒྱས་ཆོས་འཕེལ་མཆོག་ལ་འདུད། གསར་རྙིང་མང་ཞིག་གི་བཀླགས་ལུང་ནོས། མཁྱེན་རབ་རྨད་བྱུང་དམ་ཆོས་ཕྱོགས་མེད་ཚོལ། །དབོན་སྤྲུལ་ཀརྨ་ངེས་དོན་དཔལ་བཟང་དབང་། ཕྱག་ཆེན་རྒྱ་གཞུང་། ཀུན་ཁྱབ་གསུང་སྐོར་སོགས་ལུང་འགའ་ཞིག་ནོས། རིམ་པ་གཉིས་ཀྱི་རྣལ་འབྱོར་ལྷུར་བཞེས་པས། །འདྲེན་པ་མཆོག་གྱུར་རྡོ་རྗེ་སྙིང་པོར་འདུད། ཆོས་གླིང་ཟབ་ལམ་སོགས་ནོས། བཻ་རོའི་ཐུགས་སྤྲུལ་ཟབ་གཏེར་རྒྱ་མཚོའི་བདག །རིག་སྔགས་འཆང་ཆེན་ཀུན་གྲོལ་གསང་བ་རྩལ། ཆོས་གཏེར་རྣམས་ཀྱི་གཏད་རྒྱ་དང་། རང་གཏེར་རྣམས་ཀྱི་ཁ་བྱང་ངོ་སྤྲོད་སྩལ་བས་བཀའ་དྲིན་ཆེའོ། །སྐྱེས་ཐོབ་མཁྱེན་རྟོགས་རང་བརྡོལ་སྤྲུལ་པའི་སྐུ། །འགྲོ་བའི་མགོན་པོ་ལྕང་ལུང་པ་ལ་འདུད། རྡོར་གླིང་ཡང་སྲས་བཅུད་དྲིལ་ནོས། མཐའ་འཁོབ་ཡུལ་དུ་མུན་ནང་སྒྲོན་མེ་བཞིན། །བཅས་པའི་ཁ་ན་མ་ཐོ་གཏན་ནས་སྤངས། །ལམ་ཟབ་རྡོ་རྗེའི་རྣལ་འབྱོར་མཐའ་རུ་ཕྱིན། །ངག་དབང་ཆོས་འཕེལ་མཆོག་དངོས་བརྙེས་དེར་འདུད། །སྦྱོར་དྲུག་ཉམས་ཁྲིད་དུ་བཀའ་དྲིན་ཐོབ་པས་མི་ལུས་དོན་ལྡན་བྱས་སོ། །མཛོད་ཆེན་བདུན་དང་ངལ་གསོ་སྐོར་གསུམ་སོགས། །གོ་མྱོང་རྟོགས་ཤར་དཀའ་སྤྱད་མཐིལ་ཕྱིན་པས། །རིག་པ་ཚད་ཕེབས་དག་པ་རབ་འབྱམས་རྫོགས། །འགྱུར་མེད་སྙིང་ཐིག་བསྟན་པ་འཛིན་དེར་


LT29_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །ཀློང་ཆེན་མཛོད་བདུན་ཕལ་མོ་ཆེའི་གོ་ཁྲིད། སྙིང་ཐིག་གི་ངོ་སྤྲོད་ཐུན་མིན་ཐོབ་པས་གཏན་འདུན་གྲུབ་ཅིང་། ཐོག་མར་གོ་དོན་གྱི་སྒོ་འབྱེད་པ་པོ་ཡིན་པས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་བའོ། །ཡིག་དྲུག་དུང་ཕྱུར་བཅུ་གསུམ་ཡར་བརྒལ་འགྲུབ། །ཉིན་མཚན་སྣང་བ་གཅིག་འདྲེས་འོད་གསལ་ངང་། །འབྱུང་བཞིའི་གནོད་པས་མི་བརྫི་མངོན་རྟགས་ཅན། །ཀུན་བཟང་བསམ་གཏན་ཀུ་སཱ་ལི་དེར་འདུད། །ཆོས་དབང་ཐུགས་རྗེ་ཆེན་པོ་ཡང་འདུས་ཀྱི་དབང་དང་སེམས་ཁྲིད་འབྲེལ་པ་ནོས། ཆོས་ལོངས་སྤྲུལ་གསུམ་རྟ་མགྲིན་རྡོར་སེམས་ཀྱི། །བསྙེན་གྲངས་དུང་ཕྱུར་རེ་འགྲུབ་ལྷ་ཞལ་འཁུམས། །ལོ་གསུམ་སྒྲུབ་ཚེ་བུམ་པ་ཚེ་ཆུས་ཁེངས། །ཀུན་བཟང་དག་དབང་དྲོད་ཚད་བརྙེས་དེར་འདུད། །ཉང་གི་རྟ་ནག་སྲོག་གཏད། སྨིན་གླིང་ཚེ་དཔག་དང་རྡོར་སེམས་ཀྱི་དབང་ནོས། ཆོས་བརྒྱད་ཆོམ་ལ་ཕབ་པས་སྨྱོན་པའི་ཚུལ། །བྱ་བ་སྙིང་ནས་བཏང་བས་སྤྲང་པོའི་ཚུལ། །ཉམས་རྟོགས་རྩལ་ཆེན་རྫོགས་པས་གྲུབ་ཐོབ་ཚུལ། །འགྱུར་མེད་བསྟན་འཕེལ་ཚུལ་གསུམ་ལྡན་དེར་འདུད། ཆོས་འབྲེལ་ཐོར་བུ་ནོས། ཐོག་མར་བློ་ཆོས་ལ་སྤྲོ་བ་སྐྱེད་པ་པོའོ། །ཀ་དག་རིག་པའི་འགྱུ་སྟོང་སྐྱེ་མེད་གྲོལ། །ཐོད་རྒལ་ལྷུན་གྲུབ་སྣང་བ་ཚད་ལ་ཕེབས། །ཤུགས་འབྱུང་ནང་ནས་བརྡོལ་བས་ཐ་མལ་ཚུལ། །ཀརྨ་རྣམ་རྒྱལ་འབྲེལ་དོན་


LT29_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དེར་འདུད། །བཏགས་གྲོལ་ལུང་དང་ཐོད་རྒལ་གྱི་བསླབ་ཁྲིད་ནོས། སྲིད་འབྱོར་རྩྭ་ལྟར་སྤངས་ནས་སྒྲུབ་ལ་ཞུགས། །གསར་རྙིང་རྩ་གསུམ་མང་པོའི་བསྙེན་གྲངས་ཐེམས། །སེམས་ཀྱི་ངོ་བོ་གཟིགས་པས་གཟའ་གཏད་བྲལ། །ཀཱི་ལའི་རྣལ་འབྱོར་ཀརྨ་པུཎྱར་འདུད། །ཉེས་སེལ་དང་། མགོ་གསུམ་དབང་ཆེན་སོགས། །ཆགས་མེད་གཏོ་སྐོར་ཆེ་ཕྲ་ཕལ་མོ་ཆེའི་ལུང་ལག་ལེན་བཀའ་གཏད། བཀླག་ལུང་ཐོར་བུ་མང་དུ་ནོས། ལས་འཕྲོ་གླིང་པའི་ལུང་ཟིན་བཀའ་བབ་ཀྱི། །རིགས་ཆོས་འཁྲུལ་མེད་ཉམས་མྱོང་ལག་ལེན་ལྡན། །རྗེ་བཙུན་དཔའ་བོའི་ཐུགས་སྲས་དམ་ཚིག་ཅན། །ངག་དབང་བློ་གྲོས་གདམས་ངག་མཛོད་དེར་འདུད། །རྩེ་ལེའི་བཀའ་འབུམ། འཇའ་ཚོན་པོད་དྲུག་བཀའ་འབུམ་བཅས་པའི་ལུང་ལག་ལེན་སོགས་ཟབ་གདམས་མང་དུ་ནོས། མདོ་སྒྱུ་སེམས་གསུམ་བཤད་པ་ཕྱག་ལེན་མཁས། །དགོངས་པ་ཟང་ཐལ་ཕག་མོ་ཟབ་རྒྱ་སོགས། །ཉམས་ཁྲིད་མཐར་ཕྱིན་ཚུལ་ཁྲིམས་ཤིན་ཏུ་གཙང་། །ཀུན་བཟང་གསང་སྔགས་བྱིས་སྤྱོད་ཅན་དེར་འདུད། །མངའ་རི་པ་ཆེན་རིན་པོ་ཆེའི་སྡོམ་གསུམ་སྨིན་འགྲེལ་ལྟར་དང་ཆོས་འབྲེལ་ཐོར་བུ་ནོས། གོ་ཡུལ་ཙམ་མིན་རིག་ཐོག་རྡོ་རུས་འཕྲོད། །ཉམས་ཀྱི་གཡོས་མིན་རྟོགས་པའི་རང་ཞལ་མཇལ། །དྲན་རྩོལ་ལྟོས་མིན་ཕལ་ཆེར་ཁོར་ཡུག་དང་། །ཀརྨ་དམ་


LT29_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱག་ཆེན་སྒྲོན་མེར་འདུད། །ཕྱག་ཆེན་ཉམས་ཁྲིད་མདོ་ཚང་བྱིན་རླབས་དབང་བསྐུར་སྨོན་ལམ་ནན་ཏན་མཛད་སོང་། བྱམས་ཆོས་ལྔ་དང་ནང་དོན་དགོངས་གཅིག་སོགས། །མདོ་རྒྱུད་ཐོས་བསམ་ཤེས་རབ་ཤིན་ཏུ་ཡངས། །འཆད་རྩོམ་ཐོགས་མེད་སྒྲུབ་ལ་རྩེ་གཅིག་དགྱེས། །ཀརྨ་བསྟན་འཕེལ་སྙེམས་ཐག་གཅོད་དེར་འདུད། །ཟབ་མོ་ནང་དོན། འབྲི་གུང་དགོངས་གཅིག་སོགས་ཀྱི་བཤད་པ་ཞིབ་རྒྱས། ཟུར་ལུགས་གཅོད་ཀྱི་བེའུ་བུམ་གྱི། གོ་བའི་དོགས་སེལ་མང་དུ་ནོས། ཆོས་འདུལ་ཀུན་སྤྱོད་ཉེ་བར་འཁོར་ལྟར་གཙང་། །རྩ་གསུམ་བསྙེན་བཟླས་དུང་ཕྱུར་ཚད་དུ་འཁྱོལ། །ཉམས་དང་རྟོགས་པའི་འོད་གསལ་ཉི་མ་ཤར། །དྷརྨ་རཱ་ཛ་ཆོག་ཤས་ལྡན་དེར་འདུད། རྗེ་བརྒྱད་པའི་འདུལ་ཊཱིཀ་ཆེན་མོའི་ལུང་ནོས། དཀར་ནག་རྩིས་རིགས་ཕྲ་ཞིབ་ཐུགས་སུ་ཆུད། རླུང་སེམས་ལས་རུང་གཏུམ་མོའི་འབར་སྣང་བརྟན། །གང་ཤར་ལམ་ཁྱེར་ཚུལ་འཆོས་གཡོ་སྒྱུ་བྲལ། །ཀརྨ་མཐོང་ལམ་རྟེན་འབྲེལ་མཁྱེན་དེར་འདུད། །མཚུར་ལུགས་གྲུབ་རྩིས་སྐར་ནག །ས་དཔྱད་རགས་བསྡུས་ཀྱི་ཁྲིད་ཀ་ནོས། །ཤེས་བྱར་བློ་ཡངས་ཆོས་ཀྱི་གནད་གསང་ཕྱེད། །ཁྱད་པར་གསོ་རིག་མཁས་པའི་ཕུལ་དུ་ཕྱིན། །འཇམ་མགོན་བླ་མ་ཡབ་སྲས་བྱིན་ཞུགས་པ། །ཀརྨ་ཚེ་དཔལ་བསྟན་ལ་སྨན་དེར་འདུད། །གསོ་རིག་


LT29_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བཞིའི་ཞིབ་ཁྲིད། །རིན་ཆེན་རིལ་ནག་ཆེན་མོ་གཙོར་གྱུར་སྨན་སྦྱོར་ཕལ་མོ་ཆེའི་ལག་ལེན་མཐོང་ཁྲིད་དུ་ནོས། འཕགས་བོད་ཡིག་རིགས་ཀུན་མཁས་པདྨའི་མཚན། །དབུ་ཕལ་འདུལ་མཛོད་གཞུང་ཆུབ་ཚད་མ་པ། །སྐུ་བརྙན་བྲིས་འབུར་ཐིག་རྩ་བཟོའི་འདུ་བྱེད། །འགྲན་བྲལ་ཆོས་དང་སྨིན་ལུགས་དཀྱིལ་འཁོར་སྒྲུབ། ལ་ཉ་ཝར་ཡིག་རིགས་སྨྱུགས་འགྲོས་བསླབ། མཆོད་ཀྱི་ཕྱག་ལེན་མཐོང་བརྒྱུད་འགའ་ཤས་དང་། གཟབ་བསྡུས་རའི་རིག་པའི་འགྲོ་ཕྱོགས་དང་། གཞུང་ཆེན་བཞིར་རིག་ལམ་བཏང་ཚུལ་འབྲེལ་པ་ནོས། །བྲིས་ཚུགས་ཆེན། བློས་བསླང་ཐིག་རྩ་སོགས་ཁྲིད་ཀ་ནོས། ཨཱི་ཤའི་མིང་སོགས་བསྔགས། ཐོག་མའི་ཀློག་སློབ་པ་གཤེན་གྱི་སྔགས་འཆང་པུཎྱའི་མིང་དང་། ཚུགས་ཆེ་ཆུང་གི་གཤར་བྲིས་སྣ་ཚོགས་སློབ་པ་བདུན་ལྷག །ཇུ་ཐིག་གི་མདུད་རྫོང་སློབ་པ་པོ་པྲཛྙཱ་སོགས་ཀྱང་ངོ། །སྐུ་བརྙན་བྲིས་འབུར་གྱི་ཐིག་རྩ་ཁ་ཤས་བསླབ། གཞན་ཡང་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། །བཤད་པ་བཀླག་ལུང་ཕྱག་ལེན་ཟབ་པའི་གནད། །བདུད་རྩིའི་ཐིགས་པས་བདག་བློ་ཚིམས་མཛད་པ། །མཆོག་དམན་བར་མའི་ཚུལ་འཛིན་ཀུན་ལ་འདུད། །ཚེ་དབང་སོགས་ཐོར་བུ་དང་། བཀླགས་ལུང་། མདོ་སྔགས་བཤད་པ་སོགས་ནོས་བའི་འབྲེལ་ལྡན་བླ་མ་ཉི་ཤུ་རྩ་གྲངས་སྣང་བ་རེ་རེ་བཞིན་བྲིར་མ་ལངས་སོ། །སངས་རྒྱས་དངོས་སྣང་བཀའ་བརྒྱུད་ཡབ་སྲས་ནས། །ཀློག་དང་ཡིག་


LT29_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་དཀར་ནག་སློབ་པ་ཡན། །བདག་བློ་དགེ་ལ་དྲང་བ་འབའ་ཞིག་པས། །རྒྱལ་པའི་ཕྲིན་ལས་ཉིད་དུ་ཤེས་པས་འདུད། །ཡོངས་འཛིན་ཡོན་ཏན་ཕུང་པོ་དེ་ཀུན་ཀྱང་། །ཡེ་ཤེས་སྐུ་ཅན་པདྨ་ཉིན་བྱེད་ཀྱི། །འདུལ་བཞིའི་རྣམ་རོལ་ཁོ་ནར་ཐག་ཆོད་ཕྱིར། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །རྙེད་བཀུར་སྒྲུབ་པ་ཀུན་བཟང་སྤྲིན་གྱིས་མཆོད། །སྐུ་གསུང་ཐུགས་འགལ་ཉེས་བྱས་གང་མཆིས་བཤགས། །ངོ་མཚར་མཛད་པར་སྙིང་ནས་རྗེས་ཡི་རངས། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་གསོལ། །གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དགེ་ཀུན་བླ་མའི་ཐུགས་དགོངས་རྫོགས་པ་དང་། །འགྲོ་བློའི་འཁྲུལ་རྟོག་དྲི་མ་ཀུན་བསལ་ནས། །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་ཕྱིར་བསྔོ། །སྐྱེ་ཀུན་ཐེག་ཆེན་གསང་སྔགས་ལམ་སྤྱི་དང་། །ཁྱད་པར་འོད་གསལ་རྡོ་རྗེ་ཐེག་སྟོན་པའི། །མ་ནོར་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །ཚེ་གཅིག་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་ཤོག །ཆོས་དང་བླ་མའི་ཕྱོགས་སུ་ལུས་དང་སྲོག །ཐེད་ལ་བོར་ནུས་དཀའ་སྤྱད་སྙིང་རུས་ལྡན། །རྨི་ལམ་དུ་ཡང་བླ་མའི་ཐུགས་འགལ་ལས། །སྔར་བྱས་བཤགས་སོ་ཕྱིན་ཆད་མི་འབྱུང་ཤོག །གཞན་སྐྱོན་ཐམས་ཅད་རང་གི་ཉེས་པ་སྟེ། །ཤེས་བྱའི་སྤང་བླང་སོ་སྐྱེའི་མཚངས་རིག་ནས། །


LT29_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་མེད་ཡོངས་འཛིན་རིས་མེད་བསྟེན་པ་དང་། །ཤེས་བྱ་ཕྱོགས་མེད་ཀུན་ལ་བློ་རྒྱས་ཤོག །སྣང་ཚད་ཐམས་ཅད་བླ་མའི་རོལ་པར་ཤར། །བཟང་ངན་ཅི་བྱུང་བྱིན་རླབས་རྩལ་ཁར་ཤེས། །རྟོག་ཚོགས་རིག་སྟོང་ཆོས་སྐུའི་ཀློང་དུ་འདྲེས། །བླ་མ་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །མོས་གུས་བྱང་ཆུབ་སེམས་ལ་གདིང་ཚུད་ཅིང་། །སྡོམ་དང་དམ་ཚིག་མི་ཉམས་གོང་འཕེལ་བརྟན། །བླ་མའི་གསང་བ་གསུམ་དང་སྒོ་གསུམ་པོ། །དབྱེར་མེད་འབྲས་བུ་ཚེ་འདིར་བརྙེས་པར་ཤོག །སྣ་ཚོགས་ཤེས་བྱའི་སྤྲོས་པས་མི་གཡེང་ཞིང་། །ནང་གི་སྤྲོས་པ་བས་མཐའི་ནགས་སུ་བཅད། །རང་སེམས་སྤྲོས་བྲལ་བླ་མ་ཆོས་སྐུའི་ཞལ། །ཚེ་འདིར་དཀའ་བ་མེད་པར་མཇལ་གྱུར་ཅིག །མཐའ་བརྒྱད་དྲི་བྲལ་ཟབ་ཞི་འདུས་མ་བྱས། །མཚན་མའི་བདག་སྤངས་རང་བཞིན་འོད་གསལ་བ། །སྟེང་དང་རྟེན་འབྲེལ་ཟུང་འཇུག་མཁའ་ལྟ་བུ། །རྣམ་ཐར་གསུམ་ལྡན་དབུ་མ་ཆེ་རྟོགས་ཤོག །བློ་ཡིས་མ་རེག་སྣང་སེམས་ལྷན་ཅིག་སྐྱེས། །རང་བྱུང་ཆོས་སྐུའི་འདུ་འཕྲོ་བདེ་བ་ཆེ། །གང་ཤར་འཕོ་འགྱུར་མེད་པ་གཉུག་མའི་གཤིས། །རང་བབ་ལམ་གྱིས་ཕྱག་རྒྱ་ཆེ་འགྲུབ་ཤོག །སྤང་བླང་གཉིས་མེད་ཐམས་ཅད་ཀ་དག་དབྱིངས། །རང་སྣང་རིས་མེད་རིག་སྟོང་ཕྱལ་པའི་ངང་། །བཅིངས་དང་གྲོལ་མེད་གཅིག་བུར་ལ་བཟླ་བས། །


LT29_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྫོགས་ལྷུན་གྲུབ་ཆེན་པོར་གདིང་ཐོབ་ཤོག །མདོར་ན་དུས་གསུམ་བསགས་པའི་རྣམ་དཀར་དགེས། །ཆོས་ཟད་བློ་འདས་འཕོ་ཆེན་བུམ་པ་སྐུ། །ཚེ་འདིར་མྱུར་འགྲུབ་ནམ་མཁའ་ཇི་སྲིད་བར། །གཞན་དོན་མཚུངས་མེད་བླ་མའི་དཔལ་བརྙེས་ཤོག །དེ་ཡང་འཕགས་པར་ཡོངས་སུ་གྲགས་པ་རྣམས་ཀྱི་རྣམ་པར་ཐར་པ་ནི་ཚུར་མཐོང་གིས་རྟོགས་པའི་ཡུལ་མ་ཡིན་པས་ཐམས་ཅད་ལ་ཇི་ལྟར་གྲགས་པ་དེ་ཉིད་བརྗོད་པར་བྱས་ཤིང་། སོ་སྐྱེའི་རྣམ་པར་སྣང་བ་རྣམས་ཀྱི་ཡོན་ཏན་ནི་རང་ཉིད་དང་རྒྱུས་ཡོད་པ་དག་གིས་མཐོང་ངེས་པ་དེ་ལས་སྙན་ངག་གི་ཟོལ་བསྟོད་ལྟ་བུའི་སྒྲོ་སྐུར་ཚིག་གིས་མ་བསླད་པས་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ། །གཞན་ཡང་བྱིས་པའི་སྐབས་རྐྱེན་སེལ་རྗེས་གནང་དང་ལུང་འབྲེལ་ཙམ་ཐོབ་པའི་དགེ་བའི་བཤེས་གཉེན་འགའ་ཞིག་མཆིས་པ་རྣམས་ཀྱང་བཀའ་དྲིན་ཆེ་བ་ཡིན་མོད་ཀྱི་ཧ་ཅང་ཡི་གེ་མང་བའི་འཇིགས་པས་མ་སྤྲོས་ལ། ཕྱིན་ཆད་ཀྱང་རིས་མེད་ཀྱི་སྨིན་གྲོལ་གདམས་པའི་བདུད་རྩི་ངོམས་མེད་དུ་ཚོལ་བར་འདོད་པས་ད་དུང་བསྣན་པར་བྱ་བ་ནི་མང་དུ་འབྱུང་བར་འགྱུར་རོ། །ཞེས་པ་འདིའང་ཐུབ་བསྟན་རིས་མེད་སྐྱོང་ཞིང་དམ་ཆོས་ཕྱོགས་མེད་དུ་ཚོལ་བའི་བློ་ཅན་ཀར་རྙིང་ཟུང་འཇུག་གི་བཙུན་པ་སོ་ཐར་གྱི་སྒོར་ཞུགས་པའི་མིང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མིང་བློ་གྲོས་མཐའ་ཡས། རྡོ་རྗེ་ཐེག་པ་ལས་རང་རིགས་ཀྱི་གསང་བར་ངེས་པས་པདྨ་གར་གྱི་དབང་ཕྱུག་


LT29_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགྲོ་འདུལ་རྩལ། ཐ་སྙད་ཤེས་བྱའི་གནས་ལ་བློ་མིག་ཕྱོགས་རེར་མ་སོང་བས། བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་ཅན་ཏུ་འབོད་པས་དཔལ་སྤུངས་དབེན་རི་སཱ་ལའི་ནགས་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཆུ་ཡོས་ནག་ཟླའི་ཚེས་ཆེན་བཅོ་ལྔར་བྲིས་པ་དགེ་ལེགས་འཕེལ། གསོལ་འདེབས་འདི་རང་ལོ་ཞེ་གསུམ་པར་བྲིས་འདུག་ཀྱང་། གསར་རྙིང་སྨིན་གྲོལ་ཟབ་རྒྱས་རིགས་དེ་ཕྱིན་ཆད་དུ་ཚོལ་ནས་ཐོབ་པ་མང་བས་རང་ལོ་བདུན་ཅུ་བར་ཁ་བསྐངས་བ་སྟེ། འདིས་ཀྱང་སྐྱེ་བ་ཀུན་ཏུ་བླ་མ་གསང་ནས་རང་ཆེ་འབྱིན་པ་དང་། བླ་མའི་སྐྱོན་ལ་རྟོགས་ཤིང་རང་ཉིད་ལྷག་པར་ང་རྒྱལ་བ་སོགས་མནར་མེད་ཀྱི་ལས་སྤང་ཞིང་། མཚན་ལྡན་བླ་མ་ཕྱོགས་མང་དུ་ཚོལ་ནས་ཚུལ་བཞིན་ཏུ་བསྟེན་མས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་ཐཱ་མངྒ་ལཾ། ༈ །གསུང་རབ་ཡན་ལག་བཅུ་གཉིས་ལ་གསོལ་འདེབས་སྨོན་ལམ་མདོར་བསྡུས་བྱས་པ་ཀུན་ཏུ་དགེ་བ་ཞེས་བྱ་བ་བཞུགས་སོ། །གྲངས་མེད་བསྐལ་པར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྫོགས་ཆོས་རྣམས་ཀུན་གྱི་དབང་ཕྱུག་བརྙེས། །ཆོས་ཀྱི་རྒྱལ་པོ་འགྲོ་བ་ཀུན་གྱི་སྐྱབས། །ཆོས་རྔ་ཆེན་པོས་མ་རིག་གཉིད་ལས་བསླང་། །ཆོས་ཀྱི་དུང་ཆེན་ནམ་མཁའི་མཐར་ཐུག་སྒྲོགས། །ཆོས་ཀྱི་རྒྱལ་མཚན་སྲིད་པའི་མཐར་ཐུག་བསྒྲེངས། །སྟོན་པ་བླ་མེད་ལྷར་བཅས་གཙུག་གི་རྒྱན། །མི་མཇེད་གདུལ་


LT29_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་མགོན་གཅིག་ཤཱཀྱའི་རྒྱལ། །ཡོན་ཏན་མཐར་ཐུག་གསུང་མཆོག་ཆོས་ཀྱི་དུང་། །དཔལ་གྱི་མགུར་ནས་ཚངས་པའི་དབྱངས་སྙན་པོས། །འགྲོ་ཁམས་དབང་པོའི་རྗེས་འགྲོ་གསུང་རབ་ཀུན། །ཡན་ལག་བཅུ་གཉིས་སྟོན་ལ་གསོལ་བ་འདེབས། །གང་ལ་དམིགས་ན་སྡུག་བསྔལ་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་སྣང་བའི་དཀྱིལ་འཁོར་བཞིན། །ཀུན་མཁྱེན་རྒྱལ་བས་ལེགས་གསུངས་ཆོས་ཀྱི་མཆོག །འགོག་དང་ལམ་གྱིས་བསྡུས་ལ༴ གང་ཞིག་ཉན་པོ་དགའ་སྐྱེད་ཐོག་མར་དགེ། མཐའགཉིས་སྤངས་པའི་ལམ་བསྟན་བར་དུ་དགེ། ཆགས་བྲལ་ཤིན་ཏུ་མཐར་ཕྱིན་ཐ་མར་དགེ། །མ་འདྲེས་ཡོངས་སུ་རྫོགས་ལ༴ ཚུལ་ཁྲིམས་བསླབ་པས་སྒོ་གསུམ་མི་དགེ་བསྡམས། །སེམས་ཀྱི་བསླབ་པས་ཏིང་འཛིན་སྒོ་བརྒྱ་འབྱེད། །ཤེས་རབ་བསླབ་པས་ཆོས་ཀུན་དེ་ཉིད་རྟོགས། །དོན་བཟང་བརྗོད་བྱས་འཕགས་ལ༴ ཚངས་པའི་དབྱངས་དང་ལྷ་ཡི་རྔ་ཆེན་སོགས། །ཅིས་ཀྱང་འགྲན་བྲལ་སྲིད་གསུམ་སྒྲ་ཀུན་ལས། །ཁྱད་འཕགས་དག་གསལ་རྒྱ་ཆེ་གཏིང་ཟབ་པ། །རྗོད་བྱེད་ཚིག་འབྲུ་བཟང་ལ༴ གང་དུ་གང་ཕྱིར་བདེན་གཉིས་མཚན་ཉིད་དང་། །ཆོས་དང་དགོངས་པའི་དོན་ཟབ་ཕན་ཡོན་བཅུ། །གཟིགས་ནས་མདོར་སྨོས་ཚུལ་གྱིས་ལེགས་


LT29_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ། །གསུང་མཆོག་མདོ་ཡི་སྡེ་ལ༴ ངེས་དོན་ཐར་པའི་གྲོང་ཁྱེར་ལ་གཞོལ་ཕྱིར། །དབང་པོའི་རིམ་པས་གང་དེར་དཀྲི་བའི་ཚུལ། །སྣ་ཚོགས་ཚུལ་དང་ཆོས་བསྟན་ཐོག་མཐའ་རུ། །དབྱངས་ཀྱིས་བསྙད་པའི་སྡེ་ལ༴ འདས་དང་འབྱུང་འགྱུར་ལས་ཀྱི་རྒྱུ་བ་དང་། །ལྡེམ་པོར་དགོངས་དང་དགོངས་པ་མ་ཡིན་པའི། །དྲང་ངེས་རྣམ་པར་དབྱེ་བ་ལེགས་ཕྱེས་ནས། །ལུང་དུ་བསྟན་པའི་སྡེ་ལ༴ དོན་དམ་ཅི་ཡང་ཚིག་ཏུ་མ་གསུངས་ཀྱང་། །གདུལ་བྱའི་མོས་ངོར་བསམ་པ་ཚིམས་པའི་དབྱངས། །རྐང་པ་གཉིས་དང་བཞི་ནས་དྲུག་གི་བར། །ཚིགས་སུ་བཅད་པའི་སྡེ་ལ། །མ་བསྐུལ་བར་ཡང་དགྱེས་པས་སྐབས་ཕྱེས་ཏེ། །ནང་དུ་ཡང་དག་འཇོག་ལས་སླར་བཞེངས་ནས། །བསྟན་པ་རིན་ཆེན་ཡུན་གནས་འབའ་ཞིག་ཕྱིར། །ཆེད་དུ་བརྗོད་པའི་སྡེ་ལ༴ གང་ཞིག་སྒོ་གསུམ་ནོངས་པར་སྤྱད་པའི་རྒྱུད། །དྲི་མེད་བསླབ་པའི་ཚུལ་གྱིས་ལེགས་བསྡམས་ཤིང་། །གང་ཟག་སོ་སོ་ཐར་པའི་དོན་ཆེད་དུ། །རབ་གསུང་གླེང་གཞིའི་སྡེ་ལ༴ ཉན་པ་པོ་ཡིས་གོ་ཞིང་རྟོགས་པའི་ཕྱིར། །བཏགས་པར་བྱུང་བ་གཞན་ལས་དཔེ་དྲངས་ནས། །རྒྱས་པར་བསྟན་པས་དོན་རྣམས་ཁོང་ཆུད་མཛད། །རྟོགས་པ་བརྗོད་པའི་སྡེ་ལ༴ འདས་པའི་རྒྱལ་བ་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ན་སྔོན་


LT29_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བྱུང་བ་གང་། །རྒྱུ་རྐྱེན་གླེང་གཞིར་བཅས་ཏེ་དེ་ལྟ་བུར། །བྱུང་བ་བརྗོད་པའི་སྡེ་ལ༴ ཐོས་ན་དད་སྐྱེད་བསམ་ན་བརྗོད་དཀའ་བའི། །བྱང་ཆུབ་སྤྱོད་པ་གྲངས་མེད་བསྐལ་པ་རུ། །སྤྱད་ནས་ཕ་རོལ་ཕྱིན་བཅུ་རྫོགས་སྟོན་པའི། །སྐྱེས་པ་རབས་ཀྱི་སྡེ་ལ༴ སྒྲིབ་པའི་ས་བོན་མ་ལུས་རྣམ་པར་འཐབ། །ཟབ་ཕྱིར་རྟོགས་དཀའ་རྒྱ་ཆེ་བློ་ལས་འདས། །འཇིག་རྟེན་གསུམ་ན་མཚུངས་ཟླ་བྲལ་བའི་ཆོས། །ཤིན་ཏུ་རྒྱས་པའི་སྡེ་ལ༴ ཉན་ཐོས་རྒྱལ་བའི་སྲས་དང་སངས་རྒྱས་ཀྱི། །མཁྱེན་བརྩེའི་ཡོན་ཏན་ངོ་མཚར་ཆོ་འཕྲུལ་དང་། །མངོན་ཤེས་སྟོབས་དང་བྱིན་རླབས་མཐུ་བསྟན་པའི། །རྨད་དུ་བྱུང་བའི་སྡེ་ལ༴ ཤེས་བྱའི་ཆོས་ཀྱི་མཚན་ཉིད་ལེགས་ཕྱེ་ནས། །རེ་རེ་ལ་ཡང་རྣམ་དབྱེ་དུ་མའི་དོན། །རྟོགས་ནས་ལེགས་གསུངས་དེ་ཉིད་ཁོང་དུ་ཆུད། །གཏན་ལ་དབབ་པའི་སྡེ་ལ༴ ཀུན་ཀྱང་ཉན་ཐོས་བྱང་སེམས་མངོན་པ་ཡི། །སྡེ་སྣོད་གསུམ་གྱི་ཚིག་དོན་གསལ་ཕྱེ་ནས། །རིགས་ཅན་གསུམ་པོ་ཐར་པའི་ལམ་བཟང་དུ། །བདེ་བླག་དཀྲི་བར་མཛད་ལ༴ མཚུངས་ཟླ་ཀུན་སྤངས་ཐུབ་གསུང་དམ་པའི་ཆོས། །འདི་ནས་སྐྱེ་བ་ཀུན་ཏུ་མི་འབྲལ་བར། །ཐོས་བསམ་སྒོམ་པའི་ཤེས་རབ་མཐའ་རུ་ཕྱིན། །ཆོས་ཀྱི་རྒྱལ་པོ་ཉིད་དང་མཚུངས་པར་ཤོག །རྟག་ཏུ་ཆོས་ཉན་འབྲི་ཀློག་གཅེས་པར་


LT29_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །དེ་དོན་བསྒོམ་ཞིང་གཞན་ལ་ཚུལ་བཞིན་འཆད། །སྲོག་གི་ཕྱིར་ཡང་དམ་ཆོས་མི་འབྲལ་ཅིང་། །ཆོས་སྤང་ལས་ངན་ནམ་ཡང་མི་བྱེད་ཤོག །བཀའ་ཆད་ལུང་རྡུམ་གདམས་ངག་ཟོང་དུ་བཙོང་། །རང་ཉིད་མ་སྨིན་གཞན་ལ་ཟབ་ཆོས་འཆད། །བསྙེན་བཀུར་མེད་ཅིང་གླེགས་བམ་བརྙས་འགོམ་སོགས། །ཆོས་ལ་བརྟེན་པའི་སྡིག་པ་མི་གསོག་ཤོག །ཅུང་ཟད་ཐོས་ཀྱང་བློ་སྣ་དགེ་ལ་བསྒྱུར། །བསམ་པ་ཙམ་གྱིས་རྨོངས་པའི་མུན་པ་བསལ། །བསྒོམ་ན་སྲིད་པའི་འཁྲུལ་འཁོར་བདེ་བླག་འཇིག །བྱ་བ་གཞན་སྤངས་ཆོས་ལ་བརྩོན་ནུས་ཤོག །ཆོས་ལ་སྟ་བའི་རྣམ་དཔྱོད་བློ་གྲོས་ཐོབ། །གལ་ཆུང་ཆོས་ལ་བྱེད་པའི་ལས་ངན་ཟད། །ཉིན་མཚན་ཆོས་ཀྱི་སྣང་བས་དུས་འདའ་བས། །སྟོན་པའི་བཀའ་དྲིན་ལེགས་པར་གསོབ་ནུས་ཤོག །ཆོས་མཆོག་འབའ་ཞིག་ཡིད་ལ་བྱས་པའི་མཐུས། །ཆོས་རྒྱུན་ཏིང་འཛིན་སྣང་བ་གོང་དུ་འཕེལ། །ཆོས་སྒོ་རབ་འབྱམས་རྒྱ་མཚོར་མངའ་དབང་སྒྱུར། །ཆོས་ཀྱི་དབང་ཕྱུག་འགྲོ་བའི་མགོན་གྱུར་ཅིག །ཅེས་པའང་སངས་རྒྱས་མཉན་པ་མཆོག་སྤྲུལ་གྱི་རྗེ་དཔོན་འཆི་མེད་སྤྲུལ་པའི་སྐུས་གསུང་བསྐུལ་བསྐྱར་མ་གནང་བའི་ཐུགས་བཞེད་སྐོང་ཕྱིར། བླུན་རྨོངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་ཤར་མར་བྲིས་པ་་དགེ་ལེགས་འཕེལ།། ༈ །།འཕགས་པ་འཇམ་དཔལ་གྱི་ཐུགས་


LT29_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐུལ་བའི་གསོལ་འདེབས་ཡེ་ཤེས་དཔལ་སྐྱེད་ཅེས་བྱ་བ་བཞུགས་སོ། །དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །ཁྱོད་ཞབས་པདྨོར་དད་བརྒྱའི་གཙུག་གིས་འདུད། །གསུང་གི་དབང་ཕྱུག་འགྲོ་བ་ཀུན་གྱི་སྐྱབས། །རབ་གུས་གདུང་བ་ཆེན་པོས་གསོལ་བ་འདེབས། །ཡེ་ཤེས་སྤྱི་གཟུགས་མ་རིག་འཛེམས་པའི་གཉེན། །རྩེ་གཅིག་དད་པས་སྙིང་གི་ཐིག་ལེར་བསྒོམ། །ཁྱོད་ནི་གདོད་ནས་ས་བཅུའི་མཐར་གཤེགས་ཤིང་། །ཐུགས་རྗེ་ཆེན་པོས་འཁོར་བ་དོང་ནས་སྤྲུགས། །དུས་ལ་གཟིགས་པའི་ཕྲིན་ལས་མི་གཡེལ་ཀྱང་། །ལས་ངན་བདག་ནི་འཁོར་བའི་འདམ་དུ་བྱིངས། །མ་རིག་དབང་གིས་སྡུག་བསྔལ་འཁྲུལ་འཁོར་སྤྱོད། །ཐར་པའི་སྐམ་སར་ནམ་ཡང་ཐོན་དུས་མེད། །སྐྱབས་མེད་བདག་འདྲ་བརྩེ་བས་མ་དོར་ལ། །མྱུར་དུ་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །མཁའ་ཁྱབ་སྐྱེ་དགུ་ཕ་མར་མ་གྱུར་མེད། །བདག་ཉིད་ཇི་བཞིན་འཁོར་བའི་རྒྱ་མཚོར་གཡེང་། །མི་བཟད་སྡུག་བསྔལ་གསུམ་གྱིས་རྟག་མནར་ཡང་། །དགྲ་གཉེན་གཉིས་འཛིན་རང་དོན་འབའ་ཞིག་སྒྲུབ། །ནམ་ཡང་བྱང་ཆུབ་ཐོབ་པའི་སྐལ་མེད་པས། །བདག་འཛིན་རྩད་ཆོད་བདག་ལས་གཞན་གཅེས་འབྱོངས། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་མཆོག་གཉིས། །སྐྱེ་བརྟན་གོང་དུ་འཕེལ་བར་བྱིན་གྱིས་


LT29_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །མ་རིག་དབང་གིས་བླང་དོར་ངོ་མ་ཤེས། །ཐར་པ་བསྒྲུབས་ཀྱང་བར་ཆད་གཞན་དབང་གྱུར། །རང་སེམས་ཆོས་སྐུའི་རང་ཞལ་མ་མཇལ་བས། །སྒྲིབ་གཉིས་མུན་པ་སྟུག་པོ་བསལ་བ་དང་། ཡེ་ཤེས་ཉི་མ་ཁོང་ནས་ཤར་པ་ཡིས། །རང་རིག་འཇམ་དཔལ་ཞལ་མཆོག་མཐོང་བར་མཛོད། །སྲིད་བདེར་ཞེན་པ་ཐར་པའི་སྲོག་གཅོད་དང་། །རང་ལ་མཆོག་འཛིན་བདུད་པོ་ཁོང་ཉལ་དང་། །ཆོས་བརྒྱད་རྣམ་གཡེང་འཁོར་བའི་བསླུ་བྲིད་དང་། །ངན་གཡོ་ཆེ་ཐབས་རང་ཉིད་ཕུང་བའི་རྒྱུ། །ཕྱོགས་རིས་ལོག་ལྟ་ངག་འཁྱལ་ལ་སོགས་པ། །ཆོས་འགལ་བསམ་སྦྱོར་རྨི་ལམ་ཙམ་དུ་ཡང་། །མི་འབྱུང་དགེ་བློ་ལས་སུ་རུང་ནས་ཀྱང་། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །རྗེ་བཙུན་འཕགས་པ་འཇམ་དཔལ་བདག་ལ་དགོངས། །མགོན་པོ་མཁྱེན་བརྩེའི་གཏེར་གྱིས་བདག་བྱིན་རློབས། །འཁོར་བ་སྙིང་པོ་མེད་པར་ཐག་ཆོད་ནས། །སྐྱོ་ཤས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །འདི་སྣང་སྒྱུ་མའི་འཁྲུལ་འཁོར་ལྟར་ཤེས་ནས། །འཆི་བ་སྙིང་ལ་གཟེར་བར་བྱིན་གྱིས་རློབས། །རྒྱུ་འབྲས་བསླུ་བ་མེད་པར་ཡིད་ཆེས་ནས། །དགེ་སྡིག་འདོར་ལེན་ནུས་པར་བྱིན་གྱིས་རློབས། །སྐྱོན་གྱི་འབྱུང་གནས་རང་ཉིད་ཡིན་ཤེས་ནས། །གཞན་གྱི་ཡོན་ཏན་མཐོང་བར་བྱིན་གྱིས་རློབས། །རང་གི་ལོག་ལྟ་འཁྲུལ་


LT29_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོས་ཟིན་ནས། །ཕྱོགས་མེད་དག་སྣང་འབྱོངས་པར་བྱིན་གྱིས་རློབས། །རྒྱལ་བསྟན་སྒོར་ཞུགས་ཁེ་ཉེན་ཆེར་མཐོང་ནས། །དམ་སྡོམ་སྲོག་བཞིན་བསྲུང་ནུས་བྱིན་གྱིས་རློབས། །དཀོན་མཆོག་ཀུན་འདུས་འཇམ་དཔལ་དཔའ་བོ་ལ། །བློ་གཏད་ལིང་བསྐྱུར་ནུས་པར་བྱིན་གྱིས་རློབས། །རྙེད་དཀའི་དལ་འབྱོར་ཆུད་ཟོས་མ་སོང་བར། །དམ་ཆོས་ཚུལ་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཐུགས་དམ་མ་གཡེལ་རྗེ་བཙུན་མཁྱེན་པའི་གཏེར། །ཐོག་མེད་མ་རིག་སྒྲིབ་པའི་སྦུབས་དྲལ་ནས། །མཁྱེན་གཉིས་ཡེ་ཤེས་པདྨོ་མཆོག་ཏུ་རྒྱས། །དོན་གཉིས་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་སངས་རྒྱས་མཉན་པ་གྲུབ་ཆེན་གྱི་གྲྭ་རིགས། ལྷག་པའི་ལྷ་འདི་ཉིད་ལ་ལས་འཕྲོ་མངའ་བ་དགེ་སྦྱོང་ཀརྨ་བློ་གྲོས་ཕུན་ཚོགས་ནས་ནན་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། ༈ །འཕགས་མཆོག་མཁྱེན་ནོ་ཐུགས་རྗེ་ཆེན་པོ་མཁྱེན། །བྱམས་མགོན་མཁྱེན་ནོ་སྤྱན་རས་གཟིགས་དབང་མཁྱེན། །སྐྱབས་གཅིག་མཁྱེན་ནོ་སྙིང་རྗེའི་དབང་ཕྱུག་མཁྱེན། །ལས་ངན་འཁོར་བར་འཁྱམས་རྣམས་བསྐྱབ་ཏུ་གསོལ། །རྒྱལ་བའི་སྲས་མཆོག་འཕགས་པ་སྤྱན་རས་གཟིགས། །འཇིག་རྟེན་གསུམ་གྱི་མགོན་པོ་ཐུགས་རྗེ་ཅན། །ཁྱད་པར་གངས་ཅན་འགྲོ་བའི་སྐྱབས་


LT29_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ། །བདག་སོགས་འགྲོ་ལ་ཐུགས་རྗེས་གཟིགས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །འཁོར་བའི་རྒྱ་མཚོར་ཡུན་རིང་ཉིད་དུ་འཁྱམས། །སྡུག་བསྔལ་གསུམ་གྱིས་བར་མེད་མནར་ལགས་ན། །འཁོར་བའི་འདམ་ལས་དྲོངས་ཤིག་སྤྱན་རས་གཟིགས། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །དྲིན་ཅན་ཕ་མར་མ་གྱུར་གཅིག་ཀྱང་མེད། །འདི་དག་འཁྲུལ་སྣང་དབང་གིས་སྡུག་བསྔལ་ན། །མ་རིག་མུན་པ་སོལ་ཞིག་སྤྱན་རས་གཟིགས། །བདེ་བ་འདོད་ཀྱང་སྡུག་བསྔལ་ཁོ་ན་སྒྲུབ། །ལས་ངན་དབང་གིས་སྡུག་བསྔལ་ཁོར་ཡུག་སྤྱོད། །ནམ་ཡང་གཏན་བདེའི་ས་ལ་ཕྱིན་དུས་མེད། །བློ་སྣ་དགེ་ལ་སྒྱུར་ཅིག་སྤྱན༴ མ་རྒན་འགྲོ་རྣམས་ལས་ཀྱི་ཞགས་པས་བཅིངས། །ངན་སོང་གསུམ་གྱི་བཙོན་རར་ཆུད་པ་ལ། །སྙིང་རེ་རྗེ་ཡང་བདག་ལ་སྐྱོབ་ནུས་མེད། །ཐུགས་རྗེས་མྱུར་དུ་སྐྱོབས་ཤིག༴ རྙེད་པར་དཀའ་བའི་དལ་འབྱོར་རིན་པོ་ཆེ། །འཁྲུལ་པའི་བྱ་བས་ཆུད་ཟོས་བྱེད་པ་ཡི། །སྙིང་མེད་པོ་རྣམས་ཐར་པའི་ལམ་འཚོལ་བའི། །རིགས་མཆོག་སད་པར་མཛོད་ཅིག༴ མི་ཚེ་དཔག་ཆེན་མདའ་བཞིན་མྱུར་དུ་འགྲོ། །དཔལ་འབྱོར་ཆུ་བུར་བཞིན་ཏུ་སྙིང་པོ་མེད། །འདིར་སྣང་སྒྱུ་མས་བསླུས་པའི་བྱིས་པ་རྣམས། །མི་རྟག་རྒྱུད་ལ་སྐྱེད་མཛོད༴ སྔོན་ཆད་ལས་ངན་དབང་གིས་འཁོར་བར་འཁྱམས།


LT29_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་སུན་མེད་འཁོར་བའི་ས་བོན་སྒྲུབ། །བསམ་སྦྱོར་ཉོན་མོངས་འཁྲུལ་པའི་གཞན་དབང་ཤོར། །ལས་ཀྱི་ཆུ་རྒྱུན་ཟློ་གཅིག༴ གཏི་མུག་དབང་གི་བླང་དོར་ངོ་མི་ཤེས། །འདོད་ཆགས་དབང་གིས་རང་འདོད་ཕུག་ཏུ་བཅུག །ཞེ་སྡང་དབང་གིས་གཞན་གནོད་ཤུགས་ལས་འབྱུང་། །དུག་གསུམ་རྩད་ནས་ཆོད་ཅིག༴ རྒྱུ་འབྲས་མངོན་སུམ་སྨིན་པར་མཐོང་བཞིན་ཏུ། །ད་དུང་ལས་དང་འབྲས་བུར་ཡིད་མི་ཆེས། །ཅི་བྱས་ཕྱིན་ཅི་ལོག་ཏུ་སྤྱོད་པ་ཡི། །གཡང་ས་འདི་ལས་སྒྲོལ་ཅིག༴ དགེ་བའི་བག་ཆགས་ན་བུན་བཞིན་ཏུ་ཡལ། །སྡིག་པའི་སེམས་ནི་གྲིབ་མ་བཞིན་ཏུ་འགྲོགས། །རྨི་ལམ་དུ་ཡང་མི་དགེ་རྗེས་འབྲང་རྣམས། །བག་ཆགས་རྒྱ་ལས་ཁྲོལ་ཅིག༴ བདག་འཛིན་སྤངས་ཀྱང་འཆིངས་ལས་གྲོལ་དུས་མེད། །གཞན་ཕན་སེམས་ཀྱང་ཡིད་སྨོན་ཙམ་དུ་ལུས། །མི་ཚེ་ཁ་ཆོས་ཙམ་གྱིས་བསླུས་པ་རྣམས། །བསླུ་མེད་ཆོས་ལ་སྦྱོར་ཅིག༴ དོན་དམ་ཐམས་ཅད་སྟོང་པ་ཉིད་དུ་མཉམ། །ཀུན་རྫོབ་ཕ་མར་མ་གྱུར་གཅིག་ཀྱང་མེད། །མ་ཤེས་གཅིག་ལ་གཅིག་བརྟེན་ལས་ངན་བསགས། །འཁྲུལ་སྣང་གཉིད་ལས་སློང་ཞིག༴ བློ་ཁ་དགེ་ལ་ཅུང་ཟད་ཕྱོགས་ན་ཡང་། །སང་བྱ་གནང་བྱའི་ངང་དུ་མི་ཚེ་ཟད། །འཆི་ཁར་གྲུབ་འབྲས་གང་ཡང་མ་མཆིས་ན། །བློ་སྣ་བཙན་ཐབས་སྒྱུར་ཅིག༴ ཉིན་མོ་འཇིག་རྟེན་འཁྲུལ་བའི་བྱ་བས་གཡེང་། །མཚན་མོ་གཏི་མུག་གཉིད་ཀྱི་རི་བོས་ནོན། །འཆི་ལ་ཏུག་གིས་


LT29_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུག་པའི་དུས་བྱུང་ཚེ། །དེས་ཁྱེད་ལས་མེད་དོ། །གཉེན་བཤེས་ལོངས་སྤྱོད་འཁོར་གཡོག་ཤུལ་དུ་ལུས། །རྣམ་ཤེས་དབང་མེད་ལས་ཀྱི་རླུང་གིས་ཁྱེར། །འཇིགས་རུང་བར་དོའི་འཕྲང་ཆེན་འགྲིམས་པའི་ཚེ། །ལམ་སྣ་འདྲེན་པར་མཛོད་ཅིག་སྤྱན་རས་གཟིགས། །བྱ་བ་སྙིང་ནས་མ་ཐོང་གཡེང་བས་ཁྱེར། །དམ་ཆོས་སྙིང་ནས་མ་འགྲུབ་ཆོས་མིན་སྤྱོད། །བསླབ་པ་འཆལ་ཞིང་དཀོར་གྱིས་རྒྱུད་ཚིག་པ། །དྲེད་པོའི་སེམས་རྒྱུད་ཐུལ་ཅིག་སྤྱན་རས་གཟིགས། །སངས་རྒྱས་སྒྲུབ་པའི་ས་བོན་བྱང་ཆུབ་སེམས། །ཡང་ཡང་བསྐྱེད་ཀྱང་ཡང་ཡང་མཐུ་ཉམས་པས། །རྩོལ་མེད་སྙིང་རྗེ་ཆུ་བོའི་རྒྱུན་ལྟ་བུ། །བདག་གི་རྒྱུད་ལ་སྐྱེད་ཅིག་སྤྱན་རས་གཟིགས། །ཞི་གནས་བསྒོམས་ཀྱང་རྩེ་གཅིག་མཐར་མ་ཕྱིན། །ལྷག་མཐོང་བཙལ་ཡང་གནས་ལུགས་ཞལ་མ་མཇལ། །རྟོགས་པས་རྐྱེན་མ་ཐུབ་པའི་གང་ཟག་ལ། །གཉུག་མའི་རང་ངོ་སྤྲོད་ཅིག་སྤྱན་རས་གཟིགས། །ཇི་ཙམ་འབད་ཅིང་ཇི་ཙམ་རྩོལ་ན་ཡང་། །འཁྲུལ་སྣང་བག་ཆགས་རྒྱ་ལས་གྲོལ་མ་ནུས། །རྨི་ལམ་སྒྱུ་མས་བསླུས་པ་བདག་འདྲ་ཡི། །འཁྲུལ་པ་བཙན་ཐབས་ཟློག་ཅིག་སྤྱན་རས་གཟིགས། །ཁྱིམ་པ་ལས་ངན་ཤུགས་ཀྱིས་དབང་མེད་ཁྱེར། །ཆོས་པ་རྣམས་ཀྱང་ཆོས་བརྒྱད་བྱ་བས་གཡེང་། །ཐམས་ཅད་འཁོར་བའི་རྒྱ་མཚོ་བརྒལ་དགའ་བས།


LT29_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ས་ལ་སྒྲོལ་ཅིག་སྤྱན་རས་གཟིགས། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །འཕགས་མཆོག་ཁྱེད་ལས་རེ་ས་མ་མཆིས་པས། །སྙིང་རྗེའི་ཡུལ་གྱུར་མ་རྒན་སེམས་ཅན་རྣམས། །བྱང་ཆུབ་ཆེན་པོའི་ས་ལ་བཀོད་དུ་གསོལ། །ཁྱད་པར་བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འཕགས་པའི་ཐུགས་རྗེས་ནམ་ཡང་མ་འདོར་བར། །བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་དྲོངས། །བྱང་ཆུབ་སྤྱོད་པ་རྫོགས་པར་མཛད་དུ་གསོལ། །བདག་ཉིད་མཐོང་ཐོས་དྲན་པའི་སྐྱེ་འགྲོ་ཀུན། །ལས་ཉོན་སྒྲིབ་དག་བྱང་ཆུབ་སེམས་མཆོག་གཉིས། །རྩོལ་མེད་སྐྱེད་ནུས་རྣམ་ཐར་རྒྱ་མཚོའི་བདག །འཕགས་མཆོག་ཁྱེད་བཞིན་འགྲུབ་པར་མཛད་དུ་གསོལ། །ཅེས་འཕགས་པའི་ཐུགས་རྗེ་སྐུལ་པའི་ཚིགས་བཅད་ཉེར་ལྔ་པ་འདིའང་བསླབ་གསུམ་ལྡན་པ་བླ་མ་ཀརྨ་ཐུགས་རྗེའི་འོད་འཕྲོ་ནས་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། ༈ །།ན་མོ་ལོ་ཀེ་ཤྭ་རཱ་ཡ། རིགས་ཀུན་ཁྱབ་བདག་གཟི་བརྗིད་འོད་དཔག་མེད། །རྒྱལ་ཀུན་སྐྱེད་མཛད་འཕགས་པ་ནམ་མཁའི་རྒྱལ། །བཅུ་གཅིག་ཞལ་ལྡན་ཕྱག་སྟོང་སྤྱན་སྟོང་པ། །འགྲོ་དྲུག་འདྲེན་མཛད་འཕགས་པ་སྤྱན་རས་གཟིགས། །ཁྱད་པར་གངས་ཅན་མགོན་པོ་ཐུགས་རྗེ་ཅན། །ཁྱེད་ལ་རྩེ་གཅིག་


LT29_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་གསོལ་བ་འདེབས། །སྙིང་ནས་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་ཏེ་འབུལ། །སྒོ་གསུམ་མི་དགེའི་ལས་རྣམས་གང་བགྱིས་པ། །འགྱོད་པས་བཤགས་སོ་དག་ཅིང་ཚངས་པ་སྩོལ། །བདག་ཅག་ཐོག་མེད་དུས་ནས་འཁོར་བར་འཁྱམས། །ལས་དང་བག་ཆགས་ངན་པའི་གཞན་དབང་གྱུར། །འདི་ལ་འཕགས་པའི་ཐུགས་རྗེས་མ་གཟིགས་ན། །ད་དུང་སྡུག་བསྔལ་ཡུན་རིང་མྱོང་འགྱུར་བས། །ཐུགས་བསྐྱེད་དམ་བཅའ་བསྙེལ་བར་མ་མཛད་པར། །བདག་དང་བདག་འདྲའི་ལས་ངན་སེམས་ཅན་རྣམས། །འཁོར་བའི་འདམ་ནས་མྱུར་དུ་དྲང་དུ་གསོལ། །སྲིད་པའི་བདེ་ལ་ཞེན་པ་གཏིང་ནས་ལོག །ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་ཞིང་། །བློ་སྣ་དམ་པའི་ཆོས་ལ་འགྱུར་བར་མཛོད། །བྱམས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེས། །བསམ་སྦྱོར་ཐམས་ཅད་བྱང་ཆུབ་ལམ་དུ་འགྱུར། །ཞི་ལྷག་ཏིང་འཛིན་མཐར་ཕྱིན་བྱིན་གྱིས་རློབས། །ཅི་ཡང་མེད་ལ་བདག་གཞན་གཉིས་སུ་འཛིན། །ལོག་པར་རྟོག་པའི་འཁྲུལ་པ་ཁུངས་རྡིབ་ནས། །ཆོས་དབྱིངས་རང་ཞལ་མཇལ་བར་མཛད་དུ་གསོལ། །བདག་གཞན་འབྲེལ་བཅས་འདི་ནས་འཕོས་མ་ཐག །ཞིང་མཆོག་བདེ་བ་ཅན་ཏུ་ལམ་སྣ་དྲོངས། །སངས་རྒྱས་ཞལ་མཐོང་ལུང་


LT29_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་མཆོག་ཐོབ་ནས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས། །དོན་གཉིས་མཐར་ཕྱིན་སྐུ་གསུམ་མངོན་གྱུར་ཤོག །ཅེས་པདྨ་གངས་རང་སྒྲུབ་ལ་གཞོལ་བ་དམ་ཆོས་སྤྲུལ་པའི་སྐུས་བཞེད་དོན་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། ༈ །།ན་མཿཤྲཱི་གུ་རུ་ཀཱ་ལ་ཙཀྲཱ་ཡ། །དང་པོའི་སངས་རྒྱས་ཁྱབ་བདག་རྡོ་རྗེ་འཆང་། །དུས་ཀྱི་འཁོར་ལོ་ཡེ་ཤེས་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་གར་མཁན་ཤཱཀྱའི་རྒྱལ། །ཟུང་འཇུག་ངོ་བོ་ཉིད་སྐུར་གསོལ་བ་འདེབས། །ཕྱི་ནང་གཞན་གསུམ་དབྱེར་མེད་རྡོ་རྗེའི་གྲོང་། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོ་རུ། །གསང་མཆོག་དཀྱིལ་འཁོར་རབ་འབྱམས་སྤྲུལ་ནས་སུ། །རྒྱུད་ཀུན་སྟོན་པར་མཛད་ལ་གསོལ་བ་འདེབས། །མཆོག་གི་དང་པོའི་སངས་རྒྱས་རྒྱུད་ཀྱི་རྒྱལ། །ཞུ་ཞིང་སྡུད་མཛད་གསང་བདག་སྤྲུལ་པའི་སྐུ། །རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད། །རྒྱལ་ཀུན་གསང་བ་འཛིན་ལ་གསོལ་བ་འདེབས། བའི་སྟོན་པ་བཤད་པར་བྱ་བའི་ཆོས། །ཞུ་ཞིང་སྡུད་དང་དེ་བསྟན་སྐྱོང་བ་སོགས། །བསམ་ཡས་ཡེ་ཤེས་ཡངས་པའི་ཆོ་འཕྲུལ་ནི། །ཅིར་ཡང་སྟོན་པར་མཛད་ལ་གསོལ་བ་འདེབས། །འཛམ་གླིང་བྱང་ཕྱོགས་ཡུལ་ཆེན་ཤམྦྷ་ལའི། །ཡུལ་དབུས་ཀ་ལཱ་པ་ཡི་ཕོ་བྲང་ཆེར། །ས་བཅུའི་དབང་ཕྱུག་ཁྲོ་བོའི་རྒྱལ་རྣམས་ཀྱི། །རྣམ་འཕྲུལ་རིམ་པར་བྱོན་


LT29_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །མི་བདག་གསེར་གྱི་ཐོད་ལྡན་གོ་དྲུག་གིས། །ཞབས་ནས་རབ་བཏེགས་རྡོ་རྗེ་སེང་གེའི་ཁྲིར། །ལོ་གྲངས་བརྒྱད་བརྒྱར་མཐར་ཐུག་ཆོས་འཁོར་སྐོར། །མཚན་དཔེ་མངོན་ཤེས་ལྡན་ལ་གསོལ་བ་འདེབས། །རྡོ་རྗེའི་གདུང་འཛིན་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་པ་ལྷ་ཡི་དབང་ཕྱུག་ཞབས། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །ཐ་དད་རིགས་ཀུན་རྡོ་རྗེའི་རིགས་སུ་བསྡུས། །རྩ་རྒྱུད་བསྡུས་པའི་རྒྱུད་དུ་གཏན་ལ་ཕབ། །སྨྲ་བའི་སེང་གེ་མི་བདག་ཚུལ་བཟུང་བ། །འཇམ་དཔལ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དྲི་མེད་འོད་ཟེར་འབར་བའི་རྒྱས་འགྲེལ་གྱིས། །རྒྱུད་ཀྱི་ཚིག་དོན་ཇི་བཞིན་གསལ་མཛད་པ། །སྙིང་རྗེའི་གཏེར་ཆེན་འཇིག་རྟེན་གསུམ་གྱི་མགོན། །པདྨ་དཀར་པོའི་ཞབས་ལ་གསོལ་བ་འདེབས། །བཟང་པོ་རྣམ་པར་རྒྱལ་བ་བཤེས་གཉེན་བཟང་། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང་། །ཉི་མ་གྲགས་པ་ཤིན་ཏུ་བཟང་པོའི་ཞབས། །རྒྱ་མཚོ་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །རྒྱལ་བར་དཀའ་དང་ཉི་མ་སྣ་ཚོགས་གཟུགས། །ཟླ་བའི་འོད་དང་མཐའ་ཡས་ས་སྐྱེད་ཆེ། །དཔལ་སྐྱོང་སེང་གེ་རྣམ་པར་གནོན་པའི་ཞབས། །ཟླ་བྲལ་སྟོབས་པོ་ཆེ་ལ་གསོལ་བ༴ མ་འགགས་པ་དང་མི་ཡི་སེང་གེ་མཆོག །


LT29_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོ་མཐའ་ཡས་ཞེས་བྱའི་མཚན། །ལྷ་མིན་ཀླ་ཀློ་མཐར་མཛད་འཁོར་ལོ་ཅན། །མི་བདག་དྲག་པོའི་ཞབས་ལ༴ དེ་སྲས་ཚངས་དང་ལྷ་ཡི་དབང་པོ་སོགས། །ལས་ས་བཅུ་གཉིས་ཤར་ནུབ་ཕྱེད་དང་ནི། །དུམ་བུར་སྐྱོང་མཛད་འཕགས་པ་ཁོ་ནའི་འཕྲུལ། །རྒྱུན་མི་འཆད་པར་འབྱོན་ལ༴ ལྷག་པའི་ལྷ་དང་དབྱེར་མེད་འཁོར་ལོའི་མགོན། །ཆོས་རྒྱལ་རིགས་ལྡན་ཡེ་ཤེས་སྐུ་རྣམས་ལ། །རྩེ་གཅིག་གུས་པ་ཆེན་པོས་གསོལ་བ་འདེབས། །རྡོ་རྗེ་བཞི་ཡི་བྱིན་རླབས་རྒྱུད་ལ་སྩོལ། །སྔགས་ཀྱི་རིམ་པ་མཐར་ཕྱིན་ལས་ཆེན་འགྲུབ། །ལྟོས་མེད་རྣམ་བཞིས་ཡིད་ཆེས་གསུམ་ལྡན་གྱི། །རྡོ་རྗེའི་རྣལ་འབྱོར་རྩེ་གཅིག་བསྒོམས་པའི་མཐུས། །ཡན་ལག་དྲུག་པོ་མཐར་ཕྱིན་བྱིན་གྱིས་རློབས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་མངོན་སུམ་རྟོགས། །འགྱུར་མེད་བདེ་བས་རྟོག་ཚོགས་དབུ་མར་འགགས། །ཚེ་འདིར་མཁའ་ཁྱབ་ཡེ་ཤེས་སྐུ་འགྲུབ་ནས། །རྣམ་ཤེས་རྒྱལ་ཁམས་མྱུར་དུ་སྟོང་བྱེད་ཤོག །ཅེས་དཔལ་ལྡན་འབྲུག་པའི་བཀའ་བརྒྱུད་འཛིན་ཅིང་རིག་ལམ་སྨྲ་བ་མཁར་མགོ་བླ་མ་འཇམ་དབྱངས་གྲགས་པ་ནས་རྟེན་དང་བཅས་བསྐུལ་ངོར་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲ་ཆེན་པོར་སྤེལ་བ་དགེ་ལེགས་འཕེལ། །

དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེ་མངོན་པར་སྐུལ་བའི་བསྟོད་དབྱངས་ནོར་བུ་སྣང་ཡངས་ཀྱི་རྒྱན།


LT29_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེ་མངོན་པར་སྐུལ་བའི་བསྟོད་དབྱངས་ནོར་བུ་སྣང་ཡངས་ཀྱི་རྒྱན་ཅེས་བྱ་བ་བཞུགས་སོ།། །།


LT29_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་རྡོ་རྗེ་འཆང་པདྨ་དབང་ཆེན་དབྱེར་མེད་པའི་ཞབས་ལ་སྒོ་གསུམ་གུས་པས་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །བྱིན་གྱིས་བརླབ་ཏུ་གསོལ། །མི་ཤིགས་མཁའ་ཁྱབ་མཁའ་ཡི་སྐུ་རྡོ་རྗེ། །གཉུག་མའི་འཇའ་ལུས་བརྟན་དང་གཡོ་བ་ན། །ཆ་མེད་ཀུན་འགྲོ་པདྨའི་འོད་འབར་བ། །རང་བྱུང་མཚན་དཔེ་གསལ་རྫོགས་དེ་ལ་འདུད། །རང་བཞིན་ཆོས་ཉིད་དྭངས་མ་ནཱ་དའི་དབྱངས། །རྣམ་པ་ཆོས་ཀྱི་འཁོར་ལོ་རྟེན་འབྲེལ་སྒྲ། །སྨྲ་བསམ་བརྗོད་མེད་པདྨའི་གསུང་རྡོ་རྗེ། །རྟག་ཁྱབ་གཅིག་དང་དུ་བྲལ་དེ་ལ་འདུད། །ནང་གསལ་ཡེ་ཤེས་གཞོན་ནུ་བུམ་པ་སྐུ། །མི་འགྱུར་བདེ་བ་


LT29_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་ཐུགས་རྡོ་རྗེ། །རང་སྣང་རིས་མེད་པདྨ་སཾ་བྷའི་དབྱིངས། །སྐུ་དང་ཐིག་ལེ་རོ་གཅིག་དེ་ལ་འདུད། །ལྷན་སྐྱེས་དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད། །དག་པ་རབ་འབྱམས་སྣང་སེམས་དབྱེར་མེད་པ། །བུམ་བཟང་དཔག་བསམ་ཤིང་ལྟར་འབད་མེད་དུ། །སྐད་ཅིག་གཅིག་གིས་དོན་སྒྲུབ་མཛད་ལ་འདུད། །རྡུལ་ཕྲན་རེ་ལ་ཕྲ་བའི་ཡེ་ཤེས་འཇུག །དངོས་ཀུན་མི་ཕྱེད་གྲུབ་པའི་རྡོ་རྗེར་བསྡོམས། །མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན་བཀོད་པས། །བྱང་ཆུབ་སྤྲོ་བསྡུའི་བྱེད་པོ་དེ་ལ་འདུད། །སྙིང་རྗེའི་སྤྱོད་ཡུལ་ཡོངས་སུ་རྣམ་པར་དག །ཕྲིན་ལས་མཛད་པ་ནམ་མཁའི་མཐའ་དང་མཉམ། །བསམ་གྱིས་མི་ཁྱབ་རིག་སྔགས་འཆང་བ་ཡིས། ཁམས་


LT29_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཁོར་བ་དོང་སྤུགས་མཛད་ལ་འདུད། །གཞི་ལས་རྗེན་པར་བུད་པ་རང་རིག་གི། ཏིང་འཛིན་དགའ་བས་ནང་ནས་སྙེམས་པ་ཡིས། །གཉིས་མེད་བཀའ་ནན་རབ་བརྗིད་ཕྱག་རྒྱ་ཡིས། །སྣང་སྲིད་ཟིལ་གནོན་པདཱྨ་ཀ་རར་འདུད། །རྫུ་འཕྲུལ་འདུ་འགོད་གཅིག་གི་ཁོར་ཡུག་ན། །ཐམས་ཅད་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་མགོན། །མི་འཇིགས་སེང་གེའི་ང་རོ་དབྱངས་སུ་ལེན། །ཁྱབ་བདག་རྡོ་རྗེ་སློབ་དཔོན་དེ་ལ་འདུད། །འཁོར་འདས་རྟོགས་པས་རབ་ཟོས་ནམ་མཁའི་ལུས། །སྙིང་པོའི་ཆར་ཡང་རྡོ་རྗེའི་སྲོག་གྲུབ་ནས། །བདུད་རྩིའི་བཅུད་ལེན་རིས་མེད་འགྲོ་ལ་སྦྱིན། །གཞོན་ནུ་སྐྱེ་འཆི་གཉིས་སྤངས་དེ་ལ་འདུད། །མ་ངེས་བརྟུལ་ཞུགས་དུ་མས་འཇིག་རྟེན་འདིར། །ཕྲིན་ལས་རྣམ་པ་བཞི་ཡི་འཁོར་ལོས་སྒྱུར། །དཔག་པར་དཀའ་བའི་རྣམ་ཐར་རྒྱ་མཚོའི་བདག །ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །རྒྱལ་བ་གཞན་གྱི་མཛད་པ་བརྟུལ་གྱུར་ཀྱང་། །ཁྱོད་ཀྱི་ཕྲིན་ལས་དུས་བཞི་མཉམ་པ་ཉིད། །ཆ་ལས་རྣམ་གྲོལ་སྒྱུ་འཕྲུལ་དྲྭ་བའི་གར། །འགྲན་བྲལ་ཚེ་དབང་རིག་འཛིན་དེ་ལ་འདུད། ཁྱད་པར་གདོང་དམར་བོད་ཀྱི་སྐྱེ་བོ་ལ། །དུས་གསུམ་སངས་རྒྱས་ལས་ཀྱང་ཐུགས་རྗེ་ཆེ། །སྙིགས་འགྲོར་ལྷག་པར་བརྩེ་བས་བྱིན་རླབས་མྱུར། །བཀའ་དྲིན་


LT29_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཐའ་མེད་པ་དེ་ལ་འདུད། །མཚན་ཙམ་འཛིན་པས་བྱང་ཆུབ་ཕྱིར་མི་ལྡོག །དད་པས་སྲིད་ཞིའི་དཔལ་ཀུན་བདེ་བླག་བྱེད། །དྲན་པ་ཙམ་གྱིས་སྡུག་བསྔལ་མཐའ་དག་སེལ། །འདོད་འབྱུང་ཡིད་བཞིན་ནོར་བུ་དེ་ལ་འདུད། །གུས་པས་རྣམ་ཐར་ཉིན་མཚན་བསམ་པ་ལས། །ཡིད་ལ་མི་བྱེད་ཤུགས་འབྱུང་གདུང་དབྱངས་བཅས། །མཁའ་མཐའ་ཞིང་རྡུལ་མཉམ་པའི་ལུས་བཏུད་ནས། །བྱང་ཆུབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི། །སྒོ་གསུམ་ཐལ་བར་བརླག་ནས་རྙེད་པ་དང་། །བཀུར་བསྟི་རིམ་གྲོས་མཆོད་ཀྱང་མི་ཚིམས་པར། །དུས་གསུམ་ལུས་སྲོག་ལོངས་སྤྱོད་དགེ་རྩ་སོགས། །ཀུན་བཟང་མཆོད་སྤྲིན་ཕྱི་ནང་གསང་བས་མཆོད། །ཕུང་ཀྲོལ་སྡིག་པའི་རྩ་བ་བདག་འཛིན་འདི། །ཐོག་མེད་དུས་ནས་ད་བར་མ་རིག་པས། །གཞི་ཡི་བཞུགས་ཚུལ་དང་འགལ་སྒྲིབ་བསགས་པ། །ཐམས་ཅད་གནོང་ཞིང་འགྱོད་པ་ཆེན་པོས་བཤགས། །དགེ་དང་བྱེད་པོ་གཉིས་ཀ་རིག་པའི་མདངས། །དེ་ལ་དགའ་བས་རྒྱས་འགྱུར་རིགས་འཕེལ་ཕྱིར། །མི་མཆོག་རྣམས་ཀྱིས་ཇི་ལྟར་ཡི་རང་བ། །དེ་ལྟར་དགའ་བའི་པདྨོ་གྲོལ་བར་བགྱི། །ཅིག་ཆར་བ་དང་རིམ་གྱིས་འཇུག་པའི་ཐབས། །ཟབ་རྒྱས་ཆོས་ཚུལ་དུ་མའི་སྟོན་པ་རུ། །གང་འཚམས་དགེ་བའི་


LT29_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་མང་སྤྲུལ་ནས། །ཐོས་གྲོལ་ཆོས་ཀྱི་ཆར་ཆེན་འབེབས་པར་བསྐུལ། །ཇི་སྲིད་སེམས་ཅན་ཁམས་ཀྱི་མཐར་ཐུག་པ། །དེ་སྲིད་སྙིང་རྗེ་འཛད་པ་མེད་པས་ན། །རང་རྒྱུད་ཉེས་པས་གནས་ལུགས་མི་སྒྲིབ་པར། །དྲི་མེད་སྙིང་རྗེའི་ལུས་ཅན་བཞུགས་སུ་གསོལ། །བྱང་ཆུབ་སྙིང་པོར་ཡོངས་བསྔོས་རྒྱལ་རྣམས་ཀྱི། །དགེ་རྩ་ཆུད་མི་ཟ་བར་ཚོགས་དང་དུས། །འདི་གཏན་དགེ་བ་རྣམ་པར་སྨིན་པ་བཞིན། །བསྔོ་བ་བཟང་པོ་དེ་དང་མཚུངས་པར་བགྱི། །དེང་སང་སྙིགས་མ་ལྔ་བདོའི་དུས་ལ་ཐུག །གཟུགས་ཅན་ཆོས་མིན་ལ་སྤྱོད་གཟུགས་མེད་རྣམས། །དེ་ལ་མངོན་པར་ཕྱོགས་པ་འདི་གཟིགས་ལ། ཞི་བས་སྤ་བཀོང་དྲག་པོས་ཚར་གཅོད་མཛོད། །དགེ་དང་བདེ་བ་ཐན་སྤྲིན་བཞིན་ཏུ་ཡལ། །མི་དགེ་སྡུག་བསྔལ་འཚུབ་མ་བཞིན་ཏུ་ལྡང་། །བོད་འབངས་སྡུག་པའི་དུས་ལ་བབས་ལགས་ན། །སྔོན་གྱི་གཡར་དམ་བསྙེལ་ལམ་གང་དུ་བོར། །པདྨའི་སྔགས་བརྒྱུད་རྗེ་ཡི་ལྷ་བརྒྱུད་ཀྱིས། །ད་དུང་རང་ཚུགས་འཛིན་ཞིང་རེ་ས་དང་། །སྐྱབས་གནས་ཁྱེད་ལས་མེད་པ་འདི་ལྟར་ན། །ཞལ་བཞེས་ཕྱི་ཐག་ཅུང་ཟད་མ་ཐུང་ངམ། །དུས་བཟང་རྣམས་སུ་དངོས་སུ་བྱོན་གསུངས་མོད། །དངོས་སུ་མཇལ་བའི་སྐལ་བ་མ་མཆིས་ཀྱང་། །བརྒྱུད་ནས་སྤྲུལ་པའི་འོད་ཀྱི་བསྟན་


LT29_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཡི། །ཕན་བདེའི་པད་ཚལ་ད་ནི་བསྐྱེད་རེ་རན། །ཀྱེ་མ་བཟང་བྱེད་ཉི་མ་དམའ་སར་ནུབ། །ངན་བྱེད་སྤྲིན་ཕུང་དགུང་སྔོན་དབྱིངས་ན་སྙེགས། །འདི་ལ་དགྲ་བོ་དག་ཀྱང་ཡིད་འཁྲུགས་ན། །ཐུགས་རྗེ་ཅན་ཁྱོད་ཅུང་ཟད་མི་བརྩེའམ། །མི་རུང་སྣ་དགུའི་དུས་ངན་བྱུང་བའི་ཚེ། །མི་ཐོག་རེར་སོང་ལས་ཅན་རེ་རེ་ལ། །བྱིན་གྱིས་བརླབས་ནས་མཐོང་སྐར་ཉི་ཞུར་བཞིན། །བདེ་སྐྱིད་ཡང་དང་ཡང་དུ་སྤེལ་གསུངས་པས། །ནད་མུག་མཚོན་གསུམ་གྱི་ནི་སྐལ་ངན་ཤར། །ངེས་དོན་སྙིང་པོའི་བསྟན་པ་འཇིག་ལ་ཉེ། །དམ་པས་སྤངས་ནས་རིང་ཞིག་ལོན་པའི་ཕྱིར། །དཀོན་མཆོག་བདེན་རྟགས་ད་ནི་སྟོན་པར་རིགས། ལས་ངན་སྐྱོན་གྱིས་བཅོས་སུ་མ་བཏུབ་པ། །བདག་རྒྱུད་དམ་པའི་ཆོས་དང་འདྲེས་པ་དང་། །འཆི་མེད་ཚེ་དང་འཛད་མེད་དཔལ་འབྱོར་གྱིས། །བསམ་དོན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་སྔོན་སྨོན་གང་མཆིས་དུས་འདི་རུ། །སད་ནས་པད་འབྱུང་བསྟན་དང་སེམས་ཅན་དོན། །མཁའ་མཐར་བརྡལ་བའི་ཕྲིན་ལས་རབ་བརྙེས་ནས། བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་དང་ཚེ་རབས་རིགས་བདག་པད་འབྱུང་དང་། །མི་འབྲལ་ཐེག་པ་མཆོག་གི་ལམ་ཞུགས་ཏེ། །ཟབ་དོན་གསུང་གི་བདུད་རྩི་སྩོལ་བ་ཡི། །འགྲོ་འདྲེན་ཕྲིན་ལས་བྱ་མ་རྟར་འགྱུར་ཤོག །མ་བཅོས་རང་བྱུང་


LT29_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་མཁའ་ལྟར་མཐོ། །ཐོ་ཅོར་མི་སྤྱོད་དུས་ཚོད་དག་དང་འབྲེལ། །ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ཀུན། །སྲོག་བཞིན་བསྲུངས་ནས་མཆོག་དངོས་གཉིས་ཐོབ་ཤོག །ཨ་ཏི་ཁྱབ་བརྡལ་ཟང་ཐལ་ཆེན་པོའི་ཀློང་། །མེད་ཕྱལ་གཅིག་པུ་ལྷུན་གྲུབ་དགོངས་པའི་གཟེར། །ཡིད་ཆོས་རིག་པའི་སྙིང་པོར་ལ་བཟླ་བས། །ཀ་དག་རྗེན་པ་ནང་ནས་འཆར་བར་ཤོག །མཚན་འཛིན་གྲུབ་མཐའ་ཀུན་འཇིག་ཡིད་དཔྱོད་ཀྱི། །ལམ་དུ་མ་ལུས་དབང་པོའི་མངོན་སུམ་དུ། །ལྷུན་གྲུབ་ཐོད་རྒལ་རྡོ་རྗེའི་གསེབ་ལམ་ནས། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ཤོག །རང་སྣང་པདྨ་འོད་འབར་ཞིང་རྒྱ་མཚོར། །རང་རིག་ཐོད་ཕྲེང་རྩལ་དང་དབྱེར་མེད་པར། །རང་བྱུང་ཀུན་བཟང་དགོངས་པའི་ཀློང་ཆེན་པོར། །རང་གསལ་སྐུ་ཡེ་ཟུང་དུ་འཇུག་པར་ཤོག །ཅེས་ཕྱི་མཐའ་ཐུག་པར་མགོན་པོ་མཆོག་གི་བྲན་ཏུ་དམ་བཅས་པའི་བཙུན་པ་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་བཞི་སྤྲེལ་ལོ་སྦྲེལ་ཟླའི་ཚེས་བཅུར་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།ཨོ་རྒྱན་རྗེ་འབངས་བཅས་པའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བྱིན་རླབས་ཆར་འབེབས་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ །མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྔོན་


LT29_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྣང་བ་མཐའ་ཡས་འོད་དཔག་མེད། །རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས། །དྷ་ན་ཀོ་ཥར་པདྨ་འབྱུང་གནས་ཞབས། །དུས་གསུམ་སངས་རྒྱས་ཁྱོད་ལ་གསོལ་བ་འདེབས། །འོག་མིན་གནས་སུ་ཆོས་སྐུ་ཀུན་ཏུ་བཟང་། །སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་ཏེ། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད། །དབྱེར་མེད་པདྨ་ཉིད་དུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་འདུས་ཁྱོད་ལ༴ དབང་གི་བདག་ཉིད་དཔལ་འབར་པདྨའི་གཙོ། །ཐུགས་རྗེ་ཀུན་ཁྱབ་འགྲོ་བའི་ཡིད་བཞིན་གཏེར། །བདུད་དཔུང་ཀུན་འཇོམས་རྡོ་རྗེའི་ཏིང་འཛིན་ལྡན། །པདྨ་བཛྲ་རྩལ་ལ༴ སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་ཕྲེང་རྩལ། །གསུང་མཆོག་འགག་མེད་པདྨ་ཐོད་ཕྲེང་རྩལ། །ཐུགས་མཆོག་སྐྱེ་མེད་རྡོ་རྗེ་ཐོད་ཕྲེང་རྩལ། །ཡོན་ཏན་ནུབ་མེད་རཏྣ་ཐོད་ཕྲེང་རྩལ། །ཕྲིན་ལས་ལྷུན་གྲུབ་ཀརྨ་ཐོད་ཕྲེང་རྩལ། །སྐུ་ལྔ་ཡོངས་སུ་རྫོགས་ལ་གསོལ་བ་འདེབས། །ལྷ་ཡི་གནས་སུ་གུ་རུ་སྲིད་ཐུབ་འཛིན། །ལྷ་མིན་གནས་སུ་གུ་རུ་རྣམ་པར་རྒྱལ། །མི་ཡི་གནས་སུ་གུ་རུ་ཤཱཀྱ་སེང་། །བྱོལ་སོང་གནས་སུ་གུ་རུ་སེང་རབ་བརྟན། །ཡི་དྭགས་གནས་སུ་གུ་རུ་རྣམ་སྣང་བྱེད། །དམྱལ་བའི་གནས་སུ་གུ་རུ་རྣམ་པར་གནོན། །འགྲོ་འདུལ་གུ་རུ་དྲུག་ལ་གསོལ་བ་འདེབས། །ཧཱུྃ། །རྒྱ་


LT29_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན། །རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་སྟོན། །འཁོར་བར་མ་ཆགས་ཐབས་ཀྱི་རོལ་རྩེད་མཛད། །པདྨ་རྒྱལ་པོའི་སྐུ་ལ་གསོལ་བ་འདེབས། རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་ཏུ་བཞུགས། །བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ། །འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་འཛིན། །ཤཱཀྱ་སེང་གེའི་སྐུ་ལ༴ ཟ་ཧོར་ཡུལ་བྱོན་མ་ག་དྷ་རུ་བཞུགས། །བསིལ་བ་ཚལ་དུ་བམ་རོའི་སྒྲུབ་པ་མཛད། །སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལ། །པདྨ་སཾ་བྷའི་སྐུ་ལ༴ མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས། །སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ། །གསང་སྔགས་ཕྱི་ནང་ཐུགས་ཀྱི་ཀློང་ན་གསལ། །རྡོ་རྗེ་གྲོ་ལོད་སྐུ་ལ༴ ཡངས་བ་ཅན་བྱོན་སོ་ས་གླིང་དུ་བཞུགས། །ལྟ་བ་མི་འཚོལ་ཞི་གནས་སྒོམ་མི་བྱེད། །ཐ་དད་ཕྱོགས་འཛིན་མ་གོས་མཁའ་ལྟར་གདལ། །པདྨ་ཐོད་ཕྲེང་རྩལ་ལ༴ ཁ་ཆེའི་ཡུལ་བྱོན་སིངྒ་ལ་རུ་བཞུགས། །ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལ། །བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛད། །བློ་ལྡན་མཆོག་སྲེད་སྐུ་ལ་གསོལ། །ལི་ཡི་ཡུལ་བྱོན་ལྕང་ར་སྨུག་པོར་བཞུགས། །ཤེལ་སྒོང་བྲག་ཏུ་མངོན་ཤེས་མཁའ་ལྟར་ཁྱབ། །གཞན་དོན་ཕྲིན་ལས་འབྲས་བུ་ལོ་འདབ་རྒྱས། །


LT29_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འོད་ཟེར་སྐུ་ལ༴ བལ་པོའི་ཡུལ་བྱོན་ཡང་ལེ་ཤོད་དུ་བཞུགས། །གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལ། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །སེང་གེ་སྒྲ་སྒྲོགས་སྐུ་ལ་གསོལ་བ་འདེབས། །བོད་ཡུལ་དབུས་བྱོན་སྟག་ཚང་སེང་ཕུག་བཞུགས། །སྣང་བ་མཐའ་ཡས་སྤྲུལ་པ་མི་ཡི་མགོན། །མཁའ་འགྲོ་སྡེ་བཞི་མ་ཚོགས་རོལ་དུ་ཁྲིད། །བདེ་བའི་དངོས་གྲུབ་སྐུ་ལ༴ སྲིན་པོའི་ཡུལ་བྱོན་རྔ་ཡབ་གླིང་དུ་བཞུགས། །ཟངས་མདོག་དཔལ་རིར་གདོང་དམར་སྲིན་པོ་བཏུལ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད། །པདྨ་འབྱུང་གནས་སྐུ་ལ༴ པདྨ་འགྲོ་མགོན་རྩལ་དང་དབང་ཕྱུག་མགོན། །པདྨ་གྲུབ་པའི་བློ་གྲོས་ཆེ་མཆོག་རྩལ། །མཁའ་འགྲོའི་དབང་ཕྱུག་མགོན་པོ་བི།།།པ། །ནག་པོ་སྤྱོད་པ་ཁྱེའུ་ཆུང་མཁའ་ལྡིང་རྩལ། །པདྨ་ས་ར་ཧ་དང་མངའ་བདག་རྩལ། །པདྨ་ཀུན་ཏུ་རྒྱུ་དང་ཆགས་མཆོག་རྩལ། །འགྲོ་བའི་སྐབས་གནས་པདྨ་ཕྲིན་ལས་མགོན། །དོན་ཡོད་ཞགས་པ་གཟི་བརྗིད་འོད་འཕྲོ་བ། །ཌོམྦི་པ་དང་རིགས་ལྡན་པདྨ་དཀར། །པདྨ་བཛྲ་པདྨ་ཐོད་ཕྲེང་རྩལ། །འཕྲུལ་མཚན་ཉི་ཤུར་བསྟན་ལ་གསོལ་བ་འདེབས། །རྡོ་རྗེ་སྙིང་པོ་མགོན་པོ་སྲི་འདུལ་ཆེ། །ནཱ་ག་ཀླུ་འདུལ་ནག་པོ་ཀུན་འཇོམས་རྩལ། །རྡོ་རྗེ་བེ་ཅོན་དེད་དཔོན་བགེགས་རིགས་འཇོམས། །ཚེ་བདག་དམར་པོ་ཛྭ་ལ་ཀརྨ་སྲིན། །


LT29_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡགྴ་མེ་དབལ་སྐུ་མཆོག་དམར་པོར་གྲགས། །གསང་བདག་ཁྱབ་འཇུག་རྡོ་རྗེ་འཇིགས་པར་བྱེད། །སྲི་རྒྱལ་རབ་འཇོམས་རྔམ་ཆེན་མུ་སྟེགས་གཤེད། །དཔལ་ཆེན་ཧེ་རུ་གར་གྱི་དབང་ཕྱུག་གཙོ། །མ་དག་གདུག་པའི་ལས་རྒྱུད་རྩད་ནས་གཅོད། །འགྲན་ཟླ་བྲལ་བ་ཁྲོ་རྒྱལ་ཡོངས་ཀྱི་རྗེ། །དྲེགས་པ་ཚར་གཅོད་རྣམ་འཕྲུལ་སྣ་ཚོགས་སྟོན། །དམར་ནག་མེ་ཕྲེང་ཅན་ལ་གསོལ་བ་འདེབས། །ལྷ་ལྕམ་མནྡཱ་ར་བ་འོད་འཆང་མ། །ཤཱཀྱ་དེ་མ་ཡེ་ཤེས་མཚོ་རྒྱལ་མ། །ཀཱ་ལ་སིདྡྷི་བཀྲ་ཤིས་ཁྱེ་འདྲེན་སོགས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ལ༴ འཇམ་དཔལ་བཀའ་བབ་བྲག་ལ་ཕུར་པ་འདེབས། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །དབང་ཆེན་བཀའ་བབ་རྟ་ཞལ་སྤྱི་བོར་ཐོན། །རྒྱལ་བ་མཆོག་དབྱངས་ཞབས་ལ༴ ཡང་དག་བཀའ་བབ་ཉི་མའི་ཟེར་ལ་གཤེགས། །ནམ་མཁའི་སྙིང་པོའི་ཞབས་ལ༴ ཆེ་མཆོག་བཀའ་བབ་བྲག་ལས་བདུད་རྩི་འབྱིན། །ཡེ་ཤེས་གཞོན་ནུའི་ཞབས་ལ༴ ཕུར་པའི་བཀའ་བབ་བསད་པའི་མི་རོ་བསླངས། །ཡེ་ཤེས་མཚོ་རྒྱལ་ཞབས་ལ༴ བླ་མེད་བཀའ་བབ་མ་མོ་བྲན་དུ་ཁོལ། །དཔལ་གྱི་ཡེ་ཤེས་ཞབས་ལ༴ མཆོད་བསྟོད་བཀའ་བབ་དྲེགས་པ་ཕོ་ཉར་འགྱེད། །དཔལ་གྱི་སེང་གེའི་ཞབས་ལ༴ དྲག་སྔགས་བཀའ་བབ་ཡེ་ཤེས་སྤྱན་དང་ལྡན། །བཻ་རོ་ཙ་ནའི་ཞབས་ལ༴ བདེར་འདུས་


LT29_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབ་གཞན་སྣང་ཟིལ་གྱིས་གནོན། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་བདུད་འཇོམས་བར་སྣང་རླུང་ལྟར་རྒྱུ། །ཡེ་ཤེས་དབྱངས་ཆེན་མཁའ་སྤྱོད་གནས་རྣམས་བགྲོད། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང་། །གཡུ་སྒྲ་སྙིང་པོ་གསེར་གྱི་རྡོ་རྗེར་སྤྲུལ། །དཔལ་གྱི་དབང་ཕྱུག་ཕུར་བུས་གདིང་ཚད་བསྒྲལ། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ཟློག །འདན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །སྐ་བ་དཔལ་བརྩེགས་གཞན་སེམས་ས་ལེར་མཁྱེན། །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། །ཁྱེའུ་ལོ་ཙཱས་ནམ་མཁའི་བྱ་ཕྱག་འཛིན། །དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་འགུགས། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ། །རྨ་ཐོག་རིན་ཆེན་ཕ་ཝོང་ཟན་ལྟར་གསོལ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་མེད་རྒྱབ། །ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བ་བྱང་ཆུབ་ནམ་མཁར་སྐྱིལ་ཀྲུང་བཞུགས། །མཆིམས་ཕུའི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ། །གསོལ་འདེབས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཡེར་པའི་གྲུབ་ཐོབ་བརྒྱ་རྩ་ཡང་རྫོང་གི། རྟོགས་ལྡན་ང་ལྔ་ཤེལ་བྲག་སྔགས་འཆང་བ། །སུམ་ཅུ་ལ་སོགས་གུ་རུ་པདྨ་ཡིས། །རྗེས་བཟུང་སྐྱེས་མཆོག་རྣམས་ལ་གསོལ༴ མཁན་


LT29_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཞི་འཚོ་རྦ་རིགས་རཏྣ་སོགས། །ཁྲིམས་ལྡན་དགེ་འདུན་རྣམས༴ བི་མ་མི་ཏྲ་ཏིང་འཛིན་བཟང་པོ་སོགས། །རྡོ་རྗེའི་སྐུ་བརྙེས་ཁྲི་ལ༴ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཡེ་ཤེས་སྡེ། །ཤཱཀྱ་པྲ་བྷ་ཀླུ་དབང་སྲུང་བ་སོགས། །སྒྲ་བསྒྱུར་བརྒྱ་རྩ་བརྒྱད་ལ༴ མེས་དབོན་རྣམ་གསུམ་ལྷ་སྲས་སྐུ་མཆེད་སོགས། །སྤྲུལ་པའི་ཆོས་རྒྱལ་རྣམས་ལ༴ གྱིམ་ཤང་ནག་པོ་ལ་སོགས་སྔགས་པའི་ཚོགས། །འབུམ་ཕྲག་བཅུ་དང་བརྒྱད་ལ༴ གཉན་ཆེན་དཔལ་དབྱངས་ཡེ་ཤེས་སྙིང་པོ་སོགས། །སྔགས་གྲུབ་བརྒྱད་ཅུར་རྩ་ལྔར༴ ཤེལ་དཀར་རྡོ་རྗེ་འཚོ་སོགས་འཇའ་ལུས་ཀྱི། །མཁའ་འགྲོ་ཉི་ཤུ་རྩ་ལྔར༴ རྨ་གཉག་སོ་ཟུར་གནུབས་དང་དམ་གཙང་བྱམས། །རོང་ཟོམ་ཀློང་ཆེན་པ་སོགས་བཀའ་བརྒྱུད་ཀྱི། །བསྟན་པ་འཛིན་མཛད་ཀུན༴ གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩ་གཉིས། །ལས་ཅན་ཆོས་ཀྱི་བདག་སོགས་གཏེར་བརྒྱུད་ཀྱི། །བསྟན་པ་འཛིན༴ མདོ་སྒྱུ་སེམས་གསུམ་བཀའ་དགོངས་ཕུར་གསུམ་དང་། །ཕག་ཁྲོས་སེང་གསུམ་མ་མགོན་སྡེ་ལྔ་དང་། །ཛམ་ལྷ་རིགས་ལྔ་ལ་སོགས་ཡི་དམ་དང་། །མཁའ་འགྲོ་དམ་ཅན་རྒྱ༴ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དབང་བཞིའི་ཡེ་ཤེས་རྒྱུད་ལ་སྨིན་པ་དང་། །རིམ་གཉིས་ལམ་ནས་ཟུང་འཇུག་རྡོ་རྗེའི་སྐུ། །སྟན་ཐོག་འདི་རུ་ཐོབ་


LT29_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས། །དེ་སྐད་ཚིག་གི་མཚམས་སྦྱོར་བ་གཏོགས་པ། །ཕལ་ཆེར་རྡོ་རྗེའི་གསུང་ཚིག་ཁོ་ན་སྟེ། །ཡིད་ཆེས་ཁུངས་བཙུན་བྱིན་རླབས་དྲོད་དང་ལྡན། །གུ་རུའི་རྣམ་འཕྲུལ་ཐ་དད་མཚན་གྱི་ཚོགས། །བཀོད་ན་ལེགས་ཀྱང་མང་དྲག་རྒྱུན་འདོན་དཀའ། །རྩ་བའི་གཙོ་བོ་བསྡུས་པས་མ་ཚང་མེད། །རང་ཉིད་ཕྱིར་དུ་བྲི་སྙམ་གཡེང་།།། །དད་འབྱོར་ལྡན་པ་ཕུན་ཚོགས་དགེ་ལེགས་གྱིས། །རྗེ་འབངས་ཉེར་ལྔའི་གསོལ་འདེབས་བསྐུལ་བ་ཡིས། །རྐྱེན་བྱས་པདྨའི་རྗེས་འཇུག་གུ་་པས། །ནགས་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བྲིས། །འབྲེལ་ཐོགས་འགྲོ་ཀུན་གུ་རུས་རྗེས་འཛིན་ཤོག །མངྒ་ལཾ།། ༈ །།སངས་རྒྱས་ཀུན་དངོས་མ་ཧཱ་གུ་རུ་ལ་མི་ཕྱེད་དད་པའི་གདུལ་དབྱངས་རིགས་མཆོག་གྲུབ་པའི་ཕྱག་རྒྱ་ཞེས་བྱ་བ་བཞུགས་སོ།། །ཀུན་བཟང་འོད་མི་འགྱུར་བ་ཐོག་མའི་མགོན། །ཀློང་གསལ་ཉི་མ་ཡེ་ཤེས་འོད་ལྔའི་རྩལ། །མཉམ་ཡངས་རོལ་པ་ཆེན་པོའི་བརྡ་དང་རྟགས། །དག་པ་རབ་འབྱམས་རྒྱལ་དང་རྒྱལ་བའི་སྲས། །སྒྱུ་འཕྲུལ་གསང་བ་སྙིང་པོར་བཀོད་པའི་སྤྲིན། །མི་ཟད་རྒྱན་གྱི་འཁོར་ལོའི་སྤྲོ་བསྡུ་པ། །ཞིང་འདིར་གུ་རུ་པདྨ་འབྱུང་གནས་ཞེས། །རྡོ་རྗེ་སློབ་དཔོན་གཟུགས་སུ་ཤར་ལ་འདུད། །ཚེ་འོད་དཔག་མེད་པདྨའི་སྣང་བ་རྒྱས། །བསྐལ་བཟང་སྒྲོན་མེ་བརྒྱ་ཕྲག་བཅུ་ལ་སོགས། །སངས་རྒྱས་ཐམས་ཅད་དགོངས་པའི་རྩལ་ལས་འཁྲུངས། །དུས་གསུམ་རྒྱལ་བའི་ཕྲིན་ལས་ཀུན་ཀྱང་མཛད། །


LT29_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་ཞིང་དུ་རྡུལ་སྙེད་བཅོམ་ལྡན་འདས། །རེ་རེའི་མདུན་ན་བཀོད་པ་ཚད་མེད་སྤྲུལ། །མདོ་སྔགས་བསྟན་གཉིས་ཟུང་དུ་འཇུག་པར་སྣང་། །འོད་གསལ་རྡོ་རྗེ་སྙིང་པོའི་འབྲས་བུ་བརྡལ། །སྤྱན་རས་གཟིགས་སོགས་སེམས་དཔའི་སྐུར་བསྟན་ནས། །སྙིང་རྗེའི་མཐུ་ཡིས་འཁོར་བ་དོང་ནས་སྤྲུགས། །སངས་རྒྱས་ཐོད་པ་རྩལ་སོགས་ཧེ་རུ་ཀའི། །དཀྱིལ་འཁོར་རྒྱ་མཚོས་དངོས་ཀུན་བདེ་བར་སྡོམ། །ལ་ལར་དཔའ་ཆེན་ཁྲོ་བོའི་དབང་པོར་བཞེངས། །འཁོར་ལོ་རྣམ་བཞི་འཁོར་འདས་སྲོག་ཏུ་སྐོར། །རྟ་སྐད་ཐེང་གསུམ་རྒྱུད་གསུམ་ཁྱབ་པར་སྒྲོགས། །རུ་ལུའི་སྒྲ་དབྱངས་གྲུབ་མཐའ་ཟད་པར་འདྲེན། །ཐབས་ཤེས་བདུད་རྩིས་གཉུག་མའི་ཕུང་ཁམས་གསོ། །རིགས་མཆོག་ཕུར་བུས་སྲིད་བཅུད་ཐལ་བར་འབྱིན། །དགའ་རབ་དཔལ་སེང་དྲི་མེད་བཤེས་གཉེན་དང་། །མདའ་བསྣུན་བི་རཱུ་ནག་པོ་སྤྱོད་ལ་སོགས། །གྲུབ་པའི་སློབ་དཔོན་དུ་མའི་སྒྱུ་ཐབས་ཀྱིས། །གྲུབ་པའི་འཁོར་ལོ་ནམ་མཁའི་ཕ་མཐར་སྒྱུར། །རེས་འགའ་ཉན་ཐོས་བློ་གྲོས་ཆེན་པོ་དང་། །མཁས་མཆོག་དུ་མའི་གཟུགས་ཀྱིས་བསྟན་གསལ་མཛད། །པདྨ་དཀར་སོགས་ཆོས་སྐྱོང་རྒྱལ་བློན་དང་། །དགེ་སྦྱོང་བྲམ་ཟེ་རིག་སྔགས་འཆང་བའི་ཚུལ། །གཉིས་སྤངས་དབུས་གནས་ཕྱོགས་ཀྱི་གོས་ཅན་མ། །ལྷན་སྐྱེས་བདེ་སྐྱེད་ཌཱ་ཀིའི་རྡུལ་ཚོགས་སྤྲོ། །མདོར་ན་ཟག་


LT29_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཐུགས་ཀྱི་ཐིག་ལེ་ལས། །སྐུ་དང་ཞིང་ཁམས་རབ་འབྱམས་སྤྲོ་ཞིང་བསྡུ། །ཁྱད་པར་བོད་དང་འགྲོ་ལྡིང་རྔ་ཡབ་གླིང་། །རྒྱལ་བ་ཀུན་གྱི་ཐུགས་རྗེས་སྤངས་པ་དེ། །བརྩེ་བས་བཟུང་མཛད་མ་ཧཱ་གུ་རུ་རྗེ། །འཕུར་འགྲོའི་སློབ་དཔོན་རྒྱལ་བ་ཀུན་གྱི་དངོས། །རང་བྱུང་སངས་རྒྱས་མཚོ་སྐྱེས་རྡོ་རྗེ་འཆང་། །མཁའ་འགྲོའི་དབང་ཕྱུག་བདེ་བ་ཆེན་པོ་དཔལ། །མ་རུངས་ཚང་གཅོད་བདུད་འདུལ་ཐོད་ཕྲེང་རྩལ། །གདོད་ནས་མཆོག་བརྙེས་པདྨ་བཛྲའི་ཞབས། །བོད་འབངས་སྐྱབས་གཅིག་ཨོ་རྒྱན་རིན་པོ་ཆེ། །སྙིང་ནས་གསོལ་འདེབས་བུ་ལ་ཐུགས་རྗེས་གཟིགས། །མདོ་སྔགས་བསྟན་པ་དགོངས་ཀའི་དམར་ཐག་བཞིན། །ཆོས་བཞིན་སྤྱོད་ལ་བར་ཆད་རླུང་ལྟར་འཚུབས། །ནག་ཕྱོགས་གདུགས་པའི་ཆོ་འཕྲུལ་ས་སྟེང་ཁྱབ། །བོད་ཁམས་བདེ་སྐྱིད་ནམ་གཞུག་ཆར་ལྟར་ཟད། །མཐའ་དམག་རྒྱ་འདྲེ་འབྱུང་པོའི་ཁ་རླངས་འཐིབས། །དུ་རུཥྐ་ཡི་བསྐལ་ངན་ཐོག་མར་ཤར། །དུས་གསུམ་མཁྱེན་པའི་ལུང་བསྟན་ཐོག་ཏུ་བབ། །གདུལ་དཀའ་འདུལ་བའི་དུས་ཚོད་དེང་ལགས་སོ། །སྐྱབས་གཅིག་ཁྱོད་ལས་རེ་ས་མེད་པ་རྣམས། །དུག་ལྔའི་དབང་གྱུར་སྤྱོད་པ་རྩིངས་མོད་ཀྱང་། །ཁྱེའུ་སྨྱོ་ལ་ཕ་མ་ཁྲོ་བ་བཞིན། །ཐར་མེད་སྡུག་བསྔལ་རྒྱ་མཚོར་འདོར་ཕོད་དམ། །མི་དགེ་སྤྱོད་ཀྱང་དཀོན་མཆོག་གཙུག་ཏུ་ཁུར། །དམ་སྡོམ་འཆལ་ཡང་ཨོ་རྒྱན་རྗེ་ལ་མོས། །ལྟ་དགོངས་དམན་ཀྱང་པདྨའི་རྗེས་སུ་ཞུགས། །སྨྱོན་པས་རི་ལུང་གང་ལ་བརྩེ་བས་གཟིགས། །ཚོགས་


LT29_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བསག་འདོད་ཀྱང་ལྟོ་གོས་འཚོ་བས་བཀྲེན། །ཉམས་ལེན་བྱས་ཀྱང་ཞེ་བཅད་སྙིང་རུས་ཆུང་། །ཆོས་བཞིན་སྒྲུབ་ཚེ་རྐྱེན་ངན་ཐོག་ཏུ་བབ། །སྐལ་དམན་བདག་ཅག་རྣམས་ལ་ཐུགས་རྗེས་སྐྱོབས། །དེང་བཟུང་གཞོན་ནུ་བུམ་སྐུར་བྱང་ཆུབ་བར། །རྒྱལ་བ་པདྨ་ཐོད་ཕྲེང་མ་གཏོགས་པའི། །སྐྱབས་དང་རེ་ས་གཞན་ཏུ་ཚོལ་གྱུར་ན། །ན་རཀ་དོང་དུ་སྐྱོལ་ཅིག་ས་མ་ཡ། །རྩ་བའི་བླ་མར་བཟུང་ངོ་བྱིན་གྱིས་རློབས། །ལྷག་པའི་ལྷ་རུ་བསྙེན་ནོ་དངོས་གྲུབ་སྩོལ། །བདེ་སྐྱེད་མཁའ་འགྲོར་བསྟེན་ནོ་ཡེ་ཤེས་སྤོར། །ཆོས་སྐྱོང་ཚོགས་རྗེར་བསྒྲུབ་བོ་ཕྲིན་ལས་མཛོད། །ལུས་ངག་ཡིད་གསུམ་པདྨ་སཾ་བྷ་དང་། །རྒྱལ་བའི་སྐྱེད་ཡུམ་མཐིང་འོད་འབར་མ་ལ། །སྙིང་ནས་འབུལ་ལོ་ལེགས་ཉེས་སྐྱིད་སྡུག་དང་། །མཐོ་བཏང་དམའ་བཏང་ཅི་མཛད་ཁྱེད་རང་མཁྱེན། །བདག་གི་སྒོ་གསུམ་ཨོ་རྒྱན་ཡབ་ཡུམ་གྱི། །གསང་བ་གསུམ་དང་དབྱེར་མེད་གཅིག་གྱུར་ནས། །བདག་ཉིད་ཆེན་པོ་པདྨ་ཡབ་ཡུམ་གྱི། །འགྲོ་འདུལ་ཕྲིན་ལས་ནམ་མཁའི་མཐར་སྤེལ་ཤོག །ཧཱུྃ་ཆེན་ཀ་ར་རྒྱལ་ཚབ་བཻ་རོ་སོགས། །པདྨས་རྗེས་བཟུང་སྲིད་དོ་འཚལ་ཀུན་གྱི། །ཐུགས་བསྐྱེད་སྨོན་ལམ་རྣམ་ཐར་མཛད་ཕྲིན་ཚོགས། །ཐམས་ཅད་བདག་ཉིད་ཁོ་ནས་ངེས་འགྲུབ་ཤོག །འཁོར་ལོས་དཔུང་ཚོགས་ནམ་མཁར་འདྲེན་པ་ལྟར། །འགྲོ་ཀུན་གྲོལ་བཞིའི་མཁའ་ལ་འདྲེན་པར་


LT29_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །རྡོ་རྗེས་དངོས་པོ་ཐམས་ཅད་བཅོམ་པ་ལྟར། །ལྟ་ངན་ཐམས་ཅད་བདག་གིས་ཕམ་བྱེད་ཤོག །སྲ་མཁྲེགས་བྲག་རྫོང་ཐོག་གིས་བཤིག་པ་ལྟར། །གདུག་པ་ཅན་ཀུན་ནུས་མཐུས་འདུལ་བར་ཤོག །མ་གི་ཏ་ཡིས་དུག་སྦྲུལ་སྐྲག་བྱེད་ལྟར། །ཆོས་ཀྱི་དི་ཡིས་ཆོས་མིན་སྐྲག་བྱེད་ཤོག །སེང་འོས་ཐིགས་པས་ཕལ་པ་མང་སྒྱུར་ལྟར། །རྟོགས་པའི་ཐིགས་པས་ཉོན་མོངས་ཀུན་བསྒྱུར་ཤོག །སྒྲོན་མེ་གཅིག་གིས་བསྐལ་སྟོང་མུན་འཇོམས་ལྟར། །འཁོར་བའི་མུན་ཁང་བདག་གིས་གསལ་བར་ཤོག །ཁབ་ལེན་རྡོ་བས་ལྕགས་སྒྲོག་གཅོད་པ་ལྟར། །ཞེན་པའི་འཆིང་ཀུན་བདག་གིས་གཅོད་བྱེད་ཤོག །པདྨའི་མཚོ་ལ་ངང་མོ་འདུ་བ་བཞན། །སྐལ་ལྡན་ཐམས་ཅད་བདག་ལ་འདུ་བར་ཤོག །གསེར་འགྱུར་རྩི་ཡིས་ལྕགས་རྣམས་སྒྱུར་བ་བཞིན། །མཐོང་ཐོས་དྲན་རེག་སྣང་བཞི་ཟད་ཕྱིན་ཤོག །ཤེལ་གོང་འདམ་དུ་བྱིང་ཡང་དྲི་མེད་ལྟར། །སྲིད་པར་སྐྱེས་ཀྱང་སྲིད་པས་མ་གོས་ཤོག །ཀ་ལ་པིངྐས་སྒོ་ངར་སྒྲ་འབྱིན་ལྟར། །མ་ཡི་མངལ་ནས་ཆོས་ཀྱི་སྒྲ་འབྱིན་ཤོག །སེང་ཕྲུག་མ་ཡི་རུམ་ནས་རྩལ་རྫོགས་ལྟར། །ལུས་རྒྱས་བཏུམས་ཀྱང་རྣལ་འབྱོར་རྩལ་རྫོགས་ཤོག །རྩི་མཆོག་པདྨོ་ཟོས་པས་ཚེ་རིང་ལྟར། །བདག་གིས་འགྲོ་ལ་ཚེ་དབང་སྦྱིན་ནུས་ཤོག །ཤ་ཀའི་ཤིང་ལས་སྨན་རིགས་འབྱུང་བ་ལྟར། །བདག་ལས་འགྲོ་


LT29_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འཚོ་བའི་སྨན་འབྱུང་ཤོག །དཔག་བསམ་དྲི་བཟང་ཁོར་ཡུག་འཐུལ་བ་ལྟར། །ཚུལ་ཁྲིམས་དྲི་ཡིས་ལྷར་བཅས་དགའ་སྐྱེད་ཤོག །ཆོས་ཀྱི་རྔ་སྒྲས་བག་མེད་སློང་བ་བཞིན། །འོད་གསལ་རྡོ་རྗེ་ཐེག་པའི་སྒྲ་སྒྲོགས་ཤོག །སྤྲིན་དང་བསང་བུ་མཁའ་ལ་གྲོལ་བ་ལྟར། །གཅེར་མཐོང་རིག་པར་རྟོག་ཚོགས་རང་གྲོལ་ཤོག །མཁའ་ལྡིང་དབང་པོ་ཀླུ་ཡིས་མི་བརྫི་ལྟར། །བར་ཆད་བདུད་ལས་རྟག་ཏུ་རྣམ་རྒྱལ་ཤོག །སེང་གེ་གང་ལའང་བག་ཚ་མེད་པ་བཞིན། །དངོས་དང་དངོས་མེད་ཀུན་ལ་བསྙེངས་བྲལ་ཤོག །བཻ་ཌཱུའི་སྙིང་པོར་དྲི་མས་མ་གོས་ལྟར། །སྡོམ་དང་དམ་ཚིག་ཉེས་པས་མ་གོས་ཤོག །ཆུ་བོ་རྒྱ་མཚོའི་གྲོགས་སུ་འགྱུར་བ་ལྟར། །འདོད་ཡོན་ལམ་གྱི་གྲོགས་སུ་འཁྱེར་ནུས་ཤོག །འབྱུང་བཞི་ཐམས་ཅད་ནམ་མཁས་ཁྱབ་པ་ལྟར། །བདག་གི་ཐུགས་རྗེས་འགྲོ་ཀུན་ལ་ཁྱབ་ཤོག །ཉི་ཟླས་གླིང་བཞི་སྐོར་ལ་ངལ་མེད་བཞིན། །པད་འབྱུང་ཕྲིན་ལས་རྟག་ཏུ་སྒྲུབ་བྱེད་ཤོག །ཡིད་བཞིན་ནོར་ལས་འདོད་པ་ཀུན་འཇོ་ལྟར། །བདག་ཉིད་སེམས་ཅན་ཀུན་གྱི་འདོད་འཇོར་ཤོག །གྲོང་ཁྱེར་རྒྱུན་གཅོད་ལྟ་བའི་གདིང་རྙེད་དེ། །རི་བོ་ཅོག་བཞག་མན་ངག་ཉམས་འོག་ཆུད། ཁམས་གསུམ་ཡོངས་གྲོལ་དགོངས་པའི་གཟེར་ཐེབས་ནས། །ཉོན་མོངས་གནས་དག་གང་ཟག་ཆོས་བོར་ཤོག །རྡོ་རྗེའི་སྐུ་ཅན་པད་འབྱུང་


LT29_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གྱི། །ལྟ་བ་སྐྱོང་ཞིང་བསྟན་པ་སྤེལ་བ་དང་། །གདུལ་དཀའ་འདུལ་བའི་ཕྲིན་ལས་རབ་བསྒྲུབས་ནས། །པདྨ་འོད་ཀྱི་ཀློང་དུ་བྱང་ཆུབ་ཤོག །ཅེས་པའང་ས་ཕོ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་དུས་བཟང་མཆོད་པའི་སྐབས་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གུས་པ་ཆེན་པོས་གསོལ་བ་བཏབ་པ་སྟེ་མཆོག་གསུམ་རྩ་བ་གསུམ་ལ་བསླུ་བ་མི་མངའ་བའི་བདེན་པས་དེ་དེ་བཞིན་ཏུ་འགྲུབ་བར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།སྐྱབས་གཅིག་སངས་རྒྱས་གཉིས་པའི་མཚན་གྱི་བྱེ་བྲག་ལ་བསྟོད་ཅིང་དགོས་དོན་སྨོན་ལམ་དུ་གསོལ་བ་འདོད་འཇོའི་གཏེར་བུམ་ཞེས་བྱ་བ། །ཆོས་དབྱིངས་རྣམ་དག་པདྨོ་བདེ་བ་ཅན། །མ་འཁྲུལ་རང་རིག་སངས་རྒྱས་འོད་མི་འགྱུར། །རང་སྣང་འཁོར་ལ་དགོངས་པ་རྒྱུད་རང་ཤར་བསྟན། །སྤྲུལ་པའི་སེམས་དཔས་བསྡུས་པ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་བར་བྱིན་གྱིས་རློབས། །དེ་ཉིད་རིག་འཛིན་བརྡ་དང་གང་ཟག་གི། ཚིག་ལས་བརྒྱུད་དེ་གདུལ་བྱའི་ལམ་འདྲེན་ཕྱིར། །སྐུ་དང་ཞིང་གི་བཀོད་པ་ཚད་མེད་པ། །འཁོར་བ་ཇི་སྲིད་སྟོན་ལ་གསོལ༴ བསམ་པ༴ ཀོ་ཥའི་མཚོ་ཀླིང་པད་སྡོང་དགུ་པའི་དབུས། །རབ་འབྱམས་རྒྱལ་བ་ཀུན་གྱི་གསང་བ་འདུས། །རིགས་ཀུན་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་འཆང་། །པདྨ་འབྱུང་གནས་ཞབས་ལ༴ བསམ་པ༴ ཨོ་རྒྱན་རྒྱལ་སར་སྟོབས་ཀྱི་འཁོར་ལོས་སྒྱུར། །རྡུལ་སྙེད་སྨིན་ཅིང་


LT29_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནས་ངེས་འབྱུང་སྟེ། །བརྟུལ་ཞུགས་སྤྱོད་པས་མཁའ་འགྲོའི་དབང་ཕྱུག་གྱུར། །པདྨ་རྒྱལ་པོའི་ཞབས་ལ༴ བསམ་པ༴ རིག་པའི་གནས་ལྔར་མཁས་པའི་ཕུལ་དུ་ཕྱིན། །རཱ་ག་རཀྟར་ཚེ་དཔག་མེད་མགོན་གྲུབ། །རྡོ་རྗེའི་སྐུ་ཅན་སངས་རྒྱས་ཐོད་པ་རྩལ། །བློ་ལྡན་མཆོག་སྲེད་ཞབས་ལ༴ བསམ་པ། །ཆོ་འཕྲུལ་ཆེན་པོས་ཟ་ཧོར་རྒྱལ་ཁམས་བཏུལ། །སྨྲ་བའི་སེང་གེ་པ་ཆེན་བྱེ་བའི་གཙུག །ཡན་ལག་མེད་བའི་རྡོ་རྗེའི་ཅོད་པན་མཛེས། །པདྨ་ས་བྷ་བ་ལ༴ བསམ་པ༴ དུར་ཁྲོད་བརྒྱད་དུ་དཔའ་བོའི་དབང་ཕྱུག་ཚུལ། །རིག་འཛིན་འབུམ་ལ་བཀའ་ཡི་བགྲོ་བ་མཛད། །འཕྲུལ་མཚན་བཞི་བཅུའི་གར་གྱི་རོལ་མོ་པ། །ཉི་མ་འོད་ཟེར་ཞབས་ལ༴ བསམ་པ༴ རྡོ་རྗེ་གདན་དུ་བདུད་བཞིའི་གཡུལ་ངོ་བཅོམ། །མུ་སྟེགས་ཚར་གཅོད་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །ཐུབ་པའི་རྒྱལ་ཚབ་ཐུབ་དབང་གཉིས་པར་གྲགས། །ཤཱཀྱ་སེང་གེའི་ཞབས་ལ༴ བསམ་པ༴ ལོག་སྨྲའི་སྟོན་པ་ཡིད་སྲུབས་རྒྱབ་བརྟེན་བཅས། །དྲག་ཤུལ་རོལ་པས་མིང་གི་ལྷག་མར་བཀོད། །གསང་བའི་མཛོད་འཛིན་གསང་བདག་ཧེ་རུ་ཀའི། །སེང་གེ་སྒྲ་སྒྲོགས་ཞབས་ལ༴ བསམ་པ༴ གདོང་དམར་མི་དང་མི་མིན་གདུག་པའི་ཚོགས། །དངོས་དང་བརྒྱུད་ནས་ཐབས་ཀྱི་ཐེག་པར་བཞག །སྙིགས་དུས་ཐུགས་རྗེའི་ཕྲིན་ལས་ཁྱད་པར་ཅན། །རྡོ་རྗེ་གྲོ་


LT29_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཞབས་ལ༴ བསམ་པ༴ མ་རུངས་གྲིན་པོའི་རྒྱལ་ཁམས་ཐབས་ཀྱིས་བཏུལ། །གསང་ཆེན་ཆོས་འཁོར་དུས་གསུམ་རྟག་པ་བསྐོར། །སངས་རྒྱས་ཆོ་འཕྲུལ་ཞིང་ཁམས་མཐའ་ཡས་ཁྱབ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ༴ བསམ་པ་ལྷུན་གྱིས་འགྲུབ་བར་བྱིན་གྱིས་རློབས། །ཁྱེད་ནི་དཀོན་མཆོག་ཀུན་གྱི་སྤྲུལ་པ་སྟེ། །དཀོན་མཆོག་ཀུན་ཀྱང་ཁྱེད་ཀྱི་རྣམ་འཕྲུལ་ལགས། །ཁྱེད་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྟེ། །དཀྱིལ་འཁོར་ཀུན་ཀྱང་ཁྱེད་ཀྱི་རོལ་གར་ཉིད། །ཁྱེད་ནི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཏེ། །འཁོར་འདས་ཀུན་ཀྱང་ཁྱེད་ཀྱི་བཀོད་པ་ལགས། །ཁྱེད་ནི་བློ་གཏད་ཐུབ་པའི་སྐྱབས་མཆོག་སྟེ། །ཁྱོད་དོར་ནས་ནི་སྐྱབས་གཞན་མི་ཚོལ་བའི། །རྗེས་འཇུག་བདག་ཅག་ཐུགས་རྗེས་མི་འདོར་བ། །སངས་རྒྱས་རྟག་པ་ཨོ་རྒྱན་གུ་རུ་མཁྱེན། །མངོན་ཤེས་དྲུག་ཅུས་འཁོར་འདས་ས་ལེར་མཁྱེན། །གདུལ་བྱ་འདུལ་ཚུལ་ནམ་ཡང་བསྙེལ་བ་མེད། །དེ་ཕྱིར་མགོན་པོ་ཁྱོད་ཀྱི་བྲན་ཐ་ལ། །ཡེ་ཤེས་སྤྱན་གྱིས་མྱུར་དུ་གཟིགས་སུ་གསོལ། །དད་ལྡན་མི་རེའི་མདུན་ཏུ་པད་འབྱུང་ཞེས། །ཡིད་ཆེས་སྙིང་གི་ཐིག་ལེར་བསྒོམ་པ་ལ། །རྡོ་རྗེའི་མཚན་དཔེ་གསལ་བར་མི་སྟོན་ན། །བདེན་གསུང་རྡོ་རྗེའི་ཐ་ཚིག་གང་དུ་འགྱུར། །ནངས་རེ་དགོངས་རེར་འབྱོན་པར་ཞལ་འཆེས་ལ། །རྟག་ཏུ་


LT29_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་སྙིང་ནས་འདེབས་བའི་ཚེ། ལུང་བསྟན་ཆོས་སྒྲ་སྒྲོགས་པར་མི་མཛད་ན། །སྣོད་བཅུད་འཛོམ་པའི་རྟེན་འབྲེལ་རྫུན་དུ་འགྱུར། །སྙིགས་དུས་ཐུགས་རྗེ་མྱུར་བར་དམ་བཅས་པས། །མོས་གུས་ཏིང་འཛིན་ནུས་ཚད་སྒོམ་པ་ལ། །ཡེ་ཤེས་ཆེན་པོའི་བྱིན་རླབས་མི་འབེབས་ན། །འཕོ་ཆེན་འཇའ་སྐུའི་མཐུ་རྩལ་དམན་པར་འགྱུར། །སྐལ་པ་དམན་ཅེས་བཏང་སྙོམས་ཡུལ་མཛད་ཅིང་། །ལས་ཉོན་སྒྲིབ་པའི་གཞན་དབང་ལ་བཏང་ན། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་བསྐྱེད་དང་། །ཕྲིན་ལས་བྲག་ཆའི་གླིང་བུར་མི་འགྱུར་རམ། །སྒྲིབ་པ་ཆེ་བས་ཐུགས་རྗེ་ཅན་སྐུལ་གྱི། །སྒྲིབ་གཉིས་དག་ནས་ཁྱོད་ལ་གསོལ་ཅི་འཚལ། །སྙིང་རྗེའི་ཆབ་ཀྱིས་བདག་རྒྱུད་བཀྲུ་བར་མཛོད། །སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །རིག་འཛིན་བླ་མས་རྟག་ཏུ་བྱིན་རློབ་ཅིང་། །ཡི་དམ་ལྷ་མཆོག་རྣམས་ཀྱི་ཞལ་རས་མཐོང་། །མཁའ་འགྲོ་དམ་ཅན་བྲན་ལྟར་ཁོལ་བ་ཡི། །རྒྱལ་ཚབ་རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །རྒྱལ་བ་ཀུན་གྱི་གསང་བ་མཐའ་དག་དང་། །ཁྱད་པར་ཟབ་གསང་རྡོ་རྗེ་སྙིང་པོ་ལ། །རང་དབང་ཐོབ་ནས་གསང་བ་ཀུན་གྱི་མཛོད། །འཛིན་ནུས་རྡོ་རྗེ་ཆོས་སུ་བྱིན་གྱིས་རློབས། །གསང་བདག་ཡོངས་འཛིན་བརྒྱུད་པར་ལྡན་ཀུན་མཇལ། །གསང་ཆེན་སྨིན་གྲོལ་སེལ་མེད་འདོད་བཞིན་ཐོབ། །


LT29_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཛོད་མཐའ་དག་འཛིན་ཅིང་སྟོན་ནུས་པའི། །གསང་བདག་གཉིས་པར་གྲགས་པར་བྱིན་གྱིས་རློབས། །ཐོས་པའི་སྐབས་སུ་བླ་མའི་ཐུགས་ཟིན་ཅིང་། །སྒྲུབ་ལ་ཞུགས་ཚེ་ཉམས་རྟོགས་དབྱར་མཚོ་རྒྱས། །འཆད་ཚེ་མ་དང་མཁའ་འགྲོས་གནང་བ་སྩལ། །འགྲོ་ཕན་ནམ་མཁའ་མཉམ་པར་བྱིན་གྱིས་རློབས། །ཨོ་རྒྱན་རྡོ་རྗེའི་གསུང་གསང་ཀུན་སྡུད་ཅིང་། །ཇི་བཞིན་རྟོགས་ནས་དོན་བཞིན་འགྲེལ་པ་ཡི། །ལེགས་བཤད་སྨིན་གྲོལ་ས་ཆེན་ཀུན་ཏུ་ཁྱབ། །བསྟན་པ་ཡུན་རིང་འབར་བར་བྱིན་གྱིས་རློབས། །ཁྱོད་ཀྱི་བསྟན་ལ་གཞན་དྲིང་མི་འཇོག་པའི། །བྱ་བ་རླབས་ཆེན་ཚེ་རབས་ཀུན་ཏུ་སྒྲུབ། །དེ་ལ་བར་ཆད་ཅུང་ཟད་མི་འབྱུང་བར། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རང་དོན་ཚགས་སུ་ཚུད་ནས་གཞན་གྱི་དོན། །འབད་མེད་ལྷུན་གྲུབ་སྲིད་པ་ཇི་སྲིད་དུ། །འགྱུར་མེད་རྡོ་རྗེའི་སྐུ་མཆོག་མགོན་ཁྱོད་དང་། །མཉམ་པ་ཉིད་དུ་འགྲོ་ཀུན་འདྲེན་གྱུར་ཅིག །གང་གི་ཚེ་རིན་པོ་ཆེ་གཏེར་གྱི་མཛོད་ཡོངས་སུ་སྡུད་པར་བརྩམ་པ་ན། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་ཡོན་ཏན་གཏེར་མཛོད་ཀྱི་རིམ་པ་གཉིས་ལ་མཉམ་པར་བཞག་པ་དང་རྗེས་སུ་འབྲེལ་པར། པདྨ་དགྱེས་པའི་འབངས་པདྨ་གར་དབང་བདེ་བའི་རྡོ་རྗེས་གསོལ་བ་བཏབ་པ་ཡ་ཐཱ་སིདྡྷི་རསྟུ།། ༈ །ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་ལ་དུས་སུ་ཐུགས་རྗེ་སྐུལ་ཞིང་གསོལ་བ་གདབ་པ་


LT29_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུ་ཡོངས་འདུས་ཞེས་བྱ་བ་བཞུགས་སོ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །གསུང་རབ་དམ་ཆོས་མ་ལུས་འབྱུང་བའི་གནས། །འཕགས་མཆོག་དགེ་འདུན་ཚོགས་རྣམས་སྐྱེད་པའི་ཡབ། །གུ་རུ་པདྨའི་ཞབས་ལ་གསོལ་བ་འདེབས། །རྩ་བརྒྱུད་བླ་མ་ཀུན་འདུས་རྡོ་རྗེ་འཆང་། །ཡི་དམ་ལྷ་ཚོགས་འཆར་གཞི་འཁོར་ལོའི་མགོན། །དཔའ་བོ་རྣལ་འབྱོར་མ་རྣམས་ཚོགས་ཀྱི་རྗེ། །པདྨ་བཛྲ་རྩལ་ལ་གསོལ་བ་འདེབས། །གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །ངེས་པ་ལྔ་ལྡན་རྣམ་སྣང་ནམ་མཁའི་རྒྱལ། །མཁའ་ཁྱབ་འགྲོ་འདུལ་སངས་རྒྱས་པདྨ་སྐྱེས། །བདེ་བ་ཆེན་པོའི་ཞབས་ལ༴ བདེ་བ་ཅན་ན་མགོན་པོ་འོད་དཔག་མེད། །རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས། །བརྫུས་སྐྱེས་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་འཆང་། །པདྨ་འབྱུང་གནས་ཞབས་ལ༴ འདས་པའི་དེ་བཞིན་གཤེགས་རྣམས་གདུང་འཚོབ་ཅིང་། །ད་ལྟའི་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད། །མ་བྱོན་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ། །པདྨ་ཀུན་ཏུ་འཆང་ལ་གསོལ་བ་འདེབས། །མཁྱེན་པའི་ཡེ་ཤེས་ཤེས་བྱ་ཀུན་ལ་ཁྱབ། །བརྩེ་བའི་ཐུགས་རྗེ་འགྲོ་ཁམས་ཇི་སྲིད་འཇུག །ནུས་པའི་མཐུ་ཡིས་བདུད་བཞི་རྩད་ནས་བཅོམ། །པདྨ་སྣང་བ་མཐའ་ཡས༴ ཕྱོགས་བཅུའི་ཞིང་ན་བསྟན་གཉིས་སྟོན་པའི་གཙོ། །འགྲོ་དྲུག་


LT29_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་རིག་པའི་སྐྱེས་བུ་དྲུག །སྟོང་གསུམ་ཞིང་ན་བྱེ་བ་ཕྲག་བརྒྱའི་འཕྲུལ། །པདྨ་གར་གྱི་དབང་ལ༴ ཛམྦུའི་གླིང་ན་འཕྲུལ་མཚན་བཅུ་ཕྲག་བཞི། །འཕགས་བོད་ལྗོངས་སུ་འགྲོ་འདུལ་མཚན་མཆོག་བརྒྱད། །རྔ་ཡབ་གླིང་ན་རཀྴ་ཐོད་ཕྲེང་རྩལ། །པདྨ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །སྐལ་ལྡན་རྣམས་ལ་ཐུབ་མཆོག་ཤཱཀྱའི་རྒྱལ། །དབང་འབྲིང་རྣམས་ངོར་པདྨ་སཾ་བྷ་བ། །སྙིགས་དུས་རིག་པ་འཛིན་པའི་སློབ་དཔོན་ཚུལ། །པདྨ་རྣམ་པར་སྣང་ལ་གསོལ་བ་འདེབས། །དག་པའི་ཞིང་ན་ཐོད་ཕྲེང་སྡེ་ལྡར་སྤྲུལ། །འཕགས་པའི་ཡུལ་དུ་གྲུབ་ཆེན་བརྒྱད་ཅུར་འཕྲུལ། །བོད་དུ་རྗེ་འབངས་ཉི་ཤུ་རྩ་ལྔར་སྤྲུལ། །པདྨ་རྣམ་པར་རོལ་ལ༴ ངོ་བོ་རང་བྱུང་འཆི་མེད་རྡོ་རྗེའི་སྐུ། །རྣམ་པ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །རྒྱལ་བ་ཀུན་ལས་ལྷག་པའི་ཕྲིན་ལས་ཅན། །པདྨ་ཚེ་དཔག་མེད་ལ༴ སྒྲིབ་པ་ཅན་ལ་རྒྱུ་འབྲས་ལས་ཀྱི་གཟུགས། །ལམ་པར་བསླབ་པའི་ཆོས་དང་མངོན་རྟོགས་ཚུལ། །སྒྲིབ་བྲལ་རྣམས་ལ་སྐུ་དང་ཞིང་ཁམས་སྣང་། །པདྨ་སྒྱུ་འཕྲུལ་དྲྭ་བར༴ གདུལ་བར་དཀའ་ལ་ཐེག་པ་སྣ་ཚོགས་སྟོན། །དབང་པོ་སྨིན་ལ་ཐེག་ཆེན་སེང་གེའི་སྒྲ། །རིགས་མཆོག་འོད་གསལ་རྡོ་རྗེ་རྩེ་མོས་འདུལ། །པདྨ་ཆོས་ཀྱི་དབྱངས་ལ༴ བློ་གྲོས་དམན་ལ་ཆགས་བྲལ་ཉན་ཐོས་


LT29_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །བློ་ཆེན་རྣམས་ངོར་དབང་ཐོབ་རྒྱལ་བའི་སྲས། །རྟག་ཏུ་སངས་རྒྱས་མཛད་པའི་རོལ་མོ་པ། །པདྨ་ཀུན་ཏུ་བཟང་ལ༴ ཕྱི་ལྟར་གསང་གསུམ་ཡོན་ཏན་མཛད་པར་བཅས། །ནང་ལྟར་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །དོན་དམ་ཡེ་ཤེས་ཀློང་དགུའི་ཐིག་ལེར་ཤར། །པདྨ་ཆེ་བའི་མཆོག་ལ། །རིགས་མཆོག་ཀུན་འདུས་དཀྱིལ་འཁོར་ཚོམ་བུ་དགུ། །བར་ཆད་ཀུན་སེལ་རྣམ་འཕྲུལ་བཅུ་གཉིས་སྤྲོ། །བསམ་ཀུན་འགྲུབ་མཛད་འགྲོ་འདུལ་བཅུ་གསུམ་སྟོན། །པདྨ་ཀུན་བྱེད་རྒྱལ་ལ༴ དྲན་པ་ཙམ་གྱིས་འདི་ཕྱིའི་འཇིགས་ལས་སྐྱོབ། །གསོལ་བ་བཏབ་ན་འདོད་རྒུའི་དངོས་གྲུབ་སྟེར། །ཚུལ་བཞིན་བསྒྲུབ་ན་བདེ་ཆེན་མཆོག་སྟེར་མཛད། །གུ་རུ་ཡིད་བཞིན་ནོར་བུ་ལ༴ མཚན་ཐོས་ཙམ་གྱིས་ཐར་པའི་ས་བོན་སྐྲུན། །དད་པ་ཙམ་གྱིས་བྱང་ཆུབ་མྱུ་གུ་སྐྱེད། །འབྲེལ་ཐོབ་ཙམ་གྱིས་སྐྱེ་བར་རྗེས་སུ་འཛིན། །གུ་རུ་ཡིད་བཞིན་ནོར་བུ་ལ། །དྲན་པས་གདུང་བ་སེལ་མཛད་གུ་རུ་རྗེ། །སྐྱབས་དང་སྐྱོབ་པ་ཐམས་ཅད་གཅིག་བསྡུས་དཔལ། །ཚེ་རབས་ཀུན་ཏུ་བསྟེན་པའི་གཙུག་གི་རྒྱན། །གུ་རུ་ཡིད་བཞིན་ནོར་བུ་ལ༴ སྙིགས་མའི་འགྲོ་ལ་བརྩེ་བའི་ཐུགས་རྗེ་ཅན། །བོད་འབངས་བུ་ལྟར་སྐྱོབ་པའི་བཀའ་དྲིན་ཅན། །དད་ལྡན་མདུན་ཏུ་བཞུགས་པའི་ཐུགས་དམ་ཅན། །གུ་རུ་ཡིད་བཞིན་ནོར་བུ་ལ༴ སྐྱེ་འཆི་འཕོ་འགྱུར་མེད་


LT29_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་མཚར་ཅན། །ཚེས་བཅུར་རྒྱུན་ཏུ་འབྱོན་པའི་རྫུ་འཕྲུལ་ཅན། །རྣམ་འཕྲུལ་རྒྱུན་ཆད་མེད་པའི་འགྲོ་དོན་ཅན། །གུ་རུ་ཡིད་བཞིན་ནོར་བུ་ལ༴ བར་ཆད་བདུད་དཔུང་འཇོམས་པའི་མཐུ་སྟོབས་ཅན། །མ་རུངས་གདུལ་དཀའ་འདུལ་བའི་ཐབས་མཁས་ཅན། །ལས་ངན་ལམ་སྣ་འདྲེན་པའི་བྱིན་རླབས་ཅན། །གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ༴ སྐུ་ཚབ་སྐྱེས་བུ་དུས་དང་འཚམས་པར་བྱོན། །གསུང་ཚབ་གཏེར་ཆོས་མོས་པ་བཞིན་ཏུ་བརྡོལ། །ཐུགས་ཀྱི་ཡེ་ཤེས་དད་ལྡན་ཀུན་ལ་འབེབས། །གུ་རུ་ཡིད་བཞིན་ནོར་བུ་ལ༴ རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབས། །རྟེན་མཆོག་དམ་རྫས་ས་སྟེང་ཡོངས་སུ་བཀང་། །གྲོལ་བ་བཞི་ལྡན་འགྲོ་དོན་རྒྱུན་མི་འཆད། །གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས། །དེང་སང་དུས་ངན་སྙིགས་མའི་མཐའ་ལ་ཐུག །ཐར་པ་བསྒྲུབས་ཀྱང་བར་ཆད་གཞན་དབང་གྱུར། །ཁྱོད་རྗེས་ཞུགས་ཀྱང་ལོག་པར་འཕྱན་ལགས་ན། །མགོན་པོ་བདེ་བ་ཆེན་པོས་གཟིགས་སུ་གསོལ། །འཁོར་བ་སྲིན་མོའི་གླིང་དུ་འཁྱམས་པ་བདག །དྲིན་གྱིས་འབྲེལ་བའི་ཕ་མ་རིགས་དྲུག་བཅས། །སྐྱབས་གནས་གཞན་གྱིས་སྤངས་ནས་ཡུན་རིང་བས། །དུས་གསུམ་མཁྱེན་པས་མྱུར་དུ་བསྐྱབ་ཏུ་གསོལ། །སྒོ་གསུམ་བྱ་བ་མི་དགེ་ཁོ་ནར་ཟད། །ཕལ་ཆེར་


LT29_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་ལས་ཀྱི་ཉེས་པས་ནོངས། །མཐོང་ཐོས་དྲན་རེག་སྒྲོལ་བའི་ཐུགས་རྗེའི་འོད། །རབ་ཏུ་བྱུང་ལ་བདག་རྒྱུད་དག་མཛད་གསོལ། །སངས་རྒྱས་བསྟན་པ་དགོངས་ཀའི་དམར་ཐག་བཞིན། །གངས་ཅན་བདེ་སྐྱིད་སྟོན་གྱི་ཆུ་བྲན་ལྟར། །ནད་མུག་འཁྲུགས་རྩོད་བུ་ཡུག་འཚུབས་འདྲ་བའི། །དུས་ངན་སྙིགས་མའི་རྣམ་འགྱུར་བཟློག་ཏུ་གསོལ། །ཚེ་མཐར་ཕྱིན་ཅིང་ཆོས་མཐུན་འཚོ་བས་འབྱོར། །དགེ་བའི་བཤེས་དང་ཉེ་ལམ་སྙིང་པོ་མཇལ། །སྒྲུབ་ལ་བརྩོན་ཅིང་གཡེང་བས་མི་བསླུ་བར། །མཆོག་དངོས་འགྲུབ་པའི་བྱིན་རླབས་དབང་སྐུར་སྩོལ། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། ཚེ་འདིར་གདོད་མའི་བཙན་ས་ཟིན་པ་དང་། །འཕོས་ཚེ་སྡུག་བསྔལ་མི་འབྱུང་ཏིང་འཛིན་དང་། །བདེ་ཆེན་ཞིང་དུ་ལམ་སྣ་འདྲེན་ཏུ་གསོལ། །ཚེ་འདིར་སངས་རྒྱས་བསྟན་དང་སེམས་ཅན་ལ། །འཕྲལ་ཡུན་ཕན་པའི་བྱ་བ་རླབས་ཆེན་འགྲུབ། །མུ་མཐའ་མེད་པའི་མཁའ་མཉམ་ཕ་མ་ཀུན། །འདྲེན་པའི་བླ་མ་མཆོག་ཏུ་བདག་འགྱུར་མཛོད། །མདོར་ན་བདག་གིས་བསམ་པའི་དོན་མཐའ་དག །བར་ཆད་མེད་ཅིང་མྱུར་བ་ཉིད་འགྲུབ་སྟེ། །རྣམ་ཐར་དཔལ་གྱི་འབྱོར་པ་མི་ཟད་པས། །བསྟན་འགྲོར་དགེ་བའི་ཉེར་འཚོར་མཛད་དུ་གསོལ། །སྐུ་དང་ཞིང་ཁམས་ཡོན་ཏན་མཛད་པར་བཅས། །གུ་རུ་ཡིད་


LT29_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་གིས་མྱུར་འགྲུབ་སྟེ། །བདེ་ཆེན་རྡོ་རྗེའི་མཁའ་ཁམས་རྟག་ཁྱབ་ཤོག །ཅེས་པ་འདིའང་དྲག་པོ་ལྕགས་སྤྲེལ་སྤྲེལ་ཟླའི་ཚེས་བཅུར་རྩ་བའི་གུ་རུ་མཚོ་སྐྱེས་རྡོ་རྗེའི་བསྙེན་སྒྲུབ་བཞུགས་པ་དང་ཆབ་ཅིག་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙྭ་འདྲ་རིན་ཆེན་བྲག་གི་སྙིང་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གསོལ་བ་བཏབ་པ་འགྲོ་བ་ཀུན་ལ་གུ་རུའི་།ཐུགས་རྗེ་འཇུག་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །གུ་རུ་པདྨ་འབྱུང་གནས་ལ་ཐུགས་དམ་བསྐུལ་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ནོར་བུའི་རྒྱལ་པོ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། །ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་རྗེ། །གསང་སྔགས་སྟོན་པ་རྡོ་རྗེ་ཐོད་ཕྲེང་རྩལ། །གསང་བའི་མཛོད་འཛིན་ཡེ་ཤེས་མཚོ་རྒྱལ་མ། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །འབྱུང་བཞིས་མ་གོས་པད་སྡོང་རྩེ་ལས་འཁྲུངས། །སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ་མཆོག་བརྙེས། །བདེ་སྟོང་འགྱུར་མེད་ཐབས་ཤེས་ཟུང་འཇུག་ཚུལ། །སྲིད་ཞིའི་ཁྱབ་བདག་པད་འབྱུང་ཡབ་ཡུམ་ལ། །རྩེ་གཅིག་གསོལ་འདེབས་འདིར་གཤེགས་བྱིན་གྱིས་རློབས། །སྐུ་ཡི་ཞལ་སྟོན་གསུང་གིས་གདམས་བ་སྩོལ། །འོད་གསལ་ཡེ་ཤེས་ཐུགས་དང་དབྱེར་མེད་མཛོད། །ཆོས་ཀུན་


LT29_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྒྱུར་པད་འབྱུང་ཡབ་ཡུམ་ལ། །རྩེ་གཅིག་གསོལ་འདེབས༴ སྐུ་ཡིས་ཞལ་སྟོན༴ འོད་གསལ་ཡེ་ཤེས༴ དཀོན་མཆོག་ཀུན་འདུས་པད་འབྱུང་ཡབ་ཡུམ༴ རྩེ་གཅིག༴ སྐུ་ཡིས༴ འོད་གསལ༴ རྩ་གསུམ་སྤྱི་དཔལ་པད་འབྱུང་ཡབ་ཡུམ་ལ། །རྩེ་གཅིག་གསོལ༴ སྐུ་ཡིས་ཞལ་སྟོན༴ འོད་གསལ་ཡེ་ཤེས༴ སྐུ་གསུམ་བདག་ཉིད་པད་འབྱུང་༴ རྩེ་གཅིག༴ སྐུ་ཡིས༴ འོད་གསལ༴ ཐུགས་རྗེ་ཆེ་ལྡན་པད་འབྱུང་ཡབ༴ རྩེ་གཅིག༴ སྐུ་ཡིས༴ འོད་གསལ༴ བཀའ་དྲིན་མཚུངས་མེད་པད་འབྱུང་༴ རྩེ་གཅིག༴ སྐུ་ཡིས༴ འོད་གསལ༴ བོད་ཁམས་སྐྱབས་གཅིག་པད་འབྱུང་༴ རྩེ་གཅིག༴ སྐུ་ཡིས༴ འོད་གསལ༴ སྙིགས་འགྲོའི་མགོན་པོ་པད་འབྱུང་༴ རྩེ་གཅིག༴ སྐུ་ཡིས༴ འོད་གསལ༴ ཁྱེད་ཀྱི་གདུལ་བྱའི་ཡུལ་གྱུར་ཐུན་མིན་པ། །ཉམ་ཐག་ཉོན་མོངས་དབང་གྱུར་བདག་ལགས་སོ། །བདག་གི་རེ་ལྟོས་མགོན་པོ་ཁྱེད་ལས་མེད། །མངོན་ཤེས་རྫུ་འཕྲུལ་ཁྱེད་ལས་མྱུར་བ་མེད། །ཐབས་མཁས་ཐུགས་རྗེ་ཁྱེད་ལས་ཆེ་བ་མེད། །དུས་ངན་ཐ་མའི་དཔལ་མགོན་ཁྱེད་ལགས་ན། །གསང་གསུམ་སྣང་བས་མངོན་སུམ་རྗེས་བཟུང་ནས། །མདོ་རྒྱུད་བཀའ་དང་ཟབ་མོ་གཏེར་གྱི་ལུང་། །སྙིང་པོ་གདམས་ངག་ཐུན་མོང་ལས་རབ་


LT29_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས། །ཐུན་མིན་གསང་བའི་མཛོད་ལ་རང་དབང་སྒྱུར། །ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ། །དུས་ལ་བབ་པོ་ཐུགས་རྗེའི་རྩལ་ཤུགས་སྐྱེད། །བསྐུལ་ཞིང་གསོལ་བའི་དུས་སུ་མ་དགོངས་ན། །བསླུ་མེད་བདེན་གསུང་རྡོ་རྗེའི་ལུང་དང་འགལ། །ཐུགས་རྗེ་རྫུ་འཕྲུལ་ཆེ་བས་ཅི་ཞིག་བྱ། །བློ་སྙིང་བྲང་གསུམ་གུ་རུ་རྗེ་ལ་གཏད། །རྩེ་གཅིག་གསོལ་འདེབས་ཡལ་བར་མ་འདོར་བར། །ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཕོབ། །ལུས་ལ་སྐུ་ཡི་བྱིན་ཕོབ་ལུས་སྒྲིབ་སོལ། །འཆི་མེད་འཇའ་ལུས་རྡོ་རྗེར་མངོན་གྱུར་མཛོད། །ངག་ལ་གསུང་གི་བྱིན་ཕོབ་དག་སྒྲིབ་སོལ། །གསང་ཆེན་ཆོས་དབྱངས་དུས་གསུམ་སྒྲོག་ནུས་མཛོད། །ཡིད་ལ་ཐུགས་ཀྱི་བྱིན་ཕོབ་ཡིད་སྒྲིབ་སོལ། །རང་བྱུང་གདོད་མའི་ཡེ་ཤེས་རབ་གསལ་མཛོད། །མདོར་ན་རྟག་ཏུ་ཐུགས་རྗེས་རབ་གཟིགས་ལ། །བྱིན་གྱིས་རློབ་ཅིང་དབང་མཆོག་སྐུར་བ་དང་། །སྐད་ཅིག་ཙམ་ཡང་འབྲལ་མེད་རྗེས་སུ་ཟུངས། །བར་ཆད་གེགས་ཀྱི་ཕྱོགས་ལས་རྣམ་རྒྱལ་ཞིང་། །རྡོ་རྗེའི་ལམ་མཆོག་འབད་པ་མེད་པར་བགྲོད། །ས་མཐར་ཕྱིན་ནས་གསང་བའི་བརྟུལ་ཞུགས་གྲུབ། །འགྲོ་ངོར་རིག་འཛིན་རྣམ་ལྔའི་ལུས་བཟུང་ནས། །གང་འདུལ་ཐབས་ཀྱིས་གདུལ་དཀའ་མ་ལུས་འདུལ། །


LT29_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཕྲིན་ལས་ཤིང་རྟ་རང་དབང་སྒྱུར། །སྲིད་པ་ཇི་སྲིད་བར་དུ་བསྟན་འགྲོའི་དོན། །བསམ་ཡས་བསྒྲུབས་ནས་ཉིད་དང་དབྱེར་མེད་པར། །མངོན་པར་བྱང་ཆུབ་དོན་གཉིས་མཐར་ཕྱིན་པའི། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ཞེས་ཡོན་ཏན་གསུང་གི་གནས་མཆོག་བདེ་ཆེན་པདྨ་ཤེལ་གྱི་ཕུག་པར་གུ་རུ་རིན་པོ་ཆེའི་རྡོ་རྗེའི་ལུང་དོན་རིམ་པར་བསྒྲུབ་བར་རྩོམ་པའི་ཐོག་མར་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཤར་ཕྱོགས་ཀྱི་ཚེས་བརྒྱད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཡ་ཐཱ་སིདྡྷི་རསྟུ།། ༈ །།གུ་རུ་པདྨ་སཾ་བྷ་བ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་དངོས་གྲུབ་མཆོག་སྩོལ་ནོར་བུའི་རྒྱལ་པོ་བཅུད་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་སཾ་བྷ་བཱ་ཡ། །དུས་གསུམ་རྒྱལ་བ་རྒྱ་མཚོ་སྤྱི་ཡི་གཟུགས། ཁམས་གསུམ་འགྲོ་བ་ཡོངས་ཀྱི་འདྲེན་པ་མཆོག །བླ་མེད་བླ་མ་པདྨ་སཾ་བྷ་བར། །གསོལ་བ་འདེབས་སོ་བསམ་དོན་མྱུར་འགྲུབ་མཛོད། །རིགས་དང་དཀྱིལ་འཁོར་ཀུན་ལ་མངའ་མཛད་ཀྱང་། །འདུལ་ཐབས་མཁས་པས་པདྨའི་རིགས་སུ་བྱོན། །ཆགས་མེད་སྐྱོན་བྲལ་པདྨ་སཾ་བྷ་བར། །གསོལ་བ་འདེབས་སོ། །སྣང་བ་མཐའ་ཡས་ཐུགས་རྗེ་རོལ་བའི་གར། །སོར་རྟོགས་ཡེ་ཤེས་ཏྲཱིཿཡིག་འབར་ཞུའི་རླབས། །མཚན་དཔེའི་སྐུར་སྣང་པདྨ་སཾ་བྷ་བར། །གསོལ་བ་འདེབས་སོ། །ཡིད་བཞིན་གཏེར་འབྱུང་དྷ་ན་ཀོ་ཥའི་


LT29_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར། །མདངས་ལྡན་པདྨའི་སྙིང་པོར་བརྫུས་ཏེ་འཁྲུངས། །རང་བྱུང་སྤྲུལ་སྐུ་པདྨ་སཾ་བྷ་བར། །གསོལ་བ༴ རྒྱལ་རིགས་བྲམ་ཟེ་རིག་པ་འཛིན་རྣམས་ཀྱི། །སྲས་ཀྱི་ཚུལ་སྟོན་དེ་འདུལ་གདུལ་བྱ་རྣམས། །བྱང་ཆུབ་ལམ་འདྲེན་པདྨ་སཾ་བྷ་བར། །གསོལ་བ༴ སྙིགས་ལྔའི་གདུལ་དཀའ་འདུལ་ལ་ཐུགས་དཔའ་བས། །པད་དཀར་བཞིན་ཏུ་སྲས་བཅས་རྒྱལ་ལས་འཕགས། །ཐུབ་དབང་གཉིས་པ་པདྨ་སཾ་བྷ་བར། །གསོལ་བ༴ ངོ་བོ་བྲལ་སྨིན་ཡོན་ཏན་བྱེ་བས་བརྒྱན། །རྣམ་པ་དགོས་འབྱུང་ཡོན་ཏན་གཏེར་གྱིས་ཕྱུག །འགྲོ་བའི་རེ་སྐོང་པདྨ་སཾ་བྷ་བར། །གསོལ་བ༴ པདྨ་འདབ་མ་རྒྱས་པའི་སྤྱན་ཡངས་པས། །ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པར་གཟིགས། །ཐམས་ཅད་མཁྱེན་པ་པདྨ་སཾ་བྷ་བར། །གསོལ་བ༴ བློ་དམན་དྲང་བའི་དོན་ཏུ་མཁས་གྲུབ་ཀྱི། །སློབ་དཔོན་མང་བསྟེན་ཐེག་པ་ཀུན་ལ་སྦྱངས། །ཆོས་ཀྱི་དབང་ཕྱུག་པདྨ་སཾ་བྷ༴ གསོལ་བ༴ མཁྱེན་གཉིས་རྩལ་རྫོགས་མཐའ་བྲལ་གངས་རིར་གནས། །ལུང་རིག་ཁ་ལྔས་ལོག་སྨྲའི་རི་དྭགས་འཇོམས། །སྨྲ་བའི་སེང་གེ་པདྨ༴ གསོལ་བ༴ བསླབ་གསུམ་ཡོངས་རྫོགས་གསེར་གྱི་རི་བོ་ལ། །ལུང་རྟོགས་མཚམས་སྤྲིན་གསར་པའི་བླ་གོས་མཛེས། །མཁས་པའི་གཙུག་རྒྱན་པདྨ༴ གསོལ་བ༴ རང་བྱུང་


LT29_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་མཆོག་བརྙེས་གཟི་བརྗིད་ཀྱིས། །བདུད་བགེགས་ཟིལ་གནོན་སྐལ་ལྡན་སྨིན་གྲོལ་སྦྱོར། །གྲུབ་པའི་སྤྱི་མེས་པདྨ༴ གསོལ་བ༴ གང་ལ་གསོལ་བ་བཏབ་པས་འཕྲལ་ཡུན་གྱི། །འདོད་རྒུའི་དངོས་གྲུབ་འབད་མེད་སྩོལ་མཛད་པ། །ཡིད་བཞིན་ནོར་བུ་པདྨ༴ གསོལ་བ༴ འགྱུར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས། །བརྟན་གཡོ་འཁོར་འདས་ཟུང་འཇུག་ཐིག་ལེར་སྡོམ། །བདེ་བ་ཆེན་པོ་པདྨ༴ གསོལ་བ༴ འཕགས་པའི་ཡུལ་དུ་ཐུབ་བསྟན་རྒྱལ་མཚན་བསྒྲེངས། །ཨོ་རྒྱན་གནས་སུ་གསང་ཆེན་སྒྲོན་མེ་སྦར། །མདོ་རྒྱུད་མདའ་བདག༴ གསོལ་བ༴ ཁ་བ་ཅན་དུ་ལྷ་སྲིན་གདུག་པ་བཏུལ། །རྔ་ཡབ་གླིང་དུ་སྲིན་པོ་ཆོས་ལ་བཀོད། །བཀའ་དྲིན་བསམ་ཡས་པདྨ༴ གསོལ་བ༴ ཞིང་ཁམས་ཀུན་ཏུ་སངས་རྒྱས་མཛད་པ་སྟོན། །མཐའ་འཁོབ་རྣམས་སུ་གང་འདུལ་དེར་མཐུན་སྤྲུལ། །ཐུགས་རྗེ་ཐབས་མཁས་པདྨ་སཾ༴ གསོལ་བ༴ ནྱལ་བ་ཁྱེད་ལ་མངོན་ཤེས་དྲུག་ཅུ་མངའ། །མགོན་པོ་ཁྱེད་ནི་ཐུགས་རྗེའི་རྩལ་ཁ་མྱུར། །བླ་མ་ཁྱེད་ཀྱི་བྱིན་རླབས་བསམ་མི་ཁྱབ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རིག་འཛིན་མཁའ་འགྲོའི་འཁོར་ཚོགས་རྒྱ་མཚོར་བཅས། །འདིར་གཤེགས་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །ཕྱི་ནང་སྒྲུབ་གསང་དབང་གི་ཆུ་


LT29_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་སྩོལ། །ཟབ་རྒྱས་གསང་བའི་མཛོད་ལ་མངའ་དབང་བསྐུར། །དགྱེས་པའི་ཞལ་སྟོན་ཞབས་མཐིལ་སྤྱི་བོར་ཞོག །ངེས་པའི་ལུང་སྟོན་ཆོས་ཀྱི་བདུད་རྩི་སྩོལ། །དགོངས་བས་བྱིན་རློབས་རྟོགས་པའི་སྒྲོན་མེ་སྦོར། །རྡོ་རྗེ་གསུམ་གྱི་དབྱིངས་སུ་བྱང་ཆུབ་མཛོད། །ལུས་ལ་འགྱུར་མེད་བདེ་ཆེན་གཟི་བརྗིད་འབར། །ངག་ལ་གསང་སྔགས་ནུས་པའི་བདེན་ཚིག་འགྲུབ། །སེམས་ལ་ལྷན་སྐྱེས་ཡེ་ཤེས་རྩལ་རྫོགས་ཏེ། །མི་འཇིགས་གདིང་ཐོབ་དབང་ཆེན་བརྙེས་པར་མཛོད། །སངས་རྒྱས་ཀུན་གྱི་འདྲེན་མཆོག་གུ་རུ་རྗེ། །བདེ་བ་ཆེན་པོ་དྲི་མེད་པདྨའི་ཞལ། །མགོན་པོ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི། །བདག་སོགས་མཁའ་མཉམ་སེམས་ཅན་བསྐྱབ་ཏུ་གསོལ། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །བསམ་དོན་མཐའ་དག་ཆོས་བཞིན་འགྲུབ་པ་སོགས། །གསོལ་བཏབ་སྨོན་པའི་རེ་འབྲས་ཇི་མཆིས་པ། །ཐོགས་མེད་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཞེས་ངོ་མཚར་གསང་བའི་གནས་མཆོག་འཆི་མེད་པདྨ་ཤེལ་གྱི་རི་བོ་ཟབ་མོ་གཏེར་གྱི་སྒྲུབ་པ་ལ་ཞུགས་པའི་ཚེ་ཟླ་བ་བཅུ་པའི་དཀར་ཕྱོགས་བཟང་པོ་དང་པོ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་གྲངས་བཟང་པོར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་དགེ་ལེགས་འཕེལ།། ༈ །།གུ་རུ་པདྨ་རྒྱལ་པོ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་


LT29_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་འདོད་ཀུན་འབྱུང་ནོར་བུའི་རྒྱལ་པོ་དབྱིག་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ། །སྲིད་ཞིའི་ཁྱབ་བདག་དཔལ་ལྡན་ཀུན་ཏུ་བཟང་། །འོག་མིན་ཞིང་དུ་རིགས་ལྔའི་སྟོན་པར་ཤར། །གང་འདུལ་སྤྲུལ་པ་སངས་རྒྱས་བྱང་ཆུབ་སེམས། །ཀུན་གྱི་རང་བཞིན་ཀུན་ལ་དབང་སྒྱུར་བ། །བདག་ཉིད་ཆེན་པོ་པདྨ་རྒྱལ་པོ་ལ། །གསོལ་བ་འདེབས་སོ་རྩེར་དགོངས་མྱུར་དུ་བྱོན། །ཐུགས་རྗེའི་རྩལ་སྐྱེད་དབང་སྐུར་བྱིན་གྱིས་རློབས། །ཐུགས་དམ་བསྐུལ་ལོ་འདོད་དོན་དངོས་གྲུབ་སྩོལ། །ཆོས་སྐུའི་རང་བཞིན་མཁའ་ལྟར་ཀུན་ལ་ཁྱབ། །ལོངས་སྐུ་ཡེ་ཤེས་འོད་ལྔ་མ་འདྲེས་གསལ། །སྤྲུལ་སྐུ་བྱེ་བ་ཕྲག་བརྒྱས་མི་མཇེད་འདུལ། །གང་ལ་གང་འདུལ་བཀོད་པ་བསམ་མི་ཁྱབ། །སྐུ་གསུམ་ཡོངས་རྫོགས་པདྨ་རྒྱལ་པོ་ལ། །གསོལ་བ་འདེབས༴ ཐུགས་རྗེའི༴ ཐུགས་དམ༴ པདྨའི་རིགས་མཆོག་གཟི་བརྗིད་འོད་དཔག་མེད། །གར་གྱི་དབང་ཕྱུག་ཞི་དང་ཁྲོ་བོའི་ཚུལ། །ཨོ་རྒྱན་ཡུལ་དུ་མཚོ་སྐྱེས་རྡོ་རྗེར་སྤྲུལ། །རྒྱལ་པོའི་སྲས་མཛད་རྒྱལ་སྲིད་ཆོས་ཀྱིས་བསྐྱངས། །འཁོར་ལོས་སྒྱུར་བ་པདྨ་རྒྱལ་པོ་ལ། །གསོལ་བ༴ ཐུགས་རྗེའི༴ ཐུགས་དམ༴ ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་ལས། །འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེར་བཞེངས། །འགྲོ་དྲུག་རེ་རེའི་མགོན་ཏུ་གུ་རུ་


LT29_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི། །སྤྲུལ་པ་རེ་རེས་ཐར་པའི་ལམ་སྣ་འདྲེན། །འཁོར་བ་དོང་སྤྲུགས་པདྨ་རྒྱལ་པོ་ལ། །གསོལ་བ༴ ཐུགས་རྗེའི། །ཐུགས་དམ༴ གཡོ་མེད་དགོངས་པ་ནམ་མཁའི་མཐར་ཁྱབ་ཀྱང་། །ཁྱད་པར་ཐུགས་རྗེས་བོད་ལ་ལྷག་པར་གཟིགས། །དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེ། །ཚེས་བཅུར་དངོས་བྱོན་སྐལ་ལྡན་རྗེས་སུ་འཛིན། །གངས་ཅན་སྐྱབས་གཅིག་པདྨ་རྒྱལ་པོ་ལ། །གསོལ་བ༴ ཐུགས་རྗེའི། །ཐུགས་དམ༴ ཆོས་ཀུན་དབྱིངས་སུ་མངོན་པར་བྱང་ཆུབ་བརྙེས། །བདེ་ཆེན་འགྱུར་མེད་ཐིག་ལེ་ཆེན་པོར་རྫོགས། །སྐུ་དང་ཞིང་ཁམས་རྒྱ་མཚོ་སྤྲོ་ཞིང་བསྡུ། །སྒྱུ་མའི་ཆོས་ལ་སྒྱུ་འཕྲུལ་རོལ་མོ་ཡིས། །འཁོར་འདས་དབང་མཛད་པདྨ༴ གསོལ་བ༴ ཐུགས་རྗེའི༴ ཐུགས་དམ༴ མཚན་དཔེ་འབར་བའི་འོད་སྐུ་ལྷུན་ཆགས་ཤིང་། །ཡེ་ཤེས་གཟི་བརྗིད་མུ་མཐའ་མེད་པར་འཕྲོ། །གསང་མཆོག་རྡོ་རྗེ་རྩེ་མོའི་ཆོས་དབྱངས་ཀྱིས། །འགྲོ་དྲུག་གདོད་མའི་ས་ལ་འབད་མེད་དགྲོལ། །དབང་བཅུའི་མཐར་སོན་པདྨ༴ གསོལ་བ༴ ཐུགས་རྗེའི། །ཐུགས་དམ། འཕགས་བོད་ཨོ་རྒྱན་འགྲོ་ལྡིང་སྲིན་ཡུལ་སོགས། །དབང་སྒྱུར་རྒྱལ་པོ་རོལ་པའི་བརྟུལ་ཞུགས་ཀྱིས། །མི་དང་མི་མིན་གདུལ་དཀའ་ཐབས་ཀྱིས་བཏུལ། །ཀུན་ཀྱང་


LT29_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་ངེས་པའི་ཐེག་པར་བཀོད། །སྣང་སྲིད་ཟིལ་གནོན་པདྨ༴ གསོལ་བ༴ ཐུགས་རྗེའི༴ ཐུགས་དམ༴ གསེར་འགྱུར་རྩེ་ཡིས་ལྕགས་ལ་རེག་པ་བཞིན། །བྱིན་རླབས་ཡེ་ཤེས་མཐུ་སྟོབས་རླབས་པོ་ཆེས། །བདག་རྒྱུད་སྒྲིབ་བྲལ་དབང་ཐོབ་རིག་འཛིན་ཏུ། །གནས་སྒྱུར་ལུང་ཆེན་ཐོབ་པའི་སྐལ་ལྡན་མཛོད། །དབང་བཞིའི་ཆུ་བོ་ལུས་ངག་ཡིད་ལ་སྩོལ། །མ་རིག་མུན་ཁང་མཁྱེན་བརྩེའི་འོད་བརྒྱས་སོལ། །ཡེ་ཤེས་གཟུགས་བརྙན་དག་པའི་སེམས་ལ་སྟོན། །ཉིད་དང་སྐད་ཅིག་འདུ་འབྲལ་མེད་པར་མཛོད། །ཐུན་མོང་།ཐུན་མིན་གསང་བའི་མཛོད་ཆེན་ཐོབ། །ཕྱི་ནང་གསང་བའི་རྡོ་རྗེའི་རྒྱ་མདུད་ཁྲོལ། །རིག་རྩལ་དབང་ཐོབ་བརྟུལ་ཞུགས་ཕྱོགས་མེད་གྲུབ། །འབྲེལ་ཚད་དོན་ལྡན་ཆེན་པོར་བྱིན་གྱིས་རློབས། །ཞེས་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་གི་ཕུག་པར་ཟབ་གཏེར་གྱི་སྒྲུབ་པ་ལ་ཞུགས་སྐབས་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་གྱི་དཀར་ཕྱོགས་ཚེས་བཅུར་འགྲུབ་པའི་སྦྱོར་བ་དད་ལྡན་པར་གྱི་ནང་གསང་བའི་ཚོགས་འཁོར་བརྒྱ་རྩ་བགྱིས་པའི་རྗེས་འབྲེལ་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་བགྱིས་པ་དགེ་ལེགས་འཕེལ།། ༈ །།གུ་རུ་བློ་ལྡན་མཆོག་སྲེད་ལ་ཐུགས་དམ་སྐུལ་བའི་གསོལ་འདེབས་བསམ་དོན་ཀུན་འགྲུབ་ནོར་བུའི་རྒྱལ་པོ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །མ་ཧཱ་གུ་རུ་དྷཱི་མཱ་ན་བར་རུ་ཙི་བྷྱཿན་


LT29_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ན་མཱ་མི། །ཤེས་བྱ་ནམ་མཁའི་མུ་ཁྱུད་ཡངས་པ་ལ། །ཡེ་ཤེས་ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས། །དབྱེར་མེད་སྣང་བས་མ་རིག་མུན་པ་སེལ། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །འདིར་གཤེགས་བྱིན་རློབས་དབང་དང་དངོས་གྲུབ་སྩོལ། །གཟུངས་དྲན་མངོན་ཤེས་སྤོབས་པའི་གཏེར་ཆེན་བརྡོལ། །ཆགས་ཐོགས་མེད་པའི་བློ་གྲོས་རྩལ་རྫོགས་ནས། །མཁྱེན་གཉིས་ཡེ་ཤེས་སྣང་བ་རྒྱས་པར་མཛོད། །གཞི་སྣང་ལྷན་སྐྱེས་མ་རིག་འཁྲུལ་བའི་སྦུབས། །རིག་པ་ཡེ་ཤེས་ཆེན་པོས་བརྟོལ་ནས་ཀྱང་། །གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ། །བློ་ལྡན་མཆོག་སྲེད་ཞབས་ལ༴ འདིར་གཤེགས་བྱིན༴ གཟུངས་དྲན་མངོན་ཤེས༴ ཆགས་ཐོགས་མེད་པའི༴ མཁྱེན་གཉིས་ཡེ་ཤེས༴ ཡེ་ཤེས་རྒྱ་མཚོས་ཆོས་ཀྱི་དབྱིངས་ཀུན་ཁྱབ། །བསམ་ཡས་ཡེ་ཤེས་ཡངས་པའི་རོལ་གར་སྟོན། །ཡེ་ཤེས་སྤྲིན་ལས་འདོད་རྒུའི་གྲུ་ཆར་འབེབས། །བློ་ལྡན་མཆོག༴ འདིར་གཤེགས༴ གཟུངས་དྲན༴ ཆགས་ཐོགས༴ མཁྱེན་གཉིས༴ ཡེ་ཤེས་གསུམ་ལྡན་ཀ་དག་ཆོས་སྐུའི་ཀློང་། །ལྷུན་གྲུབ་ཡེ་ཤེས་རྣམ་ལྔའི་ལོངས་སྤྱོད་རྫོགས། །མཁྱེན་གཉིས་ཡེ་ཤེས་མཁའ་ཁྱབ་འགྲོ་བ་འདུལ། །བློ་ལྡན༴ འདིར་གཤེགས༴ གཟུངས་དྲན༴


LT29_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས༴ མཁྱེན༴ ཚེ་དང་ཡེ་ཤེས་འོད་དཔག་མེད་པའི་འཕྲུལ། །ཐུགས་རྗེ་ཡེ་ཤེས་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བསྙེས་པ། །བློ༴ འདིར༴ གཟུངས༴ ཆགས༴ མཁྱེན༴ སྐུ་དང་ཡེ་ཤེས་འདུ་འཕྲོའི་དཀྱིལ་འཁོར་དུ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་སྟོན། །དབང་བཅུའི་ཡེ་ཤེས་ལྷུན་གྲུབ་རིག་པ་འཛིན། །བློ༴ འདིར༴ གཟུངས༴ ཆགས༴ མཁྱེན༴ བདེ་ཆེན་ཡེ་ཤེས་ཁ་སྦྱོར་ཐིག་ལེར་འཁྱིལ། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་ལོངས་སུ་སྤྱོད། །བདེན་གཉིས་ཟུང་འཇུག་ཡེ་ཤེས་སྒྲོན་མེ་སྦར། །བློ༴ འདིར༴ གཟུངས༴ ཆགས༴ མཁྱེན༴ ཆོས་དབྱིངས་ཡེ་ཤེས་ཀློང་དུ་མངོན་བྱང་ཆུབ། །མེ་ལོང་ཡེ་ཤེས་རིག་མདངས་ཟང་ཐལ་ཤར། །མཉམ་ཉིད་ཡེ་ཤེས་འཁོར་འདས་ཕྱོགས་རིས་མེད། །བློ༴ འདིར༴ གཟུངས༴ ཆགས༴ མཁྱེན༴ སོར་རྟོགས་ཡེ་ཤེས་སྤྱི་དང་རང་མཚན་མཁྱེན། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་རྟག་ཅིང་ཁྱབ། །རང་བྱུང་ཡེ་ཤེས་སྲིད་ཞིའི་སྙིང་པོར་བཞུགས། །བློ༴ འདིར༴ གཟུངས༴ ཆགས༴ མཁྱེན༴ སྒྲིབ་བྲལ་འཇའ་ལུས་རྡོ་རྗེ་ཡེ་ཤེས་སྐུ། །རྩོལ་མེད་རང་བྱུང་སྒྲ་དབྱངས་ཡེ་ཤེས་གསུང་། །འོད་གསལ་དེ་བཞིན་ཉིད་གཟིགས་ཡེ་ཤེས་ཐུགས། །བློ་ལྡན༴ འདིར་གཤེགས༴ གཟུངས་དྲན༴ ཆགས་ཐོགས་


LT29_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གཉིས། །ཡེ་ཤེས་ཀློང་དགུའི་དགོངས་པའི་གདིང་ཐོབ་ནས། །ལྷ་དང་དབྱེར་མེད་ཕྱག་རྒྱའི་ཡེ་ཤེས་ཀྱིས། །ཀུན་གཞི་ཚོགས་བརྒྱད་ཡེ་ཤེས་རྣམ་དགུར་རྫོགས། །བློ་ལྡན༴ འདིར་གཤེགས༴ གཟུངས་དྲན༴ ཆགས་ཐོགས༴ མཁྱེན་གཉིས༴ ཞི་བའི་ཡེ་ཤེས་རྟོག་སྒྲིབ་བག་ཆགས་སྦྱོང་། །རྒྱས་པའི་ཡེ་ཤེས་སྤངས་རྟོགས་ཡོན་ཏན་སྐྱེད། །དབང་གི་ཡེ་ཤེས་རང་སྣང་འུབ་ཆུབ་མཛད། །བློ་ལྡན༴ འདིར་གཤེགས༴ །གཟུངས་དྲན༴ ཆགས་ཐོགས༴ མཁྱེན་གཉིས༴ མངོན་སྤྱོད་ཡེ་ཤེས་གཟུང་འཛིན་རྩད་ནས་བཅོམ། །མཆོག་གི་ཡེ་ཤེས་གྲོལ་བ་བཞི་ལྡན་སྟོན། །འོད་གསལ་ཡེ་ཤེས་མཐའ་གཉིས་དབུ་མར་སྡོམ། །བློ་ལྡན༴ འདིར་གཤེགས༴ གཟུངས་དྲན༴ ཆགས་ཐོགས༴ མཁྱེན་གཉིས༴ ཐོག་མེད་སྒྲིབ་པའི་མ་རིག་མུན་ཁུང་དུ་མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་འོད་སྤྲོས་ལ། །གནས་ལུགས་ཇི་བཞིན་མངོན་ཏུ་འགྱུར་བ་ཡི། །ཡེ་ཤེས་སྣང་བ་ཁོང་ནས་བཞད་པར་མཛོད། །ཁྱོད་ཀྱིས་བརྙེས་པའི་ཡེ་ཤེས་རིན་ཆེན་མཛོད། །རང་ནོར་བཞིན་ཏུ་སྤྱོད་པའི་ནུས་པ་ཐོབ། །བདག་གཞན་གཏན་གྱི་དབུལ་བ་རབ་བསལ་ནས། །ཡེ་ཤེས་ཕར་ཕྱིན་ཆོས་ཀྱི་རྒྱལ་པོར་ཤོག །ཅེས་ཡོན་ཏན་གནས་ལྔ་གཅིག་ཏུ་བསྡུས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་


LT29_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དུ་འཆི་མེད་བསྟན་གཉིས་གླིང་པས་སྨིན་ཟླའི་དཀར་ཕྱོགས་འགྲུབ་སྦྱོར་དང་ལྡན་པའི་ཚེས་བཟང་པོར་བྲིས་ནས་ཚེས་བཅུར་ཚོགས་འཁོར་བརྒྱ་རྩ་བགྱིས་པའི་རྗེས་ཐོག་ཏུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།གུ་རུ་ཉི་མ་འོད་ཟེར་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཕན་བདེ་ཀུན་སྩོལ་ནོར་བུའི་རྒྱལ་པོ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ། །འགྱུར་མེད་རྟག་པ་དམ་པའི་ཚེས་དབྱིངས་ལས། །གཟུགས་སྐུའི་རྣམ་རོལ་འགྲོ་ཁམས་མཐར་ཐུག་བར། །དུས་གསུམ་རྒྱུན་ཆད་མེད་པར་སྤྲོ་ཞིང་སྡུད། །གུ་རུ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །འདིར་གཤེགས་བྱིན་ཆེན་ཕོབ་ལ་དབང་མཆོག་སྐུར། །བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་མཛོད། །ནམ་མཁའི་སྐུ་ཅན་ཚད་དང་རིས་མེད་ཀྱང་། །བརྟུལ་ཞུགས་སྤྱོད་པས་གདུལ་བྱ་འདུལ་བའི་ཚེ། །འཆར་ཁའི་མདངས་མཚུངས་གཟི་བརྗིད་ལྟར་མི་བཟོད། །གུ་རུ་ཉི་མ་འོད་ཟེར༴ འདིར་གཤེགས༴ བར་ཆད་ཀུན་སེལ༴ རྡོ་རྗེའི་གསུང་དབྱངས་གསང་མཆོག་སྔགས་ཀྱི་མཛོད། །ཆོས་སྒོ་རེས་ཀྱང་རྡུལ་སྙེད་འཆིང་བ་དགྲོལ། །རིགས་ཅན་གསུམ་པོ་ངེས་པའི་ཐེག་པར་བཀོད། །གུ་རུ་ཉི་མ་འོད༴ འདིར་གཤེགས༴ བར་ཆད་ཀུན༴ སངས་རྒྱས་ཀུན་དང་མཉམ་ཉིད་ཡེ་ཤེས་སྒོ། །ཤས་ཙམ་དབྱེ་བས་ཚོམ་བུ་


LT29_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་སྡེ་གྲོལ། །བརྡ་ཐབས་ཙམ་གྱིས་དགོངས་བརྒྱུད་བྱིན་རླབས་འཕོ། །གུ་རུ་ཉི༴ འདིར༴ བར་ཆད༴ མཐོང་ཐོས་དྲན་པས་འཁོར་བའི་འཇིགས་ལས་སྐྱོབ། །དད་པས་བསྙེན་ན་གདོད་མའི་ས་ལ་བཀོད། །བསམ་གྱིས་མི་ཁྱབ་རྨད་བྱུང་ཡོན་ཏན་མཛོད། །གུ་རུ༴ འདིར༴ བར༴ ནོར་བུ་བུམ་བཟང་དཔག་བསམ་ཤིང་ཆེན་ལྟར། །རྟོག་མེད་ཕྲིན་ལས་འགྲོ་བའི་རེ་འདོད་སྐོང་། །གསོལ་བཏབ་ཙམ་གྱིས་བསམ་དོན་ཡིད་བཞིན་འགྲུབ། །གུ་རུ༴ འདིར༴ བར༴ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཉིད་གྱུར་ཀྱང་། །འགྲོ་ངོར་བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་མཛད། །ཕྱི་ལྟར་རྣམ་པར་སྨིན་པའི་རིག་འཛིན་ཚུལ། །གུ་རུ༴ འདིར༴ བར་ཆད༴ ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས། །སྐྱེ་འཆི་གཉིས་སྤངས་འགྲོ་དོན་རྒྱུན་ཆད་མེད། །ནང་ལྟར་ཚེ་དབང་རིག་འཛིན་སྐུར་སྟོན་པ། །གུ་རུ༴ འདིར༴ བར༴ ལྷ་དང་དབྱེར་མེད་རིགས་ལྔའི་སྤྲུལ་བསྒྱུར་གྱིས། །མཐའ་ཡས་ཞིང་གི་འགྲོ་བ་བདེ་ལ་བཀོད། །གསང་བ་ཕྱག་རྒྱ་ཆེན་པོའི་རིག་པ་འཛིན། །གུ་རུ༴ འདིར༴ བར༴ མཐར་ལམ་རྒྱལ་ཚབ་ཆེན་པོའི་ས་ལ་བཞུགས། །གང་འདུལ་སྤྲུལ་པ་ནམ་མཁའི་མཐའ་མཉམ་འགྱེད། །ཡང་གསང་ལྷུན་གྱིས་གྲུབ་པའི་རིག་མཆོག་འཛིན། །གུ༴ འདིར༴ བར༴ ཀ་དག་གདོད་མའི་དབྱིངས་སུ་མངོན་


LT29_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས། །ངེས་དོན་ཐོག་མའི་མགོན་པོ་འོད་མི་འགྱུར། །གུ་རུ་ཉི་མ༴ འདིར་གཤེགས༴ བར་ཆད༴ ལྔ་ཕྲག་རྣམ་ལྔའི་སྒྱུ་འཕྲུལ་དྲྭ་བ་ལས། །སངས་རྒྱས་གར་མཁན་ཆོས་ཀྱི་དབྱིངས་ཀུན་ཁྱབ། །འཁོར་བ་དོང་ནས་སྤྲུགས་པའི་རྩལ་ཆེན་འཆང་། །གུ་རུ་ཉི་མ༴ འདིར་གཤེགས༴ བར་ཆད༴ ཁྱེད་ནི་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས། །རོལ་པའི་གར་གྱིས་འཁོར་འདས་ཞིང་ཀུན་གཡོ། །གྲོལ་བ་རྣམ་བཞིས་སྲིད་པའི་འཁྲུལ་འཁོར་ལྡོག །མཆོག་ཐུན་དངོས་གྲུབ་སྩོལ་ལ་ཐོགས་པ་མེད། །བདག་ཅག་ཁྱེད་རྗེས་ཞུགས་པའི་དམུས་ལོང་རྣམས། །ཉམ་ཐག་སྲིད་པའི་འབྲོག་དགོན་འཁྱམས་ལ་གཟིགས། །ཡེ་ཤེས་སྒྲིབ་པའི་དྲྭ་བ་བཅད་ནས་ཀྱང་། །ཡང་དག་ཐར་བའི་ལམ་མཆོག་བསྟན་ཏུ་གསོལ། །ཉོན་མོངས་སྤྲིན་ཕུང་ཐུགས་རྗེའི་རླུང་གིས་གཏོར། །ཡེ་ཤེས་ཉིན་བྱེད་སྣང་བ་གསལ་དུ་གསོལ། །ལམ་གྱུར་རིག་འཛིན་རྣམ་བཞི་མཐར་ཕྱིན་ནས། །ཡེ་ཤེས་བླ་མའི་ས་ལ་བཀོད་དུ་གསོལ། །གནས་སྐབས་མི་མཐུན་གཡུལ་ལས་རྣམ་པར་རྒྱལ། །འཆི་མེད་ཚེ་ཡི་དབང་ཆེན་བསྐུར་དུ་གསོལ། །ཐུན་མཆོག་རིགས་ཀྱི་དངོས་གྲུབ་མ་ལུས་དང་། །ཁྱད་པར་འདོད་པའི་དོན་མཆོག་སྩལ་དུ་གསོལ། །མགོན་ཁྱོད་ཐུགས་རྗེ་ཉེ་རིང་མ་


LT29_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཀྱང་། །བདག་ནི་ལས་ངན་སྒྲིབ་པ་སྟུག་དྲག་པས། །དེ་སྔ་མཐའ་མེད་འཁོར་བའི་རྒྱ་མཚོར་གཡེང་། །སྡུག་བསྔལ་དྲག་པོས་ལུས་སེམས་རྟག་ཏུ་མནར། །ཡང་ཡང་ཐུགས་དམ་བསྐུལ་ཞིང་གསོལ་བཏབ་ཀྱང་། །ཐུགས་རྗེའི་ལྕགས་ཀྱུའི་མ་ཐེབས་ཡན་གར་ལུས། །འགྲོ་དོན་དགོངས་པར་བཏང་སྙོམས་མི་མངའ་བས། །ད་ནི་མྱུར་དུ་བྱམས་པའི་ཕྱག་རྐྱོངས་ལ། །འཇིགས་ཚོགས་མེ་འོབས་འདི་ལས་བསྐྱབ་ཏུ་གསོལ། །སྐུ་ཡི་ཞལ་སྟོན་གསུང་གི་གདམས་པ་སྩོལ། །ཡེ་ཤེས་དགོངས་པའི་རྩལ་གྱིས་བྱིན་གྱིས་རློབས། །ཕྱོགས་ལས་རྣམ་རྒྱལ་ཉིད་དང་དབྱེར་མེད་པར། །དོན་གཉིས་མཐར་ཕྱིན་བརྟུལ་ཞུགས་ཕྱོགས་མེད་གྲུབ། །ཧེ་རུ་ཀ་དཔལ་དུས་འདིར་འགྲུབ་བར་མཛོད། །ཅེས་གཙང་རོང་བཀྲ་ཤིས་བརྩེགས་རྫོང་ནས་ཉེ་བའི་སྲས་ཆེན་བརྒྱད་ཀྱི་བྱིན་རླབས་རྫས་མཆོག་རྣམས་སྤྱན་དྲངས་པའི་སྔ་རོལ་དུ། གུ་རུ་མཚན་མཆོག་བརྒྱད་དང་ཁྱད་པར་འདི་ཉིད་ཀྱི་སྐུའི་མཚན་མས་དབུགས་འབྱིན་སྩལ་བའི་དག་པ་ཡེ་ཤེས་སྒྱུ་མ་གསལ་བའི་སྐབས་སུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའམ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གསོལ་བ་བཏབ་པ་སརྦ་ཨརྠ་སིདྡྷི་བྷ་བནྟུ།། ༈ །།གུ་རུ་ཤཱཀྱ་སེང་གེ་ལ་ཐུགས་དང་བསྐུལ་བའི་གསོལ་འདེབས་དགེ་ལེགས་ཀུན་འབྱུང་ནོར་བུའི་རྒྱལ་པོ་ཟླ་བའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སམྱཀྶཾ་བུདྡྷ་ཤཱཀྱ་སི༚་ཧ་པཱ་དཱ་ཡ། །


LT29_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྡོ་རྗེ་སྙིང་པོའི་གཞི་དབྱིངས་སུ། །གདོད་ནས་རང་གྲོལ་སྐད་ཅིག་གཟིགས་པ་བརྙེས། །སྤངས་པ་ཆེན་པོ་སྲེད་ལེན་ཟག་པ་བཅད། །རྟོགས་པ་ཆེན་པོ་མ་བཙལ་ལྷུན་གྱིས་གྲུབ། །ཆོས་སྐུ་ཤཱཀྱ་སེང་གེར་གསོལ་བ་འདེབས། །སྒྲིབ་མེད་སངས་རྒྱས་སྤྱན་གྱིས་དུས་འདིར་གཟིགས། །བདག་ཀྱང་སྤངས་དང་རྟོགས་པ་མཐར་ཕྱིན་ནས། །བླ་མ་ཆོས་སྐུ་ཁྱེད་དང་མཚུངས་བྱིན་རློབས། །འོག་མིན་ཆེན་པོར་རིགས་ལྔ་གང་ཆེན་མཚོའི། །ཞིང་དང་སྐུ་ཡི་བཀོད་པ་འབྱམས་ཀླས་པས། །ནམ་མཁའི་མཐའ་ཁྱབ་འཁྲུལ་པའི་གཞན་དབང་ཅན། །མ་བསྒྲལ་བ་རྣམས་གདོད་མའི་ས་ལ་བསྒྲལ། །ལོངས་སྐུ་ཤཱཀྱ་སེང་གེར༴ སྒྲིབ་མོད་སངས་རྒྱས༴ བདག་ཀྱང་འོད་ལྔ་ལྷུན་གྲུབ་ཀློང་ཡངས་སུ། །བླ་མ་ལོངས་སྐུ་ཁྱེད་དང་༴ ཕྱེད་སྣང་རང་བཞིན་སྤྲུལ་པའི་ཞིང་རྣམས་སུ། །ཐུགས་བསྐྱེད་སྨོན་ལམ་རྣམ་ཐར་རྒྱ་མཚོའི་བཅུད། །ངོ་མཚར་གཟུགས་སུ་སྨིན་པའི་སྒྱུ་འཕྲུལ་གྱིས། །མཐོང་ཐོས་དྲན་རེག་ཕྱིར་མི་སྡོག་ལ་བཀོད། །སྤྲུལ་སྐུ་ཤཱཀྱ་སེང་གེར༴ སྒྲིབ་མེད་སངས་རྒྱས༴ བདག་ཀྱང་རྣམ་དག་སངས་རྒྱས་ཞིང་སྦྱངས་ནས། །བླ་མ་སྤྲུལ་སྐུ་ཁྱེད་དང་༴ མ་དག་འགྲོ་དྲུག་སྒྱུ་མའི་གྲོང་ཁྱེར་དུ། །གུ་རུ་ཐུབ་དབང་དྲུག་གི་སྐུར་བསྟན་ནས། །གང་འདུལ་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་ཡིས། །འཁོར་བའི་


LT29_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་དབྱིངས་སུ་གཅོད་མཛད་པ། །འགྲོ་འདུལ་ཤཱཀྱ་སེང་གེར༴ སྒྲིབ་མེད་སངས་རྒྱས༴ བདག་ཀྱང་འཁྲུལ་སྣང་ཡེ་ཤེས་ཆེན་པོར་ལྡོག །བླ་མ་ཐུབ་དབང་ཁྱེད༴ མི་མཇེད་ཞིང་འདིར་རྩོད་པའི་མཐར་ཐུག་ཆེ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བཀའ་བགྲོས་ཏེ། །ཛམ་གླིང་ཐུབ་དབང་བསྟན་པ་སྤེལ་བའི་ཕྱིར། །ཐུབ་དབང་གཉིས་པའི་སྐུ་རུ་བསྟན་ཏེ་བྱོན། །བཅོམ་ལྡན་ཤཱཀྱ་སེང་གེར༴ སྒྲིབ་མེད་སངས་རྒྱས༴ བདག་ཀྱང་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལ། །བླ་མ་བཅོམ་ལྡན་ཁྱེད༴ བློ་དམན་གདུལ་བྱ་འདུལ་ཕྱིར་ས་དང་ལམ། །རིམ་བགྲོད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྒྲིབ་པའི་རྩ་བ་བྱང་ཆུབ་སྙིང་པོར་བཅད། །རྡོ་རྗེའི་གདན་ཏུ་ཐུབ་དབང་གཉིས་པར་བསྟན། །སངས་རྒྱས་ཤཱཀྱ་སེང་གེར༴ སྒྲིབ་མེད་སངས༴ བདག་ཀྱང་ས་བཅུ་ལམ་ལྔའི་རྩེ་མོར་སོན། །བླ་མ་སངས་རྒྱས་ཁྱེད༴ གསེར་སྦྱངས་ལྷུན་པོར་མཚམས་སྤྲིན་མདངས་འཁྱུད་ལྟར། །བདུད་ཀྱི་སྟོབས་འཕྲོག་ངུར་སྨྲིག་བླ་གོས་འཆང་། །མཚན་དཔེའི་དཔལ་འབར་ཆོས་ཉིད་ལྷུན་འབྱམས་ངང་། །བདུད་བཞི་རབ་བཅོམ་ཡང་དག་རྫོགས་སངས་རྒྱས། །བདུད་འདུལ་ཤཱཀྱ༴ སྒྲིབ་མེད༴ བདག་ཀྱང་བདུད་བཞིའི་གཡུལ་ལས་རབ་རྒྱལ་ཏེ། །བླ་མ་བདུད་འཇོམས༴


LT29_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུའི་རྩལ་རྫོགས་མི་ཡི་སེང་གེའི་ཚུལ། །མི་འཇིགས་བཞི་ཡི་སྡེར་སེན་རབ་ཏུ་བརྗིད། །མ་འདྲེས་ཆོས་ཀྱི་གངས་རིར་གནས་བཅས་ཏེ། །འཇིགས་བྲལ་ཤཱཀྱ་སེང་༴ སྒྲིབ་མེད༴ བདག་ཀྱང་སྲིད་དང་ཞི་བའི་འཇིགས་ལས་གྲོལ། །བླ་མ་འཇིགས་བྲལ༴ རྡོ་རྗེའི་སྐུ་བརྙེས་ལས་ཉོན་ཟག་པ་ཟད། །འདུལ་བ་རྣམ་བཞིའི་ཆོ་འཕྲུལ་ཆེན་པོ་སྟོན། །ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་པུ། །མི་འདུལ་ཁ་ལོ་སྒྱུར་མཛད་བླ་ན་མེད། །སྐྱོབ་པ༴ སྒྲིབ་མེད༴ བདག་ཀྱང་འགྲོ་ཀུན་སྐྱོབ་པའི་མགོན་གྱུར་ཏེ། །བླ་མ་སྐྱབས་མཆོག༴ ཇི་ལྟ་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །ལས་དང་ཉོན་མོངས་མ་རིག་མུན་ཁང་བཅོམ། །ཞི་བསིལ་ཆོས་གསུང་བདུད་རྩིའི་ཆར་ཆེན་པོས། །འགྲོ་རྒྱུད་ཐར་པའི་ལོ་ཏོག་སྨིན་པར་མཛད། །ཀུན་མཁྱེན༴ སྒྲིབ་མེད༴ བདག་ཀྱང་མཁྱེན་གཉིས་ཡེ་ཤེས་རྩལ་ཆེན་རྫོགས། །བླ་མ་ཀུན་མཁྱེན༴ ཁྱེད་གཅིག་བསྔགས་པས་རྒྱལ་བ་ཀུན་བསྔགས་འགྱུར། །རྒྱལ་རྣམས་བསྔགས་པའང་ཁྱེད་ཉིད་བསྔགས་པ་སྟེ། །དུས་གསུམ་གཤེགས་པ་ཀུན་དང་དབྱེར་མེད་པས། །བསམ་གྱིས་མི་ཁྱབ་རྣམ་ཐར་རྒྱ་མཚོའི་བདག །མཚུངས་བྲལ་ཤཱཀྱ༴ སྒྲིབ་མེད༴ བདག་ཀྱང་རྣམ་ཐར་ཡོན་ཏན་མཐའ་ཡས་པའི། །བླ་མ་མཚུངས་


LT29_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁྱེད་དང་མཚུངས་བྱིན་རློབས། །གུ་རུ་ཤཱཀྱ་སེང་གེ་འགྲོ་བའི་མགོན། །བདག་དང་ལམ་རྒྱུད་ལྔས་བསྡུས་འགྲོ་རྣམས་ཀྱི། །ལས་ཉོན་སྒྲིབ་པའི་འཆིང་བ་བཅད་ནས་ཀྱང་། །ཡེ་ཤེས་སྣང་བ་ཕྱོགས་མེད་བརྡལ་བར་མཛོད། །སྐྱེ་རྒ་ན་འཆིའི་ཆུ་བོ་རྩད་ནས་སྒེམས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །མཐར་ཐུག་ཆེན་པོ་གསུམ་གྱི་བདག་ཉིད་ཅན། །ཕྱོགས་དུས་རྒྱལ་དང་མཉམ་པ་གསུམ་ལྡན་མཛོད། ཆོས་གསུང་དབྱངས་ཀྱིས་ལྷར་བཅས་འཇིག་རྟེན་གསུམ། །དབུགས་ཆེན་འབྱིན་ནུས་རྐང་གཉིས་གཙོར་གྱུར་མཛོད། །སུས་ཀྱང་མི་འཕྲོག་ཅིས་ཀྱང་མི་འཇིགས་པའི། །བླ་མེད་བླ་མའི་གོ་འཕང་ཐོབ་མཛད་གསོལ། ཅེས་གྲུ་གུ་བཀྲ་ཤིས་གཏེར་རྫོང་དང་གནས་ཆེན་པདྨ་ལྷ་རྩེ་ནས་སངས་རྒྱས་ཀྱི་ཚེམས་རིན་པོ་ཆེ་དང་། འདས་པའི་སངས་རྒྱས་སྟོང་གི་གདུང་མཆོག །ཆོས་འཁོར་ནོར་བུའི་རྡུལ་སོགས་སྤྱན་དྲངས་པའི་ཚེ། མགོན་པོ་གང་གི་ཚད་མེད་པའི་ཐུགས་རྗེ་དང་བཀའ་དྲིན་རྗེས་སུ་དྲན་ཏེ་གཏེར་གནས་དེ་དག་ཏུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།གུ་རུ་སེངྒེ་སྒྲ་སྒྲོག་ལ་ཐུགས་དམ་སྐུལ་བའི་གསོལ་འདེབས་ཕྱོགས་ལས་རྣམ་རྒྱལ་ནོར་བུའི་རྒྱལ་པོ་སྟོབས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །ཧེ་གུ་རུ་སི༚་ཧ་ནཱ་ད་པཱ་དཾ་ན་མོ་ན་མཱ་མི། །ཀུན་ནས་སྤྲོས་བྲལ་གང་ཡང་མི་དམིགས་ཀྱང་། །ངར་འཛིན་སྟོབས་སུ་གྱུར་པའི་གདུག་ཅན་ལ། །སྙིང་རྗེས་ཁྲོས་པའི་སྐུར་བཞེངས་ཧེ་རུ་ཀ །ཟླ་མེད་ཁྲོ་རྒྱལ་ཀུན་གྱི་རྗེ་


LT29_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་མཆོག །དཔལ་ཆེན་སེང་གེ་སྒྲ་སྒྲོགས་ཞབས་ལ་འདུད། །ཐུགས་དམ་བསྐུལ་ལོ་འདིར་བྱོན་དངོས་གྲུབ་སྩོལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །ཐུགས་རྗེའི་རྩལ་སྐྱེད་སྲི་ཀེག་འཆི་བདུད་ཟློག །གཉིས་སྣང་གདོད་ནས་དག་པའི་ཡེ་ཤེས་སྐུ། །མཐིང་ནག་སྟོན་མཚན་ནམ་མཁའ་དྭངས་པའི་མདོག །གནམ་ལྕགས་རྡོ་རྗེས་སྲིད་གསུམ་ཟིལ་གྱིས་གནོན། །སྡིག་པའི་མཛུབ་མོས་ཁམས་གསུམ་དབང་དུ་སྡུད། །དཔལ་ཆེན་སེང་གེ༴ ཐུགས་དམ་བསྐུལ་ལོ༴ གསོལ་བ་འདེབས་སོ༴ ཐུགས་རྗེའི་རྩལ་སྐྱེད༴ ཁམ་ནག་རལ་པ་སྲིད་པའི་རྩེ་མོར་གཡེངས། །འདོར་ཐབས་ཞབས་ཀྱིས་ན་རཀ་གཏིང་ནས་གནོན། །མེ་མཚོན་རྡོ་རྗེའི་ཐོག་རྒོད་ཆར་ཆེན་པོས། །སྲི་ངན་ཀེག་རྩུབ་རྩ་སྒུར་བཞིན་ཏུ་བཅོམ། །དཔལ་ཆེན་སེང་ གེ༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི་རྩལ༴ དྲག་ཤུལ་ཁྲོས་པའི་གཟི་བྱིན་ཆེར་འབར་བས། ས་གསུམ་དྲེགས་ཚོགས་འབྱུང་པོ་འདར་ཞིང་འདུན། །རྔམས་བརྗིད་སྟོབས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིས། །གདུག་བྱེད་ལྷ་མིན་ཁོང་ཁྲག་ཁ་རུ་ལུད། །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི༴ འབྲུག་སྟོང་ལྡིར་འདྲ་བདག་མེད་སེང་གེའི་སྒྲས། །བདག་ལྟའི་གླང་པོ་བྱེ་བའི་ཀླད་པ་འགེམས། །ཧཱུྃ་སྒྲས་རི་བོ་རལ་ཞིང་རྒྱ་མཚོ་འཁྱམས། །ཕཊ་


LT29_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཇིག་རྟེན་གཡོ་ཞིང་བདུད་བགེགས་སྐྲོད། །དཔལ་ཆེན༴ ཐུགས་དམ༴ གསོལ་བ་འདེབས༴ ཐུགས་རྗེའི༴ དོན་དམ་གསང་བ་སྦས་པའི་ཟབ་དབྱིངས་སུ། །ཡེ་ཤེས་ཉིན་མོར་བྱེད་པའི་འོད་སྟོང་བརྡལ། །ཉོན་མོངས་མུན་ཁང་བྱེ་བ་ཡུད་ཀྱིས་བཅོམ། །ཡང་དག་བདེ་ཆེན་སྣང་བ་རབ་གསལ་མཛད། །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི། །འབར་བའི་དཀྱིལ་འཁོར་ནམ་མཁའི་མཐའ་མཉམ་སྤྲོ། །དེ་ཀུན་བ་སྤུའི་བུ་ག་གཅིག་ཏུ་སྡུད། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་འཛིན་ཀྱང་། །གསང་བ་མ་ལུས་ཉིད་ཀྱི་དབྱིངས་ལས་ཕྱུང་། །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི། །སྐལ་བཟང་སྒྲུབ་ལ་ཟླ་བ་ལྟར་བསིལ་ཡང་། །ལོག་སྲེད་ཅན་ངོར་དུས་མཐའི་མེ་བཞིན་འབར། །གཏུམ་པའི་གཉེན་པོར་གཏུམ་ཆེན་འཇིགས་པར་བྱེད། །དུག་གསུམ་འཁྲུལ་འཁོར་དྲག་ཤུལ་སྟོབས་ཀྱིས་འཇོམས། །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི་རྩལ༴ ཞི་བ་དུལ་བའི་ཚུལ་ལ་ཡིད་འཁུ་ཞིང་། །བདེན་ཚིག་རྣ་བར་མི་ལྷོན་རྟག་ཆད་ཀྱི། །གྲུབ་མཐའ་འཆའ་པའི་མུན་སྦྲུལ་ཚང་ཚིང་རྣམས། །མཐུ་སྟོབས་བསྐལ་མེས་སྐད་ཅིག་ཉིད་ལ་སྲེག །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི༴ དགོངས་པ་མི་གཡོ་མཁའ་ལྟར་རྣམ་


LT29_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་། །འཁོར་འདས་ཀུན་ལ་ཁྱབ་པའི་རྣམ་འགྱུར་གྱིས། །ལས་བཞི་ལྷུན་གྲུབ་མཆོག་གི་དངོས་གྲུབ་སྟེར། །སྲིད་པའི་གྲོང་ཁྱེར་རྨངས་ནས་འཇིགས་མཛད་པ། །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི༴ གང་ཞིག་ཁྱེད་མཚན་ཐོས་སམ་དྲན་པས་ཀྱང་། །བདུད་དཔུང་བྱེ་བའི་རུ་མཚོན་དུས་གཅིག་སྙོལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ། །ནུབ་མེད་སྲིད་པའི་རྩེ་མོར་སྒྲེང་མཛད་པ། །དཔལ་ཆེན༴ ཐུགས་དམ༴ གསོལ་བ༴ ཐུགས་རྗེའི། །ཁྲོ་རྒྱལ་ཡོངས་ཀྱི་སྟོབས་འདུས་ཧེ་རུ་ཀ །དཔལ་ཆེན་བདུད་འདུལ་གསང་བདག་སེང་གེའི་སྒྲ། །ཁྱོད་ལ་སྐྱབས་གསོལ་ཐུགས་རྗེའི་མཐུ་མ་ཆུང་། །གསོལ་བ་འདེབས་སོ་གཟིགས་པའི་སྟངས་མ་ཞན། །དགོངས་པས་ཡལ་བར་མ་འདོར་སྒྲུབ་པོ་བདག །ཀེག་སྲི་གློ་བུར་འཚེ་བའི་མིང་མེད་ཅིང་། །བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ། །འཇིགས་བྱེད་ཁྲོ་རྒྱལ་ཁྱོད་དང་དབྱེར་མེད་པར། །སྟོབས་བཅུའི་རྩལ་རྫོགས་འཇིགས་མེད་བརྟུལ་ཞུགས་གྲུབ། །བསྟན་འགྲོར་སྡང་བའི་མི་དང་མི་མིན་དཔུང་། །འཇོམས་བྱེད་གཉེན་པོ་སྟོབས་ཀྱི་དབང་ཆེན་ཐོབ། །ཁྲག་འཐུང་འཁོར་ལོས་སྒྱུར་བར་བདག་སྒྲུབས་ཤིག །ཅེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ལོ་མཚམས་བཅད་རྒྱར་ཞུགས་པའི་སྐབས་སྨིན་དྲུག་ཟླ་བའི་ཚེས་བཅུར་རྡོ་རྗེ་


LT29_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་ཐུགས་ཀྱི་རྫོང་ཙིཏྟ་གསང་བའི་ཕུག་པར་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་ཛ་ཡ་ཛ་ཡ་སུ་ཛ་ཡ།། ༈ །།གུ་རུ་རྡོ་རྗེ་གྲོ་ལོད་ལ་ཐུགས་དམ་སྐུལ་བའི་གསོལ་འདེབས་ཕྲིན་ལས་ཡོངས་གྲུབ་ནོར་བུའི་རྒྱལ་པོ་འབར་བའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཧཱུྃ་ཧཱུྃ་ཧཱུྃ། །སངས་རྒྱས་ཀུན་གྱི་སྟོབས་བཅུའི་ནུས་རྩལ་འདུས། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །འཁོར་འདས་ཞིང་ན་ཆེ་བཙན་འགྲན་ཟླ་བྲལ། །འབར་བའི་སྐུར་བཞེངས་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས༴ བདུད་བཞི་སྒྲིབ་ཚོགས༴ འདོད་པའི་དངོས་གྲུབ་ད༴ སྒྱུ་་འཕྲུལ་དྲྭ་བའི་རྣམ་འཕྲུལ་ཞིང་ཀུན་ཁྱབ། །ཐུགས་རྗེ་རབ་ཁྲོས་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས༴ བདུད་བཞི་སྒྲིབ་ཚོགས་ཡེ་ཤེས༴ འདོད་པའི་དངོས་གྲུབ༴ གདོང་དམར་མི་དང་མི་མིན་གདུག་པ་འདུལ། །སྟོབས་ཀྱི་ཕྱག་རྒྱ་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས༴ བདུད་བཞི་སྒྲིབ་ཚོགས༴ འདོད་པའི་དངོས་གྲུབ། །མཐའ་གྲོལ་ཡེ་ཤེས་སྟོབས་ལྡན་ཧེ་རུ་ཀ །གནས་གཏེར་མངའ་བདག་རྡོ་རྗེ་གྲོ༴ འདིར་གཤེགས༴ བདུད་བཞི་སྒྲིབ༴ འདོད་པའི༴


LT29_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཐོས་དྲན་པ་ཙམ་གྱིས་བདུད་བཞི་འཇོམས། །བར་ཆད་ཀུན་སེལ་རྡོ་རྗེ༴ འདིར་གཤེགས༴ བདུད་བཞི་སྒྲིབ་ཚོགས༴ འདོད་པའི༴ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རབ་ཁྲོས་སྐུར། །གཅིག་བསྡུས་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས༴ བདུད་བཞི་སྒྲིབ་ཚོགས༴ འདོད་པའི་དངོས༴ ཐུགས་རྗེ་མ་ཆུང་པདྨ་ཐོད་ཕྲེང་རྩལ། །ཐུགས་དམ་མ་བསྙེལ་རྡོ་རྗེ་གྲོ་བོ་ལོད། །བརྩེ་བས་དགོངས་ཤིག་རྗེ་བཙུན་པདྨ་འབྱུང་། །དད་པས་འབོད་དོ་ཐུགས་རྗེས་མྱུར་དུ་བྱོན། །གསོལ་བ་འདེབས་སོ་སྒོ་གསུམ་བྱིན་གྱིས་རློབས། །སྐལ་ངན་སྒྲིབ་པའི་མུན་པ་དབྱིངས་སུ་སོལ། །འཆི་བདག་བདུད་ཆོམས་འཆི་མེད་ཚེ་དབང་སྩོལ། །ཉོན་མོངས་མདུད་ཁྲོལ་ཡེ་ཤེས་རྩ་ཁ་ཕྱེས། །ཕུང་པོའི་ཟག་ཟད་འཇའ་ལུས་དངས་མར་སྨིན། །རྣམ་གཡེང་རྟོག་ཚོགས་ཆོས་ཉིད་རོལ་པའི་རྒྱན། །མཆོག་གི་རིག་འཛིན་རྣམས་དང་སྐལ་མཉམ་པའི། །སྦྱོར་ལམ་མཐར་ཕྱིན་མཐོང་སྒོམ་ཉམས་འོག་ཆུད། །དངོས་གྲུབ་མཆོག་གིས་དབུགས་ཆེན་འབྱིན་པར་མཛོད། །མ་སྲིང་མཁའ་འགྲོའི་རྩེ་གདུང་དམ་ཚིག་སྐུལ། །དམ་ཅན་སྲུང་མའི་ཚོགས་ལ་བཀའ་ནན་སྩོལ། །ལོག་འདྲེན་བར་ཆད་འབྱུང་པོ་ཚར་ཆོད་ལ། །ཁྱོད་ཀྱི་རྗེས་སུ་ཞུགས་པའི་སྒྲུབ་པ་པོར། །སྒྲིབ་མེད་ཡེ་ཤེས་ཆེན་པོས་རབ་དགོངས་ཏེ། །གསོལ་


LT29_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་འབྲས་བུ་མྱུར་དུ་མཆིས་པར་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཞེས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་མེ་དཀར་མོ་སྟག་ཚང་དུ་ཟབ་མོ་གཏེར་གྱི་སྒྲུབ་བ་ལ་ཞུགས་པའི་སྐབས་འགྲུབ་སྦྱོར་དང་ལྡན་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་འཆི་མེད་བསྟན་གཉིས་གླིང་བས་བྲིས་པ་དགེ་ལེགས་འཕེལ།། ༈ །།གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཚེ་དཔག་མེད་མགོན་སྤྱན་རས་གཟིགས། །རྡོ་རྗེ་འཆང་ཆེན་ཤཱཀྱའི་རྒྱལ། །སངས་རྒྱས་ཀུན་འདུས་ཆོས་ཀྱི་སྐུ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག །ཐེག་པ་རིམ་པ་དགུ་ལ་སོགས། །དམ་ཆོས་ཀུན་འབྱུང་ལོངས་སྤྱོད་རྫོགས། །སར་གནས་རྒྱལ་སྲས་བྱང་ཆུབ་སེམས། །ཟུང་བཞི་ཡ་བརྒྱད་འཕགས་པའི་ཚོགས། །དགེ་འདུན་ཀུན་གཙོ་སྤྲུལ་པའི་སྐུ། །རྗེ་བཙུན་ཨོ་རྒྱན་རིན་པོ་ཆེར། །རྩེ་གཅིག་གདུང་བས་གསོལ་བ་འདེབས། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས། །འཇིགས་བརྒྱད་བདུད་བཞི་དུག་ལྔ་སོགས། །ཕྱི་ནང་གསང་བའི་བར་ཆད་སོལ། །བྱང་ཆུབ་བར་དུ་ཐུགས་རྗེས་ཟུང་། །དགའ་རབ་ཤྲཱི་སེང་བི་མ་ལ། །རྒྱན་དྲུག་གྲུབ་ཆེན་བརྒྱད་ཅུ་བཞི། །ལྷུན་གྲུབ་རྣམ་སྨིན་ཚེ་ལ་དབང་། །ཕྱག་རྒྱ་ཆེན་པོའི་རིག་པ་འཛིན། །གང་


LT29_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་སྤྲིན་འཕྲོ་བདེ་བ་ཆེ། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་མཁའ། །ཁྱད་ཆོས་དྲུག་ལྡན་འཕོ་བ་ཆེ། །རྟག་པའི་རྡོ་རྗེ་བུམ་པ་སྐུ། །འོད་མི་འགྱུར་བ་གདོད་མའི་མགོན། །རྗེ་སོགས་འགྲེས། །ཆོས་དབྱིངས་ཡེ་ཤེས་ཀུན་ཁྱབ་སྐུ། །དཔལ་ཆེན་ཆེ་མཆོག་འཁོར་ལོ་སྡོམ། །རཏྣ་ཐོད་ཕྲེང་སཾ་བྷ་བ། །ཕྱག་རྒྱ་རྒྱ་ཆེན་དྲི་མེད་ཟླ། །ཚངས་པ་ལྷ་ཡི་མེ་ཏོག་རྩལ། །རང་བྱུང་བདུད་རྩིས་སྣོད་བཅུད་གསོ། །ལྷུན་གྱིས་གྲུབ་པའི་ཡོན་ཏན་ལྔ། །ལྷ་དང་རིག་པ་འཛིན་པའི་ཚུལ། །རྗེ༴ མེ་ལོང་ཡེ་ཤེས་དྲི་མེད་སྐུ། །དགྱེས་མཛད་ཡང་དག་ཧེ་རུ་ཀ །རྡོ་རྗེ་ཐོད་ཕྲེང་པདྨ་འབྱུང་། །ཧཱུྃ་ཆེན་ཀ་ར་ནམ་མཁའི་སྙིང་། །བདེ་ཆེན་གྲུབ་པ་གཅིག་པུ་ཉིད། །འབྲུ་བརྒྱད་དགོངས་པ་ནམ་མཁའི་ཀློང་། །འཁྲུལ་པ་མེད་པའི་ཐུགས་མཆོག་ལྔ། །ལྷ་དང་༴ རྗེ༴ མཉམ་ཉིད་ཡེ་ཤེས་རིས་མེད་སྐུ། །འཇིགས་བྱེད་ཁྲག་འཐུང་གཤིན་རྗེའི་གཤེད། །བུདྡྷ་ཐོད་ཕྲེང་བློ་ལྡན་མཆོག །འཇམ་དཔལ་བཤེས་གཉེན་ཡེ་ཤེས་ཞབས། །འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན། །འཁོར་ལོ་རྣམ་བཞི་ཡོངས་སུ་བསྐོར། །འགྱུར་བ་མེད་པའི་སྐུ་མཆོག་ལྔ། །ལྷ་དང་༴ རྗེ༴ སོར་རྟོགས་ཡེ་ཤེས་བདེ་ཆེན་སྐུ། །དབང་ཆེན་རོལ་པ་རྟ་ཡི་ཞལ། །པདྨ་ཐོད་ཕྲེང་པདྨ་རྒྱལ། །ཀླུ་སྒྲུབ་རྒྱལ་བ་མཆོག་གི་དབྱངས། །འབར་བའི་གར་གྱིས་བརྟན་


LT29_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་སྡུད། །རྟ་སྐད་ཐེང་གསུམ་རྡོ་རྗེའི་གླུ། །འགག་པ་མེད་པའི་གསུང་མཆོག་ལྔ། །ལྷ་དང་༴ རྗེ༴ ནན་ཏན་ཡེ་ཤེས་ལྷུན་གྲུབ་སྐུ། །རྡོ་རྗེ་སྲིན་པོ་གཞོན་ནུ་ཆེ། །ཀརྨ་ཐོད་ཕྲེང་ཉི་མའི་འོད། །པྲ་ཆེན་ཧ་སྟི་བདུད་འདུལ་རྒྱལ། །རིག་མཆོག་ཕུར་བུའི་ཕྱག་རྒྱ་སྒྱུར། །མཚན་མའི་ཡུལ་བཞི་ཐལ་བར་འབྱིན། །བྱ་རྩོལ་མེད་པའི་ཕྲིན་ལས་ལྔ། །ལྷ་དང་༴ རྗེ༴ སྟོང་ཉིད་ཡེ་ཤེས་ཕྱག་རྒྱའི་སྐུ། །རྣལ་འབྱོར་ནམ་མཁའ་མངོན་རྫོགས་རྒྱལ། །ཤཱཀྱ་སེང་གེ་ཐུབ་ཆེན་ལྡན། །དྷ་ན་སཾ་སྐྲྀ་དཔལ་གྱི་དབང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་རྩལ། །མཁའ་ཁྱབ་རྟག་པའི་གཟི་བརྗིད་ནི། །ལྷ་དང་༴ རྗེ༴ འདའ་ཀ་ཡེ་ཤེས་ཕྱག་རྒྱའི་སྐུ། །སངས་རྒྱས་ཐོད་པའི་ཕྲེང་བ་ཅན། །དམ་ཚིག་དབང་དང་མན་ངག་ལུང་། །ཤེས་རབ་རྒྱུད་དང་ཉམས་ཆགས་སྐོང་། །རིག་འཛིན་རྩལ་འཆང་སློབ་དཔོན་བཞི། །བརྟུལ་ཞུགས་གར་གྱིས་སྒེག་པ་ཡིས། །དཀྱིལ་འཁོར་འཁོར་ལོས་སྒྱུར་བ་པོ། །ལྷ་དང་༴ རྗེ༴ དབྱིངས་སྒྲོལ་ཡེ་ཤེས་ཕྱག་རྒྱའི་སྐུ། །དྲེགས་པ་ཀུན་འདུལ་རྡོ་རྗེ་འཛིན། །བདག་མེད་སེང་གེའི་སྒྲ་ཆེན་སྒྲོགས། །རོ་མྦུ་གུ་ཧྱ་དཔལ་གྱི་སེང་། །འཇིག་རྟེན་འདས་ཀྱང་འཇིག་རྟེན་གཟུགས། །མཆོད་བསྟོད་བདག་པོ་རྒྱལ་བའི་སྟོབས། །ལྷ་དང་༴ རྗེ༴ ཀློང་གྱུར་ཡེ་ཤེས་ཕྱག་རྒྱའི་སྐུ། །སྟོབས་ལྡན་ནག་


LT29_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཏུམ་པོ་ཆེ། །འཆོལ་བའི་ཁྲོ་རྒྱལ་འཇིག་རྟེན་མགོན། །ཞི་བའི་སྙིང་པོ་རྣམ་སྣང་མཛད། །དྲག་སྔགས་དམོད་པའི་ཁ་རླངས་ཅན། །དཔལ་ཆེན་འབར་བའི་ནུས་པ་ནི། །ལྷ་དང་༴ རྗེ༴ ཤེས་རབ་ཕར་ཕྱིན་རྣལ་འབྱོར་མ། །མྱུར་མཛད་དཔའ་མོ་འཕྲོག་བྱེད་ཞལ། །རལ་གཅིག་ཚོགས་ཀྱི་བདག་པོ་སོགས། །གནས་ཡུལ་ལྷན་སྐྱེས་མཁའ་འགྲོ་དང་། །རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས། །ཡེ་ཤེས་ཀློང་ནས་སྤྲོ་ཞིང་སྡུད། །ལས་བཞིའི་ཕྲིན་ལས་དབང་དུ་སྒྱུར། །ཉམས་གཅིག་དུ་མའི་གར་མཛད་པ། །རྗེ༴ བླ་མ་ཀུན་འདུས་གུ་རུ་རྗེ། །དཀྱིལ་འཁོར་ཀུན་བདག་བདེ་བ་ཆེ། །མཁའ་འགྲོའི་དབང་ཕྱུག་བདུད་འདུལ་སྩལ། །དྲན་པ་ཙམ་གྱིས་བར་ཆད་སེལ། །མོས་པས་བདེ་ཆེན་ཡེ་ཤེས་སྐྱེད། །གསོལ་བཏབ་ཅི་འདོད་དངོས་གྲུབ་སྩལ། །རྗེ་བཙུན་ཨོ་རྒྱན༴ རྩེ་གཅིག༴ སྒྲིབ་མེད༴ འཇིགས་བརྒྱད༴ ཕྱི་ནང་༴ བྱང་ཆུབ་བར་དུ་།ཐུགས་རྗེས་ཟུང་། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། །ཡིད་བཞིན་ནོར་བུ་གུ་རུ་རྗེ། །མོས་གུས་རྒྱལ་མཚན་རྩེར་མཆོད་ནས། །ཐང་ཀློད་མེད་པར་གསོལ་བཏབ་ན། །གང་འདོད་དངོས་གྲུབ་ཆར་བཞིན་འཇོ། །དེ་ཕྱིར་སྔོན་གོམས་ཤུགས་དང་མོས་པའི་བློས། །སྐྱབས་གནས་གཅིག་ཆོག་ཉིད་དུ་ངེས་རྙེད་ནས། །དེ་བཱི་ཀོ་ཊི་དཔལ་ཆེན་ཕོ་བྲང་དུ། །མེ་སྦུལ་ཆུ་སྟོད་དཀར་པོའི་ཚེས་བཅུ་ལ། །པདྨའི་རྗེས་འཇུག་པདྨ་གར་གྱི་དབང་། །མོས་གུས་སྙིང་གི་ཆུ་སྐྱེས་རྒྱ་གྲོལ་


LT29_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཐོལ་བྱུང་སྟན་ཐོག་གཅིག་པའི་སྦྲང་རྩི་འདིས། །རང་གཞན་བུང་བའི་ཁྱུ་ཚོགས་གསོས་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།མཁའ་སྤྱོད་ཌཱཀིའི་དབང་མོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་པ་ཡིད་ཀྱི་གདུང་སེལ་ཞེས་བྱ་བ། །གདོད་མའི་ཡུམ་གྱུར་ཀུན་ཏུ་བཟང་མོའི་ཞབས། །ཆོས་རྣམས་ཀུན་འབྱུང་ཤེས་རབ་ཕ་རོལ་ཕྱིན། །དཀྱིལ་འཁོར་ཀུན་གྱི་བདག་མོ་དབྱིངས་ཕྱུག་མ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི་བུ་ལ་བརྩེ་བའི་སྤྱན་གྱིས་གཟིགས། །རྟག་ཏུ་འབྲལ་བ་མེད་པར་ཐུགས་རྗེས་ཟུང་། །ལྷན་སྐྱེས་བདེ་ཆེན་རྟོགས་པའི་དངོས་གྲུབ་སྩོལ། །ཐུབ་པའི་སྤྱན་སྔར་གངྒཱའི་ལྷ་མོར་གྲགས། །རྒྱལ་ཀུན་དགྱེས་སྐྱེད་རྡོ་རྗེ་སྒེག་མོ་སྟེ། །དྷུ་མ་ཐ་ལར་གསང་བ་ཡེ་ཤེས་མ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི་བུ་ལ་བརྩེ་བའི་སྤྱན་གྱིས་གཟིགས། །རྟག་ཏུ་འབྲལ་བ་མེད་པར་ཐུགས་རྗེས་ཟུང་། །ལྷན་སྐྱེས་བདེ་ཆེན་རྟོགས་པའི་དངོས་གྲུབ་སྩོལ། །འཕགས་པའི་ཡུལ་དུ་ཌཱ་ཀི་མནྡཱ་ར། །ཚེ་ལ་དབང་ཐོབ་མ་གཅིག་གྲུབ་པའི་རྒྱལ། །སྐུ་གཅིག་རྣམ་འཕྲུལ་དུ་མས་འགྲོ་དོན་མཛད། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི་བུ་ལ་བརྩེ་བའི་སྤྱན་གྱིས་གཟིགས། །རྟག་ཏུ་


LT29_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་མེད་པར་ཐུགས་རྗེས་ཟུང་། །ལྷན་སྐྱེས་བདེ་ཆེན་རྟོགས་པའི་དངོས་གྲུབ་སྩོལ། །རྡོ་རྗེའི་བཙུན་མོའི་ཐུགས་ཀྱི་འོད་ཟེར་ནི། །མཁར་ཆེན་རིགས་ཀྱི་བཅུད་དུ་སྨིན་པ་ལས། །བདེ་ཆེན་ལང་ཚོས་སྒེག་པའི་པདྨ་ལྕམ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ ཁྱིམ་པའི་སྐྱོན་སྤངས་འཕགས་ནོར་ཤུགས་ཀྱིས་འབྱོར། །མཐོང་བས་ཡིད་འཕྲོག་གཞན་སྣང་དབང་དུ་སྒྱུར། །གདོད་ནས་ཕོ་ཉའི་ཚོགས་ཀྱི་རྗེ་མོར་གྲུབ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ སྨོན་ལམ་དབང་གིས་གུ་རུའི་གཟུངས་མ་མཛད། །ལས་ཅན་ཐུགས་ཟིན་ཡོངས་ཀྱི་གཙོ་མོར་གྱུར། །སྒོ་གསུམ་ཞབས་ཏོག་ཕུལ་དུ་ཕྱིན་པ་བསྒྲུབས། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི། །རྟག་ཏུ༴ ལྷན་སྐྱེས༴ རྒྱལ་སྲས་ཀུན་དང་མཛད་པ་མཉམ་གྱུར་ཀྱང་། །སྙིང་སྟོབས་རྒྱལ་བའི་མྱུ་གུ་ཀུན་ལས་འཕགས། །དམན་པའི་རྟེན་ལས་མངོན་བྱང་མཆོག་བརྙེས་པ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ མཚོ་སྐྱེས་ཐུགས་ཀྱི་གསང་མཛོད་མཐའ་དག་ཕྱེས། །མི་བརྗེད་


LT29_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱིས་ཆོས་སྒོ་མ་ལུས་འཛིན། །རྡོ་རྗེའི་གནས་ལ་དབང་ཐོབ་གསང་བའི་བདག །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ བོད་ཀྱི་ཡུལ་དུ་བགྲང་བྱ་ཉིས་བརྒྱར་བཞུགས། །གནས་ཆེན་གནས་ཕྲན་ཀུན་ཏུ་ཞབས་ཀྱིས་བཅགས། །འབྲེལ་ཆད་དོན་ལྡན་ཞིང་དུ་བྱིན་གྱིས་བརླབས། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ གུ་རུའི་གསུང་རབ་ཀུན་གྱི་བསྡུ་བ་མཛད། །གཏེར་ཆེན་གཏེར་ཕྲན་ཀུན་གྱི་ཞབས་བསྡམས་ཤིང་། ཁ་བྱང་ཡང་བྱང་ལ་སོགས་ས་སྟེང་བཀང་། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ གསང་བའི་ལམ་གྱིས་འགྱུར་མེད་བདེ་ཆེན་བསྒྲུབས། །བཞི་བའི་ལམ་ལས་གདོས་བཅས་འོད་སྐུར་གཤེགས། །སྐལ་ལྡན་དུ་མ་གདམས་པས་རྗེས་སུ་བཟུང་། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ དཔའ་བོ་ཌཱ་ཀྀའི་མཆོད་སྤྲིན་རྒྱ་མཚོ་བཅས། །པདྨ་འོད་དུ་མངོན་སུམ་རོལ་པས་ཕེབ། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་རྗེ་མཛད། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴


LT29_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས༴ ཤ་ཟ་སྲིན་པོའི་སྣང་ངོར་མཐིང་འོད་འབར། །གུ་རུའི་དྲུང་ན་བདེ་ཆེན་རྒྱལ་མོ་ཞེས། །ཉི་དང་འོད་བཞིན་རྟག་ཏུ་འདུ་འབྲལ་མེད། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ རྗེས་འཇུག་རིག་འཛིན་ཀུན་ལ་བྱིན་རློབ་ཅིང་། །སྒྲུབ་པོ་རྣམས་ལ་བདེ་ཆེན་ཡེ་ཤེས་སྐྱེད། །ལས་ཅན་ཀུན་ལ་བླང་དོར་ལུང་བསྟན་སྩོལ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ བོད་འབངས་ཀུན་ལ་ཐུགས་རྗེས་འབྲལ་མེད་གཟིགས། །ཁྱད་པར་ལས་ཅན་རྗེས་འཇུག་ཡོངས་ལ་དགོངས། །བསམ་ཡས་རྒྱུན་ཆད་མེད་པའི་བཀའ་དྲིན་ཅན། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །མོས་པའི༴ རྟག་ཏུ༴ ལྷན་སྐྱེས༴ བདག་དང་བདག་ལ་རེ་ལྟོས་བཅས་པ་ཀུན། །ཐུགས་རྗེའི་སྤྱན་གྱིས་ནམ་ཡང་མ་འདོར་བར། །ཡེ་ཤེས་ཆེན་པོའི་བྱིན་རླབས་སྩལ་བ་དང་། །གསང་བ་ཀུན་གྱི་སྣོད་དུ་རུང་བར་མཛོད། །ལྷན་སྐྱེས་ལང་ཚོ་རྒྱས་པའི་ཞལ་རས་མཐོང་། །ཐུན་མིན་གདམས་པའི་བདུད་རྩི་བགོ་སྐལ་ཐོབ། །བདེ་སྟོང་རྟོགས་པའི་ཏིང་འཛིན་མཐར་ཕྱིན་ནས། །ཁྱོད་ཀྱི་གསང་བ་གསུམ་དང་མཉམ་བྱིན་རློབས། །གནས་སྐབས་ཚེ་དབང་ལས་བཞི་གྲུབ་


LT29_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད། །མཐར་ཐུག་འཇའ་ལུས་རྡོ་རྗེའི་མཆོག་གྲུབ་ནས། །མཁའ་སྤྱོད་ཐར་པ་ཆེན་པོའི་ཕོ་བྲང་དུ། །བདེ་ཆེན་རྒྱལ་དང་ཁ་སྦྱོར་སྐུ་འགྲུབ་ཤོག །ཅེས་པའང་དབུས་གཙང་གི་ལྗོངས་རྒྱུ་བའི་སྐབས་ཌཱ་ཀིའི་རྗེ་མོ་མཚན་དཔེའི་སྣང་བརྙན་གསལ་བའི་ངོ་མཚར་གྱི་གནས་ཆེན་རྫོང་ཁང་མཁར་ཆེན་ཕུག་ཏུ་ཚོགས་ཀྱི་མཆོད་པའི་རྗེས་སུ་འབྲེལ་བར། པདྨ་གར་དབང་རྩལ་གྱིས་བྲིས་ཤིང་སྦྲགས་མདའ་མཚོ་རྒྱལ་བླ་མཚོར་གསོལ་བ་བཏབ་པ་ཡེ་ཤེས་མཁའ་འགྲོས་རྗེས་སུ་བཟུང་བའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ།


LT29_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ་བཞུགས་སོ། །


LT29_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་མཱཾ་གུ་ར་བེ། ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་སྐལ་ལྡན་སྒྲུབ་པ་བོས་ཞེན་ལོག་དང་ངེས་པར་འབྱུང་བས་བློ་ཆོས་མིན་ལས་ལྡོག །སྙིང་རྗེ་དང་མོས་གུས་ཀྱི་ཤུགས་དྲག་པོས་ཡིད་དམ་པའི་ཆོས་སུ་བསྐུལ། ལུས་སེམས་དྲན་པ་ཉེ་བར་བཞག་སྟེ། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཕྱིར། །ཟབ་ལམ་སྙིང་པོའི་རྣལ་འབྱོར་བསྒོམ་པར་བྱ། །དག་པའི་ཞིང་དབུས་རང་ཉིད་ལྷར་གསལ་བའི། །མདུན་མཁར་ཐར་པ་ཆེན་པོའི་ཕོ་བྲང་ནི། །ཡིད་འཕྲོག་བཀོད་བ་རབ་ཏུ་མཛེས་པའི་དབུས། །རིན་ཆེན་དར་ཟབ་པད་ཟླས་སྤྲས་པ་ཡི། །གདན་གསུམ་དབུས་མར་ངོ་བོ་སྤྱན་རས་གཟིགས། །རྣམ་པ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །ཞི་འཛུམ་ཉམས་ལྡན་པད་ཞྭ་བེར་ཕོད་གསོལ། །གཡས་གཡོན་སྐྱབས་སྦྱིན་པད་དཀར་སྡོང་བུ་འཛིན། །གཡས་ཀྱི་གདན་ལ་ངོ་བོ་འཇམ་དཔལ་དབྱངས། །རྣམ་པ་པདྨ་འོད་གསལ་མདོ་སྔགས་གླིང་། །རབ་བྱུང་པ་ཞུ་ཕྱོགས་ལས་རྣམ་རྒྱལ་ཚུལ། །ཕྱག་གཉིས་ཨུཏྤལ་བཏེགས་པའི་རལ་པོད་བསྣམས། །གཡོན་གྱི་གདན་ལ་ངོ་བོ་གསང་བའི་བདག །རྣམ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་། །རིས་མེད་བསྟན་སྐྱོང་མ་ངེས་འགྲོ་འདུལ་ཆས། །ཐབས་ཤེས་ཟུང་འཇུག་རྡོ་རྗེ་དྲིལ་བུ་འཆང་། །ཀུན་ཀྱང་ཡེ་ཤེས་ཆེན་པོའི་གཟི་བྱིན་འབར། །དམིགས་མེད་སྙིང་རྗེས་གདུལ་བྱའི་


LT29_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་གཟིགས། །མོས་པའི་ཡིད་མཁར་མངོན་སུམ་བཞུགས་པར་གྱུར། །མཆོག་གསུམ་རྩ་གསུམ་སྐྱབས་གནས་ཀུན་འདུས་པ། །རིགས་གསུམ་བདག་ཉིད་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་ཏེ་འབུལ། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྡིག་ལྟུང་མཐའ་དག་སྙིང་ནས་འགྱོད་པས་བཤགས། །འཕགས་དང་སོ་སྐྱེའི་དགེ་ཚོགས་གང་མཆིས་ལ། །དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་། །ཐེག་གསུམ་སྤྱི་དང་ཁྱད་པར་བླ་མེད་ཀྱི། །དམ་ཆོས་བདུད་རྩི་རྟག་ཏུ་སྦྱིན་པར་བསྐུལ། །འགྲོ་བའི་དོན་ཏུ་མྱ་ངན་མི་འདའ་བར། །གཟུགས་སྐུ་རྡོ་རྗེ་ལྟ་བུས་རྟག་བརྟན་གསོལ། །འདིས་མཚོན་དུས་གསུམ་དགེ་བའི་དངོས་པོ་ཀུན། །བླ་མ་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །སྤྱན་རས་གཟིགས་དངོས་པདྨ་ཀ་ར་དང་། །ངོ་བོ་གཅིག་གྱུར་དམ་འཛིན་ཆོས་བློའི་ཞབས། །སྤྲུལ་པའི་སྐུར་བཞེངས་མཆོག་གྱུར་གླིང་བ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེ། །བྱང་ཆུབ་སྒྲུབ་པའི་གེགས་དང་གོལ་ས་ཞི། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །འཇམ་དཔལ་གཞོན་ནུ་མཉྫུ་མི་ཏྲ་དང་། །ཆོས་རྒྱལ་ཁྲི་ལྡེ་བསམ་བཞིན་སྲིད་པའི་


LT29_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། །ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །སྒྲིབ་གཉིས་མ་རིག་མུན་པ་མཐའ་དག་སངས། །ཤེས་བྱ་ཀུན་ལ་བློ་ཡི་པདྨོ་རྒྱས། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་མངོན་གྱུར་ནས། །ཀུན་མཁྱེན་གོ་འཕང་མྱུར་ཐོབ་བྱིན་གྱིས་རློབས། །ཁྱབ་བདག་རྡོ་རྗེ་སེམས་དཔའ་གསང་བའི་བདག །རྣམ་སྣང་ལོ་ཙཱ་ཡེ་ཤེས་སྒྱུ་མའི་གར། །འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ལ་མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱོགས་ཞེན་འཆིང་བ་དམ་པོ་རང་སར་གྲོལ། །གསང་བ་ཟབ་མོའི་སྒྲ་དོན་ཇི་བཞིན་རྟོགས། །འཇིགས་མེད་བརྟུལ་ཞུགས་མཆོག་ཏུ་གྲུབ་པ་ཡིས། །ཚེ་གཅིག་རྡོ་རྗེ་འཆང་ཐོབ་བྱིན་གྱིས་རློབས། །རིགས་གསུམ་ངོ་བོ་བླ་མ་ཁྱེད་རྣམས་ལ། །མཉེས་པ་རྣམ་དགུ་ཚུལ་བཞིན་འགྲུབ་པ་དང་། །དམ་འགལ་ལོག་ལྟ་སྦུ་ཙམ་མི་འབྱུང་བར། །ཐུགས་ཡིད་གཅིག་འདྲེས་རྣམ་ཐར་ཇི་བཞིན་འབྱོངས། །མཁྱེན་བརྩེ་ནུས་པའི་ཕ་མཐར་སོན་པར་ཤོག །ཁྱད་པར་པདྨས་ཁེབས་པའི་ཞིང་ཁམས་སུ། །རྒྱལ་སྲས་པདྨའི་མྱུ་གུས་རྗེས་སུ་བཟུང་། །མ་འོངས་རྡུལ་བྲལ་ཡང་དག་འཕགས་པ་རུ། །མགོན་པོ་ཀུན་གཟིགས་སྤྱན་སྔར་བྱང་ཆུབ་སྤྱོད། །བསྐལ་བཟང་སངས་རྒྱས་སྣང་མཛད་མངོན་སུམ་མཇལ། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་གྱུར་ཅིག །མོས་གུས་ཤུགས་ཀྱིས་བླ་མའི་ཐུགས་རྗེ་བསྐུལ། །འོད་ཞུ་ཐིག་ལེ་དཀར་དམར་མཐིང་གསུམ་གྱུར།


LT29_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དཀར་སྤྱི་བོ་གཡས་དམར་མགྲིན་པ་དང་། །གཡོན་མཐིང་སྙིང་གར་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་དག་རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས། །གསང་གསུམ་ལུས་ངག་ཡིད་གསུམ་དབྱེར་མེད་གྱུར། །རིག་སྟོང་བློ་བྲལ་རང་བྱུང་ཆོས་ཀྱི་སྐུ། །དོན་དམ་བླ་མ་ཡེ་རྫོགས་ཕྱག་རྒྱ་ཆེ། །རྩོལ་མེད་ལྷུན་གྲུབ་གནས་ལུགས་མངོན་གྱུར་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པའང་། གནས་མདོ་སྟོད་བརྒྱུད་ཀྱི་གསེར་ཕྲེང་འཛིན་པ་གྲུབ་དབང་པདྨ་དོན་གྲུབ་ཀྱི་ཡང་སྲིད་ཀརྨ་ཐུབ་བསྟན་རབ་འཕེལ་ཞལ་སྔ་ནས། རིན་ཆེན་གཉིས་པའི་ཡོལ་གོ་བཅས་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་སུ་འབོད་པས་མདོ་སྨད་སྡེ་དགེའི་རྒྱལ་ཁབ་ལྷུན་གྲུབ་སྟེང་དུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།རྡོ་རྗེ་འཛིན་པ་ལུས་ཀྱི་དཀྱིལ་འཁོར་དུ་གྲུབ་པའི་ཚུལ་ཐུན་མོང་མ་ཡིན་པ་ཡེ་ཤེས་སྟོབས་སྐྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། ཟབ་མོའི་ལམ་འདི་ལ་འཇུག་ཏུ་རུང་བའི་བློ་སོམ་ཉི་དང་བྲལ་བའི་རྒྱུད་སྨིན་པའི་གང་ཟག་གིས། །དམ་ཚིག་དང་དད་མོས་རྟེན་དང་མཆོད་པའི་སྙིང་པོར་བཟུང་ནས་དྲན་པ་མངོན་དུ་བཞག་སྟེ། ན་མོ་གུ་རུ། འདུས་བྱས་ཆོས་རྣམས་སྐད་ཅིག་སྐྱེ་ཞིང་འཇིག །དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད། །བྱས་པ་ཐམས་ཅད་དོན་མེད་གཡེང་བའི་རྒྱུ། །མདང་གི་རྨི་ལམ་བཞིན་ཏུ་སྙིང་པོས་དབེན། །ཕྱི་མར་ཕན་པ་དམ་པའི་ལྷ་ཆོས་ཡིན། །ཆོས་ཀྱི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག །དེ་ཡི་ཡང་སྙིང་བླ་མ་


LT29_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྒྲུབས་ནས། །མ་རྒན་སེམས་ཅན་དོན་ཏུ་ཚེ་འདི་ལ། །རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱ། །ཞེས་པས་ངེས་པར་འབྱུང་བ་བསྐུལ་ཏེ་བློ་ལས་སུ་རུང་བར་བྱས་ནས། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་བྱེད་རྒྱལ་པོ་བླ་མ་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །བདག་གི་སྒོ་གསུམ་ལ་བསྒྲུབས་ནས། །འགྲོ་ཀུན་སངས་རྒྱས་སར་འགོད་བྱ། །ལན་གསུམ། འཁྲུལ་རྟོག་གི་བར་མཚམས་བཅད་པ་ནི། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །ཟུང་འཇུག་འོད་གསལ་གུར་ཁང་དུ། །དམ་སྲི་ལ་སོགས་རྟོག་འཁྲུལ་བགེགས། །ནམ་ཡང་འདའ་བར་མ་བྱེད་ཅིག །རྟོག་མེད་རྡོ་རྗེས་བརླག་བར་འགྱུར། ཨ་ཨ་ཨ། ཡེ་ཤེས་ཀྱི་འཁོར་ལོ་བྱིན་ཆེན་བརླབ་པ་ནི། ཧཱུྃ། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །སྐུ་དང་ཞིང་ཁམས་འདུ་འབྲལ་མེད། །ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ། །རིགས་ཀྱི་ཚོམ་བུའི་ཚུལ་སྣང་བ། །སྐུ་གསུམ་བླ་མའི་བྱིན་རླབས་པས། །སྣོད་བཅུད་ཡེ་ཤེས་འཁོར་ལོར་དག །སྒྲ་སྐད་སྔགས་ཀྱི་གདངས་སུ་སྨིན། །འཁྲུལ་རྟོག་གཞི་ལ་རང་གྲོལ་ནས། །ཆོས་ཟད་བློ་ལས་འདས་པར་མཛོད། ཧཱུྃ་ཧཱུྃ་ཧཱུྃ། དེ་ཁོ་ན་ཉིད་ལས་མི་འདའ་བར་དམ་བཅའ་སྟེ། ཧཱུྃ། གདོད་ནས་འཁྲུལ་


LT29_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་མ་མཆིས་ཀྱང་། །གློ་བུར་རྣམ་པར་རྟོག་པས་གཡེང་། །ད་ནི་ཐིག་ལེ་མཐོང་བརྡོལ་དང་། །རང་རིག་སྐུ་གསུམ་གཞལ་ཡས་ཁང་། སྣང་སྲིད་བླ་མའི་རོལ་པ་ལས། །ནམ་ཡང་མི་འདའི་གཡར་དམ་བཟུང་། བཛྲ་ས་མ་ཡ་ཨ་ལ་ལ་ཧོཿ སྒོ་གསུམ་རྡོ་རྗེ་གསུམ་དུ་བསྙེན་ཅིང་བསྒྲུབ་པ་ནི། ཨོཾ་ཨཱཿཧཱུྃ། གཞི་དབྱིངས་ཀ་དག་དེ་བཞིན་ཉིད། །གཞི་སྣང་ལྷུན་གྲུབ་ཀུན་ཏུ་སྣང་། །རིག་རྩལ་རྒྱུ་ཡི་ཐིག་ལེ་ཤར། །སྣོད་བཅུད་ཡོངས་གྲུབ་དཀྱིལ་འཁོར་ཆེ། །མ་བསྐྱེད་ལྷུན་གྱིས་གྲུབ་པར་རྫོགས། །རང་བྱུང་ལུས་ཀྱི་གཞལ་ཡས་ཁང་། །རང་རིག་གདོད་མའི་ཧེ་རུ་ཀ །འཁོར་འདས་དབང་བསྒྱུར་རྟ་མཆོག་དཔལ། །རང་སྣང་རྣལ་འབྱོར་མ་དཔལ་དང་། ཁ་སྦྱོར་ཟུང་འཇུག་ཕྱག་རྒྱའི་སྐུ། །དམར་གསལ་གྲི་ཐོད་གར་དགུས་བརྗིད། །བདེ་དྲོད་འོད་འབར་ལུས་ཀྱི་ནང་། །བདེ་གསལ་མི་རྟོག་རྩ་གསུམ་པོ། །གསར་དྭངས་རྙོགས་པ་བྲལ་བའི་དབུས། །རྒྱལ་ཀུན་རྡོ་རྗེ་བཞི་ཡི་དངོས། །མཆོག་གི་དཔལ་ལྡན་བླ་མ་ནི། །གཉིས་སྣང་ཀུན་སྤངས་དྷཱུ་ཏིའི་མཁར། །སྙིང་དབུས་མི་ཤིགས་ཏི་ལ་ཀ །གསང་བའི་བདག་པོ་ཐུགས་རྡོ་རྗེ། །པདྨ་གར་དབང་གཡུང་དྲུང་གླིང་། །ཆུ་ཤེལ་མདངས་ལྡན་རྫོགས་པའི་ཆས། །ཐབས་ཤེས་རྡོ་རྗེ་དྲིལ་བུ་འཆང་། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །འོད་ཟེར་བྱེ་བ་དྲུག་ཅུའི་དབུས། །ཐེག་པ་ཡོངས་རྫོགས་ཁྲི་རྐང་ལ། །རང་འོད་ཡུམ་འཁྲིལ་སྐྱིལ་ཀྲུང་བཞུགས། །


LT29_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་རྣམ་དག་ལ་ལ་ནཱར། །སྤྱན་རས་གཟིགས་དབང་གསུང་རྡོ་རྗེ། །མཁན་ཆེན་བྱང་སེམས་ཟླ་བ་བཟང་། །དཀར་གསལ་ཞི་འཛུམ་ལོངས་སྐུའི་ཆས། །ཕྱག་གཡས་མཆོག་སྦྱིན་གཡོན་ཐུགས་ཀར། །སྐྱབས་སྦྱིན་ཕྱག་རྒྱས་པད་ཀར་འཛིན། །ཟླ་བ་ཐབས་ཀྱི་དཀྱིལ་འཁོར་ལ། །སེམས་སྐྱིལ་སྙིང་རྗེའི་འོད་དཀར་རྒྱས། །འཛིན་པ་རྣམ་དག་ར་ས་ནར། །ངག་གི་དབང་ཕྱུག་སྐུ་རྡོ་རྗེ། །པདྨ་འོད་གསལ་མདོ་སྔགས་གླིང་། །གུར་གུམ་མདངས་ཅན་མཚན་དཔེ་རྫོགས། །མཉམ་གཞག་ཆོས་གོས་རྣམ་གསུམ་གསོལ། །ཤེས་རབ་ཉི་མའི་དཀྱིལ་འཁོར་ལ། །སྐྱིལ་ཀྲུང་ཡེ་ཤེས་འོད་རྣོན་འཕྲོ། །ཡོངས་ཁྱབ་བདེ་ཆེན་འཁོར་ལོ་ན། །ཡེ་ཤེས་རྡོ་རྗེ་རིགས་ཀྱི་བདག །མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །པད་ཞྭ་ཆོས་གོས་ཟབ་བེར་བརྗིད། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་གསོར། །བདེ་སྐྱོང་ཚེ་བུམ་བཅུད་བཀང་གཡོན། །དགྱེས་བསྐྱེད་ཡུམ་མཆོག་ཁ་ཊཾཱྭ་བརྟེན། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས། །ཐབས་ཤེས་ཟུང་འཇུག་གདན་སྟེང་དུ། །སྣང་སྲིད་ཟིལ་གནོན་ཆེན་པོར་བཞུགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་མཁའ་ཁྱབ་ཆོས་དབྱིངས་ནས། །སྐུ་གསུམ་བླ་མ་མཁའ་འགྲོར་བཅས། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། ཧཱུྃ། རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །སྐུ་གསུམ་ཞིང་ཁམས་རབ་འབྱམས་སུ། །སྙོམས་པར་ཞུགས་དང་ཕྲིན་ལས་མཛད། །རྣམ་ཐར་བསམ་མི་


LT29_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་བདག །ཁྱབ་བདག་རྡོ་རྗེ་འཛིན་དབང་རྣམས། །ཐུགས་རྗེ་ཆེན་པོའི་རྩལ་གཡོས་ཏེ། །ཡེ་ཤེས་ཡུལ་ལ་འཇུག་པར་མཛོད། །རྡོ་རྗེའི་བྱིན་ཆེན་ཐིབས་སེ་ཐིབ། །སྐུ་དང་ཐིག་ལེ་ཤིགས་སེ་ཤིག །བདེ་ཆེན་དགྱེས་མདངས་ཡ་ལ་ལ། །སྣང་གྲགས་རྟོག་ཚོགས་ལྷ་དང་སྔགས། །ཡེ་ཤེས་འཁོར་ལོར་བྱིན་གྱིས་རློབས། བཛྲ་ས་མ་ཡ་ཛཿགཤེགས་བཞུགས་མཚན་མ་མི་དམིགས་ཀྱང་། །འཁྲུལ་རྟོག་སྤྲོས་པ་ཉེར་ཞིའི་སླད། །བྱང་ཆུབ་བར་དུ་མི་འབྲལ་བར། །སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབས། ས་མ་ཡ་སྟྃྭ། རང་རིག་སྟོང་པའི་རང་མདངས་ལས། །སྣང་བ་བརྡའ་ཡི་བླ་མར་ཤར། །དབྱིངས་ལས་མ་གཡོས་ཆོས་ཀྱི་སྐུ། །གཅེར་མཐོང་ལྟ་བ་མཇལ་ཕྱག་འཚལ། །ན་མོ་ན་མ་མཱི། སྣང་ཡུལ་ཐམས་ཅད་དབྱིངས་ཀྱི་རྒྱན། །ཀུན་བཟང་སྤྲིན་ཕུང་ལྷུན་གྱིས་གྲུབ། །ཆོས་ཉིད་ངང་དུ་ཆོས་ཅན་ཐིམ། །སྡུག་བསྔལ་ཟག་མེད་བདེ་བ་ཆེ། །ཟུང་འཇུག་འོད་གསལ་འཁོར་ཡུག་ལ། །འཁྲུལ་རྟོག་བར་དུ་མ་ཆོད་པ། །རབ་དགྱེས་ཆེན་པོའི་བྱིན་རླབས་ཀྱིས། །ཚོགས་གཉིས་ལྷུན་གྱིས་རྫོགས་གྱུར་ཅིག །སརྦ་པཱུ་ཛ་ཧོཿཨོཾ། །སྐུ་གསུམ་མི་འགྱུར་རྡོ་རྗེ་སེམས། །འཁོར་འདས་ཀུན་གྱི་སྙིང་པོ་རུ། །ཁྱབ་བརྡལ་རིགས་གསུམ་ཐིག་ལེ་ཆེར། །མ་བཙལ་རང་བྱུང་རང་ཤར་སྐུ། །གཞོམ་མེད་འོད་གསལ་ཆོས་ཀྱི་དབྱིངས། །དགོངས་པ་གཞིར་རྫོགས་


LT29_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་འགྱུར་མེད། །སངས་རྒྱས་ཡོན་ཏན་ཀུན་འབྱུང་བའི། །ཕྲིན་ལས་དུས་བཞི་མཉམ་པ་ཉིད། །མོས་པའི་གདུང་ཤུགས་ལྡན་པ་ལ། །མངོན་སུམ་ཡེ་ཤེས་རྩོལ་མཛད་པ། །གུས་བསྟོད་ཐུགས་དམ་རྒྱུད་བསྐུལ་བས། །འཁྲུལ་པའི་སྣང་བ་རང་སར་གྲོལ། །བློ་བྲལ་ཆོས་སྐུ་རྗེན་པའི་ཞལ། །སྟན་ཐོག་འདི་རུ་མཐོང་བར་མཛོད། །གུ་རུ་ན་མོ་ཧཱུྃ། ཧོཿགདོད་ནས་འཁྲུལ་མ་མྱོང་བ་ལ། །གློ་བུར་རྟོག་པའི་གཞན་དབང་གིས། །འཁོར་འདས་གཉིས་ཀྱི་མཚམས་ཕྱེས་ནས། །རྨི་ལམ་ལྟ་བུའི་ལས་བསགས་པ། །ཡེ་སྟོང་ཀུན་བཟང་ཀློང་ཡངས་སུ། །བཟོད་བཞེས་མཁའ་ལྟར་རྣམ་དག་ཤོག །ཨ་ཨ་ཨ། དེ་ལྟར་ལུས་སྣང་ལྷར་བསྒོམས་པས། བསྙེན་དང་ཉེ་བར་བསྙེན་པ་རྫོགས། ཡེ་ཤེས་རྡོ་རྗེའི་དྭངས་སྲོག་ཧྲཱིཿ། འོད་ཟེར་བརྟན་གཡོ་འཁོར་འདས་ཁྱབ། །གཞི་རྫོགས་ཆེན་པོར་བྱིན་གྱིས་བརླབས། །འགྲོ་དྲུག་འཕོ་བའི་འཁྲུལ་རྟོག་སྦྱངས། །བདེ་ཆེན་ཡེ་ཤེས་བསྐྱེད་བར་གྱུར། ཞེས་མོས་ལ་ཧྲཱིཿབཟླ། ཐུགས་ཀྱི་རྡོ་རྗེའི་དྭངས་སྲོག་ཧཱུྃ། །འོད་ཟེར་ཉི་མའི་ལམ་ནས་བརྒྱུད། །རྩ་གསུམ་ཐུགས་ཀྱི་བྱིན་རླབས་བསྐུལ། །འགྲོ་དྲུག་སེམས་ཀྱི་རྟོག་འཁྲུལ་སྦྱངས། །ཧཱུྃ་ཡིག་རྣམ་པར་སླར་ཞུགས་པས། །མེ་རྟོག་ཡེ་ཤེས་བསྐྱེད་པར་གྱུར། །ཞེས་མོས་ལ་ཧཱུྃ་བཟླ། གསུང་གི་རྡོ་རྗེའི་དད་སྲོག་ཨཱཿ། འོད་ཟེར་ཉི་མའི་ལམ་ནས་བརྒྱུད། །རྩ་གསུམ་གསུང་གི་བྱིན་རླབས་བསྐུལ། །འགྲོ་


LT29_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ངག་གི་རྟོག་འཁྲུལ་སྦྱངས། །ཨཱཿཡིག་རྣམ་པར་སླར་ཞུགས་པས། །བདེ་ཆེན་ཡེ་ཤེས་བསྐྱེད་པར་གྱུར། །ཞེས་མོས་ལ་ཨཱཿབཟླ། སྐུ་ཡི་རྡོ་རྗེའི་དྭངས་སྲོག་ཨོཾ༔ འོད་ཟེར་ཟླ་བའི་ལམ་ནས་བརྒྱུད། །རྩ་གསུམ་སྐུ་ཡི་བྱིན་རླབས་བསྐུལ། །འགྲོ་དྲུག་ལུས་ཀྱི་རྟོག་འཁྲུལ་སྦྱངས། །ཨོཾ་ཡིག་རྣམ་པར་སླར་ཞུགས་པས། །གསལ་སྟོང་ཡེ་ཤེས་བསྐྱེད་པར་གྱུར། །ཞེས་མོས་ལ་ཨོཾ་བཟླ། དེ་དག་ཀྱང་འབྱུང་འཇུག་སྤངས་བའི་ཡིད་བཟླས་སོ་སོར་བྱ། མཐར་འབྲུ་གསུམ་རྡོ་རྗེའི་བཟླས་པ་དང་སྤྲེལ་ལོ། །ངག་བཟླས་སྤྲོ་ན། འཆི་མེད་ཡེ་ཤེས་རྡོ་རྗེ་ཡི། །ཐུགས་ཀར་ཟླ་བ་རྡོ་རྗེའི་ལྟེར། །ཧཱུྃ་མཐར་སྔགས་ལས་འོད་ཟེར་འཕྲོས། །མཆོད་ཅིང་རྒྱུད་བསྐུལ་རྟོག་སྒྲིབ་སྦྱངས། །སླར་འདུས་རང་ལ་ཐིམ་པ་ཡིས། །རྡོ་རྗེའི་ཡེ་ཤེས་རབ་འབར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བླ་མ་གསང་བདག་ཐུགས་ཀ་རུ། །ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ། །དེ་མཐར་སྔགས་འཁོར་འོད་ཟེར་གྱིས། །དོན་གཉིས་བྱས་ནས་རང་ལ་ཐིམ། །བྲལ་སྨིན་ནུས་པའི་སྟོབས་བསྐྱེད་གྱུར། ཨོཾ་བཛྲ་སཏྭ་ཨཱཿ བླ་མ་སྤྱན་རས་གཟིགས་དབང་གི། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཡིག་འབྲུ་སྔགས་ལས་འོད་དཀར་འཕྲོས། །འཕགས་མཆོད་སྒྲིབ་སྦྱངས་སླར་འདུས་པས། །དམིགས་མེད་སྙིང་རྗེའི་རྩལ་རྒྱས་གྱུར། ཨོཾ་མ་ི་པདྨེ་ཧཱུྃ།། །འཇམ་དཔལ་ཐུགས་ཀར་ཟླ་སྟེང་ཧཱུྃ། །ཡོངས་གྱུར་རྡོ་རྗེ་རྩེ་ལྔ་སྔོ། །


LT29_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྩེད་ཨཱཿདམར་ལྗགས་ལ་ཧྲཱིཿ། འོད་འཕྲོས་དོན་བྱས་བྱིན་རླབས་བསྡུས། །ལྷ་དང་སྔགས་ཀྱི་རང་སྒྲས་ཁྱབ། །མཁྱེན་གཉིས་ཡེ་ཤེས་འབར་བར་གྱུར། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་རྣམས་ཅི་འགྲུབ་བཟླའོ། །སྲོག་རྩོལ་ངག་གི་བཟླས་པ་ལ། བརྟེན་ནས་སྒྲུབ་པའི་ཡན་ལག་རྫོགས། །ཧྲཱིཿཁྱབ་བདག་པདྨ་ཀུན་ཏུ་འཆང་། །རིག་འཛིན་གྲུབ་བའི་འཁོར་ལོས་སྒྱུར། །མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །ཡེ་ཤེས་རྩལ་ཆེན་རྫོགས་པའི་ཞལ། །འཁོར་འདས་རོ་མཉམ་བསྟན་མཛོད་ལ། །སྐུ་བཞི་མཉམ་པ་ཉིད་བྱིན་རློབས། །ཞེས་མོས་གུས་ཀྱི་ཐུགས་དམ་བསྐུལ་བའི་རྐྱེན་གྱིས་རིགས་བདག་པདྨ་འོད་དུ་ཞུ། ཐིག་ལེ་ཁ་དོག་ལྔ་བར་གྱུར་པ་ལ་བློ་རྩིས་མེད་དུ་བཞག །འོད་ཟེར་སྣ་ལྔས་ཕྱི་ནང་བརྟན་གཡོ་ཀུན་ལ་ཁྱབ། འཕོ་བའི་བག་ཆགས་སྦྱངས། །བདེ་ཆེན་ཡེ་ཤེས་ལ་དབང་ཐོབ་པར་མོས། ཧཱུྃ། གསང་བའི་བདག་པོ་རྡོ་རྗེ་སེམས། །པདྨ་གར་དབང་བློ་མཐའ་ཡས། །འཆི་མེད་རྡོ་རྗེ་གཡུང་དྲུང་གླིང་། །ཟབ་རྒྱས་ལུང་ཆེན་ཐོབ་པའི་ཞལ། །བློ་འདས་ཁྱབ་བདལ་བསྟན་མཛོད་ལ། །སྤྲུལ་སྐུས་འགྲོ་བ་འདུལ་བྱིན་རློབས། །ཞེས་མོས་གུས་ཕུལ་བའི་རྐྱེན་གྱིས་གསང་བདག་རྡོར་སེམས་འོད་དུ་ཞུ་ནས་ཐིག་ལེར་སྔོན་པོར་གྱུར་པ་ལ་སེམས་འཛིན་མེད་དུ་བཟུང་། འོད་ཟེར་མཐིང་ག་ཤིན་ཏུ་འཚེར་བས་དབུ་མའི་ལམ་བརྒྱུད། ལུས་ཀྱི་ནང་གང་། ཐིག་ལེའི་བག་ཆགས་སྦྱངས། ཐུགས་རྗེས་ཡེ་ཤེས་ལ་དབང་ཐོབ་བར་མོས། ཨཿསྙིང་རྗེའི་དབང་ཕྱུག་འགྲོ་བའི་མགོན། །སྒྲུབ་བརྒྱུད་བསྟན་དང་འགྲོ་བའི་དཔལ། །ངེས་དོན་བསྟན་པ་རབ་


LT29_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཆོག །རྣམ་གྲོལ་དབུགས་ཆེན་ཕྱིན་པའི་ཞལ། །ཉོན་མོངས་ཟད་མཛད་བསྟན་མཛོད་ལ། །ལོངས་སྐུ་མཁའ་ལྟར་ཁྱབ་བྱིན་རློབས། །དམིགས་པ་སྔ་མས་འགྲེལ་ཏེ། བླ་མ་སྤྱན་རས་གཟིགས་འོད་དུ་ཞུ། ཐིག་ལེ་དཀར་པོར་གྱུར། འོད་ཟེར་རྐྱང་མའི་ལམ་བརྒྱུད། ལུས་གང་། རླུང་གི་འཁྲུལ་རྟོག་སྦྱངས། རང་བཞིན་ཡེ་ཤེས་ལ་དབང་ཐོབ་པར་བསམ། ཨོཾ། ངག་གི་དབང་ཕྱུག་མཁྱེན་པའི་གཏེར། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག །པདྨ་འོད་གསལ་མདོ་སྔགས་གླིང་། །འགྲོ་འདུལ་དབང་ཆེན་བརྙེས་པའི་ཞལ། །རང་སྣང་རིས་མེད་བསྟན་མཛོད་ལ། །ཆོས་སྐུའི་རང་ཞལ་མཐོང་བྱིན་རློབས། །བླ་མ་ངག་གི་དབང་ཕྱུག་འོད་དུ་ཞུ། །ཐིག་ལེ་དམར་པོར་གྱུར། འོད་ཟེར་རོ་མའི་ལམ་བརྒྱུད། རྩའི་འཛིན་ཞེན་སྦྱངས། ངོ་བོའི་ཡེ་ཤེས་ལ་དབང་ཐོབ་པར་མོས། མཐར་ཐིག་ལེ་བཞི་ཀའང་དབྱིབས་སུ་ཐིམ། རིག་སྟོང་གཉུག་མའི་རང་ངོར་ཡུན་རིང་དུ་མཉམ་པར་བཞག་གོ། །འོད་གསལ་རྫོགས་པའི་རྣལ་འབྱོར་གྱིས། །སྒྲུབ་པ་ཆེན་པོ་མཐར་ཕྱིན་ནས། །རྡོ་རྗེ་བཞི་དངོས་འགྲུབ་པར་འགྱུར། རྗེས་དགེ་རྩ་བསྔོ་བ་དང་སྨོན་ལམ་གྱིས་བྱང་ཆུབ་ཆེན་པོར་མཚམས་སྦྱོར་བ་ནི། ཧོཿཟག་བཅས་ཟག་མེད་ཟུང་འཇུག་ཚོགས། །བླ་མེད་འོད་གསལ་རྡོ་རྗེའི་དབྱིངས། །བྱ་རྩོལ་བློ་འདས་ཆེན་པོ་རུ། །དམིགས་གཏད་མཚན་འཛིན་བྲལ་བར་བསྔོ། །འཁྲུལ་པའི་སྣང་བ་གཞི་ལ་ལྡོག །རྡོ་རྗེ་བཞི་ཡི་གཏན་སྲིད་ཟིན། །དཔལ་ལྡན་བླ་མའི་རྣམ་ཐར་དང་། །དབྱེར་མེད་དོན་གཉིས་ལྷུན་གྲུབ་


LT29_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཤིས་པ་བརྗོད་པས་མཐའ་བརྒྱན་པ་ནི། ཧོཿབླ་མ་སྐུ་བཞིའི་བྱིན་རླབས་དང་། །ཆོས་དབྱིངས་རྣམ་དག་བདེན་པ་ཡིས། །འཁྲུལ་སྣང་འོད་གསལ་སྦུབས་སུ་ཞི། །རིག་པའི་ཡེ་ཤེས་རྩལ་ཁ་རྒྱས། །ཚེ་གཅིག་མངོན་པར་བྱང་ཆུབ་པའི། །བཀྲ་ཤིས་ཉི་ཟླ་གསལ་གྱུར་ཅིག །དེ་ལྟར་བླ་བརྡོལ་ར་ཐོན་ལུག་ཐོན་གྱི་ཚིག་གི་ཕྲེང་བ་འདི་ནི་སྐྱབས་རྗེ་གཏེར་ཆེན་རིན་པོ་ཆེས་རྗེས་སུ་བཟུང་ཞིང་ནང་གི་རྣལ་འབྱོར་ལ་གཞོལ་བ་དགེ་རྒྱལ་ཀརྨ་སྒྲིབ་བྲལ་ནས་ཆེད་དུ་བསྐུལ་ངོར། པདྨ་གར་དབང་གཡུང་དྲུང་གླིང་པ་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། ཁོ་བོ་ནོར་སྲུང་རྒན་པོ་ཡང་། །མི་ཡི་སེང་གེའི་ཁྱུར་འཚང་བ། །ལྷར་བཅས་ཁྲེལ་ཞིང་ལྟུང་བའི་རྒྱུ། །མོས་ཕྱིར་བྲིས་ཀྱང་ནོངས་པ་བཤགས། །ཐོག་མར་སྐུ་གསུམ་བླ་མའི་རྣལ་འབྱོར་དུ་བགྱིས་པ་ལ། སླད་ནས་སྒྲུབ་བླ་མ་དབང་ལྡན་གྱིས་མོས་ངོར་སྐུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་བསྒྱུར་བཅོས་ཅུང་ཟད་བྱས་པའོ། །དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ་བྷྱཿ བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ལ་རག་ལས་ཤིང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་མཚན་ལྡན་བླ་མ་ཁོ་ན་ལ་ལྟོས་པས། སྔགས་ཀྱི་བླ་མ་ནི་སྲོག་གི་དྭངས་མ། བྱང་སེམས་ཀྱི་སློབ་དཔོན་སྙིང་ཁྲག །སོ་ཐར་གྱི་མཁན་སློབ་སྙིང་དང་འདྲ་བར་བལྟས་ནས་རྣམ་པ་ཀུན་ཏུ་མི་བསྙེལ་རྗེས་སུ་དྲན་པས་རབ་བཀའ་བཞིན་སྒྲུབ་པའི་མཆོད་པ། འབྲིང་ལུས་ངག་གི་ཞབས་ཏོ །ཐ་མ་ཟང་ཟིང་གི་བདོག་པ་ཅི་ཡོད་པས་བཀུར་སྟི་བྱ་ཞིང་མཉེས་པ་སྒྲུབ་པ་ནི་ལམ་ཞུགས་


LT29_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཉམས་ལེན་གྱི་གཙོ་བོ་ཡིན་ལ། དེ་དག་གི་དོན་ཡང་ཚང་ཞིང་བྱིན་རླབས་བླ་མའི་ལམ་ཟབ་ལ་བརྟེན་ནས་དབང་གི་ཡེ་ཤེས་བདེ་བླག་ཏུ་སྨིན་ཏེ་མཆོད་གི་དངོས་གྲུབ་ལ་སྦྱོར་བའི་ཐབས་ཟབ་མོ་གྲུབ་ཐོབ་བརྒྱུད་པའི་མན་ངག་གིས་གཙོ་བོ་འདི་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ་སྐྱོ་ཤས་དང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ནི། ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཀུན་འདུས་པ། །རྡོ་རྗེ་སློབ་དཔོན་པདྨཱ་ཀ་ར་ལ། །བྱང་ཆུབ་བར་དུ་རྩེ་གཅིག་སྐྱབས་སུ་མཆི། །ནམ་མཁར་ཁྱབ་པའི་ཕ་མ་སེམས་ཅན་རྣམས། །བླ་མེད་བླ་མའི་གོ་འཕང་མཆོག་ཐོབ་ཕྱིར། །སྨོན་པས་སེམས་བསྐྱེད་འཇུག་པའི་བསླབ་པ་ཡང་། །སྲས་བཅས་རྒྱལ་བའི་རྗེས་སུ་བསླབ་བར་བགྱི། །ལན་གསུམ་རྒྱུད་དང་འབྲེ་ངེ་ས་བྱ། དངོས་གཞི་རྟེན་བསྐྱེད་ཚོགས་བསགས་གསལ་གདབ་པ་ནི། ཨེ་མ་ཧོ། སྣོད་བཅུད་དག་པ་རབ་འབྱམས་བདེ་ཆེན་ཞིང་། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་མཁར། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །ཡིད་འོང་ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གུ་རུ་པདྨ་དཀར་དམར་ཞི་འཛུམ་ཉམས། །པད་ཞྭ་གསང་ཕོད་ཆོས་གོས་ལེར་ཕྱམ་གསོལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད། །གཡོན་པས་མཉམ་གཞག་ཐོད་བུམ་བདུད་རྩིས་བཀང་། །གྲུ་མོར་གསང་བའི་ཡུམ་མཚོན་ཁ་ཊྭཱཾ་འཁྲིལ། །རིན་ཆེན་རྒྱན་ལྡན་རྡོ་རྗེ་སྐྱིལ་


LT29_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས། །འཇའ་འོད་ཐིག་ལེ་འཁྱིལ་པའི་ཀློང་ན་བཞུགས། །མདུན་ཏུ་རྒྱལ་བའི་སྲས་མཆོག་འགྲོ་བའི་མགོན། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྡེ། །གཡས་སུ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་། །གཡོན་དུ་སྔགས་གྲུབ་ཆེ་མཆོག་བསྟན་གཉིས་གླིང་། །རྒྱང་ཏུ་བསླབ་གསུམ་དབང་ཕྱུག་མངྒ་ལཾ། །མདུན་གཡས་མཁས་མཆོག་ས་མནྟ་བྷ་དྲ། །མདུན་གཡོན་བྱང་སེམས་པྲཛྙཱའི་མཚན་ཅན་རྣམས། །ངོ་བོ་ཨོ་རྒྱན་གུ་རུའི་ཡེ་ཤེས་དབྱིངས། །རྣམ་པ་སོ་སོའི་ཆས་ལྡན་གསལ་བར་གྱུར། །གཞན་ཡང་རྩ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ། །གང་འདུལ་མོས་པ་དང་མཚུངས་ལྷམ་མེར་གསལ། ཨོཾ། དད་པའི་ལྕགས་ཀྱུས་དབྱིངས་ནས་ཐུགས་དམ་བསྐུལ། །མོས་གུས་ཞགས་པས་བསྒོམས་པའི་རྟེན་དང་བསྲེ། །དམ་ཚིག་སྒྲོག་གིས་འདུ་འབྲལ་མེད་པར་བཅིང་། །གདུང་ཤུགས་དྲིལ་བུས་གཉིས་མེད་དགྱེས་པར་བསྐྱེད། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ན་མོ། མཉམ་མེད་ཐུགས་རྗེའི་སྤྱན་ལྡན་ཁྱེད་རྣམས་ལ། །བདག་དང་སེམས་ཅན་རྡུལ་སྙེད་ལུས་སྤྲུལ་ནས། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དངོས་འབྱོར་ཡིད་སྤྲུལ་སྲིད་གསུམ་དཔལ་འབྱོར་དང་། །བདག་ལུས་ལོངས་སྤྱོད་དགེ་རྩར་བཅས་པས་མཆོད། །ཐོག་མེད་ནས་བསགས་མི་དགེ་སྡིག་པའི་ལས། །གནོང་འགྱོད་དྲག་པོས་བཤགས་ཤིང་སླན་ཆད་བསྡམ། །འཕགས་དང་སོ་སྐྱེ་


LT29_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཐམས་ཅད་ཀྱི། །རྣམ་དཀར་ཅི་མཆིས་ཀུན་ལ་རྗེས་ཡི་རང་། །གདུལ་བྱའི་བསམ་པ་དང་མཐུན་ཐེག་གསུམ་གྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །འགྲོ་ཀུན་བྱང་ཆུབ་ཆེན་པོར་འཁོད་གྱི་བར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་གསོལ། །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བླ་མ་སངས་རྒྱས་གོ་འཕང་འཐོབ་ཕྱིར་བསྔོ། ཨེ་མ་ཧོ། །ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་ཀུན་གྱི་དངོས། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །བོད་འབངས་སྐྱབས་གཅིག་གདུལ་དཀའ་འདུལ་བའི་གཉེན། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་དག་པའི་སར་བཞུགས་རྣམ་ཐར་ཚད་མེད་ཀྱང་། སྙིགས་འགྲོའི་དཔལ་མགོན་རྒྱལ་བའི་སྲས་པོའི་ཚུལ། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས། །འབྲེལ་ཚད་དོན་ལྡན་དེ་ལ་གསོལ་བ་འདེབས། །འཇམ་དཔལ་གཞོན་ནུ་བཤེས་གཉེན་གཟུགས་སུ་བྱོན། །ངོ་མཚར་བཀའ་བབས་བདུན་ལྡན་ཤིང་རྟ་ཆེ། །གངས་ཅན་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་མཆོག །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །མདོ་སྔགས་རྒྱལ་བ་གཉིས་ཀྱི་ལུང་བསྟན་བརྙེས། །ཟབ་དང་རྒྱ་ཆེའི་མཛོད་ཆེན་ལྔ་ཡི་བདག །རྣམ་སྣང་ལོ་ཙཱའི་རྣམ་འཕྲུལ་བློ་མཐའ་ཡས། །འཆི་མེད་བསྟན་གཉིས་གླིང་བར་གསོལ་བ་འདེབས། །


LT29_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཚུལ་ཁྲིམས་བསླབ་བས་རྒྱུད་བསྡམས་ཤིང་། །ཏིང་འཛིན་སེམས་ཀྱི་བསླབ་བས་རང་རྒྱུད་གྲོལ། །དྲི་མེད་ཤེས་རབ་བསླབ་པས་གཞན་སྨིན་མཛད། །བཀྲ་ཤིས་འོད་ཟེར་ཞབས་ལ་གསོལ་བ་འདེབས། །སྐྱེས་སྦྱངས་མཁྱེན་རབ་རྨད་དུ་བྱུང་བ་ཡིས། །བཀའ་དང་བསྟན་བཅོས་གཞུང་དོན་ལེགས་གཟིགས་ནས། །གདུལ་བྱའི་མུན་སེལ་མཁན་ཆེན་རབ་འབྱམས་པ། །ཀུན་བཟང་བསོད་ནམས་ཞབས་ལ་གསོལ་བ་འདེབས། །ལྷག་བསམ་དྲི་མེད་གསེར་གྱི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་ལོ་ཏོག་བསྐྱེད་བསྲིངས་ནས། །འགྲོ་ཀུན་འཚོ་བའི་བྱང་ཆུབ་སྤྱོད་ལ་འཇུག །པྲཛྙཱའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །རིས་མེད་རྒྱལ་བའི་བསྟན་འཛིན་རྣམ་འདྲེན་མཆོག །ཁྱད་པར་ཆོས་ཀྱི་འབྲེལ་ཐོབ་དགེ་བའི་བཤེས། །དུས་གསུམ་བྱོན་ལ་རྩེ་གཅིག་གུས་པ་ཡིས། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལོང་མེད་མི་རྟག་དྲག་པོ་རྒྱུད་ལ་སྐྱེ། །འཁོར་བར་ངེས་འབྱུང་སྲིད་བདེར་ཞེན་པ་ལོག །ཀུན་རྫོབ་བྱམས་དང་སྙིང་རྗེ་རྒྱུད་ལ་འབྱོངས། །དོན་དམ་ཆོས་ཉིད་ཇི་བཞིན་རྟོགས་པར་མཛོད། །སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང་། །མཚན་ཉིད་ཡོངས་རྫོགས་དཔལ་ལྡན་བླ་མ་ཡིས། །རྗེས་སུ་བཟུང་ནས་མཉེས་པ་ཚུལ་བཞིན་བསྒྲུབ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་གསོལ་འདེབས་ཀྱི་སྙིང་


LT29_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པོའང་ཅི་རིགས་བཟླ། རྗེས་དབང་ལེན་ཞུ་།།།བསྔོ་སྨོན་ནི། །སངས་རྒྱས་ཀུན་དངོས་བླ་མའི་ཚོགས་རྣམས་ཀྱིས། །དམིགས་མེད་ཐུགས་རྗེ་ཆེན་པོས་རྗེས་དགོངས་ལ། །ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་ནས་ཀྱང་། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །གསོལ་བ་བཏབ་བས་འཁོར་གྱི་བླ་མ་རྣམས། །འོད་ཞུ་གཙོ་བོ་གུ་རུ་ཉིད་ལ་ཐིམ། །དཀོན་མཆོག་ཀུན་འདུས་གུ་རུ་རིན་པོ་ཆེའི། །གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་ལས། །འོད་ཟེར་ཡིག་འབྲུ་དཀར་དམར་མཐིང་སེར་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞིས་རྒྱུད་སྨིན་ལམ་བཞི་བསྒོམ་ལ་དབང་། །སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་ལྡན་གྱུར། །མོས་གུས་ཤུགས་ཀྱིས་གུ་རུ་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་། །བླ་མའི་གསང་གསུམ་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་གུས་ཀྱི་རང་ངོ་བཟོ་མེད་ལ་ཅི་གནས་སུ་མཉམ་པར་བཞག་ལ། མཐར། །དགེ་འདིས་བདག་གཞན་མཁའ་ཁྱབ་འགྲོ་བ་ཀུན། །མོས་གུས་བླ་མའི་ལམ་མཆོག་མཐར་ཕྱིན་ཏེ། །ས་ལམ་གཅིག་ཆོད་དོན་གཉིས་ལྷུན་གྱིས་གྲུབ། །ཚེ་གཅིག་རྣམ་མཁྱེན་སངས་རྒྱས་ས་ཐོབ་ཤོག །ཅེས་པ་འདིའང་སྡེ་བཞི་དགེ་བཅུའི་མངའ་བདག་ཆོས་རྒྱལ་ཆེན་པོའི་ལུགས་ཟུང་གཉེར་འཛིན་དམ་ཆོས་ཚུལ་བཞིན་སྒྲུབ་པ་ཚེ་རིང་དོན་གྲུབ་པའི་གསུང་བསྐུལ་ངོར། ཀུ་སཱ་ཡི་བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་ཤར་མར་སྤེལ་བ་དགེ་ལེགས་འཕེལ།། །།


LT29_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཚེ་དཔག་མེད་པའི་རྣལ་འབྱོར་ཚེ་དབང་དངོས་གྲུབ་དཔལ་སྟེང་ཅེས་བྱ་བ་བཞུགས་སོ། །གང་ལ་བསྟེན་ན་འཕྲལ་ཕུག་གི། །དགེ་ལེགས་ཀུན་འབྱུང་བླ་མ་རྗེའི། །བྱིན་རླབས་རྒྱུད་ལ་སྨིན་པའི་ཕྱིར། །ཟབ་མོའི་རྣལ་འབྱོར་འདི་ལ་བརྩོན། །ངེས་འབྱུང་བློ་ཡིས་རྒྱུད་བསྐུལ་ཏེ། །སེམས་བསྐྱེད་སྙིང་རྗེས་གཞི་བཟུང་ལ། །མོས་གུས་དྲག་པོས་མཚམས་སྦྱར་ནས། །ཡེངས་མེད་འདོན་བསྒོམ་སྦྲགས་པར་བྱ། །ན་མོ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་ཡ། །སྣོད་བཅུད་རྣམ་དག་པདྨ་བདེ་བ་ཅན། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་གྱིས་གཏམས། །རྒྱལ་བ་སྲས་བཅས་དགྱེས་བས་བསྟི་བ་ཡི། །རབ་འབྱམས་དག་པའི་ཞིང་བཀོད་རྫོགས་པའི་དབུས། །རང་མདུན་ནམ་མཁར་སེང་གེས་བཏེགས་པའི་ཁྲི། །ལྷ་རྫས་རིན་ཐང་མེད་པའི་གོས་ཀྱིས་བཀབ། །འདབ་རྒྱས་པདྨའི་བྲེའུ་འབྲུར་ཟླ་དཀྱིལ་ལ། །རོ་བོ་ལྷ་མིའི་སྐྱབས་མགོན་མཁྱེན་རབ་གཏེར། །ལུང་རིག་སྨྲ་བའི་དབང་ཕྱུག་མཁས་བཙུན་གྱིས། །ཐུབ་བསྟན་རྒྱལ་མཚན་འཛིན་མཛད་འདྲེན་མཆོག་ཉིད། །རྣམ་པ་བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད། །དམར་གསལ་པདྨ་རཱ་གའི་ལྷུན་པོ་བཞིན། །བརྗིད་ཅིང་ལྷུན་ཆགས་གཟི་འོད་དཔལ་དུ་འབར། །ཞི་འཛུམ་མདངས་ལྡན་མཚན་དང་དཔེ་བྱད་རྫོགས། །མཉམ་གཞག་ཕྱག་རྒྱས་འཆི་མེད་ཚེ་བུམ་བསྣམས། །དཔག་བསམ་ལོ་མ་མེ་ཏོག་ཁ་རྒྱན་མཛེས། །སྣ་ཚོགས་ངར་གྱི་སྟོད་གཡོགས་སྨད་གཡོགས་ཀླུབས། །དབུ་རྒྱན་སྙན་ཆ་དོ་ཤལ་


LT29_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གདུ་བུ་སོགས། །རིན་ཆེན་ནོར་བུ་གསེར་གྱི་དྲ་བ་དཔྱངས། །ཞབས་གཉིས་གཡོ་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྐུ་ལས་ཡེ་ཤེས་སྒྱུ་འཕྲུལ་བསམ་ཡས་འཕྲོ། །གསུང་གིས་ཚངས་དབྱངས་ཐེག་ཆེན་ཆོས་སྒྲ་སྒྲོགས། །ཐུགས་དགོངས་ཟབ་ཞི་སྤྲོས་བྲལ་འོད་གསལ་དང་། །ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་ཡོངས་སུ་རྫོགས། །གང་ཞིག་དང་བས་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ཏུ་མངོན་སུམ་ལྷམ་མེར་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་ལྷུན་གྲུབ་གྱུར། །བདག་སོགས་འགྲོ་ཀུན་རྡུལ་སྙེད་ལུས་སྤྲུལ་ཏེ། །དབྱངས་སྙན་ཡན་ལག་རྒྱ་མཚོ་བསྡགས་པ་བརྗོད། །ཁྱོད་ལས་སྐྱབས་གཞན་མེད་པའི་མོས་གུས་བཅས། །སྒོ་གསུམ་རབ་ཏུ་བཏུད་དེ་ཕྱག་འཚལ་ལོ། །སྲས་བཅས་རྒྱལ་བའི་སྨོན་ལམ་ལས་གྲུབ་པ། །རྨད་བྱུང་བཀོད་པ་ལྷ་མིའི་དཔལ་འབྱོར་དང་། །བདག་ལུས་ལོངས་སྤྱོད་དགེ་བའི་རྩ་བ་བཅས། །ཀུན་བཟང་མཆོད་པའི་སྤྲིན་ཏུ་སྤྲོས་ཏེ་འབུལ། །ཐོག་མེད་དུས་ནས་འཁྲུལ་བའི་གཞན་དབང་གིས། །ལས་དང་ཉོན་མོངས་འཁོར་བའི་རྒྱུར་གྱུར་པ། །སྡིག་སྒྲིབ་ཉེས་ལྟུང་བག་ཆགས་བཅས་པ་ཀུན། །གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་བསྡམས། །སྲིད་དང་མྱ་ངན་འདས་པའི་ཁམས་རྣམས་སུ། །ཟག་བཅས་ཟག་པ་མེད་པས་བསྡུས་པ་ཡི། །རྣམ་དཀར་དགེ་རྩ་ཇི་སྙེད་མཆིས་


LT29_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ། །ཡི་རང་ས་སྙིང་གི་པདྨོ་ཕྱོགས་བརྒྱར་གྲོལ། །ཐུན་མོང་ཐེག་གསུམ་བྱེད་པར་གསང་བ་སྔགས། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་མཆོག །གདུལ་བྱའི་སྐལ་པར་འཚམས་པར་བསྐོར་བ་ནི། །འཁོར་བ་དོང་སྦྲུགས་ཕྲིན་ལས་མཐར་ཕྱིན་གསོལ། །གདོད་ནས་བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་སྟོབས། །ནམ་ཡང་མི་བརྟུལ་རྫུ་འཕྲུལ་རྐང་པ་ལ། །བརྟེན་ནས་བསྐལ་ཆེན་འདི་ཉིད་མ་སྟོངས་བར། །གསང་གསུམ་འགྱུར་བ་མེད་པར་བཞུགས་སུ་གསོལ། །འདིས་མཚོན་དུས་གསུམ་བདག་གཞན་འགྲོ་ཀུན་གྱི། །དགེ་རྩ་གཅིག་བསྡུས་འཁོར་གསུམ་ཡང་དག་བློས། །མི་གནས་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུས། །ཁྱབ་བདག་བླ་མའི་གོ་འཕང་མྱུར་འགྲུབ་ཤོག །ཅེས་ཚོགས་རྟེན་གསལ་བཏབ་ཅིང་བསགས་སྦྱོང་གི་སྙིང་པོ་བསྡུས་པ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་གསོལ་འདེབས་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། མདོར་བསྡུས། མཁྱེན་རབ་དབང་ཕྱུག་ལུང་དང་རིག་པའི་གཏེར། །སྙིང་རྗེའི་རང་གཟུགས་མཁས་ཤིང་བཙུན་པའི་ཕུལ། །གསང་བ་ཀུན་བདག་ཐུབ་བསྟན་རྒྱལ་མཚན་འཛིན། །བླ་མ་ཚེ་དཔག་མེད་ལ་གསོལ་བ་འདེབས། ཞེས་གྲངས་ཇི་ལྟར་འོས་པ་དང་། ཨོཾ་གུ་རུ་ཨཱ་ཡུཛྙཱ་ན་ཨ་མཱ་ར་ི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་པའང་བཟླས་ལ། མཐར། ཐུགས་རྗེའི་མངའ་བདག་བླ་མ་ཚེ་དཔག་མེད། །ཆོས་ཀྱི་རྒྱལ་པོ་མཁའ་མཉམ་འགྲོ་བའི་སྐྱབས། །མ་ལུས་ཕན་བདེའི་འབྱུང་གནས་


LT29_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ། །ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །ནམ་ཡང་མི་འབྲལ་མཉེས་པའི་ཞབས་ཏོག་འགྲུབ། །དམ་ཚིག་སེལ་མེད་ཐུགས་ཡིད་གཅིག་ཏུ་འདྲེས། །ཕྲིན་ལས་སྲིད་པ་གསུམ་དུ་སྤེལ་ནུས་ཤོག །བླ་མ་རྒྱལ་བ་སྲས་བཅས་དགོངས་པ་སྐོང་། །མཁའ་མཉམ་འགྲོ་ཀུན་ཐར་བ་མཆོག་ལ་སྦྱོར། །རང་གཞན་དོན་གཉིས་གེགས་མེད་མཐའ་རུ་ཕྱིན། །སྐུ་གསུམ་རྫོགས་པའི་སངས་རྒྱས་མངོན་གྱུར་ཤོག །དེ་ལྟར་གསོལ་བཏབ་ཐུགས་རྒྱུད་བསྐུལ་བའི་མཐུས། །བླ་མ་སངས་རྒྱས་བརྩེ་བས་རྗེས་དགོངས་ཏེ། །གནས་གསུམ་འོད་ཟེར་དཀར་དམར་མཐིང་གའི་མདོག །རིམ་དང་ཅིག་ཆར་འཕྲོས་པས་དབང་བཞི་ཐོབ། །སྒྲིབ་པ་བཞི་དག་ལམ་བཞི་བསྒོམ་ལ་དབང་། །སྐུ་བཞི་མངོན་ཏུ་འགྱུར་བའི་སྐལ་ལྡན་བྱས། །བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་ལ་ཐིམ་པས་སྒོ་གསུམ་སྐུ་གསུང་།ཐུགས། །དབྱེར་མེད་ཡེ་ཤེས་ཆེན་པོར་རོ་གཅིག་གྱུར། །དགེ་འདིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །འཁྲུལ་པའི་མུན་སངས་ཡེ་ཤེས་སྣང་བ་རྒྱས། །མི་ཟད་རྒྱན་གྱི་འཁོར་ལོའི་རོལ་བ་ཡིས། །དཔལ་ལྡན་བླ་མའི་དགོངས་པ་སྐོང་གྱུར་ཅིག །ཅེས་པའང་ལུགས་གཞུང་མཁྱེན་ལྡན་བྲག་ཡབ་ལྡེ་ཟུར་བཀའ་བཅུ་བློ་བཟང་ནོར་བུས་གསུང་བསྐུལ་མཛད་པ་ལྟར། འདུ་གསུམ་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །

པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས།


LT29_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས་ཞེས་བྱ་བ་བཞུགས་སོ། །


LT29_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་སངས་རྒྱས་བདུན་པ་རབ་གསལ་ཉིད། །ཤཱཀྱའི་བསྟན་ལ་ཚངས་སྤྱོད་མཆོག་གི་ཚུལ། །ཡོངས་རྫོགས་པ་ཆེན་ཉི་མ་ལྟ་བུར་གྲགས། །ཤཱཀྱ་ཤྲཱི་བྷ་དྲའི་ཞབས་ལ་འདུད། །ཉི་མ་གུང་པས་བྱིན་བརླབས་ཀསྨཱི་རར། །ཁྲི་བརྟན་གྲོང་ཁྱེར་སུམ་རྩེན་གཉིས་པ་རུ། །དེད་དཔོན་ཆེན་པོའི་རིགས་འཁྲུངས་གྲགས་འཛིན་ཅེས། །སྤྲུལ་པའི་སྐུ་རུ་བསྟན་ལ་གསོལ་བ་འདེབས། །བཅུ་ཕྲག་ལོ་ནས་རིག་པའི་གནས་མཐར་སོན། །གཞན་གཞུང་ཚར་གཅོད་རྣམ་རྒྱལ་ཅོད་པན་ཐོབ། །ཉེར་གསུམ་ལོན་ཚེ་ཐུབ་བསྟན་ཁང་བཟང་དུ། །ངེས་འབྱུང་གོམས་པས་བགྲོད་ལ་གསོལ་བ་འདེབས། །ཞག་རེར་ཆོས་སྤྱོད་རྣམ་བཅུ་ཚང་བར་བསྒྲུབ། །གནོད་ལན་ཕན་


LT29_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ཅི་ཡང་བདག་མི་འཛིན། །རྐྱེན་ངན་ཕར་ཕྱིན་ལམ་ཁྱེར་ཐུགས་དམ་བཞི། །རྒྱལ་བ་དཔང་དུ་མཛད་ལ་གསོལ་བ་འདེབས། །པ་གྲུབ་མང་བསྟེན་གསུང་རབ་ཀུན་ལ་སྦྱངས། །ཞག་གྲངས་དུ་མར་ཏིལ་མར་མཚོ་རུ་ཞུགས། །མནལ་སྦངས་འབུམ་སྡེ་མང་པོ་ཞལ་ཐོན་མཛད། །དབྱིག་གཉེན་གཉིས་པར་གྲགས་ལ་གསོལ་བ་འདེབས། །སུམ་ཅུ་པ་ལ་ཞི་འབྱུང་སྦས་པ་སོགས། །སྡེ་སྣོད་འཛིན་པའི་དབུས་སུ་བསྙེན་པར་རྫོགས། །སྟན་གཅིག་པ་དང་བསོད་སྙོམས་བརྟུལ་ཞུགས་བླངས། །སྦྱངས་ཡོན་མཐའ་རུ་ཕྱིན་ལ་གསོལ༴ ལུས་ཀྱིས་བྱ་བ་ངག་གིས་གཞུང་རྩོམ་ཞིང་། །ཡིད་ཀྱིས་དྲི་བ་དགུ་ཡི་ལན་ལྡོན་པ། །དུས་གཅིག་ནུས་པས་ཛམ་བུའི་གླིང་ཀུན་


LT29_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །ཡོངས་གྲགས་པ་ཆེན་གྱུར་ལ་གསོལ༴ ནཱ་ལནྡ་སོགས་མཁན་པོའི་བྱ་བ་མཛད། །དགེ་འདུན་སྟོང་ཕྲག་དུ་མར་ཆོས་གསུངས་ཤིང་། །ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཚར་བཅད་ནས། །བསྟན་པ་རྒྱས་པར་མཛད་ལ༴ བྱམས་པར་ཆོས་གསན་ཏིང་འཛིན་རྒྱ་མཚོ་བརྙེས། །རྗེ་བཙུན་སྒྲོལ་མས་རྟག་ཏུ་ལུང་བསྟན་སྩལ། །དུས་འཁོར་བདེ་དགྱེས་དོན་ཡོད་ཞགས་པ་སོགས། །ལྷག་ལྷས་བྱིན་གྱིས་བརླབས་ལ༴ སངས་རྒྱས་སྤྲུལ་སྐུས་ཐེག་ཆེན་ཆོས་སྒོ་བསྟན། །སྣང་གྲགས་ཀུན་ལས་ཟབ་མོའི་ཆོས་སྒྲགས་ན། །གཟུངས་དང་མངོན་ཤེས་ངོ་མཚར་ཆོ་འཕྲུལ་མངའ། །ལྷ་ཀླུས་བསྙེན་བཀུར་ཕུལ་ལ༴ དགྲ་བཅོམ་གྲུབ་ཐོབ་ཡེ་ཤེས་མཁའ་འགྲོ་མས། །མ་བྱོན་སངས་རྒྱས་གསུམ་པར་ཞལ་བཞེས་ཤིང་། །ཅུང་ཟད་ཡོན་ཕུལ་འབྲས་བུ་ཚད་མེད་པ། །ཐོབ་ཅེས་གྲགས་པས་ཁྱབ་ལ༴ ཡི་དམ་ལུང་དང་གསོལ་བ་བཏབ་པའི་ངོར། །པ་ཆེན་དགུ་ཡི་འཁོར་བཅས་བོད་དུ་ཕེབས། །བྱམས་ཆེན་རབ་ཏུ་གནས་སོགས་ཁྲོ་ལོ་ཆེའི། །ཐུགས་བཞེད་ཡོངས་སུ་བསྐངས་ལ༴ ས་དཔྱལ་ཆགས་དང་ཞང་ལོ་ལ་སོགས་པ། །བོད་ཡུལ་ཙམ་ན་ཆེ་བའི་བཤེས་གཉེན་ཀུན། །རྗེས་སུ་བཟུང་ནས་འདུལ་མདོ་གསང་སྔགས་ཀྱི། །ཆོས་འཁོར་རྒྱ་ཆེར་བསྐོར་ལ༴ ཁྱད་པར་ཆོས་འདུལ་བཤད་སྒྲུབ་


LT29_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་ཀླུང་། །དཔལ་མཚན་རྣམ་གཉིས་མ་དྲོས་མཚོར་བསྐྱིལ་བས། །ཐུབ་བསྟན་ཇི་སྲིད་ཐར་འདོད་ཡོངས་ཀྱི་གསོས། །རྒྱུན་མི་འཆད་པར་དབབ་ལ༴ གངས་ཅན་ལྗོངས་སུ་ལོ་བཅུར་དབྱར་གནས་མཛད། །སྐལ་ལྡན་དུ་མ་ཕྱིར་མི་ལྡོག་ལ་བཀོད། །སླར་ཡང་ཁ་ཆེའི་ཡུལ་བྱོན་ཐུབ་བསྟན་གྱི། །མཛད་པ་རླབས་ཆེན་བསྒྲུབས་ལ༴ གོ་དགུ་བཞེས་ཚེ་དགའ་ལྡན་གནམ་དུ་གཤེགས། །འཇའ་འོད་མེ་ཏོག་ཆར་པས་ཡུལ་ཀུན་ཁྱབ། །ལྷ་ཡི་སིལ་སྙན་སྒྲ་ལས་པཎྜི་ཏ། །གཉིས་བརྒྱས་ཏིང་འཛིན་བརྙེས་ལ༴ སྡོམ་བརྩོན་མཁས་པ་ཀུན་གྱི་གཙུག་གི་ནོར། །འཕགས་བོད་ཀུན་ཏུ་རྩོད་མེད་ཡོངས་སུ་གྲགས། །རབ་གསལ་རྣམ་འཕྲུལ་ཁ་ཆེ་བསོད་སྙོམས་པ། །ཤཱཀྱ་ཤྲཱིའི་ཞབས་ལ་གསོལ་བ་འདེབས། །ངེས་འབྱུང་ཚུལ་ཁྲིམས་རྣམ་དག་ས་གཞི་རུ། །སེམས་དང་ཏིང་འཛིན་འབྲས་ལྡན་ལྗོན་ཤིང་སྨིན། །སྐྱེ་དགུ་ཐར་པའི་བཅུད་ཀྱིས་འཚོ་བྱེད་པ། །ཁྱོད་ཀྱི་རྣམ་ཐར་འགྲུབ་པར་བྱིན་གྱིས་རློབས། །དགའ་ལྡན་གནས་སུ་རྒྱལ་ཚབ་སྲས་དང་བཅས། །བྱང་ཆུབ་སྤྱོད་པའི་རིམ་གྲོས་མཉེས་བྱས་ཏེ། །དམ་ཆོས་འཛིན་སྤེལ་སྐྱོང་བའི་རྣམ་འཕྲུལ་གྱིས། །ཕྱོགས་བཅུའི་ཞིང་ཁམས་རྒྱས་པར་འགེངས་བྱེད་ཤོག །བསྟན་རྩ་དམ་ཆོས་འདུལ་བའི་སྡེ་སྣོད་ཀྱི། །བཤད་སྒྲུབ་ཕྲིན་


LT29_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ས་སྟེང་ཀུན་ཏུ་ཁྱབ། །རྒྱལ་བསྟན་ཉི་མ་ནམ་ཡང་མི་ནུབ་པར། །ལྷར་བཅས་འཇིག་རྟེན་རྟག་ཏུ་སྣང་གྱུར་ཅིག །ཅེས་སྟོད་འདུལ་བསྟན་པའི་རྩབ་ཁ་ཆེ་པི་ཏ་བསོད་སྙོམས་པ་ཆེན་པོ་ལ་གསོལ་བ་འདེབས་པ་འདི་ནི། མཁྱེན་རྟོགས་ཀྱི་བདག་ཉིད་བླ་མ་ཀརྨ་དབང་ཕྱུག་གིས་རིང་ནས་བསྐུལ་བ་དང་། ཉེ་ཆར་སྡེ་སྣོད་འཛིན་པའི་རབ་འབྱམས་པ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་ཆེད་དུ་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་སྡེ་སྣོད་འཛིན་པ་རྣམས་དབྱར་ཚུལ་ལ་ཞུགས་པའི་ཆོས་གྲར་བྲིས་པ་དགེ་ལེགས་འཕེལ།། ༈ །།རྗེ་ལྷོ་བྲག་པ་ཆེན་པོ་ལ་གསོལ་བ་འདེབས་པ་དགྱེས་མཛད་དགྱེས་གླུ་ཞེས་བྱ་བ་བཞུགས་སོ། །དགྱེས་མཛད་དགྱེས་པའི་གར་མཁན་གཡུང་མོ་ཅན། །ཞིང་བརྒྱར་ཀུན་ཏུ་བཟང་པོའི་རྣམ་པར་རོལ། །རྣམ་ཐར་བསམ་མི་ཁྱབ་པའི་མངའ་བདག་རྗེ། །ཁྱབ་བདག་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྤྲོས་བྲལ་ཆོས་སྐུ་ཟབ་ཅིང་གཏིང་དཔག་དཀའ། །མཁའ་ཁྱབ་ལོངས་སྐུ་ངེས་པ་ལྔ་དང་ལྡན། །སྤྲུལ་སྐུ་བསམ་མི་ཁྱབ་པའི་མངའ་བདག་རྗེ། །སྒྱུ་འཕྲུལ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། ཁ་སྦྱོར་དབྱིངས་ལས་གངས་ཅན་ཉི་མར་བཞེངས། །དྲང་བའི་ཐབས་སུ་སློབ་པའི་ལམ་ལ་ཞུགས། །སྙིང་སྟོབས་བསམ་མི་ཁྱབ་པའི་མངའ༴ ཐུགས་དམ་ཆེན་པོའི་


LT29_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ༴ ལུས་སྲོག་ཐེད་ལ་བོར་ཏེ་དམ་ཆོས་བཙལ། །འཕགས་བལ་ཐ་གྲུ་ཀུན་ཏུ་ཡང་ཡང་བགྲོད། །དཀའ་སྤྱད་བསམ་མི་ཁྱབ་པའི་མངའ༴ བཟོད་པ་ཆེན་པོའི་ཞབས༴ ཁྱད་འཕགས་བཅུ་གསུམ་གྲུབ་ཐོབ་ཞལ་ལྔ་དང་། །འགྲན་མེད་གཉིས་ཀྱི་ཐུགས་བཅུད་རྫོགས་པར་བཞེས། །ཐོས་བསམ་བསམ་མི་ཁྱབ་པའི་མངའ༴ མཁྱེན་རབ་ཆེན་པོའི་ཞབས༴ ཐུན་མིན་གསང་བ་མཁའ་འགྲོའི་ཐུགས་ཀྱི་ཁྲག །དཔལ་ལྡན་ནཱ་རོའི་དྲིན་ལས་ངོམས་པར་སྤྱོད། །སྐལ་པ་བསམ་མི་ཁྱབ་པའི་མངའ༴ གསང་བདག་ཆེན་པོའི་ཞབས༴ སྒྱུ་ཐོད་གདན་གསུམ་ཁྱད་པར་དགྱེས་གསང་སོགས། །བསྒྱུར་སྤེལ་འཆད་ཉན་སྒྲུབ་པའི་རྒྱལ་མཚན་བཙུགས། །བློ་གྲོས་བསམ་མི་ཁྱབ་པའི་མངའ༴ ལོ་ཙཱ་ཆེན་པོའི་ཞབས༴ མ་ཧཱ་བོ་དྷིའི་དུས་ཀྱི་མཆོད་ཆེན་གསོས། །ཚོགས་ཀྱི་འདུ་བ་ཆེ་ཆུང་དཔག་མེད་སྤྱོད། །ཚོགས་གཉིས་བསམ་མི་ཁྱབ་པའི་མངའ༴ ལྷུན་རྫོགས་ཆེན་པོའི་ཞབས༴ ཐབས་ལམ་ཆོས་དྲུག་ཨ་མ་ན་སིའི་སྲོལ། །གསར་དུ་གཏོད་ནས་ས་སྟེང་གྲུབ་པས་བཀང་། །མཛད་ཚུལ་བསམ་མི་ཁྱབ་པའི་མངའ༴ ཕྲིན་ལས་ཆེན་པོའི་ཞབས༴ ཀ་ཆེན་ཐུགས་སྲས་ཟུང་བཞི་བརྒྱད་ལ་སོགས། །སྨིན་ཅིང་དགྲོལ་ནས་ཐུབ་བསྟན་རྒྱས་པར་མཛད། །


LT29_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་བསམ་མི་ཁྱབ་པའི་མངའ༴ བསྟན་འཛིན་ཆེན་པོའི་ཞབས༴ ཟད་པར་ཟིལ་གནོན་སྤྲུལ་སྒྱུར་དངོས་སུ་སྟོན། །ཐུགས་ཀྱི་རྡོ་རྗེ་གཞན་ལུས་གྲོང་དུ་འཇུག །ཡ་མཚན་བསམ་མི་ཁྱབ་པའི་མངའ༴ ཆོ་འཕྲུལ་ཆེན་པོའི་ཞབས༴ བདག་མེད་རྡོ་རྗེ་བཙུན་མོའི་བྷ་ག་རུ། །གསང་གསུམ་ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐབས་ཤེས་བསམ་མི་ཁྱབ་པའི་མངའ༴ བདེ་བ་ཆེན་པོའི་ཞབས༴ མཁའ་ཁྱབ་ཆོས་དབྱིངས་ཕྱག་རྒྱ་ཆེར་དགྱེས་པ། །ཆོས་ཅན་རང་བྱུང་ནམ་མཁའི་རྡོ་རྗེར་བསྡོམས། །དགོངས་པ་བསམ་མི་ཁྱབ་པའི་མངའ༴ དབང་བསྐུར་ཆེན་པོའི་ཞབས༴ གང་ཐུགས་འོད་གསལ་གཉུག་མའི་མཁའ་ལ་སྤྱོད། །རོལ་པའི་གར་གྱིས་ཞིང་བརྒྱ་རྟག་པར་གཡོ། །རྣམ་རོལ་བསམ་མི་ཁྱབ་པའི་མངའ༴ འགྲོ་འདུལ་ཆེན་པོའི་ཞབས༴ ལུས་སེམས་དངོས་པོའི་གནས་ལུགས་གཏན་ལ་ཕེབས། །ཤེས་རབ་ཐབས་ཀྱི་ལམ་མཆོག་བདེ་བླག་བགྲོད། །རྡོ་རྗེ་བཞི་ཡི་རྒྱལ་ཐབས་ཆེན་པོ་པ། །དགྱེས་མཛད་ལོ་ཙཱའི་གོ་འཕང་མྱུར་འགྲུབ་ཤོག ། ཅེས་པའང་བོད་ཡུལ་སྒྲུབ་བརྒྱུད་ཀྱི་ཆུ་འགོ། སྐྱེས་མཆོག་མར་སྟོན་ཆེན་པོས་ཆོ་འཕྲུལ་གྱི་ཆོས་མཐའ་ཡས་པ་བསྟན་པའི་གནས་མཆོག་ལྷོ་གྲོ་བོ་ལུང་དང་སྲས་མཁར་སྤྲུལ་པའི་ཕོ་བྲང་དད་པས་མཇལ་ཞིང་ཚོགས་གཉིས་ཀྱི་འབྲེལ་འཇོག་བགྱིད་པའི་སྐལ་པ་བཟང་པོའི་དུས་ཀྱི་དང་པོ་ཤར་བའི་


LT29_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་གང་ཤར་གྱི་གསོལ་བ་སྐད་ཅིག་མར་བཏབ་པའོ།། ༈ །།རྗེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པ་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ༈ །།བདེ་ཆེན་ཆོས་དབྱིངས་དགྱེས་མཛད་གསང་བ་ལས། །ཀུན་ཏུ་བཟང་པོའི་རྣམ་ཐར་སྤྲིན་བཀོད་དེ། །སྣ་ཚོགས་སྤྲུལ་པས་མཐའ་ཡས་གདུལ་བྱ་འདུལ། །རྗེ་བཙུན་ལྷོ་བྲག་པ་ལ་གསོལ་བ་འདེབས། །གསང་བ་མཆོག་གི་དགྱེས་པར་རྟག་བཞུགས་པ། །ཐམས་ཅད་བདག་ཉིད་རྡོ་རྗེ་ཅན་རྣམས་ཀྱི། །གསང་གསུམ་ཕྲིན་ལས་བཅས་པ་གཅིག་བསྡུས་ཏེ། །སྤྲུལ་པའི་སྐུ་རུ་བསྟན་ལ༴ ཡུལ་དབུས་ལྷོ་ཕྱོགས་དག་པའི་སྨན་ལྗོངས་སུ། །རྣམ་དག་མར་པའི་རིགས་སུ་གཟིགས་པ་ལྔས། །གསང་ཆེན་བསྟན་པའི་བདག་པོར་ལེགས་བྱོན་ནས། །གཞོན་ནུའི་རོལ་རྩེད་མཛད་ལ༴ འཇིགས་མེད་གོ་འཕང་གདོད་ནས་གྲུབ་པ་ལས། །ཤུགས་འབྱུང་དཔའ་ཞིང་གཏུམ་པའི་ཚུལ་སྤྱོད་ཀྱིས། །ཐ་མལ་སྣང་བ་ཐམས་ཅད་ཟིལ་གནོན་པ། །རང་བྱུང་ཧེ་རུ་ཀ་ལ༴ མང་མཁར་ལུང་དུ་འབྲོག་མི་ལོ་ཙཱ་ལས། །སྒྲ་རིག་ལེགས་སྦྱངས་བལ་པོའི་ཡུལ་དུ་ཕེབས། །ཕམ་མཐིང་པ་ལས་རྒྱུད་གསན་རིག་གནས་ཀུན། །ཞར་བྱུང་མཁྱེན་པར་མཛད་ལ༴ པ་ཆེན་ནཱ་


LT29_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་མཚན་སྙན་གསན་ཙམ་གྱིས། །དད་པས་རིགས་སད་དཀའ་སྤྱད་འཕགས་ཡུལ་བགྲོད། །མེ་ཏོག་རྒྱས་པའི་ལྗོངས་སུ་ཞལ་རས་མཇལ། །འཁོར་གསུམ་ཡང་དག་ཕུལ་ལ༴ དགྱེས་རྡོར་ལྷ་དགུ་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བསྐུར་དོན་གྱི་ཡེ་ཤེས་ངོ་འཕྲོད་ཅིང་། །གུར་བརྟག་སཾ་གསུམ་གདན་བཞི་མཱ་ཡཱ་སོགས། །སྨིན་གྲོལ་རྫོགས་པར་གསན་ལ༴ འདུས་པ་གཤེད་སྐོར་སྒྲོལ་མ་འབྱུང་བ་དང་། །མི་གཡོ་བླ་མེད་སེམས་འགྲེལ་སྐོར་གསུམ་སོགས། །གསང་རྒྱུད་དབང་དང་བཤད་བཀའ་མན་ངག་ཀུན། །བུམ་པ་གང་བྱོར་སྩལ་ལ༴ བླ་མའི་བཀའ་བཞིན་ནུབ་ཕྱོགས་པཎྜི་ཏ། །ཡེ་ཤེས་སྙིང་པོར་འདུས་པ་འཕགས་སྐོར་གསན། །སྤྲུལ་པའི་དཀྱིལ་འཁོར་མཇལ་ཏེ་ས་བརྒྱད་པའི། །རྟོགས་པ་མངོན་དུ་གྱུར་ལ༴ གྲུབ་ཐོབ་ཞལ་ལྔ་ཁྱད་འཕགས་བཅུ་གསུམ་གཙོས། །མཁས་གྲུབ་མང་བསྟེན་ཟབ་གསང་བདུད་རྩིའི་ཀླུང་། །ཐུགས་ཀྱི་བུམ་པར་བསྐྱིལ་ནས་སྐལ་ལྡན་འགྲོར། །ཐར་པའི་གསོས་སུ་འབེབས་ལ༴ མངའ་བདག་མཻ་ཏྲི་ཆེན་པོས་རྗེས་སུ་བཟུང་། །བདེ་དགྱེས་ཐོད་པ་མཚན་བརྗོད་ཕྱག་ཆེན་གནང་། །ངོ་མཚར་རྫུ་འཕྲུལ་བཀོད་པ་དུ་མ་གཟིགས། །ཐུགས་ཡིད་གཅིག་འདྲེས་གྱུར་ལ༴ སོ་ས་གླིང་དུ་རྡོ་རྗེ་རྣལ་འབྱོར་མས། །བརྡ་ཡི་དབང་བསྐུར་


LT29_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཐབས་ཀྱིས་སྩལ། །མདའ་བསྣུན་ཞབས་ཀྱིས་མཱ་ཡའི་སྨིན་གྲོལ་དང་། །ཕྱག་ཆེན་ངོ་སྤྲོད་སྩལ་ལ༴ འཕགས་ཡུལ་ལན་གསུམ་ཕེབས་པའི་བར་པ་ལ། །རྗེ་བཙུན་ནཱ་རོ་སྤྱོད་པར་གཤེགས་དང་མཇལ། །བདེ་མཆོག་བཀའ་སྲོལ་ཀུན་གནང་གཞན་དོན་གྱི། །ལུང་བསྟན་རྒྱ་ཆེར་་སྩལ་ལ༴ རྗེས་སུ་བླ་མ་མཁའ་སྤྱོད་གཤེགས་ན་ཡང་། །གསོལ་བ་བཏབ་ནས་བཙལ་བས་དངོས་སུ་བྱོན། །སྙན་བརྒྱུད་ནོར་བུ་རྣམ་གསུམ་མཛོད་ཁང་གཏད། །གསང་གསུམ་བྱིན་རླབས་རྫོགས་ལ༴ དཔལ་ལྡན་ནཱ་རོ་མཻ་ཏྲིས་མགྲིན་གཅིག་ཏུ། །བྱང་ཕྱོགས་ཁ་བ་ཅན་ལྗོངས་འདུལ་བ་ཡི། །རྒྱལ་ཚབ་མངའ་གསོལ་ཇི་བཞིན་ཕྱག་ཕེབས་ནས། །གདུལ་བྱ་ཐབས་ཀྱིས་འདུལ་ལ༴ བདག་མེད་མ་སོགས་མཆེན་ལྡན་རྣམ་དགུ་བཞེས། །དར་མ་མདོ་སྡེས་ཐོག་དྲངས་སྲས་ཀྱང་བསྐྲུན། །ཕྱི་ལྟར་སྤས་ཚུལ་བྱིམ་པའི་ཀུན་སྤྱོད་ཀྱིས། །འབྲེལ་ཚད་ཐར་པར་འདྲེན་ལ༴ སྐལ་དམན་སྣང་ངོར་གྲོང་འཇུག་རོལ་རྩེད་སོགས། །ཐུན་མོང་རྟགས་བསྟན་སྐལ་ལྡན་གདུལ་བྱ་ལ། །ཟད་པར་ཟིལ་གནོན་སྤྲུལ་སྒྱུར་མངོན་ཕར་ཤེས། །ཐུན་མིན་ཆོ་འཕྲུལ་བསྟན་ལ༴ ཚོགས་འཁོར་མཛད་ཚེ་ཡབ་དང་ཡུམ་དགུ་པོ། །དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་དངོས་སུ་བསྒྱུར། །སྤྲོས་བཅས་


LT29_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་སྤྱོད་པའི་ཉེ་རྒྱུ་ཡིས། །ཟུང་འཇུག་རྒྱལ་སྲིད་བསྐྱོང་ལ༴ རྡོ་རྗེ་གདན་དུ་དུས་མཆོད་ཆེན་མོ་ཕུལ། །འཕགས་བོད་གཉིས་སུ་གྲུབ་པའི་སྙན་པས་ཁྱབ། །སྨིན་གྲོལ་ཆོས་འཁོར་རྒྱུན་མི་འཆད་པར་བསྐོར། །དྲུག་པའི་རྒྱལ་ཚབ་གྱུར་ལ༴ བཤད་སྒྲུབ་བཀའ་བབས་ཀ་ཆེན་རྣམ་པ་བཞིས། །ཐོག་དྲངས་སྐལ་ལྡན་མང་པོ་གྲུབ་པ་ཡི། །གོ་འཕང་མཐོན་པོར་བཀོད་ཅིང་གསང་ཆེན་གྱི། །བསྟན་པའི་ཆུ་མགོ་བཙུགས་ལ༴ བརྒྱད་ཅུ་རྩ་བརྒྱད་བྱ་ལོ་རྟ་ཟླ་བའི། །བཅོ་ལྔར་ཇོ་མོ་འོད་ཀྱི་ཐིག་ལེར་བསྡུས། །ཐུགས་ཀར་ཐིམ་ཞིང་ཐུགས་ཉིད་འོད་གོང་གི། རྣམ་པས་མཁའ་སྤྱོད་གཤེགས་ལ༴ ངོ་བོ་དགྱེས་མཛད་ཧེ་རུ་ཀ་དཔལ་ཉིད། །རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་འཕགས་བོད་དུ། །གྲོལ་བ་རྣམ་བཞིས་སྲིད་མཚོ་སྐེམ་མཛད་པའི། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བཏབ་མཐུས། །མངའ་བདག་ཆོས་ཀྱི་བློ་གྲོས་གསང་གསུམ་དང་། །ཕྲིན་ལས་བཅས་པ་བདག་གིས་མྱུར་འགྲུབ་སྟེ། །གསང་མཆོག་བདེ་ཆེན་རོལ་པའི་དཀྱིལ་འཁོར་དུ། །མཁའ་མཉམ་འགྲོ་ཀུན་སྨིན་ཅིང་གྲོལ་བྱེད་ཤོག །ཅེས་མངའ་བདག་མར་པ་ལོ་ཙཱ་བ་ཆེན་པོའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་འདི་བཞིན་ཤེས་དང་ཤེས་བྱ་ཀུན་ལ་མཁྱེན་རྟོགས་རྒྱས་པ་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱིས་གསུང་བསྐུལ་མཛད་པ་ལྟར་ལོ་ཙཱ་ཆེན་


LT29_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གསང་མཛོད་ལ་མོས་པས་སྤྱོད་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་དབང་གསང་ལམ་འཁྲུལ་མེད་ལས། །སྐུ་ཚེ་གཅིག་གིས་མི་སློབ་ཟུང་འཇུག་ཏུ། །གཤེགས་པས་གངས་ཅན་རྣ་བའི་རྒྱན་དུ་གྲགས། །རྗེ་བཙུན་མི་ལའི་ཞབས་ལ་གསོལ་བ་འདེབས། །མངའ་རིས་གུང་ཐང་རྩ་ཡི་ཡུལ་ལྗོངས་སུ། །ངོ་མཚར་ཁྱུང་རིགས་གསེར་གྱི་སྒོ་ང་རུ། །ཡིད་བཞིན་ནོར་བུ་ལྟ་བུའི་བཅུད་སྨིན་ནས། །སྐྱེ་རྒུའི་འབྲེན་པར་བྱོན་ལ༴ གདོད་ནས་རྣམ་པར་གྲོལ་ཡང་སྲིད་པ་ཡི། །འཆིང་བས་བཅིངས་ལ་དཔེ་ཙམ་སྟོན་པའི་སླད། །གཞོན་ནུའི་དུས་སུ་གཉེན་གྱིས་སུན་ཕྱུངས་པས། །ཉམ་ཐག་ཚུལ་དུ་བསྟན་ལ༴ གླན་ཆུང་ལོ་ཙཱའི་དྲུང་དུ་གཙུག་ཕུད་ཕུལ། །འབྲི་ཀློག་ལེགས་སྦྱངས་ཕྱག་རྡོར་ལ་སོགས་གསན། །ཡུམ་གྱི་བཀའ་བཞིན་དབུས་གཙང་རྒྱལ་ཁམས་སུ། །སློབ་དཔོན་ཚོལ་དུ་བྱོན་ལ༴ གཡུང་དང་གནུབས་ཀྱི་རིག་སྔགས་འཆང་ཆེན་ལས། །གདམས་ངག་གསན་ཏེ་སྒྲུབ་པ་མཛད་ཙམ་གྱིས། །ཡུམ་སྲས་སྐུ་དགྲ་


LT29_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རྩད་ནས་བཅད། །མཐུ་ཆེན་གྲགས་པས་ཁྱབ་ལ༴ སྔ་འགྱུར་རིག་འཛིན་གཞན་ལས་རྫོགས་ཆེན་སོགས། །གསན་པ་མང་མཛད་བསྐྱེད་རིམ་ནུས་ཐོབ་ཀྱང་། །ཐུགས་དགོངས་མ་ཚིམ་གྲུབ་བརྙེས་བླ་མ་དང་། །གདམས་ཟབ་ཚོལ་བར་བཞེད་ལ༴ ལྷོ་བྲག་མར་པའི་མཚན་ཐོས་ཙམ་གྱིས་ནི། །བཟོད་མེད་མོས་པ་འཁྲུངས་ནས་ཕེབ་པའི་ཚེ། །བླ་མའི་མནལ་ལམ་ལྟས་ཀྱིས་སྐལ་ལྡན་ཏུ། །གཟིགས་ནས་བསུ་བར་མཛད་ལ༴ ཐོག་མའི་རྟེན་འབྲེལ་ལེགས་འགྲིགས་སྒྲིབ་སྦྱང་ཕྱིར། །དྲན་ཀྱང་བཟོད་དཀའི་དཀའ་ཆེན་སྤྱོད་དུ་སྩལ། །ཡི་ཆད་ཐེང་བརྒྱད་བཏང་བས་སྒོ་གསུམ་རྒྱུད། །དྲི་མེད་ཤེལ་ལྟར་གཙང་ལ༴ ལུས་སྲོག་ཐོད་ལ་བོར་བའི་ཞབས་ཏོག་གིས། །གཏིང་ནས་མཉེས་པས་ཐུགས་རྗེ་ཆེན་པོས་བཟུང་། །བསླབ་པའི་གནས་བཀོད་བརྡ་དོན་མཚུངས་པའི་མཚན། །རྡོ་རྗེ་རྒྱལ་མཚན་གྲགས་ལ༴ འཁོར་ལོ་སྡོམ་པའི་དབང་བསྐུར་ཐུན་མིན་སྩལ། །སྤྲུལ་པའི་དཀྱིལ་འཁོར་བར་སྣང་དངོས་སུ་བསྟན། །དཔའ་བོ་མཁའ་འགྲོས་མགྲིན་གཅིག་མཚན་གསོལ་བ། །བཞད་པ་རྡོ་རྗེའི་ཞབས་ལ༴ བཀའ་བབ་བཞི་ཡི་གཞུང་གདམས་མ་ལུས་པ། །བུམ་པ་གང་བྱོར་གནང་སྟེ་རྫུ་འཕྲུལ་གྱི། །བཀོད་པ་བསྟན་པས་བླ་མ་སངས་རྒྱས་སྐུ། །


LT29_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་གཟིགས་པར་གྱུར་ལ༴ གཉའ་གཉའི་བྲག་ཏུ་བསམ་གཏན་ཕར་ཕྱིན་བརྙེས། །བླ་མས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །རང་ཡུལ་ཕེབས་ཏེ་རྐང་ཚུགས་ཕུག་པ་རུ། །དགེ་སྦྱོར་མཐིལ་ཕྱིན་མཛད་ལ༴ བྲག་དཀར་རྟ་སོས་ཐོག་དྲངས་རྫོང་དྲུག་ཏུ། །མི་ཟས་སྤངས་ནས་ཟྭ་ཡི་འཚོ་བ་དང་། །ཕལ་ཆེར་ཏིང་འཛིན་ཟས་མཆོག་ལ་བརྟེན་ནས། །ཐབས་གྲོལ་མྱུར་ལམ་བསྒོམས་ལ༴ འཁོར་ལོ་དྲུག་གི་རྩ་མདུད་རིམ་བཞིན་གྲོལ། །ནང་གི་ས་ལམ་སྒྲ་དོན་ཇི་བཞིན་རྫོགས། །རླུང་སེམས་སྤྲོས་པ་དྷཱུ་ཏིའི་དབྱིངས་སུ་ཐིམ། །བདེ་སྟོང་རྩལ་ཆེན་རྫོགས་ལ༴ རྡུལ་བྲལ་མཁའ་དང་མཉམ་པའི་ཡེ་ཤེས་བརྙེས། །སྤྱོད་པ་གསུམ་གྱི་ཉེ་རྒྱུ་མཐའ་རུ་ཕྱིན། །དཔལ་གྱི་མགུར་ནས་རྡོ་རྗེའི་གླུ་དབྱངས་ཀྱིས། །ཐོས་གྲོལ་ལྷན་ཅིག་མཛད་ལ༴ ལིང་པ་བྲག་ཏུ་བྲག་གི་སྲིན་མོ་བཏུལ། །ལ་ཕྱིར་ཚོགས་ཀྱི་བདག་པོ་དམ་ལ་བཏགས། །ཏི་སེར་བོན་ཆུང་མིང་སྲིང་རྫུ་འཕྲུལ་གྱིས། །བཅོམ་ནས་རྗེས་སུ་བཟུང་ལ༴ ཆུ་བར་ཚེ་རིང་མཆེད་ལྔ་སྣང་སྲིད་ཀྱི། །ལྷ་འདྲེའི་ཆོ་འཕྲུལ་དགོངས་བའི་རྩལ་གྱིས་བཞི་ལ། །སྲོག་སྙིང་བླངས་ཏེ་སྒྲུབ་བརྒྱུད་སྲུང་མར་བསྐོས། །གདམས་པས་རྗེས་སུ་བཟུང་ལ༴ ཐང་ལའི་ལ་ཐོག་དམ་པ་སངས་རྒྱས་དང་། །མཇལ་ཏེ་


LT29_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་རྟོགས་མཉམ་པར་ཞལ་གྱིས་བཞེས། །ར་ལའི་ཟ་འོག་ཕུག་ཏུ་རས་ཆུང་བ། །སྐལ་ལྡན་དབུགས་དབྱུང་མཛད་ལ༴ འཕགས་ཡུལ་ལན་གཉིས་བཏང་སྟེ་ལུས་མེད་ཀྱི། །མཁའ་འགྲོའི་ཆོས་སོགས་གདམས་ངག་ཟབ་རྒྱས་བླངས། །གྲུབ་པའི་རྒྱལ་སར་བཀོད་ནས་ཐུགས་ཀྱི་སྲས། །ཟླ་བ་ལྟ་བུར་གྲགས་ལ༴ དབུས་པ་སྟོན་པར་ཕག་མོའི་བྱིན་རླབས་དང་། །ཐབས་གྲོལ་གདམས་ཟབ་གནང་ནས་ཉམས་བཞེས་པས། །ཏིང་འཛིན་རྩལ་རྫོགས་ཉི་མ་ལྟ་བུ་ཡི། །ཐུགས་ཀྱི་སྲས་སུ་གྱུར་ལ༴ སྲས་ཀྱི་མཆོག་བརྒྱད་ཉེ་བའི་བུ་བཅུ་གསུམ། །སྲིང་བཞི་མཁའ་སྤྱོད་གྲུབ་པ་བདུན་གྱི་གཙོས། །གཟུགས་ཅན་གཟུགས་མེད་རྒྱུ་སྐར་གྲངས་མཉམ་པ། །རྣམ་གྲོལ་སར་བཀོད་མཛད་ལ༴ སེམས་ཅན་གང་གི་རྣ་བར་ང་ཡི་མིང་། །ཐོས་ནས་དད་པ་སྐྱེས་པ་དེ་དག་རྣམས། །སྐྱེ་བ་བདུན་ཏུ་ངན་འགྲོར་མི་ལྟུང་ཞེས། །བསླུ་མེད་བདེན་པར་གསུངས་ལ༴ གྱ་བཞི་བཞེས་ཚེ་དབང་པོའི་རིམ་པ་དང་། །མཐུན་པའི་མཐོང་སྣང་བསམ་འདས་ཆོ་འཕྲུལ་བཅས། །མངོན་དགའི་ཞིང་དུ་གཤེགས་ནས་སངས་རྒྱས་ཀྱི། །ཞིང་ཁམས་ཡོངས་སུ་སྦྱོང་ལ༴ རེག་གྲོལ་གོས་དང་མྱང་གྲོལ་ཤིང་གི་བཅུད། །མི་རབས་རེ་ལ་ཟད་མེད་འཕེལ་བས་ཀྱང་། །འགྲོ་མང་འཕྲལ་ཡུན་


LT29_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེར་བཀོད་པ་ཡི། །ངོ་མཚར་བྱིན་རླབས་བསྟན་ལ༴ བསམ་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེའི་ཟེགས་མ་ཙམ་གྱི་གསོལ་བཏབ་མཐུས། །ཐུགས་རྗེའི་ལྕགས་ཀྱུས་དག་པའི་ཞིང་ཁམས་སུ། །དྲང་ནས་ཉིད་དང་དབྱེར་མེད་མཛད་དུ་གསོལ། །ཅེས་གངས་ཅན་གུང་པ་ཡོངས་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དོན་བསྡུས་ཀྱི་གསོལ་འདེབས་འདི་བཞིན་ལུང་དང་རྟོགས་པའི་ཆོས་ལ་མངའ་དབང་འབྱོར་པ་མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། །རྗེ་བཙུན་རས་པ་ཆེན་པོའི་སྒྲུབ་བརྒྱུད་ཀྱི་རྗེས་སུ་ཞུགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།མཉམ་མེད་སྒམ་པོ་པ་ཆེན་པོ་ལ་གསོལ་བ་འདེབས་པ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །གྲངས་མེད་དུ་མར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་ཆེན་རབ་རྫོགས་འཇིག་རྟེན་གསུམ་པོ་ཡི། །མཆོད་སྡོང་རིན་ཆེན་དབང་གི་རྒྱལ་པོ་མཆོག །མཉམ་མེད་སྒམ་པོ་པ་ལ་གསོལ་བ་འདེབས། །གདོང་ནས་མངོན་སངས་རྒྱས་ཀྱང་ཐུགས་རྗེའི་མཐུས། །མེ་ཏོག་ཟླ་མཛེས་ཟླ་འོད་གཞོན་ནུ་སོགས། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཚུལ་བཟུང་ནས། །ཀུན་བཟང་སྤྱོད་པ་སྤྱད་ལ༴ རོ་ཧི་ཏ་ཡི་ཀླུང་འགྲམ་


LT29_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཉལ་གྱི་ཡུལ། །དགེ་བ་ཅན་དུ་འགྲོ་བའི་བླ་མ་འཁྲུངས། །ཁྱིམ་པའི་རྟེན་ལ་གསོ་རིག་ཕུལ་དུ་ཕྱིན། །སྐྱེ་རྒུའི་སྲོག་མཚོ་མཛད་ལ༴ སྲིད་ལས་ངེས་འབྱུང་ཤུགས་ཀྱི་དྭགས་པོར་བྱོན། །བསྙེན་པར་རྫོགས་ཤིང་ཆོས་འདུལ་ཐུགས་སུ་ཆུད། །བཙུན་པའི་དཔེར་འོས་བསླབ་པ་སྲོག་བཞིན་བསྲུངས། །བསོད་ནམས་རིན་ཆེན་ཞབས་ལ༴ བཤེས་གཉེན་མང་བསྟེན་ལམ་རིམ་ལགས་པར་སྦྱངས། །ཀུན་རྫོབ་བྱང་སེམས་གཏིང་ནས་འབྱོངས་བར་མཛད། །ཞག་གྲངས་དུ་མར་གཡོ་བ་མེད་པ་ཡི། །ཏིང་འཛིན་བརྟན་པོར་གྱུར་ལ༴ བདེ་དགྱེས་གསང་གསུམ་ལ་སོགས་སྨིན་གྲོལ་གྱི། །བདུད་རྩིས་རྒྱུད་གཏམས་མདོ་སྡེ་ནས་གསུངས་པའི། །ས་བཅུ་ཐོབ་པའི་སྔ་ལྟས་ཇི་སྙེད་ཀུན། །མནལ་ལམ་གསལ་བར་གཟིགས་ལ༴ སྤྲུལ་པས་བསྐུལ་ཏེ་དད་པའི་ཤུགས་ཆེན་པོས། །ལ་སྟོད་ཕྱོགས་སུ་ཕེབ་པར་བརྩམས་པའི་ཚེ། །བླ་མས་དངོས་དང་བརྡ་ཡིས་བསྟན་འགྲོ་ཡི། །མགོན་གྱུར་ལུང་བསྟན་ཐོབ་ལ༴ རྗེ་བཙུན་གྲུབ་པའི་དབང་ཕྱུག་མི་ལ་རྗེས། །དབང་དང་བྱིན་རླབས་གནད་ཀྱི་གདམས་ངག་སྩལ། །སྒོམ་པ་ཙམ་གྱིས་བདེ་དྲོད་ཉམས་རྟགས་ཤར། །ས་ལམ་བཙན་ཐབས་བགྲོད་ལ༴ སངས་རྒྱས་སྟོང་རྩ་སྨན་བླ་མཆེད་བདུན་དང་། །ལོངས་སྐུའི་ཞིང་ཁམས་རབ་འབྱམས་དངོས་སུ་གཟིགས།


LT29_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ལུང་ཐོབ་དགེ་སློང་རྡོ་རྗེ་འཛིན། །འཛམ་གླིང་གྲགས་པའི་ཞབས་ལ༴ བླ་མས་བསྐྱེལ་ཐུང་མཛད་དེ་རྡོ་རྗེའི་གླུས། །གེགས་སེལ་བོགས་འདོན་འབྱུང་འགྱུར་ལུང་དུ་བསྟན། །རླུང་སེམས་དབྱེར་མེད་སྙན་བརྒྱུད་གདམས་ངག་སྩལ། །སོམ་ཉིའི་སྒྲོ་འདོགས་བཅད་ལ༴ དབུས་སུ་ཕེབས་ཏེ་དགེ་བཤེས་སྒྲེ་བ་ལས། །འཆི་མེད་ཡིད་བཞིན་འཁོར་ལོའི་གདམས་པ་གསན། །ཉམས་སུ་བཞེས་པས་སྐུ་ཚེ་གཉིས་བལྡབ་བསྲིངས། །དོན་གཉིས་མཐར་ཕྱིན་གྱུར་ལ༴ བཀའ་གདམས་ཁྲོད་དུ་ཆོས་སྤྱོད་གཡེང་བ་ཡིས། །རྟོགས་པའི་ཏིང་འཛིན་འགྲིབས་པར་གྱུར་པའི་ཚེ། །རྩེ་གཅིག་སྒོམ་པ་ཙམ་གྱིས་བླ་མ་ཡི། །བྱིན་རླབས་མངོན་སུམ་ཕེབས་ལ༴ གཉལ་གྱི་སེ་བ་ལུང་སོགས་དབེན་གནས་སུ། །མཉམ་པར་བཞག་པས་གནས་ལུགས་ཀློང་དུ་གྱུར། །མི་སློབ་ཟུང་འཇུག་ཆོས་སྐུའི་རྒྱལ་ས་ཉིད། །བདེ་བླག་འཛིན་པར་མཛད་ལ༴ གནས་དང་གང་ཟག་རྒྱལ་བས་ལུང་བསྟན་བཞིན། །རི་བོ་ཤཱནྟིའི་མགུལ་དུ་གདན་ས་ཕབ། །ཡེ་ཤེས་མཁའ་འགྲོས་གཞན་དོན་མཛད་པར་བསྐུལ། །དགེ་སློང་འཚོ་བྱེད་ཞབས་ལ༴ དབུས་གཙང་ཁམས་ཀྱི་སྣོད་ལྡན་དུ་མ་འདུས། །ཐུན་མོང་གྲོལ་ལམ་ཐུན་མིན་ཐབས་ལམ་སོགས། །དབང་པོར་འཚམས་པའི་གདམས་པས་


LT29_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བཟུང་སྟེ། །རྣམ་གྲོལ་གླིང་དུ་ཁྲིད་ལ༴ ཀུན་ཀྱང་མ་དག་དངོས་པོ་མི་འཆང་ཞིང་། །སྦྱངས་པའི་ཡོན་ཏན་ཤ་སྟག་ལ་གནས་པས། །རིང་པོར་མི་ཐོགས་ཉམས་རྟོགས་རྩལ་ཆེན་རྫོགས། །དངོས་གྲུབ་མཆོག་བརྙེས་གྱུར་ལ༴ སྙིགས་མ་མ་རུངས་དུས་ན་མདོ་སྡེ་མཆོག །རྒྱ་ཆེར་བཟུང་ཞིང་ཏིང་འཛིན་དག་པའི་འཁོར། །ལྔ་བརྒྱ་ལས་ནི་མི་ཉུང་འབྱུང་འགྱུར་ཅེས། །ལུང་བསྟན་དོན་ཡོད་མཛད་ལ༴ ཞལ་རས་མཇལ་ཞིང་མཚན་ཙམ་ཐོས་པ་དང་། །ཆོས་ཞུར་ཕྱིན་པའི་ལམ་དུ་ཕྱག་རྒྱ་ཆེའི། །རྟོགས་པ་སྐྱེས་ནས་དོན་གཉིས་མཐར་ཕྱིན་གྱུར། །འབྲེལ་ཚད་དོན་དང་ལྡན་ལ༴ ཟད་པར་ཟིལ་གནོན་སྐུ་གསུང་ཐུགས་ཀྱི་རྟེན། །གཅིག་དང་དུ་མར་སྤྲུལ་ཅིང་བསྒྱུར་བ་དང་། །སྟོང་གསུམ་ཡུངས་འབྲུའི་ཚུལ་གྱིས་ལུས་སྣང་སེམས། །གཅིག་ཏུ་འདྲེས་པར་བསྟན་ལ༴ འབྱུང་བ་ཆེན་པོ་ལྔ་ལ་རང་དབང་སྒྱུར། །གྲངས་མེད་སྐུ་སྤྲུལ་མཁའ་འགྲོ་འབུམ་སྡེ་ལ། །ཆོས་བསྟན་པ་སོགས་བསམ་གྱིས་མི་ཁྱབ་པའི། །ངོ་མཚར་ཆོ་འཕྲུལ་བསྟན་ལ༴ བརྒྱུད་འཛིན་མཆོག་བཞི་ཉེ་བའི་སྲས་ཆེན་བཞི། །ཐུགས་ཀྱི་སྲས་བཞི་ཉེ་གནས་བཞི་ལ་སོགས། །བཀའ་བརྒྱུད་ཆུ་སྲོལ་ཆེན་པོ་ལེགས་བཙུགས་ནས། །རྒྱལ་བསྟན་མཁའ་ཁྱབ་སྤེལ་ལ༴ མདོར་ན་སྔོན་གྱི་རྒྱལ་ལ་བྱ་བ་བྱས། །སངས་རྒྱས་བརྒྱ་སྟོང་


LT29_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་བསྙེན་བཀུར་མཛད། །དགེ་རྩ་ཆེར་བསྐྱེད་ཐེག་པ་ཆེན་པོ་ལ། །ཡང་དག་ཉིད་དུ་ཞུགས་ལ༴ སྐྱེ་རྒུར་ཕན་བདེའི་ཕྱིར་ཞུགས་བྱང་སེམས་ཀྱི། །སྡེ་སྣོད་འཛིན་ཅིང་ཐེག་ཆེན་སྟོན་པ་སོགས། །རྒྱལ་བས་ལུང་གིས་བསྔགས་པའི་རྣམ་པར་ཐར། །འཁྲུལ་མེད་ཡོངས་སུ་རྫོགས་ལ༴ དངོས་ཀྱི་གདུལ་བྱ་རྫོགས་ནས་ཆོས་དབྱིངས་སུ། །སྙོམས་པར་ཞུགས་ཚེ་འཇའ་འོད་མེ་ཏོག་ཆར། །ཤེལ་དཀར་མཆོད་རྟེན་ནམ་མཁའ་ཁེངས་པར་སྤྲུལ། །རིང་བསྲེལ་རྒྱས་པར་སྤེལ་ལ༴ སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཉིད། །འཇིག་རྟེན་ཡོན་ཏན་ཀུན་གྱིས་བརྒྱན་པ་ན། །དེ་བཞིན་གཤེགས་པ་དྲི་མེད་འོད་ཆེན་པོར། །མངོན་སངས་རྒྱས་པར་མཛད་ལ༴ བཀའ་བརྒྱུད་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །སྒྲུབ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་གཙུག་གི་རྒྱན། །གངས་རིའི་ཁྲོད་ཀྱི་རྫོགས་པའི་སངས་རྒྱས་མཆོག །རྗེ་བཙུན་སྒམ་པོ་པ་ལ་གསོལ་བ་འདེབས། །བདག་སོགས་ཁྱོད་ཀྱི་གདུལ་བྱར་གྱུར་རྣམས་ལ། །དམིགས་མེད་ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ཏེ། །གསང་གསུམ་བྱིན་རླབས་རྫོགས་པར་སྩལ་ནས་ཀྱང་། །ཉིད་ཀྱི་གོ་འཕང་མཆོག་ལ་འགོད་དུ་གསོལ། །ཅེས་མཉམ་མེད་སྒམ་པོ་པ་ཆེན་པོའི་རྣམ་ཐར་གསོལ་འདེབས་དོན་བསྡུས་འདི་བཞིན་བསླབ་པ་གསུམ་གྱི་བདག་ཉིད་


LT29_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། རྗེ་བཙུན་འདི་ཉིད་ཀྱི་བཀའ་བརྒྱུད་སྙིང་གི་དབུས་སུ་བཅངས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།ཇོ་ནང་ཆོས་སྤྱོད་ཀྱི་ཁ་སྐོང་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསོལ་འདེབས་བཞུགས། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏེྭ་བྷྱོ་ན་མོ་ན་།མཿཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་མ་ལུས་པའི་མཁྱེན་བརྩེ་ནུས་མཐུ་གསང་གསུམ་མཛད་པ་དང་བཅས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཚན་བརྗོད་པར་དཀའ་བའི་ཞལ་མཐིལ་ནོར་བུའི་མེ་ལོང་ཁམས་གསུམ་པའི་གཙུག་གི་རྒྱན་མཆོག་དེ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་།དང་རྣམ་པ་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ཐུབ་མཚན་འཆང་བའི་དགེ་སློང་གཟི་བརྗིད་ཅན། །གངས་རིའི་ཁྲོད་དུ་རྒྱལ་བས་ལུང་བསྟན་པ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྐྱེས་ཐོབ་ཤེས་རབ་ནམ་མཁའི་ཁྱོན་ལྟར་ཡངས། །ལུང་རྟོགས་རྒྱལ་མཚན་


LT29_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྩེ་མོར་སྦྲེང་། །མཚན་ཙམ་གྱིས་ཀྱང་སངས་རྒྱས་ཕྲིན་ལས་མཛད། །ཀུན་མཁྱེན་ཆོས་རྗེའི་ཞབས་ལ༴ སྤང་བླང་འབྱེད་པའི་ཤེས་རབ་ཤིན་ཏུ་རྣོ། །ཚུལ་ཁྲིམས་རྒྱལ་མཚན་ཉེས་པའི་བུག་པས་དབེན། །མཚན་ཙམ༴ ཀུན་མཁྱེན་ཆོས༴ དྲང་ངེས་འབྱེད་པའི་ཤེས་རབ་ཤིན་ཏུ་ཡངས། །ངེས་དོན་རྒྱལ་མཚན་གངས་ཅན་ལྗོངས་སུ་བཙུགས། །མཚན་ཙམ༴ ཀུན་མཁྱེན་ཆོས༴ བདེན་གཉིས་གཤགས་འབྱེད་ཤེས་རབ་ཤིན་ཏུ་ཟབ། །ཆོས་འཁོར་བཞི་པའི་རྒྱལ་མཚན་ཐོག་མར་བསླངས། །མཚན་ཙམ༴ ཀུན་མཁྱེན༴ རྒྱུ་འབྲས་གཟིགས་པའི་ཤེས་རབ་ཕུལ་དུ་ཕྱིན། །ཐར་པའི་རྒྱལ་མཚན་གདུལ་བྱ་ཡོངས་ཀྱི་དཔལ། །མཚན་ཙམ༴ ཀུན་མཁྱེན༴ རྟོན་པ་རྣམ་བཞིའི་ཤེས་རབ་ཆགས་ཐོགས་བྲལ། །མཐར་ཐུག་ཕྱིར་མི་ལྡོག་པའི་རྒྱལ་མཚན་སྒྲེང་། །མཚན་ཙམ༴ ཀུན་མཁྱེན༴ བདག་དོན་རྟོགས་པའི་ཤེས་རབ་འབྱམས་སུ་ཀླས། །ཆོས་ཀྱི་རྒྱལ་མཚན་རྣམ་དཔྱོད་ཡུ་བས་བཏེགས། །མཚན་ཙམ༴ ཀུན་མཁྱེན༴ གཞན་དོན་རྟོགས་པའི་ཤེས་རབ་ཕ་མཐའ་བྲལ། །ཕན་བདེའི་རྒྱལ་མཚན་ཐུགས་རྗེའི་ཤུགས་ཀྱིས་བཟུང་། །མཚན་ཙམ༴ ཀུན་མཁྱེན༴ རྒོལ་བ་ཚང་གཅོད་ཤེས་རབ་མེ་ལྟར་འབར། །རིག་


LT29_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མཚན་མཁས་མང་དབུས་ན་བརྗིད། །མཚན་ཙམ༴ ཀུན་མཁྱེན༴ རྒྱལ་དགོངས་ཇི་བཞིན་རྟོགས་པའི་ཤེས་རབ་ཅན། །གྲུབ་གཉིས་རྒྱལ་མཚན་གཞན་ཕན་ལྷབ་ལྷུབ་གཡོ། །མཚན༴ ཀུན་མཁྱེན༴ རྒྱལ་གསུང་ཇི་བཞིན་འགྲེལ་པའི་ཤེས་རབ་ཅན། །ཐུབ་བསྟན་རྒྱལ་མཚན་ངེས་དོན་ནོར་བུས་མཛེས། །མཚན་ཙམ༴ ཀུན་མཁྱེན༴ སྙིང་པོ་ཇི་བཞིན་གཟིགས་པའི་ཤེས་རབ་ཅན། །ཡེ་ཤེས་རྒྱལ་མཚན་འོད་གསལ་གཟི་མདངས་འཕྲོ། །མཚན་ཙམ༴ ཀུན་མཁྱེན༴ ཆོས་ཀུན་རབ་ཏུ་རྣམ་འབྱེད་ཤེས་རབ་ཅན། །མ་རིག་ལས་རྒྱལ་མཚན་བཟང་ཉི་འོད་འབར། །མཚན་ཙམ༴ ཀུན་མཁྱེན༴ མཐའ་དྲུག་རྣམ་པར་འབྱེད་པའི་ཤེས་རབ་ཅན། །ཟབ་གསང་རྡོ་རྗེའི་རྒྱལ་མཚན་བརྟན་པར་བཟུང་། །མཚན་ཙམ༴ ཀུན་མཁྱེན༴ ཚུལ་གཉིས་རྣམ་པར་འབྱེད་པའི་ཤེས་རབ་ཅན། །ཐེག་གསུམ་དབུ་མའི་རྒྱལ་མཚན་རྨངས་ནས་བསླངས། །མཚན་ཙམ༴ ཀུན་མཁྱེན༴ རྒྱུད་དོན་མཐར་ཐུག་གཟིགས་པའི་ཤེས་རབ་ཅན། །སེམས་འགྲེལ་བསྟན་པའི་རྒྱལ་མཚན་དགུང་དུ་ཕྱར། །མཚན་ཙམ༴ ཀུན་མཁྱེན༴ དུས་གསུམ་མཉམ་ཉིད་གཟིགས་པའི་ཤེས་རབ་ཅན། །བདུད་བཞིའི་གཡུལ་ལས་རྒྱལ་བའི་མཚན་རྟགས་འཆང་། །མཚན་ཙམ༴ ཀུན་མཁྱེན༴


LT29_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་ཤེས་རབ་ཆུ་གཏེར་བཞིན་ཏུ་འཁྱིལ། །སྨྲ་བའི་རྒྱལ་མཚན་ནུབ་པ་མེད་པར་བཙུགས། །མཚན༴ ཀུན་མཁྱེན༴ བསམ་བྱུང་ཤེས་རབ་གངྒཱའི་རྡུལ་ལྟར་ཞིབ། །འཆད་རྩོད་རྩོམ་པའི་རྒྱལ་མཚན་ཀུན་ལས་མཐོ། །མཚན༴ ཀུན་མཁྱེན༴ སྒོམ་བྱུང་ཤེས་རབ་ཆོས་ཀྱི་དབྱིངས་ལྟར་ཡངས། །སྒྲུབ་བརྒྱུད་རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་བཙུགས། །མཚན༴ ཀུན་མཁྱེན༴ མཁྱེན་གཉིས་ཡེ་ཤེས་རབ་འབྱམས་རྒྱལ་དང་མཉམ། །གྲགས་པའི་རྒྱལ་མཚན་ས་གསུམ་བླ་ན་འཕགས། །མཚན༴ ཀུན་མཁྱེན༴ འཇིག་རྟེན་སྣོད་བཅུད་ཤེས་རབ་ཆེན་པོས་ཆུབ། །ཕྲིན་ལས་རྒྱལ་མཚན་རྟག་ཅིང་ཁྱབ་པར་བཙུགས། །མཚན༴ ཀུན༴ ནང་གི་ལུས་གནས་ཤེས་རབ་སྤྱན་གྱིས་གཟིགས། །རྒྱལ་མཚན་རྩ་སོགས་ཐིག་རླུང་འཛག་མེད་བཅིངས། །མཚན༴ ཀུན་མཁྱེན༴ གཞན་མཆོག་འཁོར་ལོ་ཤེས་རབ་ཀློང་དུ་གྱུར། །སྨིན་གྲོལ་རྒྱལ་མཚན་སྐལ་ལྡན་རྒྱན་དུ་བཀོད། །མཚན༴ ཀུན་མཁྱེན༴ དེ་ཁོ་ན་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཟུང་འཇུག་རྒྱལ་མཚན་ཐར་པའི་ཁང་བཟང་མཛེས། །མཚན༴ ཀུན༴ རྣམ་ཤེས་ལས་འདས་ཡེ་ཤེས་རྒྱལ་ཁམས་སུ། །འཇིགས་ལས་རབ་རྒྱལ་མཚན་འཛིན་ལྟ་ངན་བཅོམ། །མཚན་ཙམ༴ ཀུན༴


LT29_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཅུ་རྣམ་དག་འཆང་བ་ཀུན་གྱི་རབ། །མཐའ་གཉིས་ལས་རྒྱལ་དབུ་མའི་མཚན་ཉིད་སྟོན། །མཚན་ཙམ༴ ཀུན་མཁྱེན༴ ཡེ་ཤེས་ཡོན་ཏན་ཕྲིན་ལས་རབ་འབྱམས་ཀྱིས། །ཕྱོགས་ལས་རྣམ་རྒྱལ་ཡ་མཚན་ཆེན་པོའི་བདག །མཚན་ཙམ༴ ཀུན་མཁྱེན༴ ཤེས་དང་ཤེས་བྱ་གཅིག་གྱུར་རབ་ཞི་བརྙེས། །རྒྱལ་བའི་དབང་པོ་རྣམ་དག་མཚན་དཔེ་འཆང་། །མཚན་ཙམ་གྱིས་ཀྱང་སངས་རྒྱས་ཕྲིན་ལས་མཛད། །ཀུན་མཁྱེན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཞེས་དོན་གྱི་རྣམ་པར་ཐར་པ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་མོད་ཀྱི། མཚན་གྱི་སྒྲ་ཙམ་གྱི་རྗེས་སུ་འབྲང་བའི་བསྔགས་པ་ཅི་ཤེས་པས་གསོལ་བ་བཏབ་ནས། །སླར་ཡང་། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ལ་གསོལ་བ་འདེབས། །ཀུན་མཁྱེན་ཏིང་འཛིན་རྒྱལ་མཚན་ལ༴ ཀུན་མཁྱེན་བརྩོན་འགྲུས་རྒྱལ་མཚན་ལ༴ ཀུན་མཁྱེན་བཟོད་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན༴ ཀུན་མཁྱེན་སྦྱིན་པ་རྒྱལ་མཚན་ལ༴ ཀུན་མཁྱེན་ཐུགས་རྗེའི་རྒྱལ་མཚན༴ ཀུན་མཁྱེན་མཐུ་སྟོབས་རྒྱལ་མཚན་ལ༴ ཀུན་མཁྱེན་ཆོས་ཀྱི་རྒྱལ་མཚན་ལ༴ ཀུན་མཁྱེན་ཐར་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་ལུང་རྟོགས་རྒྱལ་མཚན༴ ཀུན་མཁྱེན་བཤད་སྒྲུབ་རྒྱལ་མཚན་ལ༴ ཀུན་མཁྱེན་སྨྲ་བའི་རྒྱལ་


LT29_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལ༴ ཀུན་མཁྱེན་རིག་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་གྲགས་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་བསྟན་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་སྨིན་གྲོལ་རྒྱལ་མཚན་ལ༴ ཀུན་མཁྱེན་རང་བྱུང་རྒྱལ་མཚན་ལ༴ ཀུན་མཁྱེན་འཇིགས་མེད་རྒྱལ་མཚན་ལ༴ ཀུན་མཁྱེན་གྲུབ་པའི་རྒྱལ་མཚན་ལ༴ ཀུན་མཁྱེན་ཡེ་ཤེས་རྒྱལ་མཚན་ལ༴ ཀུན་མཁྱེན་ངེས་དོན་རྒྱལ་མཚན༴ ཀུན་མཁྱེན་བྱིན་རླབས་རྒྱལ་མཚན༴ ཀུན་མཁྱེན་ཕྲིན་ལས་རྒྱལ་མཚན་ལ་གསོལ་བ་འདེབས་སོ། །ཞེས་དང་། ངན་འགྲོའི་སེམས་ཅན་རྣམས་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །འདི་ཕྱིར་སྡུག་བསྔལ་སྒྲུབ་ལ་ཐུགས་རྗེས༴ སྲིད་མཚོར་གཏན་ཏུ་འཁྱམས་རྣམས༴ མ་རྒན་སྨྱོན་པ་རྣམས་ལ༴ ཕ་མ་མགོན་མེད་རྣམས་ལ༴ རང་གིས་རང་བཅིངས་རྣམས་ལ༴ སྒྱུ་མས་བསླུས་པ་རྣམས་ལ༴ བསྟན་ཞབས་སྐལ་དམན་རྣམས་ལ༴ སྙིགས་དུས་ལས་ངན་རྣམས་ལ༴ རྣམ་ཤེས་རྒྱལ་ཁམས་འཁྱམས་རྣམས༴ ཡེ་ཤེས་ཆེད་དུ་སྒྲིབ་རྣམས༴ བདག་འཛིན་དྲྭ་བར་ཚུད་རྣམས༴ ང་རྒྱལ་ལོག་ལྟས་བཅིངས་རྣམས༴ གྲུབ་མཐའ་ངན་པས་བཅིངས་རྣམས༴ ཐུབ་བསྟན་རིས་སུ་གཅོད་རྣམས་ཐུགས་རྗེས་བསྐྱབ་ཏུ་གསོལ། །


LT29_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་འཕྲང་ལས་ཐར་བར་བྱིན༴ ཞི་བདེའི་བློ་ལས་ལྡོག་པར༴ ཨ་འཐས་བདེན་འཛིན་འཇིག་པར༴ ལྟ་ངན་གཡང་ལས་གྲོལ་བར༴ ཟབ་དོན་གོ་རྟོགས་སྐྱེ་བར༴ རྟོགས་པས་བདག་རྒྱུད་གྲོལ་བར༴ ཐུགས་རྗེས་གཞན་རྒྱུད་སྨིན་པར༴ རྟེན་འབྲེལ་ཐབས་ལ་མཁས་པར༴ འབྲེལ་ཚད་དོན་དང་ལྡན་པར༴ མཐོང་ཐོས་དྲན་རེག་གྲོལ་བར༴ རྡོ་རྗེའི་རྣལ་འབྱོར་འགྲུབ་པར༴ གེགས་དང་གོལ་ས་གྲོལ་བར༴ ཡེ་ཤེས་མྱུར་དུ་ཕེབས་པར༴ བཅོས་མིན་མོས་གུས་སྐྱེ་བར༴ ཐུགས་ཡིད་གཅིག་ཏུ་འདྲེ་བར༴ སྙིང་པོའི་རང་ཞལ་མཐོང་བར༴ འོད་གསལ་མཁའ་ཁྱབ་བརྙེས་པར༴ ལྟ་སྒོམ་མཐའ་རུ་ཕྱིན་པར༴ འཕྲལ་བདེའི་འདུན་མ་འཇིག་པར༴ ཆོས་སྤྱོད་ཚེ་དབང་ཐོབ་པར༴ ངེས་དོན་བསྟན་པ་རྒྱས་པར༴ ཕྲིན་ལས་རྟག་ཅིང་ཁྱབ་པར་བྱིན་གྱིས་བརླབ་ཏུ་གསོལ། །འདིའང་རིགས་ལྡན་སྤྲུལ་པའི་སྐུ་ཇོ་ནང་ཆོས་རྗེ་ཡབ་སྲས་གསུམ་གྱི་འཕྲོས་སུ་ཀུན་མཁྱེན་སོགས་ཀྱི་གསོལ་འདེབས་ཤིན་ཏུ་གལ་ཆེ་བ་གཞིར་བཅས་ཀྱང་ཕྱོགས་འདིར་དེ་དག་དཔེ་ལུང་གི་རྒྱུན་མ་བྱོན་པས། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་ཀུན་མཁྱེན་ཆེན་པོའི་དུས་ཆེན་ལ་དུས་ཀྱི་མཆོད་པས་གསོལ་བ་བཏབ་པའི་རྗེས་ཐོག་ཏུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། ༈ །།


LT29_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་ནང་རྗེ་བཙུན་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས་བཞུགས་སོ། །འཇིག་རྟེན་དབང་ཕྱུག་ཀུན་མཁྱེན་ཆོས་ཀྱི་རྗེ། །ཐུབ་པའི་བསྟན་ལ་སྟོན་པའི་ཕྲིན་ལས་མཛད། །ས་གསུམ་འགྲོ་བའི་སྐྱབས་གཅིག་དོལ་པོ་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་མཁའ་འགྲོ་དྲྭ་བ་སྡོམ། །རྣལ་འབྱོར་དབང་ཕྱུག་མཆོག་གི་སྐུར་བཞེངས་པ། །ལུང་བསྟན་ཡོངས་གྲགས་སྤྱོད་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ར་ཏན་བྷ་ལ་སྤྱོད་པ་ཤུགས་འབྱུང་སྐྱོངས། །རོང་ཟོམ་ལོ་ཙཱ་སྒྲ་སྒྱུར་མཁས་པའི་ཕུལ། །འབའ་རོམ་དར་མ་ཕྱག་རྒྱ་ཆེན་པོ་བརྙེས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨ་བ་དྷཱུ་ཏི་མ་བཅོས་ལྷུག་པའི་ངང་། །ཞང་སྟོན་འཁྲུལ་ཞིག་ཚར་གཅོད་དྲག་ལས་འགྲུབ། །གཉོས་བན་རས་ཆེན་རྟེན་འབྲེལ་མིག་འཕྲུལ་ཅན། །གསོལ་བ༴ སངྒྷ་བྷ་དྲ་ལྷ་སྲིན་བྲན་ཏུ་འཁོལ། །འཇམ་དབྱངས་ཆོས་རྗེ་གཞུང་བརྒྱའི་ཆོས་འཁོར་སྐོར། །ཆོས་ཀྱི་ཉིན་བྱེད་གནས་ལྔ་སྨྲ་བའི་དབང་། །གསོལ་བ༴ འཇམ་མགོན་བླ་མ་གྲུབ་པའི་དཔའ་བོ་མཆོག །སེམས་ཀྱི་མདུད་གྲོལ་མཆོག་གི་སྤྱོད་པ་སྐྱོང་། །དགའ་བྱེད་ས་སྐྱོང་ཆོས་ཀྱི་དགའ་སྟོན་སྤེལ། །གསོལ་བ༴


LT29_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་དབང་དཀྱིལ་འཁོར་ཀུན་གྱི་གཙོ། །མཁའ་འགྲོའི་དབང་ཕྱུག་དགའ་ཆེན་ཧེ་རུ་ཀ །རྒྱལ་བ་ཀུན་དངོས་རྗེ་བཙུན་སྒྲོལ་བའི་མགོན། །གསོལ་བ༴ གང་གི་ཡེ་ཤེས་རོལ་མོས་བྱིན་བརླབས་ཤིང་བསྟན་པའི་སྲོལ་འཛིན་སྙིང་པོའི་དོན་སྟོན་པ། །རྣལ་འབྱོར་སྤྱོད་པ་བདེ་བའི་རྡོ་རྗེ་ལ། །གསོལ་བ༴ དཔལ་ལྡན་བླ་མ་དམ་པའི་ཚོགས་རྣམས་གྱིས། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཐུགས་རྗེའི་ལྕགས་ཀྱུས་འབྲལ་བ་མེད་བཟུང་ནས། །ཟབ་གསང་བདུད་རྩིའི་དགའ་སྟོན་ཐོབ་པར་ཤོག །དམ་སེལ་ལོག་ལྟ་སྤུ་ཙམ་མི་འབྱུང་བར། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །ནམ་མཁའ་དང་མཉམ་འགྲོ་ཕན་སྒྲུབ་པ་ལ། །དཔལ་ལྡན་བླ་མའི་རྣམ་ཐར་བརྙེས་གྱུར་ཅིག །ལྷན་ཅིག་སྐྱེས་དགས་འཁོར་ལོ་མ་ལུས་གང་། །མི་འགྱུར་བདེ་བས་སྙིགས་མའི་ལུས་སེམས་སྦྱངས། །དྲི་བྲལ་ཧེ་རུ་ཀ་དཔལ་ཡེ་ཤེས་སྐུ། །ཚེ་འདི་ཉིད་ལ་མངོན་ཏུ་བྱེད་པར་ཤོག །ཅེས་པའང་རང་སློབ་དད་དམ་ཅན་ཛཾ་ཐང་པ་ཀརྨ་ཆོས་གསལ་གྱིས་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་བཟང་པོར་སྦྱར་བ་དགེ་ལེགས་འཕེལ།། ༈ །།རྩེ་ལེ་རིན་པོ་ཆེ་པདྨ་ལེགས་གྲུབ་རྩལ་གྱི་གསོལ་འདེབས་སྙིང་པོ་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ཀུན་


LT29_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དགོངས་པའི་གཏན་སྲིད་ཟིན་ནས་ཀྱང་། །རྩོལ་མེད་ལྷུན་གྲུབ་ཐུགས་རྗེའི་བདག་ཉིད་ཅན། །མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་རྒོད་ཚང་བ། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །འཁོར་འདས་ལམ་གསུམ་སྣང་ཆ་སྣ་ཚོགས་པ། །རང་སེམས་གཅིག་པུའི་རོལ་པར་ཐག་ཆོད་པས། །གཉིས་འཛིན་ཁུ་འཁྲིགས་རེ་དོགས་རྩད་ནས་ཟད། །གྲུབ་དབང་རྒོད་ཕུག་པ་ལ༴ ཡིན་ལུགས་གཞི་རྩ་ནང་ནས་ཆོད་པ་ཡིས། །ཞེན་ལོག་མོས་གུས་སྙིང་རྗེ་ལ་སོགས་པ། །བཅོས་མ་མ་དགོས་ངང་སྒོམ་ལྷུག་པའི་ངང་། །རྣལ་འབྱོར་རང་གྲོལ་པ་ལ༴ ཁམས་གསུམ་ཡུལ་སྣང་ཆུ་ཟླ་ལྟ་བུར་གཟིགས། །ངེས་འབྱུང་མཁན་པོ་སྒྲ་རྟོག་ཡུལ་ལས་གྲོལ། །དགོས་མེད་བྱ་བྲལ་དབྱིངས་སུ་འུབ་ཆུབ་པ། །ཞེན་ལོག་མཐར་ཕྱིན་ཞབས་ལ༴ སྣང་གྲགས་རྟོག་གསུམ་ཅི་སྣང་ཅི་ཤར་ཀུན། །རང་བབ་གཉུག་མའི་ལྷ་སྔགས་ཆོས་སྐུར་རྫོགས། །བཟང་ངན་རིས་མེད་མཉམ་བརྡལ་ཕྱམ་ཡས་པ། །དག་སྣང་རབ་འབྱམས་ཞབས་ལ༴ སྟོང་གསལ་འགག་མེད་གཤིས་ལུགས་སྐུ་གསུམ་པོ། །དོན་དམ་བླ་མའི་རྡོ་རྗེ་གསུམ་དུ་ཤར། །སྣང་སེམས་མོས་གུས་ཕྱག་རྒྱའི་རྒྱས་ཐེབས་པ། །མཆོག་གི་དངོས་གྲུབ་བརྙེས་ལ༴ ཞེན་རྟོག་རི་


LT29_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དབྱིངས་སུ་ཡལ་བ་ཡིས། །གཟུང་འཛིན་མཚན་མའི་ཨ་འཐས་མ་མཆིས་ཀྱང་། །མ་རྟོགས་འགྲོ་ལ་ཤུགས་འབྱུང་སྙིང་རྗེས་བརླན། །གཞན་དོན་ལྷུན་གྲུབ་ཞབས་ལ༴ ན་ཚ་སྡུག་བསྔལ་བདེ་སྟོང་ཆེན་པོར་འབྱམས། །རྐྱེན་ངན་བར་ཆད་བླ་མའི་མཆོག་ཏུ་ཤར། །ལས་སྣང་སྟོང་པའི་གཟུགས་བརྙན་སེམས་སུ་ཐིམ། །རོ་སྙོམས་ལམ་དུ་བསླངས་ལ༴ རོ་མཉམ་གཤིས་ཀྱི་སྟོང་ཉིད་ལ་ཞུགས་པས། །བསླུ་མེད་རྟེན་ཅིང་འབྲེལ་འབྱུང་ཐུགས་ཆུད་དེ། །ཇི་ལྟ་ཇི་སྙེད་གཟིགས་པའི་མཁས་པ་མཆོག །པདྨ་ལེགས་གྲུབ་སྩལ་ལ༴ ལྟ་སྒོམ་གདིང་ཚད་གདོད་མའི་མགོན་པོ་དངོས། །སྤྱོད་པའི་ཕྲ་ཞིབ་ཉན་ཐོས་དགྲ་བཅོམ་ལྟར། །ལྷག་པར་རྨད་བྱུང་བྱང་སེམས་རིན་པོ་ཆེའི། །ནུས་མཐུ་མངོན་ཏུ་རྫོགས་ལ༴ སྣང་གསུམ་བག་ཆགས་ཡོངས་གྲུབ་གཞི་རུ་སྟོར། །རླུང་སེམས་རྒྱུ་བ་རིག་སྟོང་ཐིག་ལེར་དག །ཀ་དག་ཉིད་ཀྱང་ཧར་སངས་རྗེན་ལ་བུད། །བདེན་པའི་མཐར་ཐུག་གཟིགས་ལ༴ ཆེན་པོ་གསུམ་སོགས་གྲུབ་མཐའི་གདགས་བྱར་ཟད། །ས་དང་ལམ་སོགས་བགྲོད་བྱའི་རེ་དོགས་སངས། །བཅོས་མའི་འཆིང་བ་ཕྲ་རགས་ཀུན་ལས་གྲོལ། །འཁྲུལ་ཞིག་ཆེན་པོའི་ཞབས་ལ༴ བལྟ་བའི་ཡུལ་མེད་ཐམས་ཅད་གཉུག་མའི་


LT29_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །སྒོམ་པ་ཕྱལ་ཡས་ཟང་ཐལ་རིག་པའི་འགྲོས། །གཅིག་ལས་མ་གཡོས་སྤྱོད་པའི་བཏང་བཞག་བྲལ། །རྟོགས་གྲོལ་ལྷུན་གྲུབ་ཆེན་པོར༴ གཉེན་པོར་མ་ལྟོས་རང་བྱུང་རང་གྲོལ་ཀློང་། །རྒྱུ་འབྲས་ལས་འདས་གཞི་རྫོགས་ཆོས་ཀྱི་དབྱིངས། །དགོངས་པ་རང་ཤར་མ་སྐྱེས་བྱང་ཆུབ་སེམས། །འོད་གསལ་ཀློང་ཡངས་ཞབས་ལ༴ ཡེ་ཤེས་རླུང་འཆིངས་འོད་རྩ་སྦུབས་སུ་དག །རིག་པ་སྐུར་སྨིན་ཁྱབ་བདལ་རྒྱལ་བའི་ཞིང་། །མཚན་མའི་བློ་ཟད་ཐམས་ཅད་ཆོས་སྐུ་ཉིད། །ཨ་ཏི་རྩལ་རྫོགས་ཞབས་ལ༴ བཻ་རོའི་རྣམ་འཕྲུལ་སྙིགས་མའི་དཔལ་དུ་ཤར། །སྦྱངས་རྟོགས་དཔག་ཡས་བསྟན་འགྲོའི་སྒྲོན་མེ་མཆོག །གྲུབ་པ་ཡོངས་ཀྱི་གདུང་འཚོབ་རྩེ་ལེ་བ། །ཀརྨ་རིག་འཛིན་རྣམ་པར་རྒྱལ་ལ་འདུད། །ཁྱོད་འདྲའི་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །བཅོས་མིན་ཀུན་བཟང་དགོངས་པ་མངོན་གྱུར་ནས། །ཚེ་གཅིག་ལུས་གཅིག་སྟན་ཐོག་འདི་ཉིད་དུ། །གྲུབ་པའི་དབང་ཕྱུག་ཆེན་པོར་བདག་གྱུར་ཅིག །ཅེས་པའང་། རྗེ་བཙུན་ཁྱི་ཐུལ་ཅན་གྱི་ཡེ་ཤེས་རྣམ་རོལ་གྲུབ་བརྙེས་བྃ་སྟེང་སྤྲུལ་སྐུའི་སྐྱེ་མཐར་སྒྲོ་བཏགས་པ་གུ་ས་མུ་དྲ་བདག་གི་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་རང་བྱུང་ཡེ་ཤེས་ངོ་སྤྲོད་པའི་བླ་མ་དང་རྗེ་འདི་ཉིད་གཉིས་སུ་མེད་


LT29_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁུམས་པས་གུས་པ་ཆེན་པོས་ཌཱ་ཀི་འདུ་བའི་དབེན་ཁྲོད་དུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།རིག་འཛིན་མི་འགྱུར་རྡོ་རྗེ་ཡབ་སྲས་གསུམ་ལ་གསོལ་བ་འདེབས་པ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །མཐར་ལམ་ལྷུན་གྲུབ་ཡེ་ཤེས་སྒྱུ་མ་ཡིས། །ཕྱག་རྒྱ་མཐོང་གནས་ཚེ་ལ་དབང་བའི་གཟུགས། །དག་སྣང་ཆོ་འཕྲུལ་སྟོན་ཕྱིར་རྣམ་སྨིན་ཚུལ། །རིག་འཛིན་མི་འགྱུར་རྡོ་རྗེར་གསོལ་བ་འདེབས། །རིག་འཛིན་རྣམ་བཞིའི་སྒྲ་དོན་དང་འབྲེལ། །རྒྱུ་ཤེས་རྐྱེན་འཇུག་ལྟ་དང་ཏིང་འཛིན་ལ། །དབང་འབྱོར་ལམ་གྱུར་འབྲས་བུ་ཉེ་རྒྱུ་ཡིས། །མངོན་མཛད་རིགས་མཆོག་ཉེར་ལྔའི་རོལ་མོ་པ། །ཀརྨ་ཆགས་མེད་ཞབས་ལ་གསོལ་བ་འདེབས། །རྒྱུད་ཀྱི་བསྟན་བྱ་ཚང་མ་དང་འབྲེལ། །གནས་ལུགས་ཡུམ་མཁའ་འོད་བཞི་ཨེ་སོགས་དབྱིབས། །བརྟན་བསྡུས་རྟོགས་པའི་སེམས་དཔའ་ཝཾ་ཡིག་གཟུགས། །གཉིས་སྦྱོར་རྡོ་རྗེས་འཁྲུལ་པའི་རྫོང་བཅོམ་པ། །ཀུན་བཟང་ཤེས་རབ་ཞབས་ལ་གསོལ་བ་འདེབས། །རྒྱུད་ཀྱི་གླེང་བཞི་དང་འབྲེལ་བས་མཚན་ཞིབ་པར་བཀྲོལ་ན་པུ་སྟ་ཀར་ལོངས་ངེས་ཡོད། ཞེས་ཀརྨ་ཆོས་དཔལ་རབ་འཕེལ་ནས་བསྐུལ་ངོར། ཡོན་ཏན་རྒྱ་མཚོས་སྨྲས་པ་དགེ་ལེགས་འཕེལ།། །།

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ།


LT29_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །


LT29_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། རྡོ་རྗེ་འཆང་ལས་དེ་ཉིད་བརྙེས། །མི་སློབ་ཟུང་འཇུག་གྲུབ་པ་མོ། །ཡེ་ཤེས་ཌཱ་ཀི་རྣམ་གཉིས་དང་། །དབྱེར་མེད་བླ་མའི་ཞབས་ལ་འདུད། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །བླ་མ་ཁོ་ནར་རག་ལུས་ཕྱིར། །དེ་ཉིད་མཉེས་བྱེད་སྐལ་ལྡན་ལ། །འདོད་པའི་དོན་རྣམས་ལྷུག་པར་འཇོ། །དེ་ལས་བྱ་བ་གཞན་སྤངས་ལ། །བླ་མ་མཆོད་པ་ཡང་དག་བརྩམ། །མདོ་རྒྱུད་བསྟན་བཅོས་ཐམས་ཅད་དང་། །དྲི་མེད་གདམས་པའི་ཉིང་ཁུ་ཡིན། །སྒྲུབ་པ་པོ་མོས་གུས་དང་ལྡན་ཞིང་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་ཡིད་ཆེས་པའི་སྐལ་བ་ཅན་དག་གིས་ཉམས་ལེན་སྙིང་པོ་བྱ་བ་འདི་ཡིན་ཏེ། དེའང་འབྱོར་པ་ཡོད་ན། གནས་གཙང་མར་རྒྱན་དང་ཡོ་བྱད་ཀྱི་བཀོད་པས་སྤྲས་པའི་གུད་དུ་ཚོགས་ཀྱི་རྟེན་བྲིས་སྐུ་ལ་སོགས་པ་བཞུགས་སུ་གསོལ་བའི་སྤྱན་སྔར། མཎྜལ། ཆུ་གཉིས་ཉེར་སྤྱོད་གཙོ་བོར་གྱུར་པའི་མཆོད་རྫས་ཅི་ཙམ་འབྱོར་པ་དག་གཙང་ཞིང་དག་ལ་སེར་


LT29_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྣས་མ་སྦགས་པ་དང་། ཁྱད་པར་ཅན་གྱི་དུས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཆོས་སྐུ་མཁའ་ཁྱབ་ཆེན་པོར་མངོན་པར་བྱང་ཆུབ་པའི་དུས་མཆོད་དགུན་ཟླར་བའི་བཅུ་བཞི་ལྟ་བུར་ཚོགས་ཀྱི་ཡོ་བྱད་ཀྱང་རྒྱས་པར་བཤམ། འབྱོར་པས་དབེན་པའམ། སྤྲོས་མེད་ཀྱི་རྣལ་འབྱོར་ལྟ་བུར་མཎྜལ་ཉེར་སྤྱོད་ཙམ་གང་འཛོམ་གྱིས་ཀྱང་ཆོག །གཙོ་བོར་འཁོར་བ་ལ་བློ་ངེས་པར་འབྱུང་ཞིང་མཆོག་གི་དངོས་གྲུབ་དོན་དུ་གཉེར་བའི་དད་པ་དང་། བླ་མ་བརྒྱུད་པའི་རྣམ་ཐར་ལ་ཡིད་ཆེས་ཀྱི་མོས་གུས་དུང་ངེ་བའི་སྒོ་ནས། ཐོག་མར་སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ལན་ཁ་ཡར་བརྗོད། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་བླ་མ་


LT29_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ་བགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ཡུམ་དང་བཅས་པའི་སྐུར་གྱུར། །ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང་། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་གསུམ་ལས་སྐྱེས་བཀས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །སུམྦྷ་ནི་བརྗོད་ལ་ཚམ་རྔམས་བྱ། སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་ཕུང་འབར། །རབ་བརྟན་བསྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་བྷྲཱུྃ་ཧཱུྃ། མཆོད་པ་བྱིན་གྱིས་བརླབ་པ་ནི། བསངས་ཆུ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཉེར་གཅིག་ཙམ་གྱིས་བྱིན་རླབས་ལ་འཐོར་ཏེ་སྔགས་དེ་ཉིད་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་


LT29_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་རྫས་བཟང་ཞིང་དགེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུྃ། ཞེས་རོལ་མོས་བྱིན་དབབ། ཚོགས་རྟེན་སྒྲུབ་པ་ནི། དག་པའི་ཞིང་ཁམས་རྒྱ་ཆེ་བཀོད་ལེགས་ཤིང་། །ངོ་མཚར་རྒྱན་བཀོད་བསམ་མི་ཁྱབ་པའི་མཁར། །རྡོ་རྗེ་ནོར་བུའི་ཁང་བརྩེགས་དཔེ་མེད་པ། །ཐར་པ་ཆེན་པོའི་གཞལ་ཡས་ཁང་པའི་དབུས། །སེང་ཁྲི་པད་དཀར་ཟླ་བ་རྒྱས་པའི་སྟེང་། །རྩ་བའི་བླ་མ་ཡེ་ཤེས་ཌཱ་ཀི་ནཱི། །སུ་ཁ་སིདྡྷི་དཀར་ལ་དམར་བའི་མདངས། །དབུ་སྐྲ་སིལ་བུ་སྤྱན་གསུམ་ཧྲིག་གེར་གཟིགས། །ཕྱག་གཡས་བདུད་རྩིས་བཀང་བའི་ཐོད་པ་བསྣམས། །གཡོན་པས་སྐྱེ་མེད་མཚོན་པའི་ཕྱག་རྒྱ་མཛད། །རུས་པའི་རྒྱན་ལྡན་ཞབས་གཉིས་གར་སྟབས་ཚུལ། །ཡེ་ཤེས་སྐུ་ཅན་འཇའ་འོད་ཀློང་དུ་བཞུགས། །དེའི་སྤྱི་བོར་དྲུག་པ་རྡོ་རྗེ་འཆང་། །རྡོ་རྗེ་བདག་མེད་ཡུམ་དང་མཉམ་པར་སྦྱོར། །གཙོ་བོའི་མཐའ་སྐོར་མདུན་སོགས་ཕྱོགས་བཞི་རུ། །རྗེ་བཙུན་མཁའ་འགྲོའི་དབང་ཕྱུག་ནི་གུ་མ། །སྨུག་ནག་སྤྱན་གསུམ་ལྟ་སྟངས་མཁའ་ལ་གཟིགས། །ཅང་ཏེའུ་ཐོད་པ་རྡོ་རྗེའི་ཁ་ཊཾྭཱ་འཆང་། །རུས་པའི་རྒྱན་ལྡན་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །རྒྱལ་སྲས་


LT29_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཻ་ཏྲི་རྣལ་འབྱོར་སྤྱོད་པའི་ཆས། །རཏྣ་དེ་བཱི་གངྒ་དྷ་རིས་བརྟན། །སྒྲ་གཅན་འཛིན་སྦས་འཆི་མེད་གྲུབ་པའི་ཚུལ། །བསོད་ནམས་འབྱུང་གནས་དགེ་སློང་པ་ཆེན་གཟུགས། །བར་མཚམས་པ་ཆེན་རྣལ་འབྱོར་མཁའ་འགྲོ་མའི། །ཆས་ལྡན་མཁས་གྲུབ་བརྒྱ་དང་ལྔ་བཅུ་བཞུགས། །དེ་མདུན་སྒྲུབ་བརྒྱུད་མངའ་བདག་ཁྱུང་པོ་རྗེ། །ཆོས་གོས་རྣམ་གསུམ་པ་ཞྭ་དམར་པོ་གསོལ། །ཕྱག་གཡས་ས་གནོན་གཡོན་པ་ངལ་གསོའི་སྟབས། །ཕྱེད་སྐྱིལ་རོལ་པས་པད་ཟླའི་གདན་ལ་བཞུགས། །བཀའ་བབ་ཐུགས་སྲས་ཆེན་པོ་རྣམ་དྲུག་ནས། །རྩ་བའི་བླ་མའི་བར་དུ་རིམ་བྱོན་པའི། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་འཛིན་པ་རྣམས། །ཕལ་ཆེར་གཙང་སྒོམ་ངུར་སྨྲིག་འཆང་བ་ལ། །ལ་ལ་རྣལ་འབྱོར་སྤྱོད་སོགས་མ་ངེས་ཚུལ། །གང་ལ་གང་འདུལ་མོས་པའི་དཔལ་དུ་འཆར། །ཀུན་ཀྱང་གཡོ་མེད་རྟོགས་པའི་གདིང་དང་ལྡན། །སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །ཏིང་འཛིན་སྒོ་བརྒྱར་རྟག་ཏུ་སྙོམས་པར་འཇུག །བརྟུལ་ཞུགས་ཆོ་འཕྲུལ་ཕྱོགས་མེད་ཀུན་ཏུ་གྲུབ། །མཛད་པ་ཕྲིན་ལས་ཕྱོགས་བཅུ་དུས་གསུམ་ཁྱབ། །བྱིན་རླབས་ཐུགས་རྗེའི་གཟི་བྱིན་ཆད་མེད་འབར། །སྟེང་ཕྱོགས་བླ་མ་མཐའ་སྐོར་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །དཔལ་ལྡན་བླ་མའི་གསང་གསུམ་རོལ་པར་ཤར། །གང་ཞིག་བླ་མ་སངས་


LT29_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་མངོན་སུམ་བཞུགས་པར་གྱུར། །འདིར་སྤྱན་འདྲེན་བཞུགས་གསོལ་བྱ་མི་དགོས་ཀྱང་ལས་དང་པོའི་བློ་དམན་རྣམས་ལ་འཆར་བདེ་བ་ལྟར་ན། སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང་། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿམགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གིས་མཆོད་ཡོན་འདི་ཉིད་བཞེས་ནས་ཀྱང་། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་བར། །ཡིད་འོང་གདན་ལ་བདེ་བར་བཞུགས་སུ་གསོལ། །ཨོཾ་པྲ་ཝ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་པཱ་དྱཾ་སྦྱར་ལ་ཆུ་གཉིས་ཕུལ། ཨོཾ་པདྨ་ཨཱ་ས་ནཾ་ས་མ་ཡ་སྟཾྭ། ཞེས་སྔར་བསྐྱེད་པ་དང་གཉིས་སུ་མེད་པར་བཞུགས་པར་མོས། དངོས་སུ་ཕྱག་བྱ་བའམ་ཐལ་མོ་སྦྱར་ཏེ། རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ་མེད། །ཕུན་ཚོགས་གསུང་དབྱངས་ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་ཐུགས། །རྡོ་རྗེ་གསུམ་དངོས་དཔལ་ལྡན་བླ་མར་འདུད། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་ནས་སྤངས། །དག་པ་གཉིས་ལྡན་ཡོན་ཏན་ཐམས་ཅད་རྫོགས། །རང་གཞན་དོན་གྱུར་སྐུ་གཉིས་མངོན་མཛད་པ། །འཁོར་འདས་མ་ལུས་སྤྲུལ་པར་མཛད་ལ་འདུད། །གཡོ་མེད་སེམས་ཀྱིས་བསྟེན་ན་སྐད་ཅིག་ལ། །བྱིན་གྱིས་བརླབས་པས་བླ་མེད་བྱང་


LT29_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལམ། །ཡང་ན་འདོད་པ་མཆོག་དང་ཐར་པ་ཡི། །དམ་པ་ངེས་པར་སྦྱིན་མཛད་ཁྱོད་ལ་འདུད། །ལྷན་སྐྱེས་ཟུང་འཇུག་སྲིད་གསུམ་བདེ་ཆེན་དངོས། །དམིགས་མེད་ཐུགས་རྗེས་ཁམས་གསུམ་འགྲོ་ཀུན་སྒྲོལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཟད་མི་མངའ། །ཆོས་དབྱིངས་རྣམ་དག་གཡོ་མེད་ཁྱོད་ལ་འདུད། །ཉིད་ཀྱི་ཡེ་ཤེས་གཅིག་གི་རང་སྣང་ལས། །མ་ལུས་རྒྱལ་བ་སྲས་བཅས་སྤྲིན་སྤྲོ་བ། །བདེན་པ་གཉིས་ཀྱི་རྣམ་ཐར་ཆད་མི་མངའ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་འདུད། །ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །བདག་མེད་དམ་དང་རྗེ་བཙུན་བི།།།པ། །རྒྱལ་བ་ཀུན་བསྐྱེད་བདེ་བའི་དངོས་གྲུབ་དང་། །ས་བཅུའི་དབང་ཕྱུག་ནི་གུ་མ་ལ་འདུད། །མཻ་ཏྲི་པ་དང་བསོད་ནམས་འབྱུང་གནས་སྦས། །རཱ་ཏུ་ལ་སོགས་མཁས་གྲུབ་བརྒྱ་ལྔ་བཅུ། །ཁྱུང་པོ་རྣལ་འབྱོར་རིན་ཆེན་བརྩོན་འགྲུས་དང་། །དབོན་སྟོན་གཉན་སྟོན་ཆོས་རྗེ་སྟོན་པར་འདུད། མཁས་གྲུབ་རྣམ་གསུམ་ཁྱུང་པོ་ཚུལ་ཁྲིམས་མགོན། །རས་ཆེན་ཤངས་དཀར་སངས་རྒྱས་དཔལ་བཟང་པོ། །ནམ་རྒྱལ་ལེགས་རྒྱལ་གྲོལ་མཆོག་ལྷ་དབང་གྲགས། །རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐར་འདུད། །རྒྱལ་མཚན་དཔལ་བཟང་རྡོ་རྗེ་གཞོན་ནུ་ཆེ། །ནམ་མཁའི་རྣལ་འབྱོར་བྱང་སེམས་སྦྱིན་པ་བཟང་། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས། །རིང་བརྒྱུད་ཉེ་བརྒྱུད་བླ་མ་རྣམས་ལ་འདུད། ཕྱི་མཆོད་འབུལ་བ་ནི། མདོག་


LT29_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དབྱིབས་ལེགས་ཚིམ་པའི་དྲི་བསུང་ཅན། །མནྡཱ་ར་དང་ཨུཏྤལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱ་ཛ་མེ་གྷ་ས་མུ་དྲ་སྤ་ར་་ས་མ་ཡེ་ཧཱུྃ། རྒྱུ་བཟང་མནམས་ན་ཞིམ་པའི་དྲི་དད་ཅན། །ཨ་ག་རུ་དང་ཙནྡན་སྦྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། །མུན་སེལ་དངོས་ཀུན་གསལ་བའི་གཟི་བརྗིད་ཅན། །སྒྲོན་མེ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱི་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཨཱ་ལོ་ཀེ་པཱུ་ཛ༴ དྲི་ཞིམ་བྱུག་ན་བདེ་བའི་རེག་མཆོག་ཀུན། །ག་བུར་གླ་རྩི་མནོན་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་མཆོག༴ ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་གནྡྷེ༴ མདོག་བཟང་མྱངས་ན་བདེ་བའི་རོ་བཅུད་ཅན། །འབྲས་ཆེན་ཀ་ར་རྒྱ་གཏར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་མཆོག༴ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ནཻ་ཝི་དྱ༴ དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་


LT29_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕེབ་རྡོབ་རྒྱུད་མང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག༴ ཨོ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཤབྡ། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཝ་སྟ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། །མགོན་ཁྱོད་བཀྲེས་སྐྱེམས་མི་མངའ་ཡང་། །འོ་ཐུག་བུར་བུ་བདུད་རྩི་ཆུ། །བཟའ་དང་བཅའ་བ་རྒྱ་ཆེན་པོ། ཁ་དོག་དྲི་དང་རོ་ལྡན་པ། །ཐམས་ཅད་སྦྱར་བ་བཤོས་ཀྱི་མཆོག །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ།། ༈ །།བདེ་བའི་དངོས་གྲུབ་དཀྱིལ་འཁོར་གཙོ། །བླ་མ་མཆོག་དང་ཐ་མི་དད། །བཀའ་བརྒྱུད་ཐམས་ཅད་ཁྱོད་ཀྱི་འཕྲུལ། །དེ་ཕྱིར་སྙིང་ནས་གུས་ཕྱག་འཚལ། །བདག་ནི་སྐྱབས་གནས་གཞན་ཀུན་པས། །བ་སྤུའི་ཁུང་བུ་གཅིག་ལ་ཡང་། །ལྷག་པར་ཡང་ནི་དད་ལགས་ན། །རྨོངས་པས་མ་ཡིན་རྒྱུ་དང་བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་བས་ནན་ཏན་བསྟོད་ལ་འདུད། །ཕྱོགས་བཅུའི་འདྲེན་པ་རྒྱལ་སྲས་ཀྱིས། །བྱང་སེམས་རྡོ་རྗེ་བཞིན་དུ་བལྟ། །ཐམས་ཅད་ཉིན་རེ་དུས་བཞི་རུ། །ཕྱག་འཚལ་མཆོད་ནས་འདི་སྐད་དུ། །བདག་ཅག་དེ་བཞིན་གཤེགས་ཀུན་གྱི། །ཕ་མ་སྟོན་པ་ཁྱེད་ཅེས་


LT29_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག །སྟོན་པ་རྡོ་རྗེ་འཛིན་ཁྱོད་ལ། །སྐྱོབ་བར་བཅས་པས་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་བས། །ཁྱེད་ཀྱི་སྐུ་ལ་ཏིལ་མར་གྱི། །ཐིགས་པས་མཆོད་ནའང་བསོད་ནམས་མཆོག །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱེད་ལས་བྱུང་། །མཆོད་པ་ཐམས་ཅད་སྤངས་ནས་ནི། །རྗེ་བཙུན་ཁྱོད་ལ་མཆོད་ཅིང་འདུད། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཚོགས། །ཉིད་ཀྱི་སྐུ་གསུང་ཐུགས་ལ་གནས། །ཁྱོད་ནི་གང་ལའང་མི་གནས་ཏེ། །མཁའ་མཉམ་འོད་གསལ་རྨད་བྱུང་ཆེ། །རྩོད་པའི་དུས་འདིར་རྡོ་རྗེ་སེམས། །དངོས་སུ་མཐོང་བའི་སྐལ་མེད་པས། །སློབ་དཔོན་གཟུགས་ཀྱིས་སྒྲུབ་རྣམས་ལ། །བརྩེ་བས་མཆོད་པ་ལན་ལ་འདུད། །རིགས་ལྔའི་དཀྱིལ་འཁོར་ཡེ་ཤེས་ལྔ། །འགྲོ་བ་འདུལ་ཕྱིར་ཕུང་པོ་ལྔ། །ཚད་མེད་ལྷ་མོ་བཞིའི་དཀྱིལ་འཁོར། །འབྱུང་བཞིར་སྟོན་པ་ཡ་མཚན་རྨད། །སྤྱན་སོགས་ཡང་ནི་སེམས་དཔའ་བརྒྱད། །ཚིགས་སོགས་ཡང་དག་ཁྲོ་བོ་བཅུ། །གཟུགས་སོགས་ཡང་ནི་རྡོ་རྗེ་མ། །ཡེ་ཤེས་སྐུ་ལ་བདག་ཕྱག་འཚལ། །སྐྱེ་འཆི་ཅན་གྱི་སྐུའོ་ཞེས། །ལོག་པར་བཟུང་བ་གནོང་ཞིང་འགྱོད། །དེ་བས་བསམ་པ་ཐག་པས་བཤགས། །བདག་ཀྱང་ཁྱོད་ལྟར་མངོན་གྱུར་ཅིག །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །བཅོམ་ལྡན་སྐུ་ཡི་ཆ་ཤས་ལགས། །ཅོད་པན་རིགས་ལྔ་བ་སྤུ་རྣམས། །


LT29_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་ལགས་ཏེ་དེ་བས་འདུད། །འཇིག་རྟེན་ལྷ་རྣམས་ཁྱོད་ཀྱི་གདན། །སྲིད་གསུམ་བླ་མ་ཁྱེད་ཉིད་ལགས། །ཁྱེད་ནི་དཀོན་མཆོག་གསུམ་ལགས་ཤིང་། །རིན་ཆེན་གསུམ་གྱི་བྱེད་པོར་གསུངས། །གཡོ་སྒྱུ་ཚིག་ཙམ་མ་ཡིན་པར། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བསམ་པ་ཐག་པས་སྐྱབས་སུ་མཆི། །ལྷག་པར་དད་པས་ཕྱག་འཚལ་ལོ། །བར་འདིར་མཎྜལ་ཚོམ་བུ་སོ་བདུན་མ་སྤྱི་མཐུན་རྒྱས་པ་དང་། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བར་སྐྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱི་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་སྤངས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་མཎྜལ་བཀའ་རྒྱ་མའང་འབུལ། འཁོར་ལོ་ནོར་བུ་བཙུན་མོ་དམ་པ་དང་། །བློན་པོ་གླང་པོ་རྟ་མཆོག་དམག་དཔོན་ཏེ། །རྒྱལ་


LT29_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་རིན་ཆེན་སྣ་བདུན་དཔག་མེད་ཀྱང་། །མངོན་པར་སྤྲུལ་ནས་བླ་མ་མཆོག་ལ་འབུལ། །རལ་གྲི་པགས་པ་སྐྱེད་ཚལ་ཁང་བཟང་དང་། །གཟིམས་ཆ་གོས་དང་མཆིལ་ལྷྭམ་་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་སྟེར་མ། །མེ་ལོང་པི་ཝང་སྤོས་ཁང་བཟའ་བཏུང་སྣོད། །རས་ཕྲན་བཟང་དང་པདྨ་བྷཉྫ་ནམ། །ཅང་ཏེའུ་སྒྲ་སྒྲོག་ཁ་ཊཱྭཾ་ལ་བརྟེན་མ། །དཀར་སྔོ་སེར་དང་དམར་དང་ལྗང་བའི་གཟུགས། །གཟུགས་མཛེས་དབྱངས་སྙན་དྲི་ལྡན་བཅུད་ལྡན་མ། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །ནམ་མཁའ་གང་བས་བླ་མ་ལྷ་ཚོགས་མཆོད། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་མ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན་མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་མའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེ་རིག་མ་དགའ་བས་རོལ་པ་འདི། །ཧེ་རུ་ཀ་ཁྱོད་རྡོ་རྗེའི་ཡིད་དགྱེས་མཛོད། །ཁྲུས་ཀྱི་རྫིང་བུ་དམ་པ་དང་། །རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང་། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བའི་འདོད་འཇོའི་བ། །མ་རྨོས་འཁྲུངས་


LT29_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་ཏོག་དང་། །དཔག་བསམ་ཤིང་དང་འབྲུ་ཡི་མཆོག །བུམ་བཟང་ནམ་མཁའ་གང་བས་མཆོད། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཀུན་ཀྱང་འབུལ། །གསེར་དངུལ་མུ་ཏིག་བཻ་ཌཱུརྻ། །རིན་ཆེན་ཞིང་རྣམས་བཀང་ནས་འབུལ། །དབང་སྔོན་རྡོ་རྗེ་པདྨ་དམར། །མ་རྒད་བྱུ་རུ་འཛམྦུའི་།གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་རི། །ཞིང་གི་རྡུལ་སྙེད་དབུལ་བར་བགྱི། །ཨུཏྤལ་པདྨ་ཁ་དོག་ལྔ། །ཛཱ་ཏི་ཁ་དོག་རྣམ་པ་གསུམ། །མེ་ཏོག་ཀརྞི་ཀ་ར་དང་། །མཱ་ལི་ཀ་དང་ཡུ་ཐི་ཀ །མེ་ཏོག་ཀཱ་ར་ཝཱི་ར་ཡང་། །བསམ་གཏན་སྟོབས་ཀྱིས་ཁྱོད་ལ་འབུལ། །མི་འཇིགས་སེང་གེ་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་མཆོག་དང་། །རྣ་རྒྱན་དང་ནི་གདུབ་བུའམ། །མགུལ་རྒྱན་སོར་གདུབ་དམ་པ་དང་། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །དབུ་རྒྱན་དར་དཔྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་གནག་དང་སེར་སྐྱ་དང་། །དེ་བཞིན་གོས་ནི་སྣ་ཚོགས་དང་། །མེ་ཏོག་ཕྲེང་བ་དུ་མ་དང་། །བླ་བྲེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་པས་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །རས་ནི་ཟུང་གྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་དང་། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང་། །


LT29_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང་། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། ཨོཾ་ཨཱཿཧཱུྃ། ཐབས་ཤེས་ལྷན་ཅིག་སྦྱོར་བ་ལས། །རང་བཞིན་སྣང་བ་ཡོངས་དག་པའི། །ཞུ་བདེས་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། ༈ །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་མཛད་འདུད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་མཛད་འདུད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་གང་ལའང་གནས་པ་མེད། །ང་རྒྱལ་མེད་ཅིང་མི་གནས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །རྟག་པར་མཉམ་པར་འཇོག་གྱུར་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཅིང་། །སྣ་ཚོགས་མིན་ལ་སྙོམས་འཇུག་པའི། །དམིགས་


LT29_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁྱོད་ལ་ཕྱག༴ ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད་ཁྱོད་ལ༴ ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད༴ རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད༴ ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་ལྟ་བ་དང་། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་སྒྱུ་ལྟ་བུར་བལྟ་བྱ་ཞིང་། །འདི་ལྟར་བཟའ་དང་བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་གནས་པ་དང་། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་དེ་ཡང་རི་བོ་མཆོག་དང་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་དག་གིས་མཆོད། །ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་


LT29_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟོང་པ་གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱོད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་ལ། །བདེ་སྟོང་འཛིན་པ་མེད་པ་བདེ་བའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་པའི་སྒོམ་པ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱོད་ལ་འདུད། །སྤང་བླང་བྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་གློ་བུར་དྲི་མ་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་བ་ཁྱོད་ལ་འདུད། །ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་བྱ། དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། །ཟད་པར་གནས་སྦྱར་མ་ལུགས་གཉིས་སོགས་སྐབས་འདིར་འདོན། ལོངས་ཁྱབ་དང་ལྡན་ཞིང་རྒྱས་པར་སྤྲོ་ན། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ། །བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང་། །རིགས་ཀུན་ཁྱབ་བདག་ཞབས་ལ་འདུད། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །བརྒྱུད་འཛིན་བུ་ལ་དངོས་གྲུབ་སྟེར། །ཟག་མེད་ཡེ་ཤེས་ཌཱ་ཀི་ནཱི། །སུ་ཁ་སིདྡྷི་ཞབས་ལ་འདུད། །ལྷན་སྐྱེས་ཤེས་རབ་ཕ་རོལ་ཕྱིན། །མི་ཕྱེད་གསང་བ་ཀུན་གྱི་མཛོད། །མཁའ་འགྲོའི་དབང་ཕྱུག་ནི་གུམ། །རྡོ་རྗེ་བཙུན་མོའི་ཞབས་ལ་འདུད། །རི་ཁྲོད་མགོན་པོས་བྱིན་གྱིས་


LT29_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། །སྙིང་པོ་དོན་གྱི་གསང་མཛོད་འཛིན། །མཚན་ཐོས་དོན་ལྡན་རྒྱལ་བའི་སྲས། །མཻ་ཏྲི་བ་ཡི་ཞབས་ལ་འདུད། །གྲུབ་མཆོག་མངའ་བདག་ཆེན་པོ་དང་། །མཁྱེན་རྟོགས་དབྱེར་མེད་རྣལ་འབྱོར་མ། །མཁའ་སྤྱོད་གསང་བའི་དབང་མོ་མཆོག །རཏྣ་དེ་བཱིའི་ཞབས་ལ་འདུད། །བྱང་ཆུབ་སེམས་ཀྱི་རྩལ་ཆེན་རྫོགས། །རྡོ་རྗེ་གདན་དུ་བསྟན་པ་སྐྱོང་། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །བསོད་ནམས་འབྱུང་གནས་ཞབས། །ཁྱད་པར་ལྷ་བཞིས་བྱིན་གྱིས་བརླབས། །ཕྱག་རྒྱ་ཆེན་པོའི་གོ་འཕང་གྲུབ། །རྡོ་རྗེའི་ལུས་ཀྱིས་རབ་བཞུགས་པ། །རཱ་ཧུ་ལ་ཡི་ཞབས༴ བྱང་ཆུབ་སེམས་ཀྱི་མངའ་བདག་མཆོག །བོད་ཁམས་མུན་བ་སེལ་བའི་སྒྲོན། །ས་གསུམ་གྲགས་པས་ཁྱབ་པ་ཡི། །ཨ་ཏི་ཤ་ཡི་ཞབས། །བཅོམ་ལྡན་འདས་མས་རྗེས་སུ་བཟུང་། །ཐུབ་པའི་དབང་པོའི་རྒྱལ་སྲིད་སྐྱོང་། །སངས་རྒྱས་གཉིས་པ་ལྟ་བུར་གྲགས། །འཇིགས་མེད་འབྱུང་གནས། །ནཱ་རོ་པ་ཆེན་ཐུགས་ཀྱི་སྲས། །མན་ངག་རྒྱ་མཚོའི་ཕ་མཐར་སོན། །སྐྱེ་དགུའི་མགོན་གྱུར་དྷ་ཆེན་པོ། །བྱང་ཆུབ་སེམས་དཔའི༴ ཐ་དད་ཡུལ་དུ་དུད་འགྲོའི་སྐད། །མ་བསླབ་པ་ཡི་བསྟན་བཅོས་སོགས། །རྩ་གནས་དགོངས་པ་གཏད་པས་མཁྱེན། །ཏ་ཐཱ་ག་ཏའི་ཞབས༴ བརྟུལ་ཞུགས་སྤྱོད་པ་ཕྱོགས་མེད་གྲུབ། །མཐུ་སྟོབས་ཕྲིན་ལས་ཐོགས་པ་མེད། །མི་འཇིགས་གདིང་ལྡན་གྲུབ་པའི་རྗེ། །དོན་ཡོད་རྡོ་རྗེའི། །གསུང་རབ་ཀུན་


LT29_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁྱེན་པ་རྒྱས། །གཞན་ཕན་བསམ་མི་ཁྱབ་པ་མཛད། །ངོ་མཚར་སྙན་པ་དང་ལྡན་པ། །བློ་གྲོས་བཟང་པོའི༴ མཁྱེན་རྟོགས་ནུས་པའི་རྩལ་ཆེན་རྫོགས། །བར་དོར་མཆོག་གི་དངོས་གྲུབ་བརྙེས། །བཻ་རོ་ཙ་ན་རཀྵི་ཏ། །རྣལ་འབྱོར་དབང་པོའི༴ གཤིན་རྗེ་གཤེད་དང་དབྱེར་མེད་ཅིང་། །མུ་སྟེགས་ཀླ་ཀློའི་རིགས་ཀྱི་གཤེད། །བསམ་པ་ཙམ་གྱིས་ལས་རྣམས་འགྲུབ། །པདྨ་སྲུང་བའི། །རྣམ་འཇོམས་དཀྱིལ་འཁོར་དངོས་སུ་སྤྲུལ། །རྡོ་རྗེ་དྲིལ་བུ་མཁའ་ལ་འཇོག །དུས་གསུམ་གཟིགས་པའི་པཎྜི་ཏ། །གཉིས་མེད་རྡོ་རྗེའི༴ བདེ་ཆེན་བདེ་པའི་གཟི་མདངས་ཅན། །ལྟ་བས་མི་ངོམས་སྒེག་པའི་ཉམས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །ཀུན་ཏུ་བཟང་མོའི་ཞབས༴ ས་དང་ལམ་རྣམས་མཐར་ཕྱིན་ཏེ། །རྣལ་འབྱོར་རྟོགས་པའི་ཡེ་ཤེས་སྦར། །རྡོ་རྗེའི་གསང་བ་འཛིན་པ་མོ། །སུ་མ་ཏི་ཡི༴ ཡེ་ཤེས་མཁའ་ལ་རྣམ་པར་འགྲོ། །སྐལ་པ་ལྡན་རྣམས་རྗེས་སུ་འཛིན། །སྤྲུལ་སྒྱུར་སྣ་ཚོགས་གཟུགས་ཅན་མ། །ཀ་ན་ཀ་ཤྲཱིའི༴ ས་འོག་དཔལ་གྱི་སྒོར་བཞུད་ནས། །རལ་གྲི་གྲུབ་པས་ད་ལྟ་ཡང་། །ལྷ་མིན་སེམས་ཅན་དོན་མཛད་པ། །གངྒཱ་དྷཱ་རིའི༴ རོལ་རྡོར་བདེ་བའི་རྡོ་རྗེ་དང་། །དྷརྨ་ཕ་ལ་འཕགས་པ་ལྷ། །གྷནྦྷ་བ་སོགས་མཁས་གྲུབ་ནི། །བརྒྱ་དང་ལྔ་བཅུའི་ཞབས༴ ལྷག་པའི་བསླབ་པ་གསུམ་གྱིས་སྤྲས། །སྣང་བ་མཐའ་ཡས་ཐུགས་


LT29_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲུལ། །འབྲེལ་ཚད་དོན་ལྡན་བྱང་ཆུབ་སེམས། །གླང་ཐང་པ་ཡི༴ ཤེས་བྱ་ཀུན་མཁྱེན་དབང་བཅུ་བརྙེས། །ཡེ་ཤེས་ཌཱ་ཀིའི་གསང་བ་འཛིན། །རྒྱུད་སྡེ་ལྔ་ཡི་ངོ་བོ་ཉིད། །ཁྱུང་པོ་རྣལ་འབྱོར༴ ངོ་མཚར་སྲིད་མཐའི་བྱང་ཆུབ་སེམས། །ཐོགས་མེད་མཁའ་ལ་བྱ་ལྟར་ལྡིང་། །རླུང་སེམས་དབང་ཐོབ་རྨོག་ལྕོགས་པ། །རིན་ཆེན་བརྩོན་འགྲུས༴ ཏིང་འཛིན་སྒོ་བརྒྱར་དབང་དུ་མཛད། །ཚད་མེད་ཐུགས་རྗེས་འགྲོ་བ་འདྲེན། །སྤྱན་རས་གཟིགས་དབང་སྐྱེར་སྒང་བ། །ཆོས་ཀྱི་སེང་གེའི་ཞབས༴ སངས་རྒྱས་དགྱེས་པའི་རྡོ་རྗེའི་སྐུ། །ཡེ་ཤེས་མགོན་པོ་བྲན་དུ་ཁོལ། །ས་བཅུའི་དབང་ཕྱུག་རི་གོང་པ། །གཉན་སྟོན་ཆེན་པོའི༴ བདེ་སྟོང་འགྱུར་མེད་སྐུ་ལྔའི་བདག །དཔའ་བོ་མཁའ་འགྲོའི་དྲྭ་བ་སྡོམ། །རྡོ་རྗེའི་རྒྱ་བཀྲོལ་འགྲོ་བའི་མགོན། །སངས་རྒྱས་སྟོན་པའི་ཞབས་ལ་འདུད། །སངས་རྒྱས་ཞིང་སྦྱོང་འགྲོ་སྨིན་མཛད། །བླ་ན་མེད་པའི་ཆོ་འཕྲུལ་སྟོན། །མཁས་གྲུབ་གཙང་མ་ཤངས་སྟོན་རྗེ། །ཚུལ་ཁྲིམས་འབུམ་པའི༴ གཟུངས་དང་ཏིང་འཛིན་མངོན་ཤེས་སོགས། །བསམ་མི་ཁྱབ་པའི་རྣམ་ཐར་ཅན། །མཁས་གྲུབ་ཆེན་པོ་བསམ་སྡིངས་པ། །གཞོན་ནུ་གྲུབ་མཆོག༴ མཐོང་ཐོས་དྲན་རེག་སྒྲོལ་མཛད་པའི། །རྒྱལ་སྲས་དཔའ་བོའི་སྤྱོད་པ་འཆང་། །མཁས་བཙུན་མཆོག་གྱུར་འཇག་ཆེན་པ། །རྒྱལ་མཚན་འབུམ་གྱི༴ བསམས་བཞིན་སྲིད་པར་སྐུ་སྤྲུལ་


LT29_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཁོར་བ་དོང་སྤྲུགས་སེམས་དཔའ་ཆེ། །ཁྱུང་པོ་གཉིས་པར་གྲགས་པ་ཡི། །ཚུལ་ཁྲིམས་མགོན་པོའི༴ གཟུང་འཛིན་མདུད་པ་དབྱིངས་སུ་གྲོལ། །འབྱུང་བ་བཞི་པོ་དབང་དུ་མཛད། །བརྟུལ་ཞུགས་མཐར་ཕྱིན་རས་ཆེན་པ། །སངས་རྒྱས་སེང་གེའི༴ མཁྱེན་པ་གཉིས་ཀྱི་རྩལ་ཆེན་རྫོགས། །སྤྱན་ལྔ་རྣམ་པར་དག་པ་འཆང་། །རྒྱལ་བའི་གདུང་འཛིན་ཤངས་དཀར་པ། །རིན་ཆེན་རྒྱལ་མཚན༴ བདེ་སྟོང་གཟི་བརྗིད་འོད་དུ་འབར། །འཁོར་འདས་སྒྱུ་མའི་ལུས་སུ་རྟོགས། །དངོས་གྲུབ་མཆོག་བརྙེས་ལྐུང་ལུང་པ། །སངས་རྒྱས་དཔལ་བཟང་༴ ཅི་སྣང་ཡེ་ཤེས་འཁོར་ལོར་དག །ལས་དང་དངོས་གྲུབ་ཐོགས་མེད་གྲུབ། །རྨད་བྱུང་མཆོག་གི་གྲུབ་པ་ཆེ། །ནམ་མཁའ་རྒྱལ་མཚན༴ འཁོར་འདས་གཉིས་ལ་སྤང་བླང་བྲལ། །ཆོས་ཀུན་མངོན་སངས་རྒྱས་པར་གཟིགས། །སྦས་པའི་སངས་རྒྱས་རྒྱ་སྒོམ་པ། །ལེགས་པར་རྒྱལ་མཚན༴ ཡེ་ཤེས་མཁའ་འགྲོས་རྗེས་སུ་བཟུང་། །མཁྱེན་ནུས་ཕྲིན་ལས་མཁའ་དང་མཉམ། །འཇམ་མགོན་གྲུབ་པའི་དཔའ་བོ་ཆེ། །ཀུན་དགའ་གྲོལ་མཆོག༴ སྙན་བརྒྱུད་གདམས་པའི་གཏེར་མཛོད་འཛིན། །གྲུབ་པ་བྱེ་བའི་གཙུག་གི་རྒྱན། །རྣལ་འབྱོར་དབང་ཕྱུག་བྲག་སྟོད་པ། །ལྷ་དབང་གྲགས་པའི༴ རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་། །འཇིགས་མེད་ཤེས་བྱ་ཐམས་ཅད་མཁྱེན། །


LT29_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོ་ཧེ་རུ་ཀ །ཏཱ་ར་ནཱ་ཐའི༴ ཡེ་ཤེས་གཅིག་གི་ངོ་བོ་ཉིད། །རྣམ་འཕྲུལ་དུ་མའི་གར་མཛད་པ། །སྟོན་འཁོར་དབྱེར་མེད་རྒྱལ་ཚབ་མཆོག །ཡེ་ཤེས་རྒྱ་མཚོའི༴ སྐྱེས་ཐོབ་སྦྱངས་བའི་ཡོན་ཏན་ལྡན། །གཞན་རྒྱུད་སྨིན་ཅིང་གྲོལ་ནུས་པའི། །བྱིན་རླབས་དཔལ་འབར་རྫོང་སྟེང་པ། །ཡོན་ཏན་མགོན་པོའི༴ དཀའ་ཐུབ་བརྟུལ་ཞུགས་མཐའ་རུ་ཕྱིན། །འཇའ་ལུས་མཁའ་སྤྱོད་གྲོང་དུ་གཤེགས། །ངོ་མཚར་རྨད་བྱུང་སྤོང་བ་པ། །མགོན་པོ་དཔལ་འབྱོར༴ རིམ་པ་གཉིས་ལ་བརྟན་པ་ཐོབ། །དེ་ཉིད་བཅུ་པོ་དབང་དུ་འབྱོར། །མཚན་ཉིད་ཀུན་ལྡན་སློབ་དཔོན་མཆོག། མགོན་པོ་གྲགས་པའི༴ ཉམས་དང་རྟོགས་པའི་རྩལ་ཆེན་རྫོགས། །སྒོམ་པའི་དྲོད་རྟགས་ཆད་ལ་ཕེབ། །ཡོན་ཏན་བསམ་ཡས་གྲུབ་པའི་དབང་། །མགོན་པོ་རྣམ་རྒྱལ༴ དག་པའི་ས་ལ་ལེགས་བཞུགས་ཤིང་། །སྣ་ཚོགས་སྤྲུལ་པས་འགྲོ་དོན་མཛད། །འགྲན་ཟླ་བྲལ་བའི་རིག་པ་འཛིན། །ཚེ་དབང་ནོར་བུའི༴ གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །འགྲོ་འདྲེན་ཐུགས་རྗེ་རྒྱུན་མི་འཆད། །གངས་ཅན་མགོན་པོ་འབྲུག་པ་རྗེ། །ཕྲིན་ལས་ཤིང་རྟའི་ཞབས༴ བྱམས་ཆེན་ངུར་སྨྲིག་འཛིན་པའི་ཚུལ། །སྙིགས་དུས་འཛམ་གླིང་མཛེས་པའི་རྒྱན། །སྒྲུབ་བརྒྱུད་མངའ་བདག་འཇིག་རྟེན་མིག །བསྟན་པའི་ཉིན་བྱེད༴ གོང་མའི་བརྒྱུད་འཛིན་རྣམ་ཐར་སྐྱོང་། །རྟོགས་པའི་


LT29_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྨོག་ལྕོགས་པ། །ཀུན་དགའ་དགེ་ལེགས་དཔལ་འབར་དང་། །ལྷུན་གྲུབ་རྒྱ་མཚོའི༴ ཆོས་བརྒྱད་རྣམ་གཡེང་རྩྭ་ལྟར་དོར། །བས་མཐར་སྒྲུབ་པའི་རྒྱལ་མཚན་བཙུགས། །འཁྲུལ་པ་ཞིག་པའི་སྐྱེས་བུ་ཆེ། །བཀའ་བརྒྱུད་བསྟན་འཛིན༴ འཁྲུལ་སྣང་དབུ་མའི་དབྱིངས་སུ་ཐིམ། །དག་པའི་སྣང་བ་རྒྱུན་ཆད་མེད། །སྤྲུལ་སྒྱུར་ནུས་པའི་རྣལ་འབྱོར་པ། །ཀརྨ་ལྷག་མཐོང་༴ འབྱུང་བཞིའི་གནོད་པས་མི་བརྫི་ཞིང་། །ཡི་དམ་ལྷ་ཞལ་གྲངས་མེད་གཟིགས། །སྣང་སེམས་རང་དབང་སྒྱུར་བའི་རྗེ། །ཀརྨ་གཞན་ཕན་ཞབས་ལ་འདུད།། ༈ །།རྡོ་རྗེ་འཆང་དང་བདག་མེད་མ། །བི།།།སུ་ཁ་སིདྡྷིའི་ཞབས། །ནི་གུ་མ་དང་རྡོར་གདན་པ། །རཱ་ཧུ་ལ་ཡི༴ མཁས་གྲུབ་ཆེན་པོ་བརྒྱ་ལྔ་བཅུ། །ཁྱུང་པོ་རྣལ་འབྱོར་རྨོག་ལྕོགས་པ། །དབོན་སྟོན་གཉན་སྟོན་འགྲོ་བའི་མགོན། །གཙང་མ་ཤངས་སྟོན༴ འཇིག་རྟེན་གསུམ་པོ་སྙན་པས་ཁྱབ། །འཇིག་རྟེན་སྐྱོང་བས་ཞབས་ལ་བཏུད། །འཇིག་རྟེན་མགོན་པོ་གཉགས་སྟོན་ཆེ། །རྒྱལ་མཚན་དཔལ་བཟང་༴ འཕྲུལ་དང་མངོན་པར་ཤེས་ལ་སོགས། །ལམ་གྱི་ཡོན་ཏན་མཐར་ཕྱིན་ཀྱང་། །སྦས་པའི་བརྟུལ་ཞུགས་ལྷུར་བཞེས་པ། །རྡོ་རྗེ་གཞོན་ནུའི༴ སྲིད་པའི་འཆིང་བ་རབ་ཏུ་བཅད། །སྤངས་རྟོགས་ཡོན་ཏན་བསམ་མི་ཁྱབ། །དཔེ་བྲལ་ནམ་མཁའི་རྣལ་འབྱོར་པ། །ནམ་མཁའ་རྒྱལ་མཚན༴ ཚོགས་


LT29_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྒྱ་མཚོའི་ཕ་མཐར་སོན། །སྟོང་ཉིད་སྙིང་རྗེ་རྩོལ་མེད་མངའ། །འགྲོ་བའི་འདྲེན་པ་བྱང་ཆུབ་སེམས། །སྦྱིན་པ་བཟང་པོའི༴ དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །ཚེ་དབང་མངའ་བརྙེས་ལྕགས་ཟམ་པ། །ཐང་སྟོང་རྒྱལ་པོའི༴ ཡིད་བཞིན་ནོར་བུ་ཇི་བཞིན་ཏུ། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ། །དཔལ་ལྡན་ཤངས་པའི་བཀའ་སྲོལ་འཛིན། །བརྒྱུད་པའི་བླ་མའི༴ ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག །མཁས་དང་གྲུབ་པ་ཡོངས་ཀྱི་གཙུག །འཕགས་པའི་ས་ལ་རབ་བཞུགས་པ། །མཁྱེན་བརྩེའི་དབང་པོའི༴ ཤངས་པའི་ཐུགས་སྲས་ཆེན་པོ་དྲུག །མཁས་གྲུབ་རྣམ་གསུམ་ལ་སོགས་པའི། །གང་ནས་སློབ་བརྒྱུད་ལས་བྱོན་པའི། །སྐྱེས་མཆོག་ཀུན་གྱི༴ འཇིགས་བྲལ་ཆེན་པོ་ཡབ་སྲས་སོགས། །ནི་དྷི་གཉིས་ཀྱིས་རྗེས་བཟུང་ཞིང་། །ཟབ་མོའི་གདམས་པ་སྤེལ་མཛད་པའི། །གྲུབ་མཆོག་རྣམས་ཀྱི༴ དགྱེས་པ་རྡོ་རྗེ་གསང་བ་འདུས། །སྒྱུ་འཕྲུལ་ཆེན་པོ་འཁོར་ལོ་སྡོམ། །འཇིགས་མཛད་རྡོ་རྗེའི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །སངས་རྒྱས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་མཁའ་འགྲོ་མ། །མྱུར་མཛད་ཡེ་ཤེས་མགོན་པོ་དང་། །དབྱེར་མེད་བླ་མའི༴ དཀོན་མཆོག་གསུམ་དང་རྩ་བ་གསུམ། །མ་ལུས་གཅིག་ཏུ་འདུས་པའི་དངོས། །གཅིག་ཆོག་རྒྱལ་པོ་སྐྱབས་ཀྱི་ཕུལ། །དཔལ་ལྡན་


LT29_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི༴ དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད། །སྙིགས་དུས་སློབ་དཔོན་གཟུགས་སུ་འཕྲུལ། །བསམ་མི་ཁྱབ་པའི་མཛད་པ་ཅན། །དཔལ་ལྡན་བླ་མའི༴ ཁམས་དབང་མོས་པའི་བྱེ་བྲག་ལྟེར། །གསང་གསུམ་རྣམ་ཐར་སྣ་ཚོགས་སྟོན། །ཐབས་མཁས་ཐུགས་རྗེ་ཆེ་མངའ་བའི། །དཔལ་ལྡན་བླ་མའི༴ ཉེས་པའི་སྐྱོན་རྣམས་རབ་ཏུ་ཟད། །ལེགས་པའི་ཡོན་ཏན་མ་ལུས་རྫོགས། །རྒྱལ་བ་སྲས་བཅས་སྐྱེད་མཛད་པ། །དཔལ་ལྡན༴ མཚན་ཙམ་ཐོས་པས་ངན་འགྲོ་སྒྲོལ། །གསོལ་བ་བཏབ་པས་བྱིན་རླབས་སྩོལ། །གུས་པས་བསྟེན་ན་འདོད་རྒུ་འབྱུང་། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །རྩ་བརྒྱུད་བླ་མ་རིན་པོ་ཆེ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །བདག་སོགས་མཁའ་མཉམ་སེམས་ཅན་གྱིས། །རྡུལ་སྙེད་ལུས་དང་བསྟོད་པའི་ངག །ཡིད་ནི་རྩེ་གཅིག་གུས་བཏུད་དེ། །ཕྱག་འོས་ཁྱོད་ལ་ཕྱག་བགྱིའོ། །ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན། །སྒོ་གསུམ་དགེ་རྩ་དང་བཅས་པ། །ནམ་མཁའ་ལྟ་བུའི་བློས་བཟུང་སྟེ། །མཆོད་འོས་རྣམས་ལ་རྟག་ཏུ་མཆོད། །ཐོག་མེད་སྒྲིབ་པ་ཆེན་པོ་དང་། །བཅས་པའི་ཁ་ན་མ་ཐོ་སོགས། །ནོངས་པ་སྙིང་ནས་འགྱོད་བཤགས་ན། །འགྲོ་བའི་མགོན་པོས་ཚངས་པར་སྩོལ། །སྐྱེས་མཆོག་རྣམས་ཀྱི་རྣམ་པར་ཐར། །ངོ་མཚར་བླ་ན་མེད་པ་དང་། །


LT29_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་ལེགས་སྤྱད་ཅི་མཆིས་ལ། །དགའ་ཞིང་གུས་པས་ཡི་རང་ངོ། །རིགས་དང་མཐུན་པའི་ཆོས་སྒོ་དང་། །ཁྱད་པར་སྲས་བཅས་རྒྱལ་བ་ཀུན། །བགྲོད་པ་གཅིག་པའི་འཁོར་ལོ་ཡིས། །འཁོར་འདོད་ནས་སྤྲུག་པར་གསོལ། །ཆོས་སྐུ་རྒྱུན་གྱིས་རྟག་པའི་ཕྱིར། །གཟུགས་སྐུ་འཆར་ནུབ་མི་སྟོན་པར། །མངོན་སུམ་དབང་པོའི་སྤྱོད་ཡུལ་དུ། །རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །བསོད་ནམས་འདི་དང་འགྲོ་ཀུན་གྱི། །དགེ་རྩ་ཐུན་མོང་ཉིད་བྱས་ཏེ། །བླ་མའི་གསང་གསུམ་མཛད་པར་བཅས། །ཚེ་གཅིག་ཁོ་ནས་འགྲུབ་ཕྱིར་བསྔོ། །ཆོས་ཀྱི་རྒྱལ་པོ་སྲས་བཅས་ཀྱི། །ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་སྟེ། །ལམ་གྱི་མངོན་རྟོགས་མཐར་ཕྱིན་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །བླ་མ་ལས་གཞན་རྒྱལ་མེད་པས། །ནམ་ཡང་མི་མཉེས་མ་གྱུར་ཅིང་། །སྒོ་གསུམ་ཞབས་ཏོག་དགུ་ཕྲུག་གིས། །མཉེས་པ་ཁོ་ན་སྒྲུབ་ནུས་ཤོག །རྟག་ཏུ་དགྱེས་པས་བྱིན་རློབས་ཤིང་། །ཐུགས་ཡིད་དབྱེར་མེད་འདྲེས་ནས་སུ། །སྤངས་རྟོགས་བུམ་པ་གང་བྱོ་བཞིན། །བདག་གི་རྒྱུད་ལ་འཕོ་བར་ཤོག །རྣམ་ཐར་ཇི་བཞིན་རྟོགས་པ་དང་། །གསུང་གི་གསང་བ་མ་ལུས་པ། །སྩལ་ནས་ལེགས་པར་འཛིན་ནུས་ཤིང་། །ངར་རྒྱས་བྱེད་པའི་སྐལ་ལྡན་ཤོག །རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ། །བླ་མས་རྗེས་བཟུང་དམ་ཚིག་འཆང་། །རྡོ་རྗེ་དྲིལ་བུ་མི་འབྲལ་བར། །


LT29_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཡངས་པའི་གར་བྱེད་ཤོག །རྡོ་རྗེའི་གསང་བ་འཛིན་པ་དང་། །བླང་དོར་བྲལ་བའི་དོན་རྟོགས་ནས། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་ཡིས། །འཇིག་རྟེན་སྒྲོན་མེ་གཅིག་གྱུར་ཤོག །གཞན་ཡང་དཔལ་དང་དབང་ཕྱུག་དང་། །ནད་མེད་པ་དང་རྡོ་རྗེའི་ཚེ། །ཆོས་མཐུན་འབྱོར་པ་རབ་རྒྱས་ཤིང་། །བསྟན་པ་ཕྱོགས་བརྒྱར་སྤེལ་བྱེད་ཤོག །ཚེ་འདིར་མཆོག་དངོས་མ་གྲུབ་ན། །འཕོས་མ་ཐག་ཏུ་བདེ་བ་ཅན། །ཁྱུང་པོ་ཡབ་སྲས་ཞབས་དྲུང་དུ། །སྐད་ཅིག་ཙམ་གྱིས་སྐྱེ་བར་ཤོག །བཟང་ངན་བར་མའི་འབྲེལ་ཐོགས་ཀུན། །སྒྲིབ་པ་གཉིས་པོ་རབ་བསལ་ནས། །སྣང་བ་མཐའ་ཡས་ཞིང་ཁམས་དེར། །སྤྲུལ་པ་དུ་མས་འདྲེན་ནུས་ཤོག །རྩ་བརྒྱུད་བླ་མའི་རྣམ་པར་ཐར། །མ་ལུས་བདག་གིས་མྱུར་འགྲུབ་སྟེ། །སྲིད་པའི་མཚོ་ལས་འགྲོ་སྒྲོལ་བའི། །དེད་དཔོན་ཁྱོད་དང་མཚུངས་པར་ཤོག །ཟབ་མོ་བླ་མའི་རིམ་པ་ཡིས། །ཚེ་གཅིག་སངས་རྒྱས་སར་སྦྱོར་བ། །རྡོ་རྗེ་འཆང་གིས་རབ་གསུངས་པའི། །བདེན་པས་སྨོན་ལམ་ཀུན་འགྲུབ་ཤོག །གཞན་ཡང་རྒྱུན་བཤགས། །ཡན་ལག་བདུན་པའི་རིགས་ཇི་ལྟར་ནུས་པ་སྐབས་འདིར་བརྗོད། ཚོགས་འཁོར་བྱ་བར་སྤྲོ་ན་རྗེ་བཙུན་གྲོལ་མཆོག་གིས་མཛད་པའི་བདེ་མཆོག་ལྷ་ལྔའི་ཚོགས་མཆོད་གསུང་རྒྱུན་མ་ལྟར་བྱ་བ་ལས། བྱིན་རླབས་འབེབས་པའི་ཐོག་མར། ཨོཾ། །ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་ནིང་། །འཁོར་འདས་ཀུན་གྱི་སྙིང་པོ་ནས། །རིགས་རྣམས་ཀུན་གྱི་ཁྱབ་བདག་ལ། །དཔལ་ལྡན་བླ་མ་ཞེས་སུ་


LT29_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཟག་མེད་བདེ་བ་སྦྱིན་པའི་གནས། །ཙནྡན་སྨན་གྱི་ནགས་ཚལ་དུ། །རྒྱལ་ཡུམ་རྡོ་རྗེ་བདག་མེད་ལ། །སུ་ཁ་སིདྡྷི་ཞེས་སུ་གྲགས། །གདན་གསུམ་ཚང་བའི་འཁོར་ལོས་བསྐོར། །ཁྱེད་ཀྱི་རྗེས་སུ༴ བྱིན་གྱིས་བརླབ་ཕྱིར༴ ཞེས་སྦྱར། །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གཏོར་ཆོག་བསྡུས་པ་ལྟར་གཏོར་མ་འབུལ་ཞིང་། །འགྲུབ་ན་མཁའ་འགྲོ་སྡེ་ལྔ་ལའང་ཚོགས་གཏོར་ཟུར་དུ་འབུལ་ལོ། །ཚོགས་ལྷག་མ་བཅས་ཟིན་ནས། དམངས་རིགས་ཉིས་སྟོང་བྲམ་ཟེ་གཅིག་དང་མཉམ། །དེ་བཞིན་བྲམ་ཟེ་དགེ་སློང་རྡུལ་མེད་དང་། །ཡེ་ཤེས་ལྡན་རྣམས་སྟོང་ཕྲག་གཉིས་གཉིས་སུ། །བསྒྲེས་པའང་སློབ་དཔོན་གཅིག་དང་ཞིང་མཉམ་པར། །གསུངས་ཕྱིར་མགོན་པོ་རྡོ་རྗེ་སློབ་དཔོན་ཁྱོད། །ཞིང་གི་རབ་མཆོག་ཕུལ་དུ་དབྱུང་མེད་པས། །རྒྱལ་ཁྱོད་མཉེས་པར་བྱས་ན་ཀུན་མཁྱེན་མཆོག །ཡེ་ཤེས་བླ་མེད་ཐོབ་པར་ཡང་ཡང་གསུང་། །སློབ་དཔོན་རྡོ་རྗེ་སེམས་དཔའ་མཆོད་པ་དེས། །བསོད་ནམས་ཀུན་བྱས་དཀའ་ཐུབ་ཐམས་ཅད་བསྟེན། །སྡིག་འཇོམས་སྡུག་བསྔལ་ཞི་མཛད་སྲིད་པ་ཡི། །རྒྱ་མཚོའི་འཇིངས་ལས་སྒྲོལ་མཛད་ལ་ཕྱག་འཚལ། །ཁྱོད་ལ་རྗེས་མཐུན་གུས་པས་ཡོན་ཕུལ་ན། །རིམས་སོགས་གནོད་པ་མི་འབྱུང་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་ལ་ཕུལ་བར་འགྱུར་བས་ན། །དངོས་གྲུབ་མཆོག་ནི་ངེས་པར་ཐོབ་


LT29_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས། །བདག་གི་དུས་གསུམ་དགེ་བ་ལུས་ལོངས་སྤྱོད། །ཡོངས་སུ་གཟུང་བ་མེད་པའི་མཆོད་རྫས་དང་། །སྨོན་ལམ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་བསྒྲུབ་ཕྱི་ནང་གསང་བའི་མཆོད་པ་འབུལ། །ཁྱོད་ལ་བརྙས་པར་བྱེད་པ་ཀུན། །རྒྱལ་པོ་མེ་དང་དུག་དང་རིམས། །ལོག་འདྲེན་རྣམས་ཀྱིས་བསད་ནས་ཀྱང་། །རྟག་ཏུ་དམྱལ་བར་འཚེད་པར་གསུངས། །ཁྱོད་ལ་བརྙས་ཤིང་སྨད་ན་ནི། །སངས་རྒྱས་ཀུན་ལ་བརྙས་ཤིང་སྨད། །གཟིམས་ཆ་སྟན་དང་ལྷྭམ་དང་གདུགས། །འགོམ་ཤིང་ཅོ་འདྲི་བྱེད་པ་ནི། །དོན་རིང་དཔལ་ཉམས་ནད་ཀྱིས་ཐེབས། །སྐུ་ཡི་གྲིབ་མ་ལ་འགོང་པ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །དེ་འདྲ་བགྱིས་གང་སོ་སོར་བཤགས། །སྙིང་ནས་སློབ་དཔོན་སྨོད་པ་ནི། །རྨི་ལམ་དུ་ཡང་འགྲུབ་མི་འགྱུར། །སློབ་དཔོན་ཡོན་ཏན་བཟུང་བྱ་ཡི། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་ན་དངོས་གྲུབ་སྟེ། །སྐྱོན་བརྗོད་པ་ལས་དངོས་གྲུབ་ཉམས། །བདག་གི་སྒོ་གསུམ་བག་མེད་པས། །ཉེས་པར་བགྱིས་ཀུན་མཐོལ་ལོ་བཤགས། །ཁྱེད་ཀྱི་བ་སྤུ་ཉག་རེ་ཡི། །བསོད་ནམས་ལ་ཡང་དུས་གསུམ་གྱི། །རྒྱལ་བའི་ཕྲིན་ལས་ཐམས་ཅད་ཀྱི། །ཆར་ཡང་བསྐྲུན་པར་མི་ནུས་པས། །ཉིད་དང་ཉིད་ཀྱི་རྗེས་བཟུང་དང་། །ཉིད་ལ་མཆོད་དང་ཕྱག་འཚལ་སོགས། །བསོད་ནམས་མི་ཟད་བྱེད་པ་ལ། །ལྷག་པར་དང་བས་ཡི་རང་ངོ། །བསྐལ་པ་


LT29_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བར་མདོ་རྒྱུད་ལ། །ཐོས་བསམ་སྒོམ་པར་རབ་སྦྱངས་ཀྱང་། །བླ་མའི་མན་ངག་མེད་པ་ཡིས། །བྱིན་རླབས་རིམ་པ་མི་རྙེད་གསུངས། །བླ་མའི་ལུང་ཐོབ་དངོས་གྲུབ་མཆོག །འབད་མེད་ཐོབ་པར་འགྱུར་བས་ན། །བདག་སོགས་འཆིང་བ་ལས་གྲོལ་ཕྱིར། །ཟབ་མོའི་འཁོར་ལོ་བསྐོར་བར་བསྐུལ། །འོད་གསལ་ལྷན་སྐྱེས་བདེ་བ་ཆེ། །ཐམས་ཅད་སྟོང་པ་བླ་མ་ཡི། །དྲིན་གྱིས་གསལ་བར་འགྱུར་བས་ན། །བདག་བྱིན་རླབས་པ་མ་རྙེད་ན། །ངལ་བ་འབྲས་མེད་དེ་བཞིན་དུ། །བླ་མས་འཕོངས་པ་སྔགས་དང་ནི། །ཕྱག་རྒྱ་རྙེད་པར་མི་འགྱུར་བས། །མྱ་ངན་མི་འདའ་བདག་གསོལ་འདེབས། །མཐོ་རིས་གནས་སུ་ལྷ་ཡི་དབང་། །ས་སྟེང་འཁོར་ལོ་སྒྱུར་བ་ཉིད། །ས་འོག་གདེངས་ཅན་བདག་པོའི་ཚུལ། །ཨོཾ་ཡིག་གཙང་མ་རིག་བྱེད་མཆོག །འགྲོ་བའི་བླ་མ་ཕ་མ་གཉེན། །གྲོགས་དང་མགོན་དང་བྱེད་པོ་དང་། །སྐྱོན་འཇོམས་ཡོན་ཏན་ཀུན་གྱི་གནས། །རྡོ་རྗེའི་རྣལ་འབྱོར་ཅན་ལ་འདུད། །ཀུན་འགྲོའི་ཡེ་ཤེས་བརྟན་གཡོ་ཅན། །འགྲོ་འོང་མེད་པར་ཁྱབ་མཛད་པ། །སྐྱེས་བུ་ཁྱུ་མཆོག་ཐུབ་དབང་པོ། །དབུལ་དང་མགོན་མེད་ཐམས་ཅད་ཀྱི། །སྐྱོབ་པ་ཡིད་བཞིན་ནོར་བུ་ལ། །མི་ཟད་འཁོར་བས་འཇིགས་པ་བདག །འདི་ཕྱི་ཀུན་ཏུ་སྙིང་ཐག་པས། །སྒོ་གསུམ་དད་པས་ཁྱོད་བསྟེན་ནོ། །རྡོ་རྗེའི་རིགས་ལ་སློབ་དཔོན་བཟུང་བ་ནི། །དམ་ཚིག་ཀུན་གྱི་རྩ་བར་ཡང་ཡང་གསུངས། །མྱོས་བྱེད་དམན་པའི་མཆོད་


LT29_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱིན་སྲེག་ནི། །མར་དང་བྲལ་ན་འབྲས་མེད་རིགས་ཀྱི་ཆོས། །བཏང་བས་མི་རིགས་དོན་མེད་དེ་ལྟ་བུར། །སློབ་དཔོན་དང་བྲལ་ཆོས་ཀྱང་དོན་མི་འགྲུབ། །དེ་ཕྱིར་དམ་ཚིག་ཀུན་ལས་ཁྱད་པར་དུ། །སློབ་དཔོན་དམ་ཚིག་འབད་ནས་བཟུང་བར་བགྱི། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབ་པར་ཤོག །ཁྱོད་ཉིད་གང་ལ་མཉེས་པ་དེ་སྒྲུབ་ནས། །མི་མཉེས་བྱེད་པ་ཐམས་ཅད་སྤང་བར་ཤོག །ཁྱོད་ཉིད་དགྱེས་པར་གྱུར་ན་བདག་ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱོད་མི་མཉས་ན་ཚེ་འདི་ལ། །བྱང་ཆུབ་ཐོབ་བྱང་དོན་མཆོག་འགའ་མ་མཆིས། །བདག་གཞན་དུས་གསུམ་དགེ་བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་དམ་པ་མངོན་འགྱུར་ཞིང་། །རྟག་ཏུ་བླ་མ་མཉེས་ཤིང་མཆོད་བྱེད་ཤོག །བདག་ཅག་འཁོར་བའི་བཙོན་རར་ཆུད་རྣམས་ལ། །འདྲེན་པ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །མོས་གུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །ཐུགས་རྗེས་གཡེལ་བ་མེད་པར་གཟིགས་སུ་གསོལ། །རྡོ་རྗེ་སློབ་དཔོན་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་སྒྲུབ་པ་དང་། །གསུང་ངག་དབྱེར་མེད་རྡོ་རྗེའི་གསུང་ཐོབ་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང་། །ཐུགས་ཡིད་དབྱེར་


LT29_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདྲེས་པར་བྱིན་གྱིས་རློབས། །བདེ་སྟོང་ཟུང་འཇུག་སྟོང་ཉིད་སྙིང་རྗེའི་ངང་། །ཐབས་ཤེས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་མཆོག །སྐྱེ་མེད་འོད་གསལ་མངོན་སུམ་མཐོང་ཞིང་རྟོགས། །རྡོ་རྗེ་འཆང་དངོས་ཁྱོད་དང་མཚུངས་པར་ཤོག །བླ་མ་སངས་རྒྱས་དངོས་སུ་མཐོང་བ་དང་། །ཞི་ལྷག་དབྱེར་མེད་ཏིང་འཛིན་རབ་འབྱམས་ཅན། །སྒོ་གསུམ་སྤྱོད་པ་རྣམ་དག་དྲི་མེད་ཀྱིས། །གཟུང་འཛིན་འཁོར་བའི་གནས་ལས་གྲོལ་བར་ཤོག །བསམ་ཡས་བརྗོད་བྲལ་རླབས་ཆེན་ཐབས་མཆོག་དཔག་མེད་པས། །ད་ལྟ་ཉིད་དུ་མཆོག་གི་དངོས་གྲུབ་སྐུ་བཞིའི་བདག །ནམ་མཁའི་མཐར་ཐུག་འགྲོ་རྣམས་ཐེག་མཆོག་ལ་བཀོད་ནས། །མྱུར་དུ་ཕན་བདེས་ཞིང་ཀུན་ཁྱབ་པར་བྱིན་གྱིས་རློབས། །ཞེས་སླར་ཡང་ཡན་ལག་བདུན་པའི་སྒོ་ནས་འདོད་པའི་དོན་ལ་གསོལ་བ་ནན་ཏུ་གདབ་ནས། གཞན་ཡང་། ཡིད་ལ་འདོད་རྒུ་འབྱུང་བའི་རིན་པོ་ཆེ། །མགོན་པོ་ཁྱོད་ལ་ཞུ་ཞིང་གསོལ་བ་ནི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ཆོས། །ཐོས་བསམ་སྒྲུབ་པས་རྒྱས་པར་མཛད་དུ་གསོལ། །ཐར་པའི་དེད་དཔོན་བསྟན་འཛིན་བཤེས་གཉེན་རྣམས། །སྐུ་ལ་སྙུན་མེད་ཕྲིན་ལས་རབ་རྒྱས་པས། །རྟག་ཏུ་སྡུག་བསྔལ་གྱུར་པའི་འགྲོ་བ་རྣམས། །ཐར་པའི་བདེ་ལ་འགོད་པར་མཛད་དུ་གསོལ། །དམ་ཆོས་སྒྲུབ་ལ་བརྩོན་པ་ཐམས་ཅད་ཀྱིས། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །སྤངས་རྟོགས་མཐར་སོན་བླ་


LT29_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ས་ཐོབ་སྟེ། །གཞན་ཕན་ཚད་མེད་འགྲུབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུའང་། །བླ་མ་མཆོག་གིས་རྟག་ཏུ་རྗེས་འཛིན་ཅིང་། །ལུས་དང་ལོངས་སྤྱོད་དགེ་བས་མཉེས་བྱས་ཏེ། །བརྩེ་བས་བྱིན་རླབས་འཇུག་པར་མཛད་དུ་གསོལ། །དབང་བཞི་ལེན་པ་ནི། གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །བླ་མའི་སྐུར་ཐིམ་གནས་གསུམ་འབྲུ་གསུམ་གསལ། །བླ་མ་ཡེ་ཤེས་མཁའ་འགྲོའི་དཔྲལ་བ་ནས། །འོད་ཟེར་དཀར་པོ་བདག་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག །སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། །བླ་མ་ཡེ་ཤེས་མཁའ་འགྲོའི་མགྲིན་པ་ནས། །འོད་ཟེར་དམར་པོ་བདག་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། །བླ་མ་ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་ནས། །འོད་ཟེར་སྔོན་པོ་བདག་གི་སྙིང་གར་ཐིམ། །ཤེར་ཡེའི་དབང་ཐོབ་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། །སླར་ཡང་གནས་གསུམ་འོད་ཟེར་དཀར་དམར་མཐིང་། །གཅིག་ཆར་འཕྲོས་ནས་བདག་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒོ་གསུམ་བག་ཆགས་སྦྱངས། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་གྱུར། །སྐྱེ་མེད་ཕྱག་རྒྱ་ཆེད་དུ་ཕྱར་མཛད་ནས། །དགྱེས་པས་དགོངས་ཏེ་ངོ་སྤྲོད་སྩལ་བར་གྱུར། །


LT29_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་རིས་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །ཅེས་གསུངས་མཁའ་དང་རང་སེམས་དབྱེར་མེད་འདྲེས། །ནམ་མཁའ་བཞིན་ཏུ་རང་སེམས་སྐྱེ་འཇིགས་དང་། །མཐའ་དབུས་ངོས་བཟུང་བྲལ་བའི་རང་བབ་ཀློང་། །བསམ་མེད་ངང་དུ་ཅུང་ཟད་ཀློད་དེ་བཞག །མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པའི་ངང་དུ་བཏང་། །དཔལ་ལྡན་བླ་མའི་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་སྒྲུབ་པ་དང་། །གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང་། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བླ་མ་དགྱེས་པའི་བྱ་བ་ཀུན་བསྒྲུབས་ནས། །མཛད་པ་ཕྲིན་ལས་མཚུངས་པར་བྱིན་གྱིས་རློབས། །མགོ་བོར་བླ་མའི་ཅོད་པན་འཆང་། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །ནོངས་པ་བཤགས་པ་ནི། ཡིག་བརྒྱ་བརྗོད་ལ། བདག་ནི་མི་ཤེས་བག་མེད་དབང་གྱུར་པས། །མ་རིག་ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱོད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། བསྡུ་རིམ་ནི། །སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང་། །གཟུགས་སྐུ་


LT29_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལུས་ལ་རབ་བསྐྱོད་ནས། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་དགྱེས་པ་ཆེན་པོས་འོད་ཟེར་གྱི་གོང་བུར་ཞུ་སྟེ་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར། ཅེས་བཟོ་མེད་ངང་དུ་ཡུན་རིང་མཉམ་པར་བཞག་ལ། ཤེས་ཤིང་སྤྲོ་ན་སྨོན་ལམ་བཀའ་རྒྱ་མ་སོགས་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ལྟར་རིགས་པ་གདབ་བོ། །དེ་ནས་ཤིས་པ་བརྗོད་པ་ནི། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམས་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་ཏུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི༴ དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་དང་། བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བསྟེན་ཞིང་མཆོད་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་


LT29_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །རྗེས་མཆོད་པའི་རས་མ་ཇི་ལྟར་མཆིས་པ་དག་ཀྱང་འབགས་བཙོག་དང་བག་མེད་སྤྱོད་པའི་གནས་སུ་འདོར་བར་མི་བྱའོ། །ཡེ་ཤེས་མཁའ་འགྲོ་གཙོར་གྱུར་པའི། །ཤངས་ལུགས་བླ་མ་མཆོད་པའི་ཐབས། །བྲིས་ལས་བསོད་ནམས་གང་ཐོབ་པས། །འགྲོ་ཀུན་བླ་མ་མཆོག་འགྲུབ་ཤོག །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི། །བསམ་གྱིས་མི་ཁྱབ་རྣམ་ཐར་ཚོགས། །དེ་དག་བདག་གིས་མྱུར་འགྲུབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་གྱུར་ཤོག །འདི་ལ་འབྲེལ་པ་ཐོགས་ཚད་ཀྱང་། །གྲུབ་ཆེན་ཁྱུང་པོ་ཡབ་སྲས་ཀྱིས། །བདེ་བ་ཅན་དུ་ལེགས་དྲངས་ནས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཤོག །ཅེས་པ་འདིའང་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེས་སུ་གནང་བ་དང་། རང་ཉིད་ཀྱི་མོས་པ་ཆེན་པོའི་བློས་མཚམས་སྦྱར་ཏེ། བརྒྱུད་པ་འདི་ཉིད་ལ་མི་ཕྱེད་པའི་བག་ཆགས་ལྷན་སྐྱེས་


LT29_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མངའ་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་རྗེ་བཙུན་རིན་པོ་ཆེའི་གསུང་རབ་བྱིན་རླབས་ཀྱི་ཁྱད་པར་དུ་གཞིར་བཞག །ཁ་འགེངས་འོས་པ་རྣམས་གསར་དུ་སྦྱར་ཏེ་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་སུ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་བྱང་ཆུབ་སྒྲུབ་པའི་འགྲུབ་སྦྱོར་དང་ལྡན་པའི་དཀར་ཕྱོགས་ཀྱི་ཚེས་ཤིན་ཏུ་དགེ་བར་ཐུན་ཁོངས་གཅིག་ཏུ་སུག་བྲིས་སུ་བགྱིས་པ་འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ས་ཆེན་ཡོངས་སུ་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ།


LT29_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ་ཞེས་བྱ་བ་བཞུགས་སོ།། །།


LT29_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། གྲངས་མེད་སངས་རྒྱས་ཞིང་གི་བཀོད་པ་ཡིས། །རབ་མཛེས་བདེ་ལྡན་འདྲེན་པ་འོད་དཔག་མེད། །པདྨའི་སྣང་བ་རབ་རྒྱས་བཅོམ་ལྡན་འདས། །ཚེ་དང་ཡེ་ཤེས་ཤིན་ཏུ་རྣམ་ངེས་པ། །ཀུན་ནས་སྣང་བ་མཐའ་ཡས་གཟི་བརྗིད་རྒྱལ། །མཚན་དཔེ་རྡོ་རྗེའི་སྟོབས་མཆོག་སྐུ་ཡི་འོད། །ཚངས་དབྱངས་ཡན་ལག་དྲུག་ཅུ་གསུང་གི་འོད། །སྟོབས་དང་དབང་བཅུ་མི་འཇིགས་མ་འདྲེས་ཆོས། །དཔག་མེད་ཐུགས་ཀྱི་འོད་མངའ་ཐམས་ཅད་མཁྱེན། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །མཐའ་ཡས་སྨོན་ལམ་གྲུབ་པའི་མཐར་སོན་པ། །ཕྱོགས་དུས་རྒྱལ་བ་ཀུན་གྱིས་བསྔགས་པ་དེར། །རེས་མ་ནོར་རྩེ་གཅིག་སྐྱབས་ལགས་ན། །དྲན་དང་མོས་པས་སྡིག་ལྟུང་ཀུན་ཟད་ནས། །ཚེ་བསོད་དཔལ་རྒྱས་བྱང་ཆུབ་སྙིང་པོའི་བར། །ཕྱིར་མི་ལྡོག་པའི་ཐུགས་དམ་མ་བསྙེལ་བར། །སྲིད་མཚོར་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ལ། །ཡེ་ཤེས་འདོད་དགུ་འཇོ་བའི་འོད་ཟེར་གྱིས། །འདི་གཏན་བདེ་བ་མཆོག་ཐུན་དངོས་གྲུབ་སྩོལ། །འཆི་མེད་ཚེ་དང་ཡེ་ཤེས་དབང་ཆེན་སྐུར། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །ནུབ་ཕྱོགས་བདེ་བ་ཅན་ཏུ་ལམ་སྣ་དྲོངས། །རིང་མིན་བྱང་ཆུབ་སྙིང་པོར་ལུང་བསྟན་སྩོལ། །སྐུ་དང་ཞིང་ཁམས་རྒྱ་མཚོ་སྤྲོ་བསྡུའི་གཞི། །རྣམ་སྣང་ནམ་མཁའ་


LT29_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་གངས་ཆེན་མཚོ། །རྒྱལ་ཀུན་གསུང་གི་དབང་ཕྱུག་ཨ་རོ་ལིཀྲ། །རྩ་གསུམ་རབ་འབྱམས་དཀྱིལ་འཁོར་འཁོར་ལོ་ཀུན། །གཅིག་བསྡུས་རྒྱལ་བ་རྒྱ་མཚོ་པདྨའི་མགོན། །སེང་གེ་སྒྲ་སོགས་ཕྱོགས་བཅུའི་འདྲེན་པ་བཅུ། །མཁའ་ལ་སྤྱོད་སོགས་གང་འདུལ་བྱེ་བའི་གར། །འཇིག་རྟེན་དབང་པོ་ཀུན་གྱི་དབང་ཕྱུག་ཆེ། །འགྲོ་དྲུག་ཡོངས་ལ་རྟག་ཏུ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འཁོར་བ་དོང་ནས་སྤྲུགས། །གང་གིས་མོས་སམ་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་ལ་སོགས་ལས་ཀྱི་སྒྲིབ་པ་འདག །མཚན་ཙམ་ཐོས་པས་སྡུག་བསྔལ་ཐམས་ཅད་འགག །གང་གསུང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཐེང་གཅིག་བརྗོད་པས་སྡིག་ལྟུང་ཕྱག་མས་འདེད། །ཕན་ཡོན་དུས་གསུམ་རྒྱལ་བས་བརྗོད་མི་ལོངས། །བདག་གི་ཡི་དམ་ལྷ་མཆོག་བཅོམ་ལྡན་འདས། །ཐུགས་རྗེའི་གཏེར་མངའ་འཕགས་མཆོག་ཐུགས་རྗེ་ཅན། །ཁྱེད་མཁྱེན་ཁྱོད་ལས་སྐྱབས་གཞན་བདག་ལ་མེད། །འཇིགས་བཅས་ཁ་དབྲག་ལམ་དུ་བོར་འདྲ་བདག །ཅི་མཛད་རེ་ལྟོས་སྤྱན་རས་གཟིགས་ལ་བཅའ། །ཐུགས་བསྐྱེད་ཐུགས་རྗེ་ཆེ་ཆུང་ད་རེས་ཤེས། །ཚད་མེད་སྙིང་རྗེ་རྒྱས་པའི་ཕྱག་རྐྱོངས་ལ། །སྡུག་བསྔལ་མེ་ཡི་འོབས་ལས་དབུགས་ཕྱུང་ཞིག །ལུས་ཀྱི་ནད་གདོན་ཞི་ནས་གཟི་བརྗིད་རྒྱས། །ངག་ལ་ནུས་པ་ཐོབ་ནས་བདེན་ཚིག་འགྲུབ། །ཡིད་ཀྱི་ཉོན་


LT29_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཀུན་ཞི་ཉམས་རྟོགས་འཕེལ། །སྒོ་གསུམ་སྡིག་སྒྲིབ་ཀུན་བྱང་ཚོགས་གཉིས་རྫོགས། །ཡོན་ཏན་གངྒཱའི་བྱེ་སྙེད་མྱུར་ཐོབ་ནས། །མཐོང་ཐོས་དྲན་རེག་གྲོལ་བ་བཞི་ལྡན་པ། །ཉིད་ཀྱི་གོ་འཕང་མཆོག་ཏུ་དབང་བསྐུར་ཞིག །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །གསང་གསུམ་བྱིན་རླབས་ནུས་མཐུ་གཅིག་བསྡུས་པ། །སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་འཆང་། །མགོན་མེད་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །ཁྱད་པར་བོད་ཀྱི་སྐྱབས་གཅིག་ཨོ་རྒྱན་རྗེ། །གསུང་གི་རྡོ་རྗེ་པདྨ་ཐོད་ཕྲེང་རྩལ། །ཕྲིན་ལས་ཡོངས་སུ་རྫོགས་པས་སྐུ་ལྔའི་ཚུལ། །རིགས་དྲུག་འགྲོ་བ་འདུལ་མཛད་གུ་རུ་དྲུག །གདུལ་བྱ་གང་ལ་གང་འདུལ་མཚན་མཆོག་བརྒྱད། །འཕྲུལ་མཚན་བཞི་བཅུ་སྒྱུ་འཕྲུལ་དྲྭ་བའི་གར། །གསང་གསུམ་བསམ་མི་ཁྱབ་པའི་འདུལ་ཐབས་ཀྱིས། །འཁོར་བ་མ་སྟོང་བར་དུ་དོན་མཛད་པ། །འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུ། །མངོན་ཤེས་དྲུག་ཅུས་འགྲོ་ལ་བུ་ལྟར་གཟིགས། །རྫུ་འཕྲུལ་བྱིན་རླབས་ནམ་མཁའི་གློག་ལས་མྱུར། །མཐུ་སྟོབས་ནུས་པ་རྡོ་རྗེའི་མེ་ལས་དྲག །སྙིགས་མའི་དུས་སུ་ལྷག་པར་ཐུགས་རྗེ་ཆེ། །ཁྱོད་འདྲའི་རྒྱལ་བ་ཕྱོགས་དུས་གཞན་ན་མེད། །བཀའ་དྲིན་དྲན་ནོ་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་པདྨ་སཾ་བྷ་ཝ། །བྱིན་གྱིས་རློབས་ཤིག་མཚོ་སྐྱེས་རྡོ་རྗེ་འཆང་། །གུས་པས་བསྟེན་ནོ་རིགས་ཀྱི་བདག་པོ་མཛོད། །སྙིང་


LT29_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲན་ནོ་སྙིང་གི་དྭངས་མར་བཞུགས། །བྱེད་ལས་བསམ་རྒྱུ་མེད་དོ་ཐུགས་རྗེས་ཟུངས། །དམ་ཆོས་སྒྲུབ་པའི་བར་ཆད་བསལ་རེ་རན། །ཡེ་ཤེས་སྐུ་མཆོག་མིག་སྔར་སྟོན་རེ་རན། །བྱིན་རླབས་འཕོ་བའི་རྩལ་དབང་བསྐུར་རེ་རན། །སྨིན་གྲོལ་གདམས་པས་རྗེས་སུ་བཟུང་རེ་རན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་རེ་རན། །དག་པའི་འཁོར་ལ་བརྩེ་བས་ཞལ་བཞེས་པ། །དེང་སང་དགོས་པའི་དུས་ལ་བབ་ལགས་ན། །གཡར་དམ་མ་བསྙེལ་ལས་ངན་བདག་ལ་སོགས། །བོད་འབངས་སྐྱིད་སྡུག་ཡེ་ཤེས་སྤྱན་གྱིས་གཟིགས། །རྗེ་བཙུན་བཅོམ་ལྡན་འདས་མ་སྟོན་ཟླའི་མདངས། །དྲན་པས་སྡུག་བསྔལ་མུན་རུམ་བསལ་མཛད་མ། །ཟབ་ཞི་སྤྲོས་བྲལ་ཤེས་རབ་ཕ་རོལ་ཕྱིན། །སྲིད་ལས་རབ་འདས་མཁྱེན་པ་བསམ་མི་ཁྱབ། །རྒྱལ་ཀུན་སྙིང་རྗེ་གཟུགས་སུ་གྱུར་བས་ན། །ཞི་ལ་མི་གནས་བརྩེ་བ་བསམ་མི་ཁྱབ། །ཉོན་མོངས་བདུད་ལ་མྱུར་ཞིང་དཔའ་བ་ཡི། །བརྟུལ་ཞུགས་གར་མཛད་ནུས་པ་བསམ་མི་ཁྱབ། །རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ་གཅིག་མ། །ཡོན་ཏན་བརྗོད་ན་རྒྱལ་བའི་ལྗགས་ཀྱང་བརྟུལ། །མཚན་དང་རིག་སྔགས་སྐུ་ཡི་རྣམ་པ་ཙམ། །གང་གིས་དྲན་པས་ཕོངས་པ་ཀུན་སྐྱོབ་མ། །སྣ་ཚོགས་གཟུགས་ཀྱིས་སྣ་ཚོགས་འཇིག་རྟེན་ཀུན། །གསོ་བྱེད་ཚེ་རབས་ཀུན་ཏུ་བསྟེན་པའི་ལྷ། །འཕགས་མ་སྒྲོལ་མས་མྱུར་དུ་


LT29_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་གཟིགས། །བརྒྱད་དང་བཅུ་དྲུག་འཇིགས་ལས་བསྐྱབ་ཏུ་གསོལ། །སྡིག་ལྟུང་མི་དགེའི་ཉེས་པ་བསལ་དུ་གསོལ། །གསང་གསུམ་བྱིན་རླབས་མངོན་སུམ་བསྟན་ཏུ་གསོལ། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་བསྐྱེད་དུ་གསོལ། །མཁྱེན་བརྩེ་ཉི་ཟླའི་སྣང་བ་སྟོང་བཀྱེ་ནས། །བདག་གཅིག་ཇི་འདྲ་སེམས་ཅན་ཀུན་མཚུངས་པར། །མི་མཐུན་གཅོད་རོང་ཡ་ངར་མི་ལྟུང་ཞིང་། །ཐར་འདོད་བྱང་ཆུབ་སེམས་ཀྱི་ལམ་སྲང་ནས། །ཀུན་མཁྱེན་གྲོང་ཁྱེར་ཆེན་པོར་ཕྱིན་པར་མཛོད། །སྣང་བ་མཐའ་ཡས་རྡོ་རྗེའི་ཡེ་ཤེས་ནི། །གདུག་པའི་གཉེན་པོར་མེ་ལྟར་འབར་བའི་སྐུ། །སྙིང་རྗེ་ཁྲོས་པ་པདྨ་ཧེ་རུ་ཀ །གར་གྱི་དབང་ཕྱུག་ཁྲོ་རྒྱལ་ཡོངས་ཀྱི་རྗེ། །དབང་ཆེན་རོལ་པ་རྡོ་རྗེ་རྟ་ཡི་ཞལ། །རྟ་སྐད་ཐེང་གསུམ་འཁོར་འདས་སྲོག་རྩ་གཡོ། །གར་དགུའི་འགྱུར་བས་ས་ལམ་ཟིལ་གྱིས་གནོན། །ཧྲཱིཿཡི་ང་རོས་སྣང་སྲིད་དབང་དུ་མཛད། །དཔལ་གྱི་རྟ་བྲོས་བདུད་བཞི་ཟིལ་གྱིས་གནོན། །མཐུ་སྟོབས་རྩལ་གྱིས་སྲིད་གསུམ་ཐལ་བར་བརླག །ཆོས་ཉིད་བདུད་རྩིས་དུག་གསུམ་སྨན་ཏུ་བསྒྱུར། །ཆེ་བཙན་འགྲན་བྲལ་ཉི་མ་འབུམ་གྱི་གཟི། །ཐུགས་རྗེ་ཆེན་པོ་དྲག་པོའི་སྐུར་བཞེངས་པ། །རྟ་མཆོག་དབང་གི་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་དམ་བསྐུལ་ལོ་སྔོན་ལས་འཕྲལ་རྐྱེན་གྱིས། །དམ་ཆོས་སྒྲུབ་ལ་ཉེ་བར་འཚེ་བའི་བགེགས། །ཕྱི་ནང་གསང་


LT29_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མི་མཐུན་ཕྱོགས་ཀུན་དང་། །ཁྱད་པར་ཚེ་དང་ཐར་པའི་བར་ཆད་བདུད། །གཟའ་ཀླུ་རྒྱལ་བསེན་མ་རུངས་འབྱུང་པོ་ཡི། །མཐུ་རྩལ་ནུས་པ་སྟོབས་བཅུའི་ཤུགས་ཀྱིས་ཆོམས། །རྫུ་འཕྲུལ་མཚོན་ཆས་ལུས་སྲོག་དུམ་བུར་གཏུབས། །སྙིང་ལ་སྲེག་བྱེད་རྡོ་རྗེའི་མེ་ཆར་ཕོབ། །རྡོ་རྗེ་སྟྭམྦྷ་ནི་ཡི་གར་གྱིས་ནོན། །ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་བརྟུལ་ཞུགས་སྒྱུར། །འཁོར་འདས་སྙིང་ལ་མོས་བཞིའི་ཕྱག་རྒྱས་ཐོབ། །རྟ་ཡི་འདུར་གླུས་སྣང་སེམས་དབང་དུ་སྡུས། །རྣམ་རྟོག་ཉོན་མོངས་ཆོས་ཉིད་རྒྱན་ཤར་ནས། །བདེ་སྟོང་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །མྱུར་མཛད་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས། །བླ་མ་ཀུན་འདུས་བྱིན་རླབས་གཟི་བརྗིད་ཅན། །ཡི་དམ་ཀུན་འདུས་དངོས་གྲུབ་རྒྱ་མཚོའི་གཏེར། །མཁའ་འགྲོ་ཀུན་འདུས་ཕྲིན་ལས་ཆགས་ཐོགས་མེད། །སྐྱེ་འགྲོ་ཀུན་གྱི་རེ་བ་ཚུལ་བཞིན་ཏུ། །སྐོང་མཛད་ཡིད་བཞིན་ནོར་བུ་ལྟ་བུའི་སྐུ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པའི། །ཁྲོ་བོའི་དབང་པོ་མཁའ་འགྲོ་མ་རྣམས་ཀྱི། །མཐུ་སྟོབས་ཕྲིན་ལས་རྫུ་འཕྲུལ་གཅིག་བསྡུས་པ། །གསོལ་བཏབ་ཙམ་གྱིས་འདི་ཕྱིའི་འཇིགས་ལས་སྐྱོབ། །མ་བསྒྲུབ་པར་ཡང་ཐུགས་རྗེའི་བྱིན་གྱིས་བརླབས། །ཚུལ་བཞིན་བསྒྲུབ་ན་དངོས་གྲུབ་མ་ལུས་སྟེར། །ལོ་ཟླ་ཙམ་གྱིས་མཆོག་ཐུན་


LT29_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བླག་འཇོ། །སྣ་ཚོགས་ཕྲིན་ལས་ཁྱད་དུ་འཕགས་པ་ཡང་། །ཡིད་བཞིན་ནོར་བུས་འདོད་དགུ་འབད་མེད་སྩལ། །ཤེས་རབ་བློ་འཕེལ་ཚེ་བསོད་བློ་གྲོས་སྐྱེད། །དབང་གི་རྒྱལ་པོས་ཁམས་གསུམ་སྲིད་གསུམ་སྡུད། །ཚེ་བདག་ལྗང་གུས་བདུད་བཞི་ལོག་འདྲེན་བཅོམ། །ནག་པོ་ཆེན་པོས་རེ་བ་མཐའ་དག་སྐོང་། །གདུལ་བྱའི་དབང་གིས་རབ་འབར་འཇིགས་པའི་གཟུགས། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་སོགས་ཉོན་མོངས་བརྒྱ་ཡིས་གཡེངས་པ་རྣམས། །འདི་ཕྱིའི་བར་དོའི་འཇིགས་ལས་བསྐྱབ་ཏུ་གསོལ། །རྡོ་རྗེའི་ནང་དམེ་ལ་སོགས་བྱད་མ་ཡི། །བསམ་སྦྱོར་ངན་པའི་རྦོད་གཏོང་ཕུར་ཁ་ཟློག །ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་ཀུན། །ལྕགས་ཕྱེས་ཁབ་ལེན་རྡོ་བཞིན་དབང་དུ་སྡུས། །རྡོ་རྗེའི་སྣང་བརྙན་དད་པའི་མིག་སྔར་སྟོན། །མཆོག་ཐུན་དངོས་གྲུབ་བདེ་བླག་ཉིད་དུ་སྩོལ། །ལོ་ཟླ་ཙམ་གྱིས་སངས་རྒྱས་ས་ལ་སྐྱོལ། །བྱིན་རླབས་འདོད་དགུའི་དབྱིག་གི་ཆར་ཕབ་ནས། །རེ་བའི་ཤིང་རྟ་ཕྱུར་བུར་བཀང་དུ་གསོལ། །མདོར་ན་བདག་གི་སྐྱེ་དང་ཚེ་རབས་སུ། །བློ་གཏད་ལིང་བསྐྱུར་བྱས་བའི་རྩ་བ་གསུམ། །དགོས་པའི་དུས་སུ་ཐུགས་རྗེའི་ཤུགས་བསྐྱེད་ལ། །བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་བ་དང་། །ཆོས་མཐུན་དཔལ་འབྱོར་དབྱར་གྱི་མཚོ་ལྟར་རྒྱས། །སྟན་ཐོག་འདི་རུ་ཟུང་འཇུག་


LT29_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐོབ་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་རང་ལོ་སོ་བཞི་པ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་སུ་དོ་གལ་ཆེ་བའི་དབང་གིས་སྤོང་བ་པ་བློ་གྲོས་མཐའ་ཡས་ཀྱིས་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།བ་བརྟན་རྡོ་རྗེའི་རང་བཞིན་གསང་བ་གསུམ། །དྲན་པ་ཙམ་གྱིས་འཆི་བདག་དཔུང་འཇོམས་ཤིང་། །ཚེ་དང་ཡེ་ཤེས་སྩོལ་མཛད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །གཞོན་ནུ་བུམ་པ་སྐུར་བཞུགས་དགའ་རབ་ཞབས། །རྡོ་རྗེའི་སྐུ་བརྙེས་མཁས་པ་ཤྲཱི་སི༚་ཧ། །སྐྱེ་འཆི་གཉིས་སྤངས་འཆི་མེད་པདྨ་འབྱུང་། །རྒྱལ་ཡུམ་འཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །འཕོ་ཆེན་འོད་སྐུར་རྟག་བཞུགས་བི་མ་ལ། །བདེ་ཆེན་ཡང་དག་གྲུབ་པ་ཧཱུྃ་ཀ་ར། །ཟག་མེད་འཇའ་ཚོན་ལུས་ཅན་ནམ་མཁའི་སྙིང་། །རྗེ་འབངས་རིག་འཛིན་རྒྱ་མཚོར་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །འགྲོ་འདུལ་པདྨའི་རྒྱལ་ཚབ་རཏྣ་གླིང་། །ཚེ་དབང་རིག་པ་འཛིན་གྲགས་རྒྱལ་བའི་སྲས། །ཕྲིན་ལས་ནམ་མཁའི་མཐར་སོན་ཨ་རཱ་ག །ཚེ་མཆོག་གྲུབ་པའི་ཚོགས་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སོལ། །ཚེ་དཔག་མེད་དངོས་པདྨ་ཉིན་


LT29_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བྱེད། །འགྲོ་འདུལ་གར་མཁན་བསྟན་འཛིན་ཕྲིན་ལས་ཞབས། །སྨིན་གྲོལ་བཅུད་སྩོལ་འདྲེན་མཆོག་རྣམ་གསུམ་སོགས། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །བཅོམ་ལྡན་ཚེ་དཔག་མེད་མགོན་ཡབ་དང་ཡུམ། །ལྷ་མོ་བཞི་དང་ཚེ་འགུགས་མགྱོགས་མ་བཞི། །སྒོ་སྲུང་མ་བཞི་རིགས་ཀྱི་ལྷ་མོ་ལྔ། །འཆི་མེད་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་མ། །འཆི་མེད་གྲུབ་པའི་ལྷ་དང་དྲང་སྲོང་ཚོགས། །བཀའ་གཏེར་སྐྱོང་མཛད་རྒྱུད་གསུམ་དམ་ཅན་སོགས། །རྩ་གསུམ་རབ་འབྱམས་རྒྱ་མཚོར་གསོལ་བ་འདེབས། །བར་ཆད་ཀུན་སོལ་ཚེ་དབང་དངོས་གྲུབ་སྩོལ། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །གསོལ་འདེབས་བུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །སྐྱབས་མཆོག་རྣམས་ཀྱིས་གཏན་ནས་མི་བསླུ་བས། །འདོད་པའི་འབྲས་བུ་ད་ལྟ་ཉིད་དུ་སྩོལ། །ནད་གདོན་བགེགས་དང་གློ་བུར་ཡེ་འདྲོགས་སོགས། །དུས་དང་དུས་མིན་འཆི་བ་བཟློག་ཏུ་གསོལ། །སྲོག་བཅད་རྟེན་གསུམ་བཤིགས་སོགས་ཚེ་ཐུང་བའི། །ལས་སྒྲིབ་མཐའ་དག་རྩད་ནས་སྦྱང་དུ་གསོལ། །བསོད་ནམས་དབང་ཐང་དགེ་བའི་ལས་འཕྲོ་སོགས། །རིང་འཚོའི་མཐུན་རྐྱེན་གོང་དུ་སྤེལ་དུ་གསོལ། །བླ་ཚེ་སྲོག་དབུགས་ཉམས་


LT29_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་རྐུས་དང་འཕྲོག །བཀུག་བསྟིམས་རང་མལ་གནས་པར་མཛད་དུ་གསོལ། །རྣམ་པར་རྟོག་པའི་འཕོ་བ་ཇི་སྙེད་པ། །འཕོ་མེད་བདེ་བར་བྱིན་གྱིས་བརླབ་དུ་གསོལ། །མི་ཤིགས་རྡོ་རྗེ་མི་འགྱུར་གཡུང་དྲུང་དང་། །མི་ནུབ་རྒྱལ་མཚན་ཚེ་བརྟན་མཛད་དུ་གསོལ། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །བར་ཆད་ཀུན་ཞིའི་དངོས་གྲུབ་སྩལ་དུ་གསོལ། །ལུས་རྟེན་འདི་ལ་ཚེ་དབང་རིག་པ་འཛིན། །གེགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །སྒོ་གསུམ་མི་ཕྱེད་རྡོ་རྗེ་གསུམ་དུ་གྲུབ། །དོན་གཉིས་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཅེས་པའང་རྒྱལ་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་དབེན་ཀུན་བདེ་གླིང་དུ་གསོལ་བ་བཏབ་པ་ཡ་ཐཱ་སིདྡྷི་རསྟུ། །དགེ་ལེགས་འཕེལ།། ༈ །།ག་བརྟན་རྡོ་རྗེའི་ཚེ་དབང་མཆོག་གྲུབ་ཅིང་། །འཕོ་འགྱུར་མེད་པའི་ཡེ་ཤེས་གདིང་ཆེན་ཐོབ། །སངས་རྒྱས་ཀུན་འདུས་པདྨ་དབང་ཆེན་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་ཞི། །ཚེ་དབང་ཡེ་ཤེས་དོན་གཉིས་མཐར་ཕྱིན་མཛོད། །ཡེ་ཤེས་ཐུགས་རྗེ་བསམ་གྱིས་མི་ཁྱབ་ཅིང་། །སྐུ་ཚེ་འོད་སྣང་ཕྲིན་ལས་མཐའ་ཡས་པ། །འཆི་བདག་འཇིགས་བཅོམ་གསུང་གི་རྡོ་རྗེ་ལ། །གསོལ༴ ཚེ༴ རིག་སྔགས་སྐུར་སྟོན་དངོས་གྲུབ་མྱུར་སྩོལ་མ། །ཟླ་བའི་མདངས་ལྡན་དུས་ཀྱི་མུན་པ་འཇོམས། །ངན་འགྲོ་ཡོངས་སྦྱོང་རྣམ་པར་རྒྱལ་མ་ལ། །གསོལ༴ ཚེ༴


LT29_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཙམ་གྱིས་བདུད་བཞིའི་འཇིགས་པ་འཇོམས། །གུས་པས་བསྟེན་ན་འཆི་མེད་ཚེ་དབང་སྩོལ། །རྒྱལ་ཀུན་སྐྱེད་ཡུམ་ཡིད་བཞིན་འཁོར་ལོ་ལ། །གསོལ༴ ཚེ༴ སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུར་བཞུགས་ནས། །འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད། །ཡིད་བཞིན་ནོར་བུ་གུ་རུ་པདྨ་ལ། །གསོལ༴ ཚེ༴ ཟག་པ་རབ་ཟད་འབྱུང་བའི་དྭངས་མའི་སྐུ། །ནམ་མཁའ་ཇི་སྲིད་རྟག་ཁྱབ་ཕྲིན་ལས་ཅན། །པ་ཆེན་ལྔ་བརྒྱའི་གཙུག་རྒྱན་རིན་པོ་ཆེར། །གསོལ༴ ཚེ༴ དབྱིངས་ཕྱུག་དྭངས་མའི་བཅུད་ཀྱིས་རྒྱས་པའི་སྐུ། །བགྲེས་རྒུད་མི་མངའ་བཅུ་དྲུག་ན་ཚོད་ཅན། །མཆོག་དངོས་གྲུབ་པ་ལྷ་ཡི་ལྕམ་གཅིག་མར། །གསོལ༴ ཚེ༴ ཟག་མེད་རྡོ་རྗེ་བདེ་བའི་ལང་ཚོ་འབར། །མཆོག་དང་ཐུན་མོང་དངོས་གྲུབ་སྦྱིན་པའི་མ། །མཐིང་འོད་འབར་མ་མཁའ་འགྲོའི་ཚོགས་ཀྱི་རྗེར། །གསོལ༴ ཚེ༴ དུས་བཞི་མཉམ་ཉིད་ཆོས་སྐུ་འགྱུར་མེད་སྲོག །ཀུན་ནས་བཟླུམས་པའི་ཐིག་ལེ་ཆེན་པོའི་སྐུ། །འཆི་མེད་གཡུང་དྲུང་རྣམ་སྣང་ལོ་ཙཱ་བར། །གསོལ༴ ཚེ༴ ནམ་མཁའི་ལུས་ཅན་བཤེས་གཉེན་རྣལ་འབྱོར་པ། །ཚེ་ལ་མངའ་བརྙེས་གྲུབ་ཆེན་བརྩོན་འགྲུས་མཚན། །རིན་ཆེན་དཔལ་བཟང་ཚེ་དབང་གྲགས་པ་ལ། །གསོལ༴ ཚེ༴ གཟུང་འཛིན་རྒྱུ་བ་དབུ་མར་བསྟིམས་པ་ལས། །ཡོངས་གྲུབ་རྡོ་རྗེས་དུས་ཀྱི་རྒོལ་བ་བཅོམ། །ཚེ་དབང་རིག་འཛིན་


LT29_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱུད་བླ་མ་ལ། །གསོལ༴ ཚེ༴ ཚེ་དཔག་མེད་མགོན་རིགས་ལྔ་ཡབ་དང་ཡུམ། །ལྷ་མོ་བཞི་དང་མགྱོགས་མ་སྒོ་མ་བཞི། །དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་བཅས་པ་ལ། །གསོལ་བ༴ ཚེ་དབང་༴ རྩ་བརྒྱུད་རིག་འཛིན་དཔལ་ལྡན་བླ་མ་དང་། །རྒྱལ་བ་སྲས་བཅས་འཆི་མེད་ཚེ་ཡི་ལྷ། །ཐུགས་དམ་ཞལ་བཞེས་བཏང་སྙོམས་མི་སྲིད་པས། །གསོལ་འདེབས་བུ་ལ་བརྩེ་བས་རྗེས་དགོངས་ལ། །ཚེ་དབང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་འཆི་མེད་པ་ལྟ་བའི་གདིང་ཐོབ་ཅིང་། །འཕོ་འགྱུར་མི་མངའ་རྡོ་རྗེའི་སྐུ་བརྙེས་ནས། །ཕྲིན་ལས་རྟག་ཅིང་ཁྱབ་པ་དེ་སྲིད་དུ། །རྒྱུ་འབྲས་ནད་དང་འཆི་བདག་མུན་པ་ཀུན། །ཡེ་ཤེས་ཐུགས་རྗེའི་ཉི་མས་བསལ་དུ་གསོལ། །དུས་དང་དུས་མིན་འཆི་སོགས་བར་ཆད་ཞི། །ལོ་བརྒྱ་འཚོ་ཞིང་སྡེ་བཞིའི་དཔལ་འབྱོར་རྒྱས། །སྟོན་བརྒྱ་མཐོང་ཞིང་དོན་གཉིས་མཐའ་རུ་ཕྱིན། །བསྟན་པ་གསལ་ཞིང་བསྟན་འཛིན་ས་ཀུན་ཁྱབ། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་གསང་འདུས་ནང་སྒྲུབ་ཀྱི་སྐབས་སུ་གུ་་ས་མུ་དྲས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།བ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་རྩལ། །ཤྲཱི་སི༚་ཧ་མཁས་པ་ཡེ་ཤེས་མདོ། །རྒྱལ་ཀུན་སྤྱི་གཟུགས་


LT29_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་བི་མ་ལ། །བཻ་རོ་མཚོ་རྒྱལ་གཡུ་སྒྲ་སྙིང་པོ་སོགས། །དགོངས་བརྡ་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཏིང་འཛིན་བཟང་པོ་ལྕེ་བཙུན་སེང་གེ་དབང་། །མི་ཕམ་ཨ་རོ་ཟུར་པ་མེས་དབོན་དང་། །དམ་གཙང་བྱམས་གསུམ་ཀུན་མཁྱེན་རང་བྱུང་ཞབས། །ཀློང་ཆེན་རབ་འབྱམས་པདྨ་ལེགས་གྲུབ་རྩལ། །ལྷ་བཙུན་ཆེན་པོ་འཇིགས་མེད་གླིང་པ་སོགས། །སྡེ་གསུམ་མངའ་བདག་རྣམས་ལ་གསོལ༴ ཆོས་ཀྱི་དབང་ཕྱུག་རྒོད་ལྡེམ་ལས་འབྲེལ་རྩལ། །སངས་རྒྱས་རྡོ་རྗེ་རཏྣ་པདྨ་གླིང་། །ཀརྨ་ཀུན་སྐྱོང་གླིང་དང་འཇའ་ཚོན་སྙིང་། །བདུད་འདུལ་ཀློང་གསལ་སྙིང་པོ་གཏེར་བདག་གླིང་། །སྟག་ཤམ་རྡོ་རྗེ་ཆོས་རྗེ་གླིང་པ་སོགས། །རྫོགས་ཆེན་གཏེར་འབྱེད་རྣམས་ལ༴ བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །མཛོད་ལྔའི་སྒོ་འབྱེད་བློ་གྲོས་མཐའ་ཡས་སྡེ། །ཆོས་སྐུའི་རང་ཞལ་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ་གཉིས་ལ་གསོལ༴ གསོལ་བ་འདེབས་སོ་རྫོགས་ཆེན་བརྒྱུད་པ་རྣམས། །བྱིན་གྱིས་རློབས་ཤིག་རྟོགས་གྲོལ་དུས་མཉམ་མཛོད། །འཁོར་འདས་སེམས་ཉིད་རང་བྱུང་ཡེ་ཤེས་སུ། །རྫོགས་པས་བསལ་བཞག་མེད་པའི་ངང་སྒོམ་གྱིས། །སྟོང་གསལ་རང་རིག་དབྱེར་མེད་ཆོས་སྐུར་གྲོལ། །སེམས་སྡེའི་དགོངས་ཉམས་མཐར་ཕྱིན་བྱིན་གྱིས་རློབས། །ཆོས་ཀུན་ཆོས་ཉིད་བཟང་མོའི་ཀློང་


LT29_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས། །བྱ་བྲལ་གསལ་སྟོང་བདེ་བ་དབྱེར་མེད་ཀྱི། །གནད་བཞིས་ཚུལ་བཞི་ལམ་བསླངས་བྲག་པ་ཟད། །ཀློང་སྡེའི་རྟོགས་པ་མངོན་གྱུར་བྱིན་གྱིས་རློབས། །སྤང་བླང་བྱར་མེད་ཡིན་ལུགས་གནད་ཐོག་ཕེབ། །སེམས་ཀྱི་དྲི་བྲལ་རིག་སྟོང་རྗེན་པར་བུད། །ཅོག་བཞག་ཆེན་པོའི་དབྱིངས་སུ་ལ་ཟླ་བའི། །མན་ངག་གྲོལ་ས་ཟིན་པར་བྱིན༴ རང་ཐོག་ངོ་འཕྲོད་གཅིག་ཐོག་ཐག་ཆོད་དེ། །གྲོལ་ཐོག་གདིང་འཆོས་རང་སྣང་རིས་མེད་ཀྱི། །དགོངས་པའི་རྩལ་རྫོགས་ཀ་དག་ཟད་སར་འཁྱོལ། །ཁྲེགས་ཆོད་གྲུབ་མཐར་སྙོགས་པར་བྱིན༴ འོད་གསལ་མངོན་མཐོང་ཉམས་སྣང་གོང་དུ་འཕེལ། །རིག་པ་སྐུར་སྨིན་འཁྲུལ་སྣང་གཞི་ཐོག་ཟད། །གཞོན་ནུ་བུམ་པར་བྱང་ཆུབ་འཕོ་ཆེན་སྐུས། །གཞན་དོན་ལྷུན་གྲུབ་འབྱུང་བར༴ སྐུ་གསུམ་རང་རིག་ཡིན་ལུགས་གསལ་འདེབས་ཀྱིས། །སྣང་རིག་སྟོང་གསུམ་ཐིག་ལེ་གཅིག་ཏུ་རྫོགས། །ཐོགས་མའི་མགོན་པོ་ཉིད་དང་དབྱེར་མེད་པའི། །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་། ཀུན་སྤོང་རྡོ་རྗེ་རྩེ་མོའི་རྣལ་འབྱོར་ལ་གཞོལ་བ་འཇམ་དབྱངས་དགེ་ལེགས་ཐུགས་བཞེད་ལྟར་རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། ༈ །།སྒྲུབ་སྡེ་ཆེན་པོ་བཀའ་འདུས་ཀྱི་ལྷ་དང་གྲུབ་པའི་རིག་འཛིན་རྣམས་ལ་གསོལ་


LT29_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པ་དཔལ་ཆེན་དགྱེས་གླུ་ཞེས་བྱ་བ། རང་བྱུང་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རྒྱལ་ཚབ་སྟོན་པ་རིགས་ལྔ་གངས་ཆེན་མཚོ། །དཀྱིལ་འཁོར་ཀུན་བྱེད་རྡོ་རྗེ་སེམས་དཔའ་དང་། །གསང་བདག་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །གསང་བའི་གཉེར་འཛིན་ལས་ཀྱི་དབང་མོ་ཆེ། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གུང་ཤིང་དགུ། །བཀའ་བབ་ཐོག་མཐའ་བར་དུ་བྱོན་པ་ཡི། །རིག་འཛིན་གྲུབ་པ་རྣམས་ལ་གསོལ་བ་འདེབས། །མེ་ལོང་ཡེ་ཤེས་ཡང་དག་ཧེ་རུ་ཀ །གྲུབ་པའི་སློབ་དཔོན་རྡོ་རྗེ་ཧཱུྃ་ཀ་ར། །མཉམ་ཉིད་ཡེ་ཤེས་གཤིན་རྗེ་གཤེད་གྲུབ་པ། །འཇམ་དཔལ་བཤེས་གཉེན་ཞབས་ལ་གསོལ་བ་འདེབས། །སོར་རྟོག་ཡེ་ཤེས་དབང་ཆེན་རྟ་མཆོག་དཔལ། །གྲུབ་པའི་སློབ་དཔོན་ནཱ་ག་རྫུ་ན་དང་། །ཆོས་དབྱིངས་ཡེ་ཤེས་ཆེ་མཆོག་དངོས་གྲུབ་པ། །ཕྱག་རྒྱ་རྒྱ་ཆེན་ཞབས་ལ་གསོལ་བ་འདེབས། །ནན་ཏན་ཡེ་ཤེས་རྡོ་རྗེ་གཞོན་ནུ་མཆོག་གྲུབ་པའི་སློབ་དཔོན་པྲ་བྷ་ཧ་སྟིའི་ཞབས། །དབྱིངས་སྒྲོལ་ཡེ་ཤེས་མངོན་རྫོགས་རྒྱལ་པོ་དངོས། །དྷ་ན་སཾ་སྐྲྀ་ཏ་ལ་གསོལ༴ འདའ་ཀ་ཡེ་ཤེས་དྲེགས་པ་ཀུན་འདུལ་རྗེ། །གྲུབ་པའི་སློབ་དཔོན་རོམྦུ་གུ་ཧྱ་དང་། །ཀློང་གྱུར་ཡེ་ཤེས་སྟོབས་ལྡན་ནག་པོ་གྲུབ། །ཤཱི༚ནྟ་གྷའི་ཞབས་ལ༴ ཡེ་ཤེས་དགུ་དངོས་དཔལ་ཆེན་དཀྱིལ་འཁོར་དགུ། །སྤྲོ་ཞིང་སྡུད་མཛད་ཁྱབ་བདག་རྡོ་རྗེ་འཆང་། །བཀའ་བབ་ཀུན་འདུས་དཔལ་ལྡན་


LT29_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སྐྱེས། །རྡོ་རྗེ་སློབ་དཔོན་མཆོག་ལ༴ འཇམ་དཔལ་བཀའ་བབས་གསང་སྔགས་བསྟན་པའི་བདག། ཡང་རྫོང་བྲག་ཏུ་དངོས་གྲུབ་རྣམ་གཉིས་མཉེས། །ཉི་ཟླ་གདན་བཏིང་བྲག་ལ་ཕུར་པ་འདེབས། །སངས་རྒྱས་ཡེ་ཤེས་ཞབས་ལ༴ དབང་ཆེན་བཀའ་བབས་འགྲོ་འདུལ་གངས་ཅན་མགོན། །མཆིམས་ཕུ་དབེན་རྩར་དངོས་གྲུབ་རྣམ་གཉིས་བརྙེས། །སྐུ་ལུས་མེར་བསྒྱུར་རྟ་སྐད་སྤྱི་བོར་བསྒྲགས། །རྒྱལ་བ་མཆོག་དབྱངས་ཞབས་ལ༴ ཡང་དག་བཀའ་བབས་ས་བཅུའི་རྩེ་མོར་སོན། །ལྷོ་བྲག་མཁར་ཆུར་དངོས་གྲུབ་རྣམ་གཉིས་བརྙེས། །ཉི་ཟེར་ཆིབས་ཤིང་ཧཱུྃ་སྒྲས་ལས་ཀུན་སྒྲུབ། །ནམ་མཁའི་སྙིང་པོའི་ཞབས་ལ༴ བདུད་རྩིའི་བཀའ་བབས་ཆོས་ཉིད་ཟད་སར་འཁྱོལ། །ཤེལ་བྲག་གནས་སུ་དངོས་གྲུབ་རྣམ་གཉིས༴ བྲག་ལས་ཆུ་བཏོན་ནུས་པས་སྐུ་དགྲ་བཏུལ། །གཉགས་ཆེན་ཛྙཱ་ནའི་ཞབས་ལ༴ ཕུར་པའི་བཀའ་བབས་མཁའ་སྤྱོད་ཌཱ་ཀིའི་རྗེ། །སེང་གེ་རྫོང་དུ་དངོས་གྲུབ་རྣམ་གཉིས༴ མི་བརྗེད་གཟུངས་ཐོབ་ཤི་བ་མངོན་སུམ་བསླངས། །ཡེ་ཤེས་མཚོ་རྒྱལ་ཞབས་ལ༴ བླ་མེད་བཀའ་བབས་ཚེ་ལ་རང་དབང་ཐོབ། །ཤམ་པོ་གངས་རར་དངོས་གྲུབ༴ མ་མོ་བྲན་ཁོལ་སྤྱན་གྱིས་ནགས་ཚལ་བསྲེགས། །དཔལ་གྱི་ཡེ་ཤེས་ཞབས་ལ༴ མཆོད་བསྟོད་བཀའ་བབས་མཐུ་སྟོབས་ནུས་པའི་བདག །སྟག་ཚང་ཕུག་ཏུ་དངོས༴ ལྷ་སྲིན་བྲན་


LT29_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་དྲེགས་པ་ལས་ལ་འགྱེད། །དཔལ་གྱི་སེང་གེའི་ཞབས་ལ༴ དྲག་སྔགས་བཀའ་བབས་ཡེ་ཤེས་སྤྱན་དང་ལྡན། །གཡའ་མ་ལུང་དུ་དངོས༴ དགོངས་པ་ཡོན་ཏན་གུ་རུ་རྗེ་དང་མཉམ། །བཻ་རོ་ཙ་ནའི་ཞབས་ལ༴བདེ་འདུས་བཀའ་བབས་བསྟན་པའི་ཤིང་རྟ་མཆོག །བསམ་ཡས་དབུ་རྩེར་དངོས་གྲུབ༴ ཏིང་འཛིན་མི་གཡོ་གཞན་སྣང་ཟིལ་གྱིས་གནོན། །ཆོས་རྒྱལ་ཆེན་པོའི་ཞབས་ལ༴ བཀའ་བརྒྱད་བཀའ་བབས་ཡོན་ཏན་དཔག་མེད་ལྡན། །སོ་སོའི་གནས་སུ་དངོས༴ གྲུབ་པའི་རྟགས་བསྟན་གཞན་དོན་རྒྱུན་མི་ཆད། །སྔ་འགྱུར་རིག་འཛིན་རྣམས་ལ༴ དཔལ་ཆེན་ཚོམ་བུ་དགུ་ཡི་ལྷ་རྣམས་དང་། །འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཐུགས་ཀྱི་བཅུད། །རྫོང་འཕྲང་མངའ་བདག་མཁས་པ་མི་བཞི་དང་། །གྲུབ་ཐོབ་དངོས་གྲུབ་སོགས་ལ་གསོལ༴ བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལྷ་རྣམས་དང་། །མཁོ་མཐིང་གནས་ནས་སྙིང་འདྲ་སྒྲུབ་པའི་སྡེ། །སྤྱན་དྲངས་མངའ་བདག་སྐུ་སྤྲུལ་ཉང་རལ་ཞབས། །སྲས་སློབ་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །གསང་བ་ཡོངས་རྫོགས་དཀྱིལ་འཁོར་ལྷ་རྣམས་དང་། །གནམ་སྐས་ཅན་ནས་སྙིང་ཁྲག་གདམས་པའི་སྐོར། །སྤྱན་དྲངས་གསུང་སྤྲུལ་སྤང་སྟོན་ཆོས་ཀྱི་དབང་། །སྲས་སློབ་བརྒྱུད་པར་བཅས་ལ༴ རང་བྱུང་རང་ཤར་དཀྱིལ་འཁོར་ལྷ་རྣམས་དང་། །ལྷ་བྲག་


LT29_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་སྲོག་གི་དྭངས་མའི་སྐོར། །སྤྱན་དྲངས་བདུད་འཇོམས་སྤྲུལ་པ་རྒོད་ལྡེམས་ཅན། །སྲས་སློབ་བརྒྱུད་པར་བཅས་ལ༴ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དང་། །ཤེལ་བྲག་གནས་ནས་བླ་མེད་གཏེར་སྨྱོན་སྐོར། །འབྱིན་མཛད་རྒྱལ་སྲས་ལྷ་རྗེའི་རྣམ་པར་འཕྲུལ། །ཡར་རྗེ་ཨོ་རྒྱན་གླིང་པར་གསོལ༴ འདུས་པ་རྣམ་བཞིའི་དཀྱིལ་འཁོར་ལྷ་རྣམས་དང་། །གནམ་ལྕགས་བྲག་ནས་ཟབ་ཅིང་རྒྱ་ཆེའི་གཏེར། །སྤྱན་དྲངས་བཻ་རོ་དངོས་བྱོན་རྡོ་རྗེ་གླིང་། །གཏེར་འབྱིན་ཀུན་གྱི་རྒྱལ་པོར་གསོལ༴ ཐུགས་ཀྱི་མེ་ལོང་དཀྱིལ་འཁོར་ལྷ་རྣམས་དང་། །བུམ་ཐང་གནས་ནས་ཡང་ཟབ་འབྲས་བུའི་སྐོར། །སྤྱན་དྲངས་པདྨ་གསལ་སྤྲུལ་པདྨ་གླིང་། །སྲས་སློབ་བརྒྱུད་པར་བཅས་ལ༴ བཀའ་བརྒྱད་ཡོངས་འདུས་དཀྱིལ་འཁོར༴ སྙིང་སྒྲོམ་མུན་པའི་མཛོད་ནས་ཡང་རྩེའི་ཆོས། །སྤྱན་དྲངས་ཁྲི་སྲོང་ཐུགས་སྤྲུལ་པདྨ་དབང་། །གྲོགས་མཛད་རིག་འཛིན་རྗེ་ལ༴ དྲེགས་པ་ཀུན་འདུལ་དཀྱིལ་འཁོར༴ ཁ་རག་ཆུ་མོ་ཕུག་ནས་ཕྲིན་ལས་གཏེར། །འབྱིན་མཛད་འབྲོག་མིའི་ཡང་སྲིད་བསམ་གཏན་མཚན། །རྣམ་འཕྲུལ་རིམ་གསུམ་བྱོན་ལ༴ དངོས་གྲུབ་སྙིང་པོའི་དཀྱིལ་འཁོར༴ ལྗོན་པ་ལུང་དང་ཞྭ་ཡི་ལྷ་ཁང་གཏེར། །འདོན་མཛད་ཉང་བན་ཐུགས་སྤྲུལ་འཇའ་ཚོན་སྙིང་། །


LT29_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདག་བརྒྱུད་པར་བཅས་ལ༴ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར༴ མི་འགྱུར་གསང་བའི་སྒྲོམ་ནས་ཡང་ཟབ་གཏེར། །འབྱིན་མཛད་ལང་གྲོའི་རྣམ་འཕྲུལ་ཀློང་གསལ་སྙིང་། །སྲས་སློབ་བརྒྱུད་པར༴ བདེ་གཤེགས་སྙིང་པོའི་དཀྱིལ་འཁོར༴ བཙན་རི་རྡོ་རྗེའི་བྲག་ནས་བཀའ་འདུས་སྐོར། །སྤྱན་དྲངས་བཻ་རོའི་རྣམ་འཕྲུལ་བདེ་ཆེན་གླིང་། །སྲས་སློབ་བརྒྱུད་པར་བཅས་ལ༴ བཀའ་བརྒྱད་སྤྱི་དང་བྱེ་བྲག་ལྷ་རྣམས་དང་། །གནས་མཆོག་རྣམས་ནས་ཡོ་ག་རྣམ་གསུམ་གཏེར། །འབྱིན་མཛད་དམ་འཛིན་རྣམ་འཕྲུལ་མཆོག་གྱུར་གླིང་། །ངོ་མཚར་ཤིང་རྟ་ཆེན་པོར༴ གཞན་ཡང་སྒྲུབ་སྡེའི་ཆོས་དང་དེའི་སྟོན་པ། །དུས་གསུམ་གཤེགས་དང་འབྱོན་གྱུར་ཇི་སྙེད་ལ། །དད་པས་ཕྱག་འཚལ་མོས་པས་གསོལ་བ་འདེབས། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་རླབས་སྩོལ། །དྲི་མ་རྣམ་དགུ་ད་ལྟ་ཉིད་དུ་འབྱངས། །བསྐྱེད་རྫོགས་གུང་ཤིང་དགུ་ལ་རང་བྱན་ཆུད། །དཔལ་ཆེན་རྣམ་དགུའི་དགོངས་པ་མཐར་ཕྱིན་ནས། །ཡེ་ཤེས་རྣམ་དགུ་མངོན་ཏུ་འགྱུར་བར་ཤོག །བསྒྲུབ་བྱའི་ལྷ་དང་སྒྲུབ་བྱེད་སྔགས་ཀྱི་ཐབས། །གྲུབ་པའི་རིག་འཛིན་ཆེན་པོ་ཁྱེད་རྣམས་ཀྱི། །གོ་འཕང་སྟན་ཐོག་འདི་རུ་མངོན་གྱུར་ཤོག །སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་ཉིད་གྱུར་ཅིག །གུ་རུའི་ཐུགས་དམ་རྩོད་མེད་ཡོངས་གྲགས་པ། །སྒྲུབ་


LT29_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་ཆོས་རྣམས་བཤད་ཅིང་སྒྲུབ་པའི་སྡེས། །ས་སྟེང་ཀུན་ཁྱབ་སྨིན་ཅིང་གྲོལ་བའི་རྒྱུན། །གངྒཱའི་ཀླུང་ལྟར་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི། གངས་ཅན་གྱི་ལྗོང་ཙམ་ན་འགྲན་ཟླ་བྲལ་བ། གུ་རུའི་སྒྲུབ་གནས་ཐམས་ཅད་ཀྱི་རྒྱལ་པོ། རྗེ་འབངས་རྣམས་ལ་བདེ་གཤེགས་འདུས་པ་གཙོར་གྱུར་ཡོ་ག་གསུམ་གྱི་ཟབ་ཆོས་མཐའ་དག་སྩལ་བའི་གནས་སུ་གྲགས་ཤིང་གྲུབ་པ། བསམ་ཡས་མཆིམ་ས་ཕུའི་བྲག་དམར་ཀེའུ་ཚང་དུ་བདེ་གཤེགས་འདུས་པའི་ཚོགས་མཆོད་བརྒྱ་ཕྲག་བགྱིས་པའི་ཚེ། མོས་གུས་ཆེན་པོས་ཐོལ་བྱུང་དུ་གསོལ་བ་འདེབས་པ་པོ་ནི་པདྨ་གར་གྱི་དབང་ཕྱུག་རྩལ་ལོ། །དགེ་ལེགས་འཕེལ།། ༈ །།འཇམ་དཔལ་སྐུའི་དཀྱིལ་འཁོར་དང་བཀའ་བབ་ཀྱི་སློབ་དཔོན་ཆེན་པོ་རྣམས་ལ་གསོལ་བ་འདེབས་པ་འཁོར་ལོ་མཐར་འབྱིན་ཅེས་བྱ་བ། རྒྱལ་ཀུན་ཡེ་ཤེས་རང་གཟུགས་འཇམ་དཔལ་དབྱངས། །དངོས་ཀྱིས་རྗེས་བཟུང་འཇམ་དཔལ་བཤེས་གཉེན་ཞབས། །གདམས་པའི་བཀའ་བབ་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དྲག་སྔགས་མངའ་བདག་ཤཱི༚ནྟ་གྷ་དང་། །མན་ངག་གསང་མཛོད་གཙུག་ལག་དཔལ་དགེ་བ། མཐུ་སྟོབས་དབང་ཕྱུག་བ་སུ་དྷཱ་ར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །ས་སྟེང་གྲུབ་པའི་རྒྱལ་པོ་ཨོ་རྒྱན་རྗེ། །བདུད་འདུལ་ཡེ་ཤེས་


LT29_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འོད་བྱེད་ས་བརྙེས་གསང་སྔགས་བསྟན་པའི་བདག །འཇམ་དཔལ་དངོས་བྱོན་གནུབས་ཆེན་ཡབ་སྲས་དང་། །རིགས་ཆོས་བརྒྱུད་འཛིན་གསེར་གྱི་ཕྲེང་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་གཏེར་སྒོ་འབྱེད་ཞད་ཁྲོམ་རྡོ་རྗེ་འབར། །སྔགས་བསྟན་སྲོག་འཛིན་འགྱུར་མེད་རྡོ་རྗེ་རྩལ། །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱུད་དང་མན་ངག་གདམས་པའི་བཀའ་སྲོལ་ཀུན། །གཅིག་འདུས་མཐུ་སྟོབས་མངའ་བདག་དབང་པོའི་སྡེ། །གནམ་ལྕགས་མེ་འབར་བརྒྱུད་པར་བཅས་རྣམས་ལ། །གསོལ་བ་འདེབས་སོ༴ འདས་པའི་སངས་རྒྱས་བཅོམ་ལྡན་འཇམ་པའི་ཏོག །ད་ལྟར་ནོར་བུ་རིན་ཆེན་བརྩེགས་པའི་རྒྱལ། །མ་འོངས་སངས་རྒྱས་མགོན་པོ་ཀུན་གཟིགས་ལ། །གསོལ་བ་འདེབས་སོ༴ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ་གྱུར་ཀྱང་། །རྒྱལ་བ་ཀུན་གྱི་མདུན་ན་རྒྱལ་སྲས་ཚུལ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་དཔལ་དབྱངས། །གསོལ་བ་འདེབས་སོ༴ ཕྱག་རྒྱ་ཟིལ་གནོན་དེ་བཞིན་གཤེགས་པའི་རིགས། །འཇོམས་བྱེད་ནག་པོ་ལ་སོགས་རྡོ་རྗེའི་རིགས། ཁ་ཐུན་ལ་སོགས་རིན་པོ་ཆེ་ཡི་རིགས། །འཇིགས་བྱེད་རུ་མཚོན་དམར་པོ་


LT29_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རིགས། །ཤོར་སོང་ཉི་མ་ཁྲོས་པ་ལས་ཀྱི་རིགས། །འཆར་ཁ་ནག་པོ་ཉི་མ་བཞི་པ་དང་། །ཡང་ཟློག་ཀིང་ཀང་ཁྲོ་ཆུ་དུག་གི་གདོང་། །ལས་ཀྱི་བཀའ་སྡོད་ཡ་མ་རཱ་ཛ་དང་། །ཙ་མུནྟྲི་སོགས་དྲག་ཤུལ་ཕོ་ཉའི་ཚོགས། །རབ་འབྱམས་གཤིན་རྗེ་རོལ་པའི་དཀྱིལ་འཁོར་ཆེ། །སྐུ་མཆོག་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ༴ བསྐྱེད་པས་ལྷ་སྣང་གསལ་བརྟན་གྱད་དུ་གྱུར། །རླུང་སྔགས་བཟླས་པས་ངག་ལ་ནུས་པ་འབར། །སྟོང་སྲོག་གཟེར་གྱིས་གཞི་ལམ་འབྲས་བུར་ཐེབས། །འཇམ་དཔལ་གཤིན་རྗེའི་གོ་འཕང་མྱུར་འགྲུབ་ཤོག །སྲུང་བའི་རྫོང་བརྟན་ཟློག་པའི་མཚོན་ཆ་རྣོ། །སྔགས་བསྡེབ་འབྱེད་དང་མདོས་ཀྱི་འཁྲུལ་འཁོར་འབྱངས། །མནན་གཏད་ངན་སྔགས་བསད་པའི་རྣ་ཆ་ལ། །དབང་འབྱོར་མངོན་སྤྱོད་མཐའ་རུ་ཕྱིན་པར་ཤོག །ཚེ་འདིར་འཇམ་དཔལ་དུས་དགྲའི་དབང་པོ་དང་། །དབྱེར་མེད་ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས། །མི་སྲུན་གདུལ་དཀའ་མཐའ་དག་རབ་བཏུལ་ནས། །ཀུན་དུ་གཟིགས་པའི་ཞིང་ཁམས་སྦྱོང་བར་ཤོག ་འཁོར་འདས་ཀུན་གྱི་ཁྱབ་བྱེད་བདེ་གཤེགས་སྙིང་། །གློ་བུར་དྲི་མའི་སྦུབས་ལས་མྱུར་གྲོལ་ཏེ། །གསང་བའི་འཁོར་ལོ་རང་གི་སེམས་ལ་འདུས། །གཞི་ཡི་གནས་ལུགས་རང་ངོ་འཕྲོད་པར་ཤོག །ཆོས་དབྱིངས་སྟོང་པའི་རང་མདངས་སྲིད་པ་


LT29_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །ཅི་ཡང་མེད་ལས་ཅི་ཡང་འཆར་བར་ཤེས། །སྲིད་པའི་འཁོར་ལོ་ལྟེ་བའི་གནས་སུ་འདུས། །ལམ་གྱི་ཉམས་ལེན་འཁྲུལ་མེད་ཤེས་པར་ཤོག །ཞི་རྒྱས་དབང་དང་བསད་བསྐྲད་འགུགས་དབྱེ་ལྐུགས། །སྨྱོ་འབོག་མནན་པའི་ལས་ཆེན་བཅུ་པོ་འགྲུབ། །གཅོད་པའི་འཁོར་ལོ་ཕྱག་ལ་རབ་འདུས་ནས། །འགྲོ་བ་འདུལ་བའི་ཕྲིན་ལས་ཐོགས་མེད་ཤོག །ཆོས་རྣམས་སེམས་ཀྱིས་སྤྲུལ་ཅིང་རང་གི་སེམས། །སྐུ་གསུམ་རང་བཞིན་འབྲས་བུ་ལྷུན་གྱིས་རྫོགས། །སྤྲུལ་པའི་འཁོར་ལོ་ཞབས་ལ་འདུས་པར་རྟོགས། །འཁོར་ལོ་རྣམ་བཞིའི་དགོངས་པ་མཐར་ཕྱིན་ཤོག །འཇམ་དཔལ་གཞོན་ནུར་གྱུར་པས་རྗེས་བཟུང་ཞིང་། །གཤིན་རྗེ་གཤེད་པོའི་གོ་འཕང་མཆོག་གྲུབ་ནས། །མུ་མཐའ་མེད་པའི་མཁའ་མཉམ་འགྲོ་བ་ཀུན། །གདོད་མའི་དབྱིངས་སུ་སྒྲོལ་བའི་མཐུ་ཐོབ་ཤོག །ཅེས་པ་འདིའང་། བོད་ཡུལ་གནས་ཆེན་ཀུན་གྱི་རྒྱལ་པོ། ཁྱད་པར་འཇམ་དཔལ་སྐུའི་གནས་སྒྲགས་ཀྱི་ཡང་རྫོང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་ཟློག་ཞག་གསུམ་མ་ཞིག་བགྱིས་པའི་ཐོག་མར་ལྟས་དང་རྟེན་འབྲེལ་ལེགས་པའང་ཅུང་ཟད་བྱུང་བ་ལ་བརྟེན་ནས། །ཟང་ཆོས་འདི་ལ་བཀའ་བབ་ལུང་བསྟན་ཐོབ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཡུད་ཙམ་ལ་ཤུར་མར་བྲིས་པ་དགེ་ལེགས་འཕེལ།། ༈ །།སང་འདུས་མི་བསྐྱོད་པ་འགོས་ལུགས་ཀྱི་བརྒྱུད་འདེབས། །ཟབ་གསལ་རིགས་བརྒྱའི་ཁྱབ་བདག་


LT29_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། །གསང་ཆེན་སྡུད་པོ་ཕྱག་ན་རྡོ་རྗེ་དང་། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་མར། །གསོལ་བ་འདེབས་སོ་རིམ་གཉིས་མཐར་ཕྱིན་ཤོག །བི་སུ་ཀལྤ་དཔལ་ལྡན་ས་ར་ཧ། །འཕགས་མཆོག་ཀླུ་སྒྲུབ་ཨཱརྻ་དེ་བ་དང་། །ནཱ་ག་བོ་དྷི་ཟླ་བ་གྲགས་པ་ལ། །གསོལ་བ༴ སློབ་པའི་རྡོ་རྗེ་ནག་པོ་སྤྱོད་པའི་ཞབས། །དགེ་བའི་མགོན་པོ་ཏེ་ལོ་ནཱ་རོ་པ། །ཤེས་རབ་སྲུང་དང་ཀ་ན་ཀ་ཤྲཱི་ལ། །གསོལ་བ༴ དཱི་པཾ་ཀ་ར་འགོས་ལོ་ལྷས་བཅས་དང་། །སེང་རྒྱལ་ཡེ་ཤེས་སེང་གེ་ཉི་མ་སེང་། །ཉི་ལྕམ་རྔོག་སྟོན་འཕགས་ལྷ་ཐང་སྦེ་པར། །གསོལ་བ༴ གསེར་སྡེང་གཞོན་ནུ་ཆོས་སྐུ་འོད་ཟེར་དང་། །འཕགས་འོད་བུ་སྟོན་རིན་ཆེན་རྣམ་པར་རྒྱལ། །དཔལ་མཆོག་དངོས་གྲུབ་ཟླ་དཔལ་ཚུལ་རྒྱལ་ལ། །གསོལ་བ༴ མཁྱེན་རབ་མཆོག་གྲུབ་དཀོན་མཆོག་དཔལ་བཟང་པོ། །བཀྲ་ཤིས་རྒྱལ་མཚན་དཔལ་ལྡན་ཆོས་བཟང་བ། །རྡོ་རྗེ་འཆང་དངོས་ཀུན་དགའ་སྙིང་པོ་ལ། །གསོལ་བ༴ ཡེ་ཤེས་རྒྱ་མཚོ་བློ་གྲོས་རྣམ་རྒྱལ་དང་། །ངག་དབང་ཕྲིན་ལས་ཀུན་བཟང་དབང་པོ་རྗེ། །ཚེ་དབང་ནོར་བུ་ཕྲིན་ལས་ཤིང་རྟ་ལ། །གསོལ་བ༴ བསྟན་པའི་ཉིན་བྱེད་ཚེ་དབང་ཀུན་ཁྱབ་དང་། །ཀརྨ་རནྟ་འོད་གསལ་འགྱུར་མེད་ཞབས། །སྨིན་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ༴ རྡོ་རྗེ་བཞིས་བསྒྲུབས་སྔགས་ཀྱི་སྐུ་དང་ནི། །སྟོང་


LT29_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་ཉིད་གཉིས་སུ་མེད་པར་ཞུགས། །ཡེ་ཤེས་ལྷ་སྐུར་ཤར་བས་ཕྲ་རགས་ཀྱི། །ཐ་མལ་ང་རྒྱལ་དག་པར་བྱིན་གྱིས་རློབས། །བདེ་གསལ་མི་རྟོག་གཙོར་གྱུར་སྔགས་རྒྱ་དང་། །མཉམ་བཞག་རིམ་པས་སྣང་གསུམ་འོད་གསལ་བཅས། །ལེགས་འབྱངས་དོན་དམ་རྡོ་རྗེའི་བཟླས་པ་ཡིས། །སྲོག་རྩོལ་དབང་དུ་གྱུར་པར་བྱིན་གྱིས་རློབས། །མི་ཤིགས་སྔགས་དང་རླུང་གི་རྫས་ཀྱི་མཐུས། །ཏིང་ངེ་འཛིན་གྱི་སྒྱུ་མ་རབ་ཐོབ་ཅིང་། །རླུང་སེམས་དྭངས་མ་རྡོ་རྗེ་སེམས་དཔའི་སྐུ། །མི་འགྱུར་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །རྫས་སྔགས་རླུང་གི་ཐིག་ལེས་དུག་གསུམ་པོ། །ལམ་བྱེད་ཕྱག་རྒྱ་གསུམ་གྱིས་སྣང་བ་རྣམས། །རྣམ་དག་འོད་གསལ་མངོན་ཏུ་བྱེད་པའི་གྲོགས། །བརྟུལ་ཞུགས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྣང་གསུམ་གྱིས་བསྡུས་ཁམས་གསུམ་སྒྲིབ་པའི་ལྕགས། །འོད་གསལ་འགྱུར་མེད་བདེ་བའི་རྩིས་ཟོས་པས། །ཟུང་འཇུག་གསེར་བཟང་སྒྱུ་འཕྲུལ་དྲྭ་བའི་སྐུ། །བདེན་གཉིས་དབྱེར་མེད་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་འདིའང་རྡོ་རྗེའི་རྣལ་འབྱོར་པ་བླ་མ་ངག་དབང་ཆོས་འཕེལ་གྱི་ཐུགས་བཞེད་ལྟར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་ལྡན་ཛཾ་ཐང་གི་ཆོས་སྡེར་བྲིས་པ་དགེ་ལེགས་འཕེལ།། ༈ །།རྫོགས་ལྡན་བཀའ་དང་བསྟན་བཅོས་མ་ལུས་པར། །རྟོན་པ་བཞི་ཡི་སྣང་བ་ཆེར་རྒྱས་ཏེ། །སྙིང་


LT29_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྟན་པའི་མེ་རོ་སློང་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །བཅོས་མ་གློ་བུར་རང་བཞིན་གཉུག་མ་ཡི། །བདེན་གཉིས་རྒྱལ་ཁམས་རྣམ་པར་དབྱེ་བ་ལ། །ངེས་པ་དོན་གྱི་རྒྱལ་ཚབ་སྣར་ཐང་པ། །རིན་ཆེན་རྒྱ་མཚོའི་ཞབས་ལ༴ རྟོག་གེའི་སྤྱོད་ཡུལ་འཁོར་བའི་རྒྱ་མཚོ་བརྒལ། །རྣལ་འབྱོར་སྤྱོད་ཡུལ་ཞི་བའི་གླིང་དུ་གཤེགས། །ཁྱབ་རྟག་ཕྲིན་ལས་འདོད་རྒུ་ལྷུག་པར་བསྩལ། །བློ་གྲོས་རྣམ་རྒྱལ་ཞབས་ལ༴ རྣམ་གསུམ་ངོ་བོ་ཉིད་མེད་མཁས་པའི་ཕུལ། །འཕོ་བྲལ་བརྟུལ་ཞུགས་མཐར་ཕྱིན་བཙུན་པའི་རབ། །བྱང་ཆུབ་ཐུགས་གཉིས་འབྱངས་པ་བཟང་པོའི་མཆོག །ངག་དབང་ཕྲིན་ལས་ཞབས་ལ༴ འགལ་འདུའི་སྐྱོན་མེད་དོན་དམ་བདེན་གཅིག་པུ། །ཐོས་བསམ་སྒོམ་པའི་སྟོབས་ཀྱིས་ལེགས་རྟོགས་ནས། །འཁྲུལ་ལུགས་ཤན་ཕྱེ་གཤིས་ལུགས་ལ་ཟློ་བ། །ཀུན་བཟང་དབང་པོའི་ཞབས༴ སྟོང་ཆེན་འགྱུར་མེད་ལྔ་ཡི་ཨེ་དབྱིངས་སུ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་ཝཾ། །ཟུང་འཇུག་སྒྱུ་མའི་སྐུར་སྣང་རིག་པ་འཛིན། །ཚེ་དབང་ནོར་བུའི་ཞབས༴ ཐོགས་མེད་ཞལ་གཟིགས་བྱམས་ཆོས་དགོངས་དོན་ལ། །མངའ་བརྙེས་ཕྱིར་མི་ལྡོག་པའི་གཏམ་སྟོན་པ། །ཤེས་བྱ་ཀུན་གཟིགས་མ་ཧཱ་པཎྜི་ཏ། །ཆོས་ཀྱི་འབྱུང་གནས་ཞབས་ལ༴


LT29_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་ལུགས་མཐར་ཐུག་ཕུང་པོ་གསུམ་པའི་དོན། །གངས་རིའི་ལྗོངས་ན་སེང་གེའི་སྒྲས་སྒྲོགས་པའི། །སྤྱན་རས་གཟིགས་དབང་དཔལ་ལྡན་ཀརྨ་པ། །བདུད་འདུལ་རྡོ་རྗེའི་ཞབས་ལ༴ བྱིན་རླབས་སྟོབས་ཀྱིས་སྐལ་ལྡན་གདུལ་བྱ་རྣམས། །རིགས་ཁམས་ཐེག་པ་ཆེན་པོར་སད་པར་མཛད། །མི་ཕམ་མགོན་པོ་བཤེས་གཉེན་ཚུལ་བཟུང་བ། །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །ཡང་ན་ཆོས་ཀྱི་འབྱུང་གནས་རྗེས་སུ། ཆོས་ལྔ་རང་བཞིན་གསུམ་དང་བདག་མེད་གཉིས། །ཐུགས་སུ་ཆུད་ནས་ལེགས་པར་རྣམ་འབྱེད་ཀྱི། །ངེས་དོན་འཁོར་ལོ་ཕྱོགས་མེད་བསྐོར་བ་པོ། །ཚེ་དབང་ཀུན་ཁྱབ་ཞབས་ལ༴ གསོལ་བ་འདེབས། །དྲི་མེད་ལུང་དང་རིག་པའི་མེ་ལྕེ་ཡིས། །སུམ་ལྡན་མར་བཅད་ལྟ་ངན་ཚང་ཚིང་བསྲེགས། །མཐར་ཐུག་དབུ་མའི་ལྟ་བ་སྣང་མཛད་པ། །ཚེ་དབང་མཆོག་གྲུབ་ཞབས་ལ༴ བཅུ་ཕྲག་རིག་པའི་གནས་རྣམས་ཐུགས་སུ་ཆུད། །མཁའ་ཁྱབ་འོད་གསལ་གཉུག་མའི་གྲུབ་མཐའ་སློང་། །མི་ཕམ་མགོན་པོས་བྱིན་རླབས་དབུགས་དབྱུང་ཐོབ། །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གསོལ་བ་འདེབས། གཞན་སྟོང་དབུ་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་འདི་བཞིན་རྣམ་འདྲེན་ངག་དབང་ཆོས་འཕེལ་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ།། ༈ །།སྟོད་འདུལ་ཁ་ཆེ་བརྒྱུད་པའི་སྡོམ་རྒྱུན་གསོ་


LT29_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་ཤཱཀྱ་མུ་ན་ཡེ། །མཚན་ཙམ་ཐོས་པས་བསྐལ་ཆེན་བརྒྱད་ཁྲི་ཡི། །འཁོར་བའི་མཐའ་བསྙིལ་བྱང་ཆུབ་ལམ་བཟང་ལས། །ཕྱིར་མི་ལྡོག་མཛད་སྟོན་པ་ཐུགས་རྗེ་ཅན། །མཉམ་མེད་ཤཱཀྱའི་རྒྱལ་པོར་གསོལ་བ་འདེབས། །ཤེས་རབ་ཅན་མཆོག་འཕགས་པ་ཤཱ་རིའི་བུ། །བསླབ་ལ་གུས་མཆོག་རྒྱལ་སྲས་སྒྲ་གཅན་འཛིན། །གནས་བརྟན་གྲུབ་བརྒྱའི་སྤྱི་མེས་རཱ་ཧུ་ལ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་གསོལ༴ ཉོན་མོངས་དགྲ་བཅོམ་གུ་་མ་ཏི་དང་། །རིག་གྲོལ་བརྒྱད་ལྡན་རནྟ་མི་ཏྲའི་ཞབས། །རིག་པའི་དབང་ཕྱུག་དྷརྨ་བྷ་དྲ་དང་། །གུ་་ས་མུ་དྲ་ལ༴ དྷརྨ་མཱ་ལཱ་བློ་གྲོས་འབྱུང་གནས་སྤས། །རབ་གསལ་རྣམ་འཕྲུལ་པ་ཆེན་ཤཱཀྱ་ཤྲཱི། །རྒྱལ་བསྟན་གསལ་མཛད་འཕགས་པ་བྱང་ཆུབ་དཔལ། །འདུལ་འཛིན་དབང་ཕྱུག་གྲགས་ལ༴ ལྷ་མིའི་གཙུག་རྒྱན་གཞོན་ནུ་བྱང་ཆུབ་དང་། །ཚུལ་ཁྲིམས་ཕུང་པོ་རབ་རྫོགས་ཡོན་རྒྱལ་མཚན། །ཕར་ཕྱིན་དྲུག་ལྡན་ཡོན་ཏན་བློ་གྲོས་དང་། །འཇིགས་བྲལ་སེང་གེ་དཔལ་ལ༴ འཕགས་པའི་སྣང་བརྙན་རབ་འབྱོར་སེང་གེ་དང་། །རིགས་ལྡན་རྣམ་འཕྲུལ་ཆོས་གྲུབ་སེང་གེའི་མཚན། །འཇིག་རྟེན་དབང་ཕྱུག་མི་སྐྱོད་དགའ་བའི་ཞབས། །དཀོན་མཆོག་ཡན་ལག་དཔལ་ལ༴ འབྲེལ་ཚད་དོན་ལྡན་དབང་ཕྱུག་རྡོ་རྗེའི་ཞབས། །


LT29_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་རྡོ་རྗེ་འཆང་དངོས་ཆོས་ཀྱི་དབང་། །མཁས་ཤིང་གྲུབ་པའི་དབང་ཕྱུག་བདུད་རྩིའི་མཚན། །མཁན་ཆེན་རྣམ་རོལ་ཞབས་ལ༴ ཡོངས་རྫོགས་བསྟན་འཛིན་ཆོས་ཀྱི་དོན་གྲུབ་ཞབས། །ཐམས་ཅད་མཁྱེན་གཟིགས་བསྟན་པའི་ཉིན་མོར་བྱེད། །པད་དཀར་འཆང་དངོས་བདུད་འདུལ་རྡོ་རྗེ་དང་། །པདྨ་ཉིན་བྱེད་དབང་པོར༴ ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཞབས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་མཚན། །ཐུབ་བསྟན་སྒོར་གཞུག་མཁན་སློབ་རྣམ་གཉིས་སོགས། །སོ་ཐར་བརྒྱུད་པའི་བླ་མར༴ ངེས་འབྱུང་བསམ་པས་རྒྱལ་བའི་བསྟན་ལ་ཞུགས། །སྡོམ་པ་སྐྱེ་ཤིང་གནས་པའི་མཐུན་རྐྱེན་ཚོགས། །སྤང་དང་འཇུག་པའི་བསླབ་བྱ་རྒྱུད་ལ་འབྱོར། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བྱིན་གྱིས་རློབས། །ལྟུང་བའི་སྒོ་བཞི་དྲན་ཤེས་སོ་པས་བཅད། །ཚུལ་ཁྲིམས་རྒྱལ་མཚན་ཉེས་པའི་དྲིས་མ་གོས། །བསླབ་པ་གསུམ་གྱི་ཕུང་པོ་རབ་རྫོགས་ནས། །ཐུབ་པའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །ནམ་མཁའི་མཐའ་མཉམ་འགྲོ་བ་མ་ལུས་པ། །ཁྱིམ་སྤངས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ཀྱིས། ཚུལ་ཁྲིམས་མཐར་ཕྱིན་གཙང་རྟག་བདེ་བའི་སྐུ། །ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཁོད་ཤོག །ཅེས་པ་འདིའང་བསྟན་པ་དང་དམ་པའི་ཆོས་ལ་རྩེ་གཅིག་ཏུ་འདུན་ཅིང་ལྔ་རིག་སྨྲ་བའི་བློ་གྲོས་གསལ་བ་ཀརྨ་སངས་རྒྱས་ཆོས་འཕེལ་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་


LT29_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་ཀྱི་གཙུག་ལག་ཁང་དུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།ཨེ་མ་ཧོཿནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་དཔག་མེད་མགོན་ཀུན་ཁྱབ་ཆོས་ཀྱི་སྐུ། །སངས་རྒྱས་སྣང་མཐའ་ཡས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ལྷོ་ཕྱོགས་པོ་ཏ་ལ་ཡི་གནས་མཆོག་ཏུ། །འོད་དཔག་མེད་མགོན་ལོངས་སྤྱོད་རྫོགས་པའི་སྐུ། །འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་སུ། །འོད་དཔག་མེད་མགོན་ཐུགས་རྗེ་སྤྲུལ་པའི་སྐུ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྣང་སྲིད་དག་པ་རབ་འབྱམས་ཕོ་བྲང་དུ། །འོད་དཔག་མེད་མགོན་འགྲོ་འདུལ་སྒྱུ་མའི་གར། །མཁས་གྲུབ་ཆགས་མེད་ཡབ་སྲས་ལ་གསོལ་བ་འདེབས། །རྗེ་བཙུན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཚེ་འདིར་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་སྐྱས་ནས། །སངས་རྒྱས་ཞལ་མཐོང་ས་ལམ་ཡོངས་ས་རྫོགས། །བྱང་ཆུབ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གནམ་ཆོས་འོད་ཆོག་བརྒྱུད་འདེབས་སུ་གླིང་རྗེ་བཙུན་མ་འཇམ་དབྱངས་ཚུལ་ཁྲིམས་དབང་མོའི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ། །


LT29_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་ཕྱག་རྒྱ་ཆེན་པོའི་སྟོན་པ་རུ། །རྒྱལ་བས་ལུང་བསྟན་དྭགས་པོ་ལྷ་རྗེའི་མཚན། །གྲོལ་བ་བཞི་ལྡན་ཆོས་རྗེ་ཀརྨ་པ། །རང་བྱུང་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཞབས། །སྙིགས་མའི་དུས་སུ་སངས་རྒྱས་སྐུར་སྣང་བ། །བཀའ་བརྒྱུད་ཀུན་འདུས་པདྨ་ཉིན་མོར་བྱེད། །རྡོ་རྗེའི་ཐུགས་དང་ཡེ་ཤེས་སྐུ་བརྙེས་པ། །དྭགས་པོ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཡང་ཡང་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་བཙུན་ཁྱེད་ཀྱི་སྐུ་དང་མཉམ་པ་དང་། །ཁྱེད་གསུང་བདག་གི་བརྗོད་པར་གྲུབ་པ་དང་། །ཁྱེད་ཀྱི་རྟོགས་པ་བདག་ལ་འཕོ་བར་མཛོད། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཐོག་མེད་དུས་ཀྱི་འཁྲུལ་པ་ཚབས་ཆེ་བས། །རྟག་ཏུ་འགྲོགས་ཀྱང་རང་ཞལ་མ་མཐོང་བར། །ཐེ་ཚོམ་སྙོམ་སྐྱུར་ཁོ་ནས་དུས་འདའ་བའི། །མ་རིག་མུན་པ་བླ་མས་བསལ་དུ་གསོལ། །རང་སེམས་འཁྲུལ་པ་དགྲ་རུ་ཤར་བ་ཡི། །རིགས་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ། །རྟག་ཏུ་སྤྱོད་ཀྱང་ད་དུང་མི་འཚེར་བའི། །སྙིང་སྐྲན་ནད་འདི་བླ་མས་བརྟོལ་དུ་གསོལ། །ལས་མཐའ་ཕྱིར་བཟློག་བདུད་ཀྱི་ལུང་བསྟན་དང་། །ཆོས་བརྒྱད་བསོད་ནམས་ཆོས་མིན་སྟོབས་འབྱོར་དང་། །ཟང་ཟིང་གཡེང་བས་མི་ཚེ་སྟོང་ཟད་པ། །བརྒལ་དཀའི་འཕྲང་ལས་


LT29_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་བསྒྲལ་དུ་གསོལ། །མོས་གུས་ཆུང་ཞིང་དག་སྣང་སྙིང་རྗེ་མེད། །ལས་འབྲས་ཚུལ་ལ་ཡིད་ཆེས་མི་སྐྱེ་བར། །ཆོས་མིན་ལས་ཀྱིས་རྟག་ཏུ་མགོ་འཁོར་བའི། །བདུད་ཀྱི་ཕོ་ཉ་བླ་མས་བཟློག་ཏུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་གདམས་ངག་ལ། །ངེས་ཤེས་རྙེད་པས་རྟོགས་པ་ནང་ནས་བརྡོལ། །གནས་ལུགས་རང་ཞལ་རང་གིས་མཚོན་ནས་སུ། །བློ་བདེའི་གདིང་ཆེན་བླ་མས་སྩལ་དུ་གསོལ། །དངོས་སྣང་ཐམས་ཅད་རྨི་ལམ་སྒྱུ་མ་བཞིན། །བདེན་གྲུབ་རྡུལ་ཙམ་མེད་ཀྱང་འཁོར་བ་རུ། །དར་དྲགས་ཡུན་རིང་སྡོད་པའི་ཆགས་སྡང་མཁན། །ལས་ངན་གཡང་ལས་བླ་མས་བསྲུང་དུ་གསོལ། །དེ་བདག་དངོས་པོ་གདོད་ནས་མ་གྲུབ་པར། །རི་བོང་རྭ་དང་མོ་གཤམ་བུ་ལྟ་བུར། མ་རྟོགས་སྟོང་པའི་མཁའ་ལ་མདུད་པ་བོར། །ཨ་འཐས་རྒྱ་འདི་བླ་མས་བཤིག་ཏུ་གསོལ། །འཁོར་འདས་གཉིས་པོ་རྟོགས་དང་མ་རྟོགས་ལས། །མེད་ཀྱང་སྤང་བླང་དགག་སྒྲུབ་མཚན་མས་བཅིངས། །གནས་ལུགས་དོན་ལ་བློ་གྲོས་རྒྱ་ཆུང་བ། །འདུ་ཤེས་འཆིང་བ་བླ་མས་བཅད་དུ་གསོལ། །ཐ་མལ་དུས་ཀྱི་བཟོ་མེད་རིག་པ་འདི། །ལྷུག་པར་སྐྱོང་ལས་བྱ་རྒྱུ་གཞན་མེད་པར། །རྩོལ་མེད་ཆོས་སྐུའི་ཉི་མ་འཁོར་ཡུག་ཤར། །བློ་འདས་རང་ཞལ་བླ་མས་སྤྲད་དུ་གསོལ། །གང་ཤར་རྟོག་པ་མ་བཅོས་རང་ཐོག་ཏུ། །ཕྱམ་


LT29_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞག་པས་གཉུག་མའི་གཏེར་ཁ་རྡོལ། །དྲན་འཛིན་བློས་བྱས་རྩོལ་བའི་སླད་མེད་པར། །རྟོགས་པའི་སྒྲོན་མེ་བླ་མས་སྦར་དུ་གསོལ། །རྣམ་རྟོག་རྫུན་རིས་ཆུ་ཡི་གཉེར་མ་ཀུན། །སྤང་བླང་མ་དགོས་རིན་ཆེན་གསེར་གླིང་བཞིན། །སྣང་སེམས་སྐུ་དང་ཡེ་ཤེས་ལ་བཟླ་བ། རྟོགས་གྲོལ་དུས་མཉམ་བླ་མས་མཛད་དུ་གསོལ། །བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་དང་། །སྐྱོང་རྒྱུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །རྒྱུད་ལ་འབྱོར་བས་ཚེ་གཅིག་ལུས་གཅིག་ཏུ། བཀའ་བརྒྱུད་བླ་མའི་གོ་འཕང་འགྲུབ་པར་ཤོག །ཅེས་པའང་། ལུགས་གཉིས་མཁྱེན་པའི་སྤྱན་ཡངས་མི་རྗེ་ཀརྨ་ལྷ་དར་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྱམས་མགོན་གཉིས་པའི་གང་ནས་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་ས་ཟླའི་གྲལ་ཚེས་བཅོ་ལྔར་བྲིས་པ་དགེ་ལེགས་འཕེལ།། ༈ །།ཆོས་སྐུའི་ཞིང་དུ་གཟི་བརྗིད་འོད་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་རྣམ་སྣང་གངས་ཆེན་མཚོ། །སྤྱན་རས་གཟིགས་དབང་འགྲོ་འདུལ་སྤྲུལ་པའི་སྐུ། །བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སྲིད་ལས་འདས་ཀྱང་སྲིད་པའི་སྒྱུ་འཕྲུལ་གྱིས། །འཁོར་བ་དོང་སྤྲུགས་སྙིང་རྗེའི་རོལ་པ་ཅན། །གྲོལ་བ་བཞི་ལྡན་མཚུངས་མེད་ཀརྨ་པ། ཐེག་མཆོག་རྡོ་རྗེའི་ཞབས་ལ༴ །བཀའ་བརྒྱུད་ནོར་བུའི་ཕྲེང་བ་མ་ལུས་པའི། །མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་གཟུགས་


LT29_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་བསྟན་པ་ཉིན་མོར་མཛད་པའི་མགོན། །གཙུག་ལག་ཆོས་ཀྱི་སྣང་བར༴ བདེ་བ་ཅན་ཏུ་བྱང་སེམས་ཆོས་ཀྱི་འབྱུང་། །དགའ་ལྡན་གནས་སུ་རྒྱལ་ཚབ་ས་བཅུའི་མགོན། །དགྱེས་མཛད་མར་པ་ལོ་ཙཱའི་སྒྱུ་འཕྲུལ་མཆོག །པདྨ་ཉིན་བྱེད་དབང་པོར༴ སྒྲུབ་བརྒྱུད་བསྟན་འགྲོའི་དཔལ་མགོན་བསམ་བཞིན་ཏུ། །སྲིད་པའི་ཚུལ་བཟུང་པདྨའི་རྣམ་པར་འཕྲུལ། །པདྨས་ལུང་བསྟན་ཏཱ་ཡི་སི་ཏུ་མཆོག །ཀུན་བཟང་ཆོས་ཀྱི་རྒྱལ་པོར༴ འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རང་གཟུགས་ལས། །ངོ་མཚར་རྣམ་ཐར་བསམ་གྱིས་མི་ཁྱབ་པས། །འབྲེལ་ཚད་ཐར་པའི་ལམ་དུ་སྦྱོར་མཛད་པ། །ཀརྨ་ཆགས་མེད་ཞབས་ལ༴ དྲི་མེད་བཤེས་གཉེན་འཇམ་མགོན་ཁྲི་ལྡེའི་ཞབས། །ཡེ་ཤེས་གཅིག་བསྡུས་ཁ་བ་ཅན་ལྗོངས་ན། །འགྲན་ཟླ་ཀུན་བྲལ་མཁས་ཤིང་གྲུབ་པའི་གཙོ། །པདྨ་མདོ་སྔགས་གླིང་པར༴ ངོ་མཚར་གནས་གཏེར་མཛོད་སྒོ་བརྒྱ་ཕྲག་འབྱེད། །གངས་ཅན་བསྟན་འགྲོ་སྐྱོབ་པའི་དཔུང་གཉེན་མཆོག །གཏེར་འབྱིན་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར། །ཨོ་རྒྱན་མཆོག་གྱུར་གླིང་པར༴ དྲི་མེད་ཟླ་ཤར་ཡེ་ཤེས་བརྩེགས་པ་སོགས། །སྐྱེས་རབས་དུ་མར་སྙིང་པོའི་བསྟན་པ་ལ། །རླབས་ཆེན་ཕྲིན་ལས་སྒྲུབ་པ་རྒྱལ་བའི་སྲས། །མཁན་ཆེན་ཟླ་བ་བཟང་པོར༴ ལང་གྲོ་


LT29_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་རཏྣ་གླིང་སོགས་ཀྱི། །ཡེ་ཤེས་སྒྱུ་འཕྲུལ་རྡོ་རྗེའི་ལུང་གིས་བསྔགས། །སྐྱེ་བར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་འཛིན། །བསྟན་འཛིན་ཕྲིན་ལས་ཞབས་ལ༴ དྭགས་པོ་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན། །ཐང་སྟོང་རྒྱལ་སོགས་དམ་པས་བྱིན་བརླབས་ཤིང་། །སྙིང་པོའི་བསྟན་པ་གསལ་མཛད་ཆོས་ཀྱི་རྗེ། །བསམ་གཏན་མཆོག་གི་སྤྲུལ་སྐུར༴ རྒྱལ་བའི་སྤྱན་སྔར་ཐོས་པ་འཛིན་པའི་མཆོག །གུ་རུའི་རྒྱལ་ཚབ་ལོ་ཆེན་རྣམ་སྣང་མཛད། །བསྐལ་བཟང་སངས་རྒྱས་མོས་པར་ལུང་བསྟན་པ། །བློ་གྲོས་མཐའ་ཡས་ཞབས་ལ༴ ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་གཏམས་ཤིང་། །སྨིན་གྲོལ་གདམས་ངག་ཟབ་མོའི་བང་མཛོད་འཆང་། །རིམ་གཉིས་མངོན་པར་རྟོགས་པས་ས་བཅུ་ལ། །བགྲོད། །ཡུལ་འཁོར་སྐྱོང་གི་སྲས་སྟོང་གི་ཐ་ཆུང་དེའོ། པའི་རྣམ་འདྲེན་མཆོག་དེར་གསོལ་བ་འདེབས། །དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་། །མཆོད་འབུལ་སྡིག་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་གསུང་བསྐུལ་ཞིང་བསྐལ་བརྒྱར་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །ཅེས་པ་འདིའང་ཐུན་མོང་རྗེས་འཛིན་གྱི་རིག་པ་ལ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ལྡན་པ་ཀརྨ་བསམ་གཏན་ནས་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། ༈ །།བསྟན་པ་སྤྱིའི་གསོལ་འདེབས་བཀྲ་ཤིས་


LT29_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཞེས་བྱ་བ། ཨེ་མ་ཧོ། ལྷ་མིའི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ། །ཉན་ཐོས་མཆོག་བརྒྱད་གནས་བརྟན་བཅུ་དྲུག་དང་། །བསྟན་པའི་གཏད་རབས་བདུན་ལ་སོགས་པ་ཡི། །སོ་ཐར་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བསྐལ་བཟང་སངས་རྒྱས་སྟོང་དང་སེམས་དཔའ་གཉིས། །སྨན་བླ་མཆེད་བདུན་ཉེ་བའི་སྲས་ཆེན་བརྒྱད། །ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་བརྒྱུད་ཀྱི། །རྒྱལ་བ་སྲས་དང་བཅས་ལ་གསོལ་བ་འདེབས། །རྒྱན་དྲུག་ཆེ་བཞི་རྨད་བྱུང་སློབ་དཔོན་གཉིས། །གྲུབ་ཆེན་བརྒྱད་ཅུ་མཁས་པ་སྒོ་དྲུག་དང་། །ཞི་འཚོ་རྡོ་རྗེ་གདན་པ་ཤཱཀྱ་ཤྲཱི། །རྒྱ་གར་མཁས་གྲུབ་རྣམས་ལ༴ ཀུན་བཟང་རིགས་ལྔ་སྟོན་པ་བཅུ་གཉིས་དང་། །རྡོར་སེམས་དགའ་རབ་ཤྲཱི་སེང་བི་མ་ལ། །རྒྱལ་ཀུན་འདུས་ཞལ་པད་འབྱུང་ཡབ་ཡུམ་སོགས། །རྫོགས་ཆེན་བརྒྱུད་པ་རྣམས་ལ༴ རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་ཁུ་དབོན་ཞབས། །ཀར་འབྲུག་འབྲི་སྟག་ཚལ་པ་འབའ་རོམ་སོགས། །ཕྱག་ཆེན་བརྒྱུད་པ་རྣམས་ལ༴ ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་པ། །རིན་ཆེན་བརྩོན་འགྲུས་དབོན་སྟོན་གཉན་སྟོན་རྗེ། །སངས་རྒྱས་སྟོན་པ་མཁས་གྲུབ་རྣམ་གསུམ་སོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ༴ ཆོས་རྒྱལ་བདུན་དང་རིགས་ལྡན་སུམ་ཅུ་ལྔ། །དུས་ཞབས་ཆེ་ཆུང་ཀུན་མཁྱེན་ཡབ་སྲས་བཞི། །


LT29_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་བའི་མགོན་པོ་ལ་སོགས་པ། །སྦྱོར་དྲུག་བརྒྱུད་པ་རྣམས་ལ༴ འབྲོག་མི་ལོ་ཙཱ་འཇམ་དབྱངས་བདུན་བརྒྱུད་དང་། །ཀུན་དགའ་རྣམ་གཉིས་གཡག་རོང་གོ་ཤཱཀ་སོགས། །ས་ངོར་རྫོང་གསུམ་དཔལ་ལྡན་ཚར་པ་ཡི། །ལས་འབྲས་བརྒྱུད་པ་རྣམས་ལ༴ དཔལ་ལྡན་ཨ་ཏི་ཤ་དང་ཁུ་རྡོག་འབྲོམ། །རྒྱལ་སྲས་སྐུ་མཆེད་གསུམ་དང་བྱ་ཡུལ་བ། །གླང་རི་ཐང་པ་འབྱུང་གནས་རྡོ་རྗེ་སོགས། །བཀའ་གདམས་བརྒྱུད་པ་རྣམས༴ དམ་པ་རྒྱ་གར་ལབ་ཀྱི་སྒྲོན་མ་དང་། །བཀའ་བབ་བུ་ཆེན་བཅུ་དྲུག་ལ་སོགས་པ། །དམ་ཆོས་སྡུག་བསྔལ་ཐམས་ཅད་ཞི་བྱེད་དང་། །གཅོད་ཡུལ་བརྒྱུད་པ་རྣམས་ལ༴ དགེ་སློང་དཔལ་མོ་པ་ཆེན་རྣམ་པ་གཉིས། །པེ་ཉ་བ་དང་བྱང་སེམས་ཟླ་རྒྱལ་ཞབས། །རྒྱལ་སྲས་ཐོགས་མེད་སྙག་ཕུ་བ་ལ་སོགས། །སྨྱུང་གནས་བརྒྱུད་པ་རྣམས་ལ༴ ཀླུ་སྒྲུབ་ཡབ་སྲས་ཟླ་གྲགས་ཞི་བ་ལྷ། །པ་ཚབ་ལོ་ཙཱ་འཇམ་དབྱངས་ཙོང་ཁ་པ། །རྒྱལ་ཚབ་གཙང་པ་བདུན་བརྒྱུད་ལ་སོགས་པ། །དབུ་མ་བརྒྱུད་པ་རྣམས་ལ༴ ཐོགས་མེད་སྐུ་མཆེད་རིན་འབྱུང་མཻ་ཏྲི་པ། །གཟུ་བཙན་རྣམ་གཉིས་ཀུན་མཁྱེན་རང་བྱུང་བ། །ཆོས་གྲགས་རྒྱ་མཚོ་ཆོས་ཀྱི་འབྱུང་གནས་སོགས། །ངེས་དོན་བརྒྱུད་པ༴ རྗེ་འབངས་ཉེར་ལྔ་ཉང་གུར་རྒོད་ལྡེམ་ཅན། །གླིང་པ་བཅུ་གཅིག་དྲི་མེད་སྡེ་ལྔ་དང་། །ནུས་ལྡན་ཉི་ཤུ་རྩ་གཅིག་ལ་སོགས་པ། །ཟབ་


LT29_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བརྒྱུད་པ་རྣམས་ལ༴ སོ་ཟུར་གནུབས་གསུམ་དམ་གཙང་བྱམས་གསུམ་དང་། །རོང་ཟོམ་ལོ་ཙཱ་སྣང་སོག་གངས་གསུམ་དང་། །ཀརྨ་ཆགས་མེད་ཀུན་བཟང་ཤེས་རབ་སོགས། །མདོ་སྒྱུ་སེམས་བརྒྱུད་རྣམས་ལ༴ བཻ་རོ་ཀ་ཅོག་ཞང་གསུམ་རིན་ཆེན་བཟང་། །གསང་ཕུའི་སེང་ཆེན་བརྒྱད་དང་རིན་ཆེན་གྲུབ། །བོ་དོང་འཇིགས་བྲལ་ཆེ་སོགས་བོད་ཡུལ་གྱི། །མཁས་གྲུབ་སྐྱེས་མཆོག་རྣམས་ལ༴ སྲོང་བཙན་སྒམ་པོ་ཁྲི་སྲོང་ལྡེའུ་བཙན་དང་། །མངའ་བདག་ཁྲི་རལ་ཡེ་ཤེས་འོད་ལ་སོགས། །སར་གནས་བྱང་སེམས་ཁྱིམ་པའི་ཚུལ་འཛིན་པ། །བསྟན་སྐྱོང་ཆོས་རྒྱལ་རྣམས་ལ༴ མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས། །ཕྱོགས་བཅུ་དུས་གསུམ་གཤེགས་ཤིང་བཞུགས་རྣམས་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ངན་སོང་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཚེ་བསོད་དཔལ་འབྱོར་རྒྱས་པར༴ བསམ་དོན་ཆོས་བཞིན་འགྲུབ་པར༴ གཟུང་འཛིན་འཁྲུལ་པ་ཞིག་པར༴ ལས་ངན་སྡིག་སྒྲིབ་དག་པར༴ རང་བྱུང་ཡེ་ཤེས་མཐོང་བར༴ གཉུག་མའི་གཏན་སྲིད་ཟིན་པར༴ འབྲེལ་ཚད་དོན་དང་ལྡན་པར༴ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས།


LT29_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདིའང་དད་ལྡན་རྡོ་སྟོད་དཔོན་མོ་བཀྲ་ཤིས་ལྷ་མོའི་ཐུགས་བཞེད་ལྟར། ཡོན་ཏན་རྒྱ་མཚོས་ཆོ་འཕྲུལ་ཟླ་བའི་ཚེས་ཆེན་བཅོ་ལྔར་གཡུ་ཐོག་རྣམ་རྒྱལ་དགོན་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཀུན་འདུས་ཕྱག་འཚལ་མཆོག་དགའི་འདོད་འཇོ་བཞུགས་སོ། །བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས། །མོས་པའི་བུ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །མདུན་གྱི་ནམ་མཁར་དགྱེས་པ་ཆེན་པོས་བཞུགས། །ཕྱག་འཚལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སངས་རྒྱས་ཀུན་དངོས་སྤངས་རྟོགས་མ་ལུས་རྫོགས། །དམ་ཆོས་ཀུན་འདུས་ཐར་པའི་སྒྲོན་མེ་མཆོག །དགེ་འདུན་ཀུན་གྱི་འབྱུང་གནས་བཀའ་དྲིན་ཅན། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་འདས་ཀུན་གྱི་སྤྱི་གཞི་ཐོག་མའི་མགོན། །ཀུན་བཟང་འོད་མི་འགྱུར་ལ་ཕྱག་འཚལ་ལོ། །རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་རྒྱལ་བ་རིགས་ལྔར་ཕྱག་འཚལ་ལོ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་དང་། །དཔལ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །མཚན་ཐོས་བསྐལ་ཆེན་བརྒྱད་ཁྲིའི་འཁོར་བ་བསྙིལ། །སྟོན་པ་ཐུགས་རྗེ་ཅན་ལ༴ མཚན་ཙམ་ཐོས་པས་ངན་འགྲོའི་སྐྱེ་སྒོ་གཅོད། །རིན་ཆེན་གཙུག་ཏོར་ཅན་ལ༴ རྡོ་རྗེ་རབ་འཇོམས་རི་དབང་རྒྱལ་པོ་སོགས། །བདེ་གཤེགས་སུམ་ཅུ་སོ་ལྔར༴ འཁོར་བ་འཇིག་དང་བྱམས་པ་སྣང་མཛད་


LT29_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །སྐལ་བཟང་སངས་རྒྱས་སྟོང་ལ༴ བློ་གྲོས་མི་ཟད་རིན་ཆེན་རྒྱལ་མཚན་སོགས། །རྨད་བྱུང་སངས་རྒྱས་བརྒྱད་ལ༴ བཅོམ་ལྡན་མི་འཁྲུགས་པ་དང་ཚེ་དཔག་མེད། །མགོན་པོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོ་རབ་ཏུ་འདུལ་བ་སོགས། །ཁྱད་འཕགས་སངས་རྒྱས་བཅུ་ལ༴ རིན་ཆེན་རྒྱལ་བའི་མཛོད་སོགས་ངོ་མཚར་བའི། །བདེ་བར་གཤེགས་པ་བརྒྱད་ལ༴ མཚན་ལེགས་གསེར་བཟང་སྨན་གྱི་བླ་མ་སོགས། །འགྲོ་སྐྱོབ་རྒྱལ་བ་བདུན་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་གནས་དགའ་བའི་དཔལ་ལ་སོགས། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ༴ འཇམ་དབྱངས་སྤྱན་རས་གཟིགས་དབང་རྡོ་རྗེ་འཛིན། །རྒྱལ་སྲས་རིགས་གསུམ་མགོན་ལ༴ ས་སྙིང་ནམ་སྙིང་སྒྲིབ་སེལ་ཀུན་བཟང་སོགས། །ཉེ་བའི་སྲས་ཆེན་བརྒྱད་ལ༴ འཇིགས་པ་ཀུན་སྐྱོབ་འཕགས་མ་སྒྲོལ་མ་དང་། །ཡིད་བཞིན་འཁོར་ལོའི་ཞབས་ལ༴ སངས་རྒྱས་གཉིས་པ་འཆི་མེད་རྡོ་རྗེའི་སྐུ། །པད་འབྱུང་ཡབ་ཡུམ་གཉིས་ལ༴ ཡན་ལག་འབྱུང་དང་སྒྲ་གཅན་འཛིན་ལ་སོགས། །འཕགས་པའི་གནས་བརྟན་རྣམས་ལ༴ མདའ་བསྣུན་ལཱུ་དྲིལ་ནག་པོ་པ་ལ་སོགས། །གྲུབ་ཆེན་བརྒྱད་ཅུ་རྩ་བཞིར༴ ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སྐུ་མཆེད་སོགས། །བསྟན་པའི་གསལ་བྱེད་རྣམས་ལ༴ བཻ་རོ་ཆོས་རྒྱལ་ཀ་ཅོག་ཞང་གསུམ་སོགས། །


LT29_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འབངས་ཉི་ཤུ་ལྔ་ལ༴ ཏེ་ལོ་ནཱ་རོ་མར་པ་མི་ལ་དང་། །དྭགས་པོ་དུས་མཁྱེན་རྣམས་ལ༴ འགྲོ་མགོན་རས་ཆེན་སྤོས་བྲག་པ་ལ་སོགས། །དོན་བརྒྱུད་གསེར་ཕྲེང་རྣམས་ལ༴ གངས་ཅན་མགོན་པོ་རྒྱལ་བ་ཀུན་གྱི་དངོས། །དཔལ་ལྡན་ཀརྨ་པ་ལ༴ དམ་པ་རྒྱ་གར་མ་གཅིག་ལབ་སྒྲོན་སོགས། །གཅོད་ཡུལ་བརྒྱུད་པ་རྣམས་ལ༴ འཇིག་རྟེན་དབང་ཕྱུག་ཀརྨ་ཆགས་མེད་དང་། །ཚེ་དབང་ནོར་བུའི་ཞབས་ལ༴ ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་དང་། །མི་འགྱུར་རྡོ་རྗེའི་ཞབས་ལ༴ རོལ་པའི་རྡོ་རྗེ་རྟ་མགྲིན་མགོན་པོ་དང་། །རྡོ་རྗེ་དྲག་པོ་རྣམས་ལ༴ རྡོ་རྗེ་འཆང་དངོས་སྙིགས་དུས་འགྲོ་བའི་མགོན། །པདྨ་ཉིན་བྱེད་དབང་པོར༴ གཉགས་ཆེན་སྤྲུལ་པ་བསླབ་པ་གསུམ་གྱི་གཏེར། །བསྟན་པ་རབ་རྒྱས་ཞབས་ལ༴ པདྨ་བཛྲ་དཀྱིལ་འཁོར་ཚོམ་བུ་དགུ། །བླ་མ་དགོངས་འདུས་ལྷ་ལ༴ ཕོ་བྲང་དགུ་ཀློང་ཡེ་ཤེས་རྣམ་དགུའི་སྐུ། །སྒྲུབ་པ་བཀའ་བརྒྱད་ལྷ་ལ༴ སངས་རྒྱས་ཀུན་གྱི་ཕྲིན་ལས་སྟོབས་འདུས་པ༴ རྡོ་རྗེ་ཕུར་པའི་ལྷ་ལ༴ ཞི་བ་ཞེ་གཉིས་ཁྲག་འཐུང་ལྔ་བཅུ་བརྒྱད། །དམ་པ་རིགས་བརྒྱའི་ལྷ་ལ༴ པདྨ་འོད་འབར་མེ་ཕྲེང་སེང་གདོང་མ། །དཀོན་མཆོག་སྤྱི་འདུས་ལྷ་ལ༴ དུས་ཀྱི་འཁོར་ལོ་སྒྱུ་འཕྲུལ་ཞི་ཁྲོ་སོགས། །གཉིས་མེད་ལྷ་ཚོགས་རྣམས་ལ༴ བདེ་མཆོག་དགྱེས་རྡོར་མ་ཧཱ་མཱ་ཡ་སོགས། །མ་རྒྱུད་ལྷ་ཚོགས་རྣམས་ལ༴


LT29_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་གཤེད་དམར་འཇིགས་བྱེད་ལ་སོགས་པའི། །ཕ་རྒྱུད་ལྷ་ཚོགས་རྣམས་ལ༴ རྡོར་དབྱིངས་དཔལ་མཆོག་རྩེ་མོ་ཀུན་རིག་སོགས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ལ༴ རྣམ་སྣང་མངོན་བྱང་ཨ་ར་པ་ཙ་སོགས། །སྤྱོད་རྒྱུད་ལྷ་ཚོགས་རྣམས་ལ༴ རྣམ་རྒྱལ་མ་དང་གཙུག་ཏོར་དྲི་མེད་སོགས། །བྱ་རྒྱུད་ལྷ་ཚོགས་རྣམས་ལ༴ རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་སོགས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ལ༴ རྣམ་སྲས་ཛཾ་ལྷ་དཀར་སེར་དམར་ནག་དང་། །ལྷ་མོ་དཔལ་ཆེན་མོ་ལ༴ མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །ཡེ་ཤེས་ཆོས་སྐྱོང་རྣམས་ལ༴ ཤཱཀྱ་མུ་ནི་མི་བསྐྱོད་རྡོ་རྗེ་སོགས། །བདེ་གཤེགས་སྐུ་གཟུགས་རྣམས་ལ༴ འདུལ་བ་མདོ་སྡེ་གསང་བ་སྔགས་ཀྱི་སྡེ། །གསུང་རབ་དམ་ཆོས་རྣམས་ལ༴ གནས་བརྒྱད་མཆོད་རྟེན་ཆ་བརྒྱད་ལ་སོགས་པའི། །སྐུ་གདུང་རིང་བསྲེལ་རྣམས་ལ༴ ཕྱོགས་བཅུའི་ཕྱག་བྱར་འོས་པ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སྒོ་གསུམ་ལོངས་སྤྱོད་དུས་གསུམ་དགེ་བས་མཆོད། །མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགས། །འཁོར་འདས་དགེ་ཚོགས་ཀུན་ལ་ཡི་རང་ངོ་། །བསྐལ་པ་རྒྱ་མཚོར་མྱ་ངན་མི་འདའ་བར། །དམ་པའི་ཆོས་ཀྱི་འཁོར་ལོར་བསྐོར་དུ་གསོལ། །བསོད་ནམས་བླ་མེད་བྱང་


LT29_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཆེན་པོར་བསྔོ། །བདག་གཞན་འགྲོ་བའི་སྒྲིབ་གཉིས་མྱུར་བྱང་ནས། །ཚོགས་ཆེན་གཉིས་རྫོགས་ལམ་ལྔ་ས་བཅུ་བགྲོད། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །འཕོས་མ་ཐག་ཏུ་འོད་དཔག་མེད་ཀྱི་ཞིང་། །ནུབ་ཕྱོགས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེས། །སངས་རྒྱས་ཞལ་མཇལ་ལུང་བསྟན་མཆོག་ཐོབ་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་བྱེད་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་གང་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་པ་འདིའང་དགེ་སློང་ཀརྨ་མཆོག་དགའ་ནས་འདོད་སྐུལ་ནན་བསྐྱར་ངོར་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ།


LT29_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ་ཞེས་བྱ་བ་བཞུགས་སོ།། །།


LT29_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱའི་སི་ཏུ་པདྨའི་ལྗགས་ལྡན་དྲུག་གི་ཐོག་མར་བྱོན་པ་རྡོ་རྗེ་འཆང་པདྨ་དབང་ཆེན་ལ་གསོལ་བ་འདེབས་པ་མོས་གུས་ཀྱི་ཆུ་སྐྱེས་རྣམ་པར་རྒྱས་པ་ཞེས་བྱ་བ། །པདྨཱ་ཀ་ར་འགྲོ་འདུལ་རྡོ་རྗེའི་གར། །ཐུབ་བསྟན་ཉིན་མོར་བྱེད་པའི་དཔལ་དུ་ཤར། །དབང་ཕྱུག་བརྒྱད་ལྡན་གདོད་མའི་མགོན་པོ་མཆོག །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །དག་པ་གཉིས་ལྡན་ཀུན་ཁྱབ་ཆོས་སྐུའི་མཁར། །ངེས་པ་ལྔ་ལྡན་ལོངས་སྐུའི་གསང་བ་གསལ། །མཁྱེན་པ་གཉིས་ལྡན་སྤྲུལ་སྐུའི་འདུ་འཕྲོ་ཅན། །སངས་རྒྱས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །ས་བཅུའི་དབང་ཕྱུག་བྱམས་ཆེན་འཇམ་པའི་དབྱངས། །མཚོ་སྐྱེས་རྡོ་རྗེ་མ་ཧཱ་ཀཱ་ལ་སོགས། །སྙིགས་དུས་སྐྱབས་


LT29_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྤྲུལ་པའི་སྐུར་བཞེངས་པ། །པདྨའི་མཚན་ཅན་རྡོ་རྗེ་འཆང་ལ་འདུད། །ཤེས་དང་ཤེས་བྱའི་དབྱིངས་སུ་བྱང་ཆུབ་བཞིས། །ཆོས་དབྱིངས་རྒྱས་པར་རྣམ་ཐར་སྤྲིན་བཀོད་ནས། །གདུལ་བྱ་ཕྱོགས་གཅིག་འདུལ་བའི་ཐབས་མཁས་ཀྱང་། །དུས་གསུམ་ཐོག་མཐའ་མེད་པར་སྟོན་ལ་འདུད། །ཡུལ་གྱི་དགེ་བཅུ་པདྨོས་གང་བའི་རྫིང་། །དུས་གསུམ་མཁྱེན་སོགས་རྒྱལ་བ་འབྱུང་བའི་ཞིང་། །དོན་མཐུན་ཡིད་ལྷུང་ས་ཡི་ཐིག་ལེ་རུ། །བསམས་བཞིན་སྐྱེ་བའི་སྲིད་པ་བཟུང་ལ་འདུད། །སྤྲུལ་པའི་འཁོར་ལོར་དབང་མདོག་སྨེ་བས་སྤྲས། །དུང་གི་མགྲིན་ལྡན་སྟག་ཤམ་རེ་ཁཱ་བཀྲ། །རྡོ་རྗེའི་གསང་གསུམ་འགྱུར་བ་མེད་པའི་


LT29_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྡས། །ལུང་ཟིན་སྐྱེས་བུར་འཁྲུལ་མེད་མཚོན་ལ་འདུད། །ཐེག་མཆོག་ཆོས་ཀྱི་སྒྲ་སྒྲོགས་སྐྱེ་ལྔ་བ། །ཕྲིན་ལས་ལྷུན་གྲུབ་དར་གྱི་འཕུར་ལྡིང་ཅན། །མཚན་གྱི་ཡི་གེ་དང་བཅས་ཨོ་རྒྱན་རྗེས། །དཔལ་ལྡན་དཔའ་བོའི་ཕྱག་ཏུ་བསྩལ་ལ་འདུད། །སྔོན་གནས་མཁྱེན་དང་དམ་པའི་སྤྱོད་པ་ཡིས། །བསྟན་པའི་ཉིན་བྱེད་སླར་ཡང་འཆར་བ་ཉིད། །ངེས་པ་རྙེད་ནས་ཞབས་སེན་ནོར་བུའི་ཏོབ། །ལྷར་བཅས་སྐྱེ་དགུའི་གཙུག་ཏུ་བཅིངས་ལ་འདུད། །ལུང་རྟོགས་དཔལ་གྱིས་སྤུངས་པའི་ཆོས་ཀྱི་སྡེ། །ས་སྤྱོད་ཡིད་དགའ་ཆོས་འཛིན་སེང་གེའི་ཁྲིར། །འོད་དཔག་མེད་དངོས་གར་གྱི་དབང་ཕྱུག་གིས། །མངའ་གསོལ་ཤིས་བརྗོད་མེ་ཏོག་འཐོར་ལ་འདུད། །སྐྱེས་ཐོབ་ཆོས་ཀྱི་སྤྱན་རས་རྡུལ་མེད་པས། །བརྡ་བསྟན་ཙམ་གྱིས་ཆོས་ཀྱི་གཏིང་སླེབ་ཀྱང་དྲང་བའི་དོན་ཏུ་སྦྱོར་བྱུང་མཐའ་ཡས་པས། །ཐམས་ཅད་མཁྱེན་པའི་གོ་སར་འཛེགས་ལ་འདུད། །བོད་ཡུལ་དབུས་འགྱུར་འཆང་དུ་ཞབས་པད་བཀོད། །ཞིང་མཆོག་རྣམས་ལ་ཚོགས་གཉིས་གོང་དུ་སྤེལ། །གནས་ཆེན་རྣམས་ལ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །བཟང་པོ་སྤྱོད་པའི་དོན་ཀུན་གྲུབ་ལ་འདུད། །སྐྱེས་པའི་རབས་སུ་འབྲེལ་བ་བླ་མའི་མཆོག །འཇིག་རྟེན་


LT29_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དཔལ་ལྡན་ཀརྨ་པས། །རྒྱལ་ཚབ་སྲས་ཀྱི་ཐུ་བོར་མངའ་གསོལ་ཏེ། །དོན་བརྒྱུད་ནོར་བུའི་མཛོད་ཁང་གཏད་ལ་འདུད། །འབྲུག་ཆེན་ཆོས་ཀྱི་སྣང་བ་ཡབ་སྲས་སོགས། །སར་གནས་སྤྲུལ་པའི་ཡོངས་འཛིན་ཚུལ་བཞིན་བསྟེན། །བསླད་མེད་སྨིན་གྲོལ་བདུད་རྩིའི་ཆུ་ཀླུང་གིས། །ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ལ་འདུད། །སོ་ཐར་སྡོམ་པའི་ནོར་བུར་གཅེས་སྤྲས་ཀྱིས། །ཐུབ་པའི་རྒྱལ་མཚན་ཉེས་ལྟུང་དྲིས་མ་གོས། །ཚུལ་ཁྲིམས་དྲི་བཟང་ཁོར་ཡུག་ཀུན་ཏུ་ཁྱབ། །སྐྱེ་བོ་ཚད་མེད་བསྟན་ལ་བཀོད་དེར་འདུད། །བྱང་ཆུབ་སེམས་ལ་ཐོག་མེད་ནས་གོམས་པས། །ཉིན་མཚན་རྟག་ཏུ་གཞན་ཕན་འབའ་ཞིག་ལས། །རང་དོན་བགྱི་བ་རྡུལ་ཙམ་མ་མཆིས་པ། །མ་འདྲིས་སྐྱེ་དགུའི་མགོན་ཏུ་གྱུར་ལ་འདུད། །ལྔ་ཕྲག་ལྔ་ཡི་བགྲང་བྱར་ཕེབས་པ་ནས། །ཁྱེར་སོ་གསུམ་གྱི་གྲུབ་མཐར་རབ་སྙོགས་ཏེ། །འཁྲུལ་སྣང་དག་པའི་འཁོར་ལོར་བྱང་ཆུབ་པས། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གྱུར་ལ་འདུད། །ཚིག་ཙམ་མིན་པ་རྟོགས་གྲོལ་དུས་མཉམ་སྟེ། །རྩ་ཐིག་རླུང་གསུམ་ཡེ་ཤེས་དབུ་མར་དག །འོད་གསལ་ཕྱག་རྒྱ་ཆེན་པོར་འདུ་འབྲལ་མེད། །གཞན་རྒྱུད་བྱིན་གྱིས་རློབ་པར་


LT29_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ་འདུད། །ཆོས་བརྒྱད་འཆིང་གྲོལ་དམན་ལ་ལྷག་པར་བརྩེ། །གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་འཕར་དབྱེ། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །ཚར་གཅོད་རྗེས་འཛིན་ལྷུན་གྱིས་གྲུབ་ལ་འདུད། །ལྐོག་གྱུར་གནས་དང་གཞན་སེམས་མངོན་སུམ་མཁྱེན། །སྲ་མཁྲེགས་རྡོ་ལ་ཞབས་ཀྱི་རྗེས་མང་བྱོན། །ཤུལ་རིང་གནས་སུ་རབ་གནས་ཟང་ཐལ་ཕོབས། །རྫུ་འཕྲུལ་ཆོ་འཕྲུལ་བསྙོན་མེད་སྟོན་ལ་འདུད། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་གསང་པ་གཟིགས། །མཐུ་ལྡན་དྲི་ཟའི་རྒྱལ་པོས་ཞབས་ལ་བཏུད། །གང་སྐུའི་སྙིགས་མ་ཙམ་གྱིས་ནད་གདོན་སེལ། །གྲུབ་པ་བྱེ་བའི་གཙུག་རྒྱན་གྱུར་ལ་འདུད། །བོད་ཁམས་བདེ་བའི་ཕྲིན་ལས་རླབས་ཆེན་བསྒྲུབས། །བསོད་ནམས་ཚོགས་ཆེན་ཕྱོགས་མཐའ་ཡས་པ་བསགས། །སྒྲུབ་བརྒྱུད་བསྟན་སྲོག་ཕྱོགས་རེར་མིན་པར་བཟུང་། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་རྒྱལ་པོར་འདུད། །ལ་ལ་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་། ཁ་ཅིག་སྤོང་དང་ཀློག་པའི་གནས་ལ་བཀོད། །གཞན་དག་དགེ་རྩ་སྣ་རེའི་ས་བོན་བསྐྲུན། །འབྲེལ་ཚད་དོན་དང་ལྡན་པར་མཛད་ལ་འདུད། །ཁྱད་པར་ཕྱག་ན་པདྨོ་བཅུ་བཞི་པ། །ཆོས་ཀྱི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་ཏེ། །ཐུབ་བསྟན་ཇི་སྲིད་


LT29_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྒྱུན་མི་འཆད། །རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ལ་འདུད། །ཤིང་ཕོ་རྟ་ནས་ཆུ་མོ་གླང་གི་བར། །བརྒྱད་ཅུ་སྙེད་དུ་གཞན་གྱི་དོན་མཛད་ནས། །རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བའི་སླད། །མྱ་ངན་འདའ་བའི་དུས་མཁྱེན་དེ་ལ་འདུད། །དྲི་བཟང་ངད་འཐུལ་འཇའ་ཚོན་བླ་རེ་བྲེས། །ས་ཆེན་གཡོ་ཞིང་ལྷ་ཡི་རྔ་སྒྲ་བསྒྲགས། །སྐུ་གཟུགས་ཡིག་འབྲུ་གདུང་གི་དྲངས་མར་བྱོན། །ངོ་མཚར་ཆོ་འཕྲུལ་ཚད་མེད་སྟོན་ལ་འདུད། །བརྟན་མཁས་ཡོན་ཏན་ཀུན་ལྡན་གནས་བརྟན་ཚུལ། །བསྡུ་བཞི་ཕྱིན་དྲུག་རྒྱལ་སྲས་སྤྱོད་མཐར་སོན། །རྡོ་རྗེ་འཛིན་པ་ཀུན་གྱི་རིགས་ཀྱི་བདག །བསྟན་འཛིན་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །བྱམས་མགོན་རྡོ་རྗེ་འཆང་གིས་རྗེས་བཟུང་ནས། །སྲས་ཀྱི་ཐུ་བོར་དབུགས་དབྱུང་བསྩལ་གྱུར་ཅིག །ལོག་ལྟ་ཐུགས་འགལ་སྐད་ཅིག་མི་འབྱུང་བར། །རྙེད་བཀུར་སྒྲུབ་པས་མཉེས་པ་མཐར་ཕྱིན་ཏེ། །སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་ཐོབ་ཅིང་། །ཕྲིན་ལས་ནམ་མཁའི་མཐའ་མཉམ་སྤེལ་བྱེད་ཤོག །མ་གྱུར་འགྲོ་ཀུན་བླ་མའི་གོ་འཕང་ལ། །མ་འཁོད་བར་དུ་རྣམ་ཐར་ཚད་མེད་པས། །འཁོར་


LT29_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོང་ནས་སྤྲུགས་པའི་དཔལ་དུ་བདག །ཀུན་བཟང་འཇམ་མགོན་སྤྱན་རས་གཟིགས་མཚུངས་ཤོག །རྒྱལ་བསྟན་སྤྱི་དང་དགྱེས་མཛད་སྤྲུལ་པའི་སྐུའི། །བསྟན་པའི་ཉི་མ་མི་འགྲིབ་ཕྱོགས་བརྒྱར་འཆར། །ལུང་རྟོགས་ནོར་བུའི་སྐྱེད་ཚལ་ཉམས་དགའ་བར། །རྣམ་གྲོལ་བཅུད་ཀྱིས་སྐྱེ་དགུ་འཚོ་གྱུར་ཅིག །ཐུན་མོང་གི་རྣམ་པར་ཐར་པ་ཕྱོགས་གཅིག་ལས་བརྩམས་པའི་ཚིགས་སུ་བཅད་པ་འདི་རང་སློབ་ལྔ་རིག་སྨྲ་བ་ཀརྨ་མཐུ་སྟོབས། །སྒྲུབ་བརྩོན་ཀརྨ་ལྷ་དཔལ་སོགས་ཀྱིས་རིང་ནས་བསྐུལ་ཞིང་། ཉེ་ཆར་དད་བརྩོན་མཆོག་ལྡན་སྒྲུབ་བླ་མ་ཀརྨ་དོན་གྲུབ་ནས་བཀྲ་ཤིས་པའི་ལྷ་རྫས་བཅས་ཆེ་ཐང་དུ་བསྐུལ་བའི་ངོར། བྱམས་མགོན་བླ་མས་རྗེས་སུ་བཟུང་བའི་བཀའ་འབངས་ཀྱི་ཐ་ཤལ་པ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཤིང་ཡོས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་དད་པ་ཆེན་པོས་གསོལ་བ་བཏབ་པའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་ཚེ་དབང་དོན་གྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། ༈ །།ཀམ་ཚང་ཆོས་སྤྱོད་ཞལ་སྐོང་རྒྱལ་དབང་བཅུ་བཞི་པའི་གསོལ་འདེབས་བཞུགས་སོ། །སྲིད་ཞིའི་ཁྱབ་བདག་གཟི་བརྗིད་འོད་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་རྣམ་སྣང་སྤྱན་རས་གཟིགས། །གངས་ཅན་མགོན་པོའི་སྐུར་བཞེངས་ཀརྨ་པ། །ཐེག་མཆོག་རྡོ་རྗེའི་ཞབས་ལ་གསོལ་


LT29_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །མཁའ་ཁྱབ་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། །ཞིང་ཁམས་ཀུན་དང་ཁྱད་པར་ཛམ་གླིང་འདིར། །དམིགས་མེད་ཐུགས་རྗེའི་རང་གཟུགས་ཡང་ནས་ཡང་། །སྐལ་པའི་སྣོད་བཞིན་འཆར་ལ༴ གསུང་གི་འཁོར་ལོར་དབང་ཆེན་གྲུབ་པའི་སྐུ། །ཕྱི་ནང་རྟེན་འབྲེལ་འགྲོས་མཚུངས་རྡོ་རྗེའི་ལུང་། །བསླུ་མེད་སྒྲུབ་བརྒྱུད་པད་ཚལ་རྒྱས་པ་ཡི། །སྣང་བྱེད་ཐོག་མར་བཞད་ལ༴ རྗེའུའི་རིགས་སཱ་ལ་ཆེན་པོར་སྲིད་པ་བཟུང་། །དགུན་དུས་པད་སྡོང་ཡལ་ག་བརྒྱ་ལྡན་འཁྲུངས། །དྲི་བཟང་ངད་པས་ཁོར་ཡུག་ཀུན་ཏུ་ཁྱབ། །མཐོང་ཐོས་སྤྲོ་བ་བསྐྱེད་ལ༴ སྔོན་གནས་རྗེས་དྲན་གསང་གསུམ་ངོ་མཚར་གྱིས། །སྙིང་རྗེའི་དབང་ཕྱུག་དཔལ་ལྡན་ཀརྨ་པར། །ཡོངས་སུ་གྲགས་ཏེ་ལྷར་བཅས་འཇིག་རྟེན་གསུམ། །དབུགས་འབྱིན་ཆེན་པོ་སྩལ་ལ༴ ཐམས་ཅད་མཁྱེན་པར་གཟོད་ནས་གྲུབ་གྱུར་ཀྱང་། །དྲང་བའི་དོན་ཕྱིར་རིག་གནས་མདོ་རྒྱུད་ལ། །སྦྱངས་པའི་ཚུལ་བསྟན་མཁྱེན་གཉིས་དཀྱིལ་འཁོར་རྒྱས། །རྟོག་འཁྲུལ་མུན་པ་སེལ་ལ༴ འཁྲུལ་མེད་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན། །ལུང་རྟོགས་ནོར་བུའི་མཛོད་ལ་རང་དབང་སྒྱུར། །ལྷག་པའི་བསླབ་པ་ཡོངས་འདུའི་གྲིབ་བསིལ་དུ། །ལུས་ཅན་ངལ་གསོ་སྦྱིན་ལ༴ དོན་


LT29_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བྱང་ཆུབ་སྙིང་པོའི་རྒྱལ་ཐབས་ཆེར། །རྡོ་རྗེ་སེང་གེའི་ཁྲི་ལ་ཞབས་བཞུགས་ཏེ། །འདུལ་བ་རྣམ་བཞིའི་ཕྲིན་ལས་མཐའ་ཡས་པ། །རྒྱལ་བ་ཉིད་དང་མཚུངས་ལ༴ མ་ངེས་རིགས་ཅན་གདུལ་བྱའི་བློར་འཚམས་པ། །འཁོར་ལོ་གསུམ་གྱི་མཛད་པའི་ཆོ་འཕྲུལ་གྱིས། །མཐའ་དབུས་སྐྱེ་དགུ་མཐོང་ཐོས་དྲན་རེག་ཀུན། །རྣམ་གྲོལ་ལམ་དུ་བཀོད་ལ༴ ཉི་ཟླའི་བགྲོད་པ་སྒྲ་གཅན་དབྱིངས་སུ་དག །ཡེ་ཤེས་ཉིན་བྱེད་གསལ་འགྲིབ་མེད་པ་ཤར། །ཏིང་འཛིན་སྒོ་བརྒྱར་སྙོམས་པར་འཇུག་ཅིང་ལྡང་། །ལྷན་སྐྱེས་གྲུབ་པའི་རྒྱལ་པོར༴ རིགས་དང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་བསྡུ། །སྐལ་ལྡན་ཡོངས་ལ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱུད་དང་དེ་སྒྱོར་གསང་བ་ཀུན་གྱི་བདག །རྡོ་རྗེ་འཆང་དངོས་ཁྱོད་ལ༴ བཅུ་ཕྲག་བདུན་ལ་རྒྱལ་བའི་རྗེས་འགྲོ་བའི། །མཛད་པ་མཐར་ཕྱིན་རྟག་ལྟ་སུན་དབྱུང་ཕྱིར། །དབང་ཆེན་ཐོབ་པའི་ཡ་མཚན་ལྟས་དང་བཅས། །གདུལ་བྱ་གཞན་དོན་དགོངས་ལ༴ ཡེ་ཤེས་སྐུ་མཆོག་ནམ་མཁའི་མཐའ་དང་མཉམ། །གཞོམ་མེད་གསུང་དབྱངས་སོ་སོའི་སྐད་དུ་སྟོན། །ཟབ་གསལ་དགོངས་པ་ཤེས་བྱ་ཀུན་ལ་ཁྱབ། །མཉམ་པ་ཉིད་གསུམ་བརྙེས་ལ༴ ཚད་མེད་ཐུགས་རྗེའི་སྒྱུ་འཕྲུལ་


LT29_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པ་བཞིན། །འཁོར་བ་སྲིད་དུ་ཕྲིན་ལས་མི་ཟད་པས། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་བསྐྱེད་དང་། །སྨོན་ལམ་རྨད་དུ་བྱུང་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པས། །རྗེས་བཟུང་རྣམ་ཐར་ཕྲིན་ལས་མཉམ་ཉིད་དུ། །གྱུར་ནས་མཁའ་ཁྱབ་འགྲོ་བ་མ་ལུས་པ། །བྱང་ཆུབ་ཆེན་པོའི་ས་ལ་འགོད་ནུས་ཤོག །ཅེས་འཇིག་རྟེན་གསུམ་གྱི་མགོན་པོ་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན་པ་རྒྱལ་དབང་བཅུ་བཞི་པའི་རྣམ་ཐར་རྗེས་སུ་དྲན་པའི་གསོལ་འདེབས་འདིའང་། སྐྱབས་གཅིག་འཁོར་ལོའི་དབང་ཕྱུག་བྱམས་མགོན་ཏཱའི་སི་ཏུ་མཆོག་གི་སྤྲུལ་པའི་སྐུ་པདྨའི་ལྗགས་ལྡན་གཉིས་པའི་བཀའ་ལུང་སྤྱི་བོར་མཆོད་ནས། རྒྱལ་བ་མཐིང་དམར་ཅོད་པན་འཆང་བཟུང་གིས་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པ་འདུ་གསུམ་པ་བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།རྒྱལ་བ་ཀུན་གྱི་ནུས་པའི་སྒྱུ་འཕྲུལ་དང་། །ཡེ་ཤེས་ཐུགས་རྗེ་གཅིག་བསྡུས་སྙིགས་དུས་ཀྱི། །འགྲོ་མགོན་པདྨ་ཉིན་བྱེད་དབང་པོའི་སྡེ། །བཀའ་བརྒྱུད་བཅུད་འདུས་དེ་ལ་གསོལ་བ་འདེབས། །མགོན་དེའི་རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱི། །ཤིང་རྟ་མཆོག་གྱུར་ཐོས་བསམ་སྒོམ་གསུམ་དང་། །


LT29_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་རྩོད་རྩོམ་གསུམ་མཁས་བཙུན་བཟང་གསུམ་གྱིས། །རྒྱལ་བསྟན་གསལ་མཛད་རྣམས་ལ་གསོལ་བ་འདེབས། །ཉི་དང་འོད་བཞིན་སྲས་ཀྱི་ཐུ་བོའི་ཚུལ། །དམ་པའི་མགོན་གྱིས་རྗེས་བཟུང་དམ་པ་ཡི། །རྣམ་ཐར་མཆོག་འཆང་སུམ་ལྡན་རྡོ་རྗེ་འཛིན། །སྐྱབས་དང་མགོན་གྱུར་རྣམས་ལ་གསོལ་བ་འདེབས། །སྡོམ་གསུམ་བདུད་རྩིའི་དྭངས་བཅུད་སྩོལ་མཛད་ཅིང་། །བདག་བློ་ཆོས་ལ་སྒྱུར་བའི་བཀའ་དྲིན་ཅན། །རྗེ་བཙུན་པདྨ་སློབ་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་ཀུན་སྲས་བཅས་རྒྱལ་བས་རྗེས་བཟུང་ཞིང་། །ཐར་པའི་ལམ་ལ་བར་ཆད་མི་འབྱུང་བར། །བཟང་པོ་སྤྱོད་པས་བྱང་ཆུབ་ཚོགས་རྫོགས་ཏེ། །བླ་མ་ཆོས་སྐུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དད་ལྡན་སྔགས་འཆང་ནང་ཆེན་ཀརྨ་བཀྲ་ཤིས་རྒྱ་མཚོ་ནས་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཀུན་མཁྱེན་བྱམས་མགོན་ཆོས་ཀྱི་འབྱུང་གནས་ཀྱི། །ཐུགས་ཀྱི་སྲས་མཆོག་གནས་ལྔ་སྨྲ་བའི་དབང་། །གྲུབ་ཆེན་ག་ཡ་དྷ་རའི་ཐུགས་སྤྲུལ་ཏེ། །འབེ་ལོ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །བསྐལ་མང་གོང་ནས་བྱང་


LT29_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཐུགས་བསྐྱེད་ཅིང་། །ཐེག་ཆེན་རིག་སད་ཚོགས་གཉིས་དཔག་མེད་བསགས། །སྐྱེ་ཀུན་དམ་པའི་མགོན་གྱིས་རྗེས་སུ་བཟུང་། །རྒྱལ་སྲས་ཐུ་བོའི་ཞབས་ལ༴ ངེས་པར་འབྱུང་བའི་ཚུལ་ཁྲིམས་ས་གཞི་བརྟན། །གཞན་ཕན་བྱང་སེམས་ནོར་བུའི་འཁྲི་ཤིང་ཕྱུག །བདེ་སྟོང་ཨེ་ཝཾ་འབྲས་བུའི་རྒྱས་བཏབ་པ། །སུམ་ལྡན་རྡོ་རྗེ་འཛིན་ལ༴ སྐྱེས་སྦྱངས་འགྲན་ཟླ་བྲལ་བའི་ལུས་སྟོབས་རྒྱས། །སྒྲ་དང་ཚད་མའི་མཆེ་སྡེར་ཤིན་ཏུ་རྣོ། །བཟོ་དང་གསོབ་རལ་པའི་ཁུར་གྱིས་ཕྱུག །མི་ཡི་སེང་གེའི་ཞབས་ལ༴ འཆད་ན་ལེགས་བཤད་བདུད་རྩིའི་ཐང་མ་བརྡལ། །རྩོད་ཚེ་མ་ལུས་ཕྱོགས་ལས་རྣམ་པར་རྒྱལ། །རྩོམ་པ་ཟབ་རྒྱས་ཚིག་དོན་སྔོན་མེད་སྤྲོ། །སྨྲ་བའི་དབང་ཕྱུག་ཞབས་ལ༴ རིག་པའི་གནས་ཆེན་བཅོ་བརྒྱད་ལ་སོགས་པ། །ཤེས་བྱའི་གནས་ཀུན་མ་འདྲེས་ཐུགས་སུ་ཆུད། །འཇིག་རྟེན་གསལ་བྱེད་མ་ཧཱ་པཎྜི་ཏ། །ཚེ་དབང་ཀུན་ཁྱབ་ཞབས་ལ༴ ཁྱད་པར་ཀླུ་ཐོགས་རྣམ་གཉིས་བཞེད་པའི་གཞུང་། །ངེས་དོན་དབུ་མ་ཆེན་པོའི་གནས་རྣམས་ལ། །ལྐོག་ཏུ་མ་གྱུར་མཁྱེན་པའི་སྤྱན་རས་ཡངས། །ཐེག་ཆེན་སྒྲོན་མའི་ཞབས་ལ༴ སྒྲོལ་མགོན་ཞབས་དང་བསྟན་པའི་ཉིན་བྱེད་ཀྱི། །གསང་བ་འཛིན་


LT29_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྟན་པ་སྤེལ་བ་ལ། །ཁྱོད་དང་མཚུངས་པ་འགའ་ཡང་མ་མཆིས་པ། །འཕགས་ཆེན་དམ་པའི་ཞབས་ལ༴ རྒྱུད་སྡེ་སྤྱི་དང་ཁྱད་པར་གཤིན་རྗེ་གཤེད། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ལ་སོགས་པ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པའི། །གྲུབ་པའི་དབང་ཕྱུག་ཞབས་ལ༴ གསུང་གི་ཟེགས་མ་ཆ་ཤས་རེ་རེས་ཀྱང་། །ངེས་གསང་གནད་བརྒྱ་བདེ་བླག་སྣང་བྱེད་པ། །ལུང་རྟོགས་རོལ་པའི་མཚོ་ཆེན་ཟབ་གསང་ནོར། །འདོད་རྒུའི་འབྱུང་གནས་ཞབས་ལ༴ སྐྱེ་བ་ཀུན་ཏུ་ཆོས་ཀྱི་སྣང་བ་དང་། །ཉི་དང་འོད་བཞིན་འབྲལ་བ་མེད་ཚུལ་གྱིས། །དམ་ཆོས་སྤེལ་ཞིང་འགྲོ་མང་སྨིན་མཛད་པ། །སར་གནས་སེམས་དཔའི་ཞབས་ལ༴ གསོལ་བཏབ་མཐུ་ལས་བདག་སོགས་འགྲོ་བ་ཀུན། །རྟག་ཏུ་དགེ་བའི་བཤེས་ཀྱིས་ཟིན་ནས་ཀྱང་། །དྲི་མེད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ཐམས་ཅད་མཁྱེན་པའི་གྲོང་དུ་འཇུག་གྱུར་ཅིག །འཁོར་གསུམ་རྣམ་དག་ཚོགས་རབ་རྫོགས་པ་དང་། །ཀུན་ལ་མ་རྨོངས་ཤེས་བྱའི་སྣང་བ་རྒྱས། །དོན་གཉིས་མཐར་ཕྱིན་རྡོ་རྗེའི་སྐུ་བརྙེས་པའི། །བཀྲ་ཤིས་དཔལ་གྱིས་འཇིག་རྟེན་མཛེས་བྱེད་ཤོག །ཅེས་ཤེས་བྱ་ཀུན་ལ་བློ་གྲོས་ཡངས་པ་དྲུང་ཀརྨ་འགྱུར་མེད་ཀྱིས། རྗེ་འདིའི་ཡོན་ཏན་ལ་རྒྱུ་མཚན་ཤེས་ནས་དད་ས་ཐོབ་སྟེ་ཚུལ་འདི་ཡང་


LT29_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ནན་དུ་བསྐུལ་བའི་ངོར། འདུ་གསུམ་པ་ཝཱ་གཱི་ཤྭར་ས་དབེན་པ་ཟླ་མཛེས་སུ་ཤུར་མར་བྲིས་པ་དགེ་ལེགས་འཕེལ།། ༈ །།ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། །ཀརྨ་བཀའ་བརྒྱུད་ཡོངས་ཀྱི་བཞེད་པའི་མཐིལ། །འོད་གསལ་འགྱུར་མེད་ཐེག་མཆོག་སེང་གེའི་སྒྲ། སྒྲོགས་མཛད་དཔལ་ལྡན་བླ་མ་གསོལ་བ་འདེབས། །ཚོགས་གཉིས་བསགས་པས་བསླབ་གསུམ་རྣམ་པར་དག །མོས་གུས་སྟོབས་ཀྱིས་རང་བྱུང་བདེན་དོན་གཟིགས། །སྨོན་ལམ་མཐུ་ལས་ཀུན་མཁྱེན་ཇོ་ནང་པའི། །བསྟན་པའི་མེ་རོ་བསླངས་དེར་གསོལ་བ་འདེབས། །གློ་བུར་དྲི་མས་སྟོང་པའི་དེ་བཞིན་ཉིད། །བླ་མེད་ཡོན་ཏན་ཆོས་ཀུན་ལྷུན་གྲུབ་པ། །སོ་སོ་རང་གི་རིག་པའི་ཤེས་རབ་ཀྱིས། །གཞི་འབྲས་དབྱེར་མེད་རྟོགས་ལ༴ གཞན་ཕན་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན། །ཕྱིན་དྲུག་བསྡུ་དངོས་གཞི་ཡི་ཡལ་ག་བརྒྱད། །དོན་གཉིས་ལྷུན་གྲུབ་སྙེ་མ་གཡུར་དུ་ཟ། །སྐྱེས་ཆེན་དཔག་བསམ་དབང་པོར༴ རིམ་གཉིས་ཞུ་བདེ་པྲ་ཕབ་ཡེ་ཤེས་ཀྱིས། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཕྱག་རྒྱ་རེ། །འགྱུར་མེད་རྡོ་རྗེ་བདེ་བའི་སྲོག་གྲུབ་པ། །སྙིང་པོའི་རྣལ་འབྱོར་མ་ཚིག་


LT29_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དེར༴ ཀུན་བཏགས་འཁྲུལ་པས་བསླད་པའི་རབ་རིབ་ཁམས། །གཞན་དབང་རྫུན་བརྟོལ་ལྟ་སྒོམ་ཐུར་མས་བསལ། །ཡོངས་གྲུབ་ཡེ་ཤེས་དག་པའི་མིག་ཆེན་པོས། །མཆོག་གཟིགས་དྲིན་ཆེན་བླ་མར་གསོལ་བ་འདེབས། །རྡོ་རྗེ་སེམས་དཔའ་སྒྲོལ་བའི་མགོན་པོ་ཡི། །དགོངས་སྤྱོད་ཉི་མའི་ཤིང་རྟ་འདྲེན་སླད་དུ། །ཚེ་དབང་གྲུབ་པའི་རྒྱལ་དང་དབྱེར་མེད་པར། །གསང་གསུམ་བརྟན་ཞིང་ཕྲིན་ལས་རབ་རྒྱས་ཤོག །ཅིས་པ་འདིའང་མཁྱེན་རབ་ཡངས་པ་བླ་མ་ངག་དབང་རྒྱ་མཚོས། དཔལ་ཇི་ཐང་གི་ཆོས་སྡེའི་ཚོགས་འདོན་ཏུ་འཛུགས་རྒྱུའི་དགོངས་བཞེད་ལྟར། ལྟོམ་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་ས་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། ༈ །།རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ནི། །གང་ཐུགས་ཟབ་གསལ་གཉིས་སུ་མེད་པར་གཅིག །བླ་མ་འཇམ་དཔལ་དཔའ་བོར་གསོལ་བ་འདེབས། །གདོད་མའི་ཡེ་ཤེས་སད་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་བརྩེ་བའི་ཐུགས་རྗེ་ནི། །གང་ཐུགས་དམིགས་པ་མེད་པའི་སྙིང་རྗེའི་ངང་། །བླ་མ་སྤྱན་རས་གཟིགས༴ གཟུགས་སྐུའི་ནུས་པ་རྫོགས་པར༴ རྒྱལ་བ་ཀུན་གྱི་ནུས་པའི་མཐུ་སྟོབས་ནི། །གང་གི་འགྲོ་འདུལ་ཕྲིན་ལས་ངང་དུ་མཉམ། །བླ་མ་གསང་བའི་བདག་པོར༴ མཁའ་ཁྱབ་འགྲོ་བ་འདུལ་བར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་གྱི་རྣམ་ཐར་


LT29_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་སྤྲིན། །དཔལ་ལྡན་བླ་མའི་གསང་བ་གསུམ་ལ་རྫོགས། །ཀུན་བྱེད་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །བསམ་ཡས་རྣམ་ཐར་བརྙེས་པར་བྱིན་གྱིས་རློབས། །རྩ་གསུམ་སྒྱུ་འཕྲུལ་དྲ་བའི་འཁོར་ལོ་ཡང་། །འགྱུར་མེད་བདེ་བ་ཆེན་པོའི་དབྱིངས་སུ་ཤར། །ཁྱབ་བདག་རྡོ་རྗེ་སེམས་དཔར༴ གསང་གསུམ་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །མདོར་ན་སྲིད་ཞིའི་གཟུགས་བརྙན་མ་ལུས་པ། །དབྱིངས་ལས་སྤྲོ་ཞིང་ཁྱོད་ཀྱི་དབྱིངས་སུ་སྡུད། །དང་པོའི་སངས་རྒྱས་བླ་མར་གསོལ་པ༴ རང་སེམས་རང་དབང་ཐོབ་པར་བྱིན་གྱིས་རློབས། །དམ་ཚིག་ལམ་ལས་དབང་བཞིའི་རྩལ་རྫོགས་ཏེ། །མཐའ་ཡི་དབུགས་རྣམས་དབུ་མའི་ཐིག་ལེར་འགགས། །ཕྱག་རྒྱ་ཆེན་པོས་རྟག་ཏུ་འཁྱུད་གྱུར་པ། །ཧེ་རུ་ཀ་དཔལ་ཚེ་འདིར་འགྲུབ་པར་ཤོག །ཅེས་པ་འདིའང་ཟབ་མོའི་རྣལ་འབྱོར་ལ་གཞོལ་བ་ཡོན་ཏན་ཕུན་ཚོགས་ཀྱིས་གསུང་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། ༈ །།རྡོ་རྗེའི་ལུས་ལས་ཟབ་མོའི་གནས་ལུགས་རྟོགས། །མོས་གུས་ལམ་གྱིས་རྟོགས་པའི་ཡེ་ཤེས་བརྙེས། །ཟུང་འཇུག་རྣལ་འབྱོར་ཆེན་པོའི་རྒྱལ་ཐབས་པ། །ཀརྨ་བདེ་གསལ་ཞབས་ལ༴


LT29_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་སྐྱེ་འགག་གནས་བྲལ་རང་གི་སེམས། །གཉུག་མ་ལྷན་ཅིག་སྐྱེས་པའི་དེ་བཞིན་ཉིད། །བཅིང་གྲོལ་མེད་པ་དུས་གསུམ་རྒྱལ་བའི་ཡུམ། །དོན་དམ་བདེན་པ་མངོན་སུམ་རྟོགས་པར་ཤོག །རེ་དོགས་མི་བྱ་གང་ཤར་ངོ་བོ་སྐྱོང་། །རྣམ་རྟོག་མི་དགག་གང་སྐྱེ་ཐད་དཀར་གཅོད། །བཟང་ངན་མི་གདམ་གང་བྱུང་སེམས་སུ་བསྒོམ། །གསལ་རིག་རྒྱུན་ཆད་མེད་པར་རྟོགས་པར་ཤོག །མོས་གུས་དྲག་པོས་ཐུགས་ཡིད་གཅིག་ཏུ་འདྲེས། །ཤུགས་འབྱུང་སྙིང་རྗེས་སྣང་སེམས་དབྱེར་མེད་ཐིམ། །གེགས་གོལ་མེད་པ་རྣམ་རྟོག་ཆོས་ཀྱི་སྐུར། །བཅོས་མིན་ངེས་པ་ནང་ནས་རྙེད་གྱུར་ཅིག །ཅེས་སྒོ་ནས་སྒྲུབ་ཆེན་དབུ་རལ་ཅན་གྱི་ངོར་ཡོན་ཏན་རྒྱ་མཚོས་ཁྲ་འགུ་བཀྲ་ཤིས་ཆོས་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཨོཾ་སྭ་སྟི། །བདེན་དོན་ངག་ལ་འཕོ་མེད་དབང་ཐོབ་པས། །བྱང་ཆུབ་ཆོས་ཀྱི་འཕེལ་བ་རབ་རྫོགས་ཏེ། །སྤངས་རྟོགས་རྒྱ་མཚོར་ལོངས་སུ་སྤྱོད་པ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་མཐུས། །མི་མཐུན་ཉེས་བརྒྱའི་སྤྲིན་ན་རིས་དབྱིངས་སུ་ཡལ། །དགེ་ལེགས་མཛད་པའི་འོད་སྟོང་མཁའ་ཁྱབ་བརྡལ། །སྙིང་


LT29_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྟན་པའི་པད་ཚལ་རྒྱས་བྱེད་ཤོག །བདག་སོགས་སྐྱེ་བ་ཀུན་ཏུ་དམ་པ་ཡིས། །རྗེས་བཟུང་ཟབ་མོ་ནང་གི་དབུ་མ་དང་། །རྡོ་རྗེའི་རྣལ་འབྱོར་རྟོགས་པའི་སྣོད་གྱུར་ནས། །ཆོས་རྗེ་ཡབ་སྲས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྣམ་འདྲེན་དམ་པ་ངག་དབང་ཆོས་འཕགས་ནས་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་ཛམ་ཐང་གི་ཆོས་སྒར་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ཀྱི། །གསུང་སྤྲུལ་བདེ་ཆེན་སྙིང་པོ་ལ་སོགས་པ། །དམ་པས་རྗེས་བཟུང་དམ་པའི་རྣམ་ཐར་ཅན། །སྙིང་པོའི་བསྟན་འཛིན་མཆོག་ལ་གསོལ་བ་འདེབས། །ལྷག་པའི་ཚུལ་ཁྲིམས་བསླབ་པས་ཉེས་སྤྱོད་སྤངས། །ལྷག་པའི་སེམས་ཀྱི་བསླབ་པས་དགེ་ཆོས་སྡུད། །ལྷག་པའི་ཤེས་རབ་བསླབ་པས་གཞན་ཕན་བརྩོན། །སངས་རྒྱས་བསྟན་འཛིན་མཆོག་ལ་གསོལ་བ་འདེབས། །རྒྱུད་སྡེ་མང་པོའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །རྫོགས་རིམ་ཆོས་དྲུག་མྱོང་ཚང་གཏན་ལ་ཕེབ། །རང་སེམས་ཆོས་སྐུ་ཕྱག་རྒྱ་ཆེན་པོར་རྟོགས། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་ལ་གསོལ་བ་འདེབས། །ཚུལ་འཆོས་སྒྱུ་བྲལ་མ་བཅོས་ལྷུག་པར་སྤྱོད། །གཟའ་གཏད་


LT29_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྤངས་སྣང་བ་ཐད་ཀར་གཅོད། །བརྩོན་འགྲུས་ཕུལ་ཕྱིན་ཨ་བདྷཱུ་ཏི་པ། །རྡོ་རྗེ་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །ཐུགས་རྗེའི་མཐུ་དང་མོས་པའི་རྟེན་འབྲེལ་ལས། །དགོངས་པའི་ལྷག་མ་ཆོས་ཀྱི་དབྱིངས་སུ་རྫོགས། །བདག་ཀྱང་གྲོལ་བ་བཞི་ཡིས་འགྲོ་སྒྲོལ་བའི། དེད་དཔོན་བླ་མེད་བླ་མའི་དཔལ་ཐོབ་ཤོག །ཅེས་བླ་མ་རྡོ་རྗེ་སློབ་དཔོན་གང་ལ་གསོལ་བ་འདེབས་པ་འདིའང་དད་དང་ཤེས་རབ་ཀྱི་ནོར་ཅན་ཀརྨ་དབང་ཕྱུག་ནས་ཆེད་དུ་བསྐུལ་བ་ལྟར། །དེ་ཉིད་ཀྱི་བཀའ་དྲིན་ཆེན་པོས་ཀྱང་བསྐྱངས་པ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་རི་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁན་ཆེན་བླ་མ་བྱང་སེམས་ཟླ་བ་བཟང་པོ་ལ་གསོལ་བ་འདེབས་པ་མ་ལ་ཡའི་དྲི་བསུང་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་ཀརྨ་ཀཾ་ཚང་ངེས་དོན་གྱི། །བསྟན་པ་དྲི་མེད་མཁྱེན་བརྩེ་ནུས་པ་ཡིས། །རབ་ཏུ་རྒྱས་མཛད་རྗེ་བཙུན་བླ་མ་ལ། །རྩེ་གཅིག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དྲི་མེད་ཟླ་ཤར་ཡེ་ཤེས་བརྩེགས་ལ་སོགས། །མཁས་གྲུབ་ཚར་དུ་དངར་བའི་རྣམ་རོལ་གྱིས། །སྙིང་པོའི་བསྟན་དང་དེ་ཡི་གདུལ་བྱའི་དོན། །དུས་གསུམ་རྟག་པར་མཛད་ལ་གསོལ་བ་འདེབས། །དལ་འབྱོར་སྡོང་པོར་བསླབ་གསུམ་ཡལ་ག་རྒྱས། །བྱང་ཆུབ་སེམས་ཀྱི་མེ་ཏོག་ཀུན་ནས་འཛུམ། །གྲུབ་


LT29_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུས་སྐལ་ལྡན་རིས་མེད་པར། །ཐར་ལམ་བཅུད་སྦྱིན་མཛད་ལ༴ པདྨའི་རྒྱལ་ཚབ་པདྨ་དབང་ཆེན་སོགས། །མཚན་ལྡན་བླ་མར་མཉེས་པ་མཆོག་ཏུ་བསྒྲུབས། བསགས་དང་སྦྱངས་པའི་བཏུལ་ཞུགས་མཐའ་རུ་ཕྱིན། །རླབས་ཆེན་ཚོགས་གཉིས་རྫོགས་ལ༴ རྨད་བྱུང་བཟང་པོ་སྤྱོད་པའི་ཕ་རོལ་སོན། །ངོ་མཚར་ཕྲིན་ལས་འབྲེལ་ཚད་དོན་དང་ལྡན། །སྙིང་པོའི་བསྟན་ལ་སྲི་ཞུ་རླབས་ཆེན་མཛད། །སྐལ་ལྡན་བསྡུ་བཞིས་སྐྱོབ་ལ༴ ལྷ་སྐུའི་གསལ་སྣང་བརྟན་པས་ཡེ་ཤེས་ཕེབས། །རང་བྱིན་རླབས་ཀྱིས་རྡོ་རྗེའི་ལམ་མཆོག་བགྲོད། །དོན་དམ་ཆོས་ཉིད་མངོན་སུམ་གཟིགས་པ་ཡིས། །ཕྱག་རྒྱ་ཆེ་མཆོག་གྲུབ་ལ། །བརྟན་མཁས་ཡོན་ཏན་ཀུན་ལྡན་གནས་བརྟན་གཙོ། །གཞན་ཕན་བདུད་རྩིས་རྒྱུད་བརླན་བྱང་སེམས་མཆོག །རིམ་གཉིས་རྣལ་འབྱོར་མཐར་ཕྱིན་རྡོ་རྗེ་འཛིན། །དཀྱིལ་འཁོར་དབང་ཕྱུག་ཉིད་ལ༴ མི་ཕྱེད་གུས་པས་གསོལ་བ་བཏབ་པའི་མཐུས། །སྐྱེ་ཀུན་དཔལ་ལྡན་བླ་མས་རྗེས་སུ་བཟུང་། །རྡོ་རྗེ་གསུམ་དང་དབྱེར་མེད་མཆོག་གྲུབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་སྤར་གྱི་རིག་བྱེད་འཛིན་པ་ཀརྨ་ལེགས་ལྡན་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་


LT29_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྡེས་གུས་པ་ཆེན་པོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།སྤྲུ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །རྣམ་ཐར་བསམ་ཡས་སྙིགས་དུས་བསྟན་འགྲོའི་མགོན། །མཆོག་གྱུར་གླིང་པའི་ཞབས་ལ་གསོལ་བ་འདེབས། །གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང་། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་དེ། །བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་མཐའ་ཡས་པས། །འདུལ་བཞིའི་ཆོ་འཕྲུལ་སྟོན་ལ༴ ཁྱད་པར་གངས་ཅན་མངའ་བདག་ཁྲི་སྲོང་རྗེའི། །སྲས་ཀྱི་ཚུལ་བཟུང་མཆོག་གི་དངོས་གྲུབ་བརྙེས། །སངས་རྒྱས་གླིང་སོགས་རྨད་བྱུང་ངོ་མཚར་བའི། །སྒྱུ་འཕྲུལ་གར་བརྒྱས་རོལ་ལ༴ ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །རྣམ་


LT29_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང་། །ཁྱད་པར་གསུམ་ལྡན་ཁྱོད་ལ༴ མདོ་སྟོད་ས་ཡི་ཐིག་ལེར་བསམ་བཞིན་ཏུ། །སྐྱེ་བ་བཞེས་ནས་གཞོན་ནུའི་སྐབས་སྲ་ཡང་། །ཕལ་པའི་ཡུལ་འདས་དམ་པའི་རྣམ་ཐར་སད། །དད་ལྡན་སྒྲོ་བ་སྐྱེད་ལ༴ བཅུ་གསུམ་བཞེས་ཚེ་ཨོ་རྒྱན་དངོས་སུ་མཇལ། །ཟབ་གཏེར་རྗེས་གནང་སྩལ་ནས་བྱིན་གྱིས་བརླབས། །ལྷ་སྲས་ཐུགས་དམ་རྟེན་སོགས་དངོས་གྲུབ་ཐོབ། །དགོངས་གཏེར་ཀློང་ནས་བརྡོལ་ལ༴ ཀར་འབྲུག་འབྲི་སྟག་ཡབ་སྲས་གཙོར་གྱུར་པའི། །རེས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན། །མཉེས་པ་གསུམ་གྱིས་མདོ་སྔགས་བདུད་རྩིའི་བཅུད། །ཐུགས་ཀྱི་དཔལ་བེར་བསྐྱིལ་ལ༴ པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས། །བརྡ་ཡིས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །གེགས་སེལ་དངོས་གྲུབ་བརྙེས་ལ༴ ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང་། །ཡབ་སྲས་འབྲེལ་པའི་ལས་ཀྱི་འཕྲོ་སད་ནས། །ཐུགས་ཡིད་གཅིག་འདྲེས་ངོ་མཚར་རྟེན་འབྲེལ་གྱི། །སྒོ་འཕར་བརྒྱ་ཕྲག་ཕྱེད་ལ༴ སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །དྲང་དེས་ཆོས་ལ་ལྐོག་ཏུ་མ་གྱུར་པས། །མཁས་དང་གྲུབ་པར་རློམས་


LT29_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཟིལ་གནོན་པའི། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ༴ ས་སྤྱོད་གསུང་གི་འཁོར་ལོ་ལ་སོགས་པར། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་མཐར་ཕྱིན་ཏེ། །འཁྲུལ་བཞིག་ཅིང་ལས་བཞི་རང་དབང་འབྱོར། །གྲུབ་པའི་གཙུག་རྒྱན་གྱུར་ལ༴ དག་པའི་སྣང་བར་པདྨ་འོད་ཞིང་དུ། །ཡང་ཡང་ཕེབས་ནས་བླ་མ་སྐུ་གསུམ་དང་། །རྗེ་འབངས་ཚོགས་བཅས་བསྙེན་སྒྲུབ་རྣམ་བཞི་མཛད། །དབང་བསྐུར་ལུང་བསྟན་ཐོབ་ལ༴ རྒྱལ་བ་རྒྱལ་སྲས་ཡི་དམ་དཔག་མེད་གཟིགས། །མཁའ་འགྲོ་རྣམས་དང་ཚོགས་ཀྱི་འདུ་བར་རོལ། །དམ་ཅན་གཏེར་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴ བླ་མ་སྐོར་གསུམ་སྒྲུབ་སྡེ་ཞི་དང་ཁྲོ། །མཉམ་སྦྱོར་མདོ་སྒྱུ་རྫོགས་ཆེན་སྡེ་གསུམ་སོགས། །སྔོན་ཆད་ས་སྟེང་མ་བྱོན་ཆོས་རྟེན་གྱི། །ནོར་བུའི་མཛོད་ཆེན་ཕྱུངས་ལ༴ མདོ་ཁམས་གནས་ཆེན་ཉེར་ལྔ་གཙོར་གྱུར་པའི། །གནས་མཆོག་བརྒྱ་རྩའི་ཞལ་རས་དངོས་བརྒྱུད་ནས། །སྣང་བར་མཛད་ཅིང་སྐྱེ་དགུ་མཐའ་ཡས་པ། །ཐར་པའི་ཁ་ལོ་སྒྱུར་ལ༴ ཀར་འབྲུག་ཡབ་སྲས་སྔ་འགྱུར་བསྟན་འཛིན་མཆོག །གངས་ཅན་དཔལ་མགོན་རྣམས་ཀྱིས་གཙོར་མཛད་དེ། །རིས་མེད་སྐྱེས་ཆེན་ཀུན་གྱིས་


LT29_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་བཏུད། །བླ་མའི་བླ་མར་གྱུར་ལ༴ ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ་ཡིས། །རྩ་བའི་ཆོས་བདག་རྣམ་བཅུའི་ཐོག་དྲངས་ཏེ། །མངའ་རིས་དབུས་གཙང་མདོ་ཁམས་མཐའ་དབུས་སུ། །ཟབ་གཏེར་ཕྲིན་ལས་སྤེལ་ལ༴ གནས་མཆོག་རྣམས་ལ་རྡོ་རྗེའི་བྱིན་ཆེན་ཕབ། །སྡེ་བརྒྱད་འབྱུང་པོར་བཀའ་ནན་རབ་བརྗིད་སྩལ། །ས་གནད་ཀུན་ཏུ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །སྙིགས་མའི་སྐལ་ངན་ཟློག་ལ༴ ཐུན་མོང་ཐུན་མོང་མིན་པའི་སྨིན་གྲོལ་དང་། །སྒྲུབ་ཆེན་གར་འཆམས་མྱང་གྲོལ་སྦྱིན་པ་སོགས། །ཕྱོགས་མེད་སྩལ་བས་སྐྱེ་དགུ་གྲངས་མེད་པ། །འབྲེལ་ཚད་དོན་ལྡན་མཛད་ལ༴ རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང་། །དོན་མཆོག་རྒྱ་ཆེན་གཞན་ལ་གཟིགས་ནས་ཀྱང་། །སྐལ་ལྡན་སྣང་ངོར་ཆོ་འཕྲུལ་དུ་མར་བཅས། །པདྨ་འོད་དུ་གཤེགས་ལ་གསོལ་བ་འདེབས། །པདྨས་ཡོངས་སུ་ཁེབས་པའི་ཞིང་ཁམས་སུ། །པདྨའི་འོད་ཟེར་རྒྱལ་བའི་སྲས་མཆོག་ནི། །པདྨའི་མྱུ་གུ་ལ་སོགས་ཕྱོགས་བཅུ་ན། །རྣམ་འཕྲུལ་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང་། །


LT29_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་འཛིན་ནས། །དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རིག་འཛིན་རྣམ་བཞིའི་ལམ་མཆོག་བདེ་བླག་བགྲོད། །མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེར་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱི། །བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །ཅེས་རིགས་ལྡན་མཁའ་འགྲོའི་གཙོ་མོ་བདེ་ཆེན་ཆོས་སྒྲོན་གྱིས་རྟེན་དང་བཅས་པའི་གསུང་གིས་བསྐུལ་བ་དང་། མོས་ལྡན་གཞན་དག་གིས་ཀྱང་མཚམས་སྦྱར་བ་ལ་བརྟེན། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་དེས་གསང་བའི་མཛོད་ཀྱིས་དབུགས་དབྱུང་སྩལ་བ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། ༈ །།ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་ངོ་མཚར་དཔལ་སྐྱེད་བཞུགས་སོ། །ན་མོ་གུ་ར་བེ། །རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་མཛོད། །ཕྱོགས་དུས་རྫོགས་སངས་རྒྱས་ཀུན་སྐྱེད་པའི་ཡབ། །མཁའ་


LT29_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འགྲོ་བ་འདྲེན་མཛད་ཐུགས་རྗེ་ཅན། །བཅོམ་ལྡན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །མཁྱེན་རབ་ཕུལ་བྱུང་ཆོས་ཀུན་ཐུགས་སུ་ཆུད། །ཨ་ཏིའི་བསྟན་བདག་འཇམ་དཔལ་བཤེས་གཉེན་དང་། །རྡོ་རྗེའི་སྐུ་བརྙེས་འགྲོ་དོན་རྟག་ཏུ་བཞུགས། །བི་མ་མི་ཏྲའི་ཞབས་ལ༴ གངས་ལྗོང་ཆོས་ཀྱི་ཉིན་བྱེད་འདྲེན་པ་ཡི། །ཤིང་རྟ་ཆེན་པོ་འཇམ་མགོན་ཁྲི་ལྡེའི་ཞབས། །འབྲེལ་ཚད་དོན་ལྡན་བཀའ་འདུས་ཆོས་ཀྱི་བདག །རྒྱལ་སྲས་མཆོག་གྲུབ་རྒྱལ་པོར་གསོལ་བ་འདེབས། །འོད་དཔག་མེད་མགོན་དཱི་པཾ་ཀ་ར་ཡི། །ཐུགས་སྲས་མཆོག་གྱུར་ནག་ཚེ་ཚུལ་ཁྲིམས་རྒྱལ། །སྤྱན་རས་གཟིགས་སྤྲུལ་གངས་ཅན་བསྟན་འགྲོའི་དཔལ། །རྒྱལ་བའི་འབྱུང་གནས་ཞབས་ལ༴ ངོ་མཚར་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར། །མངའ་བདག་ཉང་རལ་ཉི་མ་འོད་ཟེར་དང་། །མི་ལའི་ཐུགས་སྲས་མཁའ་སྤྱོད་སྐུ་དངོས་གཤེགས། །རས་ཆུང་རྡོ་རྗེ་གྲགས་པར༴ བྱང་ཕྱོགས་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས། །རྒྱལ་བས་ལུང་བསྟན་མཉམ་མེད་སྒམ་པོ་པ། །བོད་ཡུལ་རྡོ་རྗེ་འཛིན་ཀུན་གཙུག་གི་རྒྱན། །གྲགས་པ་རྒྱལ་མཚན་ཞབས༴ ཆོས་རྒྱལ་གསུང་སྤྲུལ་གཏེར་ཁ་བཅོ་བརྒྱད་བདག །


LT29_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདུལ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། ཁམས་གསུམ་སྐྱེ་དགུའི་སྐྱབས་གཅིག་ཆོས་ཀྱི་རྒྱལ། །བློ་གྲོས་རྒྱལ་མཚན་ཞབས༴ རྩོད་བྲལ་ཐེག་པའི་ཆོས་འཁོར་བླ་མེད་བསྐོར། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་དང་། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་གཏེར་མཛོད་འཆང་། །ཡར་རྗེ་ཨོ་རྒྱན་གླིང་པར༴ བཀའ་གདམས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །ཕྲིན་ལས་མཁའ་ཁྱབ་དགེ་འདུན་གྲུབ་པ་དང་། །རི་ཁྲོད་མགོན་པོས་རྗེས་བཟུང་མཆོག་དངོས་གྲུབ། །པ་ཆེན་བན་རཏྣར་གསོལ༴ རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་ཞ་ལུ་བ། །མཁྱེན་རྟོགས་དབང་ཕྱུག་མཁྱེན་རབ་ཆོས་ཀྱི་རྗེ། །གཞན་ཕན་ཆོ་འཕྲུལ་ཛམ་གླིང་ཁྱབ་པར་སྟོན། །གྲུབ་ཆེན་ཐང་སྟོང་རྒྱལ་པོར༴ གསང་ཆེན་སློབ་བཤད་བསྟན་འཛིན་ཀུན་གྱི་ཕུལ། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་ཕྱུག་དང་། །མཚན་ཐོས་སྲིད་པའི་འཇིགས་སྐྱོབ་མཁས་གྲུབ་མཆོག །པདྨ་དབང་གི་རྒྱལ་པོར༴ རིག་སྔགས་འཆང་བ་མཐུ་ལྡན་དབང་པོའི་སྡེ། །བཀྲ་ཤིས་སྟོབས་རྒྱལ་མཁའ་འགྲོ་ཡོངས་གྲུབ་རྩལ། །རྩོད་པའི་དུས་མཐར་གངས་ཅན་སྐྱོབ་པའི་མགོན། །ངག་དབང་བློ་བཟང་རྒྱ་མཚོར༴ རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་


LT29_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། །ཨོ་རྒྱན་གསུང་སྤྲུལ་གཏེར་ཆེན་ཆོས་རྗེ་གླིང་། །མཁྱེན་བརྩེ་ནུས་ལྡན་མཁན་ཆེན་ཨེ་ཝཾ་པ། །ནམ་མཁའ་འཆི་མེད་ཞབས་ལ༴ དགོངས་པའི་རྩལ་རྫོགས་ཨ་ཏིའི་བསྟན་པ་ཡིས། །ཀུན་ཏུ་ཁྱབ་མཛད་འཇིགས་མེད་གླིང་པ་དང་། །བཀའ་བབས་བདུན་ལྡན་མཚུངས་བྲལ་འཁོར་ལོའི་མགོན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །སྐྱེ་བ་ཀུན་ཏུ་དམ་པ་མཆོག་རྣམས་ཀྱིས། །རྗེས་སུ་བཟུང་ནས་རླབས་ཆེན་སྤྱོད་པ་ཡིས། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །མགོན་ཁྱོད་མངོན་པར་རྫོགས་པར་འཚང་རྒྱ་བའི། །འཁོར་གྱི་འདུས་པ་དང་པོར་སྐྱེས་ནས་ཀྱང་། །ཆོས་སྒོ་ཀུན་འཛིན་བསྟན་པ་ཕྱོགས་བརྒྱར་སྤེལ། །ཉིད་དང་དབྱེར་མེད་མངོན་པར་བྱང་ཆུབ་ཤོག །གང་གི་གསང་གསུམ་བསྐལ་བརྒྱར་བརྟན་པ་དང་། །ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། །འཇིག་རྟེན་རྒུད་པ་མིང་ཡང་མི་གྲགས་ཤིང་། །དགེ་ལེགས་རྫོགས་ལྡན་གསར་པས་ཀུན་ཁྱབ་ཤོག །ཅེས་པའང་དཔལ་ལྡན་ཨེ་ཝཾ་པའི་བསྟན་འཛིན་ཆེན་པོ་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་ཀྱིས་གསུང་བསྐུལ་རྟེན་བཅས་གནང་ངོར། ཀུན་མཁྱེན་བླ་མ་རིན་པོ་


LT29_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྡོ་རྗེའི་བཀའ་སློབ་བློ་གྲོས་མཐའ་ཡས་པའི་སྡེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། ༈ །།སྐྱེས་ཐོབ་མཁྱེན་རབས་ནམ་མཁའི་ཁྱོན་ལྟར་ཡངས། །བསླབ་པ་གསུམ་གྱི་སྦྱངས་ཡོན་མཐའ་རུ་ཕྱིན། །འབྲེལ་ཚད་རྒྱལ་སྲས་སྤྱོད་པར་འཇུག་མཛད་པ། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དགེའོ།། ༈ །།བྱང་ཆུབ་སེམས་དང་རྣམ་པར་མི་རྟོག་པ། །ཟུང་འཇུག་གྲུབ་བརྙེས་རྗེ་བཙུན་ཁྱི་ཐུལ་ཅན། །མི་ཕམ་མགོན་དང་ཚོགས་གཉིས་ལེགས་གྲུབ་སོགས། །དམ་པའི་བྱིན་རླབས་ཡེ་ཤེས་རྣམ་པར་རོལ། །རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་ཀྱིས། །རྗེས་བཟུང་ཀརྨ་ཀཾ་ཚང་རིང་ལུགས་པ། །ངག་གི་དབང་ཕྱུག་ཐོས་བསམ་བསྒོམ་གསུམ་གྱི། །ཡོན་ཏན་ཀུན་ནས་འདུ་བའི་རྒྱ་མཚོ་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དཀོན་མཆོག་རྩ་བ་གསུམ་གྱི་བདེན་པའི་མཐུས། །གསང་གསུམ་འགྱུར་མེད་རྡོ་རྗེ་གསུམ་དུ་བརྟན། །གཞན་ཕན་བཞེད་པའི་དོན་ཀུན་མཐར་ཕྱིན་ཞིང་། །བདག་སོགས་རྣམས་ཀྱང་སྐྱེ་ནས་


LT29_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་སུ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་དང་། །མི་འབྲལ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག་བརྙེས་ཤོག །ཅེས་སོ་སྐྱེ་ལ་གསོལ་འདེབས་དངངས་བསྟོད་འདི་ལྟར་མི་འོས་ཀྱང་དད་ལྡན་ཚེ་དབང་བསམ་འགྲུབ་ཀྱིས་བསྐུལ་ངོ་མི་ལྕོགས་ཕྱིར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཡོན་ཏན་རྒྱ་མཚོ་དཔལ་ལས་ལེགས་འཁྲུངས་ཤིང་། །མཁྱེན་གཉིས་བློ་གྲོས་འོད་དཀར་མཐའ་ཡས་འཕྲོ། །ཟག་མེད་བདེ་བའི་རྡོ་རྗེའི་ཆ་གང་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟབ་གསང་དཀྱིལ་འཁོར་རྒྱ་མཚོའི་མགོན་པོ་ཉིད། །སྙིགས་དུས་རྡོ་རྗེ་འཛིན་པའི་སྐུར་ཤར་བ། །རང་རིག་སྤྲོས་བྲལ་ངང་དུ་རོ་གཅིག་པར། །རྟག་པ་དམ་པའི་སྐུ་རུ་བཞུགས་གསོལ་འདེབས། །བདག་སོགས་སྐྱེ་ཀུན་མཆོག་གི་བཤེས་གཉེན་གྱིས། །རྗེས་བཟུང་བྱང་ཆུབ་སེམས་མཆོག་རྣམ་གཉིས་དང་། །མི་འབྲལ་རྡོ་རྗེའི་དམ་ཚིག་མཐར་ཕྱིན་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཅེས་པའང་ཨེ་ཝཾ་པ་སརྦ་ཛྙཱ་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་ཚུལ་རྒྱམ་པས་བཞེད་ངོར་གུ་ས་སྤེལ་བ་དགེ་ལེགས་འཕེལ།། །།


LT29_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲི་ཡེ། །མཁའ་ཁྱབ་གཉུག་མའི་རྡོ་རྗེའི་ཡེ་ཤེས་ཀྱིས། །སྒྲིབ་གསུམ་ཆ་དང་བཅས་པ་ཟོས་པ་ལས། །མཁྱེན་གཉིས་བཅུ་དྲུག་ལང་ཚོ་འབར་བ་ཅན། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །གང་གི་བྱིན་རླབས་བདུད་རྩིའི་འོད་བཟང་པོས། །བློ་གྲོས་རྒྱ་མཚོ་ཡོངས་སུ་གང་བ་ལས། །རིས་མེད་བསྟན་པའི་པད་ཚལ་རྒྱས་བྱེད་པ། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་གསོལ། །བདག་ཀྱང་སྐྱེ་བར་མགོན་པོ་འཇམ་དབྱངས་ཀྱིས། །རྗེས་བཟུང་སྲིད་ཞིའི་མཐའ་ལ་མི་གནས་པར། །ཕྱིར་མི་ལྡོག་པའི་ཆོས་འཁོར་བསྐོར་བ་ལ། །ཐོགས་མེད་ངག་གི་དབང་ཕྱུག་ཉིད་གྱུར་ཅིག །ཅེས་པའང་ཐར་རྩེ་མཆོག་གི་སྤྲུལ་པའི་སྐུ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེས་བོང་བ་གསེར་གཟིགས་ཀྱི་ཚུལ་འདི་རང་ཉིད་ལ་སྦྱར་བར་དགོས་ཞེས་བཀའ་ཕེབས་རྟེན་འབྲེལ་ཆེད་དུ་མ་ལྡོག་པར། །འཕགས་ཆེན་སྤྱི་ལ་གསོལ་བ་འདེབས་པའི་ཁུངས་སུ་བྱས་ཏེ་གུ་ས་རས་བྲིས་པ་དགེ་ལེགས་འཕེལ།། ༈ །།ངོ་བོ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལམ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་གང་འདུལ་དེར་སྣང་སྤྲུལ་པའི་སྐུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཁོར་འདས་ཐམས་ཅད་གདོད་


LT29_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཞི་ལ་རྫོགས། །རྟོགས་ནས་མངོན་པར་བྱང་ཆུབ་གཞན་སྣང་དུ། །རྣམ་རོལ་ཅིར་ཡང་འཆར་བའི་སེམས་དཔའ་ཆེ། །བློ་གྲོས་མཐའ་ཡས་ཞབས་ལ༴ འཁྲུལ་མེད་སྙིང་པོའི་དོན་གཟིགས་སེང་གེའི་སྒྲ། །ཡང་སྲིད་ཀུན་ཏུ་བསྙེངས་པ་མེད་པར་སྒྲོགས། །ཐབས་ཤེས་ཕྱག་རྒྱས་བསྡམས་པའི་རྡོ་རྗེ་འཛིན། །པདྨ་གར་དབང་རྩལ་ལ༴ སྐྱབས་གནས་བླ་མ་དཀོན་མཆོག་ཀུན་འདུས་སུ། །ངེས་པ་རྙེད་ནས་རྩེ་གཅིག་གསོལ་བཏབ་མཐུས། །རྒྱལ་ཀུན་རྡོ་རྗེ་བཞི་ཡི་བྱིན་རླབས་བཅུད། །བདག་རྒྱུད་ལ་ཞུགས་སྐད་ཅིག་སྨིན་གྲོལ་ཤོག །སྡོམ་པའི་ཚུལ་ཁྲིམས་རྣམ་གསུམ་རྣམ་པར་དག །དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་མཐར་སོན། །སེམས་ཅན་དོན་བྱེད་བསྡུ་བཞིའི་རྩལ་ཆེན་རྫོགས། །རིམ་གཉིས་བརྟན་ཐོབ་ཟུང་འཇུག་ཆེ་བརྙེས་ཤོག །ཅེས་པ་འདིའང་ཛཾ་ཐང་དཔོན་བླ་མ་བསླབ་པ་གསུམ་ལྡན་ཀརྨ་དམ་ཆོས་ནས་གསུང་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ནས་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།། ༈ །།ཕྱོགས་མེད་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན། །རིས་མེད་ཐུབ་པའི་བསྟན་ལ་གཅིག་ཏུ་གུས། །ཤེས་དང་ཤེས་བྱར་ཐོས་བསམ་སྒོམ་ལྡན་པ། །དཔལ་ལྡན་བླ་མའི་ཞབས་ལ་


LT29_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་མཇིངས། །ལྷག་བསམ་བློ་གྲོས་རིན་ཆེན་མཐའ་ཡས་པ། །པདྨའི་རིགས་འཆང་གར་གྱི་དབང་ཕྱུག་རྩལ། །རྣམ་སྣང་ལོ་ཙཱའི་ངོ་བོར་གསོལ་བ་འདེབས། །རྒྱལ་བ་དགྱེས་པའི་སྤྱོད་མཆོག་ཀུན་རྫོགས་ནས། །སྣང་མཛད་ཉི་མས་འཇིག་རྟེན་གསལ་བའི་ཚེ། །འདུས་པ་མཆོག་གི་གྲངས་སུ་དབུགས་དབྱུང་ཞིང་། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་གྱུར་ཅིག །ཅེས་པའང་དད་བརྩོན་མཁྱེན་རབ་ཀྱིས་རྒྱུད་ཕྱུག་པ་སྡེ་བ་དྲུང་ནམ་མཁའ་རྒྱལ་མཚན་གྱི་ཐུགས་བཞེད་སྐོང་སླད་བློ་གྲོས་མཐའ་ཡས་ཀྱིས་ལྷ་ལྡན་སྤྲུལ་པའི་གནས་སུ་བྲིས་པ་དགེ་ལེགས་འཕེལ།། ༈ །།དུས་གསུམ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །བཅོམ་ལྡན་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །དབྱེར་མེད་བླ་མ་སངས་རྒྱས་ཀུན་འདུས་ལ། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །འཆི་མེད་རྡོ་རྗེ་བདེ་བའི་ཡེ་ཤེས་ཀྱིས། །སྨིན་ཅིང་གྲོལ་ནས་དོན་གཉིས་མྱུར་འགྲུབ་ཤོག །ཅེས་འཇམ་དཔལ་བསྟན་དར་སོགས་དད་ལྡན་རྣམས་ཀྱི་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། ༈ །།སྐྱེས་ཆེན་ཡོངས་འཛིན་དུ་མས་རྗེས་སུ་བཟུང་། །རིས་མེད་རྒྱལ་བསྟན་


LT29_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་མཁྱེན་པ་རྒྱས། །སུམ་ལྡན་རྡོ་རྗེ་འཛིན་མཆོག་རིགས་ཀྱི་བདག །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། ཞེས་དགེ་སློང་ཚོགས་གཉིས་རྡོ་རྗེའི་ངོར་རི་རྒྱལ་རྫོང་དུ་རང་ཉིད་ཀྱིས་སྨྲས་པ་དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ། །ཀ་དག་ལྟ་བ་ལྷུན་འབྱམས་གསང་བའི་སྦུབས། །རིག་པའི་བུམ་སྐུ་ཁྱད་ཆོས་རྣམ་དྲུག་རྫོགས། །ཀུན་བཟང་ཆོས་ཀྱི་སྐུ་དང་ངོ་བོ་གཅིག །གནས་ལུགས་རྟོགས་ལྡན་མཆོག་ལ་གསོལ་བ་འདེབས། །ལྷུན་གྲུབ་སྒོམ་པ་འོད་ཀྱི་ཁང་བུ་རུ། །ལྔ་ལྡན་ཐིག་ལེ་རིགས་བརྒྱའི་སྣང་བརྙན་འཁྱིལ། །རིགས་ལྔ་ལོངས་སྤྱོད་རྫོགས་དང་རང་བཞིན་གཅིག །མངོན་སུམ་རྣལ་འབྱོར་མཆོག་ལ༴ གང་ཤར་སྤྱོད་པ་རོ་སྙོམས་རྒྱལ་ཁམས་ན། །འཁོར་འདས་རྫུན་རིས་ཆུ་དང་ཆུ་ལྟར་འདྲེས། །མ་ངེས་སྤྲུལ་པའི་སྐུ་དང་ཐུགས་རྗེ་གཅིག །བརྟུལ་ཞུགས་སྤྱོད་འཆང་མཆོག་ལ༴ ཞེན་ལོག་ངེས་འབྱུང་ལྷ་ཡི་དགའ་ཚལ་ན། །མོས་གུས་སྙིང་རྗེ་མེ་ཏོག་ལྡིང་ཁང་བཀྲ། །དག་སྣང་རིས་མེད་སྦྲང་རྩིའི་ཟིལ་དངར་སྐྱུགས། །ལམ་ཞུགས་གང་ཟག་མཆོག་ལ༴ དུང་དུང་སྐྱོ་ཤས་མྱ་ངམ་ཐང་ཆེན་ཏུ། །ལྷང་ལྷང་འོ་དོད་པདྨའི་


LT29_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ལ་འབོད། །ཐིབ་ཐིབ་བྱིན་རླབས་ཆར་སྤྲིན་སྐུལ་བ་པོ། །རིག་འཛིན་བླ་མ་མཆོག་ལ་གསོལ་བ་འདེབས། །ཚོགས་དྲུག་ལྷུག་པར་ཡན་པའི་དོ་ར་ན། །རིག་པའི་ཁྱེའུ་ཆུང་རང་འགྲོས་གར་སྟབས་རྩེ། །བདེ་སྟོང་ཁ་ཡི་ཆང་གིས་སེམས་མྱོས་པ། །གསང་སྔགས་མོས་སྤྱོད་མཆོག་ལ་གསོལ་བ་འདེབས། །བས་མཐའི་ནགས་ཚལ་བསམ་གཏན་སྐྱིལ་པོ་རུ། །སེམས་ཀྱི་སྤྲོས་བཅད་རྣམ་རྟོག་ནང་སྡུད་ཀྱང་། །ཤེས་བྱའི་མཁའ་ལ་བློ་གྲོས་སྣང་བ་ཤར། །མཁས་དབང་སྒྲུབ་པོ་མཆོག་ལ་གསོལ་བ་འདེབས། །སྣང་སྟོང་ལྷ་སྐུ་ཕྱག་རྒྱར་ལམས་སེ་ལམ། །གྲགས་སྟོང་རྡོ་རྗེའི་སྔགས་བཟླས་དི་རི་རི། །དྲན་སྟོང་ཆོས་ཉིད་གཉུག་མར་ཡ་ལ་ལ། །ཁྱེར་སོ་གསུམ་ལྡན་མཆོག་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་ཀྱིས་བཟུང་བའི་གསེར་གླིང་དུ། །ཅི་སྣང་ཅི་སྤྱོད་ཡེ་ཤེས་རིན་པོ་ཆེ། །དེ་ཕྱིར་དམ་པའི་སེམས་ལ་ནན་ཏན་ཅན། །གསེར་འགྱུར་རྩི་བཟང་མཆོག་ལ་གསོལ་བ་འདེབས། །འཁོར་བ་དོང་ནས་སྤྲུགས་པའི་སེམས་མཆོག་བསྐྱེད། །འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་འདེབས།


LT29_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་རྒྱ་ཐེག་ཆེན་པོའི་དགོངས་ཉམས་སྐྱོང་། །ཐེག་ཆེན་རིགས་འཁྲུངས་མཆོག་ལ༴ དུས་མཐར་རྡོ་རྗེ་འཆང་ཉིད་ཐ་མལ་གྱི། །སློབ་དཔོན་གཟུགས་ཀྱིས་གདུལ་བྱའི་དོན་མཛད་ཅེས། །བསླུ་མེད་རྡོ་རྗེའི་བདེན་ཚིག་མི་བརྫུན་པས། །བདག་གིས་གསོལ་བཏབ་འབྲས་བུ་དོན་ཡོད་ཤོག །རྒྱལ་བའི་ཐུགས་རྗེའི་ཉི་མ་ཁྱབ་བརྡལ་ཡང་། །བླ་མའི་རྟེན་འབྱུང་མེ་ཤེལ་མ་བརྟེན་པར། །འགྲོ་རྒྱུད་བག་ཆགས་སྲེག་པར་མི་མཛད་པས། །སྨིན་གྲོལ་རྟེན་འབྲེལ་རྒྱུད་ལ་འགྲིགས་པར་ཤོག །དོན་དམ་ཡེ་ཤེས་ཀུན་ཀྱང་སྲོག་གཅིག་ཕྱིར། །དཔལ་ལྡན་བླ་མ་གཅིག་གི་ཐུགས་རྗེ་ལ། །བརྟེན་ནས་རྒྱལ་ཀུན་བྱིན་རླབས་འཇུག་ངེས་པས། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩལ་དུ་གསོལ། །ཅེས་པའང་དགེ་བཤེས་ཏིང་འཛིན་བཟང་པོའི་ངོར་པདྨ་གར་དབང་རྩལ་གྱིས་སོ། །བདག་དང་བདག་འདྲའི་བླ་མའི་གཟུགས་བརྙན་ལ། །གསོལ་འདེབས་བརྒྱ་ལས་ཡིག་དྲུག་གཅིག་གིས་དགའ། །མོས་གུས་ཡལ་ག་ལྡེམས་ཀྱང་བྱིན་རླབས་འོད། །མ་མཆིས་རྟོགས་པའི་པདྨེ་བཞད་ནུས་མིན། །འོན་ཀྱང་མོས་ལྡན་ཏིང་འཛིན་བཟང་པོ་ནས། །ཡང་ཡང་གསུངས་པའི་གཡར་རོ་མ་གཅོག་ཕྱིར། །སྐྱེས་ཐོབ་སྤྱི་དང་ཁྱད་པར་ཁྱེད་རང་གི། དྲིན་ཐོབ་ཀུན་ལ་གསོལ་གདབ་རུང་འདི་བྲིས། །ཐུགས་རྗེས་གཞན་རྒྱུད་གྲོལ་བའི་མཐུ་མེད་


LT29_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཨོ་རྒྱན་རྗེ་ལ་བཟོད་མེད་མོས་གུས་ཐོག །བཀའ་བརྒྱུད་འདི་ལ་བྱིན་རླབས་ཆུ་རྒྱུན་མངའ། །རྟེན་འབྲེལ་དེ་མཐུས་ཁྱོད་ཐུགས་སྨིན་གྲོལ་ཤོག །མངྒ་ལཾ།། ༈ །གདོད་ནས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །རང་རིག་རང་གསལ་ངང་ནས་གསོལ་བ་འདེབས། །གཉིས་མེད་གཉིས་སུ་འཁྲུལ་པའི་སྣང་སེམས་ཀུན། །ཀ་དག་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །བདེ་སྟོང་དབྱེར་མེད་བླ་མ་ལོངས་སྤྱོད་རྫོགས། །ཁྱབ་བརྡལ་མཉམ་ཡངས་ངང་ནས་གསོལ་བ་འདེབས། །འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོ་རུ། །ཡེ་རྫོགས་གནས་ལུགས་རྟོགས་པར་བྱིན༴ གང་འདུལ་དེར་སྟོན་བླ་མ་སྤྲུལ་པའི་སྐུར། །མོས་གུས་གདུང་ཤུགས་ངང་ནས་གསོལ་བ༴ སྒྱུ་མའི་རང་བཞིན་ཀུན་རྫོབ་འཁྲུལ་སྣང་འདི། །བདེན་མེད་རང་སར་གྲོལ་བར༴ སྨིན་གྲོལ་ཆར་འབེབས་ཐར་པའི་ས་བོན་བསྐྱེད། །བཀའ་དྲིན་མཉམ་མེད་རིག་འཛིན་བླ་མ་ལ། །གསོལ་བ་འདེབས་སོ་འཁྲུལ་པ་སྐད་ཅིག་མར། །གཞི་མེད་རྩ་བྲལ་ཆོས་སྐུར་རྟོགས་པར་མཛོད། །སྲིད་ལས་ངེས་འབྱུང་རྩེ་གཅིག་སྒྲུབ་ལ་བརྩོན། །མོས་གུས་སྙིང་རྗེ་དག་སྣང་རྩལ་ཆེན་རྫོགས། །བསྐྱེད་རྫོགས་ཟུང་འཇུག་ཟབ་ལམ་མཐའ་རུ་ཕྱིན། །ཚེ་གཅིག་གདོད་


LT29_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གྲོལ་སར་བྱང་ཆུབ་ཤོག །ཅེས་དགེ་བཤེས་པདྨ་འོད་གསལ་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་གནས་སུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།རྣམ་སྣང་རྡོ་རྗེ་སེམས་དཔའ་རིགས་ཀུན་བདག། བརྒྱུད་གསུམ་རིག་འཛིན་བླ་མའི་སྤྲིན་ཕུང་འཕྲོ། །ཡི་དམ་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་རྫོགས། །མཁའ་འགྲོ་ཆོས་སྐྱོང་རོལ་པའི་རྩལ་དུ་ཤར། །ཀུན་ཀྱང་དཔལ་ལྡན་བླ་མའི་རང་བཞིན་ཏེ། །བླ་མ་ཉིད་ལས་སྐྱབས་ཡུལ་གུད་ན་མེད། །གཅིག་ཆོག་རྒྱལ་པོ་བླ་མ་དམ་པ་ལ། །རྩེ་གཅིག་གུས་པས་སྙིང་ནས་གསོལ་བ་འདེབས། །དམིགས་མེད་ཐུགས་རྗེ་ཆེན་པོའི་རྩལ་སྐྱེད་ལ། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཅེས་པའང་སངས་རྒྱས་མཉན་པ་གྲུབ་ཆེན་གྱི་རྗེས་འཇུག་དགེ་སློང་ཀརྨ་བཟང་ལྡན་ནས་ཆེད་བུ་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ནས་སྤེལ་བ་དགེ་ལེགས་འཕེལ།། ༈ །།རང་བྱུང་ཡེ་ཤེས་བླ་མ་རྡོ་རྗེ་སེམས། །ཐབས་ཤེས་བརྡ་གར་རིག་རྩལ་སྤྲོ་བསྡུའི་སྤྲིན། །དབྱིངས་ལས་མ་གཡོས་འོད་གསལ་ཀུན་ཁྱབ་གདངས། །རང་རིག་ཐིག་ལེ་ཆེན་


LT29_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ངོ་བོ་ཤར། །གདོད་ནས་གཉིས་སུ་མེད་པར་སྐྱབས་སུ་མཆི། །འཁོར་འདས་མཉམ་ཉིད་བྱང་ཆུབ་སེམས་མཆོག་བསྐྱེད། །སྤང་བླང་ཡེ་གྲོལ་རྡོ་རྗེའི་དམ་ཚིག་བཟུང་། །ཀློང་ཡངས་ཁྱབ་གདལ་ངང་དུ་གསོལ་བ་འདེབས། །སྤང་རྟོགས་ཡོན་ཏན་རྒྱ་མཚོར་འཁྱིལ་པ་ལ། །མཁྱེན་གཉིས་བློ་གྲོས་ནོར་མཆོག་མཐའ་ཡས་གཏམས། །པདྨའི་ཕྲིན་ལས་གར་གྱི་དབང་ཕྱུག་རྩལ། །འཆི་མེད་བསྟན་གཉིས་གླིང་པར་གསོལ་བ་འདེབས། །གཞི་ཡི་རིགས་སད་བྱང་ཆུབ་སེམས་གཉིས་འབྱོངས། །མཁའ་ཁྱབ་འགྲོ་ཀུན་གདོད་མའི་གྲོལ་ས་རུ། །སྒྲོལ་བའི་ནུས་ཐོབ་ཡེ་ཤེས་རྩལ་ཆེན་རྫོགས། །སྲས་བཅས་རྒྱལ་བའི་དགོངས་པ་སྐོང་བྱེད་ཤོག །ཅེས་རིག་འཛིན་སྤྲུལ་པའི་སྐྱེས་མཆོག་འགྲོ་འདུལ་དཔའ་བོ་རྡོ་རྗེའི་བཞེད་སྐོང་དུ་སྤེལ་བ་ཤུ་བྷཾ་ཀུརྦནྟུ།། ༈ །།སངས་རྒྱས་ཀུན་འདུས་གུ་རུ་པདྨ་འབྱུང་། །དེ་ཡི་རིག་འཛིན་བསྟན་གཉིས་གཡུང་དྲུང་གླིང་། །དབྱེར་མེད་འོད་གསལ་ངང་དུ་གསོལ་བ་འདེབས། །བྱང་ཆུབ་བར་དུ་མི་འབྲལ་རྗེས་འཛིན་གསོལ། །སྤྱན་རས་གཟིགས་དབང་རྒྱལ་མཆོག་ཀརྨ་པ། །དེ་ཡི་བསྟན་འཛིན་ངག་གི་དབང་ཕྱུག་དཔལ། །དབྱེར་མེད་མཉམ་ཉིད་ཀློང་དུ་གསོལ་བ་འདེབས། །བྱང་ཆུབ་བར་དུ༴


LT29_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་དངོས་ཆོས་ཀྱི་དབང་ཕྱུག་ཞབས། །དེ་ཡི་བརྒྱུད་འཛིན་པདྨ་གར་གྱི་དབང་། །དབྱེར་མེད་རང་རིག་དབྱིངས་སུ་གསོལ་བ་འདེབས། །བྱང་ཆུབ༴ བྱམས་མགོན་དངོས་སྣང་པདྨ་ཉིན་བྱེད་དབང་། །དེ་ཡི་ཐུགས་སྲས་བློ་གྲོས་མཐའ་ཡས་ཞབས། །དབྱེར་མེད་མོས་གུས་ཀློང་དུ་གསོལ་བ་འདེབས། །བྱང་ཆུབ༴ སྡོམ་དང་དམ་ཚིག་ཉམས་ཆགས་ཉེས་ལྟུང་སོགས། །འདི་ཕྱིར་སྒྲིབ་པའི་ལས་ངན་གང་བསགས་པ། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན། །བྱང་དག་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅི་བྱས་བསྟན་འགྲོའི་དོན་དུ་འགྱུར་བ་དང་། །འདི་ཕྱིར་བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ། །འབྲེལ་ཚད་དོན་ལྡན་རྒྱལ་སྲས་སྤྱོད་པ་ཡིས། །ས་ལམ་གེགས་མེད་མྱུར་དུ་བགྲོད་པར་ཤོག །འདི་བཟུང་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །དཔལ་ལྡན་བླ་མ་མཆོག་གིས་རྗེས་སུ་བཟུང་། །ཐུགས་ཡིད་གཅིག་དྲེས་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་ཤུ་བྷ་འབྲུག་དགུ་གླིང་གི་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ་ནང་སོ་དབང་ཕྱུག་སེང་གེའི་ཞལ་འདོན་རྒྱུ་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། ༈ །།


LT29_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་ཚུལ་ཁྲིམས་ཤན་ཏུ་རྣམ་པར་དག །བརྟན་མཁས་ཡོན་ཏན་ཀུན་རྫོགས་གནས་བརྟན་ཆེ། །བླང་དོར་ལམ་སྟོན་ཐར་པའི་ས་མཁན་མཆོག །ཀརྨ་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་ཏུ་བརྟན། །རྒྱལ་སྲས་སྤྱོད་ལ་འཇུག་པའི་ཡལ་ག་རྒྱས། །གཞན་ཕན་མེ་ཏོག་འབྲས་བུའི་ཁུར་གྱིས་དུད། །ཀརྨ་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས། །དབང་བཞིའི་ཡེ་ཤེས་ཟབ་མོས་ལེགས་སྨིན་ཅིང་། །བསྐྱེད་རྫོགས་གདམས་པས་ཐུགས་རྒྱུད་ཡོངས་སུ་གྲོལ། །ས་ལམ་གོང་དུ་འཕེལ་བའི་རྡོ་རྗེ་འཛིན། །ཀརྨ་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས། །མཚན་ལྡན་བླ་མའི་གསང་གསུམ་བསྐལ་བརྒྱར་བརྟན། །དད་ལྡན་སློབ་མའི་བསམ་དོན་ཆོས་བཞིན་འགྲུབ། །རྣམ་ཀུན་འབྲལ་མེད་ཐོས་བསམ་སྒོམ་ལ་བརྩོན། །སྐྱོབ་པ་བླ་མེད་འགྲོ་བའི་མགོན་གྱུར་ཤོག །ཅེས་དགེ་བཤེས་བློ་གྲོས་ཕུན་ཚོགས་ཀྱིས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བགྱིས་པ་དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ་བུདྡྷ་དྷརྨཱ་སངྒྷཱ་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་འོད་དཔག་མེད། །ཐུགས་རྗེ་ཆེ་ལྡན་སྟོན་པ་ཤཱཀྱ་ཐུབ། །མངོན་དགའི་ཞིང་བཞུགས་མགོན་པོ་མི་འཁྲུགས་པ། །སྨན་གྱི་བླ་མ་བཻ་ཌཱུརྻ་ཡི་འོད། །ངན་སོང་


LT29_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྦྱོང་རྣམ་པར་སྣང་མཛད་དང་། །ངན་འགྲོའི་འཇིགས་སྐྱོབས་རིན་ཆེན་གཙུག་ཏོར་ཅན། །འཁོར་བ་དོང་སྤྲུགས་འཕགས་མཆོག་སྤྱན་རས་གཟིགས། །འཇིགས་ཀུན་སེལ་མཛད་རྗེ་བཙུན་སྒྲོལ་མ་ཡུམ། །རྩ་གསུམ་ཀུན་འདུས་གུ་རུ་པདྨ་འབྱུང་། །དབྱེར་མེད་དཔལ་ལྡན་རྩ་བའི་བླ་མ་ལ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྙིང་ཁུང་རུས་པའི་གདིང་ནས་སྐྱབས་སུ་མཆི། །དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བརྩེ་བས་དགོངས་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །འབྲལ་མེད་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །འཁོར་བ་ངན་སོང་འཇིགས་ལས་སྐྱོབ་པ་དང་། །མཐོ་རིས་ཐར་པའི་ལམ་སྒོ་འབྱེད་དུ་གསོལ། །ཚེ་འདིར་མི་མཐུན་བར་ཆད་ཀུན་ཞི་ཞིང་། །ཕྱི་མ་བདེ་ཆེན་ཞིང་དུ་འདྲེན་དུ་གསོལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རབ་རྫོགས་ཏེ། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་གྱུར་ཅིག །ཅེས་སྒྲུབ་བརྒྱུད་བསྟན་པའི་སྦྱིན་བདག་འོ་ཏོ་ཏ་སྩ་ཚེ་རིང་ཕུན་ཚོགས་ཞལ་འདོན་རྒྱུ་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། །།

སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས།


LT29_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


LT29_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷཱ་ཡ། ཕྱོགས་བཅུའི་རྒྱལ་བརྡུལ་སྙེད་བསྐལ་པ་རུ། །བསྙེན་བཀུར་བགྱིས་པའི་བསོད་ནམས་དེ་ཀུན་ཀྱང་། །གང་གི་བ་སྤུའི་བུ་གར་ཏིལ་མར་གྱི། །ཐིགས་པས་བཀུས་པ་ཤིན་ཏུ་འཕགས་པར་བསྔགས། །ཚེ་གཅིག་སྐུ་གསུམ་གོ་འཕང་ལ་སྦྱོར་བ། །རྩ་བའི་བླ་མ་བརྒྱུད་པར་བཅས་པ་ལ། །སྤྱི་བོར་བཏུད་ནས་དེར་བརྟེན་ཚོགས་གསོག་པའི། །རིམ་པ་གོང་མའི་གསུང་ལ་བརྟེན་ནས་དགོད། གངས་ཅན་འདིར་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བླ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཆོད་ཅིང་གསོལ་བ་གདབ་པའི་ཚུལ་ནི། སྤྱིར་བླ་མཆོད་ལ་མདོ་སྔགས་ལུགས་སྤྱི་འགྲེ་གཉིས། སྔགས་ཀྱི་ཐུན་མོངས་མ་ཡིན་པའི་ཆོ་གའི་རིམ་པ་རྣམས་སུ་


LT29_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལས། །འདིར་མདོ་སྔགས་ཐུན་མོང་པའི་སྤྱི་འགྲོའི་ཕྱག་བཞེས་ལྟར་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ནི། གནས་ཁང་ཡིད་དུ་འོང་བ་གཙང་ཞིང་རྒྱན་གྱི་བཀོད་པ་ཇི་ལྟར་འབྱོར་པས་མཛེས་པར་བརྒྱན་པའི་གུང་དུ་དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་དང་། འདིར་སྨོས་པའི་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་གང་འབྱོར་ལེགས་པར་བཀྲམ་པའི་སྤྱན་སྔར་སྟེགས་མཐོ་ལ་ཡངས་པ་གོས་བཟང་པོས་གཡོགས་པའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིས་བྱུག་པ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་བྲིས་པ་ལ་འབྲུའི་ཚོམ་བུ་བཀོད་པའམ། རྡུལ་ཚོན་མ་ལྕོགས་ན་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །མཐའ་


LT29_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དུ་བརྒྱད་བཀོད་པ་འཕྲུལ་སྟེགས་ལ་བཞག །མཆོད་པ་ནི་བརྒྱ་རྩ་སོགས་འབྱོར་པས་གང་ལྕོགས་ནུས་པ་མ་སྲིད་བ་བཤམ་དགོས་པས། ཆུ་གཉིས་ཉེར་སྤྱོད་རྣམས་མར་ན་ཕྱི་ནང་རིམ་པར་བསྐོར་བཤམ་བྱ། མ་མཐའ་ཡང་ཚར་དགུ་མེད་ཐབས་མེད་པས་ཕྱོགས་མཚམས་བརྒྱད་དུ་ཚར་བརྒྱད། མདུན་དུ་གཅིག་ཕྲེང་ཚར་དུ་བཤམ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རིན་ཆེན་བདུན་སོགས་ཀྱང་བྲིས་འབུར་གང་བདེར་བཀོད། མཆོད་པའི་མཎྜལ། འབུལ་གཏོར་ཟླུམ་པོ་ཁ་ཟས་བཟང་དགུ་དང་བཅས་པའང་མདུན་ཏུ་བཀོད། རོལ་མོའི་བྱེ་བྲག །འཐོར་ནས་སོགས་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་དུ་འགྲོ་བ་ནི། འཁོར་བ་ལ་སྐྱོ་ཤས་དང་ངེས་པར་འབྱུང་བའི་ཤུགས་ཀྱིས་དྲངས་པའི་བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་ཡིད་རྩེ་གཅིག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བས། སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་


LT29_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གྲངས་གསུམ་མམ་བདུན་ལ་སོགས་པ་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཚད་མེད་བཞི་བསྒོམ། འགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་འབར་བ་ཆེན་པོའི་སྐུར་གྱུར། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང་། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་བགས་པར་བྱེད། །གལ་ཏེ་གང་ཞིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་


LT29_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མིན། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་རོལ་མོ་ཚམ་རྔམ་བྱ། །སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །རབ་བརྟན་བསྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་ཙཀྲ་རཀྵ་བྷཱུྃ་ཧཱུྃ་ཅེས་པས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ། གནས་ཡོ་བྱིན་རླབས་ནི། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས། མཆོག་གི་མ་ད་ན་དང་རྡོ་རྗེའི་རིག་མ་བཅུ་དྲུག་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་བདེ་སྤྱོད་ཀྱི་མཆོད་རྫས་ཡུལ་ནམ་མཁའི་མཐར་ཁྱབ་ཅིང་། དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་


LT29_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་བརྟ་ཡ་ཧཱུྃ་སྭཱ་ཧཱ། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡའི་དང་། མཆོད་པའི་སྤྲིན། རོལ་མོ་བྱིན་རླབས་སྔགས་རྣམས་བརྗོད། གཉིས་པ་དངོས་གཞིའི་ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། གཟུང་འཛིན་སྣང་བ་སྟོང་ཉིད་དབྱིངས་སུ་ཐིམ། །འོད་གསལ་ངང་ལས་ཟུང་འཇུག་རོལ་བའི་རྩལ། །ཕྱི་སྣོད་རྣམ་པར་དག་པ་སངས་རྒྱས་ཞིང་། །མནན་ན་ནེ་མ་ལ་བཏེགས་ན་འཕར་བ་ཡི། །གསེར་གྱི་ས་གཞིར་བཻ་ཌཱུའི་རེ་ཁཱ་བྲིས། །རིན་ཆེན་རི་བོ་ནོར་བུའི་བྲག་སྐྱིབས་དང་། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་ཀླུང་འབབས། །དཔག་བསམ་ནགས་ཚལ་པདྨ་སྣ་ཚོགས་བཀྲ། །སྤྲུལ་པའི་བྱ་དང་རི་དྭགས་མཛེས་སྡུག་རྒྱུ། །མེ་ཏོག་ཆར་འབེབས་འཇའ་ཟེར་ཐིག་ལེར་ཁྲིགས། །ངོ་མཚར་བཀོད་པ་བསམ་ཡས་འདས་པའི་གཞིར། །ཐར་པ་ཆེན་པོའི་གཞལ་ཡས་མཚན་ཉིད་རྫོགས། །སྲིད་གསུམ་ལས་འདས་བདེ་གཤེགས་བཀོད་པའི་གནས། །བྱང་ཆུབ་རྒྱན་དང་རྣམ་པར་ཐར་པའི་སྒོ། །ཚད་མེད་ནམ་མཁའི་ཁྱོན་དང་མཉམ་པའི་དབུས། །སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །སངས་རྒྱས་ཀུན་འདུས་པདྨ་སཾ་


LT29_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བ། །དཀར་དམར་ཞི་འཛུམ་ཆོས་གོས་རྣམ་གསུམ་གསོལ། །དབུ་ལ་སྡེ་སྣོད་གསུམ་མཚོན་པ་ཞུས་མཛེས། །ཕྱག་གཡས་རྡོ་རྗེ་གཡོན་པ་ཐོད་ཞལ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་འཇའ་ཟེར་ཀློང་དུ་བཞུགས། །དབུ་གཙུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །རིགས་ཀུན་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། །ཐོག་མའི་མགོན་པོ་འོད་མི་འགྱུར་བ་རྣམས། །རིམ་བརྩེགས་ཚུལ་དུ་བཞུགས་པའི་མཐའ་བསྐོར་དུ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་བརྒྱུད་སོགས། །ཡོ་ག་རྣམ་གསུམ་སྒྲུབ་སྡེ་བརྒྱད་རྣམས་ཀྱི། །རིག་འཛིན་རྩལ་འཆང་ཚོམ་བུ་དུ་མས་བསྐོར། །དེ་མདུན་གཡས་ཟུར་པད་ཟླའི་དཀྱིལ་འཁོར་སྟེང་། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །དཀར་སྨུག་ཁྲོ་འཛུམ་ལྷུན་ཆགས་བརྗིད་པའི་ཚུལ། །མཆོག་སྦྱིན་མཉམ་བཞག་རྡོ་རྗེ་དྲིལ་བུ་དང་། ཨུཏྤ་ལ་རལ་པོད་སྤྲས་པའི་སྡོང་བུ་བསྣམས། །པ་ཞུ་རྣ་རིང་ཆོས་གོས་རྣམ་གསུམ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་གཡོན་ཟུར་པད་


LT29_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཟླ་གདན་དབུས། །བཀའ་གཏེར་མཛོད་ལྔའི་ཤིང་རྟ་འཇམ་པའི་དབྱངས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་གཏེར། །དཀར་གསལ་བསྒྲེས་ཉམས་དྲང་པོའི་བཞུགས་སྟངས་ཅན། །ཕྱག་གཉིས་ཐུགས་ཀར་རྡོར་དྲིལ་བསྣོལ་ཐབས་འཛིན། །པ་ཞུ་ཆོས་གོས་སྐུ་ལ་མཛེས་པར་བཀླུབས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས། །དེ་རྒྱ་བ་ཕྱོགས་མཚམས་པདྨ་ཟླ་གདན་ལ། །ཤར་དུ་དཔལ་ལྡན་ཇོ་བོ་ཨ་ཏི་ཤ །དཀར་གསལ་པ་ཞུ་ཆོས་གོས་རྣམ་གསུམ་གསོལ། །ཆོས་འཆང་ཕྱག་རྒྱ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །དབུ་གཙུག་ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད། །ཉམས་ལེན་བྱིན་རླབས་བརྒྱུད་པའི་ཚོགས་རྣམས་དང་། །འཁོར་དུ་ཁུ་རྡོག་འབྲོམ་དང་སྐུ་མཆེད་གསུམ། །བཀའ་གདམས་དགེ་བཤེས་གསར་རྙིང་ཚོགས་ཀྱིས་བསྐོར། །ཤར་ལྷོར་བརྩེ་བ་ཆེན་པོ་ས་སྐྱ་པ། །སྤྱི་ཐེར་བགྲེས་ཚུལ་ཚངས་སྤྱོད་དགེ་བསྙེན་ཆས། །ཕྱག་གཉིས་མཆོག་སྦྱིན་ཆོས་འཆད་པད་དཀར་བསྣམས། །རོལ་པའི་སྟབས་ཀྱིས་བཞུགས་


LT29_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུ་གཙུག་ཏུ། །བིརྦ་པ་དང་ལོ་ཙཱ་རྣམ་པ་བཞི། །ལམ་འབྲས་གྲུབ་ཐོབ་བརྒྱུད་པའི་ཚོགས་རྣམས་བཞུགས། །འཁོར་དུ་འཇམ་དབྱངས་བདུན་བརྒྱུད་རིམ་བྱོན་དང་། །ངོར་རྫོང་ཚར་པའི་བསྟན་འཛིན་རྣམས་ཀྱིས་བསྐོར། །ལྷོ་རུ་མངའ་བདག་མར་པ་ལོ་ཙཱ་བ། །དམར་སྨུག་ཧུར་ཆགས་སྔགས་པ་དཀར་པོའི་ཆས། །ས་གནོན་མཉམ་བཞག་ཐོད་ཞལ་བདུད་རྩི་བསྣམས། །རོལ་སྟབས་བཞུགས་པའི་དབུ་གཙུག་ཏཻ་ལོ་པ། །ནཱ་རོ་མཻ་ཏྲི་བཀའ་བཞི་བརྒྱུད་པའི་ཚོགས། །འཁོར་དུ་བཀའ་ཆེན་བཞི་དང་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་བགྲངས་འདས་བསྐོར། །ལྷོ་ནུབ་མཐར་ཐུག་ལྔ་ལྡན་ཁྱུང་པོ་རྗེ། །པ་ཞུ་གསོལ་ཞིང་ཆོས་གོས་རྣམ་གསུམ་ཀླུབས། །ས་གནོན་ངལ་གསོའི་ཕྱག་རྒྱས་རོལ་སྟབས་བཞུགས། །དབུ་གཙུག་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས། །ཁྱད་འཕགས་རྣམ་བཞི་མཁས་གྲུབ་བརྒྱ་ལྔ་བཅུ། །འཁོར་དུ་རིན་ཆེན་ཕྲེང་བ་སྔ་ཕྱི་དང་། །རིང་བརྒྱུད་ཉེ་བརྒྱུད་གྲུབ་ཐོབ་ཚོགས་ཀྱིས་བསྐོར། །ནུབ་ཏུ་རྗེ་བཙུན་དམ་པ་རྒྱ་གར་བ། །ཆར་སྤྲིན་མདོག་ལྡན་བལ་གྱི་


LT29_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་བ་མནབ། །ས་གནོན་རྟེན་འབྲེལ་པར་བུ་ཐུགས་ཀར་བསྣམས། །དེ་གཡོན་ལབ་སྒྲོན་དཀར་དམར་མཁའ་འགྲོའི་ཆས། །ཕྱག་གཉིས་ཌ*ཌཱ་དྲི*་ཞབས་གཉིས་གར་སྟབས་བསྒྱུར། །དབུ་གཙུག་ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་། །མཁའ་སྤྱོད་སོ་དྲུག་གྲུབ་ཐོབ་ལྔ་བཅུ་སོགས། །འཁོར་དུ་བཀའ་བབས་སྔ་ཕྱི་བར་གསུམ་དང་། །གཅོད་ཡུལ་བུ་ཆེན་བཅུ་དྲུག་སོགས་ཀྱིས་བསྐོར། །ནུབ་བྱང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་པ། །རབ་བྱུང་ཆས་ལྡན་ལུས་གནད་ཕྱེད་བཅིང་ཚུལ། །ལྟ་སྟངས་རྡོ་རྗེའི་སྐྱིལ་ཀྲུང་སངས་ཀྱིས་བཞུགས། །དབུ་གཙུག་ཆོས་རྒྱལ་རིགས་ལྡན་སུམ་ཅུ་གཉིས། །དུས་ཞབས་ཆེ་ཆུང་གྲུབ་པའི་སློབ་དཔོན་ཚོགས། །འཁོར་དུ་རྭ་འབྲོ་ཙ་མི་གཙོར་གྱུར་པའི། །བརྒྱུད་སྲོལ་བཅུ་བདུན་བླ་མ་རྣམས་ཀྱིས་བསྐོར། །བྱང་དུ་མཁས་གྲུབ་ཨོ་རྒྱན་རིན་ཆེན་དཔལ། །སྐུ་ཤ་རྒྱས་ཤིང་སྐུ་ཟིལ་ཤིན་ཏུ་བརྗིད། །རབ་བྱུང་ཆས་ལྡན་ས་གནོན་སྐྱིལ་ཀྲུང་བཞུགས། །དབུ་གཙུག་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་། །མཁས་གྲུབ་བླ་མ་རྣམ་པ་


LT29_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་སོགས། །འཁོར་དུ་ཟླ་བྲལ་སྲས་མཆོག་རྣམ་བཞི་གཙོས། །བརྒྱུད་འཛིན་སྐྱེས་ཆེན་རིམ་བྱོན་ཚོགས་ཀྱིས་བསྐོར། །བྱང་ཤར་གྲུབ་ཆེན་མི་ཏྲ་ཛོ་གིའི་ཞབས། །རྣལ་འབྱོར་ཆས་ལྡན་མདུན་དུ་ཤིང་སྟན་བཙུགས། །ཕྱག་གཉིས་ཅང་ཏེའུ་བདུད་རྩིའི་ཐོད་ཞལ་བསྣམས། །དབུ་གཙུག་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། །རལ་པ་གཅིག་མ་རྣལ་འབྱོར་གྲུབ་པའི་ཚོགས། །འཁོར་དུ་ཤ་རི་པུ་ཏྲ་ཁྲོ་ལོ་སོགས། །རྒྱ་བོད་མཁས་དང་གྲུབ་པའི་ཚོགས་ཀྱིས་བསྐོར། །དེ་རྒྱབ་རྒྱན་དྲུག་ཆེ་བཞི་རྨད་བྱུང་གཉིས། །སྒོ་དྲུག་གྲུབ་ཆེན་བརྒྱད་ཅུ་རྩ་གཉིས་སོགས། །འཕགས་པའི་ཡུལ་དང་བོད་ཀྱི་མཁས་གྲུབ་ཚོགས། །གཡས་ཕྱོགས་དུས་གསུམ་སངས་རྒྱས་ཡི་དམ་ལྷ། །གཡོན་ཕྱོགས་དགེ་འདུན་དཔའ་བོ་རྣལ་འབྱོར་མ། །རྒྱབ་ཏུ་ལུང་རྟོགས་དམ་ཆོས་གླེགས་བམ་ཚུལ། །མདུན་དུ་ཆོས་སྐྱོང་དམ་ཅན་རྒྱ་མཚོར་བཅས། །བྱིན་རླབས་ཐུགས་རྗེའི་གཟི་བྱིན་རབ་འབར་བའི། །འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས་པའི་ཀློང་། །དད་ལྡན་བུ་ལ་བརྩེ་བས་དགོངས་ཏེ་བཞུགས། །གདོད་ནས་རྡོ་རྗེའི་སྐུ་གསུང་ཐུགས་སུ་


LT29_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །དེ་ལས་འཕྲོས་པའི་འོད་ཀྱི་སྣང་བ་དང་། །དད་མོས་གདུང་བས་བླ་མའི་དཀྱིལ་འཁོར་རྣམས། །མདུན་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿཚོགས་རྟེན་གསལ་གདབ་པ་ཙམ་གྱིས་ཆོག་ཀྱང་ལས་དང་པོ་པའི་བློ་ངོར་འཆར་བདེ་བ་ལྟར་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང་། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿམཆོད་ཡོན་སྤྲེང་ལ། །མགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གི་མཆོད་ཡོན་འདི་ཉིད་བཞེས་ནས་ཀྱང་། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་བར། །ཡིད་འོང་གདན་ལ་བདེ་བར་བཞུགས་སུ་གསོལ། །ཨོཾ་པྲ་ཝར་སཏྐ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། བཞུགས་སུ་གསོལ་བ་ནི། །སྟོང་གསུམ་ཀུན་དང་མཉམ་


LT29_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་པདྨ་ཨཱ་སན་སྟཾྭ། འདིར་ཁྲུས་གསོལ་འདོད་ན་ཁྲུས་ཆས་རྣམས་ཚོགས་པར་བྱས་ལ། ཁྲུས་གསོལ་སྐུ་ཕྱིན་བཟའ་འབུལ་བ་རྣམས་སྤྱི་ལྟར་བྱས་ཀྱང་རུང་། ཕྱག་ལེན་ཕལ་ཆེར་ལ་མི་འབྱུང་ངོ་། །དེ་ནས་བསགས་སྦྱོང་རྣམས་ཀྱི་ཐོག་མར་ཕྱག་འཚལ་བ་ནི། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང་། །བདག་བློའི་རྒུད་པ་ཞི་མཛད་པ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །དྲི་མེད་ཡོན་ཏན་རབ་རྒྱས་པས། །འགྲོ་ཀུན་གཙུག་གི་རྒྱན་གྱུར་པའི། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་རྟོགས་པའི་སྣང་བ་ཡིས། །འགྲོ་ཀུན་མི་ཤེས་མུན་སེལ་


LT29_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དྲི་མེད་ཉི་མའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་བསིལ་ཟེར་གྱིས། །ཕན་བདེའི་ཚལ་རབ་རྒྱས་མཛད་པ། །རྣམ་དག་ཟླ་བའི་དཀྱིལ་འཁོར་མཆོག། བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །ཉོན་མོངས་སྡུག་བསྔལ་ནད་སེལ་བ། །ཐབས་མཁས་འགྲོ་བའི་སྨན་པ་མཆོག །བླ་མའི་ཞབས་ལ༴ཐབས་དང་ཤེས་རབ་གྲུ་ཆེན་གྱིས། །སྲིད་ཞིའི་རྒྱ་མཚོའི་མཐར་སྒྲོལ་བ། །སྟོབས་ལྡན་འགྲོ་བའི་དེད་དཔོན་མཆོག །བླ་མའི་ཞབས་ལ༴ གནོད་པ་ཀུན་ལས་སྐྱོབས་བྱེད་ཅིང་། །ཕན་པ་དཔག་མེད་སྒྲུབ་མཛད་པའི། །བྱམས་མགོན་འགྲོ་བའི་གཉེན་གཅིག་པོ། །བླ་མའི་ཞབས་ལ༴ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ༴ རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །མ་བཅོས་ཀ་དག་ཟུང་འཇུག་རོལ་པའི་ངང་། །དགོངས་པ་བརྡ་དང་སྙན་ཁུངས་གཏེར་ལ་སོགས་


LT29_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ལྡན་བརྒྱུད་པ་རྣམས་ལ༴ སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ནས། །མཐའ་ཡས་སེམས་ཅན་བདེ་ལ་འགོད་མཛད་པའི། །དཔལ་ལྡན་ཇོ་བོ་རྗེ་ལ་སོགས་པ་ཡི། །བཀའ་གདམས་བརྒྱུད་པ་རྣམས་ལ༴སྣང་གསུམ་རྒྱུད་གསུམ་སྙན་བརྒྱུད་མན་ངག་གིས། །དབུ་མར་འགྲོས་བཞི་ཐིམ་ནས་མཆོག་བརྙེས་པ། །དབང་ཕྱུག་བིརྦ་པ་ལ་སོགས་པ་ཡི། །ལམ་འབྲས་བརྒྱུད་པ་རྣམས་ལ༴ རྡོ་རྗེའི་ལུས་ལ་རླུང་སེམས་རྟེན་འབྲེལ་འགྲིགས། །དགའ་བཞིའི་ཡེ་ཤེས་བདེ་སྟོང་གར་གྱིས་རོལ། །ཟུང་འཇུག་འོད་གསལ་འགྲོ་འོང་མེད་པར་རྟོགས། །མར་པ་བཀའ་བརྒྱུད་རྣམས་ལ༴ སྒྱུ་ལུས་རྨི་ལམ་ཟབ་མོས་རྒྱུད་སྦྱངས་ནས། །ཟུང་འཇུག་ཕྱག་རྒྱ་ཆེ་ལ་མངལ་བརྙེས་པའི། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པ། །ཤངས་པ་བཀའ་བརྒྱུད་རྣམས་ལ༴ ཐབས་ཤེས་རྟེན་འབྲེལ་ལམ་གྱིས་རྒྱུད་སྦྱངས་ནས། །ཕྱི་ནང་འགལ་རྐྱེན་ཆོས་སྐུ་ཆེན་པོར་རྟོགས། །རྗེ་བཙུན་དམ་པ་རྒྱ་གར་ལ་སོགས་པ། །ཞི་བྱེད་བརྒྱུད་པ་རྣམས་ལ༴ སྦྱང་བྱ་མེད་པའི་དོན་ལ་རྒྱུད་སྦྱངས་ནས། །རོ་སྙོམས་སྤྱོད་པས་གང་བྱུང་ཐད་ཀར་


LT29_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད། །མ་གཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པའི། །གཅོད་ཡུལ་བརྒྱུད་པ་རྣམས་ལ༴ མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རླུང་སེམས་དག་པའི་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ལ༴ སྐུ་ཡི་རྡོ་རྗེའི་གནད་ཀྱིས་རྒྱུད་སྦྱངས་ནས། །གསུང་གི་རྡོ་རྗེས་རླུང་སེམས་དབུ་མར་ཞུགས། །ཐུགས་ཀྱི་རྡོ་རྗེས་ཡེ་ཤེས་སྐུ་བསྒྲུབས་པ། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ༴ བཅིང་གྲོལ་མེད་པའི་དོན་ལ་རྒྱུད་སྦྱངས་ནས། །འོད་གསལ་གཉུག་མ་འགྲོ་འོང་མེད་པར་རྟོགས། །རྗེ་བཙུན་མི་ཏྲ་བ་ལ་སོགས་པ་ཡི། །ངལ་གསོའི་བརྒྱུད་པ་རྣམས་ལ༴ སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱིན་རླབས་དང་། །གདམས་ངག་ཚིག་དོན་ཀུན་འཛིན་ཡོངས་རྫོགས་ཀྱི། །བསྟན་པ་རིན་ཆེན་སླར་ཡང་གསལ་མཛད་པ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར༴ བཀའ་གཏེར་རིས་མེད་གདམས་ཟབ་ནོར་བུའི་གཏེར། །འཆད་བརྩོམ་བཀའ་བབས་ཡོངས་རྫོགས་བསྟན་པ་སྤེལ། །མཛོད་ལྔའི་ཤིང་རྟ་ཀུན་མཁྱེན་ཆོས་


LT29_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེ། །ངག་དབང་ཡོན་ཏན་རྒྱ་མཚོར༴ རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་སྒྱུ་འཕྲུལ་དྲྭ་བའི་ཚུལ། །རྩ་བརྒྱུད་བླ་མ་རྣམས་ལ༴ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་བསྐྱེད་རྫོགས་རྫོགས་པ་ཆེའི། །རྒྱུད་སྡེ་དྲུག་ལས་ལེགས་པར་གསུངས་པ་ཡི། །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ་བོའི་ཚུལ། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡེངས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །


LT29_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག༴ ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་་མེ་ན་བྷནྡྷ་ནཾ་ཀ་རོ་མི། ཞེས་པ་རྣམས་ཀྱིས་ཕྱག་བྱ། དེ་ནས་མཆོད་བསྟོད་འབུལ་བ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་ལས། །དང་པོ་ཕྱི་དངོས་འབྱོར་གྱི་མཆོད་པ་ནི། །མདོག་བཟང་དབྱིབས་ལེགས་ཚིམ་པའི་དྲི་བསུང་ཅན། །མནྡ་ར་དང་ཨུཏྤལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། །རྒྱུ་བཟང་མན་མན་ཞིམ་པའི་དྲི་ངད་ཅན། །ཨ་ཀ་རུ་དང་ཙནྡན་སྤྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་མཆོག༴བཛྲ་དྷཱུ་པེ༴ མུན་སེལ་དངོས་ཀུན་གསལ་


LT29_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཟི་བརྗིད་ཅན། །སྒྲོན་མེ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་མཆོག༴ བཛྲ་ཨཱ་ལོ་ཀེ༴ དྲི་ཞིམ་བྱུགས་ན་བདེ་བའི་རེག་མཆོག་ཀུན། །ག་བུར་གླ་རྩི་མནོམ་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱི་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་མཆོག བཛྲ་གནྡྷེ༴ མདོག་བཟང་མྱ་ངན་བདེ་བའི་རོ་བཅུད་ཅན། །འབྲས་ཆན་ཀ་ར་རྒྱ་གཏར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་མཆོག༴ བཛྲ་ནཻ་ཝི་ཏྱ༴ དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་དང་ཕེག་རྡོ་བརྒྱུད་མངས་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཤབྡས་མཆོད་ལ། ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང་། །ལེགས་པའི་ཡོན་ཏན་ཀུན་ལྡན་པས། །ཕན་བདེ་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཉིད། །འདྲེན་པའི་ཚུལ་དུ་


LT29_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་པའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཁྱེད་སྐུ་ཤ་དང་རུས་བྲལ་ཡང་། །ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་ཅན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་འདུད། །བརྗོད་འདོད་རྩོལ་བ་མི་མངའ་ཡང་། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་འདུད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང་། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེའི་གཟུངས་སྤོབས་དུ་མའི་གཏེར། །ཐུགས་ཀྱི་དབང་ཕྱུག་ཁྱེད་ལ་འདུད། །ཡོན་ཏན་ཆ་ཙམ་འགྲོ་ཀུན་གྱིས། །བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་དབང་ཕྱུག་ཁྱེད་ལ་འདུད། །མཐོང་ཐོས་དྲན་པས་དོན་ལྡན་ན། །བསྟེན་ན་འགྲོ་བ་ཅི་སྨོས་པ། །ལྷུན་གྲུབ་རྒྱུན་ཆད་མི་མངའ་བའི། །ཕྲིན་ལས་དབང་ཕྱུག་ཁྱེད་ལ་འདུད། །ཅེས་བས་བསྟོད། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། །དཔལ་འབྱོར་ཕུན་ཚོགས་དག་པའི་ཞིང་ཁམས་ན། །འཁོར་ཚོགས་ཡོན་ཏན་ཕྲིན་ལས་


LT29_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཅན། །སངས་རྒྱས་བྱང་སེམས་དུ་མས་རབ་གང་བའི། །ཕུན་ཚོགས་ཞིང་ཁམས་ཀུན་གྱིས་བླ་མ་མཆོད། །རབ་ཡངས་འབྱུང་བཞིའི་དཀྱིལ་འཁོར་བརྟན་པ་ལ། །བཀོད་ལེགས་རི་གླིང་ཁོར་ཡུག་རྒྱ་མཚོས་སྤྲས། །བརྟན་གཡོའི་དཔལ་གྱིས་ཕྱུར་བུར་གཏམས་པ་ཡི། །ཕུན་ཚོགས་འཇིག་རྟེན་ཁམས་ཀྱིས་བླ་མ་མཆོད། །ཉི་ཟླ་རྒྱུ་སྐར་རྒྱས་པ་དྭངས་པའི་མཁའ། །ན་བུན་འཇའ་ཚོན་སྤྲིན་གྱིས་མཛེས་གྱུར་ཅིང་། །ནོར་བུའི་མདོངས་འཕྲོག་ཀུན་གྱིས་གོ་འབྱེད་པའི། །ཕུན་ཚོགས་ནམ་མཁའི་ཁམས་ཀྱིས་བླ་མ་མཆོད། །དགོས་རྒུ་འབྱུང་བའི་རིན་ཆེན་རི་བོ་དང་། །རྩི་སྨན་རྒྱས་པའི་ནགས་རི་གངས་རི་སོགས། །དབྱིབས་ལེག་ལྷུན་སྟུག་སྐྱེ་བོའི་རྟེན་གྱུར་པ། །ཕུན་ཚོགས་རི་བོ་ཀུན་གྱིས༴ དྲི་མེད་རྦ་རླབས་གཡོ་བའི་ཆུ་ཀླུང་དང་། །ཡན་ལག་བརྒྱད་ཀྱིས་གང་བའི་མཚོ་རྫིང་སོགས། །ཡིད་འོང་རྙོག་པ་མེད་པའི་གདུང་སེལ་བ། ཕུན་ཚོགས་ཆུ་བོ་ཀུན་གྱིས། །གཡའ་མེད་མཚོ་སྨད་ནགས་ཚལ་ཐང་དང་ལྗོང་། །ར་བ་འོབས་བཅས་ཕོ་བྲང་ཡུལ་འཁོར་སོགས། །བདེ་ཞིང་ཉམས་དགའི་


LT29_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་གྱིས་གང་བའི། །ཕུན་ཚོགས་བསྟི་གནས་ཀུན་གྱིས༴ མུ་ཏིག་མན་ཤེལ་དུང་དང་གསེར་དངུལ་སོགས། །འདོད་དགུ་འབྱུང་བའི་རིན་ཆེན་ཇི་སྙེད་དང་། །གུར་གུམ་གི་ཧཾ་ཙནྡན་དཀར་དམར་སོགས། །ནུས་ལྡན་ནད་སེལ་སྨན་མཆོག་ཀུན་གྱིས་མཆོད། །གཞན་ཡང་རོ་བཅུད་ལྡན་པ་འཚོ་བའི་རྐྱེན། །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་པ། །མདོར་ན་སྣོད་ཀྱི་དཔལ་འབྱོར་མཆོད་འོས་ཀུན། །བློ་ཡིས་བླངས་ནས་མཉམ་མེད་བླ་མ་མཆོད། ཁམས་གསུམ་དབང་ཕྱུག་ཚངས་པ་བརྒྱ་བྱིན་དང་། །མི་དབང་འཁོར་ལོས་བསྒྱུར་རྒྱལ་ཀླུ་དབང་སོགས། །བཙུན་མོ་སྲས་སོགས་མངའ་ཐང་རབ་རྒྱས་པའི། །ཡིད་འོངས་སྐྱེ་དགུའི་དབང་པོ་ཀུན་གྱིས་མཆོད། །རིགས་བཟང་འབྱོར་ལྡན་བློན་པོ་ཁྱིམ་བདག་དང་། །ཡིད་འོང་གླུ་ལེན་ཁྱེའུ་བུ་མོ་སོགས། །གཟུགས་བཟང་སྙན་ངག་ཡིད་གཞུང་གོས་རྒྱན་ཅན། །ཡིད་འོང་སྐྱེ་བོ་ཀུན་གྱིས་བླ་མ་མཆོད། །རི་ངོས་འགྱིང་པའི་དུང་སེང་ཁྱུ་མཆོག་དང་། །རི་སུལ་རྒྱུ་བའི་ཀྲྀཥྞ་ཨེ་ནྱ་སོགས། །རྩལ་རྒྱས་


LT29_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་བཀྲག་དེས་པའི་གོམ་སྟབས་ཅན། །ཡིད་འོང་རི་དྭགས་ཚོགས་ཀྱི་བླ་མ་མཆོད། །ནགས་རིར་སྙན་སྒྲོགས་རི་སྐེད་ཁུ་བྱུག་དང་། །ས་གཞི་རྒྱན་གྱུར་བཞད་དང་ཁྲུང་ཁྲུང་སོགས། །སྐད་སྙན་སྤུ་སྡུག་མཛེས་པའི་གར་སྟབས་ཅན། །ཡིད་འོང་བྱ་ཚོགས་ཀུན་གྱིས་བླ་མ་མཆོད། །མདོར་ན་སྣོད་ཀྱིས་ཕྱོགས་ཡིད་འོང་ན། །བཅུད་ཀྱི་སེམས་ཅན་མཆོད་པ་གང་གནས་པ། །བདག་པོས་བཟུང་དང་མ་བཟུང་དེ་དག་ཀུན། །བློ་ཡིས་བླངས་ནས་ཆོས་རྗེ་བླ་མ་མཆོད། །འཁོར་འདས་ཕུན་ཚོགས་ཇི་སྙེད་ཀུན། །དམ་པའི་ཆོས་ལས་བྱུང་བ་སྟེ། །དེ་ཡང་ཁྱེད་ལས་བྱུང་གྱུར་པ། །ཕན་བདེའི་འབྱུང་གནས་ཁྱེད་ལ་བསྟོད། །ཇི་ལྟ་ཇི་སྙེད་ཀུན་མཁྱེན་གྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་སྤངས་པས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱོད་ལ་བསྟོད། །ཁྱེད་ཐུགས་རྟོགས་པའི་དམ་ཆོས་ཏེ། །གསུང་གི་རྒྱུ་མཐུན་ལུང་གི་ཆོས། །རྣམ་གྲོལ་འཇུག་ངོགས་མཆོག་གྱུར་པ། །དམ་ཆོས་རིན་ཆེན་ཁྱོད་ལ་བསྟོད། །རང་བཞིན་འོད་གསལ་མངོན་གྱུར་ཅིང་། །གཉིས་


LT29_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྟོག་པ་ལས་གྲོལ་བས། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ཚོགས་མཆོག་གཙོ་བོ་ཁྱེད་ལ་བསྟོད། །འདོད་པའི་འཆིང་བ་ཀུན་སྤངས་ནས། །དྲི་མེད་བསླབ་གསུམ་བརྟུལ་ཞུགས་ཅན། །སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གཙོ། །ཤཱཀྱའི་སྲས་མཆོག་ཁྱེད་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་སེམས་མཆོག་གིས། །གཅིག་ཏུ་གཞན་ཕན་བརྩོན་པ་ཅན། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡབ། །བརྩེ་ལྡན་དཔའ་བོ་ཁྱོད་ལ་བསྟོད། །སྨིན་གྲོལ་ལམ་ལ་རབ་སྦྱངས་པས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་ཅན། །རིག་པ་འཛིན་པ་ཀུན་གྱི་རྗེ། །རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་བསྟོད། །རང་ལུས་དང་ཡིད་སྤྲུལ་གྱི་མཆོད་པ་ཕུལ་བའི་ཐོག་མར་མཎྜལ་ཚོམ་བུ་རྒྱས་བསྡུས་གོང་འོས་ཚིགས་བཅད་སྤྱི་འགྲོ་བཅས་གྲངས་ཅི་ནུས་སུ་འབུལ། །དཀོན་མཆོག་མཆོད་དང་སེམས་ཅན་དོན་བསྒྲུབ་ཕྱིར། །བསོད་ནམས་ལོངས་སྤྱོད་བཅས་པ་བདག་གི་ལུས། །སྐྱེས་མཆོག་ཁྱོད་ཀྱི་བྲན་དུ་ལེགས་འབུལ་ནས། །ཇི་ལྟར་བསྒོ་བའི་དོན་ཀུན་བསྒྲུབ་བགྱིའོ། །དྲི་མེད་བེ་ཌཱུར་ས་གཞི་ཡངས་པ་ལ། །གསེར་དངུལ་


LT29_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་བ་གམ་དྲྭ་བ་ཅན། །རིན་ཆེན་ཀ་བས་བཏེགས་ཅིང་ཁྱོན་ཡངས་པ། །ཡིད་འོང་ཕོ་བྲང་གཞལ་མེད་དམ་པས་མཆོད། །བླ་བྲེ་རྒྱལ་མཚན་གདུགས་སོགས་སྟེང་ནས་མཛེས། །དར་དཔྱངས་ལྷ་བ་ལྷུབ་ཡོལ་བས་ལོགས་ནས་བརྒྱན། །ཁྲི་དང་གདན་སོགས་འོག་ནས་བརྗིད་གྱུར་པའི། །ཕུན་ཚོགས་ཉེར་མཁོའི་གཟིམས་ཆ་ཀུན་གྱིས་མཆོད། །ཐར་པའི་རྒྱལ་མཚན་ཆོས་གོས་ངུར་སྨྲིག་དང་། །སྲབ་འཇམ་ཡངས་པའི་པཉྩ་ལི་ཀ་དང་། །རྒྱུ་བཟང་དྲི་ཞིམ་ཀ་ཤིའི་རས་ལ་སོགས། །ཕུན་ཚོགས་ན་བཟའ་ཀུན་གྱིས་བླ་མ་མཆོད། །རིགས་ལྔའི་དབུ་རྒྱན་དར་གྱི་ཅོད་པན་དང་། །མུ་ཏིག་དོ་ཤལ་ནོར་བུའི་ག་ཤ་དང་། །རིན་ཆེན་ཕྲ་བཀོད་གསེར་གྱི་གདུ་བུ་སོགས། ཕུན་ཚོགས་རྒྱན་མཆོག་ཀུན་གྱིས་བླ༴ བསོད་ནམས་དུ་མའི་དཔལ་ལས་གྲུབ་པའི་རྫས། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་པོ་རྟ་མཆོག་དམག་མི་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་ཀུན་གྱིས་བླ༴ ཉེ་བར་མཁོ་བའི་འདོད་དགུ་འབྱུང་བའི་རྫས། །ནགས་ཚལ་རལ་གྲི་ཁང་བཟང་མལ་སྟན་དང་། །ལྷ་ཡི་གོས་


LT29_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་གྱི་པགས་པ་ལྷྭམ། །ཉེ་བའི་སྣ་བདུན་ཀུན་གྱིས༴ སྐྱེ་དགུ་བདེ་ཞིང་དགེ་བར་བྱེད་པའི་རྫས། །དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང་། །གདུགས་དང་བུམ་བཟང་དུང་དཀར་གསེར་ཉ་སྟེ། །བཀྲ་ཤིས་རྟགས་བརྒྱད་ཀུན་གྱིས༴ མདོར་ན་འདོད་འཇོའི་བ་དང་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་ཡིད་བཞིན་ནོར་བུ་དང་། །འཆི་མེད་བདུད་རྩི་རོ་བརྒྱའི་ཟས་ལ་སོགས། །ལོངས་སྤྱོད་ཕུན་ཚོགས་ཀུན་གྱིས་བླ་མ་མཆོད། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས། །སྲིད་ཞིའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་པ་མཆོག་བརྙེས་པ། །སྐྱབས་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤིང་། །ཉེ་བཞིའི་རྩ་རླུང་དབང་འདུས་པས། །ཡན་ལག་བཅུ་གཉིས་རྣམ་འགགས་པ། །ས་བཅུའི་མཐར་སོན་ཁྱོད་ལ་བསྟོད། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མིན་པའང་མ་ཡིན་པ། །རྣམ་དག་ཟག་མེད་ཆོས་ཀྱི་དབྱིངས། །སྤྲོས་བྲལ་ཆོས་སྐུ་ཁྱེད་ལ་བསྟོད། །མཚན་དང་དཔེ་བྱད་དཔལ་འབར་བས། །དག་པའི་ཞིང་གི་གདུལ་


LT29_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ། །རྟག་པར་ཐེག་མཆོག་ཆོས་སྟོན་པ། །བདེ་ཆེན་ལོངས་སྐུ་ཁྱེད་ལ་བསྟོད། །སྣ་ཚོགས་གདུལ་བྱའི་བསམ་པ་ལྟར། །སངས་རྒྱས་རྣམ་འཕྲུལ་དཔག་མེད་ཀྱིས། །འགྲོ་ཀུན་ཕན་བདེས་ཚིམ་མཛད་པ། །ཐབས་མཁས་སྤྲུལ་སྐུ་ཁྱེད་ལ་བསྟོད། །གཟུགས་སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱང་། །དེ་ཡི་རང་བཞིན་འགྱུར་མེད་པ། །ཨེ་མ་ཧོ་བརྗོད་བྲལ་ཟུང་འཇུག་དངོས། །ངོ་བོ་ཉིད་སྐུ་ཁྱོད་ལ་བསྟོད། །རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ཅིང་། །ཉོན་མོངས་སྒྲིབ་པ་ཀུན་སྤངས་པས། །ཕུང་པོ་ལྔ་ལས་ཡོངས་གྲོལ་བའི། །ཡེ་ཤེས་མངའ་བདག་ཁྱོད་ལ་བསྟོད། །སོ་སོ་རིག་བཞིའི་ཐུགས་མངའ་བའི། །སྟོབས་བཅུས་བདུད་ཀྱི་དཔུང་བཅོམ་ནས། །མི་འཇིགས་བཞི་ཡིས་ཆོས་སྟོན་པ། །ཡོན་ཏན་མངའ་བདག་ཁྱེད་ལ་བསྟོད། །སྤྱོད་པ་རྟོགས་པ་ཡེ་ཤེས་དང་། །ཕྲིན་ལས་གཞན་དང་མ་འདྲེས་པའི། །སངས་རྒྱས་ཡོན་ཏན་བཅོ་བརྒྱད་ཅན། །མཚུངས་མེད་དམ་པ་ཁྱེད་ལ་བསྟོད། །ཅེས་མཆོད་ཅིང་བསྟོད། དེ་ནས་ནང་གི་མཆོད་པ་ནི། །རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། ཁ་དོག་དབྱིབས་ཀྱི་གཟུགས་མཆོག་


LT29_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འོས་ཀུན། །རབ་མཛེས་གཟུགས་ཀྱི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྤྱན་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝྭ་ར་རཱུ་པ་ཀཱ་མ་གུ་་པཱུ་ཛཿཨཱཿཧཱུྃ། །རབ་འབྱམས༴ ཟིན་དང་མ་ཟིན་སྒྲ་མཆོག་མཆོད་འོས་ཀུན། །རབ་མཛེས་སྒྲ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྙན་ལ་འབུལ། །ཤབྟ་ཀཱ་མ། །རབ་འབྱམས༴ ལྷན་སྐྱེས་སྦྱར་བའི་དྲི་མཆོག་ཇི་སྙེད་ཀུན། །རབ་མཛེས་དྲི་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ཤངས་ལ་འབུལ། །གནྡྷེ་ཀཱ་མ༴ རབ་འབྱམས༴ བཟའ་བཅའ་བཏུང་བའི་རོ་མཆོག་མཆོད་པ་ཀུན། །རབ་མཛེས་རོ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ལྗགས་ལ་འབུལ། ར་ས་ཀཱ་མ༴ རབ་འབྱམས༴ སེམས་ཅན་སེམས་ཅན་མིན་པའི་རེག་མཆོག་ཀུན། །རབ་མཛེས་རེག་བྱའི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྐུ་ལ་འབུལ། །སྤརྴེ་ཀཱ་མ༴ ཟག་མེད་བདེ་བས་མྱོས་བྱེད་མ་ད་ན། །སྟོབས་བསྐྱེད་གོ་ཀུ་ལ་སོགས་པ་ལ་དང་། །བཅུད་ལྡན་བིར་ཤུ་སོགས་འཆི་


LT29_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཏེར། །གསང་བའི་དམ་རྫས་ཀུན་གྱིས་བླ་མ་མཆོད། །གུ་ཧྱ་པཱུ་ཛ་ཨཱཿཧཱུྃ། །ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར་བ་ལས། །མཆོག་ཏུ་མི་འགྱུར་ལྷན་སྐྱེས་བདེ་བའི་རོ། །ཟག་མེད་ཕུང་ཁམས་སྐྱེ་མཆེད་རྟས་བྱེད་པའི། །མཆོག་ཏུ་གསང་བའི་མཆོད་པ་ཆེན་པོས་མཆོད། །ཨ་ནུ་རཀྟོ་བཱུ་ཛ་ཨཱཿཧཱུྃ། །བདེ་དང་སྟོང་པ་དབྱེར་མེད་པས། །ཐབས་ཤེས་ཟུང་དུ་འཇུག་པའི་དངོས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །ཁྱེད་སྐུའི་ཕུང་པོ་རིགས་ལྔ་སྟེ། །འབྱུང་བ་ཡུམ་ལྔའི་ལྷ་མོ་དང་། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །དབང་པོ་རྣམས་ནི་སེམས་དཔའ་སྟེ། །ཡུལ་དྲུག་སེམས་མའི་ཚོགས་རྣམས་དང་། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན༴ ཡན་ལག་རྣམས་ནི་ཁྲོ་རྒྱལ་ཏེ། །བྱ་བ་རྣམ་བཅུའི་ཁྲོ་མོ་དང་། །ཟུང་འཇུག༴ འགྲོ་བའི༴ ཁྱེད་སྐུའི་ཁམས་རྣམས་དཔའ་བོ་སྟེ། །རྩ་གནས་དཔའ་མོའི་ཚོགས་རྣམས་དང་། །ཟུང་འཇུག༴ འགྲོ་བའི༴ རྩ་བའི་རླུང་རྣམས་ཡབ་ལྔ་སྟེ། །འབྱུང་བ་ལྔ་ཡི་ཡུམ་


LT29_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་གསུང་། །འགྲོ་པའི༴ ཁྱོད་ཐུགས་ཡེ་ཤེས་རང་བཞིན་ཏེ། །སྣང་ཡུལ་ཆོས་ཀྱི་དབྱིངས་རྣམས་དང་། ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་ཐུགས། །འགྲོ་བའི་དཔལ་མགོན་ཁྱེད་ལ་བསྟོད། །གསང་མཆོད་འབུལ་ཞིང་བསྟོད་པ་ནི། །ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སྔོན་མོ་པི་ཝཾ་སྒྲ་སྒྲོགས་མ། །མཛེས་མ་རང་འདྲ་དུ་མ་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དུ་མས་དགེས་པར་མཆོད། །ཨོཾ་བཱི་ནི་བཛྲི་ནི་ཨཿཧཱུྃ། །ཡིད་འཕྲོག་མཚན་དཔེས༴ སྐུ་མདོག་སེར་མོ་གླིང་བུའི་སྒྲ་སྒྲོགས་མ། །མཛེས་མ༴ ཡིད་འོང་༴ ཝཾ་སེ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་རྫ་རྔའི་སྒྲ་སྒྲོགས་མ། །མཛེས་མ་རང་༴ ཡིད་འོང་༴ མུ་ར་ཛེ་བཛྲི་ནི༴ ཡིད་འཕྲོག་མཚན༴ སྐུ་མདོག་དམར་པོ་རྔ་ཟླུམ་སྒྲ་སྒྲོགས་མ། །མཛེས་མ༴ ཡིད་འོང་༴ མྲྀ་ཏཾ་གི་བཛྲི༴ ཡིད་འཕྲོག༴ སྐུ་མདོག་དམར་མོ་བཞད་པའི་ཕྱག་རྒྱ་ཅན། །མཛེས་མ༴ ཡིད་འོང་༴ཧ་སྱ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་འགྱིང་བའི་ཕྱག་རྒྱ་མ།


LT29_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་མ༴ ཡིད་འོང་༴ ལཱ་སྱ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་ལྗང་ཁུ་སྙན་པའི་གླུ་ལེན་མ། །མཛེས་མ༴ ཡིད་འོང་༴ གི་རྟི་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སེར་མོ་མཛེས་པའི་གར་སྒྱུར་མ། །མཛེས་མ༴ ་ཡིད་འོང་༴ ནྀྲ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་དཀར་མོ་མེ་ཏོག་སྣོད་འཛིན་མ། །མཛེས་མ༴ ཡིད་འོང་༴ བཛྲ་པུཥྤེ༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་བདུག་སྤོས་སྣོད་འཛིན་མ། །མཛེས་མ༴ ཡིད་འོང་༴ བཛྲ་དྷཱུ་པེ༴ ཡིད་འཕྲོག༴ སྐུ་མདོག་དམར་མོ་སྣང་གསལ་ལེགས་འཛིན་མ། །མཛེས་མ༴ ཡིད་འོང་༴ ཨཱ་ལོ་ཀེ༴ ཡིད་འཕྲོག༴ སྐུ་མདོག་ལྗང་གུ་དྲི་ཆབ་སྣོད་འཛིན་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དུ་མས་དགེས་པར་མཆོད། །ཨོཾ་བཛྲ་གནྡྷེ་པཱུ་ཛ་ཨཱ་ཧཱུྃ། །བདེ་གཤེགས་སྙིང་པོའི་ས་གཞི་ལེགས་བསྟར་བར། །བྱང་ཆུབ་སེམས་གཉིས་དྲི་མེད་ཡོན་ཆབ་གཏམས། །དཀར་པོ་དགེ་བཅུའི་མེ་ཏོག་སིལ་མར་བཀྲམ། །སྡོམ་གསུམ་རྣམ་དག་སྤོས་སྤྲིན་གཏིབས་པས་མཆོད། །སྤྱན་དང་མངོན་ཤེས་རིན་ཆེན་


LT29_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེ་དངར། །ཚངས་པའི་གནས་བཞི་དྲི་མཆོག་ཀུན་ནས་འཁྱིལ། །སྙོམས་འཇུག་རྣམ་དགུའི་རོ་བརྒྱའི་ཞལ་ཟས་སྤུངས། །འཆད་རྩོད་རྩོམ་པའི་སིལ་སྙན་བསྒྲགས་པས་མཆོད། །ཐར་པའི་རིམ་གཉིས་འབྱུང་བཞིའི་དཀྱིལ་འཁོར་ཏེ། །བྱང་ཕྱོགས་སོ་བདུན་རི་གླིང་རབ་མཛེས་ཤིང་། །སྟོང་ཉིད་སྙིང་རྗེའི་ཉི་ཟླ་ཆེར་གསལ་བས། །ཚོགས་གཉིས་ཁོར་ཡུག་ཀུན་ནས་བསྐོར་བས་མཆོད། །ཚེ་ལ་དབང་བཅུ་རིན་ཆེན་གཏེར་ཕྱེ་ཞིང་། །ལམ་ལྔ་ས་བཅུའི་མ་རྨོས་ལོ་ཏོག་རྒྱས། །ཕ་རོལ་ཕྱིན་བཅུའི་དཔག་བསམ་སྡོང་ཆེན་འཁྲིགས། །བསྡུ་དངོས་བཞི་ཡི་འདོད་འཇོའི་བ་མོས་མཆོད། །གཟུངས་སྤོབས་མཚན་དཔེའི་གོས་རྒྱན་ལྷབ་ལྷུབ་དཔྱངས། །ཟག་མེད་ཕུང་པོའི་འདོད་ཡོན་སྣ་ལྔ་བཀྲམ། །འཕགས་པའི་ནོར་བདུན་རྒྱལ་སྲིད་རིན་ཆེན་མཆོག །རྣམ་ཐར་བརྒྱད་ཀྱིས་བཀྲ་ཤིས་རྫས་ཀྱིས་མཆོད། །སྐུ་བཞིའི་ཏོག་ལྡན་སྟོབས་བཅུའི་རྒྱལ་མཚན་བསྒྲེངས། །མི་འཇིགས་བཞི་ཡི་རིན་ཆེན་གདུགས་དཀར་འཁྱིལ། །མ་འདྲེས་བཅོ་བརྒྱད་སྣ་ཚོགས་བ་དན་འཕྱར། །ཟད་པར་ཟིལ་གནོན་རྔ་ཡབ་


LT29_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བས་མཆོད། །རིམ་གཉིས་གསང་སྔགས་དཔལ་གྱིས་རབ་བརྗིད་པའི། །དགའ་བ་བཅུ་དྲུག་དཔའ་བོས་གར་བྱེད་ཅིང་། །བདེ་སྟོང་རྣམ་འགྱུར་དུ་མ་རབ་ལྡན་པའི། །སྟོང་ཉིད་བཅུ་དྲུག་རིག་མ་མཛེས་པས་མཆོད། །གྲུབ་ཆེན་བརྒྱད་ཀྱིས་རྒྱན་གྱིས་རབ་བརྒྱན་ཅིང་། །དབང་ཕྱུག་བརྒྱད་ཀྱི་དཔལ་ལ་དབང་འབྱོར་བ། །ཕྲིན་ལས་བཞི་ཡི་འཁོར་བཟང་གིས་བསྐོར་བའི། །མཆོག་གི་དངོས་གྲུབ་འཁོར་ལོས་བསྒྱུར་བས་མཆོད། །གཞན་ཡང་ཐེག་གསུམ་གཞི་ལམ་འབྲས་བུ་ཡི། །སྤངས་རྟོགས་ཡོན་ཏན་ཇི་སྙེད་དེ་དག་ཀུན། །དད་འདུན་བློ་ཡིས་བླངས་ཤིང་སྤྲུལ་བྱས་ནས། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོད་པར་བགྱིའོ། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་མཛད་འདུད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་མཛད་འདུད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་གང་ལའང་གནས་པ་མེད། །ང་རྒྱལ་མེད་ཅིང་


LT29_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །རྟག་པར་མཉམ་པར་འཇོག་གྱུར་པའི། །དམིགས་མེད་ཁྱེད་ལ༴ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཅིང་། །སྣ་ཚོགས་མིན་ལ་སྙོམས་འཇུག་པའི། །དམིགས་མེད༴ ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད༴ ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད༴ རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་ལ། །བསམ་གྱིས་མི་ཁྱབ་པ་ཡིས་ཐུགས། །དམིགས་མེད༴ ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་དོགས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་ནི། །འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་


LT29_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དང་། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང་། །འདི་ལྟར་བཟའ་དང་བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་མནམ་པ་དང་། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་དེ་ཡང་རི་བོ་མཆོག་དང་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་བཞིན་དུ་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་དག་གིས་མཆོད།། ༈ །།ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་དང་སྟོང་ལ་གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་ལ། །བདེ་སྟོང་འཛིན་པ་མེད་པ་བདེ་བའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་པའི་སྒོམ་པ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད།


LT29_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བླང་ཕྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་གློ་བུར་དྲི་མ་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་པ་ཁྱེད་ལ་འདུད། །དེ་ནས་ཡན་ལག་ལྷག་མ་རྣམས་ཀྱི་ཐོག་མར་སྤྲོ་ན་སྤྱི་བཤགས་བླ་མ་རྡོར་འཛིན་ཨ་ལན་གསུམ་བརྗོད། །བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང་། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་གྱུད་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང་། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་


LT29_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང་། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །སྡོམ་བཟུང་སྤྲོ་ན། །ཨོཾ་རྣལ་འབྱོར་དབང་པོ་སོགས་དམ་བཅའ་ཉེར་བརྒྱད་པ་དང་། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སོགས་རིགས་ལྔའི་སྡོམ་བཟུང་བྱ། བསྡུ་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་


LT29_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །ལན་གསུམ་བྱ། དེ་ནས་གསོལ་བ་འདེབས་པ་ནི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་སོ་སོའི་དབང་ཁྲིད་བརྒྱུད་པའི་གསོལ་འདེབས་དང་། བརྒྱུད་པ་གཙོ་བོ་རྣམས་ཀྱི་རྣམ་ཐར་གསོལ་འདེབས་ཅི་ནུས་བྱ། མི་ཤེས་ཤིང་མི་ལྕོགས་ན་མདོར་བསྡུས་པ་ནི། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ཅག་སྙིགས་དུས་འགྲོ་བ་མགོན་མེད་ལ། །སྐལ་མཉམ་གཟུགས་སུ་སྤྲུལ་ནས་དོན་མཛད་པ། །བླ་མ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང་། །སོ་ཟུར་གནུབ་ཉང་གཏེར་སྟོན་བརྒྱ་རྩ་སོགས། །སྔ་འགྱུར་རིག་འཛིན་རྣམས་ལ༴ དཔལ་ལྡན་མར་མེ་མཛད་དང་ཁུ་རྡོག་འབྲོམ། །སྐུ་མཆེད་རྣམ་གསུམ་འཇམ་དབྱངས་ཙོང་ཁ་པ། །བཀའ་གདམས་གསར་རྙིང་རིང་ལུགས་འཛིན་མཛད་པའི། །དགེ་བའི་བཤེས་གཉེན་རྣམས༴ དཔལ་ལྡན་ཆོས་སྐྱོངས་སྐྱའི་གོང་མ་ལྔ། །ངོར་ཆེན་རྫོང་བ་ཚར་ཆེན་ཡབ་སྲས་ཀྱི། །བརྒྱུད་


LT29_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཁས་དང་གྲུབ་པ་རིམ་བྱོན་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ༴ རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་གྲངས་འདས་པ། །དྭགས་པོ་བཀའ་བརྒྱུད་རྣམས་ལ༴ ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་སོགས། །རིན་ཆེན་བདུན་བརྒྱུད་ཕྲེང་བ་རྣམ་པ་གཉིས། །ཐང་རྒྱལ་ལ་སོགས་ཉེ་བརྒྱུད་ལས་བྱོན་པའི། །ཤངས་པ་བཀའ་བརྒྱུད་རྣམས་ལ༴ དམ་པ་སངས་རྒྱས་མ་གཅིག་ལབ་ཀྱི་སྒྲོན། །རྨ་སོ་ཀཾ་གསུམ་སྒོ་བའི་རྣལ་འབྱོར་བཞི། །བཀའ་བབས་སྔ་ཕྱི་བར་གསུམ་ལ་སོགས་པ། །ཞི་གཅོད་བརྒྱུད་པ་རྣམས་ལ༴ ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་དང་། །རྭ་འགྲོ་ཙ་མི་རང་བྱུང་དོལ་པོ་པ། །མཁས་མཆོག་བུ་སྟོན་ཡབ་སྲས་གཙོར་གྱུར་པ། །སྦྱོར་དྲུག་བརྒྱུད་པ་རྣམས་ལ༴ རྡོ་རྗེ་བཙུན་མོ་མཁས་གྲུབ་ཨོ་རྒྱན་པ། །རང་བྱུང་རྡོ་རྗེ་མཁར་ཆུ་སྤུ་ཏྲ་པ། །ནེ་རིང་པ་སོགས་རྣལ་འབྱོར་དྲུག་པ་ཡི། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ༴ སྤྱན་རས་གཟིགས་དབང་མི་ཏྲ་ཛཽ་ཀིའི་ཞབས། །ཤ་རི་


LT29_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཏྲ་གྲགས་པ་རིན་ཆེན་དང་། །བྱམས་པ་དཔལ་སོགས་སྙན་བརྒྱུད་ཁྲི་དྲུག་དང་། །ངལ་གསོའི་བརྒྱུད་པ་རྣམས་ལ༴ ཚེམ་བུ་པ་དང་པོ་དོང་འཇིགས་བྲལ་ཆེ། །རོང་སྟོན་ཆེན་པོ་སྒྲོལ་བའི་མགོན་པོ་སོགས། །ཐུན་མོང་ཁྱད་པར་བླ་ན་མེད་པ་ཡི། །ཁྲིད་བརྒྱུད་འཛིན་མཛད་རྣམས་ལ༴ སྔོན་སྦྱངས་སྟོབས་ཀྱིས་མཁྱེན་གཉིས་རྩལ་ཆེན་རྫོགས། །ངོ་མཚར་བཀའ་བབས་ཆེན་པོ་བདུན་དང་ལྡན། །སྙིགས་མའི་འགྲོ་འདུལ་བླ་མེད་ཆོས་ཀྱི་རྗེ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར༴ སྐྱེས་རབ་དུ་མར་གོམས་པའི་མཁྱེན་རྟོགས་ཀྱིས། །ངོ་མཚར་མཛོད་ཆེན་རྣམ་ལྔའི་ཤིང་རྟ་དྲངས། །ཡོངས་རྫོགས་བསྟན་པའི་མེ་རོ་རྨིངས་ནས་བསླངས། །བློ་གྲོས་མཐའ་ཡས་ཞབས་ལ༴ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དཀོན་མཆོག་རིན་ཆེན་རྒྱལ་བ་སྲས་དང་བཅས། །ཡི་དམ་དཀྱིལ་འཁོར་དཔའ་བོ་རྣལ་


LT29_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །འདི་མན་ཆད་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་ཉིད་བྱིན་རླབས་ཆེ་བས་བཀོད་པའོ། །ཀྱེ་མ་ཀྱི་ཧུད་ཉམ་ཐག་བདག་ལྟ་བུ། །ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །འདི་ལ་ཁྱེད་ཀྱིས། ཐུགས་རྗེའི་ཕྱག་རྐྱོང་ལ། །ད་ལྟ་ཉིད་དུ་དྲོང་བར་མཛད་དུ་གསོལ། །རང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །མ་རིག་དབང་གིས་སྲིད་པ་འདིར་འཁྱམས་ཏེ། །རྨི་ལམ་ལྟ་བུའི་འཁྲུལ་འཁོར་ཉམ་རེ་ཐག །འདི་ལ་སྐྱབས་དང་སྐྱོབ་པ་མཛད་དུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །འཁོར་བའི་རྒྱ་མཚོ་མཐའ་མེད་བརྒལ་དཀའ་བར། །ཡེ་ཤེས་གྲུ་ཆེན་བླ་ན་མེད་པ་ཡིས། །སྡུག་བསྔལ་ཆུ་བོ་སྒྲོལ་བར་མཛད་དུ་གསོལ། །ཡུན་རིང་དུས་ན་གོམས་པའི་བག་ཆགས་གཟུགས། །འཁྲུལ་སྣང་གཟུང་འཛིན་རི་རྒྱལ་ལྷུན་མཐོ་བ། །རྣམ་གྲོལ་མཆོག་གི་ཡེ་ཤེས་རྡོ་རྗེ་ཡིས། །ད་ལྟ་ཉིད་དུ་གཞིག་པར་མཛད་དུ་གསོལ། །མ་རིག་མུན་པ་ཤིན་ཏུ་འཐིབས་པོ་ཆེ། །རྒྱུན་


LT29_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བརྟག་དཀའ་ཕ་མཐའ་མི་མངོན་ཞིང་། །འོད་གསལ་སྙིང་པོའི་སྒྲིབ་པ་རླབས་ཆེན་འདི། །ཡེ་ཤེས་ཟེར་གྱིས་བསལ་བར་མཛད་དུ་གསོལ། །ཅི་ཙམ་འབད་ཀྱང་ཉོན་མོངས་སྡུག་བསྔལ་རྒྱུ། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་ལས། །བདག་གི་ཡིད་འདི་རབ་ཏུ་བཟློག་ནས་ཀྱང་། །ཉིན་མཚན་ཆོས་ཀྱིས་འདའ་བར་མཛད་དུ་གསོལ། །ཚུལ་མིན་ཡིད་བྱེད་ཆུ་རླབས་གཉེར་འདྲ་ཞིང་། །ཀུན་རྟོག་སྣ་ཚོགས་ཡུལ་ལྔའི་རྗེས་སུ་འབྲང་། །ཚོགས་བརྒྱད་བག་ཆགས་ཀུན་གཞི་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་ཞི་བར་མཛད་དུ་གསོལ། །རྟོག་བཅས་བག་ཆགས་འདོད་པའི་སེམས་ཉོན་མོངས། །གསལ་བ་གཟུགས་དང་མི་རྟོག་གཟུགས་མེད་ཀྱི། །སྲིད་པའི་སེམས་གང་བག་ཆགས་རྗེས་འབྲེངས་པ། །དེ་དག་ཐམས་ཅད་དག་པར་མཛད་དུ་གསོལ། །རང་དོན་གོམས་པ་ལྷུར་ལེན་དམན་པའི་བློ། །གཅིག་པུར་ཞིབ་གཉེར་ལས་ལྡོག་ནས་ཀྱང་། །ཕྱི་ནང་གསང་བའི་ཆོས་མཆོག་ལམ་ཞུགས་ཏེ། །རླབས་ཆེན་གཞན་དོན་འགྲུབ་པར་མཛད་དུ་གསོལ། །ལམ་


LT29_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ལམ་ལོག་དམན་པའི་འགྲོ་ཀུན་གྱི། །ལས་དང་ཉོན་མོངས་བག་ཆགས་རབ་སྦྱངས་ཏེ། །སེམས་ཉིད་ཡིད་བཞིན་ཐར་པའི་གྲོང་ཁྱེར་དུ། །མ་ལུས་ཕྱམ་གཅིག་བགྲོད་པར་མཛད་དུ་གསོལ། །སྒྲིབ་པའི་རྒྱ་མཚོ་ཤིན་ཏུ་རྙོག་པ་ཅན། །དུས་རིང་ཐོག་མཐའ་མེད་ནས་ཉེར་གནས་ཀྱང་། །བདག་ཅག་མཐུ་ཡིས་ཐར་པའི་སྐབས་མེད་པས། །བརྩེ་ཆེན་ཁྱོད་ཀྱིས་དྲོང་བར་མཛད་དུ་གསོལ། །ཤུགས་དྲག་བཟོད་པར་དཀའ་བའི་སེམས་ཉོན་མོངས། །སྡུག་བསྔལ་མང་ལྡན་སྲིད་པའི་ཟུག་རྔུ་ལྡང་། །བག་མེད་གཞན་དབང་ལེ་ལོའི་འཇིགས་པ་ལས། །དེ་རིང་ཉིད་ནས་ངེས་པར་བསྐྱབ་ཏུ་གསོལ། །སྙིང་ནས་སྙིང་པོ་མེད་པའི་ཆོས་རྣམས་ལ། །མི་རྟག་མི་བརྟན་སྒྱུ་མའི་བསླུ་བྲིད་དུ། །ངེས་པར་རྟོགས་ནས་ངེས་འབྱུང་སྐྱོ་ཤས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་མཛད་དུ་གསོལ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིགས་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་


LT29_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་ཡེངས་ཤིང་། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆག་མེད་པ་དང་། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །ཕྲིན་ལས་རྣམ་བཞི་གྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །འགྲོ་ཀུན་མ་ལུས་ཕྱམ་གཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །ཅེས་མོས་གུས་གདུང་ཤུགས་དང་བཅས་པས་གསོལ་བ་གདབ་ལ། །དེ་ནས་འདོད་དོན་སྤྱིར་གསོལ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་


LT29_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མའི་དཀྱིལ་འཁོར་མ་ལུས་པ་རྣམས་དང་། ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་དཔའ་བོ་རྣལ་འབྱོར་མ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་བདག་ཅག་སེམས་ཅན་རྣམས་ལ་དགོངས་སུ་གསོལ། །དཔལ་མགོན་དམ་པར་གྱུར་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། །བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་གིས་གསོལ་བ་བཏབ་པའི་དོན་འདི་དག་བསླུ་བ་མེད་ཅིང་། དུས་ད་ལྟ་སྐད་ཅིག་འདི་ཉིད་ནས་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དཀོན་མཆོག་སངས་རྒྱས་བསྟན་པ་རིན་པོ་ཆེ། །འདུལ་མདོ་མངོན་པ་རིག་འཛིན་སྡེ་སྣོད་ནི། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །ཉམས་མེད་ཡུན་རིང་གནས་པར་མཛད་དུ་གསོལ། །ཁྱད་པར་ཚེ་གཅིག་སངས་རྒྱས་སར་སྦྱོར་བའི། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོའི་རིང་ལུགས་རྣམས། །མཐའ་དབུས་ཀུན་ཁྱབ་མི་ནུབ་ཡུན་ཏུ་གནས། །ཚུལ་བཞིན་ཉམས་སུ་ལོན་པར་མཛད་དུ་གསོལ། །སྒྲུབ་ལ་ཕྱི་དང་ནང་གི་བར་ཆད་ཞི། །གནས་


LT29_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཡོ་བྱད་ཆོས་མཐུན་ངང་གིས་འབྱོར། །བདུད་ལས་ཀུན་སྤོང་བརྩོན་འགྲུས་མི་ལྡོག་པས། །སྒྲུབ་པའི་འབྲས་བུ་འགྲུབ་པར་མཛད་དུ་གསོལ། རྒྱལ་བསྟན་གང་ན་གནས་པའི་ས་ཕྱོགས་སུ། །མི་ནད་ཕྱུགས་ནད་རྒྱུན་གཅོད་ལོ་ཕྱུགས་ལེགས། །དུས་འཁྲུགས་ཀུན་ཞི་མཚོན་གྱི་བསྐལ་པ་ཉམས། །ཡུལ་ལྗོངས་ཐ་གྲུར་བདེ་བར་མཛད་དུ་གསོལ། །ཆོས་སྐྱོང་རྒྱལ་པོའི་སྐུ་ཚེ་ཁྱབ་སྲིད་བརྟན། །མི་རྣམས་ཀུན་ཀྱང་དགེ་བཅུའི་ཁྲིམས་ལ་གནས། །ཕན་ཚུན་མཛའ་གཤིན་དགའ་བདེའི་དཔལ་ལ་སྤྱོད། །སྤྱི་བོ་སྐྱེས་པའི་དུས་བཞིན་མཛད་དུ་གསོལ། །སྔོན་བྱོན་རྒྱལ་བའི་བསྟན་སྒྲོན་ཡོངས་འདྲེན་པ། །ཤིང་རྟ་མཆོག་རྣམས་ཐུགས་ཀྱི་བཞེད་དགོངས་ཀུན། །རྫོགས་པར་བསྐངས་ཤིང་དགྱེས་པར་གྱུར་ནས་ཀྱང་། །བདག་ཅག་ཐུགས་རྗེས་བཟུང་བར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱི་སློབ་དཔོན་བླ་མ་དང་། །ཚེ་འདིའི་ཕ་མས་གཙོ་བྱས་དྲིན་ཅན་ཀུན། །དགྱེས་ཤིང་དེ་དག་ཚེ་བསོད་ཡེ་ཤེས་འཕེལ། །ཐུགས་བཞེད་མཐའ་དག་འགྲུབ་བར་མཛད་དུ་གསོལ། །འདིར་འདུས་བདག་ཅག་སློབ་དཔོན་སྦྱིན་


LT29_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བཅས། །རྟོག་ངན་རྒྱུན་ཆད་དད་གུས་ཤེས་རབ་འཕེལ། །ཐུགས་མཐུན་བདེ་སྐྱིད་ཆོས་བཞིན་བསམ་དོན་འགྲུབ། །དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ། འདི་ལྟར་བདག་ཅག་ལྷག་བསམ་རབ་དཀར་བས། །དཀོན་མཆོག་རྣམས་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །བསྟན་འགྲོར་ཕན་པའི་གསོལ་འདེབས་འདི་དག་ཀུན། །བསླུ་མེད་གེགས་མེད་འགྲུབ་པར་མཛད་དུ་གསོལ། །དེ་ལྟ་ཉིད་ཀྱི་བསོད་ནམས་མཆིས་ཀུན་ཡང་། །རྩ་བའི་བླ་མ་སངས་རྒྱས་སྲས་བཅས་ལ། །འབུལ་མཐུས་བླ་མའི་སྐུ་ཚེ་མཛད་ཕྲིན་འཕེལ། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱང་ཚེ་རབས་དུས་རྟག་ཏུ། །རིགས་བཟང་བློ་གསལ་མཐོ་རིས་དབང་ཕྱུག་ཐོབ། །མ་ནོར་ཆོས་སྟོན་བླ་མ་དམ་པ་མཇལ། །དོན་གཉིས་ནོར་བུ་མཆོག་ཐོབ་མཛད་དུ་གསོལ། །བདག་ཅག་བྱ་སྤྱོད་བགྱིས་པ་མ་ལུས་པ། །དཀོན་མཆོག་སྲི་ཞུ་སེམས་ཅན་དོན་གྱུར་ནས། །རྒྱལ་བ་དགྱེས་ནས་བདག་ཅག་འགྲོ་བའི་མགོན། །རྒྱལ་བའི་གོ་འཕང་མྱུར་ཐོབ་བྱིན་གྱིས་རློབས། །ཅེས་ཀཿཐོག་རིག་འཛིན་


LT29_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གསུང་ལས་ཅུང་ཟད་ཁ་བསྐངས་བྱའང་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ལ། སླར་ཡན་ལག་བདུན་པ་མདོར་བསྡུས་བྱ་བ་ནི། །བླ་མ་མཆོག་དང་ཕྱག་འོས་ཐམས་ཅད་ལ། །ཞིང་རྡུལ་གྲངས་དང་མཉམ་པའི་ལུས་བཏུད་ནས། །ཡོན་ཏན་བརྗོད་པའི་ངག་གིས་བསྟོད་བྱེད་ཅིང་། །ལྷག་བསམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་བ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་འབྱོར་ཀུན། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོར་བློས་སྤྲུལ་ནས། །མཆོད་འོས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་ནས། །སྒོ་གསུམ་སྒོ་ནས་རང་བཞིན་བཅས་པའི་སྡིག །བགྱིས་དང་བགྱིས་སྩལ་ཡི་རང་བགྱིས་བ་ཀུན། །གནོང་འགྱོད་སྡོམ་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །སྐྱེས་མཆོག་སྲས་དང་བཅས་པའི་རྣམ་ཐར་དང་། །གཞན་ཡང་འགྲོ་ཀུན་སྒོ་གསུམ་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་ད་ལྟ་མཛད་རྣམས་ལ། །རབ་ཏུ་དགའ་བའི་ཡིད་ཀྱིས་ཡི་རང་ངོ། །འགྲོ་ཀུན་ཕན་ཅིང་དགེ་


LT29_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིད་པའི་སླད། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་ཀྱིས། །གང་ལ་གང་འདུལ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་དུ་གསོལ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མི་མངའ་ཡང་། །གཟུགས་སྐུ་ཞིང་གཞན་དོན་ལ་མི་གཤེགས་པར། །མགོན་མེད་སྙིགས་མའི་འགྲོ་ལ་རྗེས་བརྩེ་བས། །མྱ་ངན་མི་འདའ་ཡུན་རིང་བཞུགས་པར་འཚལ། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་དོན་དུ། །སྐྱབས་མཆོག་ཁྱེད་ལ་རྟག་པར་སྐྱབས་སུ་མཆི། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་རྣམས། །དེང་ནས་བླངས་ཏེ་ཚུལ་བཞིན་བསྒྲུབ་པར་བགྱིའོ། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ཏེ། །དཔལ་ལྡན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཀུན་མཁྱེན་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ནོངས་པ་བཟོད་གསོལ་ནི། །བདག་ནི་མི་ཤེས་བག་མེད་དབང་གྱུར་པས། །མ་རིག་ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱོད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། །དབང་


LT29_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ནི། །བླ་མ་དཀོན་མཆོག་རྒྱལ་བ་སྲས་བཅས་ཀྱིས། །མོས་པའི་བུ་ལ་ཐུགས་རྗེས་བརྩེར་དགོངས་ལ། །དབང་བཞི་བསྐུར་ཅིང་རྒྱུད་བཞི་སྨིན་པ་དང་། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་ལན་གསུམ། གསོལ་བ་བཏབ་པས་སྤྱི་གཙུག་དང་ཕྱོགས་མཚམས་སུ་བཞུགས་པའི་ལྷ་ཚོགས་ཐམས་ཅད་རིམ་གྱིས་འོད་དུ་འདུས་ཏེ་གཙོ་བོ་ལ་ཐིམ། གཙོ་བོ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། །བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། །རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། །ལུས་ཀྱི་དྲི་མ་སྦྱངས། །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། །འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱ་ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་བར་ཐིམ་པས་གསང་པའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་


LT29_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་བསྒོམ་པ་ལ་དབང་། །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་སྦྱངས། ལམ་ཟུང་འཇུག་བསྒོམ་པ་ལ་དབང་། །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །རང་ལ་བསྟིམ་པ་ནི། །སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང་། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱེད་ནས། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་རང་གི་སྤྱི་བོར་བྱོན་ནས་སྙིང་གར་འོད་དུ་ཞུ་སྟེ་ཐིམ་པས། བླ་མ་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར། །བསྔོ་བ་ནི། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་


LT29_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཐུན་མོང་དང་། །ཐུན་མིན་སྔགས་ཀྱི་ཐིག་པ་དང་འབྲེལ་བའི་སྨོན་ལམ་བཟང་པོ་བླ་མ་ལྔ་བཅུ་པའི་དོན་བསྡུས་སོགས་གང་ཤེས་གདབ། བཀྲ་ཤིས་ནི། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པའི། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་རྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཅེས་བས་མཚོན་དགེ་ལེགས་སུ་འགྱུར་བའི་ཚིག་ཕྲེང་རྒྱས་པར་བརྗོད་ཅིང་རོལ་མོའི་སྒྲ་སྙན་པར་བསྒྲག །མེ་ཏོག་གི་ཆར་བསྙིལ་བར་བྱའོ། །སྒྲུབ་བརྒྱུད་ཆེན་པོ་བརྒྱད་ཀྱི་ཤིང་རྟ་རྣམས། །གཙོར་གྱུར་མཁས་དང་གྲུབ་པ་རེ་རེ་ཡང་། །ངོ་མཚར་རྣམ་ཐར་བསམ་གྱིས་


LT29_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པས། །མཆོད་གསོལ་ཕན་ཡོན་བརྗོད་པའི་ཡུལ་ལས་འདས། །བསོད་ནམས་རིན་ཆེན་རྡུལ་བརྩེགས་རྒྱུ་འདིས་ཀྱང་། །སྐྱེ་ཀུན་དམ་པའི་མགོན་དང་མི་འབྲལ་བར། །ཆོས་མཐུན་འབྱོར་ལ་འབད་མེད་ལྷུན་གྱིས་གྲུབ། བླ་མ་སངས་རྒྱས་རྒྱལ་ས་ཆེ་བརྙེས་ཤོག །ཅེས་པའང་མཉམ་མེད་བཀའ་བརྒྱུད་རིན་པོ་ཆེའི་གང་ནས་ཁྱད་པར་འཕགས་པ་དཔལ་སྟག་ལུང་མར་ཐང་གི་གྲུབ་པའི་རྒྱལ་རབས་འཛིན་པ་ཡང་དགོན་རྗེ་དྲུང་མཆོག་གི་སྤྲུལ་པའི་སྐུ་ཕྲིན་ལས་བྱམས་པ་འབྱུང་གནས་ཞལ་སྔ་ནས་གཙོས་དགེ་བའི་བཤེས་གཉེན་འགའ་ཞིག་གི་ཐུགས་བཞེད་ལྟར། ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཡོངས་སུ་རྫོགས་པའི་གདམས་ངག་བདུད་རྩིའི་ཆུ་གླུང་དང་བློ་སྙིང་གི་བུམ་པར་བསྐྱིལ་བའི་སྐལ་བཟང་ཐོབ་སྟེ། སྙིགས་དུས་ཀྱི་དགེ་སྦྱོང་རྟགས་ཙམ་འཛིན་པར་བློ་གྲོས་མཐའ་ཡས་པའི་སྡེས་གྲུབ་དབང་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་མཛད་པའི་བླ་མཆོད་བྱིན་རླབས་ཅན་གཞིར་བཞག །འཐད་འོས་གཞན་གྱིས་ཁ་བསྐངས་ཏེ་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་པཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།ཨོཾ་སྭ་སྟི་སིདྡྷི། ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོས་པ། །བཤད་རྒྱུན་འདོགས་པའི་ཀ་ཆེན་བཅུ་ཕྲག་དང་། །སྒྲུབ་བརྒྱུད་འདྲེན་བའི་ཤིང་རྟ་ཆེན་པོ་བརྒྱད། །དེ་དག་གངས་ཅན་བསྟན་པའི་དཔལ་མགོན་ཉིད། །ཀུན་གྱི་བཀའ་སྲོལ་སྨོན་གྲོལ་བཤད་པ་


LT29_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །མ་ལུས་ཡོངས་རྫོགས་མཚོ་ལ་ནོར་བུ་བཞིན། །འཇམ་མགོན་བླ་མ་ཉི་ཟླ་ཟུང་གཅིག་གི། ཐུགས་བསྐྱེད་སྨོན་ལམ་བརྩོན་པའི་སྟོབས་ཀྱིས་བཟུང་། །སྒྲུབ་བརྒྱུད་བརྒྱད་འདུས་བླ་མ་མཆོད་པ་ཡི། །ཆོ་ག་འཇམ་མགོན་བློ་གྲོས་མཐའ་ཡས་གསུང་། །དེ་ལ་མཛད་པོ་ཞལ་སྐོང་ཆོས་ཀྱི་རྗེ། །མཁན་ཆེན་བཀྲ་ཤིས་འོད་ཟེར་ཞབས་ཀྱིས་གནང་། །འདི་ཉིད་ཉམས་སུ་ལེན་པའི་སྐལ་བཟང་ལ། །ཁྱེར་བདེའི་བཙས་སུ་གདམས་མཛོད་ནས་བཀོལ་ཏེ། །མཁན་ཟུར་རྡོར་སློབ་བསླབ་པ་གསུམ་གྱི་བདག །ཆོས་དབྱིངས་བཀྲ་ཤིས་མཆོག་གིས་སྤར་དུ་བསྒྲུབས། །དེ་ལས་རབ་ཐོབ་རྣམ་དཀང་རླབས་པོ་ཆེས། །མཁའ་ཁྱབ་མ་རྣམས་ངེས་གསང་སྙིང་པོའི་སྒོར། །ཞུགས་ཏེ་ས་ལམ་ཡོན་ཏན་མྱུར་དུ་རྫོགས། །ཚེའདིར་རྡོ་རྗེ་འཆང་ལ་ཉིད་གྱུར་ཅིག །ཅེས་པའི་སྤར་བྱང་སྨོན་ཚིག་འདིའང་སྒྲུབ་བརྒྱུད་བརྒྱད་ཀྱི་རིང་ལུགས་ལ་མཆོག་ཏུ་གུས་པའི་བྱ་བྲལ་བ་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བརྗོད་པ་སུ་ཤྲེ་ཡོ་བྷ་ཝཏུ།། །།སརྦ་དཱ་མངྒ་ལཾ། །

དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་སྒྲུབ་ཐབས་ཁྲག་འཐུང་མངོན་པར་རོལ་པ།


LT29_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་སྒྲུབ་ཐབས་ཁྲག་འཐུང་མངོན་པར་རོལ་པ་ཞེས་བྱ་བ་བཞུགས་སོ། །


LT29_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་རྡོ་རྗེ་ཁྲག་འཐུང་ལ་ཕྱག་འཚལ་ལོ། །མཐའ་དབུས་མེད་པ་ཆོས་ཉིད་ནམ་མཁའི་སྐུ། །མི་འགྱུར་སྲིད་ཞི་ཀུན་ཁྱབ་བདེ་བ་ཆེ། །ལོངས་སྤྱོད་རོལ་པ་ཚོགས་རྗེ་ཚོགས་ཀྱི་བདག །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལ་ཕྱག་འཚལ། །གྲགས་ཤིང་གྲུབ་པས་སྒྲུབ་བྱེད་མ་དགོས་ལ། །རྒྱུན་མ་ཉམས་པས་བྱིན་རླབས་གཟི་བྱིན་ཆགས། །འཁོན་སྟོན་རྡོ་རྗེ་འཛིན་པའི་ཡབ་ཆོས་ཀྱི། །སྙིང་པོ་ཡང་དག་སྒྲུབ་པའི་ཐབས་འདི་སྤེལ། །གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་དང་པདྨ་སཾ་བྷ་བའི་བཀའ་སྲོལ་ལས་བྱོན་པའི་ཡང་དག་ཧེ་རུ་ཀ་ཟླ་གམ་གཅིག་མ་དང་དགུ་མ་དང་ལྔ་བཅུ་རྩ་བརྒྱད་པ་ལ་སོགས་པའི་བཀའ་སྲོལ་བཀའ་གཏེར་ལས་བྱོན་པ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས་ཕུལ་དུ་གྱུར་བ་འཁོན་སྟོན་ཀླུ་དབང་སྲུང་བའི་ཐུགས་དམ་ཡང་དག་གྲུབ་པ་གཅིག་པུའི་དོན་གྱི་སྙིང་པོ་མར་མེ་དགུ་པའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་ལྔ། སྒྲུབ་པ་པོའི་གང་


LT29_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཟག །སྒྲུབ་པ་བྱ་བའི་གནས། སྒྲུབ་པའི་མཐུན་རྐྱེན་ཡོ་བྱད། སྒྲུབ་ཐབས། ཕྲིན་ལས་ཀྱི་ཆོ་ག །སྒྲུབ་པས་གྲུབ་པའི་འབྲས་བུའོ། །དང་པོ་ནི། ཐུན་མོང་གི་ལམ་གྱི་རིམ་པས་རྒྱུད་འབྱོངས་ཤིང་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ནོས་པས་རྒྱུད་སྨིན་པ་དང་། ལམ་རིམ་པ་གཉིས་ཉམས་སུ་ལེན་པའི་གཞི་དང་། དག་རྫོགས་སྨིན་གསུམ་གྱི་ཚུལ་དང་། ཉམས་སུ་བླང་བྱའི་གནད་མ་འཁྲུལ་བར་ཐོས་བསམ་གྱི་སྒོ་ནས་ངེས་པ་རྙེད་ཅིང་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་ལ་བརྩོན་པའོ། །གཉིས་པ་ནི། དུར་ཁྲོད་མ་མོའི་ཁྱིམ་ལ་སོགས་པ་རྡོ་རྗེའི་དངོས་གྲུབ་འགྲུབ་པའི་མཚན་ཉིད་དང་ལྡན་པའམ། རིག་འཛིན་གྲུབ་ཐོབ་གོང་མས་བྱིན་གྱིས་རླབས་བས་བར་ཆད་མེད་ཅིང་ཡེ་ཤེས་སྐྱེད་པའི་གནས་ཡིད་དུ་འོང་བར་རོ། །གསུམ་པ་ནི། རང་དོན་སྤྲོས་མེད་ཀྱི་བསྙེན་སྒྲུབ་སོགས་ལ་དམ་ཚིག་གི་སྐུ་རྟེན་བཀྲམ་


LT29_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་སྔར་ཐོད་པའི་སྣོད་དུ་གཏོར་མ་སྟོང་ཟུར་གསུམ་སྨད་ཟླུམ་པོ་མཐེབས་ཀྱུས་བསྐོར་བའམ། དཔལ་གཏོར་སྤྱི་འགྲེའི་གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས་པ་ཙམ་གྱིས་འཐུས་ཤིང་། དཀར་བདུད་ཀྱི་གཏོར་ཆོག་བྱེད་ན་དེ་དག་གི་འབུལ་གཏོར་དང་། གཞན་ཡང་ཚོགས་ཀྱི་ཡོ་བྱད། བརྟན་མའི་གཏོར་མ། སྤོས་དང་མེ་ཏོག་རོལ་མོ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཞན་དོན་དབང་བསྐུར་དང་འབྲེལ་པ་སོགས་ལ་དཀྱིལ་ཆོག་ལྟར་བྱ་དགོས་སོ། །བཞི་པ་ལ་གསུམ། །སྒྲུབ་ཐབས་ཀྱི་ཡན་ལག་སྔོན་འགྲོ། སྒྲུབ་ཐབས་དངོས་གཞི། དེའི་རྗེས་ཀྱི་ལས་རིམ་མོ། །དང་པོ་ལ། ཚོགས་བསགས་ཚད་མེད་མཚམས་བཅད་བཤགས། དམ་བཅའ་བྱིན་འབེབས་མཆོད་རླབས་བདུན། དང་པོ་ཚོགས་བསགས་པ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་ཁྲག་འཐུང་གི་དཀྱིལ་འཁོར་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར། བཛྲ་ས་མཱ་ཛཿརྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་


LT29_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་སྔོ། །ལན་གསུམ་བརྗོད། གཉིས་པ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཅེས་མོས་ལ་ཀ་དག་སྤྲོས་པ་དང་བྲལ་བར་མཉམ་པར་བཞག་གོ། །གསུམ་པ་མཚམས་བཅད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་ཉི་ཟླ་དབང་ཕྱུག་ཆུང་མ་དང་བཅས་པའི་གདན་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པ་ཧཱུྃ་སྔོན་པོ། སྥ་ར་་ཕཊ། འོད་ཟེར་ཕར་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་་ཧཱུྃ། ཚུལ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་འོད་དུ་ཞུ་བ་ལས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། དུར་ཁྲོད་དང་དཔལ་གྱི་ཆས་རྣམས་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བསམ། མ་སཱུརྻ་མཎྜ་ལ། རང་གི་ལག་མཐིལ་གཡས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། ཨ་ཙནྡྲ་མཎྜ་ལ། གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་པདྨ་ཨས་མཚན་པ་གཡས་ཀྱི་སོར་མོ་ལྔ་ཨོཾ་ཧཱུྃ་


LT29_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཱ་ཨཱཾཿཧཱས་རིག་ལྔ་ཡབ་ལྔ་དང་། གཡོན་གྱི་སོར་མོ་ལྔ་མཱུཾ་ལཱཾ་མཱུཾ་པཱཾ་ཏཱཾ་ལས་ཡུམ་ལྔར་བསམ། ས་མ་ཡ་སྟྭཾཾ མཉམ་པའི་ཐལ་མོ་སྦྱར་བས་སྙོམས་འཇུག་ལ་བསྐུལ། བཛྲ་ཨཉྩ་ལི་ཧཱུྃ། རྡོ་རྗེ་ཐལ་མོས་རྗེས་སུ་ཞུགས། བཛྲ་བནྡྷྡྷ་བཛྲ་ཨཉྫ་ལི་ཛཿརྡོ་རྗེ་བསྡམས་པས་ཕན་ཚུན་རོ་གཅིག་ཏུ་བསམ། རིགས་ལྔའི་སྦྱོར་མཚམས་ནས་སྤྲོས་པའི་ཁྲོ་བོའི་ཚོགས་བྱུང་བ་ལག་མཐིལ་གྱི་ཧཱུྃ་དང་ཨ་ལ་ཐིམ། ཕཊ་རྡོ་རྗེ་ཐལ་མོ། ཁྲོ་བོ་སྤྲིན་རབ་འབྱམས་འཕྲོས་པས་བགེགས་ཐམས་ཅད་བསྐྲད་པར་གྱུར། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །ཐམས་ཅད་ཐུགས་རྗེས་བསྐྱངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་འཛིན་ཀྱང་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོདྷ་ཡམཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བིནྡྷ་བིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨོཾ་བྲུཾ་ཧཱུྃ་བྲུཾ་ཏྲཱཾ་བྲུཾ་ཧྲཱིཿབྲུཾ་ཨཱཿབྲུཾ་ཨོཾ་ཛྭ་ལ་


LT29_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མནྡྷ་སུམྦྷ་ནི་མནྡྷ་ཛྭ་ལ་བཛྲ། བཛྲ་ཛྭ་ལ་བཛྲ་ཧཱུྃ་ཕཊ། དེ་ནས། ཧཱུྃ་ཞེས་བརྗོད་པས་ཁྲོ་བོ་རྣམས་རང་གི་ཐུགས་ཀར་ཐིམ་པར་བསམ། ཡང་ཐུགས་ཀའི་ཧཱུྃ་ལས་མཚོན་ཆ་སྣ་ཚོགས་པ་འཕྲོས་པ་སྣ་བུག་ནས་འཐོན། གཡས་བསྐོར་གྱིས་བགེགས་ཀྱི་ཚོགས་བསྐྲད་ཅིང་སྲ་ཞིང་བརྟན་པའི་སྲུང་བའི་གུར་ཁང་དུ་གྱུར། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར། མཐེའུ་ཆུང་སྦྲེལ། གུང་མཛུབ་བརྐྱང་བའི་ཕྱག་རྒྱ་བསྐོར་ཞིང་། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། ཨོཾ་བཛྲ་ཨཱ་ཡུཇྷ་རཀྵ་ཧཱུྃ་ཕཊ། ཕྱག་རྒྱ་གོང་བཞིན་བཅས་པ་གཡོན་ཏུ་བསྐོར་ཞིང་། ཧཱུྃ། ང་ཡི་དཀྱིལ་འཁོར་ནས་བཟུང་རཀྵ་ཧཱུྃ་གི་བར་བརྗོད། རྡོ་རྗེ་བསྡམས་པའི་མཐེ་བོང་མཐེའུ་ཆུང་གུང་མོ་གསུམ་མཉམ་སྟེ་སྦྲེང་། མཛུབ་མོ་བཀུག་པའི་རྩེ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཙུགས་པའི་ཕྱག་རྒྱ་བྱས་ལ། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །བཛྲ་བཛྲ་རཀྵ་ཧཱུྃ། ཐལ་མོ་སྦྱར་ཏེ་སོར་མོ་བསྣོལ་བའི་རྒྱ་བྱས་ལ། ཧཱུྃ། སྟེང་ཡང་འཁོར་ལོ་སོགས་འདོན་པ་བསྒྱུར། ཨོཾ་ཛྙཱ་ན་ཙཀྲ་རཀྵ། ལག་གཉིས་མཐེ་བོས་མཛུབ་མོ་བཀུག་ནས་མནན་པའི་ཕྱག་རྒྱ། སྟེང་ཡང་རལ་གྲི་སོགས་ཀྱི་མཐར། ཨོཾ་ཏཱིཀྵྞ་ཚིནྡྷ་


LT29_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ། སོར་མོའི་རྩེ་མོ་རྣམས་བཀུག་སྟེ་མགོ་བོ་ལྟ་བུའི་ཕྱག་རྒྱ་བྱས་ལ། སྟེང་ཡང་དབྱུག་ཏོ་སོགས་ཀྱི་མཐར། ཨཱ་ཀོ་ཊ་ཡ་མུངྒ་ར་རཀྵ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བརྐྱངས་ལ། སྟེང་ཡང་ཕུར་པ་སོགས་ཀྱི་མཐར། ཀཱི་ལི་ཀཱི་ལ་ཡ་རཀྵ། ཐལ་མོ་ནང་བསྡམས་ཕྱེ་བ་ལས་མཐེ་བོང་དང་མཛུབ་མོ་སོ་སོར་རྩེ་སྦྲང་ལ། སྟེང་ཡང་མེ་ཡི་སོགས་ཀྱི་མཐར། ཨགྣེ་ཛྭ་ལ་རཾ་རཀྵ། ཧཱུྃ། མཚམས་བཅད་ནང་འདི་ཚུན་ཆད་དུ། སུ་ཡང་འདའ་བར་མ་བྱེད་ཅིག །ཅི་སྟེ་བཀའ་ལས་འདས་གྱུར་ན། །ཐོ་བ་ལྕགས་ཀྱུ་འབར་བ་ཡིས། །སྙིང་ནས་དྲངས་ཤིང་བརྡུང་བར་བྱའོ། །ཞེས་མཚམས་བཅད་དེ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ་མོ། །བཞི་པ་བཤགས་པ་བྱ་བ་ནི། སླར་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་ཁྲག་འཐུང་ལྷ་དགུ་དམ་ཅན་སྲུང་མར་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་བཛྲ་ཧེ་རུ་ཀ་མཎྜ་ལ་ས་པ་རི་བཱ་རེ་བྷྱཿ ཞེས་བླ་མ་དང་ལྷ་ལ་ཕྱག་བྱ། རྒྱུད་ལས་གསུངས་པའི་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་སོགས་བརྗོད། མདོར་བསྡུ་ན། སྡོམ་གསུམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། རྩ་བ་ཡན་ལག་ཉེས་བྱས་ཕྲ་མོ་དང་། །དམ་ཚིག་ཆེ་ཆུང་ཚོར་དང་མ་ཚོར་དང་། །ཟླ་དང་ཞོར་གྱིས་དམ་ཚིག་ཉམས་པ་དང་། ཁས་ལེན་ཆེ་ལ་ཉམས་ལེན་ཆུང་བ་དང་། །བཀའ་ལྟར་མ་བགྱིས་གཞུང་


LT29_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་བསྲངས་དང་། །ཏིང་འཛིན་ཀློང་གྱུར་འཛབ་བཟླས་ཉུང་བ་དང་། །ཡི་དམ་ལྷ་ཡི་སྒོམ་པ་གཡེལ་ལ་སོགས། །ཉམས་གྲིབ་ཉེས་པའི་ཚོགས་རྣམས་མ་ལུས་ཀུན། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །བླ་མ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ། །དཔལ་ཆེན་ཡང་དག་དཀྱིལ་འཁོར་ལྷ་ཚོགས་དང་། །དུར་ཁྲོད་བརྒྱད་གནས་དམ་ཅན་མཁའ་འགྲོ་ལ། །སྔར་བྱས་འགྱོད་དང་ཕྱིན་ཆད་སྡོམ་སེམས་ཀྱིས། །སྒྱུ་མ་ལྟ་བུའི་ངང་དུ་བཤགས་པར་བགྱི། །མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ལྔ་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་བརྟན་པོས། ཨོཾ་ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། ཞེས་ལན་གསུམ་བརྗོད་ལ། ཛཿཧཱུྃ་བཾ་ཧོཿལྷ་ཚོགས་རྣམས་རང་གི་སྙིང་གར་ཐིམ་པར་མོས། དྲུག་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམ་ལ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿབྷ་ག་བཱན་ས་མ་ཡ་ཧོཿས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི༴ མཐུ་རྩལ་དབྱུང་བའི༴ བྱིན་གྱིས་རློབ་པའི༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་སྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ༴ དབང་


LT29_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དབང་སྐུར༴ དངོས་གྲུབ་མཆོག་སྩོལ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ ཞེས་བྱིན་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པར་བསམ་མོ། བདུན་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། ཨོཾ་ཨཱཿབཛྲ་ཡཀྵ་པིགྷྞཱནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསང་། རང་གི་ཐུགས་ཀ་ནས་རཾ་དམར་པོ་སྤྲོས་པའི་མེས་མཆོད་རྫས་ལ་རེག་པས་མི་གཙང་བ་བསྲེགས། ཡཾ་སྤྲོས་པའི་རླུང་གིས་གཏོར། ཁཾ་སྤྲོས་པའི་ཆུས་བཀྲུས་ཏེ་དག་པར་བྱས། བྷྲཱུྃ་སྤྲོས་པས་བྷནྡྷ་འབར་བའི་སྣོད་ཆེན་པོར་གྱུར། ཨོཾ་སྤྲོས་པས་མཆོད་རྫས་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨོཾ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་སྥ་ར་་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་པ་ན་པེ༚་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿསརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཨཱཿཧཱུྃ། བདུད་རྩི་དང་གཏོར་མ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་པའི་ཐོད་པ་ཡངས་པར་ཧཱུྃ་ཨོཾ་སྭཱ་ཨཱ་ཧཱ་ལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར། རླུང་གཡོས་མེ་སྦར་རྫས་རྣམས་འོད་དུ་ཞུ་བའི་རླངས་པ་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་ལས་ཕྱག་མཚན་ལྔར་གྱུར་པ། ཧཱུྃ་བཛྲ་དྷྲྀ་ཀ །ཨོཾ་ཛི་ན་ཛི་ཀ །སྭཱ་རཏྟ་དྷྲྀ་ཀ །ཨཱཿཨ་རོ་ལྀ་ཀ །ཧཱ་བྲཛྙཱ་དྷྲྀ་ཀ །ཅེས་


LT29_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས། ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿཞེས་བརྗོད་པས་སྦྱོར་བའི་མེས་འོད་དུ་ཞུ་ཨོཾ་ཨཱཿཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་ཐིམ། འོག་གི་བདུད་རྩི་དང་འདྲེས་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་བརྒྱ་རྩ་བརྒྱད་དང་། ཨོཾ་ཨཱཿཧཱུྃ་ཏེ་ཛོ་བ་ལི༚་ཏ་བ་ལ་བ་ཏི་གུ་ཧྱ་སིདྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་པ་བདུན་གྱིས་བྱིན་གྱི་བརླབ། རཀྟའི་སྣོད་ཨ་ལས་ཐོད་པ་ཡངས་པར་ར་ལས་དགྲ་བགེགས་བསྒྲལ་བའི་ཁྲག་གི་རྒྱ་མཚོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཏུ་རྣམ་པར་དག་པ། མ་སཱུརྻ་མཎྜ་ལ། ར་སྥ་ར་་ཕཊ། སཾ་ཧ་ར་་ཧཱུྃ། ཨོཾ་ཨཱཿཧཱུྃ། མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། ལན་གསུམ་གྱིས་བྱིན་བརླབ་བོ། གཉིས་པ་སྒྲུབ་ཐབས་དངོས་གཞི་ལ། བསྐྱེད་ཅིང་སྤྱན་དྲངས་བཞུགས་སུ་གསོལ། དམ་བསྒྲགས་བྱིན་རླབས་དབང་བསྐུར་བསྟིམ། ཕྱག་མཆོད་བསྟོད་དང་བཟླས་པའོ། །ཞེས་བཅུ་གཅིག་ཏུ་ཡོད་པའི་དང་པོ་དམ་ཚིག་པ་བསྐྱེད་པ་ལ་གསུམ། ཏིང་འཛིན་གསུམ་དང་འབྱུང་རིམ་བསྒོམ་པ། ཞི་བར་བསྙེན་པ། ཁྲོ་བོར་གནས་བསྒྱུར་དུ་སྒྲུབ་པའོ། །དང་པོ་ལ། དེ་བཞིན་ཉིད་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་བསྒོམ་ལ། བསམ་དུ་མེད་དོ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །ནམ་མཁའ་


LT29_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པར་ཡང་དམིགས་སུ་མེད། མ་ཧཱ་སཱུ་ཁ་ཧཱུྃ། ཀུན་སྣང་ནི། རང་བཞིན་ཉིད་མ་རྟོགས་པའི་སེམས་ཅན་རྣམས་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པས། རང་བཞིན་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་ལ་ཁྱབ་པའི་ཐུགས་རྗེ་འབྱུང་། །ས་ལེར་གསལ་ཞིང་ཕྱགས་མེད་མཐའ་དང་བྲལ། །དབྱིབས་དང་ཁ་དོག་དངོས་མེད་ཡེ་ཤེས་འོད། ཙིཏྟ་སྥ་ར་་ཕཊ། རྒྱུའི་ཏིང་ངེ་འཛིན་ནི། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ཨ་ཡིག་དཀར་པོ་འོད་འབར་བར་གསལ་ལ། གཞི་རྩ་མེད་པའི་སེམས་ཉིད་དག་པ་ལས། །སེམས་ཀྱི་རང་བཞིན་ཡི་གེ་ཨ་དཀར་གསལ། །བཟུང་བས་མི་ཟིན་དེ་ཕྱིར་ཆུ་ཟླའི་ཚུལ། །ཐིག་ལེའི་དབྱིངས་ནས་རང་བྱུང་སྐུ་རུ་གསལ། །བཛྲ་ཙིཏྟ་ཧཱུྃ། དེ་ལས་ཨེ་ཡཾ་ར་བཾ་ཀི༚་རཾ་རྣམས་འོག་ཏུ་ཆད། ཨེ་ཨཱ་ཀ་ཤ་མཎྜ་ལ། ཡཾ་ཀརྨ་རཀྵ་ཧཾ། ར་རཀྟ་ཛྭ་ལ་ས་མུ་དྲ། བཾ་སྨིནྟ་ཛྭ་ལ་མཎྜ་ལ། ཀེ༚་ནྲི་ཏི་ཛྭ་ལ་མཎྜ་ལ། རཾ་ཛྭ་ལ་མཎྜ་ལ། ཨེ་ལས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག །ཡཾ་ལས་རླུང་གི་དཀྱིལ་འཁོར་རྒྱ་གྲམ་ལྗང་གུ། ར་ལས་རཀྟའི་རྒྱ་མཚོ་ཟླུམ་པོ་དམར་ནག །བཾ་ལས་ཞིང་གིས་གཞི་གྲུ་བཞི་སེར་པོ། །ཀི༚་ལས་ཀིང་རུས་བརྩེགས་པའི་རི་རབ། རཾ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བ་སྟེ། དེ་དག་ཀྱང་འབྱུང་བ་ལྔ་དང་ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་ཏུ་གནས་པའོ། །གཉིས་པ་ནི། དེའི་སྟེང་དུ་བྷྲཱུྃ་ཁ་དོག་ལྔ་ལྡན་འཕྲོས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་


LT29_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷཉྫཱ་ཛྙཱན་མཎྜལ་བྷྲཱུྃ། བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྒྱུའི་ཡི་གེ་ཨ་དཀར་པོ་བབས་ཏེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། །སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་ཟླ་བའི་མདངས་ལྟར་དཀར་ལ་ཞི་ཞིང་འཛུམ་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བ། དཀྱིལ་འཁོར་མ་ལུས་པ་འདུས་པའི་བདག་ཉིད་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། ཧཱུྃ་གི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མཱ་ཛཿཨོཾ་བཛྲ་སཏྭ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿན་མོ་ན་མཱ་མི། ཨོཾ་བཛྲ་སཏྭ་ས་པ་རི་ཝཱར་ཨི་དཾ། ཨརྒྷཾ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། བ་ལི༚་ཏཔྲ་ཏཱིཙྪ་ཧོཿཤྲཱི་པཉྩ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཛཿཧཱུྃ་བཾ་ཧོཿམ་ཧཱ་པཉྩ་ཨ་མྲྀ་ཧ། བ་ལིྀ་གྲྀཧྞ་ཧོ་ཁཱ་ཧི་ཁཱ་ཧི། པི་བ་ཧོ། ཨ་ལ་ལ་ཧོ། ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གནས་ལྔར་རེག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་་


LT29_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། འཛབ་ནི། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཞེས་བསྙེན་པ་ཅི་རིགས་བྱས་ལ་ཞུ་བ་གླུས་བསྐུལ་ནི། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ། ཡུམ་གྱི་མཁའ་ཨ་ལས་པདྨ། ནོར་བུ་དང་ཟེའུ་འབྲུའི་རྩེ་མོར་ཕཊ་ཀྱིས་མཚན་པ། ས་མ་ཡ་ཧོཿས་མ་ཡ་སྟྭཾ། ར་ཧོ་྅་ཧཾ། རཱ་ག་ཡཱ་མི། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཕཊ། ཨོཾ་ཨོཾ་ཨོཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སྥ་ར་་ཕཊ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས་ནས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། འོད་ཟེར་དང་ལྷན་ཅིག་སྐུ་ལ་འདུས་ཏེ་ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ་ནས་ཡུམ་གྱི་མཁར་བབས་པས་ཡབ་ཡུམ་གཉིས་བདེ་བ་ཆེན་པོའི་ཐིག་ལེར་ཞུ་བ་ལ་སྤྲུལ་པའི་ལྷ་མོ་བཞིའི་རྡོ་རྗེའི་གླུས་བསྐུལ་བར་གྱུར། སྟོང་པ་ཤིན་ཏུ་རྣལ་འབྱོར་མེད། །མཁའ་ཉིད་དམ་ཚིག་ཉེ་བར་གནས། །བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་བཞེངས། །ཡེ་ཤེས་གསང་བྱའི་རྒྱུད་བསྐུལ་ནས། །ཐུགས་རྗེས་འགྲོ་ལ་གཟིགས་པར་མཛོད། གསུམ་པ་ནི། ཞེས་བསྐུལ་བས་ཐིག་ལེ་མཐིང་ནག་འོད་དུ་འབར་བར་གྱུར། རྟེན་གྱི་དཀྱིལ་འཁོར་ཡང་སྐད་ཅིག་ལ་གནས་འགྱུར་ཏེ་ཁྲོ་བོ་རོལ་པའི་ཕོ་བྲང་ཆེན་པོ་གྲུ་བཞི་སྒོ་


LT29_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཕྱི་རིན་པོ་ཆེ་ལ་ནང་ཐོད་པ་ཚར་གསུམ་གྱི་རྩིགས་པ་ལ་གནམ་ལྕགས་ཨུརྨོའི་གཟེར་གྱིས་བཏབ་པ། ཕ་གུ་སེར་པོ། །ཐོད་པའི་བྲེ་ཕུལ་བརྩེགས་པར་རོ་སྐྲ་ལ་བརྒྱུས་པའི་མགོ་དང་ནང་ཁྲོལ་གྱི་དྲྭ་བ་མེ་ལོང་གཡེར་ཁའི་ཕྲེང་བ་འཕྱངས་པ། ཀླུ་བརྒྱད་ཀྱི་ཀ་གདན། ལྷ་བརྒྱད་ཀྱི་ཀ་བ། གཟའ་བརྒྱད་ཀྱི་ཀ་གཞུ། ཞིང་ཆེན་གྱི་གདུང་མ། གཟའ་སྐར་གྱི་དྲལ་ཕམ། རུ་དྲའི་པགས་པས་ཐོག་ཕུབ་ཅིང་ཉི་ཟླའི་སྐར་ཁུང་བདུད་རྩི་ལྔའི་ཞལ་བ་བྱས་པ། རྐང་ལག་ལྷུ་དུ་མ་གྱི་མདའ་ཡབ་དང་ཤར་བུ། རུས་པའི་པུ་ཤུ་དང་རྒྱ་ཕིབ་ལ་ཙིཏྟ་དང་ཁྲོ་བོའི་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་རྟ་བབས་བཞི་ལ་རུས་པའི་དྲྭ་བ། ཆུ་སྲིན་གྱི་རྒྱན། ཆོས་ཀྱི་འཁོར་ལོ། །མི་ལྤགས་རློན་པའི་བ་དན་དང་རྒྱལ་མཚན་ལ་སོགས་པས་བརྒྱན་ཅིང་མཚམ་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། འདོད་སྣམ་དམར་པོ་ལ་གཟུངས་མ་རྣམས་ཀྱིས་མཆོད་པའི་སྤྲིན་སྤྲོ་བ། ཕྱོགས་ཀྱི་མདོག་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན། དབུས་དང་ཕྱོགས་མཚམས་བརྒྱད་དུ་དཀར་དམར་མདངས་འོད་འདྲེས་པའི་ཟླ་གམ་གྱི་ཕོ་བྲང་གནམ་སྒོ་ཅན་རེ་རེ། ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པ་དང་རྡོ་རྗེའི་ར་བ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སྣ་ལྔའི་མེ་དཔུང་འབར་བའོ། །གདན་བསྐྱེད་པ་ནི། ཐིག་ལེ་དེ་ཉིད་ཧཱུྃ་སྔོན་པོར་གྱུར། དེ་ལས་བཾ་ཡིག་དགུ་འཕྲོས། པཾ་པདྨ་མཎྜ་


LT29_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཟླ་གམ་གླིང་དགུའི་དབུས་སུ་སྣ་ཚོགས་པདྨའི་གདན་དེ་རེ། དབུས་སུ་ཨ་ཡིག་ཆད། །ཨ་ཙནྡྲ་མཎྜ་ལ། ཟླ་བའི་གདན། མ་ཡིག་དགུ་འཕྲོས། མ་སཱུརྻ་མཎྜ་ལ། གདན་དགུ་པོའི་སྟེང་དུ་ཉི་མའི་གདན་རེ་རེ། སླར་ཡང་ཛཿཡིག་གི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་དྲག་པོ་འཇིགས་བྱེད་ཆུང་མར་བཅས་པ་བཀུག །མ་ཧཱ་དེ་བ་ཛཿཨུ་མ་དེ་བཱི་ཛཿདབུས་ཀྱི་གདན་ལ་ལྷ་ཆེན་ཡབ་ཡུམ་སྤྱི་ཆིངས་སུ་བསྣོལ་བ། མ་ཏྲཾ་ཛཿཕྱོགས་མཚམས་རྣམས་སུ་ཞིང་གི་གདན་རེ་རེ་གྲུབ་པར་གྱུར། ལྷ་བསྐྱེད་པ་ནི། ཧཱུྃ་ཡིག་དེ་ཉིད་དབུས་ཀྱི་གདན་ལ་འཁོད། སྥ་ར་་ཕཊ། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་གྱི་སྒྲིབ་གཉིས་སྦྱངས། སཾ་ཧ་ར་་ཧཱུྃ། བྱིན་རླབས་འོད་ཟེར་ཚུར་འདུས་ཏེ་ཐིམ་པས་འོད་ཀྱི་གོང་བུར་གྱུར། བཛྲ་ཧཱུྃ། དེ་ཉིད་རྡོ་རྗེ་སྔོན་པོ་རྩེ་དགུ་པར་གྱུར། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། །


LT29_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལྔགས་འདྲིལ་ལ་ཕཊ་ཀྱི་སྐན་སྒྲ་རྡེབ་ཅིང་། ཤངས་ནས་ཧཱུྃ་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་པ་ཁམ་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་ག་ལ་སོགས་པ་གར་གྱི་ཉམས་དགུས་རྒྱས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱིས་ཁ་ཊཾྭཱ་ག་དང་ཐོད་པ་ཁྲག་གིས་གང་བ། ཐ་མ་གཉིས་ཀྱིས་ཐོད་པའི་རྡེའུ་ཆུང་དང་། རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བཞི་གཡོན་བརྐྱང་པའི་སྟབས་ཀྱིས་རོལ་པ། ཐོད་སྐམ་ལྔའི་དབུ་བརྒྱན། ཚར་གསུམ་ཐོད་པའི་ཕྲེང་བ། ཐོད་ཚར་དང་སྦྲུལ་ཆེན་རིགས་ལྔའི་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་གི་ཤམ་ཐབས་གྲོལ་བ། རྡོ་རྗེའི་ཁྱུང་གཤོགས་དང་ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་བཞི་གཡས་བསྐུམ་པས་དབང་ཕྱུག་གི་མགོ་བོ་དང་། གཡོན་བསྐུམ་པས་ཨུ་མའི་ནུ་བར་དུ་བརྫིས་པ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའོ། །ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ། ཡུམ་ཀྲོ་དྷཱི་ཤྭ་རི་མ་སྔོ་སྐྱ་ཁྲོ་ཞིང་སྒེག་པའི་ཉམས་ཅན། ཕྱག་གཡས་པ་རྩེ་གསུམ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་དུང་ཁྲག་སྟོབ་པ། སྨར་སྨིན་དབུ་སྐྲ་དམར་སེར་དུ་འབར་


LT29_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཕྱག་རྒྱ་ལྔ་དང་ཐོད་ཕྲེང་གཟིག་ཤམ་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བརྐྱང་གིས་ཡབ་ལ་སྦྱོར་བ། ཡབ་ཀྱི་ཐུགས་མཆོང་གུར་སྨུག་པོའི་དབུས་སུ་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་བའི་ཐུགས་དཔལ་བེའུ་རིན་ཆེན་ཟུར་བརྒྱད་པའི་སྟེང་དུ་རྡོ་རྗེ་སྔོན་པོ་ལྟེ་བར་ཧཱུྃ་གིས་མཚན་པ། ཟུར་བརྒྱད་ཀྱི་སྟེང་ན་རུ་ལུ་འབྲུ་བརྒྱད་དང་གསེར་ཞུན་ལྟ་བུའི་འོད་ཟེར་གྱི་བར་ཐག་གཟེངས་པ་གསལ་བར་གྱུར། ཧཱུྃ་ཏིཥྛ་རཏྣ་སཱུརྻ་ཨོཾ། ཡབ་ཀྱི་གསང་བར་ཉི་མའི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་རིན་པོ་ཆེའི་ལྟེ་བར་ཨོཾ་དཀར་པོས་མཚན་པ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་པདྨ་དྷ་ར་ཨ། ཡུམ་གྱི་གསང་བ་པདྨ་འདབ་བརྒྱད་ལ་གནས་པའི་ཨེ་གྲུ་གསུམ་ཨཾ་ཡིག་དམར་པོས་མཚན་པ། ས་མ་ཡ་ཧོཿ ས་མ་ཡ་སྟཾྭ། རཱ་ཧོ྅ཧཾཿ རཱ་ག་ཡཱ་མི། ཛཿཧཱུྃ་བཾ་ཧོཿ སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ་སྙོམས་པར་ཞུགས། །ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཕཊ། ཨོཾ་ཨོཾ་ཨོཾ། ཧཾ་ཡིག་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བྱུང་། ཧཱུྃ་ཧཱུྃ་ཧཱུྃ། ཨ་བ་དྷཱུ་ཏིའི་ལམ་བརྒྱུད། ཕཊ་ཕཊ་ཕཊ། ཡུམ་གྱི་པདྨར་བབ། སྥ་ར་་ཕཊ། བྱང་སེམས་དཀར་དམར་འདྲེས་པའི་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་བཛྲ་ཧེ་རུ་ཀའི་སྐུར་གྱུར་པའི་ཐུགས་ཀའི་ཧཱུྃ་ལས། གཾ་ཙཾ་བྲཾ་བཾ་པཾ་གྷཾ་སྨཾ་ཙཾ་རྣམས་འཕྲོས། ཕྱོགས་མཚམས་ཀྱི་གདན་སོ་སོར་བབས་པ་ཡོངས་སུ་གྱུར་བ་ལས། ཨོཾ་


LT29_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གཽ་རཱི་ཧཿཤར་དུ་གཾ་ལས་གཽ་རཱི་སྔོན་མོ་ཞིང་དབྱུག་ཕྱག་ཞིང་ཐོད་ཁྲག་ཐུགས་ཀར་བསྐྱིལ་བ། ཨོཾ་བཛྲ་ཙཽ་རཱི་ཧཿ ལྷོར་ཙཾ་ལས་ཙཽ་རཱི་སེར་མོ་མདའ་གཞུ་རྣ་བའི་བར་དུ་བཀང་བ། ཨོཾ་བཛྲ་བྲ་མོ་ཧེ་ཧཿ ནུབ་ཏུ་པྲཾ་ལས་པྲ་མོ་ཧ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་ཕྱར་ཞིང་དུང་ཁྲག་ཞལ་དུ་གསོལ་བ། ཨོཾ་བཛྲ་བཻ་ཏཱ་ལི་ཧཿ བྱང་དུ་བཾ་ལས་བེ་ཏཱ་ལི་ནག་མོ་རྡོ་རྗེ་རྩེ་དགུ་གདེངས་ཤིང་བྱིས་བམ་གྱི་མགོ་བོ་ནས་ཟ་བ། ཨོཾ་བཛྲ་པུཀྐ་སཱི་ཧཿ ཤར་ལྷོར་པཾ་ལས་པུཀྐ་དམར་སེར་ཞིང་ཆུང་གི་རྒྱུ་མ་ཞལ་དུ་བསྙོད་པ། ཨོཾ་བཛྲ་གྷསྨ་རཱི་ཧཿ ལྷོ་ནུབ་ཏུ་གྷཾ་ལས་གྷསྨ་རཱི་ལྗང་ནག་དུང་ཁྲག་རྡོ་རྗེས་དཀྲུག་ཅིང་གསོལ་བ། ཨོཾ་བཛྲ་སྨེ་ཤ་ནཱི་ཧཿ ནུབ་བྱང་དུ་སྨཾ་ལས་སྨེ་ཤ་མཐིང་ནག་ཕྱིས་རོ་རངས་པོའི་མགོ་རྐང་ནས་བཟུང་སྟེ་སྙིང་ཟབ། ཨོཾ་བཛྲ་ཙཎྜ་ལཱི་ཧཿ བྱང་ཤར་དུ་ཙཾ་ལས་ཙཎྜ་ལཱི་སེར་སྐྱ་རྩེ་གསུམ་དང་བཾ་སྟོད་སྨད་འདྲལ་བའི་ཚུལ་ཅན། བརྒྱད་ཀའང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན། སྐྲ་སེར་པོ་འབར་ཞིང་མཆེ་བ་གཙིགས་པ། མི་ལྤགས་ལྡིང་སྟབས་དང་སྟག་ལྤགས་ཀྱིས་སྨད་དཀྲིས་པ། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གི་རོལ་པས་འགྱིང་བའོ། གཙོ་འཁོར་ཐམས་ཅད་ཀྱི་མིག་དང་གཟུགས་ཕུང་ལ་རྣམ་པར་སྣང་མཛད། རྣ་བ་དང་ཚོར་བ་ལ་རྡོ་རྗེ་ཉི་མ། ལྕེ་དང་འདུ་ཤེས་ལ་པདྨ་


LT29_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་། སྣ་དང་འདུ་བྱེད་ལ་རྟ་མཆོག །ཡིད་དང་རྣམ་ཤེས་ལ་ཧེ་རུ་ཀ །ལུས་དང་ཡེ་ཤེས་ལ་རྡོ་རྗེ་སེམས་དཔའོ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་ཐོག་མར་སྙན་གསན་དབབ་པ་ནི། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་འཁོར་ལོར་བཞེངས་པར་བསམ་ལ། ཨོཾ་བཛྲ་ས་མཱ་ཛཿ ཞེས་སེ་གོལ་དཔུང་མགོར་བསྣོལ་མར་གདབ་ཅིང་། ཧཱུྃ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། ཞེས་དང་། ཐོད་ཕྲེང་གི་རྒྱ་དཔྲལ་བར་བཅིངས་ཏེ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་གཏྟ་ཡ། ཨ་གཏྟ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། བཛྲ་ཌཱ་ཀི་ནཱི་ནཾ། ཧྲཱྀ་ད་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཤྲཱི་མ་ཧཱ་བཛྲ་སརྦ་དུཥྚྚྚྚཱཾ་ས་མ་ཡ་མུ་དྲ། པྲ་བྷཉྩ་ཀྲ་ཧཱུྃ་ཕཊ། སྤྱན་དྲངས་པ་དངོས་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེ་ལ་ཐབས་མཁས་པ། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་


LT29_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཁྱད་པར་ལས། །སྤྲུལ་པའི་ཚོགས་ཀྱང་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཛཿཧཱུྃ་བཾ་ཧོཿ རུ་ལུ་རུ་ལུ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟཾྭ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟཾྭ། ཨོཾ་ཨེ་བཛྲ་ཨཱ་ར་ལི་ཧོཿ ཧྲཱི༚་ཧྲི༚་ཧྲི༚། ཞེས་བརྗོད་ཅིང་ཐལ་མོ་ལན་གསུམ་དུ་བརྡབས་པས་སྤྱན་དྲངས་ཏེ། རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པའི་དཀྱིལ་འཁོར་དང་མེ་རི་འདབ་འབྱར་ཙམ་དུ་བཞུགས་པར་བསམ། ཧཱུྃ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། ཞེས་དང་། ཐོད་ཕྲེང་གི་ཕྱག་རྒྱ་སྨིན་མཚམ་དུ་བཅིངས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱ་ནས་མ་ཡ་མུ་དྲ། པྲ་བེ་ཤ །ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། པྲ་བྷཉྩ་ཀྲ་ཧཱུྃ་ཕཊ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་།ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་གནས་དོན་ཕྱིར་དངོས་གྲུབ་མཆོག་གི་གནས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། རྡོར་ཐལ་བསྐྱོད་པའི་ཚུལ་བྱས། ཨོཾ་ཤྲཱི་ཧེ་རུ་མ་ཧཱ་བཛྲ། ས་མ་ཡ་ཧི། སརྦ་དུཥྚཾཱ། ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྚ་བཛྲ། ཞེས་པས་བདུན་གྱི་ནམ་མཁར་


LT29_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་བསམ། བཞི་པ་དམ་ཚིག་བསྒྲགས་པ་ནི། ཧཱུྃ། ཆེ་མཆོག་མཉམ་སྦྱོར་འབར་བའི་ཀློང་དཀྱིལ་ནས། །ཐུགས་རྗེ་ཁྲོས་པས་གདུག་པ་འདུལ་མཛད་པ། །གསང་སྔགས་རྨད་བྱུང་དྲག་པོའི་ཕྲིན་ལས་རྣམས། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང་། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་སརྦ་དུཥྚཱཾ། ཡཾ་ཡ་དཾཥྚ། ཨ་པཥྚས་མ་ཡ་ཧཱུྃ་ཕཊ། གདུག་བྱེད་ཐམས་ཅད་ཞལ་དུ་འདྲེན་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ། དམ་ཚིག་པ་ལས་བཞེངས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་གནས་པ་ལ། །གྲུབ་པའི་མཆོག་དག་སྩལ་དུ་གསོལ། །སྐུ་གསུང་ཐུགས་དང་ཅི་འགལ་བ། །ཞིག་པར་འགྱུར་བ་གདོན་མི་ཟ། མཉམ་པའི་ཐལ་མོ་ལས་མཛུབ་སྲིན་བསྣོལ་བ། མཉམ་པའི་ཐལ་མོ་ཁ་བྱེ་བ་ལས་མཐེ་བོང་དང་མཐེའུ་ཆུང་སོ་སོར་སྦྱར། མཉམ་པའི་ཐལ་མོ་ལས་མཛུབ་སྲིན་གྱི་རྩེ་ཅུང་ཟད་བསྣོལ་བའི་དམ་རྒྱ་གསུམ་བཅའ། ཨོཾ་བཛྲ་གུ་ཧྱ་ཧྲི་ཤྭ་ས་མ་ཡ་སྟྭཾཾ། ཨོཾ་བཛྲ་གུ་ཧྱ་ཧྲི་ཤྭ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་གུ་ཧྱ་ཧྲིཿཤྭ་ས་མ་ཡ་ཕཊ། དམ་ལས་མི་འདའ་བར་སྒྲུབ་པ་པོའི་རེ་བ་སྐོང་བར་བསམ། སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །བདག་ནི་ཁྲག་འཐུང་རྒྱལ་པོ་ཡིན། །མཁའ་འགྲོའི་ཚོགས་བཅས་ངས་བསྡུའོ། །འཁོར་ལོ་རྡོ་རྗེ་པདྨའི་རྒྱ་གསུམ་མམ། ཁྱུད་ཤོག་གི་རྒྱ་བཅས་


LT29_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། པྲ་བན་ཙཀྲ། བག་ཤཱ་ཡ་བག་ཤཱ་ཡ། བྷི་ཏཾ་པཱ་ཡ་བྷི་ཏཾ་པཱ་ཡ། ཧེ་བྷ་ག་ཝཱ་ན། བུ་ཏ་ཀྵ་ཏི་པྲ་ཏིཥྚཾ་ས་མ་ཡ་ཧཱུྃ་ཕཊ། རྡོ་རྗེའི་གཤོགས་བར་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་འཁོར་རྣམས་ཟིལ་གྱིས་མནན་ཅིང་དབང་དུ་འདུས་པར་བསམ་མོ། ལྔ་པ་གནས་གསུམ་བྱིན་གྱིས་རླབས་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ། །མགྲིན་པ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿས་མཚན་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ། །ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩ་ལྔ་བ་ལྟེ་བར་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་སྔོན་པོ། །གསུམ་ཀའང་དུར་ཁྲོད་ཀྱི་ཆས་ཅན་ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་པདྨ་རྡོ་རྗེ། གཡོན་པ་རྣམས་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་ལ་འཁྱུད་ཅིང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་ལུས་ངག་ཡིད་གསུམ་བདེ་བར་གཤེགས་པ་ཐམས་ཅད་


LT29_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས། དུག་པ་དབང་བསྐུར་བ་ནི། ནམ་མཁར་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ལ་དམིགས་ཏེ། ཧཱུྃ། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས། ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་ཝཱཀ་ཙིཏྟ་གུ་་ཀརྨ་སིདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཡེ་ཤེས་ཀྱི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧཱུྃ་ལས་བཛྲ་ཧེ་རུ་ཀ་སྔོན་པོ་གཡས་རྡོ་རྗེ་འཛིན་པ། དཔྲལ་བར་ཨོཾ་ལས་བུདྡྷ་ཧེ་རུ་ཀ་དཀར་པོ་གཡས་འཁོར་ལོ་འཛིན་པ། རྣ་གོང་གཡས་སུ་ཏྲཱཾ་ལས་རཏྣ་ཧེ་རུ་ཀ་སེར་པོ་གཡས་རིན་པོ་ཆེ་འཛིན་པ། ལྟག་པར་སྔ་འགྱུར་ལ་ལར་སྤྱན་འདྲེན་གྱི་གང་དུ་དབང་བསྐུར་ཞིང་རིགས་ཀྱི་མཚན་མ་བྱེ་བ་ཡོད་ཀྱང་སྒྲུབ་ཐབས་སུ། རང་གསལ་དཀྱིལ་འཁོར་སྤྱན་དྲངས་ནས། དབང་བསྐུར་རིགས་ཀྱི་མཚན་མ་བསམ། ཞེས་པ་དང་དགོངས་པ་མཐུན། ཧྲཱིཿལས་པདྨ་ཧེ་རུ་ཀ་དམར་པོ་གཡས་པདྨ་འཛིན་པ། རྣ་གོང་གཡོན་དུ་ཨཱཿལས་ཀརྨ་ཧེ་རུ་ཀ་ལྗང་གུ་གཡས་རྒྱ་གྲམ་འཛིན་པ། གཡོན་པ་ཐམས་ཅད་རང་རྟགས་ཀྱིས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། རང་སྣང་གི་ཡུམ་དང་དུར་ཁྲོད་ཀྱི་ཆས་ཅན་བརྐྱང་བསྐུམ་གྱིས་བཞུགས་པའོ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུྃ། ཨོཾ་བུདྡྷཱ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་ཨོཾ།


LT29_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲཱཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ བདུན་པ་དམ་ཚིག་པ་ལ་བསྟིམ་པ་ནི། ཧཱུྃ། ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་། བྱམས་པའི་ཞགས་པས་སྤྱན་ཡང་འདྲེན། བཀའ་ཡི་ལྕགས་སྒྲོག་ཕོ་ཉས་བཏབ། །བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེད། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །ཐུགས་རྗེའི་མགོན་གྱུར་མ་ལུས་རྣམས། །མི་ཕྱེད་དབྱིངས་ལ་འགོད་མཛད་པ། །བདག་ལ་དགྱེས་ཤིང་ཐིམ་པར་བཞུགས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿཞེས་དགུག་གཞུག་བཅིང་མཉེས་བྱ། བརྒྱད་པ་ཕྱག་བྱ་བ་ལ་གདུལ་བྱ་སྙིང་པོའི་ཕྱག་ནི། རྒྱས་འདེབས་མའི་ཕྱག་རྒྱ་མདའ་གཞུ་འགེངས་ཚུལ་བྱས་ལ། ཨོཾ་ཤྲཱི་བཛྲ་ཀ་ར་མུ་ཀ་ཤྭ་ར་ཡཱ་ཡ་ན་མཿཞེས་པས་གཙོ་བོ་ཡབ་ཡུམ་གྱི་སྐུ་གསལ་བར་བསམ་མོ། །རྨོངས་བྱེད་མའི་འཁྱུད་རྒྱ་བཅས་ལ། ཨོཾ་ཤྲཱི་བཛྲ་རཱ་ག་ས་མ་ཡཱ་ཡ་ན་མཿཞེས་པས་གཙོ་བོ་ཡབ་ཡུམ་རོལ་པའི་བདེ་བས་མཉེས་པར་བསམ་མ། །ཟ་བྱེད་མའི་ཁ་ཊྭཱཾཾཱ་གི་རྒྱ་བསྟན་ལ། ཨོཾ་ཤྲཱི་བཛྲ་ཁ་ཊྭཾཾ་ཀ་པྲ་ཙ་ལ་ཡཱ་ཡ་ན་མཿ ཞེས་པས་ཡབ་ཡུམ་རོལ་པའི་བྱང་སེམས་ཀྱི་འོད་ཀྱིས་དྲེག་པ་ཐམས་ཅད་ཟིལ་གྱིས་མནན་ནས་བཀའ་ནོད་པར་བསམ་མོ། ཚེ་འཕེལ་མའི་དྲིལ་བུ་རྒྱ་བཅས་ལ། ཨོཾ་ཤྲཱི་བཛྲ་གྷཎྜེ་པྲ་ཙ་ལ་ཡཱ་ཡ་ན་མཿ ཞེས་པས་གཙོ་བོའི་སེམས་སྤྲིན་ཧཱུྃ་དུ་གྱུར་པ་


LT29_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲོ་བསྡུའི་སྦྱོར་བས་ཡེ་ཤེས་སེམས་དཔའ་མཚོན་གང་བ་དྲིལ་བུ་ཐོགས་པར་བསམ་ཞིང་། ལྷ་མོ་བཞི་ཡང་གཙོ་བོ་ལ་ཐིམ་པར་བསམ་མོ། །རྟོགས་པ་དོན་གྱི་ཕྱག་ནི། རང་ཉིད་གཙོ་བོའི་ཐུགས་ཀ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་འཐོན་ཏེ། ཤར་སྒོར་འཁོད་པས་ཕྱག་བྱེད་པར་མོས་ལ། ཧཱུྃ། དབྱིངས་ཉིད་རང་བཞིན་རྣམ་པར་དག་པ་ལས། །ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ། །དཔལ་ཆེན་ཁྲག་འཐུང་གཽ་རཱི་མ་བརྒྱད་སོགས། །རང་སྣང་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿསརྦ་ཏ་ཐཱ་ག་ཏ་བནྡྷ་ན་ཀ་རོ་ཡཱ་མི། མ་ཧཱ་ཡོ་གཱི་ནཱི། པྲ་ཏི་པུ་ཧོཿ ཞེས་ཕྱག་བྱས་པས་བདག་གི་སྒོ་གསུམ་དང་དཔལ་ཆེན་པོའི་སྐུ་གསུང་ཐུགས་དབྱེར་མེད་དུ་རྟོགས་པར་བསམ་མོ། །དགུ་པ་མཆོད་པ་འབུལ་བ་ལ། ཐོག་མར་མཆོད་ཡུལ་མདུན་རྟེན་སྒྲུབ་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་རྡོ་རྗེ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ལ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མཆོད་པའི་དོན་ཏུ་བཛྲ་ས་མཱ་ཛཿཧཱུྃ། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་དང་། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་བཱ་ར་ས་མཱ་ཛཿཞེས་སྤྱན་དྲངས། །གསལ་ལ་མི་འགྱུར་ཆོས་ཀྱི་སྐུ།


LT29_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མེད་ཆོས་དབྱིངས་ནམ་མཁའ་འདྲ། །བརྗོད་མེད་རྣམ་ཤེས་གཟུགས་དང་བྲལ། །འདུ་འབྲལ་མེད་པ་མཁའ་ལ་རྫོགས། ཨོཾ་ཤྲཱི་ཧེ་རུ་ཀ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་མ་ཧཱ་སུ་ཁ་ཧཱུྃ། ཞེས་བརྗོད་པས་མདུན་གྱི་ནམ་མཁར་ཇི་སྲིད་རྗེས་ཀྱི་གཤེགས་བསྡུ་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་རྡོ་རྗེ་སྐུ་གསུང་ཐུགས། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །འདུ་འབྲལ་མེད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ མཆོད་ཡུལ་སྤྱན་འདྲེན་འདི་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱིས་ཕུར་པའི་སྒྲུབ་ཐབས་རྟོགས་པར་སླ་བར་བཀོད་པ་ལྟར། མཁོན་སྟོན་གྲུབ་པའི་དབང་པོ་བརྒྱུད་མར་ཕྱག་བཞེས་སུ་མཛད་པའི་ཁྱད་ཆོས་སུ་སྣང་བས་བཀོད་པའོ། །མཆོད་པ་དངོས་ཀྱི་དང་པོ་ཀུན་བཟང་ནི། ཧཱུྃ། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་སྤྱོད་ཡུལ་གྱི་དངོས་པོ་ཐམས་ཅད་རྟོག་བྲལ་ཀུན་ཏུ་བཟང་པོའི་རོལ་པར་འབུལ་ལོ། །རྣམ་བདུན་ནི། ཧཱུྃ། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཕྱི་ནང་གསང་བར་སྦྱར་བ་རྣམས། །བདག་དང་མཉམ་པའི་ཚོགས་ལ་འབུལ། ཨོཾ་པ་ན་པེ༚། བེ་ནུ་སུ་ར་ཏོ།


LT29_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿསརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ། ཞེས་མཆོད་སྤྲིན་སྤྲོས་ཏེ། ཧཱུྃ། སྲིད་རྩ་དབྱིངས་སུ་ཤར་བའི་མཆོད་སྤྲིན་འདི། །དེ་ཉིད་མ་བཅོས་ཡུམ་གྱི་ཐིག་ལེ་ཤར། །ཆགས་ཡུལ་བདེ་བས་འོད་ཕུང་དམར་ལ་འཁྱིལ། །ཉོན་མོངས་དབྱིངས་སུ་བསྟིམ་ཕྱིར་ཨརྒྷཾ་བཞེས། ཨོཾ་རཀྟ་ཙིཏྟ་ཤྭ་དྷ་ནི་སྭཱ་ཧཱ། འབྱུང་ལྔའི་དབྱིངས་ལས་ཡེ་ཤེས་བཅུད་ཤར་བ། །སྣང་སྲིད་མདངས་བསྡུས་རང་བཞིན་མེ་ཏོག་གསལ། །གཉིས་མེད་ངང་ལས་ཁ་དོག་ཅིར་ཡང་སྣང་། །འབྲས་བུ་བཅུད་ལྡན་མེ་ཏོག་འོད་ཕུང་འབུལ། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། མ་བཅོས་རང་བྱུང་དམ་རྫས་སྤོས་མཆོག་འདི། ཁ་དོག་དབྱིབས་གསལ་དབང་མཆོག་ཚིམ་བྱེད་པའི། །སྟོང་གསུམ་དྲི་བསུང་དག་པའི་བདུག་སྤོས་འདི། །འབར་བའི་ཤངས་སུ་མཆོད་པས་མཉེས་གྱུར་ཅིག །ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་ནས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿགཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་དུ། །ཉོན་མོངས་སྐྱོན་བྲལ་དག་


LT29_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས། །ཅིར་ཡང་འཆར་ཕྱིར་དྲི་ཡི་འོད་དཔུང་འབུལ། །ཞལ་གྱི་དབྱིངས་སུ་ཐིམ་ནས་མཉེས་གྱུར་ཅིག །ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ནམ་མཁའ་ཀུན་བཟང་དབྱིངས་ནས་ཅིར་ཡང་འབྱུང་། །འབྱུང་བའི་འབྲས་བུ་འདོད་པའི་ཡོན་ཏན་ལྔ། །ལྷ་བཤོས་ཡིད་བཞིན་རིན་ཆེན་ཡོ་བྱད་འདི། །སྐུ་གསུང་ཐུགས་ཀྱི་ངང་དུ་ཐིམ་པར་བཞེས། ཨོཾ་ཤྲཱི་བཛྲ་རཱ་ག་ནཻ་བི་དྱཱ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྒྲ་ཡི་དངོས་པོར་སྣང་བ་ཡང་། །ཡོད་པ་མ་ཡིན་ཤིན་ཏུ་གྲགས། སྒྲ་ཡིས་རབ་ཏུ་ཚིམ་འགྱུར་ཡང་། །སྒྲ་ཉིད་རང་བཞིན་གང་ཡང་མེད། །སྒྲ་བྱུང་ཡེ་ཤེས་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཨོཾ་ཤྲཱི་བཛྲ་རཱ་ག་གཱི་རྟི་ཧྲཱིཿཞེས་སམ། བསྡུ་ན། མཆོད་སྤྲིན་སྤྲོ་བའི་སྔགས་ཀྱི་མཇུག་ཏུ་སོ་སོའི་མཆོད་སྔགས་རྣམས་བཏགས་པ་ཙམ་གྱིས་ཀྱང་རུང་ངོ་། །གང་ལྟར་ཀྱང་མཆོད་པ་རྣམ་པ་བདུན་པོ་ཕྱི་ནང་གསང་བའི་སྤྲིན་ཆེན་པོར་སྤྲོས་ཏེ་ཕུལ་བར་བསམ། སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་དག་པའི་རྫས། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རཱ་ས་ཡ་ན་ལ་སོགས་རྫས། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །བླ་མ་ཁྲག་འཐུང་ལྷ་དགུ་དང་། །མཁའ་


LT29_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དམ་ཅན་འཁོར་བཅས་ལ། །རྣམ་དག་བདུད་རྩི་མཉེས་མཆོད་འབུལ། །ཐུགས་རྗེས་བཞེས་ཏེ་དགྱེས་མཛོད་ལ། །ཚངས་པ་འཕྲུལ་གྱིས་དངོས་གྲུབ་སྩོལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། ཆོས་སྐུ་ཀུན་བཟང་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་རོ་ལངས་བདེ་བ་ལ། །སྨན་མཆོད་འབུལ་གྱི་དབང་དང་དངོས་གྲུབ་སྩོལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བུདྡྷ་གུ་ཧྱ་སློབ་དཔོན་ཧཱུྃ་ཀཱ་ར། །པདྨ་ཐོད་ཕྲེང་འཁོན་སྟོན་ཀླུ་དབང་སྲུང་། །རྡོ་རྗེ་རིན་ཆེན་ཡོན་ཏན་འབྱུང་གནས་ལ། །སྨན་མཆོད༴ མ་ཧཱ་པཉྩ༴ ཚུལ་ཁྲིམས་རྒྱལ་པོ་གཙུག་ཏོར་དགེ་སྐྱབས་དང་། །བལ་པོ་དགེ་མཐོང་ཤཱཀྱ་བློ་གྲོས་ཞབས། །ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ་པོ་ལ། །སྨན་མཆོད༴ མ་ཧཱ༴ གོང་མ་རྣམ་ལྔ་འོད་ལྡན་ཁ་འུ་པ། །ཀུན་རྡོར་མཆོག་ལྡན་ཀུན་བསོད་རིན་རྒྱལ་རྗེ། །བསོད་རྒྱལ་ཤེར་རྡོར་ཆོས་དཔལ་ཤེས་རབ་ལ། །སྨན་མཆོད༴ མ་ཧཱ༴ སེང་རྒྱལ་ཀླུ་བ་དམར་སྟོན་ནམ་མཁའི་མཚན། །ཆག་ལོ་ས་ལོ་ཀུན་ལེགས་མཁྱེན་བརྩེའི་ཞབས། །དབང་རབ་ཀུན་བསོད་འཇམ་དཔལ་རྡོ་རྗེ་ལ། །སྨན་མཆོད༴ མ་ཧཱ༴ ཕྲིན་རྒྱ་མ་བློ་གྲོས་དབང་ཕྱུག་ཆོས་དབང་མཚན། །བསོད་ནམས་རྒྱལ་མཚན་ཡེ་ཤེས་རྣམ་རྒྱལ་དང་། །མཁྱེན་བརྩེའི་དབང་


LT29_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད༴ མ་ཧཱ༴ རྡོ་རྗེ་ཁྲག་འཐུང་ཁྲོ་མོ་དབང་ཕྱུག་ཡུམ། །གཽ་རཱི་ལ་སོགས་འཁོར་གྱི་མ་མོ་བརྒྱད། །དཀྱིལ་འཁོར་ལྷ་ཚོགས་དམ་ཅན་སྲུང་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྨན་ཕུང་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་རོས་མཉེས་པར་བསམས་ནས་བདུད་རྩི་གནས་གསུམ་དུ་རེག་ལ། ཧཱུྃ། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམས་ཏེ། །མཐེ་བོང་དང་ནི་སྲིན་ལག་རྩེས། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །བདུད་རྩིར་རྣམ་ལྔར་སྦྱར་བ་ལ། །མྱང་ན་བྱང་ཆུབ་གསུམ་ཐོབ་འགྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ། ཞེས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། གཏོར་མའི་མཆོད་པ་ནི། ཧཱུྃ། རྨད་དུ་བྱུང་བའི་གཏོར་མ་དང་། འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ལས། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། མ་ཧཱ་བ་ལི༚་ཏ་ཁ་རཾ་ཁཱ་ཧི། འདོད་ཡོན་ལྔའི་ལོངས་སྤྱོད་ཀྱིས་ཐུགས་དམ་སྐོང་བར་བསམ། རཀྟ་དང་དུག་གསུམ་བསྒྲལ་མཆོད་ཟུང་དུ་འཇུག་པས་ཁྱད་པར་དུ་མཆོད་པ་ནི། གར་རྒྱ་ལས་དུང་ཆེན་གྱི་རྒྱ་བཅས་ཏེ། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །


LT29_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆེན་གསར་རྙིང་ཏི་རར་བཅས། དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ །ཨི་དཾ། །པུཥྤེ། དྷཱུ་པ། གནྡྷེ། བ་ལི༚་ཏ། པྲ་ཏཱིཙྪ་ཧོཿཤྲི་བཱ་ན་ཁ་ཁ། ཁཱ་ཧི་ཁཱ་ཧི། ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་ལ་ཧཱ་བཛྲ་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏིཙྪ་ཧོཿ ཤྲཱི་བཱན་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་སྟོབ། བཟའ་བ་ནི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། མ་རཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧྲི་ད་ཡ། པི་པ་ཧཱུྃ་ཕཊ། བཏུང་བ་ནི། ཧཱུྃ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲ་བས་བཅིངས་པ་ཡི། །དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ཐུགས་རྗེ་བྱང་སེམས་ལྡན་པ་ཡིས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུྃ་བྷྱོ་ཧཱུྃ་བྷྱོ་


LT29_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བྷྱོ། ཞེས་པས་འཁོར་བའི་ཆགས་ཏོག་གི་རཀྟ་ལ་རོལ་པས་དགྱེས་པ་བསྐྱེད་དེ་ཐམས་ཅད་སངས་རྒྱས་པར་བསམ། སྦྱོར་མཆོད་ནི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨོ་ལ་ནི་རྡོ་རྗེ་ཞུགས། །བདག་ཉིད་མཆོད་པས་མཉེས་པར་བྱོས། ས་མ་ཡ་ཧོཿ ས་མ་ཡ་སྟཾྭ། རཱ་གོ་ཨ་ནུ་རཱ་ག་ཡཱ་མི་བོ་དྷི་ཙིཏྟ་ཧོཿ མདངས་ཀྱི་མཆོད་པ་ནི། ཧཱུྃ། དབྱིངས་དང་ཡེ་ཤེས་ཏིང་འཛིན་ནི། །ཀོང་བུ་ཆོས་དབྱིངས་ཡུམ་གྱི་མཁའ། །མར་མེ་ཡེ་ཤེས་ཡབ་ཀྱི་འོད། །སྐུ་གསུམ་འགྲོ་བའི་དོན་ཡང་མཛད། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །ཡེ་ཤེས་ཆེན་པོ་སྐུ་གསུམ་གྱིས། །འཁོར་བའི་མ་རིག་མུན་བསལ་ནས། །འཁོར་ལོ་ཚོགས་ཆེན་གསལ་ལེར་གསལ། ཨོཾ་ཨཱ་ལོ་ཀེ་ཛྭ་ལ་དཱི་པ་ཧཱུྃ་ཧཱུྃ། ཐབས་ཤེས་ཟུང་འཇུག་གི་མར་མེ་སྦར་བསམ་རིག་པའི་མུན་པ་སེལ་བར་བསམ། གླུ་གར་ཡེ་ཤེས་ཀྱི་མཆོད་པ་ནི། ཧཱུྃ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ནི། །ཞི་གནས་དང་ནི་ལྷག་མཐོང་ཟུང་དུ་འབྲེལ། །བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །གསུང་སྙན་ཡི་གེས་ཀུན་ལ་ཁྱབ་པ་ཡིས། །སྤྲོས་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། །མི་གསུང་ལྷ་མོར་དམ་བཅས་འདུལ་མཛད་པ། །སྒྱུ་འཕྲུལ་ཚུལ་མངའ་ལྡན་པ་འགའ་མ་མཆིས། །གང་དུ་བདེ་


LT29_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རང་བཞིན་རྗེས་ཆགས་པའི། །ན་ཆུང་དག་དང་ལྷན་ཅིག་བཞད་མཛད་དེ། །གཡས་ཀྱི་ཕྱག་གིས་རྡོ་རྗེ་གསོར་ནས་ཀྱང་། །གཡོན་པ་ཡིས་ནི་དྲིལ་བུའི་སྒྲ་སྙན་འཁྲོལ། །ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡིས། །དམ་ཚིག་རྣམས་ཀྱི་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པ་ཀུན་ལ་འཁྱུད་པ་སྟེ། །གཉིས་པས་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་ཟད་མེ་ཏོག་ཕྲེང་བ་འཐོར། །བཞི་པ་བདེ་བ་ཡི་ནི་མདའ་ཡང་འཕེན། །གང་ཞིག་གླུ་ནི་ལེན་པར་བྱེད་པ་དེ། །བདེ་བ་རྡོ་རྗེ་ཅན་དང་མཉམ་པར་འགྱུར། །རྡོ་རྗེ་གསོར་བ་སྙིང་རྗེ་ཆེན་པོ་ཡིན། །དྲིལ་བུ་བསིལ་བ་ཤེས་རབ་སྟོང་པ་ཉིད། །གར་གྱིས་ཞིག་ནས་ལྷག་མཐོང་ཟུང་དུ་འབྲེལ། །བདེ་ཆེན་རོལ་པ་ཆ་ལ་དགོངས་སུ་གསོལ། ཨོཾ་བཛྲ་དྷཱ་ཏུ་ཧོཿམཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པས་ཞི་ལྷག་ཟུང་འབྲེལ་གྱིས་མཉེས་པར་བསམ་མོ། བཅུ་པ་བསྟོད་པ་ནི། ཧཱུྃ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མདའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་ལ་ཡང་ཕྱག་འཚལ་ལོ། །


LT29_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིར། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིན་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དྷརྨ་ཀཱ་ཡ་ན་མོ། སམྦྷོ་ཀཱ་ཡ་ན་མོ། ནི་རྨཱ་་ཀཱ་ཡ་ན་མོ། ཛྙཱ་ན་པཉྩ་ཀཱ་ཡ་ན་མོ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་་ཀརྨ་ཧྲི་ད་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་ན་མོ་ན་མཿཞེས་ཅང་ཏེའུ་དང་དྲིལ་བུའི་སྒྲ་སྦྱར་ལ་རང་ལས་མི་གཞན་པར་བསྟོད་དོ། །བཅུ་གཅིག་པ་འཛབ་བཟླ་བ་ལ། ཐོག་མར་འཛབ་ཁོང་དབྱེ་བ་ནི། དབྱེ་བཞིའི་དཀྱིལ་འཁོར་གསལ་བར་དམིགས་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜ་ལ་ཕཊ་ཛཿཞེས་དང་། གཙོ་འཁོར་དགུ་པོའི་བསྐྱེད་སྔགས་ལ་ཕཊ་ཛཿཞེས་བཏགས་པས། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་རྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམ། བཟླས་དམིགས་ནི། བདག་མདུན་གྱི་གཙོ་བོ་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་སྔར་བཞིན་དང་། མ་མོ་བརྒྱད་ཀྱི་ཐུགས་ཀར་བྷཉྫ་ཏིལ་འབྲུ་ཙམ་རེའི་སྟེང་དུ་ཧ་རེ་རེའི་མཐར་ཡང་རུ་ལུ་


LT29_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བརྒྱད་ཀྱིས་བསྐོར་བར་གསལ་བ་དང་། རང་གི་ལྕེ་རྡོ་རྗེ་རྩེ་གསུམ་པའི་རྩེ་མོར་པདྨའི་ལྟེ་བར་ཨཱཾཿལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ། དེ་དག་ཀྱང་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཟེར་འཕྲོ་བར་བསམ་ལ། སྔགས་ཟློས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས་པས། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་དམིགས་ཏེ། དམ་ཡེ་འཕྲོ་འདུ་བ་ཐག་གཟིངས་པ་ལྟ་བུ་རྒྱུན་མ་ཆད་པར་བྱ། འཛབ་བསྐུལ་ནི། ཧཱུྃ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནི། །ཡེ་ཤེས་ཚོན་གང་རིན་པོ་ཆེ། །ཐུགས་ཀྱི་སྙིང་པོ་འབྲུ་བརྒྱད་འཕྲོས། འོད་ཟེར་གསལ་བར་ཀུན་ལ་ཁྱབ། ཨོཾ་ནི་འབར་བའི་སེང་གེ་བརྗིད། །མ་ཚོགས་སྤྲིན་དང་སྐར་ལྟར་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་རྒྱུན་འདྲ། །མ་ནོར་རེ་སྐོང་མཁའ་ལ་འགྲོ། །ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །རུ་ནི་འབར་སྲོག་ཆགས་སྡང་འཇོམས། །ལུ་ནི་ཀུན་བཟང་བདེ་བའི་ཡུམ། ཧཱུྃ་ནི་ཡེ་ཤེས་ཚད་མེད་བཞི། །བྷྱོ་ནི་གནས་གྱུར་མ་འགགས་པ། །ཧཱུྃ་གིས་བྱིན་རླབས་སྡུད་པར་བྱེད། །རུ་ལུ་འདི་ལྟར་ཡ་མཚན་ཆེ། །རུ་ལུ་རྟོག་པ་གང་དུ་འཕེལ། །རུ་ལུ་


LT29_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མ་ལུས་སྟེར། ཅེས་བརྗོད་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་རྩ་སྔགས་འབྲུ་བརྒྱད་པ་ལ་བཟླས་པའི་དངོས་གཞི་བྱ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ། ཅེས་ཡུམ་སྔགས་གང་གི་བཅུ་ཆ་བཟླ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི། ཀྲོ་དྷི་སརྦ་དུཥྚཱཾ་ས་མ་ཡ་མཱུ་དྲ། པྲ་སཾ་ཛ་ཀ་ཧཱུྃ་ཕཊ། ཅེས་ཁྱད་པར་ཅན་གྱི་སྙིང་པོ་རྩ་སྔགས་ཉེར་དྲུག་པའང་ཅི་ལྟར་རིགས་པ་བཟླ་ཞིང་འགལ་མེ་ཀླད་སྐོར་དམ་དོ་ལིའི་བཟླས་པའི་འཕྲོ་འདུ་བྱ། འཁོར་རྣམས་རང་རང་གི་ཐུགས་ཀ་དང་བདག་ཉིད་གཙོ་བོར་སྦྱར་བའི་སྤྲོ་བསྡུའམ། རང་རང་དམ་ཡེ་ཞལ་སྤྲོད་ཀྱང་རུང་སྤྲོ་བསྡུ་གོང་ལྟར་བྱ་ཞིང་། ཨོཾ་བཛྲ་གཽ་རཱི་ཧཱཿཧཱུྃ་ཕཊ། ཨོཾ་བཛྲ་ཙཽ་རཱིཧཿཧཱུྃ་ཕཊ། ཨོཾ་བཛྲ་པྲ་མོ་ཧེ་ཧཿཧཱུྃ་ཕཊ། ཨོཾ་བཛྲ་བཻཏྟ་ལཱི་ཧཿཧཱུྃ་ཕཊ། ཨོཾ་བཛྲ་པུཀྐ་སཱི་ཧཿཧཱུྃ་ཕཊ། ཨོཾ་བཛྲ་གྷསྨ་རཱི་ཧཿཧཱུྃ་ཕཊ། ཨོཾ་བཛྲ་སྨེ་ཤ་ནཱི་ཧཿཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་ལཱི་ཧཿཧཱུྃ་ཕཊ། ཅེས་པ་རྣམས་ཀྱང་སོ་སོར་གཙོ་བོའི་བཅུ་ཆ་རེ་བཟླའོ། །བཟླས་པའི་མཇུག་ཏུ་སྟོང་ཚིགས་མཆོད་བསྟོད་ཉེར་སྤྱོད་སྨན་མཆོད་བསྟོད་པ་རྣམས་མདོར་བསྡུས་ཏེ་སྦྱར་བའམ། སྤྱི་ཙམ་དུ། ཧཱུྃ། ཏིང་ངེ་འཛིན་གྱིས་སྤྲོས་པས་མཆོད་པའི་གཏེར། །མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེ་བཅས། །བླ་རེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས། །སིལ་སྙན་རྔ་དུང་ནོར་བུ་མུ་ཏིག་ཕྲེང་། །གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས། །བདེ་ཆེན་བྱང་ཆུབ་


LT29_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་མཆོད་སྤྲིན་རྣམས། །དངོས་སུ་བཤམས་ཤིང་ཡིད་ཀྱིས་མངོན་སྤྲུལ་ནས། །ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ། །འབྲུ་བརྒྱད་འཕྲོ་འདུས་འབུལ་ན་མཆོད་པ་བཞེས། །སྐུ་མཆོག་གང་འདོད་གཟུགས་སུ་དེ་བཞིན་སྣང་། །གསུང་མཆོག་རྣམ་པ་སྔགས་ཀྱི་ཡིག་འབྲུར་གསལ། །ཐུགས་མཆོག་ཡེ་ཤེས་དམ་ཚིག་ཕྱག་རྒྱར་གནས། །ཡོན་ཏན་རིན་ཆེན་བདག་གཞན་དགོས་འདོད་སྐོང་། །ཕྲིན་ལས་རྣམ་བཞིས་འགྲོ་དྲུག་རྣམ་པར་སྒྲོལ། །ལེགས་པར་མཆོག་རྣམས་ཡོན་ཏན་མངའ་མཛད་ལ། །དད་པས་རབ་བསྟོད་འབྲུ་བརྒྱད་དག་པས་མཆོད། ཅེས་པ་ཙམ་བྱ། ཡེ་ཤེས་ཀྱི་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ལས་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཆར་བབས་པ་ལྟར་བྱུང་། བདག་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། ཧཱུྃ། བྱམས་མགོན་ཐུགས་ལ་བྱ་རྩོལ་མི་མངའ་ཡང་། །བདག་ཅག་རེ་སྨོན་གྲུབ་པར་མཛད་སླད་དུ། །ཕྲིན་ལས་རྣམ་བཞིའི་འདུལ་ཐབས་ཇི་བཞིན་པས། །གདུལ་བྱ་རབ་འབྲིང་ཐ་མར་གྱུར་པ་རྣམས། །བཟང་ངན་ཕན་གནོད་རྩེ་གཅིག་སེམས་དཔའ་ཡི། །ལྷ་བགེགས་ལེགས་ཉེས་བྱེད་པ་གང་ཡང་རུང་། །སྦྱོར་བ་ངན་པའི་བག་ཆགས་གཏན་སྤངས་ནས། །བྱང་


LT29_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་མཆོག་སྐྱེ་བར་སྒྲུབ་པ་དང་། །ཐུགས་རྗེའི་ཞིང་གྱུར་འགྲོ་དྲུག་སེམས་ཅན་རྣམས། །འཁོར་བའི་མཐའ་རིང་མཚོ་ལས་བསྒྲལ་སླད་དུ། །བཟླས་བརྗོད་འཕྲོ་འདུས་བསྐུལ་ན་ཕྲིན་ལས་མཛོད། །སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་དང་། །འདུ་འབྲལ་མེད་པ་གཟུངས་ཀྱི་དངོས་གྲུབ་དང་། །འཕོ་འགྱུར་མེད་པ་གནས་ཀྱི་དངོས་གྲུབ་སྩོལ། ཞེས་བརྗོད། བཟླས་པའི་རྗེས་འབྲེལ་དངོས་གྲུབ་བླང་བ་འདི་དཀྱུས་ལམ་བྱས་ཀྱང་ཆོག །གང་ལྟར་ཧཱུྃ། ཞེས་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་མཆོད་བརྟན་སྐྱོང་དངོས་གྲུབ་བླང་། གཏོང་རག་བཟོད་གསོལ་ཉེར་བསྡུ་དང་། སྨོན་ལམ་ཤིས་བརྗོད་བཅས་ཏེ་བརྒྱད། དེ་ལ་དང་པོ་ཚོགས་མཆོད་འབུལ་བ་ལ་གཉིས། ཚོགས་ཀྱི་ཆོ་ག་དང་ལྷག་མའི་ཆོ་གའོ། །དང་པོ་ནི། ཞིང་ལྤགས་ཀྱི་གདན་ལ་བ་ལ་མཱཾ་ས་མ་ད་ན་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་བྱེ་བྲག་ཅི་འབྱོར་བ་བཤམས་ལ། བྱིན་གྱིས་རློབས་པ་ནི་ཆུ་ཆང་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཀྲོདྷཱི་ཤྭ་རི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། རཾ་ཡཾ་ཁཾ། ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེད་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་ཚོགས་གཞོང་རིན་པོ་ཆེའི་སྣོད་དུ། ཚོགས་རྫས་ཏྲཱཾ་ལ་རིན་ཆེའི་ཕུང་པོར་བསམ་ལ། ཨོཾ་ཏྲཱཾ་རཏྣ་ཏྲཻ་


LT29_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀྱ་སྥ་ར་་ཕཊ། སླར་ཡང་ཧཱུྃ་ཨཱཿཨོཾ་ལས། རང་བཞིན་གྱིས་དག་པའི་བདུད་རྩི་འདོད་ཡོན་དྲུག་གི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བར་བསམ་ལ། འབྲུ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་བཅས་དང་། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །ཐུགས་དང་འཐད་པའི་གནས་འདི་རུ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས། ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿས་མ་ཡ་ཧོཿས་མ་ཡ་སྟཾྭ། བཛྲ་ཨཱ་ར་ལི་ཧོཿཧྲཱི༚་ཧྲཱི༚། ཞེས་པས་སྤྱན་དྲངས་ལ། གསུམ་པ་མཆོད་པ་ལ་གཉིས་ཀྱི་དང་པོ་སྤྱིར་མཆོད་པ་ནི། ཚད་མེད་བཞི་ལས་གྲུབ་པ་ཡི། སྤོས་དང་མེ་ཏོག་མར་མེ་དྲི། །ཡེ་ཤེས་བཞི་ལས་ཤར་བ་ཡི། །མེ་ལོང་ཕྲེང་བ་གླིང་བུ་གར། །གཟུགས་ནི་རྣམ་སྣང་མཛད་ལ་འབུལ། །དྲི་ནི་རིན་ཆེན་འབྱུང་ལྡན་ལ། །སྒྲ་ནི་སྣང་བ་མཐའ་ཡས་ཉིད། །རོ་ནི་དོན་ཡོད་གྲུབ་པ་སྟེ། །རེག་ནི་རྡོ་རྗེ་སེམས་དཔར་འབུལ། །ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ་པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ག་ན། ལཱ་སྱ་ཧཱུྃ མཱ་ལེ་ཏྲཱཾ། གཱི་ཏི་ཧྲཱིཿནི་རྟི་ཨཱཿཞེས་མཆོད། གཉིས་པ་བྱེ་བྲག་ཏུ་མཆོད་པ་ནི། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ཏེ། དང་པོ་གཡས་ཞལ་དཀར་པོ་ལ་དམིགས་ཏེ་མཆོད་པ་ནི། ཧཱུྃ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་


LT29_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་ཡང་སྒྲུབ་པོ་རྣལ་འབྱོར་པས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་སོགས་དང་ཙནྡན་དྲི། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག། བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དཾ། དྷཱུ་པ། པུཥྤ། དཱི་པ། གནྡྷེ། བ་ལི༚་ཏཔྲ་ཏཱིཙྪ་ཧོཿཤྲཱི་མཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འདོད་ཡོན་དྲུག་གི་མཆོད་པས་དགྱེས་པར་བསམ་མོ། གཉིས་པ་གཡོན་ཞལ་ལ་དམིགས་ཏེ་བཤགས་པ་ནི། ཧཱུྃ། ཀུན་གཞིའི་ཀློང་ནས་རང་བྱུང་ཡེ་ཤེས་ཤར། ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ། །ནོངས་པའི་ལས་སུ་གྱུར་པ་ཐམས་ཅད་ཀུན། །གཉིས་སུ་མེད་པའི་ངང་དུ་བཤགས་པར་བགྱི། ཡིག་བརྒྱ་བརྗོད་ཅིང་། ཚོགས་རྫས་བདུད་རྩིར་ཕུལ་བས་ཉམས་ཆགས་དག་པར་བསམ་མོ། ཐ་མ་དབུས་མ་ལ་དམིགས་ཏེ་སྟོབ་པ་བྱ་བ་ལ། ཟོར་དང་འབྲེལ་བའི་བསྒྲལ་ལས་རྒྱས་པར་བྱ་བ་ནི། དཀྱུས་སུ་མི་མཁོ་བས་འདིར་མ་བཀོད་ལ། མདོར་བསྡུས་པ་ནི། སྔར་གྱི་ཚོགས་ཕུད་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ནས་མདུན་དུ་བཀོད་ལ། ན་མོ་


LT29_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟན་འདི་ལ་མཆིས་པར་གྱུར་ཅིག །ནྀྤ་བཛྲ་ཨཾ་ཀུ་ཤ་ཛཿཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་པས་དགུག་བཅིངས་བསྡམས་ནས་མྱོས་པར་བྱ། དམིགས་བྱ་མགོན་མེད་སྐྱབས་བྲལ་རྣམ་པར་འགྱུར་བའི་ཚུལ་དུ་གནས་པ་ལ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མཚོན་ཆ་སྣ་ཚོགས་པའི་ཆར་དུ་ཕབས་པ་དམིགས་བྱ་ལ་ཕོག་དུག་ལྔ་ཡེ་ཤེས་ལྔར་སྦྱངས། དངས་མ་ཧཱུྃ་ཡིག་ཏུ་གྱུར་པ་ཕུར་རྩེས་འོག་མིན་དུ་སྤར་བར་བསམ་ཞིང་། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་


LT29_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། སརྦ་དུཥྚཾཱ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕུར་བུས་གདབ་ཅིང་། རལ་གྲིས་གཏུབ་པ་དང་། ཐོ་བས་བརྡུང་བ་རྣམས་བྱས་ལ་སྨན་རཀ་བྲན་ཅིང་ཞལ་དུ་སྟོབ་པ་ནི། ཧཱུྃ། དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་བཞེས། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་དགྲ་བགེགས་ཀྱི་ཤ་ཁྲག་ཞལ་དུ་བསྟབས་པས། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། ཞེས་གསོལ་བས་དགྱེས་པ་ཆེན་པོས་ཚིམས་པར་བསམ། ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་སྔོན་ཏུ་འགྲོ་བས་ཚོགས་རྫས་བསྣོལ་མར་ཕུལ་ལ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། ཞེས་འབུལ། དེས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །གཟུང་འཛིན་དྲི་མ་མེད་པ་ཡིས། །འདོད་ཆགས་དྲི་མ་དང་བྲལ་བས། །དེ་ཁོ་ན་ཉིད་བདག་ཅག་འཚལ། ཞེས་བླང་། འདུས་པ་གཞན་རྣམས་ལའང་དྲངས་ཏེ། ནང་གི་སྦྱིན་སྲེག་གིས་རོལ་པའི་མཐར། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་


LT29_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །གཉིས་པ་ལྷག་མའི་ཆོ་ག་ནི། ལྷག་མ་རྣམས་བསྡུས་པའི་དམེ་གཏོར་མཆོད་པའི་རས་མདང་བཅས་པ་དང་། སྔར་ཟུར་དུ་བཅད་པའི་ཕུད་ལྷག་རྣམས་འདུ་བྱས། དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་ལྤགས་ལ་ཐལ་ཆེན་གྱི་ཨེ་གྲུ་གསུམ་རཀྟའི་ཐིག་ལེ་གསུམ་དང་ལྡན་པའི་ཁར་དམེ་གཏོར་མར་མེ་དང་བཅས་པ་བཀོད་ལ། ཕུར་གཏོར་བདུད་རྩིས་བྲན་ལ་ཐོག་མར་ཡར་གནས་མཆོད་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པི་ཤ་སཱུརྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀཱ་ར་ཧཱུྃ་ཕཊ། ཅེས་འདོད་ཡོན་ལྔའི་བདུད་རྩིར་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷག་ཕུད་ལ་དབང་བའི་ཌཱ་ཀི་རྣམས་སྤྱན་དྲངས་པར་བསམ་ལ། ཧཱུྃ། ལས་ཀྱི་རྡོ་རྗེར་བྱེད་པར་དབང་བསྐུར་བའི། །དབང་ཕྱུག་མཁའ་འགྲོ་རྡོ་རྗེ་གིང་གི་ཚོགས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །དམ་ཅན་ལྷག་མའི་ལྷ་ཚོགས་འདིར་འདུས་ཤིག །ཨེ་ཨཱ་ར་ལི་ཧྲི༚་ཧྲི༚། ཞེས་སྤྱན་དྲངས་ལ་མཆོད་པ་ནི། ཧཱུྃ་ཧ་ཧེ་ཕཊ་བྷྱོ། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་མོ་གཽ་རཱི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་མཆོད། ཨོཾ་བཛྲ་དཱ་ཀི་ནཱི་པྲཏཱིཙྪ་ཨི་མཾ་བ་ལི༚་ཧཱུྃ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་


LT29_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་མཾ་བ་ལི་ན་ཨོཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཏྲཱཾ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཧྲཱིཿཨོཾ་ཀརྨ་ཌཱ་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཨཱཿཞེས་འབུལ་ཞིང་སྨན་རཀ་སྦྲེང་། མར་གནས་ནི། ཕུད་ལྷག་བསྲེས་ལ། ཧཱུྃ། དང་པོར་ཕུད་ཀྱིས་མི་མཆོད་དུ། ཧེ་རུ་ཀ་ནི་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་ཚོགས་དབང་ཕྱུག་ཚོགས་ཀྱི་བདག །བཀའ་ཡི་ཕམ་ཕབས་མི་གསོལ་དུ། །ཁྱེད་རྣམས་ངེད་ཀྱི་བྲན་དང་གཡོག །ལྷག་མ་ཁ་ཕྲུས་མི་བཏབ་ཏུ། །རྗེ་དང་འབངས་སུ་ཁྱད་པར་ཆེ། །རྣམ་གསུམ་གཅིག་སྟེ་མི་བསྲེ་ཏུ། །ལྷག་མའི་གནས་སུ་ཁྱད་པར་མེད། །ཡེ་ཤེས་སྒྱུ་མའི་སངས་རྒྱས་དང་། །ལོག་རྟོག་སྒྱུ་མའི་སེམས་ཅན་རྣམས། །ཡེ་ཤེས་ལོག་རྟོག་ཁྱད་ཆེ་ཡང་། །སྒྱུ་མར་སངས་རྒྱས་སེམས་ཅན་མཉམ། ཞེས་བརྗོད། ཨོཾ་ཨུཙྪིཥྚ་བ་ལི༚་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་ལྷག་མ་ལ་ཁ་ཆུས་བྲན། རུ་ལུ་འབྲུ་བརྒྱད་དང་ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན་ལ། ཧཱུྃ། རྫུ་འཕྲུལ་མཁའ་ལ་འགྲོ་བའི་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལངྐ་ཚར་གསུམ་རྟོག་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་དག་གི་ཕོ་ཉ་རྣམས། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཉི་ཤུ་རྩ་བརྒྱད་ཕུད་


LT29_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་དག་ལ་དབང་། །མར་གྱི་གནས་བདུན་སོ་སོའི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། ཙོད་ཏོར་ཙོད་ཏོར། ཤེ་ས་ཤེ་ས། པར་པ་ཏི་པར་པ་ཏི། རེ་མ་མར། པྲ་མེ་མུ་ཏི་ཧཱུྃ། ཁཱ་ཧི་ཁཱ་ཧི། ཀིང་ཀ་ར་ཀིང་ཀ་ར། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། ཀརྨ་རག་ཤ་སི་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་མ་མ་བྷྱོ་ཛཿ ཏྲག་རཀྴ་སི་ཏ་ཙ་ར་ས་མ་ཡ་བྷྱོ་ཏྲག་རཀྴ་ཏྲག་རཀྴྴ་མ་མ་བྷྱོ་མ་མ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཛྭ་ལ་ཛྭ་ལ་ས་མ་ཡ་རུ་ལུ་བྷྱོ། དུ་ནེ་དུ་ནེ་ས་མ་ཡ་རུ་ལུ་རུ་ལུ་བྷྱོ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿསྨན་རཀ་སྦྲེང་། ཧཱུྃ་ཧ་ཧེ་ཕཊ། ཅེས་ཡར་གནས་ཀྱི་ལྷ་རྣམས་རང་ལ་བསྟིམ། ཡ་ཧི་གཙྪས་མར་གནས་རྣམས་གཤེགས་ལ་ལྷག་མ་ཕྱི་རོལ་དུ་དོར། ལྷག་དཀྱིལ་བསྡུའོ། །གཉིས་པ་བརྟན་མ་བསྐྱང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཱྃ་སྥ་ར་་ཕཊ། སཾ་ཧ་རུ་་ཧཱུྃ། ཏྲཱྃ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཧཱུྃ། ཚོགས་དང་བཀའི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་དགོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་


LT29_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེ་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་སྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ། ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་བསྐྱལ་ལོ། །གསུམ་པ་དངོས་གྲུབ་བླང་བ་ནི། ཧཱུྃ། ཡེ་ཤེས་ལྷ་དང་རིག་འཛིན་མཁའ་འགྲོའི་ཚོགས། །ད་ནི་སྒྲུབ་པའི་ཞག་གྲངས་ཚང་ལགས་སོ། །ད་ནི་སྒྲུབ་པའི་ནམ་ཡངས་ལགས་སོ། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་ལགས་སོ། །ཕྱི་ནང་མཆོད་པའི་གྲངས་ཀྱང་ཚང་ལགས་སོ། །ཞག་གྲངས་དམ་བཅས་བསྙེན་པ་མཐར་དབྱུང་


LT29_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཡེ་ཤེས་འོད་ཟེར་འཁྲུགས་ཚུལ་མཆོག་བསྣོལ་ནས། །བཟླས་བརྗོད་བསྙེན་པའི་གྲངས་ནི་ཁྱེད་ལ་འབུལ། །དམིགས་བསམ་འགྲུབ་པའི་དངོས་གྲུབ་བདག་ལ་སྩོལ། །མཁས་རྟོགས་ཆོས་ཀྱི་དངོས་གྲུབ་བདག་ལ་སྩོལ། །གཡུང་དྲུང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །དབང་ཐང་བུ་ཚའི་དངོས་གྲུབ་བདག་ལ་སྩོལ། །མཛོད་ལྡན་ནོར་གྱི་དངོས་གྲུབ་བདག་ལ་སྩོལ། །རྒྱ་མཚོའི་ཀླུ་ཡི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྩལ་གྱི་དངོས་གྲུབ་བདག་ལ་སྩོལ། །སྤྲུལ་པ་འགྱེད་པའི་དངོས་གྲུབ་བདག་ལ་སྩོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བདག་ལ་སྩོལ། །དཔལ་ཆེན་སྐུ་དང་གསུང་དང་ཐུགས་དང་གསུམ། །ཆོས་ཀྱི་སྐུ་དང་ལོངས་སྐུ་སྤྲུལ་པའི་སྐུ། །ངོ་བོ་ཉིད་སྐུའི་དངོས་གྲུབ་བདག་ལ་སྩོལ། སིདྡྷི་ཕ་ལ་ཨ་ལ་ལ་ཧོཿབཞི་པ་གཏོང་རག་མཆོད་བསྟོད་ནི། མཆོད་པ་གསར་དུ་བཤམས་པའམ་ཁ་གསོལ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་མཆོད་རྫས་ཀྱི་མིང་ཡིག་དང་པོ་འཕྲོས་འདུས་པ་ལས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ཨོཾ་པ་ན་པེ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ་སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཨཱཿཧཱུྃ། མཆོད་པའི་ལྷ་མོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་ནམ་མཁའ་གང་བར་གྱུར། ཨོཾ་ནམས་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿསརྦ་ཐཱ་ཁཾ་ཨུཏྒཱ་ཏེ་


LT29_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྥ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཧཱུྃ། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཕྱི་ནང་གསང་བར་སྦྱར་བ་རྣམས། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཨོཾ་རཀྟ་ཙིཏྟ་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཨོཾ་ཤྲཱི་བཛྲ་རཱ་ག་ནེ་བི་དྱ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་རཱ་ག་གཱི་རྟི་ཧྲཱིཿཧཱུྃ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་བྱ། ལྔ་པ་བཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། དྲུག་པ་ཉེར་བསྡུ་ནི། མདུན་བསྐྱེད་དང་འབྲེལ་བའམ་མཆོད་ཡུལ་གྱི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་རྟེན་ཡོད་ན་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། ཡང་ན་དམ་ཡེ་མ་ཕྱེ་བར་རང་ལ་བསྡུས་ཏེ། སརྦ་ས་མ་ཡ་ས་པ་རི་ཝཱ་ར་གཙྪ་ཞེས་གཏོར་མགྲོན་དུ་སྤྱན་དྲངས་པ་སོགས་དམ་ཅན་རྣམས་གཤེགས་སུ་གསོལ། གཞིའི་དཀྱིལ་འཁོར་ལ་དམིགས་ཏེ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་


LT29_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་འདུས། སུང་འཁོར་དུར་ཁྲོད་གཞལ་ཡས་ཁང་ལ། དེ་དག་དཀྱིལ་འཁོར་གྱི་ལྷ་ལ། དེ་གཙོ་བོ་ཡབ་ཡུམ་ལ། །ཡུམ་ཡབ་ལ་ཐིམ་པར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཀྲོ་དྷ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་པས། རང་གཟི་བརྗིད་དང་ལྡན་པར་གྱུར། ཨོཾ་བཛྲ་ཀ་བ་ཙ་ཧཱུྃ་ཕཊ། ཅེས་ལུས་ལ་རྡོ་རྗེའི་གོ་གྱོན་པས་བར་ཆད་ཀྱིས་མི་ཚུགས་པར་གྱུར། ཅེས་ལུས་སྲུང་ཞིང་གོ་བགོས་ལ་སྤྱོད་ལམ་ཐམས་ཅད་དུ་གཙོ་བོའི་ང་རྒྱལ་དང་མ་བྲལ་བར་བྱ། དེ་ནས། རང་བཞིན་སེམས་ཀྱི་ཆོས་ཉིད་ནི། །མ་བཅོས་ལྷུག་པར་ས་ནས་པའི་དོན། །རྟག་ཆད་ངོ་བོ་མཐའ་སྤངས་ཤིང་། །བརྗོད་བྲལ་མུ་བཞི་ལས་འདས་པ། །རྩོལ་མེད་གནས་པའི་ཆོས་ཉིད་དེ། །ངོ་བོ་ཉིད་ཀྱིས་མཚོན་པའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱ་ཏ། ཅེས་པས་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད། བདག་མེད་རྟོགས་པའི་ལྟ་བས་རྒྱས་གདབ་བོ། །བདུན་པ་སྨོན་ལམ་གདབ་པ་ནི། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། །ཧེ་རུ་ཀ་དཔལ་མྱ་ངན་འདས་པ་ཡི། །འབྲས་བུ་བྱང་ཆུབ་ངེས་པར་འགྲུབ་གྱུར་ཅིག །དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པ། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །


LT29_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་སོགས་བརྗོད་དོ། །བརྒྱད་པ་ཤིས་པ་བརྗོད་པ་ནི། མཚུངས་མེད་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །པདྨ་ཐོད་ཕྲེང་བླ་མ་བརྒྱུད་པར་བཅས། །མཚན་ནས་བརྗོད་དམ་ཅུང་ཟད་དྲན་ཀྱང་རུང་། །བཀྲ་ཤིས་འཕེལ་ཞིང་སྐྱེ་དགུ་བདེ་ལེགས་ཤོག །སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུ་སྤྲུལ་པ། །ཡང་དག་ཧེ་རུ་ཀ་དཔལ་དབྱིངས་ཕྱུག་ཡུམ། །སྐྱེ་ཤི་མེད་པའི་དོན་གྱི་བཀྲ་ཤིས་ཤོག །རྟོག་ཚོགས་གནས་འགྱུར་ཉོན་མོངས་བདུད་རྣམས་འཇོམས། །ཡེ་ཤེས་བཞི་དང་འབྱུང་བཞི་རྣམ་པར་དག །ཀེ་སིང་ཕྲ་མན་དབང་ཕྱུག་དམ་ཅན་སོགས། །ཕྲིན་ལས་འབྱུང་བའི་དོན་གྱི་བཀྲ་ཤིས་ཤོག །གསང་སྔགས་རྣལ་འབྱོར་སྒྲུབ་པའི་ཤེས་རབ་ཅན། །ལྟ་སྤྱོད་ཡལ་བར་མ་གྱུར་དགོངས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་སྤྱོད་གཞུང་བསྒྲུབས་པས། །དངོས་གྲུབ་རྣམ་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་རོལ་མོ་བསྒྲགས་ཅིང་མེ་ཏོག་ཆར་དུ་བསྙིལ་ལོ། །ལྔ་པ་བསྒྲུབས་པས་གྲུབ་པའི་འབྲས་བུ་ནི། གལ་པོ་ལས། ཡང་དག་གསང་བའི་ཐུགས་


LT29_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་འཚང་རྒྱ། །ལུས་མ་བོར་བར་ལྷ་སྐུར་འགྱུར། ཅེས་གསུངས་པ་ལྟར་མཚན་བཅས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་མཚན་མེད་ཆོས་ཉིད་ཇི་བཞིན་པའི་རྣལ་འབྱོར་ཟུང་དུ་འབྲེལ་བས་མཉམ་རྗེས་རུ་ལུ་འབྲུ་བརྒྱད་ཀྱི་ལྟ་སྒོམ་སྤྱོད་པ་ཕྱིར་དྲིལ་དུ་ཁྱེར་བས། རིམ་དང་ཐོད་རྒལ་གང་རུང་གི་སྒོ་ནས་ལམ་ལྔ་བགྲོད་དེ། གནས་སྐབས་སུ་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། མཐར་ཐུག་ཕྱག་རྒྱ་ཆེན་པོ་ཡང་དག་གྲུབ་པ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་གོ་འཕང་ཚེ་འདི་ཉིད་ལ་མངོན་ཏུ་བྱེད་པར་འགྱུར་རོ། །རྒྱུད་ཀྱི་ཁུངས་བཙུན་ལུང་དང་མན་ངག་ཟབ། །འཕགས་བོད་རིག་འཛིན་གྲུབ་པའི་ཐུགས་ཀྱི་བཅུད། །མཆོག་གི་དངོས་གྲུབ་ཚེ་འདིར་སྟེར་མཛད་པ། རྡོ་རྗེ་ཧེ་རུ་ཀ་དཔལ་སྒྲུབ་པའི་ཐབས། །སྔ་འགྱུར་བཀའ་གཏེར་རྒྱུ་སྐར་བྱེ་བས་ཀྱང་། །འགྲན་མེད་འཁོན་གྱི་ཡབ་ཆོས་ཡང་ཕུར་ཞེས། །རྩོད་བྲལ་ཉི་ཟླ་ལྟ་བུར་གྲགས་པའི་གཞུང་། །དུས་མཐའི་སྐྱེ་བོས་ལག་ཏུ་བླང་བདེའི་ཕྱིར། །འདི་སྦྱར་ནོངས་པ་བཤགས་ཤིང་ལེགས་བྱས་ཀྱིས། །ཆོས་ཚུལ་འདི་ཉིད་མི་ནུབ་དར་ཞིང་རྒྱས། །སྐྱེ་འདིར་བདེ་ཆེན་ཐུགས་ཀྱི་རྡོ་རྗེ་ཡི། །གོ་འཕང་མཁའ་ཁྱབ་འགྲོ་བའི་མགོན་གྱུར་ཅིག །ཅེས་པའང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཇམ་མགོན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཟབ་ཆོས་འདིའི་སྨིན་གྲོལ་གྱི་བདུད་རྩི་སྐལ་པ་བཟང་པོའི་དཔྱིད་དུ་སྩལ་བའི་ཚེ་བཀའ་ལུང་གིས་རྗེས་སུ་གནང་བ་སྙིང་གི་དཔལ་པེའུར་བཅས་ཏེ། པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རང་


LT29_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ལ་ཕན་པའི་བསམ་པས་ཉུང་གསལ་གཙོ་བོར་བཏོན། མཁོན་ལུགས་དང་པོ་ལུགས་ཀྱི་ཡིག་ཆ་སྔ་མ་ཕན་ཚུན་དོན་མི་འགལ་བའི་བརྗོད་པ་བདེ་བ་རྣམས་ལྟོ་སྦྱར་ཏེ་དཔལ་སྤུངས་ཡངས་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ཧེ་རུ་ཀའི་འདུ་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཁྲག་འཐུང་མངོན་པར་འབྱུང་བ།


LT29_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བ་བཞུགས་སོ། །


LT29_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་རྡོ་རྗེ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྟོང་ཆེན་དབྱིངས་ཕྱུག་ཡུམ་མཁར་སྙོམས་ཞུགས་པ། །བདེ་མཆོག་དཔའ་བོ་རྡོ་རྗེ་ཁྲག་འཐུང་ཉིད། །དབང་ཕྱུག་སྐུར་སྣང་རྩ་བརྒྱུད་བླ་མ་ལ། །གུས་པས་འདུད་དོ་དབང་དང་བྱིན་རླབས་སྩོལ། །དཀྱིལ་ཆོག་སྤྲོས་པ་བསྡུས་ཏེ་བྱ་བའི་ཚུལ། །མཁས་འདོད་ང་རྒྱལ་བློ་ཡིས་བསྐུལ་མིན་ཅིང་། །གཞན་ལ་ཕན་པའང་བརྒྱ་ལམ་རེས་འགའ་ཞིག། འོན་ཀྱང་མོས་པའི་མཐུ་ལས་དབྱེ་བར་བྱ། །དཔལ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ་ཐབས་ཀྱི་ཡན་ལག་སྣོད་བཅུད་ཀྱི་རྟེན་འབྲེལ་དང་། །དམ་ཚིག་བརྟུལ་ཞུགས་ལ་སོགས་པ་ལེགས་པར་ཚོགས་ནས། ཐབས་ཀྱི་ངོ་བོ་


LT29_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། ལས་ཀྱི་གཞི་བཟུང་བ་དང་། ལས་རིམ་དངོས་ལ་འཇུག་པའོ། །དང་པོ་ནི། སྟོན་པ་དང་འཁོར་དང་གནས་དང་སྒྲུབ་བའི་རྫས་ཕུན་སུམ་ཚོགས་པ་བཞི་དང་ལྡན་པ་སྟེ། དེ་དག་གི་ཚུལ་རྒྱས་པ་ཧེ་རུ་ཀ་གལ་པོ་སོགས་ལས་རྟོགས་པར་བྱའོ། གཉིས་པ་ལས་ཀྱི་རིམ་པ་དངོས་ལ་མོས་སློབ་ཚོམ་བུ་ཚོགས་སྒྲུབ་ཀྱི་ལུགས་དང་། སྒྲུབ་མཆོད་དཀྲུས་མ་སློབ་མ་རྗེས་བཟུང་ཙམ་གྱི་ལུགས་གཉིས་སུ་ཡོད་པའི་དང་པོ་ནི། གལ་པོ་སོགས་རྒྱུད་དང་ཧཱུྃ་མཛད་ཀྱི་རྒྱ་གཞུང་སོ་མཆན་བཅས། ཆོས་རྗེ་དཔལ་ལྡན་བླ་མ་དང་ས་ལོ་ཆེན་པོས་མཛད་པའི་ཕུར་པའི་ཡིག་ཆ་མ་བུ་རྣམས་ཀྱི་དགོངས་དོན་རྒྱས་པར་བཀྲོལ་བ། རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་སྒྲུབ་དཀྱིལ་ལས་རྟོགས་པར་བྱ་སྟེ། དེའི་ས་བཅད་ཀྱི་སྡོམ་ནི། སྔོན་འགྲོ་ཕུན་སུམ་


LT29_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལྔས་གཞི་བཟུང་ལ། །ས་ཡི་ཆོ་གར་བརྟགས་སློང་ཚོགས་གསོག་སྦྱང་། །བྱིན་རླབས་བཟུང་དང་སྲུང་བ་བདུན་དུ་བསྡུས། །སྟ་གོན་གཏོར་མ་གཏོང་ཞིང་རྒྱལ་ཐོ་འཛུག །སྲི་མནན་སྒོ་བྱང་གདགས་ཤིང་མ་ཏྲཾ་བསྒྲལ། ཆག་ཆག་ཐིག་གདབ་ལྷ་དང་བུམ་པ་དང་། །སློབ་མ་སྟ་གོན་བཅས་ཏེ་བཅུ་རུ་བཤད། །དངོས་གཞི་དཀྱིལ་འཁོར་སྒྲུབ་ལ་འདྲི་བ་དང་། །བྱིན་རླབས་ཏིང་འཛིན་བསྒོམ་པ་གསུམ་ཡིན་ཏེ། །དང་པོར་ཚོན་བཀྱེ་མཚན་མ་སྒྲུབ་རྫས་དགོད། །བསྲེ་བསྣན་ཆས་དབུལ་མངའ་གསོལ་བཅས་ཏེ་དྲུག །ཕྲིན་ལས་གྱིར་ཞིང་གཏོར་མ་བཏང་བ་དང་། །ལྷག་ཆད་ཁ་སྐོང་བཅས་ཀྱིས་ཏིང་འཛིན་བསྒོམ། །དབང་ལ་ཕྱི་འཇུག་ནང་འཇུག་དབང་བཞིའོ། །རྗེས་ཆོག་དམ་ཚིག་བསྒྲག་དང་དངོས་གྲུབ་བླང་། །སྦྱིན་སྲེག་གཏེར་སྦ་ལྷག་མ་སྒོ་དབྱེ་དང་། །དབང་གཟུགས་བརྟན་སྐྱོང་ཆད་མདོ་ཟོར་བྲོ་བརྡུང་། །ཚེ་འགུགས་མཆོད་གཏོར་ཐོ་དང་སྒེ་བྱང་བསྡུ། །མར་མེ་སྨོན་ལམ་གཏང་རག་དཀྱིལ་འཁོར་བསྡུ། ཚོན་སྐྱེལ་ཕུར་ཤུལ་བཀྲུ་ཞིང་ལུས་སྲུང་དང་། །བཟོད་གསོལ་བཏང་རག་གཏོང་ཞིང་སྨོན་ལམ་གདབ། །ཤིས་པར་བརྗོད་ཅིང་ཉེར་ལྔའི་གྲངས་སུ་བཤད། །གཉིས་པ་ནི། །དང་པོར་ས་གཞི་ཡོངས་སུ་བཟུང་། །གཉིས་པར་སྟ་གོན་གནས་པ་དང་། །ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུང་པ་བཞིན་དུ་ཤེས་པར་བྱ་བ་ལས། དང་པོ་ལའང་བརྟག་པ། བསླང་བ། སྦྱོང་བ། བྱིན་རླབས། བཟུང་བ། སྲུང་བ་སྟེ་དྲུག་ཏུ་ཡོད་པའི།


LT29_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྤྱིར་དཔྱད་ལ་བརྟག་པ་དང་། ཁྱད་པར་ལྷོ་འཕྱེའི་ལྟོ་བར་རྟེན་འབྲེལ་བརྟག་པ་སོགས་ནི་འདིར་མ་སྤོས་སོ། །གཉིས་པ་ལ། སྣང་བ་ལ་བསླང་བ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་སོགས་ལ་བདེན་པའི་ཚིག་གིས་བླང་བའམ། རིན་གྱིས་ཉོས་ནས་རང་དབང་དུ་འགྱུར་བར་བྱ། མི་སྣང་བ་ལས་བསླང་བ་ནི། དབང་དུ་བྱས་པའི་གཞི་དེར་བ་བྱུང་དྲི་བཟང་བདུད་རྩི་ལྔ་ལ་སོགས་པའི་མཎྜལ་ལ་མེ་ཏོག་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་ཟླུམ་གཏོར་དང་ཉེར་སྤྱོད་ལྔ། དེའི་རྒྱབ་ཕྱོགས་ལྷ་བུར་བདག་བསྐྱེད་མཆོད་པ་རྣམ་བདུན་སྨན་རཀ་གཏོར་གསུམ་བཅས་བཤམ། ཡུལ་བདག་གཏོར་མ་དཀར་དམར་གཉིས་བསང་ཆུས་སྦྱངས་ལ། ལས་སྔགས་དང་། ཡཾ་རཾ་ཁཾ། གིས་བསང་། རཏྣ་བྷཉྫ་ཨོཾ་ཨཱཿཧཱུྃ། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨཱ་ཀརྵ་ཡ་ཛཿ བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཧཱུྃཿ །ས་ཕྱོགས་འདི་ན་གནས་པ་ཡི། །ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གིས་བསྒྲུབ་པ་མ་ཐོན་པར། །ཁྱེད་ལ་གནས་འདི་བདག་གཡར་གྱི། །ཅི་བདེ་བར་ནི་གཞན་དུ་སོང་། །བྷཱུ་མི་ལ་


LT29_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ས་པ་རི་བཱ་ར་གཙྪ། གནང་བ་བྱིན་པས་གཞན་དུ་དེངས་པར་མོས། གསུམ་པ་ནི། ལས་སྔགས་བཟླས་ཏེ་དྲི་བཟང་གི་ཆུ་འཐོར། བདག་བསྐྱེད་བཟླས་པ་ཡན་ཚད་བར་གྲུབ་པ་དང་དཀྱིལ་འཁོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་བཟུང་ལ། རང་གི་མིག་གཡས་པར་མ་ལས་ཉི་མ་རཾ་གྱིས་མཚན་པ། གཡོན་པས་ཨཱ་ལས་ཟླ་བ་ཨས་མཚན་པ། ཧཱུྃ་གཡས་པའི་སྤྱན་ཟུར་ལ་གནས་པའི། །མ་ལས་ཉི་མའི་དཀྱིལ་འཁོར་གྱི། །འོད་ཀྱིས་སྣང་བའི་དངོས་པོ་ཀུན། །ཐམས་ཅད་མ་ལུས་བསྲེག་པར་བྱ། མ་སཱུརྻ་མཎྜལ། ད་ཧ་ད་ཧ་བྷ་སྨིན་ཀུ་རུ་ཧཱུྃ། ཡཾ་སྥ་ར་་ཕཊ། །ཐུགས་ཀའི་ཧཱུྃ་ལས་བྱུང་བ་ཡི། །ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས། །དངོས་ཀུན་བསྲེགས་པའི་ཐལ་བ་ཡང་། །ཐམས་ཅད་མ་ལུས་གཏོར་བར་བྱ། ཡཾ་བཱ་ཡུ་མཎྜ་ལ་བྷཀྵ་རེ་་ཀུ་རུ། །གཡོན་པའི་སྤྱན་ཟུར་ལས་བྱུང་བའི། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི། །འོད་ཀྱི་སྣང་བའི་དངོས་པོ་ཀུན། །ཐམས་ཅད་མ་ལུས་བཀྲུ་བར་བྱ། ཨ་ཙནྡ་མཎྜ་ལས་་པ་ཀུ་རུ། ཞེས་རྫས་དང་ཏིང་ངེ་འཛིན་གྱིས་སྦྱང་། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཤིང་། ཨོཾ་ཤཱུ་ནྱ་ཏཱ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅ཧཾ། སྣ་ཚོགས་འདི་དག་འཁྲུལ་པ་ལས་སྣང་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་ཉིད་དོ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཿ


LT29_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་པ་ཤུདྡྷོ྅ཧཾ། ཞེས་ཆོས་ཉིད་ཀྱིས་སྦྱང་། ཨོཾ་བྷྲཱུྃ་ག་ག་ན་ཁཾ་ཨཱཿཧཱུྃ། ས་གཞི་ནམ་མཁའ་སྟོང་པའི་རང་བཞིན་ལས་འབྱུང་ལྔའི་དཀྱིལ་འཁོར་རི་རབ་དང་བཅས་པས་བརྟན་པར་གྱུར་པའི་རྡོ་རྗེའི་ས་གཞི། ར་བ། གུར་མེ་དཔུང་འབར་བའི་འོད་དང་ལྡན་པར་བསམ། སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་ས་ལ་རེག་པ། མཉམ་པའི་ཕྱག་རྒྱ་ལས་སྲིན་ལག་ནང་དུ་བཀུག་སོར་མོ་གཞན་རྣམས་བགྲད་པའོ། ཨོཾ་མེ་དི་ནི་བཛྲི་བྷཱ་ཝ་བཛྲ་བནྡྷ་ཧཱུྃ། ཞེས་བརྗོད་པ་ནི་བྱིན་རླབས་ཀྱིས་སྦྱོང་བའོ། བཞི་པ་ནི། མཆོད་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ལྷ་རྫས་ལས་གྲུབ་པའི་མཆོད་པ་དང་། གཏོར་མ་རྣམས་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། པཾ་པདྨ་མཎྜ་ལ། པདྨའི་གདན་ཏུ་གྱུར། བདག་གིས་ཐུགས་ཀའི་ཧཱུྃཿ ལས་འོད་ཟེར་ལྕགས་ལྟ་བུ་སྤྲོས་པས་སའི་ལྷ་མོ་ས་འོག་ནས་སྤྱན་དྲངས་པར་བསམ་ཤིང་། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ཅེས་བརྗོད་ཅིང་ཐལ་མོ་ས་ལ་ལན་གསུམ་བནབས་པས་ས་འོག་ནས་སའི་ལྷ་མོ་འཐོན་ཏེ་པདྨའི་གདན་ལ་བཞུགས་པ་སྐུ་མདོག་སེར་མོ་བརྒྱན་གྱིས་བརྒྱན་པ་ཕྱག་ན་བུམ་པ་སེར་པོ་བསྣམས་པ་


LT29_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བཀའ་སྩལ་ཇི་ལྟར་བགྱི་ཞེས་སྨྲ་བར་བསམས་ལ། ཨོཾ་བཛྲ་ཨཱ་ཧ་ར་ཧཱུྃ། ཨོཾ་བཛྲ་དྷུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། །ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ཨུཏྟ་ཕ་ལ་ཡེ་ཧཱུྃ། ཨོཾ་བཛྲ་བི་སྥུ་ར་ཡེ་ཧཱུྃ། ཨོཾ་པྲི་ཐི་བཱི་དེ་བཱི་ཨ་ཀཱ་རོ་སོགས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ལ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །དེ་ཕྱིར་དབང་གྱུར་ལྷ་མོས་ཀྱང་། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད་པས། །ལྷ་མོས་དགའ་བའི་མདངས་ཕྱུང་སྟེ། །ཁྱོད་ནི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། ཞེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པས་གསེར་གྱི་ས་གཞིར་གྱུར་པར་བསམ་མོ། །ལྔ་པ་ལ་བློས་བཟུང་བ་ནི། །བདག་གིས་སེམས་ཅན་དོན་བྱའི་ཕྱིར། །ལྷ་མོ་ཁྱོད་ཀྱིས་དཔང་གྱིས་ཤིག། རིན་ཆེན་སྣ་ཚོགས་ཕྱེ་བཏགས་པས། །བདག་གི་དོན་ཡོད་དཀྱིལ་འཁོར་བྲི། ཞེས་བརྗོད་ཅིང་དོན་བསམ་མོ། །སྟངས་སྟབས་ཀྱིས་བཟུང་བ་མདོར་བསྡུས་པའི་དབང་དུ་བྱས་ཏེ། སློབ་དཔོན་བཞེངས་ལ་རྡོ་རྗེ་དྲིལ་བུ་འཛིན་པས་རྣམ་པར་མི་རྟོག་པའི་ངང་ལས། ཧཱུྃ་ཤྲཱི་བཛྲ་དྷྲི་ཀ་ཧཱུྃ་ཛཿཞེས་བརྗོད་པས། རང་ཉིད་ཁྲོ་བོའི་རྒྱལ་


LT29_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེ་སྡང་རྡོ་རྗེ་འཇིགས་སུ་རུང་བའི་སྐུར་གྱུར། །དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་སད་པར་མོས། ཁྱེད་རྣམས་ཀྱིས་བྱིན་གྱིས་རློབ་པའི་གནས་སུ་དགོངས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་དབུས་སུ་བྱོན་པར་གྱུར། ཕྱག་དང་མཆོད་པ་ཡིད་ཀྱིས་ཕུལ། དེ་དག་གི་བྱིན་རླབས་ཀྱིས་སྟེགས་བུ་དེ་ཡང་གཟི་མདངས་དང་ལྡན་པར་བསམས་ལ། བདག་ཉིད་སྟེགས་བུའི་དབུས་སུ་ཞུགས་ཏེ། རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་དང་། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསམས་ནས། བཛྲ་དྲྀཥྚི་མ་ཊ། ཞེས་བརྗོད་ཅིང་ཕྱོགས་ཀུན་ཏུ་སྡང་མིག་གིས་ལྟ་བ་དང་། ཧཱུྃ་ཧཱུྃ་ཞེས་དྲག་ཏུ་བརྗོད་ཅིང་། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་དུ་རྡོ་རྗེའི་འགྲོས་ཀྱིས་གཡས་སུ་བསྐོར་ནས། བཀའ་བསྒོ་པ་ནི། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་འཛིན་པའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནས་བརྒྱབ་སྟེ་རྐང་པར་འགས། ཞེས་དང་། ཧཱུྃ་བཞི་པའི་སྔགས་བརྗོད་དེ་གུ་གུལ་གྱིས་འདུག །ཡུངས་ཀར་གྱིས་


LT29_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ་ཅིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པའི་ཚམས་རྔམས་དང་། །བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་མི་བཟད་པ་སྤྲོས་པས་བགེགས་ཐམས་ཅད་ཤིང་བལ་རླུང་གིས་གཏོར་བ་བཞིན་ཕྱོགས་བཅུར་བསྐྲད་པར་བསམ་མོ། དེ་ནས་སླར་ཡང་ཞེ་སྡང་རྡོ་རྗེའི་སྙེམས་པས། ཧཱུྃ་ཧཱུྃ་ཞེས་གླུར་ལེན་ཅིང་། རྡོ་རྗེ་གསོར་བ་དང་། དྲིལ་བུ་འཁྲོལ་བཞིན་དུ་བརྗིད་བག་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱིས་ཤར་ནས་དབང་ལྡན་གྱི་བར་དུ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་རོ། །དྲུག་པ་ཕུར་གདབ་ནི། སིང་ལྡིང་གི་ཕུར་བུ་ཙནྡན་གྱིས་བྱུགས་ཤིང་སྐུད་པ་དང་ཅོད་པན་དམར་པོ་མེ་ཏོག་གི་ཕྲེང་བ་རྣམས་བཅིངས་པ་བཞི་མདུན་དུ་བཀོད་པ་ལ། རང་གི་སྙིང་ག་ནས་ཧཱུྃ་སྤྲོས་ཕུར་བུ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། འབྲུག་སྒྲ་དང་། གསུས་པོ་ཆེ་བཞིར་གྱུར། སྟོད་ཁྲོ་བོའི་གཟུགས་ཅན། སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་འབར་བར་བསམ་ལ། ཧཱུྃ། ཀྲོ་དྷ་ཡ་ས་ཧ་ཏྲེ་ཏ་ཏྲེ་ད་ཕཊ། ཅེས་བརྒྱ་རྩ་བཟླས་ལ་དྲིལ་ཞིང་། ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ་སརྦ་དུ་ཥྚཾཱ་ཕཊ་ཀཱི་ལཱ་ཡ་ཀཱི་ལ་ཕཊ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ། བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཀྩིཏྟ། བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ་དཀྱིལ་འཁོར་གྱི་གྲྭ་བཞིར་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་འོད་གསལ་བའི་གནས་ཐོབ་པར་མོས།


LT29_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན་ཕུར་བུ་གཅིག་ཁོ་ན་བདུད་རྩི་འཁྱིལ་པར་མོས་ཏེ་བཏབ་པས་ཀྱང་འགྲུབ་བོ། སྲུང་འཁོར་ནི་ལས་བྱང་གི་སྲུང་འཁོར་རྫོགས་པར་བསྒོམས་པའམ། བསྡུ་ན། སླར་ཡང་ཤངས་ཀྱི་རླུང་སྒྲོམ་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་མཚོན་ཆ་སྣ་ཚོགས་གྲངས་མེད་པ་ཕྱོགས་བཅུར་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་མཚོན་ཆ་རྣམས་པ་ལྔའི་གུར་དུ་འཁྲིགས་པས་ཅིས་ཀྱང་མི་ཤིགས་པར་གྱུར། ཅེས་མོས། འདི་ཡན་ཆད་ཉིན་དང་པོར་བྱེད་ན་ཆོས་སྲུང་གཏོར་འབུལ་ཚོགས་དང་རྗེས་ཆོག་ལས་བྱང་ལྟར་བྱ། རས་བྲིས་ཀྱི་ཕྱོགས་ལ་ས་ཆོག་འདི་དག་མི་དགོས་ཀྱང་ཐོག་མའི་ཡུལ་བདག་གཏོར་མ་ཙམ་བཏང་བ་ནི་རྙིང་མ་སྤྱིའི་ཕྱག་ལེན་ཡིན་ལ། ཅུང་ཟད་རྒྱས་པར་བྱེད་ན་ལས་བྱང་གི་རྗེས་སུ། ས་ལྷ་བགེགས་བསྐྲད་ཕུར་གདབ་སྲུང་འཁོར་ཙམ་བྱ་བའི་ལུགས་ཀྱང་ཡོད་པས་རྣམ་དབྱེ་ཕྱེད་པར་བྱའོ། གཉིས་པ་སྟ་གོན་གྱི་ཆོ་ག་ནི། ས་ཆོག་དང་ཞགས་གིས་ཆོད་ན་བདག་བསྐྱེད་བཟླས་པ་བཅས་བྱ། དངོས་ལ་བདུན་ གཏོར་མ་བཏང་བ་རྒྱལ་ཆེན་ཆག་ཆག་ཐིག་གདབ་ལྷ་བུམ་པ་སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། མཎྜལ་གྱི་སྟེང་དུ་དྲི་དང་བཅས་པའི་ཚོམ་བུ་བཀོད། མཆོད་པ་དང་གཏོར་མ་བཞི་བཤམས་ཏེ། ས་སློང་བའི་སྐབས་ལྟར་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་


LT29_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་མགྲོན་རིགས་དྲུག་སྙིང་རྗེའི་མགྲོན། ལན་ཆགས་བགེགས་རིགས་ཀྱི་མགྲོན་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་ཨོཾ་བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡཱ་སྟཾྭ། ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད་ལ་གཏོར་མ་དང་པོ། ཧཱུྃ། སངས་རྒྱས་སྐུ་གསུམ་རྣམ་པར་དག །དོན་དམ་བསྒྲུབ་དང་བསྟན་པའི་ཆོས། །ཉན་རང་བྱང་ཆུབ་སེམས་དཔའ་ལ། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། །གཙོ་བོ་སྣང་མཛད་སྣང་མཐའ་ཡས། །ས་སྤྱན་གོས་དཀར་མཱ་མ་ཀཱི། །འཇམ་དཔལ་སྤྱན་རས་ཕྱག་རྡོར་དང་། །གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །རྩེ་མོ་རྣོན་པོ་ཀཱི་ལ་ཡར། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། གཉིས་པ། ཧཱུྃ། གནོད་སྦྱིན་བརྒྱད་དང་ལྷ་ཆེན་བརྒྱད། །ཀླུ་ཆེན་བརྒྱད་དང་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་ལྷ་དང་ཀླུ། །དྲི་ཟ་ལྟོ་འཕྱེ་མིའམ་ཅི། །འདབ་བཟང་གྲུལ་བུམ་སྲིན་པོ་བརྒྱད། །ཧ་རི་ཀ་དང་པཉྩི་ཀར། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་ཕྲིན་ལས་མཛོད། ཨོཾ་སརྦ་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས་གསུམ། གསུམ་པ། ཧཱུྃ། ལྷ་དང་འབྱུང་པོ་ཚངས་གནོད་སྦྱིན། །དྲི་ཟ་སྲིན་


LT29_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལོག་འདྲེན་ཀླུ། །རྗེད་བྱེད་སྨྱོ་བྱེད་ལྷ་མ་ཡིན། ཤ་ཟ་སྲུལ་པོ་བེ་ས་ར། །ནམ་གྲུ་བྱ་དང་སྐོམ་བྱེད་གདོན། །གཞོན་ནུའི་གདོན་ཆེན་འཁོར་དང་བཅས། །མཆོད་གཏོར་འདི་ལོང་ཕྲིན་ལས་མཛོད། སརྦ་བྷཱུ་ཏ་གྲ་ཧ་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། བཞི་པ། ཧཱུྃ། འགྲོ་བ་རིགས་དྲུག་ལ་སོགས་པ། །ལན་ཆགས་སྙིང་རྗེའི་མགྲོན་ཚོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །མཆོད་སྦྱིན་འདི་ཡིས་ཚིམས་པར་བྱོས། ཨ་སུ་ནྲྀ་ཏྲི་པྲེ་དུ་ཛཿསརྦ་བིགྷྣཱན་ཅེས་དང་། སཾ་བྷཱ་ར་གསུམ་གྱིས་བསྔོས་ལ་འཇིག་རྟེན་པའི་གཏོར་མ་གསུམ་པོ་ཕྱིར་དོར་རོ། །གཉིས་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་སྐུ་རྟེན་གཟུག་པའི་མདུན་དུ་ཟླུམ་གཏོར་དང་མཆོད་པ་བཤམས་ལ་བྱིན་རླབས་ས་ལྷའི་སྐབས་ལྟར་བྱ། ཤར་དུ། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་དྷྲི་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལྗང་གུ་ཕྱག་གཉིས་ཀྱིས་པི་ཝཾ་བསྒྲེང་བ། དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་འཕྲོས་གྲོང་ཁྱེར་ཡུལ་འཁོར་སྲུང་ནས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་མ་ཧཱ་རཱ་ཛ་དྷྲིཥྚ་རཥྚ*ཎཱ་ས་པ་རི་*བཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལ་ཡེ་སྟཾྭ།


LT29_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿ སྔགས་སྔ་མའི་རྗེས་སུ། ཨི་དཾ་ཨརྒྷཾ་པཱ་དྱཾ་པུཥྤཾ་དྷཱུ་པཾ་དི་པཾ། གནྡྷཾ་ཨཱ་ཧ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ས་མཆོད་ལ། ས་པ་རི་བཱ་རའི་རྗེས་སུ། ལག་པ་པདྨའི་ཐལ་མོ་སྦྱར་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ཁཾ་ཨུཏྒ་ཏེ་སྥ་ར་་ཨི་མ་ག་ག་ན་ཁཾ་གྲིཧྞེ་དཾ་བ་ལི༚་ཏེ་སྭཱ་ཧཱ་བཏགས་པས་གཏོར་མ་འབུལ། །ཤར་ཕྱོགས་ན་ནི་གནས་སྲུང་པོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། ཤར་ཕྱོགས་དག་ནི་སྐྱོང་བྱེད་པ། །རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། ཅེས་བརྗོད་ཅིང་། ཏིཥྛ་བཛྲ་ས་བརྟན་པར་བཞུགས་པར་བསྒོམ། དེ་བཞིན་དུ་ལྷོར་གཞན་འདྲ་བ་ལས་བཻ་ལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི། གཡོན་གདན་ལ་བརྟེན་པ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ། གྲོང་ཁྱེར་འཕགས་པར་སྐྱེས་ནས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་མ་ཧཱ་རཱ་ཛ་བཻ་རུ་དྷ་ཀ་ས་པ་རི་བཱ་ར་ཞེས་དང་། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། ཞེས་སོགས་བསྒྱུར། ནུབ་ཕྱོགས་སུ། བི་ལས་མིག་མི་བཟང་དམར་པོ་གཡས་སྦྲུལ་ཞགས། གཡོན་མཆོད་རྟེན་འཛིན་པ་ཀླུའི་ཚོགས་ཀྱིས་བསྐོར་བ་གྲོང་ཁྱེར་སྣ་ཚོགས་གཟུགས་ནས་


LT29_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་སྤྱན་དྲངས། ཨོཾ་མ་ཧཱ་རཱ་ཛ་བི་རཱུ་པཱཀྵ་ས་པ་རི་བཱ་ར་ཞེས་དང་། ནུབ་ཕྱོགས་ན་ནི་མིག་མི་བཟང་། ཞེས་སོགས་བསྒྱུར། བྱང་ཕྱོགས་སུ། བཻ་ལས་རྒྱལ་པོ་ཆེན་པོ་རྣམས་ཐོས་བུ་སེར་པོ་གཡས་རིན་པོ་ཆེས་མཚན་པའི་དབྱུག་ཏོ། གཡོན་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་གྲོང་ཁྱེར་ལྕང་ལོ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་མ་ཧཱ་རཱ་ཛ་བཻ་ཤྲ་བ་*ཎཱ་ས་པ་རི་*བཱ་ར་ཞེས་དང་། བྱང་ཕྱོགས་ན་ནི་ལུས་ངན་པོ། ཞེས་སོགས་བསྒྱུར་རོ། རས་བྲིས་མགྱོགས་དབང་གི་སྐབས་སུ་རྒྱལ་ཆེན་ཐོ་འཛུག་འདི་མ་གྲུབ་ཀྱང་ཆད་སྐྱོན་མེད་དོ། །གསུམ་པ་ནི། སྟེགས་བུ་ལ་བདུད་རྩི་ལྔས་བསྐྱང་ནུལ་བྱ་ཞིང་། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །དམ་རྫས་དག་པ་རང་བྱུང་བདུད་རྩི་ལྔས། །བདེ་གཤེགས་རིགས་ལྔའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །ཡང་དག་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ། ཞེས་བརྗོད་དོ། བཞི་པ་ནི། ཐོག་མར་ལས་ཐིག་གདབ་བདེ་ནས་ཡེ་ཤེས་ཀྱི་ཐིག་གནམ་དང་ས་ལ་འདེབས་པའི་ལུགས་དང་། ཐིག་ཚོན་བྱིན་རླབས་ཐ་དད་དུ་བྱ་བ་སོགས་ཕྱག་ལེན་རྒྱས་པའི་ཕྱོགས་ཡིན་ལ། འདིར་ས་བཅད་ཙམ་དུ་མདོར་བསྡུ་ན། བ་སུ་རའམ་རས་བལ་གྱི་ཐིག་སྐུད་ལྔ་བསྒྲིལ་ཚོན་སྣ་ལྔས་ཁ་བསྒྱུར་བ་དང་། རྡུལ་ཚོན་ཁ་དོག་ལྔ་ཐལ་ཆེན་དང་བདུད་རྩི་ལྔ་ཅུང་ཟད་སྦྱར་བ་ལ་རིགས་དང་


LT29_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ས་བོན་ལྔ་མང་དུ་བཟླ། །ཨརྒྷཾ་སོགས་ཀྱིས་མཆོད། ཐིག་སྐུད་བསྒྲིལ་ཞིང་། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བདུད་རྩི་ལྔ་དང་དྲི་ཆབ་ཀྱིས་བསངས་ནས་སྣོད་གཙང་མར་བཞག་གོ་ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླ་ཞིང་ཚོན་རྣམས་ལ་རེག་པའི་མཐར། ཧཱུྃ་ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་བརྗོད་པས། བདག་ཉིད་དཀྱིལ་འཁོར་གྱི་བདག་པོར་གསལ་བ་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་རྗེས་སུ་ཆགས་པའི་སྦྱོར་བས་ཞུགས་པས་ཐིག་སྐུད་བྱང་ཆུབ་སེམས་ཀྱི་ངོ་བོར་དཀར་ཕྲེང་གིས་བྱུང་བར་བསམ་ཞིང་། ཛྙཱ་ན་བཛྲ་ཧཱུྃ ཞེས་གཡས་པའི་ཁུ་ཚུར་གྱིས་ཐིག་སྐུད་གྱི་སྣེ་མོ་ཐིག་གཡོག་ལ་བསྐྱུར་ཏེ། དེས་གཡོན་པའི་ཁུ་ཚུར་གྱིས་དྲངས་ནས་ལྟེ་བར་བཟུང་ལ། བྷཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ། ཞེས་བརྗོད་ཅིང་། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་རྒྱ་གྲམ་དུ་བཏབ་པས་རང་བཞིན་གྱི་དཀྱིལ་འཁོར་བཀྲ་ལམ་གྱི་གསལ་བར་བསམ་མོ། །དེ་ལྟར་ཚངས་ཐིག་གཉིས་པོ་ཙམ་མོ། །ཡང་ན་ཐིག་ཆེན་བརྒྱད་པོ་སྤྱི་དང་མཐུན་པར་མཁའ་ལ་གདབ་ཅིང་། དེ་བཞིན་ཏུ་ཡབ་ཡུམ་གྱི་སྙིང་པོ་བརྗོད་བཞིན་པར་ས་ལ་ཡང་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་ཕྱོགས་བཞི་རུ། ཆ་ཆེན་བརྒྱད་བརྒྱད་བཅུ་དྲུག་ལ། ཚངས་ཐིག་ནས་བཟུང་དང་པོ་དང་། དྲུག་པ་ཕྱེད་གདབ་ཕྱི་མ་བསིལ། གཉིས་པ་བདུན་པ་ཆ་བཞིར་བགོ།


LT29_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །གསུམ་པ་མི་གདབ་བཞི་པ་ཕྱེད། །བཅས་པ་ཕོ་བྲང་ནང་མའི་ས། །དབུས་ནས་བཞི་པའི་ཕྱེད་ཚུན་བཅད། །ཆ་ཕྲན་གཅིག་བསྐོར་ཤར་ངོས་སུ། །ཟུར་ཐིག་ནས་བརྩམས་ཆ་བྲན་གཉིས། །ཕྱིར་བསྐྱེད་པ་ནས་འཕྲེད་དུ་བཅད། །དེ་ལ་ནང་སྒོ་རྒྱན་མེད་བྱ། །ནང་སྒོའི་རྩ་ཐིག་སྒོ་ཟུར་ནས། །ཆུ་བྲན་གཅིག་བསྐོར་རེ་མིག་གླིང་། །དགུར་བཅད་ཟླ་གམ་དགུ་པ་བྱ། །ཕྱི་ཡི་མདའ་།ཐིག་ཟུར་རྩེ་ནས། །ཆ་ཆེན་ཕྱེད་དང་གཅིག་དང་ཕྱེད། །སླར་ཡང་གཅིག་བསྐོར་ཁོར་ཡུག་གོ། །རྟ་བབས་འོག་གཞིའི་རྒྱ་གྲམ་སོགས། །ཐུན་མོང་ཉིད་ཕྱིར་སྤྱི་ལྟར་བྱ། །ཞེས་པ་ལྟར་རོ། །རས་བྲིས་ལ་ཐིག་ཚོན་གཉིས་ཀའི་བྱ་བ་མི་དགོས་སོ། །ལྔ་པ་ནི། །རས་བྲིས་ཀྱི་ཕྱོགས་ལ་ལྷ་སྟ་གོན་མི་བྱེད་པ་མང་བས་བསྡུ་ན་དེ་ལྟར་ཡང་རུང་ཙམ་ནི་ཡིན་ལ། །འདི་ཉིད་དཀྱིལ་འཁོར་བཞེངས་པ་ལ་སྤྱིར་གནང་བ་ཞུ་བའི་དོན་ཡིན་པས་གྲུབ་ན་ནི་ཤིན་ཏུ་ལེགས་སོ། །དེ་ལྟར་དཀྱིལ་འཁོར་གྱི་གཞི་ལ་ལྷ་སོ་སོའི་སྔགས་བཟླ་བཞིན་པར་དྲི་བཟང་དང་བདུད་རྩི་ལྔའི་ཐིག་ལེ་གཙོ་བོའི་གནས་སུ་གྲུབ་ཞིང་དང་། །གཞན་རྣམས་སུ་ཟླུམ་པོར་བྱ་ཞིང་། །དེ་རྣམས་ཀྱི་སྟེང་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་གི་ཚོམ་བུ་བཀོད། །སྒོས་མཆོད་གཙོ་འཁོར་སོ་སོའི་གཡས་སུ་ཞལ་ཟས་གཡོན་ཏུ་སྤོས། །མདུན་ཏུ་མར་མེ། །སྤྱི་མཆོད་འདོད་སྣམ་གྱི་ཐད་ནས་གཡས་བསྐོར་གྱིས་ཕྱི་མཆོད། །རྒྱབ་མདུན་གང་བདེར་སྨན་རཀ་གཏོར་གསུམ་བཀོད། །བསྡུ་ན་སྒོས་མཆོད་མ་འཛོམ་ཀྱང་རུང་། །ལས་བྱང་ལྟར་མཆོད་པ་བསང་སྦྱང་ནས་བརྩམས་བྱིན་རླབས་


LT29_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བར་བྱ། དེ་ནས། །དཀྱིལ་འཁོར་གྱི་ས་གཞི་དངས་ཤིང་ཐོགས་པ་མེད་པ་ལ་ཚོམ་བུ་རྣམས་ལྷ་སོ་སོ་རང་རང་གི་གདན་ཇི་ལྟར་བཞིན་གྲུབ་པར་གྱུར། །པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། །མ་སཱུརྻ་མཎྜ་ལ། མ་ཧཱ་དེ་བ་ཛཿཨུ་མ་དེ་བཱི་ཛཿམ་ཏྲཾ་ཛཿདབུས་ཀྱི་གདན་སྟེང་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་སོགས་སྒྲུབ་ཐབས་ལྟར་ལ། ཀློང་ན་བཞུགས་པའོ། ཡུམ་ཀྲོ་དྷཱི་ཤྭ་རི་སོགས་ནས་ཞབས་གཡས་བརྐྱང་གིས་ཡབ་ལ་སྦྱོར་བ། ཤར་དུ་གཽ་རཱི་སྔོན་མོ་ཞིང་དབྱུག་ཕྱར་ཞིང་སོགས་བསྐྱེད་སྔགས་དང་ས་བོན་དོར་ཏེ། གཡོན་བརྐྱང་གི་རོལ་པས་འགྱིང་བའོ། བར་གྱིས་དཀྱིལ་འཁོར་བསྒོམས་ལ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་སོགས་ཀྱིས་ཡེ་ཤེས་པར་སྙན་གསན་དབབ་ཅིང་། སྤྱན་འདྲེན་པ་བསྟིམ་པ་བརྟན་པ་ཕྱག་མཆོད་བསྟོད་པ་སོགས་སྒྲུབ་ཐབས་བཞིན་རྒྱས་བསྡུས་ཅི་རིགས་པར་བྱས་ལ། སྙན་གསན་དབབ་པ་ནི། སྦོས་དང་བཅས་པས་རྡོར་དྲིལ་འཛིན་པས། །ཐུགས་བརྩེར་ལྡན་པའི་དགོངས་པ་ཅན། །ཁྱེད་རྣམས་ལ་ནི་མཆོད་པ་དང་། །སེམས་ཅན་ཡོངས་སུ་བཟུང་བའི་ཕྱིར། །དཀྱིལ་འཁོར་བཟང་པོ་ས་འདི་ལ། །བྱིན་གྱིས་རློབས་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། །དགྱེས་པ་ཆེན་པོའི་རྗེས་སུ་གནང་བར་གྱུར། ཅེས་མོས་ལ་མཆོད་བསྟོད་མདོར་བསྡུས་བྱའོ། །དྲུག་པ་


LT29_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བུམ་པ་ལྷའི་གྲངས་དང་མཉམ་པའམ། །ཡང་ན་གཉིས་སུ་བསྡུས་སྟེ། །རྣམ་རྒྱལ་དང་། ལས་ཀྱི་བུམ་པའོ། །དེ་དག་ཀྱང་རྒྱུ་རིན་པོ་ཆེ་ལས་གྲུབ་ཅིང་མཚན་ཉིད་དང་ལྡན་པ། །མགུལ་ཆིངས་དང་ཁ་རྒྱན་གཟུངས་ཐག་ལྡན་པ། །རྣམ་རྒྱལ་གཙོ་བོའི་ཕྱག་མཚན་དང་། །ལས་བུམ་ལ་སྣ་ཚོགས་རྡོ་རྗེ་བཀོད། །རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་ཏེ་གེགས་བསྐྲད། །སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་པོ་ཆེ་ལྔ་སྙིང་པོ་ལྔ་བདུད་རྩི་ལྔ་རྣམས་དང་ལྡན་པའི་ཆུ་ལ་གཙོ་བོའི་སྔགས་དང་ལས་སྔགས་སོ་སོར་བཟླས་ནས་བུམ་པ་གཉིས་པོར་བླུགས་ལ་རྣམ་རྒྱལ་པདྨ་འདབ་བརྒྱད་མེ་ཏོག་གི་ཚོམ་བུ་བཀོད་པའི་དབུས་དང་། །ལས་བུམ་ལོགས་སུ་བཞག་ལ་མཆོད་པ་སྤྱི་མཐུན་བཤམ། བསང་སྦྱང་། །སྟོང་པའི་ངང་ལས་བྷྲཱུྃ་དཀར་པོ་ལས་བྱུང་བའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་བུམ་པའི་ལྟེ་བ་དང་ཕྱོགས་མཚམས་བརྒྱད་དུ་པཾ་པདྨ་མཎྜ་ལ་ནས་མ་ཏྲཾ་ཛཿའི་བར་གོང་ལྷ་སྟ་གོན་ལྟར་བུམ་པ་ལྷ་གྲངས་ཡོད་ན། །ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་དུ་ཞེས་བསྒྱུར་དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། །ནང་དང་ཕྱིའི་ཕྱོགས་མཚམས་ཀྱི་གདན་ལ་གྃ་ཙྃ་པྲྃ་བྃ་པྃ་གྷྃ་མྃ་ཙྃ་རྣམས་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་ཀྱི་གདན་སྟེང་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ་ནས་གཡོན་བརྐྱང་གི་རོལ་པས་འགྱིང་བའོ།


LT29_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལྷ་སྟ་གོན་སྐབས་བཞིན་བསྐྱེད། །ལས་བུམ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འབར་བར་གྱུར། ཨོཾ་བཛྲ་ཡཀྵ་བི།།།ནྡ་ཀྲིཏ་ཧཱུྃ་ཕཊ། ཅེས་བརྗོད་པས། །ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྗང་གུ་རྒྱ་གྲམ་དང་སྡིགས་མཛུབ་བསྒྲེང་བ་ཞབས་གཡོན་བརྐྱང་བའི་སྟབས་ཀྱི་བཞུགས་པར་གྱུར། །རང་གི་སྙིང་ག་ནས་འོད་འཕྲོས་པས་དཔལ་ཆེན་ཡང་དག་ལྷ་དགུའི་དཀྱིལ་འཁོར་རྡོ་རྗེ་གནོད་སྦྱིན་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཧཱུྃ་བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་དང་། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །བདེ་ཆེན་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་བཱ་ར་ས་མཱ་ཛཿ། གསལ་ལ་མི་འགྱུར་ཆོས་ཀྱི་སྐུ། །གསལ་མེད་ཆོས་དབྱིངས་ནམ་མཁའ་འདྲ། །བརྗོད་མེད་རྣམ་ཤེས་གཟུགས་དང་བྲལ། །འདུ་འབྲལ་མེད་པ་མཁའ་ལ་རྫོགས། ཨོཾ་ཤྲཱི་ཧེ་རུ་ཀ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་མ་ཧཱ་སུ་ཁ་ཧཱུྃ། ཞེས་བརྗོད་ལ་བརྟན་པར་བཞུགས་སུ་གསོལ། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་རྡོ་རྗེ་སྐུ་གསུང་ཐུགས། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །འདུ་འབྲལ་མེད་ལ་ཕྱག་འཚལ་ལོ། ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿདམ་


LT29_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པའོ། །ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་གཅིག །གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་དང་། །རྡོ་རྗེ་གནོད་སྦྱིན་ལ་བཛྲ་ཧེ་རུ་ཀས་དབུར་བརྒྱན་པར་གྱུར། མཆོད་པ་བསང་སྦྱང་། །སྟོང་པའི་ངང་ལས་ཨ་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཧཱུྃ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨཱ་ཧ་ར་ལི་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་ཨུཏྟ་ཕ་ལ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་པིཏྤཱུ་ར་ཡ་ཧཱུྃ་ཕཊ། ཅེས་བྱིན་རླབས་ལ། ཧཱུྃ་ཨརྒྷཾ་མེ་ཏོག་བདུག་སྤོས་


LT29_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཕྱི་ནང་གསང་བང་སྦྱར་བ་རྣམས། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཚོགས་གཏོར་པཉྩ་ཨ་མྲྀ་ཏ། །ཏན་གན་ལ་སོགས་ཅི་འབྱོར་བ་ཏིང་འཛིན་ཡིད་ཀྱིས་མཆོད་པ་འདི། །རྒྱལ་བ་རྒྱ་མཚོས་བཞེས་སུ་གསོལ། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་བཱ་ར་ཨི་དཾ་ཨརྒྷཾ་པུཥྤེ་དྷཱུ་པེ་དཱི་པེ་གནྡྷེ་བ་ལི༚་ཏ་པྲ་ཏཱིཙྪ་ཧོཿཤྲཱི་པཉྩ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཛཿཧཱུྃ་བྃ་ཧོཿ མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལི༚་གྲྀཧྞ་ཧོ་ཁཱ་ཧི་ཁཱ་ཧི་པི་བ་ཧོཿ ཨ་ལ་ལ་ཧོཿ ཨ་མྲྀ་ཏ་ཁཱ་ཧི། ཞེས་མཆོད། ཧཱུྃ་བདེ་གཤེགས་མཉམ་ཉིད་ཆོས་ཀྱི་ངང་། །མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང་། །ཐབས་མཁས་ཁྲོ་རྒྱལ་སྐུར་སྟོན་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་ལ་ཆགས་མི་མངའ། །དགྱེས་མཛད་དཔལ་ཆེན་སྐུ་ལ་འཁྲིལ། །ཤེས་རབ་གཉིས་མེད་བདེ་ཆེན་རྫོགས། །ཁྲོ་མོ་དབང་ཕྱུག་ལ་ཕྱག་འཚལ། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་དང་། །འབྱུང་བཞི་རྣམ་པར་དག་པ་ཡི། །ལྷ་མོ་རྣམ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་


LT29_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། ཅེས་བསྟེར། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། །བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཆགས་པ་ཆེན་པོས་དགྱེས་པར་རོལ་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། ལྷ་དགུའི་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་སོགས་དང་ལས་བུམ་ལ་དམིགས་ཏེ་ལས་སྔགས་བཛྲ་ཡཀྵ་བརྒྱ་རྩ་བཟླས་ལ། སྔགས་ཙམ་གྱིས་མཆོད། རུ་ལུ་དང་ཧཱུྃ་བརྗོད་ཅིང་མེ་ཏོག་དཀར་པོ་བུམ་པའི་ནང་དུ་འབུལ་ཞིང་། སྔགས་དེ་ཉིད་ཀྱིས་སྤོས་དང་བདུག་པའང་དབུལ་ཞིང་བདུག །རྣམ་རྒྱལ་གྱི་ལྷ་ཐམས་ཅད་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་གང་བར་བསམ་ལས་བུམ་ལ་དམིགས་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྣམས་མཐར་མ་ཕྱིན་གྱི་བར་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་གཞོལ་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རས་ཡུག་གི་སྟེང་དུ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་སྟེང་དུ་གཙོ་བུམ་ཤར་དང་གཞན་རྣམས་རང་རང་གི་ཕྱོགས་སུ་བཞག། ལས་བུམ་བྱང་ཤར་དུ་དགོད་དོ། །བདུན་པ་སློབ་མ་སྟ་གོན་ལ། སྤྲོ་བསྐྱེད་སྡོམ་བཟུང་བྱིན་རླབས་དང་། སོ་ཤིང་ཁྱོར་ཆུ་རྩ་སྲུང་སྐུད། ཆོས་བཤད་གཏོར་མ་མཆོད་བསྟོད་བཅུ། དེ་ལ་དང་པོ་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབ་རྫས་བཞི། མེ་ཏོག་སྤོས་མར་མེ་དྲི་ཆབ་ཀྱི་མཆོད་པ་སོགས་འདུ་བྱས་ལ། དྲུང་དུ་མ་གྱུར་པའི་སློབ་མ་རྣམས་ཕྱི་རོལ་དུ་


LT29_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བལྟམ་ཕ་སོགས་ཀྱིས་ཁྲུས་བྱ། ཕྱག་དང་མེ་ཏོག་བཅས་ནང་དུ་འཁོད་པ་ལ་སློབ་དཔོན་གྱིས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་མྱུར་བ་ཉིད་དུ་ཅི་ནས་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ཟབ་མོ་ནོད་ལ། ལམ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་གསལ་བཏབ་ནས་ལེགས་པར་གསན་འཚལ། དེ་ལ་གང་གསན་པར་བྱ་བ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་ཆོས་སྐུ་དགོངས་པ་དང་། ལོངས་སྐུ་བརྡའི་ཚུལ་དང་། སྤྲུལ་སྐུ་སྒྲ་ཚིག་ཐ་སྙད་ཀྱི་སྒོ་ནས་འཕགས་པ་དང་སོ་སྐྱེའི་གདུལ་བྱའི་ཡུལ་དང་འཚམས་པར་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ཀྱི་རྗེས་སུ་འགྲོ་བའི་ཆོས་སྒོ་རབ་འབྱམས་རྒྱ་མཚོ་དཔེ་དང་ཚད་ལས་འདས་པར་བསྟན་པ་རྣམས་ཀྱང་སྤང་གཉེན་ནམ། གདུལ་ཡུལ་དབང་པོའི་རིམ་པས་རིགས་བསྡུ་ན་རྒྱུ་འབྲས་ཐེག་པ་གཉིས་སམ། སྔ་འགྱུར་བ་རྣམས་ལ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དཀུར་གྲགས་པ་ལས། སྐབས་སུ་བབས་པ་འདི་ནི་རྣལ་འབྱོར་ཆེན་པོ་དབང་སྒྱུར་ཐབས་ཀྱི་


LT29_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་དུ་རིམ་པར་བཞུགས་པའི་དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲག་པ་རྩ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་གཉིས། སྤྱིའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྣམས་སུ་མཆིས་པ་ལས། འདིར་སྒྲུབ་པ་ལག་ལེན་ཏུ་སྟོན་པ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་ཁྲག་འཐུང་གི་གལ་པོ་ཆེའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བའི་སྐབས་སུ་བབས་པ་ཡིན། དེ་ལའང་ཧེ་རུ་ཀ་གལ་པོ་ལས། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། སློབ་མ་རབ་གཞུག་དབང་བསྐུར་ཏེ། །བྱ་བྲལ་རྫོགས་པའི་མན་ངག་བསྟན། །ཏིང་འཛིན་བརྟན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་གྲུབ་པའི་མན་ངག་བསྟན། །གཟུགས་བརྙན་བསྙེན་སྒྲུབ་དཀྱིལ་འཁོར་དུ། །ཐ་མའི་སློབ་གཞུག་དབང་བསྐུར་སྟེ། །རིམ་གྱིས་བློ་སྦྱངས་མན་ངག་བསྟན། །ཞེས་གསུངས་པ་བཞིན་སློབ་མ་མཆོག་དང་འབྲིང་དང་ཐ་


LT29_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རིགས་ཅན་རྣམས་ལ་ཡེ་ཤེས་དང་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྐལ་པ་དང་འཚམས་པའི་དབང་བསྐུར་ནས་དེ་དང་དེའི་མན་ངག་རྣམས་སྟོན་པར་གསུངས་པ་ལས། ཕྱི་མའི་དབང་དུ་བྱས་ནས་བསྒྲུབ་པའི་རིམ་པ་ལ་སྦྱོར་དངོས་རྗེས་གསུམ་ལས་སྐབས་འདིར་སྦྱོར་བ་སྟ་གོན་གྱི་བྱེ་བྲག་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བྱེད་པ་ཡིན་པས། དེའི་སླད་དུ་ཐོག་མར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འབུལ་བའི་མོས་འདུན་བགྱིས་ཏེ་ཞིང་ཁམས་འབུལ་མཛོད། ཅེས་བརྗོད་དེ་མཎྜལ་འབུལ་དུ་གཞུག །ཐོག་མར་ཁྱེད་རང་རྣམས་གསང་སྔགས་ཟབ་མོའི་སྒོར་ཞུགས་པ་རྙེད་པའི་མཆོག་ལེགས་པར་རྙེད་པས་སྤྲོ་བ་བསྐྱེད་པ་ནི་འདི་ལ་སྙན་གཏོད་འཚལ། བུ་ཁྱོད་ཚུལ་ལྡན་སྣོད་ཡིན་པས། །ཐེག་ཆེན་གསང་བའི་གཞུང་བཞིན་ཉོན། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་སངས་རྒྱས་ཚོགས་འདས་རྣམས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གནས་བཞུགས་ལ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་ཟབ་མོ་འདི་རྟོགས་


LT29_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྐྱེས་མཆོག་རང་གི་གནས་ཉིད་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་ཁྲག་འཐུང་དཀྱིལ་འཁོར་གྱིས། །བདུད་ཚོགས་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕྱིར། །བུ་ཁྱོད་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད། གཉིས་པ་སྡོམ་པ་བཟུང་བ་ལ། སྐྱབས་འགྲོ་སྡིག་བཤགས་ཡི་རང་དང་། །སེམས་བསྐྱེད་སྡོམ་བཟུང་དངོས་དང་ལྔ། དེ་ལ་དང་པོ་ནི། །དབང་དོན་རྒྱུད་ལ་འཛིན་པ་ནི་དམ་ཚིགས་དང་སྡོམ་པ་ལ་རགས་ལས་པས་སྡོམ་པ་བཟུང་བའི་རྩ་བ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོག་གསུམ་སྲུང་མར་བཅས་པ་ལ་སྐྱབས་གསོལ་སྔོན་ཏུ་འགྲོ་བས་སྡོམ་པ་མཐའ་དག་ལེགས་པར་བཟུང་བ་སྙིང་ཐག་པ་ནས་དམ་འཆའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་བགྱི། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། །འཁོར་ལོ་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་བགྱི། །དཔའ་བོ་ཕོ་མོ་འཁོར་བཅས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །བདག་ནི་


LT29_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འགྲོ་བར་བགྱི། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གི་སྡོམ་པ་མ་ལུས་བཟུང་། ཞེས་ལན་གསུམ། གཉིས་པ་ནི། སྒོ་གསུམ་གྱིས་བསགས་པའི་མི་དགེ་བ་མཐའ་དག་བཤགས་པའི་བློས་འདིའི་རྗེས་ཟློས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་གཟུང་བར་བྱ། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། གསུམ་པ་ནི། །བདག་གཞན་དུས་གསུམ་དུ་བསགས་པའི་དགེ་བ་མཐའ་དག་ལ་རྗེས་སུ་ཡི་རང་བའི་བློས་འདིའི་རྗེས་ཟློས། །རྒྱལ་བ་སྲས་བཅས་ཚོགས་རྣམས་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དད་པས་རབ་ཏུ་ཡི་རང་ངོ། །བཞི་པ་ནི། །བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་གཉིས་མེད་དོན་བསྐྱེད་ནས། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་


LT29_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྲིད་པའི་གནས་ལས་འདོན། ལྔ་པ་ནི། །སྔགས་ཀྱི་ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་བྱེ་བྲག་པས་བསྡུས་པ་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་ཅིང་། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གུས་པས་སྐྱབས་སུ་མཆི། །སངས་རྒྱས་རྣམ་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །ཐུབ་མཆོག་བྱང་ཆུབ་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མགོན་རྣམས་བདག་ལ་དགོངས་སུ་གསོལ། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་རྣམས། །དུས་འདི་ཉིད་ནས་སངས་རྒྱས་ལ། །བླ་མེད་རྒྱ་ཆེན་དང་བར་གཟིགས། །ཇི་ལྟར་དུས་གསུམ་བདེ་གཤེགས་རྣམས། །བྱང་ཆུབ་མཆོག་ཏུ་ངེས་མཛད་ནས། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་


LT29_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་ཏེ་བཟུང་ནས་ནི། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བྱ། །ལས་གྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་པ་རྣམས་དགྲོལ་བར་བྱ། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །དབུག་མ་ཕྱིན་པ་དབུགས་དབྱུང་ཞིང་། །ཐམས་ཅད་མྱ་ངན་འདས་ལ་འགོད། །དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་འགྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་གནས་པར་བགྱི། ཞེས་རིག་པ་འཛིན་པའི་སྡོམ་པ་ལེན་དུ་གཞུག་


LT29_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བྱིན་གྱིས་བརླབ་པ་ནི། །ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་ཉི་ལྷ་ཆེན་ཡབ་ཡུམ་གྱི་སྟེང་དུ་ཧཱུྃ་ལས་སློབ་མ་རྣམས་བཛྲ་ཧེ་རུ་ཀ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་གསུམ་རྡོ་རྗེ་ཁ་ཊཾྭཱ་རྡེའུ་ཆུང་། གཡོན་གསུམ་དྲིལ་བུ་དུང་དམར་རྒྱུ་ཞགས་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གསལ་བར་གྱུར། སློབ་དཔོན་རྡོ་རྗེ་དང་བཅས་པའི་ཕྱག་གཡས་ཀྱིས་སློབ་མའི་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿས་མཚན་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ། །ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་སྔོན་པོ། གསུམ་ཀའང་དུར་ཁྲོད་ཀྱི་ཆས་ཅན་ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་པདྨ་རྡོ་རྗེ། གཡོན་པ་རྣམས་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་ལ་འཁྱུད་ཅིང་གཡོན་བརྐྱང་གི་སྟབས་ཀྱིས་


LT29_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་མོས་ཤིག །དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པ་དེ་མཆོད་པའི་ཡུལ་དུ་བཟང་བས་དབུ་ལ་མེ་ཏོག །ཤངས་ལ་བདུག་སྤོས། སྤྱན་ལམ་དུ་མར་མེ། ཐུགས་ཀར་དྲིའི་བྱུག་པ་རྣམས་ཕུལ་བར་མོས་ཤིག །ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དེ་བཞིན་དུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿགེནྡྷ་གན། ཞེས་མཆོད་པ་བཞི་གནས་སོ་སོར་དབུལ་བའི་ཚུལ་བྱ། བཞི་པ་སོ་ཤིང་སྦྱིན་པ་ནི། འབྱུང་ལྔ་བྱུགས་བའི་མཎྜ་ལར་པདྨ་འདབ་བརྒྱད་བྲིས་པ་མདུན་དུ་བཀོད་ཅིང་སློབ་དཔོན་གྱིས་རྩ་སྔགས་བཟླས་པའི་སོ་ཤིང་གཏད་ལ། དངོས་གྲུབ་ཀྱིས་ལྟས་བརྟག་པའི་ཕྱིར་ཨུ་དུམྦ་ར་ལ་སོགས་པའི་དྲང་པོ་སོར་བཅུ་གཉིས་པ་དྲི་ཡིས་བྱུག་ཤིང་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་པ་འདི་ཉིད་ཁྱེད་རང་ཁ་ཤར་དུ་ཕྱོགས་ལ་མི་སྨྲ་བར་བཅའ་བའི་ཚུལ་གྱིས་མཎྜལ་ཉིད་གདོད་ནས་གྲུབ་པའི་རིགས་ལྔའི་དཀྱིལ་འཁོར་དུ་མོས་པ་ལ་འདོར་བར་ཞུ། ཞེས་དོར་ལ། དེ་ལྟར་དོར་བའི་མཚན་ལྟས་ཀྱང་། ཇི་སྐད་དུ། རྩེ་མོ་བདག་ལ་བསྟན་པ་དང་། རྩེ་མོ་གྱེན་ལ་ཕྱོགས་གྱུར་ན། །མཆོག་གི་དངོས་གྲུབ་མཚན་མ་ཡིན། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་ལས་འགྲུབ་འགྱུར། །རྩེ་མོ་ཐུར་དུ་བསྟན་པས་ནི། །ས་འོག་དངོས་གྲུབ་ངེས་པར་


LT29_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། །ཕྱོགས་བཞི་རྩེ་མོ་བྱེ་བྲག་གིས། །ལས་བཞིའི་མཚན་མ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ངེས་པར་བྱའོ། །ལྔ་པ་ཁྱོར་ཆུ་སྦྱིན་པ་ནི། རྨི་ལམ་གསལ་པར་བྱ་བ་དང་། ཁྱེད་རང་རྣམས་ཀྱི་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བྱེད་པའི་ཆུ་འདིས་ཁ་ལན་གསུམ་དུ་བཤལ་ཏེ་ལྷག་མ་རྒྱབ་ཏུ་དོར་བས་ཉེས་པའི་སྐྱོན་རྣམས་དག་པར་མོས་ཤིག །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཿཔཱ་པཾ་ནཱི་ཙ་སྱ། སཾ་ཤོ་དྷ་ཡ་སརྦ་བི་ཀལྦན་ཨ་པ་ན་ཡ་ཧཱུྃ། ཞེས་དུང་ཆུ་སྦྱིན། དྲུག་པ་རྩ་ཀུ་ཤ་གཏད་པ་ནི། ཨོཾ་ཨཱཿཧཱུྃ། བཟླས་པས་བྱིན་རླབས་ལ། རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་དག་བྱེད་མཆོག་ཏུ་དགེ་པའི་རྩྭ་མཆོག་གི་ཕོན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་ཏུ་ཟུང་ཞིག །ཅེས་ལག་གཡས་གཡོན་ཏུ་གཏད། བདུན་པ་སྲུང་སྐུད་གདགས་པ་ནི། སྐུད་པ་ཁ་དོག་སྣ་ལྔ་པ་བསྒྲིལ་པ་ལུས་ཚད་དང་མཉམ་པ་ལ་རྡོ་རྗེའི་མདུད་པ་ལྔ་བྱས་ལ། སྲུང་སྐུད་ཀྱི་མདུད་པ་རྣམས་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱཾ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གནས་ནས་རིགས་ལྔ་སྤྱན་དྲངས་ཡིག་འབྲུ་ལ་བསྟིམ། དེ་ཞུ་བ་སྐུད་པར་ཐིམ་པས་རིགས་ལྔའི་ངོ་བོར་བསམས་ལ། འཁོན་ལྔ་བཟླས་པས་བྱིན་གྱིས་བརླབ། ཧཱུྃ་ཨ་ཨོཾ་ཨ་ཧྲཱིཿཨ་ཏྲཱཾ་ཨ་ཧཱ་ཨཿཨོཾ་སརྦ་རུདྡྷེ་ཀུ་རུ་ཀུ་རུ་སྭཱ་ཧཱ་དང་། ཨོཾ་ཨཱཿཧཱུྃ་བཟླས་པས་བྱིན་གྱིས་བརླབས་ལ་སྐྱེས་པའི་


LT29_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དང་བུད་མེད་ཀྱི་གཡོན་ཏུ་འཆིང་ཞིང་ལས་སྔགས་བཟླ། རྨི་ལམ་ལ་བར་དུ་གཅོད་པའི་བགེགས་རྣམས་བསྲུང་བར་མོས་ཤིག །བརྒྱད་པ་ནི། །ཕྱིར་མི་ལྡོག་པ་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། །ཀུན་མཁྱེན་འཇིག་རྟེན་ཁམས་འབྱུང་བ། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས་སྤྱོད་ཚུལ་ཟབ་མོ་འདི། །དེ་བས་ཀྱང་ནི་རྙེད་པར་དཀའ། །གང་གིས་སེམས་ཅན་དཔག་མེད་དོན། །མྱ་ངན་མི་འདའ་བྱེད་ནུས་པའི། །བསྐལ་པ་བྱེ་བ་གྲངས་མེད་དུ། །གང་གིས་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་དག་ཐམས་ཅད་ཟད་པར་འགྱུར། །སྔགས་སྤྱོད་ཚུལ་ལ་གནས་པ་ཡི། །མཉམ་པར་གྱུར་པ་གཞན་གང་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཉམ་ཐག་པའི། །ངན་འགྲོའི་སྡུག་བསྔལ་སྤོང་བར་འགྱུར། །དེ་ནས་སྤྱོད་མཆོག་ཚུལ་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་པས་ན། །དེ་རིང་ཁྱོད་ནི་རྙེད་པར་མཆོག །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །གང་གིས་རྒྱལ་བ་ཐམས་ཅད་ནི། །སྲས་བཅས་རྣམས་ཀྱི་བསྟན་པ་ནི། །བློ་མཆོག་ལྡན་པས་ཡོངས་གཟུང་སྟེ། །གནས་


LT29_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བདག་ཉིད་ཆེན་པོ་ལ། །ཐེག་ཆེན་གསང་བའི་གནས་དག་ཏུ། །དེ་རིང་འགྲོ་བར་འགྱུར་བ་ཡིན། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཐེག་ཆེན་སྣང་བ་ཆེར་འབྱུང་བས། །ཁྱོད་ནི་འགྲོ་བར་གྱུར་པས་ནི། །དེ་བཞིན་གཤེགས་པར་འབྱུང་བར་འགྱུར། །དངོས་སྟ་སྦྲེལ་བའི་ལུགས་ལ་དེ་ཙམ་གྱིས་ཆོག་ཅིང་། སོ་སོར་ཕྱེ་བའི་སྐབས། །དོ་ནུབ་ཁྱེད་རང་རྣམས་ཀུ་ཤའི་གདན་ལ་མི་སྨྲ་བར་སེང་གེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་ལ་མོས་པ་རྩེ་གཅིག་པར་ཉོལ་ལ་རྨི་ལམ་གང་མཐོང་བ་ནངས་པར་ང་ལ་སྨྲོས་ཤིག །ཅེས་བསྒོས་ལ། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོས་ཏེ་གྱེས་སོ། །དགུ་པ་གཏོར་མ་གཏོང་བ་ནི། རྒྱས་པར་ན་ཕུར་པའི་དཀྱིལ་ཆོག་རྟོགས་པར་སླབ་ལྟར་བྱ་བར་གསུངས་ཀྱང་། །ས་བཅད་ཙམ་ཕྱི་རོལ་དུ་གཏོར་མ་གཅིག་ལ་ཆ་གསུམ་གྱི་ཕྱོགས་སྐྱོང་གི་གཏོར་མ་ལྟར་བཏང་ངོ། །བཅུ་པ་མཆོད་བསྟོད་ནི། དཀྱིལ་འཁོར་ལན་གསུམ་བསྐོར། མཆོད་པ་ཁ་གསོལ་ལ་བྱིན་རླབས་དང་མཆོད་བསྟོད་བུམ་བསྐྱེད་ལྟར་བྱ། རྡོ་རྗེ་གཙུག་གཏོར་གྱི་ཕྱག་རྒྱ་དང་ཨོཾ་བཛྲ་ཨུཏྟིཥྛ་ཞེས་སྟ་གོན་གྱི་ལྷ་ནམ་མཁར་བྱོན་པར་བསམ། གཏོར་ཆོག་དང་བདག་བསྐྱེད་ཀྱི་རྗེས་ཆོག་རྒྱས་བསྡུས་ཅི་ལྟར་འགྲུབ་པར་བྱའོ། རྩ་བའི་གསུམ་པ་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པ། དབང་བསྐུར་བ། དེ་དག་གི་རྗེས་ཀྱི་བྱ་བའོ། དང་པོ་ལ་བཞི། །འདྲི་བ་


LT29_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དགོད་པ། བྱིན་རླབས། ཏིང་འཛིན་ནོ། དང་པོ་ནི། བཛྲ་ཧྲཱིཿཞེས་འདེགས་པའི་རྒྱས་ཐིག་གི་ཕོ་བྲང་མཁའ་ལ་བཏེགས་ནས། ཧྲཱིཿཞེས་སྒོའི་རྩ་ཐིག་ཕྱིས་ལ། སྔར་སྐོར་ཐིག་བྱས་ན། ཧཱུྃ་བཞི་པ་བཟླས་ནས་ལྟེ་བའི་ཕུར་བུ་ཕྱུངས་སྟེ། ཁུང་བུ་ཚོན་སྣ་ལྔ་འབྱུང་རིགས་སྡེབས་པས་འགེག་གོ། །དེ་ནས་སློབ་དཔོན་གྱིས། འདི་ནི་ཆོས་དབྱིངས་རྣམས་དག་པར། །སེམས་ཅན་རྣམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། ཅེས་བརྗོད་ཅིང་དབང་ལྡན་གྱི་བརྩིགས་པའི་རེ་ཁཱ་ལྔ་སོར་བཞི་ཙམ་བྲིས་ལ་ཐོད་པས་བཀབ། རྩིས་པ་སྒྲེལ་རན་པ་ན་ཚོན་པྲ་བརྟག །དེ་ནས་སློབ་མ་རྣམས་ཀྱིས་ཀྱང་ཅི་བདེར་བྲི་སྟེ་ཧཱུྃ་གི་སྒྲ་རྒྱུན་མི་ཆད་པས་སོ། ཟླ་གམ་དབུས་མའི་ཤར་དཀར་པོ། གཞན་དགུ་པོ་དམར་པོ། གཞི་དམར་སྨུག །གདུང་བཞི་གདུང་ཟླུམ་དང་བཅས་པ་སྔོན་པོ་ལ་རྡོ་རྗེ་དཀར་པོ། ནང་རྩིག་ཐོད་པ་སྟེ་སྔོ་དམར་དཀར་བ། གྲུ་ཆད་ལྗང་གུ་ཁྱམས་ཕྱོགས་མདོག་སོགས་སྤྱི་དང་མཐུན་པ་ལས། ཁྱད་པར་དུར་ཁྲོད་ཀྱི་བཀོད་པའི་མཚན་ཉིད་ཅན་དུ་བྲིས་ལ། མཚན་མ་རྣམས་རྡུལ་ཚོན་གྱིས་བྱེད་ན་སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་སོགས་སྔ་མའི་རྗེས་འབྲེལ་ཁོ་ནར་བྲིའོ། དེ་ལྟར་ཐིག་ཚོན་གྱི་ལས་རྫོགས་པ་ན་མཆོད་བསྟོད་བྱས་གཙྪ་མུཿཞེས་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །གཉིས་པ་ནི།


LT29_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་ན། རྟེན་རྫས་ལྷ་གྲངས་ཀྱི་ཕུར་པ། མར་མེ། ཐོད་སྐུ། བུམ་པ་རྣམས་དང་། ཞིང་གི་བླ་བྲེ། མཆོག་ཕུར་བཞི་དང་ལྕགས་ཕུར་བཞི་སོགས་རྒྱན་རྫས། ཕྱི་ནང་གསང་བའི་མཆོད་རྫས། བདུད་རྩིའི་བུམ་པ་སོགས་ཚེ་རྫས་རྣམས་གལ་པོ་ལས་གསུངས་པའི་ཚིགས་བཅད་རྣམས་ཀྱིས་སོ་སོར་བཀོད་པ་ཡིན་ཀྱང་། འདིར་སྤྲོས་པ་ཆུང་བའི་དབང་དུ་བྱས་ཏེ། མེད་དུ་མི་རུང་བའི་རྟེན་རྫས་ཀྱི་གཟོ་བོ། ཁམ་ཕོར་རི་མོ་བྲིས་པ་དགུ། སྣང་བའི་འོད་དང་བཅས་པ་དགྲམ། ཞེས་པས་ཐོད་པ་མཚན་ལྡན་ལ་བྱང་སེམས་དཀར་དམར་གྱིས་གཙོ་བོའི་སྐུའམ་སྔགས་དང་རྡོ་རྗེ་ཁ་ཊཱྭྃཾ་ཀ་བྲིས་པ་དང་། བྲམ་ཟེ་ལ་སོགས་པའི་ཐོད་པ་ཚལ་བུ་བརྒྱད་ལ་གཽ་རཱི་མ་སོགས་མ་མོ་བརྒྱད་སོ་སོའི་སྐུའམ་སྔགས་དང་མཚན་མ་བྲིས་པ་རྣམས་དང་པདྨ་བྷདྡྷར་སྣུམ་ཆེན་དང་འབྲུ་མར་སྣ་ཚོགས་ཙིཏྟའི་ཤར་བུ་ལ་སོགས་པའི་སྡོང་བུ་ལ་སྦར་བའི་མར་མེ་དགུ་ཡང་ཐོད་པ་རྣམས་དང་འབྲེལ་ཆགས་སུ་བཤམ། དབང་གི་སྐབས་ལྟ་བུར་ཐོད་སྐུ་སོ་སོར་མ་འཛོམ་ན་གཙོ་བོ་ཁོ་ནས་ཆོག་ཅིང་། མར་མེའང་ཐོད་པ་གཅིག་ཟན་གྱིས་བཀང་བར་ཀོང་བུ་དགུ་ལ་འབྲི་མོག་གིས་ཁ་བསྒྱུར་བའི་མར་མེ་དགུ་མཛད་པ་ལུགས་འདིའི་ཕྱག་རྒྱུན་ཏུ་སྣང་ངོ། གང་ལྟར་ལས་སྔགས་ཀྱིས་བགེགས་བསྐྲད། གཙོ་འཁོར་སྔགས་ཀྱིས་གཟི་བྱིན་བསྐྱེད་ལ། ཧཱུྃ་དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བྃ་ཧོཿས་སྤྱན་འདྲེན་ན། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། །དུག་གསུམ་བསྒྲལ་བའི་


LT29_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདིར། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཅེས་དང་གཙོ་སྔགས་ཀྱི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན། ཅེས་དཀྱིལ་འཁོར་གྱི་དབུས་སུ་མཉྫིལ་སྣོད་འབྲུས་བཀང་བར་བསླངས་ཏེ་བཀོད། ཐོད་སྐུ་གཞན་ཡོད་ན། ཧཱུྃ་ཕྱོགས་མཚམས་རང་བྱུང་གྲུབ་པའི་ལྷ། །མ་མོ་ཆེན་མོ་མེ་འབར་མ། །རྡོ་རྗེ་ཐུགས་ཀྱི་ཁྲོ་མོ་བརྒྱད། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །མཆོག་ཕྲན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ལྷ་མོ་སོ་སོའི་སྔགས་གཤམ་དུ་བཛྲ་ས་མ་ཡ་ཏིཥྛཾནྟུ་ཞེས་ཕྱོགས་མཚམས་བརྒྱད་དུ་དགོད་དོ། །མར་མེ། ཨཱ་ལོ་ཀེ་ས་མ་ཡ་ཏིཥྠ་ལྷན། ཅེས་བས་། གཙོ་བོའི་མདུན་ཏུ་བཀོད་ཅིང་། སྔར་ལྷག་གནས་བྱས་པའི་བུམ་པ་ཡང་། དཀྱིལ་འཁོར་གྱི་དབུས་སོགས་སུ་བཀོད། སྒྲུབ་མཆོད་སོགས་ཀྱི་སྐབས་འཛོམ་ན། ཞིང་གི་གཡང་གཞིར་རཀྟའི་ཐིག་ལེ་དགུ་ཚོམས་སུ་བཀོད་པ་བླ་ར་བྲེ་བ་སོགས་ཕྱོགས་ཀུན་ཏུ་བླ་རེ་དང་ཡོལ་བ་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན། ཕྱིའི་ཁོར་ཡུག་ལ་མདའ་དར། མེ་ལོང་། རལ་གྲི། ཕུར་བུ་ལ་སོགས་པ་བཞི་བཞི་དང་། ཚོན་སྐུད་ཀྱི་དྲྭ་བས་མཛེས་པར་བསྐོར། མཐའ་སྐོར་དུ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་རཀྟ་ལ་སོགས་པ་ནང་གི་དམ་རྫས་རྣམས་ལེགས་པར་བཤམ། གཞན་ཡང་དབང་གི་རྫས་རིགས་ལྔའི་དབུ་རྒྱན།


LT29_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐམ་ལྔའི་རྩ་ཆིངས། རྡོ་རྗེ་དང་དྲིལ་བུ་ཁ་ཊྭཱཾཾཱ་དང་ཌཱ་མ་རུ། རྗེས་གནང་ཆས། མིག་སྨན་དང་མིག་།ཐུར། མེ་ལོང་། དྲིལ་བུ། མདའ་གཞུ། རྒྱུད་ཀྱི་གླེགས་བམ། དུང་དང་འཁོར་ལོ། རིག་ལྔའི་ཕྱག་མཚན། གསང་དབང་ཐོད་པའི་བདུད་རྩི་མངར་གསུམ་དང་སྦྱར་བ་སོགས་ཇི་ལྟར་བདེ་བར་བཞག །སློབ་དཔོན་གྱི་མདུན་ཏུ་ལས་བུམ། ཡུངས་ཐུན། མེ་ཏོག །ཌཱར་དྲིལ། ནང་མཆོད་སོགས་མཁོ་བའི་ཡོ་བྱད་རྣམས་ཉེ་བར་བསྔོགས་པར་བྱའོ། གསུམ་པ་བྱིན་གྱིས་བརླབ་པའི་ཐོག་མར། རོལ་མོའི་སྒྲ་དང་བཅས་དཀྱིལ་འཁོར་ལན་གསུམ་དུ་བསྐོར་ཞིང་ཡིག་བརྒྱ་བཟླ། སློབ་དཔོན་ཤར་དུ་འཁོད་ལ། ཧཱུྃ། ཆོས་དབྱིངས་དག་པའི་ངོ་བོ་ལས། །སྐུ་གསུམ་རྣམས་པར་བྱུང་ནས་ནི། །སེམས་ཅན་རྣམས་ཀྱི་དོན་བྱའི་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་བདེ་བར་གཤེགས་པ་རྣམས། །ངོ་བོ་ཉིད་ཀྱིས་མེད་ཀྱང་ནི། །བདག་གིས་སློབ་མ་དབང་བསྐུར་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། ཞེས་བརྗོད་ལ་རོལ་མོ་བྱའོ། བཞི་པ་ཏིང་ངེ་འཛིན་བསྒོམ་པ་ནི། རྒྱུད་དང་དབང་གི་རྒྱ་གཞུང་སོ་མཆན་རྣམས་སུ་ཏིང་ངེ་འཛིན་གྱིས་བྱིན་གྱིས་རློབས་པའི་ཚུལ་རྒྱས་པར་གསུངས་པའི་དོན། སྒྲུབ་ཐབས་ལྟར་རྒྱུད་སྦྱོང་བ་ནས་བརྩམས་མཐར་ཆགས་སུ་བཏང་བ་ལས། བཤགས་པ་དང་དམ་བཅའ་བའི་རྗེས་སུ་ཆོ་གའི་དཀྱུས་ཀྱི་བྱིན་འབེབས་ཀྱི་མཐར། ལྷ་སོ་སོའི་སྙིང་པོ་རྣམས་


LT29_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨ་ཛཿཧཱུྃ་བྃཿཧོཿ ཞེས་བཏགས་པ་མང་དུ་བཟླ་ཞིང་། །རོལ་མོའི་སྒྲ་དང་བཅས་པས། སྔར་ནམ་མཁར་བཏེགས་པའི་སྟ་གོན་གྱི་ལྷ་རྣམས་ཀྱང་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། དེ་དང་འབྲེལ་བར་བརྡ་སྒོ་དབྱེ་བ་དང་བརྡ་ཕྱག་འཚལ་བ་ཡང་བཤད་དེ། དེ་ལྟར་ན། ས་མ་ཡ་ཧོཿ ས་མ་ཡ་སྟཾྭ། ཛཿཧཱུྃ་བྃ་ཧོཿ ཨོཾ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཕྱོགས་བཞི་ནས་སྒོ་དབྱེ། ཨོཾ་ཨཱཿཧཱུྃ་ཨ་ཏི་པུ་ཧོཿསརྦ་ཏ་ཐཱ་ག་ཏ་བནྡྷ་ན་ཀ་རོ་ཡཱ་མི་མ་ཧཱ་ཡོ་གཱི་ནཱི། པྲ་ཏི་པུ་ཧོཿ ཞེས་བརྡའི་ཕྱག་བྱ་སྟེ། ཉི་མ་དང་པོ་ཁོ་ན་ལ་འཇུག་གོ། དེ་ནས་མཆོད་རྫས་བརླབ་པ་སོགས་དཀྱུས་བཞིན་ལས། དཀྱིལ་འཁོར་བསྐྱེད་པ་ནི། །སྒྲུབ་བཞི་བདག་གི་ལུས་ངག་ཡིད་གསུམ་དང་བསྒྲུབ་བྱ་ལྷའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐ་མི་དད་དེ། ཡེ་ནས་སངས་རྒྱས་ཀྱི་ངོ་བོར་རོ་མཉམ་པའི་ཕྱིར་བདག་དང་ལྷ་ཞེས་སོ་སོར་དབྱེ་ཞིང་གདགས་སུ་མེད་པས་ན། སྒྲུབ་གཞི་དང་། སྒྲུབ་རྫས། བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་པར་བསྒོམ་ཞིང་། མཆོད་པ་དང་བསྙེན་པ་ལ་སོགས་པའི་སྐབས་སུ་ལྷ་ལ་དབང་མི་ཟ་བའི་ཕྱིར། དམ་ཡེའི་ཐ་སྙད་དུ་སོ་སོར་ཕྱེ་ནས་ལས་དེ་དག་སྒྲུབ་པ་དང་། བདག་ཉིད་སློབ་མ་གཞུག་པའི་ཚེ་ནའང་གཉིས་སྣང་ཅན་གྱི་རྟོག་ངོར་དེ་ལྟར་དུ་བྱ་བ་ཡིད་ངོར་བདེ་ཞིང་གྲུབ་པ་རྣམས་ཀྱི་མན་ངག་བརྒྱུད་པའོ། བཟླས་པའི་རྗེས་སུ་ཆོས་སྲུང་ལ་གཏོར་མ་འབུལ་ཕྱོགས་སྐྱོང་ལ་གཏོར་མ་


LT29_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གསུམ་བཏང་ཞིང་ལྷག་ཆད་ཁ་སྐོང་བའི་སྐོར་བ་དང་ཡིག་བརྒྱའང་གོང་བཞིན་བྱ། །དངོས་སྟ་སྦྲེལ་བའི་སྐབས་ཕྱོགས་སྐྱོང་གཏོར་འབུལ་སྔ་ཕྱིར་གང་རུང་ཞིག་གིས་འཐུས་ལ། དེ་ནས་ཚོགས་བྱིན་རླབས་ནས་བསྦྲལ་བསྟབ་ཀྱི་བར་དུའང་སྒྲུབ་ཐབས་ཀྱི་དབུས་བཞིན་བྱས་ལ། བདག་ཉིད་འཇུག་པ་སློབ་མ་དབང་བསྐུར་གྱི་སྐབས་བཞིན་མཚམས་སྦྱོར་དོར་བའི་དབང་ཚིག་དངོས་གཞི་རྟོག་པ་བརྗོད་པ་སོགས་འོག་ནས་འབྱུང་བ་ལྟར་བྱ་བའམ། བསྡུ་ན་རིག་པའི་མེ་ཏོག་ཙམ་དོར་བས་ཀྱང་དགོས་པ་འགྲུབ་སྟེ། དེ་ལྟར་ན། རྡོར་དྲིལ་ཐོགས་ལ། །ཨོཾ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེས་ཁྲོ་དཔལ་འཇམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟཾྭ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཅེས་བརྗོད་ལ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དུ་ཞུགས་ལ་རིག་པའི་མེ་ཏོག་དོར་ནས་དཀྱིལ་འཁོར་ལ་མགོས་འདུད་དེ་ཐལ་མོ་སྦྱར་ལ། །ཨོཾ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་སློབ་མ་གཞུག་པར་གསོལ་བ་བཏབ་ནས་གནང་བ་ནོད་ཅིང་དཀྱིལ་འཁོར་ཡོལ་བས་བསྒྲིབ་པོ། གཉིས་པ་སློབ་མ་དབང་བསྐུར་བ་ལ་གསུམ། འཇུག་པའི་ཆོ་ག །དབང་གི་དངོས་གཞི། རྗེས་དམ་ཚིག་བསྒྲགས་པ་ཟུང་ལ་སོགས་པའོ། །དང་པོ་ལ་གཉིས་ཕྱི་


LT29_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དང་། ནང་འཇུག་གོ །དང་པོ་ཕྱི་ནས་འཇུག་པ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ཕྱག་བཅས་གྲལ་ལ་འཁོད། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿསརྦ་བྷཱུ་ཏ་ཨི་ངཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས་ལ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། །བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་སྲུང་མ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པ་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་པ་ཙམ་མམ། སྤྲོ་ན་སྒྲུབ་ཐབས་ལྟར། ཧཱུྃ། །རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་སོགས་དང་། ཧཱུྃ་བཞིའི་དྲག་སྔགས། གུ་གུལ་ཡུངས་ཐུན་སོགས་ཀྱིས་


LT29_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱི་རོལ་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་བཅས་པ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་གྱུར། ཅེས་སྲུང་འཁོར་བསྒོམ། དེ་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། །དེ་ལ་འདིར་གསན་བྱའི་ཆོས་ནི་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས། བོད་ཀྱི་ལྗོངས་སུ་ཆོས་རྒྱལ་ལོ་པ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་ཐོག་མར་བསྒྱུར་བཤད་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པ་སྔ་འགྱུར་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་བབ་སོ་གསུམ་དུ་གྲགས་པ་ལས། གདོད་མའི་མགོན་པོ་དང་གསང་བའི་བདག་པོ་སོགས་ནས། ད་ལྟའི་བར་ཚིག་དོན་གཉིས་ཀའི་བརྒྱུད་པ་བྲེང་ཆགས་སུ་བྱོན་པ་རྒྱ་ཆེ་བ་བཀའ་མ། དེ་ལ་རྣལ་འབྱོར་ཆེན་པོ་ཡོ་ག་རྣམ་པ་གསུམ་དུ་གྲགས་པ་ལས་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་


LT29_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མིང་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་རྣམས་སུ་མཆིས་པ་ལས། འདིར་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀ་སྟེ་སྔགས་གསར་མ་ལ་གྲགས་པའི་བདེ་དགྱེས་སོགས་དང་ངོ་བོ་གཅིག་པ་དཔལ་ཡང་དག་ཅེས་རྒྱ་བོད་མཁས་གྲུབ་ཀུན་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་སྒྲུབ་པའི་ཐུགས་དམ་གསང་བའི་ལྷ་མཆོག་ཉི་ཟླ་ལྟར་གྲགས་པ། འདི་ལ་བསྒོམ་བྱའི་ལྷ་གྲངས་ཀྱི་དབང་གིས་ཟླ་གམ་དྲུག་ཅུ་རྩ་བརྒྱད་པ་དང་། དེ་ལས་ཁྲོ་བཅུ་ཕྲི་བའི་ལྔ་བཅུ་རྩ་བརྒྱད་པ་དང་། བཅོ་བརྒྱད་པ་ལ་སོགས་རྒྱུད་རྣམས་ལས་མང་དུ་གསུངས་ཀྱང་མན་ངག་གི་ཕྱག་སྲོལ་རྣམས་སུ་ལྷ་མང་ལྔ་བཅུ་རྩ་བརྒྱད་པ་དང་། དགུ་པ་དང་། ཟླ་གམ་གཅིག་པ་རྣམས་ལ་མཛད་པ་མང་བ་


LT29_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཡང་དག་གྲུབ་པའི་དོན་གྱི་སྙིང་པོ་ནི་ཁྲག་འཐུང་ལྷ་དགུ་སྟོ་ཟླ་གམ་དགུ་མའི་དཀྱིལ་འཁོར་འདི་ཉིད་ཡིན་ལ། འདི་ལའང་རྡོ་རྗེ་ཧཱུྃ་མཛད་དང་གནུབས་ནམ་མཁའི་སྙིང་པོ་ནས་སྔགས་འཆང་གི་རྒྱལ་པོ་སོ་ཟུར་རྣམས་ལ་རིམ་པར་བརྒྱུད་པ་སོགས་བཀའ་སྲོལ་མང་དུ་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི་སངས་རྒྱས་གཉིས་པ་པདྨཱ་ཀ་ར་ནས་འཁོན་སྟོན་ཀླུ་དབང་སྲུང་བ་ལ་ཐུགས་དམ་གྱི་ལྷར་སྩལ་ཞིང་། དེས་འཁོན་རྡོ་རྗེ་རིན་ཆེན་ལ་གནང་བ་དང་། ཡང་སློབ་དཔོན་ཧཱུྃ་ཆེན་ཀ་ར། རྒྱལ་དབང་པདྨ་ཐོད་ཕྲེང་། སྣ་ནམ་རྡོ་རྗེ་བདུད་འཇོམས། གཉགས་ཛྙཱ་ན་ཀུ་མཱ་ར། དེ་ལས་འཁོན་སྟོན་རྡོ་རྗེ་རིན་ཆེན་གྱིས་ཞུས་ཏེ་འདི་ལ་བརྒྱུད་པའི་ཆུ་བོ་གཉིས་འདུས་སུ་གྱུར་ཅིང་། དེས་འཁོན་ཡོན་ཏན་འབྱུང་གནས་ལ་སྩལ་བ་ནས་རིམ་པར་བརྒྱུད་དེ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་བརྒྱུད་པའི་ཆུ་བོ་ཟམ་མ་ཆད་པར་བྱོན་པ། དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཞེས་རྩོད་མེད་དུ་བྲགས་པའི་ཡ་གྱལ་ཡང་དག་ཟླ་གམ་དགུ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་བགྱིད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་རྒྱུད་དང་གྲུབ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ཆང་ལ་མ་འཁྲུལ་པ་སྔོན་ཏུ་སོང་གྲུབ་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་དམིགས་


LT29_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མིག་དར་དམར་པོ་ལས་སྔགས་དང་ཆུས་བསང་། སྔོན་ཆད་གཉིས་སྣང་གི་རྟོག་པས་ཡེ་ཤེས་ཀྱི་མིག་ལྡོངས་ཏེ་དོན་དམ་རྡོ་རྗེའི་དཀྱིལ་འཁོར་མ་མངལ་པའི་མཚོན་བྱེད་དུ་གདོང་གཡོགས་འཆིང་བར་ཞུ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ་ཨཱ་ཁཾ་བཱི་ར་ཧཱུྃ་གིས་གདོང་འཆིང་དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ཡངས་ཤིང་མ་ཉམས་པའི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་མཛོད། སྔགས་སྔ་མས་ཅོད་པན་སྦྱིན། དྲི་ལན་ནི། ཀྱེ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་ཡིན། ཅེས་དྲིས་པའི་ལན་ཏུ་འདིའི་རྗེས་ཟློས། བདག་སྐལ་པ་བཟང་པོ་ལ་དགའ་བས་འདིར་འཇུག་པའོ། ཡང་། དེས་ཁྱོད་ལ་ཅི་ཞིག་དགོས། ཞེས་དྲིས་པའི་ལན་ཏུ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ། །ཞེས་ལན་གདབ། དེ་ནས་སྔགས་ཀྱི་དངོས་གྲུབ་ལ་ཡིད་རྩེ་གཅིག་ཏུ་མོས་པས་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་དམ་ཚིག་པས། །ཡོན་དབུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །སྐལ་བཟང་ལྷ་མོ་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་


LT29_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། ལན་གསུམ་ཞུ། ལྷ་ལ་གནང་བ་ཞུ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་སློབ་དཔོན་གྱིས་དཀྱིལ་འཁོར་ལ་མངོན་ཏུ་ཕྱོགས་ཏེ་ཞྭ་ཕུད་རྡོར་དྲིལ་བཟུང་ནས། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་ཕོ་བྲང་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། ཞེས་ལན་གསུམ་བརྗོད་དོ། །གཉིས་པ་ནང་དུ་འཇུག་པའི་ཆོས་རྣམས་ནི། ཁྱེད་རང་རྣམས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་ཤར་སྒོར་འཁོད་པར་མོས་ཤིག །ལས་སྔགས་དང་། ཧཱུྃ་ཨྃ་སྭཱ་ཨཱཾཿཧཱ། ཞེས་བརྗོད། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་ལན་གསུམ་དུ་འཚལ་ཞིང་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། ལན་གསུམ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་གསལ་བར་མོས་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི་ཧཱུྃ། ཞེས་བརྗོད་དུ་གཞུག །དེ་ནས་སྐྱབས་འགྲོ། སྡིག་བཤགས། ཡི་རང་། སེམས་བསྐྱེད་བཞི་སྟ་གོན་གྱི་


LT29_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ལྟར་རྗེས་ཟློས་བྱར་གཞུག །དེ་ནས་གསང་བར་གདམས་པའི་ཞར་བྱུང་སེམས་བསྐྱེད་བརྟན་པར་བྱ་བ་ནི། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། །ཨོཾ་བདེ་གཤེགས་ཀུན་གྱི་ཁྱོད་ཉིད་དེ། དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་བའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། ཨོཾ་སུ་ར་ཏེ་ས་མ་ཡ་སྟཾྭ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་ཏུ་འགྲོ་བ་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་དང་། གསང་བ་མ་བསྲུངས་བའི་ཉེས་དམིགས་དང་བསྲུངས་མ་བསྲུངས་གཉིས་ཀྱི་ཁེ་ཉན་གཉིས་ཀ་དང་། །རྡོ་རྗེ་སློབ་དཔོན་བཀའ་གཉན་པར་བསྒྲགས་པའི་སྒོ་ནས་དམ་ལ་བཞག་པ་བཞི་རིམ་པར་འབྱུང་བ་ལ་སྙན་གཏོད་འཚལ། མགོ་བོར་རྡོ་རྗེ་བཞག་ལ། །རིགས་ཀྱི་བུ་མཆོག་ཚུར་ཉོན་ཅིག །དེང་ཁྱེད་བདེ་གཤེགས་འཁོར་བཅས་ཀྱི། །ནང་དུའང་ཁྱོད་ཀྱིས་ཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀའི། །ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱོད་ཀྱིས་ཀྱང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱོད་ཀྱི་དཀྱིལ་འཁོར་མ་མཐོང་བའི། །མདུན་


LT29_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྨྲ་བར་མ་བྱེད་ཅིག། གལ་ཏེ་སྨྲ་བར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཨོཾ་ས་མ་ཡ་ཨཱུཏྟ་ག་ཐཱ། ཐོད་པའི་སྣོད་དུ་བདུད་རྩི་ལྔ་སྦྱར་བའི་ཆུ་སྦྱིན་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ། བཛྲ་ཨུ་ད་ཀ་ཧྲཱིཿཋཱ། མགོ་བོར་རྡོ་རྗེ་བཞག་ལ། །དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙས་བྱས་ན། །དུས་མིན་འཆི་ཞིང་དམྱལ་བར་ལྟུང་། ཞེས་བརྗོད། དེ་ནས་བསྲུང་བྱའི་དམ་ཚིག་དང་སྡོམ་པ་བསྒྲགས་པར་བགྱིད་པ་ཡིན་པས་འདི་ལ་སྙན་གཏོད་འཚལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་ནི་


LT29_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྟེ། །ཤེས་རབ་དྲིལ་བུ་ཞེས་ཀྱང་གྲགས། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ལ་བརྙས་པར་མ་བྱེད་ཅིག །འདི་ནི་རྡོ་རྗེའི་རིགས་དག་པའི། །རྡོ་རྗེ་དམ་ཚིག་ཡིན་པར་གྲགས། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཆེན་རིགས་ཀྱི་དམ་ཚིག་གོ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམས་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། ཞེས་བརྗོད། དེ་ལྟར་བསྒྲགས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ལེགས་པར་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། །སེམས་སྐྱེད་མངོན་པར་སངས་རྒྱས་དང་། སོགས་ནས་བླ་མེད་བྱང་ཆུབ་གནས་པར་བགྱི། ཞེས་པ་རི་བར་སྟ་གོན་གྱི་སྐབས་ལྟར་བརྗོད། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་འཚལ། ཞེས་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ།


LT29_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ཆོ་ག་གང་དག་གིས། །དེ་རིང་བདག་ལ་དབབ་ཏུ་གསོལ། ལན་གསུམ། དངོས་གཞི་ཡེ་ཤེས་པ་དབབ་པ་ལ་ལུས་གནད་དྲང་པོར་བསྲང་། ངག་གནད་སྲོག་རྩོལ་བསྡམ། ཡིད་ཀྱི་གནད་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་བཞིན་ཏུ་མཛོད། ཅེས་བརྡ་སྦྱར་ལ། ལས་སྔགས་དང་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་ཟླ་ཉི་ལྷ་ཆེན་ཡབ་ཡུམ་གྱི་སྟེང་དུ་ཧཱུྃ་ལས་ཁྱེད་རང་རྣམས་བཛྲ་ཧེ་རུ་ཀ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲང་པ། གཡས་གསུམ་རྡོ་རྗེ་ཁ་ཊཾྭཱ་རྡེའུ་ཆུང་གཡོན་གསུམ་དྲིལ་བུ་དང་དམར་རྒྱུ་ཞགས་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་ཏུ་བཞུགས་པའི། སྤྱི་བོར་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཧཿསྙིང་གར་ལམ་ལས་སའི་དཀྱིལ་འཁོར་གྲུབ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་ཧཱུྃ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྣོ་ཞིང་འབར་བ་ལ་ཨཱཿརྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ་ལ་ཛྷཻ་ཾཿ དྲག་ཅིང་བཟོད་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པ་རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་དང་འདྲེས་ནས་འབར་བས་སྙིང་གའི་ས་བསྲེགས། སྤྱི་བོའི་ཆུཁོལ་བ་


LT29_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདུད་རྩིའི་ཚོགས་བབས་པས་ཚིམ་པར་གྱུར་ཅིང་རྐང་འོག་གི་རླུང་གིས་འདེགས་བཞིན་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ལས་གནོད་སྦྱིན་མ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། རང་བཞིན་གྱི་གནས་ནས་ཡང་དག་སྦྱོར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཀྱང་། དེ་འདྲ་བ་ཚད་མེད་པ་འཕྲོས་པས་སློབ་མའི་སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་ལ་ཐིམ་པར་བསམ་པའི་འོད་ཀྱིས་ནང་གང་བས་སྡིག་སྒྲིབ་ཐམས་ཅད་སྦྱངས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཞུགས་པར་མོས་ཤིག །རོལ་མོ་དབྱངས་དང་བཅས་པས་ལས་བྱང་གི་བྱིན་འབེབས་གྱེར། ལས་སྔགས་བརྗོད་ཅིང་བགེགས་བསྐྲད། ཨོཾ་ཛྙཱ་ན་ཨ་བེ་ཤ་ཡ། ལྷམ་བྷ་ཡ་སྟམ་བྷ་ཡ། ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨཱཿཧཿཛྷཻཾ། ཞེས་བཟླས་ལ། ས་རྫ་རཱ་ཛ་དང་བདུད་རྩི་ལྔ་ལ་སོགས་པའི་སྤོས་ཀྱིས་བདུག་ཅིང་རོལ་ཆེན་བྱ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་དཀྱིལ་འཁོར་བསྟན་པའི་སྔོན་ཏུ་འགྲོ་བ་བདེན་པ་བརྗོད་པ་ཡིན་ཏེ། ཞེས་མཚམས་སྦྱར་ཏེ། སློབ་དཔོན་འགྲེངས་


LT29_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞྭ་ཕུད་རྡོར་དྲིལ་བཟུང་དཀྱིལ་འཁོར་ལ་འདུད་པ་དང་བཅས་ཏེ། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང་། བསོད་ནམས་གང་ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་མ་དག །སྙིང་པོའི་གནས་འདིར་ལེགས་པར་སྟོན། ཞེས་བརྗོད། སྣང་བ་འདྲི་བ་ནི། ཀྱེ་ཁྱེད་ཀྱི་མིག་ལ་ཇི་ལྟར་སྣང་། ཞེས་དྲིས་པ་ལ་མཐོང་ལན་བྱུང་བ་དང་། དཀར་སེར་དམར་ནག་ཏུ་མཐོང་ན་རིམ་བཞིན་ཞི་རྒྱས་དབང་དྲག་ལས་སྣ་ཚོགས་འགྲུབ་པ་ཡིན་ནོ། ཞེས་ལུང་བསྟན། མེ་ཏོག་དོར་བ་ནི། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་རང་གི་རིགས་ཀྱི་ལྷ་ལ་ཕུལ་བར་མོས་ཤིག །ཅེས་བསྒོ་ལ། ཟླ་གམ་དགུ་པའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཡེ་ཤེས་མཁྱེན་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་ཟློ་ཞིང་དཀྱིལ་འཁོར་ལ་མེ་ཏོག་དོར་དུ་གཞུག །དེ་ལྟར་དོར་བའི་མེ་ཏོག་གཙོ་བོ་ལ་ཕོག་ན་མཆོག །བར་མཚམས་སུ་ལས་དང་དངོས་གྲུབ་འགྲུབ་པར་གསུངས་ཤིང་། ཁྱེད་རང་རྣམས་ཀྱིས་མེ་ཏོག་ཕོག་པའི་ལྷ་ནི། སོ་སོར་བརྗོད་པར་མ། སྤྱི་ཙམ་དུ། གཙོ་བོ་དཔལ་ཧེ་རུ་ཀ་ཡིན་པར་ཟུང་ཞིག །ཅེས་གདམས། མེ་ཏོག་གི་ཕྲེང་བ་དེ་ཉིད་སློབ་དཔོན་གྱིས་གཙོ་བོའི་དབུ་ནས་བླངས་


LT29_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་རིན་ཆེན་ཕྲེང་བ་འདི། །གང་ལ་བབས་པ་རིགས་ཀྱི་ལྷ། །ཁྲག་འཐུང་ཡབ་ཡུམ་ཁྱོད་ཀྱི་ལྷ། །རྟག་ཏུ་མི་འབྲལ་བསྒོམ་པར་བྱ། །ཀྱེ་རྡོ་རྗེ་སེམས་དཔའ་ཆེན་པོའི་ཕྲེང་བ་འདི་དང་མ་བྲལ་བར་གྱིས་ཤིག །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་མགོ་ལ་འཆིང་བའི་ཚུལ་བྱ། མིག་ཐུར་ཐོགས་ལ། ཨོཾ་ལས་སྐྱེས་པའི་གསེར་གྱི་ཐུར་མས་མཚན་མའི་དྲི་མ་བསལ་བར་མོས་མཛོད། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། སྒྲིབ་གཡོགས་ལིང་ཏོག་ཀུན་བསལ་ནས། རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ལ་གདོང་གཡོགས་བཀྲོལ། ཁྱོད་ཀྱི་མི་ཤེས་པའི་རབ་རིབ་དག་པས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་བསམ། ཞེས་བསྒོ། དཀྱིལ་འཁོར་རྡོ་རྗེའི་དབྱུག་པའམ་རྡོ་རྗེས་མཚོན་ལ། །བུ་ཁྱོད་དཀྱིལ་འཁོར་ལེགས་པར་ལྟོས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མེ་ཏོག་གང་ལ་བབས་པ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། ཞེས་ལྟ་བར་བསྐུལ་ནས། ཁྱོད་གྱིས་མཐོང་ཞིང་ཞུགས་པའི་དཀྱིལ་འཁོར་འདི་ནི། །འདི་ལྟ་བུ་མཐོང་བར་ཡིད་ལ་གྱིས་ཤིག །ཅེས་བསྒོས་ལ། སྲུང་བའི་འཁོར་ལོའི་དབུས་སུ་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་བོ་རོལ་པའི་


LT29_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་ཆེན་པོ། ནས་ཁ་དོག་སྣ་ལྔའི་མེ་དཔུང་འབར་བ། ཟླ་གམ་གླིང་དགུའི་དབུས་སུ་པད་ཟླ་ཉི་མ་དྲག་པོ་འཇིགས་བྱེད་ཆུང་མར་བཅས་པ། ཟླ་གམ་བརྒྱད་ལ་པད་ཉི་ཞིང་གི་གདན་རེ་རེ། དབུས་ཀྱི་གདན་ལ་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ནས། འོད་ཟེར་གྱི་བ་ཐག་གཟེངས་པ། ཕྱོགས་མཚམས་རྣམས་ལ་ཤར་དུ་གོ་གོ་རཱི་སྔོན་མོ་སོགས་བསྐྱེད་སྔགས་དང་ས་བོན་དོར་བའི་ལྷ་མོ་བརྒྱད་ཀྱི་མངོན་རྟོགས་རྟོགས། གཡོན་བརྐྱང་གི་རོལ་པས་འགྱིང་བའོ། །བར་སྒྲུབ་ཐབས་ལྟར་བརྗོད་ལ། ནས། བུ་ཁྱོད་དད་པས་རབ་གུས་བསྐྱེད། །དཀྱིལ་འཁོར་བཟང་པོ་ལེགས་པར་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །ཡང་དག་གྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་རྣམས་ཐམས་ཅད་མངོན་ཏུ་གྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང་། །གསང་སྔགས་སྙིང་པོ་འཛིན་པར་གྱིས། དེ་ལྟར་འཇུག་པ་རྣམ་པ་གཉིས་ཀྱི་སྒོ་ནས་ཁྱོད་ཀྱི་དཀྱིལ་འཁོར་དུ་ཞུགས་པས་རྒྱུད་ལ་ལམ་ལྔ་ལས་ཚོགས་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་དབང་གི་དངོས་གཞི་ལ། བུམ་གསང་ཤེར་ཡེ་ཚིག་དབང་བཞི། དང་པོ་བུམ་དབང་ལའང་གཉིས། རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་ངོ། །དང་པོ་ནི། ཞུགས་ནས་མངོན་པར་


LT29_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ཞུ་བའི་ཡོན་ཏུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། །རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབ་པར་མཁྱེན་པ་ལེགས། །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་རིམ་པ་བདག་ལ་སྩོལ། །རིག་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་པོ་མཆོག་རྣམས་ཤིས་པ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་རྡོ་རྗེ་སློབ་དཔོན་གཟུང་། ལན་གསུམ། ཁྱེད་རང་རྣམས་ཤར་ཕྱོགས་ཀྱི་སྒོ་དྲུང་དུ་དབང་སྟེགས་སེང་ཁྲི་པདྨའི་གདན་ལ་འཁོད་པའི་སྟེང་དུ་གདུགས་དཀར་པོ། །གཡས་གཡོན་ཏུ་རྒྱལ་མཚན་དང་བ་དན་སྒྲེང་། མདུན་ཏུ་མཆོད་པ་སྣ་ཚོགས་པས་གང་བར་མོས་ཤིག །ལས་སྔགས་ཀྱི་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་དབང་སྟེགས་ཀྱི་སྟེང་དུ་སློབ་མ་ཧཱུྃ་ལས་དཔལ་ཡང་དག་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གི་ཡི་གེས་མཚན་པར་བསམ། ཡེ་ཤེས་པ་བཛྲ་ས་མཱ་ཛཿཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་བར་དུ་གཅོད་པའི་བགེགས་རྣམས་བསྐྲད་པར་བསམས་ལ། རུ་ལུ་དང་ལས་སྔགས་


LT29_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དེ་ཡུངས་ཀར་གྱིས་བྲབ། དེ་ནས་བུམ་པ་ལྷ་གྲངས་ཡོད་ན་བུམ་ཆུ་རྣམས་རྣམ་རྒྱལ་དུ་བསྡུས་ལ། བསང་སྦྱང་། སློབ་མ་དང་དབང་རྫས་བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་རྡོར་དྲིལ་འཛིན་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨཱ་ཧ་ར་ཧཱུྃ། དེ་བཞིན་ཏུ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ་སྦྱར་བ་དང་། ཨོཾ་བཛྲ་ཨུཏྟ་ཕ་ལ་ཡེ་ཧཱུྃ། ཨོཾ་བཛྲ་བི་སྥུ་ར་ཡེ་ཧཱུྃ། ཞེས་མཆོད། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེའི་ཐུགས་ནི་བླ་ན་མེད། །སྐྱེ་མེད་སྤྲོས་བྲལ་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དེ། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་ཆུར་གྱུར་པར་བསམ། དེ་ནས་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ལ་དབང་བསྐུར་བ་ཁྱེད་རང་རྣམས་ཀྱིས་གསོལ་བ་བཏབ་པར་མོས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །གཙོ་བོས་གཙོར་མཛད་པའི་


LT29_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། མི་བསྐྱོད་པའི་རང་བཞིན་ཆུའི་དབང་བསྐུར་བར་བསམ་ཞིང་། བུམ་པ་མགོར་བཞག་ལ། ཏེལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་ལ་ནི་དབང་བསྐུར་བས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་ཨ་བྷི་ཥི་ཉྩ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་གཏོར། སྤྱན་དྲངས་པའི་ཡེ་ཤེས་ཀྱི་དབང་ལྷ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་ཡོངས་སུ་བཀང་བས་དབང་བསྐུར་བར་མོས་ཏེ། ཨོཾ། ལྷ་ཡི་ཆུ་ནི་རྣམ་དག་པས། །རྡོ་རྗེ་གསང་གསུམ་གནས་ལས་བྱུང་། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པས། དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་། སྡིག་སྒྲིབ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དཔུང་བརྒྱན་པར་བསམས་ལ། པུཥྤེ་ནས། ཤབྡའི་བར་གྱིས་མཆོད་ནས། དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་མི་བསྐྱོད་ཧེ་རུ་ཀའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཆུའི་དབང་ཐོབ་པར་མོས་པ་གྱིས་ཤིག །དབུ་རྒྱན་བསང་སྦྱང་།


LT29_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སྭཱ་ལས་བྱུང་བའི་རིན་པོ་ཆེ་སྭཱ་ས་མཚན་པ་ལས། རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་གནས་གསུམ་སོགས་གོང་ལྟར་ལ། བསྟོད་པ། ལྟ་བ་ངན་པ་འཇོམས་མཛད་པའི། །རིན་ཆེན་རྒྱལ་པོ་ཡོན་ཏན་གཙོ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། གཙོ་བོས་གཙོར་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དབུ་རྒྱན་གྱི་དབང་བསྐུར་བར་མོས་ཤིག །ཨོཾ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་རཏྣ་མུ་ཀཱུ་ཊ་ཨ་བྷི་ཥིཉྩ་སྭཱ། །ཞེས་བརྗོད་ཅིང་མགོ་ལ་བསྒོན། དེ་ནས་ཐོད་སྐམ་ལྔའི་རྩ་ཆིངས་དབུ་རྒྱན་གྱི་རྩ་བར་བཅིངས་ལ། ཨོཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་རྟགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ནི། །རྡོ་རྗེ་སེམས་དཔའ་དག་མངོན་བསྐྱེད། །རིགས་ཀྱི་ཡེ་ཤེས་མཚན་མའི་རྟགས། །ཧཱུྃ་བཛྲ་ཀ་པཱ་ལ་ཨ་བྷིཥིཉྩ་མི། །བུམ་ཅུ་འཐོར་ལ། ཨོཾ་ལྷ་ཡི་ཆུ་ནི་སོགས་ནས། ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་


LT29_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །མཆོད། །དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྡོ་རྗེ་ཉི་མའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཅོད་པན་གྱི་དབང་ཐོབ་པར་མོས་པ་གྱིས་ཤིག། དེ་ནས་ཕྱི་མ་རྣམས་ལ་རིགས་འགྲེ་སྟེ། རྡོ་རྗེ་ལ། ཨཱཿལས་པདྨ་ཨཱཿས་མཚན་པ་ལས། སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། རྡོ་རྗེ་གསུང་གི་དཔག་མེད་པའི། །དེ་བཞིན་གཤེགས་པའི་གསུང་མཆོག་པ། །རྡོ་རྗེ་གསུང་ནི་ཀུན་འབྱུང་བ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་རྡོ་རྗེར་གྱུར། འོད་དཔག་མེད་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར། རྡོ་རྗེ་ལག་གཡས་སུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། རྡོ་རྗེ་གསང་བ་ཆེན་པོ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་གཟུང་བར་བགྱི། །ཨོཾ་བཛྲ་ཨ་བྷིཥིཉྩ་ཧཱུྃ། །ལན་གསུམ་གསོར་ཞིང་སྙིང་གར་འཛིན་དུ་བཅུག་ལ། ཨོཾ་ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ཅིང་དོན་བསམ། སྣང་མཐས་དབུར་བརྒྱན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་གར་གྱི་དབང་ཕྱུག་གི་ངོ་བོ་མཚོན་པར་བྱེད་པ་རྡོ་རྗེའི་དབང་ཐོབ་པར་མོས་པ་གྱིས་ཤིག །དྲིལ་བུར། ཧཱ་ལས་བྱུང་བའི་རལ་གྲི་ཧཱས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་


LT29_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འཛིན་པར་བསྐྱེད། རྡོ་རྗེ་ལས་རབ་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་གྲུབ་དཔལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་གཙོ་བོར་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་དྲིལ་བུར་གྱུར། དོན་གྲུབ་ཀྱི་ངོ་བོ་དྲིལ་བུས་དབང་བསྐུར། ལག་གཡོན་ཏུ་གཏང་ལ། འདི་ནི་རྣལ་འབྱོར་མ་ཚོགས་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་རྟག་ཏུ་བཅང་བར་གྱིས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་ཨ་དྷི་པ་ཏི་སྟཾྭ། ཨ་བྷི་ཥིཉྩ་མཱཾ། དཀྲོལ་ཅིང་དཀུ་གཡོན་པར་བརྟེན་དུ་གཞུག་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་རྣམས་དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད། དོན་གྲུབ་ཀྱིས་དབུར་བརྒྱན། བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་རོལ་པའི་ངོ་བོ་མཚོན་པར་བྱེད་པ་དྲིལ་ཊའི་དབང་ཐོབ་པར་མོས་པ་གྱིས་ཤིག །རྡོར་དྲིལ། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་འཛིན་པར་བསྐྱེད། རྡོ་རྗེའི་སྐུ་ནི་དགའ་ཆེན་པོ། །ཐམས་ཅད་ཞི་བའི་མཆོག་ཉིད་གསལ། །རང་གི་ངང་གི་འོད་གསལ་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང་། དེ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་དུ་གྱུར། རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་བསྐུར། རྡོར་དྲིལ་སྤྱི་བོར་དཀྲོལ་ལ། ཨོཾ་གང་ཕྱིར་


LT29_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་རྣམ་དག་པར། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ལམ་གང་དང་གང་། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་དཔལ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མི། བཛྲ་མཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད། རྣམ་སྣང་གིས་དབུར་བརྒྱན། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དཔལ་རྣམ་སྣང་གི་ངོ་བོ་མཚོན་པར་བྱེད་པ་མིང་གི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་དང་། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །ཡང་དག་སྒྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་ཚོགས་ཀྱིས་ཀྱང་། །རྒྱལ་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །ཞེས་རིག་པའི་དབང་ལྔའི་ཕན་ཡོན་བརྗོད། དེ་ནས་དམ་ཚིག་གི་མནའ་བསྒག་ཅིང་སྡོམ་པ་སྦྱིན་པ་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་མགྲིན་གཅིག་གིས་གསུང་བར་མོས་ཤིག །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང་། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ལ་ཁྲག་ཆེན་འཐུང་བ་ཞིག །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །རང་གི་ངོ་བོ་ཡོངས་སྤངས་ཤིང་། །དཀའ་ཐུབ་ཀྱིས་ནི་གཟིར་


LT29_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱན། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་མེད་སྟོབས་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་པར་དཀའ་པའོ། །ཞེས་བརྗོད་ཅིང་སྤྲོན་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམ་གསུམ་རྒྱས་པར་བསྟན་ནོ། །བུམ་དབང་གི་ཡན་ལག་བདག་པོའི་དབང་ནི། །ཐོད་སྐུ་བསང་སྦྱང་། དབང་རྫས་དང་སློབ་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་དཔལ་ཡང་དག་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། ཡེ་ཤེས་པ་བཛྲས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །ཕྱག་མཚན་རྡོ་རྗེ་ཀ་པཱ་ལ། །སྐུ་ཡི་དངོས་གྲུབ་ཐོབ་བྱེད་པ། །ཁྲག་འཐུང་ཡབ་ཡུམ་དབང་བསྐུར་རོ། །ཨོཾ་ཀ་པཱ་ལ་སིདྡྷི་ཧེ་རུ་ཀ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཞེས་ཀ་པཱཾ་ལ་སྤྱི་བོར་བཞག །ཧེ་རུ་ཀ་ཡབ་ཡུམ་ཁྱེད་རང་རྣམས་ལ་ཐིམ། སྐུ་སྣང་ལ་རང་བཞིན་མེད་པར་ཆུ་ཟླ་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་ན་སྐུ་ཡི་དངོས་གྲུབ་ཐོབ་སྟེ་སྐུའི་དབང་ངོ་། །དྲིལ་བུ་ཐོགས་ལ། སངས་རྒྱས་ཀུན་གྱི་གསུང་གི་དབང་། །ཤེས་རབ་གསུང་གི་སྒྲ་སྒྲོགས་པ། །མཁའ་འགྲོ་སྒྱུ་མའི་སྙིང་པོ་འདི། །གྲག་སྟོང་གསུང་གི་དངོས་གྲུབ་ཐོབ། །ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿརུ་ལུ་བརྗོད། དྲིལ་བུ་གཏད་དེ་


LT29_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གྲག་སྟོང་སྐྱེ་བ་མེད་པར་ཤེས་པར་བྱའོ། །དེ་ལྟར་ན་གསུང་གི་དངོས་གྲུབ་ཐོབ་སྟེ་གསུང་གི་དབང་ངོ། །རྡོ་རྗེ་ཐོགས་ལ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་། །གཉིས་མེད་ཡེ་ཤེས་སྐྱེད་པ་བོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཙིཏྟ་སིདྡྷི་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེ་གཏད་དེ། སེམས་མ་སྐྱེས་རྟོག་པ་དང་བྲལ་བས་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ། །དེ་ལྟར་ན་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་སྐྱེ་བ་མེད་པའི་དོན་རྟོགས་ཐུགས་ཀྱི་དབང་ངོ་། །ཐབས་དང་ཤེས་རབ་གཉིས་མེད་པའི། །དམ་ཚིག་རྡོ་རྗེ་དྲིལ་བུ་འདི། །ཡོན་ཏན་ཕྲིན་ལས་བསྒྲུབ་པའི་ཕྱིར། །ཕྲིན་ལས་རྫོགས་བྱེད་དབང་བསྐུར་རོ། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་མཱཾ། ཞེས་རྡོ་རྗེ་དྲིལ་བུ་ཟུང་འཇུག་ཏུ་གཏད་ནས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ་ཡོན་ཏན་ཕྲིན་ལས་ཀྱི་དབང་ངོ། །ཕྱག་མཚན་གཉིས་ལག་ཏུ་གཏད་ལ། ཧེ་རུ་ཀ་དཔལ་ཁ་ཊཾྭ་ག །རྣལ་འབྱོར་མ་ཡི་ཌཱ་མ་རུ། །དཔའ་བོ་ཆེན་པོས་བླང་བར་བགྱི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། ཁ་ཊཱཾྭ་ཆོས་ཉིད་སྟོང་པ་ལས་སྒྲ་གྲག་སྟོང་ཤེས་པ་ཕྱག་མཚན་གྱི་དབང་ངོ་། །མར་མེས་དབང་བསྐུར་ལ། སྐྱེ་མེད་དབྱིངས་ལས་ཡེ་ཤེས་ཆེ། །སེམས་ཅན་མ་རིག་མུན་


LT29_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེལ། །སེམས་ཉིད་འོད་གསལ་ཆོས་ཀྱི་དབྱིངས། །གསལ་བྱེད་མར་མེས་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། དབང་དེ་ཉིད་ཀྱི་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་སྟེ་མ་རིག་མུན་པ་སེལ་བར་བྱེད་པ་མར་མེའི་དབང་ངོ། །དེ་ལྟར་དབང་རྣམ་པ་དྲུག་གིས་ཀུན་གཞིའི་དྲི་མ་སེལ་ཞིར་མ་རིག་པ་ཉོན་མོངས་པའི་དྲི་མ་དྲུག་དག་ནས། རིག་པ་རིགས་དྲུག་གི་དབང་མཆོག་ཐོབ་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། དེ་ནས་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། །སློབ་དཔོན་དབང་བསྐུར་བདག་ལ་སྩོལ། །བདག་གཞན་དོན་དུ་བྱ་བ་རྣམས། །འགྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །ལན་གསུམ། དམ་ཚིག་གསུམ་སྦྱིན་པ་ནི། སློབ་མ་ཧཱུྃ་ལས་དཔལ་ཡང་དག་སྦྱོར་བ་ཡུམ་དང་བཅས་པའི་བསྐུར་བསམ། ཧཱུྃ་དང་ཨ་ལས་རྡོར་དྲིལ་རྡོར་སེམས་ཡབ་ཡུམ་ཞུ་པའི་རྡོ་རྗེ་དང་དྲིལ་བུར་གྱུར། སློབ་མའི་ལག་པ་གཡས་གཡོན་དུ་གཏད་ལ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུངས་ཤིག་ཡང་དག་གཟུང་བར་བགྱི། །དེ་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་


LT29_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །འདི་ཉིད་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ས་མཱ་ཡ་ཏིཥྛ། དེ་ལྟར་རྡོ་རྗེ་གཏད་པ་ནི། སེམས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ནི་ཐུགས་ཀྱི་དམ་ཚིག་གོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་བཛྲ་གྷ་ཎྜེ་ཨཱཿཨེ་ཥ་སྟཱཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧོཿདྲིལ་བུ་གཏར་པ་ནི། དག་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་དམ་ཚིག་ཏུ་བྱིན་གྱིས་བརླབས་པ་གསུང་གི་དམ་ཚིག་གོ། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ཨོཾ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ། རང་ལྷ་སྐུར་གསལ་བ་ཕྱག་རྒྱ་ཆེན་པོའི་དམ་ཚིག་སྟེ་དམ་ཚིག་གསུམ་ཐོབ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་གཏད་པ་དང་མཉམ་པར་སྦྱར་བ་ལས་བདེ་བའི་ཡེ་ཤེས་མྱོང་བས་དོན་གྱི་བུམ་པའི་དབང་ཐོབ་པར་མོས་པ་གྱིས་ཤིག །བུམ་པས་དབང་བསྐུར་ལ། དབང་བསྐུར་རྡོ་རྗེ་ཆེན་


LT29_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་འཐོང་ཞིང་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིས་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པ་ལ་ལྷ་ཐམས་ཅད་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་མོས་ཤིག །སུ་པྲ་ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་རྒྱ་ཆེར་བསྒྲག །གོང་ལྟར། ཨོཾ་བཛྲ་ཨཱ་ཧ་ར་སོགས་ཀྱིས་མཆོད་དོ། །དེའི་མཐའ་རྟེན་རྗེས་སུ་གནང་བ་སོགས་བྱ་བ་ལ། ཐོག་མར་ལས་སྒྲུབ་པའི་རྗེས་གནང་ནི། དེ་ལྟར་ཁྱེད་རང་རྣམས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་གནས་ཐོབ་པའི་ཕྱིར། ཞི་སོགས་ཕྲིན་ལས་རྣམས་དང་། རལ་གྲི་ལ་སོགས་པ་ཐུན་མོང་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅི་དགའ་བ་བདེ་གླག་ཏུ་སྒྲུབ་པར་གྱིས་ཤིག །བདག་གཞན་དོན་བསྒྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པའི། །ཞི་རྒྱས་དབང་དྲག་དགུག་པ་དང་། །སྡང་གནོད་རེངས་པའི་ལས་ཀུན་དང་། །དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་སྒྲུབ་པར་གྱིས། །


LT29_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་མིག་སྨན་ས་འོག་དང་། །ཐོགས་མེད་མི་འབྱིང་སྐས་འཛེག་དང་། །གསེར་འགྱུར་རིལ་བུ་ཉི་ཟླ་བཟུང་། །ཆར་དབབ་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་བསྒྲུབ་དང་ཡེ་ཤེས་བསྒྲུབ། །ཕྱག་རྒྱ་ཆེན་པོའི་དོན་བསྒྲུབ་དག །ཐམས་ཅད་བསྒྲུབ་ཅིང་འགྲེ་བ་ཡི། །དོན་ཉིད་ཡང་དག་སྦྱོར་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང་། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱན། །ཕྲིན་ལས་བདག་གཞན་གནས་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབ། །ཞེས་བརྗོད། མིག་སྨན་མིག་ཐུར་རམ་རྡོ་རྗེས་བླངས་ལ་རུ་ལུ་བཟླ་ཞིང་། མིག་སྨན་གྱི་རྗེས་སུ་གནང་བས་མ་རིག་སྒྲིབ་པའི་ལིང་ཏོག་བསལ་བར་མོས་ཤིག །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མིག་ནད་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ཀྱང་མི་ཤེས་པའི། །ལིང་ཏོག་རྒྱལ་བས་སེལ་བར་མཛོད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི་སྲཾ། ཞེས་བརྗོད་མིག་ལ་བྱུགས་པའི་ཚུལ་བྱའོ། །མིག་ཕྱེ་ནས་གང་ལ་བལྟ་ན། ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་སྤྱོད་ཅིག་པར་གོ་བར་གྱིས་ཤིག །མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་དྲི་མ་མེད། །གཟུང་འཛིན་རྣམ་བྲལ་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། །རང་བཞིན་མེད་ཅིང་བདག་


LT29_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། །ཆོས་རྣམས་དེ་བཞིན་ཤེས་བྱས་ནས། །སེམས་ཅན་དོན་ནི་ཡང་དག་བྱོས། །དེ་ནས་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད། དོན་དམ་པར་ཆོས་ཐམས་ཅད་ཡི་དམ་གྱི་ལྷར་གནས་པའི་མཚན་ཉིད་སྟོན་པ་གྲག་སྟོང་དྲིལ་བུའི་སྒྲ་ལ་བརྟེན་ནས། ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་གནང་བ་ཡིན་ཏེ། དྲིལ་བུ་དབོལ་དུ་གཞུག་སྟེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །སླར་མེ་ལོང་བསྟན་ལ། སྔར་བྱིན་ཕབ་པའི་མྱོང་བ་དེ་དང་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་བཞུགས་པ་དཔེ་འདིས་མཚོན་པར་བྱོས་ཤིག །ཨོཾ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་བཞིན་གཙོ། །མདའ་གཞུ་ཐོགས་ལ། དེ་ཕྱིན་ཆད་རང་དོན་ཡིད་བྱེད་ཀྱི་སེམས་དང་བྲལ་བར་བྱ་དགོས་པའང་བརྡ་འདིས་མཚོན་པར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པ་བྱོས་ཤིག །ཅེས་སྦྱིན་ནས། བདུད་བཞི་དང་ཉན་རང་ཡིད་བྱེད་ལ་དམིགས་ཏེ་ཕྱོགས་བཞི་དང་སྟེང་འོག་ཏུ་འཕེན་


LT29_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་མཛོད་ཅིག །ཅེས་བསྒོ། སྤྱིར་ཆོས་བཤད་པ་དང་། བྱེ་བྲག་རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་གནང་ནི། དེ་ནས་ཆོས་ཀྱི་འཁོར་ལོ་སྐོར་ཞིག་པའི་བརྡར་བྱིན་གྱིས་བརླབས་པའི་འཁོར་ལོའི་སྟན་ལ་བཞག་ཅིང་། དུང་གི་སྒྲས་གདུལ་བྱ་བསྡུས་ཏེ་ཆོས་འདི་ཤོད་ཅིག་པའི་བརྡར་ལག་པ་གཡས་སུ་གླེགས་བམ་དང་གཡོན་དུ་དུང་སྦྱིན་པར་གོ་བར་མཛོད་ཅིག བྱས་ལ་དེ་དག་སྦྱིན་ཅིང་། ཨོཾ། །ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་དོན་ཀུན་མཉམ་སྦྱོར་ཞིང་། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར། །ཐེ་ཚོམ་རྟོགས་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་ནི་སྒྲ་བསྒྲགས་པས། །གསང་སྔགས་སྙིང་པོ་གསང་ཆེན་དོན། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། །དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་འདོགས་དྲིན་ལན་མཛད་པ་ཡིན། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད། ཁྱེད་རང་རྣམས་གདུལ་བྱ་རིགས་སོ་སོ་ལ་དེ་དང་མཐུན་པའི་ཆོས་འཁོར་བསྐོར་བར་རྗེས་སུ་གནང་བར་མོས་ལ་མི་བསྐྱོད་པ་སོགས་རིགས་སོ་སོའི་ང་རྒྱལ་ལ་གནས་པར་ཞུ། རྡོ་རྗེ་སོགས་རིགས་ལྔའི་ཕྱག་མཚན་རིམ་བཞིན་གཏད་ལ། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་


LT29_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་སུ། །རྡོ་རྗེའི་འཁོར་ལོ་སྐོར་དུ་གསོལ། །དེ་བཞིན་དུ། རྡོ་རྗེའི་གནས་སུ། ཆོས་ཀྱི་རིན་ཆེན་པདྨ་རལ་གྲི་བཅུག །དེ་ནས་ལུང་བསྟན་ཅིང་དབུགས་དབྱུང་བ་ནི། །སློབ་དཔོན་མཆོག་གི་སྤྲུལ་པའི་སྐུར་གནས་གྱུར་པས་སངས་རྒྱས་རྣམས་དང་མགྲིན་གཅིག་པུར་ཁྱེད་རང་སངས་རྒྱས་སུ་ལུང་སྟོན་པར་མོས་ཤིག །བྱས་ལ་སློབ་དཔོན་ལངས་ཏེ་སྣམ་སྦྱར་བགོ། །ལག་གཡོན་པས་ཆོས་གོས་ཀྱི་གྲ་སེང་གེའི་རྣ་བ་ལྟར་བྱས་པ་བཟུང་ཞིང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་སློབ་མའི་མགོ་བོར་བཞག་ལ། འདི་ལྟར་ང་ཡིས་ཁྱོད་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་གནས་ལས་གྲོལ། །ཀྱེ་ཤྲཱི་ཧེ་རུ་ཀ་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟཾྭ་བྷུ་ར་བྷུ་ཝ་སྭ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་སྟོན་པར་མཛད་དེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་མཐའ་མ་ནི་འདི་ཡིན་ཏེ་གསང་བ་བླ་ན་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །ཞེས་གསུངས་པར་མོས་ཤིག །སླར་བཞུགས་ནས། ཁྱོད་ཀྱིས་ཆགས་པ་དང་མི་འབྲལ་བར་བྱ་སྟེ་དེ་དག་ནི་ལས་ལ་སྦྱར་བར་


LT29_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །མ་ཧཱ་ས་མ་ཡ་ཧཱུྃ་ཕཊ། །དེ་རིང་དཀྱིལ་འཁོར་སློབ་དཔོན་དང་། །སྔགས་སོགས་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བ། །དཀྱིལ་འཁོར་ཆོ་ག་བཞིན་ཏུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དེ་ནས་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བསྟན་ཅིང་དེ་ལས་གཟེངས་བསྟོད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་བ་སོགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །ཁྱེད་རྣམས་རབ་ཏུ་དགེ་བར་གནས། །ཁམས་གསུམ་པ་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་དབང་བསྐུར་ཞིང་། །བདུད་རྣམས་ཀུན་ལས་རྣམ་པར་རྒྱལ། །ཕོ་བྲང་མཆོག་ཏུ་ཞུགས་པ་ཡིན། །དབང་བསྐུར་རྗེས་ཐོགས་དབུགས་དབྱུང་བས། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་བློ་གྲོས་དམ་ཚིག་ལྡན། །བརྟན་གཡོ་མཐའ་ཡས་རྣམ་པར་གྲོལ། །


LT29_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཆོག་འཇུག་སྟོབས་དབུགས་ཕྱུང་སྟེ། །ངལ་བའི་གནས་ངན་ཀུན་སྤངས་སོ། །ཞེས་དང་། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མེད་ཅིང་། །མཚུངས་མེད་ཐུབ་པར་མི་འགྱུར་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །འདི་ཡི་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་བརྗོད། དབང་བསྐུར་དེ་ལ་བརྟེན་པའི་ཁྱད་པར་གྱི་དམ་ཚིག་ཀྱང་འདི་ལྟ་སྟེ། རྡོ་རྗེ་བླ་མ་མི་སྤང་ཞིང་། །བྱང་ཆུབ་སེམས་ནི་ཡོངས་མི་སྤོང་། །རྡོ་རྗེ་ཞེས་བྱ་ཕྱག་རྒྱ་ཆེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང་། །མ་གུས་སྤང་ཞིང་དོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཞེས་བརྗོད། དེ་ཁོ་ན་ཉིད་བསྟན་པ་ནི། དབང་དོན་གྱི་གཙོ་བོ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱ་བ་ནི། ཞུགས་པའི་དཀྱིལ་འཁོར་འདི་རྣམས་བསྒོམས་པས་རབ་ཏུ་ཅི་ཞིག་མངོན་དུ་གྱུར་ཅེ་ན། ཧེ་རུ་ཀ་ག་ལྤོའི་རྒྱུད་ལས། གཞལ་ཡས་ཁང་ཆེན་


LT29_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་པ། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་ཐར་བརྒྱད་དང་རྟ་བབས་སོ། །རིན་ཆེན་སྒོ་སྟེ་ཐུགས་རྗེའི་དང་། །ཡང་དག་སྤོང་བཞི་ཏ་རོ་་དྲན་པ་ཉེར་བཞག་སྒོ་འཁྱུད་དང་། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱམས་དང་། །བྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་ཚོགས་འཛོམས་མུ་ཏིག་ཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་དམ་པའོ། །དེ་ལྟ་ནའང་ནང་གི་ལྷ་རྣམས་ནི་སྤང་བྱ་དང་ལམ་གྱི་ཆོས་གང་རྣམ་པར་དག་པའི་འབྲས་བུ་ཡིན་སྙམ་ན། དེའང་རྒྱུད་ལས། བཅུ་ལྡན་ཡེ་ཤེས་དཔལ་ལ་དགའ། །གཉིས་ལྡན་ཟག་མེད་ཡུམ་གྱི་སྐུ། །ཀུན་གཞི་རྣམ་དག་གཽ་རཱི་མ། །མི་ཤེས་རྣམ་དག་ཙཽ་རཱི་མ། །ཉོན་ཡིད་རྣམ་དག་པྲ་མོ་ཧཱ། །ལུས་ཤེས་རྣམ་དག་བཻཏྟ་ལཱི། །མིག་ཤེས་རྣམ་དག་པུཀྐ་སཱི། །རྣ་བའི་རྣམ་ཤེས་གྷ་སྨ་རཱི། །སྣ་ཤེས་རྣམ་དག་སྨེ་ཤ་ནྟི། །ལྕེ་ཤེས་རྣམ་དག་ཙཎྜ་ལཱི། །ཡེ་ཤེས་


LT29_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ངོ་བོར་རྫོགས། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །ཕུང་པོ་ལྔ་ལ་སོགས་པའི་ཆོས། །དེ་ནི་སྤང་བར་བྱ་བ་མིན། །ཐེག་པ་གསུམ་ནི་སྤང་བ་མིན། །ཀ་ཏི་ལི་བཞིན་ཡོངས་སུ་བཟུང་། །ཞེས་གསུངས་པ་ལྟར་ངེས་པར་གྱིས་ཤིག །དེ་ལྟར་ན་ཁྱེད་རྣམས་དཀྱིལ་འཁོར་བྲི་བསྒྲུབ་དབང་བསྐུར་ཕྲིན་ལས་ཐམས་ཅད་བསྒྲུབ་པ་ལ་སོགས་སློབ་དཔོན་གྱི་བྱ་བ་ཐམས་ཅད་ལ་དབང་བས་སློབ་དཔོན་གྱི་དབང་ཐོབ་བོ། །ཞེས་དང་། དེ་ལྟར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་ཞིང་ལམ་ལྔ་ལས་སྦྱོར་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ལུས་ཀྱི་དྲི་མ་དག་སྟེ། སྤྲུལ་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་གསང་དབང་ནི། བདེ་ཆེན་གསང་བའི་དབང་བསྐུར་ཞུ་པའི་ཡོན་ཏུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་བ་ཆེན་པོའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །


LT29_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་སེལ། །གང་གི་བྱང་ཆུབ་བླ་ན་མེད། །དེ་རིང་བདག་གིས་ཐོབ་པར་མཛོད། །ལན་གསུམ། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཏིང་འཛིན་སྦྱོར་སྔགས་གསལ་བ་ནི། །རང་གི་གནས་སུ་ལེགས་པར་བསྟོད། །ཅེས་གནང་བ་སྦྱིན། ཁྱེད་རང་རྣམས་ཀྱི་ཤེས་རབ་མ་ལང་ཚོ་དར་ལ་བབ་ཅིང་རྒྱན་གྱིས་བརྒྱན་པ་བླ་མ་ལ་ཕུལ་བར་མོས་ལ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། །ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །དོན་ཆེན་ཟབ་མོས་ཉོན་མོངས་འཇོམས། །དེ་རིང་བདག་ལ་དབབ་པར་མཛོད། །ཅེས་ཞུ། ལུས་ཀྱི་དཀྱིལ་འཁོར་ཆ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། །ཨོཾ་ཨཱཿཧཱུྃ། གདོང་འཆིང་། བདུད་རྩི་འཐོར་ལ་བསྲུང་ངོ། །སློབ་དཔོན་དཔལ་ཡང་དག་ཏུ་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུར་ཨོཾ་རྩེ་མོར་ཕཊ་དང་བཅས་པ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཨོཾ་


LT29_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པས་མཐེབ་སྲིན་གྱིས་བཟུང་ནས་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན། ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་ཚོགས་དབང་བསྐུར་ཞིང་། །བྱང་ཆུབ་སེམས་བདེ་དག་པའི་ཆུས། །རྣམ་རྟོག་དྲི་མ་དག་པར་བྱ། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བྱིན་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱང་ལ་བདེ་ཆེན་རྟོགས་པའི་ང་རྒྱལ་བཟུང་བ་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ །ད་ནི་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་པ་ཆེ། །ཡོན་ཏན་ཀུན་གྱིས་བདག་བརྒྱན་ཏེ། །ཡང་དག་སྦྱོར་བའི་བདག་ཉིད་དོ། །ཞེས་བརྗོད་ལ་བཏུད། དེས་ལུས་གང་པས་ངག་གི་ཉེས་པ་དག་ནས་གསུང་རྡོ་རྗེར་གྱུར། ལུས་དཀྱིལ་མཐོང་བས་གདོང་གཡོགས་བཀྲོལ། ཡུམ་གྱི་བྷ་ག་ནས་གསང་བའི་དབང་ཐོབ་པས་རང་བྱིན་གྱིས་བརླབ་པ་བསྒོམ་ལ་དབང་ཞིང་ལམ་ལྔ་ལས་མཐོང་བའི་ལམ་ས་དང་


LT29_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་དག་གི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །ཕྱག་རྒྱ་མི་ཕྱེད་རབ་བསྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེན་པོ་ཇི་ལྟ་བར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །རྟོག་པའི་དྲི་མས་བསྒྲིབས་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །ལན་གསུམ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མ་གསལ་བ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །དགའ་བའི་གནས་ཆེན་ལྷ་མོ་འདི། །ལེགས་པར་ཟུངས་ཤིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདི་ལས་བྱུང་། །དེ་བས་ཁྱོད་ཀྱི་འདི་ཉིད་དང་། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་ལྟར་གཏད་པའི་རིག་མ་དེས་


LT29_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ལ་དགའ་བའི་འཛུམ་གྱིས་བལྟས་ཏེ། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་བུར་མྱང་བ་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གར་འོ་བྱེད་མི་རྟོག་པར། །སྨྲོས་ཤིག་གྲོགས་པོ་བདེ་བ་ཅན། །དྲིས་པའི་བཏབ་པར་མོས་ལ་འདིའི་རྗེས་ཟློས། །ཁུ་ཁྲག་ལ་སོགས་ཟ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨར་འོ་བགྱིད་དོ། །དེ་ནས་རིག་མ་དེ་ལུས་གཅེར་བུར་ཕྱུང་མེ་ཏོག་ཕྲེང་བ་མགོ་ལ་བཅིངས། བྷ་ག་ཕྱག་གིས་བསྟན་ནས། རྨད་བྱུང་གསང་པའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་འདི་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་འབྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རྣམ་པར་གྲོལ། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བྱུང་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་ཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའི་དགྱིངས། །འབྱུང་བ་བཞི་པོ་རྒྱན་བཞིན་བཀོད། །ལྟེ་བའི་ཟེའུ་འབྲུ་གེ་སར་ཟླུམ། །པདྨ་འདབ་མ་རྣམ་པར་མཛེས། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་


LT29_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་གཟུགས། །བྷཉྫ་མོཀྵ་ཧོཿཞེས་གསུངས་ཤིང་རིག་མའི་ལག་པ་གཡོན་སློབ་མའི་ལག་པ་གཡས་པར་གཏད་པར་སྒོམས་ཤིག །ཤེས་རབ་དམ་པ་འདི་ཡིས་ནི། །ཁྱོད་ཀྱི་ཡེ་ཤེས་སྐྱེད་བྱེད་པ། །འདི་དང་ཁྱོད་གཉིས་རྟག་ཏུ་ཡང་། །དད་པས་རྟག་ཏུ་འགྲོགས་པར་གྱིས། །འདི་ལ་རྟག་ཏུ་རོལ་མོ་གྱིས། །ཞེས་བརྗོད། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བརྗོད་དེ། བསྒོམ་ལམ་ས་བཅུའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་པ་རྣམས་སྔོན་ཏུ་འགྲོ་བའོ། །དངོས་གཞི་ནི། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། ཨོཾ་ཨཱཿཧཱུྃ། བདུད་རྩི་འཐོར་ལ་བསྲུང་། ཁྱེད་རང་རྣམས་དཔལ་ཡང་དག་སྦྱོར་བར་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུར་ཨོཾ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། རྩ་གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ག །རྩི་མོར་ཕཊ་ཡིག་སེར་པོས་མཚན་པར་གསལ་ཐོབ་ལ། འཁྱུད་པ་དང་ཙུམྦ་དང་། གསང་གནས་སྦྱར་བས་འདོད་ཆགས་ཆེན་པོའི་


LT29_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མེས་དྲོད་སྐྱེས་ཏེ་དྭངས་མ་བཞུ། གསང་གནས་མཉམ་པར་སྦྱར་བས་ཁམས་དྭངས་མ་ཐམས་ཅད་སྤྱི་བོ་ནས་རིམ་བཞིན་འཁོར་ལོ་བཞིར་བརྒྱུད་དེ་རྡོ་རྗེའི་རྩ་བར་ཕྱིན་པས་དགའ་བ། དབུས་སུ་ཕྱིན་པས་མཆོག་དགའ་བ། རྩ་གསུམ་འདོམས་པའི་དབུས་སུ་བྱོན་བས་ཁྱད་དགའ་བ། ནོར་བུའི་རྩེ་མོར་བྱོན་ཏེ་སྟེང་འོག་གི་རླུང་ཁ་སྦྱར་བས་མི་གཡོ་བར་གྱུར་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ལ་ལྷན་སྐྱེས་དེ་ཆེར་འཕེལ་བས་བྱང་སེམས་རྒྱས་ཏེ་ལྟེ་སྙིང་མགྲིན་སྤྱིར་ཕྱིན་ཏེ་བརྟན་པས། མས་བརྟན་གྱི་དགའ་བ་བཞི་སྐྱེས་པར་མོས་ལ་རང་ངོ་ངོས་བཟུང་པར་ཞུ། རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་མཆོག །རང་གི་རང་བཞིན་དེ་ཉིད་དོ། །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་པས་གདོང་གཡོགས་བཀྲོལ། དེ་ལྟར་ཕྱག་རྒྱ་གཏད་དེ་བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། ལམ་ལྔ་ལས་རྒྱུའི་ཐེག་པའི་མཐར་ཕྱིན་ལམ་ཀུན་ཏུ་འོད་ཀྱི་རྟོག་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། དེས་ཡིད་ཀྱི་དྲི་མ་དག་སྟེ་ཆོས་སྐུ་འགྲུབ་


LT29_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་འབྲེལ་འགྲིག་གོ། །ཞེས་རྟོགས་པ་བརྗོད། བཞི་པ་ནི། ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་ཏུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ལན་གསུམ། ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། འབྲུ་གསུམ་བདུད་རྩིས་བསྲུངས་ལ། རྣལ་འབྱོར་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མྱོས་པར་དབང་བསྐུར་འགྱུར། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །སྐད་ཅིག་གཅིག་ལ་དམིགས་མེད་པ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བརྗོད་དོ། །ཞེས་པའི་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོག་པའི་ཏིང་ངེ་འཛིན་བཞི་པ་སྟེ་དེ་ལ་ཡུན་རིང་དུ་གོ་མས་པས་བརྟན་པའི་ནང་རྟགས་ལུས་འགུལ་བསྐྱོད། ངག་དབུགས་འགྱུ་བ་སེམས་ལ་བདེ་སྡུག་གང་གིས་ཀྱང་ཉོན་མི་མོངས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ལས་མི་འགྱུར་བ་དང་། ཕྱི་རྟགས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་མཚན་


LT29_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་བྲལ་བ་འབྱུང་བས། དེ་ལ་འབད་དེ་གོམས་པར་གྱིས་ཤིག །ཅེས་བརྗོད། དངོས་གཞི་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་སྔར་གྱི་བདེ་སྟོང་གི་ཡེ་ཤེས་དྲན་པར་མཛོད་ལ། དེའི་ངང་ལ་མཉམ་པར་ཞོག་ཅིག །ཅེས་བརྗོད་ལ་མཉམ་པར་འཛེག་ཏུ་བཅུག །དེ་ལས་མི་རྟོག་པའི་ཡེ་ཤེས་སྐྱེས་པས་ན་ཁྱོད་ཀྱིས་བཞི་པའི་ཡེ་ཤེས་ཉམས་སུ་མྱོང་བས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་པས་གདོང་གཡོགས་བཀྲོལ་མཛོད། ཁྱེད་རྣམས་ཀྱི་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་ལམ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བསྒོམ་ལ་དབང་ཞིང་ལམ་ལྔ་ལས། འབྲས་བུའི་ཐེག་པའི་མཐར་ཕྱིན་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་ཐེག་པའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་སྟེ་ངོ་བོ་ཉིད་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ། །ཞེས་བརྗོད་དོ། །གསུམ་པ་རྗེས་དམ་ཚིག་བསྒྲག་པ་སོགས་ནི། དེ་ལྟར་དཔལ་ཆེན་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་བསྐུར་གྲུབ་ནས་དབང་སྲོག་དམ་ཚིག་གི་རིམ་པ་རྣམས་སྲོག་བཞིན་ཏུ་བསྲུང་དགོས་པས་བསྲུང་བྱ་


LT29_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཤེས་པའི་སླད་དུ་ཐོག་མར་ཁྱད་པར་གྱི་དམ་ཚིག་བསྒྲགས་པ་འདི་ལ་སྙན་གཏོད་འཚལ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པ་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་འགྱུར། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་མི་གཏང་ཞིང་། །དྲན་པ་གསལ་བས་གཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག །སྤྱི་ཡི་དམ་ཚིག་བསྒྲགས་པའང་འདི་ལ་གསན་པར་ཞུ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་པ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་


LT29_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་དེ་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །སྔགས་པས་དེ་དག་སྤངས་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཏེ། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་ཀུན་བཅོམ་སྟེ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །མཉམ་པར་གཞག་པའི་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་པར་བྱ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་


LT29_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་འདས་པ་དང་། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་རྣམས། ཁ་ན་མ་ཐོ་བཅས་གྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང་། །བདུད་དང་སྡུག་བསྔལ་མང་དུ་འཕེལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །ཉིན་རེ་བཞིན་ཡང་བཟླས་པར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་གསུངས་ཏེ། དེ་དག་ཚུལ་བཞིན་ཏུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བཞི་རྫོགས་པར་ཐོབ་པའི་གཏོང་རག་ཏུ་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་བའི་བློས། དེ་ང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་


LT29_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་བརྗོད། སློབ་དཔོན་ཀྱིས་ཀྱང་། སློབ་མ་དམ་པ་དམ་ཚིག་ཆེ། །ཁྱོད་ཀྱིས་འབྱོར་ཚོགས་ཤིན་ཏུ་བཟང་། །དད་མོས་ཆེ་བས་དངོས་གྲུབ་ཐོབ། །དད་མོས་མེད་པས་མི་འགྲུབ་པོ། །ཞེས་བསྒོ། དགེ་བསྔོ་བརྗོད་ལ་སློབ་མནམས་ཀྱིས་སོ། །གསུམ་པ་དེ་དག་གི་རྗེས་ཀྱི་བྱ་བ་ནི། དབང་གི་རྗེས་བྱ་གོང་དུ་སོང་། ཆོ་གའི་རྗེས་ཀྱི་བྱ་བ་ནི། རས་བྲིས་ལ་བརྟེན་པའི་དབང་རྐྱང་ཙམ་གྱི་སྐབས་ཚོགས་ལ་རོལ་ཞིང་ལྷག་མའི་ཆོ་ག་ནས་བརྩམ། རས་བྲིས་ལ་བརྟན་བཞུགས་ཟིན་ནས་དཀྱིལ་འཁོར་བསྡུ། ཕུར་བུ་དབྱུང་ཞིང་། བཀྲ་ཤིས་ཀྱི་བར་མཐར་དབྱུང་བས་རྫོགས་པར་གྲུབ་པ་ཡིན་ལ། སྒྲུབ་མཆོད་ལྟ་བུའི་སྐབས་སུ། དངོས་གྲུབ་སྦྱིན་སྲེག་ལྷག་ཆོག་དང་། །བརྟན་སྐྱོང་མཆོད་གཏོར་ཐོ་འགྲོལ་ཞིང་། །མར་མེ་གཏོང་རག་བཟོད་པར་གསོལ། །དལ་བསྡུ་ཕུར་དབྱུང་ལུས་སྲུང་དང་། །སྨོན་ཤིས་བསྡམས་པས་བཅུ་གསུམ་མོ། །དེ་ལ་དང་པོ་ནི། དངོས་གྲུབ་ཀྱི་རྫས་བཀོད་ལ་སྒྲུབ་ཐབས་ལྟར་ཧཱུྃ་ཡེ་ཤེས་ལྷ་དང་སོགས་ཀྱིས་བླང་ངོ། །གཉིས་པ་ཕུར་དཀྱིལ་རྟོགས་པར་སླ་བའི་སྦྱིན་བསྲེག་ཉིད་ཁ་བསྒྱུར། གསུམ་པ་བཞི་པ་ནི་སྒྲུབ་ཐབས་ལྟར་ལ། ལྔ་པ་ཕྱི་རོལ་པའི་སྐབས་ལྟར་ཕྱོགས་སྐྱོང་ལ་གཏོར་མ་འབུལ། དྲུག་པ་ནི། སོ་སོར་མཆོད་གཏོར་བཤམས་པ་བྱིན་རླབས། མཆོད་པ་དང་གཏོར་མ་སྟ་གོན་སྐབས་ལྟར་སྔགས་ཀྱིས་འབུལ། བསྟོད་པའི་ཚིག །རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ། །ཞེས་པའི་མཐར། སྒྲུབ་པའི་བར་ཆད་བསྲུངས་པ་ཡི། །སྔར་བཅོལ་ལེགས་པའི་


LT29_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་ཏུ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་པ་ནས། དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གྱི་བར་བརྗོད། མ་འབྱོར་པ་སོགས་ཀྱིས། བཟོད་པར་གསོལ། ཨོཾ་བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་ཞིང་ཙཀ་ལི་ཡོད་ན་བརྟན་བཞུགས་བྱས་ལ་ཐོ་བསྡུ་བ་ཕྱོགས་བཞི་ཀར་འགྲེའོ། །བདུན་པ་ནི། །དཔོན་སློབ་རྣམས་ཀྱིས་མར་མེ་ཐོགས་ལ་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཕྲུལ་ཞལ་ཡིད་བཞིན་བྷནྡྷའི་རྫས་མཆོག་དང་། །མ་རིག་མུན་སེལ་མེ་མར་དགུ་པ་དང་། །ཟླ་གམ་དགུ་པ་གསང་བའི་གནས་འདི་རུ། །ངན་སོང་འཁོར་བ་རྣམས་ཀྱང་བསྒྲལ་ལགས་ལ། །དུས་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ལ། །དཔལ་ཆེན་ཧེ་རུ་ཀ་ཡང་བསྒྲུབ་ལགས་ལ། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྒྲུབ་ལགས་ལ། དངོས་གྲུབ་དབྱིངས་མཆོག་རྣམས་ཀྱང་བླངས་ལགས་ལ། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབ་ལགས་ཀྱིས། །དང་པོ་གནས་དང་ཆོས་ཀྱི་དབྱིངས་སུ་གཤེགས། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་པར་ཤོག །


LT29_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང་། །སྲོག་གི་ལུ་གུ་རྒྱུད་ཀྱིས་འབྲེལ་པ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། བརྒྱད་པ་ནི་སྒྲུབ་ཐབས་ལྟར་མཆོད་པ་བྱིན་རླབས་དང་། མཆོད་བསྟོད་རྒྱས་བསྡུས་ཅི་འགྲུབ་བྱ། དགུ་པའང་སྒྲུབ་ཐབས་ལྟར་ལ། བཅུ་པ་རྡུལ་ཚོན་ཡིན་ན་གཤེགས་གསོལ་སྤྱི་ལྟར་བྱས་ཏེ་ཡེ་ཤེས་པ་དཀྱིལ་འཁོར་ནས་གཤེགས་ལ། སླར་ཐོང་སྐུ་སོགས་རྟེན་ལ་དམིགས་ཏེ་བརྟན་བཞུགས་བྱ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་རང་ལ་ཐིམ་པར་བསམ། སརྦ་ས་མ་ཡ་སོགས་ཀྱིས་གཏོར་མགྲོན་གྱི་དམ་ཅན་རྣམས་གཤེགས་པར་བསམ། རང་གཙོ་བོའི་ང་རྒྱལ་གྱིས་ལྷའི་མཚན་མ་དང་གདན་རྣམས་བསྡུ། དེ་ནས་ཚངས་ཐིག་ནས་བརྩམས་ཏེ་ལྟེ་བའི་བར་གྱི་རྡུལ་ཚོན་བསུབ་ཅིང་ཨ་ཀཱ་རོ་བཟླས་པས་དཀྱིལ་འཁོར་བསྡུས་ཏེ་རྡུལ་ཚོན་ཆུ་ཀླུང་དུ་བསྐྱལ། བཅུ་གཅིག་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་། སུམྦྷས་ཕུར་བུ་ཐམས་ཅད་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨ་ནྲ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་བགེགས་ཀྱི་གཟུགས་བརྙན་ཡོད་ན་བཀྲུ། བུ་ག་ཡང་བཀང་ལ་མཉམ་པོར་བྱ། བཅུ་


LT29_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའང་ལས་བྱང་ལྟར་བྱས་ལ། སྒྲུབ་གྲོགས་མང་དུ་ཡོད་ན་ཕན་ཚུན་ནོངས་པ་བཤགས་པའི་སླད་དུ་ཡེ་ཤེས་སྐུ་མཆོག་ཚར་གཅིག་བརྗོད་དོ། །བཅུ་གསུམ་པ་སྨོན་ལམ་དང་ཤིས་བརྗོད་སྒྲུབ་ཐབས་ལྟར་རམ། མདོ་རྒྱུད་ནས་གསུངས་པའི་བྱིན་རླབས་ཅན། རྒྱས་བསྡུས་སྐབས་བྱེད་པར་བརྗོད་པས་མཐའ་རྒྱས་སུ་བྱའོ། །རྒྱུད་དོན་མཁའ་མཐར་ཆོད་པའི་བློ་མཐུ་དང་། །མན་ངག་གྲུབ་པའི་གདིང་ཆེན་ལྡན་མིན་ཀྱང་། །མོས་པ་ཁོ་ནས་ཚུལ་འདི་སྦྱར་བ་ལ། །ནོངས་པ་གང་མཆིས་རྡོ་རྗེ་ཅན་ལ་བཤགས། །ལུགས་འདིའི་རྩ་བ་ཙམ་ལས་མངོན་རྟོགས་རིམ། །མན་ངག་ལ་ལྟོས་དེ་ཡང་ཞིར་མནལ་བས། །ཕུར་པས་རྒྱས་བཀའ་ཁུངས་དང་བསྟུན་པ་ཡི། །ཧཱུྃ་མཛད་ཞལ་ལུང་ཉིད་ལས་དབང་པོར་བཅོལ། །རྒྱས་དྲགས་ལག་ཏུ་ལེན་པའི་སྐྱེ་བོ་དཀོན། །བསྡུས་ཀྱང་རང་བཟོར་མཐོང་ནས་ཕལ་ཆེར་བཀྱོན། །འབྲིང་པོའང་བློ་གྲོས་ཕུར་ཁུང་ཐུག་པ་ཡིས། །མཁས་རྣམས་མགུ་བསྐྱེད་པའི་ལེགས་བཤད་དབེན། །གཉིས་སྣང་འཁྲུལ་འཁོར་བདེ་བ་ཆེན་པོའི་དབྱིངས། རུ་ལུ་འབྲུ་བརྒྱད་དགོངས་པར་ལ་ཟློས་ཏེ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་ཡི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཐོབ་ཤོག །ཅེས་པའང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཇམ་མགོན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཟབ་ཆོས་འདིའི་སྨིན་གྲོལ་གྱི་བདུད་རྩི་སྐལ་པ་བཟང་པོའི་དབྱིད་དུ་བསྩལ་བའི་ཚེབཀའ་ལུང་གི་རྗེས་སུ་གནང་བ་སྙིང་གི་དཔལ་པེའུར་བཅངས་ཏེ། པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རང་མཉམ་ལ་ཕན་པའི་བསམ་པས་ཉུང་གསལ་གཙོ་བོར་བཏོན། མཁོན་ལུགས་དང་སོ་ལུག་གི་ཡིག་ཆ་སྔ་མ་ཕན་ཚུན་དོན་གྱི་འགལ་བའི་བརྗོད་པ་བདེ་བ་རྣམས་ལྟོ་སྦྱར་ཏེ་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ཧེ་རུ་ཀའི་འདུ་ཡང་དུ་སྦྱར་བ་དགེ་ལེགས་འཕེལ།

དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྙིང་པོ་ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ།


LT29_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྙིང་པོ་ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


LT29_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་གུ་ར་བེ། སངས་རྒྱས་ཀུན་གྱི་དགྱེས་པ་ཆེ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །བླ་མ་ཡང་དག་ཧེ་རུ་ཀར། །བཏུད་ནས་བསྡུས་པའི་བསྙེན་ཐབས་བྲི། །གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་གྱི་སྨིན་གྲོལ་བྱིན་རླབས་སྙན་གྲགས་ཀྱི་གཟི་བརྗིད་ཟམ་མ་ཆད་པ་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་དཔལ་ཟླ་གམ་དགུ་པ་རྒྱུན་གྱི་ཉམས་ལེན་དང་། གྲངས་དུས་ཀྱི་བསྙེན་པ་བཏང་བའི་ཚེ། བཟླས་བསྒོམ་ཁྱེར་བདེ་བས་དོན་གྱི་སྙིང་པོ་ཟླ་གམ་གཅིག་མ་ལ་ཕྱག་བཞེས་སུ་མཛད་ཅིང་། དེའི་སྒྲུབ་ཐབས་ཀྱི་རྩ་བ་སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་རས་མཛད་པའི་ལག་ལེན་གན་པ་རིན་རྒྱལ་གྱིས་མཛད་པ་ལ། ཆོས་རྗེ་དཔལ་ལྡན་བླ་མས་མཛད་པའི་ཕུར་པའི་མངོན་རྟོགས་སོགས་དང་བསྟུན་པའི་གསལ་བྱེད་འཇམ་མགོན་ས་ལོ་ཆེན་པོས་མཛད་པ་གཞིར་བཞག །གསལ་


LT29_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཡིག་ཆ་སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ཉམས་ལེན་སྙིང་པོར་དྲིལ་བ་ལ་དོན་གསུམ་བསྙེན་པའི་བཅའ་གཞི། བསྙེན་ཐབས་ཀྱི་ཉམས་ལེན་དངོས། བསྙེན་པ་གྲུབ་ནས་བྱ་བའི་ཚུལ་ལོ། །དང་པོ་ནི། དབེན་ཞིང་ཉམས་དགའ་ལ་བྱིན་རླབས་ཅན་གྱི་གནས་སུ་རྟེན་སྤྱི་དང་ཁྱད་པར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་ཏུ་འཛོམ་ཞིང་སྤྲོ་ན། རྙིང་མ་སྤྱིའི་ཕྱག་སྲོལ་ལྟར། མཎྜ་ལ་དྲི་དང་བདུད་རྩི་ལྔས་བྱུགས་པ་ལ་ཟླ་གམ་དམར་སྐྱ་སྒོ་གཅིག་པ་ལ་ཕྱག་མཚན་ནམ་ཐིག་ལེ་སྔོན་པོ་བཀོད་པའི་སྟེང་དུ་མཉཱུའི་ཁར་ཐོད་པ་མཚན་ལྡན་ལ་སྐུ་འམ་སྔགས་དང་རྡོ་རྗེ་ཁ་ཊཱྭཾ་དྲིས་ཤིང་རབ་གནས་བྱས། དར་མཐིང་གའི་ན་བཟས་སླུབས་པ་བསླང་བ་ནས་བཞུགས་པའི་མདུན་ཏུ། བྷནྡྷ་ལ་ཞུན་ཆེན་གྱི་མར་མེ་བགྱིས་པ་བཀོད། དེའི་མདུན་ཏུ་


LT29_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་ལ། ཆེད་དུ་བསད་པ་མ་ཡིན་པའི་ཤ་ཁྲག་གིས་བརྒྱན་པའི་གཡས་གཡོན་སྨན་རཀ །མདུན་ཏུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས། སྤྲོས་པ་བསྡུ་ན་སྨན་རཀ་གཏོར་གསུམ་ཕྱི་མཆོད་ཙམ་ལ་བརྟེན་པ་བརྒྱུད་པ་འདིའི་རྩ་བའི་ཕྱག་ལེན་ཡིན་ལ། དེ་ལྟར་ན་དཀར་མོའི་ཟླུམ་གཏོར། བདུད་རྒྱལ་གྱི་གཏོར་འབུལ་ཟུར་གསུམ་རྣམས་ཀྱང་བཀོད། སློབ་དཔོན་གྱི་མདུན་དུ་ནང་མཆོད། མེ་ཏོག །ཌཱ་མ་རུ། རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ལ་ཉམས་སུ་བླང་བྱའི་སྒྲུབ་ཐབས་དངོས་བཤད། བསྙེན་ཐབས་ཀྱི་ལག་ལེན་མདོ་ཙམ་བཤད་པའོ། །དང་པོ་ནི། མཆོད་རྫས་རྣམས་ལ། ཨོཾ་བཛྲ་ཡཀྵ་བི།།།ནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་མཆོད་རྫས་ཀྱི་མིང་ཡིག་དང་པོ་རྣམས་འཕྲོས་འདུས་པ་ལས་མཆོད་རྫས་རྣམས་ལ་ཐིམ་པར་བསམ་ཞིང་། ཨོཾ་པ་ན་པེ༚་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿསརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། མཆོད་པའི་ལྷ་མོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་ནམ་མཁའ་གང་བར་བསམ་ལ་རོལ་མོ་བྱ། སྤྲོ་ནས་ཕུར་ལྟར་མཆོད་པ་དང་རོལ་མོ་བྱིན་རླབས། སྐྱབས་འགྲོ་བཞི་སྐོར་བྱའོ། །རྒྱུད་སྦྱང་བ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་


LT29_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་བསྡུ། ཚད་མེད་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །མཚམས་གཅོད་སྲུང་འཁོར་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ། ཡུམ་ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་ཏུ་གྱུར། ས་མ་ཡ་སྟཾྭ། བཛྲ་ཨཉྫ་ལི་ཧཱུྃ། བཛྲ་བྷནྡྷ། བཛྲ་ཨཉྫ་ལི་ཛ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་མཚན་ཆ་ཐོགས་པ་མང་པོ་བྱུང་སྟེ། །དགྲ་


LT29_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་གདུག་པ་ཅན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཞིང་ལྷ་མིན་ལྷ་ཡང་རུང་། །ང་ལ་བར་ཆད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། སོགས་ཁྲོ་བཅུའི་སྔགས་བརྗོད། ཧཱུྃ་ཞེས་བརྗོད་པས་ཁྲོ་བོ་རྣམས་རང་གི་ཐུགས་ཀར་ཐིམ། ཡང་རང་གི་ཐུགས་ཀ་ནས་མཚོན་ཆ་རྣམ་པ་སྣ་ཚོགས་བྱུང་སྟེ་སྣ་བུག་ནས་འཐོན། གཡས་ནས་བསྐོར་བས་བགེགས་བསྐྲད་དེ་རཱ་བར་གྱུར། ཧཱུྃ་ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། ཨོཾ་བཛྲ་ཨ་ཡུ་དྷ་རཀྵ་ཧཱུྃ་ཕཊ། ཅེས་དང་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་མཐེའུ་ཆུང་གཉིས་སྦྲེལ་གུང་མཛུབ་བརྐྱང་བའི་ཕྱག་རྒྱ་བཅས། ཡང་གཡོན་ནས་བསྐོར་ཏེ་མཚོན་ཆའི་གུར་དུ་གྱུར་ནས་བགེགས་ཀྱིས་མི་ཚུགས་པར་བསམ་ལ། སྔར་གྱི་ཕྱག་རྒྱ་དང་སྔགས་ལ་ཕཊ་བཞག་པ་བརྗོད། སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་ཅིང་གཟི་བརྗིད་དང་ལྡན་པར་གྱུར། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་རྣམ་པར་བྱས་པ་དང་། སྲིད་པའི་རྩེ་མོ་མན་ཆད་དང་། །དམྱལ་བའི་ས་གཞི་ཡན་ཆད་ཀྱི། །ལོག་པར་ལྟ་བའི་དགྲ་དང་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། ཨོཾ་བཛྲ་ཏེ་ཛ་ཏིཥྛ་ཙཀྲ་རཀྵ་ཧཱུྃ་ཕཊ། ཅེས་དང་། གཡོན་སྐོར་དང་སྔགས་ལ་ཕཊ་བཞག་པ་གོང་བཞིན། རྭ་བ་དེ་དག་ལས་འཕྲོས་པའི་མེ་འོད་ཀྱིས་བགེགས་ཐམས་ཅད་བསྲེགས་


LT29_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་ཞིང་། ཐལ་མོ་རྒྱབ་སྦྱར་བའི་སོར་མོ་གཞན་རྣམས་བསྣོལ། མཐེ་བོང་རྩེ་སྤྲད་པ་དང་། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་སྲེག་བྱེད་ལ། །ས་དང་མཁའ་ཀུན་ཁྱབ་པ་ཡི། །འབར་བ་མེ་ཡི་ཕུང་པོར་གྱུར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་་ཧཱུྃ་ཕཊ། ཅེས་བརྗོད། བཤགས་པ་ནི། བཤགས་ཡུལ་རྒྱུད་སྦྱོང་བའི་སྐབས་ལྟར་གསལ་གདབ་ལ། ན་མོ་གུ་རུ་བྷྱཿ ན་མཿ ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པཱ་རི་བཱ་རེ་བྷྱཿ སྡོམ་གསུམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །རྩ་བ་ཡན་ལག་ཉེས་བྱས་ཕྲ་མོ་དང་། །དམ་ཚིག་ཆེ་ཆུང་ཚོར་དང་མ་ཚོར་དང་། །ཟླ་དང་ཞོར་གྱིས་དམ་ཚིག་ཉམས་པ་དང་། ཁས་ལེན་ཆེ་ལ་ཉམས་ལེན་ཆུང་བ་དང་། །བཀའ་ལྟར་མ་བགྱིས་གཞུང་ལྟར་མ་བསྲངས་དང་། །ཏིང་འཛིན་ཀློང་གྱུར་འཛབ་བཟླས་ཉུང་བ་དང་། །ཡི་དམ་ལྷ་ཡི་སྒོམ་པ་གཡེལ་ལ་སོགས། །ཉམས་གྲིབ་ཉེས་པའི་ཚོགས་རྣམས་མ་ལུས་ཀུན། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །བླ་མ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ། །དཔལ་ཆེན་ཡང་དག་དཀྱིལ་འཁོར་ལྷ་ཚོགས་དང་། །དུར་ཁྲོད་བརྒྱད་གནས་དམ་ཅན་མཁའ་འགྲོ་ལ། །སྔར་བྱས་འགྱོད་དང་ཕྱིན་ཆད་སྡོམ་སེམས་ཀྱིས། །སྒྱུ་མ་ལྟ་བུའི་ངང་དུ་བཤགས་པར་བགྱི། །མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་སྟོབས་བཞི་དང་ལྡན་པའི་སྒོ་ནས་བཤགས་ཏེ་ལྷ་ཚོགས་རྣམས་རང་གི་སྙིང་གར་ཐིམ་པར་མོས། རང་གི་ཐུགས་ཀ་ནས་འོད་


LT29_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་བསྡུས་ནས་བདག་དང་དཀྱིལ་འཁོར་གྱི་གནས་སུ་ཐིམ་པས་བྱིན་གྱིས་བརླབ་པར་གྱུར། ཨ་ལ་ལ་ཧོཿཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཧོཿས་མ་ཡ་སྟཾྭ། ནང་མཆོད་བྱིན་གྱིས་རླབས་པ་ནི། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྭ་གྷཱ་བས་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པ་ཡངས་པར་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར། རླུང་གཡོས། མེ་སྦར། རྫས་རྣམས་འོད་དུ་ཞུ་བའི་རླངས་པ་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་ལས་ཕྱག་མཚན་ལྔར་གྱུར། ཧཱུྃ་བཛྲ་དྷྲྀ་ཀ །ཨོཾ་ཛི་ན་ཛི་ཀ །སྭཱ་རཏྣ་དྷྲྀ་ཀ །ཨཱཾཿཨ་རོ་ལྀ་ཀ །ཧཱ་པྲཛྙྭ་དྷྲྀཀ །ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿསྦྱོར་བའི་མེས་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་ཐིམ། འོག་གི་བདུད་རྩི་གཏོར་མ་དང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་དང་། ཨོཾ་ཨཱཿཧཱུྃ་ཏེ་ཛོ་བ་ལི༚་ཏ་བ་ལ་བཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ །གསུམ་གྱིས་བྱིན་རླབས། རཀྟའི་སྣོད་ཨ་ལས་ཐོད་པ་ཡངས་པར། ར་ལས་དགྲ་བགེགས་བསྒྲལ་བའི་ཁྲག་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མ་སཱུརྻ་མཎྜ་ལ་སྥ་ར་་ཕཊ། སཾ་ཧ་ར་་ཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མ་ལ་ཧཱུྃ་ཧྲཱིཿཋ། གསུམ་གྱིས་


LT29_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རླབ་བོ། །ཏིང་འཛིན་གསུམ་གྱིས་དཀྱིལ་འཁོར་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་ཞིང་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དོ། ཨོཾ་དྷརྨ་དྷཱ་ཏུ་སྭ་བ་ཨཱཏྨ་ཀོ྅ཧཾ། གནས་ལུགས་མ་རྟོགས་པ་ལ་སྙིང་རྗེ་ཤར་བ་ཀུན་ཏུ་སྣང་བའི་ཏིང་འཛིན་ནོ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ཧཱུྃ་སྔོན་པོ། རྒྱུའི་ཏིང་འཛིན་ནོ། རཾ་ཡཾ་ཁཾ་སྥ་ར་་ཕཊ། ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་ཐ་མལ་གྱི་སྣང་ཡུལ་བསྲེགས་གཏོར་བཀྲུས་ནས་དག་པར་བྱས། ཨེ་ཡཾ་རཾ་བཾ་རཾ་ལཾ་རཾ་ཀེ༚་བྷྲཱུྃ་སྥ་ར་་ཕཊ། ཧཱུྃ་ལས་ཡི་གེ་དེ་དག་སྤྲོས་པས་རྟེན་གྱི་དཀྱིལ་འཁོར་དུ་གྱུར། ཨེ་ལས་མཁའ་དབྱིངས་དག་པའི་ནམ་མཁའི་དཀྱིལ། །ཡཾ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། དེ་སྟེང་བཾ་ལས་བྱུང་བའི་ཆུ་དཀྱིལ་དཀར། །རྃ་ལས་མེ་བྱུང་སྐྱེད་པ་དེ་ཡི་ཕྱེད། །ལྃ་ལས་ས་ཡི་དཀྱིལ་འཁོར་བརྟན་པར་གྱུར། །དེ་སྟེང་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །དབུས་སུ་ཀེང་རུས་རི་རབ་བརྩེགས་པའི་སྟེང་། །བདེ་ཆེན་བྱང་ཆུབ་སེམས་ཉིད་གཞལ་ཡས་ཁང་། །དཀར་དམར་མདོག་ཅན་ཟླ་གམ་སྒོ་གཅིག་པ། པ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་བ་ཛཿཨུ་མ་དེ་བཱི་ཛཿཔདྨ་ཉི་མ་ཟླ་བ་དྲག་པོ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་རྒྱུའི་ཏིང་ངེ་འཛིན་གྱི་ཧཱུྃ་དེ་བབས་པ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས། འོད་དུ་ཞུ་བས་རང་དཔལ་ཆེན་ཡང་དག་གི་སྐུར་གྱུར་བ་ནི། ཧཱུྃ་སྥ་ར་་ཕཊ། སཾ་ར་ཧ་་ཧཱུྃ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་དབུས་སུ་བདག་ཉིད་ཁྲོ་བོའི་རྒྱལ། །བཅོམ་ལྡན་


LT29_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཧེ་རུ་ཀ །མཐིང་ནག་གཞལ་གསུམ་ཕྱག་དྲུག་བྱ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊཾྭཱ་རྡེའུ་ཆུང་གཡས། །དྲིལ་བུ་ཐོད་ཁྲག་རྒྱུ་ཞག་གཡོན། །རྡོ་རྗེ་ཁྱུང་གཤོག་རབ་ཏུ་གདེངས། །མཆེ་གཙིགས་སྤྱན་གསུམ་ཟླུམ་ཞིང་དམར། །རལ་པ་ཁམ་པ་གྱེན་དུ་བརྫེས། །གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ། །སྟག་གི་ལྤགས་པའི་འོད་ལྤགས་ཅན། །དཀར་དམར་ལྗང་ནག་སྤྲུལ་གྱིས་བརྒྱན། །དབུ་བརྒྱན་སེ་རལ་རྐེད་བཅིང་དང་། །ཕྱག་དང་ཞབས་རྣམས་རྣམ་པར་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །རཀྟ་ཞག་དང་ཐལ་ཆེན་གྱི། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ནས། །དབང་ཕྱུག་ཁ་བུབ་མགོ་བོ་དང་། །ཡུ་མའི་ནུ་མར་རབ་བརྫིས་ཤིང་། །ཡེ་ཤེས་མེ་ཕུང་དབུས་ན་བཞུགས། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ། །ཡུམ་ཆེན་གྲོ་མོ་དབང་ཕྱུག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །གཟིག་གི་ལྤགས་པའི་ཤམ་ཐབས་ཅན། །རུས་པའི་རྒྱན་ལྔས་སྐུ་ལ་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྐམ་པོ་ལྔ་བཅུའི་དོ་ཤལ་བྱས། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །རཀྟ་ཞག་དང་ཐལ་ཆེན་གྱིས། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །ཞབས་གཉིས་གཡས་གཡོན་བརྐྱང་བསྐུམ་གྱིས། །ཡབ་ཀྱི་གཡོན་ནས་འཁྱུད་པས་བཞུགས། ལུས་དཀྱིལ་གསལ་འདེབས་པ་ནི། རང་ལུས་རྟེན་


LT29_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གསལ་བ་ནི། བྱང་ཁོག་ཆོས་ཀྱི་འབྱུང་གནས། །ནང་གི་དབུགས་ནི་རླུང་གི་དཀྱིལ་འཁོར། ལུས་ཀྱི་དྲོད་མེ་ཆུ་སེར་དང་ཤ་ལྤགས་ཆུ་དངས། རྩ་སྦུབ་ཀྱི་ཁྲག་རཀྟའི་རྒྱ་མཚོ། སྒལ་ཚིག་ཀེང་རུས་ཀྱི་རི་རབ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞི་ཡི་རླུང་རྒྱུ་བའི་རྩ་ཡི་བུ་ག་བཞི་ནི་སྒོ་བཞི། ཙིཏྟ་གཞལ་ཡས་ཁང་ཟླ་གམ། སྲོག་པ་རྩ་སྒོ་གཅིག་པ། སྙིང་ཚིལ་དཀར་དམར་ཉི་ཟླའི་གདན། དབང་པོ་ལྔ་མཆོད་པའི་ལྷ་མོ་སྟེ་རྟེན་གྱི་དཀྱིལ་འཁོར་དང་། སྤྱི་གཙུག་ཏུ་བཛྲ་ཧེ་རུ་ཀ་སྔོན་པོ་གཡས་རྡོ་རྗེ། འཚོགས་མར་བུདྡྷ་ཧེ་རུ་ཀ་དཀར་པོ་གཡས་འཁོར་ལོ། །རྣ་བ་གཡས་པར་རཏྣ་ཧེ་རུ་ཀ་སེར་པོ་གཡས་རིན་པོ་ཆེ། ལྟག་པར་པདྨ་ཧེ་རུ་ཀ་དམར་པོ་གཡས་པདྨ། རྣ་བ་གཡོན་པར་ཀརྨ་ཧེ་རུ་ཀ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། དཔྲལ་བར་སྐུ་རྡོ་རྗེ་དཀར་པོ་གཡས་འཁོར་ལོ། །མགྲིན་པར་གསུང་རྡོ་རྗེ་དམར་པོ་གཡས་པདྨ། ཐུགས་ཀར་ཐུགས་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ། གཡོན་རྣམས་རང་རྟགས་ཀྱི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཡས་ལ་གཽ་རཱི། གཡོན་ལ་པྲ་མོ་ཧ། ཕྱག་གཡས་དང་པོ་ཙཽ་རཱི། གཡོན་དང་པོ་བཻ་ཏཱ་ལི། གཡས་བར་པར་པུཀྐ་སཱི། ཐ་མ་ཤྨ་ཤ་ནཱི། གཡོན་པར་པ་གྷསྨ་རཱི། ཐ་མ་ཙཎྜ་ལཱི། རྒལ་ཚིག་


LT29_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་རྫོགས་པའོ། །སྙིང་གའི་དབུས་སུ་ཡེ་ཤེས་སེམས་དཔའ་རང་འདྲ་ཚོན་གང་བའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བ་ལ། ཉི་མའི་སྟེང་དུ་ཧཱུྃ་ཡུངས་འབྲུ་ཙམ་གྱི་མཐར་རུ་ལུ་སྐྲ་ཤད་ཀྱིས་བྲིས་པ་ལྟ་བུས་བསྐོར་བའོ། །ཡེ་ཤེས་པ་བསྐྱེད་བསྟིམ་རྒྱས་གདབ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་དབུ་བརྒྱན་པར་བསམ་ཞིང་། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཨོཾ་བུདྷ་ཤྲཱི་ཧེ་རུ་ཀ་བུདྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭཱརཱི་ཏྲཱྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ མཆོད་ཡུལ་སྤྱན་དྲངས་བ་ནི། རང་གི་སྙིང་ག་ནས་འོད་འཕྲོས་པས་དཔལ་ཆེན་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཧཱུྃ། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་དང་། །སྤྲུལ་པ་ཡང་སྤྲུལ་བཀའ་


LT29_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རཱི་བཱ་ར་ས་མཱ་ཛཿ སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་བདག་དང་མདུན་གྱི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང་། སྒེག་ཕྲེང་གླུ་གར་བདུག་པ་མེ་ཏོག་མ། །མར་མེ་དྲི་ཆབ་ཉེར་སྤྱོད་རོལ་མོའི་སྒྲ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་བློ་ཡིས་མོས་བློས་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱི་རྟི་ཧྲཱིཿ ཨོཾ་བཛྲ་ནཱི་རྟི་ཨཱཿ བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཏྲཱྃ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་ཨཱཿ བཛྲ་པུཥྤེ་ཧཱུྃ། བཛྲ་དྷཱུ་པེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ། བཛྲ་ནཻ་བི་དྱ་ཧཱུྃ། བཛྲ་ཤཔྡ་ཧཱུྃ། སྨན་མཆོད་ནི། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་ཞིང་། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ། །ཐུགས་དམ་དབྱིངས་ནས་བསྐུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ལ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་


LT29_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་བ་ཀུན་དངོས་རྩ་བརྒྱུད་བླ་མ་དང་། །ཧེ་རུ་ཀ་དཔལ་གནས་ཡུལ་སྒོ་སྐྱོང་མ། །དབང་ཕྱུག་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནང་མཆོད་མྱང་ལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་སྐུ་གསུང་ཐུགས་མངའ་བ། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །ཞི་ཁྲོ་རབ་འབྱམས་འཁོར་དང་བཅས། །སྟོང་ཉིད་དབྱིངས་ནས་ཐུགས་དམ་བསྐུལ། །སྤྲུལ་པའི་དབྱིངས་ནས་གཤེགས་སུ་གསོལ། །དངོས་པོའི་མཚན་མར་བཟུང་དུ་མེད། །རྟོག་བྲལ་ཡིད་ཀྱི་མཆོད་པ་འདི། །དགོངས་པ་ཟབ་མོ་ཐུགས་དམ་བསྐང་། །ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་མྲྀ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མའི་མཆོད་པ་ནི། རྨད་དུ་བྱུང་བའི་གཏོར་མ་དང་། །འདོད་པའི་ཡོན་ཏན་རྣམ་ལྔ་པོ། །ཆོས་དབྱིངས་སྐྱེ་བ་མེད་པའི་ངང་། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་མ་ཧཱ་བ་ལི༚་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟའི་མཆོད་པ་ནི། རཀྟ་དམར་གྱི་ཨརྒྷཾ་འདི། །དམ་རྫས་ཁྲག་ཆེན་ཆགས་པ་ཡི། །མ་བཅོས་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ཆེན་ཁྲག་འཐུང་ཞལ་དུ་འབུལ། །


LT29_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་སྟྭཾཾ། མ་ཧཱ་རཀྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པའི་མཆོད་པ་ནི། ཧཱུྃ། བདེ་གཤེགས་མཉམ་ཉིད་ཆོས་ཀྱི་ངང་། །མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང་། །ཐབས་མཁས་ཁྲོ་རྒྱལ་སྐུར་སྟོན་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་ལ་ཆགས་མི་མངའ། །དགྱེས་མཛད་དཔལ་ཆེན་སྐུ་ལ་འཁྲིལ། །ཤེས་རབ་གཉིས་མེད་བདེ་ཆེན་རྫོགས། །ཁྲོ་མོ་དབང་ཕྱུག་ལ་ཕྱག་འཚལ། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་དང་། །འབྱུང་བཞི་རྣམ་པར་དག་པ་ཡི། །ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ཆེན་འཁོར་བཅས་དགོངས་སུ་གསོལ། ཁམས་གསུམ་ཆོས་ཉིད་དུར་ཁྲོད་ལ། །ཉོན་མོངས་དུག་གསུམ་ཐམས་ཅད་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལོ། །ཙིཏྟ་མཁའ་མཉམ་རྒྱལ་པོ་ནི། །ཀུན་གཞི་མ་བཅོས་ཐིག་ལེ་ལ། །རང་བྱུང་ཡེ་ཤེས་སེམས་དཔའ་བཞུགས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དེ་ནས་ཟླ་གམ་དགུ་པ་དང་། །ཡེ་ཤེས་མེ་དགུ་གཅིག་ཏུ་གསལ། །ཐབས་དང་ཤེས་རབ་གཉིས་མེད་པ། །འབྲས་བུ་སྐུ་གསུང་ཐུགས་སུ་ཤར། །དཔལ་ཆེན་ཡེ་ཤེས་སྐུར་གསལ་བ། །ཐིག་ལེ་ཆེན་པོ་ཡེ་ཤེས་སྐུ། །སེམས་ཉིད་མ་བཅོས་རང་བྱུང་གི། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཅེས་པས་བསྟོད། དེ་ནས་འཛབ་བཟླས་པ་ནི། སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་དོན་གཉིས་བྱས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་བྱིན་རླབས་རང་ལ་ཐིམ་པར་བསམ་ཞིང་། ཧཱུྃ། དཔལ་ཆེན་ཐུགས་ཀྱི་


LT29_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནི། །ཡེ་ཤེས་ཚོན་གང་རིན་པོ་ཆེ། །ཐུགས་ཀྱི་སྙིང་པོ་འབྲུ་བརྒྱད་འཕྲོས། །འོད་ཟེར་གསལ་བར་ཀུན་ལ་ཁྱབ། །ཨོཾ་ནི་འབར་བའི་སེང་གེ་བརྗིད། །མ་ཚོགས་སྤྲིན་དང་སྐར་ལྟར་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་རྒྱུན་འདྲ། །མ་ནོར་རེ་སྐོང་མཁའ་ལ་འགྲོ། །ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །རུ་ནི་འབར་སྲོག་ཆགས་སྡང་འཇོམས། །ལུ་ནི་ཀུན་བཟང་བདེ་བའི་ཡུམ། །ཧཱུྃ་ནི་ཡེ་ཤེས་ཚད་མེད་བཞི། །བྷྱོ་ནི་གནས་གྱུར་མ་འགགས་པ། །ཧཱུྃ་གིས་བྱིན་རླབས་སྡུད་པར་བྱེད། །རུ་ལུ་འདི་ལྟར་ཡ་མཚན་ཆེ། །རུ་ལུ་རྟོགས་པ་གོང་དུ་འཕེལ། །རུ་ལུ་དངོས་གྲུབ་མ་ལུས་སྟེར། ཅེས་བརྗོད་ཅིང་དོན་ངེས་པར་བྱས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་འབྲུ་བརྒྱད་པ་ཉིད་ཅི་ནུས་བཟླ། ཐུན་མཐར། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རི་སྟཾྭཱ། ཞེས་པས་ཡུམ་གྱི་སྙིང་པོའང་ཅི་རིགས་པར་བཟླའོ། །ཐུན་བསྡུ་བ་ན་ཕྲེང་བ་ཐལ་མོའི་བར་དུ་བཅུག་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་དུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། བདག་བསྐྱེད་ལ་ཕྱི་མཆོད་སྒེག་ཕྲེང་སོགས་


LT29_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་དང་། ནང་མཆོད་བདུད་རྩི་སྔགས་ཙམ་གྱིས་འབུལ། བསྟོད་པ་ཡབ་ཡུམ་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། མཆོད་པའི་དོན་ཏུ་སྤྱན་དྲངས་བའི་ལྷ་ལ་དམིགས་ཏེ། ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་དབང་གིས་བདག་ལ་བརྩེ་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས། བཀའ་བཞིན་སྒྲུབ་པའི་འབྲས་བུ་ནི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །བཅད་གཏུབ་ལུས་ལ་མི་འབྱུང་ཞིང་། །གཟི་མདངས་ཉི་འོད་བཞིན་ཏུ་ཤོག །ཅེས་དང་། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་བསྡུས། ཡུམ་ཡབ་ལ་ཐིམ། རང་ཉིད་ཧེ་རུ་ཀ་ཡི་སྐུར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཀ་བ་ཙི་རཀྵ་ཧཱུྃ། སྨོན་ལམ་ནི། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། །ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀ་དཔལ་གྱི། །འབྲས་བུ་བྱང་ཆུབ་ངེས་པར་འགྲུབ་གྱུར་ཅིག །ཤིས་བརྗོད་ནི། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུ་སྤྲུལ་པ། །བཅོམ་ལྡན་ཧེ་


LT29_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་དཔལ་ཡབ་ཡུམ་གྱི། །སྐྱེ་ཤི་མེད་པ་དོན་གྱི་བཀྲ་ཤིས་ཤོག །ཅེས་པ་ཙམ་བྱ་སྟེ། རྒྱུན་གྱི་ཉམས་ལེན་ལ་ནི་དེ་ཙམ་གྱིས་དོན་འདུས་པ་ཡིན་ནོ། གཉིས་པ་ནི། བསྙེན་པ་ལ་འཇུག་པའི་སྔ་ལོགས་སུ་དམ་ཚིག་གསོ་བའི་བདག་འཇུག་དང་ཡིག་བརྒྱའི་བསྒོམ་བཟླས། བར་ཆད་སེལ་ཞིང་དངོས་གྲུབ་འགྲུབ་པའི་དཔུང་བསྐུལ་སཱཙྪ་ཆུ་གཏོར་སོགས་ཅི་འགྲུབ་བྱས་ལ། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་བརྒྱད་དམ་བཅུའམ་བཅུ་བཞི་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་དགོངས་མོ་དབང་གི་དུས་སུ་དབུ་འཛུག །སྒྲུབ་ཁང་གི་ཕྱི་རོལ་དུ་མི་དང་མི་མ་ཡིན་པའི་རྒྱུ་འགྲུལ་སྲུང་བའི་ཐོ་འཛུགས་ཅིང་བགེགས་བསྐྲད་བརྟན་བཞུགས་ཤིས་བརྗོད་ཙམ་བྱས་ལ། ནང་དུ་མི་འཇུག་ཀ་མེད་ཀྱི་མི་དང་དངོས་པོ་དམིགས་ཁོངས་སུ་བཅུག །གཞན་བཏང་ལེན་རྒྱུ་འགྲུལ་དང་སྨྲ་བ་བཅད་ལ། ཁ་ཤར་རམ་ལྷོ་ཕྱོགས་པས་སྟན་བདེ་བ་ལ་འཁོད་དེ་མཆོད་པ་བྱིན་རླབས་ནས་བརྩམས་མཐར་ཆགས་སུ་བཏང་སྟེ་ཐུན་གཉིས་སམ་གསུམ་མམ་བཞི་ཇི་ལྟར་བདེ་བའི་རིམ་པས་བསྒོམ་བཟླས་ལ་འཇུག །སྔ་ཐུན་སྲོད་ཐུན་གཉིས་ལ་དཀར་བདུད་ཕུར་སྲུང་རྣམས་ཀྱི་གཏོར་འབུལ་རེའང་མཛད་པའི་ཕྱག་སྲོལ་སྣང་ཞིང་། གཉིས་ཀར་མ་འགྲུབ་ཀྱང་སྲོད་ཐུན་ལ་བྱ། དེའི་ཚེ་ཐུན་མཇུག་མཆོད་བསྟོད་གྲུབ་མ་ཐག་པར་བྱིན་རླབས་ནས་བརྩམས་བསྟོད་པའི་བར་བཏང་ལ་དངོས་གྲུབ་བླང་བ་གཤེགས་བསྡུ་ཆབས་གཅིག་བྱ། དེ་ལྟ་བུའི་ཚུལ་གྱིས་དུས་ཟླ་བ་གཅིག་དང་། གྲངས་རུ་ལུ་འབུམ་ཕྲག་བརྒྱད་དམ་བཅུ། ཡུམ་ལ་དེའི་བཅུ་ཆ་གཉིས་ཀའི་ཁ་སྐོང་དང་བཅས་པ་བཟླ། དུས་གྲངས་ཐེམ་པའི་སྔ་དྲོ་ལ་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས། ཐུན་མཐའི་མཆོད་བསྟོད། སྲུང་མའི་གཏོར་འབུལ་གྲུབ་པ་དང་ཚོགས་མཆོད་བརྟན་མའི་བར་དུ་བཏང་ལ། དངོས་གྲུབ་བླང་བ་མན་ཆད་དཀྱུས་ལྟར་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། ཁ་སྐོང་དམ་ནུས་པ་འབྱིན་པའི་སྦྱིན་སྲེག་ནི་མཚམས་ཁོང་


LT29_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དུ་གྲུབ་ན་མཆོག་ཏུ་འགྱུར་ཞིང་། དེ་དག་ཟིན་ནས་མཚམས་ཐོ་བསྡུ་ཞིང་བགས་ཀྱིས་ཀློད་པ་སོགས་མཚམས་ཀྱི་སྤང་བླང་སྤྱི་དང་འདྲའོ། །དེ་ལ་དཀར་བདུད་གཉིས་ཀྱི་གཏོར་འབུལ་རྒྱས་པར་སྤྲོ་ནས་ལོ་ཆེན་པོས་མཛད་པའི་ཕུར་བའི་སྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་ལྟར་བྱ། མདོར་བསྡུ་ན། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་རླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཀར་མོ་ཉི་ཟླ་དང་། བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཧཱུྃ་ཆེ་བའི་ཆེ་མཆོག་གསང་བའི་གཟུགས། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །སྲོག་བདག་བདུད་ཀྱི་རྒྱལ་པོ་ཡང་། །གནས་འདི་ཉིད་དུ་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། བཛྲ་ས་མ་ཡ་སྟཾྭ། བཛྲ་ས་མ་ཡ་ཧོཿ རྡོར་ཐལ་ཕྱེ་ལ། ཨོཾ་བཛྲ་ཤཱི༚ནྟ་པདྨ་ཀུ་རུ་ཏི༚་བྷྱོ། ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ས་པ་རི་བཱ་ར་ཨི་དཾ་བ་ལི༚་ཏ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏྲཱུན་བི།།།མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་གསུམ་མམ་ལྔས་གཏོར་མ་འབུལ། ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ། ཤཱི༚ནྟ་ཀུ་རུ། པུཥྚི༚་ཀུ་ཏུ། ཝ་ཤཾ་ཀུ་རུ། དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་ཆད་ཐམས་ཅད་ཞི་བ་དང་། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཆོས་ལྡན་ཡིད་བཞིན་ཏུ་འགྲུབ་


LT29_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། བྷྱོ། དཔལ་ལྡན་དཀར་མོ་ཆེན་མོ་ནི། །སྔོན་ཚེ་ཆེ་མཆོག་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དེ་བཞིན་དུ། །བདུད་དང་མུ་སྟེགས་འདུལ་བ་དང་། །དགྲ་བགེགས་མ་ལུས་བསྒྲལ་བ་དང་། །སྒྲུབ་པོ་འཁོར་བཅས་བསྲུང་བ་དང་། །བསམ་པའི་དོན་རྣམས་བསྒྲུབ་པ་དང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃ། སྔོན་ཚེ་བདུད་ཀུན་གྱིས་ནི་བདག་པོ་ཆེ། །ཤིན་ཏུ་མི་བཟད་རྡོ་རྗེ་ཁྲག་འཐུང་གི། །སྤྱན་སྔར་དམ་བཅས་བདུད་རྒྱལ་ཐོད་ཕྲེང་ཅན། །མཐུ་རྩལ་རྨད་བྱུང་ནག་པོ་ཆེ་ལ་བསྟོད། །ཐུགས་དམ་རྗེས་དགོངས་བཅོལ་བའི་ཕྲིན་ལས་མཛོད། ཅེས་བསྟོད། ཕུར་སྲུང་ནི་མཁོན་རབས་ཀྱི་བཀའ་སྲུང་ཐུན་མིན་ཡིན་ཀྱང་དཀྱུས་འདིར་མ་བྱས་པས་ཆད་སྐྱོན་མེད་དོ། །གསུམ་པ་ནི། ཚོགས་རྫས་རྣམས་ནང་མཆོད་ཀྱིས་སྦྱངས་ལ། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་སྭཱ་ཧཱ། རཾ་ཡཾ་ཁཾ་སོགས་སྨན་གཏོར་བྱིན་རླབས་ལྟར་བྱས་ལ། འོག་གི་ཚོགས་རྫས་དང་འདྲེས་པས། ཞེས་བསྒྱུར་ཅིང་། སྔགས་ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་རླབས་ལ། ཧཱུྃ། ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང་། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །ཀུན་བཟང་མཆོད་སྤྲིན་ཚོགས་འབུལ་གྱི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛཿཞེས་པས་སྤྱན་དྲངས་ནས། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །ཐུགས་དམ་བཞིན་དུ་བཞེས་སུ་གསོལ། །དམ་ཚིག་སྒྲུབ་པའི་རྫས་མཆོག་འདི། །བདག་དང་


LT29_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ཚོགས་ལ་འབུལ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །ཆོས་ཉིད་ངང་ལ་ཆོས་ཉིད་རོལ། ཨ་ལ་ལ་ཧོཿབཞེས་སུ་གསོལ། རོལ་དུ་གསོལ། ག་་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བརྗོད་ཅིང་ཚོགས་ཕུད་གཏོར་མ་ལ་ཕུལ། བར་པ་བཤགས་པ་ནི། ལུས་ངག་ཡིད་ཀྱི་སྡིག་པ་རྣམས། །གཏི་མུག་དབང་གིས་བྱས་པ་དག །འགྱོད་པའི་སེམས་དང་བཅས་པ་ཡི། །ལྷ་ཚོགས་ཁྱེད་ལ་མཐོལ་ལོ་བཤགས། ཞེས་དང་ཡིད་བརྒྱ་བརྗོད། ཐམ་བསྒྲལ་མཆོད་ནི། ཚོགས་ཀྱི་དུམ་བུའམ་ལིངྒ་མདུན་ཏུ་བཀོད་ལ། འགུགས་གཞུག་སོགས་ས་ཕུར་ལྟར་རམ། བསྡུ་ན། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་རཾ་ཀྲོ་དྷ་ཛྭ་ལ་རཾ་ཧཱུྃ། ཧེ་ཧེ་ཕཊ། ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཞེས་སྒོ་བ་བཞིའི་ཕྱག་རྒྱས་དགུགས་འཆིངས་བསྡམས་མྱོས་བྱས་ལ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་


LT29_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་བུས་གདབ་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན། བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། སརྦ་ཤ་ཏྲཱུན་བི།།།མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རལ་གྲིས་གཏུབས་པ་སྨན་རཀ་གིས་བྲན་ལ། བླ་མ་ལ་ནི་བརྙས་བྱེད་དང་། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །དམ་ཚིག་གཉན་པོ་དྲལ་བྱེད་པ། གནོད་བྱེད་མ་ལུས་ཞལ་དུ་བསྟབ། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། ཞེས་གཏོར་མ་ལ་བསྟབ། ཧོཿབདག་ཅག་རྡོ་རྗེ་སློབ་དཔོན་དང་། །མཆེད་དང་ལྕམ་དྲལ་མ་ལུས་པ། །ཞལ་ཟས་ཚོགས་ལ་རོལ་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཨ་ལ་ལ་ཧོཿཞེས་བརྗོད་ཅིང་ཚོགས་ལ་རོལ། ཕུད་ལྷག་བདུད་རྩིས་བྲན། རང་གི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་དང་། ཕོ་ཉ་ཕྲ་མནམ། འབར་མ། དབང་ཕྱུག་མ། མ་བདུན་སྲིད་བཞི་ལ་སོགས་པ་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་སྐད་ཅིག་གིས་བཀུག་པར་མོས་ལ། ཨོཾ་བཛྲ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལི༚་ཧཱུྃ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་པ་ལི༚་ཨོཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལི༚་ཏྲཱྃ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལི༚་ཧྲཱིཿཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལི་ཨཱཿཞེས་འབུལ། དམན་ལྷག་བདུད་རྩིའི་ཁ་ཕྲུས་བཏབ་ལ། རཾ་ཡཾ་ཁཾ་དང་འབྲུ་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ་མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་ཀྱི་ཕམ་ཕབས་འདི་གསོལ་


LT29_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཨོཾ་ཨུ་ཙྪིཥྚ་བ་ལི༚་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ཅིང་ལྷག་མ་ལ་ཆང་གི་ཁ་ཕྲུ་བཏབ་ནས། སརྦ་ཨ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་པས་ལྷག་མ་བཏང་ཞིང་ཕྱི་རོལ་དུ་དོར་རོ། །དེ་ནས་བརྟན་མ་སྐྱོང་བ་ནི། སྒྲུབ་ཁང་གི་སྟེང་ངམ། གནས་དེ་ཉིད་དུ། རྡོ་རྗེའི་ཁྱུང་གཤོག་གི་ཕྱག་རྒྱ་བཅས་ལ། ཧོ་བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས། དཔལ་ཆེན་པོའི་ཕམ་ཕབ་ལ་མནོས་ཏེ་རྣལ་འབྱོར་པའི་སྡོང་དང་གྲོགས་ལ་ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི། དཀར་ཤམ་བཞིན་བཟང་གི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་རྣམས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་འདིར་གཤེགས་ཤིག །ཛཿཧཱུྃ་བཾ་ཧོཿཌཱ་ཀི་ནཱི་ཧཱུྃ་ཛཿཨེ་ཨཱ་ར་ལི་ཧྲི༚་ཧྲི༚། ཞེས་བརྗོད་ཅིང་བཀུག་ལ་གོང་དུ་བཅས་པའི་ཕྱག་རྒྱས་ཟིལ་གྱིས་མནན་ཏེ། བྷྱོཿབཀའ་ཡི་བྲན་གཡོག་ཚོགས་དང་བཅས་ཉིད་དུ། །དཔལ་ལྡན་ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་བརྟན་མ་སྐྱོང་བ་རྣམས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ཏེ། །འདིར་གཤེགས་དམ་དགོངས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་ནས་སྨན་རཀ་སྦྲན། གཏོར་མ་ཁང་སྟེང་དུ་འབུལ་ལ། ཡ་ཧི་གཙྪ། ཞེས་གཤེགས་སུ་གསོལ་ལོ། །ཚོགས་མཆོད་འདི་ལྟར་དུས་བཟང་གི་མཆོད་པ་ལྟ་བུར་བཏང་ཡང་ཆོག་ལ། དེའི་ཚེ་ནའང་སྲུང་མའི་གཏོར་འབུལ་གྲུབ་པ་དང་། འདི་ཉིད་ཚང་བར་བཏང་ལ། མཐར་དངོས་


LT29_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླང་བ་མན་ཆད་སྦྱར་བས་ལེགས་པར་འགྲུབ་བོ། །གྲུབ་པ་བརྒྱུད་མར་བྱོན་རྣམས་ཀྱི། མཆོག་དངོས་སྒྲུབ་པའི་ལྷ་མཆོག་འདིའི། །རིམ་པ་གཉིས་ཀྱིས་རྡོ་རྗེའི་ལམ། །སྐྱེ་འདི་ཉིད་ལ་མྱུར་བགྲོད་ཤོག །ཅེས་པའང་རང་གཞན་ལ་ཕན་པར་འདོད་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། འཇམ་དབྱངས་འཁོན་སྟོན་རྡོ་རྗེ་འཛིན་པ་རྣམས་ཀྱི་གསུང་རབ་ལས་སྙིང་པོར་དྲིལ་ཏེ་སྦྱར་བ་ནོངས་པའི་ཚོགས་རྣམས་བཤགས་ཤིང་། དགེ་བས་དཔལ་ཧེ་རུ་ཀ་མཆོག་གི་ཕྱག་རྒྱ་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ།། །།