cover

རྒྱ་ཆེན་བཀའ་མཛོད།

གླེགས་བམ་བཞི་པ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


LT31_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད། ང་ པར་མཁོན་ལུགས་ཕུར་པའི་འཕྲོས་མངོན་སྤྱོད་གཟེར་ཁ་ལྡེབ། ༢༤ གཏོར་བཟློག་འདོན་འགྲིགས་ལྡེབ། ༨ ལིང་ཁྲུས་ལྡེབ། ༢ གསེར་སྐྱེམས་ལྡེབ། ༣ བསྟོད་བསྐུལ་ལྡེབ། ༡༡ བསྙེན་སྒྲུབ་ལ་ཉེ་མཁོ་ལྡེབ། ༡༢ མངོན་སྤྱོད་ལ་ཉེ་མཁོ་ལྡེབ། ༨ ལས་བཞིའི་སྦྱིན་སྲེག་ལྡེབ། ༡༧ སྦྱིན་སྲེག་ལྡེབ། ༨ བཀའ་སྲུང་ལྡེབ། ༧ མནན་པའི་མན་ངག་ལྡེབ། ༡༥ བཅས་དང་བཀའ་མ་རྣམ་འཇོམས་ཁྲོ་དཀར་ལྡེབ། ༢༧ ཁྲོ་ནག་སྒྲུབ་ཐབས་ལྡེབ། ༢༠ དཀྱིལ་ཆོག་དབང་བསྐུར་བཅས་ལྡེབ། ༢༥ གཏེར་མའི་སྐོར་ལ་ཐུགས་རྗེ་གསང་འདུས་རྣལ་འབྱོར་རྒྱུན་དབང་ལྡེབ། ༡༥ དེའི་དབང་བཤད་ལྡེབ། ༦ བླ་མ་དགོངས་འདུས་དབང་ཟིན་ལྡེབ། ༧༠ དེའི་བསྙེན་ཡིག་ལྡེབ། ༤༢ བཅས་ང་པར་བསྡོམ་ལྡེབ་གྲངས་གསུམ་བརྒྱ་ཉི་ཤུ་ཐམས་པ་བཞུགས། །དགེའོ། །

དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་རྟེན་གྱི་གནད་དང་། མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་པར་གསལ་བ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན།


LT31_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་རྟེན་གྱི་གནད་དང་། མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་པར་གསལ་བ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན་ཅེས་བྱ་བ་བཞུགས་སོ། །


LT31_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ཡེ་ཤེས་ཁྲོ་བོར་གྲུབ་པ་ལ། །སྤང་བླང་རྩོལ་སྒྲུབ་མེད་ཀྱང་ཀུན་རྫོབ་ཏུ། །རྫས་དང་ཡོ་བྱད་ཐབས་མང་སྟོན་མཛད་པ། །བླ་མ་ཐོད་ཕྲེང་རྩལ་དེས་བདག་སྐྱོངས་མཛོད། །སྤྲོས་མེད་ལ་ཡང་ཕུར་པའི་རྫས་གཅིག་དགོས། །སྤྲོས་བཅས་ཤིན་ཏུ་སྤྲོས་པ་མང་དགོས་ཀྱང་། །ཕལ་ཆེར་རང་བཟོས་ལོག་པར་འཕྱན་གྱུར་པས། །ཚད་ལྡན་གཞུང་གི་དགོངས་དོན་རྣམ་གསལ་བྱ། དེའང་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲིའི་ཆོས་སྡེ་ཕུར་པའི་སྤྱི་སྡོམ་ཇོ་མོའི་ཞུས་ལེན་ཏུ་མན་ངག་གི་སྡོམ་བཅུ་གཅིག་པའི་སྐབས། འདི་སྐད་དུ། རྫས་ཀྱི་གནད་དམ་པ་མེད་དུ་མི་རུང་བ་ནི། དཀྱིལ་འཁོར། ལྷ་ཕུར། གཏོར་ཚོགས། བྱུག་བདུག་རྡེག་གསུམ། རྔ་དང་དུར་ཁྲོད་ཀྱི་རྫས། ལིངྒ་འབྲུབ་ཁུང་རྣམས་མེད་


LT31_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་བས་ཚང་བར་གཅེས་སོ། །ཞེས་དོན་ཚན་དྲུག་ཏུ་གསུངས་པའི་དང་པོ་དཀྱིལ་འཁོར་ལ་གསུམ། དེའང་ལུགས་འདིའི་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གསུམ་ནི་འདིར་འཆད་བྱ་མ་ཡིན་ལ། རྣལ་འབྱོར་ཆེན་པོ་སྤྱི་སྐད་ལྟར་ན་རང་བཞིན་གྱི་གནས་ན་བཞུགས་ཤིང་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་སོགས་ལ་སྣང་དུ་རུང་བ་རང་བཞིན་གྱི་དཀྱིལ་འཁོར། སྒྲུབ་པ་པོའི་བློས་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར་དང་གསུམ། ཕྱི་མ་ལ་གཉིས་ལས། དངོས་ནི་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོར་ཡིན་པ་ལ་ཡིན་པར་ཤེས་པ་ཡིན་ལ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་འབུར་དུ་གཏོད་པ། ལུགས་སུ་བླུགས་པ། རི་མོར་བྲིས་པ་རྣམས་ལ་བཤད་པས། རབ་


LT31_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ལྡན་པའི་དཔལ་ཆེན་གཙོ་འཁོར་གྱི་སྐུ་བརྙན། བློས་སློང་དཀྱིལ་འཁོར་སོགས་འཛོམ་ན་མཆོག་ཡིན་ལ། མ་འཛོམ་ན་དམ་ཚིག་གི་བྲིས་སྐུ་མཚན་ཉིད་ལྡན་པ་དང་། རྡུལ་ཚོན་རས་བྲིས་ཚོམ་བུ་སྟེ་འབྱོར་པ་དང་དབང་པོའི་རིམ་པར་བསྟུན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་དཀྱིལ་འཁོར་དུ་ངེས་པར་དགོས་ཏེ་དེའང་ཞུས་ལེན་ལས། ཕུར་པ་སྒྲུབ་རྟེན་དཀྱིལ་འཁོར་གྱི་མན་ངག་ནི། ཚོམ་བུའི་མཎྜལ་དུ་སྟ་གོན་རིམ་པར་བྱ། ཚོམ་བུ་འཁོར་དང་བཅས་ཏེ་བྱང་ཆུབ་སྒྲུབ་པའི་དོན་ནོ༔ །འཁོར་ལོ་རྩིབས་བརྒྱད་སྐུའི་དཀྱིལ་འཁོར་དུ་བསྙེན་པ་བྱ༔ ལྷ་དང་དམ་ཅན་འཁོར་བའི་གནད་དོ༔ པདྨ་འདབ་བརྒྱད་གསུང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཆོས་ལ་དབང་བའི་གནད་དོ༔ །རིན་ཆེན་ཟུར་བརྒྱད་ཐུགས་ཀྱི་དཀྱིལ་འཁོར་དུ་བསྙེན་སྒྲུབ་སྦགས་ཏེ་བྱ་བ༔ ལྷ་དང་ཐུགས་མི་གཉིས་ཤིང་དངོས་གྲུབ་ཡོན་ཏན་ཕུན་སུམ་ཚོགས་པའི་གནད་དོ༔ །ཨེ་ཟླ་གམ་ཁྲམ་ཉེར་གཅིག་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་ལས་སྦྱོར་སྦགས་ཏེ༔ ལྷ་དང་དམ་ཅན་གནད་ལ་དབབ་ཅིང་ལས་ལ་གཟུད་པ་ལྷ་དང་དམ་ཅན་གྱི་སྟོབས་དང་དངོས་གྲུབ་བདག་ལ་རྫོགས་པའི་གནད་དོ༔ མཱ་ར་ཡ་བསད་པའི་དཀྱིལ་འཁོར་འབྲུབ་ཁུང་དུ་སྔགས་དྲུག་གིས་གདབ་པའི་ལས་བྱ༔བརྣག་པ་མཐར་ཕྱིན་པའི་གནད་དོ༔ །ཞེས་གསུངས་ཏེ་ཚོམ་བུའང་རྒྱ་


LT31_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གར་བས་མེ་ཏོག་གསར་པས་མཛད་ཅིང་། དེའང་མངོན་སྤྱོད་གཙོ་བོར་བྱེད་ན་དུག་དང་ཚེར་མ་ཅན་གྱི་མེ་ཏོག་སྔོན་པོ་དང་ནག་པོ་དགོས་ལ། བོད་ཀྱིས་འབྲུ་ལ་བྱེད་པའི་ཚེ་མཆོག་སྒྲུབ་ལ་ནས་འབྲས་གྲོ་སོགས་དྲི་བཟང་གིས་སྦགས་པ་དང་། མངོན་སྤྱོད་ལ་བྲ་སྲན་འབྲུ་ནག་དུག་ཁྲག་གིས་གཤེར་དགོས་པའི་ཁྱད་པར་ཡོད། བསྙེན་པའི་སྐབས། རྩ་རྒྱུད་ལས། །མི་འགྱུར་གྲུ་གསུམ་ཨེ་ཡི་གནས། །ཟླ་གམ་དམར་པོ་དབང་གི་ཚུལ། །སྟོང་ཉིད་རྡོ་རྗེའི་བྲག་གིས་གཏམས། །ཕྱི་རོལ་འཁོར་ལོ་སེར་པོ་ནི། །རྩིབས་བརྒྱད་མུ་ཁྱུད་ཐོད་པར་ལྡན། །དེ་ནི་བསྙེན་པའི་དཀྱིལ་འཁོར་ཡིན། །ཞེས་པས་ཐོད་པ་གླིང་བཞི་པའི་ནང་ཨེ་མཐིང་ནག་གི་ངོས་གསུམ་ཟླ་གམ་དམར་པོ། །དེ་རྒྱབ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས། འབྲུ་ནག་ཁྲག་གིས་གཤེར་བས་གང་བའི་ནང་དུ་སྦོམ་ཕུར་རམ། །མེད་ན་གཙོ་ཕུར་ཨེ་ལ་གཟུག །དེའང་ཐོག་མར་ཁྲུས་ཀྱིས་གྲིབ་བསངས། གསར་པ་ཡིན་ན་བྱིན་རླབས་རང་གཞུང་ལྟར་བྱ། བྱུག་བདུག་བྲབ་གསུམ་བྱས་ནས་དར་མཐིང་ནག་གི་ཅོད་པན་གདགས། དར་མཐིང་གིས་ཞལ་ཁེབས་རྒྱབ་ལ། སྟེགས་བུའི་དབུམ་སུ་ཁྲག་གིས་ཟུར་གསུམ་རྩེ་མོ་ལྷོར་བསྟན་པ་ཞིག་བྲིས་པའི་སྟེང་དུ་མཉྫིའི་ཁར་བཞག་ལ་གཟུངས་ཐག་བཏགས་པའི་སྣེ་ལས་ཐམས་ཅད་པའི་ཕུར་པ་ལ་བརྟོད་པ་རོད་ཕུར་དང་ཐུགས་ཀྱི་ཉིང་ཁུ་སོགས་


LT31_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཤད། སྒྲུབ་པའི་སྐབས། བཀའ་གཏེར་རྣམས་ལ་ལྷ་གྲངས་མང་ཉུང་ཁྱད་པར་སོགས་ཀྱིས་འདྲ་མིན་ཅུང་ཟད་འབྱུང་ཡང་། སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་སྤུ་གྲིའི་སྒྲུབ་ཁོག་དངོས་གྲུབ་འདོད་འཇོར། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །ལྷོ་བྱང་མཚམས་བཞིར་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་དང་། །ཟུར་ཐིག་གཉིས་གདབ་གྲྭ་བཞིར་བཅད། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་དང་། །ཆ་ཆུང་ཚངས་ངོས་དང་པོ་ཉིད། །ཕྱེད་བཏབ་ཕྱེད་བསིལ་གཉིས་པ་བཞིར། །གསུམ་མཐར་ཆ་ཕྲན་གཅིག་བཏབ་བཞི། །དོར་རྗེས་ལྔ་པའི་མཐའ་བསིལ་དབུས། །བཞག་ལ་དྲུག་ཕྱེད་ཕྱི་མ་བསིལ། །བདུན་པ་བཞིར་བགོ་བརྒྱད་དབུས་དོར། །གསུམ་པའི་ཆ་ཕྲན་ནང་ཟླུམ་པོར། །གཅིག་ཕྱེད་ཕྱེད་དྲུག་གཅིག་བསྐོར་དབུས། །གྲུ་གསུམ་དེ་རྣམས་རིམ་པ་བཞིན། །ཐོད་ཕྲེང་རིན་ཆེན་ཆ་བརྒྱད་པ། །མུ་ཁྱུད་མེ་རི་ནང་ཁྱམས་རྩིག །ཁྱམས་རྩིག་འདོད་སྣམ་ཕ་གུ་མུན། །མདའ་ཡབ་པུ་ཤུ་རྟ་བབས་དང་། །བདག་ཁོང་གདུགས་ཀྱི་གནས་སུ་འགྱུར། །སྒོ་ངོས་ཐིག་དྲུག་ཕྱི་ནང་སྒོ། །སྒོ་འཁྱུད་འགྲམ་ལོགས་མུན་ཀ་བ། །པུ་ཤུའི་ཟུར་ནས་ཆ་ཕྲན་གཉིས། །བཞི་གཉིས་གཅིག་བཞི་པད་དུར་ཁྲོད། །དམ་ཅན་རྡོ་རྗེ་མེ་རིའི་གནས། །མཐོང་བརྒྱུད་གནད་ཀྱིས་ཤེས་པར་བྱའོ། །ཞེས་དང་། ཚོན་


LT31_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབུས་ཀྱི་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། །ཐོད་ཕྲེང་དཀར་པོ། །རིན་ཆེན་ཆ་བརྒྱད་མཐིང་། མུ་སྐོར་སེར་པོ། མུ་མཆན་དམར་པོ། །ཁྱུད་སྐོར་མི་རི་ལྔ་ལྡན། ནང་ཁྱམས་དམར་སྨུག་རྩིགས་པ་དཀར་དམར་སྔོ་བ། སྒོ་ཁྱམས་ཕྱོགས་མཚོན། རྩིག་པ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། །འདོད་སྣམ་དམར་པོ། །ཕ་གུ་སེར་པོ། །མུན་པ་ནག་པོར་དྲ་ཕྱེད། མདའ་ཡབ་སྔོན་པོ། པུ་ཤུ་དཀར་པོ། །རྟ་བབས་མཛེས་ཚོན། ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །མུན་པ་དང་གླང་རྒྱབ་ནག་པོར་སྒོ་རྒྱན་བདུན་གྱིས་སྤྲས་པ། ཆོས་འཁོར་དང་རི་དྭགས་སེར་པོ། །ཕྱི་ཁྱམས་ལྗང་གུ། པད་འདབ་སྣ་ཚོགས། དམ་ཅན་གྱི་གནས་ཁྲག་མཚོ། །དུར་ཁྲོད་ནག་པོར་རི་མོ་སྣ་ཚོགས་བཀྲ་བ། རྡོ་རྭ་སེར་གཞི་ནག་པོ། །མེ་རི་སྣ་ལྔ་ཚྭ་ཚྭ་འཕྲོ་བ་བྲིའོ། །ཞེས་འབྱུང་བ་འདིས་བཀའ་གཏེར་ཕལ་མོ་ཆེར་འགྲེ་ཆོག་པར་སྣང་ཞིང་། ནང་གི་ལྷ་གནས་ནི་སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུ་ལས། ཨེ་དང་ཟླ་གམ་གྱི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་སྲས་མཆོག་རིགས་བཞིའི་གནས། དེ་རྒྱབ་རྩིབས་བརྒྱད་ཁྲོ་བཅུའི་གནས་འབྲི་བར་བཤད་པ་དང་། རང་གླིང་ཕུར་པ་ཡང་གསང་བླ་མེད་ནང་སྒྲུབ་སྐབས། ཁྲོ་བཅུའི་རྒྱབ་ཏུ་དམ་ཅན་གྱི་གནས་རྩིབས་བཅུ་གཉིས་འབྲི་བར་བཤད་པ་སོགས་འདྲ་མིན་མང་བས་སོ་སོ་ལྟར་ཤེས་དགོས་ཤིང་། ཁྲོ་བཅུའི་


LT31_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་ས་ཕུར་རོང་ཕུར་རོག་ཕུར་སོགས་ལ་བྱེ་བྲག་མ་ཕྱེས་བར་རྩིབས་བརྒྱད་དམ། རྩིབས་བཅུར་བཤད་ཀྱང་། རྒྱུད་ལས། རྒྱ་མདུད་ལྟ་བུའི་ནག་པོ་ལ། །མཐིང་ནག་གྲུ་གསུམ་འབར་བ་དགུ། །ངེས་པར་སྒྲུབ་པའི་དཀྱིལ་འཁོར་རོ། །ཞེས་པའི་དོན་འགྲེལ་བ་འབུམ་ནག་ལས་ཀྱང་གསལ་བར་བཤད་པའི་རྒྱ་མདུད་དགུ་པ་ནི། གོང་སྨོས་རིན་ཆེན་ཟུར་བརྒྱད་དང་དོན་གཅིག་ཅིང་དེའང་འཁོར་ལོའི་རྩིབས་ཀྱི་བྱེ་བྲག་སྟེ། རྩིབས་རྣོབ་མཚོན་ཆ་འཁོར་ལོ། །སྦོམ་པ་རྒྱ་མདུད་ལྡེགས་པ། ཟླུམ་པ་པདྨ་འདབ་བརྒྱད་དུ་འགྱུར་བས་སོ། །ལུགས་འདིར་རིན་ཆེན་ཟུར་བརྒྱད་རེ་རེའི་སྟེང་གྲུ་གསུམ་རེ་རེ། དབུས་བཅས་དགུ་དགོས་པར་བསྟན་ཅིང་བཀའ་མ་འགའ་རེ་ལས་ཀྱང་དེ་ལྟར་འབྱུང་བ་ཡོད་ན་ལེགས་པར་སེམས། སྒྲུབ་པའི་དཀྱིལ་འཁོར་ལུགས་གཞན་ལས་ཀྱང་རིན་ཆེན་ཟུར་བརྒྱད་ཕྱོགས་འདི་འབྲེལ་ཆགས་པར་སྣང་སྟེ་རྒྱུད་དང་གྲུབ་པའི་མན་ངག་ཟུང་དུ་འབྲེལ་བས་སོ། །མངོན་སྤྱོད་ཕྲིན་ལས་སྐབས། རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་པ། །དྲག་པོ་བསད་པའི་དཀྱིལ་འཁོར་ཡིན། །ཞེས་པས་ཨེ་ཁྲོམ་དུག་ནས་བསྒྱུར་དགོས་ཏེ། དེའང་རྒྱུད་ཀྱི་དགོངས་པ་ལྟར་ས་ལུགས་ལ་འཁོར་ལོའི་མལ་དུ་གྲུ་གསུམ་མཐིང་ནག་རྩེ་ཕྱིར་བསྟན་བཅུ་དང་ནང་བསྟན་བཅུ། དབུས་ཀྱི་གཅིག་བཅས་ཉེར་གཅིག་ཏུ་མཛད་ཅིང་། བིདྱོཏྟ་མ་ལས། མཁའ་དབྱིངས་བཅུ་དྲུག་ཨེ་ཡིས་མཐའ་བསྐོར་ཏེ། །ཞེས་གསུངས་པའི་རྗེས་སུ་


LT31_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ཏེ་སྣ་ནམ་ལུགས་འཛིན་པ་རྣམས། ཕྱོགས་མཚམས་བརྒྱད་དུ་རྩེ་ཕྱིར་བསྟན་དང་། དེ་དག་གི་དཔལ་ཁ་བརྒྱད་ལ་སོགས་ཕྱིར་བསྟན་ཏེ་ཨེ་ཀ་དམར་ནག་བཅུ་དྲུག་གི་ཚུལ་དུ་བཞེངས་པར་མཛད་དོ། །གཏེར་མ་རྣམས་ལའང་དངོས་བསྟན་གྱི་ཚིག་ཟིན་ཡོད་ན་དེ་ལྟར་དགོས་ལ། མེད་ན་སྔ་མའི་རྗེས་སུ་འབྲངས་ན་ཁྲོ་བཅུའི་ཕུར་པ་འགོད་པའི་ཚེ་ལག་ལེན་བདེ་ཞིང་གང་ལྟར་སྒྲུབ་པ་དང་འབྲེལ་བའི་ལས་སྦྱོར་ཡིན་ཕྱིན་ཆད་དཀྱིལ་འཁོར་ཞལ་ནི་ངེས་པར་བསྒྱུར་དགོས་སོ། །དབང་གི་དཀྱིལ་འཁོར་ནི། རྒྱུད་ལས། རྩིབས་བརྒྱད་ཟླ་གམ་ལྟ་བུ་ནི། །དབང་གི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་པས་རྩིབས་ཀྱི་གནས་ཟླ་གམ་མམ་པདྨའི་དབྱིབས་ཅན་བྱ་དགོས་ལ་གཙོ་བོར་དབང་བསྐུར་བ་དང་། དངོས་གྲུབ་བླང་བའི་སྐབས་ཞལ་བསྒྱུར་གྲུབ་ནའང་འབྲེལ་ཆགས་སོ། །དཀྱིལ་འཁོར་གྱི་སྟེགས་བུའི་འོག་ཏུ་ཁྲུ་གསུམ་བརྐོས་པའམ་རང་བཞིན་ཏུ་སྦས་ཀྱང་རུང་སྟེ། མི་རྟ་ཁྱི་བྱ་བ་ལང་གི་རུས་པ་ལྔ་གཞུག་པས་སའི་རོ་ལྔ་ལ་སོགས་པའི་ཉེས་པས་མི་གོས་ཤིང་མ་མོ་མཁའ་འགྲོ་རྣམས་ཀྱིས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་བར་འགྱུར་ལ། ཡང་ན་ཐོད་ཚལ་ལ་འཁོར་ལོ་རྩིབས་བརྒྱད་བྲིས་ཏེ་བཞག་པས་ཀྱང་དེ་བཞིན་ནོ། །བྷནྡྷ་མཚན་ལྡན་ནང་དུ་རིན་ཆེན་ལྔ། འབྲུ་ལྔ། སྨན་ལྔ། དྲི་ལྔ་བཅུག་པ་བཞག་པས་ཕྱི་རིན་པོ་ཆེ་ལ་ནང་བནྡྷ་འབར་བའི་གཞལ་ཡས་ཁང་དུ་མཐོང་ཞིང་ནད་མི་


LT31_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། ལོངས་སྤྱོད་ཆེ། གྲགས་པ་ཐོབ་པ་ལ་སོགས་པའི་རྟེན་འབྲེལ་ཡོད་པར་བཤད་དོ། །རྡུལ་ཚོན་རུས་པའི་ཚོན་ལ་བྲི་བར་བཤད་ཀྱང་མི་འབྱོར་བས་ཚོན་གྱི་ནང་དུ་རུས་ཆེན་ཕྱེ་མ་བསྲེ་བ་དང་། རས་བྲིས་ལའང་ཁྲག་དང་རུས་ཕྱེ་བསྲེ་བ་གལ་ཆེ་སྟེ་དུར་ཁྲོད་ཀྱི་ཚོན་ཞེས་བྱ་བའི་དོན་ཡིན་ནོ། །དོན་གཉིས་པ་ཕུར་པ་ལ་བཞི། རིག་པ་ཡེ་ཤེས་ཀྱི་ཕུར་པ། ཐུགས་རྗེ་སྤྲུལ་པའི་ཕུར་པ། བྱང་ཆུབ་སེམས་ཀྱི་ཕུར་པ། མཚན་མ་རྫས་ཀྱི་ཕུར་པ་རྣམས་སུ་རྒྱུད་ལས་གསུངས་ཤིང་། དེ་རེ་རེའང་དོན་ཚན་བཅུ་བཅུས་གནད་ཀྱི་ཁོག་བཀྲོལ། མན་ངག་སྒྲུབ་ཐབས་ཀྱི་ཉམས་ལེན་ལག་ཁྲིད་དུ་བསྟན་པར་མཛད་དོ། །དེ་ལ་དང་པོ་ནི། བློ་ཡངས་ལ་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་གང་ཟག་གིས། རིག་པའི་ཡེ་ཤེས་དྲི་མ་མེད་པའི་ཕུར་པ་ཆོས་དབྱིངས་སྤྲོས་བྲལ་གྱི་ཡུལ་ལ། སོར་བཞག་རྩིས་གདབ་དང་བྲལ་བའི་ཐབས་ཀྱིས་དབྱིངས་ཡེ་གཉིས་མེད་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་གདབ་པས། རྣམ་པར་རྟོག་པས་འཁོར་བར་འཁྱམས་པའི་སྐྱོན་ལས་གྲོལ་ཏེ་མཚན་རྟོག་ཆོས་ཉིད་དུ་གྲོལ་བའི་གདེངས་ཚད་དང་ལྡན་པས་འབྲས་བུ་ཆོས་སྐུ་འཐོབ་པའོ། །གཉིས་པ་ནི། བློ་བརྟན་ཅིང་མི་འགྱུར་བ་རི་བོ་ལྟ་བུའི་གང་ཟག་གིས། ཐུགས་རྗེ་ལྷ་སྐུ་ཕྱག་རྒྱར་སྤྲུལ་པའི་ཕུར་པ་སྣོད་བཅུད་ཐ་མལ་དུ་བཟུང་བའི་ཡུལ་ལ། ལྷ་དང་གཞལ་ཡས་སུ་ཤེས་པའི་ཐབས་ཀྱིས་སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགས་


LT31_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་གྱི་ཚུལ་དུ་གདབ་པས། ལྷ་སྣང་རང་རྒྱུད་པས་རུ་དྲར་གོལ་བའི་སྐྱོན་ལས་གྲོལ་ཏེ། འཁྲུལ་སྣང་ལྷར་ཤར་བའི་གདེངས་ཚད་དང་ལྡན་པས་འབྲས་བུ་སྤྲུལ་སྐུ་ཐོབ་པའོ། །གསུམ་པ་ནི། བློ་ཆགས་པ་དང་བཅས་པ་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས། བྱིན་གྱིས་བརླབས་པའི་རྡོ་རྗེ་དགའ་བ་བཅུ་དྲུག་གི་ཐིག་ལེ་བུམ་པའི་དབང་བསྐུར་རྫོགས་པའི་ཕུར་པ། རང་བྱུང་གི་ཆོས་འབྱུང་ཡིག་འབྲུ་དང་བཅས་པའི་པདྨའི་ཡུལ་ལ། འདུ་ཤེས་སུམ་ལྡན་གྱི་ཐབས་ཀྱིས་འཁྲུལ་འཁོར་རླུང་གི་གནད་ལས་ཐིག་འཕོ་མེད་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པའི་ཚུལ་དུ་གདབ་པས། ཆགས་པ་རང་རྒྱུད་པས་མངལ་གྱི་སྲིན་བུར་སྐྱེ་བའི་སྐྱོན་ལས་གྲོལ་ཏེ་རྟོག་ཚོགས་ལྷན་སྐྱེས་བདེ་ཆེན་ཏུ་ཤར་བའི་གདེངས་ཚད་ལྡན་པས་འབྲས་བུ་ལོངས་སྐུ་ཐོབ་པའོ། །བཞི་པ་ནི། རྒྱུད་བཟང་ལ་གཏུམ་པ་ཙནྡན་ལྟ་བུའི་གང་ཟག་གིས། བྱུག་བདུག་ཚར་པ། བྱིན་རླབས་བྱས་པ། རི་རབ་ལས་བརྗིད་པ་སྟེ་ཁྱད་པར་གསུམ་ལྡན་གྱི་སྲས་མཆོག་ཕུར་པ་བསྒྲལ་པའི་ཞིང་བཅུ་ཚང་བའི་ཡུལ་ལ། གབ་པའི་སྔགས་དྲུག་སྔོན་ཏུ་འགྲོ་བས་གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པའི་ཐབས་ཀྱིས་ཐོགས་པ་མེད་པར་འབྱིན་པ། ནོར་བུ་མིག་ཡངས་ལ་རྟ་རྔ་བརྒྱུས་པའི་ཚུལ་གྱིས་གདབ་པས། བསྟན་པ་དང་བསྟན་འཛིན་དབུ་འཕང་དམའ་བའི་སྐྱོན་ལས་གྲོལ་ཏེ། དགྲ་བགེགས་ཐལ་བར་རློག་པའི་


LT31_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཚད་དང་ལྡན་པས་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་བའོ། །སྤྱིར་ཕུར་བུའི་མཚན་ཉིད་དུ་ཞི་རྒྱས་དབང་དྲག་ཚང་དགོས་པར་གསུངས་པའང་དེ་དག་རེ་རེ་བཞིན་ཏུ་ཚང་བ་ཡིན་ཏེ་རྒྱས་པར་ནི་མ་སྤྲོས་སོ། །དེ་ལས་སྐབས་འདིར་ཉེ་བར་མཁོ་བའི་མཚན་མ་རྫས་ཀྱི་ཕུར་པ་བྱེ་བྲག་ཏུ་བཤད་པ་ལ་འགྲེལ་པ་འབུམ་ནག་ལས་དོན་དྲུག་ཏུ་གསུངས་ཀྱང་འདིར་གོ་སླ་བའི་དབང་དུ་བྱས་ནས་ཕུར་པའི་རྣམ་གྲངས། ཚད། དབྱིབས། ཇི་ལྟར་འདུ་བྱ་བ། བྱིན་བརླབས། རྣམ་དག །བྱེད་ལས། གང་དུ་གདབ་པ། དགོས་པ་བཅས་དོན་བཅུ་ཡིས་འཆད་པའི་དང་པོ་རྒྱུ་ལའང་། སྤྱིར་གསང་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ལས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོའི་ལས་ཀྱི་ཕུར་པའི་རྒྱུ། །ཞེས་དང་། ཕུར་བུ་མྱང་འདས་ཀྱི་རྒྱུད་ལས། །གཞན་ཡང་ཤེར་ཤིང་སྦ་མཆོག་རྐང་། གདུག་པ་ཅན་དང་བཀྲ་མི་ཤིས། ཁྱོ་དགུ་ཤི་བའི་ཡུག་སའི་འཕོང་། །དེ་ལ་དག་པོའི་ཕུར་བུ་བྱའོ། །སྐྱེད་པ་དབྱར་བསྲི་ཤིང་དང་། །སྐྲི་ཤིང་ལ་སོགས་ཤིང་བུ་ལ། །དེ་ལ་རྒྱས་པའི་ཕུར་བུ་བྱ། །འཁར་བ་ལྗོན་དམར་སེར་ལྡེང་དང་། །མཛོ་


LT31_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གླ་དཀར་ཚེར་མ་ཅན། །དེ་ལ་དབང་གི་ཕུར་པ་བྱ། །ཙནྡན་དཀར་པོ་ཤུག་པ་འཇག །གླ་བ་ལྟར་བུའི་ཤིང་རྣམས་ལ། །དེ་བཞི་པའི་ཕུར་པ་བྱའོ། །ཞེས་བཤད་པ་ལྟར་ལས་སོ་སོ་ལ་རྒྱུ་སོ་སོར་དགོས་ཤིང་། བྱེ་བྲག་ཏུ་ཨོ་རྒྱན་ཆེན་པོས། སྒྲུབ་ཕུར་རྣམས་ལྕགས་སྣ་ལྔའམ་སེང་ལྡང་་ལྟ་བུ་ལའོ་ཞེས་གསུངས་པའི་ལྕགས་སྣ་ལྔ་ནི། །མྱང་འདས་ཀྱི་རྒྱུད་ལས་གནམ་ལྕགས་ས་ལྕགས་ཁྲོ་ཆུ་གསུམ། མི་རྟ་བསད་པའི་མཚོན་ཆ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་འབྱུང་བས། གནམ་ལྕགས་ནི་ཐོག་ལྕགས། ས་ལྕགས་ནི་སྨོས་ལྕགས་བྱང་མ། ཁྲོ་ལྕགས་ནི་དངོས་གྲི་མདུང་སོགས་མི་རྟ་བསད་པའི་ལྕགས། ཕལ་པའི་ལྕགས་ལྷ་ཁང་རྙིང་པའི་སྒོ་གཟེར་བཅས་ལྔ་ལ་བསྡུ་བར་བཞེད། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ཀྱི་བཤད་པ་ལས། གྲི་ལྕགས། ཐོག་ལྕགས། ཁབ་ལེན། སྒོ་ལྕགས། ཁབ་ཀྱི་ལྕགས་དང་ལྔར་བཤད་ཅིང་། །ལྕགས་དེ་དག་ཚོལ་མཁན་ཀྱང་རྒྱུད་དེ་ལས། །དགེ་སློང་ཤན་པ་དགེ་བསྙེན་དང་། རྣལ་འབྱོར་རིག་སྔགས་འཆང་དང་ནི། །ལྷ་བཟོས་བླངས་པ་མཆོག་ཡིན་ནོ། །ཞེས་དང་། རྡུང་མཁན་ནི། ཞེ་གནག་ཁྲིམས་གཙང་སྡོམ་ལྡན་པ། །དབང་ཐོབ་དད་པ་ལྡན་པས་བརྡུང་། །ཞེས་འབྱུང་ངོ་། །གལ་ཏེ་སྒྲུབ་ཕུར་ཤིང་ལ་བྱེད་ན། རྡོ་རྗེ་རིགས་ཀྱི་མཚན་མ་དང་ལྡན་པའི་ཆུ་འགྲམ་དང་བྲག་རི་ལས་སྐྱེས་པའི་དུག་དང་ཚེར་མ་ཅན་ཤིང་།


LT31_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ལ། ཡུལ་བདག་དང་ཤིང་གི་ལྷ་ལ་གཏོར་མ་སྦྱིན། །ཤིང་སློང་ཞིང་བར་ཆད་མི་བྱེད་པའི་བཀའ་བསྒོ། །ཨོཾ་སྭ་བྷཱ་ཝ་ཤུངྡྷ་ཨ་དྷེ་བ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བཟླ། དེ་ནས་ཞི་བའི་ཕུར་པ་བྱེད་ན་ཞི་བའི་བསམ་པས། ཨོཾ་བཛྲ་ཀཱི་ལི་ཡ་སརྦ་ཏ་ཐཱ་ག་ཏ་ཤཱི༚ནྟ་ཀུ་རུ་སྭཱ་ཧཱ། རྒྱས་ལ་སོགས་ལ་དེས་འགྲེས་ཏེ། པུཥྚི༚་གུ་རུ། བ་ཤཾ་ཀུ་རུ། མར་ཡ་ཕཊ་ཕཊ། ཅེས་སྦྱར། དེ་ནས་རང་ཉིད་དཔལ་རྟ་མགྲིན་དུ་བསམས་ལ། ཨོཾ་བཛྲ་གྲོ་དྷ་ཧ་ཡ་གྲྀ་བ་བཛྲ་ཤཀྟི་མཱུ་ལ་ཙྪིནྡ་ཀཱི་ལ་ཡ་ཕཊ། ཅེས་བརྗོད་ཅིང་ཤར་ནས་བརྩམས་ཏེ་ཕྱོགས་བཅུར་བརྒྱབ་ཅིང་བཅད་ལ་རིན་པོ་ཆེའི་སྣོད་དུ་བཞག །ཡི་གེ་བརྒྱད་པ་བརྗོད། དྲི་ཆབ་ཀྱིས་བསངས་གཏོར་བྱ། དངོས་པོའི་ངོ་བོ་སྟོང་ཉིད་དུ་བསམས་ལ། ཨོཾ་སྭ་བྷཱ་ཝ་བི་ཤུངྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་ལས་མཐུན་པའམ། དངོས་གྲུབ་ཐམས་ཅད་འབྱུང་བའི་ཤིང་དུ་མོས་ལ་དུམ་བུར་བསིལ་ཏེ། དབུས་ཀྱི་ཆ་ལ་གཙོ་བོ། རྩེ་མོ་དང་རྩ་བ་སྟེང་འོག་གི་ཁྲོ་བོ་སོགས་རིགས་པས་བརྟགས། གཞན་ཡང་རྩེ་མོ་ཞིབ། དེ་འོག་རྒྱས་བ། དེ་འོག་དབང་། རྩ་བ་མངོན་སྤྱོད་ཀྱི་ཕུར་པ་འགྲུབ་པའང་བཤད་དོ། །ལྕགས་སོགས་ཕུར་བའི་རྒྱུ་གཞན་ལའང་ཆོ་ག་དེ་ལྟར་བྱ་དགོས་པའང་གསུངས་སོ། །གཞན་ཡང་ལས་ཕུར་གྱི་བྱེ་བྲག་སྦས་གསང་མདུང་རྩེའི་རྒྱུད་ལས། །དགྲ་བགེགས་དབང་དུ་བསྡུ་བའི་ཕྱིར། །ནག་པོའི་རིགས་ཀྱིས་བྱ་བར་ཤིས། །མནན་པའི་


LT31_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་སྐྱེར་ཕུར་བསྡགས། །འདྲེན་ཅིང་འགུགས་པར་མཆོག་ཕུར་བསྡགས། གདབ་པའི་ཕུར་པ་ལྕགས་ཕུར་ཏེ། །དཔུང་དང་བྲལ་བར་བྱ་ཕུར་བསྡགས། །ཞེས་གསུངས་ཏེ་དེའང་དྲག་པོའི་རིགས་ཀྱི་ཤིང་སྐྱེར་བའི་རྩ་བ་ས་འོག་ནས་བརྐོས་པ། སྐྱེས་དར་མའི་རྗེ་དར་སྦོམ་པོ་མ་ཡིན་པ་ཐུར་མ་ཙམ། ལྕགས་སྣ་ལྔ། བྱ་རྒོད་ཀྱི་གཤོག་པའི་དང་རུ་རྣམས་ལ་བྱ་དགོས་ཤིང་། འབུམ་ནག་ཏུའང་ངན་སྔགས་དྲུག་ལ་ཕུར་པའི་དབྱེ་བ་དྲུག་སོགས་ཀྱང་བཤད་དོ། །གཉིས་པ་རྣམ་གྲངས་ནི། ཕྲིན་ལས་འཁོར་ལོའི་རྒྱུད་ལས། ཡོན་ཏན་གྱི་ཕུར་བུ་བདུན་ཞེས། བསྐྲད་པ་མཚམས་ཀྱི་ཕུར་པ་དང་། །བཀོད་པ་ལྷ་ཡི་ཕུར་པ་དང་། །མངགས་པ་ཕོ་ཉའི་ཕུར་པ་དང་། དབང་དུ་སྡུད་པའི་ཕུར་པ་དང་། གདབ་པ་ཕྲིན་ལས་ཀྱི་ཕུར་པ་དང་། འཛིན་ཅིང་མི་གཏོང་བའི་ཕུར་པ་དང་། གནས་སྲུང་བའི་ཕུར་པའོ། །ཞེས་འབྱུང་བའི་དང་པོ་ནི། ཁྲོ་བཅུའི་མཚམས་གཅོད་ལ་འདེབས་པར་བྱ་སྟེ་གྲངས་བཅུ་ལ་སོགས་པའོ། །གཉིས་པ་ནི། ཁ་གཅིག་ཏུ་སྒྲུབ་ཕུར་ཞེས་གསུངས་པ་དང་དོན་གཅིག་ཅིང་། བཀའ་མ་ཕལ་ཆེར་དུ་ལྷ་ཕུར་ལྔ་བཅུ་ང་གཅིག་ཏུ་བཤད་ཅིང་། གཏེར་པའི་ཕྱོགས་ལ་ལྷ་གྲངས་མང་ཉུང་མི་འདྲ་བས་མདོར་ན་རྩ་བའི་ལྷ་གྲངས་དང་བསྟུན་དགོས་ཤིང་། སྐབས་འདིའི་གཙོ་ཕུར་ལ་འགྱིང་ཕུར་དང་། བསྙེན་པའི་སྐབས་ལྷ་ཕུར་རྣམས་ཕྱོགས་གཅིག་སྦོམ་ནས་ཐོད་པ་ལ་


LT31_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་འགོད་པ་ལ་སྦོམ་ཕུར་ཡང་ཟེར་རོ། །གསུམ་པ་ནི། གོང་སྨོས་ལྷ་ཕུར་གྱི་བྱེ་བྲག་ཟ་གསོད་ཀྱི་ཕུར་པ་དང་། སྒོ་མ་བཞིའི་ཕུར་པ་ལ་ངོས་འཛིན་པའང་ཡོད་ཅིང་། ཕལ་ཆེར་དབང་སྡུད་ངང་མནན་པ་དང་ངན་སྔགས་དྲུག་སོགས་འཕྲལ་འཕྲལ་ལས་ལ་སྦྱོར་དགོས་པའི་ཕུར་པ་རྣམས་ཡིན་ཏེ་གྲངས་སྐབས་དང་སྦྱར། བཞི་པ་ནི་དམ་ཅན་གནད་འབེབས་ཀྱི་ཕུར་པ་རྣམས་སོ། །ལྔ་པ་ནི་གདབ་ཁའི་ལས་ལ་འདེབས་པར་བྱ་བ་རྣམས་ཏེ་རྒྱས་པར་བརྒྱ་རྩ་བརྒྱད། དེ་ནས་རིམ་པ་བཞིན་བསྡུས་ཏེ། ཉེར་གཅིག །བཅུ་བདུན། བཅོ་ལྔ། བཅུ་གཅིག །བདུན། གསུམ། གཅིག་རྣམས་སུ་གསུངས་ཏེ་ས་ལུགས་ལ་བཅུ་བདུན་མར་མཛད་ཅིང་། རྒྱུན་གྱི་ཚོགས་བསྒྲལ་ལྟ་བུར་སྲས་མཆོག་གཅིག་པུ་ལས་མི་དགོས་པས་མཚོན། བཀའ་གཏེར་སོ་སོའི་གདབ་ཁའི་ཚིག་ཟིན་གྱི་གྲངས་དང་བསྟུན་དགོས་སོ། །དྲུག་པ་ནི་བསྙན་ཕུར་ཏེ། འདིའང་སྲས་མཆོག་དང་ཐ་དད་དུ་ཕྱེ་བའི་ལུགས་དང་། གཅིག་ཏུ་འདོད་པ་གཉིས་ལས་སྔ་མ་ལྟར་ན་གཙོ་ཕུར་ལ་ངོས་འཛིན་དགོས་པས་གྲངས་གཅིག་ཏུ་ཟད། ཕྱི་མ་ལྟར་ན་ཉེར་གཅིག །ལྔ། བཞི། གཅིག་སོགས་སུ་འགྱུར་རོ། །བདུན་པ་ནི། རང་འདུག་པའི་ཚེ་སྔས་སུ་བཏབ་ཅིང་། འགྲོ་བའི་ཚེ་སྐེད་ལ་གཟེར་བའམ། ཡང་ན་སྔས་སུ་གཟུག་པར་བྱ་སྟེ་གྲངས་གཅིག་གམ། གཞན་བསྲུངས་ན་བསྲུང་བྱའི་གྲངས་དང་མཉམ་པའོ། །ཡང་


LT31_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ན། འབུམ་ནག་ལས། རྒྱལ་ཐབས་སྤྱི་བླུགས་ཀྱི་ཕུར་པ། བསྙེན་ཕུར། བཀོད་པ་རྫས་ཀྱི་ཕུར་པ། ཕྲིན་ལས་མི་བཟད་པའི་ཕུར་པ་བཞི་བཤད་པའི་དང་པོ་ནི། དངོས་གྲུབ་ཀྱི་རྟགས་སུ་ཐོབ་པ་སྟེ་དར་དཀར་དམར་མཐིང་གསུམ་གྱིས་དྲིལ་ལ་དངོས་གྲུབ་བླང་། གཉིས་པ་ནི། གཙོ་ཕུར་རམ་སྦོམ་ཕུར་ཏེ་སྔར་སྨོས་པ་དང་མཚུངས། གསུམ་པ་ནི། ལྷ་ཕུར་རྣམས་ཏེ་སྒྲུབ་པའི་སྐབས་སོ་སོར་བཀྲམ་སྟེ་བཀོད་པ་བྱ། བཞི་པ་ལ་ལྔ་སྟེ། གནས་སྲུང་གི་ཕུར་པ་ནི་རྣལ་འབྱོར་པ་སྐུ་འཆག་ཙ་ན་སྔས་སུ་བཙུགས་ཏེ་བཟླས་པ་བཅོལ། སྲུང་ཕུར་ལས་ཁྲོ་བཅུའི་ཕུར་པ་སྒྲུབ་ཁང་གི་ཕྱོགས་བཅུར་གདབ་ཅིང་སྒོ་བྱང་ཕུར་པ་སྒོའི་ཡ་ཐེམ་ལ་གདགས། མནན་ཕུར་ནི་མནན་པའི་སྟེང་དུ་གདབ། ཟོར་ཕུར་ནི་མདའ་ལ་གཞུག་པར་བཤད་ཀྱང་ད་ལྟའི་ཕྱག་ལེན་ཀོད་ཟོར་དུ་གཟུག་སྟེ་འདི་དང་ཟློག་ཕུར་དོན་གཅིག །མགྱོགས་ཕུར་གར་དགོས་ངེས་པ་མེད་པས་མང་དུ་བྱ་གསུངས། སྤྱིར་སྒྲུབ་ཕུར་བརྒྱ་རྩ་བརྒྱད། ལྷ་ཕུར་ལྔ་བཅུ་ང་གཅིག །གདབ་ཕུར་ཉི་ཤུ་རྩ་གཅིག །མགྱོགས་ཕུར་བརྒྱད་ཅུ་ཐམ་པ། ཕུར་པ་སིལ་བུ་ལ་གྲངས་མེད། ཟློག་ཕུར་བཅུ་གཉིས་བཅས་གསག་པར་བཤད་དེ་བཀའ་མའི་རིགས་འདིའི་རྗེས་སུ་འབྲང་དགོས་པས་ལག་ཏུ་ལེན་བྱ་ལྷ་ཕུར་ང་གཅིག་རྩ་བའི་ལྷ་གྲངས། གདབ་ཕུར་ཉེར་གཅིག་ཁྲོ་བཅུ་སྒོ་མ་བཞི་མི་བཟད་པའི་ཕུར་པ་དྲུག་སྲས་མཆོག་


LT31_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་འདུས་པ་བཅས་ཡིན་ཀྱང་དེང་སང་མི་བཟད་པའི་ཕུར་པ་དྲུག་ཕལ་ཆེར་ནས་མི་འཛོམ་པས་ཕྱག་ལེན་མི་བྱེད་ཅིང་ཁྲ་ཐབས་ལ་ཕུར་པ་གཉིས་བསྣན་པས་བཅུ་བདུན་མའི་ཕྱོགས་ལྟར། ཕུར་སྲུང་བདག་ཤྭ་ས་གསུམ་གྱི་གྲངས་སྐྱེར་བའི་ཟློག་ཕུར་བཅུ་གཉིས་བཅས་ངེས་པར་དགོས་སོ། །གཏེར་མའི་ཕྱོགས་སུ་སྤུ་གྲིའི་ཕུར་པའི་སྤྱི་སྡོམ་ལས་གསུངས་པ་ལྟར་གཙོ་བོ་ཁྲོ་བཅུ་བཅས་ཀྱི་ཡུམ་རྣམས་སྐུ་དང་གྲིབ་མའི་ཚུལ་དུ་འདུ་འབྲལ་མེད་པས་གཅིག་ཏུ་བསྡུས་ནས་བསྙེན་པའི་སྐབས་རྩ་བའི་ལྷ་གྲངས་ཙམ་སྦོམ་པས་ཆོག་ཅིང་། སྒྲུབ་ཆེན་སྐབས་གཙོ་འཁོར་ཚང་མ་སོ་སོར་བཀྲམ་དགོས་པས་དེ་ལ་མཚོན་ན། གཙོ་བོ་གཅིག །ཁྲོ་བོ་ལ་བཅུ། ཕྲ་ཐབས་ལ་ཉི་ཤུ། སྒོ་མ་བཞི། སྲས་མཆོག་ཆོས་དབང་སྤུ་གྲི་ལྟར་ན་བདུན་གསུམ་ཉེར་གཅིག །བྱང་གཏེར་ཕུར་པ་རྒྱས་པ་ཆེ་མཆོག་ལྟར་ན་སྐུ་གསུང་ཐུགས་གསུམ། །འབྲིང་བསྡུས་གཉིས་ལ་གཅིག །སངས་གླིང་ལུགས་ལ་ལྔ། རང་གླིང་ལུགས་ལ་བཞིའམ་ཉེར་གཅིག་སོགས་རང་གཞུང་ལྟར་དང་། །སྒོ་མ་བཞི། དམ་ཅན་བཅུ་གཉིས། དབང་ཕྱུག་ལ་རྩད་ཕུར་ཉེར་བརྒྱད་བཅས་དཀྱིལ་འཁོར་གྱི་ལྷ་ཕུར་རྣམས་དང་། གདབ་ཕུར་རྒྱས་པའི་ཕྱོགས་ལ་སྲས་མཆོག་ཡཀྵ་ཀྲོ་དྷ་གཅིག །ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཟ་གསོད་ཉི་ཤུ། སྒོམ་བཞི་སོ་སོར་བཤད་པ་དང་། བསྡུས་པའི་ཕྱོགས་ལ་སྲས་མཆོག །ཁྲོ་བོ་རྣམས་ལ་གཅིག །ཟ་གསོད་ལ་གཉིས། སྒོ་མ་


LT31_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཅས་ལྔའི་ཕྱོགས་འདི་བཟུང་དགོས་ཤིང་། དེའང་མ་འཇོམ་ན་སྲས་མཆོག །ཁྲོ་བོ་ཡབ་ཡུམ་ཟ་གསོད་ཕྱོགས་བསྡོམས། སྒོ་མ་བཅས་གསུམ་བྱའོ། །སྲས་མཆོག་ནི་འབུམ་ནག་ལས་རབ་བརྒྱ་རྩ་གཅིག །འབྲི་བ་ཉེར་གཅིག །ཐ་མ་ལྔ། ཡང་ཐ་བཛྲ་འདུས་པ་གཅིག་ཏུ་བཤད་ཅིང་གང་བ་ལས་ལ་འཇུག་པའི་སྲས་མཆོག་ནི་གཅིག་ཡིན་ལ། གང་ལྟར་རྡོ་རྗེ་ཕུར་པའི་རྒྱུད་དོན་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གསུམ་གྱི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་བྱ་དགོས་པ་ནི་འདི་ཉིད་ཡིན་པས་ཕུར་པ་མཁན་པོ་ཡིན་ཕྱིན་ཆད་སྲས་མཆོག་རྒྱས་བསྡུས་གང་རུང་མེད་དུ་མི་རུང་ཞིང་ཆོ་གའི་སྐབས་བྱིན་རླབས་དང་རྫས་དཀྱིལ་བསྐྱེད་ཆོག་ཆེད་དུ་མི་རུང་ངོ་། །བཀའ་གཏེར་གཉིས་ཀར་རྟ་བྲོ་སོགས་ཀྱི་སྐབས་གསོར་བདེ་བའི་ཕྲིན་ལས་བཞིའི་ཕུར་པ་བཞི་རྒྱུ་སོགས་ཚད་ལྡན་སོ་སོར་འགྲུབ་ན་མཆོག་ཡིན་ནོ། །གསུམ་པ་ཚད་ནི། བཀའ་མའི་ཕྱོགས་སུ་ཀརྨ་ལས་ཀྱི་རྒྱུད་ལས། སོར་བཞི་སོར་བརྒྱད་སོར་བཅུ་གཉིས། །སོར་ནི་བཅོ་བརྒྱད་དག་ཏུ་བྱ། །ཞེས་གསུངས་པ་སོགས་ཀྱི་དོན་འབུམ་ནག་ལས། གཙོ་ཕུར་སོར་བཅོ་བརྒྱད། ཁྲོ་བཅུ་སོར་བཅུ་གཉིས། ཁྲོ་མོ་སོར་བཅུ། མགོ་བརྙན་སོར་བརྒྱད། སྒོ་མ། ཕུར་སྲུང་། ཟློག་ཕུར་སོགས་སོར་བཞི་པར་བྱ་བར་བཤད། སྣ་ནམ་བཤད་འབུམ་རྡོ་རྗེ་དོན་གསལ་ལས། གཞན་ནས་ཚད་མ་ངེས་པར་འདོད་ཀྱང་འདིར་ལྟེ་བ་ཡན་ཆད་


LT31_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཞི། དབལ་སོར་བཞི་སྟེ་བརྒྱད་པ་ཁོ་ནར་ངེས་ཞེས་ཀྱང་བཤད་དོ། །གཏེར་མའི་ཕྱོགས་སུ། །ཇོ་མོའི་ཞུས་ལེན་ལས། ཚད་ནི་གཙོ་ཕུར་སོར་བཅོ་བརྒྱད༔ གིང་ཕུར་སོར་བཅུ་གཉིས་སམ་ཡང་ན་བཅུ་དྲུག༔ མགྱོགས་ཕུར་སོར་བཅུ་གཉིས༔ གདབ་ཕུར་སོར་བརྒྱད་པ༔ ཕྲིན་ལས་བཞི་ལའང་མཐེབ་སོར་བརྒྱད་པ༔ མངགས་ཕུར་སོར་བརྒྱད༔ སྲུང་ཕུར་སོར་བཅུ་དྲུག་པ༔ ཟློག་ཕུར་སོར་བཞི་པ། ཐུན་ཕུར་སོར་གསུམ་པར་སྤྱི་རྒྱུད་དུ་གསུངས་པ་དང་། བི་ཏོ་ལས༔ རྟེན་ཕུར་འདོམ་གང་ཁྲུ་མཐོ་གང་༔ གདབ་ཕུར་ཕྱག་མཚན་ཅི་བདེར་བྱ༔ ཞེས་ཀྱང་གསུངས་སོ༔ ཞེས་སོ༔ འདིར་གིང་ཕུར་ཞེས་པ་ནི་ཁྲོ་བཅུའི་ཕུར་པ་ཡིན་ལ་ད་ལྟའི་ཕྱག་ལེན་སྨིན་གླིང་གཏེར་ཆེན་གྱིས། གཙོ་ཕུར་སོར་བཅུ་དྲུག །ཁྲོ་བོ་སོར་བཅུ་གཉིས། ཟ་གསོད་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ་བྱ་བར་གསུངས། དེ་དག་ཀྱང་ཐུགས་རྗེ་ཁྲོས་པའི་བཤད་རྒྱུད་ལས། སོར་བརྒྱད་པ་ལྟར་ན། རྒྱ་མདུད་གོང་འོག་སོར་རེ་རེ། ཆང་བཟུང་སོར་དོ། །ཆུ་སྲིན་ཁ་སོར་གང་། དབལ་སོར་གསུམ། སོར་བཅུ་གཉིས་པ་ལ་ཁྲོ་ཞལ་ལམ་རྒྱ་མདུད་གཉིས་སོར་ཕྱེད་དོ་རེ། ཆང་བཟུང་གསུམ། ཆུ་སྲིན་གཅིག །དབལ་སོར་ལྔ། བཅུ་དྲུག་པ་ལ། སོར་གཉིས་དབུ། སྐུ་སྟོད་བཞི། ལྟེ་བ་གཉིས། མཚན་མ་གཉིས། སོར་དྲུག་དབལ་དུ་བྱ་བར་གསུང་ཞིང་འདིར་


LT31_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་དང་ཆུ་སྲིན་ཁ་གཅིག་ལ། བཅོ་བརྒྱད་སོགས་གཞན་ལ་དེ་དག་གིས་རིགས་འགྲེ་སྟེ་མདོར་ན་ཕྱེད་ཆ་སྟོད་དང་ཕྱེད་ཆ་དབལ་དུ་བྱ་བར་བཤད་དོ། །བཞི་པ་དབྱིབས་ནི། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །བཅུམ་གཞོག་ལ་ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ། །ཞེས་དང་། །འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། མཐེབ་གང་རྒྱ་མདུད་དག་ཏུ་བྱ། །སོར་བཞི་བཅུ་ལ་གཞོགས་འོག་མ་ཡང་། །གོང་མ་བཞིན་ཏུ་ཤེས་པར་བྱ། །དབལ་ནི་ཆུ་སྲིན་ཁ་ནས་ཕྱུང་། །ཚིག་བཞི་ཀུན་ལ་སྦྲུལ་གྱིས་བརྒྱན། །ཅེས་སོགས་རྒྱུད་རྣམས་ལས་མགྲིན་གཅིག་ཏུ་རྒྱ་མདུད་གོང་འོག །བཅུ་མ་གཞོགས། །དབལ་བཅས་བསྟན་ཅིང་ཆུ་སྲིན་ཁ་དང་སྦྲུལ་ཆུན་ཡོན་མེད་ཅི་རིགས་སྣང་སྟེ། སྣ་ནམ་བཤད་འབུམ་དུ། གཞན་གྱིས་ཆུ་སྲིན་བ་སོགས་འདོད་ལ་འདིར་ནི་རྒྱན་མེད་ཡིན་པར་དམིགས་གསལ་དུ་བསྟན་པས་མཚོན་ནོ། །ཀརྨ་ལས་ཀྱི་རྒྱུད་ལས། མགོ་བོ་རྒྱ་མདུད་རི་རབ་བརྗིད། །སྐེད་པ་རྒྱ་མདུད་སྨད་ཟུར་དྲུག །རྩེ་མོ་ཟླུམ་པོ་གྲུ་བཞི་དང་། །ཟླ་གམ་དང་ནི་ཟུར་གསུམ་རྩེ། །ཞེས་གསུངས་པ་ལ་བརྟེན། རྒྱ་མདུད་གོང་མ་རི་རབ་ཀྱི་གཟུགས་སུ་འཆོས་པ་ཁ་གཅིག་ཡོད་འདུག་ཀྱང་དོན་མ་ཡིན་ཏེ། ཀརྨ་གུ་རུའི་རྒྱུད་ལས། མགོ་སོར་གཅིག་ལ་རྒྱ་མདུད། སྐེད་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་


LT31_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། སྨད་ཟུར་གསུམ་པ། རི་རབ་ལྟར་བརྗིད་པར་འདུག་པ་ནི་གཟུགས་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །ཞེས་པས་རི་རབ་ལྟར་བརྟན་ཅིང་བརྗིད་པ་ལ་རི་རབ་ཕུར་བུ་ཞེས་སོགས་གསུངས་པར་གོ་དགོས། དེ་ལྟ་བུའི་ཕུར་པ་འདི་ནི་ཕྱི་སྲིད་པ་ཕུར་བུ། ནང་རྡོ་རྗེའི་ལུས་ཀྱི་ཕུར་བུ། གཞན་དཀྱིལ་འཁོར་བསྒོམ་པའི་གནས་སོགས་རྒྱུད་ལུང་མན་ངག་ཀུན་དང་གུང་མཐུན་པར་མཚོན་དོན་འགྲིགས་ཤིང་། ལྷ་ཞལ་ཕྱུང་བ་ནི་གཏེར་མའི་ཕྱོགས་ལས་གསལ་བར་བཤད་པས་རྩ་བའི་རྒྱུད་པིདྱོཏྟ་མ་སོགས་ལས་གསུངས་པར་མངོན། དེས་ནད་ལྟའི་ཕྱག་ལེན་ཏུ། གཙོ་ཕུར་ལ་རབ་ཞལ་གསུམ་ཕྱག་དྲུག་རྒྱན་ཕྱག་མཚན་གཤོག་པ་བཅས་པའི་སྨད་ཕུར་ཞབས་ཅན། འབྲིང་ཞལ་གསུམ་གྱིས་མཚན་པའི་ཕུར་རྐྱང་། ཐ་མ་ཁྲོ་ཞལ་གཅིག་པ། ཁྲོ་བཅུ་ལ་ཁྲོ་ཞལ་གསུམ་མམ་རེ་རེ། ཟ་གསོད་སྒོ་མ་རྣམས་ལ་སོ་སོའི་མགོ་བརྙན་ཅན་དུ་བྱ། དེའང་རྒྱ་མདུད་གོང་མའི་སྟེང་དུ་ལྟ་ཞལ་བྱེད་པའི་བཟོ་རྒྱུན་སྣང་ཡང་དེ་ལྟ་ན་ཞལ་ཉིད་རྒྱ་མདུད་ཀྱི་ཏོག་ཏུ་འགྱུར་བས་ཏོག་བཟོ་བ་ནི་མཛེས་ཆོས་ཙམ་ལས་མཚོན་དོན་མེད་པས་མགོའི་ཏོག་སྐབས་འདིར་མི་འབྲེལ་བས་རྒྱ་མདུད་གོང་མའི་ཚབ་ཏུ་ཞལ་བྱས་ན་ལེགས་པར་སེམས་སོ། །ལས་བཞིའི་ཕུར་པ་རྩེ་མོ་རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲམ། སྨད་ཀྱི་ཕུར་ཞབས་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་ཅན་ཏུ་བྱ་དགོས་ཏེ། རྒྱུད་


LT31_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་སོགས་ལས་གསལ་བར་གསུངས་ཤིང་གོང་སྨོས་ལུང་གིས་ཀྱང་ཤེས་ལ། ཁ་དོག་ཀྱང་སོ་སོའི་ལས་མདོག་ཏུ་བྱ་བར་གསུངས། ལྷ་ཞལ་རྣམས་ནི་རང་གི་སྐུ་མདོག་ལྟར་བྱ་དགོས་སྦོམ་བོའི་སྐྱོན་སྦིས་སྦིས་པོ་མ་ཡིན་པ། ཕྲ་བའི་སྐྱོན་ཐུར་མ་ལྟ་བུ་མ་ཡིན་པ། གྲོགས་རྐེད་ཀྱི་སྐྱོན། ཁ་ཅིག་སྦོམ་ཞིང་ཁ་ཅིག་ཕྲ་ཆེ་བ་མ་ཡིན་པ། གཙོ་བོ་དང་ཁྲོ་བཅུ་བརྗིད་ཆགས་པ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། མགྱོགས་ཕུར་སོགས་གསོར་འཕང་བདེ་བ་སྐྱེས་པ་དམག་ལ་ཆས་པ་འདྲ་བ་བྱ། ལྷ་ཞལ་དང་མགོ་བརྙན་སོ་སོར་བྱེད་ཚེ་རྒྱས་པའི་ཕྱོགས་ལེགས་པར་འགྱུར་ལ། མ་འགྲུབ་ན་ཐམས་ཅད་རྒྱ་མདུད་ཅན་བྱས་ན་གོང་སྨོས་རྒྱུད་ལུང་གི་དགོངས་པ་འཁྲུལ་བྲལ་ཡིན་མོད། མགོ་བརྙན་གྱི་ཚབ་ཏུ་ལྷ་ཞལ་བྱེད་པ་སོགས་ནི་གང་གི་འང་གོ་མི་ཆོད་པར་འགྱུར་བས་སྤང་བར་བྱའོ། །ལྔ་པ་ཇི་ལྟར་འདུ་བྱ་བ་ནི། །འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། མཁས་པར་བསླབས་པའི་བཟོ་མཁན་ནི། །ཤེས་རབ་རྣམ་པ་དུ་མར་སྦྱངས། །ཕྲིན་ལས་རྣམ་བཞིའི་སྔགས་བཟླས་ཤིང་། །ཕྱོགས་བཞིར་རྒྱས་པར་གཞོག་པར་བྱ། །གྲི་ཁ་ལྷོ་བྱང་ཤར་ནུབ་བསྟན། །ཅེས་ལས་བཞིའི་ཕུར་པར་ཁ་ཞི་བ་ལ་ཤར་སོགས་ལས་མཐུན་ཏུ་ཕྱོགས་ཤིང་རང་སྔགས་སོ་སོ་བཟླ་ཞིང་། གྲིའི་ཁའང་ཕྱོགས་སོ་སོར་བསྟན་པར་བཤད་ལ། སྔགས་


LT31_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་གསར་འགྱུར་རྩ་ག་ཐུགས་རྒྱུད་ལས་འབྱུང་བ་དེ་ཡིན་ལ། རྒྱུད་འདི་ལས་གཞན་ཡང་རྒྱུད་ཕྱི་ནང་གསང་བ་དང་། ལས་བཞིའི་ཚད་སོ་སོ་སོགས་ཁྱད་པར་འགའ་ཞིག་བསྟན་ཏོ། །བྱེ་བྲག་ཏུ། རྒྱུད་སྔ་མ་ལས། ཁ་ནི་འཛབ་དང་མི་འབྲལ་བས། །ཞེས་པས་ལྷ་ཕུར་སོགས་བཟོ་བའི་ཚེ་ཀཱི་ལ་ཡའི་སྔགས་ཟློ་བཞིན་པས། ཕལ་ཆེར་མངོན་སྤྱོད་ཀྱི་ལས་གཙོ་ཆེ་བས་ཁ་ལྷོར་ཕྱོགས་ལ། དབང་དུ་སྡུད་པའི་ཕྱིར་གྲི་སོ་རང་ལ་སྟན་པའམ། ཚར་གཅོད་པའི་དོན་དུ་ཕྱིར་བསྟན་ལ་གཞོག །ལྕགས་ལ་བྱེད་ཀྱང་དེས་འགྲེ། མྱང་འདས་ཀྱི་རྒྱུད་ལས། རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོའི་ཕྱོགས་སུ་ཕྲིན་ལས་བཞི། །སོ་སོ་རང་གི་གཞུང་བཞིན་གཞོག །ཅེས་དང་། ལས་རྒྱུད་ལས། ཤིང་གི་རྩ་བ་རྒྱ་མདུད་དེ། །རྩེ་མོའི་ངོས་སུ་སོ་སོའི་དབལ། །ཞེས་སོགས་དང་། ཀརྨ་གུ་རུའི་རྒྱུད་ལས། མགོ་མཇུག་མ་ནོར་བར་བྱས་ལ། རྩ་བའི་ངོས་སུ་མགོ་བྱ། །ཞེས་སོགས་ཡང་ཡང་གསལ་བར་གསུངས་པ་ལྟར་ཤིང་གི་རྩ་བ་ལ་ཕུར་པའི་མགོ་བྱ་བ་ལུགས་འདིའི་ཁྱད་ཆོས་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་གལ་ཏེ་དེ་ལས་ལྡོག་ན་གདབ་ཡུལ་ལ་མི་ཐེབས་པ་དང་རང་ལ་ལྡོག་པ་སོགས་ཀྱི་ཉེས་པ་འབྱུང་ངོ་། །དྲུག་པ་བྱིན་གྱིས་བརླབ་པ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། ཡེ་ཤེས་རྩེ་མོའི་རྒྱུད་ལས། སྟེང་དུ་རྒྱ་མདུད་དབུས་གནས་སུ། །སངས་རྒྱས་གདུང་མཆོག་གཞག་


LT31_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དབུས་སམ་གནས་ཀྱི་རྒྱ་མདུད་ལ། །རཏྣ་བཞག་པར་བྱ་བ་སྟེ། །ཡེ་ཤེས་རྩེ་མོར་མཁས་པ་ཡིས། །ལུག་རུས་འཇིགས་པ་གཞག་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཡིས། །སྟེང་གི་དབུས་གནས་བྱིན་གྱིས་བརླབས། །དཀོན་མཆོག་གསུམ་གྱི་གསང་སྔགས་ཀྱིས། །དབུས་ཀྱི་གནས་སུ་བྱིན་གྱིས་བརླབས། །རྡོ་རྗེ་ཁྲོ་བོ་དུ་མའི་སྔགས། །རྩེ་མོའི་དབུས་གནས་བྱིན་གྱིས་བརླབས། །ཞེས་འབྱུང་ལ། གཏེར་ཁ་རྣམས་སུ་ཕུར་པའི་མགུལ་དུ་སངས་རྒྱས་ཀྱི་རིང་བསྲེལ། སོ་སོའི་སྙིང་པོའི་ཤོག་དྲིལ། ཐུན་རྫས་ཐུམ་པོ་བཏགས་པར་གསུངས་པའང་འདིའི་དགོངས་པར་སྣང་ལ། ཕུར་པ་ཐུགས་ཀྱི་སྙིང་ཁུའི་ཡང་ཟབ་གདམས་པའི་སྐབས། བསྙེན་ཕུར་མགུལ་དུ་ཡུངས་ཀར་འབྲུ་སྟོང་ཕྲག་གུ་གུལ་གྱི་ཆུས་ངར་བླུད་ཅིང་དར་མཐིང་ནག་ལ་གཏུམས་པ་དང་། གསང་སྔགས་གྲི་ཁྲག་དང་སེང་ལྡེང་གི་ཁུ་བས་ཤོག་བུར་བྲིས་པ་གདགས་གསུངས། དེས་ན་ཕྱག་ལེན་ཏུ་ཕུར་རྙིང་ལྟ་བུར་དེ་རྣམས་མགུལ་ཏུ་བཏགས་ཤིང་། ཆེད་བཟོས་རིགས་ལ་ཕུར་པའི་ནང་ཁོངས་སུ་གོང་སྨོས་རྒྱུད་ཀྱི་ལུང་ལྟར་རམ། །བསྡུ་ན་རྒྱ་མདུད་གོང་མའི་ནང་དུ་རིང་བསྲེལ་དང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་སོ་སོའི་རང་སྔགས་གཞུག །མགུལ་པར་དར་ནག་གི་ཁུད་དུ་ཐུན་རྫས་སམ། ཁྱད་པར་ཡུངས་ཀར་གུ་གུལ་ཆུས་བྲན་པ་གཏུམས་ལ་བཏགས། འདི་ནི་གལ་ཤིན་ཏུ་ཆེ་སྟེ། རྩ་རྒྱུད་རྡོ་རྗེ་


LT31_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པ་ལས། བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཡུངས་ཀར་དང་ནི་ཕུར་བུ་དངོས། །ཞེས་ཕུར་པའི་བྱེ་བྲག་ཏུ་གསུངས་པའི་ཕྱིར་རོ། །གཞན་ཡང་རྒྱུད་དེ་ལས། མཐིང་ནག་དར་གྱི་ཅོད་པན་གདག །ཅེས་པས་ཐམས་ཅད་ལ་དར་མཐིང་ནག་གི་ཅོད་པན་ནམ། ད་ལྟའི་སྤྲོས་བཅས་གཙོར་བྱེད་པ་རྣམས་ཀྱིས་གཙོ་བོ་ལ་དར་སྣ་ལྔ། གཞན་ལ་རང་མདོག་གི་ཅོད་པན་སོགས་བྱེད་དོ། །དབལ་ཟུར་ལ་རྫས་དགུས་ངར་བླུད་དེ་དགུ་ནི །ར་ཁྱི་ཕག་གསུམ་གྱི་ཁྲག་གསུམ། བཙན་དུག་ར་དུག་སྤྱང་དུག་དུག་སྣ་གསུམ། ལྕགས་ཟངས་རྦ་རྡོ་ཕྱེ་གསུམ་མམ། ཡང་ན་ཕྱེ་གསུམ་ཚབ་ཏུ་གུ་གུལ་ཉུངས་ཀར་ཚིལ་ཆེན་ཏེ་རྫས་སྣ་གསུམ། བསྡོམས་པས་རྫས་དགུའོ། །བཞུགས་གནས་ཀྱང་རུ་སྦལ་གྱི་ཁོག་པའམ་ལྕགས་ཟངས་སོགས་སམ་དྲག་པོའི་ས་ལ་བཅོས་པ་འི་གྲུ་གསུམ་མཐིང་ནག་ཨེ་དགུ་བསྣོལ་བྱས་པའི་སྟེང་དུ་བམ་རོའི་གཟུགས་བྱས་པའི་སྙིང་གར་གཟུག་པ་རྒྱས་པའི་ལུགས་དང་། དགུ་བསྣོལ་དང་བམ་རོ་མེད་པའི་ཨེ་རྐྱང་གཉིས་སུ་སྔགས་འཆང་རྣམས་ཀྱིས་མཛད་ཀྱིན་སྣང་། ལས་བཞིའི་ཕུར་བུར་སྟེགས་དང་ཅོད་པན་རང་མདོག །རྩང་ཕུར་རྣམས་ཀྱི་རྩེ་མོར་ཤ་དང་ལིངྒ་གཟེར་ཞིང་ཐོད་སྐམ་གྱི་སྟེགས་ལ་བཀོད་པར་གསུངས། ཁྱད་པར་གྱི་བྱིན་རླབས་ནི་གཞན་ཏུ་ཤེས་པར་བྱའོ། །དེ་ལྟ་བུ་ཚད་དང་ལྡན་པར་བསྒྲུབས་པའི་ཕུར་བུ་དེ་དག་བཞུགས་ཚུལ་ཀྱང་། རྒྱུད་ཡེ་ཤེས་རྩེ་མོ་


LT31_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བསྒྲུབ་པ་འབད་པས་མི་བྱེད་ཀྱང་། །དབྱིབས་དང་མཐུན་པའི་སྣོད་དག་ཏུ། །གཙང་མའི་གནས་སུ་བཞུགས་ནས་ཀྱང་། །དགབ་དང་བདུག་དང་སྐོར་བ་ཡིན། །མཆོད་དང་གདུགས་ཀྱི་ཆོ་ག་བྱ། །ཞེས་གསུངས་པ་ལྟར་དགོས་ལ། དེའང་བཞུགས་ཁང་དྲག་པོའི་བཀོད་པ་ཕུལ་བྱུང་དང་ལྡན་པའི་སྒྲོམ་ལ་སོགས་པར། །དར་མཐིང་ནག་གིས་དགབ་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུགས་ལ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ་ལོ། །བདུན་པ་མཚོན་དོན་ནི། །རྒྱས་པ་སྨོས་སུ་མི་ལོངས་པས། །མདོར་བསྡུས་རྒྱུད་མྱང་འདས་ལས། ཁམས་གསུམ་ཡེ་ནས་ཕུར་པའི་ངང་། །སྲིད་གསུམ་ཡེ་ནས་རྣམ་དག་ཅིང་། །ཕུར་བུ་ཡེ་ནས་མྱང་འདས་ཀྱང་། །བདེན་པ་གཉིས་ཀྱི་ཆ་ལ་གདགས། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་ཕུར་པར་མ་གྱུར་པ་གཅིག་ཀྱང་མ་མཆིས་པས་དོན་གྱི་ཕུར་པ་མཚོན་བྱེད་ཀུན་རྫོབ་བརྡའི་ཕུར་པ་འདིས་སྐུ་གསུམ་མཚོན་ཏེ། དེ་ལས། དབུ་ཡི་རྒྱ་མདུད་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པ་སྟེ། །རྩེ་མོ་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་དང་། །དཀྱིལ་འཁོར་ཡོངས་རྫོགས་ཀྱང་མཚོན་ཏེ། །དབུ་དང་རྩེ་ནི་ཡབ་ཡུམ་གཉིས། །རྡོ་རྗེ་གཞོན་ནུ་བཞུགས་པའི་གནས། །དོན་ལ་གཞལ་ཡས་ཁང་མཚོན་བྱའི་རྟགས། །རྒྱབ་མདུན་གཉིས་སུ་བསྟན་པ་ཡང་། །


LT31_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་གཉིས་མེད་པའི། །དབྱིངས་དང་ཡེ་ཤེས་ཆེ་བའི་རྟགས། །རྩེ་མོ་དྲག་པོའི་ཟུར་གསུམ་ནི། །ཡེ་ཤེས་རྩེ་གཅིག་དྲག་པོར་བཤད། །ཅེས་དང་། བཤད་རྒྱུད་ལས། རྒྱ་མདུད་གོང་མ་ཧཱུྃ་མཛོད། བཅུམ་གཞོགས་བརྒྱད་ཁྲོ་བོ་བརྒྱད་ཟ་གསོད་བཅུ་དྲུག་བཅས། རྒྱ་མདུད་འོག་མ་སྟོབས་པོ་ཆེ། དེའི་ལོགས་བཞི་སྒོ་མ་བཞི་སོགས་མཚོན་ཚུལ་རྒྱས་པར་གསུངས། འཁོར་འདས་གཉིས་ཀ་རྫོགས་ཚུལ་རྒྱུད་ལས། དཔལ་ནི་ངན་སོང་འཁོར་བའི་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ཁམས་གནས་ཀྱི་རིས། །བཅུམ་གཞོགས་སྨད་ལ་གཟུགས་ཁམས་གནས་བཅུ་བདུན། །སྟོད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ། །རྒྱ་མདུད་བདེ་གཤེགས་གཞལ་ཡས་ཁང་། །དཀྱིལ་འཁོར་ཆེན་པོར་རང་བཞིན་གནས། །ཞེས་གསུངས་ལ། སོར་ཚད་རྣམས་ཀྱི་དོན་ཀྱང་། །གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཚད་དུ་བསྟན་པ་ནི། ཁམས་ནི་བཅོ་བརྒྱད་འཇོམས་པ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །བརྒྱད་པ་བྱེད་ལས་ནི། སྤྱིར་ཨོ་རྒྱན་ཆེན་པོས། ཕུར་པའི་ལས་ནི་མགོ་བོ་རྒྱ་མདུད་དུག་ལྔ་འཇོམས༔ སྐུ་སྟོད་ཁྲོ་བོས་ཐ་མལ་གྱིས་རྟོག་པ་འཇོམས༔ སྐུ་སྨད་ཟུར་བརྒྱད་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་སྦྱོང་༔ ཆུ་སྲིན་ཁ་


LT31_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟུར་དྲུག་སྦྲུལ་ཆུན་དབང་པོ་དྲུག་གིས་ལོངས་སྤྱོད་སྒྲུབ་ཅིང་ཐུགས་རྗེས་འཛིན་ཤེས་གཏོང་མི་ཤེས་ཀྱི་ལས་བྱེད། སྨད་ཟུར་གསུམ་གྱིས་དུག་གསུམ་ལས་བསྐྱེད་གདུག་པའི་དགྲ་བགེགས་སྒྲོལ་བའི་ལས་བྱེད་དོ༔ ཞེས་གསུངས་ཤིང་། ཀརྨ་ལས་རྒྱུད་ལས། ཡེ་ཤེས་ཐུགས་ཀྱི་ཕུར་པའདིས། །ཉོན་མོངས་དུག་ལྔ་རབ་རྒྱས་ཏེ། །ཞེན་པ་ཕྱིན་ཅི་ལོག་ལ་བརྟས། །གནོད་གདུག་སྡང་སེམས་ལྡན་པ་རྣམས་བསྒྲལ་ཏེ་མི་རྟོག་དོན་ལ་བཞག །ཅེས་ཕྱི་དགྲ་གདོན་བགེགས་རིགས། ནང་ཉོན་མོང་དུག་ལྔ། གསང་བ་གཟུང་འཛིན་གྱི་མཚན་རྟོག་རྣམས་བསྒྲལ་ནས་མི་རྟོག་དེ་བཞིན་ཉིད་ཡེ་ཤེས་ཁྲོ་བོ་འགྲུབ་པར་བྱེད་པ་ཕུར་པ་སྤྱིའི་ཕྱེད་ལས་དང་། བྱེ་བྲག་ཏུ། །གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་ཕུར་པ་ཟུར་བཞི་ཡིས། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད། །སེང་ལྡེང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུད་པར་བྱེད། །བསེ་ཤིང་ཕུར་པས་རིགས་རྒྱས་བྱེད། །གསེར་གྱིས་བྱང་ཆུབ་སེམས་རྒྱས་བྱེད། །ཙནྡན་དམར་པོའི་ཕུར་པ་ཡིས། །བུ་མོ་དབང་དུ་སྡུད་པར་བྱེད། །མཛོ་མོས་བློན་པོ་དབང་དུ་སྡུད། །བསེ་ཤིང་དམར་རིགས་དབང་དུ་སྡུད། །ཟངས་ཀྱིས་རྒྱལ་པོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་གསུངས་པ་དང་། སྐྱེར་ཕུར་གྱིས་མནན་


LT31_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་བྱེད་པ་སོགས་གོང་དུ་རྒྱུ་བའི་སྐབས་སུ་ལུང་དྲངས་པ་དང་། མི་བཟད་པའི་ཕུར་པ་དྲུག་གིས་ངན་སྔགས་ཀྱི་ལས་དྲུག་བྱེད་པ་སོགས་ཕུར་པའི་རྒྱུ་སོ་སོ་ལ་དེ་ལྟ་བུའི་ནུས་པའི་ས་བོན་རང་བཞིན་གྱིས་གནས་པ། སྔགས་དང་དམིགས་པའི་རྟེན་འབྲེལ་གྱི་སྟོབས་སུ་གྱུར་ཏེ་བྱ་བ་བྱེད་ལ། མཆོག་ཏུ་སྒྲུབ་པ་རྟགས་ཐོན་པའི་བསྙེན་ཕུར་གྱིས་ནི། །གདེངས་པ་ཙམ་གྱིས། །གདོན་བགེགས་འདུལ་བ་དང་། ཐོག་སེར་ཟློག་པ་དང་། ཆར་པ་དབབ་གཅོད་སོགས་པས་གང་བརྩམས་པ་ཐོགས་མེད་དུ་བྱེད་པར་གསུངས་སོ། །དགུ་པ་གདབ་པའི་ཡུལ། སྤྱིར་ཞི་བའི་ཕུར་པ་གདབ་པའི་ཡུལ་ནད་གདོན་འཇིགས་བརྒྱད། དེ་བཞིན་ཏུ། །རྒྱས་པའི་ཕུར་པ་ཚེ་བསོད་འབྱོར་དྲུག །དབང་གི་ཕུར་པ་སྲིད་གསུམ་སྐྱེ་འགྲོ། །དྲག་པོའི་ཕུར་པ་དགྲ་བགེགས་གདུག་པ་ཅན་ལ་གདབ་པར་གསུངས་ཤིང་། །བྱེ་བྲག་ཏུ་མངོན་སྤྱོད་དང་འབྲེལ་བའི་ཕུར་བུ་རྣམས་གདབ་པའི་ཡུལ་ནི། ལྷ་དང་དབྲལ་བའི་ཚེ་གནམ་གྱི་འཇུ་ཐག་བཅད་པའི་གནད་ཡིན་པས་སེང་ལྡེང་ཕུར་པ་སྤྱི་གཙུག་ཏུ་གདབ་གཟུགས་ལ་དབབ་པའི་ཚེ་སའི་རྟེན་ཕུར་ཕྱུང་བའི་གནད་ཡིན་པས་བྱ་ཕུར་རྐང་མཐིལ་དུ་གདབ། བྱད་དུ་གཞུག་པའི་ཚེ་སྐྱེ་བ་དགུ་བརྒྱུད་བཅད་པའི་གནད་ཡིན་པས་མཆོག་ཕུར་གསང་གནས་སུ་གདབ། །སྨྱོར་གཞུག་པའི་ཚེ་སྨྲ་བ་དག་གི་གནད་ཡིན་པས་ཙནྡན་ཕུར་པ་ལྕེའི་དཀྱིལ་དུ་གདབ། རྡུལ་དུ་བརླག་པའི་ཚེ་


LT31_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་དཔྱིས་ཕྱིན་པའི་གནད་ཡིན་པས་ལྕགས་ཕུར་སྙིང་གར་གདབ། ཞལ་དུ་བསྟབས་པའི་ཚེ་སྐྱེ་བའི་ས་བོན་གཞོམ་པའི་གནད་ཡིན་པས་སྐྱེར་ཕུར་ལྟེ་བར་གདབ། །ཚེ་ཁྲུས་ཀྱི་དགོངས་པ་བྱེད་པའི་ཚེ་ཀུན་གཞི་གནས་པའི་གནད་ཡིན་པས་སྲས་མཆོག་ཕུར་བུ་སྙིང་དཀར་ནག་མཚམས་སུ་གདབ། །གདབ་པའི་ལས་ཀྱི་སྐབས་རྒྱུད་རྣམས་ལས་འདེབས་བྱེད་ཀྱི་ཕུར་བུ་དང་གདབ་པའི་ཡུལ་མི་འདྲ་བ་མང་དུ་གསུངས་ཀྱང་། བཀའ་མའི་སྐབས་སུ། །སློབ་དཔོན་རྣམ་གསུམ་གྱི་དགོངས་འདུས་འབུམ་ནག་ལས་གསུངས་པ་འདི་གཙོ་བོར་བྱ་དགོས། ཧཱུྃ་ཀ་རའི་ཕུར་པ་མི་ཚངས་སྤྱོད་ཀྱི་གནད་ཡིན་པས་སྤྱི་བོར་གདབ། རྣམ་རྒྱལ་ཕུར་པ་མ་བྱིན་ལེན་གྱི་གནད་མིག་གཉིས་ལ་གདབ། དེ་བཞིན་དུ། དབྱུག་སྔོན་ཅན་ལོག་ལྟའི་གནད་སྣ། གཤིན་རྗེ་གཤེད་སྲོག་རྩའི་གནད་སྣ། །མི་གཡོ་བ་རྫུན་སྨྲའི་གནད་ལྕེ། །རྟ་མགྲིན་ངག་འཁྱལ་གནད་ལྕེ། འདོད་རྒྱལ་ཕྲ་མའི་གནད་གསང་བ། འཁྱིལ་བ་ཚིག་རྩུབ་གནད་དཔུང་པ་གཡོན། །སུམ་རྒྱལ་བརྣབ་སེམས་གནད་དཔུང་པ་གཡས། །སྟོབས་ཆེན་གནོད་སེམས་གནད་རྐང་མཐིལ་དུ་གདབ། །འདིར་ཕུར་པ་ཉེར་གཅིག་པའི་ཕྱོགས་ཡིན་པས་ཡུམ་དང་ཁྲ་ཐབས་མ་བཤད་པས། འདེབས་ཚེ་ཡུམ་རྣམས་ཡབ་ལྟར་དང་ཁྲ་ཐབས་རྣམས་དེའི་གཡས་གཡོན་ཏུ་གདབ། སྒོ་མ་བཞིའི་ཕུར་པའི་གདབ་པའི་ཡུལ་ལུས་ཀྱི་མཚོ་བཞི་སྟེ། དེའང་


LT31_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་མ་གློ་སྙིང་དབུགས་ཀྱི་མཚོ། ཞགས་པ་མ་མཆིན་པ་ཁྲག་གི་མཚོ། །ལྕགས་སྒྲོག་མ་མཁལ་མ་ཤའི་མཚོ། །དྲིལ་བུ་མ་ཀླད་པ་བྱང་སེམས་ཀྱི་མཚོ་ལ་གདབ་བོ། །མི་བཟད་པའི་ཕུར་པ་དྲུག་གདབ་ཚུལ་དེང་སང་ཕྱག་ལེན་མི་མཛད་པས་མ་བྲིས། །གཏེར་མའི་ཕྱོགས་སུའང་རྒྱས་བསྡུས་དང་ཟུར་འདྲ་མིན་མང་དུ་འབྱུང་ཡང་རྩ་བའི་རྒྱུད་ཀྱི་དགོངས་པ་ཡིན་པས་ངོ་བོ་གཅིག་པ་ཁོ་ན་ཡིན་ཀྱང་། ཕྱག་ལེན་མཁན་པོ་ཕལ་ཆེར་གཞུང་དོན་ཇི་བཞིན་མ་རྟོགས་པས་རང་བཟོའི་དོན་མ་ཡིན་པར་འཕྱན་པ་སྟེ། །དེས་ན་རྒྱུད་དོན་གཟིགས་པའི་རིག་འཛིན་ཆེན་པོ་རྣམས་ཀྱི་ཕྱག་བཞེས་སུ་འབྱུང་བ་ལྟར་ན། ཧཱུྃ་མཛད་ཕུར་པ་སྒོ་ལྔའི་རྟེན་སྤྱི་བོར་གདབ། །དེ་བཞིན་ཏུ། །རྣམ་རྒྱལ་ཚེ་རྟེན་དཔྲལ་བར། གཤིན་རྗེ་གཤེད་གཏི་མུག་རྟེན་ལྟེ་བ། རྟ་མགྲིན་འདོད་ཆགས་རྟེན་མགྲིན་པར། འཁྱིལ་བ་ཀུན་གཞིའི་རྣམ་ཤེས་སྙིང་གར། །དབྱུག་སྔོན་ང་རྒྱལ་རྟེན་དཔུང་གཡོན། །མི་གཡོ་ཕྲག་དོག་རྟེན་དཔྱི་གཡོན། །འདོད་རྒྱལ་སེར་སྣའི་རྟེན་དཔྱི་གཡས། །སུམ་རྒྱལ་ཞེ་སྡང་དཔུང་གཡས། སྟོབས་ཆེན་སྐྱེ་རྒྱུའི་རྟེན་གསང་བར་ཏེ་ཁྲོ་བོ་བཅུ་རྣམ་ཤེས་ཀྱི་རྟེན་བརྒྱད་ཞར་བྱུང་གཉིས་དང་བཅས་ལ་གདབ། སྙེམས་མའི་ཕུར་བུ་སྲིད་པ་ཆགས་པའི་རྟེན་ལྟེ་བར། སྡེར་མོ་རྣམ་ཤེས་རྟེན་སྙིང་ག །དུར་ཁྲོད་དང་གཏུན་ཁུང་རྒ་ཤིའི་རྟེན་དཔུང་པ་གཡས་གཡོན། གཏུམ་མོ་དང་མདའ་སྙེམས་ཕུང་པོ་ཆགས་ཐོགས་རྟེན་དབྱི་


LT31_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གཡས་གཡོན། རླུང་འབྱིན་ཉིད་མཚམས་སྦྱོར་བའི་རྟེན་གསང་གནས། གསོད་བྱེད་ཕུང་པོ་བླང་དོར་རྟེན་དཔྲལ་བར་ཏེ་ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དུ་གདབ། སྒྲ་འབྱིན་དགེ་བའི་རྟོག་པ་འཇོམས་ཤིང་མཐོ་རིས་སུ་སྐྱེ་བའི་མཐའ་གཅོད་པའི་ཕྱིར་སྤྱི་བོར། །སྐྱོད་བྱེད་མི་དགེ་བའི་རྟོག་པ་འཇོམས་ཤིང་ངན་སོང་དུ་སྐྱེ་བའི་མཐའ་གཅོད་པའི་ཕྱིར་རྐང་མཐིལ་དུ་གདབ། སྒོ་མ་བཞི་ནི་ཐུགས་ཀྱི་ཉིང་ཁུ་སོགས་ལས་མཚོ་བཞིར་གདབ་པར་གསུངས་ཤིང་། །ཡང་གསང་བླ་མེད་སོགས་སུ་ཡན་ལག་བཞིར་གདབ་པར་གསུངས། སྒྲུབ་ཆེན་ལྟ་བུར་ཕུར་གདབ་རྒྱས་པའི་ཕྱོགས་ལ། །དམ་ཅན་བཅུ་གཉིས་ལྷུ་ཚིག་བཅུ་གཉིས། དབང་ཕྱུག་རྣམས་མཐིལ་བཞི་ལ་གདབ་པ་སོགས་བཤད་དོ། །གདབ་ལས་ཀྱི་བྱ་བའི་གཙོ་བོ་སྲས་མཆོག་དང་། འཁོར་གདབ་ཕུར་རྣམས་ཀྱིས་བྱེད་པ་ཡིན་ལ། བསྙེན་ཕུར་ནི་ནམ་ཡང་གདབ་ལས་ལ་འཇུག་པར་མ་ཡིན་ཏེ། རྩ་རྒྱུད་ལས། ཁྲག་འཐུང་གཙོ་བོ་ཡབ་ཡུམ་གཉིས། །ཕྲིན་ལས་ཀུན་གྱི་མཛད་པ་ནི། །གདབ་པའི་ལས་ལ་མི་འཇུག་པར། །རྒྱལ་པོ་ཆེན་པོའི་ཚུལ་དུ་གནས། ཞེས་པ་ལྟར་བདག་རྩ་བའི་ལྷ་དང་དབྱེར་མེད་དུ་ལྟ་དགོས་པ་ཡིན་ལ། འབུམ་ནག་ཏུའང་འདི་སྐད་དུ། རྒྱུད་ལས། གཙོ་བོའི་ཕུར་པ་བླངས་ནས་ནི། །བདག་ཉིད་སྲུང་བའི་ཚེ་ཕུར་བྱ། །ཞེས་གསུངས་པས། །


LT31_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཕུར་པ་བདག་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་བྱིན་རླབས་དང་མཆོད་བསྟོད་བྱས་ཀྱིན་བཞུགས་སུ་གསོལ། ཞེས་འབྱུང་ངོ་། །གདབ་པའི་ལས་དེ་དག་ཀྱང་ཞེ་སྡང་གིས་ཀུན་ནས་བསླང་སྟེ་སྡང་བའི་ཡུལ་ལ་མཚོན་འདེབས་པ་ལྟ་བུ་མ་ཡིན་པར། ངོ་བོ་སྙིང་རྗེ། རྣམ་པ་ཞེ་སྡང་། བྱེད་པ་ཐུགས་རྗེ་དང་ཡེ་ཤེས་ཀྱི་ངོ་བོས། ཡུལ་སེམས་ཅན་དེའི་མ་རིག་པ་དང་ཉོན་མོངས་པ་ལ་བཏབ་པས། ལས་སྒྲིབ་དག་ནས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་སྟེ། ལས་རྒྱུད་ལས། སྙིང་རྗེས་ཟིན་པའི་ཞེ་སྡང་གིས། །ཉོན་མོངས་གནས་སུ་དག་བྱས་བསྒྲལ། །ཞེས་སོ། །བཅུ་པ་དགོས་པ་ནི། སྤྱིར་སྒྲུབ་ལུགས་བརྒྱད་པོ་གང་སྒྲུབ་ཀྱང་རྒྱས་བསྡུས་ཙམ་ལས་རང་རང་གི་དམ་ཚིག་གི་རྟེན་སྒྲུབ་པའི་རྫས་ཐུན་མོང་མ་ཡིན་པ་ནི་མེད་དུ་མི་རུང་བ་བཀའ་བརྒྱད་སྤྱི་བྱེ་བྲག་གི་རྒྱུད་ལུང་རྣམས་ནས་ཆེ་ཐང་དུ་གསུངས་ལ། བྱེ་བྲག་མྱང་འདས་ལས། རྟོགས་པའི་དོན་ལ་གཉིས་མེད་ཀྱང་། །མ་རྟོགས་བསྒྲལ་བའི་དོན་ཆེད་དུ། །བཀའ་ལས་བྱུང་བའི་རྒྱུ་དག་ལ། །ཚུལ་དང་ལྡན་ཞིང་ལེགས་པར་བྱ། །རང་དགར་བྱས་ན་བཀའ་ལས་ཉམས། །རྙེད་བཙན་བྱས་ན་བྱིན་རླབས་ཆུང་། །ངན་དགུར་ཤོམ་ན་རྟོག་པར་འགྱུར། །ཚོགས་པར་གསོག་ན་གཞུང་དང་མཐུན། །བཀའ་བཞིན་བྱས་ན་བྱིན་རླབས་ཆེ། །ཞེས་དང་། གསང་རྒྱུད་ལས། བཤད་པའི་དམ་རྫས་མི་འཆང་བ། །འདི་ཡང་དམ་


LT31_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉམས་པ་ཡིན། །ཞེས་དམ་ཚིག་ཉམས་པའི་རྒྱུ་བཞིའི་ཡ་གྱལ་གཅིག་དམ་ཚིག་གི་རྫས་མི་འཆང་བ་ལ་གསུངས་པ་སོགས་ཀྱིས་ནུས་པ་དང་སྦྱར་ནས་ཇི་ཙམ་འཚོགས་པར་བྱ་དགོས་ལ། ཆག་ཚད་རབ་གནས་བྱིན་རླབས་དང་ལྡན་པའི་ཕུར་པ་དེ་ཉིད་བཞུགས་པའི་ས་ཕྱོགས་ཀྱང་མཆོད་རྟེན་གྱི་རང་བཞིན་ཏུ་འགྱུར་ཏེ། ཡེ་ཤེས་རྩེ་མོའི་རྒྱུད་ལས། བསྐལ་པ་ཇི་སྲིད་སྟོངས་ན་ཡང་། །ས་དང་ནམ་མཁའ་ཕྱོགས་ཀུན་ཀྱང་། །མཆོད་རྟེན་ཆེན་པོ་ཁོ་ནར་ངེས། །འདི་ལ་རྣམ་པར་དཔྱད་མི་དགོས། །གང་གིས་བསྒྲུབ་པ་མ་སོང་ཡང་། །དེ་ལ་འབད་པ་མི་དགོས་པར། །འབྲས་བུ་གྱ་ནོམས་ཕུན་སུམ་ཚོགས། །ཞེས་དང་། བཤད་རྒྱུད་ལས། །སེར་བ་གཅོད་ཅིང་འབེབས་པ་དང་། །ཆར་པ་བཅད་འབེབས་ལས་རྣམས་ཀུན། །ཕུར་པ་འདི་ཡིས་འགྲུབ་པར་འགྱུར། །སྲོག་ཆགས་འབྲུ་ལ་གནོད་པ་ཡང་། །ཕུར་པ་འདི་ཡིས་གནོད་པ་འཇོམས། །ནད་དང་གདོན་གྱིས་གནོད་པ་ཡང་། །ཕུར་པ་འདི་ཡིས་སྲུང་བར་བྱེད། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །མེ་སྟག་སེངྒེའི་འཇིགས་པ་དང་། །སྦྲུལ་གདུག་གླང་ཆེན་སྨྱོན་པ་དང་། །དྲེད་མོ་མེ་དང་ཆུར་བཅས་རྣམས། །ཕུར་པ་འདི་ཡིས་འཇིགས་པ་སེལ། །མཛེ་ཡི་ནད་འཇོམས་ཀླུ་དུག་སེལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། དེའང་ཆག་ཚད་ལྡན་པས་རྟགས་མྱུར་རོ། །ཞེས་པས་ཕུར་པ་ཚད་དང་ལྡན་པ་


LT31_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདིས་མཚོན་ཏེ་དགོས་པ་དང་ཕན་ཡོན་ཚད་མེད་པར་གསུངས་སོ། །གསུམ་པ་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་ནི། །མཆོད་པ་ལ་ཕྱི་ནང་གསང་བའི་དབྱེ་བས་རིགས་མང་ཡང་སྐབས་འདིར་མེད་དུ་མི་རུང་བ་མཆོད་པའི་གཙོ་བོ་ནི་སྨན་རཀ་གཏོར་གསུམ་ཡིན་ཏེ། དེ་ལ་གཏོར་མའི་རྣམ་བཞག་དང་ཕྱག་ལེན་རྒྱས་པ་ནི་གཞན་ཏུ་ཤེས་དགོས་ལ། འདིར་སྒྲུབ་གཏོར། མཆོད་གཏོར། རྒྱུན་གཏོར། ལས་གཏོར་བཞི་ལས། སྒྲུབ་གཏོར་ནི་འབུམ་ནག་ལས། མིའི་རྗེ་ངར་བརླ་དང་བཅས་པའི་རྐང་མཐིལ་གྱེན་བསྟན་གྱི་ཁྲིའུའི་ཁར། མིའི་རྩིབས་ཁོག་གམ། །ལྕེ་སྦྱང་གི་ཁོག་པར་ཤ་ཁྲག་སྙིང་སྣ་ལས་བྱས་པའི་དཔལ་ཆེན་པོའི་གཏོར་མ་ཚིལ་ཆེན་གྱི་སྤྲིན་ཁེབས་དང་རྨ་བྱའི་གདུགས་ཕུབ་པའི་གཡས་སུ་གཏར་གཏོར། །རྒྱབ་ཏུ་མཆོད་གཏོར་གསུམ་བཞག་པར་བཤད་ཀྱང་། ད་ལྟའི་ཕྱག་ལེན་ལྟར་ན། ཕོ་ཐོད་མཚན་ལྡན་ཏུ་དཔལ་གཏོར་ཆེ་བ་གཅིག་ལ་རང་འདྲ་བཅུས་བསྐོར་བའི་རྩེར་སྐུ་རྟེན་བཙུགས་ཤིང་དར་ནག་གི་གུར་ཕུབ། མན་ངག་ཏུ་མཆོག་དང་ལས་སྒྲུབ་དབྱེ་བས་མཐིང་ཤོག་ལ་གསེར་བྲིས་སམ། རོ་རས་ལ་གྲི་ཁྲག་ལྟ་བུས། རྩ་སྔགས་མཐར། དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སྒྲུབ་པ་པོའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་བ་དང་ཚེ་འདི་ཉིད་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། །ཞེས་བྲིས་པ་ཤ་ལྔ་བདུད་


LT31_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔ་དང་དར་མཐིང་གིས་ཐུམ་ལྟ་བུ་མཆོག་ལས་དབྱེ་བས་གཞུག་སྟེ་དཀྱིལ་འཁོར་དབུས་སུ་མཉྫུ་སོགས་ལ་བཀོད་པ་ནི་སྙིང་པོའི་གཏའ་གཏོར་ཞེས་ལྡར་བསྐྱེད་ན་ཇི་སྲིད་པར་མི་གཤེགས་པ་དང་། ལས་དེ་འགྲུབ་ཀྱི་བར་གཏར་བཟུང་ནས་ལས་གྲུབ་དུས་གཏོང་བའི་གཏལ་གཏོར་ཙམ་བོ་སྟེ་དབྱེ་བ་གཉིས་ཡོད། །འདི་ལ་ཆོས་གླིང་གཏེར་མ་ཐུགས་ཀྱི་ཐིག་ལེའི་ལུགས་སོགས་ལ་འཁོར་ལོ་རྩིབས་བཅུའི་གདན་བྱེད་པ་དང་། ས་ལུགས་འཁོར་བཞི་ལས་མེད་པ་སོགས་བཀའ་གཏེར་སོ་སོའི་ཕྱག་རྒྱུན་ལྟར་དགོས་ལ། །དབྱིབས་དེ་དང་འདྲ་བ་ལ་འཁོར་གྱི་ཚབ་ཏུ་ཐེབས་ཀྱུ་ཡོད་མེད་གང་རུང་དང་སྐུ་རྟེན་ནང་གཞུག་སོགས་མེད་པ་ནི་མཆོད་གཏོར་གསུམ་གྱི་ཡ་གྱལ་དེ་ཡིན་ལ། རྒྱུན་གཏོར་ནི་ཉིན་བཞིན་བཏང་དགོས་པའི་རིགས་དང་། ལས་བཅོལ་བའི་གཏོར་མ་ནི་ཟློག་པ་དང་ཟོར་གྱི་གཏོར་མ་དང་། གློ་བུར་ངེས་མེད་དུ་གཏོང་བ་རྣམས་སོ། །འདིའང་གནས་གཅིག་ཏུ་རྩེ་གཅིག་སྒྲུབ་པའི་དབང་དུ་བྱས་ཀྱི། གསང་སྔགས་རྙིང་མའི་ཁྱད་ཆོས་གཏོར་མ་ལ་ཤེས་པ་གསུམ་མམ་དྲུག་ལྡན་ཞེས་གཏོར་མ་གཅིག་ལ་སྒྲུབ་དུས་ལྷར་ཤེས་པ། མཆོད་དུས་རྫས་སུ་ཤེས་པ་གྲུབ་ནས་དངོས་གྲུབ་ཏུ་ཤེས་པ་སྟེ་ནོར་བུ་གཅིག་ཉིད་དར་གྱི་མདོག་མང་པོར་སྣང་བ་ལྟར་བསམ་པའི་རང་གཟུགས་སུ་སྣ་ཚོགས་སུ་འགྱུར་བས་སྒྲུབ་མཆོད་གཏོར་ཟློག་སོགས་ཞག་དུས་ཀྱི་གྲངས་བཅད་ཅན་རྣམས་ལ་མཆོད་སྒྲུབ་


LT31_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གཅིག་ཁོ་ནས་འཐུས་པར་མཛད་དོ། །དེ་ལ་གཡས་དཀར་གཡོན་དམར་དབུས་མཐིང་གསུམ་གྱིས་རིམ་བཞིན་སྨན་རཀ་གཏོར་མ་བྱིན་གྱིས་བརླབས་པས་གཡས་གཡོན་དབུས་གསུམ་དུ་བཤམ། གཙང་ཕུད་ལ་རྩ་བརྒྱད་སྟོང་སྦྱར་བཏབ་པའི་བདུད་རྩི་མ་ནིང་ཐོད་པར་བཤམ། འབྲུ་སྣ་ལ་དབའ་ཟན་དྲུག་དང་བཅས་བའི་གཏོར་མ་ཕོ་ཐོད་དུ་བཤམ། རཀྟ་སོ་ལྔའམ་མ་རྙེད་ན་སིནྡྷུར་བཏབ་པའི་ཁྲག་གཙང་མ་མོ་ཐོད་དུ་བཤམ་དགོས་ཤིང་། ཁྲག་གི་མཆོད་ཡོན་ལ་སོགས་པ་ནི་སྤྱི་ལྟར་རོ། །གཞན་ཡང་། རྒྱུད་ལས། སྤྱང་ཁུ་འཕར་བ་ཝ་དང་ཁྱི། །ཤྭ་ན་མ་ཡི་རྫས་སུ་བཞག །མར་ཁུ་ཞག་དང་འོ་མ་ཁྲག །བསེ་མོ་བཞི་ཡི་རྫས་སུ་བཞག །མདའ་དར་སྟག་རས་གཟིག་རས་རྣམས། །སྐྱེས་བུ་གིང་གི་རྫས་སུ་བཞག །ལུག་ནག་བྱ་ནག་རྟ་ནག་ནལ་བུའི་ཤ །རེ་མ་ཏིའི་རྫས་སུ་བཞག །དབལ་ཆེན་རྗེ་ཡི་འགྱིང་གཏོར་གཅིག །དབུས་སུ་ཁྲིའུའི་སྟེང་དུ་བཞག །ཛ་གད་རཀྟས་མཐའ་ནས་བསྐོར། །ཞེས་གསུངས་པ་ལྟར་ཤྭ་ནའི་རྫས་ཤར་ལྷོ། །བསེ་མོ་ལྷོ་ནུབ། གིང་ནུབ་བྱང་། རེ་བ་ཏི་བྱང་ཤར་དུ་བཞག་སྟེ་རྫས་ཡོད་ན་དམ་ཅན་རང་ཤུགས་སུ་འདུ་ཞིང་རང་བབ་ཏུ་ལས་བྱེད་དོ། །ཚོགས་ཀྱི་ཡོ་བྱད་ནི། རྒྱུད་མྱང་འདས་ལས། ཛ་གད་ཚེ་དང་ཚིམས་བྱེད་གསུམ། །ཀུན་ཏུ་རྒྱུ་དང་གལ་ཕྱི་ལྔ། ཀ་ཏ་རི་ལ་ཟླ་ཚེས་བདུན། །ཟླ་ཁྲོམ་ཟླ་རྒྱས་མངར་གསུམ་རྫས། །


LT31_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ཚོགས་ཀྱི་རྫས་སུ་བསགས། ཞེས་པ་ལྟར་འདུ་བྱའོ། །བཞི་པ་བྱུག་བདུག་བརྡེག་གསུམ་ནི། རྒྱུད་ལས། ཁྲོས་པའི་རྒྱལ་པོ་བསྐུལ་བའི་ཕྱིར། །ཉུངས་ནག་བྱིན་བརླབས་ཁྲོ་ཆུང་བསྐྱེད། །ཕུར་པ་དར་རྣམས་བསྐྱེད་པའི་ཕྱིར། །ལྕེ་སོག་ནག་པོའི་དུ་བས་བདུག །གདུག་པ་བརླག་པར་བྱ་བའི་ཕྱིར། །ར་ཁྱི་ཕག་པའི་ཁྲག་གིས་བྱུག །ཅེས་གསུངས་པ་ལྟར་ཡུངས་ཀར་ནག །གུ་གུལ་ནག་པོ། །ར་ཁྱི་ཕག་གསུམ་ཁྲག་བཅས་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་ཉེ་བར་བསྡོགས་ལ་ཕུར་བུ་བྱིན་གྱིས་རློབ་པའི་ཚེ་བྱུག་བདུག་བྲབ་གསུམ་བྱའོ། །ལྔ་པ་རྔ་དང་དུར་ཁྲོད་ཀྱི་རྫས་ལས། རྔའི་མཚན་ཉིད་དབྱེ་བ་སོགས་ནི་རྒྱས་པར་མ་སྨོས་ལ། མདོར་བསྡུས་ཐོད་པའི་རྡེའུ་ཆུང་དང་། སིང་ལྡིང་སོགས་དྲག་པོའི་ཤིང་ལས་བཟོས་ཤིང་། ཞིང་ཆེན་སོགས་ཀྱིས་གཡོགས་ནས་ནད་ངོས་སུ་སྙིང་པོ་དང་འབོད་བསྐུལ་གྱི་སྔགས་བྲིས་པའི་རྔ་ཆེན་དང་དུར་ཁྲོད་ཀྱི་ཡོ་བྱད། དངོས་སམ་གཟུགས་བརྙན་ཏུ་བཅོས་པའི་ཞིང་ཆེན་གྱི་བླ་བྲེ། ཞིང་ཆུང་གི་ཟ་ར་ཚགས། །ཙིཏྟའི་ཕོད་ཏོང་། །བྷནྡྷ་སྐམ་རློན་གྱི་ཚར་ཚར། རྒྱུ་རློན་བརྒྱངས་པའི་དྲ་ཕྱེད། ཀེང་རུས་དང་སྟག་གཟིག་གི་རྒྱལ་མཚན་ནང་ཁྲོལ་གྱི་འཕྱང་འཕྲུལ། །སྦྲུལ་ནག་གི་ཆུན་པོ། །མི་ལྤགས་དང་དར་ནག་གི་གཡབ་མོ། །ཤ་རུས་ཐང་མར་


LT31_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བརྡལ་བར་བྱས་ཏེ། དེ་རྣམས་ལ་དགོས་པ་ཅི་ཡོད་ན་ཧེ་རུ་ཀའི་ཕོ་བྲང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་ནས་མ་མོ་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་། ལོག་འདྲེན་འབྱུང་པོས་ཉེ་མི་ནུས་ལ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་སྒྲུབ་པའི་རྐྱེན་བྱེད་པ་དང་། མྱང་འདས་ཀྱི་རྒྱུད་ལས། བཀའ་བཞིན་བསྒྲུབས་ལ་གཞུང་བཞིན་བྱ། །གཞུང་ལས་འབྱུང་བ་དེ་བྱས་ན། །རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ། །འབྲིང་གིས་ལོ་གཅིག་བར་གྱིས་འགྲུབ། །ཐ་མས་ལོ་གསུམ་ཚུན་ཆད་ཀྱིས། །གདོན་མི་ཟ་བར་འགྲུབ་པར་བཤད། །ཅེས་གསུངས་སོ། །དྲུག་པ་ལིངྒ་འབྲུབ་ཁུང་སོགས་ལས་ཐོག་མར། འབྲུབ་ཁུང་ནི། ཕུད་ཤུལ་གཡུལ་འཐབ་རོ་བསྲེག་གྲོག་མཁར་དམར་པོ་འདྲེ་འདུལ་རེ་ལྕག་པའི་ས་རྣམས་དང་། །དུག་ཁྲག་བོང་གཅིན་རྣམས་སྦྱར་ཏེ་ཕྲིན་ལས་རྣམ་བཞི་རྫོགས་པའི་ཚུལ་ལམ། རྒྱུད་འཇིག་རྟེན་སྣང་བྱེད་ལས། ཧོམ་ཁུང་འབྲུབ་ཁུང་ཁ་ཁྱེར་གསུམ་དང་ལྡན། ཁ་ལ་ཐོད་བ་ཚར་གསུམ་བཏང་། །བང་རིམ་ལ་ནི་རྡོ་རྗེ་སྟེ། ཕྱི་རོལ་མེ་རི་ཡང་དག་བཏང་། །ནང་དུ་འཁོར་ལོ་རྩིབས་བརྒྱད་ནི། །མུ་ཁྱུད་རྡོ་རྗེའི་རྭ་བར་ལྡན། །ལྟེ་བ་ལ་ནི་རཾ་དང་ཡཾ། །ཞེས་པ་ལྟར་རམ། །ཡང་ན་གྲུ་གསུམ་རྒྱ་དཔང་ཁྲུ་གང་བ། ཁ་ཁྱེར་སོར་བཞིའི་ཕྱེད་ཕྱིར་འཕྱངས་པའི་ཟུར་གསུམ་དུ་ཁྲོ་ཞལ། ལོགས་གསུམ་དུ་མདའ་གཞུས་མཚན་པ། ཁ་ཁྱེར་ལ་རྩང་དམར་སྲིན་མོ་


LT31_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་སུ་བཙུག་ཅིང་། རྨེང་་གི་བང་རིམ་ལ་མཚོན་ཆ་ལྔས་བསྐོར། རོ་གཡམ་གྲུ་གསུམ་རྒྱ་གྲམ་བྲིས་པས་ཁ་གཅོད་བྱའོ། །རཱུ་བ་བཅའ་བ་ནི། རྒྱུད་ལས། ལིངྒ་དང་ནི་ཉ་བོ་གཉིས། །དམིགས་པ་གཅིག་སྟེ་རྒྱུ་མི་གཅིག །ལིངྒ་ཉ་བོའི་སྙིང་གར་གཞུག །ཅེས་པས་ཐོག་མར་ཉ་བོ་བཅའ་སྟེ། རྒྱུད་ལས་བཤད་པའི་རྒྱུ་དྲུག་ཕར་རྐན་ཚུར་རྐན་མི་བསྐྱོད་ཤུལ་ཏེ་ས་གཉིས། །གངས་ཀྱི་དུམ་བུ་རྣམ་སྣང་ཤུན་རས་ཏེ་དྲི་མ་གསུམ། དཔག་བསམ་གྱི་ལོ་མ་བཅས་གྲོག་མཁར་དང་ཕུང་ཤུལ་གྱི་ས་ལ་བསྲེས་ཏེ་རཱུ་པ་སྐྱེ་མཆེད་དོང་པའི་གནས་གང་འདོད་དུ། །དུག་ཁྲག་ཚད་ནད་གྲིར་བསད་པའི་ལས་དང་སྦྱར་ལ་དུག་ཁྲག་དྲོད་སྨན་གྲི་ཁྲག་བསྣན། བགེགས་ལ་བྱེད་ན། རི་རུལ་གྲོག་པོ་ཕུག་རྡུག་ལྷ་ཁང་དང་མཆོད་རྟེན་རྙིང་པ་འདྲེ་འཚུབས་པ་རྣམས་ཀྱི་སའམ། བགེགས་གང་ཡིན་དེའི་རྟེན་གྱི་ས་བོང་བུའི་གཅིན་གྱིས་སྦྲུས་ལ་རྐང་པ་ཕྱིར་བསྟན་པའི་གཟུགས་སམ། རྨི་ལམ་དུ་གང་གནོད་ཀྱི་གཟུགས་ལ་སོགས་པ་བྱ། དེའི་སྙིང་གང་ལིངྒ་བཅའ་སྟེ། དེ་ལ་གཉིས། །སྲོག་ལ་འཁོར་ལོ་བསྐོར་བ་དང་། སྲོག་ལ་ལིངྒ་བཅའ་བའི་ལུགས་སོ། །གཉིས་ཀའང་། འབྲི་མཁན་གིང་གི་ཏིང་ངེ་འཛིན་ཏུ་ཞུགས་ལ་ཤ་ཆེ་ན་ཁྲག་ཆེན་མུར། སྐྲ་སྤྱི་བོར་བཅིངས། ལག་གཡས་དཔུང་པ་མན་ཆད་ཁྲག་ཆེན་གྱིས་བྱུགས་ལ། བྲི་གཞི་ཕོ་མོ་གང་ཕྱེད་སོ་སོར་གྲིར་ཤིའི་བགས་


LT31_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་རོ་རས་དེ་ཡི་སྙིང་ཁྲག་གི་སྣག་ཚ་མཆོག་ཕུར་གྱི་སྨྱུ་གུའམ། སྤྱི་ལ་དུག་ཤོག་ལ་དུག་ཁྲག་སྦྱར་བས་དུག་ཤིང་ཚེར་མ་ཅན་ནམ་མི་གསོད་པའི་མདས་སྨྱུ་གུ་བྱས་ཏེ། རྒྱལ་པོ་ལ་རྐྱང་ཁྲུ་གང་། བནྡེ་ལ་བསྐུམ་ཁྲུ་གང་། སྐྱེས་པ་ལ་མཐོ་གང་། བུད་མེད་ལ་མཛུབ་གང་། བྱིས་པར་མོར་བཞི། བགེགས་ལ་ཆག་གང་བའི་རང་གཟུགས་རིང་ཅིང་སྐྱེ་མཆེད་དོད་པ་བསོད་ནམས་དང་མཐུན་པའི་ཚད་ཅན་དུ་བྲི། དངོས་གཞི་གཏེར་ཁ་རྣམས་ནས་མི་འདྲ་བ་སོ་སོར་བཤད་ཀྱང་སྤྱི་ཙམ་དུ་འབུམ་ནག་གི་དངོས་བསྟན་ལྟར་ན། །དགྲ་སྲོག་སྤུ་གྲིའི་འཁོར་ལོ་ནི། །མུ་ཁྱུད་བཞི་པའི་ལྟེ་བ་ཤིན་ཏུ་ཡངས་བར་འཁོར་ལོ་རྩིབས་དྲུག་པར་ལག་གཉིས་མགོ་བོ་བཅས་རྩིབས་གསུམ་ལ་གཟུད། རྐང་གཉིས་གསང་བརྩིབས་གསུམ་ལ་གཟུད། ཐམས་ཅད་འདུས་པའི་སྔགས་སྤྱི་བོར་བྱི། ཧ་ས་དཔྲལ་བར། ཛྭ་ལ་ལྕེ། ཤི་ཏྲིན་ལག །ཨཱ་བེ་ལྟེ་བར། བི་ད་ཡ་འདོམས། ཏ་ཐཱ་བརླར། ཀ་ཏཾ་སྙིང་གར། མཱ་རཱ་སེ་ན་རྐང་པའི་བར། ཨ་ཛི་ཏེ་མཁལ་མ་གཡས་གཡོན། ཡན་ལག་སྙིང་ལག་ཐམས་ཅད་ལ་ཛྭ་ལ། མུ་ཁྱུད་ནང་མ་ལ་འབྲུ་དགུ། ཕྱི་མ་ལ་ཁྲོ་བཅུ། དེ་རྒྱབ་མ་བདུད་དམོད་མོ། དེ་རྒྱབ་ཨོཾ་ལཾ་ཧཱུྃ་ལྃ་གྱིས་བསྐོར། སྲོག་ལ་ལིངྒ་བཅའ་བ་ནི། གཟུགས་ཀྱི་དཔྲལ་བར་རུས། མགྲིན་པའམ་སྙིང་གར་མིང་དང་ནྀྲ་ཏྲི། བརླ་ལ་བླ་དྭགས། འདོམས་སུ་ཚ་བྲི། མཐིལ་བཞིར་ཛཿཧཱུྃ་བཾ་ཧོཿ ལྷ་དང་དབྲལ་བ་དབུལ་བར། །


LT31_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་དབབ་པ་ལྟེ་བ། བྱད་དུ་གཞུག་བ་རྗེ་ངར་དང་ལག་ངར། སྨྱོ་རུ་གཞུག་པ་ལྕེ། རྡུལ་དུ་བརླག་པ་སྤྱི་བོ། །བསྟབ་པ་འདོམས་ཏེ་ངན་སྔགས་ཀྱི་རྒྱལ་པོ་དྲུག་དང་། མཐར་ཨོཾ་ལྃ་ཧཱུྃ་ལྃ་དང་། དེ་རྒྱབ་ཁྲོ་བཅུ། དེ་རྒྱབ་དམ་ཅན་སྡེ་བཞིའི་སྔགས་ཀྱིས་བསྐོར། ཡང་ན་གདོན་སྙིང་གར་གཞུག་པའི་ཕྱིར་དམ་ཅན་སྔགས་དང་མིང་སྤེལ་སྙིང་གར་བྱ། ཀི་ལ་ཡ་བཅུ་གཉིས་སྤྱི་བོ་ནས་སྐྱེས་པ་ལ་གཡས་དང་བུད་མེད་ལ་གཡོན་བསྐོར་དུ་བྱ་བར་བཤད་པས་ལུགས་གཉིས་ལྟོ་སྦྱར་ན་མན་ངག་ཏུ་འགྱུར་བ་འདྲའོ། །འབྲི་མཁན་གྱི་ཁ་རླངས་མི་བཏང་། ལག་རྗེན་གྱི་མི་འཇུ། སྣག་ཚ་སོགས་གསར་དུ་སྦྱར། ཕར་ཐེབས་ཚུར་ལ་མི་ལྡོག་པའི་གནད་གསུམ་སོགས་དྲག་སྔགས་སྤྱི་སྡོམ་གྱི་གནད་དང་། ལིང་ཁྲུས་རྒྱས་བསྡུས་གང་རུང་ཡིད་ཆེས་པ་གྲུབ་ནས། ལིངྒའི་ནྲྀྀ་མིག་ནས་དྲངས་པའམ་རྐེ་ལ་ཚོན་སྐུད་དཀར་དམར་ནག་གསུམ་བཏགས་ལ་ཤི་ལྟེ་བས་སོར་ལྟེབས་སྐབས་སྦྱར་བྱས་ལ་ཉ་བོའི་སྙིང་གར་གཞུག །བསྙེན་དུས་གན་རྒྱལ་མགོ་ཕྱིར་བསྟན། སྒྲུབ་དུས་ཁ་སྦུབ་ཚུར་བསྟན་པའི་ཚོན་སྐུད་སྣེ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་ཕར་འདོགས། །དེའང་ལྷོ་ནུབ་སྲིན་པོ་གནས་པའི་སར་འབྲུབ་ཁུང་བཅའ། ཤར་ལྷོ་མེ་ལྷའི་སར་བསྲེག་རྫས་བཞག་ལ་ཧོམ་སྤར། ནུབ་བྱང་དུ་རླུང་ལྷའི་སར་དབྱེ་བའི་ལས་འཕང་བ་ཟོར་གྱི་བཅའ་ཀ་གསག །བྱང་ཤར་འབྱུང་པོའི་སར་བསྒྲལ་ལས་བྱ་བ་རྒྱུད་ལས་གསུངས། འབུམ་ནག་ལས། བསྲེག་རྫས་


LT31_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོ། མནན་རྫས་ལྷོ་ནུབ། ནོར་རྫས་ནུབ་བྱང་། ཐུན་རྫས་བྱང་ཤར་དུ་བཞག་པར་བཤད་དོ། །གབ་པའི་སྔགས་དྲུག་གི་རྫས་ནི། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྫས་ནི་རྣམ་པ་དྲུག་ཡིན་ཏེ། །གུ་གུལ་ཚིལ་ཆེན་དྲི་ཆེན་གསུམ། །རྐང་དྲེག་གུ་གུལ་ར་ཡི་གཞོབ། །ལྷ་དང་ཕྲལ་བའི་རྫས་ཡིན་ནོ། །དབབ་ལ་ཉུངས་ཀར་རྒྱལ་པོ་དང་། །སྨད་དཀྲིས་རཀྟ་ཚང་བ་ཡིན། །ཚོན་སྣ་ལྔ་ཡིས་བྱང་དུ་གཞུག །སྨྱོ་བ་དུག་གི་ཆུ་ཡིན་ནོ། །རྡོ་རྗེ་ཐོ་བས་རྡུལ་དུ་བརླག །བསྟབ་པ་མེ་ཡི་དཀྱིལ་འཁོར་རོ། །ཞེས་གསུངས་ཤིང་། འབུམ་ནག་སོགས་ལས། དབྱེ་བའི་རྫས་གུ་གུལ་ནག་པོ། དམེ་ཡུག་མཛེ་བོ་སོགས་ཀྱི་ལྷམ་འབོག །ཡུག་སའི་ཞབས་མ། ཁྱི་ལུད་ཚིལ་ཆེན། །རྟ་བོང་གི་ལུད་རྣམས་དང་། གཏེར་མ་སོགས་ཕལ་ཆེར་ལས་བྱ་རོག་དང་འུག་པའི་དང་རུས་ཀྱང་བཤད་དོ། །འབེབ་པའི་རྫས། ཡུངས་ཀར་ནག །འཚེ། ཡུག་སའི་དོར་རྟ། བཅིང་བའི་རྫས་ཚོན་སྐུད་སྣ་ལྔ་དང་ཡུག་སའི་སྐྲ་སྐུད། སྨྱོ་བའི་རྫས་གླང་ཆེན་སྨྱོན་པ་སྟེ་ཐང་ཁྲོམ་ལྡེ་དགུ་དང་རློན་། ཐུན་རྣམས། རླག་པའི་རྫས་མིའི་རྗེ་དར་ཆུ་བ་རང་འཁྲུངས་རྡོ་རྗེའི་ཐོ་བར་བཤད་པ་ལྟར་རམ། གྲུ་སོག་ཐོ་བ་དང་དཔྱི་མིག་གཏུན་ཁུང་སྟེ་དེ་ལ་རབ་མི། ཐ་མ་དུད་འགྲོ་ལྟ་བུ་ལས་བྱུང་བ་དང་། བསྟབ་བའི་རྫས་ཚོགས་རྫས་དང་ལིང་རོ་ཧོཾ་གཟར་དུ་བཏེགས་པ་དང་། རོང་ལུགས་པས་སྐྱེར་པའི་ཧོམ་གྲུ་གསུམ་ཡང་བཤད་ཅིང་། དེ་དག་སོ་སོའི་ཕུར་བུ་ནི་


LT31_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་སྨོས་པ་ཉིད་དོ། །རྒྱུན་གྱི་རིམ་འགྲོ་ལྟ་བུར་ནི་དེ་ཙམ་མ་ཚོགས་ཀྱང་རུང་སྟེ། གབ་པ་འཁོར་ལོའི་རྒྱུད་ལས། དབྲལ་ལ་འདྲེ་གསོད་ཤིས་པར་བཤད། །དབབ་པ་ལ་ནི་ཉུངས་ཀར་རྒྱལ། །བཅིངས་ལ་ཚོན་སྣ་ལྔ་ཡིས་སོ། །སྨ་ལ་དུག་ཉིད་ཤིས་པར་བཤད། །རྡུལ་དུ་བརླག་ན་ཕྱག་མཚན་ནོ། །བསྟབ་ལ་ཧོཾ་གཟར་ཤིས་པར་བཤད། །ཅེས་གསུངས་པ་ལྟར་རོ། །སྐམ་ཐུན། ཡུངས་ཀར་ནག་ཏིལ་ཏེ་འབྲུ་གསུམ། སྐེ་ཚེ་ཤང་ཚེ་བྲག་ཚེ་སྟེ་ཚེ་གསུམ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་སྟེ་ཕྱེ་གསུམ་རྣམས་དང་། རློན་ཐུན་བཙན་དུག་རྡ་དུ་ར་ལྒ་པི་ཕོ་གསུམ་སྔོ་ཚ་བ་གསུམ། །བཙན་དུག །ར་དུག །སྤྱང་དུག་རྣམས་བུད་མེད་ཀྱི་མངལ་ཁྲག་རིམས་ཀྱིས་ཤི་བའི་ཁྲག །བམ་གྱི་སྙིང་ཁྲག །མི་རྟའི་ཁྲག་སྣ་གཞན་དང་བཅས་བོང་དྲེལ་གྱི་སྦང་ཁུས་སྦོལ་ཏེ་རྭའམ་བསེ་ལྕགས་ཐོད་ངན་གྱི་སྣོད་དུ་བླུགས། གཞན་ཡང་གྲི་ལྕགས་ཀྱི་སྒྲོལ་གྱི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་ལ་སོགས་པ་ཚགས་སུ་ཚུད་པར་བྱ། མནན་སྲེག་འཕང་གསུམ་རྫས་ཁྱད་པར་བ་མང་ཡང་འདིར་རྩ་བའི་སྒྲུབ་རྫས་གལ་པོ་ཆེའི་རིགས་ལས་རྒྱ་ཆེར་སྤྲོ་པ་མ་ལྕོགས་ལ། སྤྱི་བསྡོམས་སུ་མ་གསུངས་ཀྱང་འཛོམ་ན་གལ་ཆེ་བསྒྲུབ་པའི་གྲོགས་ཁྱིམ་པ་ཡིན་ན་རྡོ་རྗེ་རིགས་ཀྱི་མཚན་མ་དང་ཁྱད་པར་གྱི་རྟགས་རྫོགས་པའི་རིག་མ་དང་། །ཁྱིམ་པ་རབ་བྱུང་གཉིས་ཀའི་སྒྲུབ་པའི་གྲོགས། རྒྱུད་འཇིག་རྟེན་སྣང་ཕྱེད་ལས། སྒྲུབ་པའི་གྲོགས་པོ་བཙལ་བ་


LT31_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མགོ་བོ་རྒྱ་མདུད་འདུག་པ་ལ། སྐྲ་ནི་ཁམ་པ་བཙལ་བར་བུ། །རོ་སྟོད་ཟུར་བརྒྱད་འདུག་པ་ལ། །རོ་སྨད་ཟུར་གསུམ་འདུག་པ་བཙལ། །ཅེས་གསུངས་པའི་མཚན་ཉིད་དང་ལྡན་པ་རྙེད་ན་ལས་འགྲུབ་པའི་ཁྱད་པར་ཆེ་ཞིང་། དུས་སོགས་ལའང་དེ་དང་མཚུངས་པས་རྡོ་རྗེ་ཕུར་པ་ལ་ཡི་དམ་དུ་འཆའ་བར་འདོད་པ་དག་གིས་གཟུ་ལུམ་དང་རས་བོར་གྱི་དབང་དུ་མ་སོང་བ། རྒྱུད་དང་མན་ངག་ལས་ཐོས་བསམ་ནན་ཏན་གྱིས་གོམས་ཤིང་འདྲིས་པར་བྱ་ཡི། འདིར་ནི་ཕྱོགས་ཙམ་ལས་རྒྱས་པར་སྨོས་ཀྱིས་མ་ལོངས་སོ། །ཀྱེ་མ་ད་ནི་སྙིགས་མའི་མཐའ་ལ་ཐུག །ཟབ་མོའི་གནས་ལ་ཐོས་བསམ་བྱེད་པ་ཉུང་། །འཁྲུལ་མེད་གནས་ལུགས་སྒོམ་པ་དེ་བས་ཉུང་། །ཐོས་སྒོམ་ཕལ་ཆེར་གཞུང་དང་ཤིན་ཏུ་འགལ། །འབྱོར་ལྡན་དགེ་སྦྱོང་དཀོར་མཛོད་གནས་གཞིའི་བདག །ཕོར་ཁྲུད་སྣོད་ཀྱང་གསེར་དངུལ་ལས་འཆོས་ཤིང་། །བུན་སྐྱེད་རྙེད་འཚོལ་བརྩོན་ལ་འགྲུས་རྣམས་ཀྱང་། །ཚུལ་འདིར་དབུལ་པོ་བཞིན་ཏུ་སེམས་ཁོང་དོགས། །ཤ་ཆང་ཕྱིར་དུ་གཏོང་བོང་ལྡན་རྣམས་ཀྱང་། །དོན་ཆེན་ཕྱོགས་སུ་ཡི་དྭགས་ཁུ་ཚུར་བཞིན། །སྤྲོས་པ་སྙིང་པོར་བཟུང་བའི་ཆེན་པོ་རྣམས། །རྒྱལ་གསུང་བོར་ནས་སྒྱུ་མའི་རྒྱལ་སྲིད་སྐྱོང་། །དེས་ན་འདི་ལྟའི་ཟིན་ཐུན་གྱིས། །སུ་ལ་ཕན་པར་འགྱུར་དཀའ་ཡང་། །རང་བློའི་ངལ་བ་སེལ་བ་དང་། །ལྷག་བསམ་དཀར་བའི་རྒྱན་བྱེད་དོ། །དོན་གྱི་ཕུར་པ་ལྟ་ཞོག་གི། །མཚན་མའི་ཕུར་པའང་ཤེས་པ་


LT31_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་། །ཕུར་པ་མི་ཤེས་གཅིག་ཀྱང་མེད། །ཕུར་པ་ཤེས་པའང་གཅིག་ཀྱང་མེད། །ལ་ལ་རྟོག་བཟོའི་སྐྱོན་གྱིས་བསྒྲིབས། ཁ་གཅིག་མུན་པའི་གནས་སུ་འཁྱམས། །སྐལ་ངན་ལོག་ལྟའི་དྲི་མས་བཅིངས། །ཟ་འདོད་སྐྱིད་སྡུག་མེད་པར་འབྱམས། །བདག་གིས་ཇི་བཞིན་ཤེས་མིན་ཀྱང་། །བླ་མའི་དྲིན་དང་སྔོན་དགེའི་མཐུས། །རྒྱུད་ལུང་མན་ངག་དུ་མ་ལ། །མིག་ལྡན་རང་ནོར་བཞིན་འདྲིས་པས། །རྒྱ་མཚོ་ལས་ནི་ཆུ་ཐིགས་བཞིན། །རེག་ཟིག་ཕྲ་མོར་སྤེལ་བའི་དགེས། །བཀའ་གཏེར་རྡོ་རྗེ་ཕུར་པའི་ཆོས། །ས་ཆེན་ཁོངས་སུ་ཁྱབ་གྱུར་ཅིག །ཅེས་པའང་བསྟན་པ་དང་རང་གཞན་ལ་ཕན་འདོད་ཀྱིས་ཀུན་ནས་བསླངས་ཏེ་ལྟ་བ་དེ་གོ་སླའི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད།


LT31_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཏོར་ཟློག་གི་འདོན་འགྲིགས་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ།། །།


LT31_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ། །བདུད་བགེགས་དམ་སྲིའི་གཡུལ་འཇོམས་པ། །བྱིན་རླབས་གློག་ལྟར་མྱུར་དེ་ལ། །བཏུད་ནས་གཏོར་ཟློག་ཟིན་ཆུང་སྤེལ། །རྡོ་རྗེ་ཕུར་པའི་གཏོར་ཟློག་བྱེད་པའི་ཚེ་གནམ་ལྕགས་འཁྲུལ་འཁོར་ཉིད་ཁ་གསལ་བས་དེ་ལས་ཇི་སྐད་བཤད་པ་ལྟར་བྱས་པས་ཚང་ལ་མ་འཁྲུལ་པ་ཡིན་མོད་ཀྱི། སྤྲོས་པ་ལ་མོས་པ་དང་། གྲོང་ཆོག་རྔ་གྱེར་ཁོ་ན་ལ་དགའ་ཞིང་། སྐོང་ཟློག་བརྒྱ་སྟོང་ཁྲི་སོགས་ཀྱི་གྲངས་ཀ་སྙིང་པོར་བཟུང་སྟེ་བསྒོམ་བཟླས་ཀྱིས་མི་ཚིམས་པ་རྣམས་ཀྱིས་རྩ་བའི་གཞུང་དང་མི་འགལ་བའི་ཁ་བསྣོན་དགོས་པའི་སྐབས་སྲིད་པའི་ཕྱིར། རང་གཞུང་ཉིད་ལའང་ཁྲིགས་སུ་བྱ་བ་དགོས་པས། དེ་ལ་གཉིས་ས་ལུགས་གཙང་མ་ལག་ཏུ་ལེན་པ་དང་། ཡུལ་དུས་དང་བསྟུན་པའི་ཚུལ་ལོ། །དང་པོ་ནི། ས་སྐྱ་པ་རྣམས་ཀྱི་ཕྱག་བཞེས་སྤྱིར་དགོན་པའི་སྒྲུབ་མཆོད་དང་གྲོང་པའི་རིམ་གྲོ་སོགས་གང་ལའང་བཅས་བཤམ་དབྱངས་རོལ་འདོན་འགྲིགས་སོགས་གང་ཅིར་ཀ་དཔེ་མ་ལྟ་བུ་ལས་ཧ་ཅང་བསྡུས་པའི་ལུགས་མཛད་སྲོལ་མེད་འདུག་པས། ཕུར་


LT31_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་གི་སྐབས་སུའང་ཞག་གྲངས་བདུན་ནམ་གསུམ་གྲངས་བཅད་དང་། འདོན་བྱའི་ཡིག་ཚོགས་ཉུང་ཡང་དབྱངས་རོལ་སོགས་ཀྱིས་ཤིན་ཏུ་ས་བཅད་པར་སྣང་། ཇོ་ནང་རྗེ་བཙུན་ཆེན་པོས་ཕུར་པ་ས་ལུགས་གསན་ཅིང་ཡིག་ཆའང་ས་ལུགས་ལ་བརྟེན་ཏེ་རྩ་བའི་ཁུངས་རྣམས་དང་བསྟུན་པའི་དག་ཐེར་འགའ་རེ་ཙམ་ལས་ས་ལུགས་སོར་བཞག་ཏུ་མཛད་པར་སྣང་བས། ཡིག་ཆ་འདི་ལ་བརྟེན་ཏེ་བསྙེན་སྒྲུབ་གཏོར་ཟློག་སོགས་གང་བྱེད་ཀྱང་རྩ་བའི་ཁུངས་ས་ལུགས་ལྟར་བྱེད་དགོས་ལ་དབྱངས་རོལ་སོགས་ཇི་བཞིན་མ་བྱུང་ཡང་ཡན་ལག་ཙམ་ཡིན་ཕྱིར་སྐྱོན་མེད་པས་རང་ལུགས་གང་ཡོད་ཀྱིས་འགེབས་ཆོག །རྡོ་རྗེ་སློབ་དཔོན་སྟོང་ལས་དབང་བཞི་སྨད་ལས་དྲག་པོ་སྒྲོལ་དབང་། དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་ཐོབ་ཅིང་། །དུས་གྲངས་བསྙེན་པ་གང་རུང་དང་རྒྱུན་ཁྱེར་གཏོར་འབུལ་ཆག་མེད་དུ་བྱེད་པ་ཞིག་གཙོ་བོར་གལ་ཆེ། དེའང་གཏོར་ཟློག་ཉིན་བདུན་གྱི་དབང་དུ་བྱས་ན། བཅའ་གཞི་འགྲིགས་ནས་ཐོག་མར། ཚིག་བདུན་གསོལ་འདེབས། །


LT31_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་སྤྱི་ཁྱབ་ཀྱི་བརྒྱུད་པའི་གསོལ་འདེབས། སྔོན་འགྲོ་གཏོར་མ་བཏང་། དེ་ནས་གཏོར་ཟློག་གི་གནས་ཡོ་བྱིན་རླབས་སྔོན་ཏུ་འགྲོ་བས། དཀྱིལ་ཆོག་བདུད་འཇོམས་རོལ་པ་དང་། གཏོར་ཟློག་གནམ་ལྕགས་འཁྲུལ་འཁོར་སྤྲད། བཤགས་པ་ཡེ་ཤེས་སྐུ་མཆོག་དང་། བྱིན་འབེབས་ལ་བྱིན་འབེབས་རྒྱས་པ་སྦྱར། བསྙེན་ཕུར་བྱིན་རླབས་སྤྱིར་བསྙེན་སྒྲུབ་ལྟ་བུ་བསྙེན་ཕུར་ཡོད་པའི་རིགས་མ་གཏོགས་གཏོར་ཟློག་སོགས་ལ་སྦྱོར་མི་དགོས་མོད། བྱེ་བྲག་ཏུ་དེང་སང་སྐེད་ཕུར་དུ་གྲགས་པ་སྔར་བསྒྲུབས་པའི་ཕུར་བུ་དམ་ཚིག་གི་རྫས་འབྲལ་མེད་དུ་འཆང་བ་ཡོད་ན་དེ་དང་བདག་རྩ་བའི་དཀྱིལ་འཁོར་དབྱེར་མེད་དུ་བལྟ་དགོས་པ་ཡིན་པས་སྐབས་འདིར་བྱིན་རླབས་ཁ་གསོའི་ཚུལ་དུ་བྱས་ཀྱང་ལེགས་པའི་ཡན་ལག་ཡིན་ནོ། །ཏིང་འཛིན་གསུམ་ནས་བཟླས་པའི་བར་མཐར་ཆགས་སུ་བཏང་བ་ལས། བཟླས་པ་དངོས་གཞི་ཀཱི་ལ་ཡ། བཞི་སྙིང་གཅིག་དྲིལ་ཅུང་ཟད། དྷཱ་ཡ་ནཱ་ཤ་ལན་གསུམ་མཐར་ཐལ་རྡེབ་མཛད་ནས་དངོས་གྲུབ་བླང་བ་དང་ས་ལུགས་བརྒྱུད་འདེབས་སོགས་བྱ་བ་ཡིན་ལ། དེའང་བསྙེན་པའི་སྐབས་གབ་ཡིག་སྦྱོར་ནས་དམིགས་བཟླས་དངོས་གཞི་དགོངས་པ་གསུམ་གཙོར་བཏོན། དེའི་སུམ་ཆ་སྲུང་བའི་དམིགས་བཟླས་དེའི་སུམ་ཆ་ཟློག་པ། བསད་པ་ཁྱུག་ཙམ་རེ་བྱའོ། །དེ་ནས་གཏོར་ཆོག་སོགས་བྱ་སྟེ་འདིར་ད་ལྟའི་ས་ལུགས་པ་རྣམས་ཀྱིས། མགོན་པོའི་བསྐུལ་ཐུང་གི་མཇུག་ཏུ་དྲག་བསྐུལ་འཁོར་ལོ་རྩིབས་བཅུམ། ལྟས་


LT31_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བརྒྱད་ཅུའི་ཟློག་པ། བདུད་རྒྱལ་གྱི་བསྐུལ་ཆེ་ཆུང་། བདག་ཤྭ་ས་གསུམ་གྱི་བསྐུལ་བཏང་བ་ཡིན་འདུག་ཀྱང་གྲོང་ཆོག་སྤྱི་དང་བསྟུན་པའི་གྱེར་མོ་མང་བ་དང་། ཟློག་པའི་གྲངས་འཛིན་ལྟ་བུར་བླངས་པར་མངོན་ལ། ཆོས་སྐྱོང་གི་རྗེས་སུ་ཡི་དམ་གློ་བུར་དུ་བསྐུལ་དགོས་པ་སོགས་སྟབས་བདེ་འབྲེལ་ཆགས་ཞིག་ཀྱང་མི་འབྱུང་བར་མངོན་པས་སྐབས་འདིར་བཏང་སྙོམས་བྱས་ནས། བརྒྱུད་འདེབས་ཟིན་འཕྲལ་མཆོད་གཏོར་བྲན། ཉིན་རྗེས་མ་རྣམས་ལ་མཆོད་ཁའང་གསོས་ལ། །བསྟོད་གསོལ་ལྷའི་རྔ་སྒྲ་ཚང་བར་བཏང་། དེ་ནས་ཆོག་ཁྲིག་ཕྲིན་ལས་རྣམ་རོལ་སོགས་གཏོར་ཆོག་དང་སྐོང་གསོལ་རྒྱས་བསྡུས་སྐབས་དང་སྦྱར་ཆོག་ལ། འདོད་དགུའི་བང་མཛོད་ལས་བྱུང་བའི་དཀར་བདུད་དང་ཕུར་སྲུང་གཏོར་འབུལ་ངེས་པར་མེད་དུ་མི་རུང་། དེ་དག་གོ་རིམ་སོགས་གཏོར་ཟློག་གཞུང་དུ་སྨོས་པ་ལྟར་ལ་ཚོགས་པར་བ་ཡན་དང་ཧོམ་བསྐྱེད། འགུགས་གཞུག་ལན་གསུམ། མནན་པའི་དམིགས་པ། ཟོར་བསྐུལ་གྲུབ་མཚམས། གབ་ཡིག་གི་ཟློག་དམིགས་གཙོ་བོ་དང་། བསད་དམིགས་ཀྱང་ཇི་ལྟར་འོས་པ་སྦྱར་ཏེ་ལྷ་སྔགས་རྣམས་དང་། ཐུན་སྔགས་རྣམས་ཀྱང་ཅི་འགྲུབ་བཟླ་བ་ནི་དངོས་གཞི་ཡིན་ལ། རྗེས་ཆོག་སྤྱི་བསྟབ་མན་ཆད་ཀྱང་དེར་གསལ་བ་ལྟར་བྱའོ། །ཉིན་གཉིས་མན་ཆད་དེ་ཀ་སོར་བཞག་ལས་འཕྲི་བསྣན་མི་དགོས་ཤིང་། ཉིན་བདུན་པར་བསྒྲལ་མཆོད་དང་འདོན་བྱ་གཞུང་གསལ་


LT31_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལ། བསྙེན་པའི་དབུའི་རིག་འཛིན་བསྐུལ་བའང་བཞག །བཟླས་པའི་རིགས་བསྡུས་ཙམ་བྱ། ཚོགས་བར་པའི་རྗེས་རིག་འཛིན་བསྐུལ། གསེར་སྐྱེམས་སོགས་གཞུང་གསལ་མཐར་ཆགས་ལྷག་ཆོག་ཡན་བྱ། དྲག་བསྐུལ་འཁོར་ལོ་རྩིབས་བཅུ་ལྟས་ངན་བརྒྱད་ཟློག་བཅས་ཚར་གྲངས་གསུམ་བདུན་སོགས་ལོངས་སྐབས་དང་བསྟུན་གྱེར་ལ། དཔོན་སློབ་རྣམས་ཞྭ་བཅས་བཞེངས། གཟའ་དང་མཁའ་འགྲོ་རྒྱུ་ཕྱོགས་དང་མ་ཐུག་པར་ཐེབས་ཡོད་པའི་ཕྱོགས་སུ་གཏོར་ཟོར་རྣམས་གོ་རིམ་མ་ནོར་བར་ཁྱེར་བའི་ཐོག་མར་གནས་དེ་ཉིད་དུ་ཟོར་བསྐུལ། ཕྱི་སྒོར་ཁྱེར་ལ་བདུད་རྒྱལ་གྱི་བསྐུལ་བྱ་བ་སོགས་གཞུང་ལྟར་ཟོར་ལམ་ལན་གསུམ་སྤོས་ལ་མཐར་གཏོར་ཟོར་འཕངས་ལ་ཡར་ལོག་རྟ་བྲོ་སོགས་དང་། རྗེས་ཀྱི་སྐབས་ཚེ་ཆོག་བསྡུས་པ་འདོད་དགུའི་བང་མཛོད་ལྟར་སྦྱར་ནས་མཐར་དབྱུང་བ་ཙམ་གྱིས་ལེགས་པར་གྲུབ་བོ། །ས་ལུགས་པ་རྣམས་ཀྱིས་རྒྱུན་གྱི་རིམ་གྲོ་ལ་ཕུར་ཟློག་ཉིན་གསུམ་མ་ཁོ་ན་དར་སྲོལ་ཆེ་བས་དེ་ལྟར་ན། ཉིན་བདུན་མའི་ལུགས་དེ་ཀ་སོར་བཞག་ཉིན་གྲངས་བསྟུངས་པ་ཙམ་ལས་མི་དགོས། ཉིན་གཅིག་མ་ནི་ས་ལུགས་ལ་མདར་ཞིང་གལ་ཏེ་ཕུར་ཟློག་འདོད་ལ་འབྱོར་ཚོགས་དམན་པ་ལྟ་བུས་མི་བྱ་ཀ་མེད་བྱུང་ན། ཉིན་ཐ་མའི་ལུགས་དེ་སོར་བཞག་ལ། ལྷག་ཆོག་གི་མཇུག་ཏུ། གོང་གི་ཟོར་བསྐུལ་དེ་སྦྱར་ཏེ་སྔགས་རྣམས་ཇི་ལྟར་འོས་པ་བཟླས་ལ།


LT31_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་བསྐུལ་འཁོར་ལོ་རྩིབས་བཅུ་ལ་འཇུག་པ་སོགས་སོ། །གཉིས་པ་ཡུལ་སྲོལ་དང་བསྟུན་པའི་རྔ་གྱེར་བརྡུང་ལེན་པའི་ཚེ། ཉིན་གྲངས་མང་ཉུང་གང་བྱེད་ཀྱང་ཆོ་གའི་ཁོག་གཞུང་སྔ་མ་སོར་བཞག་ལ། ཡེ་ཤེས་སྐུ་མཆོག་བྱིན་འབེབས་རྒྱས་པ། ཕུར་གསོལ་རྒྱས་པ་རྣམས་ངེས་པར་སྦྱར། ཚོགས་དང་པོ་གྲུབ་རྗེས། ཧཱུྃ་སྣང་སྲིད་ཕུར་བུས་སོགས་དང་། དེ་ལྟར་བསྐངས་བས་སོགས། སྐོང་ཟློག་སྤྲེལ་མ་བརྒྱ་སྟོང་གང་དགོས་བྱས་ལ། ཚེ་རབས་བསྐལ་པ་སོགས་ལ་འཇུག་སྟེ་འགྲོས་གོང་ལྟར་བྱས་པས་མང་ཉུང་འཚམས་པར་འགྱུར་ཞིང་། གལ་ཏེ་དྲག་བསྐུལ་འཁོར་ལོ་རྩིབས་བཅུ་མ་གྲངས་གསོག་པར་འདོད་ན། ཐུན་སྔགས་བཟླ་བ་ཡན་སོང་རྗེས་ལིང་ཆུང་ཟུར་པ་ཞིག་བཤམ། དེ་ལ་དམིགས་ཏེ། ཚོགས་ཐ་མའི་བསྒྲལ་བསྟབ་དཀྱིལ་ཆོག་ནས་འབྱུང་བའི་མདོར་བསྡུས་ཙམ་བྱས་ལ། དྲག་བསྐུལ་དང་ལྟས་ངན་བརྒྱད་ཟློག་ཚར་གྲངས་གང་འགྲུབ་གྱེར། དེ་ནས་སྤྱིར་བསྟབ་མན་སྔར་ལྟར་རོ། །གཏོར་རྒྱག་གི་སྐབས་སུའང་ཟོར་འཕེན་པའི་ཚིགས་བཅད་སོ་སོའི་མཇུག་ཏུ་སྔགས་རྣམས་ཀྱིས་ཟོར་རྡེག་པ་དང་། །གཏོར་བྲོ་སྤྲོ་ན་གཞུང་གསལ་ལས་བཞི་ཀ་བྱར་རུང་ཞིང་། རྗེས་རོལ་ཆེན་བཅས་རྒྱལ་དབྱངས་ཀྱང་གྱེར་རོ། །རྗེས་ཆོག་དངོས་གྲུབ་བླང་བ་ནི་ཡེ་ཤེས་ལྔ་ལྡན་ཙམ་སྦྱར་བས་འཐུས་ཤིང་། དཀྱིལ་ཆོག་གི་དེ་ནི་བསྙེན་སྒྲུབ་གྱི་དགོངས་པར་འདུག་ཀྱང་གྲོལ་ཉིན་ཙམ་ལ་སྦྱར་ཡང་འགལ་བ་མེད་དོ། །སྦྱིན་


LT31_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱ་བར་སྤྲོན་སྐབས་འདིར་དྲག་པོའི་སྦྱིན་སྲེག་འབྲེལ་ཆགས་པས་གཏོར་ཟོར་འཕངས་ནས་ཡར་འཁོར་བ་ན་སྦྱིན་སྲེག་ལ་འཇུག་ཅིང་། དེ་ནས་སྤྱི་བསྟབ་སོགས་བྱ་བའམ། ཕྱིར་ཉིན་བྱ་བར་སྤྲོ་ན་གཏོར་ཟློག་དང་མ་སྦྲེལ་བའི་ལས་གཞུང་ཁོ་ན་མཐར་ཆགས་སུ་བཏང་བའི། ཚོགས་ཐ་མའི་རྗེས་སུ་སྦྱིན་སྲེག་བླུགས་ནས་ཚོགས་ལ་རོལ་ཞིང་། ལྷག་ཆོག་བརྟན་མ་མན་ཆད་མཐར་དབྱུང་ངོ་། །སྤྱིར་བླ་མ་ལ་བཟང་ངན་དང་། ཡི་དམ་ལ་བྱིན་རླབས་ཆེ་ཆུང་དུ་རྟོག་པ་ནི་རང་གི་རྣམ་རྟོག་གི་ཉེར་ལེན་ཡིན་གྱི། རང་ཉིད་ལ་མོས་གུས་ཡོད་ན་བླ་མ་ཅི་ལྟ་བུ་ལ་གསོལ་བ་བཏབ་ཀྱང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་ལ། བསྐྱེད་བཟླས་ཚད་དུ་ཕྱིན་ན་ཡི་དམ་གཅིག་གིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་སྩོལ་བ་ཡིན་ཞིང་། གཅིག་ཆོག་གི་མོས་གུས་མེད་ན་སངས་རྒྱས་སྟོང་ལ་གསོལ་བ་བཏབ་ཀྱང་བྱིན་རླབས་འབྱུང་དཀའ་བ། དམིགས་པའི་གཟེར་མེད་ན་རྒྱུད་སྡེ་དྲུག་ལ་བསྙེན་སྒྲུབ་བྱས་ཀྱང་དངོས་གྲུབ་འགྲུབ་པར་དཀའ་མོད། འོན་ཀྱང་རང་རང་གི་སྔོན་གྱི་ལས་འབྲེལ་ཡོད་མེད་དང་། རྣམ་པའི་རྟེན་འབྲེལ་ཙམ་དུ་བླ་མའི་བྱིན་རླབས་འཇུག་ཕུལ་ཆེ་ཆུང་དང་། ཡི་དམ་སོ་སོ་ལས་དངོས་གྲུབ་སོ་སོ་འབྱུང་བ་ལྟར་སྣང་བ་ཡིན་པས། འདིར་བླ་མ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་གདམས་ངག་ལས་བྱུང་ཞིང་། །ཡི་དམ་སྒྲུབ་སྡེ་བརྒྱད་ལས་ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ཡིན་ཏེ། དེའང་སློབ་དཔོན་ཆེན་པོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཉིད་མི་མཇེད་ཀྱི་འཇིག་རྟེན་སྤྱི་དང་། ལྷག་པར་བོད་ཁ་བ་ཅན་གྱི་རྨུ་རྒོད་རྣམས་


LT31_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཕྱིར་དུ། །བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོའི་ཕྲིན་ལས་ཀྱི་གྲོགས་སུ་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་ཏེ་འཇའ་ལུས་འཕོ་བ་ཆེན་པོའི་གཟུགས་ཀྱིས་ད་ལྟའང་ལྷོ་ནུབ་རྔ་ཡབ་ན་མངོན་སུམ་བཞུགས་ཏེ་བསྐལ་པ་མ་སྟོངས་བར་དུ་ཕྲིན་ལས་མཛད་པ་མ་ཟད། བོད་ཀྱི་ཡུལ་འདིར་ལྷ་སྲིན་གདུག་པ་ཅན་གྱིས་དབང་བྱས་ཏེ་དམ་པའི་ཆོས་ལྟ་ཅི་སྨོས། དགེ་བ་སྣ་རེའང་སྤྱོད་པར་དཀའ་བ་ལ་སློབ་དཔོན་ཆེན་པོ་འདི་ཁོ་ནའི་ཐུགས་རྗེས་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ལྟ་བུའི་བར་དུའང་སྤྲུལ་པ་བསམ་གྱིས་མི་ཁྱབ་ཅིང་རྒྱུན་མི་འཆད་པས་དངོས་དང་བརྒྱུད་ནས་བོད་དུ་གཏོགས་ཚད་སློབ་དཔོན་ཆེན་པོ་དེའི་གདུལ་བྱར་སོང་བས་ཆོས་འདིའི་བརྒྱུད་པའི་ཁུངས་ཆེ་བ་དང་། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི། ངོ་བོ་གསང་བའི་བདག་པོ་དང་སྒྲོལ་མ་ཡིན་ལ། གསང་བདག་ནི་བསྐལ་བཟང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། དེ་དག་གི་གདུལ་བྱ་དགེ་བར་སྤྱོད་པ་རེ་རེའི་རྒྱབ་ཏུའང་བར་ཆད་སྲུང་བའི་སྤྲུལ་པ་རེ་རེ་འབྲལ་མེད་དུ་འགྲོགས་པ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཡིན་པར་གསུངས་པ་དང་། རྗེ་བཙུན་སྒྲོལ་མ་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་བྱང་ཆུབ་བརྙེས་ཀྱང་ཐུགས་བསྐྱེད་ཚད་མེད་པས་ལྷ་མོའི་རྣམ་པར་བཟུང་ནས། འཇིག་རྟེན་ཁམས་སྤྱི་དང་། ཁྱད་པར་མི་མཇེད། དེ་ལས་ཀྱང་གངས་ཅན་གྱི་ལྗོངས་འདིར་གང་ན་འཇིགས་པ་ཅུང་ཟད་ཅིག་མཆིས་ཀྱང་མཚན་དྲན་པ་ཙམ་གྱིས་སྐྱོབ་པར་ཐུགས་


LT31_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་པ་ཉིད། འདིར་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་དཔལ་ཆེན་པོ་ཡབ་ཡུམ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་བཞེངས་ཏེ། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་བ་དང་། བྱང་ཆུབ་སྒྲུབ་པ་ལ་ཉེ་བར་འཚེ་བའི་བདུད་བགེགས་དམ་སྲི་རྒྱ་འདྲེ་མཐའ་དམག་ལ་སོགས་པ་འཇོམས་པ་ལ་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་གྱིས། རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་ ཐུགས་དམ་ལྷག་པའི་ལྷ་ཐུན་མོང་མ་ཡིན་པར་བསྟེན་ཅིང་། སློབ་དཔོན་ཆེན་པོའི་ཞལ་གདམས་སུ། སྤྱིར་ཡི་དམ་གྱི་གཙོ་བོ་རྡོ་རྗེ་ཕུར་པ་ལ་བྱ། ཡི་དམ་གཞན་བསྒྲུབས་ཀྱང་རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབས། ཞེས་གསུངས་པ་ལྟར་བསྟན་པ་སྔ་དར་གྱི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཞལ་སློབ་རྣམས་རྣམས་ཀྱིས་ཕུར་པ་ལ་མངོན་རྟོགས་མ་བརྙེས་པ་གཅིག་ཀྱང་མེད་ཅིང་འགའ་རེ་རིག་འཛིན་སྤྱི་བསྐུལ་དུ་གསལ་བ་ལྟར་དང་། དེ་དག་གི་དཔོན་སྲས་སློབ་བརྒྱུད་སོ་ཟུར་གནུབས་གསུམ། དཔང་རྒྱུས་འོ་བྲན། རླངས་འགོས་རྔོག་གསུམ། མཁོན་རོག་དཔྱལ་གསུམ་ལ་སོགས་པས་ཐུགས་དམ་ཡང་ཕུར་གཉིས་ལ་མཛད་ཅིང་གྲུབ་པ་བརྙེས། དེ་དག་གིས་བྱིན་གྱིས་བརླབས་པའི་གདུང་རིགས་ལས་གསར་མའི་སྐྱེས་ཆེན་རྣམས་ཀྱང་བྱོན་ཏེ། དོན་གཉིས་གྲུབ་པ་ཡིན་ཅིང་། །དེ་དག་གི་ནང་གསེས་ཕུར་པ་ས་ལུགས་འདི། འཁོན་ཀླུའི་དབང་པོ་ལ་ཨོ་རྒྱན་


LT31_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་བསྩལ་བ་ནས་ད་ལྟའི་བར་དུ་བཀའ་བརྒྱུད་མ་ཆད་ཅིང་། བྱིན་རླབས་ཀྱི་རྟགས་མཚན་སྣ་རེ་མ་བརྙེས་པ་གཅིག་ཀྱང་མེད་པ་དང་། བསྙེན་སྒྲུབ་བྱས་ཚད་བར་ཆད་མེད་པར་མཐར་ཕྱིན་ལ། གཏོར་ཟློག་ཚུན་ཆད་ཀྱང་དགེ་ཞིང་བཀྲ་ཤིས་པ་མངོན་སུམ་གྱིས་གྲུབ་པ་དང་། ལྷ་འདིའི་བྱིན་རླབས་ལ་བརྟེན་ཏེ་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དང་ཆོས་བརྒྱུད་ད་ལྟའི་བར་དར་ཞིང་རྒྱས་ཏེ་གེགས་དང་བར་ཆད་མ་བྱུང་ཞིང་། བྱུང་བ་དག་ཀྱང་མྱུར་དུ་ཚར་གཅད་ལ། གཞན་ཡང་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ལ་གེགས་ཆེན་པོ་བྱུང་བའི་སྐབས་གནུབས་ནམ་མཁའི་སྙིང་པོའི་ཡང་སྲིད་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་ལུང་བསྟན་ལྟར། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་གདན་ས་ཆེན་པོར་དཔལ་སྤུངས་སུ་ཕུར་ཁང་བདུད་འདུལ་གླིང་གསར་བཞེངས་དང་རྒྱུན་སྒྲུབ་བཙུགས་པས་ཕྲིན་ལས་ཀྱི་བར་ཆད་མཐའ་དག་བཟློག་སྟེ། བསྟན་པའི་སྲོག་ཤིང་འགྱེལ་བ་རྨངས་ནས་བསླངས་པའང་ལྷ་འདིའི་ཐུགས་རྗེ་ཡིན་པ་དང་། ཇོ་ནང་རྗེ་བཙུན་ཆེན་པོ་ལ་སློབ་དཔོན་ཆེན་པོས་ཞལ་ཡང་ཡང་བསྟན་ཕྲེང་བ་སྐོར་གསུམ་གཏེར་ཁ་བབས་པ་བཞེས་ཐུབ་ན་ཇོ་ནང་བསྟན་པ་ལ་སྐུ་ཆག་མི་འབྱུང་ཞིང་རྒྱ་ཆེར་འཕེལ་རྒྱས་འབྱུང་བ་གསང་རྣམ་ལ་སོགས་པར་གསལ་བཞིན་རུང་། །དམ་སྲིའི་གཞན་དབང་གིས་གཏེར་ཁ་བཞེས་མ་ཐུབ་ཀྱང་ལྟ་བའི་གནད་ཨོ་རྒྱན་ཆེན་པོ་དང་ཀུན་


LT31_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གྱི་དགོངས་པ་གཅིག་འདྲིལ་མཛད་པས་བསྟན་པ་ལ་སྐུ་ཆག་ཆེན་པོ་བྱུང་ཡང་ད་ལྟ་ཆོས་རྒྱུན་མ་ཆད་ཙམ་པ་འདི་ལྟར་བྱུང་། དེས་ན་བར་་ཆད་ཀྱི་འཚེ་བ་སེལ་ཞིང་བསྟན་པ་དར་རྒྱས་སུ་འབྱུང་བའི་ལྕགས་རིའམ། སྐུ་རིམ་ལྟ་བུར་ཇོ་ནང་གི་ཆོས་སྡེ་རྣམས་ནས། རྗེ་བཙུན་རིན་པོ་ཆེས་བསྒྲིགས་པའི་ཕུར་པ་ས་ལུགས་འདི་འདོན་རྒྱུ་བྱུང་ན་ཤིན་ཏུ་ལེགས་སྙམ་སྟེ་རང་ཉིད་དཔལ་ལྡན་ཛཾ་ཐང་གི་ཆོས་སྡེ་ཆེན་པོར་ཕྱིན་སྐབས་མཁྱེན་ལྡན་འགའ་ཞིག་གི་སྙན་དུ་གསོལ་ཡང་རྗེ་བཙུན་གྱི་དཀྱིལ་ཆོག་དང་དབང་བསྐུར་ཁོ་ན་ཙམ་ལས་རང་ལུགས་ཀྱི་ཡིག་ཆ་གཅིག་ཀྱང་མེད་འདུག་པས། གཏེར་མ་སོགས་གང་བྱུང་བསྲེས་ན་འབྲེལ་མེད་དང་། ས་ལུགས་དངོས་ཀྱང་དབང་ལུང་ཐོབ་དཀའ་ཞིང་དབྱངས་རོལ་སོགས་ཇི་བཞིན་མི་འགྲུབ་པ་མ་ཟད། རྗེ་བཙུན་གྱི་ཡིག་ཆ་ལ་མ་ལུས་མ་བྱུང་ཙམ་བྱུང་ན་ལེགས་པས། ཁྱོད་ནས་འདིའི་ཡན་ལག་ཚང་མ་ཞིག་འོས་ཚུལ་གསུངས་ཀྱང་། འདི་ལ་སྐྱེས་མཆོག་ཐུགས་རྗེའི་བདག་ཉིད་ཀརྨ་འོད་གསལ་འགྱུར་མེད་ཞལ་སྔ་ནས་ཇོ་ནང་མངོན་དཀྱིལ་ལས་དབང་ཞིག་བཀའ་དྲིན་བསྩལ་ཡང་འབེ་ལོ་ཙཱ་བ་ཀུན་ཁྱབ་ལ་ཕུར་པ་ས་ལུགས་ཀྱི་དབང་རྒྱུན་བཞུགས་པས་འདིའི་རྒྱུན་གསོས་པ་ལས། རྗེ་བཙུན་དངོས་ནས་བརྒྱུད་པའི་དབང་རྒྱུན་ད་ལྟ་བཞུགས་མ་འདྲ་ཞིང་། དེ་ཙམ་ལས་གཞན་ཞིབ་པར་ཐོབ་ཁུངས་བྲལ་བ་སོགས་ཀྱིས་བཏང་སྙོམས་སུ་བཞག་ནས་


LT31_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རིང་པོ་འདས་པ་ན། དད་དམ་ལྷག་བསམ་གསེར་བཟང་ལྟར་དགེ་བ་ཛཾ་ཐང་སྒྲུབ་བླ་མ་ཀརྨ་མཆོག་གསལ། ཀུན་བཟང་། ལྷ་མཆོག །མཁས་བཙུན། ཆོས་འཕེལ་རྣམས་ཀྱིས་དངོས་པོའི་ཚན་གྲངས་ཀྱི་མཎྜལ་བཅས། སྔོན་དུས་ཀཿཐོག་བདུད་འདུལ་རྒྱལ་སྲས་པདྨ་རྣམ་རྒྱལ་ཞེས་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེས་མ་འོངས་པ་ན་ཇོ་ནང་བརྒྱུད་འཛིན་འཇམ་དབྱངས་ཀྱི་སྤྲུལ་པ་ཞིག་གིས་རྗེ་བཙུན་གྱི་ཕུར་པ་ལ་སྨད་ལས་ཞིག་སྦྱར་བར་འགྱུར་བས། དེ་ཆོས་སྡེ་འདིར་ཚུགས་ན་བསྟན་པ་དར་རྒྱས་སུ་འགྱུར་ཞེས་ཛཾ་ཐང་དུ་ལུང་བསྟན་ཡོད་འདུག་པས་ཅིས་ཀྱང་གཏོར་ཟློག་སོགས་ཁ་ཚང་དོན་གསལ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བ། འཇམ་དབྱངས་སྤྲུལ་པའི་བརྒྱུད་འཛིན་དེས་ཀྱང་མ་འོངས་པ་ན་ལུང་དོན་སྒྲུབ་པར་འགྱུར་བ་གཞིར་བཅས་པས་བདག་ལྟ་བུའི་ཁུར་དུ་མི་ཆེ་ཡང་། སྐབས་དེར་བསྟན་པའང་ཇི་ལྟར་འགྱུར་མི་ཤེས་པ་དང་། ད་ལྟའི་སྐབས་ཇོ་ནང་ཕྱོགས་ལ་དེ་ལྟ་བུའི་ཁུར་བཞེས་མཁན་ཡང་མ་ཐོས་པས། དཔལ་ལྡན་ཇོ་ནང་པའི་བསྟན་པ་ལ་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། འཇམ་དཔལ་དབྱངས་མིའི་ཤ་ཚུགས་ཅན་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཞབས་དྲུང་དུ་ས་ཕུར་གྱི་སྟོད་ལས་དང་སྨད་ལས་ཀྱི་དབང་ལུང་ལག་ལེན་ཡོངས་རྫོགས་བཀའ་དྲིན་ཏུ་ཞུས་ཏེ། གནས་ཚུལ་སྙན་འབུལ་ཞུས་


LT31_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤིན་ཏུ་དགྱེས་པའི་བཀའི་གནང་བསྩལ་ཞིང་། གསར་དུ་བསྒྲིག་རྒྱུའི་ཡིག་ཆ་འདི་དང་འདི་ལྟར་འོས་པའི་ཚུལ་དང་། དཔེ་ཁུངས་བསླབ་སྟོན་བཅས་བཀའ་དྲིན་ཏུ་གནང་བ་དང་། སྔར་རང་ལོ་སུམ་ཅུ་སྐོར་འགྲོ་སྐབས་ཞིག་ཚུལ་འདིའི་བརྡ་དོན་ལྟ་བུའི་རྨི་ལམ་དགེ་བར་མངོན་པ་ཁ་ཤས་ཞིག་ཀྱང་བྱུང་བ་རྨི་ལམ་ལ་གཏད་སོ་ཅི་ཡོད་རུང་། མངོན་ཤེས་ལྔ་སོགས་རྩོམ་པའི་ཚད་རབ་འབྲིང་ཐ་མ་གང་རུང་གི་གདེངས་མེད་ཚེ། དེ་རིགས་ལ་ཕལ་ཆེར་གྱིས་ཡིད་བརྟན་འཆལ་བའི་སྲོལ་ལྟར་ལས་བྱ་ཐབས་བྲལ་གཤིས། གཙོ་བོར་བླ་མའི་བཀས་གནང་བ་ནི་ཡི་དམ་ཆོས་སྐྱོང་བཅས་ཀྱི་གནང་བའང་ཐོབ་པ་ཡིན་ཞིང་། །རྗེ་ས་སྐྱ་པ་ཁུ་དབོན་སོགས་ཁུངས་ལྡན་གྱི་ཡིག་ཆ་རྣམས་གང་བདེར་བསྒྲིགས་པ་ལས་རང་ཚིག་ཏུ་བཅོས་པ་ཕྲན་བུ་རེ་ལས་མ་མཆིས་པས་བྱིན་རླབས་དང་ལྡན་ཞིང་ཡིད་ཆེས་པའི་གནས་སུ་བཟུང་བར་རུང་ངོ་སྙམ་པས། ཕྱིན་ཆད་ངེས་དོན་སྙིང་པོའི་བསྟན་འཛིན་སྤྱི་དང་། ཁྱད་པར་དཔལ་ཇོ་ནང་གི་རིང་ལུགས་འཛིན་པ་རྣམས་ཀྱིས་གླེགས་བམ་གྱི་ཕུང་པོ་བཏང་སྙོམས་རྡུལ་ཁྲོད་དུ་མི་འཇོག་པར་དབང་ལུང་འཆད་ཉན། དམིགས་པ་ལག་ལེན་ཞིབ་ཁྲིད། བསྙེན་སྒྲུབ་ལས་གསུམ། རྒྱུན་གྱི་རྣལ་འབྱོར། དུས་གཏོར་རྒྱུན་གཏོར། ཐ་ན་མནན་སྲེག་འཕང་གསུམ་ཚུན་རང་གཞན་གྱི་དོན་ཏུ་ཕྱག་ལེན་ཅི་ཐེབས་ཀྱིས་དར་རྒྱས་མཛད་པ་བྱུང་ན། ཡིག་ཚོགས་འདི་ཙམ་


LT31_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བའི་དོན་སྒོར་སོང་བའང་འདིར་འཕྲོས་དོན་ཏུ་སྨྲས་པའོ། །དགེ་བར་གྱུར་ཅིག་ཐོག་མཐའ་བར་དང་གསུམ། །རྒྱལ་བར་གྱུར་ཅིག་མི་མཐུན་ཕྱོགས་ཀུན་ལས། །སྣང་བར་གྱུར་ཅིག་ངེས་དོན་བསྟན་པའི་ཉི། །རྒྱས་པར་གྱུར་ཅིག་སྙིང་པོའི་རིང་ལུགས་སོ། །སེམས་ཅན་འཚང་རྒྱའི་གནད་ཀྱིས་བདེ་གཤེགས་སྙིང་པོས་ཁྱབ། །འདུས་མ་བྱས་པའི་གནད་ཀྱིས་གང་དེ་འགྱུར་བ་མེད། །ཀུན་ཁྱབ་རྟག་བརྟན་ཞལ་བཞེས་གྲུབ་མཐའ་དེ་བདེན་ན། །བདེན་མཐུས་རིང་ལུགས་དེ་ཉིད་རྟག་བརྟན་ཀུན་ཁྱབ་ཤོག །ཇོ་ནང་ཕུར་པའི་ཟུར་འདེབས་ཀྱི་ཡིག་ཆ་རྣམས། །རྗེ་བཙུན་ཆེན་པོའི་དུས་ཆེན་ལ་དབུ་བརྩམས། ཤཱཀྱའི་རྒྱལ་པོས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་གསུངས་པའི་དུས་ཆེན་ལ་ཡོངས་རྫོགས་གྲུབ་པར་བགྱིས་པའི་ཚེ། ཟིན་བྲིས་ཁྱུག་ཙམ་སྤེལ་བ་པོའང་བློ་གྲོས་མཐའ་ཡས་ཏེ། ཡིག་ཆ་ཡོངས་སུ་རྫོགས་པའི་ཡི་གེ་པ་ནི། ལྔ་རིག་སྨྲ་བ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་མཛད་པ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།

ལིང་ཁྲུས་ནོར་བུ་ཆུ་དྭངས།


LT31_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཁྲུས་ནོར་བུ་ཆུ་དྭངས་བཞུགས་སོ། །ན་མོ་གུ་རུ་ཀརྨ་ཧེ་རུ་ཀཱ་ཡ། མནན་སྲེག་འཕང་བའི་སྦྱོར་བ་ལ་ཞུགས་པའི་ལིངྒ་གང་ཡིན་ཀྱང་རུང་སྟེ། རང་ལ་སོགས་པའི་ཁ་རླངས་དྲི་མ་སོང་བར་དོགས་ནས་ལིང་ཁྲུས་ཚད་ལྡན་བྱ་དགོས་ཤིང་། དེ་ལ་གསར་མ་འགའ་ཞིག་གི་ཕྱག་སྲོལ་དུ། རྣམ་འཇོམས་ཀྱིས་བསྒྲུབས་པའི་བུམ་ཆུས་ལིངྒའི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ། ས་འདི་དུག་གི་སོགས་དང་། ཨ་བྷི་ཥེ་ཀ་ཏེའི་སྔགས་བརྗོད་ཅིང་བཀྲུ་བ་ཡིན། རྙིང་མའི་མན་ངག་འདྲ་མིན་འགའ་ཞིག་མཆིས་ཀྱང་། རྒྱུན་གྱི་ལག་ལེན་གྱི་གཙོ་བོ་གཉིས་ཏེ། དེ་ལ་སྤྱི་ཙམ་དུ་འབྱུང་བཞིས་སྦྱོང་བ་ལ། དང་པོ་རང་གྲིབ་སྦྱོང་བ་ནི། །རང་ཉིད་ཐ་མལ་གསལ་བ་ཡི༔ སྤྱི་མགྲིན་སྙིང་ཁའི་གནས་གསུམ་དུ༔ རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་༔ གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་སྒོ་གསུམ་སྒྲིབ་དག་གྱུར༔ ཡིག་བརྒྱ་བཟླས། སླར་ཡང་གནས་གསུམ་རྡོར་སེམས་ཀྱི༔ སྐུ་ལས་འོད་ཟེར་ཡར་འཕྲོས་པས༔ རབ་འབྱམས་ཞིང་གི་རྒྱལ་བ་མཆོད༔ ཐུགས་རྗེའི་བྱིན་རླབས་ཚུར་འདུས་པས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ ཉམས་ཆག་ཉེས་ལྟུང་དྲི་མ་སྦྱངས༔ ཕ་རོལ་བྱད་མའི་བསམ་ངན་གྱིས༔ གནོད་བྱེད་ཉེས་ཚོགས་ཐམས་ཅད་སྦྱངས༔ ཡིག་བརྒྱའི་ཤམ་བུར། ཨེ་ཧོཿཤུདྡྷེ་ཤུདྡྷེ། བཾ་ཧོཿཤུདྡྷེ་ཤུདྡྷེ། རཾ་ཧོཿཤུདྡྷེ་ཤུདྡྷེ། ལཾ་ཧོཿཤུདྡྷེ་ཤུདྡྷེ། ཨ་ཧཾ་རཾ། ཨ་ནེ་


LT31_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རཾ། བི་ན་ཤུདྡྷེ་སྭཱ་ཧཱ། ཨ་ཨ་ཨ་སྭཱ་ཧཱ། ཞེས་པ་བདུན་ནམ་ཉེར་གཅིག་བཟླས། སྨན་སྤོས་ཆུར་བཏབ་བཏུང་ཞིང་བྱུགས། ཉེས་ཚོགས་ཐམས་ཅད་དག་པར་བསམ། དེ་ནས་ལིངྒིིའི་དྲི་མ་སྦྱོང་བ་ནི། བྱེ་མ་གཤེར་ལྡན་གྱིས་ཕྱི་ནང་ལེགས་པར་འཕུར་ཞིང་། སྲིད་པ་བྱེ་མའམ་ཞིང་ས་གཙང་མས་བསྐོར་ཞིང་། ལཾ་ཧོཿཤུད་དྷེ་ཤུད་དྷེ་ཡེ་སྭཱ་ཧཱ། ཆུ་མིག་ལྐུགས་པའམ་ཕུག་རྡུགས་ཀྱི་ཆུས་འཐོར་ཞིང་། བྃ་ཧོཿཤུད་དྷེ་ཤུད་དྷེ་ཡེ་སྭཱ་ཧཱ། བྲ་རྐང་ངམ་ཤིང་ཚེ་ཟད་ཀྱིས་མེས་སྐོར་ཞིང་། །རཾ་ཧོཿཤུད་དྷེ་ཤུད་དྷེ་ཡེ་སྭཱ་ཧཱ། ཕོ་རོག་དང་འུག་སྒྲོས་རླུང་གཡབ་ཅིང་། །ཡཾ་ཧོ་ཤུད་དྷེ་ཤུད་དྷེ་ཡེ་སྭཱ་ཧཱ། ཞེས་གསུམ་གསུམ་དང་། གོང་གི་རང་སྒྲིབ་སྦྱངས་པའི་སྔགས་བརྒྱ་རྩ་གཅིག་བཟླས་རྗེས། ཨེ་ཧོཿཤུད་དྷེ་ཤུད་དྷེ། ཡཾ་ཧོཿ༴ བཾ་ཧོཿ༴ཁཾ་ཧོཿ༴ རཾ་ཧོཿཤུད་དྷེ་ཤུད་དྷེ། ཞེས་ཉེར་གཅིག་རེ་དང་། ཨ་ན་རཾ་ བི་ན་རཾ་ཤུད་དྷེ་ཤུད་དྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་སྔགས་རེ་རེའི་མཇུག་ཏུ་ལིངྒ་བར་སྣང་ལ་གཡབ་ཅིང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལུས་ཀྱི་དྲི་མས་མ་གོས། ངག་གི་དྲི་མས་མ་གོས། ཡིད་ཀྱི་དྲི་མས་མ་གོས། ལུས་ངག་ཡིད་གསུམ་གྱི་དྲི་མས་མ་གོས་སོ། །ཨེ་ཧོཿཤུད་དྷེ་ཤུད་དྷེ། ཡཾ་ཧོཿ༴ བཾ༴ ཁཾ༴ རཾ༴ ཨེ་ན་རཾ་བི་ན༴ དབུགས་ཐེང་གཅིག་ལ་ཨ་རྐྱང་ཉེར་གཅིག་བརྗོད་པས་ཐམས་ཅད་སྟོང་པར་བལྟའོ། །ཁྱད་པར་གཤེད་སྐོར་བ་སོགས་ཀྱི་ཕྱག་བཞེས་ལྟར་ན། མདུན་ཏུ་ཆུ་གཙང་སྡེར་


LT31_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གང་བཞག །སྟོང་པའི་ངང་ལས། ཆུའི་སྟེང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་ཡི་སྟེང་དུ་བཾ་ལས་ལྷ་མོ་དཀར་མོ༔ ཞལ་གཅིག་ཕྱག་གཉིས་མ༔ གཡས་མཆོག་སྦྱིན་དང་གཡོན་པས་པདྨ་དམར་པོ་བསྣམས་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ་མོ༔ རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ༔ བཛྲ་ས་མཱ་ཛཿཛ༔ ཛཿཧཱུྃ་བཾ་ཧོཿ ལྷ་མོའི་མཆོག་སྦྱིན་གྱི་མཐིལ་ནས་བདུད་རྩིའི་རྒྱུན་བབ། ལིངྒ་ལ་ཁྲུས་བྱས་པས་རང་གི་ཁ་རླངས་དང་དྲི་མ་ལ་སོགས་པ་ཐམས་ཅད་སང་གིས་དག་པར་བསམ། ལིངྒ་མེ་ལོང་དུ་ཤར་བ་ལ་ཕུད་སྐྱོགས་ལྟ་བུ་ཆུ་ཕྱར་བས་ཁྲུས་བྱེད་ཅིང་། ཧཱུྃ། མ་མ་ཀ་བྱ་ཡེ་འཆང་བ་པོ་ཧཱུྃ་མ་མ་ཀ་བྱ་ཡེ་སྭཱ་ཧཱ༔ ཞེས་བརྒྱའམ་ཉེར་གཅིག་བརྗོད། ལྷ་མོ་མི་དམིགས་པར་གཤེགས། ཆུ་ཕྱིར་ཕོ། །ལིངྒ་ལ་ཡི་དམ་རང་གཞུང་ལྟར་འགུགས་གཞུག་ལན་གསུམ་བྱ། ཡང་ཆུ་གཙང་སྡེར་གང་བཤམས། སྟོང་པའི་ངང་ལས་སོགས་ལྷ་མོ་གོང་ལྟར་བསྐྱེད། ལྷ་མོའི་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་ནས་ཡེ་ཤེས་ཀྱི་ཆུ་བྱུང་། དགྲ་བོའི་ཁ་རྗེ་དབང་ཐང་དང་། ཚེ་དང་ལོངས་སྤྱོད་བཀྲག་དང་གཟི་མདངས་ཐམས་ཅད་ཆུ་ཡི་ནང་དུ་བཀྲུས་


LT31_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། འབྲུ་གསུམ་བརྗོད་ལ་ཁྲུས་སྔར་བཞིན་བྱས། མཐར། ལྷ་མོ་འོད་དུ་ཞུ་ནས་ཆུར་འདྲེས་པར་གྱུར། ཆུ་དེ་འཐུང་། བདག་ཚེ་དང་བསོད་ནམས་བཀྲག་མདངས་དང་ལྡན་པར་གྱུར། ལྷག་མ་གནས་ཁང་ལ་གཏོར་ཏེ། གནས་ཁང་བྱིན་རླབས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཞེས་མོས། དེ་ནས་ལིངྒ་སྐྱེར་རྐམ་ལྟ་བུར་བཅིར་ལ་རླུང་ཁར་གཡུག་པ་དང་རྫས་ངན་དུད་པས་བདུག་པ་སོགས་བྱས་ལ། ཡ་མ་རཱ་ཙ་རླུང་ལིང་སོང་༔ མ་ཆགས་སོང་སོང་༔ ཀུ་ཏ་ཡ་ཧཱུྃ༔ དགྲ་བོའི་ལྷ་རྣམས་སྲན་ཕུང་ལ་རྡོ་ཕོག་པ་ལྟར་བྱེར་བས་སྐྱབས་རྟེན་དང་བྲལ་ནས། འབྲུག་ཐང་ལ་ལྷུང་བ་ལྟར་གྱུར་པར་མོས་ལ་སླར་རང་གི་དྲི་མ་མ་ཤོར་བར་བལྟེབས་ཆག་སོགས་བྱའོ། །ཞེས་པའང་གྲོང་སྔགས་པ་རྣམས་ལ་ཕན་པའི་སེམས་ཀྱིས་པདྨ་གར་དབང་གིས་བསྡེབས་པ་དགེ་ལེགས་འཕེལ། །

གསེར་སྐྱེམས།


LT31_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་བཞུགས་སོ། །


LT31_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། ཧཱུྃ། །ང་ནི་དཔལ་ལྡན་ཧེ་རུ་ཀ །ཧཱུྃ། །ང་ནི་སངས་རྒྱས་ཀུན་གྱི་དངོས། ཧཱུྃ། །ང་ནི་རྡོ་རྗེ་གཞོན་ནུ་ཆེ། ཧཱུྃ། །ང་ནི་ཁམས་གསུམ་དབང་ཕྱུག་བདག །སྐྱེད་དང་སྡུད་པའི་བྱེད་པོ་ཡིན། །སྲིད་ཞི་ཀུན་གྱི་གཙོ་བོའོ། །རྒྱལ་བ་ཡབ་ཡུམ་དཀྱིལ་འཁོར་ལྷ། །བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །ཡེ་ཤེས་ཁྲོ་བོ་ཁྲོ་མོ་རྣམས། །འདིར་བྱོན་མཆོད་སྤྲིན་རྒྱ་མཚོ་བཞེས། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །སྐུ་བཞིའི་བདག་ཉིད་སངས་རྒྱས་དང་། །རིག་འཛིན་སྤྲུལ་པའི་ཚོགས་རྣམས་དང་། །རྩ་བརྒྱུད་བླ་མ་ཐམས་ཅད་ཀྱང་། །འདིར་བྱོན། །མཆོག་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཐེག་གསུམ་འཕགས་ཚོགས་མ་ལུས་དང་། །བཀའ་སྡོད་ཆོས་སྐྱོང་སྲུང་མ་ཀུན། །འདིར་བྱོན། མཆོག་དང་། ཧཱུྃ། བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། །ལས་བྱེད་མ་མོ་མཁའ་འགྲོ་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །ང་ཡི་བཀའ་ལས་མ་འདའ་ཞིག །ཧཱུྃ། དུས་གསུམ་བདེ་གཤེགས་བཀའ་ཉན་གཙོ། །དཔལ་གྱི་མགོན་པོ་མཐུ་རྩལ་ཅན། །ལེགས་ལྡན་ནག་པོ་ཆེན་པོའི་ཚོགས། །ལྷ་ཆེན་དཔལ་འབར་ཕྲིན་ལས་མགོན། །ཧྲ་ཀྴད་ལྕམ་དྲལ་འཁོར་དང་བཅས། །ཤྭ་ན་བདག་ཉིད་ས་བདག་མ། །དཀར་མོ་ཉི་ཟླ་ལྕམ་དྲལ་སོགས། །འཁོར་ཚོགས་བསམ་མི་


LT31_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བཅས་ལ། །གསེར་སྐྱེམས་བདུད་རྩི་འདི་འབུལ་ལོ། །བར་ཆད་སོལ་ལ་འདོད་དོན་སྒྲུབས། ཧཱུྃ། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །འཇིགས་བྱེད་དགུ་དང་གཟའ་ཆེན་དགུ། །རྒྱུ་སྐར་ཉེར་བརྒྱད་འཁོར་དང་བཅས། །མིང་པོ་གསུམ་དང་སྲིང་མོ་བཞི། །མ་བདུན་དབང་ཕྱུག་ཉི་ཤུ་བརྒྱད། །ཞིང་དུ་སྤྱོད་པའི་མཁའ་འགྲོ་མ། །བཞི་བཅུ་རྩ་བརྒྱད་ལ་སོགས་པ། །ཞིང་སྐྱོང་བཞི་བཅུ་ཞེ་བརྒྱད་དང་། །ཕྱོགས་བཞི་སོ་སོར་གནས་པ་ཡི། །ཐུབ་པ་འབྱུང་པོ་ཉེར་བརྒྱད་དང་། །དམག་དཔོན་གནོད་སྦྱིན་ཉི་ཤུ་བརྒྱད། །སྟོབས་ཆེན་སུམ་ཅུ་རྩ་གཉིས་དང་། །གྲོང་ཁྱེར་སྐྱོང་བ་བཅུ་དྲུག་དང་། །ལྗོངས་ཆེན་སྐྱོང་བ་ལྔ་བརྒྱ་སོགས། །ལངྐ་ལ་སོགས་སྲིན་པོའི་ཚོགས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །གྲུབ་པ་དྲང་སྲོང་འཕྲོག་མ་དང་། །ཉི་ཁྱིམ་ཆ་ཡི་ལྷ་རྣམས་དང་། །སྦྱོར་བ་ཉེར་བདུན་བྱེད་པ་བཅུ། །གཤིན་རྗེའི་རྒྱལ་པོ་འཁོར་བཅས་དང་། །གཞན་ཡང་བརྟན་མ་བཅུ་གཉིས་དང་། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང་། །དགེ་བསྙེན་མཐུ་ཆེན་ཉི་ཤུ་གཅིག །རྗེ་ཡི་མགུར་ལྷ་སུམ་ཅུ་སོགས། །བོད་ཡུལ་གནས་པའི་སྡེ་བརྒྱད་ཀུན། །རང་རང་བུད་མེད་གཡོག་དང་འཁོར། །མཛའ་བཤེས་གཉེན་འདུན་གྲོགས་བཅས་ལ། །


LT31_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་བདུད་རྩི་འདི་འབུལ་ལོ། །ཁྱད་པར་བཀའ་ཡི་ཆོས་སྐྱོང་བ། །སྨན་བཙུན་ནགས་སྨན་རྒྱལ་མོ་དང་། །ནང་འཁོར་སྨན་མོ་འབུམ་སྡེ་དང་། །ཆེ་བཙན་དམག་དཔོན་འཁོར་དང་བཅས། །ཡུལ་འདིའི་ལྷ་ཀླུ་གཞི་བདག་ནི། །རྣམ་པ་སྣ་ཚོགས་དཔག་ཡས་ལ། །གསེར་སྐྱེམས་བདུད་རྩི་འདི་འབུལ་ལོ། །གཞན་ཡང་ལྷ་དང་གནོད་སྦྱིན་དང་། །གཤིན་རྗེ་དྲི་ཟ་གྲུལ་བུམ་དང་། །ལྟོ་འཕྱེ་མཁའ་ལྡིང་མིའམ་ཅི། །ཀླུ་དང་ས་བདག་གཉེན་གྱི་སྡེ། །རྒྱལ་པོ་བཙན་དང་མ་མོ་བདུད། །གཟའ་དང་ཐེ་རང་འགོད་པོ་རྨུ། །རི་དང་ནགས་ཚལ་ཤིང་གི་ལྷ། །དུར་ཁྲོད་ལམ་སྲོང་བཞི་མདོ་དང་། །ཁྱིམ་དང་མཚན་གཅིག་གནས་ལ་སོགས། །མདོར་ན་འཇིག་རྟེན་དྲེགས་པ་ཅན། །སྲིད་གསུམ་གནས་པ་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་འབུལ་ལོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཐུ་ལྡན་དམ་པ་ཁྱེད་ཀུན་གྱིས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བསྟན་འཛིན་དགེ་འདུན་འཕེལ་བ་དང་། །རྒྱལ་ཁམས་སེམས་ཅན་བདེ་བ་དང་། །གནོད་བྱེད་གདུག་པ་ཚར་ཆོད་ཅིག །ཧཱུྃ། ཁྱད་པར་ངེས་དོན་བསྟན་པ་གསལ་མཛད་པ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་དར་བ་དང་། །སྲིད་མཐར་མི་ནུབ་རྒྱལ་མཚན་བསྒྲེང་བ་དང་། །


LT31_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །རྣལ་འབྱོར་བདག་ཅག་གསང་སྔགས་ཟབ་མོ་ཡི། །ཕྲིན་ལས་བསྒྲུབ་པའི་དམ་ཚིག་གྲོགས་མཛོད་ཅིག །ཅི་བསམ་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། འདི་རྒྱས་པ་ཡིན། བསྡུས་པ་ཕྱོགས་སྐྱོང་བཅུ་དང་སོགས་ཤློ་ཀ་བདུན་པོ་ཙམ་གྱིས་ཀྱང་ཆོག་གོ། །མངྒ་ལཾ།། །།

དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ།


LT31_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་སྲུང་མར་བཅས་པའི་བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།། །།


LT31_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀྱིལ་འཁོར་དབང་ཕྱུག་དང་། །འཇིགས་བྱེད་རྡོ་རྗེ་སྲིན་པོ་ལ། །གུས་བཏུད་དེ་མཉེས་ཕྲིན་ལས་བྱང་། །གོང་མའི་གསུང་ལས་བསྡེབ་པར་བྱ། དེའང་སྤྲུལ་པ་ཆེན་པོ་དང་མངོན་སྤྱོད་ཀྱི་ལས་གཙོ་བོར་གྱུར་པ་རྣམས་ལ་གཙོ་འཁོར་ཐམས་ཅད་བསྐང་ཞིང་ཐུགས་དམ་བསྐུལ་བ་དང་། ཁྱད་པར་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཕུར་སྲུང་དམ་ཅན་རྣམས་བསྐང་བསྐུལ་གལ་ཆེ་བ་ཡིན་ཀྱང་། །རྗེ་བཙུན་རིན་པོ་ཆེའི་ཡིག་ཆ་མཆོག་གྲུབ་མདོར་བསྡུས་གཙོར་མཛད་པས། ཕུར་སྲུང་བསྟོད་བསྐུལ་ལྷག་མའི་བར་མི་འབྱུང་ཞིང་། དེ་ལྟ་ན་གཏོར་ཟློག་ལྟ་བུ་ལ་བྱ་བ་གྲུབ་ཀྱི་བར་སྲུང་མའི་སྐོང་བསྐུལ་བྱར་མེད་པས། འདིར་བདག་ཉིད་ཆེན་པོ་དཔལ་ལྡན་བླ་མའི་གསུང་རབ་ལས་བཏུས་ཏེ་གྲུབ་བརྙེས་ཆགས་མེད་རིན་པོ་ཆེ་སོགས་རྙིང་སྔགས་སྤྱིའི་རྗེས་སུ་འབྲངས་ནས་བསྟོད་བསྐུལ་གསོལ་བ་ལོགས་སུ་བསྡེབས་པ་ལ། གོང་གཏོར་སོགས་ཡོད་ཕྱིན་དཀར་དམར་ཕུད་རྒོད་བཤམས་ནས་བྱིན་གྱིས་བརླབ་སྟེ་འབུལ་བ་ཙམ་གྱིས་ཀྱང་རུང་མོད། བཅའ་གཞི་སྤྲོས་བཅས་ལོགས་སུ་བྱེད་པར་སྤྲོ་ན། སྣོད་གཙང་མར་དབལ་གྱི་བཤོས་བུ་སྟོད་ཟུར་གསུམ་སྨད་ཟླུམ་པོ་རྒྱན་སྤྲོས་གཟས་པ་ལ་འཁོར་ཆུང་བ་བཅུ། དེ་རེ་རེའི་གཡས་གཡོན་ཏུ་གཏོར་ཆུང་གཉིས་རེ་སྟེ་ཉི་ཤུ། དེ་རྒྱབ་ཤར་ལྷོར་ཤྭ་ན་བཞིའི་གཏོར་མ་ཝ་ཁྱི་


LT31_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་སྤྱང་གི་ཤས་བརྒྱན་པ། ལྷོ་ནུབ་ཏུ་བསེ་མོ་བཞིའི་གཏོར་མ་ཁྲག་ཞག་འོ་མ་མར་ཁུ་བཞིའི་ཨུ་སྐྱུས་བརྒྱན་པ། །བྱང་ཤར་དུ་རེ་མ་ཏི་བཞིའི་གཏོར་མ་ནལ་བུའི་ཤ་ཁྲག་དང་ཁྲག་སྣ་སྙིང་སྣས་བརྒྱན་ཅིང་ཚིལ་ཆེན་གྱིས་ཁ་བཀབ་ལ་རྩེ་མོར་རྨ་བྱའི་སྒྲོ་གདུགས་ཕུབ་པ། །ནུབ་བྱང་དུ་གིང་གསུམ་གྱི་གཏོར་མ་ཤ་གཟུགས་དང་སྟག་གཟིག་རས་མ་མདའ་དར་ལེབ་རྒན་རྣམས་ཀྱིས་བརྒྱན་པ། ཤ་ཁྲག་སོ་སོར་མ་རྙེད་ན་དམར་གྱི་རྒྱན་སྤྱི་འགྲེ་བྱ། གཏོར་མའི་དབྱིབས་དང་ཁ་དོག་ལས་དང་བསྟུན། མཐའ་སྐོར་དུ་ཐེབས་སྐྱུ་མང་པོ་དང་། འགྲུབ་ན་འདོད་ཡོན་གཟུགས་འགྲོས་སྣ་ཚོགས་པས་བསྐོར། །ཤ་ལྔ་བདུད་རྩི་ལྔས་བརྒྱན། །དར་ནག་གི་གདུགས་ཕུབ། སྒེར་དུ་བྱེད་ན་གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་ཕྱི་མཆོད་གསེར་སྐྱེམས་བཤམ་མོ། །ཡི་དམ་བདག་བསྐྱེད་གྲུབ་ནས་བསང་སྦྱང་། སྟོང་པའི་ངང་ལས་མཆོད་པའི་རྫས། བསྒྲུབ་པའི་རྫས། བསྐང་བའི་རྫས། བཀྲ་ཤིས་རིན་པོ་ཆེ་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་པ་ལྔ། གཞན་ཡང་སྤྱན་གཟིགས་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་རྣམས་དང་། ཁྱད་པར་བདག་ཅག་


LT31_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་བཟའ་བ་ཤའི་རི་བོ། །བཏུང་བ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། མི་ལྤགས་ཀྱི་གཡང་གཞི། ཀེང་རུས་ཀྱི་དྲ་ཕྱེད། རྒྱུ་རློན་གྱི་ལྡ་ལྡི། ཞུན་ཆེན་གྱི་སྣང་གསལ། ཚིལ་ཆེན་གྱི་དུད་པ། མདོར་ན་དྲག་པོས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཅེས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་འཕྲོས་པས་རྡོ་རྗེ་གཞོན་ནུ་ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་དམ་ཅན་སྲུང་མས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པར་བསམ་ཞིང་། བཛྲ་ས་མཱ་ཛཿ ཧཱུྃ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ བཛྲ་ཨཱ་ས་ན་ཏིཥྛནྟུ། ཧཱུྃ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་


LT31_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་རུ་དྷི་ར་ཁཱ་ཧི། མ་ཧཱ་མཾ་ས་ཁ་ཧི། མ་ཧཱ་ཏ་ཀ་ཁཱ་ཧི། མ་ཧཱ་ཨ་སྠི་ཁཱ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ་པུཥྤེ་དྷུ་པཾ་དི་པཾ་གནྡྷཾ་བ་ལིནྟ་པྲ་ཏཱིཙྪ་ཧོཿ གྲྀཧྞ་ཁཱ་ཧི། བཛྲ་ཡཀྴ་ཀྲོ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་རྣམས་ཀྱིས་སྤྱན་དྲངས་ཤིང་མཆོད་ནས། བསྟོད་གསོལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མི་བཟད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་། ཐུགས་མཆོག་ཡཀྴ་ཧེ་རུ་ཀ །ཡེ་ཤེས་སྐུ་མཆོག་རིགས་ཀྱི་དཀྱིལ་འཁོར་ནས། །མི་དམིགས་ཐུགས་ཀྱི་དོན་དམ་ཐུགས་ལ་གསལ། །གསུང་གི་ང་རོས་ཁམས་གསུམ་དབང་དུ་སྡུད། །སྤྲུལ་པའི་བྱིན་རླབས་ཁྲོ་བཅུ་དབྱིངས་ནས་འགྱིང་། །སྐུ་མདོག་མཐིང་ནག་འཇིགས་པའི་རྒྱན་གྱིས་བརྒྱན། །གཡས་ཀྱི་ཞལ་མདོག་དཀར་ལ་བཞད་པ་ནི། །སྐྱེ་མེད་ཆོས་ཀྱི་སྐུ་དང་ལྡན་པར་སྟོན། །གཡོན་གྱི་ཞལ་མདོག་དམར་ནག་སྟོན་པ་ནི། །དབང་དྲག་ཕྲིན་ལས་རྣམ་གཉིས་ཅིག་ཆར་རྫོགས། །དབུས་ཀྱི་ཞལ་མདོག་མཐིང་ནག་བསྟན་པ་ནི། །ཕྲིན་ལས་ཐམས་ཅད་ལྷུན་


LT31_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པར་སྟོན། །སྐྱེ་འགྲོ་རྩད་ནས་གཅོད་པའི་མཆེ་གཙིགས་ཏེ། །ཉོན་མོངས་ལོག་པར་ལྟ་བ་འཇོམས་པར་མཛད། །རྡོ་རྗེ་རྩེ་དགུ་ཕྱག་ན་བསྣམས་པས་ནི། །ས་དགུ་འཇོམས་ཤིང་ཡེ་ཤེས་དགུ་དང་སྦྱོར། །རྡོ་རྗེ་རྩེ་ལྔ་འབར་བ་བསྣམས་པ་ནི། །རྒྱུད་ལྔ་སྦྱངས་ཤིང་སྐུ་ལྔ་འདྲེན་པར་མཛད། །ཡེ་ཤེས་མེ་དཔུང་འབར་བ་བསྣམས་པས་ནི། ཁམས་སུམ་འཁོར་བའི་བག་ཆགས་སྲེག་པར་མཛད། །རྡོ་རྗེ་ཁ་ཊཱྭྃ་བརྡུངས་ཤིང་འཁྲོལ་བས་ནི། །བདུད་བཞི་ཐལ་བར་རློག་ཅིང་དབང་དུ་སྡུད། །རི་རབ་ཕུར་བུ་འདྲིལ་ཞིང་འདེབས་པས་ནི། །འགལ་བྱེད་མ་ལུས་ཐམས་ཅད་སྒྲོལ་བར་མཛད། །གླང་ཆེན་སྟག་ལྤགས་ཞིང་ཆེན་རྒྱན་གྱིས་བརྒྱན། །ཆེ་བཙན་དཔེ་མེད་ཁམས་གསུམ་རྒྱལ་བར་སྟོན། །ཐོད་སྦྲུལ་སྣ་ཚོགས་འཇིགས་པས་སྐུ་ལ་བརྒྱན། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །རྔམས་པའི་ཞལ་ནས་ཧཱུྃ་སྒྲ་འབྲུག་སྟོང་སྒྲོགས། །ཞབས་གཉིས་བརྐྱངས་བསྐུམ་ཚུལ་གྱིས་དབྱིངས་སུ་སྦྱོར། །ཞབས་གཉིས་གྱད་ཀྱི་འདོར་སྟབས་གདུག་པ་འདུལ། །སྤྲུལ་པའི་བྱིན་རླབས་ཕྱོགས་བཅུར་སྤྲིན་ལྟར་གཏིབ། །ཚུར་བྱོན་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །དམ་རྫས་ཕྱི་ནང་གསང་བས་ཐུགས་དམ་བསྐང་། །


LT31_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་འཁོར་སྲུངས་རྐྱེན་ཟློག་བར་ཆད་སེལ། །དགྲ་བགེགས་བྱད་མ་ཐལ་བ་རྡུལ་དུ་རློག །ཐུགས་དམ་དུས་ལ་བབ་བོ་མ་གཡེལ་ཅིག །བྷྱོ། །དེ་དང་གཉིས་མེད་སྦྱོར་བའི་ཡུམ་མཆོག་ནི། །ཨེ་ཀ་ཛ་ཏི་གུ་ཧྱ་གསང་བའི་ཡུམ། །པདྨ་གར་གྱི་དབང་ཕྱུག་མཁའ་ཀློང་ནས། །བཻ་ཌཱུ་སྔོན་མོའི་སྐུ་མདོར་གསལ་འཚེར་ཞིང་། །ཨིནྡྲ་ནཱི་ལའི་རལ་པ་གཅིག་ཏུ་འཁྱིལ། །ཁྲོ་གཉེར་རབ་གཙིགས་རལ་པ་མེ་ལྟར་འབར། །པཱུཥྤ་རཱ་གའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཁྲོ་གཉེར་སྤྱན་ཟླུམ་འཇིགས་པའི་སྡང་མིག་ཅན། །ཟ་བྱེད་འབར་བའི་རྣོ་དབལ་མཆེ་བ་གཙིགས། །ཐམས་ཅད་ཆམས་ཆེམས་གསོལ་བའི་རྐན་སྒྲ་ཅན། །ཐོད་ཁྲག་རློན་ཆེན་ཕྲེང་བ་སྦྲུལ་ཞགས་ཀྱིས། །མཐིང་ཀའི་སྐུ་ལ་རབ་ཏུ་མཛེས་པར་བརྒྱན། །ཞིང་ཆེན་གཡང་གཞི་གསར་པས་སྐུ་སྨད་གཡོགས། །ཁྲག་མཚོ་ཐང་དམར་སྐེམས་ཤིང་ལྗགས་འདྲིལ་མ། །ཐོད་རློན་ཀླད་ཁྲག་འདྲེས་པ་གཡས་ན་ཐོགས། །བནྡྷ་རྩེ་གསུམ་འབར་བ་གཡོན་ན་ཐོགས། །འཁོར་ལོ་རྒྱས་འདེབས་ཟ་བྱེད་དཔལ་གྱི་ཡུམ། །རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །དབང་ཕྱུག་ཨུ་མ་བསྣོལ་བའི་གདན་སྟེང་ནས། །གཟིར་ཞིང་གནོན་པས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཐམས་ཅད་དབང་དུ་སྡུད་པའི་སྲིང་གཅིག་མ། །བར་སྣང་འཕྱོ་བའི་མེ་ཟ་གྲག་གྱོན་མ། །གླིང་


LT31_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཀུན་ལ་དབང་བའི་དྲག་མོ་རྒྱལ། །སྲོག་གི་སྙིང་པོའི་དམ་ལས་མ་འདའ་ཞིག །དམ་རྫས་དམར་གྱི་ཨརྒྷཾ་འདི་སྦྲེང་བས། །ཐུགས་དམ་རྩེ་གཅིག་མ་གཡེལ་རྒྱུན་དུ་དགོངས། །རང་རྒྱུད་དག་པའི་རྣལ་འབྱོར་སྒྲུབ་པ་པོ། །བརྡ་དང་བཤུག་པ་རྔམས་པའི་ཐལ་མོའི་སྒྲས། །རཀྟ་ཆགས་པའི་བརྡ་ཡིས་གཡབ་འདོར་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་འདི་གཤེགས་ཤིག །ཐལ་མོ་བརྡབས་ཤིང་འཇིགས་པའི་བཤུག་གླུ་ལེན། །སྡིག་པའི་གད་མོ་རྒོད་ཅིང་ཁྲག་ཆེན་འཐུང་། །དུས་གསུམ་ཀུན་ལ་མ་སྒྲིབ་མཁྱེན་མངའ་ཞིང་། །དམར་གྱི་དྲི་བསྣམས་ཁྲག་གི་རོ་མྱོང་བ། །དཔག་ཚད་བརྒྱད་ཁྲིའི་གནས་ནས་འདིར་གཤེགས་ལ། །ཤ་ཟ་ཁྲག་འཐུང་རྩུབ་པའི་ལས་ཅན་རྣམས། །ཡེ་ཤེས་རྨད་བྱུང་དོན་དམ་དགོངས་པ་ཅན། །གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འཆེས་མ། །དམ་ཚིག་དགོངས་ཕྱིར་རྟག་ཏུ་རོལ་མཛོད་ཅིག །ཕྲིན་ལས་གཞུང་བཞིན་ཕོ་ཉ་མང་པོ་འགྱེད། །དམ་ཚིག་གཞུང་བཞིན་ཐམས་ཅད་དབང་དུ་སྡུད། །ཕྲིན་ལས་དུས་ལ་བབ་པོ་སྲིང་གཅིག་མ། །མངོན་སུམ་གྲུབ་པའི་ལས་མཛོད་ད་ཚུར་སྦྱོན། །དམ་རྫས་ཕྱི་ནང་༴ །རྣལ་འབྱོར་འཁོར༴ །དགྲ་བགེགས༴ །ཐུགས་དམ༴ །ཛཿ །སྤྲུལ་པ་


LT31_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དུས་ལ་བབ། ཚིག་རྐང་གཅིག་པོ་འདི་འོག་གི་ཁྲོ་བཅུ་ཀུན་གྱི་འགོར་སྦྱར། སྟེང་ཕྱོགས་དགྲ་དང་བགེགས་འགུགས་པ། །ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །ཞབས་བཞི་ཚངས་པ་ཕོ་མོ་གནོན། །རྡོ་རྗེ་སྒྲ་འབྱིན་ཁྲོ་མོ་ཡང་། །འཇིགས་བྱེད་ཆེན་མོར་སྣང་བ་སྟེ། །དགྱེས་པའི་ལོངས་སྤྱོད་དོན་དམ་གྱི། །དབྱིངས་ལས་མ་གཡོས་སྤྲུལ་པ་ཡི། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོ་བཞེས། །དམ་རྫས་ཕྱི་ནང་གསང་བས་བསྐང་། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །དགྲ་བགེགས་བྱད་མ་རྡུལ་དུ་རློག །ཐུགས་དམ་གཉེན་པོ་མ་གཡེལ་ཅིག །ཛཿ །སྤྲུལ་པ་ཆེན་པོའི༴ །ཤར་ཕྱོགས་དགྲ་དང་བགེགས༴ །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །དབུ་གསུམ་ཕྱག་དྲུག་གཤོག་པ༴ །རྡོ་རྗེ་ཕུར་བུ་འདྲིལ། །ཞབས་བཞིས་དྲི་ཟ་ཕོ་མོ་གནོན། །རྡོ་རྗེ་སྙེམ་མ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས་ཚིག་རྐང་དགུ་པོ་ཁྲོ་བོ་ཀུན་ལ་རིགས་འགྲེའོ། ཛཿ །སྤྲུལ་པ༴ །མེ་མཚམས་དགྲ་དང་བགེགས༴ །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །དབུ་གསུམ་ཕྱག་དྲུག༴ །རྡོ་རྗེ་ཕུར་ཕུ༴ ཞབས་བཞིས་མེ་ལྷ་ཕོ་མོ་གནོན། །རྡོ་རྗེ་སྡེར་མོ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས། ཛཿ །སྤྲུལ་པ༴ །ལྷོ་ཕྱོགས་དགྲ༴ །ཁྲོ་བོ་


LT31_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག༴ །རྡོ་རྗེ་ཕུར༴ །ཞབས་བཞིས་གཤིན་རྗེ་ཕོ་མོ༴ །རྡོ་རྗེ་དུར་ཁྲོད་བདག་མོ་ཡང་། །འཇིགས་བྱེད་སོགས། ཛཿ །སྤྲུལ་པ༴ །ལྷོ་ནུབ༴ །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །དབུ་གསུམ་ཕྱག །རྡོ་རྗེ་ཕུར་པ༴ །ཞབས་བཞིས་སྲིན་པོ༴ །རྡོ་རྗེ་གཏུན་ཁུང་ཁྲོ་མོ་ཡང་། །འཇིགས་བྱེད༴ །སོགས༴ །ཛ༔ །སྤྲུལ་༴ །ནུབ་ནས་དགྲ༴ །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ། །དབུ་གསུམ་ཕྱག །རྡོ་རྗེ་ཕུར༴ །ཞབས་བཞིས་ཆུ་ལྷ༴ །རྡོ་རྗེ་གཏུམ་མོ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ །སྤྲུལ་པ༴ །ནུབ་བྱང་༴ །ཁྲོ་ཆེན་གཞན་གྱིས་མི་ཐུབ་པ། །དབུ་གསུམ་ཕྱག །རྡོ་རྗེ་ཕུར༴ །ཞབས་བཞིས་རླུང་ལྷ༴ །རྡོ་རྗེ་མདའ་སྙེམ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ །སྤྲུལ་པ༴ །བྱང་ཕྱོགས་དགྲ༴ །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག །རྡོ་རྗེ་ཕུར༴ །ཞབས་བཞིས་གནོད་སྦྱིན༴ །རྡོ་རྗེ་སྒྲ་མཛད་ཁྲོ་མོ་ཡང་། འཇིགས་བྱེད་སོགས༴ །སྤྲུལ་པ༴ །བྱང་ཤར་དགྲ༴ །ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ། །དབུ་གསུམ༴ །རྡོ་རྗེ་ཕུར༴ ཞབས་བཞིས་བགེགས་བདག༴ །རྡོ་རྗེ་གསོད་མ་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ །སྤྲུལ་པ༴ །འོག་ཕྱོགས་དགྲ༴ །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དབུ་གསུམ༴ །རྡོ་རྗེ་ཕུར་བུ༴ །ཞབས་


LT31_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་ས་བདག༴ །རྡོ་རྗེ་རིགས་བྱེད་ཁྲོ་མོ་ཡང་། །འཇིགས་བྱེད་སོགས༴ ཛཿ དཔལ་གྱི་ཕོ་ཉ་འགུགས་བྱེད་མ། །སྟེང་གི་ཕྱོགས་ནས་བྱུང་བ་ནི། །རྣམ་རྟོག་མི་མངའ་འཕག་པ་ལ། །ཕྱག་བརྙན་ཕག་པའི་མགོ་ཅན་ཞོན། །ཕྱག་གཡས་རྡོ་རྗེ་འབར་བ་ཐོགས། །གཡོན་པས་ཕུར་བུ་འདྲིལ་ཞིང་འདེབས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོ་བཞེས། སོགས་ཚིག་རྐང་ལྔ་པོ་གང་གིས་འགྲེས་ཏེ་ཁྲ་ཐབས་ཐམས་ཅད་ལ་སྦྱར་རོ། །བྷྱོཿདཔལ་གྱི་ཕོ་ཉ། །ཤར་གྱི་ཕྱོགས་ནས། །དཔའ་གཏུམ་ཟ་བྱེད་སྟག་མོ་ལ། །ཕྱག་བརྙན་སྟག་གི་མགོ་ཅན༴ །ཕྱག་གཡས་ལྕགས་ཀྱུ་འབར། །གཡོན་པ་ཕུར་བུ་སོགས་བྷྱོཿ །དཔལ་གྱི་ཕོ་ཉ༴ །མེ་མཚམས་ཕྱོགས་ནས༴ །མི་འགྱུར་གཡག་དཀར་ཆེན་མོ་ལ། །ཕྱག་བརྙན་གཡག་གི་མགོ་བོ་ཅན། །ཕྱག་གཡས་དབྱུག་ཐོ་འབར་བ་ཐོགས། །གཡོན་པ་ཕུར་བུ་སོགས་བྷྱོཿ །དཔལ་གྱི་ཕོ་ཉ༴ །ལྷོ་ཡི་ཕྱོགས་ནས༴ །འཇུག་བྱེད་ཆེན་མོ་ཤ་བ་ལ། །ཕྱག་བརྙན་ཤ་བའི༴ །ཕྱག་གཡས་དབྱུག་པ་འབར༴ །གཡོན་པ་སོགས༴ བྷྱོཿ །དཔལ་གྱི་ཕོ་ཉ༴ །ལྷོ་ནུབ་མཚམས་ནས༴ །ཡེ་ཤེས་སྤྱོད་རྫོགས་གཟིག་གི་ཁྲིར། །ཕྱག་བརྙན་གཟིག་གི༴ །ཕྱག་གཡས་རལ་གྲི༴ །གཡོན་པ་སོགས༴ བྷྱོཿ །དཔལ་གྱི༴ །ནུབ་ཀྱི་ཕྱོགས་ནས༴ །མཁས་བརྩོན་བྱི་ལ་ཆེན་མོ་ལ།


LT31_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བརྙན་བྱི་ལིའི་མགོ་བོ༴ །ཕྱག་གཡས་པདྨ་དམར་པོ། །གཡོན་པ་སོགས༴ བྷྱོཿ །དཔལ་གྱི༴ །ནུབ་བྱང་མཚམས་ནས༴ །ཟ་བྱེད་འཛིན་བྱེད་ལྕེ་སྤྱང་ལ། །ཕྱག་བརྙན་ལྕེ་སྤྱང་མགོ་བོ༴ །ཕྱག་གཡས་རྡོ་རྗེ་འབར༴ །གཡོན་སོགས༴ བྷྱོ། །དཔལ་གྱི༴ །བྱང་གི་ཕྱོགས་ནས༴ །འཇོམས་བྱེད་རྩལ་འཕག་སེངྒེ་ལ། །ཕྱག་བརྙན་སེངྒེའི༴ །ཕྱག་གཡས་རྒྱ་གྲམ་འབར་བ༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །བྱང་ཤར་མཚམས་ནས༴ །སྟོབས་ཆེན་ལྡན་པ་དྲེད་ཀྱི་ཁྲིར། །ཕྱག་བརྙན་དྲེད་ཀྱི༴ །ཕྱག་གཡས་རྡོ་རྗེ་འབར༴ །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །འོག་གི་ཕྱོགས་ན༴ །རྣོ་བྱེད་ལྡན་པ་དོམ་གྱི་ཁྲིར། །ཕྱག་བརྙན་དོམ་གྱི༴ །ཕྱག་གཡས་ཐོ་བ་འབར༴ །གཡོན་པ་ཕུར་བུ་སོགས༴ བྷྱོ། །དཔལ་གྱི༴ །སྟེང་གི་ཕྱོགས་ནས༴ །མྱོས་བྱེད་རྨིག་བུ་ཆེན་མོ་ལ། །ཕྲ་མེན་རྨིག་བུའི༴ །ཕྱག་གཡས་དྲིལ་བུ་འབར༴ །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །ཤར་གྱི་ཕྱོགས་ནས༴ །ཐོགས་མེད་བྱ་རྒོད་ཆེན་པོ་ལ། །ཕྲ་མེན་བྱ་རྒོད་མགོ༴ །ཕྱག་གཡས་རྔ་ཡབ་མཛེས་པ་ཐོགས། །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །མེ་ཡི་མཚམས་ནས༴ །རིགས་བྱེད་བྱ་རོག་ཆེན་མོ་ལ། །ཕྲ་མེན་བྱ་རོག་མགོ༴ །ཕྱག་གཡས་མེ་དབལ་འབར༴ །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །ལྷོ་ཡི་


LT31_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས༴ །མུན་མཐོང་འུག་པ་ཆེན་མོ་ལ། །ཕྲ་མེན་འུག་པའི་མགོ་བོ༴ །ཕྱག་གཡས་དགྲ་སྟ་འབར༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །ལྷོ་ནུབ་མཚམས་ནས༴ །སྦེད་བྱེད་ཁྭ་ཏ་ཆེན་མོ་ལ། །ཕྲ་མེན་ཁྭ་ཏའི་མགོ༴ །ཕྱག་གཡས་རྡོ་རྗེ་ཞགས་པ། །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །ནུབ་ཀྱི་ཕྱོགས་ནས༴ །འོད་ལྡན་གསལ་བཀྲ་པུ་ཤུད་ལ། །ཕྲ་མེན་པུ་ཤུད་མགོ༴ །ཕྱག་གཡས་སྦྲུལ་ཞགས༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །ནུབ་བྱང་མཚམས་ནས༴ གསོད་བྱེད་བྱ་ཁྲ་ཆེན་མོ་ལ། །ཕྲ་མེན་ཁྲ་ཡི་མགོ་བོ༴ །ཕྱག་གཡས་འཁོར་ལོ་འབར། །གཡོན་པ་སོགས༴ བྷྱོ། དཔལ་གྱི༴ །བྱང་གི་ཕྱོགས་ནས༴ །སྒྲིམ་པོ་གསལ་ལྡན་ཕ་ཝང་ལ། །ཕྲ་མེན་ཕ་ཝཾ་མགོ༴ །ཕྱག་གཡས་བེ་ཅོན་འབར༴ །གཡོན་པ་སོགས༴ བྷྱོ། །དཔལ་གྱི༴ །བྱང་ཤར་མཚམས་ནས། གསོད་བྱེད་སྲེ་མོང་ཆེན་མོ་ལ། །ཕྲ་མེན་སྲེ་མོང་མགོ༴ །ཕྱག་གཡས་རྩེ་གསུམ་འབར། །གཡོན་པ་སོགས༴ བྷྱོ། །དཔལ་གྱི་ཕོ་ཉ༴ །འོག་གི་ཕྱོགས༴ །དོན་དམ་དབྱིངས་སྦྱོར་བྱི་བ་ལ། །ཕྲ་མེན་བྱི་བའི་མགོ༴ །ཕྱག་གཡས་གཏུན་ཤིང་འབར༴ །གཡོན་པ་སོགས༴ བྷྱོ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །མཐར་བྱེད་ཆེན་མོ་སྒོ་མ་བཞི། །སྙིང་ནས་དྲོངས་ཤིག་ལྕགས་ཀྱུ་མ། །ཡན་ལག་


LT31_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་ཤིག་ཞགས་པ་མ། །དབང་པོ་སྡོམས་ཤིག་ལྕགས་སྒྲོག་མ། །རྡུལ་དུ་རློགས་ཤིག་དྲིལ་བུ་མ། །འདིར་གཤེགས་སོགས། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །དབང་ཕྱུག་ལ་སོགས་ཉི་ཤུ་བརྒྱད། །ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་ཞི་བའི་ལས་མཛོད་ཅིག །དེ་བཞིན་ཏུ་འདོན་པ་བསྒྱུར་ལ། ལྷོ་ནས་གཤེགས་པའི༴ །ཁྱེད་ཀྱིས་རྒྱས་པའི༴ །ནུབ་ནས་གཤེགས་པའི༴ །ཁྱེད་ཀྱིས་དབང་གི༴ །བྱང་ནས་གཤེགས༴ །ཁྱེད་ཀྱིས་དྲག་པོའི་ལས་མཛོད་ཅིག །འདིར་གཤེགས་སོགས། བྷྱོ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །བར་སྣང་ཁམས་ཀྱི་མཐུ་མོ་ཆེ། །བར་སྣང་རྒྱུ་ཚེ་མཁའ་འགྲོ་མ། །ཆོས་ཀྱི་དབྱིངས་ན་བཞུགས་ཙ་ན། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །རྒྱ་མཚོའི་གཏིང་ན་བཞུགས་ཙ་ན། །རྡོ་རྗེ་མེ་ཟ་བྲག་གྱོན་མ། །བྷ་གའི་ཀློང་ན་བཞུགས་ཙ་ན། །ཡུམ་ཆེན་བྷ་ག་པྲི་ཏི་མ། །སྟོན་ཚེ་ཤ་བ་ཆིབས་པའི་ཚེ། །ལྷ་མོ་པརྞ་ཤ་བ་རི། །ནམ་གྱི་གུང་ཕྱེད་རྒྱུ་བའི་ཚེ། །རྡོ་རྗེ་ནམ་གྲུ་མཐུ་མོ་ཆེ། །རི་རྒྱལ་རི་རབ་རྩེར་བཞུགས་ནས། །གླིང་བཞི་སྐྱོང་བར་མཛད་པའི་ཚེ། །གླིང་བཞི་ཀུན་འཇོམས་དྲག་མོ་རྒྱལ། །མི་གཅིག་མ་ལ་མིང་དགུ་མ། །མིང་དགུ་མ་ལ་མཚན་སྟོང་མ། །གང་ལ་བྱ་བ་ནོར་ར་རེ། །སྐྱོད་ཅིག་རི་རབ་རྩེ་


LT31_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱོད། །འདིར་གཤེགས་སོགས༴ བྷྱོ། །ཤྭ་ན་མུ་ཁའི་དུས་ལ་བབ། །ཟངས་ཀྱི་ཝ་མོ་རྐང་གསུམ་ལ། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །མིག་ནི་ཉི་མའི་ཟེར་ལས་འཚེར། །སྤུ་ནི་རལ་གྲིའི་སོ་བས་རྣོ། །སྡེར་མོ་ལྕགས་ཀྱུ་འབར་བ་འདྲ། །མཇུག་མ་ལྕགས་ཀྱུ་ལྡོག་པ་འདྲ། །བང་ནི་གློག་གི་སྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །གཡས་པ་རྡོ་རྗེ་རི་རབ་བསྙིལ། །གཡོན་པ་ཟངས་ཀྱི་ཞགས་པ་ཐོགས། །གང་ལ་བྱ་བ་ནོར་ར་རེ། །སྤྱོད་ཅིག་རྒྱ་མཚོའི་གཏིང་ནས་སྐྱོད། །འདིར་གཤེགས་མཆོད་སྤྲིན་སོགས༴ བོྷྱ། །ས་བདག་ཆེན་མོའི་དུས་ལ་བབ། །རྒྱ་གར་ཡུལ་གྱི་ཚུ་རོལ་ན། །བལ་པོ་ཡུལ་གྱི་ཕ་རོལ་ན། །རྒྱ་བལ་གཉིས་ཀྱི་མཚམས་ཤེད་ན། །ཆུ་ནི་བྱང་ཆུབ་བདུད་རྩིའི་ཆུ། །མེ་ཏོག་པདྨ་དགུན་ཡང་སྐྱེ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་ནས། །ཕུར་པའི་སྲུང་མར་ཞལ་བཞེས་མ། །བསེ་ཡི་ལྷ་མོ་མཆེད་བཞི་སྟེ། །གཅིག་ནི་བལ་ཡུལ་མཐིལ་ན་བཞུགས། །མར་ཁུའི་མཚོ་ལ་གནས་བཅས་ཤིང་། །ཁྱོད་ཀྱི་བཀའ་ཉན་འབུམ་སྡེ་ནི། །ནང་ཡང་མར་ཁུའི་མཚོ་ལ་འདུ། །ནུབ་ཀྱང་མར་ཁུའི་མཚོ་ལ་འདུ། །མར་ཁུའི་མཚོ་ལ་འདུ་འདུ་ནས། །མཐིང་ནག་རལ་པ་ཤ་ར་ར། །དབང་གི་བསྲེ་ཁྲབ་སི་ལི་


LT31_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལི། །རལ་པ་རེ་ལ་ཕུར་པ་རེ། །བསེ་ཡི་རལ་པ་སི་ལི་ལི། །ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ན་བཟའ་བེར་ཆེན་མཐིང་ནག་གསོལ། །བརྡའ་ནི་མི་འཕྲོད་ལྷོ་བལ་སྐད། །སྐད་ནི་མི་གོ་གསལ་མི་གསལ། །དྲི་ནི་མི་འཕྲོད་ཕྱོགས་ཀུན་ལྡང་། །གཟུགས་ནི་མི་སྟོན་ལག་བརྒྱ་མ། །གཡས་པ་ལྔ་བཅུས་ཕུར་པ་འདྲིལ། །གཡོན་པ་ལྔ་བཅུས་ལྕགས་ཀྱུ་འཛིན། །ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། །ཀུ་ལནྡྷ་རའི་དུས་ལ་བབ། །འདིར་གཤེགས་མཆོད་སྤྲིན་སོགས༴ །ས་བདག་ཆེན་མོའི་སོགས་འགྲེ༴ གཅིག་ནི་ཚ་བ་རོང་ན་བཞུགས། །ཞག་གི་མཚོ་ལ་གནས༴ །ཁྱོད་ཀྱི་བཀའ་ཉན༴ །ནང་ཡང་ཞག་གི༴ །ནུབ་ཀྱང་ཞག་གི༴ །ཞག་གི་མཚོ་ལ༴ །སེར་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ་རེ་ལ༴ །བསེ་ཡི་རལ་པ༴ །ཁྱོད་ནི་གཟའ་ཡི་བུ་མོ་སྟེ། །ཆིབས་སུ་གཟའ་རྟ་ཞུར་མོ་ཆིབས། །ན་བཟའ་བེར་ཆེན་སེར་ཁྲ་གསོལ། །བརྡ་ནི་མི་འཕྲོད་ཅེས་སོགས་ནས༴ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། །ཞེས་པའི་བར་གོང་བཞིན་ཏེ་འོག་མ་རྣམས་ལའང་སྦྱར། ཤུ་ལནྡྷ་རའི་དུས་ལ་བབ། །འདིར་གཤེགས་སོགས༴ ས་བདག་རྒྱལ་མོའི་སོགས༴ །གཅིག་ནི་མང་ཡུལ་བསེ་ན་བཞུགས། །རཀྟའི་མཚོ་ལ་གནས༴ །ཁྱོད་ཀྱི་བཀའ་ཉན༴ །ནང་ཡང་རཀྟའི༴ །ནུབ་ཀྱང་རཀྟའི༴


LT31_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་མཚོ་ལ༴ །དམར་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ་རེ་ལ་ཕྱར༴ །ཁྱོད་ནི་བཙན་གྱི་བུ་མོ་སྟེ། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །ན་བཟའ་བེར་ཆེན་དམར་ཁྲ་གསོལ། བརྡ་ནི་སོགས༴ །ཙ་མུན་དྷ་རིའི་དུས་ལ་བབ། །འདིར་གཤེགས་སོགས༴ །ས་བདག་ཆེན་མོའི། སོགས༴ །གཅིག་ནི་སྙེན་མ་བྲིན་ན་བཞུགས། །འོ་མའི་མཚོ་ལ། །ཁྱོད་ཀྱི་བཀའ༴ །ནང་ཡང་འོ་མའི༴ །ནུབ་ཀྱང་འོ་མའི༴ །འོ་མའི་མཚོ་ལ༴ །ལྗང་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ་རེ་ལ༴ །བསེ་ཡི་རལ་པ༴ །ཁྱོད་ནི་ཀླུ་ཡི་བུ་མོ་སྟེ། །ཆིབས་སུ་ཀླུ་རྟ་སྔོན་པོ་ཆིབས། །ན་བཟའ་བེར་ཆེན་སྔོ་ཁྲ་གསོལ། །བརྡ་ནི་སོགས༴ །ཀཾ་ཀ་དྷ་རའི་དུས་ལ་བབ། །འདིར་གཤེགས་སོགས༴ །དེ་ཡི་ལས་མཁན་ཆེན་མོ་ནི། །གྲུ་འདེགས་རྒྱལ་མོ་ཆེན་མོ་བཞི། །སྤྱི་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་རལ་པ་ཤ་ར་ར། །མཐིང་ནག་ཅོད་པན་པུ་རུ་རུ། །ཕྱག་ན་གསེར་གྱི་ཕུར་པ་བསྣམས། །གསེར་གྱི་རྔ་ཆུང་དི་རི་རི། །གསེར་གྱི་མདུང་ཐུང་ཆེམས་སེ་ཆེམ། །གསེར་གྱི་རྣ་ཆ་ཀྱི་ལི་ལི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །འདིར་གཤེགས་སོགས༴ །ཡ་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་གཟའ་ཡི་བུ་མོ་སྟེ། །སེར་ནག་འབར་བའི༴ །ཞག་གི་རལ་


LT31_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པ༴ ལེ་བརྒན་ཅོད་པན༴ །ཕྱག་ན་ཟངས་ཀྱི་ཕུར་པ༴ །ཟངས་ཀྱི་རྔ་ཆུང་༴ །ཟངས་ཀྱི་མདུང་། ཐུང་༴ །ཟངས་ཀྱི་རྣ་ཆ༴ །ཁྱོད་ཀྱི་ཐུགས་དམ༴ །འདིར་གཤེགས་སོགས༴ །བསེ་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་བཙན་གྱི་བུ་མོ༴ །དམར་ནག་འབར་བའི༴ །ཁྲག་གི་རལ་པ༴ །ལེ་བརྒན་ཅོད་པན༴ །ཕྱག་ན་བསེ་ཡི་ཕུར་པ༴ །བསེ་ཡི་རྔ་ཆུང་༴ །བསེ་ཡི་མདུད་ཐུང་༴ །བསེ་ཡི་རྣ་ཆ༴ཁྱོད་ཀྱི་ཐུགས༴ །འདིར་གཤེགས་སོགས༴ །ཕྱག་བྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་ཀླུ་ཡི་བུ་མོ༴ །ལྗང་ནག་འབར་བའི༴ །ལྗང་ནག་རལ་པ༴ །ལྗང་ནག་ཅོད་པན༴ །ཕྱག་ན་ལྕགས་ཀྱི་ཕུར་པ༴ །ལྕགས་ཀྱི་རྔ་ཆུང་༴ །ལྕགས་ཀྱི་མདུང་ཐུང་༴ །ལྕགས་ཀྱི་རྣ་ཆ༴ །ཁྱོད་ཀྱི་ཐུགས༴ །འདིར་གཤེགས་མཆོད་སྤྲིན༴ །དམ་རྫས་ཕྱི་ནང་༴ །འཁོར་སྲུངས་རྐྱེན་ཟློག༴ །དགྲ་བགེགས་བྱད་མ། །ཐུགས་དམ་གཉན་པོ་མ་གཡེལ་ཅིག །ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། དེ་ནས་འདོད་དོན་གསོལ་བའི། ཧོཿ །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཐུགས་ཀྱི་སྲས་མཆོག་རིགས་ལྔའི་ཀཱ་ལ་ཡ། འཇིགས་བྱེད་ཐབས་ཀྱི་ཁྲོ་བོ་ཕ་བཅུ། །ཤེས་རབ་དབྱིངས་


LT31_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་གྱུར་ཁྲོ་མོ་མ་བཅུ། ཕྱག་བརྙན་སྤྲུལ་པའི་ཟ་གསོད་ཉི་ཤུ། ལས་བཞི་ལྷུན་གྲུབ་སྒོ་མ་རྣམ་བཞི། བསྟན་སྲུང་ཆེན་མོ་ཤྭ་ན་མུ་ཁ་མཆེད་བཞི། བདག་ཉིད་ཆེན་མོ་རེམ་ཏི་མཆེད་བཞི་ས་བདག་ཆེན་མོ་བསེ་ཡི་ལྷ་མོ། ཁྲག་སྐྱུགས་མདའ་ལྟར་འཕེན་པ་བསེ་ཡི་སྐྱེས་བུ་བཞི། གཟེར་བྱེད་ཕུར་ལྟར་འདེབས་པ་ལྕགས་ཀྱི་སྐྱེས་བུ་བཞི། སྨྱོ་འབོག་རྒྱལ་ནད་གཏོང་བ་དུང་གི་སྐྱེས་བུ་བཞི་ལ་སོགས་པ། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད། དམ་རྫས་ཕུད་ཀྱི་མཆོད་པ་འདི་བཞེས་ལ། །དགྲ་བགེགས་དམ་སྲི་ཐལ་བའི་རྡུལ་དུ་རླག་པའི་ཕྲིན་ལས་མཛོད་ཅིག །གཞན་ཡང་། ཕྱི་ཡི་ལྷ་མ་སྲིན་སྡེ་བརྒྱད། །ནང་གི༴ །གསང་བའི༴ ཡང་གསང་གི༴ །སྦས་པའི༴ ལས་བྱེད་མྱུར་མགྱོགས་ཀྱི༴ འཇིག་རྟེན་བརྟགས་ཆགས་ཀྱི༴ དྲག་པོ་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། གནོད་སྦྱིན་བྱེ་བའི་ཚོགས་སློབ་དཔོན་དགུ་བརྒྱུད་ཀྱི་སྲུང་མ། བརྟེན་བརྟེན་པ། བསྒྲུབས་བསྒྲུབས་པ། གསོལ་གསོལ་བ། མཆོད་མཆོད་པ། རང་བཞིན་གྱིས་ཆགས་པའི་སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད། དམ་རྫས་ཕུད་ཀྱི་མཆོད་པ་འདི་བཞེས་ལ། རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་པ་རྣམས་ལ། སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། ཇི་ལྟར་བཅོལ་བའི་ལས་ཀྱིས་ཤིག །སུ་ལ་


LT31_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མི་རེ་ཁྱོད་ལ་རེ། སུ་ལ་མི་ལྟོས་ཁྱོད་ལ་ལྟོས། རྒྱ་མཚན་དུ་ཁྱེད་འཛུགས། དཔའ་ངར་དུ་ཁྱེད་ཕྱར། ཕྲག་པ་ལ་ཁྱེད་ཁུར་རོ། སྡང་བའི་དགྲ་ལ་མཐུ་མ་ཆུང་། གནོད་པའི་བགེགས་ལ་རྩལ་མ་ཞན། མཐུ་རྩལ་ཕྱུང་ལ་ལས་གྱིས་ཤིག །མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བ་དང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་བཤིག་ཅིང་སེམས་ཅན་ལ་གནོད་ཅིང་འཚེ་བ་ལ་སོགས་པ་ཞིང་བཅུ་ཚང་པའི་བསྟན་དགྲ་སྤྱི་དང་། ཁྱད་པར་དུ་ངེས་དོན་སྙིང་པོ་ཕྱིར་མི་ལྡོག་པའི་བཤད་སྒྲུབ་ཀྱི་བསྟན་པ་དང་། དེར་འཛིན་འཁོར་དང་བཅས་པ་ལ་དངོས་དང་བརྒྱུད་ནས་འགལ་རྐྱེན་བར་གཅོད་བྱེད་པའི་གཟུགས་ཅན་གྱི་མི་དང་། གཟུགས་མེད་དམ་སྲི་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་གཟིར་མནན་བསྐྲད་རྨོངས་རེངས་པ་དང་། བསད་བསྟབ་སྤོར་བའི་སྦྱོར་བ་ལ་སོགས་པ་མངོན་སྤྱོད་དྲག་པོའི་ལས་ཀྱིས་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཚར་གཅད་པར་མཛད་དུ་གསོལ། མདོར་ན་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། རིག་འཛིན་རྣམ་པ་བཞིའི་གོ་འཕང་ལ་སོགས་པ་མཆོག་ཐུན་མོངས་ཀྱི་དངོས་གྲུབ་ཡིད་ལ་ཇི་ལྟར་འདོད་པ་ཐམས་ཅད་མྱུར་དུ་སྩོལ་བར་མཛད་དུ་གསོལ། ཅེས་བརྗོད། འདི་ཉིད་སྒེར་དུ་བྱེད་ན། ཡེ་ཤེས་ལྔ་ལྡན་སོགས་ཀྱིས་དངོས་གྲུབ་ཀྱང་བླང་། གསོལ་མཆོད་གྲུབ་ནས། སངས་རྒྱས་བསྟན་སྲུངས་སོགས་ཀྱི་ཕྲིན་ལས་


LT31_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ། ཡེ་ཤེས་པ་རྣམས་རྟེན་ལ་བསྟིམ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། ཞེས་པས་གཤེས་སུ་གསོལ་ལ་གཏོར་མ་གཙང་སར་ཕུལ་ལོ། །ནོར་བུ་བྱི་དོར་བྱས་པས་འདོད་རྒུ་འཇོ། །དཀོན་མཆོག་གསོལ་བ་བཏབ་པས་བྱིན་རླབས་འབྱུང་། །དམ་ཅན་མཆོད་བསྟོད་བསྐུལ་བས་ཕྲིན་ལས་འགྲུབ། །རྒྱུ་ལ་ལྟོས་པས་འཐད་པའི་རིགས་པར་གྲུབ། །གང་ཕྱིར་ནོངས་པ་བཤགས་ཤིང་དགེ་གང་མཆིས། །སྙིང་པོའི་བསྟན་པ་ཕྱོགས་བརྒྱར་རྒྱས་པ་དང་། །དེ་འཛིན་བྱེད་རྣམས་བར་ཆད་ཞི་བ་དང་། །འབྲེལ་ཚད་བདུད་བཞིའི་གཡུལ་ལས་རྒྱལ་ཕྱིར་བསྔོ། །ཞེས་པའང་བསྟན་ལ་ལྷག་པའི་བསམ་པ་དགེ་བ་ཛཾ་ཐང་བླ་མ་ལྔ་པ་ཆེད་དུ་བསྐུལ་ངོར། སྙིང་པོའི་བསྟན་པ་དང་རྗེ་བཙུན་ཆེན་པོའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ནས། ཆོས་རྗེ་དཔལ་ལྡན་བླ་མས་མཛད་པའི་སྒྲུབས་ཐབས་རྒྱས་པའི་བསྙོད་བསྐུལ་ཆེན་མོ་མཐའ་བསྒྱུར་གྱིས་བརྒྱན་ཏེ། པདྨའི་འབངས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་སྦྱར་བ་བསྟན་འགྲོ་ལ་ཕན་བརྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ། །

དཔལ་ཆེན་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་ལ་ཉེ་བར་མཁོ་བའི་ཡིག་སྣ་ཕྲན་ཚེགས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུའི་བང་མཛོད།


LT31_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་ལ་ཉེ་བར་མཁོ་བའི་ཡིག་སྣ་ཕྲན་ཚེགས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།། །།


LT31_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དབང་ཕྱུག་དཔལ་ཆེན་པོར། །བཏུད་ནས་དེ་སྒྲུབ་ལས་རིམ་ལ། །འཇུག་བྱེད་དབང་པོའི་ཁྱད་པར་གྱིས། །རྒྱས་དང་བསྡུས་པའི་རྣམ་དབྱེ་འཆད། །དེ་ལ་ལས་གཞུང་སྦྱོར་བའི་ཆོས་བཅུའི་ནང་ཚན་བདུན་པ་བཤགས་པའི་སྐབས་སྤྱི་བཤགས་ངེས་པར་ཕྱག་ལེན་ཏུ་མཛད་པས་འདོན་པར་ལྕོགས་ན་ཐལ་མོ་སྦྱར་ལ། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནས། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བཞུགས་ཤིང་བདག་ལ་དགོངས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པ་འི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །


LT31_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པར། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགོས་གཟུགས་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བའི་སྐུ། །གཉིས་མེད་ཐིག་ལེ་ཆེན་པོ་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །


LT31_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་ཆེན་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་དུངས་ལ་སོགས། །ཉེས་ལེགས་སྙོང་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དབང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེའི་གདུང་འཚོ་བ་རྡོ་རྗེ་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །བླ་མེད་གོ་འཕང་བགྲོད་མར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་ཚོགས། །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲའོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ། །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གཟོད་བྱ་ལོངས་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་


LT31_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཡང་དེ་ལྟར་མ་རྟོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་གསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་ཀུན། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱིས་བསྒྲིབ་གྱུར་ཏེ། །རབ་ནོངས་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་ཀྱིས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་ཏུ་གསོལ། །དོན་དམ་གཉིས་མེད་སྤྲོས་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱིས་དབང་གིས་ན། །ནོངས་པ་མཆིས་ན་རང་ནོངས་བཟོད་པར་གསོལ། །ཞེས་སོ། ༈། བརྒྱད་པ་བྱིན་འབེབས་ནི། །སྒྲུབ་ཟློག་ཞག་གྲངས་དང་འབྲེལ་བ་ལྟ་བུར་རྒྱས་པ་འགྲུབ་ན་གལ་ཆེ་བས། རང་གི་སྙིང་ག་ནས་འོད་འཕྲོས། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་བསྡུས་ནས། བདག་དང་དཀྱིལ་འཁོར་གྱི་གནས་སུ་ཐིམ་


LT31_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱིན་གྱིས་བརླབས་པར་གྱུར་པར་བསམ་ཞིང་། ཧཱུྃ། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བྱིན་རླབས་ཅན། །ཚུར་གཤེགས་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བསྐུར་སྩོལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བདག་ཉིད་རྩ་བའི་དཀྱིལ་འཁོར་བྱིན་རླབས་ཅན། །ཚུར་གཤེགས་དཀྱིལ་འཁོར་སོགས་རྐང་པ་རྗེས་མ་གཉིས་འགྲེའོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་བྱིན་རླབས་ཅན༴ །ཞིང་ཆེན་གསར་རྙིང་སྤུངས་པའི་དཀྱིལ་འཁོར་ནས། །སྤྲུལ་པའི་ལྕམ་དྲལ་ཉི་ཤུ༴ །བྱམས་སོགས་ཚད་མེད་བཞི་ཡི་དཀྱིལ་འཁོར་ནས། །ཡེ་ཤེས་སྒོ་མ་བཞི་པོ༴ །ལས་བཞིའི་ཕྲིན་ལས་སྒྲུབ་པའི་དཀྱིལ་འཁོར་ནས། །ཕུར་པ་སྲས་ཀྱི་ལྷ་ཚོགས༴ །བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཕ་རོལ་ནས། །གཤིན་རྗེ་དམར་ནག་ལྷ་ཚོགས༴ །རཀྟ་མཚོ་ལྟར་འཁྱིལ་བའི་དཀྱིལ་འཁོར་ནས། །མ་མོ་མཁའ་འགྲོའི་ལྷ་ཚོགས༴ །ཀེང་རུས་རི་ལྟར་སྤུངས་པའི་དཀྱིལ་འཁོར་ནས། །གིང་ཆེན་ཀ་རའི་ལྷ་ཚོགས༴ །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོ་འཁོར་བཅས༴ །ལྷོ་ནུབ་སྲིན་པོ་བསྣོལ་བའི་གདན་སྟེང་དུ། །སློབ་


LT31_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་པདྨ་འབྱུང་གནས་བྱིན་རླབས་ཅན། །ཚུར་གཤེགས་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བསྐུར་སྩོལ། །ཨ་ལ་ལ་ཧོཿཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བྃ་ཧོཿས་མ་ཡ་ཧོཿས་མ་ཡ་སྟྃྭ། ཞེས་དང་། འཕགས་མཆོག་ཐུགས་རྗེའི་སོགས་ལ་འཇུག་གོ། ༈ །གཏོར་ཆོག་སྐབས་དཀར་བདུད་ལྕམ་བྲལ་ཕུར་སྲུང་རྣམས་ཀྱི་གཏོར་ཆོག་མདོར་བསྡུས་པ་ནི། །དཀར་མོ་ལ་ཟླུམ་གཏོར་དཀར་པོ། །དེའི་གཡོན་ཏུ་བདུད་རྒྱལ་དང་། །དེའི་གཡོན་ཏུ་ཕུར་སྲུང་སྟེ། གཉིས་ཀ་དམར་གཏོར་གྲུ་གསུམ་རེ་བཤམ། ནང་མཆོད་ཆུ་ཆང་བྲན་ལ་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཿལས་བྱུང་བའི་ཐོད་པ་ཡངས་པར་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར། རླུང་གཡོས་མེ་སྦར་རྫས་རྣམས་འོད་དུ་ཞུ་བའི་རླངས་པ་ཧཱུྃ་ཨོཾ་སྭཱ་ཨཱཿཧཿལས་ཕྱག་མཚན་ལྔར་གྱུར། ཧཱུྃ་བཛྲ་དྷྲྀ་ཀ་ཨོཾ་ཛཱི་ན་ཛི་ཀ་ས་རཏྣ་དྷྲྀཀ །ཨཱཿཨ་རོ་ལིཀ་ཧཱ་དྲ་ཛྙཱ་དྷྲྀ་ཀ །ཞེས་བརྗོད། ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་སྟཾྭ། ཞེས་བརྗོད། །སྦྱོར་བའི་མེས་འོད་དུ་ཞུ་ཨོཾ་ཨཱཿཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་བསྟིམ། འོག་གི་བདུད་རྩི་དང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ། མདུན་གྱི་ནམ་


LT31_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་གནས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་བྷྱོཿདཀར་པོ་ཡོངས་སུ་གྱུར་པ་ལས། དཀར་མོ་ཉི་ཟླ་སྟོང་གི་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་དང་ལྡན་པ་ཕྱག་གཡས་པས་རི་རབ་སྒོང་རྡོར་འཕེན་ཅིང་། གཡོན་པས་གླིང་བཞི་བྱོ་ལྡོག་ཏུ་མཛད་པ། ཉི་ཟླ་བརྒྱ་ཡིས་དབུ་ལ་བརྒྱན་ཅིང་ཉི་ཟླ་དགུ་པ་རྒྱས་དོ་ཤལ་བྱས་པས། རིན་པོ་ཆེའི་རྒྱན་དང་དར་དཀར་པོའི་ན་བཟའ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་གཡོན་ཏུ་རྟ་ནག་པོའི་སྟེང་དུ་ཧཱུྃཿལས་བདུད་ཀྱི་རྒྱལ་པོ་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཕྱག་གཡས་པས་བ་དན་ནག་པོ་ནམ་མཁའ་ལ་ཕྱར་ཞིང་། གཡོན་པས་རུས་ཕྲེང་འཕྱར་སྟབས་སུ་འཛིན་པ། །དར་ནག་གི་ན་བཟའ་ཅན་མི་མགོའི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། །འཁོར་འཆི་བདག་ནག་པོ་རང་དང་འདྲ་བ་བརྒྱད་ཀྱིས་བསྐོར་བ། །གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །སྙིང་གར་ཧཱུྃ་སྔོན་པོ། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཀར་མོ་ཉི་ཟླ་དང་། བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿབྷྱོཿཆེ་བའི་ཆེ་མཆོག །འདིའི་སྒོང་ལ་རྡོ་རྗེ་གཡོ་བ་ཅིང་དྲིལ་བུ་བསིལ། གསང་བའི་གཟུགས།


LT31_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །སྲོག་བདག་བདུད་ཀྱི་རྒྱལ་བ་ཡང་། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་ཡ་སྟྭཾཾ༔ ཨོཾ་ཨཱ་བྷི་ཥིཉྩ་མཾ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས། ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃཿཞེས་གསུང་ཞིང་དབང་བསྐུར་སྐུ་གང་། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། །རྡོ་རྗེ་སེམས་དཔའ་རེ་རེས་དབུ་བརྒྱན། དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། བཛྲ་ས་མ་ཡ་སྟྭཾཾ། བཛྲ་ས་མ་ཡ་ཧོཿ དཀར་མོ་ཉི་ཟླ་བདུད་འདུལ་ཐོད་ཕྲེང་ཅན་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཚར་བཅད་པ་དང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བཛྲ་


LT31_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱི༚ནྟ་པདྨ་ཀུ་རྟི༚་བྷྱོཿ ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀཱ་པཱ་ལ་མཱ་ལ་དྷཱ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཤཱ་ཏྲུན་བྷི།།།ན་མར་ཡ་ཧཱུྃ་ཕཊཿཅེས་པ་གསུམ་མམ་ལྔས་གཏོར་མ་འབུལ། ཨོཾ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཥྤ་ཨཱ་ལོ་ཀ །གནྡྷཾ། ནཻ་ཝི་དྱཾ། ཤབྡཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཤཱི༚ནྟ་ཀུ་རུ། པཱུཥྚྀ་ངྐུ་རུ་ཝ་ཤཾ་ཀུ་རུ། དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལ། ཅེས་པས་ནང་མཆོད་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་ཆད་ཐམས་ཅད་ཞི་བ་དང་། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་བསམ་དོན་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བསྟོད་པ་ནི། །བྷྱོཿ །དཔལ་ལྡན་དཀར་མོ་ཆེན་མོ་ནི། །སྔོན་ཚེ་ཆེ་མཆོག་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དེ་བཞིན་དུ། །བདུད་དང་མུ་སྟེགས་འདུལ་བ་དང་། །དགྲ་བགེགས་མ་ལུས་སྒྲོལ་བ་དང་། །སྒྲུབ་པོ་འཁོར་བཅས། ཚིགས་བཅད་དེའི་མཇུག་ཏུ་རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ། །བསྲུང་བ་དང་། །བསམ་པའི་དོན་རྣམས་བསྒྲུབ་པ་དང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ཧཱུྃཿ སྔོན་ཚེ་བདུད་ཀུན་གྱི་ནི་བདག་པོ་ཆེ། །ཤིན་ཏུ་མི་ཟད་རྡོ་རྗེ་ཁྲག་འཐུང་གི། སྤྱན་སྔར་དམ་བཅས་བདུད་རྒྱལ་ཐོད་ཕྲེང་ཅན། །མཐུ་རྩལ་རྨད་བྱུང་ནག་པོ་ཆེ་ལ་བསྟོད། །བདུད་རྟ་བྲག་ནག་རུས་


LT31_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཅན། །དེ་སྟེང་གཤིན་རྗེ་ཁྲོས་བའི་གཟུགས། །བ་དན་མི་སྙིང་ཁྲོམ་ཤིང་ཐོགས། །སྲོག་བདག་ནག་པོ་ཁྱོད་ལ་བསྟོད། ཅེས་བསྟོད། དེ་ནས་ཕུར་སྲུང་དམ་ཅན་བཅུ་གཉིས་ཀྱི་གཏོར་མ་ལ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། ཧཱུྃ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཕུར་པའི་བསྲུང་མར་ཞལ་བཞེས་པ། །བདག་ཉིད་ཆེན་མོ་ཤྭ་ན་བསེ་མོའི་ཚོགས། །དཔལ་གྱི་ཕོ་ཉ་མཐུ་རྩལ། །བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ་རྫུ་འཕྲུལ། འདི་སྐོང་ལ་རྡོ་རྗེ་གཡབ་ཅིང་དྲིལ་བུ་བསིལ། ཅན། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་མཱ་ར་སེ་ན་པྲ་མ་རྔྷནི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཡངས་པ་རི་ཝཱ་ར་ཡན་གྱི་རྗེས་སུ། ཨི་དཾ་བ་ལི༚་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ལན་གསུམ་མམ་ལྔ་ཡིས་གཏོར་མ་དབུལ་ལ་ནང་མཆོད་གཏོར་ཞིང་། མ་ཧཱ་པེཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ བདག་ཉིད་མ་བཞི། ཤྭ་ན་མ་བཞི། ས་བདག་མ་བཞི། ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་སོགས་གོང་ལྟར་བརྗོད། ཧཱུྃ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། སྤྱན་སྔར་ཕུར་པའི་སྲུང་མ་ཞལ་བཞེས་པ། །བདག་ཉིད་ཆེན་མོ་ཤྭ་ན་བསེ་མོའི་ཚོགས། །དཔལ་གྱི་ཕོ་ཉ་མཐུ་རྩལ་རྫུ་འཕྲུལ་ཅན། །དམ་ཅན་མ་མོ་སྡེ་


LT31_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཆེད་བཅུ་གཉིས། །རྣམ་ལྔ་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛོད་ཅིག །ཐུགས་དམ་རྗེས་དགོངས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་ཙམ་གྱིས་གཏོར་མ་འབུལ་ལོ། ༈ །གལ་ཏེ་ཡུལ་ལུགས་དང་བསྟུན་ནས་སྐོང་ཟློག་བརྒྱ་ཚར་སོགས་བསགས་དགོས་པ་བྱུང་ན་ལུགས་འདིའི་ཕྱག་བཞེས་སུ་མི་འབྱུང་ཡང་། གཏེར་མའི་ཕྱོགས་སུ་དར་སྲོལ་ཆེ་བ་བཞིན། སྐོང་གཏོར་སྤྱི་མཐུན་བཅའ། ཚོགས་དང་པོ་ཕུལ་རྗེས། བར་པས་སྐོང་བ་གསོས་ལ། ཧཱུྃ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། ཁམས་སུམ་འཁོར་བ་རྒྱས་འདེབས་ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །རིགས་འགྲེ། མི་དགེ་བཅུ་པོ་ཚར་གཅོད་ཕྱིར། །ཁྲོ་རྒྱལ་ཡབ་བཅུའི༴ །དགེ་བཅུ་དང་དུ་བླང་བའི་ཕྱིར། །ཁྲོ་མོ་བཅུ་ཡི༴ །ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། །ཁྲ་ཐབས་ཉི་ཤུའི༴ །གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར། །སྲས་མཆོག་ཉེར་གཅིག༴ །ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར། །ཕྲིན་ལས་བཞི་ཡི༴ །སློབ་དཔོན་སྐུ་དགྲ་སྒྲོལ་བའི་ཕྱིར། །ཤྭ་ན་མཆེད་བཞིའི༴ །བསྟན་པའི་སྤྱི་དགྲ་སྒྲོལ་བའི་ཕྱིར། རེ་ཏི་མཆེད་བཞིའི༴ །རྣལ་འབྱོར་སྒྲོས་དགྲ་སྒྲོལ་བའི་ཕྱིར། །བསེ་མོ་བཞིའི༴ ། མྱུར་མགྱོགས་དྲག་པོའི་ལས་མཛད་ཕྱིར། །བསེ་ལྕགས་དུང་གསུམ༴ །འགུགས་འདྲེན་འཆིང་སྡོམ་མྱོས་བྱའི་ཕྱིར། །


LT31_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མ་བཞི་ཡི༴ །རུ་དྲ་སྡེ་གསུམ་འདུལ་བའི་ཕྱིར། །གིང་ཆེན་བཅོ་བརྒྱད༴ །ཕྱོགས་བཅུར་དམག་དཔུང་དབབ་པའི་ཕྱིར། །མ་ང་དུ་ན་སྲིད་བཞིའི༴ །འཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །ཞེས་དང་གཞན་ཡང་། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨིན་གྱིས༴ །བ་ལི༚ང་གཏོར་མས༴ །རཀྟ་དམར་གྱིས༴ །ཞལ་ཟས་ཚོགས་ཀྱིས༴ །དཀྱིལ་འཁོར་ཞལ་གྱིས་ །ཛ་གད་ཕུད་ཀྱིས༴ །ཞུན་ཆེན་མར་མེས༴ །སྲོག་དབུགས་མདངས་ཀྱིས༴ །གསུར་ཆེན་དྲི་ཡིས༴ །རོལ་མོ་སྒྲ་ཡིས་ཐུགས་དམ་བསྐང་། བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གཡར་དམ་གཉེན་པོ་སོར་སྩོལ་ཅིག །དེ་ནས་རྗེས་རྣམས་བཞག་སྟེ་སྐོར་བ་ཕྱིར་ཟློག་ཏུ་ཐལ་མོ་བདབ་ཅིང་། དེ་ལྟར་སྐོང་བས་བསྐངས་གསོས་ནས། །འདི་ལྟར་བཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཡས་ཀྱིས་བདུད་གཡོས་ཕྱིར་ལ་ཟློག །མས་ཀྱི་སྲི་ལངས་ཕྱིར་ལ་ཟློག །འགྲེའོ། །ཉེ་བའི་བྱོལ་པོ་ཕྱིར༴ །ཡུལ་སའི་འགྲིམ་ཆགས་ཕྱིར༴ །ཕ་ཚན་རྒྱ་འདྲེ་ཕྱིར༴ །མ་བུའི་བྱུར་འདྲེ་ཕྱིར༴ །གཤིན་རྗེའི་འཁྲུལ་འཁོར༴ །མ་མོའི་ཁྲག་ཟོར་ཕྱིར༴ །བདུད་ཀྱི་ཁྲམ་ཁ་ཕྱིར༴ །བཙན་གྱི་གཟེར་ཀ་ཕྱིར༴ །ས་བདག་དུག་བྱེད་ཕྱིར༴ །རྒྱལ་པོའི་


LT31_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོ་འབོག་ཕྱིར༴ །གཟའ་ཡི་ཀིང་ཀང་ཕྱིར༴ །མུ་སྟེགས་ངན་སྔགས་ཕྱིར༴ །ཐེ་རང་སྲིས་རྐུན་ཕྱིར༴ །ནད་ཁ་རིམས་ཁ༴ །སྔགས་པའི་ཕུར་ཁ་ཕྱིར༴ །བོན་གྱི་བོན་ཟོར་ཕྱིར༴ །སུམ་བའི་གླང་ཟོར་ཕྱིར༴ །མི་ཉག་འབོ་ལེ་ཕྱིར༴ །ལོ་ཟླ་ཞག་སྐེག་ཕྱིར༴ །མོ་ངན་རྨིས་ངན་ཕྱིར༴ །ལྟས་ངན་མཚན་ངན་ཕྱིར༴ །ཕོ་བརྒྱའི་མདའ་བདར་མཚོན་ཁ་བཟློག །མོ་བརྒྱའི་དུག་གཡོས་ཟས་ཁ་བཟློག །མི་ནག་སྐྱེ་བོའི་ཡོ་ག་ཟློག །བྲན་ཁོལ་ངན་པའི་དམོད་མཆུ་ཟློག །དགྲ་ལ་བྷྱོ་ལ་བསྒྲལ་དུ་གསོལ། །བགེགས་ལ་བྷྱོ་ལ་རྡུལ་དུ་རློགས། ཞེས་སྐོང་ཟློག་འདི་ནི་ཕུར་པ་སྤུ་གྲི་ལས་བྱུང་བའོ། ༈ །ཚོགས་ལྷག་རྒྱས་པ་མི་ལྕོགས་པའི་སྐབས་སུ། །སྣོད་ཇི་ལྟར་རིགས་པར་ཚོགས་ཀྱི་ལྷག་མ་བསྡུས་ལ་ཆང་གིས་སྦྱངས་ཏེ། །ལྷག་མ་ཟ་བའི་བྱེ་བྲག་ཕོ་ཏ་པྲ་མེན་མེ་འབར་མ་དབང་ཕྱུག་མམ་བདུད་སྲིད་བཞི་སོགས་ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས་བློས་བཀུག་ལ་མཆོད་པར་བསམ་ཞིང་རྡོ་རྗེ་དྲིལ་བུ་འཛིན་པས་ངག་ཏུ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྤྲུལ་པའི་ཕོ་ཉ་དཔག་ཡས་ལས། །གྲུབ་པ་གསང་བ་འབར་མོའི་ཚོགས། །ཚུར་གཤེགས་གཏོར་མ་འདི་བཞེས་ལ། །རྡོ་རྗེ་ལྕམ་དྲལ་བསྲུང་བ་དང་། །རྐྱེན་ལས་བྱུང་བའི་དགྲ་བོ་རྣམས། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །ཅེས་བརྗོད་ཅིང་དམར་གྱི་ཨརྒྷཾ་སྦྲེང་། དཔལ་གྱི་མཁའ་འགྲོ་རྣམས་སྤྱན་དྲངས་ཤིང་མཆོད་པར་བྱ་སྟེ། །དཔལ་ཆེན་ཁྲོ་རྒྱལ་ཡབ་


LT31_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱིས། །ཕོ་ཉ་འཇིག་རྟེན་འཇིག་རྟེན་འདས། །དེ་ཡི་བཀའ་ཉན་ཕོ་ཉའི་ཚོགས། །ཕྱོགས་བཅུ་དག་ནས་གཤེགས་སུ་གསོལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་ཕྲ་མེན་ཚོགས་དང་བཅས། །འབར་མ་ཆེན་མོ་ཁྱེད་རྣམས་ཀྱང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་བཛྲ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མི་བ་ལི༚་ཧཱུྃ། །ཨོཾ་བུདྡྷ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལི༚་ཨོཾ། །ཨོཾ་རཏྣ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལི༚་ཏྲཱཾཿ །ཨོཾ་པདྨ་ཌཱ་ཀཱི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལི༚་ཧྲཱིཿ །ཨོཾ་ཀརྨཱ་ཌཱ་ཀི་ནི་བྲ་ཏཱིཙྪ་ཨི་མཾ་པ་ལི༚་ཨཱཿ ཞེས་པས་གཙོ་མོ་བརྒྱད་ལ་གཏོར་མ་བྱིན་ལ། ཨོཾ་ཨུཙྪིཥྚ་བ་ལི༚་ཏ་བྷཀྵ་སི་སྭཱ་ཧཱཿ ཞེས་ལྷག་མ་ལ་ཁ་ཁྲུ་བཏབ་ལ་སྟེགས་ཅུང་ཟད་དམའ་བར་བཞག་སྟེ། བསྔོ་བ་ནི། བྷྱོཿ ཁྲོ་རྒྱལ་དཔལ་གྱི་ཕོ་ཉ་མོ། །མ་མོ་བདུན་དང་སྲིང་མོ་བཞི། །དཔལ་ལྡན་ལྷ་མོ་རེ་མ་ཏི། །བདུད་འདུལ་ནག་མོ་མཆེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཤིང་། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊཿཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་ལྷག་མ་ལ་བཏབ་པོ། ཆད་ལྷག་མར་བྲན་ཅིང་ཉིན་མོ་ཡིན་ན་རེ་དབུ་བཙུགས། །མཚན་


LT31_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དཔལ་འབར་གཙུགས་ལ་ཕྱིར་དོར། འདི་ནི་གསང་ཆེན་རྒྱ་གར་བས་མཛད་པ་སྟེ། རྒྱུན་གྱི་ཚོགས་མཆོད་ལྟ་བུ་ལ་འབྲེལ་གྱི། སྒྲུབ་ཟློག་ཞག་གྲངས་སྐབས་སོགས་ལྷག་ཆོག་རྒྱས་པ་ཉིད་ངེས་པར་དགོས་ཆེའོ། ༈། དངོས་གྲུབ་ལེན་ཆོ་ག་གྲོལ་ཉིན་གཞུང་ལྟར་ལ། རྒྱུན་གྱི་དཀྱུས་སུ། ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་བཞིན་དུ་བདག་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཅེས་བརྗོད་པས། །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བརྩལ་བར་བསམ་མོ། བསྙེན་སྒྲུབ་གྱི་མཇུག་ལྟ་བུར་དངོས་གྲུབ་ལེན་ཆོག་རྒྱས་པར་བྱ་དགོས་པས། དེ་ལ་བཞི། དང་པོ་དངོས་གྲུབ་ཀྱི་རྟེན་རྫས་བསགས་པ་ནི། དཀྱིལ་འཁོར་གྱི་མཐའ་སྐོར་དུ་གཞི་གཙང་མ་ལ་མེ་ཏོག་སིལ་མ་བཀྲམ་པའི་ཁར། བཟའ་བཅའ་བཏུང་བའི་རྫས་གང་འབྱོར་འདུ་བྱས་ཏེ། མར་ཐུད་ཞོ་ཟན་སོགས་དཀར་བའི་རྣམ་པ་རྣམས་ཤར། ཁུར་བ་ཤིང་ཏོག་སོགས་སེར་བའི་རྣམ་པ་ལྷོ། །ཤ་སོགས་དམར་བ་ནུབ། ཆང་སོགས་བསྔོ་བ་རྣམས་བྱང་དུ་བཀོད། དར་དམར་རས་དཀར་ཁ་ཚར་མ་ཉམས་པར་རྡོ་རྗེ་རྒྱ་གྲམ་བྲེས་པས་ཁ་བཅད་ལ་རྒྱས་གདབ། མཆོད་གཏོར་གསར་བ་བཟང་དུ་བཤམས་ཤིང་གཏལ་གཏོར་རྙིང་པ་ཁ་གསོ། །སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བཟང་པོ་བསྟར། དངོས་གྲུབ་ཀྱི་གནས་ལ་ཡིད་རྩེ་གཅིག་ཏུ་བྱའོ། །གཉིས་པ་བགེགས་བསལ་བ་ནི། ཉོན་ཅིག་


LT31_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དང་སོགས་ཀྱི་མཐར། སུམྦྷ་དང་ཁྲོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དེ་མཚམས་བཅད། གསུམ་པ་བྱིན་འབེབས་པ་ནི། དཀྱིལ་འཁོར་ལ་བསྐོར་ཞིང་སྤོས་རོལ། སྤྱུགས་ཀླུའི་གཡབ་མོ་དང་བཅས་པས་བྱིན་དབབ། བཞི་པ་བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་བླང་བ་ལ་གཉིས་ལས། དང་པོ་ཡེ་ཤེས་ཀྱི་ལྷ་ལས་བླང་བ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་མཚོ་ལ་སྦྲང་ཆར་བབས་པ་ལྟར་བདག་དང་དངོས་གྲུབ་ཀྱི་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་ཞིང་། །ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་སོགས་ལས་གཞུང་ལྟར་གྱེར་རོ། །གཉིས་པ་ལ་མཚན་མ་རྫས་ལས་བླང་བ་ནི། དངོས་གྲུབ་ཀྱི་རྫས་ཀྱིས་ཛ་གད་ནས་སྣོད་ཆེ་བ་གཅིག་ཏུ་བླུགས་པའི་སྟེང་བདུད་རྩི་བཏབ་ལ། སྒྲུབས་ཐབས་ལྟར་བྱིན་གྱིས་བརླབས་ཏེ་སྨན་མཆོད་རྒྱས་པར་བྱས་ནས། ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྐྱེས་ལེན་གྱི་ཚུལ་དུ། ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར་ཏེ་ཛ་གད་ལ་ཐིམ་པས། དེ་ཨོཾ་ཨཱ་ཧཱུྃ་གསུམ་དུ་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་རྫས། །མྱངས་ན་དངོས་གྲུབ་ཐོབ་པར་འགྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིངྡྷི་ཨོཾ། ཝཱཀྐ་སིངྡྷི་ཨཱཿ ཙིཏྟ་སིངྡྷི་ཧཱུྃ། ཞེས་དངོས་གྲུབ་བླངས་ཏེ། ལྷག་མ་དངོས་གྲུབ་ཀྱི་རྫས་བྱིངས་དང་མཉམ་དུ་བཟའ་བཅའ་རྣམས་གཡས་དང་བཏུང་བ་རྣམས་གཡོན་


LT31_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དུ་དྲང་ཞིང་ཨ་ལ་ལ་ཧོཿ ཞེས་བླངས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་སིངྡྷི་ཕ་ལ་ཧོཿ ཞེས་རོལ་ཞིང་། ལྷ་དང་དངོས་གྲུབ་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམས་ལ། ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ་ཞེས་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་ཡང་གྲགས་པར་བྱ་སྟེ། ཤིས་བརྗོད་ཀྱི་དངོས་གྲུབ་བརྟན་པར་བྱའོ། ༈ །ལས་གཞུང་དུ་ཟུར་གྱིས་བསྟན་པ་ལྟར་ཚེ་འགུགས་སྦྱར་བ་སྤྲོ་ན། །དཀྱིལ་འཁོར་གྱི་ནུབ་ཏུ་བུམ་པ་མཚན་ཉིད་དང་ལྡན་པ་ཛ་གད་ལ་ཨ་མྲྀ་ཏ་བཏབ་པས་བཀང་། འབྲིའི་མར་འབྲུམ། མཆེད་ཀྱིས་གྲངས་དང་མཉམ་པ་བླུགས། དེའི་ཁར་ཚེ་རིང་ལ་བཀྲ་ཤིས་པའི་མིས་བླངས་པའི་འབྲུའི་ཕྱེ་ལ་ཚེ་འབྲང་ཟླུམ་བརྗིད་ཉི་ཟླས་བརྒྱན་པ་བཞག །དེ་ལ་ཚེའི་མདའ་དར་གཟུག་ཅིང་གཟུངས་ཐག་འཐེན་ཏེ་བསང་སྦྱང་། སྟོང་པའི་ངང་ལ་བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་དུ་གྱུར། རང་ཉིད་དཔལ་ཆེན་པོ་འཁོར་བཅས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་བས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག་ནས་བུམ་ནང་དུ་བསྐྱིལ་བར་བསམ་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཨ་ཡུ་ཥེ་ཧཱུྃ་ཛཿ སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཅི་འགྲུབ་བཟླས་ལ། ཕོ་ཉ་བསྐུལ་བ་ནི་ཚེ་མདའ་གཡབ་ཅིང་། ཧཱུྃ། དཔལ་ཆེན་འཁོར་བཅས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་རྗེའི་འོད་ཟེར་འཕྲོས་པས་ཚེ་འགུགས་ལྷ། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཡབ་ཡུམ་དང་། །ཟ་གསོད་སྒོ་སྐྱོང་དམ་ཅན་བཅས་རྣམས་ཀྱིས། །རྡོ་རྗེ་ཚེ་མཆོག་འགུགས་པའི་


LT31_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད་ཅིག །ཨོཾ་བཛྲ་ཨ་ཡུ་ཥེ་ཧཱུྃ་ཛ་ཛཿ ཞེས་བཀུག་སྟེ་བུམ་པར་བསྟིམ། གྲོལ་ཉིན་དེའི་རྗེས་སུ། ཚེ་བུམ་འབྲང་རྒྱས་དང་བཅས་མཆེད་རྣམས་ཀྱི་སྤྱི་བོར་བཞག་སྟེ། །ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་བཛྲ་ཨ་ཡུ་ཥེཿཨ་བྷིཥིཉྩ་ཧཱུྃ་ཨཱཿཞེས་དང་། གནས་གསུམ་སོ་སོར་བཞག་སྟེ། ཀཱ་ཡ་ཨཱ་ཡུ་ཥེ་ཨོཾ། ཝཱཀ་ཨཱ་ཡུཿཥེཿཨཱཿ །ཙིཏྟ་ཨཱ་ཡུ་ཥེ་ཧཱུྃ། ཞེས་སྐུ་གསུང་ཐུགས་ཀྱི་ཚེ་ཡི་དངོས་གྲུབ་བསྟིམ་ཞིང་དབང་བསྐུར་བདུད་རྩི་བླུད། ཚེ་མར་སྤྱི་གཙུག་ཏུ་བྱུགས་པས། །ལུས་མི་ཤིགས་པ་རྡོ་རྗེའི་རང་བཞིན། ངག་གྲགས་སྟོང་ཀཱི་ལ་ཡ་གྲགས། ཡིད་སྟོང་གསལ་འཆི་མེད་གཉུག་མའི་རང་བབས་སུ་འཇོག་ཏུ་བཅུག་སྟེ་མེ་ཏོག་འཐོར། །ཚེ་འབྲང་གཡས་བསྐོར་དང་ཚེ་ཆང་གཡོན་བསྐོར་དུ་རོལ་བར་བྱའོ། ༈ །བསྔོ་སྨོན་སྐབས། ཧོཿདགོངས་སུ་གསོལ་ལོ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རློབ་པོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྻའི་དུས་ལ་བབ་བོ། །བརྣག་པ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །ཟོར་འཕེན་སྐབས་ས་ལུགས་ལ་སྔགས་ཙམ་གྱིས་འཕེན་པ་ལས་གྱེར་མོ་སྲོལ་མེད་ཀྱང་ཡུལ་དུས་ཀྱིས་མི་ཚིམས་པ་བྱུང་ན། ཐོག་མར་མདའ་ཟོར་ཐོགས་ལ། བྷྱོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཕོ་ཉ་མངགས་པ་ཟོར་གྱི་བདག །དགྲ་


LT31_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྒྲོལ་ཕྱིར་ལས་ལ་ཡ། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས། །དགྲ་བགེགས་ལུས་སེམས་འཕེན་ལ་ཡཱ། དྲག་སྔགས་བརྗོད་བཞིན་པར་བརྡེག་གཏོར་ཟོར་གཞན་སྔགས་རྐྱང་པ་དང་། གཙོ་གཏོར་འཕེན་སྐབས། ཧཱུྃ། དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་བསྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཚོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྟག་མ་མེད་པར་མཛོད། །དུས་ལ་བབ་པོ་མཐུ་རྩལ་བསྐྱེད། ཅེས་དང་དྲགས་སྔགས་རྣམས་བཟླས་ཏེ་འཕང་། །མདའ་ཟོར་གྱི་ཚིག་ལ། ཁྲག་ཀློང་འཁྲུགས་པ་རྭ་རྣོན་ཟོར། ཞེས་བསྒྱུར་ལ་རྭ་ཟོར་དང་། །རི་བོ་བསྙིལ་བ་རྡོ་ཡི་ཟོར། ཞེས་བསྒྱུར་ལ་རྡོ་ཟོར་འཕེན། གཏོར་བྲོའི་རྗེས་སུའང་རྙིང་མ་སྤྱིའི་ལད་མོ་སྤྲོ་ན། རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ་བཞུགས་སོ། །ཧཱུྃ། བྱིན་རླབས་འཇའ་ཟེར་འོད་ཕུང་འཐིབས་པའི་ཀློང་། །བརྒྱུད་ལྡན་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོར་བཅས། །རྒྱལ་ལོ་དུག་ལྔའི་གཡུལ་ལས་རྣམ་པར་རྒྱལ། །དངོས་གྲུབ་མེ་དཔུང་ཐིག་ལེ་འབར་བའི་དབུས། །ཡི་དམ་ཞི་ཁྲོ་རབ་འབྱམས་མཐུ་སྟོབས་ཀྱིས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོར་བཅས། །


LT31_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལོ་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ། །ཕྲིན་ལས་མཚོན་ཆའི་བུ་ཡུག་འཚུབས་པ་ནས། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོར་བཅས། །རྒྱལ་ལོ་དགྲ་དང་བགེགས་ལས་རྣམ་པར་རྒྱལ། །སྟོབས་བཅུ་མངའ་བ་བདུད་ཀྱི་དཔུང་ལས་རྒྱལ། །ལྷ་ཡི་དབང་པོ་ལྷ་མ་ཡིན་ལས་རྒྱལ། །རྡོ་རྗེ་ཕ་ལམ་དངོས་པོ་ཀུན་ལས་རྒྱལ། །རིག་པའི་ཡེ་ཤེས་མ་རིག་པ་ལས་རྒྱལ། །ཆོས་ཉིད་བདེན་པ་ཆོས་ཅན་གནས་ལས་རྒྱལ། །དཀར་ཕྱོགས་ལྷ་སྲུང་ནག་པོའི་ཕྱོགས་ལས་རྒྱལ། །བདག་ཅག་འཁོར་བཅས་བར་ཆད་དགྲ་ལས་རྒྱལ། །རྣམ་རྒྱལ་བཀྲ་ཤིས་སྣང་བ་དཔལ་འབར་ཤོག །ཅེས་པའང་གཡུ་ཐོག་རྣམ་རྒྱལ་དགོན་ཏུ་ཉེ་བར་མཁོའི་ཆེད་དུ་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ། བཀྲ་ཤིས་རྒྱས་པར་བྱ་བ་སྤྲོ་ན། །བླ་མ་དང་དཀྱིལ་འཁོར་བ་རྣམས་ཀྱིས་ཀྱང་རྡོ་རྗེའི་བདེན་ཚིག་བརྩལ་བར་མོས་ལ། །མེ་ཏོག་འཐོར་ཏེ། །བཀྲ་ཤིས་གང་ཞིག་བདུད་འདུལ་ཕུར་པའི་རིག་པ་འཛིན། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ས་ལ་བཞུགས། །པྲབྷ་ཧ་སྟི་པདྨ་ཐོད་ཕྲེང་བརྒྱུད་པར་བཅས། བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་ནམ་མཁའི་དཀྱིལ་ནས་ཤར། །རྡོ་རྗེ་ཁྲོས་པའི་མཚོན་གྱིས་ཉོན་མོངས་དྲ་བ་གཅོད། །དཔལ་ཆེན་རྩ་བའི་


LT31_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མི་གནས་ཡེ་ཤེས་སྐུ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ༴ །བཀྲ་ཤིས་གང་ཞིག་སྙིང་རྗེས་སྒྲོལ་བའི་དམ་ཚིག་གིས། །བདག་ཏུ་ཞེན་པའི་ཕུང་པོ་རྡོ་རྗེའི་ཕྱག་རྒྱས་གཏམས། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རོལ་པའི་ཆོ་འཕྲུལ་བདག །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ༴ །བཀྲ་ཤིས་གང་ཞིག་སྲིད་པ་ཕུར་བུའི་རང་རྟགས་རྒྱ། །འཛིན་ཤེས་གཏོང་མི་ཤེས་ཀྱིས་བརྣག་པའི་ཕྲིན་ལས་མཛད། །མཚན་མ་རྫས་ཀྱི་དཀྱིལ་འཁོར་ཤུགས་སྒྲོལ་སྟོབས་འདུས་པ། །བདེན་པ་དེས༴ །བཀྲ་ཤིས་གང་ཞིག་རྣམ་འགྱུར་རྫུ་འཕྲུལ་མཐའ་ཡས་ཤིང་། །དམ་ཚིག་རྗེས་གཅོད་དམ་ཉམས་སྲོག་ལ་མངའ་དབང་མཛད། །བྲན་དང་བཀའ་ཉན་ཕོ་ཉ་དཔལ་ཆེན་བཀའ་སྒྲུབ་པ། །བདེན་པ༴ །བཀྲ་ཤིས་གང་ཞིག་དུར་ཁྲོད་འབར་བའི་གཞལ་མེད་ཁང་། །ཡེ་ཤེས་རེལ་པ་དྲག་པོའི་རྒྱན་བཀོད་ཚད་ལས་འདས། །ལྟ་བར་མི་བཟོད་མཚམས་ཀྱི་ཁྲོ་བོ་དང་བཅས་པའི། །བདེན་པ་དེས༴ །བཀྲ་ཤིས་གང་ཞིག་ཆོས་སྐུ་དོན་གསུང་མི་རྟོག་ཐུགས། །མཉམ་པའི་དམ་ཚིག་ཡེ་ཤེས་ཕྲིན་ལས་མཐའ་གཉིས་སེལ། །བདུད་བཞིའི་དཔུང་བཅོམ་དབྱིངས་དང་ཡེ་ཤེས་རོ་མཉམ་པ། །བདེན་པ་དེས༴ །བཀྲ་ཤིས་གང་ཞིག་ལོངས་སྐུ་སྒྲ་གསུང་སྙིང་རྗེའི་ཐུགས། །དོན་མཛད་དམ་ཚིག་ཐུགས་རྗེའི་ཕྲིན་ལས་འགྲོ་དྲུག་འདྲེན། །


LT31_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་བཞི་ལྡན་ཤེས་རབ་སྙིང་རྗེ་དབྱེར་མེད་པ། །བདེན་པ་དེས་ཀྱང་། །བཀྲ་ཤིས་གང་ཞིག་བདེ་ཆེན་སྔགས་གསུང་རྟག་བདེའི་ཐུགས། །སྦྱོར་བའི་དམ་ཚིག་བྱང་ཆུབ་ཕྲིན་ལས་སྡུག་བསྔལ་སྲེག །དགའ་བཞིའི་མཐར་ཕྱིན་ཐབས་དང་ཤེས་རབ་ཟུང་དུ་འཇུག །བདེན་པ༴ །བཀྲ་ཤིས་གང་ཞིག་སྤྲུལ་སྐུའི་ཚིགས་གསུང་ཀུན་མཁྱེན་ཐུགས། །སྒྲོལ་བའི་དམ་ཚིག་རྣམ་འཕྲུལ་ཕྲིན་ལས་སྲིད་གསུམ་འདུལ། །ལས་བཞི་ལྷུན་གྲུབ་དཀྱིལ་འཁོར་རྣམ་གསུམ་འབྲལ་མེད་དང་། །བདེན་པ་དེས༴ །བཀྲ་ཤིས་གང་ཞིག་སྣང་སྲིད་འཁོར་འདས་མཚན་རྟོག་ཀུན། །ཕུར་བུ་རྣམ་བཞིའི་དགོངས་པས་གྲུབ་མཐའ་ཐལ་བར་འབྱིན། །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག །འགྲུབ་པ་ཡི། །བདེན་པ་དེས༴ །བཀྲ་ཤིས་གང་ཞིག་འཁོར་འདས་དབྱེར་མེད་ལྟ་བའི་རྫོང་། །རིམ་གཉིས་སྒོམ་པའི་འཕྲང་ལས་བགྲོད་པས་ལེགས་ཟིན་ཏེ། །དོན་གཉིས་ལྷུན་གྲུབ་སྤྱོད་པའི་སྲོག་རྩ་རབ་བརྟན་པ། །བདེན་པ་དེས་ཀྱང་། །བཀྲ་ཤིས་གང་ཞིག་རིགས་ཁམས་སྲིད་པ་ཕུར་བུའི་ལྷ། །གདབ་པའི་ལས་བཞིས་གློ་བུར་དྲི་མའི་སྦུབས་བཀྲོལ་ཏེ། དག་པ་གཉིས་ལྡན་གདོད་མའི་ཧེ་རུ་ཀར་རྫོགས་པ། །བདེན་པ་དེས་ཀྱང་བདུད་བཞི་ལས་རྒྱལ་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བྱིན་རླབས་དང་ལྡན་པའི་ཤིས་བརྗོད་རྒྱས་པར་བརྗོད་ལ་དགེ་ལེགས་


LT31_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱའོ། །དེའང་རང་དོན་ལྟ་བུར་གཏོར་ཟློག་གཞུང་གསལ་སྔགས་དམིགས་ཁོ་ནར་ནན་ཏན་བྱ་བ་ལས་ཁ་སྐོང་འདི་རིགས་པ་ལ་ཆེར་མི་དགོས་ཤིང་། གཏོར་ཟློག་གཞུང་ཉིད་ས་ལུགས་བསླད་མེད་ཡིད་ཆེས་སུ་རུང་བ་ཡིན་ལ། གྲོང་ཆོག་རྔ་གྱེར་གྲངས་ཀ་གཙོ་བོར་བཏོན་དགོས་པའི་ཚེ་ཁ་སྐོང་འདི་དག་ཀྱང་ཅི་རིགས་པ་སྦྱར་ན་ཚིག་རྣམས་བཀའ་གཏེར་གྱི་གཞུང་ཁུངས་ལྡན་ཏུ་མ་ཟད། གཞུང་ལའང་བཅོས་བསླད་ཀྱི་སྐྱོན་ཏུ་འགྱུར་བ་ཆེར་མི་འདུག་པས་འདོར་ལེན་གྱི་མཚམས་ཕྱེད་པར་བྱའོ། །འཕྲི་བསྣན་མང་ན་གཞུང་བཟང་འཆལ་གྱིས་དོགས། །རང་ལུགས་བཞག་ན་བློ་ཆུང་མི་མགུ་དོགས། ཁ་སྐོང་དམིགས་སུ་ཕྱེས་འདིར་ཡུལ་དུས་དང་། །མོས་པའི་ཁྱད་པར་ཇི་བཞིན་འཇུག་འཚལ་ལོ། །འདི་ལའང་དགེ་བའི་ཆ་གང་མཆིས། །སྙིང་པོའི་བསྟན་པའི་ཉ་རྒྱས་པའི། །གྲོགས་སྟོབས་དཀར་པོའི་ཚོས་བཞིན་ཏུ། །བསམ་དོན་འགྲུབ་པའི་རྒྱུར་གྱུར་ཅིག། ཅེས་པའང་བསྟན་འགྲོར་ལྷག་པའི་བསམ་པ་དགེ་བ་ཛཾ་ཐང་བླ་མ་ལྔས་བསྐུལ་བ་ལྟར། །ངེས་དོན་སྙིང་པོའི་བསྟན་པ་དང་རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་ཀྱི་ཞབས་ཏོག་ཏུ་འགྱུར་བར་རེ་བས། གང་དེའི་བསྟན་པར་སྨོན་ལམ་གྱིས་འབྲེལ་བ། རྒྱལ་དབང་སི་ཏུ་པདྨ་དབང་ཆེན་གྱི་བཀའ་འབངས་ཐ་ཤལ་བ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བ་གཞན་ལ་ཕན་པར་གྱུར་ཅིག །དགེ་ལེགས་འཕེལ། །

རྡོ་རྗེ་ཕུར་པའི་མངོན་སྤྱོད་ལས་ལ་ཉེ་བར་མཁོ་བའི་ཡིག་ཆུང་སྦས་པ་མིག་འབྱེད།


LT31_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་མངོན་སྤྱོད་ལས་ལ་ཉེ་བར་མཁོ་བའི་ཡིག་ཆུང་སྦས་པ་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །


LT31_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་བཅུད་རྡོ་རྗེ་ཕུར་བུ་ཡིས། །ཐལ་འབྱིན་ཡེ་ཤེས་གཞོན་ནུའི་སྐུར། །བཏུད་ནས་དྲག་སྔགས་བརྣག་པའི་གཟེར། །བློ་དམན་བརྡ་འགྲོལ་ཅུང་ཟད་སྤེལ། །དེའང་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་བྱུང་བ་རྩ་ཐུང་གི་དགོངས་འགྲེལ་བཀའ་གཏེར་གྱི་བབ་སོ་མཐའ་ཡས་པ་རྣམས་ཀྱི་དགོངས་དོན་བསྡུ་ན། རང་དོན་བྱང་ཆུབ་སྒྲུབ་པ། །གཞན་དོན་ཚོམ་བུ་ཚོགས་སྒྲུབ། གློ་བུར་ཅོག་རྡུང་རལ་གྲི་ཕྱུང་རྡེག་ཏུ་སྒྲུབ་པ་གསུམ་དུ་འདུ་ཞིང་། དེ་རེ་རེ་ལའང་བསྙེན་སྒྲུབ་ལས་སྦྱོར་གསུམ་གསུམ་ཡོད་པ་ལས། །འདིར་སྔ་འགྱུར་བཀའ་མའི་ནང་ཚན་ཕུར་པ་འཁོན་ལུགས་དང་འབྲེལ་བར་གློ་བུར་ཅོག་རྡུང་གི་ལས་སྒྲུབ་པ་སྐབས་སུ་བབས་པ་ན། །གཙོ་བོར་ཕུར་པ་གྲུབ་ན་གདབ་ལས་བྱ་ཞེས་པས་མངོན་སྤྱོད་ཀྱི་གཙོ་བོ་ནི། །


LT31_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འགྲེལ་སོ་དྲུག་དང་འབྲེལ་བར་གདབ་ལས་ཉིད་ཡིན་ལ། མནན་སྲེག་འཕང་གསུམ་ནི་བསྒྲལ་ལས་ཀྱི་མཐའ་སྡུད་ཡིན་པའི་ཕྱིར། །འདིར་ཡང་སྔགས་དམིགས་གདབ་ལས་རྣམས་དགོས་དོན་གྱི་གཙོ་བོ་དང་། འཕང་བའི་ལས་གཏོར་ཟློག་ནི་ཞར་བྱུང་ཡན་ལག་ཡིན་པ་གོ་བར་བྱས་ནས། གཏོར་སྒྲུབ་ཀྱི་ཉིན་སྔ་མ་རྣམས་སུ་བསྐྱེད་བཟླས་གཙོར་བཏོན་དགོས་ལ། དེའང་བཟླས་པའི་སྐབས་ཐོག་མར་འཛབ་ཁང་ཕྱེས་ནས་འགལ་མེ་ཚྭ་ཚྭ་བུང་བ་ཚང་ཞིག་སྟེ་དགོངས་པ་གསུམ་གཞུང་གསལ་སྦྱར་ནས་ཀཱི་ལ་ཡ་ཅི་ནུས་བཟླ་བ་ནི་འདིའི་ལུགས་ཀྱི་བསྙེན་པ་ཡིན། དེ་ནས་སྒྲུབ་པའི་དོད་དུ་སྲུང་ཟློག་བསད་གསུམ་གྱི་དམིགས་པ་ནི། །རང་གི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེ་


LT31_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ་པའི་ལྟེ་བར་རང་གི་སེམས་ཧཱུྃ་ཡིག་སྔོན་པོ་འོད་འབར་བའི་ཀླད་ཀོར་གྱི་ནང་དུ་བླ་མ་ཞལ་བཞུགས་པ་རྣམས་ཀྱི་མཚན་ཡིག་དང་པོ་ཐིག་ལེས་བརྒྱན་པ། མདུན་དུ་ཕ་མ། གཡས་སུ་བུ་དང་ཆུང་མ། གཡོན་དུ་སྤུན་ཟླ། རྒྱབ་ཏུ་འཁོར་གཡོག །འོག་ཏུ་ནོར་རྫས་རྣམས་ཡོད་པར་བསམས་ལ། རང་གི་སྙིང་ག་ནས་འོད་འཕྲོས་བསྲུང་བྱ་རྣམས་ཀྱི་ལུས་ངག་ཡིད་གསུམ་བཀུག་ནས་སྔར་གྱི་གནས་སུ་འཁོད། འོད་ཟེར་གྱིས་རང་དང་བསྲུང་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་བཏོན་ནས་ལུས་ཐམས་ཅད་ལ་རྡོ་རྗེའི་གོ་ཆ་གྱོན་པར་བསམ་པ་ནི་ལུས་སྲུང་བ། རང་གི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པའི་རྭ་རྣམས་ལ་ཀཱི་ལ་ཡའི་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་འཕྲོས་པས། ངག་གི་ཉེས་སྐྱོན་དག་པར་བསམ་པ་ནི་ངག་སྲུང་བ། སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའ་དེ། །རང་དང་རྡོ་རྗེ་གཞོན་ནུའི་ཐུགས་གཉིས་སུ་མེད་པར་བསམ་པ་ནི་ཡིད་སྲུང་བ་སྟེ་ཀཱི་ལ་ཡ་བཟླའོ། །སླར་ཡང་བསྙེན་དམིགས་སྐབས་ལྟར་བྱིན་རླབས་བསྡུ་བ་ཁྱད་པར་བ་སྦྱོར་ནས། །ཀཱི་ལ་ཡའི་གཤམ་དུ། ས་མ་ཡ་ཨཱ་བེ་ཤ་ཡ་སྟཾྭ། ཞེས་བཏགས་པ་དང་། ཀཱི་ལ་ཡ་འབྲུ་དགུའི་བཤམ་དུ། །མ་མ་ཀཱ་བ་ཙི་རཀྵ་རཀྵ། བཏགས་པ་ཅུང་ཟད་རེ་བཟླ་བ་ནི་ལུགས་གཞན་ལ་ཞིག་སྟེ་སྤྲོ་ན་བྱ། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་བཅུ། ཁྲ་ཐབས་


LT31_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ། སྒོ་མ་བཞི། དམ་ཅན་རྣམས་བསྐུལ་ཏེ་དེ་དག་ལས་སྤྲུལ་པ་ཡང་སྤྲུལ་དང་ཉིད་སྤྲུལ་གྲངས་མེད་པ་སྤྲོས། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་རྣམས་ཕྱེ་མར་བྱས་ཤིང་ཁྲོ་བོ་ཁྲ་ཐབས་སྒོ་མ་རྣམས་ཀྱང་ཞལ་ཕྱིར་གཟིགས་ཏེ། གནོད་པ་ཕྱིར་བཟློག་པའི་ལས་མཛད། འཁོར་ལོ་ཡང་གཡོན་དུ་འཁོར་བར་བསམ་པ་ཟློག་པའི་དམིགས་པའོ། །འཁོར་ལོའི་རྩིབས་བར་རྣམས་སུ་ཡཾ་ལས་རླུང་། རཾ་ལས་མེའི་སྟེང་དུ་བྱད་མ་ལུས་རིང་བ། སྐྲ་འཛིངས་པ་ཁ་ནས་ཁྲག་སྐྱུགས་པ། སྤྱིའུ་ཚུག་ཏུ་གནས་པ་རེ་བསམ། རང་གི་སྙིང་ཁ་ནས་ཕོ་ཉ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས་ནས། དགྲ་བགེགས་གང་ན་གནས་པའི་ཡུལ་ནས་གཟུགས་དང་རྣམ་ཤེས་རང་དབང་མེད་པར་བཀུག་ནས། རྩིབས་བར་གྱི་བྱད་མ་རྣམས་ལ་བསྟིམ། རང་དང་བསྲུང་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱད་མའི་ལུས་ཀྱི་བུ་ག་དགུ་ནས་ཐིམ་སྟེ་ཞུགས་པས་འཁོར་ལོའི་རྩིབས་གཡོན་དུ་མྱུར་དུ་འཁོར་བས་འོག་གི་རླུང་མེས་བསྐྱོད་ཅིང་། རྩིབས་རྣམས་རལ་གྲིའི་སོ་ལྟ་བུས་དགྲ་བགེགས་ཀྱི་ལུས་དུམ་བུ་དུམ་བུར་གཏུབ། ལྷག་མ་ཕོ་ཉས་ཟོས་བརླག་པར་བྱས་པར་བསམ་པ་ནི་བསད་པ་སྟེ་དེ་དག་གི་སྐབས་སུ། །མ་རཀྨོ་མ་རཀྨོ་སོགས་དང་། བྷཱ་ཡ་ནི་བཟླའོ། །འགུགས་འདྲེན་སྐབས། ཨེ་རཾ་སོགས་བརྗོད་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་


LT31_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལས་དཀྱིལ་འཁོར་གཉིས་པ་ཆད་བདག་གི་དཔུང་དང་གྲོགས་སུ་བྱོན། རང་དཔལ་ཆེན་ཡབ་ཡུམ་དུ་གསལ་བ་ཤིན་ཏུ་ཁྲོས་པ་སྤྱན་གསུམ་ནམ་མཁའ་ལ་བགྲད། ཞབས་ས་ལ་རྗེབ་ཅིང་བཞད་སྒྲ་དྲག་པོ་སྒྲོགས་པའི་ངང་ཚུལ་ཅན་གྱི་ཐུགས་ཀ་ནས་འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་བསྐལ་པའི་མེ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱམས་དང་འགྲུབ་ཁུང་གི་ཕྱིན་བཞུགས་པའི་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཕོག་པས་དེ་དག་ཐམས་ཅད་འཇིགས་ཤིང་སྐྲག་སྟེ་རང་དབང་མེད་པར་སྲོག་སྙིང་ཐམས་ཅད་བདག་ལ་ཕུལ། བདག་གིས་ཇི་ལྟར་བསྒོ་བ་བཞིན་ཉན་པར་བསམ། ཡང་འོད་ཟེར་དེས་སྲས་མཆོག་སྒོ་མ་ཁྲ་ཐབས་ཁྲོ་བཅུ་ཡབ་ཡུམ་དཔལ་ཆེན་ཡབ་ཡུམ་དང་བཅས་པ་ལ་ཕོག་པས་དེ་རྣམས་ཀྱི་ཐུགས་དམ་དང་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་ཁྲོ་འཁྲུགས་རྔམས་པས་རང་རང་གི་ཐུགས་ཀ་ནས་རང་འདྲའི་སྤྲུལ་པ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་རལ་གྲི་ལ་སོགས་པ་མཚོན་ཆ་དཔག་ཏུ་མེད་པ་ཐོགས་པའི་ཕོ་ཉ་རླུང་གི་ཤུགས་ཅན་གཤིན་རྗེའི་སྐྱེས་བུ་ལྟ་བུ་དཔག་ཏུ་མེད་པ་སྤྲོས། དེ་དང་དུས་མཉམ་དུ་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཀྱང་རང་རང་གི་བཀའ་ཉན་དྲེགས་པ་སྡེ་བརྒྱད་ཀྱི་དམག་དཔུང་དང་བཅས་པ་ཆས་ཏེ་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་། དེ་དག་ན་གནས་པའི་བསྒྲལ་བའི་ཞིང་བཅུར་གྱུར་པའི་དགྲ་བགེགས་ཇི་སྙེད་མཆིས་


LT31_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཐམས་ཅད་ཀྱི་སྙིང་ཁ་ནས་ལྕགས་ཀྱུས་བཀུག །མགྲིན་པ་ནས་ཞགས་པས་བཅིངས། མཚོན་ཆ་ལྷག་མ་རྣམས་ཀྱིས་རྒྱབ་ནས་དེད་དེ་ཁོ་རང་གི་ལས་ལས་གྲུབ་པའི་རླུང་དམར་གྱིས་རྒྱབ་ནས་ཕུལ། མུན་ནག་གིས་མདུན་བསུས་ཏེ། ཁོ་རང་གི་གཟུགས་བརྙན་གྱི་དྲུང་དུ་སླེབས་པ་དང་། དེ་ཉིད་ལ་འཇུག་འདོད་ཀྱི་བསམ་པ་དྲག་པོ་དང་ལྡན་པར་བསམ་སྟེ། སློབ་དཔོན་གྱིས་རྡོར་དྲིལ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་བཟུང་ལ་འགུགས་གཞུག་གི་རོལ་འོག་ཏུ་སྔགས་བརྗོད་ཅིང་། ཕྱག་རྒྱ་དེ་ཉིད་དཔྲལ་བའི་དབྱིངས་ནས་གཡས་ཕྱོགས་སུ་བསྐོར་ཞིང་ལིངྒའི་སྟེང་དུ་ཕབ། དེ་བཞིན་དུ་གཡོན་དབུས་རྣམས་སུ་བསྐོར་ཞིང་ལིངྒའི་སྟེང་དུ་ཕབ་པའི་མཐར། རྡོ་རྗེ་སྙིང་ཁར་བཟུང་། དྲིལ་བུ་ལིངྒ་ལ་གཡས་བསྐོར་བྱ་ཞིང་དཀྲོལ། མཆོད་གཡོག་པས་གུ་གུལ་གྱི་དུད་པ་ཆེས་ཆེར་བྱ་ཞིང་ལིངྒ་ལ་བདུག་གོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བྱ་ཞིང་། ཨོཾ་བཛྲ་ཨངྐུ་ཤ་ཛཿཞེས་བརྗོད་པས་རྡོ་རྗེ་གནོད་སྦྱིན་མོ་ཤིན་ཏུ་ཁྲོས་པས་དགྲ་བགེགས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང་སྟེ་ལིངྒའི་སྤྱི་བོར་ཁྲིད་པས། ཆུའི་ཁམས་ཉམས་པར་བྱས། ཞགས་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་པས་རྡོ་རྗེ་འཇིགས་བྱེད་མ་རབ་ཏུ་ཁྲོས་པས་དགྲ་བགེགས་དེ་ལིངྒའི་སྤྱི་བོ་ནས་བསྟིམ་ཡན་ལག་ཐམས་ཅད་ཞགས་པ་ནག་པོས་དམ་དུ་བཅིངས་པས་སའི་ཁམས་ཉམས་པར་བྱས། ལྕགས་སྒྲོག་གི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་སྥོ་ཊ་བཾ་ཞེས་བརྗོད་


LT31_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྡོ་རྗེ་བདུད་རྩི་མ་རབ་ཏུ་ཁྲོས་པས་ལིངྒ་དགྲ་བགེགས་སུ་གསལ་བའི་རྐང་ལག་ལུས་པོ་ཐམས་ཅད་ལྕགས་སྒྲོག་གིས་དམ་དུ་བཅིངས་པས་བསྒྲལ་ལས་མ་བྱས་ཀྱི་བར་དུ་ལིངྒ་དང་རྣམ་ཤེས་སྐད་ཅིག་ཀྱང་འདུ་འབྲལ་མེད་པར་བྱས་ཏེ་མེའི་ཁམས་ཉམས་པར་བྱས། དྲིལ་བུའི་ཕྱག་རྒྱ་བཅའ་ཞིང་དྲིལ་བུ་དཀྲོལ་ལ། ཨོཾ་བཛྲ་གྷཎྜེ་ཧོཿཞེས་བརྗོད་པས་རྡོ་རྗེ་གསོད་བྱེད་མ་རབ་ཏུ་ཁྲོས་པས་ལིངྒ་དགྲ་བགེགས་སུ་གསལ་བའི་དབང་པོའི་གནས་ལྔར་དྲིལ་བུ་དྲག་ཏུ་དཀྲོལ་ཞིང་ཞབས་ཀྱིས་བརྫིས་པས་དགྲ་བགེགས་དེ་དྲན་མེད་དུ་བརྒྱལ་ཞིང་སེམས་དབང་མྱོས་པས་རླུང་གི་ཁམས་ཐམས་ཅད་ཉམས་པར་བྱས་པར་བསམ། ཉིན་ཐ་མར་དྲག་པོའི་ལས་ལ་སྦྱོར་བའི་ཚེ། གསུམ་པ་ལྷ་སྲུང་སྤྱན་དྲང་བའི་སྐབས་སུའང་འགུགས་གཞུག་གི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་རང་གི་སྙིང་ཁའི་ཐད་དུ་ཡང་ཡང་ནང་དུ་བཀུག །ཚེ་སྲོག་ཡེ་ཤེས་སུ་གྱུར་པའི་དགོངས་པ་ནི། རང་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་མདུན་གྱི་ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་སྙིང་ཁར་ཕོག་པས་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་ཀྱི་ལྷ་དང་། གཞན་ཡང་འགོ་བའི་ལྷ་ལྔ་སོགས་སྲུང་སྐྱོབ་བྱེད་པའི་ལྷ་རྣམས་དང་། ཁ་རྗེ། དབང་ཐང་། ཀླུང་རྟ་ལ་སོགས་པའི་ལྷ་ཐམས་ཅད་དང་། གཞན་ཡང་དེའི་རྒྱུད་ལ་ཡོད་པའི་བླ་མ་རྣམས་ཀྱི་དབང་བསྐུར་གྱི་བྱིན་རླབས་དང་། ཡི་


LT31_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་བཟླས་བསྒོམ། སྲུང་འཁོར། རྟེན་འབྲེལ་རྫས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་དང་། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་འཁོར་དང་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུའི་རྣམ་པར་སྤྱན་དྲངས་ནས་རང་གི་སྙིང་ཁར་ཐིམ་པས་རང་གི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས། གཟི་བརྗིད་ནུས་པ་སྔར་བས་ཀྱང་ཆེས་ཆེར་ལྷག་པར་གྱུར། དགྲ་བགེགས་དེ་ཉིད་མེ་ཏོག་སད་ཀྱིས་ཁྱེར་བའམ། སྦྲང་བུ་ཉི་མས་ཚིག་པ་ལྟར་ནག་ཆོམ་ཆོམ་གྱུར་ཅིང་མགོན་སྐྱབས་ཐམས་ཅད་དང་བྲལ་བར་བསམ། དབང་གཟུག་སྐབས། སློབ་དཔོན་གྱིས་རྡོ་རྗེ་སྙིང་ཁའི་ཐད་ནས་སྡིགས་མཛུབ་ཕྱིར་ཕྱོགས་པས་གཟུང་དྲིལ་བུ་དཀུ་གཡོན་པར་འགྱིང་ཞིང་བཟུང་ལ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མའི་ཚོགས་སྤྱི་དང་། ཁྱད་པར་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པ་ལ་དབང་པོར་གསོལ་བས་དེ་དག་གིས་རང་ཉིད་བདེན་པར་དགོངས་ཤིང་། དགྲ་བགེགས་དེ་ཉིད་ལ་རེ་ཞིག་ཐུགས་ལྷག་པར་ཁྲེལ་ཏེ་བསྒྲལ་བའི་ལས་མཛད་པ་ལ་དགོངས་པ་རྩེ་གཅིག་ཏུ་གཏད་པར་བསམ། ས་བཅད་དྲུག་པའི་སྐབས་འགྲེལ་པ་འབུམ་ནག་དང་བཀའ་མའི་ཡིག་ཆ་རྣམས་ལས། འདེབས་པའི་ཕུར་པ་དྲུག །རྫས་དང་སྔགས་དང་ཕྱག་རྒྱའི་གནད་དྲུག་སོགས་རྒྱས་པར་གསུངས་པ་གནད་དུ་ཆེའང་། ངན་སྔགས་ཉེ་བར་བསྙེན་པའི་སྐབས་ཆེད་དུ་མི་


LT31_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཞིང་གཏོར་ཟློག་དཀྱུས་མ་ཙམ་ལ་དེ་དག་ཇི་ལྟ་བ་བཞིན་གྲུབ་དཀའ་བས། རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་མདོར་བསྡུས་པ་དེ་ལ་དོན་གྱི་གནད་མ་ཚང་བ་མེད་པའི་ཕྱིར་རེ་ཞིག་མ་སྤྲོས་ལ། དངོས་གཞི་གདབ་ལས་དྲུག་གི་དང་པོ། །ཀུན་གཞི་རྩད་བཅད་དེ་བསྒྲལ་བའི་སྐབས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཅེས་པའི་མཚམས་སུ། །ཀུན་གཞིའི་གནས་ལུགས་གསལ་གདབ་པ་ནི། ལིངྒ་དེ་དགྲ་བགེགས་དངོས་སུ་གསལ་བའི་སྙིང་ཁར་རྩ་བཞི་ནི། །ཆོས་ཉིད་རང་བྱུང་གི་རྩ། གཉིས་མེད་ཡེ་ཤེས་ཀྱི་རྩ། གློ་བུར་རྒྱུན་འཛིན་གྱི་རྩ། སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་བཞི་བསྡོམས་པའི་དབུས་སུ། ཤའི་དྭངས་མ་བྱིའུ་ལེན་མའི་མགོ་ཙམ་གྱི་ནང་དུ་ཁྲག་གི་དྭངས་མ་མཚལ་ཅོག་ལ་ལྟ་བུ། དེའི་ནང་དུ་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུས་དྲིལ་ནས་དབུགས་ཀྱི་དྭངས་མ་དྲོད་ཀྱི་རྣམ་པར་གནས་ཤིང་། དེའི་ནང་ན་འོད་ཀྱི་དྭངས་མ་ཉའི་མིག་ཙམ་གྱི་དབུས་སུ་ཚེའི་རྟེན་པ་རྒྱ་ལྟ་བུས་དྲིལ་ནས་རྣམ་པར་ཤེས་པ་ཨ་དཀར་པོའི་རྣམ་པར་གནས་པ་ནི་འཁོར་འདས་ཀུན་གཞིའོ། །དེ་ལྟར་བསམ་ནས་བདག་དཔལ་ཆེན་པོའི་ཕྱག་གཡས་ཀྱི་སོར་མོ་རྣམས་ཁྲག་འཐུང་རིགས་ལྔ། གཡོན་གྱི་སོར་མོ་རྣམས་དབྱིངས་ཕྱུག་ཡུམ་ལྔ། མཉམ་པར་སྦྱོར་བའི་བར་ནས་སྲས་མཆོག་སྤྲུལ་པ་སླར་ཡང་གསལ་བཏབ་སྟེ་གཙོ་བོའི་ཕུར་པ་ཀླད་ལ་བསྐོར་བས་སྐུའི་ལྷ་ཚོགས་འདུས་པར་བསམས་ལ། དེ་བཞིན་དུ་མགྲིན་པ་དང་


LT31_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་བསྒྲིལ་པས། གསུང་དང་ཐུགས་ཀྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ། དེ་ནས་ཁྲུས་ལུང་ལ་ཁམས་གསུམ་སེམས་ཅན་གྱི་ཁྲུས་ལུང་། བདག་རྣལ་འབྱོར་པའི་ཁྲུས་ལུང་། ལིངྒ་གཟས་བ་པོའི་ཁྲུས་ལུང་དང་གསུམ་ལས། དང་པོ་ནི་རང་གི་སྙིང་ཁར་ཨ་དཀར་པོ་བསམ་པ་ལས་འོད་ཟེར་འཕྲོས། མདུན་གྱི་ལྷ་ཚོགས་རྣམས་ལ་ཕོག་པས། དེ་དག་གི་ཐུགས་ཀ་ནས་ཨ་དཀར་པོ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ཏེ་འོད་ཟེར་དཀར་པོའི་རྣམ་པར་འདུས་ནས་རང་གི་སྙིང་གར་ཐིམ་པར་བསམ་མོ། །གཉིས་པ་བདག་གི་ཁྲུས་ལུང་ནི། སླར་ཡང་མདུན་གྱི་ལྷ་ཚོགས་རྣམས་ལས་ཨ་དཀར་པོ་གྲངས་མེད་པ་བྱུང་སྟེ། རང་གི་ལུས་གང་བས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་པར་བསམ་མོ། །གསུམ་པ་ལིངྒ་གཟས་པ་པོའི་ཁྲུས་ལུང་ནི་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ནས། རང་གི་ལག་ཏུ་ཐོགས་པའི་ཕུར་པ་དེའི་དབུའི་གཙུག་ནས་ཞུགས། ཕུར་པའི་རྩེ་མོར་ཨ་དཀར་པོ་ཅིག་ཏུ་གསལ་བ་ལས་ཨ་དཀར་པོ་འཕྲོས་པས་ལིངྒའི་ནང་གང་བས་ཁོའི་ལས་ངན་ཐམས་ཅད་བྱང་བར་བསམས་ལ་ཕུར་པ་མ་རེག་ཙམ་སྒྲིལ། །དེ་ནས་ཕུར་པ་སྙིང་དཀར་ནག་མཚམས་སུ་གདབ་པས། ཕུར་པའི་འོད་ཟེར་


LT31_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁོའི་རྩ་བཞི་གུར་གྱི་ཚོན་ཐག་བཅད་པ་བཞིན་དུ་གཏུབ། ཤ་དང་ཁྲག་གི་དྭངས་མ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་རྟོག་གིས་སྐམ། རྩའི་དྭངས་མ་རྣམས་རྩལ་མེ་བཅུད་པ་བཞིན་ཐུལ་གྱིས་བསྲེགས། དབུགས་དང་འོད་ཀྱི་དྭངས་མ་བྱེ་ཚན་ལ་ཆུ་བླུགས་པ་བཞིན་བཅོམ། ཚེའི་རྟེན་ལ་ཕུར་པའི་འོད་ཟེར་ཕོག་པས། སྦྲང་བུ་མེ་ནང་དུ་ཤོར་བ་བཞིན་ཆོམ་གྱིས། དར་ལ་མ་བཙུགས་པ་ཞེས་པའང་སྣང་། བསྲེགས་ཏེ་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོས་བཀྲག་དང་གཟི་བརྗིད་ཐམས་ཅད་ཕུར་པའི་རྩེའི་ཨེ་དེ་ལ་འདུས་པར་བསམ་ཞིང་། ཨོཾ་ལམ་སོགས་ཀྱི་སྔགས་བརྗོད། སླར་ཡང་ཕུར་པ་སྟོན་པ་ཕུར་མགོ་རང་གི་གནས་གསུམ་རེག་ལ། བོ་དྷི་ཙིཏྟ་ཨོཾ། བོ་དྷི་ཙིཏྟ་ཨཱཿ བོ་དྷི་ཙིཏྟ་ཧཱུྃ། ཞེས་བརྗོད་པས་ཁོའི་ཚེ་དང་བསོད་ནམས་བཀྲག་མདངས་ཐམས་ཅད་རང་ལ་ཐིམ་པས། རང་གི་ཚེ་དང་བསོད་ནམས་རྒྱས་པར་བསམ་པ་ནི་བདག་རྣལ་འབྱོར་པའི་ཚེ་ལུང་ངོ། །དེ་ནས་ཕུར་པ་སྒྲིལ་ཏེ་སྔར་ཤུལ་དུ་བཏབ་པས་ཁོའི་རྣམ་པར་ཤེས་པ་ཨ་དཀར་པོ་དེ་ཕུར་པའི་རྩེ་ལ་བླངས་ནས་ཕུར་རྩེ་ནམ་མཁའ་ལ་བསྟན་ཏེ་རང་གི་རླུང་བུས་པས། ཕུར་པའི་དབུས་ནས་ཞུགས་ཏེ་ཁོའི་རྣམ་པར་ཤེས་པ་བྱ་སྒྲོ་རླུང་གིས་བསྐྱོད་པ་བཞིན་སོང་ནས། འོག་མིན་དུ་རྒྱལ་བ་རིགས་ལྔ་སྦྱོར་བ་མཛད་པའི་བར་དུ་སོང་བས་སངས་རྒྱས་པར་བསམ་པ་ནི་ལིངྒའི་ཚེ་ལུང་ངོ། །ཉོན་མོངས་པ་སྐྱེ་བའི་སྒོ་ལྔ་བསྒྲལ་བའི་


LT31_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། ཁྲོ་བཅུའི་ཕུར་པས་མི་དགེ་བ་བཅུ་བཅོམ། ལུས་ཀྱི་རྟེན་བརྒྱད་དུར་ཁྲོད་ཆེན་པོ་བརྒྱད་དུ་གནས་གྱུར་པ་བསམ། ཚོགས་བརྒྱད་སྒྲོལ་སྐབས་ཁྲ་ཐབས་ཕུར་བུ་གདབ་པས་རྣམ་ཤེས་ཚོགས་བརྒྱད་ཞར་བྱུང་གཉིས་དང་བཅུ་པོ་དེ་ཧེ་རུ་ཀའི་གནས་བཅུར་གྱུར་པར་བསམ། སྒོ་མ་བཞིའི་ཕུར་པ་བཏབ་པས་ལུས་ཀྱི་མཚོ་བཞི་བཅོམ། ཁས་ཉེན་པོའི་ཡུལ་ཁས་དྲག་པོས་བཅོམ་ནས་བསྡད་དབང་མེད་པ་བཞིན། དགྲ་བགེགས་ཀྱི་ལུས་ཁྲོ་བོ་ཁྲོ་མོའི་གནས་སུ་གྱུར་པར་བསམ། དགེ་སྡིག་ཆ་མཉམ་སྐབས་གཟས་པོས་དགེ་བ་དང་སྡིག་པ་ཅི་བྱས་པ་ཐམས་ཅད་ཡུལ་འབྱུང་བར་བསྒོམ། ཐུན་གྱིས་བྲབ་པས་ཁྲོ་ཆུང་དང་མཚོན་ཆའི་ཆར་པས་བ་ལྕི་རློན་པ་སེར་བས་བྲབ་པ་བཞིན་ཐལ་བྱུང་དུ་སོང་བར་བསམ། གཏུན་རྡུང་སྐབས་མཚོན་བྱེད་གྲུ་སོགས། ཨེ་གྲུ་གསུམ་འབར་བར་དགྲ་བགེགས་རྣམས་བཀུག་སྟེ་གནས་པ་ལ། དཔྱི་མིག་རྡོ་རྗེ་ཐོ་བས་བརྡུངས་པས་མགར་གྱི་ཚྭ་ཚྭ་ལྟ་བུའི་མེ་དབལ་བྱུང་ནས་རྣམ་ཤེས་ཀྱི་དྲི་མ་བསྲེག །སྒོ་གསུམ་ཐལ་བར་བརླག་པར་བསམས་ལ་རྡུངས་ཤིག་རྡོ་རྗེ་སོགས་བརྗོད། མཚོན་བྱ་སྔགས་བརྗོད་པའི་ཚེ་ཁ་ཊཱྭཾཾ་དང་པོས་སྣང་སྲིད་ཐམས་ཅད་ཁྲོ་བོ་ཁྲོ་མོའི་རང་བཞིན་ཏུ་བསམ། ཁ་ཊཾྭཱ་གཉིས་པས་ཁྲོ་མོ་རྣམས་ཀྱི་བྷ་ག་གྲུ་གསུམ་ཆོས་ཀྱི་དབྱིངས་ཀྱི་གཏུན་ཁུང་དུ་བསྒྲལ་བྱ་གང་ཡིན་དེ་བསམ། །


LT31_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊཱཾྭ་གསུམ་པས་ཁོ་བོ་རྣམས་ཀྱི་རྡོ་རྗེ་རིག་པ་ཡེ་ཤེས་ཀྱི་ཐོ་བས་བརྡུངས་པས་ཤ་ཁྲག་གིས་ཁམས་གསུམ་གང་བ་ལ། ཧཱུྃ་གསུམ་གྱིས་དུག་གསུམ་བསྡུས། ཕཊ་གསུམ་གྱིས་དཀྱིལ་འཁོར་གསུམ་གྱི་བྲོ་བོའི་སྤྲུལ་པས་སྟོང་གསུམ་གང་། ཁ་ཁ་ཁཱ་ཧི་སོགས་ཀྱིས་ཤ་ཁྲག་དེ་རྣམས་དཀྱིལ་འཁོར་གསུམ་སྤྲུལ་པ་དང་བཅས་པས་གསོལ་ནས། དགྱེས་ཏེ་ཧ་ཧ་ཞེས་བཞད་པས་སྟོང་གསུམ་ཁྲོ་བོའི་གད་རྒྱངས་ཀྱིས་གང་། ཧཱུྃ་ཧཱུྃ་ཞེས་པས་ཆོས་ཉིད་ཀྱི་ངང་ལ་འོད་དུ་ལྟེམ་གྱིས་ཞུ། ཕཊ་ཕཊ་ཅེས་པས་དཀྱིལ་འཁོར་གསུམ་སྔར་ལས་ཀྱང་གཟི་བརྗིད་ཆེ་བར་གསལ་ལོ། །ཞབ་བསྟབས་བཻ་ཌཱུ་སྔོན་པོའི་སྐབས། ངོ་བོ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་རྒྱ་མཚོ། རྣམ་པ་ཕྱི་འདོད་ཡོན་ལྔ། ནང་བདུད་རྩི་ལྔ། གསང་བ་ལྷ་མོའི་མཆོད་པ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཕུལ་བ་རྣམས་རོལ་ནས་མཉེས་ཏེ། ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་པས་བདག་ལ་མཆོག་ཐུན་མོང་སྤྱི་དང་། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་དངོས་གྲུབ་བསྩལ། ཕཊ་ཕཊ་ཀྱིས་བསྒྲལ་བའི་རྣམ་ཤེས་ཆོས་ཉིད་ཀྱི་ངང་དུ་སྤར་བར་བསམ་པ་སྟེ་རེ་ཞིག་དེ་ཙམ་མོ། །སྤྱིར་གདབ་ཁའི་ལས་ཀྱི་མངོན་སྤྱོད་གཙོ་བོར་སྒྲུབ་པ་ལ། ལྟ་བ་ཆོས་ཉིད་ཀྱི་རྫོང་དང་ལྡན་པ། སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་ལས་ཐར་པ། སྤྱོད་པ་བྱང་ཆུབ་སེམས་ཀྱི་སྲོག་གནད་ཟིན་པས་དྲག་སྔགས་ལོག་པར་མི་གོལ་བ། གསལ་བ་


LT31_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ལྡན་པས་ལོག་རྒྱུགས་འབྱམས་གསུམ་གྱི་རྐྱེན་མི་འབྱུང་བ། ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཟབ་མོ་ཡང་ངན་སྔགས་དང་ཁྱད་པར་ཕྱེད་པ་ཞིག་དགོས་ཀྱི། དེ་དག་དང་མི་ལྡན་པར་ཞེ་སྡང་ཙམ་གྱི་སྒོ་ནས་ཟློག་བསད་ལ་བརྩོན་པ་ནི་ཤན་པས་མི་གསོད་པ་ལས་ཀྱང་ལོད་ཅིང་། དགོངས་པ་ཚད་དུ་འཁྱོལ་ན་སྔགས་པ་ཧོམ་ཁུང་ཁ་ནས་འཚང་རྒྱ་བའི་ཐབས་མཁས་ཀྱི་ཉེ་ལམ་ཡང་དག་པ་ཡིན་ནོ། །ཞལ་བྱུང་ལིངྒའི་བཅས་ནི། དུར་ཁྲོད་ཀྱི་འཇག་མའམ་ཡུགས་སྐྲའམ་རོ་རས་ཀྱི་སྐུད་པས་བསྡམས་པའི་རུས་ཤིང་ལ། དགྲ་ལ་ཁང་སའམ་དྲི་མ་དྲུག་གང་རྙེད་གྲོག་མཁར་གྱི་ས་དང་བསྲེས་པ་དུག་ཆུས་བརྫིས་པའི་འདམ་དང་། འདྲེ་ལ་གནས་རྟེན་གྱིས་ལུག་ཐུག་གི་ཆུས་བརྫིས་པའི་འདམ་སྟེ། སྔར་གྱི་རུས་ཤིང་ལ་ཁྱད་པར་གྱི་འདམ་གྱིས་འདག་པ་བྱུགས་ནས་དགྲ་གཟུགས་ཇི་ལྟ་བ་དང་། འདྲེ་ལ་རྨི་ལམ་དུ་གང་བྱུང་གི་གཟུགས་ཁྲུ་གང་བ་གཅིག་བྱས་ལ། དེའི་སྙིང་གར་དགྲ་འདྲེའི་མིང་བྱང་བྲིས་པ་ལྟེ་བ། ཚོན་སྐུད་ཀྱིས་བཅིངས་ནས་འཇུག་པར་བྱ་སྟེ། མིང་བྱང་ནི། བྲི་གཞི་དགྲར་རོ་རས་དང་། འདྲེར་དུག་ཤོག་ལ་དུག་ཁྲག་ཐལ་ཆེན་རྣམས་དང་སྦྱར་བའི་སྣག་ཚ་དང་། མཚོན་གྲིར་བསད་པའི་མི་རྐང་གི་རུས་པའི་སྨྱུ་གུས་ལིངྒའི་གཟུགས་བྲིས་པའི་སྙིང་གར་ནྲྀྀཿའམ་ཏྲིའི་མཐར་མིང་དང་། དཔྲལ་བར་རུས། བརླར་བླ་དྲགས། སྤྱི་བོར། སྙིང་ག །ཡན་


LT31_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བཞི། ལྕེ། དཔྲལ་བ། འདོམས་རྣམས་སུ་ལྷ་དང་དཔྲལ་བ་ནས་སྟོབ་པའི་བར་གྱིས་གདབ་པའི་སྔགས་དྲུག་པོ་དང་། ལིང་གའི་ཐ་མ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཀྱིས་བར་མེད་དུ་འཁོར་བ་ཁྲིའོ། །རྐྱེན་ཟློག་ཙམ་ལ་ནི་གཏོར་ཟློག་གཞུང་དུ་བཤད་པའི་བག་ཕྱེའི་ཉ་བོ་ཙམ་ལས་མི་དགོས་ཤིང་། བསྟན་པའི་དོན་ལྟ་བུར་ངན་སྔགས་ཉེ་བར་བསྙེན་ན་འགྲེལ་པ་འབུམ་ནག་སོགས་ལས་བཤད་པ་ཚད་ལྡན་ཏུ་བཙལ་དགོས་ཀྱང་། འདིར་ནི་ལག་ལེན་བདེ་བའི་དབང་གིས་རོག་ལུགས་ལྟར་བཤད་པའོ། །སྔགས་ཀྱི་ཟབ་གནད་ལྡེའུ་མིག་བཞིན། །གསང་མཛོད་འབྱེད་ལ་མེད་མི་རུང་། །འོན་ཀྱང་བློ་ངན་རང་འདོད་ཅན། །འཇུག་པ་དགག་ཕྱིར་གུད་དུ་སྦས། །བྱང་ཆུབ་སེམས་ལྡན་བསྟན་འཛིན་ལ། །དགྲ་བགེགས་ཆོམ་ལ་འབེབས་པའི་མཚོན། །འདི་སྦྱིན་དགེ་བས་གསང་སྔགས་ལ། །སྒྲ་བཞིན་སྤྱོད་པའི་ནུས་ཐོབ་ཤོག །ཅེས་པའང་གཏོར་ཟློག་གནམ་ལྕགས་འཕྲུལ་འཁོར་གྱི་སྦས་པ་གསལ་བྱེད་དུ། །པདྨ་གར་དབང་བདེ་བའི་རྡོ་རྗེས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།

དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར།


LT31_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར་ཞེས་བྱ་བ་བཞུགས་སོ། །


LT31_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་ཆེན་དུས་མཐུའི་མེ་ལྕེ་འབུམ་འབར་བས། །ཉོན་མོངས་བདུད་སྡེའི་ཚང་ཚིང་ཡུད་ཀྱིས་ཟ། །བླ་མ་ཁྲག་འཐུང་རྗེ་བཙུན་ཡེ་ཤེས་མེ། །སྙིང་གི་མུན་པ་བསྲེག་ཕྱིར་བསྟན་པར་བགྱི། །མེ་ནི་ལྷ་ཡི་ཞལ་ཡིན་ཏེ། །ཕྲིན་ལས་མ་ལུས་མེ་ཡིས་བྱེད། །དེས་ན་སྲེག་བླུགས་ཕྲིན་ལས་འདིར། །ལས་སྒྲུབ་འདོད་རྣམས་བརྩོན་པར་རིགས། །དེའང་རྩ་བ་རྡོ་རྗེ་ཁྲོས་པ་ལས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། ཞེས་པའི་བསྟན་དོན་བཀའ་གཏེར་སྤྱི་ཁྱབ་ཏུ་དྲག་བའི་ལས་སྒྲུབ་གཙོ་ཆེ་བར་དགོངས་ནས་དྲག་པོའི་སྦྱིན་སྲེག་ཙམ་བཤད་ཅིང་། དེའང་བཀའ་མའི་རིགས་སྨོས་མ་དགོས། །གཏེར་མའི་ཕྱོགས་ཁུངས་ལྡན་གྱི་ཕུར་སྐོར་རྣམས་ནས་ཀྱང་རྒྱུད་ལུང་གི་རྗེས་སུ་འབྲངས་པའི་སྲེག་བླུགས་བྱ་ཚུལ་ཁོ་ནར་གསུངས་ཀྱང་། རེ་ཞིག་འདིར་ནི་འབུམ་ནག་ཏུ་ལས་བཞིའི་སྦྱིན་སྲེག་རྒྱས་པར་བཤད་པའི་ལུགས་བཞིན་སྔགས་འཆང་རྒྱ་གར་བ་སོགས་མཁོན་གྱི་རིག་འཛིན་རིམ་པར་བྱོན་པའི་ཕྱག་བཞེས་ལྟར་འཆད་པ་ལ་ལྔ། ཞིབ། རྒྱས་པ། དབང་། དྲག་པོའི་སྦྱིན་སྲེག །དེ་དག་གི་རྗེས་ཆོག་གོ། །དང་པོ་ལ་གཉིས། སྦྱོར་བ། དངོས་གཞིའོ། །དང་པོ་ནི། སྒྲུབ་གནས་


LT31_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་པར་མི་དགོས་ལ། གཞན་ཏུ་སློབ་དཔོན་རྡོར་དྲིལ་དང་བཅས། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུར་གྱུར། ལག་གཡས་རྡོ་རྗེ་དང་བཅས་ས་ལ་རེག་སྟེ་ཀཱི་ལ་ཡ་བརྒྱ་ཙམ་བཟླ། སྣང་རིག་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་མཉམ་པར་མོས་ལ། །སྭ་བྷཱ་བའི་སྔགས་བརྗོད་དེ་ཀུན་རྫོབ་དང་དོན་དམ་པའི་སྦྱོང་བ་མདོར་བསྡུས་པ་སྟེ། །འདི་ནི་རྒྱས་པ་སོགས་ལའང་སྤྱིར་འགྲོའོ། །ཐབ་ཁུང་རྩིགས་ཐབས་ནི་ལག་ལེན་ཏུ་མི་འགྲུབ་པ་ཤས་ཆེ་བས་མ་སྨོས་ལ། བྲིས་ཐབ་ནི། སྟེགས་བུ་རྒྱར་ཁྲུ་གང་། དཔང་དུ་རྐང་གང་ཙམ་པ་བྱུང་དང་ཙནྡན་དཀར་པོས་བྱུགས་ཤིང་གཞི་དཀར་པོ་བྱས་པར་ཐིག་ཆེན་བརྒྱད་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བ་ཐབ་དངོས་དང་། དེ་རྒྱབ་སོར་བཞི་པ་ཁྱེར། དེ་རྒྱབ་སོར་བཞི་མུ་རན། གཉིས་ཀ་ཟླུམ་པོ། ཐབ་གྱི་སྙིང་པོར་འཁོར་ལོ་རྩིབས་བཅུ་པ། རྩིབས་བཅུའི་དབུས་སུ་འཇམ་མགོན་ཀུན་བློས་ལས་བཞི་ཀར་གྲུ་གསུམ་མཐིང་ནག་རེ་བྲི་བར་བཤད། དབུས་དང་རྩིབས་བཅུ་ལ་ཕུར་པ་རེ་རེ། རྩིབས་ཀྱི་ཕུར་རྩེ་ནང་དུ་བསྟན། བསྡུ་ན་ཚོན་སྲུངས་ལྷ་མདོག་གམ་


LT31_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཚོམ་བཅུ་ཙམ་བཀོད། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། ཕྱིའི་གྲུ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བཞི། ཐམས་ཅད་ཁ་དོག་དཀར་པོ་བྱས་པའི་ཁ་ཁྱེར་གྱི་སྟེང་ནས། བ་ལུ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའམ་ཆའམ་སྲོག་ཆགས་མེད་པའི་ལྕི་བསྐམ་པོའི་བུད་ཤིང་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ལྷོའི་ཆར་མེ་ཚང་ངམ། ཏིང་པོ་ཟླུམ་པོ་བཞག །འགྲུབ་ན་ཐབ་ཀྱི་རྒྱབ་ཕྱོགས་སུ་ཐང་སྐུ་སོགས་རྟེན་བཀྲམ་པའི་མདུན་ཏུ་སྨན་རཀ་གཏོར་གསུམ། མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ། མཆོད་རྫས་བསྲེག་རྫས་སྟེགས་སོ་སོར་བྱ་དགོས་པ་ཡིན་ཀྱང་མི་འཛོམ་པའམ་སྟབས་བདེའི་ཁྱད་རྒྱུན་གྱི་ལག་ལེན་ཏུ་སློབ་དཔོན་གྱི་གཡོན་ཐབ་ཀྱི་གཡས་སུ། །སྟེགས་བུ་རིམ་པ་གཉིས་པའི་དང་པོར་དཔལ་ཆེན་པོའི་གཏོར་མ་གཙོ་འཁོར་ལྔའམ། ཡང་ན་གཙོ་བོ་ལ་ཐེབ་ཀྱུ་བཞིས་བརྒྱན་པའི་གཡས་གཡོན་ཏུ་སྨན་རཀ །གཏོར་ཆོག་ཚང་མ་བྱེད་ན་དེ་དག་གི་གཏོར་འབུལ། མེ་ལྷའི་གཏོར་མ། དཔལ་ཆེན་པོ་མ་གཏོགས་པ་གཞན་གཏོར་མ་ཐམས་ཅད་ཟླུམ་པོ་ཤ་སྟག །རིམ་པ་གཉིས་པར་ཆུ་གཉིས་ཉེར་སྤྱོད་ཚར་གཉིས་སམ། གཅིག་པ་གསོ་བའི་ཆས་དང་བཅས་པ། སློབ་དཔོན་གྱི་གཡས་ཐབ་ཀྱི་གཡོན་ཏུ་བུད་ཤིང་གི་རྒྱུད་ལས་ཡམ་ཤིང་བྱ་སྟེ། གསང་རྒྱུད་ལས་གསུངས་པའི་ཚད་དང་། །ད་ལྟའི་ཕྱག་བཞེས་མི་མཐུན་ཀྱང་སྔ་མ་ལྟར་ན་སློབ་དཔོན་གྱི་མཛུབ་གང་བ། རྩ་རྩེ་མར་དང་སྦྲང་རྩིས་བྱུགས་པ། མངར་གསུམ་བསྲེས་པའི་མར་ཁུ། ཏིལ། ཟས་མཆོག །སོ་བ། འབྲས། ནས། གྲོ། སྲན་མ། དུར་རྦ་དང་ཀུ་ཤ་རྩེ་མོ་མ་ཉམས་པ་བཅས་མེ་ལྷ་ལ་ཚོ་གཅིག་དང་། སྲེག་ལྷ་ལ་ཇི་ཙམ་འབུལ་བའི་གྲངས་


LT31_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་དང་ངེས་ཚོ་གཅིག་བཅས་ཕྲེང་བ་གཉིས་བཤམ། སློབ་དཔོན་གོས་རྒྱན་དཀར་པོ་ཞི་བའི་བསམ་པས་རྡོ་རྗེ་སྐྱིལ་ཀྲུང་གིས་སྟན་དཀར་པོ་ལ་ཁ་ཤར་དུ་ཕྱོགས་ཏེ་མེ་ཐབ་དང་ཞལ་སྤྲོད་དུ་བཞུགས་པའི་མདུན་ཏུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། འཐོར་ནས། དགང་བླུགས་ཁ་སྦྱར་བ་རྡོར་དྲིལ་གྱི་བར་དུ་བཞག །མེ་ཐབ་དང་སློབ་དཔོན་གྱི་བར་དུ་མེ་ཡོལ་སློབ་དཔོན་གྱི་རྐེད་པར་སླེབ་པའི་ཚད་ལ་གངས་རི་ཆུ་རི་བྲིས་པས་བཅད། གཞན་ཡང་དུང་ཞལ་གྱི་ཆུ་འཐོར་གཡབ་དང་བཅས་པ་ཀུ་ཤའི་ཆུན་པོ་བརྒྱད་ལ་སོགས་པའང་ཕྱོགས་གང་བདེར་བཞག །མཆོད་སྟེགས་ཆ་སོགས་མཆོད་རྫས་བསྲེག་རྫས་གཏོར་མ་ཐམས་ཅད་ཁ་དོག་དཀར་པོ་ཁོ་ན་དང་། །སྣོད་ཀྱང་དངུལ་ལམ་དུང་སོགས་དཀར་པོ་བྱ། འབྱོར་ན་དགང་བླུགས་དང་སྣོད་ཀྱི་དབྱིབས། མར་ཁུའི་རྒྱུ་སོགས་ལས་བཞི་སོ་སོར་བྱ་དགོས་པས་དེ་དག་གཞན་ཏུ་ཤེས་པར་བྱ། དུས་ཀྱང་འགྲུབ་ཏུ་རུང་ན་ཞི་བ་ལ་དབྱར་ཟླ་ར་བའི་ནམ་ལངས་སམ། རབ་བཞིའམ། གཞན་ལའང་ནམ་ལངས་སུ་བརྩམས་པར་བཤད་དོ། །གཉིས་པ་ནི། སྒྲུབ་མཆོད་ལྟ་བུ་དང་འབྲེལ་བའི་བདག་མདུན་བསྒྲུབས་ཟིན་པ་ཡིན་ན་སྐབས་སུ་བབས་པའི་ཚེ། བསངས་ཆུ་སྒྲུབ་པ་ནས་འཇུག་པར་བྱ་ཞིང་། །འདི་ཉིད་སྒེར་དུ་བྱ་བའི་ཚེ། བདག་བསྐྱེད་བཟླས་པ་རྫོགས་ཀྱི་བར་ལས་གཞུང་ལྟར་ཚང་པར་བཏང་། སྐབས་འདིར་མེ་དངོས་སུ་མི་སྦར་ཡང་ཏིང་ངེ་འཛིན་གྱིས་སྦར་བ་མོས་གསུང་། དུང་ཞལ་གྱི་དྲི་བཟང་ཆུ་ལ་རྡོ་རྗེ་རྩེ་མོས་ནང་མཆོད་འཐོར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་བས་སྦྱང་


LT31_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ཕོར་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུྃ་ལས་བྱུང་བའི་བསངས་ཆུ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་ཐམས་ཅད་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས་འཁྱིལ་བའི་སྔགས་ཉེར་གཅིག་བརྗོད་པས་བྱིན་གྱིས་བརླབས། དེ་ནས་འཐོན་ཡབ་ཀྱི་ཀུ་ཤའི་རྩེས་ཆུ་དེ་ཉིད་ནས་བླངས་ཏེ་མཆོད་རྫས་དང་སྲེག་རྫས་ཐམས་ཅད་ལ་འཐོར་ཞིང་སྔར་གྱི་སྔགས་ཀྱིས་བསང་། །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་། བསྲེག་རྫས་རྣམས་ཀྱང་གཙང་ཞིང་ཡིད་དུ་འོང་བ་ཞི་བའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨ་ཧ་ར་ལི་ཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནི་ཝི་དྱེ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་ཨུ་ཏ་ཕ་ལ་ཡ་ཧཱུྃ། ཨོཾ་བཛྲ་བིད་པཱུ་ར་ཡ་ཧཱུྃ་ཕཊ། ཀྱིས་མཆོད་རྫས་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། དེ་ནས་མཆོད་ཡོན་གྱི་ཕྱག་རྒྱ་ཁོ་ན་བྱ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང་དང་། ཨོཾ་ཤྲཱི་སཱ་ཧཱས་མར། ཨོཾ་ཛྲི༚་སྭཱ་ཧཱས་འབྲུ། ཨོཾ་ཨོཾ་སྭཱ་


LT31_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱང་། བསང་ཆུ་ཐབ་ཏུ་འཐོར་ལ། བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་ཁ་ཁྱེར་དང་མུ་རན་ལ་རྡོ་རྗེས་མཚན་ཞིང་། ཕྱི་རོལ་སྟེགས་བུ་ཁྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་ཐོགས་པ་མེད་པ་བུད་ཤིང་བརྩིགས་པ་དང་བཅས་པར་གྱུར། དེ་ནས་འཇིག་རྟེན་པའི་མེ་ལྷ་བསྐྱེད་ཅིང་སྲེག་བླུགས་འབུལ་བ་ནི། དེའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ་ར་སྐྱེས་དཀར་པོ་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་དཀར་པོ་འཛིན་པ་གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་དང་སྨ་རའི་ཨག་ཚོམ་ཅན་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་ཞེས་དང་ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག་མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ།


LT31_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀཱརྨ་པྲ་སཱ་དྷ་ཀ་མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་སྟཾྭ། ཨ་གྲྀ་ཧི་ཏྭ། སརྦ་སརྟྭ་རྠ་ཀྲྀ་ཏོ་ཨཱ་ཧཱུ་ཏི་ཨ་སྨིནྶནྣི་ཧི་ཏོ་བྷ་བ་པདྨ་ཀ་མ་ལ་ཡ་སྟཾྭ། ཞེས་པས་སྤྱན་དྲངས་ཤིང་གདན་ཕུལ། ཨོཾ་ཨགྣ་ཡེས་ཕ་རི་ཝར་ཨརྒྷཾ། ནས། ཤབྡ་ཨཱཿཧཱུྃ་ཞེས་མཆོད། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་དུཥྚཾ་བྷ་སྨིན་ཀུ་རུ་ཧཱུྃ་ཕཊ་དྲྀ་ཤྱ་ཧོཿཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭྃ། ཞེས་པས་དམ་ལ་བཞག །ཛཿཧཱུྃ་བྃ་ཧོཿ ཞེས་པས་དམ་ཡེ་གཉིས་མེད་དུ་བྱས། སླར་ཡང་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཞེས་དབང་བསྐུར་རྒྱས་གདབ་བྱ། ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང་། སྟོང་པའི་ངང་


LT31_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩབ་དང་རྩེ་མོ་མ་ཉམས་པ་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད་ཅིང་སློབ་དཔོན་གྱིས་ཐལ་མོའི་བར་དུ་བཟུང་ལ། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ནི་དག་བྱེད་ཡིན། །འདིས་བདག་ཅག་གི་བགེགས་དང་མི་མཐུན་པའི་ཕྱོགས་ཞི་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་ཏུ་གསོལ། །ཞེས་བརྗོད་ཅིང་ལས་ཀྱི་རྡོ་རྗེ་ལ་སྤྲད་ལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་ཅིང་གཡས་བསྐོར་གྱིས་ཕྱོགས་མཚམས་བརྒྱད་དུ་བཀྲམ། སྦྱིན་སྲེག་གི་གཞུང་རྣམས་སུ་གོང་དུ་འཇིག་རྟེན་པའི་མེ་ལྷ་མ་བསྐྱེད་པར་མེ་སྦར་བར་བཤད་ཀྱང་། ཕྱག་ལེན་ལ་སྐབས་འདིར་མཛད་པས། ཚད་ལྡན་ད་དུ་སྦར་བའི་མེ་སྒྲོན་སློབ་དཔོན་གྱི་ཐལ་མོའི་བར་དུ་བཟུང་ལ། ཀཱི་ལ་ཡ་བརྗོད་ཅིང་ཐབ་ལ་གཡས་བསྐོར་ལན་གསུམ་བྱས་ལ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ཅིང་ཐབ་ནང་གི་ཏིང་ལོ་སྦར་ལ་མེ་གསོ། །སྔགས་དེ་བརྗོད་ལ་དགང་བླུགས་ཁ་སྦྱར་བས་མར་ལན་གསུམ་འབུལ། དེ་ནས་བྱོན་ཟན་འབུལ་བ་ནི། མེ་ལྷའི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དང་། དགང་བླུགས་ཀྱི་ཁ་ལ་རཾ་གྱིས་མཚན་པ། ཞེས་བརྗོད་ཅིང་བསམས་ལ་ལག་པ་གཡས་ཁུ་ཚུར་བཅང་བ་ལས་མཛུབ་མོ་དང་ཐེ་བོང་སྦྲེང་བས་བླུགས་གཟར་བཟུང་བ་ཁ་ཕུབ་ཏུ་བརྐྱངས། གཡོན་ཕྱག་རྒྱ་དེ་ཉིད་ཁ་གྱེན་དུ་བསྟན་པས་དགང་གཟར་བཟུང་ལ་གཡོན་པའི་མཛུབ་མོ་གཡས་པའི་ལག་མཐིལ་གྱི་འོག་ཏུ་བཞག་པ་བྱང་


LT31_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་མཆོག་གི་ཕྱག་རྒྱ་དང་བཅས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་ཕུལ་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉམས་ཆག་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱི༚ནྟ་ཀུ་རུ་སྭཱ་ཧཱ། ཞེས་སམ། བྱད་གདོན་ལྟ་བུ་དམིགས་བསལ་ཞི་བྱེད་ཡིན་ན་དེ་དང་དེ་སྦྱར་ཞིང་། བསྙེན་པའི་ཁ་སྐོང་སྐབས། སྡིག་སྒྲིབ་ཉམས་ཆག་གསང་སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཅེས་སྦྱར་བ་གཞན་ལའང་འགྲེ། མཐར་དགང་བླུགས་ཁ་སྦྱར་བ་ཐབ་ལ་གཡས་སུ་ལན་གསུམ་བསྐོར། དེ་ནས་སོ་སོའི་ཕྱག་རྒྱ་བཅས་ལ། ཨོཾ་ཨགྣ་ཡེ་ས་བ་རི་ཝ་ར་ཨརྒྷཾ་ཨཱཿཧཱུྃ། མཚན་སྔགས་སྦྱར་བ། པ་དྱཾ་ནས། ཤ་བྡ་རོལ་ཆེན་གྱི་བར་གྱིས་མཆོད། མཐེབ་སྲིན་གྱིས་ནང་མཆོད་གཏོར་ལ། ཨོཾ་ཨགྣ་ཡེས་པ་རི་ཝཱར་ཨོཾ་ཨཱཿཧཱུྃ། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །སྐབས་འདིར་མེ་པྲ་བརྟག་པ་གཞན་དང་མཐུན་ལ། ངན་རྟགས་བྱུང་ན་འཁྱིལ་བའི་སྔགས་བརྗོད་ཅིང་བསངས་ཆུ་འཐོར། དེ་ནས་བསྲེག་རྫས་འབུལ་བ་ནི་ཐོག་མར་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲཾཀྵཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བའི་མཐར། ཨོཾ་བོ་དྷི་བྲཾཀྵཱ་ཡ་བདག་དང་སེམས་ཅན་སོགས་འདོད་གསོལ་སྔར་ལྟར་བརྗོད་མེ་ལྷའི་བསྲེག་རྫས་རྣམས་རིམ་


LT31_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕུལ་ལ་རྗེས་ཆོག་སྐབས་དགོས་པས་ལྷག་མ་རེ་བཞག་གོ། །གྲངས་བཟུང་དང་འདོད་གསོལ་དེས་འགྲེས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ས་མར་དང་། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ་ས་ཏིལ། ཨོཾ་སརྦ་པཾ་བ་དེ་སྭཱ་ཧཱས་ཟས་མཆོག །ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱས་སོག་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་བཛྲ་གྷ་སྨྲ་ར་ཡེ་སྭཱ་ཧཱས་གྲོ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དུརྦ། ཨོཾ་ཨ་པྲ་ཏི་ཧ་ཏབཛྲཱ་ཡ་སྭཱ་ཧཱ་ས་ཀུ་ཤ་རྣམས་ཕུལ་ལ། གོང་ལྟར་སྡེ་ཚན་རེ་རེའི་མཐར་སྤེལ་ཚིག་སྦྱར་རོ། །ཐབ་ནང་དུ་བསང་ཆུ་ནས་ཅུང་ཟད་གཏོར་ལ། ཨོཾ་པྲོཀྵ་ནཾ་ཨཉྩ་མ་ན་མ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བས་བསང་གཏོར་དང་ཞལ་བསིལ་ཕུལ། མར་དགང་བླུགས་གང་ཐབ་ནང་དུ་ཕུལ་ལ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས་སྔར་གྱི་མེ་ལྷ་དེ་ཉིད་མེ་འབར་བའི་རྣམ་པར་གྱུར་པར་བསམ་ཞིང་། མེ་ལྷ་འབར་བའི་རྣམ་པར་གྱུར། ཞེས་སོ། །འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོ། །གལ་ཏེ་མཆོད་རྫས་དང་བསྲེག་རྫས་རིམ་པ་གཉིས་བཤམ་པ་མ་འཛོམ་ན་སྐབས་འདིར་ཁ་གསོས་ལ། བསངས་སྦྱང་། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །སོགས་ལས་གཞུང་ལྟར་ལ་བསྒོམ་པར་བྱ། ནམ་མཁའི་ཧཱུྃ་ལས་སྤྲོས་པའི་སོགས་དང་། །ནམ་མཁར་གནས་པའི་ཧཱུྃ་ཡིག་དེ། །ཞེས་བསྒྱུར། བདག་ཉིད༴ དང་རང་གི༴ ཞེས་པའི་ཚིག་རྣམས་དོར་ཏེ་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་པའི་མཇུག་གི། དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པའི་བར་བཏང་། ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་


LT31_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བ་ཞི་འཛུམ་ཅན་འོད་ཟེར་དཀར་པོ་འཕྲོ་བས་བདག་གཞན་གྱི་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཞི་བར་མཛད་པར་མོས། སྐབས་འདིར་སྒྲུབ་མཆོད་དང་འབྲེལ་ན་ཚོམ་བུ་སྤྱན་འདྲེན་དགོས་པ་ནི་སྤྱི་དང་མཐུན། དེ་ནས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་གནས་སོགས་ནས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པར་གཞུང་ལྟར། དེ་ནས་བྱོན་ཟན་འབུལ་བ་ནི། གོང་སྨོས་བྱང་ཆུབ་ཕྱག་རྒྱས་དགང་བླུགས་བཟུང་ལ། ཀཱི་ལ་ཡ་ལན་གསུམ་གྱིས་སྔགས་པའི་མང་དགང་བྱུགས་བདུན། ཨགྣའི་སྔགས་སྤེལ་ཚིག་དང་བཅས་པ་གསུམ་གྱིས་འབུལ། སྨན་རཀ་གཏོར་གསུམ་བྱིན་རླབས་ལ་ལས་གཞུང་ལྟར་དང་། མཆོད་རྫས་བསྲེག་རྫས་བྱིན་རླབས་གོང་སྨྲོས་ལྟར་བྱ། ལས་གཞུང་གི། ཨོཾ། སངས་རྒྱས་ཀུན་དང་སོགས་སྨན་རཀ་གཏོར་གསུམ་འབུལ་བ་ནས་མཐར་ཆགས་སུ་བཏང་བ་ལས། བསྒྲལ་མཆོད་ལེའུ་དང་པོ། ཛཿདམ་ཚིག་ཆེན་པོ་ཙམ་གྱིས་འཐུས་བས། ཧཱུྃ་ཀ་ར་ཧཱུྃ་ཨ། ཞེས་གྲུབ་ནས། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་སོགས་ནས་བསྟོད་པ་རྫོགས་ཀྱི་བར་བརྐང་། དེ་ནས་བསྲེག་རྫས་འབུལ་བ་ནི། གོ་རིམ་མེ་ལྷའི་སྐབས་ལྟར། སྔགས་རྣམས་ཀཱི་ལ་ཡ་འབའ་ཞིག་གིས་འབུལ། འབུལ་ཡུལ་ཀྱང་། ཡཾ་ཤིང་ནི་མེ་འོད་འབར་བ་ལ། ཞུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤའི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །དེ་ལ་བསྙེན་པའི་སྐབས་སུ་བསྙེན་ཚད་འབུམ་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་གི་གྲངས་འཛིན་དགེས་བས། དེ་


LT31_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྡིག་པ་ཞི་བ་དང་གསང་སྔགས་ལྷག་ཆད་ཀྱི་ཉེས་པ་གསོ་བའི་ཕྱིར་ཏིལ་ལ་མ་ཡུངས་ཀར་གང་རུང་ལ་བཅུ་ཆའི་གྲངས་འཛིན་ཅིང་། སྟོང་ར་ཅན་ལ་སོགས་པའི་མཐར་གྲངས་འཛིན་གྱི་ཏིལ་ཡུངས་གང་རུང་ཐབ་ནང་དུ་ཐོག་མར་ཕུལ། དེ་ནས་ཡམ་ཤིང་ནས་ཀུ་ཤའི་བར་གྱི་རྫས་རྣམས་ཀཱི་ལ་ཡ་སྤེལ་ཚིག་དང་བཅས་པས་ཚར་བཅུ་གཅིག་ཕུལ། སླར་ཡང་སྔར་བཞིན་ཏིལ་ཡུངས་ལ་གྲངས་བཟུང་དེ་འདྲ་བ་ལན་བཅུ་གཅིག་ཕུལ་བའི་མཐའ་མར་བྱོན་ཟན་གྱི་སྐབས་ལྟར་མར་དེ་གང་བླུགས་བདུན་སྤེལ་ཚིག་དང་བཅས་པ་ལན་གསུམ་འབུལ། དེ་ནས་ཕྱི་ནང་གིས་མཆོད་ལ་བསྟོད་པ་མདོར་བསྡུས་ཀྱི་རྗེས་སུ་གཏོར་ཆོག་ལ་འཇུག །ཡང་རང་དང་གཞན་གྱི་དོན་དུ་བར་ཆད་ལ་སོགས་པ་ཞི་བའི་ཕྱིར་འཕྲལ་ལ་སྦྱིན་སྲེག་བརྩམས་པ་རྣམས་ལ་ནི་བསྙེན་པའི་བཅུ་ཆ་ལྟ་བུའི་གྲངས་འཛིན་ཐུབ་ན་རབ་དང་། དེ་མིན་ཀྱང་དེ་ལྟར་ཕྱག་ལེན་ལ་མཛད་པ་ལྟར་ཀཱི་ལ་ཡ་ཁོ་ནས་ཐོག་མར་ཡམ་ཤིང་རྐྱང་པ་བརྒྱ་རྩ་ཕུལ་བའི་མཐར་སྤེལ་ཚིག་དང་བཅས་པ་འབུལ། འདི་ལ་ཐོག་མ་གཅིག་གཉིས་ཤིག་དང་མཚམས་མཚམས་སུ་རེ་གཉིས་མ་གཏོགས་དངོས་སུ་མི་འབུལ་ཞིང་སྟངས་ཀ་བྱས་ལ་ཕྱོགས་གཅིག་ཏུ་བསགས་ཤིང་རིམ་གྱིས་མེ་ཁ་གསོ། །དེ་ནས་མར་ནས་བཟུང་སྟེ་ཀུ་ཤའི་བར་རྫས་སོ་སོ་ནས་བརྒྱ་རྩ་རེ་ཕུལ་ཞིང་མཐར་སྤེལ་ཚིག་སྦྱར། དེ་ཐམས་ཅད་ཕུལ་བའི་རྗེས་སུ་མར་དགང་བླུགས་བདུན་སྤེལ་ཚིག་དང་བཅས་པ་ལན་གསུམ་འབུལ། སྦྱིན་བདག་ལྟ་བུ་དངོས་སུ་ཉེ་སྐོར་ན་ཡོད་ན། དེའི་མཐེ་བོང་དང་བླུགས་གཟར་ལྷན་ཅིག་ཏུ་བཟུང་ལ་


LT31_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གང་བའི་སྦྱིན་སྲེག་བདུན་གསུམ་ཉི་ཤུ་རྩ་གཅིག་འབུལ་ཞིང་། སྤེལ་ཚིག་ཀྱང་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང་། སྐྱེ་བ་འདིར་ཡང་ལན་ཆགས་ཤིང་ཤ་འཁོན་ཏུ་གཉེར་བའི་མི་དང་མི་མ་ཡིན་གྱི་གདུག་རྩུབ་ཀྱིས་ཚེ་དང་སྲོག་ལ་རྒོལ་བ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་སྒེག་ཕྲེང་སོགས་དང་མཆོད་ཡོན་སོགས་ཀྱི་མཆོད། སྨན་རཀ་གཏོར་གསུམ་ཤློ་ཀ་རེའམ་སྔགས་ཙམ་གྱིས་མཆོད་པ་ནང་མཆོད། བསྟོད་པ་མདོར་བསྡུས་བཅས་བྱ། གཏོར་ཆོག་རྒྱས་པར་སྤྲོ་ན་སྤྱི་ལྟར་སྐབས་འདིར་བྱ། མི་སྤྲོ་ནའང་དཀར་བདུད་ཕུར་སྲུང་རྣམས་ལ་གཏོར་འབུལ་ངེས་པར་འགྲུབ་ན་ལེགས། གང་ལྟར་ཚོགས་རྫས་བཤམས་ལ་ལས་གཞུང་ལྟར་ཚོགས་བྱིན་རླབས་ནས་རིམ་པར་བཏང་སྟེ་ཚོགས་ལ་རོལ་རྗེས་གཏོར་འཕུལ་རྒྱས་པ་བྱེད་སྐབས་ཆོས་སྐྱོང་སྤྱི་བསྟབ་བྱ། ལྷག་ཆོག་རྒྱས་པ་འགྲུབ་དཀའ་བས་གཏོར་བཟློག་ཏུ་གསལ་བའི་བསྡུས་པ་དང་བརྟན་མ་སྐྱོང་། དེ་ནས་རྗེས་ཆོག་བྱས་པས་འགྲུབ་བོ། ༈ །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། བཤམ་དང་ཡོ་བྱད། ཆོག་གཞུང་སྤྱི་ཐམས་ཅད་ཞི་བའི་སྦྱིན་སྲེག་ཁོ་ན་ཁ་བསྒྱུར་བས་འགྲུབ་ཅིང་། དེ་ལ་མེ་ཐབ་གྲུ་བཞི་སེར་པོ་བ་བྱུང་དང་གུར་གུམ་སོགས་ཀྱིས་བྱུག །ཐབ་ཁ་ཁྱེར་མུ་རན་བཅས་གྲུ་བཞི་ཁོ་ནར་བྱས་པའི་ཁ་ཁྱེར་ལ་ནོར་བུའི་ཕྲེང་བས་བསྐོར། བུད་ཤིང་དང་ཡམ་ཤིང་འབྲས་བུ་ཅན་ནམ། མར་ཁུ་རང་ལྡན་པའི་ཤིང་། ཚད་ཁྲུ་གང་བ། བསྲེག་རྫས་ཀྱི་གོ་རིམ། དཱུརྦ། སྲན་མ། འབྲས། ནས། གྲོ། སོ་བ།


LT31_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ། ཀུ་ཤ་རིམ་པར་བསྒྲིག །མཆོད་སྟེགས་ཆས་རྒྱན་མཆོད་རྫས་སྲེག་རྫས་གཏོར་མ་དང་བཤམ་བའི་སྣོད་ཐམས་ཅད་དབྱིབས་གྲུ་བཞི་མདོག་སེར་པོ། བལྟས་ལ། དུས་སྟོན་ཟླ་ར་བའམ་གང་ཡང་རུང་བའི་ཐོ་རངས་སམ་ཉིན་གུང་བརྩམས་པར་བཤད་དོ། །བྱིན་རླབས་སྐབས། བསྲེག་རྫས་གཙང་ཞིང་སྣུམ་བག་དང་ལྡན་པ་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པའི་ནུས་པ་དང་ལྡན་པར་གྱུར། ཞེས་སྒྱུར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་ཁ་ཁྱེར་རྃ་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པས། སོགས་སྔར་ལྟར་ལ། ལུགས་འདིར་ལས་བཞི་ཀར་མེ་ལྷ་སྐུ་མདོག་དངོས་དམར་པོ་ཁོ་ན་མཛད། མདོག་གཞན། དཀར་པོ་གར་ཡོད་དུ་སེར་པོ་ཞེས་བསྒྱུར། རྒྱས་གདབ་སྐབས། ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དགང་བླུགས་རིན་པོ་ཆེའི་ཕྱག་རྒྱས་བཟུང་སྟེ་དེའང་ལག་པ་གཉིས་ཁུ་ཚུར་བཅང་བ་ལས་མཐེ་བོང་དང་མཛུབ་མོ་རྩེ་སྦྱར་བའི་བར་ནས་དགང་བླུགས་བཟུང་བའོ། །སྤེལ་ཚིག་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་འཁོར་དང་ལོངས་སྤྱོད་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛོད་ཅིག །པིུ༚ཥྚ་ཀུ་རུ་ཨོཾ་སྭཱ་ཧཱ། ཞེས་སྦྱང་། བསྲེག་རྫས་ཀྱི་སྔགས་


LT31_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཤམ་པའི་གོ་རིམ་ལྟར་བྱ་དགོས། སྲེག་ལྷའི་སྐབས། ལྷ་ཚོགས་ཐམས་ཅད་སོ་སོའི་སྐུ་མདོག་ལས་ཅུང་ཟད་སེར་བ་འགྱིང་བག་དང་བཅས་ཤིང་འོད་ཟེར་སེར་པོ་སྤྲོ་བསྡུའི་སྒོ་ནས་བདག་དང་གཞན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པའི་ལས་མཛད་པར་བསམ། བསྲེག་རྫས་སྤྱིར་གྲངས་བརྒྱ་རྩ་བརྒྱད་དོ། །གཞན་སྡང་དང་ཁྱད་པར་མེད་དོ། ༈ །གསུམ་པ་དབང་གི་སྦྱིན་སྲེག་ནི། མེ་ཐབ་ཟླ་གམ་དམར་པོ་སིནྡྷུ་ར་དང་ཙནྡན་དམར་པོས་བྱུགས། དབྱིབས་ཟླ་གམ་ཁ་ཁྱེར་ལ་ལྕགས་ཀྱུ་ཁ་ཕྱིར་བསྟན་དང་ཞགས་པས་བསྐོར། ཤིང་དང་ཡམ་ཤིང་འབྲས་བུ་དམར་པོ་རོ་མངར་སྐྱུར་དང་ལྡན་པ་ཚད་མཐོ་གང་བྱ། བསྲེག་རྫས་ཟས་མཆོག །ཏིལ། སོ་བ། ནས། གྲོ། སྲན་མ། དཱུ་བ། ཀུ་ཤ་རིམ་པར་བཤམ། མཆོད་སྟེགས་རྒྱན་ཆས་མཆོད་རྫས་བསྲེག་རྫས་གཏོར་མ་དང་བཤམ་པའི་སྣོད་ཐམས་ཅད་དབྱིབས་ཟླ་གམ། ཁ་དོག་དམར་པོ། སློབ་དཔོན་གོས་རྒྱན་དམར་པོ་དབང་སྡུད་ཀྱི་བསམ་པས་པདྨའི་སྐྱིལ་ཀྲུང་གིས་གདན་དམར་པོར་ཁ་ནུབ་ཏུ་ཕྱོགས་པས་འཁོད། དུས་དཔྱིད་ཟླ་ར་བའམ་གང་ཡང་རུང་བའི་ཉི་མྱུར་ལ་བརྩམ་མོ། །བྱིན་རླབས་སྐབས། བསྲེག་རྫས་རྣམས་གཙང་ཞིང་ཡིད་དུ་འོང་བ་དམར་ཞིང་སྣུམ་པ་འོད་ཟེར་དམར་པོ་འཕྲོ་བས་སྣོད་བཅུད་ཐམས་ཅད་དབང་དུ་འདུ་བའི་ནུས་པ་དང་ལྡན་པར་གྱུར། ཞེས་བསྒྱུར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་གྲུ་གང་ཟབས་སུ་ཁྲུ་ཕྱེད་མུ་རན་ལ་ལྕགས་ཀྱུ་ཞགས་པའི་ཕྲེང་བས་མཚན་པ། ཕྱི་རོལ་


LT31_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་བུ་གྲུ་བཞི་པའི་གྲ་བ་ཞིར་ཟླ་ཕྱེད་རྡོ་རྗེས་བརྒྱན་པ་སོགས་སྔར་བཞིན། ཁ་དོག་དཀར་པོའི་མལ་དུ། དམར་པོ། ཞེས་དང་། རྒྱས་གདབ་སྐབས། །ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པདྨའི་ཕྱག་རྒྱ་ནི། ལག་པ་གཉིས་ཀྱི་མཐེ་ཆུང་སྲིན་ལག་འཛུབ་མོ་རྣམས། མཐེ་བོང་དང་སྦྱར་གུང་མོ་སྒྲེང་བའི་བར་ནས་དགང་བླུགས་བཟུང་། སྤེལ་ཚིག་ནི། ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་ཁྱད་པར་མཁས་གྲུབ་རྒྱལ་བློན་བསྟན་ལ་གནོད་པའི་དགྲ་བགེགས་རླུང་སེམས་སྣང་བ་ཐམས་ཅད་བ་ཤཾ་ཀུ་རུ་ཧོཿསྭཱ་ཧཱ། ཞེས་སྦྱར། སྲེག་སྔགས་ཀྱང་གོ་རིམ་བཤམ་པའི་སྐབས་ལྟར་འདོན་བསྔོ། །སྲེག་ལྷ་རྣམས། རང་རང་གི་སྐུ་མདོག་ལས་ཅུང་ཟད་དམར་བ་ཆགས་པའི་ཉམས་ཅན་ཤིན་ཏུ་འཛུམ་པ་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོ་བར་བསྒོམ། བསྲེག་རྫས་སྤྱི་གྲངས་ལྔ་བཅུའོ། །གཞན་ཞི་བའི་སྐབས་ལྟར་རོ། ༈ །བཞི་པ་དྲག་པོའི་སྦྱིན་སྲེག་ནི། སྐབས་དོན་ཁྱད་པར་ཅན་གྱིས་བྲིས་ཏེ། མེ་ཐབ་གྲུ་གསུམ་མཐིང་ནག་རོ་སོལ་མི་རུས་དུག་ཁྲག་གིས་བྱུག །ཁ་ཁྱེར་གྱི་ཕྱོགས་གསུམ་མཚམས་གསུམ་དུ་མདའ་གཞུ་ཕྱིར་འགེངས་པ་གསུམ། དེ་དག་གི་མཚམས་མཚམས་སུ་རྡོ་རྗེ་རྭ་གདེབས་པ་རེ་རེ་བྲི། ཐབ་ཀྱི་ནང་གི་ཟུར་གསུམ་ལ་ཁྲོ་ཞལ་ནང་དུ་བསྟན་པ་གསུམ་བྲི། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེ་རྭ་གདེངས་པ། དེའི་བར་ཁྱམས་སུ་གློ་སྙིང་རྒྱུ་ཞགས་བཀྲམ་པ་འབྲི། བུད་ཤིང་དང་ཡམ་ཤིང་ནི་དུག་ཤིང་དང་ཚེར་མ་ཅན་སོར་བཅུ་གཉིས་ཀྱི་ཚད་ཅན་རྩ་རྩེར་དུག་ཁྲག་སོལ་བས་བྱུགས་པ། རང་གི་གཡོན་ཐབ་ཀྱི་གཡས་སུ་བསྲེག་རྫས་མི་ཐོད་དམ་


LT31_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལ་སོགས་པའི་སྣོད་དུ་ཤ་སྣ། ཁྲག་སྣ། དུག་སྣ། སྐེ་ཚེ། ཤང་ཚེ། ཡུད་དཀར་ནག་ལ་སོགས་པ་དྲག་པོའི་རྫས་སྣ་གང་འཛོམ་ཕྱོགས་གཅིག་ཏུ་བསགས་པ་དང་། གོ་རིམ་བཞིན་དུ་སྤྱིར་བཏང་གི་རྫས་སོ་བ། སྲན་མ། ཏིལ། ནས། འབྲས། གྲོ། ཟས་མཆོག །དཱུ་རྦ། ཀུ་ཤ་རྣམས་དང་། ལྕགས་ལ་སོགས་པའི་སྣོད་དུ་མར་ཁུ་ཚ་བ་གསུམ་གྱིས་ཁ་བསྒྱུར་བ། ཁྱད་པར་ལྕགས་སྣོད་དུ་དགྲ་དམིགས་བསལ་ཡོད་ན་ལིང་ག་ཞལ་ཤེས་ལྟར་དང་། མེད་ན་བག་ཟན་ལ་ལིངྒ་རྣམ་ཤེས་ཚོགས་བརྒྱད་མཚོན་བྱེད་སོར་བརྒྱད་དམ། །རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་སོར་བཅུ་གཉིས་དུ་བྱས་པའི་སྙིང་གར་དུག་ཤོག་ལ་དུག་ཁྲག་གིས། །གྷ་ནྲྀྀ་ཏྲི་ཛཿམར་ཡ་རྦད། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད། ཧ་ཧ་མཱ་ར་ཡ་རྦད། ཅེས་བྲིས་པ་བཅུག་ལྕགས་སྣོད་དུ་རེ་བས་ཁ་བཅད་དེ། ལྕགས་ཀྱི་རྡོ་རྗེས་མནན་ལ་བཞག་གོ། །རང་གི་གཡས་ཐབ་ཀྱི་གཡོན་ཏུ་གཏོར་མཆོད་སྤྱི་དང་། ཁྱད་པར་ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག་སོགས་དྲག་མཆོད་ཚིག་རིས་དང་མཐུན་པ་བཀོད། གདབ་ལས་ཀྱི་ཆས་སོགས་འདུ་བྱ། མཆོད་སྲེག་ཆས་རྒྱན་མཆོད་རྫས་སྲེག་རྫས་གཏོར་མ་དང་བཤམ་པའི་སྣོད་ཐམས་ཅད་དབྱིབས་གྲུ་གསུམ། ཁ་དོག་ནག་པོ་འབའ་ཞིག་བྱ། སློབ་དཔོན་ཞྭ་ཕོད་སོགས་ཆས་ནག་པོ་ཁྲོ་ཞིང་གཏུམ་པས་ཙོག་པུར་ཞིང་ལྤགས་སམ་སྟན་ནག་པོར་ཁ་ལྷོ་ཕྱོགས་ལ་དུས་དགུན་ཟླ་ར་བའམ་གང་ཡང་རུང་བའི་སྲོད་ལ་བརྩམ་པར་བྱའོ། །ཐོག་མར་གཏོར་ཟློག་ལྟར་གནས་ཡོ་བྱིན་རླབས་བྱས་ལ་བདག་བསྐྱེད་བཟླས་པ་གྲུབ་ཀྱི་བར་བཏང་། །ཞི་བའི་སྐབས་ལྟར་བསང་ཆུ་བྲན་བརླབ། རྫས་རྣམས་བསངས་སྦྱང་། །སྟོང་པའི་ངང་


LT31_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཨ་ལས་བནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བར་དགྲ་བགེགས་བསྒྲལ་བའི་ཁྲག་གི་ཨརྒྷཾ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བསྲེག་རྫས་རྣམས་མེ་འབར་བའི་རང་བཞིན་ཅན་འུར་འུར་སོག་སོག་ཐོག་ཐོག་གི་སྒྲ་སྒྲོགས་པ། གདུག་པ་ཅན་ཐམས་ཅད་སྐད་ཅིག་ལ་འཇོམས་པའི་ནུས་པ་དང་ལྡན་པར་གྱུར། །ཞེས་བརྗོད་ཅིང་བསམས་ལ། ཨོཾ་བཛྲ་ཨ་ཧ་ར་ལི་ནས། ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་བརྗོད་པས་བྱིན་གྱིས་བརླབ། ཐབ་ཁུང་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་ཚ་ཞིང་བརྩུབ་པའི་སྟེང་དུ་ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་རྒྱར་སོར་ཉི་ཤུ་དབངས་སུ་སོར་བཅུ་ཁ་ཁྱེར་དང་མུ་རན་ལ་མདའ་གཞུ་རྡོ་རྗེ་རྭ་གདེངས་པ་སོགས་དྲག་པོའི་མཚོན་ཆ་དུ་མས་སྤྲས་པ། ནང་གི་ཟུར་གསུམ་ནས་ཟ་བྱེད་འབར་བའི་ཞལ་གནམ་ས་ལྟ་བུ་གདངས་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་ཤིན་ཏུ་ཚ་ཞིང་རྩུབ་པའི་བུད་ཤིང་བརྩིགས་པ་དང་བཅས་པར་གྱུར། དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་


LT31_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེ་ལྷ་རབ་ཏུ་ཁྲོས་པའི་གཟུགས་ཅན་ར་སྐྱེས་ཁམ་པའི་སྟེང་ན་བརྐྱང་བསྐུམ་ཁྲོ་འཁྲུག་རྔམ་པའི་རོལ་པས་བཞུགས་པ། ལུས་པོ་མེའི་རང་བཞིན་དམར་པོ་ལས་རབ་ཏུ་ཚ་བའི་མེའི་འོད་ཟེར་འཕྲོ་བ་ཞལ་གྱི་དཀྱིལ་འཁོར་དམར་ནག་ཁྲོ་གཉེར་དཔྲལ་བར་བསྡུས་ཤིང་ཨཾ་རྩིགས་བསྡམས་པ། སྤྱན་གསུམ་གློག་ལྟར་འཁྱུག་ཅིང་སྨྲ་ར་དང་ཨག་ཆོམ་མེ་ལྟར་འབར་བ་རལ་བའི་ཐོར་ཚུགས་ཅན། ཕྱག་གཡས་རྩེ་གསུམ་འབར་བ་ནམ་མཁའ་ལ་འཕྱར་ཞིང་། གཡོན་བགྲང་ཕྲེང་ནག་པོ་བརླ་སྟེང་དུ་འཛིན་པ། དྲང་སྲོང་གདུག་པའི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿཞེས་བརྗོད་ཅིང་སྔར་ཞི་བའི་སྐབས་སུ་བཤད་པའི་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཧཱུྃ། འགྲོ་བའི་དོན་དུ་ཐུགས་རྗེའི་སྐུ་སྤྲུལ་པ། །མེ་ལྷའི་རྒྱལ་པོ་ཉོན་མོངས་སྲེག་པའི་མཆོག །འགལ་བྱེད་བསྲེག་ཕྱིར་གནས་འདིར་སྤྱན་འདྲེན་ན། །འབར་བའི་ནང་དུ་ཞུགས་ནས་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་འཁོར་བཅས་བརླག་པའི་ཕྱིར། །ཡར་གྱི་བདུན་བརྒྱུད་ཡར་ལ་བསྙོགས་ལ་ཆོད། །ཕ་དང་མེས་པོ་ཡང་མེས་ཐམས་ཅད་སྲེགས། །མར་གྱི་བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །


LT31_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང་ཚ་བོ་ཡང་ཚ་ཐམས་ཅད་སོགས། །འགལ་བྱེད་ཐལ་བར་བརླག་ཕྱིར་སྤྱན་འདྲེན་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཨགྣ་ཡེ་ཧཱུྃ། ཏ་ཀ་ཛ་ཛཿཞེས་པས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟཾྭ། ཞེས་པས་གདན་ཕུལ། ཨོཾ་ཨགྣ་ཡ་ས་པ་རི་ཝཱར་སྔོན་དུ་འགྲོ་བས། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། དྲྀ་ཤྱ་ཧོ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟཾྭ། གྱིས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་བྱས་སླར་ཡང་རང་གི་སྙིང་ག་ནས་འོད་འཕྲོས་པས་དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཞེས་པས་དག་ལྷ་སྤྱན་དྲངས། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །ནས། དབང་དང་བྱིན་རླབས་འདིར་སྩོལ་ཅིག །གི་བར་གྱིས་གསོལ་བ་བཏབ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་ནས། ཀརྨ་ཀྲོ་དྷཱི་ཤྭ་རཱི་་ཨཱཿ ཞེས་དབང་བསྐུར་བས། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་ཀརྨ་ཧེ་རུ་ཀས་དབུ་བརྒྱན། གཞན་ཞི་བའི་སྐབས་ལྟར་ལས། དགང་བླུགས་ལག་མཐིལ་དུ་མཐེ་བོང་བཀུག་སྲིན་ལག་དང་གུང་མོ་དེའི་སྟེང་ནས་བཀབ། མཐེའུ་ཆུང་མཛུབ་མོ་གཉིས་སྒྲེང་བ་ཁྲོ་བོའི་སྡིགས་མཛུབ་ཀྱིས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱི་མཐར། ཨོཾ་ཨགྣ་ཡེ་སྤྱིར་བསྟན་པ་དང་བསྟན་པ་འཛིན་པའི་གང་ཟག་རྣམས་དང་ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་


LT31_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྦྱོར་ཕྱིན་ཅི་ལོག་ཏུ་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་མྱུར་བ་ཉིད་དུ་ཚར་གཅོད་པར་མཛད་དུ་གསོལ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་གསུམ་མཐར་སྤེལ་ཚིག་དང་བཅས་པས་འབུལ། དེ་ནས་མཆོད་བསྟོད་ཞི་རྒྱས་ཀྱི་སྐབས་ལྟར་བྱ་བའམ། ཡང་ན་བསྟོད་པ་འདི་བཞི་བྱ་སྟེ། ཧཱུྃ། བྱིན་ཟ་ཆེན་པོ་འབར་བའི་ཀློང་དཀྱིལ་དུ། །རྒྱགས་ཤང་དྲེགས་རྒོད་འགྱིང་བའི་ཁྲིར། །ཤིན་ཏུ་མི་བཟང་འབར་བའི་སྐུ་ཅན་ནི། །དྲང་སྲོང་ཚུལ་འཛིན་དགྲ་བགེགས་འཇོམས་ལ་བསྟོད། །ཅེས་བརྗོད། དེ་ནས་བསྲེག་རྫས་ནི། ཐོག་མར་ཡམ་ཤིང་། ཨོཾ་རུ་དྲ་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་བསྒྱུར་གྲངས་དང་སྤེལ་ཚིག་སྔ་མ་རྣམས་ཀྱིས་འགྲེ། བསྲེག་རྫས་སོ་སོ་བ་རྣམས་ཞི་བ་ལྟར་འབུལ་ཞིང་དེ་དག་སོ་སོར་ཤ་ཁྲག་ཐུན་རྫས་སོགས་གོང་སྨོས་དྲག་རྫས་རྣམས་བསྲེ་དགོས་སོ། །སྲེག་ལྷའི་་སྐབས། ཐབ་བསང་སྦྱང་། བསྐྱེད་ཆོག་གཏོར་ཟློག་སྐབས་ལྟར་ལ། སྤྱན་འདྲེན་ཚིག །བཛྲ་ས་མཱ་ཛཿའི་རྗེས་སུ་དབྱངས་དང་དྲག་རོལ་བཅས་འདི་སྐད་དོ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནམ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །རབ་འཇིགས་མཐིང་ནག་འཇིགས་པའི་རྒྱན་དང་ལྡན། །མཐིང་ནག་རལ་པ་བསྐལ་པའི་མེ་ལྟར་འབར། །བརྗིད་པའི་སྟོབས་ཀྱིས་དྲེགས་པ་ཟིལ་གྱིས་གནོན། །འཁོར་ལོ་རྒྱས་འདེབས་ཡུམ་


LT31_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་ལ་རོལ། །མེ་ཕུང་འབར་བའི་གདན་ལ་སྤྱན་འདྲེན་ན། །འགལ་བྱེད་བསྲེག་ཕྱིར་གནས་འདིར་གཤེགས་སུ་གསོལ། །འགལ་བྱེད་དགྲ་བགེགས་གཏན་ནས་བསྲེག་པའི་ཕྱིར། །ཡར་གྱི་བདུན་བརྒྱུད་ཡར་ལ་སྙོགས་ལ་ཆོད། །ཕ་དང་མེས་པོ་ཡང་མེས་ཐམས་ཅད་སྲེགས། །མར་གྱི་བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །བུ་དང་ཚ་བོ་ཡང་ཚ་ཐམས་ཅད་སྲེགས། །ཧཱུྃ། སྟེང་གི་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །ཧཱུྃ་ཆེན་ཀཱ་ར་རྡོ་རྗེ་སྒྲ་འབྱིན་བཅས། །ཕག་དང་སྨིག་བུའི་འཁོར་ཚོགས་ཐམས་ཅད་ཀྱང་། །དྲག་པོ་འབར་བའི་དབྱིངས་ནས་སྤྱན་འདྲེན་ན། །མེ་ཕུང་འབར་བའི་གདན་ལ་གཤེགས་སུ་གསོལ། །འགལ་བྱེད་དགྲ་བགེགས། སོགས་ཚིག་རྐང་བཞི་སྔ་མས་རིགས་འགྲེའོ། །ཤར་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །རྣམ་པར་རྒྱལ་བ་རྡོ་རྗེ་སྒེག་མོར་བཅས། །སྟག་དང་བྱ་རྒོད༴ །དྲག་པོ་འབར་བའི༴ །མེ་ཕུང་འབར་བའི་གདན་ལ༴ །འགལ་བྱེད་དགྲ་བགེགས་སོགས། མེ་མཚམས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །དབྱུག་པ་སྔོན་པོ་རྡོ་རྗེར་སྡེར་མོར་བཅས། །གཡག་དང་བྱ་རོག་འཁོར། །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །གཤིན་རྗེའི་གཤེད་པོ་རྡོ་རྗེ་དུར་ཁྲོད་བཅས། །ཤ་བ་འུག་པའི་འཁོར་


LT31_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༴ །དྲག་པོ་འབར༴ །མེ་དཔུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ལྷོ་ནུབ་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །མི་གཡོ་མགོན་པོ་རྡོ་རྗེ་གཏུན་ཁུང་བཅས། །གཟིག་དང་ཁྭ་ཏའི་འཁོར་ཚོགས། །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ནུབ་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །དཔལ་ཆེན་རྟ་མགྲིན་རྡོ་རྗེ་གཏུམ་མོར་བཅས། །བྱི་ལ་ཕུ་ཤུད་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ནུབ་བྱང་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །གཞན་གྱིས་མི་ཐུབ་རྡོ་རྗེ་མདའ་སྙེམས་བཅས། །རི་ཁྱི་ཁྲ་ཡི་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས་སོགས༴ །བྱང་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །བདུད་རྩི་འཁྱིལ་པ་རྡོ་རྗེ་རླུང་འབྱིན་བཅས། །སེངྒེ་ཕ་ཝང་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས་སོགས༴ །བྱང་ཤར་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་གསོད་བྱེད་བཅས། །དྲེང་དང་སྲེ་མོང་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད༴ སོགས། འོག་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །འཇིགས་རུང་སྟོབས་ཆེན་རྡོ་རྗེ་རིག་བྱེད་བཅས། །དོམ་དང་བྱི་བའི་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་སོགས༴


LT31_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། དགུག་འདྲེན་འཆིང་སྡོམ་མཛད་པའི་འཕྲུལ་མོ་ཆེ། །པུ་ཤུད་བྱ་རོག་སྲིན་བྱ་ཁྲ་མགོ་ཅན། །དྲེགས་བྱེད་འཁོར་ཚོགས་བཅས་པ་ཐམས་ཅད༴ །དྲག་པོ་འབར༴ །མེ་ཕུང་འབར་པའི༴ །འགལ་བྱེད་དགྲ་བགེགས་སོགས༴ །དུག་ལྔའི་ཉོན་མོངས་རྣམ་དག་རང་བཞིན་ཅན། །སྲས་མཆོག་བཛྲ་ཀཱི་ལ་རྣམ་པ་ལྔ། །དྲེགས་བྱེད་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད༴ །དགྲ་བགེགས་སོགས༴ །རྡོ་རྗེ་ཕུར་པའི་སྲུང་མར་ཞལ་བཞེས་པའི། །བདག་ཉིད་ཆེན་མོ་ཤྭ་ན་ས་བདག་མ། །དྲེགས་བྱེད་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས་སོགས༴ །ཕྱི་རབས་རྣལ་འབྱོར་སྒྲུབ་པོའི་གྲོགས་བྱེད་ཅེས། །གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འཆེས་མ། །རིག་འཛིན་མ་སངས་གནས་བདག་སྲུང་མར་བཅས། །དྲེགས་བྱེད་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ འགལ་བྱེད་དགྲ་བགེགས་སོགས༴ །ཁྲག་འཐུང་མ་བདུན་ཕྲ་མེན་མ་ཚོགས་རྣམས། །ཕུར་པའི་སྲུང་མ་ཕྱོགས་བཞིའི་མ་མོ་བཞི། །དབང་ཕྱུག་ཡིད་འཕྲོག་འཇུག་སྲེད་ནུ་མ་ཅན། །ཕོ་ཉའི་ཚོགས་རྣམས་ཁྱུང་གི་ཁྲ་ཐོགས་མ། །ལ་ལ་ཤིན་ཏུ་མི་གདུག་སྲིན་མོའི་ཚུལ། །ལ་ལ་རབ་ཏུ་མཛེས་པའི་འོད་ལྡན་མ། །ལ་ལ་ནམ་མཁའི་མཐའ་ལྟར་ཁྱབ་པར་གནས། །མ་


LT31_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དཔལ་གྱི་དམ་ལ་བཏགས་སོ་འཚལ། །འཁོར་བཅས་འབར་བའི་དབྱིངས་ནས་སྤྱན་འདྲེན་ན། །མེ་ཕུང་འབར་བའི་གདན་ལ་གཤེགས་སུ་གསོལ། །འགལ་བྱེད་དགྲ་བགེགས་གཏན་ནས་བརླག་པའི་ཕྱིར། །ཡར་གྱི་བདུན་བརྒྱུད་ཡར་ལ་སྙོགས་ལ་ཆོད། །ཐ་དང་་མེས་པོ་ཡང་མེས་ཐམས་ཅད་སྲེགས། །མར་གྱི་བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །བུ་དང་ཚ་བོ་ཡང་ཚ་ཐམས་ཅད་སྲེགས། །མདོར་ན་རྡོ་རྗེ་ཕུར་བའི་ལྷ་ཚོགས་རྣམས། །མ་ཐོགས་རིངས་བའི་ཚུལ་གྱིས་འདིར་བྱོན་ལ། །བསྟན་ལ་གནོད་བྱེད་དམ་ཉམས་དགྲ་བགེགས་ཚོགས། །ལོ་ཟླ་ཡུན་རིང་བཞག་པའི་ལོངས་མེད་པས། །ཞག་དང་ཟ་མའི་དུས་ལ་རྟགས་སྟོན་ལ། །ཐམས་ཅད་གཏན་ནས་བརླག་ཕྱིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་བརྗོད། བསྡུ་ན། འགལ་བྱེད་དགྲ་བགེགས་སོགས་ཁྲོ་བཅུའི་མཇུག་ཏུ་གཅིག །བཀའ་སྲུང་ཡོངས་རྫོགས་མཇུག་ཏུ་གཅིག་ཙམ་སྦྱར། །དམིགས་པ་ནི་རྡོ་རྗེ་ཕུར་པའི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཕྱོགས་མཚམས་སྟེང་འོག་ཀུན་ནས་གླང་ཆེན་སྨྱོན་པ་དམག་ལ་ཆས་པ་ལྟར་ཁྲོ་འཁྲུགས་རྔམས་བས་ཞལ་གནམ་ས་ལྟ་བུ་གདངས་ནས་འཕྱོངས་ཤིང་ལྡིང་ཞིང་འུར་སྒྲ་དང་བཅས་པས་མདུན་གྱི་ནམ་མཁར་བྱོན་པར་བསམ། སྲིད་གསུམ་གདུག་བ་སོགས་ཞི་བ་ལྟར་ལ། ལྷ་


LT31_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་རང་གི་སྐུ་མདོག་ལས་ཅུང་ཟད་མཐིང་ནག་ཏུ་གྱུར་ཅིང་མེ་སྟག་འཕྲོ་བ་རབ་ཏུ་ཁྲོས་པའི་གདངས་མིག་ཕྱོགས་བཅུ་ཀུན་ཏུ་བགྲད་ཅིང་ཞལ་ནས་ཧ་ཧ་ཧཱུྃ་ཕཊ་ཀྱི་ང་རོ་འཁྲུག་ལྟར་སྒྲོགས་པ་དང་ཞབས་ས་གཞི་ལ་བརྡབས་པས་དབང་ཆེན་གྱི་བར་དུ་གཡོ་ཞིང་། །ནམ་མཁའ་ལས་ཀྱང་གློག་དང་མེ་དཔུང་འབྲུག་གི་སྒྲ་ལྟ་བུ་ཤིན་ཏུ་ཡང་བར་སྒྲོག་པར་བསམ་མོ། །དེ་ནས་བྱོན་ཟན་འབུལ་བ་ནི། ཀཱི་ལ་ཡ་ས་སྔགས་པའི་མར་དགང་བླུགས་བདུན་གསུམ་ཉི་ཤུ་རྩ་གཅིག་གི་མཐར་སྤེལ་ཚིག་དང་བཅས་པ་ཁྲོ་བོའི་སྡིག་མཛུབ་ཀྱིས་ཐབ་ནང་དུ་བླུགས་ཤིང་ཐབ་ཀྱི་ཁ་ལ་གཡོན་བསྐོར་དུ་བསྐོར་རོ། །སླར་ཡང་མཆོད་རྫས་བསྲེག་རྫས་བྱིན་རླབས་ནས་བསྟོད་པའི་བར་ཞི་བའི་སྐབས་ལྟར་ལ། སྨན་མཆོད་སྐབས། ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཞེས་པའི་མལ་དུ། ཐུགས་དམ་རྗེས་དགོངས་དྲག་པོའི་ཕྲིན་ལས་མཛོད། ཅེས་སྦྱར། དེ་ནས་བསྲེག་རྫས་གོ་རིམ་སོགས་མེ་ལྷའི་སྐབས་ལྟར་དང་། ཀཱི་ལ་ཡ་ཁོ་ནས་སྤྱིར་གྲངས་སུ་ཁ་སྐོང་དང་བཅས་པའི་དྲུག་ཅུ་རེ་བཞི་རེ་སྤེལ་ཚིག་བཅས་འབུལ། དེ་ནས་ཁྱད་པར་གྱི་རྫས་འབུལ་བ་ནི། ལིངྒའི་ཁེབས་བསལ་ལ་སློབ་དཔོན་གྱི་མདུན་ཏུ་བཞག །གཏོར་ཟློག་ལྟར་བསང་སྦྱང་། འགྲུབ་ཁུང་དང་ལིངྒ་བསྐྱེད། འགུགས་གཞུག་ལན་གསུམ། པཉྩ་སྐནྡྷཾ་སོགས་ཀྱིས་ལྷ་དང་དབྱེ། རྔ་རོལ་བཅས། ཧཱུྃ་བྷྱོ་། བརྒྱུད་གསུམ་བླ་མ་སོགས་ཀྱིས་དབང་གཟུག །ཛཿ དམ་ཚིག་ཆེན་པོ་སོགས་ཀུན་གཞི་རྩད་གཅད་དེ་བསྒྲལ་བ་ནས་བཻ་ཌཱུ་སྔོན་པོ་སོགས་ཀྱིས་ཞལ་བསྟབ་བྱ་བ་ཡན་གདབ་པའི་ལས་ཚང་བ་བཏང་། གོང་སྨོས་དྲག་པོའི་བསྲེག་


LT31_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ལིང་རོ་དང་བསྲེས་པ་ཐོད་པའི་སྣོད་དུ་བཞག །ལག་གཡས་གཡོན་གཉིས་ཀ་བྱ་ཁྱུང་གི་རྒྱ་རིམ་པར་བསྟན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་མམ་བདུན་གྱིས་བྱིན་བརླབ། མ་དག་པའི་དྲི་མ་སྦྱང་། ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་དྲག་པོའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར་པ་བསམས་ལ་སློབ་དཔོན་གྱི་ལག་པ་གཡས་པར་བཟུང་། གཡོན་པས་ཁྲོ་བོའི་སྡིགས་མཛུབ་ཁ་ཕྱིར་བསྟན། གཞན་རྣམས་ཐལ་མོ་སྦྱར་ལ། དགྲ་བགེགས་རྣམས་ནི་ཐམས་ཅད་དག །བསད་ཅིང་བསྒྲལ་བ་ལས་བྱུང་བའི། །ཤ་དང་རུས་པའི་ཕུང་པོ་སྤུངས། །ཁྲག་དང་ཞག་གི་རྒྱ་མཚོར་སྐྱིལ། །དོན་སྙིང་ནང་ཁྲོལ་ལང་ལོང་སྤུངས། །དྲག་པོའི་མཐུན་རྫས་འབར་བའི་ཚོགས། །བྷནྡྷ་འབར་བའི་སྣོད་ཡངས་པར། །ཟད་མི་ཤེས་པར་བྱིན་བརླབས་འདི། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཁྲོ་བཅུ་ཡབ་ཡུམ་མཆེ་གཤོག་ཚོགས། །སྒོ་མ་སྲས་མཆོག་ཕུར་པའི་ལྷ། །དབང་ཕྱུག་ཉེར་བརྒྱད་དམ་ཅན་མ། །བཅུ་གཉིས་རྣམས་དང་འཕྲོག་བྱེད་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ལ། །དང་བའི་སེམས་དང་ལྡན་པ་ཡི། །དྲག་པོ་འབར་བའི་ཧོམ་ཁུང་དུ། །ཡེ་ཤེས་ལྔ་ཡི་མེ་སྦར་ཏེ། །གཟུང་འཛིན་དགྲ་བགེགས་བསྒྲལ་ཕྱིར་དུ། །དྲུག་ཅུ་རྩ་བཞིའི་གྲངས་དང་བཅས། །རྔམ་པའི་སྟབས་ཀྱིས་འབུལ་ལགས་ན། །བདག་ཅག་དཔོན་སློབ་འཁོར་


LT31_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །གནོད་འཚེ་བྱེད་པའི་དགྲ་བགེགས་ནི། །སྡེ་དང་དཔུང་བཅས་ཐམས་ཅད་ཀུན། །རྡུལ་ཕྲན་བཞིན་ཏུ་བརླག་པར་མཛོད། །ཅེས་བརྗོད་ཅིང་མཆོད་གཡོག་པ་ལ་གྲངས་འཛིན་ཏུ་བཅུག་ལ། ཀཱི་ལ་ཡ་ལོ་ནས་དྲུག་ཅུ་རྩ་བཞི་ཕུལ་བའི་མཐར། གོང་གི་སྤེལ་ཚིག་དང་བཅས་པས་ཕུལ། །དེ་ནས་མར་ཁུས་གང་བའི་སྦྱིན་སྲེག་ལན་བདུན་གྱི་མཐར་སྤེལ་ཚིག་དང་བཅས་པས་ཕུལ་ལ་དགང་བླུགས་ཐབ་ལ་གཡོན་སྐོར་དུ་བསྐོར་བ་སོགས་མེ་ལྷའི་བསྲེག་རྫས་འབུལ་བའི་སྐབས་སུ་བཤད་པ་ལྟར་བྱའོ། །དེ་ནས་ཕྱི་ནང་མཆོད་པ་བསྟོད་པ་བཅས་ཞི་བའི་སྐབས་ལྟར་གྲུབ་པའི་རྗེས་སུ་ཕྲིན་ལས་བཅོལ་བ་ནི། ཐལ་མོ་སྦྱར་ལ། ཧོཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་མཐུ་སྟོབས་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་ཟ་གསོད་སྒོ་མ་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་བདག་དང་། །སྦྱིན་པའི་བདག་གམ། རྒྱུ་སྦྱོང་བ་འཁོར་དང་བཅས་པའི་སྔོན་གྱི་ལས་འཕྲལ་གྱི་རྐྱེན་ཕ་རོལ་གྱིས་རྦོད་གཏོང་བྱད་སྟེམས་མནན་གཏད་བསྲེགས་འཕང་བྱས་པ། །ལྷ་འདྲེའི་ཐ་ཁ་གཏད་པ། །གནོད་པའི་དབལ་ཟུག་པ། །བྱད་ཀྱིས་ཁྲམ་ལ་བཏབ་པ་ཐམས་ཅད་དགྲལ་སྒྱུར་ཅིག། ཞི་བ་དང་། རྒྱས་པ་དང་། འགུགས་པ་དང་། དྲག་པོའི་ལས་ཐམས་ཅད་ལ་མཐུ་དང་།


LT31_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་མཛོད་ཅིག །ཁྱད་པར་དུ་བསྒྲལ་བའི་ཞིང་དུ་གྱུར་པ་དགྲ་བགེགས་གཟུགས་བརྙན་ལིངྒ་ལ་བྲིས་ཤིང་། མིང་བྱང་གི་དཀྱུས་སུ་བཀོད་པ་འདི་རྣམས་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་བཞག་པར་མྱུར་བ་ཉིད་དུ་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་ཏུ་བརླག་པའི་ཕྲིན་ལས་མཛོད་ཅིག །གནོད་བྱེད་ཨ་མུ་ཀ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་ལན་གསུམ་བརྡབ། དེ་ནས་གཏོར་ཆོག་མན་ཆད་ཞི་བའི་སྐབས་སུ་སྨོས་པ་ཁོ་ན་དང་འདྲ་བ་ལས་འོན་ཀྱང་ཚོགས་མཆོད་སྐབས་བསྒྲལ་མཆོད་མི་དགོས་ཤིང་། ལྷག་ཆོག་དང་བསྐུལ་རྒྱས་པར་བྱ་བ་ནི་ཁྱད་པར་རོ། ༈ །ལྔ་པ་ལས་བཞི་ཀའི་རྗེས་ཀྱི་ཆོ་ག་ནི། སོ་སོའི་ཁྱད་པར་ཁ་བསྒྱུར་ལས་སྤྱི་ཁོག་འདྲ། །དང་པོ་དངོས་གྲུབ་བླང་བ་ནི། ཐལ་མོ་སྦྱར་ལ། ཡེ་ཤེས་ལྔ་ལྡན་སོགས་བརྗོད། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པ་རག །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་ལ་རང་ལ་ཐིམ། ཞེས་བརྗོད་ཅིང་བསམ་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཐབ་ཀྱི་ཐལ་བ་ནས་བླངས་ལ་དཔྲལ་བར་རེག །ཐབ་ཁུང་དུ་མར་དགང་བླུགས་གང་བླུགས་ལ། ཨོཾ་བཛྲ་ཛཱ་ལ་རཾ། ཞེས་བརྗོད་པས། མེ་ལྷ་ཞལ་ཕྱག་གི་རྣམ་པ་


LT31_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་གྱུར། ཞེས་བརྗོད་ཅིང་བསམས་ལ། སྔར་བསྲེག་རྫས་ཀྱི་སྐབས་སུ་བཤད་པ་ལྷར་རྫས་རྣམས་སོ་སོའི་སྔགས་སྤེལ་ཚིག་དང་བཅས་པ་བདུན་རེ་ཕུལ་བའི་མཐར། མར་གྱིས་གང་བའི་སྦྱིན་སྲེག་ལན་བདུན་ཕུལ། །མཆོད་བསྟོད། གཏོར་མ་ལས་བཞི་སོ་སོ་དང་མཐུན་པ་ནང་མཆོད་ཆུ་ཆང་བྲན། ཞི་རྒྱས་དབང་གསུམ་ལ་བསང་སྦྱང་། །སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། དྲག་པོ་ལ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། ལག་གཡོན་མཉམ་བཞག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས། ཨོཾ་ཨགྣེ་ཡེས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། མཚན་སྔགས་སྔོན་འགྲོའི་ཕྱི་མཆོད་ནང་མཆོད་གོང་བཞིན། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་སོགས་ཀྱི་རྗེས་སུ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འགྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོང་བསྲེག་པའི་ཤེས་


LT31_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་སིམ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། འདོད་དོན་ཞུ་བ་ནི་དྲིལ་བུ་སུམ་རྡུང་དུ་དཀྲོལ་ལ། དྲང་སྲོང་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིིས་འདོད་དོན་ཞུ། །དྲག་པོ་ལ་འདིར་དྲག་པོའི་འདོད་གསོལ་སྦྱར། གཤེགས་སུ་གསོལ་བ་ནི། བསང་གཏོར་དང་ཞབས་བསིལ་ཕུལ་ལ། ཨོཾ་བྲོཀྵ་ཾ་ཨཉྩ་མ་ནཾ་པ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། སྔར་གྱི་སྤྱན་འདྲེན་གྱི་ཕྱག་རྒྱ་རྣ་བ་གཉིས་ཀྱི་དྲུང་ནས་ཕྱིར་བསྐྱེད་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ཡ་ཧི་གཙྪ་མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་ལ་ཐིམ། ཞེས་བརྗོད་ཅིང་བསམ། ལྷག་ཆད་བསྐོང་བ་ནི། ཨོཾ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་ལན་བདུན་བརྗོད་པས་ལྷག་ཆད་ཁ་བསྐང་། གེ་ཆ་བགོ་བ་ནི། ཨོཾ་ཤྲཱི་


LT31_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀུ་མཱ་ར་སོགས་བརྗོད། །བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་ལ་མཐའ་རྒྱས་སུ་བྱ་ཞིང་། མེ་རོ་ཞི་རྒྱས་དབང་གསུམ་ལ་ལོངས་སྐབས་ཡོད་ན་མི་བསྒྲལ་བར་བཞག །ལོངས་སྐབས་མེད་ན་འོ་མ་དང་སྤོས་ཆུས་མནལ། དྲག་པོའི་མེ་རོ་འཕྲལ་དར་དུག་ཁྲག་གི་ཆུས་བསང་ལ་ཐལ་བ་རྣམས་ལས་མཐུན་གྱི་སྦྱོར་བ་དང་། །གཞན་ཡང་ཕྱག་ལེན་ཟབ་གནད་ཕྲ་མོ་རྣམས་ནི་གསང་བ་སྤྱི་ལྟར་ཤེས་པར་བྱའོ། །རྣོ་ལྡན་བྱིན་ཟས་དངོས་པོའི་ཚང་ཚིང་བསྲེག །སྟོབས་བཅུའི་གཟི་ཡིས་བདུད་སྔ་ཐལ་བར་མཛད། །རིག་པའི་ཉི་མས་ཉོན་མོངས་མུན་ཁང་འཇོམས། །ཆོས་ཉིད་མཐུ་ལས་དངོས་པོའི་སྟོབས་སུ་གྱུར། །དེ་ཕྱིར་ལེགས་བྱས་ཉི་གཞོན་སྟོང་འབར་བས། །སྙིང་པོའི་བསྟན་ལ་འཁུ་བའི་འབྱུང་བྱའི་མིག །ཟུམ་ནས་བསྟན་དང་བསྟན་འཛིན་དགའ་བའི་ཚལ། །དབྱར་གྱི་དཔལ་མོའི་བཞིན་རས་ལྟར་རྒྱས་ཤོག །ཅེས་པའང་དད་དམ་གྱི་བློ་ཅན་ཛཾ་ཐང་བླ་མ་ལྔས་ཆེད་དུ་བསྐུལ་ངོར། གྲུབ་པའི་འཁོར་ལོས་བསྒྱུར་བ་སྔགས་འཆང་རྒྱ་གར་བ་དང་། ས་ལོ་ཆེན་པོ། །འཇམ་མགོན་ཨ་མེས་ཞབས་རྣམས་ཀྱི་དགོངས་པ་བསྡུས་པ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་ཡིག་ཆའི་དོན་མ་འཁྲུལ་བར་གོ་བདེར་བསྡུས་པ་སྟེ། རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་ཀྱི་ཞབས་འདེགས་སུ་དམིགས་ནས་གང་དེའི་རིང་ལུགས་པ། །ཀུན་མཁྱེན་ཏཱའི་སི་ཏུའི་བཀའ་འབངས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་ངེས་དོན་སྙིང་པོའི་རིང་ལུགས་ཕྱོགས་རྒྱར་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཡང་དག་ཧེ་རུ་ཀ་འཁོན་ལུགས་ཟླ་གམ་དགུ་པའི་ཞི་བའི་སྦྱིན་སྲེག་ཉེས་པ་ཀུན་སྦྱོང་།


LT31_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཧེ་རུ་ཀ་འཁོན་ལུགས་ཟླ་གམ་དགུ་པའི་ཞི་བའི་སྦྱིན་སྲེག་ཉེས་པ་ཀུན་སྦྱོང་ཞེས་བྱ་བ་བཞུགས་སོ། །


LT31_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། །བདག་མེད་ཕྱོགས་བྲལ་དོན་དམ་མེས། །འཁྲུལ་སྣང་གདུག་པའི་ཚང་ཚིང་སྲེག། དཔལ་ལྡན་བླ་མ་ཧེ་རུ་ཀར། །བཏུད་ནས་སྲེག་བླུགས་བྱ་བར་འཆད། །འཁོན་སྟོན་འཇམ་དབྱངས་གོང་མ་རྣམས་ཀྱིས་ཕུར་པ་རྩ་བའི་དཀྱིལ་འཁོར་ཁོ་ན་ལ་བརྟེན་པའི་བསྙེན་པའི་ཁ་སྐོང་གི་ཚེ་དཀྱིལ་འཁོར་ལོངས་རྫོགས་ལ་སྲེག་བླུགས་འབུལ་བའི་ཕྱག་བཞེས་ཀྱིས་འདིར་ཡང་རིགས་འགྲེ་བར་མཛད་པས། ཡང་དག་ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་པའི་ཁ་སྐོང་དུ་བྱ་ཆོག་ཅིང་། ལྷ་དགུའི་བསྙེན་སྒྲུབ་ཀྱི་སྐབས་སུ་ཁྱེར་བདེ་བའི་སྲེག་བླུགས་ཀྱི་ལས་རིམ་འཆད་པ་ལ་གཉིས། ཡོ་བྱད་འདུ་བྱ་བ། ཆོ་ག་དངོས་བཤད་པའོ། །དང་པོ་ནི། །བསྙེན་སྒྲུབ་ཀྱི་སྐབས་སུ་གནས་དེ་ཉིད་དུ་བྱ་བ་ཡིན་ལ། དུས་གཞན་ཏུ་བྱེད་ན་སའི་ཆོ་ག་མདོར་བསྡུས་པས་ས་གཞི་དུལ་བར་བྱས་པ་ལ། །མེ་ཐབས་


LT31_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཆེན་བརྒྱད་བཏབ་པའི་སྟེང་དུ་ཁ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བ་ཐབ་དངོས། །དེ་རྒྱབ་སོར་བཞི་ཁ་ཁྱེར། སོར་བཞི་མུ་རན། དེ་རྒྱབ་གྲུ་བཞིར་བཅད་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་ནང་བསྟན་དང་། །སྟེགས་བུའི་དཔང་ཚད་དམ་མཛེས་ཆར་གྲུ་བཞིའི་རྒྱང་ཏུའང་ཆ་ག་སོར་བཞི་པ་བྱ། །ནང་སུམ་ཆ་ཟླུམ་པོར་བསྐོར་བའི་དབུས་སུ་ཟླ་གམ་སྒོ་གཅིག་པ་རང་ལ་བསྟན་པ་དང་། ཕྱོགས་མཚམས་བརྒྱད་དུ་ཟླ་གམ་སྒོ་གཅིག་པ་སྒོ་རྣམས་དབུས་ལ་བསྟན་པ་རེ་རེ་སྟེ་དགུ། ཁ་ཁྱེར་མུ་རན་གང་རུང་ལ་རྡོ་རྗེའི་ཕྲེང་བས་བསྐོར། ཐབ་ཀྱི་གཞི་དཀར་པོ་ལ་བཅད་ཚོན་རྣམས་དམར་སྐྱས་བྱ་ཞིང་ཚོན་སེལ་གཞན་མ་ཕོག་པ་གནད་ཆེ། །ལྷའི་གནས་རྣམས་སུ་མེ་ཏོག་གི་ཚོམ་བུའམ། །སོ་སོའི་སྐུ་མདོག་དང་བསྟུན་པའི་ཚོན་ཕུང་བྱ། རྒྱས་པར་དབུས་སུ་པད་ཉི་ལ་རྡོ་རྗེ་སྔོན་པོ། ཤར་དུ་ཞིང་དབྱུག་སོགས་ཕྱག་མཚན་སོ་སོར་བྲིས་ལ།


LT31_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་ཅན་གྱི་ཤིང་ངམ། དེ་མེད་ན་སྲོག་ཆགས་མེད་པའི་ལྕི་བས་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་ཟླུམ་པོར་བརྩིགས་པ་ལ་ནང་གི་ཤར་ལྷོའི་མཚམ། ཏིང་ལོ་ཆེ་བ་ཞིག་བཞག །མཐའ་བསྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུགས། དེའི་མདུན་ཏུ་རང་གི་སྟན་ནང་ཚང་ཅན་དཀར་པོ་བཏིང་། རང་གི་གཡོན་ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་གཏོར་མ་དཀར་ཟླུམ་གཉིས། རང་གི་གཡས་ཐབ་ཀྱི་གཡོན་ནས། བུད་ཤིང་རྒྱུ་ལས་བྱས་པའི་ཡམ་ཤིང་སོར་བཅུ་གཉིས་པ། མར་ཁུ། ཏིལ་ལམ་ཡུངས་དཀར། ཞོ་དང་སྦྱར་བའི་ཞལ་ཟས་མཆོག །སོ་བ། འབྲས། ནས། གྲོ། སྲན་མ། དཱུ་རྦ། ཀུ་ཤ་རྣམས་རིམ་པར་བཀོད། །མཆོད་སྲེག་གི་རྫས་དང་སྣོད་དང་སྟེགས་ཐམས་ཅད་ཁ་དོག་དཀར་པོ། །སྣོད་ཀྱི་དབྱིབས་ཟླུམ་པོ་བྱ། །གཞན་ཡང་ཀུ་ཤའི་ཆུན་པོ་བརྒྱད་དང་། རང་གི་མདུན་ཏུ་བསང་ཆུའི་སྣོད། །ཀུ་ཤའི་འཐོར་གཡབ། རྡོ་རྗེ་དྲིལ་བུ། ཌཱ་མ་རུ། འཐོར་ནས། ནང་གི་མཆོད་པ་རྣམས་བཤམས། །རྡོ་རྗེ་དྲིལ་བུའི་བར་དུ་དགངས་བཟར་བླུགས་གཟར་ཁ་སྦྱར་ལ་བཞག །རང་དང་ཐབ་ཀྱི་བར་དུ་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་བཞག །རྫས་ཐམས་ཅད་ལ་བདུད་རྩི་ལྔས་བྲན། ཕྱི་ཕྲེད་ཀྱི་དུས་སུ་སྒྲུབ་པ་པོ་ཁྲུས་བྱ། གོས་རྒྱན་དཀར་པོས་བརྒྱན་ལ་སྡིག་པ་དང་བར་ཆད་ཞི་བར་འདོད་པའི་བསམ་པས་ཁ་ཤར་དུ་བསྟན་ལ་སྐྱིལ་ཀྲུང་ངམ་པུས་འཁྱུང་བཅས་ཙོག་པུ་རྐང་པ་གཉིས་ཅུང་ཟད་བསྣོལ་བ་རིགས་བྱེད་འདོན་པ་ལྟ་བུའི་སྤྱོད་ལམ་གྱིས་འདུག་གོ། །གཉིས་པ་ནི། བདག་གི་རྣལ་འབྱོར་བཟླས་པ་གསོལ་


LT31_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ཀྱི་བར་སྔོན་ཏུ་སོང་ནས། སྲེག་བླུགས་དངོས་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་མེ་བཙལ་ཞིང་སྒྲུབ་པ་ནི། སྐབས་འདིར་ཏིང་ངེ་འཛིན་གྱི་མེ་སྦར་ཤིང་ཤིན་ཏུ་འབར་བར་བསམས་ལ་དངོས་སུ་མི་སྦར། །འདི་ནས་བརྩམས་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་ཞིང་རྡོར་དྲིལ་བཟུང་བ་དང་སྨྲ་བ་བཅད་པ་སོགས་སྤྱོད་ལམ་ངེས་པ་ཅན་ཏུ་བྱའོ། །བསང་ཆུ་སྒྲུབ་པ་ནི། འོག་གི་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ཕོར་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུྃ་ལས་བྱུང་བའི་བསང་ཆུ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་ཐམས་ཅད་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཡཀྵ་བི།།།ནྟ་ཀྲི་ཏ་ཧཱུྃ་ཕཊ། ཉེར་གཅིག་ཙམ་བཟླས་ལ་ཐབ་དང་ཡོ་བྱད་རྣམས་ལ་འཐོར་ཏེ། སྔགས་དེ་ཉིད་དང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ལས་ལྷ་རྫས་ཀྱི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་མཆོག་ཞལ་ཟས་རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དང་། བསྲེགས་རྫས་རྣམས་ཀྱང་གཙང་ཞིང་ཡིད་དུ་འོང་བ་ཞི་བའི་ལས་སྒྲུབ་པའི་ནུས་དང་ལྡན་པར་གྱུར། ཨོཾ་བཛྲ་ཨཱ་ཧ་ར་ལི་ཧཱུྃ་ཕཊ།


LT31_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་ཏུ། དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཨོཾ་བཛྲ་ཤབྡ་ཧཱུྃ། ཨོཾ་བཛྲ་ཨུ་ད་པ་ལ་ཧཱུྃ། ཨོཾ་བཛྲ་བིཏྤུྤར་ཡ་ཧཱུྃ། ཞེས་མཆོད་རྫས་རྣམས་བྱིན་བརླབ། ཨོཾ་ཨཱ་ཧཱུྃ་སྭཱ་ཧཱ། ཡམ་ཤིང་། ཨོཾ་ཤྲཱི་སྭཱ་ཧཱ། མར། ཨོཾ་ཛྲི༚་སྭཱ་ཧཱ། འབྲུ། ཨོཾ་ཨོཾ་སྭཱ་ཧཱ། རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་ཐམས་ཅད་སྦྱང་། ཐབ་ལ་བསང་ཆུ་གཏོར་ནས་ལས་སྔགས་ཀྱིས་བསང་། །སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད་ཁ་ཁྱེར་དང་མུ་རན་ལ་རྡོ་རྗེས་མཚན་ཞིང་། ཕྱི་རོལ་སྟེགས་བུ་གྲུ་བཞིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ་བུད་ཤིང་བརྩིགས་པ་དང་བཅས་པར་གྱུར། ཞེས་མོས། གཉིས་པ་ལ་གཉིས་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་གཡས་བགྲང་ཕྲེང་དང་། གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་དང་།


LT31_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྨ་རའི་ཨག་ཚོམ་ཅན་དྲང་སྲོང་གིས་ཚོགས་ཀྱི་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་འཕྲོས་ཏེ་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ། ཞེས་དང་། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག །མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུག་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀརྨ་པྲ་པཱ་དྷ་ཀ་མ་ཧཱ་བྷུ་ཏ་དེ་ཝ་རི་ཥི་དྭི་ཛ་སཏྭ་མ་གྲྀ་ཧི་ཏཱྭ། །སརྦ་སཏཱྭརྛ་ཀྲྀ་ཏཱྭ་ཨཱ་ཧཱུྃ། ཏི་ཨསྨི་སནྣི་ཧི་ཏཱྭ་བྷ་ཝ། ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡེ་སྟཾྭ། ཞེས་བཞུགས་སུ་གསོལ། ཨོཾ་ཨགྣ་ཡེ་ས་པཱ་རི་བཱ་ར་ཨརྒྷཾ་ནས། ཤབྡ་ཨཱ་ཧཱུྃ། གིས་མཆོད་དེ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལ་ཡ་སརྦ་དུཥྚཱ་ན་བྷ་སྨིན་ཀུ་རུ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾཾ། ཞེས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཡེ་བསྲེ། སླར་ཡང་རང་གི་སྙིང་ག་ནས་འོད་འཕྲོས་དབང་གི་


LT31_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བར་སྩལ་དུ་གསོལ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཞིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱི་དབུར་བརྒྱན། ཀུ་ཤའི་ཆུན་པོ་བརྒྱད་ལ་བསང་ཆུ་གཏོར་ནས། བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ། ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། ཚངས་པ་ཡི་ནི་དག་བྱེད་ཡིན། འདིས་བདག་ཅག་གི་བགེགས་དང་མི་མཐུན་པའི་ཕྱོགས་ཞི་ཞིང་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་ཀུ་ཤའི་རྩེ་མོ་གཡས་བསྐོར་དུ་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་བཀྲམ། རྡོ་ལྕགས་གཙུབས་པ་སོགས་ལས་བྱུང་བ་མ་ཡིན་པ་ཞི་བའི་རྒྱུ་ལས་བྱུང་བའི་མེ་སྦོར་བྱེད་ལས་སྔགས་ཀྱིས་བསང་། ཐབ་ལ་གཡས་སུ་ལན་གསུམ་བསྐོར་ཞིང་། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པས་ཐབས་ཀྱི་ནང་གི་ཏིང་ལོ་དང་བཅས་པའི་མེ་སྦར། སྔགས་དེ་དང་མར་དགང་བླུགས་གསུམ་ཕུལ་ལ་མེ་གསོ། །དེ་ནས། མེ་ལྷའི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་


LT31_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དགང་བླུགས་ཀྱི་ཁ་ལ་རཾ་གྱིས་མཚན་པ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཨགྣེ་ཡེ་དཱི་བྱ་བི་ཤུངྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧྞ་ཡ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་སྔགས་ཀྱི་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱི༚ནྟ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་ཟན་དབུལ། དགང་བླུགས་ཁ་སྦྱར་མ་ཐབ་ལ་ལན་གསུམ་བསྐོར་ཞིང་། ཨོཾ་ཨགྣི་ཡེ་ས་པ་རི་བཱ་ར་ཨརྒྷཾ་ཨཱཿཧཱུྃ། པ་དྱཾ་ནས་ ཤབྡའི་བར་གྱིས་མཆོད། ནང་མཆོད་མཐེབ་སྲིན་གྱིས་གཏོར་ལ། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨོཾ་ཨཱཿཧཱུྃ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོང་ཐམས་ཅད་སྲེགས། །འཇིག་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། ཅེས་པས་བསྟོད། སྐབས་འདིར་མེའི་པྲ་བརྟག་པར་བཤད་ཅིང་། དེའང་ཁ་དོག་དཀར་ཞིང་སྣུམ་པ་སྒྲ་ཅུང་ཟད་དང་བཅས་པ་དུ་བ་ཆུང་བ་ཞི་བའི་ལས་ལ་དགེའོ། །དུ་བ་ཆེ་བ་མེ་སྟག་རབ་ཏུ་འཕྲོ་བ་ནི་བགེགས་དང་བཅས་པ་ཡིན་པས་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུ་ཕྱོགས་ཀུན་ཏུ་འཐོར་རོ། །དེ་ནས་བསྲེག་རྫས་འབུལ་བ་ནི། ཐོག་མར་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བྷོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་བདུན་གྱིས་ཕུལ་བའི་མཐར། ཨོཾ་བྷོ་དྷི་པྲྀཀྵཱ་ཡ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་


LT31_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང་། གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་བཞིན་ཏུ་འོག་མ་རྣམས་ལའང་འགྲེས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཏིལ་ལམ་ཡུངས་དཀར་དང་། ཨོཾ་སརྦ་སམྤ་དེ་སྭཱ་ཧཱ། ཟས་མཆོག་དང་། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་དང་། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་དག །ཨོཾ་མ་ཧཱ་་བེ་གཱ་ཡ་སྭཱ་ཧཱ། ནས་དང་། ཨོཾ་བཛྲ་གྷསྨ་རྱེ་སྭཱ་ཧཱ། གྲོ་དང་། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྲན་མ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་དང་། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར། དེ་ནས་བསང་ཆུ་ནས་མེ་ནང་དུ་ཅུང་ཟད་བླུགས་ལ། ཨོཾ་པྲོཀྵ་ཾ་ཨཉྩ་མཱ་ནཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་པས་བསང་གཏོར་དང་ཞབས་བསིལ་ཕུལ། མར་བླུགས་གཟར་གང་ཐབ་ནང་དུ་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། གཉིས་པ་ནི། སླར་མེ་གསོ་བའི་ཕྱིར་བུད་ཤིང་བརྩིགས་པ་དང་། །མཆོད་པ་བསྲེག་རྫས་རྣམས་ཁ་ཅུང་ཟད་གསོས་ལ། བསང་སྦྱང་། མེའི་དབུས་སུ་བདག་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་ལས་རཾ་ཨེ་ཡཾ་རཾ་བཾ་ཀི༚་རཾ་རྣམས་འོག་ཏུ་ཆད།


LT31_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྷ་དགུའི་སྒྲུབ་ཐབས་ལྷར་ལ། བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་ཁྲོ་བོ་རོལ་པའི་ཕོ་བྲང་ཆེན་པོ་གྲུ་བཞི་སྒོ་བཞི་ནས། མེ་དཔུང་འབར་བའོ། །ཧཱུྃ་ལས་ས་མ་ཨ་རྣམས་འོག་ཏུ་ཆད། སླར་ཡང་ཛཿཡིག་འོད་ཀྱིས་ལྕགས་ཀྱུས་ལྷ་ཆེན་ཕོ་མོ་བཀུག །པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་བ་ཛཿ ཨུ་མ་དེ་བཱི་ཛཿ མ་ཏྲཾ་ཛཿ དབུས་སུ་པདྨ་ཉི་ཟླ་དྲག་པོ་ཕོ་མོའི་གདན་ཕྱོགས་མཚམས་བརྒྱད་དུ་པདྨ་ཉི་མ་རོའི་གདན་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུྃ། ཕྱོགས་མཚམས་བརྒྱད་དུ་གྃ་ཙྃ་པྲྃ་བྃ་པྃ་གྷྃ་ཤྃ་ཙྃ། ས་བོན་དེ་རྣམས་ལས་འོད་འཕྲོས་འདུས་དོན་གཉིས་བྱས། ཡོངས་སུ་གྱུར་པ་ལས། དབུས་སུ་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་སོགས་ནས། གཡས་བརྐྱང་གིས་ཡབ་ལ་སྦྱོར་བ། ཤར་དུ་གཽ་རཱི་སྔོན་མོ་སོགས་ས་བོན་དང་བསྐྱེད་སྔགས་དོར་བའི། ལུས་དང་ཡེ་ཤེས་ལ་རྡོ་རྗེ་སེམས་དཔའ་འོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་སྙིང་ག་ནས་འོད་འཕྲོས་པས་ཧེ་རུ་ཀ་ལྷ་དགུའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ སྤྱན་དྲངས་པ་ནི། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་


LT31_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཞེས་དང་། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་ཚིགས་བཅད་གཅིག་གི་མཐར། ཛཿཧཱུྃ་བྃ་ཧོ། །གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས། དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ །ཐབས་ཀྱི་སྤྱོད་པས་འགྲོ་དོན་ཏུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་དབུ་བརྒྱན་པར་བསམ་ཞིང་། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ། ཨོཾ་བུངྡྷ་ཤྲཱི་ཧེ་རུ་ཀ་བུངྡྷ་ཀྲོ་དྷི་ཤ་རི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་ཏྲཱཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཧྲཱིཿཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་ཨཱཿཞེས་དབང་བསྐུར་ཞིང་རྒྱས་གདབ། དེ་ནས་བྱོན་ལན་འབུལ་བ་ནི། རུ་ལུ་ལན་གསུམ་གྱི་མཐར། ཨོཾ་ཨགྣེ་ཡེ་ཞེས་སོགས་སྤེལ་ཚིག་དང་བཅས་པ་གོང་མ་ལྷའི་སྐབས་བཞིན་ཕུལ། སླར་ཡང་མཆོད་རྫས་དང་བསྲེག་རྫས་རྣམས་གོང་བཞིན་བྱིན་རླབས་ལ།། །།


LT31_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་ཕྲེང་སོགས་ཕྱི་ནང་གསང་གསུམ་གཏོར་མ་རཀྟ་བསྟོད་པའི་བར་ཟླ་གམ་གཅིག་པའི་སྒྲུབ་ཐབས་ལྟར་ཚང་བར་བྱ། དེ་ནས་ཡམ་ཤིང་ནས་ཀུ་ཤའི་བར་བསྲེག་རྫས་འབུལ་བའི་གོ་རིམ་དང་སྤེལ་ཚིག་གོང་ལྟར་ལ། སྔགས་རུ་ལུ་འབའཞིག་གིས་འབུལ། བསྙེན་པ་ཁ་གསོའི་སྐབས་སུ་ཏིལ་ལམ་ཡུངས་དཀར་གང་རུང་ལ་གྲངས་འཛིན་པ་སྟེ། ཆོ་ག་གཅིག་ལ་འབུལ་ཚན་བཅུ་གཅིག་ཡོད་པའི་བཅུ་ལ་རུ་ལུ་སྟོང་ཕྲག་རེ་བཟླས་པས་ཁྲི་ཚང་བར་འགྱུར་རོ། །སྐབས་སྐབས་སུ་མེ་གསོ་བའི་ཕྱིར་ཡམ་ཤིང་དང་མར་ཇི་ལྟར་རིགས་པ་འབུལ། བསྲེག་རྫས་གཞན་རྣམས་བརྒྱ་རྩ་རེ་འབུལ་དགོས་པར་དུས་གཅིག་ལ་ཕུལ་ན་མེ་མི་འབར་བའི་སྐྱོན་ཡོང་བས་སྐབས་སུ་གང་བབ་རེ་འབུལ། མཐར་མར་གྱིས་གང་བའི་སྦྱིན་སྲེག་ལན་བདུན་སྤེལ་ཚིག་བཅས་གོང་ལྟར་བྱ། དེ་ནས་ཕྱི་མཆོད། ནང་མཆོད། བསྟོད་པའི་མཆོད་པ་བཅས་མདོར་བསྡུས་ཙམ་དང་། །དཀར་བདུད་ཀྱི་གཏོར་འབུལ། ཚོགས་མཆོད་སྤྲོ་ན་བྱིན་རླབས་ནས་བརྟན་སྐྱོང་གི་བར་སྒྲུབ་ཐབས་ཆུང་བ་ལྟར་བྱ། ཡེ་ཤེས་ལྔ་ལྡན་སོགས་ཀྱིས་དངོས་གྲུབ་བླང་། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་ཐབ་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཐལ་བ་བླང་ལ་དཔྲལ་བར་རིག་གོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། །ཐབ་ཁུང་དུ་མར་བླུགས་གཟར་དང་དགང་གཟར་ལ་རེག་པ་དང་བཅས་པས་


LT31_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ལ། མེ་ལྷ་ཞལ་གཅིག་ཕྱག་གཉིས་དྭངས་ཤིང་ཐོགས་པ་མེད་པའི་སྐུ་ཅན་དུ་གྱུར་པར་བསམ། དེ་ནས་བསྲེག་རྫས་ལྷག་མ་རྣམས་སོ་སོའི་སྤེལ་ཚིག་དང་བཅས་པ་བདུན་རེ་དབུལ། སླར་ཡང་མར་གྱིས་གང་བའི་སྦྱིན་སྲེག་ལན་བདུན་ཕུལ་ལ། མཆོད་བསྟོད་གོང་བཞིན་བྱ། མེ་ལྷའི་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་ས་པཱ་རི་བཱ་ར་ཨ་ཀ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། སྔགས་དེའི་གཤམ་དུ་ཨརྒྷཾ་སོགས་བཏགས་པས་ཕྱི་མཆོད། འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། །འཇིག་རྟེན་དབང་ཕྱུག་སོགས་ཀྱིས་མཐར། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུར་སྟོན་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་


LT31_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། །དྲང་སྲོང་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་འདོད་དོན་གསོལ་ལ་གཤེགས་སུ་གསོལ་བ་ནི། ཨོཾ་པྲོཀྵ་ཾ་ཨཉྩ་མཱ་ནཾ་པཱ་དྱཾ་པྲ་ཏིཙྪ་སྭཱ་ཧཱ། བསང་གཏོར་དང་ཞབས་བསིལ་ཕུལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱི་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། ཨོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཞེས་དང་། དབྱུག་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་ལ་ཐིམ་པར་བསམ། །སླར་ཡང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། གོ་ཆ་བགོ་བ་དང་བསྔོ་བ་སྨོན་ལམ་བས་ཤིས་རྣམས་སྒྲུབ་ཐབས་བཞིན་བྱ། མེ་རང་བཞིན་གྱིས་ཡལ་བ་དང་ཐལ་བ་རྣམས་ལེགས་པར་བསྡུས་ལ་རྒྱུན་འབབས་ཀྱི་ཆུ་བོར་བླུགས་པར་བྱའོ། །འདི་ནི་བསྙེན་པ་རི་ཁ་སྐོང་གཙོ་བོར་བསྙན་གྱི་སྒྲུབ་པའི་དཀྱིལ་


LT31_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་འབྲེལ་བའི་ཚེ་གཞལ་ཡས་ཁང་གདན་བཅས་བསྐྱེད་ནས། དཀྱིལ་འཁོར་ལས་ཡེ་ཤེས་པའི་ཚུལ་དུ་ཚོམ་བུ་སྤྱན་འདྲེན་གྱི་ཚིགས་གིས་དྲངས་ལ། ལྷ་རྣམས་བཞུགས་སུ་གསོལ་ཞིང་གསལ་གདབ་སྟེ་མཆོད་པ་དང་། རྗེས་ཡེ་ཤེས་པ་ཚོམ་བུ་དང་དབྱེར་མེད་དཀྱིལ་འཁོར་ལྟར་གཤེགས་པ་སོགས་ཁྱད་ཆོས་བྱེ་བྲག་པ་རྣམས་སྤྱི་དང་འདྲའོ། །ལས་ཀྱི་མེ་སྲོག་ཡམ་ཤིང་མར་གྱིས་གསོས། །དེ་ལས་ཡེ་ཤེས་དཀྱིལ་འཁོར་བསྲེག་རྫས་ཀྱི། །དྭངས་མས་བཅུད་བརྟན་དེེས་ཀྱང་རྣལ་འབྱོར་གྱི། །ཐར་པའི་སྲོག་རྩ་བདུད་རྩིས་རྒྱས་གྱུར་ཅིག །ཅེས་པའང་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ཡིག་ཆའི་དགོངས་དོན་སོར་བཞག །གསར་དུ་སྦྱར་པའི་སྒྲུབ་དཀྱིལ་ཆེ་ཆུང་རྣམས་དང་འབྲེལ་བར་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཆོས་ཀྱི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ། །

དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀའ་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།


LT31_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀའ་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །


LT31_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ནི་ཆེ་བའི་ལྷ། །དཔལ་ཆེན་ཧེ་རུ་ཀ་ལའང་འདུད། །ཕུར་བུའི་སྲུང་མ་ཡིན་པར་གྲགས། །འཁོན་རབས་སྲུང་མའི་སྒྲུབ་ཐབས་བཤད། །ཤ་ཁྲག་གཙང་མ་དང་དཀར་གསུམ་སོགས་ཀྱིས་བརྒྱན་པའི་གཏོར་མ་འབྲང་རྒྱས་དཀར་པོ་གཅིག་དང་། བཤོས་བུ་ནག་པོ་ཞིག་བཤམ། སྤང་སྤོས་དང་། སྤོས་དཀར་གྱིས་བདུག་པ་སོགས་མཆོད་པའི་ཡོ་བྱད་གཞན་ཐམས་ཅད་ཀྱང་འཛོམ་པར་བྱས། རང་ཉིད་དཔལ་ཆེན་པོའམ། ཡེ་ཤེས་ཁྲོ་བོ་གང་ཡང་རུང་བའི་བདག་བསྐྱེད་སྔོན་ཏུ་འགྲོ་བས་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རང་གི་མདུན་ཏུ་པདྨ་ཉི་ཟླའི་གདན་ལ་བྷྱོ་དཀར་པོའི་འོད་ཀྱི་འཕྲོ་འདུ་ལས་དཀར་མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་རི་ར་སྒོང་དུ་རྩེ་བ། །གཡོན་གླིང་བཞི་བྱ་ཡོལ་མཛད་ཅིང་ཐུགས་ཀར་


LT31_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཉི་ཟླ་སྤེལ་བ་དགུ་བརྒྱ་དགུ་བཅུ་རྩ་དགུའི་དོ་ཤལ་བྱས་པ། ཉི་ཟླ་གཅིག་དང་ཐོད་པའི་ཕྲེང་བ་ཐོད་དུ་བཅིངས་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། དར་དཀར་གྱི་སྟོད་གཡོགས་ཅན། །མཁའ་འགྲོ་མ་བྱེ་བས་བསྐོར་བའོ། །དེའི་གཡས་སུ་ཧཱུྃ་ཡིག་འོད་ཀྱི་འཕྲོ་འདུ་ལས། །བདུད་རྒྱལ་དཔའ་བོ་ཐོད་འཕྲེང་ཅན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་མདུང་རིང་བ་དན་དང་བཅས་པ་འཕྱར་བ། གཡོན་མི་མགོའི་ཕྲེང་བ་འཛིན་པ། གོས་རྒྱན་ནག་པོ་ཅན། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བདུད་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་ཏེ། ཧེ་རུ་ཀས་དབུ་བརྒྱན། མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། སྙིང་པོའི་


LT31_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་མཐར། ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་བི།།།ན་ཤ་ཏྲུཾ་མཱ་རཱ་ཡ་ཧཱུྃ་ཕཊ། ཅེས་ལན་བདུན་གྱིས་གཏོར་མ་ཕུལ་ལ། ཨོཾ་བཛྲ་ཤི༚ནྟ་པདྨ་ཀུ་རུ་ཏི༚་བྷྱོཿཞེས་གཙོ་མོ་དང་། ཨོཾ་སརྦ་མ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ཧཱུྃ་ཕཊ་ཅེས་བདུད་རྒྱལ་གྱི་སྙིང་པོའོ། །མཱ་ར་ཡ་ཐུཾ་ཤིག །མཱ་ར་ཡ་ཨ་མོ་བཾ། མ་རཱ་ཡ་སྙིང་ཧྲུལ། སྟྭཾཾ་བྷ་ཡ་སོད་སོད་ཅེས་བདུད་རྒྱལ་གྱི་སྲོག་སྔགས་རྣམས་ཀྱང་དྲག་ཏུ་བཟླ། མཐར་ཨརྒྷཾ་ལ་སོགས་པས་མཆོད། ཧཱུྃ་མ་བྷྱོ། །དཔལ་ལྡན་དཀར་མོ་ཆེན་མོ་ནི། །ཉི་ཟླ་སྟོང་གི་ཕྲེང་བ་ཅན། །ཡེ་ཤེས་དབྱིངས་ཀྱི་རྗེ་མོ་སྟེ། །གཞན་དོན་འཇིག་རྟེན་པ་རུ་སྤྲུལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །འདས་དང་མ་འདས་མཚམས་ན་བཞུགས། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །དགྲ་བོའི་སྲོག་ལ་མངའ་མཛད་པ། །ཁྱོད་ནི་སྲོག་བདག་ཆེན་པོ་སྟེ། །ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་ལ་མཐར་རྗེས་བསྡུ་བ་ནི་སྤྱི་དང་འདྲ། འདིའི་རྗེས་གནང་གི་ཆོ་ག་ནི། མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོའི་དབུས་སུ་འབྲུ་དཀར་པོའི་ཚོམ་བུ་བཀོད། སྟེང་དུ་འབྲང་རྒྱས་དཀར་པོ་ཕུག་རོན་གྱི་གཟུགས་དང་བཅས་པ་བཤམ། །དེའི་གཡས་སུ་ཆོས་འབྱུང་གྲུ་གསུམ་ནག་པོ་ལ་འབྲུ་ནག་གི་ཚོམ་བུ་དང་། སྟེང་དུ་དམར་གཏོར་བཀོད། །མཐའ་ལ་མཆོད་པ་ཅི་བདེར་


LT31_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས། དེ་ནས་གོང་དུ་བཤད་པ་ལྟར་ཉམས་སུ་བླངས་རྗེས། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། གང་གི་དྲིན་གྱིས་ནས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ། བདག་ལ་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དང་། བདུད་རྒྱལ་ནག་པོ་ཐོད་པའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དངོས་གཞི་ལ་ལྕམ་དྲལ་གྱི་རྗེས་གནང་ལྷན་ཅིག་ཏུ་མཛད་པའི་ལུགས་ཡི་གེ་སྔ་ཕྱི་ནང་དུ་སྣང་བ་རྣམས་ནི། སློབ་མ་ཡི་དམ་དུ་བསྐྱེད་པ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང་། །གསུང་གི་རྗེས་གནང་དང་། གཏོར་མའི་བཀའ་བསྒོ་ཙམ་ལ་ཐུགས་ཀྱི་རྗེས་གནང་མཛད་དོ། །འོན་ཀྱང་བླ་མའི་ཕྱག་ལེན་འདི་ལྟར་མཛད་པ་མཐོང་སྟེ། དཀར་མོ་ཉི་ཟླ་ལ་སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང་སྤྱི་དང་མཐུན་པར་མཛད་ནས། ཐུགས་གཏོར་དབང་གི་ཚེ། གཏོར་མ་ལྷ་མོར་གསལ་བ་སྤྱི་བོར་བཞག་པ་ལ། མོས་གུས་དུང་པ་བྱས་པས། ལྷ་མོའི་སྤྲུལ་པ་ཕུག་རོན་དེས་རང་གི་ནད་གདོན་ཆགས་ཆེ་ཉམ་ང་ཐམས་ཅད་སྐད་ཅིག་ལ་ཁྱེར་ཏེ་རྒྱ་མཚོའི་མཐར་སོང་བར་བསམས་ལ། ཕུག་རོན་གྱི་གཟུགས་ཏེ་སློབ་མ་ལ་གཡས་བསྐོར་དུ་ལན་གསུམ་བསྐོར་ནས་ཕྱིར་གཏོང་། དེ་རྗེས་བཀའ་བསྒོ་ཕྱི་དང་མཐུན་པར་མཛད། དེའི་རྗེས་ཐོག་ཉིད་ལ། བདུད་རྒྱལ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང་


LT31_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་རྗེས་གནང་དང་། །གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བ་ཐུགས་ཀྱི་རྗེས་གནང་དུ་མཛད་དེ། རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ས་སྐྱའི་རིང་ལུགས་འཛིན་པ་ཀུན། མོས་ཞེན་དབང་གིས་དགའ་བར་སྒྲོགས། སྙིང་ནས་མོས་པ་ཐོབ་དཀོན་ནའང་། དེང་འདིར་ཡིད་ཆེས་བརྟན་པོས་སྦྱར། །དཀར་མོ་ཉི་ཟླ་ལྕམ་དྲལ་གྱི་སྒྲུབ་ཐབ་ཀྱི་ལེ་ཚན་ནོ། ༈ །དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀའ་བདུད་ལྕམ་དྲལ་གྱི་རྗེས་གནང་བྱ་ཚུལ་ཕྲིན་ལས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མཿཤྲི་བཛྲ་ཀུ་མཱ་རཱ་ཡ། དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་ཇི་ལྟར་འབྱུང་བ་བཞིན་ཡོ་བྱད་ཀྱི་བཤམས་དང་། །ཕུར་པའི་བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་ཏུ་འགྲོ་བས། མདུན་ཏུ་ཆོས་སྲུང་ལྕམ་དྲལ་བསྐྱེད་པ་ནས་བཟླས་པའི་རྗེས་སུ་མཆོད་བསྟོད་བྱ་བའི་བར་ཉམས་སུ་བླངས། གཉིས་པ་ནི། དབང་གིས་སྨིན་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། །ནང་དུ་འོངས་པ་ན་སློབ་དཔོན་གྱིས་རྡོ་རྗེ་གསོར་དྲིལ་བུ་གསིལ། ཀཱི་ལ་ཡ་བཟླས་པས་བགེགས་བསྐྲད། རང་རང་གི་གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་ཆོས་སྒྲུབ་པའི་


LT31_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་རྣམས་ཀྱི་བར་ཆད་སྲུང་བའི་སླད་དུ་འཇིག་རྟེན་ལས་འདས་པའི་སྲུང་མ་ཁྱད་པར་ཅན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རེ་བསྟེན་དགོས་པ་ལས། འདིར་སྐབས་སུ་བབས་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །འཁོན་སྟོན་ལོ་ཙཱ་བ་ཆེན་པོ་ཀླུའི་དབང་པོ་སྲུང་བ་དང་། འཁོན་རྡོ་རྗེ་རིན་ཆེན་མཆེད་གཉིས་ལ་གནང་བ་ནས་བཟུང་། འོད་གསལ་ལྷ་རིགས་འཁོན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་རིགས་དང་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཤིན་ཏུ་འགོ་ཞིང་། དཔལ་ཡང་དག་ཧེ་རུ་ཀ་དང་། བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བཀའ་སྲུང་ཐུན་མོང་མ་ཡིན་པར་གྲགས་པ་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་དང་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་ལྕམ་དྲལ་གྱི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་བ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །གང་གི་དྲིན་གྱིས་སོགས་དང་། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སོགས་རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་དཔའ་བོ་


LT31_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །དཀོན་མཆོག་གསུམ་ལ་སོགས། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། །བདག་ལ་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དང་། །བདུད་རྒྱལ་ནག་པོ་ཐོད་པའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་གྱི་སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ལ་དམིགས་ཏེ། སློབ་དཔོན་གྱིས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས། ཞེས་བརྗོད་པས་སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རྣམས་ཀྱི་སེམས་ཉིད་བྷྱོཿདཀར་པོའི་སོགས་ནས། མཁའ་འགྲོ་མ་བྱེ་བས་བསྐོར་བར་གྱུར། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲངས་


LT31_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱི་བརླབས་པའི་མོས་པ་མཛོད། ཨོཾ་བཛྲ་ཤི༚ནྟ་སོགས་ཀྱི་མཐར། བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཨའ་ཛཿཧཱུྃ་བྃ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་བྱ། གསུང་གི་རྗེས་གནང་གི་སླད་དུ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་གྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་བྷྱོཿཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། །ཨོཾ་བཛྲ་ཤི༚ནྟ་སོགས། སླར་ཡང་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སོ་སོའི་ལུས་ལ་གཏོར་བས་སྔགས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། གཏོར་མ་འདི་ཉིད་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པ་ལ་མོས་གུས་དྲག་པོ་དུང་དུང་པ་བྱས་པས། ཐོག་མར་ལྷ་མོའི་སྤྲུལ་པ་ཕུག་རོན་དེས་རང་གི་ནད་གདོན་ཆགས་ཆེ་ཉམ་ང་ཐམས་ཅད་སྐད་ཅིག་ལ་ཁྱེར་ཏེ་ཕྱིའི་རྒྱ་མཚོའི་མཐར་སོང་


LT31_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མོས་པ་མཛོད་ཅེས་བརྡ་སྤྲད་ལ། ཕུག་རོན་གྱི་གཟུགས་དེ་སློབ་མ་ལ་གཡས་སུ་ལན་གསུམ་བསྐོར་ནས་ཕྱིར་གཏོང་སླར་ཡང་སྟེང་གི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་ནས། རྩ་བའི་བླ་མས་བཀའ་བསྒོས་པ་ལྟར་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བཀའ་བསྒོས་པའི་མོས་པ་མཛོད་ཅེས། གཏོར་མ་སྤྱི་བོར་བཞག་ལ། བླ་མ་བརྒྱུད་པའི་བཤར་འདེབས་རྒྱས་པར་བྱ་བའམ། བསྡུ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། །ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་སྲུང་བ་ནས་བཟུང་། བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཀར་མོ་ཉི་ཟླའི་ཕྲེང་བ་ཅན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། ཁྱད་པར་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ནས་སྲུང་བ་དང་། སྐྱོབ་པ་དང་། སྦ་བ་དང་། འགོ་བའི་ཕྲིན་ལས་མཛོད་ཅིག །མདོར་ན་འདི་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང་། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་


LT31_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྒྱས་པ་དང་། ཕྲིན་ལས་རྣམ་པ་བཞི་གང་བཅོལ་བ་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་མཛད་དུ་གསོལ། ཅེས་བཀའ་བསྒོས་པས། དེ་དེ་བཞིན་དུ་བགྱིའོ་ཞེས་ཞལ་གྱིས་བཞེས་པའི་མོས་པ་མཛོད། སྔགས་མཐར། ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་བརྗོད། དེས་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་གྲུབ་ནས། བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་བཀའ་སྡོད་ཀྱི་ཚུལ་དུ་གཏད་པ་ལ། སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་ཏུ་བདུད་རྒྱལ་དཔའ་བོ་ནས། བདུད་བྱེ་བའི་ཚོགས་ཀྱིས་བསྐོར་བ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་བདུད་འདུལ་གྱི་སྐུ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་འདུས་ཁྱེད་རང་རྣམས་ལྷ་མོར་གསལ་བའི་ཐུགས་ཀའི་ས་བོན་ལ་ཐིམ་པས་སྐུ་དབང་དུ་འདུས་ཤིང་ཕྲིན་ལས་རྣམ་བཞི་ཇི་ལྟར་འདོད་པ་བཞིན་བསྒྲུབ་བའི་མོས་པ་མཛོད། ཨོཾ་སརྦ་མཱར་སོགས་ཀྱི་མཐར། ཨཱ་བེ་ཤ་ཡ་བཏགས་པ་བརྗོད་ཅིང་སྤོས་རོལ་བྱ། གསུང་གི་རྗེས་གནང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས།


LT31_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་ཀའི་ས་བོན་ལ་ཐིམ་པས་སྔགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་མཱ་རཱ་སོགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། གཏོར་མ་བདུད་རྒྱལ་དུ་གསལ་བ་ཁྱེད་རང་རྣམས་ལ་བཀའ་སྡོད་ཀྱི་ཚུལ་དུ་གཏད་ཅིང་། རྩ་བའི་བླ་མས་བཀའ་བསྒོས་སོགས་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་བར་ལྷའི་མཚན་དང་། སྔགས་བསྒྱུར་བ་མ་གཏོགས་གོང་བཞིན་བྱ་ཞིང་གཏོར་མ་ལག་ཏུ་གཏད། སྲུང་མ་འདི་དག་མི་འབྲལ་ཞིང་ཉེ་བར་བྱ་བའི་ཕྱིར་རྗེས་གནང་ཐོབ་ཕྱིན་ཆད་རྒྱུན་དང་དུས་ཀྱི་མཆོད་གཏོར་སྐོང་བཤགས་སོགས་ལ་བརྩོན་པར་བྱ་དགོས་པ་ལགས། ཞེས་གདམས། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། མཇུག་གི་ཆོས་དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་། གསུམ་པ་ནི། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་རྒྱས་པར་བྱའོ། །འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་བཀོད་པ་ཡིན་ལ། ས་ལུགས་ཀྱི་ཡིག་ཆ་ཕྱི་མ་ལྟར་ན། རྗེས་གནང་གི་སྔོན་འགྲོ་འདྲ། དངོས་གཞི་ལ་སློབ་མ་རྡོ་རྗེ་གཞོན་ནུར་བསྐྱེད་ཅིང་། ལྕམ་དྲལ་གཉིས་ཀ་ལྷན་ཅིག་པར་བཀའ་


LT31_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་ཀྱི་ཚུལ་དུ་སྐུ་དང་། གསུང་གི་རྗེས་གནང་དང་། གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བ་ཙམ་ལས་ ཐུགས་ཀྱི་རྗེས་གནང་ཞེས་པའི་ཐ་སྙད་མི་མཛད་དོ། །གང་ལྟར་ཡང་རྗེས་གནང་འདི་ཉིད་ཕུར་པའི་སྨད་ལས་ཀྱི་དབང་དང་འབྲེལ་བར་བྱེད་ན། མདུན་བསྐྱེད་གཏོར་ཆོག་གི་སྐབས་སུ་བསྐྱེད་པས་འཐུས་བ་ལས་ཟུར་དུ་མི་དགོས། སྒྲོལ་དབང་གི་དངོས་གཞི་གྲུབ་རྗེས། དེས་སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་གི་དབང་བསྐུར་བ་ལེགས་པར་གྲུབ་ནས། ཆོས་སྒྲུབ་པའི་གང་ཟག་སོགས་སྦྲེལ་ལ་འདིའི་རྗེས་གནང་བྱ། མཇུག་ཚིག་ཁས་བླངས་མན་མཉམ་དུ་བྱས་བས་གྲུབ་བོ། །ཞེས་པའང་འཇམ་པའི་དབྱངས་རྣམ་སྣང་ལོ་ཙ་བ་ཆེན་པོ་བསམ་བཞིན་ཏུ་སྲིད་པ་ཉེ་བར་བཟུང་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་གསུང་རྡོ་རྗེ་ནཱ་དའི་སྒྲ་དབྱངས་ཡི་གེའི་གཟུགས་སུ་ཤར་བའི་རིག་མཆོག་འབུམ་སྡེའི་སྙིང་པོ་གཅིག་ཏུ་དྲིལ་བའི་གླེགས་བམ་གྱི་ཞབས་འདེགས་སུ། རྗེ་གང་གི་བཀའ་འབངས་ཀྱི་ཐ་ཆུང་བྱ་བྲལ་བ་སྐལ་བཟང་མཁྱེན་བརྩེའི་དབང་པོས་སྦྱར་བ་སྟེ། དགེ་བས་རྗེ་བཙུན་བླ་མའི་ཞབས་པད་བསྐལ་བ་རྒྱ་མཚོར་འཚོ་ཞིང་། ཞེས་ལ་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང་། ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཾ་བྷ་བ་ཏུ།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཀྱི་སྒོ་ནས། དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས།


LT31_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཀྱི་སྒོ་ནས། དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས་ཞེས་བྱ་བ་བཞུགས་སོ། །


LT31_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་ཆེན་པོ་སྟོབས་བཅུའི་བརྗིད་ལྡན་ལ་ཕྱག་འཚལ་ལོ། །མཐུ་ཆེན་བདུད་འདུལ་ཁྲོ་རྒྱལ་ཁྲོས་པའི་ཞབས། །བདུད་བགེགས་དམ་སྲིའི་སྤྱི་བོར་རྟག་བབས་པས། །མི་སྲུན་སེམས་ཀྱི་འབྲས་བུ་ས་འོག་ཏུ། །བྱིང་ནས་ལྡངས་མེད་ཕྲིན་ལས་མཛད་དེ་རྒྱལ། །འདི་འདྲའི་རིགས་ལ་གྲོང་སྔགས་པའི། །ཡིག་ནག་ཁུར་པོ་ལྕི་མོད་ཀྱང་། །གཞུང་འདིར་ཇི་བཞིན་སྦྱོར་དཀའ་བས། །སྔར་ཡོད་གབ་སྤྲད་ཙམ་དུ་བསྡེབ། དེའང་ཁྲོ་བཅུའི་སྒོས་རྒྱུད་ཀྱི་ནང་ཚན་ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་ལེའུ་བཞི་པ་ནས་སྲིའི་བྱུང་ཁུངས། རྣམ་གྲངས། གནོན་ཚུལ་སོགས་རྒྱས་པར་གསུངས་པ་ལྟར་ཨོ་རྒྱན་ཆེན་པོས་མན་ངག་ཏུ་བསྡེབས་པ་བྱང་གཏེར་ཕུར་པའི་སྲི་གནོན་འདི་ཐམས་ཅད་ཀྱི་རྩ་བ་ཡིན་ཅིང་། །བཀའ་མ་རྣམས་ནས་ཕྲིན་ལས་ཀྱི་མཇུག་སྡུད་དུ་མནན་སྲེག་འཕང་གསུམ་མདོར་བསྡུས་ཙམ་ལས་མི་འབྱུང་སྟབས། ས་ཕུར་དུའང་མནན་པའི་གསལ་ཀ་མི་བཞུགས་པས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་བྱང་གཏེར་ཕུར་པ་དྲག་སྔགས་ཀྱི་སྲི་གནོན་སྦྱོར་བར་མཛད་ཀྱང་། མནན་པའི་ལག་ལེན་འགལ་ཞིག་དང་རྩ་བའི་འགུགས་སྔགས་ཙམ་ལས་འདོན་བྱ་སོགས་མ་སྦྱར་བ་བསྐྱེད་བཟླས་གཙོ་ཆེ་


LT31_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ཙམ་གྱིས་འགྲུབ་པར་དགོངས་པར་མངོན་པས་དེའང་ལེགས་མོད་ཀྱི། ལུགས་དེའི་ཕྱག་ལེན་སྦྱོར་ཕྱིན་འདོན་བྱ་སོགས་རགས་པ་ཙམ་མ་སྦྱར་ཀ་མེད་ལྟ་བུར་མཐོང་བས། འདིར་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་བྱང་གཏེར་ཕུར་པའི་སྲི་ཆུང་བཅུ་གསུམ་མནན་ཐབས་རྩ་བར་བཟུང་། །བཀའ་བརྒྱད་ཀྱི་ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཁ་དང་། །ནག་རྩིས་འབྱུང་བ་རིན་ཆེན་ཀུན་འདུས་ཀྱི་མན་ངག་ལྷན་ཐབས་སུ་སྦྱར་བའི་ལེགས་བཤད་ཁྱད་པར་ཅན་མཛད་པའི་གཞུང་དེ། གཏེར་དཔོན་ཨོ་རྒྱན་ལྷུན་གྲུབ་དང་། རིག་འཛིན་ཐུགས་ཀྱི་རྡོ་རྗེ་སོ་སོས་རང་གླིང་དང་ཆོས་གླིང་གི་ཕུར་པ་སོ་སོར་ཁ་བསྒྱུར་མཛད་འདུག་པ། དེ་དག་ལས་རྩ་བའི་དགོངས་པའི་ཕྱོགས་སུ་གྱུར་པའི་ཕྱག་ལེན་མ་འཁྲུལ་བ་རྣམས་ས་ཕུར་དང་སྦྱར་ཏེ་འཆད་པ་ལ་དོན་གསུམ། སྦྱོར་བ་བཅས་ཀྱི་རིམ་པ། དངོས་གཞི་སྒྲུབ་པའི་རིམ་པ། མཐའ་སྡུད་མནན་པའི་རིམ་པའོ། །དང་པོ་ནི་དུས་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ། ཕུང་གསུམ་བདུད་ཉི་སོགས་ལེགས་ཤིང་། །དགྲ་སྲི་ལྟ་བུར་དམིགས་བྱའི་ལོ་ཟླ་ཞག་དུས་ཀྱི་བཞི་གཤེད་བདུན་ཟུར་སོགས་ཀེག་དང་བསྟུན་དགོས་ལ། ཁྱད་པར་རྣལ་འབྱོར་པ་ཞེ་སྡང་གི་སེམས་དང་ལྡན་པའི་དུས་


LT31_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སྤྱོད་ཀྱི་ལས་གནམ་ལྕགས་ཀྱི་ཐོག་ལྟར་མྱུར་བར་གསུངས་པས་དེ་ལྟ་བུ་ལ། དྲག་པོའི་གནས་སུ་གོང་གཏོར་མཆོད་བཤམ་སོགས་ལེགས་པར་བྱས་པའི་མདུན་ཏུ། འདི་ཉིད་ཀྱི་བཅའ་གཞི་སྲིད་པ་བྱེ་མ་དང་། ཕུང་ཤུལ་དུར་ཁྲོད་ཀྱི་ས་རྣམས་བསྲེས་པའི་སྟེགས་བུ་གྲུ་བཞི་པ། དབུས་སུ་ཧོམ་ཁུང་ཕྱི་རོལ་དུར་སོལ་གྱིས་ནག་པོ་དང་། ནང་དུ་ཁྲག་གིས་དམར་པོར་བྱུགས། སེ་སྐྱེར་འོམ་བུའི་རྩང་དམར་ནག་སྤེལ་བ་སྲིན་མོ་འགྲོས་ཀྱིས་ཁ་ཁྱེར་རམ་ཕྱི་ནས་བཙུག་རོག་ཡམ་གྱིས་ཁ་བཅད་དམ་པོ་ལ་ཐུན་ཁུང་ཡོད་པ་བྱ། །གཡས་སུ་མདའ། གཡོན་དུ་མདུང་། རྒྱབ་ཏུ་ཐོ་བ་ལ་སོགས་མཚོན་ཆ་སྣ་ཚོགས་སོ་ནང་བསྟན་སྟབས་སུ་གཡས་སྐོར་གྱིས་བཤམས། དེ་ཙམ་སྤྲོས་པས་མ་ལྕོགས་ན་དུར་རྡོ་གསུམ་གྱི་ཁར་ལྕགས་སྣོད་དྲི་མ་མེད་པར་ལིངྒ་བཀོད་ཀྱང་རུང་ཞིང་། གྲུ་གསུམ་ལྕགས་སྣོད་གང་ཡིན་ཀྱང་མཐའ་སྐོར་དུ། ར་ཁྱི་ཕག་གསུམ་གྱི་གཟུགས། སྔོན་དུ་སྲི་ཆང་། འབྲང་རྒྱས་སམ། སྦང་ཟན་གྱི་ཆང་བུ། སྲི་ཡོས། རྒྱབ་ཏུ་འགལ་བ་ཁ་ནག་ར་སོག་ལ་ཏྲི་བྲིས་པ། བ་ར་རྟ་གསུམ་གྱི་འོ་མ་གོ་ཁའི་ཐལ་བ་དང་སྦྱར་བ། ཚྭ་བུལ་ཏོག་བ་ཚྭ་རྣམས། མནན་ཐོད་དྲིལ་ཆས་ཕུད་རེའམ། ཡུག་སའི་ཤ་གོས། ཚོན་སྐུད་ལྔ། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པ། རང་འཐག་གི་ཡ་ཁེབས་ལ་རི་རབ་གླིང་བཞི་བྲིས་པ་རྣམས་བཤམས། ཐུན་རྫས་ཟངས་ལྕགས་མཁར་སྒོང་ཕྱེ་མ། དུར་རྡོ་རི་གཟར་གྱི་རྦབ་རྡོ། །མི་བསད་པའི་རྡོ། །ཡུངས་དཀར་ནག །རྐེ་ཚེ། ཤང་ཚེ། དུག་རིགས། མ་ཚེ། གཅན་གཟན་གྱི་མཆེ་སྡེར་སོགས་སྐམ་ཐུན་ཕོན་ཆེ་བ་བསགས། །མནན་ཐོད་ལ་ཕོ་སྲི་ལ་གཡག་རོག་པོའི་ཐོད་པ། མོ་སྲིལ་ཁྱི་མོ་ནག་


LT31_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཐོད་པ། ཆུང་སྲི་སྲི་མོང་གི་ཐོད་པའམ། ཡང་ན་ཁྱི་གུ་ཕག་གུ་མིག་མ་བྱེ་བའི་ཐོད་པ། དུར་སྲི་ཝ་ཡི་ཐོད་པའམ། ཡང་ན་ཕྱི་བ་དང་། གྲུམ་ཐོད་ཀྱང་རུང་། བཙན་སྲི་ཉ་མོ་སྲམ་དང་དུང་དཀར་གང་རིག་གི་ཐོད་པ། དགྲ་སྲི་སྤྱང་ཀིའི་ཐོད་པ། དམ་སྲི་ཁྱི་ར་ཕག་གསུམ་ཐོད་པ་གང་རྙེད། ཀླུ་སྲི་ཁྱུང་གི་ཐོད་པ་གསུངས་ཀྱང་མི་འཛོམ་པས་འོལ་མི་ཐོད་པ། གྲི་སྲི་དགྲ་བོ་གྲི་བོ་མཛེ་ཅན་གང་རིགས་ཐོད་པ། གོད་སྲི་འཕར་སྤྱང་ཐོད་པ། །ལྷ་སྲི་ཁྱུང་རྒོད་གླག་གསུམ་ཐོད་པ། ཕུང་སྲི་རྔ་མོང་གི་ཐོད་པར་གནོན་དགོས། ཡང་ན་རྒྱུད་ཀྱི་དགོངས་པ་ཕུར་པ་དྲག་སྔགས་ལས་བཤད་པ་ལྟར་ན། རྒྱལ་པོའི་ཕུང་སྲི་མོན་བོད་ཧོར་གསུམ་གྱི་ཐོད་པར་གནོན། བློན་པོའི་ཕུང་སྲི་སྤྲིའུ་ནེ་ཙོ་རི་བོང་གི་ཐོད་པར། ཡུལ་མིའི་ཕུང་སྲི་མཛོ་ཏོལ་སྤྲེའུའི་ཐོད་པར། དགྲ་སྲི་གཡག་དང་རྟ་ཐོད། དམེ་སྲི་འཕར་སྤྱང་གི་ཐོད་པ། སྒོས་སྲི་ཕ་ཁུ་སྲི་ཅན་དུ་ངོས་འཛིན་ཡང་ཐོད་པའི་གསལ་ལ་མེད་པས་ཁྱི་ཐོད། མ་བུ་བྱུར་སྲི་ཁྱི་ཕག་རྔ་མོང་གི་ཐོད་པ། ཆུང་སྲི་ཁྱི་གུ་ཕག་གུ་བྱི་བ་སྲེ་མོང་གི་ཐོད་པ། དུར་སྲི་ཝ་དང་གྲུམ་ཐོད། །རྣལ་འབྱོར་པའི་དམ་སྲི་ར་ཁྱི་ཕག་གསུམ་རབ་ཆད་ཐོད་པ། གོད་སྲི་སྤྲེའུ་ར་ལུག་གི་བེའུའི་ཐོད་པ། གཡལ་མོ་གོད་སྲི་འཕར་བ་རྔ་མོང་གསལ་ཐོད། སྡང་བའི་སྲི་འཕར་བའི་ཐོད་པར་གནོན་པར་བཤད། མེད་ཐབས་མེད་པའི་ཐོད་གསུམ་ནི། ར་ཁྱི་ཕག་གསུམ་མགོ་ཡིན་ལ། གཞུང་ལྟར་མ་འཛོམ་ན་ཀུན་ལ་སྤྱི་འགྲོས་ནི་ཁྱི་ཐོད་ཁོ་ནས་ཆོག་གོ། །ཐོད་པ་གང་ཡིན་ཡང་། །སྤྱི་གཙུག་ནས་མར། རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། བྱ་བ་བྲི། འགྲམ་པ་གཡས་ལ། ཕོ་སྲི་ནན། བྱ་བ་བྲི། འགྲམ་པ་གཡོན་ལ། མོ་སྲི་ནན། བྱ་བ་


LT31_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྲི། བྱང་གཏེར་ལས་དམ་སྲི་ཐམས་ཅད་ཀྱི་སྙིང་པོ་ཐོད་པ་ལ་བྲིས་ནས་བཟླས་སོ་གསུངས་པས། ཨོཾ་སརྦ་ཛ་ཏྲི་ནི་ཧཱུྃ་ཛཿན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿཤ་ན་ཏྲི་ནི་ཧཱུྃ་ཛཿཀ་ཏྲི་ནི་དནྟྲི་ནི་ཀུཾ་ཀུཾ་ཛཿཛཿཧཱུྃ། ཞེས་པའང་དཔྲལ་བར་ཕྲེད་དུ་བྲི། དེ་ནས་ལིངྒ་འབྲི་བ་ལ་རྒྱས་བསྡུས་དང་ཕྱག་ལེན་སྣ་ཚོགས་མཛད་ཀྱང་། མི་གཟུགས་ཁོ་ནས་འདྲེ་ལིང་སོ་སོར་མི་འགྱུར་ལ། བྱ་མགོ་ཅན་ལྟ་བུས་དམ་སྲི་སྤྱི་ལིང་ལས་དགྲ་ལིང་སོགས་སུ་མི་འགྱུར་བས་སོ་སོར་ཁ་བསྒྱུར་བའི་ཕྱོགས་འདི་རྒྱུད་དོན་དང་འབྱོར་ལ། རྒྱུད་ནས་གཙོ་བོར་དགྲ་སོག་སྤུ་གྲིའི་འཁོར་ལོ་འབྲི་བར་གསུངས་པ་ཉིད་གཏེར་མ་ཕལ་ཆེར་ནས་ཀྱང་མན་ངག་གིས་གསལ་བར་མཛད་པས་དེ་ལྟར་ན། འཁོར་ལོ་རྩིབས་དྲུག་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བ་ལ་མིང་རུས། ཕྱི་རིམ་རྩིབས་དྲུག་ལ་བགེགས་ཀྱི་གཟུགས་ཚང་བར་བྲི། ཤར་རྩིབས་ལ་མགོ། །ཤར་ལྷོར་ལག་པ་གཡོན། ལྷོ་ནུབ་རྐང་པ་གཡོན། ནུབ་ཏུ་མཚན་མ། བྱང་དུ་རྐང་པ་གཡས། བྱང་ཤར་དུ་ལག་པ་རྣམས་རྩིབས་ནང་དུ་ཚུད་པར་བྱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྙིང་ཁྲག་ཤད་ཛཿཨ་ཙི་ཏེ། ཨཱ་བ་ར་ཙི་ཏེ། མགོ་ལ་བྲི། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ། སྙིང་རྩལ་ཡམ་ཡམ། ཐིབ་ཐིབ། ལག་པ་གཡས་ལ་བྲི། ཙིཏྟ་སྲོག་ལ་དུང་དུང་། སྲོག་ལ་ཡཾ་ཡཾ། ཛཿཡེ་བཾ་ཛ་ཡེ། མྱགས་མྱགས་སོད་སོད། ཙ་ཀྲ་སེ་ནཱ་གཏུབས། ལག་པ་གཡོན་ལ་བྲི། །སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་མྱགས་མྱགས། ཀ་ཏཾ་ཀ་ཡ། སྙིང་རྩེ་ལ་ཡཾ་ཡཾ། སྙིང་ཁ་རག་དུན་བྲི། རྐང་པ་གཡས་ལ་བྲི། མམ་པ་ཤཾ་ཀུ་རུ། དྷ་དྷི་མ་མ་ཀརྨ། ཨི་དན་ཤི་ཏྲཾ་མ་ཏཾ་ཉ་ཀ་ར་ཡ། མ་ར་ས་ནི་པྲ་མ་དྷ་ནི་ཡེ་ཧཱུྃ་ཕཊ། རྐང་པ་གཡོན་ལ་བྲི། སོ་སོའི་


LT31_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བརྙན་འོག་ཏུ་གསལ་བ་ལྟར་ལ་གང་གནོད་བསྒྱུར། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ སྙིང་ཁར་ཛ་ཁ་སྤྲོད་ཀྱི་བར་དུ་དགྲ་ལ་ནྲྀྀ། སྲི་བཅུ་གསུམ་སྤྱི་ལ་ཏྲི། སྟེང་དུ་ནན། འོག་ཏུ་ཁུག །གསང་གནས་སུ་ཕཊ། རྐང་མཐིལ་གཉིས་ལ་ཡཾ། རྣ་བར་འོན། མིག་ལ་ལོང་། ཁ་ལ་དུང་དུང་བྱ་བ་བྲི། སྙིང་ཁའི་ཧྲི་ཡི་སྟེང་ནས་བརྩམས་ཏེ། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དམ་སྲི་ཛཿཛཿ སོགས་དང་། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛཿསོགས་གཞུང་ནས་འབྱུང་བའི་འགུགས་སྔགས་གཉིས་སྤྲེལ་མགོ་ཕྱིར་བསྟན་སྔགས་མཇུག་ནང་དུ་བཙུད་པ་བྲི། མུ་ཁྱུད་ཕྱི་མར་མ་རཀྨོ་ཡཀྨོ། ནས། སྟམྦྷ་ཡ་ནན། ཞེས་བྲི། ཕྱི་ལ་ཛ་ཁྲོམ་གྱིས་བསྐོར། མགོ་བརྙན་བསྒྱུར་ལུགས་ནི། ཕོ་སྲི་གཡག་གི་མགོ། །མོ་སྲི་ཁྱི་མོ་ནག་མོའི་མགོ། །དགྲ་སྲི་སྤྱང་ཀའི་མགོ། །དུར་སྲི་ཝ། ཆུང་སྲི་ཁྱི་གུ། གོད་སྲི་འཕར་སྤྱང་། ཕུང་སྲི་རྔ་མོང་། ཆུང་སྲི་སྲེ་མོང་། བདུད་སྲི་ཁྱུང་མགོ། །བཙན་སྲི་འུག་པ། རྒྱལ་སྲི་བྱ་ཕོ། གྲི་སྲི་ཤ་མགོ། །དམ་སྲི་ཕག །ཀླུ་སྲི་སྦྲུལ། དགྲ་སྲི་གཡག །བྱེས་སྲི་རྟ། གོད་སྲི་སྤྱང་ཀིའ་འཕར་བ་གང་རིགས་མགོ་བརྙན་དུ་བསྒྱུར་ནས་བྲི་གྲུབ་པ་དང་། ལིང་ཁྲུས་སྤྱི་འགྲོ་ལྟར་ནན་ཏུ་བྱ། ས་ཕྱོགས་དབེན་པར་རྩེ་ཚེ་ཟད་དམ། ལྷ་དབྱེའི་རྫས་རྣམས་ཀྱིས་ལིངྒ་བདུག་ཅིང་རང་ལ་མ་ཕོག་པར་བྱ། འགྲུབ་ན་ལྷ་སྔགས་རྣམས་ལ་དྲི་སྨན་རིན་པོ་ཆེ། དྲག་སྔགས་ལ་དུག་ཁྲག །གནོད་བྱེད་ཀྱི་མིང་ལ་དེ་སྟེང་རྫས་ངན་གྱིས་བྱུགས་ནས་དྲག་སྔགས་སྤྱི་སྡོམ་གྱི་གནད་རྣམས་ཀྱང་ཉམས་སུ་བསྟར། དཀྱུས་ལ་དེ་དག་མ་གྲུབ་ཀྱང་འགལ་བ་མེད། དེ་ནས་ལིངྒ་བྲུབ་ཁུང་དུ་མགོ་རང་ལ་ཕྱོགས་པར་བཏིང་


LT31_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲོག་ཡིག་ལ་ཚོན་སྐུད་ཐུན་ལམ་ནས་དྲངས་ཏེ་གཏོར་མ་ལ་བཏགས། ཁ་ཆོད་སྲུབ་གསེང་མེད་པའི་སྟེང་ཤིང་གི་ཨེ་ཁྲོམ་ལ་བསྟན་པའི་གོང་ནོན་གྱིས་གཏོར་མ་ཕུར་གཟུགས་གཙོ་འཁོར་བཅུ་གཅིག་ཁྲག་དང་ནག་རྩིས་བྱུགས་པ་ལ། ཚེ་ཡུངས་རྩང་དམར་ཤ་དུམ་དར་གྱི་འཕུར་ལྡི་ལ་སོགས་པས་བརྒྱན་ལ། ཤིང་གི་ཨེ་ཁྲོམ་ལ་བརྟེན་པའི་ཕུང་རེའམ། སྣམ་རས་ཀྱིས་གུར་ཕུབ་ལ་ཉི་ཟེར་དང་མར་མེའི་མདངས་མི་ཕོག་ཅིང་། བདུད་རྩིའི་ཟེགས་མ་ཡང་མི་ཕོག་པར་བྱས་ལ་སྟེགས་བུའི་མདུན་དུ་དྲག་པོའི་ཉེར་སྤྱོད་ལྔ་བཤམ། གཞན་ཡང་འོག་ཏུ་དགོས་པའི་མཆོད་གཏོར་ཚང་བར་གསག་གོ། །གཉིས་པ་དངོས་གཞི་ལ་གསུམ། དང་པོ་འགུགས་པའི་ལས། བར་དུ་བསད་པའི་ལས། ཐ་མ་མནན་པའི་ལས་སོ། །དང་པོ་ནི། ཉིན་རེ་ཐུན་གསུམ་མམ་བཞི་གང་རུང་རེ་བྱ་བའི་འདོན་ཡོན་ཆ་ཐུན་དང་པོར་ཚིག་བདུན་གསོལ་འདེབས་ནས། བཟླས་པ་འཁོར་བཅས་བརྒྱུད་འདེབས་ཡན་གཏོར་ཟློག་ལྟར་གྲུབ་ནས། གཏོར་ཆོག་བསྡུས་ཙམ་བྱ། དེ་ནས་དབྱངས་རོལ་བཅས་ཐུགས་དམ་བསྐུལ་བ་ནི་རིག་འཛིན་བསྐུལ་བ་ཙམ་མམ། ཡང་ན། ཧཱུྃ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔། ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་དབྱིངས་ནས་བཞེངས༔འཁོར་ལོ་རྒྱས་འདེབས་ཟ་བྱེད་ཡུམ་དང་སྦྱོར༔སྲས་མཆོག་དཔལ་གྱི་ཕུར་བུའི་དབྱིངས་སུ་རྫོགས༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཧཱུྃ། དཔལ་ཆེན་སྐུ་ལས་སྤྲུལ་པའི་འཁོར་ཚོགས་ནི༔ ༔


LT31_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་བཅས༔ མ་ལུས་དཔལ་ཆེན་སྐུ་ཡི་གནས་སུ་རྫོགས༔ སྟེང་འོག་ཕྱོགས་བཅུའི་དགྲ་བགེགས་འགུག་ཅིང་སྒྲོལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ། སྟེང་གི་ཕྱོགས་ནས་སྲི་ངན་འགུགས་ཤིང་སྒྲོལ༔ ཧཱུྃ་མཛད་སྒྲ་འབྱིན་ཕག་དང་སྨིན་བུའི་མགོ༔ ཡང་སྦྲུལ་མགོ་བརྙན་མང་པོའི་ཚོགས་དང་བཅས༔ སྟེང་གི་ཕྱོགས་ནས་སྲི་ངན་འདིར་ཁུག་ཅིག༔ བསྒྲལ་ཞིང་མནན་པའི་ཕྲིན་ལས་དུས་ལ་བབ༔ ཤར་གྱི་ཕྱོགས་ནས་སྲི་ངན༴ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ༔ ཡང་སྤྲུལ༴ ཤར་གྱི་ཕྱོགས་ནས༴ བསྒྲལ་ཞིང་༴ ཤར་ལྷོ་མཚམས༴ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ༔ ཡང་སྤྲུལ༴ ཤར་ལྷོ་མཚམས༴ བསྒྲལ་ཞིང་༴ ལྷོ་ཡི་ཕྱོགས༴ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ༔ ཡང་སྤྲུལ༴ ལྷོ་ཡི་ཕྱོགས༴ བསྒྲལ་ཞིང༴ ལྷོ་ནུབ་མཚམས་ཀྱི༴ མི་གཡོག་ཏུན་ཁུང་གཟིག་དང་ཁྭ་ཏའི་མགོ༔ ཡང་སྤྲུལ༴ ལྷོ་ནུབ་མཚམས༴ བསྒྲལ་ཞིང་༴ ནུབ་ཀྱི་ཕྱོགས་ཀྱི༴ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ༔ ཡང་སྤྲུལ༴ ནུབ་ཀྱི༴ བསྒྲལ་ཞིང་༴ ནུབ་བྱང་མཚམས༴ འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ༔ ཡང་སྤྲུལ༴ ནུབ་བྱང་༴ བསྒྲལ་ཞིང་༴ བྱང་གི་ཕྱོགས༴ བདུད་རྩི་


LT31_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འབྱིན་སེངྒེ་ཕ་ཝཾ་མགོ༔ ཡང་སྤྲུལ༴ བྱང་གི་ཕྱོགས༴ བསྒྲལ་ཞིང་༴ བྱང་ཤར་མཚམས༴ ཁམས་སུམ་གསོད་བྱེད་དྲེད་དང་སྲེ་མོང་མགོ༔ ཡང་སྤྲུལ༴ བྱང་ཤར༴ བསྒྲལ་ཞིང་༴ འོག་གི་ཕྱོགས༴ སྟོབས་ཆེན་བསོད་བྱེད་དོམ་དང་བྱི་ལིའི་མགོ༔ ཡང་སྤྲུལ༴ འོག་གི་ཕྱོགས་ནས༴ བསྒྲལ་ཅིང་མནན་པའི་ཕྲིན་ལས་དུས་ལ་བབ༔ ཧཱུྃ། ཚད་མེད་བཞི་ལྡན་ཕྲིན་ལས་རྣམ་བཞི་བསྒྲུབ༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་མགོ་བཞི༔ འགུགས་འཆིངས་སྡོམ་མྱོས་མཛད་པའི་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ༔ བྷྱོ༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་སྡེ་སོགས༔ ཕུར་སྲུང་བཀའ་སྡོད་དམ་ཅན་རྒྱ་མཚོ་སོགས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཕྲིན་ལས་བཞི༔ རང་རང་དམ་བཅས་བཞིན་ཏུ་སྒྲུབས་པར་མཛོད༔ ཅེས་དབང་བསྐུལ། གསེར་སྐྱེམས་ནི། ཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ་སོགས་དང་། ཕུར་ཁ་བསྒྱུར་བ་བཅས་བྱས། དེ་ནས་མཉེས་པའི་དབང་གཟུག་ལ། བརྒྱུད་གསུམ་བླ་མ་སོགས་བརྗོད། འདིར་རྒྱས་པར་སྤྲོ་ན་སྲི་རབས་ཚང་བར་སྦྱར། དེ་ནས་གྲུབ་ཁུང་བསྐྱེད་པ་དང་། འགུགས་གཞུག་གཏོར་ཟློག་ལྟར་ལ། གནོད་ཅིང་འཚེ་བར་བྱེད་པའི་དགྲ་སྲི་དུར་སྲི་ཕུང་སྲི་ལ་སོགས་པ་ལོག་པར་འདྲེན་པའི། ལྟ་བུ་སྐབས་སྦྱར་བས་བསྒྱུར་བ་ལན་གསུམ། ཧཱུྃ། བཅོམ་ལྡན་


LT31_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཧེ་རུ་ཀ༔ནས། བཛྲ་ཨཾ་ཀུ་ཤ་ཛཿཛཿའི་བར་གྱིས་ཀྱང་བཀུག་ལ་སྔགས་འདི་བཟླའོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ། མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་དམ་སྲི་ཛཿཛཿ སྙིང་རྩ་ལ་ཡཾ་ཡཾ། དམ་སྲི་ཛཿཛཿ སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་ཕྲིལ་ཕྲིལ་དམ་སྲི་ཛཿཛཿ སྲོག་ལ་ཆུཾ་ཆུཾ། ཙིཏྟ་སྲོག་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཛཿདམ་སྲི་ཛཿཛཿཐུམ་རི་ལི་ལི། སྙིང་རྩེགས་རྩེགས། འུར་འུར་ཤིག་ཤིག །འགུལ་འགུལ་མྱགས་མྱགས་དམ་སྲི་ཛཿཛཿ སོད་སོད་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཡེ། མཱ་ར་སེ་ནི་པྲ་མརྡྷ་ནི་ཡེ་ཧཱུྃ། དམ་སྲི་ཛཿཛཿཁུག་འདིར་དམ་སྲི་དང་། གཞན་ཏུ་སྲིང་ན་ཟེར་བ་ལ་སོགས་པའི་མལ་དུ་དགྲ་དུར་ཕུར་གསུམ་སོགས་གང་ཡིན་པ་ཁ་བསྒྱུར། སླར་ཡང་ཕོ་ཉ་བསྐུལ་ཏེ། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས། །ཕྱག་བརྙེན་ཆེན་པོའི༴ །ཤྭ་ན་མུ་ཁའི༴ །བདག་ཉིད་ཆེན་པོའི༴ །ས་བདག་ཆེན་པོའི༴ །ཐོགས་མེད་སྤྲུལ་པའི་འོད་ཟེར་གྱིས༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྲི་མནན་བྱེད་ན། ལྕི་བ་སེར་ཀའི་དུད་པ། ར་ཤ་ར་ཚིལ་མི་རྐང་རྟ་རྐང་བསྲེགས་པའི་གསུར་དང་བཅས། བདེན་པས་འགུགས་པ་ནི། ན་མོ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །མ་ལུས་བཀའ་ཡི་བདེན་པ་དང་། །ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ། །ཕྱག་རྒྱ་ལྷ་སྔགས་ཏིང་


LT31_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཐུས། །བསྟན་འགྲོར་གནོད་བྱེད་དགྲ་བོ་དང་། དམ་སྲི་འབྱུང་པོ་གདོན་གྱི་རིགས། །ཁྱད་པར་བདུད་པོ་ཐོད་ཕྲེང་དང་། །མ་བདུད་གར་དབང་གཉིས་འཚོགས་བུ། །རྒྱལ་བློན་ཡུལ་ཁམས་ཕུང་བའི་སྲི། །དམ་སྲི་དགྲ་སྲི་གོད་སྲི་དང་། །དགོས་སྲི་ཆུང་སྲི་དུར་གྱི་སྲི། །གཡལ་མོའི་གོད་སྲི་སྟོང་པའི་སྲི། །ཆེ་ཆུང་ཞང་ཚ་རྗེ་ཁོལ་སྲི། །མ་བུ་ཕུ་ནུ་ལྕམ་དྲལ་སྲི། །ཡོད་མེད་སྲི་སོགས་སྲི་ངན་གྱི། །བླ་སྲོག་རྣམ་ཤེས་རྟེན་འདི་ལ། །ཁུག་ཆིངས་སྡོམས་མྱོས་ལྷ་དང་དབྱེ། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། མནན་གཟེར་ལྟར། ཆེ་སྲི་ཆུང་སྲི། དགྲ་སྲི། གོང་སྲི། ཕུང་སྲི། དུར་སྲི། མེ་སྲི། ཆུ་སྲི། མཚོན་སྲི། དམ་སྲི་ལ་སོགས་པའི་རིགས་ཐམས་ཅད་སྐད་ཅིག་ལ་ཛཿཛཿ ཞེས་དང་། ཧཱུྃ། ནམ་མཁའི་དབྱིངས་སུ་སྲི་བྲོས་ན། །ཁྱུང་གི་མགོ་ཅན་ཁྱོད་སོང་ལ༔ ནམ་མཁའི་དཀྱིལ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གང་དཀར་རྩེ་ལ་སྲི༴ སེངྒེའི་མགོ༴ གངས་དཀར་རྩེ་ནས༴ རྣམ་ཤེས༴ གཡའ་སྤང་མཚམས་སུ་སྲི༴ གཡག་གི་མགོ༴ གཡའ་སྤང་མཚམས་ནས༴ རྣམ་ཤེས༴ གོང་སུམ་དག་ཏུ་སྲི༴ །སྤྱང་ཀིའི་མགོ༴ །གང་སུམ་དག་ནས༴ །རྣམ་ཤེས༴ །བྲག་ཐང་མཚམས་སུ༴ །འུག་པའི་མགོ༴ །བྲག་ཐང་མཚམས་ནས༴ རྣམ་ཤེས༴ །ནགས་ཚལ་དག་ཏུ༴ དོམ་གྱི་


LT31_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན༴ །ནགས་ཚལ་གསེབ་ནས༴ །རྣམ་ཤེས༴ །རྒྱ་མཚོའི་གཏིང་དུ༴ །སྲམ་གྱི་མགོ༴ །རྒྱ་མཚོའི་གཏིང་ནས༴ །རྣམ་ཤེས༴ །ཆུ་བོའི་གཞུང་དུ་སྲི༴ །ཆུ་བྱའི་མགོ༴ །ཆུ་བོའི་གཞུང་ནས༴ །རྣམ་ཤེས༴ །ས་ཡི་སྟེང་དུ་སྲི༴ །དྲེད་ཀྱི་མགོ་ཅན༴ །ས་ཡི་སྟེང་ནས༴ །རྣམ་ཤེས༴ །རྒྱ་གྲམ་ལམ་དུ་སྲི༴ །ཕག་གི་མགོ༴ །རྒྱ་གྲམ་ལམ་ནས༴ །རྣམ་ཤེས༴ །རི་སུལ་དག་ཏུ་སྲི༴ །གོ་བོའི་མགོ༴ །རི་སུལ་དག་ནས༴ །རྣམ་ཤེས༴ །ཐེམ་པའི་འོག་ཏུ༴ །ཁྱི་ཡི་མགོ་ཅན༴ །ཐེམ་པའི་འོག༴ རྣམ་ཤེས༴ །རྩིག་པའི་གསེབ་ཏུ༴ །བྱི་བའི་མགོ༴ །རྩིག་པའི་གསེབ་ནས༴ །རྣམ་ཤེས༴ །ཕྱོགས་མཚམས་་ཀུན་ཏུ་སྲི་བྲོས་ན། །སྤྲུལ་པའི་ཕོ་ཉ་མང་པོ་དང་། །ཡང་སྤྲུལ་ཕོ་ཉས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། ཅེས་བཀུག་ལ་བླ་འགུགས་སྔགས་འདི་བཟླ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྲི་ངན་ཛཿཧཱུྃ་བཾ་ཧོཿ སྲི་ངན་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། །ཤ་མ་རུ་ཏི་ཐུལ་ཐུལ། །མྱོག་མྱོག །ཡེད་ཡེད། ཤ་མ་རུནྟི་ཁུག་ཁུག །ལིང་མྱོག་ལིང་ཤག་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཡང་རིན་ཆེན་ཀུན་འདུས་ལྟར། སྲིན་མོ་དགའ་ཞིང་དགའ་ཞིང་ཤོག །སྲིན་མོ་རྒོད་ཅིང་རྒོད་ཅིང་ཤོག །ལྕམ་མོ་མདུར་གྱིན་མདུར་གྱིན་ཤོག །དོ་ནུབ་ཙམ་ལས་དགའ་བ་མེད། །དོ་ནུབ་ཙམ་ལས་གཤའ་བ་མེད། །དགའོ་གཤའོ་ཡོད་དོ་


LT31_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །གྲོ་བརྡུང་གླུ་ལེན་བྱེད་དུ་ཤོག །རི་རབ་ཟས་སུ་ཟ་རུ་ཤོག །རྒྱ་མཚོ་སྐོམ་དུ་འཐུང་དུ་ཤོག །འཇའ་ཚོན་ལུས་ལ་གོན་དུ་ཤོག །འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག །དུང་ཁང་ནང་དུ་འཛུལ་ལ་ཤོག །གཞལ་ཡས་ཁང་ལ་བལྟ་རུ་ཤོག །སྤོས་བསུར་དུད་པ་བསྣམས་ལ་ཤོག །སྲི་ཤ་ཁམ་ཅིག་ཟ་རུ་ཤོག །སྲི་ཟན་ཆང་ཅིག་ཟ་རུ་ཤོག །སྲི་ཆང་ཧུབ་ཅིག་རྡུབ་ལ་ཤོག །སྲི་ཡོས་སུན་གཅིག་འགམ་དུ་ཤོག །དེ་ནས་འབོད་པའི་སྔགས་ནི། །སྲི་མཱ་ར་ཡ་ཤོག །སརྦ་ཛ་ཏྲི་ནི་ཛཿཤོག །སྲི་མོ་གུང་གུང་ཤོག །ཀ་ཏྲི་ནི་ཛཿཤོག །ཤན་ཏྲི་ནི་ཛཿཤོག །ན་ཏྲི་ནི་ཛ་ཤོག །སུ་ཏྲི་ནི་ཛཿཤོག །དུ་ཏྲི་ནི་ཛཿཤོག །སིན་མོ་གུང་གུང་ཤོག །སྲི་མཱ་ར་ཡི་ཤོག །ཅེས་བཟླ། དགྲ་མནན་བྱེད་ན་དེ་རྣམས་བསྒྱུར་ལ། གོང་གི་མཐུ་རྩལ་དབྱུང་བའི་དུས་ལ་བབ། ཅེས་པའི་མཚམས་སུ། ཧཱུྃ་ཛཿ བླ་འགུགས་སྤྲུལ་པ་གནོད་སྦྱིན་གསེར་གྱི་སྟག །ལྕགས་ཀྱི་དོམ་སྤྱང་་བྱི་རུའི་ཁྱི་མོ་དང་། །ཁྱུང་ཆེན་གསེར་གྱི་འཕར་བ་ཟངས་ཀྱི་དྲེད། །གང་འཚམས་གཟུགས་སུ་སྤྲུལ་པ་ཁྱེད་རྣམས་ཀྱིས། །བླ་ཚེ་འཁྱམས་པོ་འཕྱོ་བའི་དུས་དྲུག་ལ། །བླ་སྟག་མི་དང་ཤ་བ་དགོ་བ་ལུག༔ ར་ཁྱི་བྱ་དང་གླ་བ་བོང་བུ་སོགས༔ གང་དུ་བརྫུས་ཀྱང་ད་ལྟ་ཉིད་ཁུག་ལ། །མངོན་སྤྱོད་རྨོད་པའི་ལས་ལ་མཱ་རཱ་ཡ༔ ཅེས་དང་། །ཀིང་ཀང་གི་བླ་འགུགས་སྔགས་ཁ་བསྒྱུར་བ་གོང་གསལ་གཙོ་བོར་བཟླ། དེའང་


LT31_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པའི་དུས་གནད་ནི། ཐོ་རངས་རྐང་ཆེན་ཤར་བ་སྟག་ཆེན་ཁ་གདོང་བའི་དུས། ཞོགས་པ་ཤར་ནས་ཐིབ་སོ་བྱུང་བ་གིང་ཟིན་ལ་འཇུག་པའི་དུས། དགོང་མོ་ནུབ་ནས་གྲིབ་སོ་བྱུང་བ་སྲིན་པོ་ལྟོ་ལ་རུབ་པའི་དུས། སྲོད་གདོང་ནག་ལ་བདུད་དམག་ལ་ཆས་པའི་དུས། དུས་དེ་བཞི་ལ་དགུགས་གཞུག་དྲག་པོ་ལན་གསུམ་བདུན་ཉེར་གཅིག་སོགས་ཁུག་རྟགས་མ་བྱུང་བར་བཀུག །དམིགས་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ལས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། ཕོ་སྲི་གཡག་དཀར་པོའི་རྣམ་པར། མོ་སྲི་ཁྱི་ནག་མོའི་ཚུལ་སོགས་གོང་གསལ་ལྟར་ལ། རི་བོའི་རྩེ་རྒྱ་མཚོའི་འགྲམ་འཇིག་རྟེན་ཁམས་གར་གནས་ཀྱང་སྲི་ངན་རྣམས་བྱིའུ་ཆུང་ཁྲས་དེད་པ་ལྟར་བཀུག་ནས་གཟུགས་ལ་བསྟིམ། ཡང་དཀྱིལ་འཁོར་གསུམ་ལས་ཁྲོ་བོ་འདོད་རྒྱལ་ལྕགས་ཀྱུ་དང་། སྒོ་མ་བཞི་རང་རང་གི་མཚོན་ཆ་འཛིན་པ་དཔག་མེད་སྤྲོས་ཏེ། སྲི་ཆུང་བཅུ་གསུམ་གཙོ་བོར་གྱུར་པའི་གདོན་བགེགས་གནོད་བྱེད་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་གང་དུ་གནས་པ་ནས། ལྕགས་ཀྱུས་སྙིང་ནས་ཕུག །ཞགས་པས་རྐེད་ནས་བཅིངས། ལྕགས་སྒྲོག་གི་དྲ་བར་བཅུག །དྲིལ་བུས་མྱོས་པར་བྱས། མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབས་ཏེ། ལས་ཀྱི་རླུང་གི་འཁོར་ལོ་ལ་བསྐྱོན་ནས། རང་དབང་མེད་པར་མྱུར་སྟབས་སུ་བཀུག་སྟེ། གཟུགས་ལ་དབང་མེད་དུ་ཐིམ་པར་གྱུར་ནས། བྱད་ཐག་གིས་གྲུ་གུ་ལྟར་བཅིངས། ལུས་ངག་ཡིད་གསུམ་ཤིན་ཏུ་ཉམ་ཐག་པ་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྗི་བས་མནན་ཏེ། བདག་མདུན་གཟི་བརྗིད་མཐུས་འགུལ་ཙམ་མི་ནུས་པར་བསམ། སྔགས་ཚན་རེ་རེ་


LT31_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོང་འོག་དམིགས་པ་གང་རིགས་རེ་བསྒྲགས་ནས་བརྒྱ་འགྲོ་བར་བྱ། སྲི་རྣམས་བྲེད་ཅིང་འདར་ཧང་ཧང་དཀྱིལ་འཁོར་དང་སློབ་དཔོན་ལ་གསོལ་བ་བཏབ་པར་མོས་པས། སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །བདེ་ཆེན་འདུ་འབྲལ་མེད་པའི་ཐུགས། དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ། །ལུས་ངག་ཡིད་གསུམ་ཕྱག་བགྱིའོ། །དེའི་ལེན་དུ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །ཚེ་རབས་སྔ་མའི་ལན་ཆགས་ཀྱིས། །དུས་འདི་ཉིད་དུ་སྲི་རྣམས་བྱུང་། །རྣལ་འབྱོར་ང་ཡི་གཤེད་མར་བྱུང་། །ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱི། །གསང་བའི་གནས་འདིར་འདུས་འཚོགས་ཤོག །ཏྲི་བཛྲ་ཨངྐུ་ཤ་ཛཿཛཿ །གནོད་པར་བྱེད་པའི་ཕུང་སྲི་འདི། །ཚེ་རབས་སྔ་མའི་ལན་ཆགས་ཀྱི། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་འཕྲོག །ཡོན་མཆོད་རྣམས་ལ་གནོད་པའི་བགེགས། །སྡང་བའི་དགྲ་དང་གནོད་པའི་སྲི། །སྐད་ཅིག་ཙམ་གྱིས་འདུལ་བའི་ཕྱིར། །གྲུ་གསུམ་འབར་བ་འདིར་ཁུག་ཅིག །ད་ལྟ་ཉིད་དུ་མཆིས་པར་གྱུར། །ནོར་གྱིས་དོགས་ནས་མིང་འདི་བྲིས། །བརྗེད་ཀྱིས་དོགས་ནས་ལིངྒ་བྱས། །བོང་གྱིས་དོགས་ནས་ཐོད་པར་བཅུག །ཁྱོད་ཀྱི་རྫུ་འཕྲུལ་བརླག་བྱའི་ཕྱིར། །ད་ལྟ་ཉིད་དུ་འདིར་འདུས་ཤིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ སོགས་རྒྱ་བཞི་འགུགས་འཆིངས་སྡོམ་མྱོས་བྱ། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛཿ། ནྲྀྀ་ཏྲི་ནི་ཧཱུྃཿཛཿ


LT31_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཏྲི་ནི་ཧཱུྃ་ཛཿ ཤ་ན་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ཀུཾ་ཀུཾ་ཛཿ ཛཿཛཿཧཱུྃ། དམ་སྲི་ཕོ་མོ་ཐམས་ཅད་ཀྱི་སྙིང་ལ་མཱ་ར་ཡ་ཛཿ རྦད་ནན། ཅེས་ཅི་འགྲུབ་བཟླས་མཐར། གུ་གུལ་གྱིས་བདུག་ཅིང་ཐུན་ཀྱིས་བྲབས་ལ་ཛཿ གུ་གུལ་སྦྱར་བས་སྲིར་བདུག་པས་གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག་ཆང་དང་དུག་ཁྲག་སྣ་ཚོགས་པ། །དྲག་པོའི་དམར་གཏོར་མཚོན་དཔལ་རྡོལ། །ལྕགས་ཟངས་མཁར་སྒོང་རྐེ་ཚེ་དང་། །དཀར་ནག་ཡུངས་ཀར་ཐུན་གྱིས་བྲབས། །སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཅེས་བརྗོད། བྲུབ་ཁུང་ཁ་སཱཙྪ་ནག་པོས་བཅད། །དམར་གཏོར་ལ་འགུགས་གཞུག་བྱ། སྨན་རཀ་གིས་སྦྲན། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལས། རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་སྲུང་མ་དམ་ཅན་རྒྱ་མཚོ་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་དང་། ཨེ་ཨ་ར་ལི་ཧྲི༚་ཧྲི༚་ཛཿཛཿ ཞེས་པས་བརླབས། ཞིང་བཅུ་བསྒྲལ་བའི་ཤ་རུས་དབང་ལྔའི་རྡུལ༔ རབ་བརྩེགས་དམར་ཆེན་བ་ལིང་མཆོད་སྤྲིན་དབང་༔ རིན་ཆེན་སྣ་བཞི་ཀུན་བཟང་མཆོད་སྤྲིན་དུ། །དམིགས་ཏེ་དཔལ་ཆེན་འཁོར་དང་བཅས་ལ་འབུལ། ཛཿཧཱུྃ་བཾ་ཧོཿ ཤྲི་ཧེ་རུ་ཀ་སརྦ་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཧཱུྃཿ དུས་གསུམ་རྒྱལ་བའི་ཕྲིན་ལས་


LT31_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་དཔལ༔ མ་རུངས་འདུལ་མཛད་ཀརྨ་ཧེ་རུ་ཀ༔ འགྲོ་བ་སྙིགས་མའི་སྡུག་བསྔལ་སྐྱོབ་པའི་ལྷ༔ དྲག་པོའི་ཕྲིན་ལས་མཛད་ལ་མཆོད་པ་འབུལ༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཕྱག་སྒོ་བ་བཞི༔ ཕུར་སྲུང་ཟ་གསོད་དབང་ཕྱུག་ཉེར་བརྒྱད་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམིགས་པའི་དགྲ་བགེགས་གཟུགས་ལིང་མིང་བཅས་འདིའི༔ བླ་ཁུག་དབུགས་འཕྲོག་མགོ་འཁོར་ཁྲག་ཏུ་སྐྱུགས༔ བརྒྱལ་ཞིང་ལུས་སེམས་བྲལ་ལ་སྲོག་རྩ་ཆོད། ཚེ་ཡི་འདུ་བྱེད་བསྐུམས་ལ་མྱུར་དུ་སོད༔ ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་ཐོབ༔ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས༔ ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད༔ ཅེས་པས་ཐུན་གཏོར་འབུལ། འཁོར་རྣམས་བསྡུས་ལ་གོ་བགོ་བསྔོ་སྨོན་སོགས་པ། དེ་ནས་ཐུན་གཉིས་པར་རྒྱུན་བཤགས་སྔོན་འགྲོས་ཏིང་འཛིན་རྣམ་གསུམ་མན་ཆད་སྔར་ལྟར་ལ་མཆོད་པའི་རིགས་མདོར་བསྡུས་དང་། གཏོར་ཆོག་མི་དགོས་ལ། གསེར་སྐྱེམས་ཀྱང་བསྡུས་པ་བྱ། གཞན་སྔར་བཞིན། ཐུན་གསུམ་པའང་དེ་དང་མཚུངས། ཐུན་བཞི་བར་བཟླས་པའི་རྗེས་སུ་ཚོགས་བར་པ་ཡན་བཏང་། དེ་ནས་ཐུགས་དམ་བསྐུལ་བ་ལ་འཇུག་ཅིང་། བྲུབ་ཁུང་། ཁ་བཅད་ཟིན་ནས་ཆོས་སྐྱོང་གི་སྤྱི་བསྟན་མན་ཆད་མཐར་དབྱུང་། དེ་ལྟ་བུའི་ཚུལ་གྱིས་


LT31_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་རྟགས་མ་བྱུང་བར་རམ། ཞག་གསུམ་བདུན་སོགས་ཇི་ཙམ་བྱེད་པ་ཆ་གཉིས་སུ་བགོས་པའི་ཆ་གཅིག་ལ་འབད་དོ། །གཉིས་པ་བསད་པ་ནི། ཐུན་རྡེག་པ་ཡན་སྔར་ལྷར་ལ་ཡང་འགྲེལ་སོ་དྲུག་གི་དམིགས་པ་བྱས་ལ། ཧཱུྃ་ལ་ར་བི་དྱ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། ཏྲ་ཤ་ཡ་ཏྲ་ཤ་ཡ་ཧཱུྃ་ཕཊ། ཧ་ས་ར་ཡ་ཧ་ས་ར་ཡ་ཧཱུྃ་ཕཊ། ཧྲཱི་དཎྜ་ཧཱུྃ་ཕཊ། ཤྲཱིགྷྲཱཾ་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྲ་ལ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ། ཅི་ནུས་དང་། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་དམིགས་བྱ་རྣམས་ལ་ཕོག་པས། བ་མོ་ལ་ཉི་ཟེར་ཕོག་པའམ། མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཀྲག་མདངས་ཉམས། བདག་མདུན་དང་བྲུབ་ཁུང་ཁའི་རྩད་རྣམས་ཤན་པ་ཕོ་མོའི་ངོ་བོར་གསལ་བའི་ཞལ་ནས་སྔགས་སྒྲ་དི་རི་རི་བཟླས་པས། དྲག་སྔགས་ཀྱི་འོད་ཟེར་མེ་ལྕེ་རྣོ་ངར་དང་ལྡན་པའི་མཚོན་ཆའི་རྣམ་པར་འཕྲོས་ཏེ། ལུས་ཀྱི་ཡན་ལག་ནང་ཁྲོལ་རྣམས་བཅད་གཏུབ་བྱས་ཏེ་ལོ་ཏོག་སེར་བས་བཅོམ་པ་ལྟར་གྱུར། ཡང་དུག་གིས་འཚུབ་ཅིང་ནད་ཀྱིས་གཟིར་ནས་དབང་པོ་ཉམས་ཤིང་རྣམ་ཤེས་མར་མེ་འཆི་ཁའི་འོད་ལྟར་ནག་སྐེམ་སྐེམ་པ་དེ་ཡང་ཐུམས་སེ་བསད་པར་བསམ། ཟབ་གནད་དམིགས་པ་ནི། རྡོ་རྗེ་གཞོན་ནུ་སྐུ་སྨད་ཁྲོ་ཕུར་ལྕགས་སྲེག་གི་རང་བཞིན་ཏེ། དམིགས་བྱའི་སྤྱི་གཙུག་ཏུ་བརྒྱ་བ། རྐང་མཐིལ་ནས་བྱུང་། ལྕེ་སྟེང་ནས་ཨོག་མར་ཕྱུང་བར་བསམ་སྙིང་ཁར་ཐོག་རྒྱབ་ལྟར་སོང་བས་


LT31_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་ཐལ་བར་བཏང་། མདོར་ན་དགྲ་བོའི་སྒོ་གསུམ་བྱ་སྒྲོ་མེ་ལ་བསྲེག་པའམ། གཞོབ་བརྫིས་པ་ལྟར་ཐལ་བ་བུན་སོང་ནས། ཕུར་པའི་ཆར་རྒྱུན་མི་ཆད་པས་རྫས་མེད་རྩ་ལག་ཕུང་ཐལ་དུ་སོང་བར་བསམས་ལ། ལུས་ངག་ཡིད་གསུམ་བསྒྲལ་བའི་དམིགས་པ་བསྒོམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་དམ་སྲི་མཱ་ར་ཡ་སོད། སྙིང་རྩལ་ཡཾ་ཡཾ། དམ་སྲི་མཱ་ར་ཡ་སོད། སྲོག་རྩལ་ཡཾ་ཡཾ། སྙིང་ལ་ཕྲིལ་ཕྲིལ། དམ་སྲི་མཱ་ར་ཡ་སོད། སྲོག་ལ་ཆུཾ་ཆུཾ། ཙིཏྟ་སྲོག་ལ་དུང་དུང་། སྙིང་ཁྲག་ཤད་ཛ༔ དམ་སྲི་མཱ་ར་ཡ་སོད། ཐུཾ་རི་ལི་ལི། །སྙིང་རྩེགས་རྩེགས། འུར་འུར་ཤིག་ཤིག །འགུལ་འགུལ། མྱག་མྱག་དམ་སྲི་མཱ་ར་ཡ། སོད་སོད་དྷ་དྷི་མ་མ་ཀརྨ་ཤྲཱིགྷྲཾ་ཀཱ་ར་ཡེ་མ་ར་སེ་ནི་པྲ་མརྡྷ་ནི་ཡེ་ཧཱུྃ་དམ་སྲི་མཱ་ར་ཡ་སོད་ཕཊ༔ ཅི་ནུས་བཟླས་པས་གཟིར་བའི་མཐར་ཐུན་བརྡེགས་ལ་ཐུགས་དམ་དྲག་ཏུ་བསྐུལ་བ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་ཚོགས། །སྲས་དང་སྲུང་མ་དམ་ཅན་རྣམས། །སྐུ་ནི་འཇིགས་གཟུགས་སྟོང་ཁམས་ཁྱབ། །གསུང་ནི་དྲག་སྔགས་འབྲུག་སྟོང་ལྡིར། །ཐུགས་ནི་ཆོས་དབྱིངས་སྐྱེ་བ་མེད། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས། །ཡེ་ཤེས་མཚོན་ཆ་སྐར་ལྟར་འཁྲུགས། །དམ་སྲི་ལས་ངན་སྡིག་ཆེན་ལ། །རྡོ་རྗེ་ཕུར་པ་ཐོག་ལྟར་འབེབས། །ཡུངས་ཐུན་དྲག་པོ་


LT31_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྦབ་ལྟར་འགྲིལ། །ཁྲག་ཐུན་དུག་རླངས་མཚོ་ལྟར་ཁོལ། །མཚེ་དང་མདའ་ཟོར་རླུང་ལྟར་འཚུབས། །མཚོན་ཆའི་རྣོ་དབལ་མེ་ལྟར་འབར། །གཏོར་ཟོར་དྲག་པོ་སེར་ལྟར་འབེབས། །ཁྲོ་རྒྱལ་ལྷ་ཚོགས་མཐུ་མ་ཆུང་། །ལས་མཁན་སྲུང་མ་རྩལ་མ་ཞན། །ཐུན་དང་མཚོན་ཆ་དཔལ་མ་བརྟུལ། །དུག་ཁྲག་ནད་རླངས་མཚོན་ཆ་དང་། །ཐུན་རྫས་རྡོ་རྗེའི་མེ་ཆར་ཕོབ། །དམ་སྲིའི་ལུས་ངག་ཡིད་ལ་གཟིར། །དམིགས་པའི་དགྲ་བགེགས་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་མདུན་གྱི་ནམ་མཁར་བྱོན་ནས་མཚོན་ཆའི་ཐུན་རྫས་སྣ་ཚོགས་ཆར་ལྟར་ཕབ་ནས་དམ་སྲི་དེ་རྡུལ་ཕྲན་བཞིན་ཏུ་བརླག་པར་བསམས་ལ་འབྲུབ་ཁུང་ཁ་བཅད་པ་སོགས་སྔར་བཞིན་བྱས་ལ་ཐུན་བཞིའི་ཚུལ་གྱིས་འགུགས་པའི་ཕྱེད་ཆ་ཙམ་དུ་བསྒྲུབ་བོ། །གསུམ་པ་མནན་པ་ནི། བསད་པའི་སྔགས་དམིགས་ཡན་སྔར་བཞིན་ལ། །བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་སྲུབས་མེད་པ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གཤིན་རྗེའི་བཙོན་ཁང་། གསེར་གྱི་ས་གཞིའི་འོག་ཏུ་སླེབས་པ་ཙམ་གྱི་གཏིང་རིང་བ། ལྕགས་སྲེག་གི་ས་གཞི་ཕྱི་ནང་ཐམས་ཅད་ནད་ངན་དུག་གི་རླངས་པ་འཁྲིགས་ཤིང་། མཚོན་ཆའི་ཆར་འབེབས་པ། རྩད་རྣམས་ཀྱང་ལས་བྱེད་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་མཚོན་ཆ་ཐོགས་པས་བསོར་བའི་ཕྱི་རོལ་དུ་ས་ཆུ་མེ་རླུང་མི་བཟད་པའི་གུར་ཁང་རིམ་པ་མང་པོ་བསྐལ་བའི་རླུང་ཡང་མི་ཐར་བའི་གཏིང་དུ་དགྲ་བགེགས་དམ་སྲི་དབང་མེད་དུ་ཚུད་དེ་སྒོ་གསུམ་མྱོས་ཤིང་བརྒྱལ་ནས་འགུལ་བསྐྱོད་བྲལ་བའི་སྟེང་དུ་


LT31_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུའི་རྩལ་མངའ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པས་གཟིར་ཞིང་མནན་ཏེ་བསྐལ་པའི་བར་དུའང་མི་ཐར་བར་བསམས་ལ། ཡང་ཟབ་དམིགས་པ་ནི། དགྲ་བགེགས་འབྱུང་པོའམ་སྤྱི་མགྲིན་དང་། སྙིང་ག་ལྟེ་བ་གསང་གནས་ལྔ། གནམ་ལྕགས་ཙཀྲ་རྩིབས་བརྒྱད་པ། སྣ་ཚོགས་རྡོ་རྗེས་མཚན་པ་ར། རྩིབས་བཞིར་རྒྱ་གྲམ་ལྕི་ཞིང་འཐས། མནན་པས་ལུས་ངག་ཡིད་གསུམ་ཚོགས། འགུལ་བསྐྱོད་སྨྲ་བསམ་མེད་པ་རུ། ཉམ་ཐག་དུ་ཁའི་རང་བཞིན་གྱུར། །ཅེས་པ་བསྒོམས་ལ། སྔགས་འདི་བཟླས། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དམ་སྲི་བྷ་ཡ་ནན། སྙིང་རྩལ་ཡཾ་ཡཾ་དམ་སྲི་སྟྭཾ་བྷ་ཡ་ནན། སྲོག་རྩལ་ཡཾ་ཡཾ། སྙིང་རྩལ་ཕྲིལ་ཕྲིལ་དམ་སྲི་སྟམ་བྷ་ཡ་ནན། སྲོག་ལ་ཆུཾ་ཆུཾ། ཙིཏྟ་སྲོག་ཁ་ཏུང་ཏུང་། སྙིང་ཁྲག་ཤད་ཛ་དམ་སྲི་སྟཾྭ་བྷ་ཡ་ནན། ཐུཾ་རི་ལི་ལི། སྙིང་རྩེགས་རྩེགས་འུར་འུར་ཤིག་ཤིག་འགུལ་འགུལ། མྱག་མྱག་དམ་སྲི་སྟྭཾ་བྷ་ཡ་ནན། སོད་སོད་དྷ་ཏི་མ་མ་ཀརྨ་ཤི་ཏྲཾ་ཀ་ར་ཡེ། མར་སེ་ན་པྲ་སུརྡྷ་ནི་ཡེ་ཧཱུྃ་སྟཾྭ་བྷ་ཡ་ནན། རྗེས་བྱ་སྔོན་མ་རྣམས་ལྟར་བྱས་ལ་བསད་པའི་ཕྱེད་ཆ་ཙམ་བསྒྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་མནན་པའི་ལས་རིམ་དངོས་ནི། རྟགས་རྫོགས་ནས་ཉེར་དགུ་ལྟ་བུ་མནན་པ་ལ་འཇུག་པའི་ཉིན། །བསད་པའི་སྔགས་དམིགས་ཡན་སྔར་བཞིན་བྱ་དེ་ནས་ལྷ་དབྱེ་ནས་ཞལ་བསྟབ་བར་ཡང་འགྲེལ་ལོ་དྲུག་གཏོར་ཟློག་གཞུང་བཞིན་བྱས་ལ་ལིངྒ་དགྲ་ལྟེབས་འདྲེ་ལྟེབས། །ཤི་ལྟེབས་མཚོན་ལྟེབས་རྣམས་སྐབས་བསྟུན་བྱས་ལ། ཐུན་རྫས། ཡོས་ཚིག །ཐལ་ཆེན། བཏང་མེད་ཀྱི་མུན་པ། ཐར་མེད་ཀྱི་གཏིང་རྡོ་སོགས་བལ་


LT31_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྣ་ལྔའི་སྐུད་པས་དམ་པར་བཅིངས་ལ། མནན་ཐོད་གང་ཡིན་དེར་བཅུག་ལ་ཀླད་ཁུང་ནས་ཐལ་སྐྱོ་མི་ཁའི་རྫས་དང་། ཚྭ། བུལ་ཏོག །བ་ཚྭ་རྣམས་ཀྱིས་བཀང་། ཁལ་ཁྲོ་ཞལ་ལམ་སྣ་ཚོགས་རྡོ་རྗེའི་ཐེའུས་རྒྱས་བཏབ། ཕྱི་ཕུད་རེའམ་ཡུག་སའི་ཤ་གོས་ཀྱིས་དྲིལ། རོ་སྒྲ་དང་ར་ཁྱི་ཕག་གི་སྤུ་དང་། ཚོན་སྐུད་སྣ་ལྔས་མདུན་ནས་རྒྱབ་དང་གཡོན་ནས་གཡས་སུ་བཅིངས། སེ་རྐྱེར་འོམ་བུའི་རྩང་སྣེ་གཉིས་ཕུར་པ་ཅན་བསྣོལ་མར་གཟུག །དེ་དག་གི་ཚེ་རོལ་མོ་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། དྷ་དྷི་མམ་ཀརྨ་ཤཱི་གྷྲཱཾ་ཀ་ར་ཡ་ནྲྀ་ཏྲི་མཱ་ར་ཡ་རྦད། ཨོཾ་བཛྲ་ཨངྐུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྦོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཨོཾ་སརྦ་ཛ་ཏྲི་སོགས་ཀྱི་མཐར། རྦད་ནན་མཱ་ར་ཡ་ཕཊ། བཏགས་པ་དང་། གབ་པའི་སྔགས་དྲུག་བཟླ། དམིགས་པ་ནི་དམ་སྲི་དེ་རྣམས་དབང་པོ་ཉམས་ཤིང་བྲལ་ནས་འགུལ་ཙམ་ཡང་མི་དབང་ཞིང་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་བརྒྱད་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡ་ཞེས་པས་མཚན་པ་གཡོན་བསྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བ་བདེ་བའི་ངང་དུ་དྲན་མེད་དུ་བརྒྱལ་བར་བསམ། དེ་བར་མནན་ཆས་ཟིན་ནས་ཐོད་པ་དེ་བྲུབ་ཁུང་དུ་བཞག །མཐའ་མཚོན་ཆས་བསྐོར་ལ་འདི་སྐད་གྱེར་རོ། །ཀྱཻ། སྔོན་གྱི་ལས་ངན་བསགས་པ་ཡི། ད་ལྟ་ལུས་ངན་བླངས་པ་ཡིན། སྲི་ཅན་འཁོར་དང་བཅས་པ་ཡི། །རིགས་ནི་ཡི་དྭགས་རྫུ་འཕྲུལ་ཅན། ལས་ནི་ངན་དགུ་དུག་བཅུ་སྤྱོད།


LT31_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བའི་མདོག་ལ་སྐྲ་གཟེངས་སྐྱེས། །བོང་ཆུང་མགོ་ཆེ་བཞིན་མི་སྡུག །ལྟས་ངན་རྟགས་སུ་ཡ་སོ་ཏོལ། །སྔོན་ནས་སེམས་ལ་གདུགས་རྩུབས་འཆང་། །ལས་ངན་བྱས་པས་གྲུབ་པ་ཡིན། །ཁྱོད་མ་ཡི་སྲིལ་བུ་ཡི་སྲི། །ཆེ་ཡི་སྲི་ལ་ཆུང་གི་སྲི། །ནོར་གྱི་སྲི་ལ་ཕྱུགས་ཀྱི་སྲི། །རྒྱལ་པོའི་སྲི་ལ་བློན་པོའི་སྲི། །བསྟན་པ་གཉེན་པོ་ཁྱོད་ཀྱིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨོད། །རྡོ་རྗེ་སློབ་དཔོན་སྐུ་ལ་དགྲ། །ཐེག་ཆེན་ཆོས་ལ་ཁྱོད་ཀྱིས་སྨོད། །སེམས་ཅན་ཡོངས་ལ་གནོད་པ་བྱས། །རྣལ་འབྱོར་པ་ཡི་ཚེ་བདུད་བྱས། །བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་། །བརྗེད་ཀྱི་དོགས་ནས་ལིངྒ་ལས། །ནོར་གྱི་དོགས་ནས་མིང་རུས་བྲིས། །བྲོས་ཀྱི་དོགས་ནས་ལྕགས་སྒྲོག་བརྒྱབ། །མཚོན་ཆ་རྣམས་ཀྱིས་མཐའ་ལ་བསྐོར། །ཕོ་ཉ་རྣམས་ཀྱིས་འགུགས་འདྲེན་བྱས། །རཀྟ་ཁོལ་བའི་རྦ་ལ་གཡེང་། །ཡུངས་ཀར་སྦྱར་བའི་ཐུན་གྱིས་བྲབ། །གུ་གུལ་དུད་པ་སྦྱར་བས་བདུག །སྐྱེར་པའི་ཚེར་མ་སྙིང་ལ་གཟེར། །རེ་བ་ནག་པོའི་ཐུམ་གྱིས་གཏུམས། །ཚོན་སྐུད་སྣ་ལྔས་རྒྱ་ཆིང་བྱས། །སྙིང་རྗེ་མེད་པའི་ལག་ཏུ་གཏད། །སྲི་ཁུང་གྲུ་གསུམ་ནང་དུ་བྲུབ། །འཇིག་རྟེན་ཁམས་འདི་མ་ཞིག་བར། །ནམ་ཡང་ཐར་བའི་བསྐལ་པ་མེད། །ཞེ་སྡང་སེམས་ཀྱིས་མི་མནན་ཏེ། །བྱམས་དང་སྙིང་རྗེས་མནན་པར་བྱ། །ནམ་ཞིག་བྱང་ཆུབ་


LT31_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ནས། །ཡི་གེ་ཧཱུྃ་ལ་བརྫུས་ལ་ཤོག །སྐབས་འདིར་ཐོད་དབང་བསྐུར་བའི་མོས་པ་བྱ་སྟེ། དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་དང་རང་བཞིན་གྱི་དབྱིངས་ནས་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁོང་སྲུབས་སིང་མེད་པར་བསམས་ཤིང་། དྲིལ་ཚར་ཀྱང་བསྐལ་བའི་མུན་པ་དང་། རྩད་རྣམས་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་སྲུང་བ་ནན་ཏན་དུ་གསལ་གདབ་བོ། །མནན་པའི་གནས་ནི། ཕོ་སྲི་གངས་དཀར་སྟེང་། མོ་སྲི་རྒྱ་མཚོའི་གཏིང་། ཆུང་སྲི་ར་ཡི་ཐོད་པ་དེ་ཐབ་སྒྱེད་ཞབས་སུ་མནན། སྲེ་མོའི་ཐོད་པ་ཅན་དེ་སྒོ་ཐེམ་ཞབས་སུ་མནན། ཁྱི་ཐོད་ཅན་དེ་རྒྱ་གྲམ་མམ་གྲོང་ཁྱེར་གྱི་སྲོང་མདོར་མནན། སྤྱིར་བཏང་མལ་འོག་ཏུ་མནན་པར་གསུངས། བདུད་སྲི་བདུད་གཅོད་ཕྱོགས་སུ། བཙན་སྲི་ལུང་གསུམ་མདོའམ། ལ་བཙས་འོག་ཏུ། རྒྱལ་སྲི་ལྷ་ཁང་ཐེམ་འོག །དམ་སྲི་ཐེབས་འོག་གམ། ཡང་ན་མཆོད་རྟེན་འོག་གམ། །ལམ་རྒྱ་གྲམ་མམ། ལྷོ་ཕྱོགས་ཀྱི་ཤིང་གཅིག་འོག་ཏུ། །ཀླུ་སྲི་བྲག་བྱ་ཁྱུང་འདྲ་བའི་འོག་ཏུ། དགྲ་སྲི་ལྡང་ཕྱོགས། གྲི་སྲི་ཕུང་ཤུལ་དུ། དུར་སྲི་དུར་སྲི་དུར་ཆེན་གྱི་ཞབས་སུ། རྒན་སྲི་སྒོ་ཡི་ཐེམ་འོག་ཏུ་མནན། བྱེས་སྲི་ལམ་རྒྱ་གྲམ་ལོགས་སུ་ཞིང་གི་ལོ་སྲི་ལམ་རྒྱ་གྲམ། གོད་སྲི་ལམ་འོག་གམ་ར་བའི་ཕུག་གམ། ས་མདོ་སོགས་དཔྱད་གཞུང་དང་བསྟུན་པའམ། མ་ི་འབུམ་པ་སོགས་ཀྱིས་


LT31_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་མནན། དམིགས་སུ་མི་གསལ་བ་རྣམས་ལམ་རྒྱ་གྲམ་མམ། གྲོང་ཁྱེར་གྱི་སྲང་མདོའམ། སྒོ་ཡི་ཐེམ་འོག་གམ། ལུང་གསུམ་འཛོམ་མདོ་ཆེན་པོ་སོགས་སུ་མནན་པར་གསུངས་ལ། སྤྱིར་འཇིགས་པའི་ལྕེ་མདུང་སོགས་ཤེས་ན་མཆོག་གོ་མནན་པའི་གནས་དེར་ལྟོ་འཕྱེ་བརྟགས་ལ་བཙོད་རུ་ལ་ཀླུ་སྨན་སྦྱར་བས་དོང་གྲུ་གསུམ་སོར་ཉི་ཤུ་རྩ་གཉིས་ཀྱི་ཚད་དུ་བྲུས་ལ། དཀར་གཏོར་གསེར་སྐྱེམས་གོང་གནོན་ལས་གཏོར། མནན་ཆས་ཚད་མཁྱེར། སློབ་དཔོན་སྔགས་ཆས་བཅས་དེར་ཕྱིན་ཏེ། གསེར་སྐྱེམས་རྒྱས་པས་མཆོད། ཕུར་ཁ་བསྒྱུར་བ་བྱས། རང་ཉིད་དཔལ་ཆེན་སྐུ་རུ་གསལ་བ་ཡིས༔ ཕྱག་གི་གནམ་ལྕགས་ཕུར་བུ་ས་ལ་བཏབ༔ ས་གཞི་གས་ཏེ་རྒྱ་མཚོ་སྔོ་མེར་གསལ༔ དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང་། འཆི་བདག་གཤིན་རྗེ་ནག་པོ་འཇིགས་རུང་བ༔ ལག་གཡས་དབྱུག་ཏོ་གཡོན་ན་ཞགས་པ་ཐོགས༔ མི་སྡུག་དྲི་འཐུལ་མ་ཧེ་ནག་པོ་ཞོན༔ གཤིན་རྗེའི་འཁོར་ཚོགས་རྔམས་པའི་ཚུལ་གྱིས་བསྐོར༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། ས་མཱ་ཡ་ཛཿས་མཱ་ཡ་ཧཱུྃ༔ གིས་དམ་བཞག་ལ། དམར་གཏོར་ལ་བཀའ་བདེན་སྟོབས་ཀྱིས་དམིགས་བྱ་ལེན་གསུམ་བཀུག་ལ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཀྲྀཥྞ་ཛ་མཱ་རི། དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་ཀི་ནི་རི་ཏི་གྲྀ་ཧ་ན་ཁཱ་ཧི་ས་བསྔོས་ལ། ཧཱུྃ། འཆི་བདག་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱིས་


LT31_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་རོལ་ནས་ཀྱང་༔ དམ་ཉམས་དགྲ་བོ་འཁོར་དང་བཅས། །བསྡམས་འཛིན་མནན་པའི་ཕྲིན་ལས་མཛོད༔ ཅེས་པས་དམར་གཏོར་དངོས་སུ་འབུལ། མནན་ཐོད་ལ་འགུགས་གཞུག་ཚིག་ལྷུག །ན་མོ་རྩ་བརྒྱུད་བླ་མ་སོགས་སམ། དགྲ་མནན་ལ་བླ་འགུགས་ལན་གསུམ། གབ་པའི་སྔགས་དྲུག་བཟླས་ལ་སྐྱེར་ཕུར་གྱིས་བཏབ་སྟེ། ཧཱུྃ། སྲི་ལས་སྣ་འདྲེན་ཆེ་བ་མེད། །སྲི་ལས་སྐྱེས་རིགས་ཆེ་བ་མེད། །ན་བའི་གཟེར་དུ་ཆེ། ཚ་བའི་དཔལ་དུ་ཆེ། གསེན་གྱི་བདུད་དུ་ཆེ། །གཤིན་གྱི་གཤེད་དུ་ཆེ། ཆེ་སྲི་ཆུང་གི་སྲི། རྒྱལ་སྲི་བློན་གྱི་སྲི། ཞང་སྲི་ཚ་བོའི་སྲི། །རྗེ་སྲི་ཁོལ་གྱི་སྲི། མ་སྲི་ནུ་བོའི་སྲི། བུ་སྲི་ནུ་ཡི་སྲི། ལྕམ་དང་དཔལ་གྱི་སྲི། ཡོད་སྲི་མེད་ཀྱི་སྲི། ཡུལ་སྲི་དུར་གྱི་སྲི། གོད་སྲི་སྒོ་ཡི་སྲི། །སྲི་རྣམས་ཐམས་ཅད་འདུལ་བའི་ཕྱིར། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བསྒོམ་སྟེ། དྲག་པོར་གྱུར་པའི་ཕུར་པ་ཡིས། སྲི་རྣམས་ཐམས་ཅད་རྡུལ་དུ་རློགས། ཕུར་པའི་ལས་རྣམས་གྲུབ་པར་མཛོད། ཧཱུྃ་སྦ་ར་སོགས་བརྗོད། ཧཱུྃ། ཕུང་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྔོས༔ རྡོ་རྗེ་མཆེད་ལ་བར་ཆད་བྱས༔ རྣལ་འབྱོར་བདག་ལ་རྟག་ཏུ་འཚེ༔ དམ་སྲི་སྡིག་ཆེན་ལས་ངན་འདིས༔ རྒྱལ་ཁམས་ཡོངས་ལ་གནོད་པ་བྱས༔ སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག༔ བཀའ་ལས་འདའ་བྱེད་སྡིག་ཆེན་འདི༔ ནམ་ཡང་བཏང་


LT31_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་བྱེད་ཅིག༔ འཇིགས་རུང་གཤིན་རྗེའི་ཁ་ནང་ཆུག༔ མི་འགྱུར་ཡོངས་པའི་མགྲིན་པར་དྲོངས༔ ཐར་མེད་ལས་ཀྱི་ལྟོ་བར་ཆུག༔ གཏད་དོ་འཆི་བདག་ཁྱོད་ལ་གཏད༔ འཆི་བདག་ནག་པོ་དམ་ཚིག་ཅན༔ གལ་ཏེ་བྱང་ཆུབ་སེམས་ལྡན་པར༔ སྲི་ངན་གཏད་ཀྱི་སླར་མ་བཏང་༔ ཅེས་པས་དོང་ནང་དུ་བསྐྱུར། དམིགས་བྱ་ཁོང་ཆུད་གཤིན་རྗེ་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས༔ བསྐལ་པ་མ་སྟོངས་བར་དུ་མི་ཐར་བར༔ མུན་ནག་རུམ་གྱི་ནང་ནས་རྒྱ་མཚོའི་གཏིང་༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་༔ བྷོ་དྷི་ཨ་ཡཾ། ཞེས་བརྗོད་ལ། རླུང་མེ་ཆུ་ས་རིམ་པ་བདུན་གྱིས་བཀབ་སྟེ། ཡཾ་སྟྭམྦྷ་ཡ་ནན། དེས་འགྲེས་ཏེ། རཾ་བཾ་ལཾ་ཁཾ་སྦྱར་དེ་སྟེང་མི་ཁའི་རྫས་རྣམས་བླུགས་པ་དང་། རང་ཐག་ཡ་ཁེབས་ལ་རི་རབ་གླིང་བཞི་བྲིས་པ་ཁ་ཕྱོགས་མ་ནོར་བ་དང་། །རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་ལ། ཧཱུྃ། གནོད་པར་བྱེད་པའི་དམ་སྲི་ཁྱོད། །ཉ་མོ་རྟ་རུ་སོང་ཡང་མ་ལྡང་ཞིག །དཀར་གོང་ལུག་ཏུ་སོང་ཡང་མ་ལྡང་ཞིག །གཡའ་མ་ར་རུ་སོང་ཡང་མ་ལྡང་ཞིག༔ ཅེས་བརྗོད་དེ་སྟེང་ས་རིམ་རེར་རྡོ་རྗེ་རྒྱ་གྲམ་རེ་བྲི་ཞིང་། ཧཱུྃ་གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ། །གཉིས་ནི་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔


LT31_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་མ་མོ་བདུན་གྱི་རྒྱ། །བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ། །དགུ་པ་ཧེ་རུ་ཀློང་དགུའི་རྒྱ། །བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ། །ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན། །རི་རབ་བརྗིད་པའི་འོག་ཏུ་མནན། །དཔལ་གྱི་བྲོ་གར་བྱས་ཏེ་མནན། །བསྐལ་པ་ཇི་སྙེད་མཐའ་རུ་མནན། ཨོཾ་ལཾ། ཨཱཿལཾ། ཧཱུྃ་ལཾ། སྟྭཾཾ་བྷ་ཡ་ནན། ཞེས་དང་། མ་རཀྨོ་ཡཀྨོ་སོགས་མནན་སྔགས་དང་སྤེལ་བ་བརྗོད་ལ། རྣལ་འབྱོར་པ་རྣམས་སྲིན་ལག་སྦྲེལ་ཏེ་ལས་བཞིའི་བྲོ་བརྡུང་། དཔལ་ཆེན་ཧེ་རུ་ཀའི་མཐུ་སྟོབས་དང་ནུས་པས་རྒྱས་བཏབ་ཅིང་། བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པས་ཐར་པའི་གོ་སྐབས་མེད་པར་བྱས། དེའི་སྟེང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ། སངས་རྒྱས་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། །འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་སྟེ་མནན་པར་བསམས་ལ། བྱང་གཏེར་ལས་བཤད་པ་ལྟར་གོང་ནོན་དམར་གཏོར་བཞག་ལ་སྟོང་ཉིད་ཀྱི་རྒྱས་བཏབ་སྟེ། ཤིས་བརྗོད་གང་རུང་བྱ། བྱ་ཁྱུང་གིས་རྗེས་བཅད་ལ་ཁྱུང་སྔགས་བཟླ། སྲུང་འཁོར་བསྒོམ། ནང་དུ་ལོག་ནས་ཚོགས་ལ་རོལ། ལྷག་ཆོག། སྤྱི་བསྟབ། བརྟན་མ་སྐྱོང་བ་སོགས་དཀྱུས་ལ་བསྙེགས་ལས་ལེགས་པར་གྲུབ་བོ། །སྔགས་ནག་རལ་ཁུར་ཅན་རྣམས་སྙིང་གི་དཔྱིད། །གཏོ་ནག་ལས་འཕྲོ་ཅན་གྱི་མགྲིན་པའི་རྒྱན། །སྦྱིན་བདག་ཆག་ཆེན་ཡིན་ཀྱི་གཏད་སོ་འདི། །སྙིགས་དུས་འགྲེམ་སྒོ་ཆེ་བས་ཆེད་དུ་སྤེལ། །འདི་འདྲ་དམ་པའི་བྱ་བ་ཡིན་ངེས་མེད། །འོན་ཀྱང་གཞན་ཕན་ཕྲན་བུ་མཆིས་སྲིད་ན། །དེ་ཡི་དགེ་བས་འབྲེལ་ཐོགས་བདུད་བགེགས་བཅས། །དཔལ་ཆེན་ཧེ་རུ་ཀ་དཔལ་འགྲུབ་


LT31_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཅེས་པ་འདི་ཡང་དད་དམ་ལྷག་བསམ་ནོར་ལྡན་ཛཾ་ཐང་བླ་མ་ལྔ་སྡེས་ཆེད་དུ་བསྐུལ་ངོར། བཀའ་གཏེར་ཁུངས་ལྡན་འགའ་ཞིག་གི་རྗེས་སུ་འབྲངས་ནས། །བདུད་ལས་རྒྱལ་བའི་དབང་ཕྱུག་ཏཱའི་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱོར་བ་ངེས་དོན་བསྟན་པའི་དབུ་འཕང་དགུང་ལ་སྙེགས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་དཀར་གྱི་གཟུངས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང་།


LT31_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་དཀར་གྱི་གཟུངས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །


LT31_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་གུ་རུ་སརྦ་ཏནྟྲ་པ་ཏ་ཡེ། །ཟླ་ཤེལ་ལྟར་དཀར་ཉེས་ལྟུང་སྒྲིབ་པའི་དཔུང་། །རྣམ་པར་འཇོམས་མཛད་རྡོ་རྗེ་བདུད་རྩིའི་རྒྱུན། །བསམ་པ་ཡོངས་སུ་རྫོགས་པའི་དཔྱིད་དུ་འབེབས། །འགྲོ་མང་མགོན་ཏུ་ཤར་བ་དེ་ལ་འདུད། །དེ་ཉིད་སྒྲུབ་པའི་ཐབས་དང་བྱིན་རླབས་སྒོ། །གསར་རྙིང་ཀུན་ལ་རྒྱ་ཆེར་གྲགས་མོད་ཀྱི། །སྔ་འགྱུར་བཀའ་སྲོལ་འདི་ཉིད་རྙེད་དཀའ་བས། །ཡིག་ཆ་རྙིང་པའི་སྙིང་པོ་བསྡུ་བར་བྱ། །གསར་རྙིང་བརྒྱུད་པའི་བཀའ་སྲོལ་གཉིས་ལྡན་གྱི་རྣམ་འཇོམས་ཁྲོ་དཀར་ལྷ་ཉི་ཤུ་པའི་གཟུངས་ཆོག་རྒྱལ་བ་ཀཿཐོག་པའི་ཕྱག་བཞེས་ལྟར་འཆད་པ་ལ་གསུམ། སྔོན་འགྲོ་དཀྱིལ་འཁོར་དང་ཆོ་ག་ལ་འཇུག་པའི་བྱ་བ། །དངོས་གཞི་རང་དང་གཞན་གྱི་དོན་ཇི་ལྟར་སྒྲུབ་བ། རྗེས་དེ་དག་གི་མཇུག་བསྡུ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །སྦྱོར་བ་ལ་གཉིས། །དཀྱིལ་འཁོར་དྲི་བ་དང་། །རྫས་བཤམ་པའོ། །དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་སུ་དུས་བཟང་པོ་ལ་བརྩམས་


LT31_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ཐོག་མར་དཀར་གཏོར་གཙང་མལ་ཆབ་བྲན་ཏེ། །ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམས་ལ། ཨ་ཀཱ་རོ་བརྗོད་པས་བརླབ། བྷཱུ་མི་པ་ཏི་ས་པཱ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། ག་ག་ན་ཁཾ་བ་ལི༚་ཏ་སྭཱ་ཧཱས་ཕུལ། གང་དགའ་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་གཏོར་མ་ཕུལ་བས་གནང་བ་བྱིན་པར་བསམ། ནག་ཕྱོགས་རྣམས་གོང་གི་ལས་སྔགས་བརྗོད་ཅིང་གུ་གུལ་དུད་བ་སོགས་ཀྱིས་བསྐྲད། ཆོས་ཉིད་རྣམ་དག་སྔགས་བརྗོད་ལ་ས་གཞི་སྟོང་ཉིད་དུ་མོས། གཟུངས་ཐུང་བརྗོད་ཅིང་དྲི་ཆབ་འཐོར་བས་ས་གཞིའི་ཉེས་སྐྱོན་དག་པར་མོས་པ་ནི་ས་ཆོག་མདོར་བསྡུས་པའོ། །


LT31_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

། དེ་ནས་སྟེགས་བུ་འདོམ་གང་གྲུ་བཞི་སྤོས་ཆབ་ཀྱིས་ཆགས་ཆགས་གདབ་པ་ལ། ཁ་དོག་ལྔ་པའི་སྲད་བུ་ལ་བསངས་གཏོར་བྱས། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་བཞུགས་པ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པར་མོས་ཏེ། ལས་སྔགས་བཟླ་བཞིན་ཏུ་ཐིག་སྐུད་ཡེ་ཤེས་ཀྱི་རང་བཞིན་ཏུ་མོས་ཏེ་ཞི་དཀྱིལ་སྤྱི་འགྲེའི་ཐིག་གདབ། །དཔའ་བོ་འབྲུ་ལྔ་བརྗོད་པས་རིགས་ལྔ་འོད་དུ་ཞུ་བའི་ཚོན་རྩིར་མོས་ཏེ། ལས་སྔགས་བཟླ་བཞིན་ཏུ་ལྟེ་བ་དཀར་པོ། །དེ་རྒྱབ་འདབ་བཞི་ཕྱོགས་ཚོན། དེ་རྒྱབ་འཁོར་ལོ་རྩིབས་བཅུ་སེར་པོ། །ལྷ་རྣམ་དང་སྒོ་རྣམས་ཕྱོགས་མདོག །རྟ་བབས་རྣམ་བཞི། རྡོ་ར་མེ་རི་སོགས་སྤྱི་ལྟར་བྲི། མི་འགྲུབ་ན་རས་བྲིས་སམ། མཎྜལ་མ་མེ་ཏོག་གི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བ་ཆུ། དེ་རྒྱབ་བཞི་རྣམས་བཀོད། ཕྱི་མ་གཉིས་ལྟར་ན་ཐོག་མའི་ས་ཆོག་མ་བྱས་ཀྱང་རུང་ངོ་། །གཉིས་པ་ནི། རིན་པོ་ཆེའི་བུམ་པ་སྐྱོན་མེད་པ་གཉིས་འདུ་བྱས་ཏེ། སུམྦྷ་ནི་བརྗོད་ལ་ཡུངས་ཀར་གྱིས་བྲབས། ལས་སྔགས་བརྗོད་ལ་གུ་གུལ་བདུག །སྭ་བྷཱ་བ་བརྗོད་ཅིང་སྲོག་ཆགས་མེད་པའི་ཆུས་སུམ་གཉིས་ཙམ་བཀང་ལ། དེ་ནས། ཨོཾ་པྲ་མ་ཏི་པཉྩ་སིངྡྷི་ཨཱཿཧཱུྃ། ཞེས་འབྲུ་ལྔ་བླུག །ཨོཾ་ཨ་མྲྀ་ཏ་པཉྩ་སིངྡྷི་ཨཱཿཧཱུྃ། སྨན་ལྔ། ཨོཾ་ཀརྨ་པཉྩ་སིངྡྷི་ཨཱཿཧཱུྃ། སྙིང་པོ་ལྔ། ཨོཾ་རཏྣ་པཉྩ་སིངྡྷི་ཨཱཿཧཱུྃ། རིན་ཆེན་ལྔ། ཨོཾ་དྷཱུ་པེ་པཉྩ་སིངྡྷི་ཨཱཿཧཱུྃ། དྲི་ལྔ་རྣམས་


LT31_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བླུག །ཨོཾ་ཀཉྩ་ལི་ཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཞེས་པས་མགུལ་ཆིངས་བཅིང་ངོ་། །ཨོཾ་སླག་ཤ་ཀལྤ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཞེས་པས་ཁ་རྒྱན་གཟུག་གོ། །ཨོཾ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཅེས་རྡོ་རྗེ་དང་གཟུངས་ཐག་གདགས་ལ། ཉེ་སྙིང་མཐར་ས་མ་ཡ་ཏིཥྛ་བཛྲ་སྟཾ། ཞེས་བརྗོད་བཞིན་པས་རྣམ་རྒྱལ་དཀྱིལ་འཁོར་གྱི་དབུས་སུ་སྟེགས་བུ་ལ་བཀོད། ལྷ་ཙཀ་རྣམས་དེ་མཉམ་དང་། ཕྱག་རྒྱ་ལྔའི་ཙཀླི། ལས་བུམ་བྱང་ཤར། མཐའ་སྐོར་ཤར་དུ་ཡོན་ཆབ། བྱང་ཤར་དུ་དྲི་ཆབ། ཤར་ལྷོར་བདུག་སྤོས། ལྷོར་མཎྜལ། ལྷོ་ནུབ་ཏུ་མེ་ཏོག །ནུབ་ཏུ་ཞལ་ཟས། ནུབ་བྱང་དུ་མར་མེ། བྱང་དུ་རོལ་མོ་རྣམས་དང་། མདུན་རྒྱབ་གང་བདེར་གཏོར་དབང་དང་འབུལ་གཏོར་ཕྱོགས་འཐུས་ཟླུམ་གཏོར་བརྗིད་ལྡན་ལ་བཤོས་ཕྲན་བཅུ་བཞིས་བསྐོར་བ་དཀར་པོ་རྒྱན་གྱིས་སྤྲས་པ་དང་། དཀར་གཏོར་ཆ་བཞི་ཡང་དེའི་གཡས་གཡོན་ཏུ་བཤམ། འབྱོར་ན་སྐུ་གསུང་ཐུགས་ཀྱི་རྟེན་དང་། དཀྱིལ་འཁོར་གྱི་རྒྱན་རྫས་རྣམས་བག་དྲོ་ཞིང་ཡིད་དུ་འོང་བ་བཀོད། གཞན་ཡང་སྔོན་གཏོར། བསང་ཆུ། མིག་དར་མེ་ཏོག་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཉེ་བར་བསྡོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་ལྔ། དྲི་མ་བཀྲུ་བ། བསགས་སྦྱང་བྱ་བ། སྔོན་གཏོར་བཏང་བ། མཆོད་རྫས་བརླབ་བ། སྐྱབས་སེམས་བྱ་བའོ། །དང་པོ་ནི། སྒྲུབ་པ་པོ་གོས་གསར་པ་གྱོན། བདེ་བའི་སྟན་ལ་ཁ་ཤར་རམ་


LT31_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ལྟ་བས་འཁོད་དེ། ལག་པ་གཡོན་ཏུ་ཆུ་གཙང་བླུགས་ལ། ཨོཾ་ཤུདྡྷེ་བི་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་གསང་བའི་སྲིན་ལག་གིས་ཆུ་བླངས་ཏེ། ལུས་ཀྱི་གནས་རྣམས་སུ་ཉེ་བར་རེག་པ་ལ་ལས་དག་པར་བསམ་མོ། །གཉིས་པ་ནི། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བཞིན་ཏུ་གསལ་བར་གྱུར། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚང་བར་བྱ། གསུམ་པ་ནི། སྔོན་གཏོར་ལ་ཆབ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་ར་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱ་དྱནྣུཏྤནྣཏྭཱ་ད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་རླབས། སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾཾ། ཞེས་དང་། སརྦ་ལོ་ཀ་པཱ་ལ་ས་པཱ་རི་བཱ་ར་ནམཿསརྦ་སོགས་ནས། གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱལ་ན་གསུམ་གྱིས་བསྔོས་ལ། ཧཱུྃ། །ས་ལ་རྒྱུ་བའི་ལྷ་ཀླུ་དང་། །གང་ཡང་ས་ལ་བརྟེན་པ་རྣམས།


LT31_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ལ་དགེ་དོན་ཏུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས། །དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པའི་དཀྱིལ་འཁོར་ཆེན་པོ་ལྟ་བར་མི་དབང་བའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདིས་ཚིམས་པར་གྱིས་ལ། བདག་གི་བྱ་བ་མ་འགྲུབ་ཀྱི་བར་དུ་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་དྲག་སྔགས་བརྗོད་ལ་བསྐྲད་དོ། །བཞི་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། །ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ་ནས༴ ཤབྡའི་བར་དེ་བཞིན་ཏུ་སྦྱར་བས་བརླབ། ཨོཾ་བཛྲ་དྷརྨ་ར་ི་ཏ། པྲ་ར་ི་ཏ། སཾ་པྲ་ར་ི་


LT31_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ཏེ། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་བེ། བཛྲ་དྷརྨ་ཧྲཱི་ད་ཡ་ས་ན་ཏོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿ ཨཱཿཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བསྒྲག་ཅིང་བྱིན་དབབ་བོ། །ལྔ་པ་ནི། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་སུ་བརྗོད་ལ་སྐྱབས་སུ་འགྲོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་


LT31_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་སེམས་བསྐྱེད་དོ། །གཉིས་པ་དངོས་གཞི་ལ་བདུན། བདག་བུམ་མདུན་བསྐྱེད་གཏོར་མ་འདུལ། བདག་འཇུག་ཁྲུས་གསོལ་གཞན་དོན་ནོ། །ཞེས་པའི་དང་པོ་བདག་བསྐྱེད་ལའང་། དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ། མཆོད་པ། བསྟོད་པ། སྔགས་བཟླས། དེའི་རྗེས་རིམ་མོ། །དང་པོ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། མ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པར་གྱུར། དེའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་དཀར་པོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་ཧཱུྃ་མདོག་དཀར་པོ། །


LT31_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་གཡས་ལྕགས་སྒྲོག །གཡོན་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། །ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་དམ་གྱི་རྒྱུད་བསྐུལ་བར་གྱུར། གཉིས་པ་ནི། རྡོར་དྲིལ་འཛིན་ཅིང་སྤོས་བཏུལ་ལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཞེས་པས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན། ཛཿཧཱུྃ་བྃ་ཧོཿ གཉིས་མེད་དུ་ཐིམ་པར་མོས། གསུམ་པ་ནི། ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཱཾ། ཞེས་གསོལ་བ་བཏབ་པས། རིགས་ལྔས་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་


LT31_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཞི་པ་ནི། ཨོཾ་བཛྲ་བི་དཱ་ར་ཱ་ཡ་ཨརྒྷཾ། པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ལྔ་པ་ནི། ཧཱུྃ། །བདེ་གཤེགས་དྲི་མེད་ཞི་བའི་སྐུ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་བུ་མི་གཡོ་བརྟེན། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །སེམས་ཅན་དོན་ལ་རྗེས་ཆགས་མ། །སེམས་ཅན་འདྲེན་མཛད་ལྕགས་སྒྲོག་འཛིན། །སེམས་དཔའ་དགྱེས་མཛད་སེམས་མའི་གཙོ། །ཤེས་རབ་གཙོ་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། དྲུག་པ་གཟུངས་སྔགས་བཟླ་བ་ནི། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ། དེའི་མཐར་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་དོག་དཀར་པོ་གཡས་སུ་འཁོར་བ་དེ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བསམ་


LT31_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། གཟུངས་རིང་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་གམ། བདུན་ལ་སོགས་པ་གང་འགྲུབ་བཟླའོ། །བདུན་པ་ནི། ཐུན་འཇོག་པའི་ཚེ་མཆོད་བསྟོད་སྨོ་མ་ཐག་པ་ལྟར་བྱ་གཟུངས་ཆོག་སྐབས་བསྡུ་ལྡངས་མི་བྱ་བར་འདི་ནས་བུམ་བསྐྱེད་ལ་འཇུག་གོ། །གལ་ཏེ་བདག་བསྐྱེད་ལ་བརྟེན་ནས་བསྙེན་པ་བྱ་བར་འདོད་ན། ཕྱི་མཆོད་ཙམ་ལས་བཤམ་གྱི་སྤྲོས་པ་གཞན་མི་དགོས་ཤིང་། སྔོན་གཏོར་ཡང་ཉིན་དང་པོ་ལས་རྒྱུན་དུ་བཏང་མི་དགོས་ལ། ཁྲུས་ནས་བཟླས་པའི་བར་ཐུན་རེ་རེ་བཞིན་བསྐྱར། །བཟླས་པ་གཟུངས་རིང་ཁོ་ན་མི་ལྕོགས་ན་དེ་ཉིད་ཅི་འགྲུབ་དང་། ཡང་སྙིང་འབུམ་ཕྲག་ལ་སོགས་པ་བཟླ། བཟླས་དམིགས་གཞུང་གསལ་ཐོག་རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུ་བ་གཙོ་བོར་བྱེད། ཐུན་མཐར་མཆོད་བསྟོད་རྗེས་སུ། ཐུགས་ཀའི་འོད་ཀྱིས་སྣོད་བཅུད་དག་པའི་ཞིང་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཆོས་ཀྱི་དབྱིངས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་མོས། སླར་བདག་ཉིད་རྡོ་རྗེ་ཁྲོ་བོའི་རང་བཞིན་ཅན་ཏུ་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་མོས། འདིར་རྒྱུད་སྡེ་འོག་མའི་ལུགས་ལྟར་ན། ཐུན་མཐར་ཡེ་ཤེས་པ་ལུས་ལས་ཕྱུང་སྟེ་ནམ་མཁར་བཞུགས་པ་ལ་མཆོད་བསྟོད་བཟོད་གསོལ་བྱས་ནས་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་བ་སྲུངས་ནས་སྤྱོད་ལམ་ལ་འཇུག་པ་ཡིན་ཀྱང་། སྐབས་འདིར་བླ་མེད་ཀྱི་རྣལ་འབྱོར་པས་ཉམས་སུ་ལེན་པའི་དབང་དུ་བྱས་


LT31_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་སྔ་ཕྱི་གང་འདོད་སོ་སོའི་དབང་པོ་དང་བསྟུན་པར་བྱའོ། །གཉིས་པ་བུམ་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཟླ་བའི་སྟེང་དུ་ཡི་གེ་བྷྲཱུྃ་འོད་དུ་ཞུ་བ་ལས། ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བཅུ། དེའི་ལྟེ་བར་པདྨ་འདབ་བཞི། དེའི་དབུས་སུ་པདྨ་དང་ཉི་མའི་གདན་ལ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་མདུན་ཏུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་གཡས་ལྕགས་སྒྲོག་གཡོན་བུམ་པ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་འདབ་བཞི་ལ་པད་ཟླའི་གདན་རེ་རེའི་སྟེང་དུ། ཤར་དུ་དྷཱིཿལས་སངས་རྒྱས་སྤྱན་མ་དཀར་མོ་རྡོ་རྗེས་མཚན་པའི་བུམ་པ་འཛིན་པ། ལྷོར་ཏྲཱྃ་ལས་མ་མཱ་


LT31_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་སྔོན་མོ་རིན་པོ་ཆེས་མཚན་པའི་བུམ་པ་འཛིན་པ། ནུབ་ཏུ་ཧྲཱིཿལས་གོས་དཀར་མོ་དམར་མོ་པདྨས་མཚན་པའི་བུམ་པ་འཛིན་པ། བྱང་དུ་ཏྲཱྃ་ལས་དམ་ཚིག་སྒྲོལ་མ་ལྗང་གུ་རྒྱ་གྲམ་གྱིས་མཚན་པའི་བུམ་པ་འཛིན་པ། ཡུམ་བཞི་ཀ་བཞེངས་ཏེ་འགྱིང་བག་དང་ལྡན་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །འཁོར་ལོ་རྩིབས་བཅུར་པདྨ་དང་ཉི་མའི་གདན་ལ། ཧཱུྃ་དཀར་པོ་བཅུ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བཅུ་འོད་དུ་ཞུ་བ་ལས། ཤར་སྟོང་དུ་ཧཱུྃ་མཛད། ནུབ་སྟོད་དུ་སྟོབས་པོ་ཆེ། ཤར་དུ་རྣམ་པར་རྒྱལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་ཏུ་རྟ་མགྲིན། ནུབ་བྱང་དུ་གཞན་གྱིས་མི་ ཐུབ་པ། བྱང་དུ་བདུད་རྩི་འཁྱིལ་བ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ནམ་མཁར་ཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཉིས་འདོར་ཐབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །སྒོ་བཞིར་པདྨ་དང་ཉི་མའི་སྟེང་དུ་ཤར་དུ་ཛཿལས་


LT31_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ་གཡས་ཞགས་པ། ནུབ་སྒོར་བྃ་ལས་ལྕགས་སྒྲོག་མ་དམར་མོ་གཡས་ལྕགས་སྒྲོག བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་མོ་གཡས་དྲིལ་བུ། སྒོ་མ་བཞི་ཡང་ཁྲོ་མོའི་གཟུགས་ཅན། གཡོན་ཐམས་ཅད་སྡིགས་མཛུབ་དང་ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ་སོགས་གོང་བདག་བསྐྱེད་སྐབས་བཞིན་ལས། ཡབ་ཡུམ་གཉིས་ལ་མི་བསྐྱོད་པ་དང་། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར། མཆོད་པ་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་དྷཱུ་པེ་པཱུ་ཛཿམེ་གྷ་ས་མུ་དྲ་སྤ་ར་་ས་མ་ཡེ་ཧཱུྃ། །གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས༴ །བཞེས་ནས༴ །ཨོཾ་བཛྲ་པུཥྤེ་པཱུ་ཛ༴ །སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་གིས༴ །བཞེས་ནས༴ །ཨོཾ་བཛྲ་ཨཱ་ལོ་ཀེ༴ །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བདག་


LT31_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གིས༴ །བཞེས་ནས༴ །ཨོཾ་བཛྲ་གནྡྷེ༴ །སྨན་རྣམས་བཅུད་དང་ཡིད་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ །བཞེས་ནས༴ །ཨོཾ་བཛྲ་ནཻ་བི་དྱ། །སྒྲ་དབྱངས་སྙན་ཞིང་ཡིད་འོང་ལྡན། །ལྷ་རྫས་དམ་པའི་རོམ་མོ་འདི། །བདག་གིས༴ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་བཛྲ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། བསྟོད་པ་ནི། གོང་གི་ཤློ་ཀ་གཉིས་ཀྱི་མཐར། །ཕྱོགས་བཞིའི་པདྨ་འདབ་བཞི་ལ། །སངས་རྒྱས་སྤྱན་དང་མཱ་མ་ཀི། །གོས་དཀར་མོ་དང་དམ་ཚིག་སྒྲོལ། །སེམས་མ་བཞི་ལ་ཕྱག་འཚལ་བསྟོད། །འཁོར་ལོ་དང་ནི་ཉི་གདན་ལ། །རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ། །མདོག་དཀར་རྡོ་རྗེ་དྲིལ་བུ་འཛིན། །བགེགས་འཇོམས་ཁྲོ་བཅུ་ལ་ཕྱག་འཚལ། །ཛཿཧཱུྃ་བྃ་ཧོཿའི་ལས་བྱེད་པའི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕྲིན་ལས་བཞི་ལྡན་སྒོ་སྲུང་མ། །སྒོ་མ་བཞི་ལ་ཕྱག་འཚལ་བསྟོད། དེ་ནས་གཟུངས་སྔགས་བཟླ་བ་ལ་ཐོག་མར་སྔགས་འཁོར་བཀོད་པ་ནི། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་རང་རང་གི་ཕྱག་མཚན་གྱི་ལྟེ་བར་ས་བོན་ལ་སྔགས་ཀྱི་ཕྲེང་བ་གཡས་བསྐོར་དུ་འཁོད་པ་ནི། །གཙོ་བོའི་ཐུགས་ཀར། ཨོཾ་བཛྲ་བི་དཱ་ར་་བཛྲ་བཛྲ། ཡུམ་


LT31_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་ཀར། ཨོཾ་བཛྲ་ནི་ཤྲི༚་ཁ་ལེ་ཧཱུྃ། །ལྷ་མོ་བཞིའི་ཐུགས་ཀར་རིམ་བཞིན། ཨོཾ་སྥོ་ཊ་བཛྲ་བཛྲ་དྷཱི༚། ཨོཾཱ་ཀ་ཊ་བཛྲ་བཛྲ་ཏྲཱྃ། ཨོཾ་མ་ཊ་བཛྲ་བཛྲ་རཾ། ཨོཾ་མ་ཐ་བཛྲ་བཛྲ་ཏཱྃ། ཁྲོ་བོ་བཅུ་ལ་རིམ་བཞིན་དུ། ཨོཾ་ཧ་ར་ཧ་ར་བཛྲ་ཧཱུྃ། མ་ཐ་མ་ཐ་བཛྲ་ཧཱུྃ། དྷུ་ན་དྷུ་ན་བཛྲ་ཧཱུྃ། ད་ཧ་ད་ཧ་བཛྲ་ཧཱུྃ། པ་ཙ་པ་ཙ་བཛྲ་ཧཱུྃ། དྷ་ར་དྷ་ར་བཛྲ་ཧཱུྃ། དྷ་ར་ཡ་དྷ་ར་ཡ་བཛྲ་ཧཱུྃ། དཱ་རུ་་དཱ་རུ་་བཛྲ་ཧཱུྃ། ཚིནྡྷ་ཚིནྡྷ་བཛྲ་ཧཱུྃ། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ། སྒོ་མ་བཞི་ལ་རིམ་བཞིན་དུ། ཨོཾ་ཧུ་ལུ་ཧུ་ལུ་བཛྲ་ཛཿ ཏིཥྛ་ཏིཥྛ་བཛྲ་ཧཱུྃ། བྷནྡྷ་བྷནྡྷ་བཛྲ་བྃ། ཧ་ན་ཧ་ན་བཛྲ་ཧོཿཞེས་པའི་སྔགས་ཕྲེང་འོད་ཟེར་གྱི་འདུ་འཕྲོ་ཅན་ཏུ་གསལ་བར་གྱུར། ཅེས་གསལ་བཏབ་ལ། བཟླས་པ་དངོས་ནི། གཟུངས་ཐག་བཟུང་སྟེ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་སོང་བས། ལྷའི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་བདུད་རྩི་བབས་པས་བུམ་པ་གང་། འོད་ཟེར་ཚུར་འདུས་བདག་གི་ཐུགས་ཀར་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་བར་གྱུར། ཞེས་མོས་ལ། ཐོག་མར་ཉེ་བའི་སྙིང་པོ་ཚར་བདུན་ནམ་ཉེར་གཅིག་ཙམ་བརྗོད། དེ་ནས་གཟུངས་རིང་ཡོངས་སུ་རྫོགས་པ་བརྒྱ་རྩ་བརྒྱད་དམ་གང་འགྲུབ་བཟླའོ། །ཐུན་


LT31_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། དབང་སྐུར་བྱེད་ན་བུམ་ལྷ་དེ་ཀར་བཞག་ལ་རྗེས་ཆོག་སྐབས་མདུན་བུམ་ཆབ་གཅིག་གཤེགས། བྱབ་ཁྲུས་ཁོ་ན་ཡིན་ན་མཆོད་བསྟོད་གྲུབ་པ་དང་། བུམ་པའི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། །ཞེས་གཤེགས་བཞུ་བྱ། །ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲཱུྃ་ལས་ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པདྨ་ཉི་མའི་གདན་ལ་ཧཱུྃ་ལྗང་སྔོན་འོད་དུ་ཞུ་བ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་བསྣམས་ཤིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྣོལ་བ། ཁྲོ་བོའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ སླར་ས་བོན་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་བེ་ཅོན་བསྣམས། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་


LT31_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ། བཟླས་པས་ཐུགས་རྒྱུད་བསྐུལ་བར་མོས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས། ཁྲོ་བོ་ཆེན་པོས་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག །ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེ་བདུད་རྩིའི་རང་བཞིན་ཏུ་གྱུར། ཅེས་བརྗོད་ལ་དཀྱིལ་འཁོར་བསྐོར་ཞིང་འཐོར་རོ། །གསུམ་པ་མདུན་བསྐྱེད་ནི། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་འོད་དུ་ཞུ་བ་ལས་ནམ་མཁའ་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་ཕྱི་རོལ་དུ་འདོད་ཡོན་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་འཁོད་ཅིང་རྡོ་ར་མེ་རིའི་ཁོར་ཡུག་དང་བཅས་པའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བཅུ། ཞེས་པ་ནས། གཙོ་བོ་ཡབ་ཡུམ་གྱིས་དབུ་བརྒྱན་པར་གྱུར། ཞེས་པའི་བར་བུམ་བསྐྱེད་སྐབས་ལྟར་བྱ། དེ་ནས་མཆོད་པ་ཁ་གསོས་ལ་གོང་ལྟར་བྱིན་བརླབས་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། མེ་ཏོག༴ པུཥྤེ༴ བདུག་སྤོས་


LT31_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱུ་པེ༴ །སྣང་གསལ༴ །ཨ་ལོ་ཀེ༴ །དྲི་མཆོག༴ གནྡྷེ༴ །ཞལ་ཟས༴ ནཻ་བི་དྱ༴ །རོལ་མོ༴ ཤབྡའི་བར་དུ་སྦྱར༴ བསྟོད་པ་དང་། སྔགས་འཁོར་བཀོད་པའང་བུམ་བསྐྱེད་ལྟར། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། ཁྱད་པར་བདག་དང་སེམས་ཅན་ཐམས་ཅད་ནད་གདོན་སྡིག་སྒྲིབ་སྦྱོང་བ་སོགས་དོན་གཉིས་སྒྲུབ་པར་མོས་ཏེ་བཟླ་ཚུལ་ཡང་སྔར་བཞིན་ལ། ཐུན་མཐར་མཆོད་བསྟོད་མདོར་བསྡུས་བྱའོ། །བཞི་པ་གཏོར་མ་འབུལ་བ་ནི། བྱེ་བྲག་དཀྱིལ་འཁོར་པ་ལ་འབུལ་བ་དང་། མགྲོན་བཞི་ལ་སྤྱིར་བསྔོ་བའོ། །དང་པོ་ནི། རྒྱས་པར་སྤྲོ་ན་གཏོར་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གཏོར་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཨོཾ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་ཕུང་མཐའ་ཡས་པས་སྤྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་བདུན། ལྷ་རྣམས་ཀྱི་ལྗགས་འོད་ཟེར་སྦུ་གུས་ལོངས་སྤྱོད་པས་དགྱེས་ཤིང་ཚིམས་པར་མོས་ལ། རྒྱས་པར་སྤྲོ་ན་བཟླས་པའི་སྐབས་སུ་བཤད་པའི་གཙོ་འཁོར་གྱི་སྔགས་རྣམས་ལ་གཏོར་སྔགས་སྦྱར་བས་གཙོ་བོ་ལ་བདུན། འཁོར་རྣམས་ལ་གསུམ་རེས་འབུལ། །བསྡུ་ན། ཨོཾ་


LT31_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བི་དཱ་ར་་ས་པཱ་རི་ཝཱ་ར་མ་ཧཱ་བ་ལི་ཏཾ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ། །སྔགས་ཙམ་གྱིས་མཆོད། གཙོ་བསྟོད་ཤློ་ཀ་གཅིག་གིས་བསྟོད་པའི་མཐར། ན་མོ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་མཆོད་ཅིང་འབུལ་བའི་གནས་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། རིགས་ཀྱི་ཡུམ་ལྔ། ཁྲོ་བོ་བཅུ། སྒོ་མ་བཞི་ལ་སོགས་པ་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཡིད་དམ་རྒྱལ་བའི་དཀྱིལ་འཁོར་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །འདོན་ནོ། །དེ་དག་གི་མངའ་རིས་དང་སྤྱན་ལམ་དུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་དགྱེས་ཤིང་ཚིམས་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་ཕྲིན་ལས་བཅོལ། གཉིས་པ་ནི་དཀར་གཏོར་ཆ་བཞི་བསང་སྦྱང་བྱིན་རླབས་གོང་ལྟར་བྱས་ལ། ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང་། དེ་ཡི་བཀའ་འཁོར་སྐྱོང་མཛད་པའི། མགོན་པོ་ཡོན་ཏན་


LT31_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་གྱི་རིགས། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཚེ་རབས་ལས་ཀྱིས་མནར་བ་ཡི། །ལན་ཆགས་མགྲོན་གྱི་རིགས་ལ་སོགས། །འཇིག་རྟེན་འདས་དང་མ་འདས་ཀྱི། །མགྲོན་གྱི་རིགས་སུ་གྱུར་པ་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ །པདྨ་ཀ་མ་ལཱ་ཡ་སྟཾྭ། མགྲོན་ཐམས་ཅད་རང་གནས་ནས་འདུས་ཤིང་མདུན་གྱི་ནམ་མཁའ་དང་བར་སྣང་ལ་སྤྲིན་དཔུང་གཏིབས་པ་ལྟར་འཁོད་དེ་ལོངས་སྤྱོད་པས་དགྱིས་ཤིང་ཚིམས་པར་བསམས་ལ། ཧཱུྃ། བདག་དང་འགྲོ་བའི་བསོད་ནམས་སྤེལ་བའི་ཕྱིར། འདོད་ཡོན་ལོངས་སྤྱོད་གཏོར་མའི་མཆོད་པ་འདི། །དཀོན་མཆོག་སྲི་ཞུ་ཡོན་ཏན་ཚོགས་ལ་འབུལ། །རིགས་དྲུག་བགེགས་དང་ལན་ཆགས་རྣམས་ལ་བསྔོ། །གཏོར་སྣོད་རྒྱ་ཆེན་ཆོས་དབྱིངས་ཁོར་ཡུག་ཏུ། །གཏོར་མ་ཡེ་ཤེས་ཕྱག་རྒྱ་བདུད་རྩིར་གསལ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་རྒྱན་དུ་ཆེ། །རྨད་བྱུང་རྣམ་དག་བདུད་རྩི་གཏོར་མ་འདི། །ཡེ་ཤེས་ལྷ་ལ་འབུལ་གྱི་མཆོད་པ་བཞེས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །དགྲ་གདོན་


LT31_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་བར་ཆད་རྐྱེན་རྣམས་ཟློག །རིགས་དྲུག་སེམས་ཅན་གཏོར་མས་ཚིམས་གྱུར་ནས། །སོ་སོའི་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །གནོད་བྱེད་འབྱུང་པོ་གཏོར་མ་འདི་སྣོམས་ལ། །ཚེ་རབས་ལན་ཆགས་བུ་ལོན་འཁོར་བར་གྱིས། །ཁྱེད་རྣམས་ཀུན་ལ་གསོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཐམས་ཅད་མེད་པར་མཛོད། ཅེས་ཕྲིན་ལས་བཅོལ་ལ་གཏོར་མ་རྣམས་གཙང་སར་གཤེགས། ན་མོ་བདག་གི་བསམ་པའི་སྟོབས་དག་སོགས་བདེན་པ་བརྗོད་ཅིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཆོས་ཀྱི་སྦྱིན་པ་བྱས་ལ། སརྦ་ཡ་ཧི་གཙྪ། ཞེས་མགྲོན་རྣམས་རང་གནས་སུ་གཤེགས།


LT31_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལྔ་པ་བདག་ཉིད་འཇུག་པ་ནི། །བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་བསྟིམ། །དེའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་སེམས་དཔས་སློབ་དཔོན་གྱི་བྱ་བ་རྣམས་མཛད་པར་མོས་ལ། འོག་ནས་འབྱུང་བའི་དབང་རྣམས་མཚམས་སྦྱོར་དོར་བ་སོགས་རྒྱས་བསྡུས་སྐབས་ཕྱེད་པར་བྱས་ཏེ་རྫོགས་པར་བླང་ངོ་། །དྲུག་པ་ཁྲུས་གསོལ་བ་ནི། བདག་འཇུག་གྲུབ་མ་ཐག་པར། ནམ་མཁའ་གང་བའི་རྒྱལ་བ་སྲས་བཅས་དང་དཀྱིལ་འཁོར་པ་ལ་དམིགས་ཏེ། ཁྲུས་ཁང་བསྐྱེད་བ་ནས་བརྩམས་ཏེ་སྐུ་ཕྱི་ན་བཟའ་འབུལ་བའི་བར་སྤྱི་ལྟར་བྱས་ཏེ་ཁྲུས་ཆུ་རང་གིས་ལོངས་སྤྱད། གཞན་དོན་བྱ་བས་ཁྲུས་སོགས་བྱེད་ན་ལས་བུམ་ནང་དུའང་བླུག་གོ། །བདུན་པ་གཞན་དོན་བྱ་བ་ལ་གཉིས། ནད་པ་སོགས་རྗེས་སུ་འཛིན་པ་བཀྲུ་བྱ་བས་སྲུང་གསུམ་གྱི་ཆོ་ག །སློབ་མ་རྗེས་སུ་འཛིན་པ་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་བཞི། གླུད་གཏོར་བཏང་བ། བཀྲུ་བ། བྱབས་པ། སྲུང་བའོ། །དང་པོ་ནི། བསྒྲུབ་བྱ་གདན་ནག་པོའི་སྟེང་དུ་འཁོད་པའི་ལག་ཏུ་ཟན་དུམ་གཏད་ལ། འོ། ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་སྡིག་པ་དང་སྒྲིབ་པ། ནད་དང་གནོད་པ། རྐྱེན་བགེགས་བར་ཆད་ཐམས་ཅད་ལག་གི་ཟན་སྙི་ལ་ཐིམ་པའི་མོས་པ་གྱིས་ཤིག་བྱས་ལ་མཆིལ་མ་བཏབ་བཅོལ། དེ་ཡིས་ཆངས་བུ་བྱས་པ་སྣོད་དུ་བླུགས་པའི་སྟེང་ཡིག་བརྒྱ་བརྗོད་བཞིན་པས་ལས་བུམ་གྱི་ཁྲུས་བྱས། དེ་ཉིད་སློབ་མ་རྣམས་ཀྱི་རྒྱབ་ཏུ་བཞག་ལ། བསང་སྦྱང་། སྟོང་པའི་ངང་ལས་ཏྲཱྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་


LT31_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཁཾ་ནག་པོ་འོད་དུ་ཞུ་བ་ལས། ན་བ་གསོ་ཞིང་འཆི་བ་སླུ་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། སཾ་བྷ་ར་བདུན་གྱིས་བསྔོ། ན་མོ་བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་ལ་སྦྱིན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ཅིང་དོར། གུལ་ཡུངས་རོལ་མོའི་སྒྲ་དང་། སུམྦྷ་ནི་དྲག་ཏུ་བརྗོད་ལ་བགེགས་བསྐྲད་དོ། །བྱབས་ཁྲུས་རྐྱང་པའི་སྐབས་སུ་འདིར་མཎྜལ་དང་ཐུན་མོང་གི་སྐྱབས་སེམས་ཙམ་འབོག་པའི་སྲོལ་ཡང་སྣང་ངོ། །གཉིས་པ་ནི། བྱབས་ཁྲུས་རྐྱང་པའི་སྐབས་རྣམ་བུམ་དང་། དབང་བསྐུར་གྱི་སྔོན་འགྲོ་ལ་རྣམ་བུམ་ནས་བུམ་ཆུ་བསྲེས་པའི་ལས་བུམ་ཐོགས་ལ། ཐོག་མར་དག་བྱེད་ཁྲུས་ཀྱིས་བཀྲུ་བའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད་ཅིག། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁའ་པདྨ་དང་ཉི་མའི་གདན་ལ། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་དར་དང་རིན་པོ་ཆེས་བརྒྱན་པའི་ཕྱག་གཡས་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་བསྣམས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བླུགས་པས། ལུས་ངག་ཡིད་གསུམ་གྱི་ནད་


LT31_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་སྡིག་སྒྲིབ་ཐམས་ཅད་ཉི་མས་གྲིབ་སོ་དེད་པ་བཞིན་དུ། ནག་ནུར་གྱིས་ཤང་ལམ་དང་སེན་ཕྲག་རྣམས་སུ་བུད་ནས་འོག་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་ཐལ་བས། ལུས་ཕྱི་ནང་མེད་པ་ཤེལ་སྒོང་གཡའ་དག་པའམ། །ཤེལ་དཀར་འོ་མས་གང་བ་ལྟ་བུར་གྱུར། མཐར་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་དཀར་ལྟེམས་ཀྱིས་གང་བར་མོས་ཤིག །གཟུངས་རིང་ཚར་གསུམ་དང་། ཉེ་སྙིང་ཚར་གསུམ་གྱི་རྗེས་ལ། སརྦ་པཱ་པཾ་སྡིག་པ་ཐམས་ཅད་ཤི༚ཱནྟ་ཀུ་རུ་སྭཱ་ཧཱ། སརྦ་བིགྣན་བགེགས་ཐམས་ཅད༴ སརྦ་རོ་གནད་ཐམས་ཅད༴ སརྦ་དུཥྚཱན་གདོན་ཐམས་ཅད༴ སརྦ་ཛཱ་རཾ་རིམས་ནད༴ སརྦ་ཨུ་པ་དྲ་བེ་ཉེ་བར་འཚེ་བ༴ སརྦ་གྲ་ཧེ་གཟའ་དང་རྒྱུ་སྐར་གྱི་གནོད་པ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་དུས་མ་ཡིན་པའི་འཆི་བ༴ སརྦ་དུར་སྭ་སྣ་རྨི་ལམ་ངན་པ༴ སརྦ་དུར་ནི་མི་རྟ་ལྟས་ངན་པ༴ སརྦ་ཙིཏྟ་བྱ་ཀུ་ལི་སེམས་ཀྱི་གཡེང་བ་ངན་པ་ཐམས་ཅད་ཤཱི༚ནྟ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་བུམ་ཆུས་ཁ་བཤལ་བ་དང་བཀྲུ་བ་དང་བཏུང་བར་བྱའོ། །གསུམ་པ་ནི། རྡོ་རྗེ་དང་བཅས་པའི་ལག་གཡས་ཀྱིས་ཀུ་ཤ་དང་རྨ་བྱ་ཐོགས། གཉིས་པ་བྱབས་པའི་ཆོ་ག་བགྱི་བ་ལ། མདུན་མཁར་བཞུགས་པའི་རྡོ་རྗེ་རྣམ་པར་འཇོམས་པས་ཕྱག་གཡས་བྱབས་པའི་རྫས་ཀྱིས་ཁྱེད་རང་རྣམས་ལ་བྱབས་པས། བཀྲུས་པའི་ལྷག་མ་སྒོ་གསུམ་ལ་


LT31_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་སྡིག་སྒྲིབ་ཅུང་ཟད་ཡོད་པ་ཐམས་ཅད་རྒྱ་མཚོ་ཆེན་པོའི་ནང་དུ་ཕྱགས་ནས་སང་སང་དག་པར་མོས་ཤིགསྔར་གྱི་ཁྲུས་ཆུ་མདུན་ཏུ་བཞག་པ་ལ་བྱབས་པའི་ཚུལ་བྱས་ཏེ། གཟུངས་རིང་དང་ཉེ་སྙིང་བརྗོད་ལ་ཚིག་སྔ་མ་རྣམས་ཀྱི་མཇུག །སརྦ་ཤཱི༚ནྟ་ཀུ་རུའི་ཚབ་ཏུ། སརྦ་ཨ་པཱ་ན་ཡ་སྭཱ་ཧཱ། ཞེས་སྦྱར་ལ་ཁྲུས་ཆུའང་ཆུ་བོར་འདོར་བཅུག་གོ། །བཞི་པ་ནི། བཀྲུས་ཤིང་བྱབས་པ་དེ་དག་ལས་ཕྱིར་མི་ལྡོག་པའི་སླད་དུ་སྲུང་བའི་གོ་བགོ་བ་ནི། མདུན་མཁར་བཞུགས་པའི་རྡོ་རྗེ་རྣམ་པར་འཇོམས་པའི་ཕྱག་གཡས་པའི་རྡོ་རྗེ་རྩེ་བཅུ་གཅིག་པ་ལས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་འཕྲོས་ཏེ། །ཁྱེད་རང་རྣམས་ཀྱི་ལུས་མགོ་མཇུག་མེད་པར་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུབ་ཏུ་གཡོགས་པར་མོས་ཤིག །གཟུངས་རིང་ཉེ་སྙིང་དག་དང་། སྤེལ་ཚིག་སྔ་མ་གཉིས་ཀྱི་ཚབ་ཏུ། རཀྵ་རཀྵ་སྭཱ་ཧཱ། ཞེས་སྦྱར་བ་བརྗོད་ཅིང་གནས་བདུན་ཏུ་རྡོ་རྗེ་རྒྱ་གྲམ་དུ་བཞག་གོ། །དེ་ནས་གལ་ཆེ་ན་དབང་གི་མཇུག་ཆོག་ལྟར་གཏོར་དབང་བསྐུར་ཞིང་བཟླས་ལུང་སྦྱིན། །གོ་བགོ་ཞིང་ཕན་ཡོན་བརྗོད་པའི་མཐར། གདན་དཀར་པོ་བརྗེས་ལ། ད་ནི་འཁོར་བ་མཚོན་པའི་གདན་ནག་པོ་སྤངས་ནས། ཐར་པའི་བདེ་བ་དམ་པ་མཚོན་པའི་གདན་དཀར་པོའི་སྟེང་དུ་ཕྱིན་པ་ལ། བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མོས་ཤིག་བྱས་ལ་ཤིས་པ་རྒྱས་


LT31_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད། །སློབ་མ་དབང་བསྐུར་གྱི་སྐབས་བྱབས་ཁྲུས་མི་དགོས་ལ། ཅི་སྟེ་སྤྱི་འགྲོ་ལྟར་མོས་ཤིང་སྤྲོ་ན། ཐོག་མར་བཀྲུ་བྱབས་སྲུང་གསུམ་བྱས་ནས། འཇུག་པའི་ཆོ་གའི་མཎྜལ་འབུལ་བ་ལ་འཇུག །སྐབས་འདིར་ཐོག་མའི་གླུད་གཏོར་འདོར་ལེན་གང་བདེ་ཆོག་གོ། །གཉིས་པ་སློབ་མ་རྗེས་འཛིན་དབང་གི་ཆོ་ག་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། དངོས་གཞི་དབང་བསྐུར་བ། རྗེས་མཐའ་རྟེན་གྱི་རིམ་པའོ། །དང་པོ་ལ། སྡོམ་ནི། ཁྲུས་དང་མཎྜལ་གསོལ་དང་གནང་། ཐུན་མོང་ཐུན་མིན་སྡོམ་པ་བཟུང་། ཆས་འཇུག་བགེགས་བསྐྲད་བྱིན་གྱིས་བརླབ། སྲུང་དང་དབབ་དང་མེ་ཏོག་དོར། །སྤྱན་དབྱེ་མཐོང་བསྟན་ལྷ་ངོ་སྤྲད། ཅེས་ཆོས་བཅོ་ལྔ་ཡོད་པ་ལས། དང་པོ་ནི། ཐུང་དུ་མ་གྱུར་པའི་སློབ་མ་རྣམས་ཕྱི་རོལ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། གཉིས་པ་ལ་ལོ་རྒྱུས་བཤད་པས་མཚམས་སྦྱར་བ་ནི། སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་མི་བསྐྱོད་པ་སོགས་ཞི་བ་དང་། །དཔལ་ཆེན་བཛྲ་ཧེ་རུ་ཀ་སོགས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོམ་བུ་མཐའ་ཡས་པ་སྤྲོ་ཞིང་། གཞན་ཡང་གང་འདུལ་དེར་སྟོན་གྱི་རྣམ་པར་རོལ་པའི་སྤྲིན་རྒྱ་མཚོས་ཆོས་དབྱིངས་རྒྱས་པར་གཏམས་ཏེ་འགྲོ་བའི་དོན་མཛད་པ་ལས། ཕྱོགས་རེའི་སྣང་ཚུལ་དུའང་གསང་སྔགས་ནང་པའི་སྐབས་སུ་རྒྱལ་ཚབ་ཀྱི་སྐྱེས་བུ་རྡོ་རྗེ་ཆོས་རབ་དང་རྡོ་རྗེ་སྙིང་པོ། །རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་སོགས་སུ་


LT31_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཤིང་། སྔགས་ཕྱི་པའི་སྐབས་སུ་དཔལ་གསང་བའི་བདག་པོ་དང་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་སྐུར་སྣང་བ་དང་། ཡོངས་སུ་གྲགས་པར་ལག་ན་རྡོ་རྗེ་འཛིན་པའི་གཟུགས་ཀྱིས་རྒྱལ་བ་རྣམས་ཀྱི་གསང་བའི་མཛོད་གཉེར་ཞིང་། སངས་རྒྱས་སྲས་དང་སློབ་མར་བཅས་པའི་ཕྱི་ནང་གསང་བའི་བར་ཆད་སྲུང་བར་མཛད་པ་ལས་འདིར་མི་མཐུན་པ་ཞི་བའི་ཕྲིན་ལས་ལ་ཆེད་དུ་བསྡགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། །དེའང་། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་གསུངས་པ་ལ་འཕགས་ཡུལ་གྱི་སློབ་དཔོན་ཁ་ཅིག་གིས་བྱ་རྒྱུད་འཇིག་རྟེན་ལས་འདས་པའི་རིགས་གསུམ་གྱི་ཡ་གྱལ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ལ་རྒྱུད་སྡེ་བརྒྱ་རྩ་བརྒྱད་དུ་བཞུགས་པ་ལས་ཐོག་མ་ཁོ་ནར་འདི་ཉིད་གསུངས་པས་དེ་ཐམས་ཅད་ཀྱི་རྩ་བར་འབྲུ་གཉེར་ཞིང་བྱ་རྒྱུད་ཁོ་ནར་བཞེད་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ་སོགས་ཀྱིས་བླ་མེད་དུ་བཀྲལ་ཞིང་རྒྱུད་སྡེ་བཞིའི་ལས་སྒྲུབ་པའི་ལྷ་སྔགས་ཐམས་ཅད་ཀྱི་རྩ་བར་བཞེད་པ་ལྟར། པ་ཆེན་དྲི་མེད་བཤེས་གཉེན་སོགས་ཀྱང་དོན་གྱིས་དེ་ལྟར་བཞེད་པར་གསལ་ཞིང་། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་བསྒྱུར་བའི་ཐོག་མར་རྗེ་འབངས་ཡོངས་ཀྱི་ཐུགས་


LT31_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་ཆོས་སུ་ཉེ་བར་མཁོ་ཞིང་མེད་དུ་མི་རུང་བ་ལོ་པ་ཀུན་བཀའ་བགྲོས་ཏེ་རྒྱལ་པོ་མདོ་ལྟར་གྲགས་པ་བསྒྱུར་བའི་ནང་ཚན། རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ། །ཞེས་པ་འདི་བྱུང་ཞིང་ཡོངས་སུ་གྲགས་པས། དེའི་རྗེས་འབྲེལ་དུ་སྒྲུབ་ཐབས་ཀྱི་བཀའ་སྲོལ། །དབང་དང་རྗེས་གནང་གི་རིགས་མཐའ་ཡས་པ་གསར་རྙིང་ཀུན་ལ་བྱོན་པའི་ནང་ནས། ད་ལམ་གྱི་འཆད་བྱ་འདི་ནི། གཙོ་བོར་པ་ཆེན་བི་མ་ལ་མི་ཏྲས་གཉགས་ཛྙཱ་ན། དེས་སོག་པོ་དཔལ་ཡེ། དེས་སྲུ་ལེགས་པའི་སྒྲོན་མ་ལ་གནང་བ་སྔ་འགྱུར་བཀའ་མའི་ཆོས་སྡེར་གཏོགས་པ་ཡིན། དེ་ལས་བརྒྱུད་པའི་རིང་ལུགས་རྒྱས་བསྡུས་མང་དུ་འཕེལ་བ་ལས། འདིར་ནི་བཀའ་སྡེ་ཟུར་པའི་རིག་འཛིན་རྣམས་ལས་རྒྱལ་བ་ཀཿཐོག་པ་ཆེན་པོ་དམ་གཙང་བྱམས་གསུམ་དང་སྤྱན་སྔ་རྣམ་གཉིས་སོགས་ལ་བརྒྱུད་པ་ཡིན་ཅིང་། ཕྱི་འགྱུར་ས་བ་རི་པའི་ལུགས་ཀྱི་སྒྲུབ་ཐབས་འདི་དང་ཚིག་དོན་གཅིག་པ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ་ནས། སྨར་ཁམས་ཤེས་རབ་བླ་མ་སོགས་ལ་བརྒྱུད་དེ་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ལས་སྤྱན་སྔ་རིན་པོ་ཆེ་བསོད་ནམས་འབུམ་པས་གསན་ཅིང་ཆུ་བོ་གཅིག་འདྲེས་སུ་གྱུར་པ་སྟེ། དེ་ལྟ་བུའི་བཀའ་སྲོལ་རྨད་དུ་བྱུང་བ་རྣམ་འཇོམས་ཁྲོ་དཀར་ལྷ་བཅུ་དགུ་པའི་དཀྱིལ་འཁོར་


LT31_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབང་བསྐུར་བའི་ཆོ་ག་བགྱིད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་ཏུ་སོང་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསུམ་པ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། བཞི་པ་ནི། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་གི་གནང་བ་བྱིན་ཅིང་སྔགས་ཀྱི་ཐེག་པར་བློ་དགུག་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། །བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་པ། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་


LT31_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་འདི། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་བྱོས་ཤིག །ཅེས་བརྗོད། ལྔ་པ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་ཏུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། སོགས་སྒྲུབ་ཐབས་ལྟར་ལན་གསུམ་བྱ། དྲུག་པ་ནི། ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་ཏུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་


LT31_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་བསྐྱེད་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱི་ཕྱིར། །བདག་གིས་སྡོམ་


LT31_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་ལན་གསུམ་བྱའོ། །བདུན་པ་ནི། དཀྱིལ་འཁོར་འདི་ཉིད་སྔོན་ཆད་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ། ཨོཾ་ཙཀྵུ་རྦནྡྷ་བ་ར་མ་ཱ་ཡེ་སྭཱ་ཧཱ། ཞེས་མིག་དར་དང་། ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་རིན་པོ་ཆེའི་མེ་ཏོག་ཕོན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་ཅོད་པན་གཏད། བརྒྱད་པ་ནི། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཁྲུགས་པས་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ཤིག །ཨོཾ་ཨཱཿབི།།།ནྟ་ཀྲྀ་ཏྲ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཡུངས་ཐུན་གུ་གུལ་དུད་པ་རོལ་མོའི་སྒྲ་བྱའོ། །དགུ་པ་ནི། ཁྱོད་རང་རྣམས་ཀྱི་གནས་གསུམ་དུ་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་རྒྱས་གདབ་པར་མོས་ཤིག །སློབ་མའི་གནས་གསུམ་དྲིའི་ཐིག་ལེ་བཀོད་དེ། ཨོཾ་མ་ཏི་སྠི་ར་བཛྲ་ཨོཾ། །ཤཱུ་ཏི་སྠི་ར་བཛྲ་ཨཱཿཔྲ་ཏི་སྠི་ར་བཛྲ་ཧཱུྃ། ཞེས་བརྗོད་ལ་རྡོ་རྗེའང་གནས་གསུམ་དུ་གཏུགས། ཁྱེད་རང་རྣམས་ཀྱི་མིག་རྣ་བ་སྣ་ལྕེ་ལུས་སྙིང་ཁ་རྣམས་སུ་ཟླ་བའི་སྟེང་དུ། རྡོ་རྗེ་དཀར་


LT31_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྩེ་ལྔ་པ་རེ་རེས་རྒྱས་བཏབ་པར་མོས་ཤིག །དྲི་ཐིག་དང་རྡོ་རྗེ་གནས་དྲུག་ཏུ་བཞག་ལ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཞེས་བརྗོད། བཅུ་པ་ནི། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེ་གོ་ཁྲབ་ཞུ་ལུབས་སུ་གཡོགས་པར་མོས་ཤིག །ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟྟ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་རྡོ་རྗེ་རྒྱ་གྲམ་གྱིས་གནས་རྣམས་སུ་རེག་གོ། །བཅུ་གཅིག་པ་ནི། དབང་གི་གཞི་འགོད་པར་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེ་སེམས་དཔའ་དབབ་ཏུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་མཚོ་ལ་ཁ་བ་བབས་པ་བཞིན་བྱོན་ནས་ཁྱོད་རང་རྣམས་ཀྱི་ལུས་ལ་ཞུགས་པར་མོས་ཤིག །གུ་གུལ་དུད་པ་བཏང་། རོལ་མོ་བསྒྲག །རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་དང་རྡོ་རྗེའི་ཆར་བབས་ནས་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་དམིགས་ལ། གཙོ་བོ་དང་ཁྲོ་བཅུའི་སྔགས་ཤམ་དུ། པྲ་བེ་ཤ་ཡ་ཕཊ། ཅེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། མཐར་རྒྱ་


LT31_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་མགོར་བཞག་ལ། ཏིཥྛ་བཛྲ་ཧཱུྃ་གིས་བརྟན་པར་བྱའོ། །བཅུ་གཉིས་པ་ནི། སྔར་བྱིན་པའི་རིན་པོ་ཆེའི་མེ་ཏོག་དེ་ཉིད་རང་གི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་འདོར་བར་ཞུ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། པྲ་ཏི་གྲྀཧྣ་བཛྲ་ཧོཿ ཞེས་མེ་ཏོག་དཀྱིལ་འཁོར་དུ་འདོར་དུ་གཞུག །སླར་ཡང་མེ་ཏོག་དེ་ཉིད་རིགས་མཆོག་ལྷའི་དབང་རྟགས་སུ་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་མ་ཡ་མ་ཧཱ་ས་ཏྭ། སེམས་དཔའ་སྟོབས་པོ་ཆེས་འདི་ཟུང་ཞིག །ཅེས་མེ་ཏོག་སློབ་མའི་སྤྱི་བོར་བཞག་གོ། །བཅུ་གསུམ་པ་ནི། ཁྱེད་རང་རྣམས་ཀྱི་མིག་ཏུ་ཡི་གེ་ཨ་དམར་པོ་རེ་རེ་གསལ་བའི་འོད་ཟེར་གྱིས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛོད། ཕྱེས་པས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་རྡོ་རྗེ་དང་བཅས་པའི་མིག་ཟུར་གྱིས་གདོང་གཡོགས་བསལ་ལོ། །བཅུ་བཞི་པ་ནི། རྡོ་རྗེའི་ཕྱག་ཤིང་གི་མཚོན་ཏེ། ལྟོས་ཤིག་ལྟོས་ཤིག་སེམས་


LT31_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེ། །མེ་ཏོག་གང་དུ་ཕོག་གྱུར་པའི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། ཨོཾ་བཛྲ་པ་ཤྱ་ཧོཿ ཞེས་བལྟ་བར་བསྐུལ། བཅོ་ལྔ་པ་ནི། དེའང་འབྱུང་བཞི་རི་རབ་རིམ་བརྩེགས་ཀྱི་སྟེང་སྲུང་བའི་འཁོར་ལོ་རྡོ་ར་མེ་རི་དང་བཅས་པའི་དབུས་སུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་དང་རྟ་བབས་གར་གྱི་སྣམ་བུ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ལྟེ་བར་པད་ཉིའི་གདན་ལ། རྡོ་རྗེ་རྣམ་པར་འཇོམས་པ་དཀར་གསལ་རྡོར་དྲིལ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་དམར་མོ་ལྕགས་སྒྲོག་བུམ་པ་བསྣམས་པས་འཁྱུད་ཅིང་སེམས་སྐྱིལ་གྱིས་བཞུགས་པ། ཕྱི་རོལ་པདྨ་འདབ་བཞི་ལ། སངས་རྒྱས་སྤྱན་མ། མཱ་མ་ཀི། གོས་དཀར་མོ། །དམ་ཚིག་སྒྲོལ་མ་སྟེ་རིགས་ཀྱི་ཡུམ་བཞི། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ལ་ཁྲོ་བོ་ཆེན་པོ་བཅུ། དེ་རྒྱབ་སྒོ་བཞི་ལ་སྒོ་མ་ཆེན་པོ་བཞི་སྟེ། རྣམ་འཇོམས་དཀར་པོ་ལྷ་བཅུ་དགུ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་ཏུ་མཇལ་བར་མོས་པས་དད་གུས་སྤྲོ་བ་རྒྱ་


LT31_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྐྱེད་ཅིང་། དེ་དག་ཀྱང་ཁྱོད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གསུམ། གསོལ་བ་འདེབས་པ། བུམ་དབང་། ལྷ་དབང་ངོ། །དང་པོ་ནི། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་ནས། དངོས་གཞིའི་དབང་བསྐུར་ཞུ་བའི་སླད་དུ་ཐོག་མར་མཎྜལ་འབུལ་བར་ཞུ། །དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས། བདེ་གཤེགས་རྣམས་ཀྱི་བདེ་གསོལ་ཕྱིར། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དབང་མཆོག་བསྐུར་དུ་གསོལ། ཅེས་ལན་གསུམ་བརྗོད་དུ་གཞུག །གཉིས་པ་ནི། རྣམ་རྒྱལ་བུམ་པ་བླངས་ལ། བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པའི་ཕྱག་ན་རིན་པོ་ཆེའི་བུམ་པ་འཛིན་པས་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད་ཅིག་བྱས་ལ། བུམ་པ་ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བདུད་རྩི་ཡིད་བཞིན་རྒྱ་མཚོ་འཁྱིལ་བ་ཡིས། །དུག་གསུམ་ནད་དང་སྡུག་བསྔལ་ཞི་ནས་ཀྱང་། །དབང་མཆོག་དེས་ཀྱང་ཆོས་ཉིད་རྟོགས་པར་ཤོག །བྷུངྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྞ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱྃ། པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་མགོ་བོའི་གནས་


LT31_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་བཞག །སྨོན་ལམ་ནི། བུམ་ཆུས་དབང་བསྐུར་བས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་དག་པར་གྱུར་ཅིག །སྨན་ལྔའི་དབང་བསྐུར་བས་དུག་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །དྲི་ལྔའི་དབང་བསྐུར་བས་ཕུང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །སྤོས་ལྔའི་དབང་བསྐུར་བས་དབང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །འབྲུ་ལྔའི་དབང་བསྐུར་བས་སྟོབས་ལྔ་ཐོབ་པར་གྱུར་ཅིག །རིན་པོ་ཆེ་ལྔས་དབང་བསྐུར་བས་ཡེ་ཤེས་ལྔ་ཐོབ་པར་གྱུར་ཅིག །སྙིང་པོ་ལྔས་དབང་བསྐུར་བས་སྐུ་ལྔ་ཐོབ་པར་གྱུར་ཅིག །གཞན་ཡང་བུམ་པའི་ཆས་ཐམས་ཅད་ཀྱི་དབང་བསྐུར་བས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་འཐོར་རོ། །གསུམ་པ་ནི། གཙོ་འཁོར་བཅུ་དགུའི་ལྷ་ཙཀ་རྣམས་རིམ་བཞིན་སྤྱི་བོ་བཞག་ལ། གཞལ་ཡས་ཁང་གི་དབུས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཧཱུྃ། རྡོ་རྗེ་འཛིན་པའི་སྐུ་འདི་ནི། །དག་ཅིང་གསལ་ལ་བཟུང་དུ་མང་། གཟུགས་ཕུང་རྣམ་པར་དག་བྱེད་པ། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་བཛྲ་བི་ད་ར་་ཨ་བྷི་ཥིཉྩ་ཧཱུྃ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་


LT31_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་བསྐུར་བས། ཉོན་མོངས་པ་གཟུགས་ཀྱི་ཕུང་པོ་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ཅིག །མེ་ཏོག་ཕྲེང་བ་སྤྱི་བོར་བཅིངས་ལ། ཡུམ་རྡོ་རྗེ་ལྕགས་སྒྲོག་མའི་ངོ་བོ་མེ་ཏོག་ཕྲེང་བ་དར་དཔྱངས་དང་བཅས་པ་སྤྱི་བོར་བཅིངས་པར་མོས་ཤིག །རིག་པའི་དོན་ལྡན་མེ་ཏོག་ཕྲེང་། །ཆོས་ཉིད་དར་གྱི་རྒྱན་བཏགས་ཏེ། །ཆེ་བའི་ཡོན་ཏན་རྫོགས་པའི་དབང་། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་བཛྲ་ནི་ཤྲི་ཁ་ལེ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཡུམ་གྱི་སྒོ་ནས་མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །གཙོ་བོའི་ཕྱི་རིམ་པདྨ་འདབ་བཞིའི་སྟེང་ནས་ཡུམ་བཞི་རིམ་པར་བྱོན་ཏེ་མིང་ལ་སོགས་པའི་དབང་བསྐུར་སྩལ་བར་མོས་ཤིག །ང་ནི་སངས་རྒྱས་སྤྱན་མ་སྟེ། །མིང་གི་དབང་མཆོག་ང་ལ་གནས། །གཏི་མུག་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་སྥོ་ཊ་བཛྲ་བཛྲ་དྷཱིཿ ཨ་བྷི་ཥིཉྩ་ཧཱུྃ། སངས་རྒྱས་སྤྱན་མ་མིང་གི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་ཅིག །ང་ནི་བཅོམ་ལྡན་མཱ་མ་ཀི། དབུ་རྒྱན་དབང་མཆོག་ང་ལ་གནས། །ང་རྒྱལ་རྣམ་པར་དག་བྱེད་པའི། །སྐལ་


LT31_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བུ་ལ་སྦྱིན་པར་བྱ། ཨོཾ་ཀ་ཊ་བཛྲ་བཛྲ་ཏྲཱྃ། ཨ་བྷི་ཥིཉྩ་ཧཱུྃ། མཱ་མ་ཀི་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་ཤེས་རབ་གོས་དཀར་མོ། །རྡོ་རྗེ་དབང་མཆོག་ང་ལ་གནས། །འདོད་ཆགས་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། ཨོཾ་མ་ཊ་བཛྲ་བཛྲ་རཾ། ཨ་བྷི་ཥིཉྩ་ཧཱུྃ། གོས་དཀར་མོ་རྡོ་རྗེའི་དབང་བསྐུར་བས། །ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས་སོ་སོར་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་དམ་ཚིག་སྒྲོལ་མ་སྟེ། །དྲིལ་བུའི་དབང་མཆོག་ང་ལ་གནས། །ཕྲག་དོག་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་མ་ཐ་མ་ཐ་བཛྲ་ཏྲཱྃ། ཨ་བྷི་ཥིཉྩ་ཧཱུྃ། དམ་ཚིག་སྒྲོལ་མ་དྲིལ་བུའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །དེ་རྒྱབ་འཁོར་ལོ་རྩིབས་བཅུའི་སྟེང་ནས་ཁྲོ་བོ་ཆེན་པོ་བཅུ་རིམ་པར་བྱོན་ཏེ་སྤྱི་བོ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཞེ་སྡང་རྣམ་དག་བདག་ཉིད་ཅན།


LT31_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟ་འདུལ་མཛད་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་བའི་དབང་བསྐུར་རོ། །ཨོཾ་དྷུ་ན་དྷུ་ན་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་རྣམ་པར་རྒྱལ་བའི་དབང་བསྐུར་བས། ཤར་ཕྱོགས་དྲི་ཟའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ང་རྒྱལ་རྣམ་དག་མཉམ་ཉིད་ཅན། །གཤིན་རྗེ་འཇོམས་མཛད་རྡོ་རྗེ་བསྣམས། །གཤིན་རྗེ་གཤེད་པོས་དབང་བསྐུར་རོ། །ཨོཾ་པ་ཙ་པ་ཙ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོས་དབང་བསྐུར་བས་ལྷོ་ཕྱོགས་གཤིན་རྗེའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །འདོད་ཆགས་རྣམ་དག་བདག་ཉིད་ཅན། །ཆུ་ལྷ་འདུལ་མཛད་རྡོ་རྗེ་བསྣམས། །རྟ་མཆོག་རྒྱལ་པོས་དབང་བསྐུར་རོ། །ཨོཾ་དྷ་ཡ་དྷ་ར་ཡ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ་པོས་དབང་བསྐུར་བས་ནུབ་ཕྱོགས་ཆུ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། །ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་རྡོ་རྗེ་བསྣམས། །བདུད་རྩི་འཁྱིལ་པས་དབང་བསྐུར་རོ། །ཨོཾ་ཚིནྡྷ་ཚིནྡྷ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་


LT31_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པས་དབང་བསྐུར་བས་བྱང་ཕྱོགས་གནོད་སྦྱིན་གྱི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་དབྱུག་པ་སྔོན་པོ་ནི། །མེ་ལྷའི་གདུག་པ་འདུལ་མཛད་པ། །དབྱུག་སྔོན་རྒྱལ་པོས་དབང་བསྐུར་རོ། །ཨོཾ་ད་ཧ་ད་ཧ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན་གྱིས་དབང་བསྐུར་བས། ཤར་ལྷོ་མེ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་མི་གཡོ་མགོན་པོ་སྟེ། །སྲིན་པོའི་གདུག་པ་འདུལ་མཛད་པ། །མི་གཡོ་མགོན་པོས་དབང་བསྐུར་རོ། །ཨོཾ་དྷ་ར་དྷ་ར་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོས་དབང་བསྐུར་བས། །ལྷོ་ནུབ་སྲིན་པོའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གཞན་གྱིས་མི་ཐུབ་པ། །རླུང་ལྷའི་གདུག་པ་ཞི་མཛད་པའི། །གཞན་གྱིས་མི་ཐུབ་དབང་བསྐུར་རོ། །ཨོཾ་དཱ་རུ་་དཱ་རུ་་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་གཞན་གྱིས་མི། ཐུབ་པའི་དབང་བསྐུར་བས་ནུབ་བྱང་རླུང་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །


LT31_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་ཁམས་གསུམ་རྣམ་རྒྱལ་ནི། །འབྱུང་པོའི་གདུག་པ་འདུལ་མཛད་པ། ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །ཨོཾ་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བས་དབང་བསྐུར་བས། བྱང་ཤར་དབང་ལྡན་གྱི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཧཱུྃ་སྒྲ་སྒྲོགས་པ་སྟེ། །སྟེང་ཕྱོགས་དྲེགས་པ་འདུལ་མཛད་པ། །ཧཱུྃ་སྒྲ་སྒྲོགས་པས་དབང་བསྐུར་རོ། །ཨོཾ་ཧ་ར་ཧ་ར་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་ཧཱུྃ་ཀ་རའི་དབང་བསྐུར་བས་སྟེང་ཕྱོགས་ཉི་ཟླ་གཟའ་སྐར་གྱི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གནོན་མཛད་རྒྱལ་པོ་སྟེ། །ཀླུ་དང་ས་བདག་འདུལ་མཛད་པ། །སྟོབས་ཆེན་གནོན་པའི་དབང་བསྐུར་རོ། །ཨོཾ་མ་ཐ་མ་ཐ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའི་དབང་བསྐུར་བས་འོག་ཕྱོགས་ཀླུ་དང་ས་བདག་གི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །དཀྱིལ་འཁོར་ཆེན་པོའི་སྒོ་མ་བཞི་རིམ་པར་བྱོན་ཏེ་སྤྱི་བོ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཤར་སྒོ་སྲུང་བའི་སྒོ་མ་ནི། །དཀར་མོ་ལྷ་ཡི་གདོན་སྲུང་མ། །


LT31_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་བུ་ལ་དབང་བསྐུར་བས། །ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག །ཨོཾ་ཧུ་ལུ་ཧུ་ལུ་བཛྲ་ཛཿཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ལྕགས་ཀྱུ་མས་དབང་བསྐུར་བས་ནད་གདོན་ཐམས་ཅད་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ལྷོ་སྒོ་སྲུང་པའི་སྒོ་མ་ནི། །སེར་མོ་གཤིན་རྗེའི་གདོན་སྲུང་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་དབང་ལོངས་སྤྱོད་རྒྱས་པར་ཤོག །ཨོཾ་ཏིཥྛ་ཏིཥྛ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ཞགས་པ་མས་དབང་བསྐུར་བས་ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པའི་དབང་དང་ལྡན་པར་གྱུར་ཅིག །ནུབ་སྒོ་སྲུང་བའི་སྒོ་མ་ནི། །དམར་མོ་ཀླུའི་གདོན་སྲུང་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འགྲོ་བ་དབང་དུ་འདུ་བར་ཤོག །ཨོཾ་བྷནྡྷ་བྷནྡྷ་བཛྲ་བཾ་ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ལྕགས་སྒྲོག་མས་དབང་བསྐུར་བས་འགྲོ་བ་ཐམས་ཅད་དབང་དུ་འདུ་བའི་དབང་དང་ལྡན་པར་གྱུར་ཅིག །བྱང་སྒོ་སྲུང་བའི་སྒོ་མ་ནི། །ལྗང་གུ་གནོད་སྦྱིན་གདོན་རྣམས་སྲུང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག །ཨོཾ་ཧ་ན་ཧ་ན་བཛྲ་ཧོཿཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་དྲིལ་བུ་མས་དབང་བསྐུར་བས། །དགྲ་བགེགས་ཐམས་ཅད་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཅེས་མེ་


LT31_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འཐོར་རོ། །གསུམ་པ་མཐའ་རྟེན་རྗེས་ཀྱི་དབང་ལ་ལྔ། གཏོར་དབང་། སྔགས་དབང་། གོ་བགོ། ཕན་ཡོན། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། དེ་ལྟར་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་གྱི་ཆོས་རྣམས་རིམ་པར་སྒྲུབ་པའི་ཐོག་མར་བདག་གཞན་སེམས་ཅན་ཐམས་ཅད་གནས་སྐབས་ཉེ་བར་འཚེ་བའི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་གོ་འཕང་ལ་སྦྱོར་བའི་སླད་དུ་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་ཐོབ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །གཏོར་ཆེན་ལས་རྡོར་གྱིས་བཏེགས་ལ། གཏོར་སྣོད་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། ཐར་པ་ཆེན་པོའི་གྲོང་ཁྱེར་ཡངས་ཤིང་རྒྱ་ཆེ་ལ་ཉམས་དགའ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་གཡས་ལྕགས་སྒྲོག་གཡོན་བུམ་པ་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱི་རོལ་པདྨ་འདབ་བཞི་ལ་སྤྱན་མ་སོགས་ཡུམ་བཞི། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་བོ་


LT31_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། སྒོ་བཞིར་སྒོ་མ་བཞི་རྣམས་དང་བཅས་པའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེ་ཁྲོ་བོ་དང་ཁྲོ་མོ། མཐའ་བསྐོར་དུ་རིག་པའི་ལྷ་མོ་བཀའ་ཉན་མངགས་གཞུག་དང་བཅས་པས་བསྐོར་ཞིང་སྤྲིན་གཏིབས་པ་ལྟར་བཞུགས་པར་གསལ་ཐོབ་ཅིག །དེ་དག་ལ་མོས་གུས་བྱས་པས་ནམ་མཁའི་དབྱིངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས། ཁྲོ་མོ་རྣམས་ཀྱིས་གར་བྱེད། ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་དྲག་སྔགས་འབྲུག་ལྟར་སྒྲོགས་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་དུ་གཅོད་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་ཏུ་བརླག་པར་སྒོམས་ཤིག །བྱས་ལ་མདོ་གཟུངས་ཀྱི་དབུ་ནས་བརྩམས། ཉེ་སྙིང་གི་བར་ཚར་གཅིག་བརྗོད་ཅིང་གཏོར་མ་མགོར་བཞག །དྲིལ་བུ་གསིལ་ཞིང་ཉེ་སྙིང་གི་སྐབས་འཐོར་ནས་བྲབས། ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཁྲོ་ཆུང་དང་རྡོ་རྗེའི་མཚོན་ཆར་གྲངས་མེད་པ་སི་ལི་ལི་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་ནད་གདོན་


LT31_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བགེགས་བར་ཆད་ཐམས་ཅད་སངས་སངས་དག་པར་སྒོམས་ཤིག །མདོ་གཟུངས་འཐོར་ནས་སོགས་སྔ་མ་ལྟར་འགྲེ། ཡང་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྐྱེན་བགེགས་བེ་ཐེལ་རྒྱལ་འགོང་ཀླུ་གཉན་ས་བདག་བྱད་མ་གནོད་བྱེད་ལ་སོགས་པ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་ཏུ་ནག་ཆོམ་ཆོམ་བསྲེགས་པར་སྒོམས་ཤིག །གཟུངས་སོགས་གོང་ལྟར། ཡང་ལྷ་ཚོགས་དེ་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་སིབ་སིབ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་ཆད་ཐམས་ཅད་ཉི་མས་གྲིབ་སོ་དེད་པ་བཞིན་དུ་ནག་ནུར་གྱིས་དེད་འོག་སྒོ་དང་སེན་ཕྲག་རྣམས་སུ་བུད་ནས་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་སོང་བས། ལུས་ཕྱི་ནང་མེད་པ་ཡེ་ཤེས་བདུད་རྩིས་དཀར་ལྟེམ་གྱིས་གང་བར་སྒོམས་ཤིག །གཟུངས་སོགས་གོང་མཚུངས་གྲུབ་རྗེས། ཨརྒྷཾ་སོགས་ཀྱིས་མཆོད། བདེ་གཤེགས་དྲི་མེད་ཤློ་ཀ་གཅིག་གིས་བསྟོད། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་ལྟེམ་གྱིས་སོང་བ་འདི་ཉིད་ཁྱེད་རང་


LT31_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བྱིན་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་ནས་ཁྱེད་རང་རྣམས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་ཅིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གྱུར་པའི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་ནས་འབྲས་ཙམ་གྱིས་གང་བར་མོས་ཤིག །ཅེས་བྱས་ལ་གཏོར་མ་དྲི་བཟང་གི་ཆུས་བཤལ་བ་སྦྱིན་ནོ། །གཉིས་པ་ནི་དེ་ནས་སྔགས་བཟླས་པའི་ལུང་བླང་བའི་སླད་དུ། བླ་མ་དང་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་དབྱེར་མེད་པའི་ཐུགས་ཀ་ནས་གཟུངས་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་མར་མེ་གཅིག་ལས་གཉིས་ཆད་པའི་ཚུལ་དུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པའི་མོས་པ་མཛོད་ཅིག །ཅེས་ཕྲེང་བ་འཛིན་ཏུ་བཅུག་ལ་མདོ་གཟུངས་ཡོངས་རྫོགས་ཉེ་སྙིང་གི་བར་དང་། ཉེ་སྙིང་ཉིད་རྗེས་ཟློས་ལན་གསུམ་བྱར་གཞུག་གོ། །གསུམ་པ་ནི། མདུན་བསྐྱེད་སྐུའི་འོད་ཟེར་ལས་བྱུང་བའི་ཕྱག་རྒྱ་བཞིའི་གོ་ཆས་ཁྱེད་རང་རྣམས་ལ་ཞུ་ལུབས་སུ་གཡོགས་པས་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་མོས་པ་མཛོད་ཅིག །ཕྱག་རྒྱ་ལྔའི་ཙ་ཀླིའམ་རྡོ་རྗེ་མགོར་བཞག་ལ། ཧཱུྃ། ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་གོ་ཆ་བླ་ན་མེད། །རྡོ་རྗེའི་གོ་ཆས་བསྲུང་དུ་གསོལ། །ཨོཾ་ཅིས་ཀྱང་མི༴


LT31_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི༴ །འཁོར་ལོའི་གོ༴ ཏྲཱྃ། ཅིས་ཀྱང་༴ །རིན་ཆེན་གོ་ཆ༴ །རིན་ཆེན་གོ་ཆས༴ ཧྲཱིཿ ཅིས་ཀྱང་༴ །པདྨའི་གོ་ཆ༴ །པདྨའི་གོ་ཆས༴ ཧཱ། །ཅིས་ཀྱང་༴ །རྒྱ་གྲམ་གོ་ཆ་བླ་ན་མེད། །རྒྱ་གྲམ་གོ་ཆས་བསྲུང་དུ་གསོལ། ཅེས་དང་། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། །བཞི་པ་ནི། དེ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་སྔགས་ཀྱི་ཆེ་བའི་ཡོན་ཏན་འདི་རྣམས་ཡིད་ལ་དྲན་ཅིང་དད་མོས་དགའ་སྤྲོ་སྐྱེད་བཞིན་པས་འདིའི་ལད་མོ་མཛོད། །སྡིག་པ་ཐམས་ཅད་བྱང་བྱས་ནས། སོགས་ཕན་ཡོན་ཚང་བར་བརྗོད་པའི་མཇུག །སྡིག་པ་ཀུན་ལས་རྣམ་པར་ཐར། ཅེས་པའི་ཚིག་རྐང་གཅིག་བུ་ལན་གསུམ་བྱའོ། །ལྔ་པ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་བཅས་མཁའ་དབྱིངས་གང་བ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ་བས། མི་མཐུན་པའི་རྒུད་པ་མཐའ་དག་ཞི་ཞིང་། མཐུན་རྐྱེན་ལེགས་པའི་ཡོན་ཏན་མ་ལུས་པ་འཕེལ་རྒྱས་རྟག་པའི་རང་བཞིན་ཏུ་


LT31_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པར་མོས་ཤིག །མེ་ཏོག་འཐོར། དྲིལ་བུ་བསིལ་ཞིང་། ཨོཾ། འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་རྡོ་རྗེ་ཐེག་པའི་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྟོང་གི་རྡོ་རྗེའི་གསུང་འཛིན་ཅིང་། །རྡོ་རྗེའི་ལུས་ཅན་ལག་ན་རྡོ་རྗེ་འཛིན། །རྡོ་རྗེའི་གསུང་གིས་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས། །རྡོ་རྗེ་རྣམ་པར་འཇོམས་པའི་བཀྲ་ཤིས་ཤོག །གཉེན་པོ་རྡོ་རྗེས་མི་དགེ་བཅུ་པོ་འཇོམས། །སྟོབས་བཅུ་རྡོ་རྗེས་འཇིག་རྟེན་སྐྱོང་བཅུ་གནོན། །ཕ་རོལ་ཕྱིན་བཅུའི་རྡོ་རྗེ་མཐར་ཕྱིན་པ། །རྡོ་རྗེ་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །རྡོ་རྗེའི་རིགས་ཅན་ཚངས་དབང་རྒྱལ་ཆེན་དང་། །རྡོ་རྗེའི་བཀའ་ཉན་ཕྱོགས་སྐྱོང་ལྷ་ཀླུ་དང་། །རྡོ་རྗེའི་ཕོ་ཉ་གཟའ་དང་རྒྱུ་སྐར་ཚོགས། །རྡོ་རྗེའི་རིགས་ཀྱི་སྲུང་མའི་བཀྲ་ཤིས་ཤོག །རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལ། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་སྟེ། །རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་ཏིང་འཛིན་སྤྲོས། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་འདུལ། ནད་རིགས་


LT31_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། རྡོ་རྗེའི་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་བཛྲ་པཱ་ི་ཀཱ་ཡ་ཝཱཀྐཱ་ཙིཏྟ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བརྗོད་དོ། །གསུམ་པ་དེ་དག་གི་མཇུག་བསྡུ་བའི་རིམ་པ་ལ་གཉིས། དབང་དང་། དཀྱིལ་འཁོར་གྱི་རྗེས་རིམ་མོ། །དང་པོ་ནི། དེ་ལྟར་ན་དེ་དག་གི་སྒོ་ནས་སྔ་འགྱུར་པ་ཆེན་དྲི་མེད་བཤེས་གཉེན་དང་། ཕྱི་འགྱུར་གྲུབ་ཐོབ་པ་བ་རི་པའི་བཀའ་སྲོལ་ཆུ་བོ་གཅིག་ཏུ་འདུས་ཤིང་བྱིན་རླབས་དང་ལྡན་པའི་རྡོ་རྗེ་རྣམ་འཇོམས་ཁྲོ་དཀར་ལྷ་བཅུ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་སོགས་སྤྱི་ལྟར་མཚམས་སྦྱར་ལ། དམ་ཚིག་བཟུང་བ། གཏོང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། །དགེ་བསྔོ་རྣམས་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་ལ་བདུན། མཆོད་བསྟོད་བསྔོ་སྨོན་བཟོད་གསོལ་དང་། གཤེགས་བསྡུ་བཀྲ་ཤིས་རྒྱས་གདབ་བོ། །ཞེས་པ་ལྟར་ལས། དང་པོ་ནི། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ་བྱིན་གྱིས་བརླབ། མདུན་བུམ་དུ་བཤད་པའི་ཚིགས་བཅད་གང་རུང་གིས་མཆོད་དོ། །གཉིས་པ་ནི། གཙོ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་བུམ་བསྐྱེད་ལྟ་བུ། གསུམ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། ལྟ་བུ་ཐེག་པ་ཆེན་པོའི་བསྔོ་སྨོན་གང་འགྲུབ་བྱ། །བཞི་པ་ནི། དྲིལ་བུ་གསིལ་ཞིང་ཡིག་བརྒྱ་ལན་གསུམ་བརྗོད་ལ། །གང་ཡང་བདག་བློ་རྨོངས་པ་ཡིས། །ལེགས་སྤྱད་འདི་


LT31_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེས་གྱུར་གང་། གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། དེ་ཀུན་མགོན་པོས་བཟོད་པར་གསོལ། ཅེས་དང་། མ་རྙེད་ཡོངས་སུ་སོགས་ཤློ་ཀ་བརྗོད་ཅིང་ནོངས་པ་བཤགས། ལྔ་པ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ནས། ཨོཾ་བཛྲ་མུཿས་དཀྱིལ་འཁོར་གྱི་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། ཧཱུྃ་ཞེས་བརྗོད་པས་དམ་ཚིག་པ་རྣམས་བདག་ལ་ཐིམ་པར་མོས་ལ། བདག་བསྐྱེད་བསྡུ་ཞིང་གནས་སྲུང་བའི་ཚུལ་གོང་དུ་བསྙེན་པའི་འཕྲོས་དོན་སྐབས་བཤད་པ་ལྟར་བྱའོ། །དྲུག་པ་ནི། དཀོན་མཆོག་གསུམ་གྱི་ཤིས་བརྗོད་སྤྱི་དང་། བྱེ་བྲག་ཏུ། །བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དངུལ་མདོག་རི༴ འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་གསུང་། བདེ་གཤེགས་གསུང་གི༴ །བཀྲ་ཤིས༴ །བཅོམ་ལྡན་མཐིང་མདོག་རི༴ །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི༴ །བཀྲ་ཤིས༴ ཤར་ལྷོ་ནུབ་བྱང་དཔལ་བེ་འཁོར་ལོ་དང་། པདྨ་རྒྱལ་མཚན་གདུགས་བུམ་དུང་དང་ཉ། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་


LT31_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་སོགས་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་དོ། །བདུན་པ་ནི། རྡུལ་མཚོན་ཡོད་ན་ཨ་ཀཱ་རོས་བསྡུ་ཞིང་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་གདབ། མཆོད་པའི་ཡོ་བྱད་ལོངས་མི་སྤྱད་པར་གཙང་བར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །བརྒྱུད་ལྡན་རིག་འཛིན་མགུལ་གྱི་བུམ་པ་ལས། །དག་བྱེད་བདུད་རྩིའི་ཀླུང་དུ་ཕབ་པ་འདིར། །རང་བློའི་དུག་ཅན་ཆུ་ཡིས་བསླད་མིན་ཀྱང་། །བཀའ་སྲོལ་མི་ནུབ་བཙས་སུ་རྒྱས་པར་སྤེལ། །རྡོ་རྗེའི་ཁྲུས་ཀྱིས་ཕྱི་ནང་ཉེས་ཚོགས་སྦྱངས། །རྡོ་རྗེའི་རིགས་སྔགས་གྲུབ་པས་ཚེ་འདི་ལ། །སྒྲིབ་གཉིས་བག་ཆགས་རྣམ་པར་འཇོམས་བྱེད་པ། །རྡོ་རྗེ་ཁྲོ་བོའི་རྒྱལ་དང་མཚུངས་པར་ཤོག །ཅེས་པ་འདིའང་སྔ་འགྱུར་བསྟན་པའི་རྨིང་གཞི་ཀཿཐོག་གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཡིག་ཆ་རྙིང་པ་ལ་བརྟེན་ནས་ཁྱེར་བདེ་འདུས་གསལ་གྱི་ཚུལ་དུ། དྲགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ། །

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་སྒྲུབ་ཐབས་གཟུངས་ཀྱི་ཆོ་ག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ།


LT31_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་སྒྲུབ་ཐབས་གཟུངས་ཀྱི་ཆོ་ག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ་ཞེས་བྱ་བ་བཞུགས་སོ།། །།


LT31_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་བི་དཱ་ར་ཱ་ཡ། །བདུད་འཇོམས་རྡོ་རྗེ་མེ་ལྕེ་རབ་འབར་བ། །ཚན་པོ་ཆེ་དང་སྲེད་མེད་བུ་ཡིས་ཀྱང་། །ཆ་ཙམ་མི་བསྒྲུན་སྟོབས་བཅུའི་དབྱིག་བསྡུས་པ། །ཕྱག་ན་བརྗིད་པས་བགེགས་འདུལ་མཛད་དེར་འདུད། །གང་དེའི་སྒྲུབ་ཐབས་ཀུན་ལས་ཟབ་དྲགས་པ། །གནུབས་ཆེན་གསང་བའི་མཛོད་ལས་ལེགས་འོངས་ཤིང་། །གྲུབ་པ་རིག་འཛིན་དུ་མའི་ཕྱག་ཆ་ནི། །འདི་ཉིད་ཡིན་གྱིས་བློ་ལྡན་ཡིད་དགར་བྱོས། །སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་ལུགས་གནུབས་ཆེན་པོ་ནས་བརྒྱུད། །རྒྱལ་བ་ཀཿཐོག་པ་ལ་བཀའ་བབས་པ། །གྲིབ་གདོན་མི་གཙང་བ་སེལ་བ་ལ་མཆོག་ཏུ་བསྔགས་པ་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་པའི་ལྷ་མང་གི་གཟུངས་ཀྱི་ཆོག་ཉམས་སུ་ལེན་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། བཅས་བཤམས་པ་དང་། གང་ཟག་འཇུག་པའི་རིམ་པའོ། །དང་པོ་ནི། བདག་བསྐྱེད་སྒོ་ནས་བསྙེན་པ་བྱེད་པའི་སྐབས་སྔོན་གཏོར་དང་ཕྱི་མཆོད། །ཐུན་མཚམས་གཏོར་འབུལ་བྱེད་ན་དེའི་ཆས་ཙམ་ལས་གང་ཡང་མི་དགོས། གཟུངས་ཆོག་གི་སྐབས་


LT31_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སུ། གནས་གཙང་མར་གཟའ་སྐར་དུས་ཚོད་བཟང་པོ་ལ་སྟེགས་བུ་དྲིའི་ཆག་ཆག་གདབ་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་མཚམས་བཞིར་བཞི། དེ་རྒྱབ་བཅུ་ཁོ་ནའམ། སྒོ་བཞི་བསྣན་ན་དེ་རྒྱབ་བཞི་བཅས་བཅུ་དགུར་བཀོད་པ་ལྟར་མོས། །རིན་པོ་ཆེའི་བུམ་པ་གུ་གུལ་དང་དྲི་ཆབ་ཀྱིས་བྱུག་བདུག་བྱས་ལ། །ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད། འབྲུ་ལྔ་བླུགས་ལ། ཨོཾ་བྲྀ་ཧ་པཉྩ་སིངྡྷིཨཱཿཧཱུྃ། སྨན་ལྔ། ཨོཾ་ཨཱ་མྲྀ་ཏ་པཉྩ་སིངྡྷི་ཨཱཿཧཱུྃ། རིན་ཆེན་ལྔ། ཨོཾ་རཏྣ་པཉྩ་སིངྡྷི་ཨཱཿཧཱུྃ། དྲི་ལྔ། ཨོཾ་དྷཱུ་པེ་པཉྩ་སིངྡྷི་ཨཱཿཧཱུྃ། སྙིང་པོ་ལྔ། ཨོཾ་ཀརྨ་པཉྩ་སིངྡྷི་ཨཱཿཧཱུྃ། མགུལ་ཆིངས་སྔོན་པོ་བཅིངས་ལ། ཨོཾ་ཀཉྩ་ལི་ཀ་སིངྡྷི་ཧཱུྃ། ཆུ་གཙང་གིས་སུམ་གཉིས་བགང་ལ། སྭཱ་བྷཱ་ཝའི་སྔགས་བརྗོད། ཁ་རྒྱན་གཟུག་སྟེ། ཨོཾ་པླ་ཀྵ་ཀལྤ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། གཟུངས་ཐག་བཏགས་ལ། ཨོཾ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཉེ་སྙིང་གི་མཐར། ས་མ་ཡ་ཏིཥྛ་ལྷན། ཅེས་བཏགས་པ་བཟླ་བཞིན་ཏུ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་བཞག་


LT31_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་བྱང་ཤར་དུ་བཀོད། རྒྱབ་ངོས་སུ་རིན་པོ་ཆེའི་སྣོད་དུ་བཤོས་བུ་སྟོད་ཟུར་གསུམ་པ་ལ་བཤོས་ཕྲན་བཅུ་གཉིས་བསྐོར་རྒྱན་སྤྲོས་ཅན་དང་། དཀར་གཏོར་ཆ་བཞི་ཡང་བཤམ། བྱང་ཤར་དུ་མཚམས་འཛིན་ནས་བརྩམས་ཕྱི་མཆོད་གཡས་བསྐོར་དུ་བྱ། གཞན་ཡང་སྔོན་གཏོར། བྱབ་པའི་རྫས་ཀུ་ཤ་རྨ་བྱ། བྱབས་པའི་རྫས་ཡུངས་ཀར་འཐོར་ནས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་ལྔ། ཉེ་རེག་འཐོར་འཐུང་གི་སྒོ་ནས་ཁྲུས་བྱབ། །ཡན་ལག་བདུན་པས་བསགས་སྦྱོང་སྤེལ་བ། སྔོན་གཏོར་བཏང་བ། མཆོད་པ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད་དོ། །དང་པོ་ནི་ཆུ་གཙང་དྲི་བཟང་སྦྱང་བ་མདུན་ཏུ་བཞག །ལག་པ་གཡོན་པའི་མཐེབ་སྲིན་བར་དུ་རྡོ་རྗེ་བཟུང་ལ། རང་གི་མཐེབ་སྲིན་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པའི་བར་དུ་ཨ་དཀར་པོ། །དེ་ལས་འོད་ཟེར་འཕྲོས་པས་དྲི་ཆབ་ཉིད་ཨའི་རང་བཞིན་ཏུ་གྱུར། དེའི་ལག་མཐིལ་གཡས་གཡོན་ཏུ་ཟླུམ་པོར་བྱས་ལ། ལག་མཐིལ་གཡས་གཡོན་གཉིས་སུ་ཟླ་བའི་དཀྱིལ་འཁོར། ཐལ་མོ་སྦྱར་ལ། དེ་གཉིས་ཁ་སྦྱར་བའི་བར་དུ་ཨ་ཡིག་ཡུངས་འབྲུ་ཙམ་གྱིས་གང་བར་གྱུར། མགོ་ལྕེ་སྙིང་ག་རྣམས་སུ་བྱུག་ཚུལ་བྱས་ལ། ལུས་དང་ངག་དང་ཡིད་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་བྱིན་བརླབས། ཕྱོགས་བཅུར་འཐོར་ལ། སྟོང་གསུམ་ཐམས་ཅད་ཀྱང་དེ་བཞིན་ཏུ་བྱིན་གྱིས་བརླབས་པར་གྱུར། བསྡུ་ན་དེ་ཙམ་གྱིས་འཐུས་པས་ཆུའི་ལྷག་མས་རང་ལུས་བཀྲུ་ཞིང་འཐུང་བ་


LT31_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ། སྤྲོ་ན་གོང་གི་རྗེས་སུ། དྲི་ཆབ་གཡོན་གྱི་ལག་མཐིལ་དུ་བླུགས་ཏེ། ལག་པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ཨས་མཚན་པ། །གཡས་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་ཧཱུྃ་གིས་མཚན་པ། གཡས་པའི་སྲིན་ལག་གིས་འཐོར་ལ། དེ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་བར་གྱུར། ཅེས་པ་ནི་འཐོར་བའོ། །གནས་གསུམ་དུ་ཐིག་ལེ་བྱས་ལ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཅེས་པ་ནི་རེག་པའོ། །ལྷག་མ་བྱད་ཁོང་དུ་བཏུང་། སྒྲིབ་པ་ཐམས་ཅད་དག་ནས་ལུས་རྡོ་རྗེའི་རང་བཞིན་ཏུ་མོས་པ་ནི་འཐུང་བའོ། །ཕྱེད་ཀྱིས་ཕྱི་ནས་བཀྲུས་པས། ལས་དང་ཉོན་མོངས་པའི་སྒྲིབ་པ་བྱང་ནས་འབྲས་བུ་ལ་ཉེ་བར་མོས་པ་ནི་ཉེ་བའི་དོན་ཏུ་ཤེས་པར་བྱའོ། །གཉིས་པ་ནི། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བཞིན་ཏུ་གསལ་བར་གྱུར། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚང་བར་བྱ། གསུམ་པ་ནི། སྔོན་གཏོར་ལ་ཆབ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་


LT31_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཱཾ་ཨཱ་དྱནྣུཏྤ་ནྣ་ཏྭ་ད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་བརླབས། སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾཾ ཞེས་དང་། སརྦ་ལོ་ཀ་པཱ་ལ་སཱ་པཱ་རི་བཱ་ར་ན་མཿསརྦ་སོགས་ནས། གྲྀཧྞེ་དཾ་བ་ལྱཱདི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ས་ལ་རྒྱུ་བའི་ལྷ་ཀླུ་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་ཏུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས། །དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པའི་དཀྱིལ་འཁོར་ཆེན་པོ་ལ་ལྟ་བར་མི་དབང་བའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདིས་ཚིམས་པར་གྱིས་ལ། བདག་གི་བྱ་བ་མ་འགྲུབ་ཀྱི་བར་དུ་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཨོཾ་སུཾ་བྷ་ནི་སོགས་ཧཱུྃ་བཞིའི་དྲག་སྔགས་བརྗོད་ལ་བསྐྲད་དོ། བཞི་པ་ནི། མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་


LT31_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཱྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་སྒྲ་དང་བཅས་པ་ནམ་མཁའ་བར་སྣང་ཐམས་ཅད་ཡོངས་སུ་གང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པ་དྱཾ་ནས། ཤབྡའི་བར་དེ་བཞིན་ཏུ་སྦྱར་བས་བརླབ། ཨོཾ་བཛྲ་དྷརྨ་ར་ི་ཏ། པྲ་ར་ི་ཏ། སཾ་པྲ་ར་ི་ཏི། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ཏི། པྲ་ཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་བེ། བཛྲ་དྷརྨ་ཧྲྀ་ད་ཡ་ས་ན་ཏོཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿཧོཿ །ཨཱཿཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བསྒྲག་ཅིང་བྱིན་དབབ་བོ། །ལྔ་པ་ནི། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་སུ་བརྗོད་ལ་སྐྱབས་སུ་འགྲོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །


LT31_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་ལ་བཞི། རང་དོན་ཏུ་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ། གཉིས་དོན་ཏུ་བུམ་པ་ལ་བརྟེན་པའི་གཟུངས་ཆོག །དེ་གཉིས་ཀའི་ཡན་ལག་གཏོར་འབུལ། གཞན་དོན་ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ལ། བསྐྱེད་ཅིང་སྤྱན་དྲངས་ཁྲུས་གདན་འབུལ། ཕྱག་མཆོད་བསྟོད་བསྟིམས་བཟླས་པའོ། །ཞེས་ཆོས་དགུ་རུ་ཡོད་པའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་སོགས༴ ཅིའང་མི་དམིགས་པ་སྟོང་པ་ཉིད་དུ་བསམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །སྟོང་པའི་ངང་ལས། ཨེ་ལས་ནམ་མཁའ། ཡཾ་ལས་རླུང་། རཾ་ལས་མེ། བཾ་


LT31_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཆུ། ལཾ་ལས་ས་ཡི་དཀྱིལ་འཁོར། སུཾ་ལས་རི་རབ་ཀྱི་སྟེང་དུ་རྡོ་རྗེ་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཁོར་ལོ་རྩིབས་པའི་སྣ་ཚོགས་མདོག །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་མཐིང་ནག །འཁོར་ལོའི་ལྟེ་བར་པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་མཐིང་ནག་འབར་བར་གྱུར། ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་ཀྱིས་ཉི་མའི་གདན་ལ་བརྫིས་པ། ཤིན་ཏུ་ཁྲོས་པའི་སྤྱན་གསུམ་དམར་ལ་ཟླུམ་པ། བསྐལ་པའི་མེ་དཔུང་གི་ཀློང་ན་བཞུགས་པ། མཆེ་བ་རྣོ་དཀར་ཟངས་ཡག་ཏུ་གཙིགས་པ། ཨག་ཙམ་སྨར་ཁམ་པ་གྱེན་དུ་བརྫེས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བཅིངས་པའི་རྩ་བར་སྦྲུལ་དང་རྡོ་རྗེའི་ཕྲེང་བས་བཅིངས་པ། གཡས་རྡོ་རྗེ་རྒྱ་གྲམ་བསྐོར་བའི་ཚུལ་དུ་འཛིན་པ་གཡོན་པས་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། །སྐུ་སྨད་ལ་སྟག་ལྤགས་ཀྱིས་ཤམ་ཐབས་བྱས་པ། སྐུ་སྟོད་ལ་དར་ལྗང་གུའི་ཆོས་གོས་མནབས་པའི་འཕེལ་ཀ་རླུང་གིས་གཡེང་བ་ལྟ་བུ།


LT31_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དབུའི་རལ་ཆིངས་རྒྱལ་རིགས་དཀར་པོ་ལ་བྱས་པ། རྣ་རྒྱན་རྗེའུ་རིགས་སེར་པོ་ལས་བྱས་པ། ཕྱག་གདུབ་བྲམ་ཟེ་དམར་པོ་ལ་བྱས་པ། ཞབས་གདུབ་གདོལ་པ་ནག་པོ་ལ་བྱས་པ། ཀླུའི་ཕོ་ཉའི་རིགས་ནག་པོ་སེར་ལ་ཁར་ཐོགས་པ། དབུ་ལ་རིན་པོ་ཆེའི་སྲོག་ཞུ་དང་། སྙན་ཆ་དང་མགུལ་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། སྐུ་རེགས་བཅིངས་པ། འོད་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པ། གདུག་པ་ཅན་ཐམས་ཅད་འདུལ་བའི་ཚམ་རྔམས་ཀྱི་སྐུར་གསལ་བར་གྱུར། དེ་ལྟར་བསྐྱེད་ནས། གནས་བདུན་འབྲས་བུའི་བྱང་ཆུབ་སེམས་དཔའ་བདུན་གྱི་ངོ་བོར་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་བི་དྱཱ་བཛྲ་བཛྲ། སྤྱི་བོར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་ཨོཾཱ་གྱིས་མཚན་པ། སྥོ་ཊ་བཛྲ་བཛྲ། མགྲིན་པར་པདྨའི་སྟེང་དུ་རྡོ་རྗེ་དམར་པོ་ཨཱཿས་མཚན་པ། ཀ་ཊ་བཛྲ་བཛྲ། ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པ། མ་ཊ་བཛྲ་བཛྲ། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་དུ། རྡོ་རྗེ་སེར་པོ་ཏྲཱྃ་གིས་མཚན་པ། མ་ཐ་བཛྲ་བཛྲ། གསང་གནས་སུ་ཨེ་གྲུ་གསུམ་གྱི་སྟེང་དུ་རྡོ་རྗེ་ལྗང་གུ་ཧཱས་མཚན་པ། ཨཥྚ་ཧ་ས་ནཱི་ལ་བཛྲ། དཔུང་པ་གཡས་སུ་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུྃ་གིས་


LT31_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། སུ་བཛྲ་ཡ་སྭཱ་ཧཱ། དཔུང་པ་གཡོན་དུ་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། ཞར་བྱུང་ལྕེ་ལག་བྱིན་གྱིས་བརླབ་པ་ནི། རང་གི་ལྗགས་རྡོ་རྗེ་རྩེ་གསུམ་པ་ཕྲེད་ཉལ་དུ་འདུག་པའི་བུམ་པར་ཧཱུྃ་གིས་མཚན་པ། ལག་པ་རྡོ་རྗེ་རྩེ་ལྔ་པ་བུམ་པ་གདུ་བུ་ལྟར་འདུག་པའོ། །འཁོར་བསྐྱེད་པ་ནི། ཚིནྡྷ་ཚིནྡྷ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱཱ། བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །རྡོ་རྗེ་གཏུམ་པོ་སྨུག་ནག་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས་པ། གཡས་རྡོ་རྗེ་རྩེ་ལྔ། གཡོན་སྡིགས་མཛུབ་ཅན། བྷིནྡྷ་བྷིནྡྷ་ཀྲོ་ཏ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཤར་ལྷོ་རྡོ་རྗེ་ཕུར་བུ་སྐུ་མདོག་སེར་ནག་གཡས་རྡོ་རྗེ་རྩེ་གཅིག །གཡོན་སྡིགས་མཛུབ་ཅན། །ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ལྷོ་ནུབ་ཏུ་རྡོ་རྗེ་བེ་ཅོན་སྐུ་མདོག་དམར་ནག་གཡས་རྡོ་རྗེ་དབྱུག་པ། གཡོན་སྡིགས་མཛུབ་ཅན། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ལ་སྭཱ་ཧཱ། ནུབ་བྱང་དུ་རྡོ་རྗེ་ཁྲོ་བོ་སྐུ་མདོག་ནག་པོ་གཡས་ཐོ་བ། གཡོན་སྡིགས་མཛུབ་ཅན། །ཁྲོ་བོ་དེ་རྣམས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་བཞི་གཙིགས་པ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ། །པདྨ་ཉི་


LT31_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་གདན་ལ། བསྐལ་པའི་མེ་དཔུང་གི་ནང་ན་བཞུགས་པ་སྐད་ཅིག་གིས་གསལ་བར་གྱུར་པའི་མཚམས་རྣམས་སུ་ཡུམ་བཞིའི་ངོ་བོ་གྲི་གུག་བཞི་ལངས་ཏེ་འདུག་པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུར་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ། ཨོཾ་ཧ་ར་ཧ་ར་བཛྲ། ཤར་སྟོད་དུ་ཧཱུྃ་མཛད། མ་ཐ་མ་ཐ་བཛྲ། ནུབ་སྟོད་དུ་སྟོབས་པོ་ཆེ། དྷུ་ན་དྷུ་ན་བཛྲ། ཤར་དུ་རྣམ་པར་རྒྱལ་བ། ད་ཧ་ད་ཧ་བཛྲ། ཤར་ལྷོར་དབྱུག་པ་སྔོན་པོ། །པ་ཙ་པ་ཙ་བཛྲ། ལྷོར་གཤིན་རྗེ་གཤེད། དྷ་ར་དྷ་ར་བཛྲ། ལྷོ་ནུབ་ཏུ་མི་གཡོ་བ། དྷ་ར་ཡ་དྷ་ར་ཡ་བཛྲ། ནུབ་ཏུ་རྟ་མགྲིན། དཱ་རུ་་དཱ་རུ་་བཛྲ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། ཚིནྡྷ་ཚིནྡྷ་བཛྲ། བྱང་དུ་བདུད་རྩི་འཁྱིལ་བ། བྷིནྡྷ་བྷིྷིནྡྷ་བཛྲ་ཧཱུྃ་ཕཊ། བྱང་ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོས་པའི་ཆ་བྱད་ཅན། གཡས་ཐམས་ཅད་རྡོ་རྗེ་རྩེ་ལྔ། གཡོན་ཐམས་ཅད་སྡིགས་མཛུབ། ཉི་མའི་གདན་ལ་བརྐྱང་བསྐུམ་གྱིས་བཞེངས་པའོ། །སྟག་ལྤགས་གི་ཤམ་ཐབས་ཅན། ཀླུ་ཆེན་བརྒྱད་དང་རིན་པོ་ཆེས་བརྒྱན་པ། བསྐལ་པའི་མེ་རི་འབར་བའི་ནང་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཚམ་རྔམས་ཀྱི་སྒྲ་དང་


LT31_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནས་བཞུགས་པའོ། །དེའི་ཕྱི་རོལ་ཁོར་ཡུག་ལ་སྒེག་མོ་སོགས་མཆོད་པའི་ལྷ་མོ་བརྒྱད། དཔལ་བེའུ་མ་སོགས་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། ཕྱོགས་བཞིར་སྒོ་མ་བཞི་རྣམས་ཀྱང་སྐད་ཅིག་གིས་གསལ་བར་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ །ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། རྡོར་དྲིལ་ཐོགས་ལ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ི་ཀཱ་དྲྀ་ཤྱ་ཧོཿ ཞེས་པས་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ། གསུམ་པ་ཞབས་བསིལ་འབུལ་བ་ནི། ཡང་དག་ཉིད་དུ་དག་མོད་ཀྱང་། འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི། ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། །འདི་ཉིད་དུ་ནི་བཞེས་སུ་གསོལ། །ཨོཾ་སྭ་བྷཱ་སོགས། བཞི་པ་གདན་འབུལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། མ་


LT31_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། ཨོཾ་བཛྲ་ས་མ་ཡ་ཏིཥྛ་ལྷན། ས་མ་ཡ་སྟྭཾཾ ཞེས་པས་མདུན་མཁར་པདྨའི་གདན་ལ་བཞུགས་བར་བསམ། ལྔ་པ་ཕྱག་འཚལ་བ་ནི། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་རི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆིའོ། །བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པའི་གཙོ། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྟོན་ཅིང་། །འཇིགས་པའི་གཟུགས་ཀྱིས་བགེགས་རྣམས་དཔུང་བཅོམ་པ། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །སྐུ་ཡི་འོད་ཟེར་བསྐལ་པའི་མེ་ལྟར་འབར། །གཟི་བརྗིད་སྟོང་གཟེར་ཉི་ལྟར་འབར་བའི་བརྗིད། །སྤྱན་གསུམ་བགྲད་པས་སྡང་མིག་ཟླུམ་ཞིང་འབར། །ལོག་འདྲེན་བགེགས་འདུལ་མཛད་ལ་ཕྱག་འཚལ་ལོ། །ཉོན་མོངས་དུག་འཇོམས་མཛད་པའི་སྐུ་ཉིད་དུ། །ནོར་བུའི་རྒྱན་ཆས་བརྒྱན་ཅིང་ཀླུ་ཆེན་བརྒྱད། སྤྲུལ་གདུག་གཟུགས་ཀྱི་ཚུལ་འཛིན་རྣམས་ཀྱིས་སྤྲས། །ཞེ་སྡང་དུག་འཇོམས་མཛད་ལ་ཕྱག་འཚལ་ལོ། །ན་མོ་ཧཱུྃ། ན་མི་ཧཱུྃ། ན་མོ་ན་མི་ཧཱུྃ། ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿ དྲུག་པ་མཆོད་པ་འབུལ་བ་ནི། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། སེམས་


LT31_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དྲི་མ་བག་ཆགས་བསལ་སླད་དུ། སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བི་དྱཱདྷ་ར་་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ན་མཿསནྟ་བུདྡྷཱ་ནཱཾ་སྭཱ་ཧཱ། །ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སངས་རྒྱས་ཞིང་དུ་སྤོས་དྲི་དང་ལྡང་བས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་་ས་མ་ཡེ་ཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་ཡིད་ཀྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །སྔགས་ཐོག་མཐའ་སྔར་ལྟར་ལ། དྷཱུ་པེ་འི་མལ་དུ། པུཥྤེ་སྦྱར། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་པའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཅི་བཞིན་ཏུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨཱ་ལོ་ཀེ༴ སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡན་པའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྒྱལ་བའི་སྐུ། །གསེར་སྦྱངས་བཙོ་


LT31_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱི་དོར་བྱས་འདྲ་བའི། །འོད་ཆགས་འབར་བ་དེ་ལ་བྱུག་པར་བགྱི། གྷནྡྷེ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། ནེ་བི་དྱ༴ དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་འབུལ་ལགས་ན། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཤབྡ། ཞེས་པ་ཙམ་དང་། མཆོད་པའི་སྤྲིན་འབྱུང་བའི་གཟུངས་སྔགས་ཀྱང་བརྗོད་དོ། །བདུན་པ་བསྟོད་པ་ནི། ཧཱུྃ། དུས་གསུམ་སངས་རྒྱས་གསང་བའི་མཛོད་འཛིན་ཅིང་། །ཁྲོ་བོའི་རྒྱལ་པོ་ཡེ་ཤེས་རྡོ་རྗེ་ཅན། །སྐུ་ཡི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །རིག་སྔགས་རྒྱལ་པོ་སྲུང་བའི་ཁྲོ་བོ་བཞི། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་ཅིང་། །འགྱིང་བག་ཚུལ་བཞུགས་འཇིགས་པའི་རྒྱན་གྱིས་བརྒྱན། །རིགས་བཞིའི་ཁྲོ་བོ་བཞི་ལ་ཕྱག་འཚལ་བསྟོད། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རིག་སྔགས་རྒྱལ་པོ་སྲུང་བའི་ཁྲོ་བོ་བཅུ། །ཕྱོགས་བཅུའི་


LT31_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བགེགས་ཀྱི་ཚོགས་བཅོམ་པ། །ཁྲོ་བོ་ཆེན་པོ་བཅུ་ལ་ཕྱག་འཚལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང་། །ལེགས་པའི་དོན་ལྡན་བཀྲ་ཤིས་ལྷ་མོ་བརྒྱད། །ཡིད་འོང་ལྷ་ཡི་རྒྱན་གྱིས་རབ་ཏུ་མཛེས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་འཛིན་པའི་བཀའ་ཉན་ཅིང་། །བསྟན་པ་བསྲུང་ཕྱིར་འཇིག་རྟེན་སྐྱོང་བའི་ཚོགས། །ཚངས་པ་ཆེན་པོ་ལ་སོགས་བཀའ་ཡི་འཁོར། །རྡོ་རྗེ་རིགས་ཀྱི་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །བརྒྱད་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཛཿཧཱུྃ་བྃ་ཧོཿནམ་མཁར་བཞུགས་པའི་ཡེ་ཤེས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་ནས་གཉིས་མེད་དུ་གྱུར། ཞེས་མོས། །དགུ་པ་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་རབ་ཏུ་འབར་བའི་མཐའ་སྐོར་དུ་ཡང་སྙིང་བྱ། དེའི་ཕྱི་རོལ་དུ་གཏུམ་པོ་བཞིའི་གཟུངས། དེ་རྒྱབ་ཁྲོ་བོ་བཅུའི་གཟུངས། །དེ་རྒྱབ་གཟུངས་རིང་གིས་བསྐོར་བར་གསལ་བཏབ་ནས་མདོ་གཟུངས་ཉིད་བརྒྱ་རྩ་བརྒྱད་ལ་སོགས་པ་དང་། གཙོ་འཁོར་རྣམས་ཀྱི་སྙིང་པོ་ཅི་འགྲུབ་བཟླ། དེའི་ཚེ། ཐུགས་ཀའི་སྔགས་ལས་འོད་ཟེར་དཀར་པོ་འཕྲོས་པས་སྡིག་སྒྲིབ་ནད་གདོན་བར་དུ་


LT31_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་བཞི། སེར་པོས་འབྱོར་པ་དྲུག་དང་ཡོན་ཏན་ཡེ་ཤེས་སྤེལ། དམར་པོས་ཁམས་གསུམ་སྣང་བ་དབང་དུ་བསྡུས། །སྔོན་པོས་དགྲ་བགེགས་བྱང་མཚར་བཅད་པར་མོས་ཤིང་། དེའང་ལས་གང་བསྒྲུབ་པ་དེ་ཉིད་གཙོར་བྱའོ། །ཐུན་མཐར་སྔགས་ཙམ་གྱིས་མཆོད། བསྟོད་པ་གང་སྨོས་སམ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་ཤློ་ཀ་གཅིག་བྱ། དབང་དང་གཟུངས་ཆོ་ག་སོགས་སྦྲེལ་ན་བདག་བསྐྱེད་རྗེས་ཆོག་གི་སྐབས་བར་མི་བསྡུའོ། །གལ་ཏེ་འདི་ལ་བརྟེན་ནས་བསྙེན་པ་བྱེད་ན་ཐུན་རེ་རེའི་འགོར་ཁྲུས་བསྡུས་པ་ཏེ་སྔོན་ཏུ་འགྲོ་བས་མཆོད་པ་བྱིན་རླབས་ནས་བརྩམས་ཏེ་བཟླས་པའི་བར་བསྐྱར། སྔོན་གཏོར་ཉིན་དང་པོ་ལས་མི་དགོས། བཟླས་པའི་སྐབས་སྤྱི་འགྲེའི་འོད་ཟེར་སྤྲོ་བསྡུས་བྱིན་རླབས་བསྡུ་བའང་སྦྱར། གཟུངས་རིང་ཁོ་ན་མི་འགྲུབ་ན་བརྒྱ་སྟོང་ཁྲི་སོགས་ཅི་ལྕོགས་དང་། སྙིང་པོ་རྣམས་གཙོ་འཁོར་གྱི་འགྲོས་སྦྱར་ནས་བཟླ་བའི་བསྙེན་ཚད་ནི་གཙོ་བོ་ལ་འབུམ་ཕྲག་གཅིག་གམ་བཞི་བྱ། ཐུན་མཐར་མཆོད་བསྟོད་རྗེས་སུ། །ཐུགས་ཀའི་འོད་ཀྱིས་སྣོད་བཅུད་དག་པའི་ཞིང་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཆོས་ཀྱི་དབྱིངས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་མོས། །སླར་བདག་ཉིད་རྡོ་རྗེ་ཁྲོ་བོའི་རང་བཞིན་ཅན་ཏུ་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་མོས། འདིར་རྒྱུད་སྡེ་འོག་མའི་ལུགས་ལྟར་ན། ཐུན་མཐར་ཡེ་ཤེས་པ་ལུས་ལས་ཕྱུང་སྟེ་ནམ་མཁར་བཞུགས་


LT31_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མཆོད་བསྟོད་བཟོད་གསོལ་བྱས་ནས་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་བསྲུངས་ནས་སྤྱོད་ལམ་ལ་འཇུག་པ་ཡིན་གྱི། སྐབས་འདིར་བླ་མེད་ཀྱི་རྣལ་འབྱོར་པས་ཉམས་སུ་ལེན་པའི་དབང་དུ་བྱས་པ་ཡིན་པས་སྔ་ཕྱི་གང་འདོད་སོ་སོའི་དབང་པོ་དང་བསྟུན་ཅིང་། ཐུན་མཚམས་སུ་གཏོར་འབུལ་གྲུབ་ན་འོག་ནས་འབྱུང་བ་ལྟར་ལ་འདས་གཏོར་ཁོན་པས་ཆ་བཞི་རྒྱུན་ཏུ་མི་དགོས། དེ་ལའང་གཏོར་མགྲོན་སྤྱན་དྲངས་ཤིང་། མཐར་མཆོད་བསྟོད་ཕྲིན་བཅོལ་གཤེགས་གསོལ་རྣམས་དང་། མཚམས་ཀྱི་སྤང་བླང་སྤྱི་ལྟར་ཤེས་པར་བྱ། ཁྱད་པར་ཁྲོ་དཀར་ནག་གཉིས་ཀ་རྣམ་པ་རྒྱུད་སྡེ་འོག་མའི་ལུགས་ལྟར་མཛད་པར་སྣང་བས་དཀར་ཐུབ་གཙང་སྦྲའི་བརྟུལ་ཞུགས་ནུས་ན་ལེགས་ཤིང་། ཁ་ཅིག་ཏུ་བླ་མེད་ཀྱི་སྒྲོས་ཀྱང་སྣང་བས་ཅིས་ཀྱང་མི་ནུས་པས་ནི་དེ་ཙམ་བཀག་པ་མེད་དོ། །གཉིས་པ་བུམ་པ་ལ་བརྟེན་པའི་གཟུངས་ཆོག་ལ་གཉིས། གཙོ་བོར་རྣམ་བུམ། ཞར་བྱུང་ལས་བུམ་བསྒྲུབ་པའོ། །དང་པོ་ནི། བུམ་པ་བསང་སྦྱང་། འཁོར་ལོའི་ཕྱག་རྒྱ་བྱས་ལ། སྟོང་པའི་ངང་ལས། ཨོཾ་བཛྲ་ཙ་ཀྲ་བྷྲུྃ། རང་་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་པ་ལས་རིན་པོ་ཆེའི་བུམ་པ་ཕྱི་མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་པའི་དབྱིབས་ལ། ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་བཀོད་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ལྔའི་འོད་ཟེར་འཁྲིགས་པའི་དབུས་ཀྱི་ལྟེ་བ་སྔོན་པོ། །དེ་རྒྱབ་འཁོར་ལོ་རྩིབས་བཞི་མཚམས་


LT31_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་པ། དེ་རྒྱབ་རྩིབས་བཅུ་མཐིང་ནག་གི་ཕྱི་རོལ་ལྷའི་སྣམ་བུ་དང་བཅས་པའི་དབུས་དང་རྩིབས་བཞིར་པདྨ་ཉི་ཟླའི་གདན། རྩིབས་བཅུ་ལ་ཉི་མའི་དཀྱིལ་འཁོར་རེ་རེ་གསལ་བར་གྱུར། ན་མོ་རཏྣ་ཏྲ་ཡ་ཡ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དབུས་ཀྱི་གདན་ལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་སོག །བདག་བསྐྱེད་སྐབས་ལྟར་ལ་ལྕེ་ལག་བྱིན་རླབས་དོར་བའི་གཙོ་འཁོར་ཡོངས་རྫོགས་བསྐྱེད་ཅིང་། སྤྱན་འདྲེན་ནས་མཆོད་བསྟོད་བསྟིམས་པའི་བར་དུ་བྱ། དེ་ནས་གཟུངས་བཟླ་བ་ནི། བུམ་ལྷའི་ཐུགས་ཀར་སྔགས་འཁོར་བཀོད་ཚུལ་བདག་བསྐྱེད་དང་འདྲ་བ་ལས། མཐར་མདོའི་ཕན་ཡོན་གྱིས་ཀྱང་བསྐོར་བར་མོས་ཤིང་། ཧཱུྃ་གི་ཞབས་ཀྱུའི་ཁུག་པའི་ནང་དུ་བསྒྲུབ་བྱ་གསལ་བཏབ་ལ་དམིགས་པ་ཡུན་རིང་དུ་གཏད། དེ་ནས་གཟུངས་བཟླས་ན་ལག་གཡོན་པས་གཟུངས་ཐག་ཐུགས་ཀར་བཟུང་། །གཡས་སུ་ཡུངས་ཀར་ཐོགས་ལ། བདག་དང་བུམ་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། འཕགས་པའི་ཚོགས་ལ་མཆོད་པ་འབུལ། །ཐུགས་གཉིས་སུ་མེད་པའི་ཟག་མེད་ཡེ་ཤེས་བདུད་རྩིའི་རྣམ་པར་བྱུང་ནས་བདག་ལ་ཐིམ། །བདག་གི་ཐུགས་ཀ་ནས་ཡིག་འབྲུ་རྣམས་མུ་ཏིག་རྩར་ལ་བརྒྱུས་པ་ལྟར་གཟུངས་ཐག་ལ་བརྟེན་ནས་བུམ་བསྐྱེད་ཀྱི་ཐུགས་ཀའི་བསྒྲུབ་བྱ་ལ་ཕོག །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུར་གྱུར། ཡེ་ཤེས་ཀྱིས་བདུད་རྩིས་བུམ་པ་གང་བར་མོས་ལ་ཡིག་འབྲུ་རྣམས་བརླག་པའི་ཚུལ་དུ་འདོན།


LT31_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་རིང་ཚར་རེའི་རྗེས་སུ་ཡུངས་ཀར་ལན་རེ་བུམ་པར་བླུག །དེའི་ཚེ། ངོ་བོ་བདུད་རྩི་ལ་རྣམ་པ་ཁྲོ་ཆུང་གི་རྡུལ་ཕྲ་རབ་ཀྱིས་བསྒྲུབ་བྱའི་ལུས་གཏམས་ནས་བུམ་པ་གང་བར་བསམ། འདིར་ཕྲིན་ལས་ བཞི་དང་སྦྱར་བའི་སྤྲོ་བསྡུ་སྦྱོར་བར་འདོད་ན་གོང་གི་རིགས་པས་དཔག་གོ། །མཐར་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། དབང་བསྐུར་དངོས་དང་སྦྲེལ་བའམ་བུམ་དབང་ཙམ་བྱེད་ནའང་བུམ་ལྷ་དེ་ཀར་བཞག་ལ་རྗེས་ཆོག་སྐབས་གཤེགས་བསྡུ་བྱ་བ་འདིའི་ལུགས་ཡིན་ཅིང་། དེ་དག་མི་བྱེད་པར་བྱ་བ་ཁྲུས་ཙམ་ཡིན་ན་སྐབས་འདིར། བུམ་ལྷ་ཡེ་ཤེས་པ་གཤེགས། །དམ་ཚིག་པ་འོད་དུ་ཞུ་བ་ལས་དག་བྱེད་རྡོ་རྗེ་བདུད་རྩིའི་ཆུང་མོས་ལ་རྣམ་བུམ་ཉིད་ཀྱིས་ཁྲུས་བྱ་བ་ཡིན་ནོ། །གཉིས་པ་ནི། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཟླའི་གདན་ལ་བྷྲཱུྃ་ལས་ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པདྨ་ཉི་མའི་གདན་ལ་ཧཱུྃ་ལྗང་སྔོན་འོད་དུ་ཞུ་བ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་བསྣམས་ཤིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྣོལ་བ། ཁྲོ་བོའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ སླར་ས་བོན་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་


LT31_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དག །ཆུ་ལྷག་ཡར་ལུད་པས་དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་བེ་ཅོན་བསྣམས། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ། །བཟླས་པས་ཐུགས་རྒྱུད་བསྐུལ་བར་མོས། ཨོཾ་བཛྲ་ཨ་མྲི་ཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས། ཁྲོ་བོ་ཆེན་པོས་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག། ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེ་བདུད་རྩིའི་རང་བཞིན་ཏུ་གྱུར། ཅེས་བརྗོད་ལ་དཀྱིལ་འཁོར་བསྐོར་ཞིང་འཐོར་རོ། །གསུམ་པ་གཉིས་ཀའི་ཡན་ལག་གཏོར་མ་འབུལ་བ་ལ་གཉིས། བྱེ་བྲག་དཀྱིལ་འཁོར་པ་ལ་འབུལ་བ་དང་། མགྲོན་བཞི་ལ་སྤྱིར་བསྔོ་བའོ། །དང་པོ་ནི། རྒྱས་བར་སྤྲོ་ན་གཏོར་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། བས་སྟོང་པའི་ངང་ལས་བྷྲཱུྃ་ལས་གཏོར་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཨོཾ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་ཕུང་མཐའ་ཡས་པ་སྤྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་བདུན། རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བླ་མ་


LT31_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་དང་བཅས་པ་སྐད་ཅིག་གིས་བྱོན་ནས་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས་པར་གྱུར། བཛྲ་བི་དཱ་ར་་བཛྲ་སཱ་མ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭྃཾ ལྷ་རྣམས་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་ལོངས་སྤྱོད་པས་དགྱེས་ཤིང་ཚིམས་པར་མོས་ལ། རྒྱས་པར་སྤྲོ་ན་བཟླས་པའི་སྐབས་སུ་བཤད་པའི་གཙོ་འཁོར་གྱི་སྔགས་རྣམས་ལ་གཏོར་སྔགས་སྦྱར་བས་གཙོ་བོ་ལ་བདུན། འཁོར་རྣམས་ལ་གསུམ་རེས་འབུལ། བསྡུ་ན། ཨོཾ་བཛྲ་བི་དཱ་ར་་ས་པཱ་རི་ཝཱ་ར་མ་ཧཱ་བ་ལི༚་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ། སྔགས་ཙམ་གྱིས་མཆོད། གཙོང་སྟོད་ཤློ་ཀ་གཅིག་གིས་བསྟོད་པའི་མཐར། ན་མོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་མཆོད་ཅིང་འབུལ་བའི་གནས་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། གཏུམ་པོ་བཞི། ཁྲོ་བོ་བཅུ། སྒོ་མ་བཞི་ལ་སོགས་པ་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །འདོན་ནོ། །དེ་དག་གི་མངའ་རིས་སྤྱན་ལམ་དུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་དགྱེས་ཤིང་


LT31_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམས་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། ཞེས་ཕྲིན་ལས་བཅོལ། གཉིས་པ་ནི་དཀར་གཏོར་ཆ་བཞི་བསང་སྦྱང་བྱིན་རླབས་གོང་ལྟར་བྱས་ལ། ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང་། །དེ་ཡི་བཀའ་འཁོར་སྐྱོང་མཛད་པའི། །མགོན་པོ་ཡོན་ཏན་མགྲོན་གྱི་རིགས། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཚེ་རབས་ལས་ཀྱིས་མནར་བ་ཡི། །ལེན་ཆགས་མགྲོན་གྱི་རིགས་ལ་སོགས། །འཇིག་རྟེན་འདས་དང་མ་འདས་ཀྱི། །མགྲོན་གྱི་རིགས་སུ་གྱུར་པ་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟཾྭ མགྲོན་ཐམས་ཅད་རང་གནས་ནས་འདུས་ཤིང་མདུན་གྱི་ནམ་མཁའ་དང་བར་སྣང་ལ་སྤྲིན་དཔུང་གཏིབས་པ་ལྟར་འཁོད་དེ་ལོངས་སྤྱོད་པས་དགྱེས་ཤིང་ཚིམས་པར་བསམས་ལ། ཧཱུྃ། བདག་དང་འགྲོ་བའི་བསོད་ནམས་སྤེལ་བའི་ཕྱིར། འདོད་ཡོན་ལོངས་སྤྱོད་གཏོར་མའི་མཆོད་པ་འདི། །དཀོན་མཆོག་སྲི་ཞུ་ཡོན་ཏན་ཚོགས་ལ་འབུལ། རིགས་དྲུག་


LT31_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དང་ལན་ཆགས་རྣམས་ལ་བསྔོ། །གཏོར་སྣོད་རྒྱ་ཆེན་ཆོས་དབྱིངས་འཁོར་ཡུག་ཏུ། །གཏོར་མ་ཡེ་ཤེས་ཕྱག་རྒྱ་བདུད་རྩིར་གསལ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་རྒྱན་དུ་ཆེ། །རྨད་བྱུང་རྣམ་དག་བདུད་རྩི་གཏོར་མ་འདི། །ཡེ་ཤེས་ལྷ་ལ་འབུལ་གྱི་མཆོད་པ་བཞེས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །དགྲ་གདོན་གནོད་བྱེད་བར་ཆད་རྐྱེན་རྣམས་ཟློག །རིགས་དྲུག་སེམས་ཅན་གཏོར་མས་ཚིམས་གྱུར་ནས། །སོ་སོའི་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །གནོད་བྱེད་འབྱུང་པོ་གཏོར་མ་འདི་སྣོམས་ལ། །ཚེ་རབས་ལན་ཆགས་བུ་ལོན་འཁོར་བར་གྱིས། །ཁྱེད་རྣམས་ཀུན་ལ་གསོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་


LT31_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཐམས་ཅད་མེད་པར་མཛོད། །ཅེས་ཕྲིན་ལས་བཅོལ་ལ་གཏོར་མ་རྣམས་གཙང་སར་གཤེགས། ན་མོ་བདག་གི་བསམ་པའི་སྟོབས་དག་སོགས་བདེན་པ་བརྗོད་ཅིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱི་སྦྱིན་པ་བྱས་ལ། སརྦ་ཡ་ཧི་གཙྪ། ཞེས་མགྲོན་རྣམས་རང་གནས་སུ་གཤེགས་སོ། །བཞི་པ་གཞན་དོན་ཕྲིན་ལས་ཀྱི་རིམ་པ་ལ་གསུམ། གཏོར་མ་སྒྲུབ་པ། ལྷ་ཁྲུས་གསོལ་བ། བསྒྲུབ་བྱ་རྗེས་སུ་འཛིན་པའོ། །དང་པོ་ནི། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས། གཏོར་སྣོད་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སོགས་བུམ་བསྐྱེད་སྐབས་ལྟར་ལ། དཀྱིལ་འཁོར་རེ་རེ་གསལ་བར་གྱུར། གཏོར་མ་ཉིད་ཧཱུྃ་ཡིག་མཐིང་ནག་ལས་ལྷའི་དཀྱིལ་འཁོར་དུ་རྫོགས་པ་ནི། ན་མོ་རཏྣ་སོགས་ནས་མཆོད་བསྟོད་བསྟིམས་པའི་བར་དུའང་བུམ་བསྐྱེད་ལྟར་བྱ། དེ་ལ་དམིགས་པ་གཏད་དེ་གཟུངས་ཉི་ཤུ་རྩ་གཅིག་བརྗོད་དགོས་ཀྱང་ལོངས་ཁྱབ་དང་བསྟུན་པར་བཟླས་ལ། མཐར་མཆོད་བསྟོད་བྱ། མེ་ཏོག་འཐོར་ཞིང་། །ཨོཾ་འབྲས་བུའི་རྡོ་རྗེ་སོགས་བཀྲ་ཤིས་བརྗོད་དོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ལྷ་དང་རྒྱལ་བ་སྲས་བཅས་ནམ་མཁའི་དབྱིངས་གང་བར་དམིགས་ཏེ། ཁྲུས་ཁང་བསྐྱེད་པ་ནས་སྐུ་ཕྱི་ན་བཟའ་འབུལ་བའི་བར་སྤྱི་ལྟར་བྱས། ཁྲུས་ཆུ་བྱབ་ཁྲུས་ཀྱི་བུམ་པར་བླུགས་ཤིང་རང་གིས་ཀྱང་འཐོར་འཐུང་


LT31_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསུམ་པ་ནི། ཀཿཐོག་ཕྱག་ལེན་ཇི་ལྟ་བའི་བཀྲུ་བྱབས་སྲུང་བར་བྱེད་པར་སྤྲོ་ན་ཁྲོ་དཀར་དུ་བཤད་པ་ལྟར་ལ་ལྷ་སྔགས་ཀྱི་འབྱིན་འཇུག་ཅུང་ཟད་བྱས་པས་འགྲུབ་ལ། སྤྱི་འགྲོའི་ཡིག་ཆ་གང་བ་དེས་ཀྱང་ཆོག །ལུགས་འདིའི་རང་ལུགས་སྔོན་གྱི་ཡིག་རྙིང་རྣམས་སུ་བཤད་པ་ལྟར་བྱེད་ན་དོན་ལྔ། བྱབ་པ། ཁྲུས། བྲབ་པ། སྲུང་བ། དབང་བསྐུར་བའོ། །དང་པོ་ནི། ནད་པ་སོགས་ཡོན་བདག་རང་མདུན་ཏུ་གདན་ནག་པོའི་ཁར་བཞག། རྒྱས་པར་སྤྲོ་ན་ལན་ཆགས་གླུད་གཏོར་རྒྱས་བསྡུས་གང་རུང་བསྔོ། །དེའི་ནང་དུ་བྱབ་ཁྲུས་བྱ། བསྡུ་ན་སྣོད་གང་བདེར་ནད་པའི་འདྲེ་གཟུགས་བྱས་པའི་ནང་དུ་འོ་ཆབ་བླུགས་པ་མདུན་དུ་བཀོད་ལ། འོ་ན་ཁྱེད་རང་གི་རྒྱུ་སྔོན་གྱི་ལས་དང་ཉོན་མོངས་པ་ལས་བྱུང་འཕྲལ་རྐྱེན་ནད་གདོན་ཉེར་འཚེའི་བར་དུ་གཅོད་པ་དེ་དག་ཞི་བར་བྱེད་པའི་ཐབས་རྒྱལ་བ་ཐམས་ཅད་མཁྱེན་པས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་སྙིང་པོར་གྱུང་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ཏུ་གྲགས་པའི་གཟུངས་ཀྱི་ཆོ་གའི་ཕྲིན་ལས་སྒྲུབ་པ་ལ་འདུན་པ་འདི་བཞིན་ཏུ་མཛོད་ཅིག །སློབ་དཔོན་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་དངོས་སུ་གསལ་བའི་མདུན་ཏུ་ཁྱོད་རང་ལ་གནོད་ཅིང་འཚེ་བའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་རྣམས་གཟུགས་བརྙན་དང་དབྱེར་མེད་དུ་འཁོད་པར་གྱུར། བྱབས་པའི་རྫས་བལ་བུའམ་སེའུའི་ལྕུགས་མལ་རྨ་བྱའི་


LT31_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་བཅིངས་པ་ཐོགས་ཏེ། རྨ་བྱས་དུག་ཐམས་ཅད་པར་འཇོམས་ཤིང་ཚུར་ལ་མི་ཚུགས་པ་ལྟར་རྫས་དང་སྔགས་ལ་བགེགས་ཐམས་ཅད་འཇོམས་པའི་ནུས་པ་ཡོད་པ་དང་། འདི་ལ་ཁ་དོག་རྣམ་པ་ལྔ་ཡོད་པ་ནི། ཡེ་ཤེས་ལྔ་མཚོན་པ་ཡིན་པར། དེ་ཡིས་དུག་ལྔའི་རང་མདངས་ནད་གདོན་རྣམས་བྱབས་པར་བགྱི་བ་སྟེ། རྨ་བྱ་འདི་ཉི་མའི་དཀྱིལ་འཁོར་དམར་ཅི་ལེ་བ་ལས་ཡེ་ཤེས་ལྔའི་འོད་འཕྲོ་བ། དེའི་དཀྱིལ་དུ་ཧཱུྃ་མཐིང་ནག་ལ་རྩ་སྔགས་ཀྱིས་འཁོར་བ། དེས་བྱབས་པའི་ཚེ་འོད་ཟེར་གྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཡོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་གྲིབ་མ་ལ་ཉི་མ་ཕོག་པ་ལྟར་དེ་ད་ནས་ནག་སིབ་སིབ་མདུན་གྱི་ནད་འདྲེ་ལ་ཐིམ་པར་མོས་མཛོད། །གཟུངས་རིང་གི་མཐར། ལུས་ངག་ཡིད་གསུམ་གྱི་ནད་ཐམས་ཅད་ཤཱི༚ནྟ་ཀུ་རུ་ཡེ་སྭཱ་ཧཱ། འདུ་བ་རྣམ་བཞིའི་ནད་ཐམས་ཅད། ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གནོད་པ་ཐམས་ཅད༴ ཕ་རོལ་པའི་བྱད་ཁ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད། ལྟས་ངན་པ། གཟའ་དང་དྲང་སྲོང་གི་གནོད་པ༴ རྒྱལ་འགོང་དམ་སྲིའི་གནོད་པ༴ དགེ་བསྙེན་ཐེའུ་རང་གི་གནོད་པ༴ ལེགས་སུ་མི་དགའ་ཉེས་སུ་དགའ་བའི་གནོད་པ་


LT31_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ཤི༚ནྟ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་གམ། བདུན་ནམ། ལྔ་གང་རུང་བརྗོད་དོ། །གཉིས་པ་ནི། ལས་བུམ་གྱིས་ཁྲུས་བྱེད་ན་དེར་རྣམ་བུམ་གྱི་ཆུ་བསྲེ། གང་ལྟར་ཁྲུས་བུམ་ཐོགས་ལ། བྱབས་པའི་ཆོ་གས་མ་དག་པའི་དྲི་མ་ཐམས་ཅད་བཀྲུ་བའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། །རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པའི་ལྷ་ཚོགས་ཀྱི་སྐུ་ལས་བབས་པའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་བླུགས་པ་ཙམ་གྱིས། ཁྱོད་རང་གི་རྒྱུད་ལ་ཡོད་པའི་ནད་གདོན་ཐམས་ཅད་ནག་ནུ་རུ་རུ་དེད། །འོག་སྒོ་སེན་ཕྲག་ཏུ་བུད་ནས་ས་རིམ་པ་དགུའི་འོག་ཏུ་སོང་། ལུས་ཡེ་ཤེས་ཀྱི་བདུད་རྩིས་རྒྱས་པར་གཏམས་ནས། ཤེལ་དཀར་གྱི་བུམ་པ་འོ་མས་གང་བ་ལྟ་བུར་གྱུར་པར་མོས་ཤིག །མདོ་གཟུངས་ཚར་གཅིག་གམ་གསུམ་བརྗོད་ལ་ཁྲུས་བྱ། མཐར། ན་མཿཙཎྜ་བཛྲ་ཀྲོ་ཏ་ཡ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཚིནྡྷ་ཚིནྡྷ་མ་ཧཱ་ཀཱི་ལི་ཀཱི་ལཱ་སྭཱ་ཧཱ། བྷནྡྷ་བྷནྡྷ་ཀྲོ་ཏ་ཀཱི་ལི་ཀཱི་ལཱ་ཡ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ། ཏྲཱ་ས་ཡ་ཏྲ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བྱཱ་དྷི། སརྦ་བིག་ནན། སརྦ་གྲ་ཧེ། སརྦ་དུར་སྭ་སྣ། སརྦ་དུར་ནི་མིཏྟེ། སརྦ་ཨཱ་ཀཱ་ལ་མྲྀ་ཏྱུ༴ སརྦ་ཛྭ་རཾ༴ སརྦ་ཨ་པ་ན་ཡ་སྭཱ་ཧཱ། རཀྵ་ཀུ་རུ། ཨཱ་ཡུཿཔོ་ཏ་ནི། པུ་ཎྱེ་པོ་ཏ་ནི། པུཥྚིཾུ་རུ་ཡེ་སྭཱ་ཧཱ། ཞེས་དང་། སྡིག་པ་ཐམས་


LT31_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བྱད་བྱས་ནས༴ སོགས་ཕན་ཡོན་ཚང་བར་བརྗོད་ལ། དར་མི་གྲོང་འགོ་མི་མཐོང་བའི་ལོ་བདུད་ཕྱོགས་བསྐྱལ་ལོ། །གསུམ་པ་ནི། བྱབ་ཁྲུས་གཉིས་ཀྱིས་མ་དག་པའི་ལྷག་མ་བྲབ་ཅིང་བསྐྲད་པ་ལ་དམིགས་པ་འདི་བཞིན་ཏུ་མཛོད། ཁྱེད་རང་གི་རྣམ་སྨིན་གྱི་ཕུང་པོ་ཆར་སྤྲིན་རུལ་བ་ལྟར་འདུག་པ་ལ། ཡུངས་ཀར་འདི་ཉིད་ཁྲོ་ཆུང་གི་ཚོགས་སྐར་མདའ་འདྲ་བ་དེ་ལས་རྡོ་རྗེའི་ཆར་བར་མཚམས་མེད་པར་བབས་པས་ཤ་མང་ལ་སེར་བ་བབས་པའམ། ཐལ་བ་རླུང་གིས་གཏོར་བ་བཞིན་ཏུ་གྱུར་ནས། ལུས་ངག་ཡིད་གསུམ་གྱི་ནད་གདོན་ཐམས་ཅད་མཐའི་ལྕགས་རིའི་རྒྱབ་ཏུ་བསྐྲད་པར་མོས་ཤིག་གཟུངས་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱིས་བྲབས་ལ། ཁྲོ་བོ་བཅུའི་སྔགས། ན་མཿཙཎྜ་སོགས་བཤད་མ་ཐག་པའི་ལྷ་ལྔའི་སྔགས་ཤམ་དུ། སརྦ་བྱ་དྷི༴ སརྦ་བིག་ནན༴ སརྦ་གྲ་ཧེ༴ སརྦ་དུར་སྭ་སྣ༴ སརྦ་དུར་ནི་མིཏྟེ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ༴ སརྦ་ཛྭ་རཾ༴ སརྦ་ཨ་པ་ན་ཡ་སྭཱ་ཧཱ། རཀྵ་ཀུ་རུ། ཨཱ་ཡུཿཔོ་ཏ་ནི། པུཎྱེ་པོ་ཏ་ནི། པུཥྚི༚་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལྔའམ་བདུན་གང་འགྲུབ་བརྗོད་ལ་གདོན་བགེགས་རྣམས་ཚར་བཅད་པར་བསམ་སྟེ་གདན་ནག་ཕྱིར་དོར་རོ། །བྲབ་རྫས་ཡུངས་ཀར་ཡང་སྤོས་ཆབ་དང་སྦྱར་ལ་གཙང་སར་དོར་བར་བཤད་དོ། །བཞི་པ་ནི། བསྒྲུབ་བྱ་གདན་དཀར་པོའི་སྟེང་དུ་བཞག་ལ། འོ་དེ་ལྟར་ནད་གདོན་སྡིག་སྒྲིབ་རགས་པ་རྣམས་


LT31_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བྱབས། ཕྲ་བ་རྣམས་བཀྲུས། ལྷག་མ་བྲབ་ཅིང་བསྐྲད་ནས་དྲི་མ་མེད་པར་གྱུར་པ་ལ་ཕྱིན་ཆད་མི་འཇུག་པའི་སྲུང་བ་བགྱི་བ་ཡིན་ཏེ། དེའང་ཁྱེད་རང་སྔོན་ཆད་འཁོར་བའི་འདམ་ལ་བྱིང་བས་སྡུག་བསྔལ་གྱིས་གདུང་བ་ཡིན། ད་ནི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་ཕྱིན་ནས་མཐུ་སྟོབས་ཀྱི་མངའ་བདག་ཕྱག་ན་རྡོ་རྗེའི་སྐུར་ཉི་མ་སྤྲིན་གསེབ་ནས་བུད་པ་ལྟར་ལྷག་གིས་གྱུར་པ་ལ། རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བགོས་ཤིང་གནས་རྣམས་སུ་རྡོ་རྗེའི་མདུད་པས་བསྡམས་ཏེ་ཅིས་ཀྱང་མི་ཚུགས་པར་མོས་ཤིག །རྡོ་རྗེ་རྒྱ་གྲམ་སྤྱི་བོ་སོགས་གནས་རྣམས་སུ་རེག་ཅིང་། ལྷ་ལྔའི་སྔགས་ཤམ་དུ། །ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྲུང་བྱ་ལ་སྲུངས་ཤིག་རཀྵ་རཀྵ། ཞེས་ལན་བདུན་སོགས་བརྗོད། མཐར་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། དབང་མི་བྱེད་ན་བཀྲ་ཤིས་བརྗོད་ལ་མཐར་དབྱུང་ངོ། །ལྔ་པ་ནི། དེ་ལྟར་གཟུངས་ཀྱི་ཆོ་གས་མི་མཐུན་པའི་ཉེས་ཚོགས་ཞི་བར་བྱས་ནས། རྡོ་རྗེ་ཁྲོ་བོའི་བྱིན་རླབས་རྒྱུད་ལ་འཇུག་པའི་དབང་བསྐུར་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་མདོ་སྔགས་ཐུན་མོང་གི་སྡོམ་པ་བཟུང་བའི་བློས་འདིའི་རྗེས་ཟློས། ཕྱོགས་དུས་ཀུན་ན་བརྩེ་བར་བཞུགས་པ་


LT31_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡི༴ བླ་མ་དཀོན་མཆོག་མ་ལུས་དགོངས་སུ་གསོལ། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། བདག་གིས་སྦྱིན་སོགས་བགྱིས་པའི་དགེ་བའི་རྩ་བ་འདིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་ལན་གསུམ་ལད་མོ་བྱེད་དུ་གཞུག །དེ་ནས་རྣམ་བུམ་ཐོགས་ལ། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་བཞུགས་པའི་ཕྱག་ན་བུམ་པ་བདུད་རྩིས་གང་བ་བསྣམས་དབང་བསྐུར་བས་ལུས་ཕྱི་ནང་གི་སྡིག་སྒྲིབ་དག་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་། ནམ་མཁར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་ཤིས་བརྗོད་མཛད་པར་མོས་ཤིག །ཨོཾ་འབྲས་བུའི་རྡོ་རྗེ་སོགས་ཤིས་བརྗོད་སྔོན་ཏུ་འགྲོ་བས་བུམ་པ་མགོར་བཞག་ལ། ཧཱུྃ། རིན་ཆེ་བུམ་པ་ཁྲུས་ཀྱི་རྫིང་། ཁ་རྒྱན་དཔག་བསམ་ལྗོན་པའི་ཤིང་། །མགུལ་ཆིངས་ཆུ་དར་ཧ་ལོ་མཛེས། །གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད། །ལྔ་ཚན་ལྔ་ཡི་བཅུད་ཀྱིས་རྒྱས། །བཀྲ་ཤིས་བུམ་པས་དབང་བསྐུར་བས། ཁྲུས་མཆོག་དམ་པ་འདིར་སྩོལ་ཅིག །ན་མཿཙཎྜ་བཛྲ་ཀྲོ་ཏ་ཡ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩིའི་ཆུས་དབང་བསྐུར་བས་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོང་གྲུབ་པས་དབུ་བརྒྱན་


LT31_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ། བུམ་ཆུ་བླུད། དེ་ནས་གཏོར་དབང་ནི། བདག་གཞན་སེམས་ཅན་ཐམས་ཅད་གནས་སྐབས་ཉེ་བར་འཚེ་བའི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་གོ་འཕང་ལ་སྦྱོར་བའི་སླད་དུ་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་ཐོབ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །གཏོར་ཆེན་ལས་རྡོར་གྱིས་བཏེགས་ལ། གཏོར་སྣོད་འདི་ཉིད་རིན་པོ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། ཐར་པ་ཆེན་པོའི་གྲོང་ཁྱེར་ཡངས་ཤིང་རྒྱ་ཆེ་ལ་ཉམས་དགའ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཟླ་ཉི་མའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ་བསྐོར་ཚུར་དུ་འཛིན་ཅིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ། ཞབས་གཉིས་འདོར་ཐབས་སུ་ཉི་མའི་གདན་ལ་བརྫིས་པ། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ་རྡོ་རྗེ་ཕུར་བུ་སོགས་གཏུམ་པོ་རིགས་བཞི། །དེ་རྒྱབ་རྩིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་རྒྱལ་ཆེན་པོ་བཅུ། །གཙོ་འཁོར་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཉམས་དང་ཁྲོ་བོའི་ཆས་ཐམས་ཅད་རྫོགས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་གསལ་བའི། སྟེང་


LT31_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེའི་ཁྲོ་བོ་དང་ཁྲོ་མོ། །མཐའ་བསྐོར་དུ་རིག་པའི་ལྷ་མོ་བཀའ་ཉན་མངག་གཞུག་དང་བཅས་པས་བསྐོར་ཞིང་སྤྲིན་གཏིབས་པ་ལྟར་བཞུགས་པར་གསལ་ཐོབ་ཅིག །དེ་དག་ལ་མོས་གུས་བྱས་པས་ནམ་མཁའི་དབྱིངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་བརླབས། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས། ཁྲོ་མོ་རྣམས་ཀྱིས་གར་བྱེད། ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་དྲག་སྔགས་འབྲུག་ལྟར་སྒྲོགས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་དུ་གཅོད་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་ཏུ་བརླག་པར་སྒོམས་ཤིག །བྱས་ལ་མདོ་གཟུངས་ཀྱི་དབུ་ནས་བརྩམས། ཉེ་སྙིང་གི་བར་ཚར་གཅིག་བརྗོད་ཅིང་གཏོར་མ་མགོར་བཞག །དྲིལ་བུ་བསིལ་ཞིང་ཉེ་སྙིང་གི་སྐབས་འཐོར་ནས་བྲབས། ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཁྲོ་ཆུང་དང་རྡོ་རྗེའི་མཚོན་ཆར་གྲངས་མེད་པ་སི་ལི་ལི་བྱུང་ནས་ཁྱོད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་ནད་གདོན་རྐྱེན་བགེགས་བར་ཆད་ཐམས་ཅད་སངས་སངས་དག་པར་སྒོམས་ཤིག །མདོ་གཟུངས་འཐོར་ནས་སོགས་སྔ་མ་ལྟར་འགྲེ། ཡང་ལྷ་ཚོགས་ཐམས་


LT31_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྐྱེན་བགེགས་བེ་ཐེལ་རྒྱལ་འགོང་ཀླུ་གཉེན་ས་བདག་བྱད་མ་གནོད་བྱེད་ལ་སོགས་པ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་ཏུ་ནག་ཆོམ་ཆོམ་བསྲེགས་པར་སྒོམས་ཤིག །གཟུངས་སོགས་གོང་ལྟར། ཡང་ལྷ་ཚོགས་དེ་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་སིབ་སིབ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་ཆད་ཐམས་ཅད་ཉི་མས་གྲིབ་སོ་དེད་པ་བཞིན་དུ་ནག་ནུར་གྱིས་དེད་འོག་སྒོ་དང་སེན་ཕྲག་རྣམས་སུ་བུད་ནས་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་སོང་བས། ལུས་ཕྱི་ནང་མེད་པ་ཡེ་ཤེས་བདུད་རྩིས་དཀར་ལྟེམས་ཀྱིས་གང་བར་སྒོམས་ཤིག །གཟུངས་སོགས་གོང་མཚུངས་གྲུབ་རྗེས། ཨརྒྷཾ་སོགས་ཀྱིས་མཆོད། ཤློ་ཀ་གཅིག་ཙམ་གྱིས་བསྟོད། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་ལྟེམས་ཀྱིས་སོར་བ་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་ནས་ཁྱོད་རང་རྣམས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་རྒྱ་གྲམ་དང་སྡིགས་མཛུབ་ཅན་


LT31_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གྱུར་པའི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་ནས་འབྲས་ཙམ་གྱིས་གང་བར་མོས་ཤིག །ཅེས་བྱས་ལ་གཏོར་མ་དྲི་བཟང་གི་ཆུས་བཤལ་བ་སྦྱིན་ནོ། །འདི་ཉིད་འདོན་མཁན་ཡིན་ན་བཟླས་ལུང་དབང་ཆོག་ལྟར་སྐབས་འདིར་སྦྱིན། །དཀྱུས་ལ་མི་དགོས། དེ་ནས་གོ་བགོ་བ་ནི། མདུན་བསྐྱེད་སྐུའི་འོད་ཟེར་ལས་བྱུང་བའི་ཕྱག་རྒྱ་བཞིའི་གོ་ཆས་ཁྱེད་རང་རྣམས་ལ་ཞུ་ལུབས་སུ་གཡོགས་པས་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་མོས་པ་མཛོད་ཅིག །ཕྱག་རྒྱ་ལྔའི་ཙ་ཀླིའམ་རྡོ་རྗེ་མགོར་བཞག་ལ། ཧཱུྃ། ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་གོ་ཆ་བླ་ན་མེད། །རྡོ་རྗེའི་གོ་ཆས་བསྲུང་དུ་གསོལ། ཨོཾ། ཅིས་ཀྱང་མི་ཆོད་མི་ཤིགས་པ། །འཁོར་ལོའི་གོ་ཆ། །འཁོར་ལོའི་གོ་ཆས། ཧྲཱྃ། ཅིས་ཀྱང་༴ །རིན་ཆེན༴ །རིན་ཆེན་གོ་ཆས༴ ཧྲཱིཿ ཅིས་ཀྱང་༴ པདྨའི་གོ་ཆ༴ པདྨའི་གོ་ཆས༴ ཧཱ། ཅིས་ཀྱང་༴ །རྒྱ་གྲམ་གོ་ཆ༴ རྒྱ་གྲམ་གོ་ཆས་བསྲུང་དུ་གསོལ། ཅེས་དང་། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་ཤིས་བརྗོད་རྒྱས་པར་


LT31_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཞིང་དབང་གི་རྗེས་སྤྱི་དང་མཐུན་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན། མཆོད་པ། བསྟོད་པ། བསྔོ་སྨོན། བཟོད་གསོལ། གཤེགས་བསྡུ། བཀྲ་ཤིས། རྒྱས་གདབ་བོ། །དང་པོ་ནི། མཆོད་པ་གསར་དུ་བརྗེ་བའམ། ཁ་གསོལ་བྱིན་གྱིས་བརླབས་ཏེ་ཚིགས་བཅད་དང་བཅས་རྒྱས་པར་མཆོད། གཉིས་པ་ནི། བདག་མདུན་གང་རུང་ལྟར་གཙོ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་བྱ། །གསུམ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། ལྟ་བུ་ཐེག་པ་ཆེན་པོའི་བསྔོ་སྨོན་གང་འགྲུབ་བྱ། །བཞི་པ་ནི། དྲིལ་བུ་བསིལ་ཞིང་ཡིག་བརྒྱ་ལན་གསུམ་བརྗོད་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། དེ་ཀུན་མགོན་པོས་བཟོད་པར་གསོལ། ཅེས་དང་། མ་རྙེད་ཡོངས་སུ་སོགས་ཤློ་ཀ་བརྗོད་ཅིང་ནོངས་པ་བཤགས། ལྔ་པ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ནས། ཨོཾ་བཛྲ་མུཿས་བུམ་མདུན་གྱི་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། ཧཱུྃ་ཞེས་བརྗོད་པས་དམ་ཚིག་པ་རྣམས་བདག་ལ་ཐིམ་པར་མོས་ལ། བདག་བསྐྱེད་བསྡུ་ཞིང་གནས་སྲུང་བའི་ཚུལ་གོང་དུ་བསྙེན་པའི་འཕྲོས་དོན་སྐབས་བཤད་པ་ལྟར་བྱའོ། །དྲུག་པ་ནི། དྲིལ་གསིལ་མེ་ཏོག་འཐོར་བ་དང་བཅས་ཏེ། ཨོཾ། འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་ཐེག་པའི་རྡོ་རྗེ་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་


LT31_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྟོང་གི་རྡོ་རྗེའི་གསུང་འཛིན་ཅིང་། །རྡོ་རྗེའི་ལུས་ཅན་ལག་ན་རྡོ་རྗེ་འཛིན། །རྡོ་རྗེའི་གསུང་གིས་རྡོ་རྗེའི་ཧཱུྃ་སྒྲ་སྒྲོག །རྡོ་རྗེ་རྣམ་པར་འཇོམས་པའི༴ ཉེན་པོ་རྡོ་རྗེས་མི་དགེ་བཅུ་པོ་འཇོམས། །སྟོབས་བཅུ་རྡོ་རྗེས་འཇིག་རྟེན་སྐྱོང་བཅུ་གནོན། །ཕ་རོལ་ཕྱིན་བཅུའི་རྡོ་རྗེ་མཐར་ཕྱིན་པ། །རྡོ་རྗེ་ཁྲོ་རྒྱལ་བཅུ་ཡི། །རྡོ་རྗེའི་རིགས་ཅན་ཚངས་དབང་རྒྱལ་ཆེན་དང་། །རྡོ་རྗེའི་བཀའ་ཉན་ཕྱོགས་སྐྱོང་ལྷ་ཀླུ་དང་། །རྡོ་རྗེའི་ཕོ་ཉ་གཟའ་དང་རྒྱུ་སྐར་ཚོགས། །རྡོ་རྗེའི་རིགས་ཀྱི་སྲུང་མའི། །རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལ། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་སྟེ། །རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་ཏིང་འཛིན་སྤྲོས། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་འདུལ། །ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། སྨོན་ལམ་རྡོ་རྗེ་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་བཛྲ་པཱ་ི་ཀཱ་ཡ་ཝཱཀྐ་ཙིཏྟ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བརྗོད་ལ་རོལ་མོ་རྒྱ་ཆེར་བྱའོ། །བདུན་པ་ནི། ཚོམ་བུ་གཏོར་མཆོད་སོགས་བསྡུ་ཞིང་ལས་ཀྱི་རྗེ་སེར་བྱ། འཁོར་གསུམ་ཡོངས་སུ་དག་པའི་ལྟ་བས་རྒྱས་གདབ། མཆོད་པའི་


LT31_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རས་མ་ལོངས་སུ་མི་སྤྱད་པར་གཙང་སར་འདོར་བར་བྱའོ། །གཙང་བྱེད་གངྒཱའི་ཀླུང་དང་ཞུགས་ཀྱི་ཕྲེང་། གཡོ་བའི་རླུང་གིས་མི་སྒྲུན་ལུས་ཅན་གྱི། །ཕྱི་ནང་ཉེས་པའི་དྲི་མ་ལྷན་ཅིག་ཏུ། །མྱོང་བའི་གསང་བ་ཟབ་མོ་རྨད་དུ་བྱུང་། །གོང་མའི་གསུང་ལ་གཟུ་ལུམ་རས་ཆོད་ཀྱི། །།།་ཚོད་རྒྱགས་མིན་ལུགས་འདི་འཕེལ་བའི་བློ། །དཀར་པོ་བསྒྲུབས་འབྲས་སྐྱེ་དགུ་ཀུན་གྱི་གསོས། །མི་འཛད་ལྷ་ཆུའི་རྒྱུན་བཞི་འབབས་པར་ཤོག །ཅེས་པ་འདིའང་རྒྱ་སྡོམ་སྟོན་པ་སེང་གེའི་གསུང་ཉིད་གཞིར་བྱས་པ་ལ། ཡིག་ཆ་རྙིང་པའི་དགོངས་པ་གུང་བསྡེབས་ཏེ་རང་ལུགས་ལ་སྤྱི་འགྲེའི་རིགས་པས་མ་བསླད་པར་འདུས་གསལ་ཁྱེར་བདེའི་ཚུལ་དུ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་རྡོ་རྗེ་ཐུགས་ཀྱི་མཁར་དུ་སྦྱར་བ་དགེ་ལེགས་འཕེལ།། །། །།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ།


LT31_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་ཞེས་བྱ་བ་བཞུགས་སོ།། །།


LT31_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་གུ་རུ་བུདྡྷཱ་ཡ། །རྡོ་རྗེའི་དབྱིངས་ལས་ཁྲོས་པའི་རྡོ་རྗེའི་སྐུ། །དབང་སྔོན་མདོག་ཅན་དབང་དང་དངོས་གྲུབ་མཛོད། །རྡོ་རྗེའི་སྟོབས་ཀྱིས་བྱང་ཆུབ་སྒྲུབ་པའི་གེགས། །རྣམ་པར་འཇོམས་མཛད་དེ་ལ་ཕྱག་བྱས་ནས། །ས་གསུམ་ལ་གནས་གནུབས་ཆེན་བཀའ་ཡི་སྲོལ། །བྱིན་རླབས་ཆུ་རྒྱུན་མ་ཆད་བདག་བློ་ཡི། །བུམ་པར་བསྐྱིལ་གང་བསྟན་ཕྱིར་ཡིད་གདུང་བའི། །དམ་པ་རྣམས་ལ་དགྱེས་པའི་ཞལ་བསིལ་སྤྲོ། །སློབ་དཔོན་དབང་རྫོགས་ཤིང་ལུང་བསྟན་སོགས་མཚན་མ་ཐོབ་པའམ། ལྷའི་རྣལ་འབྱོར་རྫོགས་ཤིང་གཞན་ལ་ཕན་འདོད་ཀྱི་བསམ་པ་གཡོ་མེད་པས། དད་གུས་སྙིང་སྟོབས་དང་ལྡན་པའི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་ལ་སྤྱི་དོན་གསུམ། །དམིགས་རྟེན་གཟུགས་བརྙན་མཚན་མའི་དཀྱིལ་འཁོར་འདུ་བྱ་བ། །ཏིང་འཛིན་དམིགས་པའི་དཀྱིལ་འཁོར་སྒྲུབ་ཅིང་བདག་ཉིད་འཇུག་པ། དཀྱིལ་འཁོར་གཉིས་ཀ་ལ་བརྟེན་ནས་སློབ་མ་རྗེས་སུ་བཟུང་བའོ། །དང་པོ་ལ་གསུམ། སའི་ཆོ་ག་སྟ་གོན་གྱི་རིམ་པ། དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བའོ། །དང་པོ་ནི། ཁྲུས་དང་འབྱུང་གཏོར་ནས་བརྩམས་བདག་བསྐྱེད་


LT31_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་མཆོད་བསྟོད་བར་གྲུབ་པ་དང་། །དཀར་གཏོར་གཙང་མ་ལ་ཆབ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམས་ལ། ཨ་ཀཱ་རོ་བརྗོད་པས་བརླབ། བྷཱུ་མི་པ་ཏི་ས་པཱ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས༴ །ག་ག་ན་ཁཾ་བ་ལི༚་ཏ་སྭཱ་ཧཱས་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་ཏུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གཏོར་མ་ཕུལ་བས་གནང་བ་བྱིན་པར་བསམ། ནག་ཕྱོགས་རྣམས་གོང་གི་ལས་སྔགས་བརྗོད་ཅིང་གུ་གུལ་དུད་བ་སོགས་ཀྱིས་བསྐྲད། ཆོས་ཉིད་རྣམ་དག་སྔགས་བརྗོད་ལ་ས་གཞི་སྟོང་ཉིད་དུ་མོས། །གཟུངས་ཐུང་བརྗོད་ཅིང་དྲི་ཆབ་འཐོར་བས་ས་གཞིའི་ཉེས་སྐྱོན་དག་པར་མོས་པ་ནི་ས་ཚོག་མདོར་བསྡུས་པའོ། །གཉིས་པ་ལ་གསུམ། ལྷ་བུམ་པ། སློབ་མ་སྟ་གོན་ནོ། །


LT31_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་དྲི་བཟང་པོས་ཆགས་ཆགས་གདབ་པར་དྲིའི་ཐིག་ལེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། །མཆོད་པ་རྣམས་བསང་སྦྱང་བྱིན་རླབས་གཟུངས་ཆོག་ལྟར་བྱ། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས། སྲུང་འཁོར་གྱི་ནང་འབྱུང་བཞི་རི་རབ་དང་བཅས་རིམ་པར་བརྩེགས་པའི་སྟེང་དུ། །འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག །དེ་རྒྱབ་རྩིབས་བཅུ་མཐིང་ནག །འཁོར་ལོའི་ལྟེ་བར་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་གདན་ལ་ན་མཿཙཎྜ་སོགས་བརྗོད། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་སོགས་གཟུངས་ཆོག་བདག་བསྐྱེད་སྐབས་ལྟར་ལ། བསྡུ་ན་གནས་བདུན་དང་ལྕེ་ལག་བྱིན་རླབས་མི་དགོས། །གཞན་བསྟོད་པ་ཡན་ཚང་བར་བཏང་ངོ་། །གཉིས་པ་ནི། བུམ་པ་གཉིས་གཟུངས་ཆོག་ལྟར་སྔགས་དང་བཅས་ཆས་སུ་བཅུག་ལ། དེ་ལས་འབྱུང་བ་ལྟར་རྣམ་བུམ་བསང་སྦྱང་ནས། ལས་བུམ་སྒྲུབ་པ་རྫོགས་ཀྱི་བར་མཐར་ཆགས་སུ་བཏང་བ་ལས། གཟུངས་བཟླས་སྐབས་བསྒྲུབ་བྱ་བསྐྱེད་པ་དང་ཡུངས་ཀར་དོར་བ་རྣམས་མི་དགོས་ལ་དཀྱིལ་འཁོར་ཡོལ་པས་བསྒྲིབས་ཏེ་བཞག་གོ། །གསུམ་པ་སློབ་མ་སྟ་གོན་གྱི་ཐོག་མར་སྔོན་གྱི་ཕྱག་ལེན་ཏུ། གྲིབ་སེལ་གྱི་ཆོ་ག་རྒྱས་པ་མཆོད་རྟེན་ལ་བརྟེན་པ་དང་། བསྡུས་པ་ཆང་བུའི་གླུད་བསྔོ་ཙམ་མཛད་པར་སྣང་བ་དང་པོ་སྤྲོ་ན་གཞན་ཏུ་ཤེས། གཉིས་པ་ཁྲོ་དཀར་དུ་བཤད་པ་ལྟར་ཡིན་ཀྱང་ཕྱིས་ནས་བྱབ་ཁྲུས་རེ་མཛད་པའི་ཁོངས་སུ་དེ་དག་འཐུས་པར


LT31_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས། དེ་ལྟར་བྱེད་ན། བུམ་ཆོག་གྲུབ་མ་ཐག་པར་ལྷ་ཁྲུས་གསོལ་བའི་ཆུ་ལས་བུམ་དུ་བླུགས་ཤིང་། རྣམ་བུམ་ནས་བསྲེ། སློབ་མ་རྣམས་འཚོགས་ལ། བྱབ་པ་དང་། བགྲུབ་དང་། བྲབས་པ་དང་། སྲུང་བ་བཅས་བྱས་ལ་ཤིས་བརྗོད་མདོར་བསྡུས་བྱའོ། །ལོངས་ཁྱབ་དབེན་པའམ་མི་སྤྲོ་ན། ཕྱི་རོལ་དུ་གཟུངས་སྔགས་བརྗོད་བཞིན་ཏུ་ལས་ཀྱི་བུམ་པའི་ཆུས་ཁྲུས་བྱས་པས་ཀྱང་དེའི་དོན་ཚང་ཞིང་ཆད་པའི་སྐྱོན་ཏུ་མི་འགྱུར་རོ། །སྟ་གོན་དངོས་ལ། །སྡོམ་ནི། མཚམས་སྦྱར་གསོལ་གདབ་གནང་བ་སྦྱིན། །སྲོག་བསྡུ་སྣོད་རུང་གནས་བྱིན་རླབས། །སོ་ཤིང་སྐྱོར་ཆུ་སྲུང་སྐུད་དང་། སྐུ་ཤ་སྦྱིན་ཅིང་ཆོས་བཤད་དོ། །ཞེས་ཆོས་བཅུ་གཅིག་ཡོད་པ་ལས། དང་པོ་ནི། སློབ་དཔོན་གྱིས་ནམ་མཁའི་མཐའ་དང་མཉམ་པའི་མ་གྱུར་འགྲོ་བ་ཐམས་ཅད་ཀྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་ཞུགས་ལ་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པས་གསན་འཚལ། དེ་ལ་གསན་བྱ་ཆོས་ཀྱི་རྣམ་གྲངས་བསམ་མི་ཁྱབ་པ་ཞིག་ཡོད་པ་ལས་སྐབས་འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིའམ་དྲུག་ཏུ་གྲགས་པའི་ཐོག་མ་སྔགས་རྒྱུད་རྣམས་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་


LT31_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏོགས་པ་ཡིན། །ཐེག་པ་རིམ་དགུར་གྲགས་པ་ལ་དཀའ་ཐུབ་རིག་བྱེད་ཐེག་པ་གསུམ་གྱི་ནང་ཚན་ཀྲི་ཡ་སྟེ། དེ་ལའང་འཇིག་རྟེན་ལས་འདས་པའི་རིགས་གསུམ། འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་ཏུ་བཤད་པའི་ཐོག་མ་འདས་པའི་རིགས་གསུམ་ལས་རྡོ་རྗེའི་རིགས་དེ་ལའང་རིགས་ཀྱི་གཙོ་བོ་སོགས་ནང་གསེས་བརྒྱད་དུ་དབྱེར་ཡོད་པ་ལས་རིགས་ཀྱི་ཁྲོ་བོའི་སྔགས་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན། དེའང་སྔོན་རྒྱལ་བ་འཇིག་རྟེན་ཏུ་བཞུགས་པའི་ཚེ་རྒྱལ་པོ་ལོག་པའི་སྙིང་པོ་ཅན་ཅེས་བྱ་བ་ལ་ཚེ་རབས་སྔ་མའི་ལས་ངན་གྱི་རྣམ་པར་སྨིན་པས་རྒྱུ་བྱས། གདོན་གྱི་རྒྱལ་པོ་ཕུར་བུ་རྐང་གཅིག་གིས་ཟིན་པས་རྐྱེན་བྱས་ནས་བྲོ་ནད་ཚབས་པོ་ཆེས་བཏབ་སྟེ། བྲམ་ཟེ་རྣམས་ལ་ཕན་པའི་ཐབས་དྲིས་པས་ལོག་པའི་ལུང་བསྟན་པ་ལས་ཕན་པའི་ཐབས་མ་རྙེད་པ་ན། རྒྱལ་པོ་ཆེན་པོ་སྡེ་བཞི་ཟུག་རྔུས་གཟིར་བའི་སེམས་ཅན་ལ་སྙིང་རྗེ་སྐྱེས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་བཀའ་སྩལ་བ་སྐལ་བ་དང་ལྡན་པ་དུ་མས་བཟུང་ཞིང་བཀླགས་པ། །དེ་ལས་བྲམ་ཟེའི་ཁྱེའུ་རིག་འཛིན་པ་ཞེས་བྱ་བས་རྒྱལ་པོ་ལོག་པའི་སྙིང་པོའི་རྣ་བར་གཟུངས་བསྒྲག་པ་ཙམ་གྱིས་ན་ཚ་ཕལ་ཆེར་སངས། དེ་ལ་རྒྱུ་མཚན་དྲིས་ཤིང་


LT31_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ལུང་བསྟན་པ་ལྟར་སློབ་དཔོན་དཔལ་གྱི་སེང་གེ་བྱ་བ་སྤྱན་དྲངས་ཏེ་གཟུངས་ཀྱི་ཆོ་གས་ཁྲུས་མཛད་ཅིང་དཀྱིལ་འཁོར་དུ་ཞུགས་པས་རྒྱལ་པོ་ཡུལ་ཁམས་དང་བཅས་པ་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། བོད་དུ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒོམ་པོའི་དུས་སུ་ཐོན་མི་སཾ་བྷོ་ཊས་བསྒྱུར་བར་གྲགས་པས་བོད་ཆོས་ཀྱི་སྔ་ཤོས་ཡིན་ལ། ཕྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཆོས་བསྒྱུར་བའི་ཐོག་མར་ཡང་རྒྱལ་པོའི་ཐུགས་དམ་མདོ་ལྔར་བསྒྱུར་བར་གྲགས་པའི་ཡ་གྱལ་གཅིག་འདི་ཉིད་ཡིན་པ་དང་། དཔལ་བསམ་ཡས་བདུད་འདུལ་སྔགས་པ་གླིང་དུ་སྔགས་འཆང་དྷརྨ་ཀི་རྟིས་འདི་ཉིད་ཀྱི་དཀྱིལ་འཁོར་བཞེངས་ནས་ཆོས་རྒྱལ་ཆེན་པོ་ལ་དབང་བསྐུར་ཅིང་སྒྲུབ་ཐབས་བཤད་པར་གྲགས་པས་བོད་དུ་དབང་བསྐུར་བྱུང་བའི་ཐོག་མའང་དེ་ཡིན་པས། སྐྱེ་བོ་ཐམས་ཅད་ཀྱིས་གཟུངས་མདོ་འདོན་པ་སོགས་ངར་རྒྱས་ཆེ་ཞིང་ད་ལྟའི་བར་མ་ནུབ་པར་གནས་པས་གསར་རྙིང་གི་བཀའ་སྲོལ་ཡང་ཇི་སྙེད་ཅིག་བྱུང་བ་ལས། སྐབས་སུ་བབས་པ་འདི་ནི། ས་གསུམ་པ་འོད་བྱེད་པ་ལ་གནས་ཤིང་ཆུ་བོ་བཞིའི་བཀའ་བབས་ཀྱི་ཤིང་རྟ་ཆེན་པོ། །གནུབས་ཀྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཁ་ཆེ་ཛྙཱ་ན་བཛྲ་ལས་


LT31_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཅིང་། སྐུའི་སྲས་ཡོན་ཏན་རྒྱ་མཚོ་དང་། ཟུར་ཤཱཀ་འབྱུང་སོགས་ལས་རིམ་པར་བརྒྱུད། རྒྱལ་བ་ཀཿཐོག་པ་དམ་གཙང་བྱམས་གསུམ་ལ་བཀའ་བབས་ཤིང་ད་ལྟའི་བར་དུ་བརྒྱུད་སྲོལ་ཟམ་མ་ཆད་པར་བྱོན་པ་སྔ་འགྱུར་བཀའ་མའི་ཆོས་སྡེར་གཏོགས་པ་སྟེ། ངོ་བོ་བྱ་རྒྱུད་རྡོ་རྗེའི་རིགས་ལ་ཆོ་གའི་ཡན་ལག་འགའ་ཞིག་རྣལ་འབྱོར་རྒྱུད་སོགས་དང་མཐུན་པར་སྦྱོར་བའི་ལུགས་དེ་ཡིན། །འདི་དང་ལྷ་སྔགས་སོགས་རྣམ་ལ་མཚུངས་པ་ཕྱི་འགྱུར་མ་ི་བཛྲའི་བཀའ་སྲོལ་སོགས་ཀྱང་ཡོངས་སུ་གྲགས་པས་ན། ཟབ་ཅིང་ཁུངས་བཙུན་པའི་དབང་བསྒྲུབ་པར་བགྱི་བ་ལ། སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བའི་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་སམ། སྤྲོ་ན་སྐབས་འདིར་དྲང་དོན་རྒྱུ་འབྲས་ཀྱི་ཆོས་བཤད་ཀྱིས་མཚམས་སྦྱར་ལ། འདི་ཉིད་དབང་བསྐུར་དངོས་གཞིའི་འཆད་དོ། །གང་ལྟར་མཎྜལ་འབུལ་ཟིན་ནས། གཉིས་པ་ནི། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །


LT31_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་གདབ། །གསུམ་པ་ནི། སློབ་དཔོན་གྱིས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །ཞེས་བརྗོད། བཞི་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ཡིན་པས་གཞན་ཏུ་མ་ཡེངས་པར་ཡིད་དང་དབང་པོ་རྩེ་གཅིག་ཏུ་གཏོང་ལ་དད་གུས་སྤྲོ་བའི་བསམ་པ་བཟང་པོ་དང་ལྡན་པར་བྱ་དགོས་སོ། །ལྔ་པ་ནི། དེ་ལ་ཐོག་མར་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བསགས་སྦྱོང་སྤེལ་ཞིང་རྒྱུད་སྡོམ་པ་དང་ལྡན་པ་གལ་ཆེ་བས་བཞི་རྣམ་པར་དག་པ་བྱ་བའི་དང་པོ་རྒྱུད་དག་པར་བྱ་བའི་ཡན་ལག་ནི། ཁྱེད་རང་རྣམས་ཀྱིས་སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དང་བཅས་པས་བཤགས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པར་དམ་ཆོས་


LT31_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདིའི་རྗེས་ཟློས། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །ལན་གསུམ། གཉིས་པ་དགེ་བའི་རྩ་བ་ཆུང་ངུ་ལ་ཆེན་པོར་སྤེལ་བའི་ཡན་ལག་ནི། འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དབུལ་པོས་ནོར་བུ་རྙེད་པ་ལྟ་བུའི་སྤྲོ་དགའ་དུང་དེ་བ་བསྐྱེད་ལ་འདིའི་རྗེས་ཟློས། །བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ལན་གསུམ། གསུམ་པ་རྟེན་ཐོབ་པའི་ཡན་ལག་ནི། དཀོན་མཆོག་གསུམ་ལ་སྙིང་ཁུང་རུས་པའི་གདིང་ནས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཐུགས་རྗེ་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚུལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་


LT31_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ཆེ་ལྡན་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲེད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། ལན་གསུམ། བཞི་པ་བྱང་ཆུབ་ཏུ་ངེས་པའི་ཡན་ལག་ནི། །སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱིས་ལ་འགོད་པར་འདོད་པའི་སྨོན་པ་དང་། །དེའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་གཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་པ་སྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་དག་གིས་


LT31_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། ལན་གསུམ། དྲུག་པ་ནི། དེ་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་ལ། །ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་ཁོ་བོ་རྣམ་པར་འཇོམས་པ་མཐིང་ནག་རྒྱ་གྲམ་བསྐོར་ཞིང་སྡིགས་མཛུབ་སྒྲེང་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། །མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། །སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གསལ་ཐོབ་ཅིག །དྲི་བཟང་གི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ་བརྗོད། ཕྱག་མཚན་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས། །རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་བསྐུལ། ཆར་བབས་པ་ལྟར་བྱོན་ནས་ཁྱོད་རང་གི་གནས་གསུམ་དུ་ཐིམ། དེ་ལྟར་བྱིན་གྱིས་བརླབས་པ་ལ་མེ་ཏོག་ལ་སོགས་པས་མཆོད་པའི་མོས་པ་གྱིས་ཤིག །ཉེར་སྤྱོད་རྣམས་སོ་སོར་འབུལ་བའི་ཚུལ་བྱས་ལ། ཨོཾབཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནེ་བི་དྱ། ཞེས་སྦྱར་ལ་མཆོད་དོ། །བདུན་པ་ནི། ཐོག་མར་རྫས་བཞི་ཀ་ཆབ་གཅིག་ཏུ་དམིགས་ཏེ། བསང་སྦྱང་། སྟོང་པའི་ངང་ལས། ཨོཾ་དཀར་པོ་རྣམས་ཡོངས་སུ་གྱུར་པ་ལས་སོ་ཤིང་ལ་སོགས་རྫས་བཞིའི་རྣམ་པར་གྱུར་ནས་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། བརྗོད་ལ་བྱིན་བརླབས། དེ་ནས་སོ་ཤིང་དང་མཎྜལ་ཚོམ་བུ་འདུ་བྱས་ལ། སྔོན་ཚེ་


LT31_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་བཞད་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པའི་དུས་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་རྣམས་ཀྱིས་ཚེ་སྔ་མའི་མཁན་པོ་དང་སློབ་དཔོན་དང་ཕ་མའི་སྐྱེ་བ་རྣམས་ཀྱི་ཤ་ཟོས་པའི་རྣམ་སྨིན་ཆེ་བར་གཟིགས་ནས་དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་ངའི་མིང་དང་སྔགས་ཀྱིས་སོ་ཤིང་བསྔགས་ཏེ་སོའི་རྩ་བ་བྲུས་པས་ཤ་ཟོས་པའི་རྣམ་སྨིན་ཐམས་ཅད་དག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་ཆོས་འབྱུང་གི་ཕྱག་རྒྱས་སོའི་རྩ་བ་བྲུ་བའི་ཚུལ་དང་ལྷན་ཅིག་འཁོར་བ་ཐོག་མེད་ནས་ཤ་ཟོས་པ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་བྱང་བའི་མོས་པས་ཚོམ་བུའི་དཀྱིལ་འཁོར་དུ་དོར་ཞིག །བཞད་པ་རྡོ་རྗེ་དགྱེས་པ་ཡི། །ཚེམས་ཤིག་དམ་ཚིག་མནོས་པ་ཡིས། །བསྐལ་པ་གྲངས་མེད་འཁོར་བའི་དུས། །ཕྱིན་ཅི་ལོག་བཞིས་དབང་བསྒྱུར་བས། །དགེ་བཤེས་ཕ་མ་གཉེན་འདུན་གྱི། །ལས་ཀྱིས་འཁོར་བའི་ཤ་ཟོས་པ། །སྐད་ཅིག་ཡུད་ལ་བྱང་བར་ཤོག །ཨོཾ་བཛྲ་ཧཱ་ས་ཏྲཱྃ། ཞེས་འདོར་དུ་གཞུག་ལ། དེ་ལས་དངོས་གྲུབ་ལྟས་བརྟག་པ་ནི། །རྩེ་མོ་སྟེང་དང་རང་ལ་བསྟན་ལ་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ལས་བཞི། །


LT31_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོ་ཐུན་མོངས། མཚམས་གཞན་ཏུ་འཇིག་རྟེན་པའི་དངོས་གྲུབ། བརྒྱ་ལ་ཐུར་དུ་བསྟན་ནས་འོག་སྤྱོད་པའི་དངོས་གྲུབ་འགྲུབ་པར་གསུངས་སོ། །བརྒྱད་པ་ནི་དུང་ཞལ་དུ་དྲི་ཆབ་རྣམ་བུམ་གྱི་ཆུ་བསྲེས་པ་ཐོགས་ལ། སྔོན་གྱི་ཚེ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་མཛད་པའི་ཚེ་མངོན་པར་ཤེས་པས་གཟིགས་ནས། །སེམས་ཅན་རྣམས་ཀྱིས་ངག་ལ་བརྟེན་ནས་མི་དགེ་བ་སྣ་ཚོགས་བསགས་པའི་རྣམ་སྨིན་ཤིན་ཏུ་ཆེ་བར་གཟིགས་ནས། །དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གི་ང་ཡི་མིང་དང་སྔགས་ཀྱིས་དྲི་བཟང་གི་ཆུ་ལ་བཏབ་ཏེ་ཁ་བཤལ་བས་ངག་གི་ཉེས་སྐྱོན་བག་ཆགས་ཐམས་ཅད་དག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས་དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་ལག་པ་གཡས་ཀྱིས་ཁྱོར་ཆུ་ལན་གསུམ་འཐུང་ཞིང་ཁ་བཤལ་བས་དག་གི་ཉེས་པ་གཙོ་བོར་གྱུར་པའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ཤིག །རྡོ་རྗེ་རྣོན་པོ་ཐོགས་མེད་ཀྱི། །དག་བྱེད་དམ་ཚིག་མནོས་པ་ཡིས། །ལུས་ངག་ཡིད་ལས་བྱུང་བ་ཡི། །བག་ཆགས་མ་ལུས་དག་པར་ཤོག །ཨོཾ་བཛྲ་ཏཱིཀྵྞྞི་ཧྲཱིཿབི་ཤུདྡྷེ་སརྦ་པཱ་པཾ་ཀཱ་ཝཱ་་ཙི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་སྦྱིན་ནོ། །དགུ་པ་ནི། སྲུང་སྐུད་དཀར་དམར་གང་རུང་རྡོ་རྗེའི་མདུད་


LT31_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ལྡན་རྩ་སྔགས་ཀྱིས་བཏབ་པ་ཐོགས་ལ། སྔོན་གྱི་ཚེ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་སྲུང་བཞེས་བྱ་བ་བྱང་ཆུབ་ཀྱི་ལམ་ལ་གནས་པའི་དུས་སུ་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་གྱི་ལུས་ལ་བར་ཆད་བསམ་གྱིས་མི་ཁྱབ་པ་དང་བཅས་ནས་སྡུག་བསྔལ་བ་གཟིགས་པ་དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་སྲུང་སྐུད་ཚད་དང་ལྡན་པ་ལ་བདག་གི་མིང་དང་སྔགས་ཀྱིས་བཏབ་སྟེ། མགུལ་ལམ་དཔུང་བར་བཏགས་ན་བར་ཆད་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་སྲུང་སྐུད་འདི་པོའི་དཔུང་པ་གཡོན་དང་མོའི་གཡས་སུ་འཆིང་བ་ཙམ་གྱིས་ལུས་རྡོ་རྗེའི་གོ་ཁྲབ་སྤུངས་ཀྱིས་སོང་ནས་བར་ཆད་རྐྱེན་གེགས་ཐམས་ཅད་སྲུང་བར་མོས་ཤིག །སྲུང་བ་རྡོ་རྗེའི་གོ་ཆ་ཡི། སྲུང་སྐུད་དམ་ཚིག་མནོས་ནས་ནི། །བདུན་ནམ་ཉི་ཤུ་རྩ་གཅིག་གིས། །རབ་ཏུ་བསྔགས་ཏེ་མདུད་བོར་བས། །འཆི་བདག་བདུད་ལས་རྒྱལ་བར་ཤོག །ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་བཅིང་། ཨོཾ་བཛྲ་ས་ཏྭ་ཀྲོ་དྷཱ། ཞེས་རྡོ་རྗེས་རྒྱས་གདབ་བོ། །བཅུ་པ་ནི། ཀུ་ཤའི་ཆུན་པོ་མང་ཉུང་གཉིས་ཐོགས་ལ། སྔོན་གྱི་ཚེ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་ལེགས་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ལ་


LT31_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཚེ་སེམས་ཅན་རྣམས་གླེན་ཅིང་རྨོས་ཏེ་ལས་ལེགས་ཉེས་དང་དགེ་སྡིག་ངོ་མ་ཤེས་པ་ལ་ཐུགས་རྗེ་སྐྱེས་ཏེ། གང་གིས་ང་ཡི་མིང་དང་སྔགས་ཀྱིས་ཀུ་ཤ་ལ་བཏབ་ནས་སྔས་སྟན་བྱས་པས་དགེ་སྡིག་ལེགས་ཉེས་མཐོང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ། དྷཱིཿདང་ཧཱུྃ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཉུང་བསྔས་དང་ཆེ་བ་སྟན་གྱི་དོན་ཏུ་ཟུང་ལ། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཏེ་སེང་གེའི་ཉལ་སྟབས་ཀྱི་ཉལ་བའི་ཚེ་ལས་དང་སྐལ་པ་བཟང་ངན་རྨི་ལམ་དུ་མཐོང་བར་གྱུར་ཅིག་པའི་དམོད་བོར་ཅིག །རྡོ་རྗེ་ལེགས་པ་དགྱེས་པ་ཆེ། རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཀུ་ཤ་འདི་ནི་ཁྱོད་ཀྱིས་ལོངས། །དགེ་དང་མི་དགེའི་ཆོས་རྣམས་ཀུན། །རྨི་ལམ་དུ་ནི་གང་རྨིས་པ། །སད་ནི་བདག་ལ་བཤད་པར་བྱས། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་ལག་གཡས་གཡོན་ཏུ་གཏད། སྔོན་སྟོན་པ་སངས་རྒྱས་ཀྱི་ཚུལ་དང་མཐུན་པར་ཀུ་ཤའི་གདན་ལ་ཡིད་དང་བསྐྱེད་དེ། བར་ཆད་ཀྱིས་མི་ཚུགས་པའི་ཕྱིར་ལུས་ལྷར་དྲན་པ་དང་། །གཉིད་ཀྱི་མུན་བས་མི་འགྱུར་བའི་ཕྱིར་སྙིང་གར་ཟླ་བའི་དཀྱིལ་འཁོར་དྲན་པ་དང་། མ་འོངས་པའི་དངོས་པོ་ད་ལྟར་ཤེས་པའི་དོན་ཏུ་རང་སེམས་ཟླ་བའི་སྟེང་དུ་ལྷའི་ས་བོན་ཏུ་དྲན་པ་གསུམ་གྱིས་རྒྱས་ཐོབ་ལ། རྨི་ལམ་


LT31_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱུང་བདེན་མེད་སྒྱུ་མའི་རྣམ་པར་ཤེས་པར་གྱིས་ཤིག །ཅེས་བསྒོ། བཅུ་གཅིག་པ་ནི། དེ་ནས་ཕྱིར་མི་ལྡོག་པ་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི་འདི་ལ་སྙན་གཏོད་པར་ཞུ། འཇིག་རྟེན་ཏུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། དེ་བས་ཀྱང་ནི་དཀོན་པ་སྟེ། གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་བྱེད་པ་ཡིན། །དེ་དག་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ཡིན་པས་དགེ་རྩ་སེམས་ཅན་གྱི་དོན་ཏུ་བསྔོ་བར་ཞུ། ཞེས་བསྔོ་སྨོན་བརྗོད་ལ་སློབ་མ་རྣམས་ཀྱིིས་སོ། །དེ་ནས་སྟ་གོན་བྱས་པའི་དཀྱིལ་འཁོར་གྱི་ལྷ་ལ་སྙན་གསན་དབབ་པ་ནི། ཞུས་བཙུགས་སྟབས་ཀྱིས་རྡོར་དྲིལ་དང་སྤོས་ཐོགས་ལ། །རྣམ་པར་འཇོམས་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་གཅིག་པུར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་


LT31_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་དོན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །རྡོ་རྗེ་རྣམ་འཇོམས་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་རྣམས། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཞེས་སྙན་གསན་དབབ་ལ། བཛྲོ་ཏྟིཥྛ། ཞེས་དཀྱིལ་འཁོར་ནམ་མཁར་བཏེགས་ལ་མཆོད་བསྟོད་མདོར་བསྡུས་བྱ། །དེ་ནས་བདག་བསྐྱེད་ལ་དམིགས་ཏེ་མཆོད་བསྟོད་ནོངས་བཤགས་བསྔོ་སྨོན་བསྡུ་ལྡངས་ཤིས་བརྗོད་ཀྱི་བར་གཟུངས་ཆོག་ལྟར་བྱ། བུམ་པ་ཉིན་ཕྱི་མར་བསྐྱར་ནས་བསྒྲུབས་ན་བདག་བསྐྱེད་ཆབ་གཅིག་རྗེས་ཆོག་བྱ། བསྐྱར་མི་ནུས་ན་དེ་ཀར་བཞག་ཀྱང་ཆོག་གལ་ཏེ་དངོས་སྟ་ཉིན་གཅིག་ལ་རྫོགས་པར་བྱེད་ན་ལྷ་བཏེགས་པའི་རྗེས་ཆོག་དེ་མ་ཐག་པར་དཀྱིལ་འཁོར་དང་དབང་རྫས་བཤམས་ནས་མདུན་བསྐྱེད་བསྒྲུབ་པ་ལ་འཇུག་གོ། །གསུམ་པ་ལ། ཐོག་མར་དཀྱིལ་འཁོར་འདུ་བྱ་བ་ནི། ཐིག་ཚོན་གྱི་ཆོ་ག་རྒྱས་པར་སྤྲོ་ན་འདུས་མདོའི་ཡོ་གའི་དཀྱིལ་ཆོག་སོགས་རིགས་མཐུན་ནས་བླང་དུ་རུང་ཞིང་། །འདིར་ས་བཅད་


LT31_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ། ཁ་དོག་ལྔ་པའི་སྲད་བུལ་ལས་སྔགས་ཀྱིས་བསངས་གཏོར་བྱ། མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་བཞུགས་པར་མོས་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད། ལས་སྔགས་བཟླ་བཞིན་ཏུ་ཐིག་སྐུད་ཡེ་ཤེས་ཀྱི་རང་བཞིན་ཏུ་མོས་ཏེ། ཐིག་ཆེན་བརྒྱད་བཏབ། དེ་ལས་བཅུ་དྲུག་ཆ་དབྱེ་བ་སོགས་ཀྱིས་ཞི་དཀྱིལ་སྤྱི་འགྲེ་རྟ་བབས་སྣམ་བུ་བཞི་མའི་ཐིག་བཏབ་ལ། ཚོན་ཁ་དོག་སྣ་ལྔར་དགའ་བོ་འབྲུ་ལྔ་བརྗོད་པས་རིགས་འོད་དུ་ཞུ་བའི་ཚོན་རྩིར་མོས་ལ། ལས་སྔགས་བཟླ་བཞིན་ཏུ་ལྟེ་བ་སྔོན་པོ། །དེ་རྒྱབ་འཁོར་ལོ་རྩིབས་བཞིའི་བྱང་ཤར་སྨུག་ནག །ཤར་ལྷོ་སེར་ནག །ལྷོ་ནུབ་ཏུ་དམར་ནག །ནུབ་བྱང་ནག་པོ། །དེ་རྒྱབ་རྩིབས་བཅུ་མཐིང་ནག །ལྷ་སྣམ་དང་སྒོ་བཞི་ཕྱོགས་མདོག་རྒྱན་རྟ་བབས་སྤྱི་ལྟར་ལ་གདན་པདྨ། ཁོར་ཡུག་མེ་རི་བཅས་ལེགས་པར་བྲིས་པ་ལ། གཙོ་འཁོར་བཅོ་ལྔའི་ལྷ་མཚན་རབ་སྐུ་གཟུགས། འབྲིང་ཕྱག་མཚན། ཐ་མ་ས་བོན་གྱི་ཚུལ་དུ་འགོད། ལྷ་མོ་བཅུ་དྲུག་དང་སྒོ་བཞི་རྣམས་མོས་བསྐྱེད་ཡིན་པས་ལྷ་མཚན་མ་བཀོད་ཀྱང་ཆོག་གོ། །མི་འགྲུབ་ན་རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད་དབང་རྫས་འདུ་བྱ་བ་ནི། དཀྱིལ་འཁོར་དབུས་སུ་སྟེགས་བུའི་ཁར་སྟ་གོན་བྱས་པའི་རྣམ་བུམ་ཉིད་སྔགས་བཟླ་བཞིན་ཏུ་བཀོད་པ་དང་ལྷན་ཅིག་ལྷ་ཙཀ་རྣམས་དང་། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་ཀྱང་བཀོད། ལས་བུམ་བྱང་དུ་བཞག །མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། ནུབ་ཏུ་རིན་པོ་ཆེའི་སྣོད་དུ་ནམ་འཇོམས་གཏོར་མ་


LT31_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་ལྔ་པ་དང་འབུལ་གཏོར་ཆ་བཞི། །འབྱོར་ན་དཀྱིལ་འཁོར་གྱི་རྒྱན་རྫས་རལ་གྲི། །རྒྱལ་མཚན་ལ་སོགས་པ་སྤྱི་ལྟར་དང་། །སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ལ་བག་དྲོ་བྱིན་ཆགས་པར་བྱ། གཞན་ཡང་དུང་ཆུ། མིག་དར། མེ་ཏོག། རྗེས་གནང་ཆས་རིགས་ལྔའི་ཕྱག་མཚན་དང་། རྫས་བརྒྱད་ཙཀླི། མཆོད་པ་རྣམ་ལྔ་སོགས་ཀྱང་ཉེ་བར་བསྔོགས་པ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མཐའ་དག་ཚོགས་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་དམིགས་པའི་དཀྱིལ་འཁོར་སྒྲུབ་ཅིང་བདག་ཉིད་འཇུག་པ་ནི། ཁྲུས་དང་སྔོན་གཏོར་ནས་བརྩམས་བདག་བསྐྱེད། བུམ་བསྐྱེད་བཟླས་པ་མཆོད་བསྟོད་ཀྱི་བར་དུ་གྲུབ་པ་དང་། མདུན་བསྐྱེད་དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་ནས། །རྒྱ་ཆེ་བའི་དབུས། བྷྲཱུྃ་འོད་དུ་ཞུ་བ་ལས་ཐར་བ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་གདུགས་རི་དྭགས་ཆོས་འཁོར་དང་བཅས་པའི་ཕྱི་རོལ་དུ་འགྲམ་སྟེགས་ཀྱི་སྣམ་བུ། ཁོར་ཡུག་མེ་རིའི་ཕྲེང་བ་སོགས་ཚད་དང་མཚན་ཉིད་ཡོངས་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག་སོགས་བདག་སྐྱེད་ལྟར་ལ། བདག་ཉིད་ཅེས་པ་དང་ལྕེ་ལག་བྱིན་རླབས་དོར་ལ། ཕྱག་འཚལ་ཡན་གྲུབ་པ་དང་། མཆོད་པ་བྱིན་གྱིས་བརླབ། ཆུ་གཉིས་ཉེར་སྐྱོད་དང་། །སྤྲོ་ན་འདོད་ཡོན་ལྔ། རྒྱལ་སྲིད་བདུན་སོགས་སྤྱི་ལྟར་འབུལ། །གང་ལྟར་མཆོད་པའི་མཇུག་ཏུ། །བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་འཁོར་བཅས་ལ། མཆོད་པ་བླ་


LT31_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པས་མཆོད། །ངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་ཕྲེང་བ་བདུག་པ་དང་། །ཡིད་འོང་སྣ་ཚོགས་མཆོད་པ་དང་། །མཆོད་སྤྲིན་རྒྱ་མཚོ་ཕྱོགས་བཅུར་འབུལ། །ཕྱོགས་བཅུའི་སངས་རྒྱས་བདེན་པ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། །ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག །ཅེས་མཆོད་སྤྲིན་བསྔོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བི་དྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་་བི་ཤྭོ་དྷ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བྱ། བསྟོད་པ་ནི། ཨོཾ། །ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་འཇོམས་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་བསལ་མཛད་པ། །ཕྱག་འཚལ་རྡོ་རྗེ་རྣམ་འཇོམས་ལའོ། །མེ་ལོང་ཡེ་ཤེས་གཟུང་འཛིན་


LT31_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས། །ཞེ་སྡང་དྲི་མ་བསལ་མཛད་པ། །རྡོ་རྗེ་གཏུམ་མོ་ཡེ་ཤེས་སྐུ། །ཕྱག་འཚལ་རྡོ་རྗེ་གཏུམ་པོ་ལའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་པ། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །ཕྱག་འཚལ་རྡོ་རྗེ་ཕུར་བུ་ལའོ། །སོ་སོར་ཀུན་རྟོག་ཡེ་ཤེས་ཀྱིས། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །མུན་པ་འཇོམས་མཛད་བེ་ཅོན་ལའོ། །བྱ་བ་རྗེས་གྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་སྩོལ་ཅིང་། །གདོན་དང་བགེགས་འཇོམས་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དབུས་སུ་རྡོ་རྗེ་རྣམ་འཇོམས་ནི། །སྐུ་མདོག་མཐིང་ནག་དྲག་པོའི་ཞལ། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་ལ། །ངོས་གཅིག་ཡུ་བ་བརྟེན་མཛད་པ། །ཡེ་ཤེས་ལུས་ཅན་སྐུ་ཡི་མཆོག །ཚེ་འཕེལ་ཡོན་ཏན་མཐར་ཕྱིན་མཛད། །འགྲོ་བའི་སྡུག་བསྔལ་སེལ་མཛད་པའི། །གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །བྱང་ཤར་ཁྲོ་རྒྱལ་གཏུམ་པོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས། །དེ་ལ་བསྟོད་དེ། །ཕྱག་ཀྱང་འཚལ། །ཤར་ལྷོ་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་གཅིག་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར། །


LT31_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་བེ་ཅོན་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་མཚན་རྡོ་རྗེ་ཐོ་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཧཱུྃ། །སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ཚངས་པ་འདུལ་ལ་ཕྱག་འཚལ་བསྟོད། །ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །དྲི་ཟ་འདུལ་ལ་ཕྱག་འཚལ་བསྟོད། །ཤར་ལྷོ་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །མེ་ལྷ་འདུལ་ལ། །ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས། །ཞབས་གཉིས་ཉི་ཟླའི། །གཤིན་རྗེ་འདུལ་ལ༴ །ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ་གཅིག༴ །ཞབས་གཉིས༴ །སྲིན་པོ་འདུལ༴ །ནུབ་ཏུ་ཁྲོ་རྒྱལ་རྟ་མགྲིན་ནི། ཞལ་གཅིག༴ །ཞབས་གཉིས༴ །ཀླུ་གདོན་འདུལ༴ །ནུབ་བྱང་ཁྲོ་རྒྱལ་འདོད་པའི་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི༴ རླུང་ལྷ་འདུལ༴ །བྱང་


LT31_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ་གཅིག༴ །ཞབས་གཉིས༴ །གནོད་སྦྱིན་འདུལ་ལ༴ །བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཞལ་གཅིག༴ །ཞབས་གཉིས༴ །འབྱུང་པོ་འདུལ་ལ༴ །འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཞལ་གཅིག༴ །ཞབས་གཉིས༴ །ས་བདག་འདུལ་ལ་ཕྱག་འཚལ་བསྟོད། ཧཱུྃ། །ལྷ་ཆེན་འདོད་ཆགས་གཞོམ་པའི་ཕྱིར། །ནང་གི་ལྷ་མོར་སྐུ་སྤྲུལ་པ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མཛད་ལྷ་མོ་བཞི་ལ། །བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྐུ་སྤྲུལ་པ། །བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཡི་ལྷ་མོ་བཞི་ལ་ཕྱག༴ །བདེ་གཤེགས་མངོན་པར་སངས་རྒྱས་ཚེ། །བཀྲ་ཤིས་རྟགས་སུ་སྐུ་སྤྲུལ་པ། །དཔལ་བེའུ་འཁོར་ལོ་པདྨ་དང་། །རྒྱལ་མཚན་གདུགས་དང་བུམ་པ་དང་། །དུང་དང་གསེར་ཉ་ལ་སོགས་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ལ། །བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ལ། །དད་པས་བཏུད་དེ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཛཿཧཱུྃ་བྃ་ཧོཿ སོགས་ཀྱིས་དམ་ཡེ་བསྲེ་བ་དང་། བཟླས་པའང་བདག་བསྐྱེད་སྐབས་ལྟར་བྱ། མཐར་མཆོད་པ་དང་། ཧཱུྃ། དུས་གསུམ་སངས་རྒྱས་སོགས་ཀྱིས་བསྟོད། །དེ་ནས་གཏོར་མ་འབུལ་


LT31_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །དབང་གཏོར་བསྐྱེད་བཟླས་བྱས་ལ་བདག་འཇུག་རྫོགས་པར་བླང་བའམ། །དེ་ཙམ་མི་ནུས་ན་གཞལ་ཡས་ཁང་གི་སྒོ་ཕྱེས་ཏེ་བདག་ཉིད་ནང་དུ་ཞུགས་ནས། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་རིག་པའི་མེ་ཏོག་ཕུལ་བས། དཀྱིལ་འཁོར་པའི་རྡོ་རྗེ་གསུམ་དང་བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་ཏེ། སློབ་དཔོན་གྱི་ལས་ལ་གནང་བ་ནོད་པར་བྱའོ། །གལ་ཏེ་བདག་འཇུག་རྫོགས་པར་ལེན་ན་མཐར་བདེན་པའི་བྱིན་རླབས་བསྡུ་བ། ནམ་མཁའ་སྐྱེ་བ་མཚན་སོགས་དང་བདེན་པའི་དམ་ཚིག་བསྒྲགས་པ། ཐབས་དང་ཤེས་རབ་དཀྱིལ་འཁོར་སོགས་བརྗོད་པར་ཡིག་རྙིང་ལས་བཤད་པས་དེ་དག་སྤྲོ་ན་སྤྱི་ལྟར་བརྗོད་དོ། །གསུམ་པ་དཀྱིལ་འཁོར་གཉིས་ཀ་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པ་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། །དབང་གི་དངོས་གཞི། །མཐའ་རྟེན་གྱི་རིམ་པའོ། །དང་པོ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། ཕྱག་བཅས་ནང་དུ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ཅིང་ཆོས་བཤད་ཅི་རིགས་བས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག་སྡོམ་ལ། གསོལ་གདབ་གདོང་གཡོགས་བགེགས་བསྐྲད་ཅིང་། དྲི་ལན་གནང་ཞུ་ཕྱོགས་བཞིའི་ཕྱག །སྡོམ་བཟུང་ཆས་འཇུག་སེམས་བསྐྱེད་བྱ། དམ་བསྒྲགས་དབབ་ཅིང་ཁ་དོག་འདྲི། རིགས་བརྟགས་མིག་དབྱེ་མཐོང་བ་བསྟན། ཅེས་པ་ལྟར་ཆོས་བཅོ་ལྔ་ཡོད་པ་ལས་དང་པོ་ནི། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་བཅས་ཏེ་གསོལ་བ་འདེབས་


LT31_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིའི་རྗེས་ཟློས་མཛོད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་ལན་གསུམ། གཉིས་པ་ནི། རས་དཀར་དྲི་མ་མེད་པ་ལས་བུམ་གྱི་ཆུ་དང་སྔགས་ཀྱིས་བསངས་ལ། དཀྱིལ་འཁོར་དང་སྔར་མ་མཇལ་བའི་མཚོན་བྱེད་དུ་གདོང་གཡོགས་འཆིངས་མཛོད། །ཨོཾ་ཨཱཿཧཱུྃ། ཞེས་གདོང་གཡོགས། གསུམ་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་མེ་འོད་དང་ཁྲོ་ཆུང་གི་ཆར་གྱིས་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་བསྐྲད་པར་མོས་ཏེ་གུ་གུལ་བདུག །ཡུངས་ཐུན་བྲབས་ལ་ལས་སྔགས་དང་། ཨོཾ་ཨཱཿབི།།།ནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྗོད། བཞི་པ་ནི། སློབ་དཔོན་གྱིས། བུ་ཁྱོད་སུ་ཡིན། །ཅེས་དྲིས་པའི་ལན་ཏུ་འདིའི་རྗེས་ཟློས། །བདག་སྐལ་པ་བཟང་པོ་ཅན་ལགས། །ཞེས་ལན་གསུམ། ལྔ་པ་ནི། སློབ་དཔོན་གྱིས་ཡི་དམ་ལྷ་ལ་གསོལ་བ་གདབ་ཅིང་གནང་བ་ནོད་པ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཕྱག་ན་རྡོ་རྗེའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་བར་བགྱི། ཞེས་ལན་གསུམ་བརྗོད། དྲུག་པ་ནི། ཁྱེད་རང་རྣམས་ཀྱི་ཤར་གྱི་སྒོ་དྲུང་དུ་འཁོད་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་དཀྱིལ་འཁོར་གྱི་ལྷ་ལ་


LT31_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་ཕྱག་མཛད་པར་མོས་པ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ། ན་ཡཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། དཀྱིལ་འཁོར་གྱི་ཕྱིར་གཡས་བསྐོར་གྱིས་སོང་ནས་ལྷོའི་སྒོ་དྲུང་། སོགས་གོང་བཞིན་དང་། དེས་འགྲེས་ཏེ། ནུབ་དང་། བྱང་ནས་ཕྱག་བྱ། སླར་ཤར་གྱི་སྒོ་དྲུང་དུ་འཁོད་པར་མོས་ཤིག །བདུན་པ་ལ། ཐུན་མོང་གི་སྡོམ་པ་སྦྱིན་པའི་ཐོག་མར་སྡིག་བཤགས། ཡི་རང་། སྐྱབས་འགྲོ། སེམས་བསྐྱེད་བཞི་པོ་སྟ་གོན་སྐབས་ལྟར་བྱར་གཞུག །དེ་ནས་རྒྱུད་སྡོམ་པ་དང་ལྡན་པར་བསྒྲུབ་པའི་ཐོག་མར་ཐུན་མོང་གི་སྡོམ་པ་བསྒྲགས་པ་ནི་འདི་ལ་གསན་པར་ཞུ། །ཁྱེད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་ལོག་སྤྱོད་པར་མི་བྱ་ཞིང་། །རྫུན་དུ་སྨྲ་བ་སྤང་བར་བྱ། །ཉེས་པ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྗེས་སུ་བསྲུང་། །ལྷ་དང་ལྷ་མིན་གསང་བ་པར། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་ལན་གསུམ་བསྒྲག །དེ་ནས་ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བཟུང་སྙམ་པས་འདིའི་རྗེས་ཟློས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་


LT31_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། །དུས་འདི་ནས་བཟུང་སྟེ། །བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་སྟེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་བཏང་ངོ། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཏུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་


LT31_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབྱུགས་མ་ཕྱུང་རྣམས་དབྱུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། ལན་གསུམ་བྱའོ། །བརྒྱད་པ་ནི། །སྔགས་དང་ལས་བུམ་གྱིས་བསངས་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གྱུར། །དཀྱིལ་འཁོར་གྱི་ལྷ་རྣམས་མཇལ་བའི་ཕྱག་རྟེན་ཏུ་ཡངས་ཤིང་མ་ཉམས་པའི་རིན་པོ་ཆེའི་ཕྲེང་བ་རེ་ཐོགས་པར་མོས་ཤིག །ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་སྦྱིན། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་བགོས་པར་མོས་ཤིག །རྒྱ་གྲམ་གནས་རྣམས་སུ་བཞག་ལ། ཧཱུྃ། ཡང་དག་ཆེན་པོའི་རྡོ་རྗེ་ནི། །མི་ཤིགས་མི་གཡོ་སྲ་ལ་བརྟན། །རབ་ཏུ་གནས་ཤིང་བརྟན་གྱུར་བས། །བར་ཆད་བསྲུང་བའི་གོས་སུ་ཤོག །ཡང་སྙིང་དང་། བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དགུ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རྒྱས་པའི་སྟེང་དུ། །དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་མཚན་པར་མོས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས།


LT31_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་གི་ཕྲེང་བ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾཾ་ཧོཿ བོ་དྷི་ཙིཏྟ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་དོ། །བཅུ་པ་ནི། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་འགྲོར་དམ་ལ་བཞག་པ་བཞི་པོ་རིམ་པར་འབྱུང་བ་ཡིན་པས་དོན་ངེས་པར་གྱིས་ཤིག །དེ་ལ་དང་པོ་ཡི་དམ་ལྷའི་དམ་བསྒྲགས་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཕྱག་ན་རྡོ་རྗེ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། དེ་ནས་དཀྱིལ་འཁོར་གྱི་དམ་བསྒྲགས་པ་ནི། །མཆོག་གི་དཀྱིལ་འཁོར་དམ་པ་འདི། །མ་མཐོང་བ་དང་སྣོད་མིན་ལ། །ཁྱོད་ཀྱིས་སྨྲ་བར་མ་བྱེད་ཅིག །སྨྲས་ན་སྤྱི་བོ་འགས་པར་འགྱུར། དེ་ནས་སློབ་དཔོན་གྱི་དམ་བསྒྲགས་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། །ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བ་བཞིན་ཏུ་གྱིས། །ཁྱོད་ཀྱིས་ང་ལ་བརྙས་ན་ནི། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །དེ་ནས་དམ་ཆུ་བླུད་པ་ནི། དྲི་བཟང་གི་ཆུ་དུང་ཞལ་དུ་བླུགས་པར། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨ་མྲྀ་ཏོ་ད་ཀ་ཧཱུྃ། ཞེས་འཐུང་དུ་གཞུག་གོ། །བཅུ་གཅིག་པ་ནི།


LT31_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡེ་ཤེས་པ་དབབ་པ་ལ་ཁྱོད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་བཞིན་ཏུ་མཛོད་ཅིག །སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ཁྲོས་པའི་ཉམས་ཅན། །ཕྱག་གཡས་རྒྱ་གྲམ་བསྐོར་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། །ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཉིས་བརྐྱང་བསྐུམ་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཀློང་ན་བཞུགས་པར་གྱུར་པའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་དུ་ཛཿའདོམས་སུ་རྃ་ལས་མེའི་དཀྱིལ་འཁོར་རྃ་གྱིས་མཚན་པ། བྲང་དུ་སའི་དཀྱིལ་འཁོར་ལྃ་གྱིས་མཚན་པ། སྤྱི་བོར་ཆུའི་དཀྱིལ་འཁོར་བཾ་གྱིས་མཚན་པར་གསལ་ཐོབ་ཅིག །ད་སློབ་དཔོན་གྱི་ཐུགས་ཀ་ནས་ཨ་ཡིག་དམར་པོ་འོད་ཟེར་འབར་བ་ཆར་བཞིན་ཏུ་བབས། །ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་ཟག་པ་མེད་པའི་བདེ་བས་གང་བར་མོས་ཤིག །སྤོས་དུད་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཨཱ་བེ་ཤ་ཡ་ཨཱཿ སྟྭཾཾབྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཨ་ཛྷེ༚། ཞེས་དྲག་ཏུ་བརྗོད་པས་སྐུ་ཕེབ་ན་འཕར། གསུང་ཕེབ་ནས་འོང་། ལུང་བསྟན། ཐུགས་ཕེབ་ན་བདེ་གསལ་མི་རྟོག་པའི་ཉམས་སྐྱེའོ། །དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་


LT31_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བཞག་ཅིང་། ཨོཾ་ཨཱཿཏིཥྛ་བཛྲ་ཧཱུྃ། ཞེས་བརྗོད་དོ། །བཅུ་གཉིས་པ་ནི། དེ་ནས་ལས་ཀྱི་དངོས་གྲུབ་བརྟགས་པའི་ཕྱིར། ཁྱེད་རང་རྣམས་ཀྱིས་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྷོས་ལ་ཁ་དོག་ཇི་ལྟར་མཐོང་བ་དེད་ལ་སྨྲོས་ཤིག །ཅེས་དྲིས་ནས། དཀར་པོར་མཐོང་ན་ཞི་བ་སོགས་ནས། ཁ་དོག་སྣ་ཚོགས་སུ་མཐོང་ན་ལས་ཐམས་ཅད་འགྲུབ་པར་ལུང་བསྟན་ནོ། །བཅུ་གསུམ་པ་ནི། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་ཆབ་ཅིག་དཀྱིལ་འཁོར་དུ་འདོར་བར་ཞུ། །ཡང་དག་གསང་བའི་དཀྱིལ་འཁོར་དུ། །བདག་གིས་མེ་ཏོག་འདི་དོར་བས། །ལྷ་ཚོགས་རྣམས་ཀྱི་རིགས་ཅི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་འདོར་དུ་གཞུག །དེའང་མེ་ཏོག་གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ། འཁོར་ལ་ཕོག་ན་ཐུན་མོང་དང་། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་གསུངས་ཤིང་། གཙོ་འཁོར་གང་ལ་ཕོག་པ་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ཡི་དམ་ཡིན་པར་ཡང་ཤེས་པར་གྱིས་ཤིག །མེ་ཏོག་དེ་ཉིད་སླར་ཡང་ལྷག་པའི་ལྷས་ཁྱེད་རང་རྣམས་ཀྱི་སྤྱི་བོར་འཆིང་བའི་མོས་པ་མཛོད། པྲ་ཏི་གྲྀ་ཧྞ་མ་ཡ་མ་ཧཱ་ས་ཏྭ། སེམས་


LT31_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྟོབས་པོ་ཆེ་འདི་ཟུང་ཞིག །ཅེས་མེ་ཏོག་སྤྱི་བོར་བཞག་གོ། །བཅུ་བཞི་པ་ནི། མིག་ཐུར་ཐོགས་ལ། ཁྱེད་རང་རྣམས་ཀྱི་མིག་གཉིས་སུ་འབར་བ་དང་བཅས་པའི་ཨོཾ་ཡིག་རེ་རེས་མཚན་པས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཕྱག་ན་རྡོ་རྗེ་ང་ཡིན་ཏེ། །ཁྱོད་ཀྱི་ཉོན་མོངས་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དེས་ནི་ཐམས་ཅད་མཐོང་བར་འགྱུར། །བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཏྲ་ལཾ་ཧྲཱིཿ ཞེས་མིག་དར་དབྱེའོ། །བཅོ་ལྔ་པ་ནི། ཕྱག་ཤིང་ངམ་རྡོ་རྗེས་མཚོན་ལ། རང་བཞིན་རྣམ་པར་དག་པ་ཡི། །ཕྱག་ན་རྡོ་རྗེའི་གྲོང་ཁྱེར་མཆོག །དྲི་མེད་དཀྱིལ་འཁོར་འདི་ལ་ནི། བུ་ཁྱོད་ཀྱིས་ནི་ལེགས་པར་ལྟོས། །ཞེས་བསྐུལ་ལ། དེའང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་སྲུང་བའི་འཁོར་ལོའི་ནང་དུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་ཀྱི་ལྟེ་བར་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཚུལ་ཅན། ཕྱག་གཡས་རྒྱ་གྲམ་བསྐོར་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། །ཁྲོ་བོའི་ཆས་ཐམས་ཅད་ཀྱིས་རྒྱན་ཅིང་ཞབས་འདོར་ཐབས་པདྨ་ཉི་ཟླའི་སྟེང་ན་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་བཞེངས་ཏེ་བཞུགས་པའི་ཕྱི་རོལ་གྱི་མཚམས་བཞིའི་རྩིབས་


LT31_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་རྡོ་རྗེ་གཏུམ་པོ་སོགས་གཏུམ་པོ་རིགས་བཞི། །དེ་རྒྱབ་འཁོར་ལོ་རྩིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་བོ་བཅུ། །དེ་རྒྱབ་སྒེག་སོགས་བརྒྱད། །བཀྲ་ཤིས་ཀྱི་ལྷ་མོ་རྣམས་དང་། སྒོ་སྲུང་ཁྲོ་མོ་བཞི་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་ཏུ་མཐོང་བར་མོས་པས་ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷར་ངོ་ཤེས་པར་གྱིས་ལ། དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལྷག་པའི་ལྷར་བཟུང་བར་མཛོད་ཅིག །དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ། གསོལ་བཏབ་གནང་སྦྱིན། །རྡོ་རྗེ་སློབ་མའི་དབང་། སློབ་དཔོན་གྱི་དབང་བསྐུར་བའོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་དགོངས། བདག་ཅག་ལས་ཀྱིས་བསྒྲིབས་པ་རྣམས། །མྱུར་དུ་བསལ་བར་བྱ་བའི་ཕྱིར། །བདུད་རྩི་ཁྲུས་ཀྱི་བུམ་པ་ཡིས། །བྱིན་རླབས་དབང་བསྐུར་མཛད་དུ་གསོལ། །ལན་གསུམ་ཞུས་པ་ལ་གནང་བ་སྦྱིན་པ་ནི། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །མཁྱེན་བརྩེ་ནུས་པས་བར་ཆད་ཀུན། །རྣམ་པར་འཇོམས་པའི་དོན་བསྒྲུབ་ཕྱིར། །བྱིན་རླབས་དབང་བསྐུར་དུས་འདིར་སྦྱིན། ཞེས་བརྗོད། གཉིས་པ་ལ་གསུམ། བུམ་དབང་


LT31_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་དབང་ལྔ། དཀྱིལ་འཁོར་གྱི་ལྷ་དབང་ངོ་། །དང་པོ་ནི། དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་དབང་སྟེགས་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་གདན་ལ་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པའི་གཟུགས་ཀྱིས་འཁོད་པའི་སྟེང་དུ་གདུགས་དཀར་པོ། །གཡས་གཡོན་ཏུ་རྒྱལ་མཚན་བ་དན། མཐའ་བསྐོར་མཆོད་པའི་ཡོ་བྱད་དུ་མ་ལྡན་པས་འཁོད་པ་ལ་བླ་མ་དཀྱིལ་འཁོར་གྱི་ལྷ་དང་། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་མཛད་པར་མོས་ཤིག །ལས་བུམ་གྱི་ཆུ་འཐོར་ཞིང་ལས་སྔགས་བརྗོད་པས་བགེགས་དང་བྱུར་བསལ། དེ་ནས་རྣམ་བུམ་ཐོགས་ལ། བུམ་པ་གཞལ་ཡས་ཁང་གི་ནང་དུ་རྣམ་པར་འཇོམས་པའི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ན་རང་བྱུང་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཚངས་པའི་བུ་ག་ནས་མར་བབས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་དང་སྡིག་སྒྲིབ་འཕྲལ་གྱི་རྐྱེན་བགེགས་བར་ཆད་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་སྒོང་དྲི་མ་བྲལ་བ་ལྟར་གྱུར། གཟུགས་ཀྱི་སྐུ་ཡོན་ཏན་དུ་མ་དང་ལྡན་པར་བྱས་པའི་མོས་པ་མཛོད་ཅིག །ཧཱུྃ། བུམ་པའི་དབང་བསྐུར་དག་བྱེད་བདུད་རྩིའི་རྒྱུན། །སྤྱི་བོར་བཞག་པས་པདྨ་རཱ་ག་འདྲ། །དྲི་མེད་རྣམ་


LT31_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀཱེ་ཤིའི་མགུལ་ཆིངས་ཅན། །ལོ་འབྲས་རབ་རྒྱས་དཔག་བསམ་ཁ་རྒྱུན་མཛེས། །ཡན་ལག་བརྒྱད་ལྡན་ཡིད་བཞིན་བདུད་རྩིས་གཏམས། །མེ་ཏོག་ཕྲེང་མཛེས་དྲི་དང་སྤོས་ཀྱི་ཆུ། །འབྲུ་སྣ་ལ་སོགས་སྙིང་པོ་ཉེར་ལྔ་བཅས། །ཡོན་ཏན་དཔག་མེད་ལྡན་པའི་བུམ་པ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མཚན་དང་དཔེ་བྱད་དུ་མ་ལྡན་གྱུར་ཅིག །གཟུངས་སྔགས་མཐར། བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱྃ། པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་གནས་གསུམ་དུ་བསྐུར་ལ་བུམ་ཆུ་སྦྱིན། དེའི་མཐའ་རྟེན་ཏུ། ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དྲི་མེད་རྣམ་དག་བདུད་རྩི་འདིས། །སྐལ་ལྡན་ཁྱོད་ལ་ཁྲུས་གསོལ་བས། །སྒོ་གསུམ་དྲི་མ་དག་གྱུར་ཅིག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། ཞེས་སྤྱི་བོར་བླུགས་པ་དང་ཡན་ལག་བཀྲུ་བ་སོགས་བྱའོ། །སྨོན་ལམ་གདབ་པ་ནི་མེ་ཏོག་འཐོར་ལ། དེ་ལྟར་བུམ་ཆུས་དབང་བསྐུར་བས། ལས་དང་ཉོན་མོངས་སྡིག་སྒྲིབ་དག་པར་གྱུར་ཅིག་སྨན་ལྔའི་དབང་བསྐུར་བས་དུག་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །དྲི་ལྔའི་དབང་བསྐུར་བས་ཕུང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །སྤོས་ལྔའི་དབང་བསྐུར་བས་དབང་པོ་ལྔའི་སྒྲིབ་པ་དག་པར་


LT31_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །འབྲུ་ལྔའི་དབང་བསྐུར་བས་སྟོབས་ལྔ་ཐོབ་པར་གྱུར་ཅིག །རིན་པོ་ཆེ་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་དབང་ཐོབ་པར་གྱུར་ཅིག །སྙིང་པོ་ལྔའི་དབང་བསྐུར་བས་སྐུ་ལྔ་ཐོབ་པར་གྱུར་ཅིག །གཞན་ཡང་བུམ་པའི་ཆས་ཐམས་ཅད་ཀྱི་དབང་བསྐུར་བས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །ཅེས་བྱའོ། །གཉིས་པ་ནི། དེ་དག་གིས་བུམ་དབང་དངོས་གཞི་གྲུབ་ནས། རྗེས་འབྲེལ་རིག་པའི་དབང་ལྔ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། །བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག །།མཐའ་ཡས་སེམས་ཅན་དྲང་བའི་ཕྱིར། །དབང་མཆོག་དམ་པ་སྩལ་དུ་གསོལ། །ལན་གསུམ་ཞུ། རྣམ་བུམ་ཆུ་སྤྱི་བོར་གཏེགས་ལ། ཧཱུྃ། །སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ཨོཾ་བཛྲ་བྃ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་བསྐོན་ལ། ཧཱུྃ། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཅོད་པན་རིན་ཆེན་དམ་པ་སྟེ། དབུ་རྒྱན་རིན་ཆེན་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། རྡོ་རྗེ་ལག་གཡས་སུ་གཏད་དེ། ཧཱུྃ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་


LT31_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་རྡོ་རྗེ་གསང་བ་ལས། །ཆོས་རྣམས་ཀུན་གྱི་སྒོར་གྱུར་བ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དྲིལ་བུ་ལག་གཡོན་ཏུ་གཏད་ལ། ཧཱུྃ། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །འགྲོ་དོན་མཉམ་མེད་བྱེད་པ་དང་། །མཆོད་པའི་ལས་རྣམས་རྫོགས་བྱེད་པ། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་སྤྱི་བོར་བཟུང་ལ། ཧཱུྃ། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེ་མིང་གི་དབང་བསྐུར་རོ། །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཞེས་བརྗོད། དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས་ཉོན་མོངས་པ་ལྔ་གནས་སུ་དག་ནས། །ཡེ་ཤེས་ལྔ་རྒྱུད་ལ་སྐྱེ་བར་གྱུར་ཅིག །གསུམ་པ་ནི། དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་དབང་བསྐུར་བ་ལ་ཐོག་མར་གཞལ་ཡས་ཁང་གི་དབུས་ཕྱོགས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། །ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་འཇོམས་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་སེལ་མཛད་པ། །སྣ་ཚོགས་རྡོ་རྗེ་སྡིགས་མཛུབ་མཛད། །ཡེ་ཤེས་ལུས་ཅན་མཐིང་གའི་མདོག །འགྲོ་བའི་སྡུག་བསྔལ་སེལ་མཛད་པ། །ཚེ་འཕེལ་ཡོན་ཏན་


LT31_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་མཛད། །རྡོ་རྗེ་ཅན་གྱི་དབང་བསྐུར་རོ། །ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་རྣམ་པར་འཇོམས་པ་གཙོ་བོའི་དབང་བསྐུར་བས་ཉོན་མོངས་པ་གཟུགས་ཕུང་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར། གཏུམ་པོ་རིགས་བཞིའི་སྐུ་རིམ་པར་ཐོགས་ལ། གཙོ་བོའི་མཚམས་ཀྱི་འཁོར་ལོ་རྩིབས་བཞི་ནས་གཏུམ་པོ་བཞི་རིམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མོས་ཤིག །ཧཱུྃ། བྱང་ཤར་ཁྲོ་རྒྱལ་གཏུམ་པོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་པས་སྡིགས་མཛུབ་མེ་ཆེན་འབར། །རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་གཏུམ་པོའི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། །ཤར་ལྷོ་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་གཅིག་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །རྡོ་རྗེ་ཕུར་བུའི་དབང་བསྐུར་རོ། །བྷིནྡྷ་བྷིནྡྷ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཕུར་བུའི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས་མཉམ་


LT31_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་བེ་ཅོན་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །བེ་ཅོན་བསྣམས་པའི་དབང་བསྐུར་རོ། །ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་བེ་ཅོན་གྱི་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་གཡས་རྡོ་རྗེ་ཐོ་བ་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཁྲོ་བོའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཁྲོ་བཅུའི་སྐུ་རིམ་པར་ཐོགས་ལ། དེ་རྒྱབ་འཁོར་ལོ་རྩིབས་བཅུ་ནས་ཡེ་ཤེས་ཀྱི་ཁྲོ་བཅུ་རིམ་པར་བྱོན་ཏེ་དབང་བསྐུར་ཅིང་བྱིན་གྱིས་བརླབ་པར་མོས་ཤིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཞེ་སྡང་རྣམ་དག་བདག་ཉིད་ཅན། །དྲི་ཟ་འདུལ་མཛད་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་བའི་དབང་བསྐུར་རོ། །ཨོཾ་ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། །ཁྲོ་བོ་རྣམ་རྒྱལ་གྱི་དབང་


LT31_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བས་ཤར་ཕྱོགས་དྲི་ཟའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ང་རྒྱལ་རྣམ་དག་བདག་ཉིད་ཅན། །གཤིན་རྗེ་འདུལ་མཛད་རྡོ་རྗེ་བསྣམས། །གཤིན་རྗེ་གཤེད་པོའི་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་བས་ལྷོ་ཕྱོགས་གཤིན་རྗེའི་གདུག་པ་འཇོམས་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །འདོད་ཆགས་རྣམ་དག་བདག་ཉིད་ཅན། །ཆུ་ལྷ་འདུལ་མཛད་རྡོ་རྗེ་བསྣམས། །རྟ་མཆོག་རྒྱལ་པོའི་དབང་བསྐུར་རོ། །དྷུ་ན་དྷུ་ན་བཛྲ་ཨབྷི་ཥིཉྩ་ཧཱུྃ། ཁྲོ་བོ་རྟ་མཆོག་རྒྱལ་པོའི་དབང་བསྐུར་བས་ནུབ་ཕྱོགས་ཆུ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་རྡོ་རྗེ་བསྣམས། །བདུད་རྩི་འཁྱིལ་པའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་བདུད་རྩི་འཁྱིལ་བའི་དབང་བསྐུར་བས་བྱང་ཕྱོགས་གནོད་སྦྱིན་གྱི་གདུག་པ་འཇོམས་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་དབྱུག་པ་སྔོན་པོ་སྟེ། །མེ་ལྷའི་གདུག་པ་འཇོམས་མཛད་པ། །དབྱུག་པ་སྔོན་པོའི་


LT31_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རོ། །ཧ་ན་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་དབྱུག་སྔོན་ཅན་གྱི་དབང་བསྐུར་བས་ཤར་ལྷོ་མེ་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་མི་གཡོ་མགོན་པོ་སྟེ། །སྲིན་པོའི་གདུག་པ་འཇོམས་མཛད་པ། །མི་གཡོ་མགོན་པོའི་དབང་བསྐུར་རོ། །དྷ་ར་དྷ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་མི་གཡོ་མགོན་པོའི་དབང་བསྐུར་བས་ལྷོ་ནུབ་སྲིན་པོའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གཞན་གྱིས་མི་ ཐུབ་པ། །རླུང་ལྷའི་གདུག་པ་འཇོམས་མཛད་པ། །གཞན་གྱིས་མི་ཐུབ་དབང་བསྐུར་རོ། །དཱ་རུ་་དཱ་རུ་་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པའི་དབང་བསྐུར་བས་ནུབ་བྱང་རླུང་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཁམས་གསུམ་རྣམ་པར་རྒྱལ། །འབྱུང་པོའི་གདུག་པ་འཇོམས་མཛད་པ། ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །བྷནྡྷ་བྷནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་པས་དབང་བསྐུར་བས་བྱང་ཤར་དབང་ལྡན་གྱི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་


LT31_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་སྒྲ་སྒྲོགས་པ་སྟེ། །སྟེང་གདོན་དྲེགས་པ་འཇོམས་མཛད་པ། །ཧཱུྃ་ཀར་ཡི་དབང་བསྐུར་རོ། །ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་ཧཱུྃ་ཀ་རིའི་དབང་བསྐུར་བས་སྟེང་གདོན་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གནན་མཛད་རྒྱལ་པོ་སྟེ། །ཀླུ་དང་ས་བདག་འདུལ་མཛད་པ། །ས་ཆེན་གནོན་པའི་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་སྟོབས་པོ་ཆེའི་དབང་བསྐུར་བས་ཀླུ་དང་ས་བདག་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །སྒོ་མ་བཞི་ཐོགས་ལ། སྒོ་བཞི་ནས་སྒོ་སྐྱོང་ཁྲོ་མོ་རྣམ་བཞི་བྱོན་ཏེ་དབང་བསྐུར་ཞིང་བྱིན་གྱིས་རློབས་པར་མོས་ཤིག །ཧཱུྃ། ཤར་སྒོ་སྲུང་བའི་ཁྲོ་མོ་ནི། །དཀར་མོ་ཕྱག་ན་ལྕགས་ཀྱུ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ལྷ་བདུད་གནོད་པ་ཞི་བར་ཤོག །ཧུ་ལུ་ཧུ་ལུ་བཛྲ་ཨ་བྷི་ཥིཉྩ་ཛཿསྒོ་མ་ལྕགས་ཀྱུ་དཀར་མོའི་དབང་བསྐུར་བས་ལྷའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། ལྷོ་སྒོ་སྲུང་བའི་ཁྲོ་མོ་ནི། །སེར་མོ་ཕྱག་ན་ཞགས་པ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཕུང་བདུད་གནོད་པ་ཞི་བར་ཤོག །ཏིཥྛ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ཞགས་པ་མ་སེར་མོའི་དབང་བསྐུར་བས་ཕུང་པོའི་བདུད་དང་གནོད་པ་


LT31_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། ནུབ་སྒོ་སྲུང་བའི་ཁྲོ་མོ་ནི། དམར་མོ་ཕྱག་ན་ལྕགས་སྒོག་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཉོན་བདུད་གནོད་པ་ཞི་བར་ཤོག །བྷནྡྷ་བྷནྡྷ་བཛྲ་ཨ་བྷི་ཥིཉྩ་བཾ། སྒོ་མ་ལྕགས་སྒྲོག་དམར་མོའི་དབང་བསྐུར་བས། ཉོན་མོངས་པའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། བྱང་སྒོ་སྲུང་བའི་ཁྲོ་མོ་ནི། །ལྗང་མོ་ལག་ན་དྲིལ་བུ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །འཆི་བདག་གནོད་པ་ཞི་བར་ཤོག །ཧ་ན་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧོཿ སྒོ་མ་དྲིལ་བུ་མ་ལྗང་གུའི་དབང་བསྐུར་བས་འཆི་བདག་གི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་བརྗོད། གཉིས་པ་སློབ་དཔོན་གྱི་དབང་གི་དངོས་གཞི་དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པའི་རྡོ་རྗེ་སེམས་པའི་ངོ་བོར་གྱུར། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་རྟོགས་པར་བྱའོ་སྙམ་དུ་རྡོ་རྗེ་ལག་པ་གཡས་ཀྱིས་ཐུགས་ཀར་གསོར་ཞིག །ཅེས་སྦྱིན། འདི་ནི་ཐུགས་ཀྱི་དམ་ཚིག་གོ། །དྲིལ་བུ་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་དྲིལ་བུ་


LT31_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙེམས་མའི་ངོ་བོར་གྱུར། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་མཆོག་ནི་བྱེད་པ་ཡིན། །ཞེས་བརྗོད་ལ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་རྣམས་ལ་བསྒྲག་སྙམ་པའི་བློས་དྲིལ་བུ་གཡོན་གྱིས་ལན་གསུམ་བཀྲོལ་ནས་དགུ་ལ་བརྟེན་པའི་ཚུལ་གྱིས་ཤིག་ཅེས་སྦྱིན། །དེ་ནི་གསུང་གི་དམ་ཚིག་གོ། ཁྱེད་རང་རྣམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྣང་ལ་རང་བཞིན་མེད་པའི་ངོ་བོར་མཉམ་པར་ཞོག་ཅིག །ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བརྗོད་ལ། རྡོར་དྲིལ་བསྣོལ་མར་འཛིན་ཏུ་བཅུག་སྟེ། དུས་འདི་ནས་བཟུང་ནས་ཇི་སྲིད་ཀྱི་བར་དུ་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མ་བྲལ་བར་གྱིས་ཤིག །དེ་ནི་སྐུའི་དམ་ཚིག་གོ། །ཞེས་བརྗོད། དེའི་མཐའ་རྟེན་རྗེས་གནང་སྦྱིན་པ་ནི། །དེ་ལྟར་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་བདག་པོའི་གསང་བ་གསུམ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ནས། དོན་གཉིས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ། ཐོག་མར་རང་དོན་བཟླས་པའི་རྗེས་སུ་གནང་བ་སྦྱིན་པ་ལ་འདུན་པ་འདི་ལྟར་དུ་མཛོད། །བླ་མ་དང་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་དབྱེར་མེད་པའི་ཐུགས་ཀ་ནས་


LT31_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་མར་མེ་གཅིག་ལས་གཉིས་ཆད་པའི་ཚུལ་དུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད་ལ་གཟུངས་ཀྱི་རྗེས་ཟློས་གྱིས་ཤིག །ཅེས་བྱས་ཏེ་ཕྲེང་བ་སྒྲེལ་ལ། འདི་སྐད་བདག་ཐོས་ནས་ཉེ་སྙིང་གི་བར་བརྗོད་ཅིང་། ཉེ་སྙིང་ཉིད་གསུམ་མམ་ལན་བདུན་བསྐྱར། མཐར་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལྷག་པའི་བསམ་པ་བརྟན་པོས་ནི། །ནམ་དུ་ཡང་ནི་མ་བཏང་ཞིག །ཅེས་བརྗོད། །སློབ་དཔོན་ལ་མེ་ཏོག་ཕུལ་བཞིན་པར་འདིའི་རྗེས་ཟློས། །བཅོམ་ལྡན་བདག་ལ་གནང་ལགས་ཀྱིས། །བདག་ལ་འགྲོ་བར་མཛད་དུ་གསོལ། །བདག་གིས་བསམ་པ་བརྟན་པོ་ཡིས། །ནམ་དུ་ཡང་ནི་མི་བཏང་ངོ་། །ཞེས་ཁས་བླང་ངོ་། །ལྷ་མཆོད་པའི་རྗེས་གནང་ནི་ཕྱི་མཆོད་ལག་ཏུ་གཏད་པ་འབུལ་བའི་ཚུལ་བྱར་གཞུག་ལ། དུས་འདི་ཉིད་ནས་བཟུང་ནས་ནི། །བྱང་ཆུབ་སྙིང་པོའི་བར་དུ་ནི། །མཆོད་པ་འདི་དང་མ་བྲལ་བར། །དུས་ཀུན་ཏུ་ནི་བདེ་བར་མནོས། །ཞེས་བརྗོད། དེ་ནས་གཞན་དོན་རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་རྣམ་སྣང་སོགས་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་ང་རྒྱལ་ལ་གནས་པར་ཞུ། །འཁོར་ལོ་སྦྱིན་ལ། མདོར་ན་འཇིག་རྟེན་ཁམས་ཀུན་ཏུ། །


LT31_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཨོཾ་བུདྡྷ་དྷརྨ་ཙཀྲ་ཨ་བྷི་ཥིཉྩ་མཱཾ། ཞེས་སྤྱི་བོར་བཞག །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྡོ་རྗེ་གཏད་ཅིང་སྙིང་གར་བཞག་སྟེ། ཚིག་གཞན་སྔར་ལྟར་ལས། །རྡོ་རྗེའི་འཁོར་ལོ་བསྐོར་དུ་གསོལ། །ཨོཾ་བཛྲ་དྷརྨ་སོགས་དང་། སེམས་ཅན་ཐམས་ཅད་ལ་རྡོ་རྗེའི་འཁོར་ལོ་སོགས་སྦྱར་དེས་རིགས་འགྲེས་ཏེ། རིན་ཆེན་ལྟེ་བར་བཞག་ལ། རིན་ཆེན། རཏྣ། པདྨ་མགྲིན་པར་བཞག་ལ། པདྨ། རྒྱ་གྲམ་གསང་བར་བཞག་ལ། ལས་ཀྱི། ཀརྨ། ཞེས་སྦྱར་རོ། །གསུམ་པ་མཐའ་རྟེན་རིམ་པ་ལ་གསུམ། གཏོར་དབང་། གོ་བགོ། །ཤིས་པའི་རྫས་ཀྱིས་མངའ་གསོལ་བའོ། །དང་པོ་ནི། དེ་རྣམས་ཀྱི་སྒོ་ནས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བྱིན་པ་ལ་འདུན་པ་འདི་བཞིན་ཏུ་མཛོད། །བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། གཏོར་ཆུ་སྦྱིན་པའི་བར་དང་། གཉིས་པ་གོ་བགོ་པའང་གཟུངས་ཆོག་ལྟར་བྱའོ། །གསུམ་པ་ནི། རྫས་བརྒྱད་མདུན་ཏུ་བཀོད་ལ། བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ལས་སྐྱེས་པའི་བཀྲ་ཤིས་ཀྱི་རྫས་རྣམས་སློབ་མ་དགེ་ལེགས་སུ་བྱེད་པའི་གཟི་བརྗིད་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཡེ་དྷརྨཱས་རབ་ཏུ་གནས་ལ། །སྔོན་བཅོམ་ལྡན་འདས་ཐུབ་


LT31_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ལ་རྩྭ་ཚོང་བཀྲ་ཤིས་ཀྱིས་རྩྭ་དཱུརྦ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་དཱུ་རྦས་དབང་བསྐུར་བས་བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དཱུ་རྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ཏེ། ཉོན་མོངས་སྐྱེ་ཤིའི་སྡུག་བསྔལ་རྩད་གཅོད་པའི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །ཅེས་བརྗོད། ཚིག་ལྷུག་དེས་འགྲེས་ཏེ། ཐོག་མཐའ་འདྲ་བ་ལས། གླང་པོ་ཆེ་ས་སྲུང་གིས་གི་ཝཾ། ཞེས་དང་། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། སྨན་མཆོག་དམ་པ་ཆོས་ཉིད་རབ་རྟོགས་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་དགེ་གྱུར་པའི། །བཀྲ་ཤིས་དེས་ཀྱང་ནད་རྣམས་ཞི་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས། །མེ་ལོང་། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་ཆེན་པོ་ཉིད་དུ་ཁྱོད་གྱུར་ནས། །རྣམ་དག་ཐོགས་མེད་ཆོས་ལ་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྦྱིན་མས་ཞོ། །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཆོས་ཉིད་རབ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག་


LT31_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི། །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཕྱག་ན་རྡོ་རྗེས་ཡུངས་ཀར༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར། །དུང་ནི་ཆོས་སྒྲ་སྟོང་པར་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་ཁྱོད་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡིས། །བཀྲ་ཤིས་དེས་ཀྱང་ཚེ་ལ་དབང་ཐོབ་ཤོག །ལྷ་ཚངས་པའི་བི་ཝ། །བི་ཝ་རྒྱུ་རྐྱེན་འབྲས་བུར་ལྡན་པ་ཡིས། །འཇིག་རྟེན་འདས་དང་མ་འདས་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་སློབ་མ་ལ་སྦྱིན། དེ་ནས་ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གི་རྔ་སྒྲ་ལྡིར་ཞིང་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བར་མོས་ལ། ཨོཾ་འབྲས་བུའི་སོགས་བཀྲ་ཤིས་རྒྱ་ཆེར་བརྗོད་དོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྔ་འགྱུར་གྱི་ཤིང་རྟ་ཆེན་པོ་གནུབས་ཆེན་


LT31_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡེ་ཤེས་ཀྱི་བཀའ་སྲོལ་ལས་བྱོན་པའི་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་སོགས་མཚམས་སྦྱོར་སྤྱི་འགྲེལ་བྱས་ལ། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་། གཏོང་རག་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། དགེ་བ་བསྔོས་ལ་སློབ་མ་རྣམས་ཀྱིས། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་ནས་བརྩམས། ཤིས་བརྗོད་པར་བདག་མདུན་དཀྱིལ་འཁོར་གྱི་རྗེས་རིམ་གཟུངས་ཆོག་ལྟར་ལ། རྡུལ་ཚོན་ཡོད་ན་ཨ་ཀཱ་རོའི་སྔགས་ཀྱིས་བསྡུ་བ་སོགས་གསང་བ་སྤྱི་ལྟར་སྤྱད་དོ། །སྔོན་དུས་དར་རྒྱས་ཆེ་ལ་ཡོངས་སུ་གྲགས། །དེང་སང་མཚན་ཙམ་གླེང་བར་ཟད་མོད་ཀྱང་། །ད་རུང་བཀའ་སྲོལ་མ་ནུབ་ཙམ་བྱུང་ན། །ཅི་མ་རུང་སྙམ་དད་བློས་འབད་པ་ཡིན། །སྦྱོར་བ་མཐའ་དག་མ་མཐོང་ཞིང་། །ལག་ལེན་རྒྱུན་ཀྱང་ཕལ་ཆེར་འཆོལ། །རིགས་པས་དཔོགས་པར་མི་བཟོད་པས། །འགལ་འཁྲུལ་བླ་མ་ལྷ་ལ་བཤགས། །རྡོ་རྗེའི་ཁྲོ་རྒྱལ་ཆེ་དང་མི་གཉིས་པའི། །མཐུ་སྟོབས་རྩལ་གྱིས་སྒྲིབ་གཉིས་བག་ཆགས་བཅས། །རྣམ་པར་འཇོམས་པའི་གཟི་བྱིན་རབ་འབར་བས། །འགྲོ་ཁམས་མཐར་ཐུག་བར་དུ་སྣང་བྱེད་ཤོག །ཅེས་པ་འདིའང་རྒྱ་སྡོམ་སྟོན་པ་སེང་གེའི་གསུང་ཉིད་གཞིར་བྱས་པ་ལ། ཡིག་ཆ་རྙིང་པའི་དགོངས་པ་གུང་བསྡེབས་ཏེ་རང་ལུགས་ལ་སྤྱི་འགྲོའི་རིགས་པས་མ་བསླད་པར་ལས་གསལ་ཁྱེར་བདེའི་ཚུལ་དུ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་རྡོ་རྗེ་ཐུགས་ཀྱི་མཁར་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན།


LT31_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན་ཅེས་བྱ་བ་བཞུགས་སོ། །


LT31_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། རབ་དྭངས་ཡེ་ཤེས་རྣམ་བཞིའི་ཆུ་བོ་ཡིས། །གནས་སྐབས་བཞི་ཡི་དྲི་མ་གཏོར་བ་དང་། །སྐུ་བཞིའི་བདུད་རྩི་རྒྱུད་ལ་བླུགས་མཛད་པ། །ཐུགས་རྗེའི་དབང་ཕྱུག་དེ་ལ་ཕྱགས་གྱིའོ། །རྡོ་རྗེའི་གནས་ལ་སོ་སྐྱེའི་བློ་གྲོས་ཀྱིས། །ཚོད་དཔོག་དབང་ཟ་མ་ཡིན་བློ་དམན་རྣམས། །དྲང་དོན་རྩ་བར་བསྡུས་པ་ཆོ་གའི་ཁྲིགས། །འབྲི་ལ་རྩ་བ་གསུམ་གྱིས་གནང་བ་སྩོལ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་རྒྱས་པར་ཐོབ་ནས་རྒྱུད་སྨིན་པའི་གང་ཟག་གིས། ལམ་དུས་ཀྱི་དབང་གི་རྒྱུན་དང་དམ་ཚིག་གསོ་བའི་སླད་དུ་བདག་ཉིད་འཇུག་པའམ། །ལོ་རེ་བཞིན་སྒྲུབ་པ་ཆེན་པོ་བསྟར་ཆགས་པ་དང་འབྲེལ་བར་སྐལ་ལྡན་གྱི་འདུས་པ་དཀྱིལ་འཁོར་དུ་གཞུག་


LT31_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་ལ་དབང་གི་ཆོ་ག་རྒྱས་པར་མི་ལྕོགས་པ་དག་གིས་བསྡུས་པའི་ཚུལ་གྱིས་དབང་བསྐུར་བ་འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། བཤམ་བཀོད་དང་། སྒྲུབ་མཆོད་ཀྱི་རིམ་པའོ། །དང་པོ་ནི། སྒྲུབ་ཆེན་དང་འབྲེལ་ན་སྒྲུབ་ཁོག་ནས་ཇི་སྐད་བཤད་པ་རྣམས་ཚོགས་པར་བྱ་དགོས་ལ། བདག་འཇུག་ལ་སོགས་པའི་སྐབས་སུ་སྟེགས་བཟང་པོར་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་དབུས་མཉྫི་ལ་བུམ་པ་རྒྱན་དང་བཅུད་ལྡན་གྱི་སྟེང་དུ་གཏོར་མའི་རབ་ཁར་ཟླུམ་པོ། དེ་སྟེང་པདྨ་འདབ་བརྒྱད་ཁར་བུམ་པ་པད་སྤུངས་ནོར་བུས་ཁ་བརྒྱན་པ་ཅན་བཞག །རིགས་ལྔའི་སྲོག་ཞུ། ལྷ་དང་ཕྱག་མཚན་སོགས་ཀྱི་ཙཀ་ལི། གླེགས་བམ། ཚེ་གཏོར། བནྡྷ་ཆོས་སྨན་མངར་གསུམ་དང་སྦྱར་བའི་ཆང་། རིག་ཙཀ །ཤེལ་རྡོ་མེ་ལོང་སོགས་


LT31_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་འབྱུང་བའི་དབང་གི་རྫས་རྣམས་བཀོད། མདུན་དུ་སྨན་རག་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། །ལས་བུམ་དུང་ཞལ། མིག་དར། མེ་ཏོག །ཚོགས་ཀྱི་ཡོ་བྱད། མཆོད་གཏོར་གྱི་རིགས་ལེགས་པར་ཚོགས་པར་བྱའོ། །གཉིས་པ་ནི། སྒྲུབ་ཆེན་དབང་དང་འབྲེལ་ན་འཛབ་ཀྱི་སྐབས་སུ་བུམ་པའི་བཟླས་དམིགས་ཁྱད་པར་དུ་སྦྱོར་ཞིང་། རྗེས་གཞན་དོན་དབང་བསྐུར་བའི་སྐབས་སུ་བབས་པ་ན་འདིར་འཇུག །དེ་ལས་གཞན་ཏུ་སྔོན་འགྲོ་ནས་བརྩམ་སྒྲུབ་ཐབས་དཀྱུས་བཞིན་བྱ་བ་ལས། སྟོང་ཉིད་སྤྲོས་བྲལ་དེ་བཞིན་ཉིད་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་རང་རྩལ་རྒྱུའི་ཡི་གེ་ཧྲཱིཿཡིག་ལས། བསྒྲུབ་གཞི་བདག་དང་། སྒྲུབ་རྫས་མདུན་ཏུ་བཤམས་པའི་དཀྱིལ་འཁོར་དང་བཅས་པ་དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་གསལ་བཏབ་ནས་དམ་ཚིག་པ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བཞུགས་སུ་གསོལ། གཞན་འཕྲུལ་དབང་དུ་བྱེད་པ་ལྟར་ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པ་སོགས་ཀྱིས་མཐར་འཛབ་ཁོང་དབྱེ་བ་ནི། བསྒོམས་པའི་དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་རོལ་སྒྲུབ་རྫས་ཀྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་བྱེ་བར་མོས་ལ་བསྙེན་བཟླས་སྤྱིར་སོང་མཚམས། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། ཞེས་དང་། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་།


LT31_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་མཆོད་ཅིང་དགྱེས་པ་བསྐྱེད། སྐུ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབ་པས་བུམ་ཆུ་དང་འདྲེས་པར་གྱུར། ཞེས་མོས་ལ་གཙོ་འཁོར་གྱི་བསྙེན་པ་ཅི་འགྲུབ་བཟླས། ལས་བུམ་ལ་ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། ལས་ཀྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ལས་རྡོ་རྗེ་རྣམ་པར་འཇོམས་པ་དང་དབྱེར་མེད་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སེར། ཕྱག་གཡས་རྒྱ་གྲམ་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་གཡས་བརྐྱང་གི་སྟབས་ཀྱིས་མེ་འབར་བའི་ཀློང་ན་བཞུགས་པ། དམ་ཚིག་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཏུ་གྱུར། །རྣམ་འཇོམས་གཟུངས་ཐུང་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བཟླས། ཁྲོ་བོ་འོད་དུ་ཞུ་བས་བུམ་ཆུ་བར་ཆད་སེལ་བའི་ནུས་པ་དང་ལྡན་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཏུ་གྱུར། དེ་ནས་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་འབུལ། ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་པ་དང་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའོ། །གཞན་འཇུག་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ལས་རུང་དུ་བྱའོ། །བདག་མདུན་དབྱེར་མེད་དུ་བསྒྲུབ་པའི་ཚུལ་འདི་ནི་ཆེས་མཁས་ཤིང་གྲུབ་པའི་སྔ་འགྱུར་རིག་པ་འཛིན་དབང་རྣམས་ཀྱི་དགོངས་པ་ཡུག་གཅིག་ཏུ་གནས་པ་ཡིན་པས། སྐབས་འདི་ཙམ་དུ་མ་ཟད་བཀའ་གཏེར་དག་སྣང་སྤྱིར་སྦྱོར་བའི་གནད་དོན་གལ་པོ་


LT31_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཡིན་པ་ཤེས་པར་བྱ་དགོས་ལ། བདག་མདུན་དབྱེར་མེད་ཅེས་པའི་མིང་ཙམ་ཐོས་ལ་དོན་གནད་སྣང་ལ་མ་ངེས་པ་དག་གིས། །ཚིག་རིས་གཅིག་གིས་བདག་མདུན་མང་པོ་བསྐྱེད་པར་འདོད་པ་སོགས་ནི་བརྗོད་བྱེད་ཚིག་མང་ཉུང་ཙམ་ལས། བསྒོམ་བྱའི་དོན་སྔགས་གསར་མ་ཐུན་མོང་བ་རྣམས་དང་ཁྱད་པར་གང་ཡང་མ་ཞུགས་པ་མ་ཟད། །གསར་མའི་བླ་མེད་ཤིན་ཏུ་ཟབ་པའི་བསྐྱེད་ཚུལ་རྫོགས་པའི་རྣལ་འབྱོར་ཙམ་ལའང་མ་རེག་པས་སྔ་འགྱུར་པའི་དགོངས་པའི་གནད་ལ་མི་ཉེ་བའི་ཚུལ། རྗེ་ཀུན་མཁྱེན་ཆེན་པོས་ཡོངས་འཛིན་དྲིས་ལེན་ཏུ། །བརྗོད་པ་གཅིག་གིས་བདག་མདུན་སོ་སོར་མཉམ་སྒྲུབ་བྱེད་པ་འདི་ཕྱིས་སུ་གྲགས་ཆེ་ཞིང་བྱེད་མཁན་མང་མོད། ཆོ་ག་སོ་སོའི་ཚིག་རིས་དང་སྦྱར་བའི་དང་པོ་བདག་ལྷར་བསྐྱེད་ནས་དེ་ལས་ས་བོན་སྤྲོས་ཏེ་མདུན་བསྐྱེད་བསྒོམ་པ་དང་། དང་པོ་རྒྱུའི་ཏིང་ངེ་འཛིན་གྱི་ས་བོན་གཉིས་བསྒོམས་ནས། དེ་ལས་ས་བོན་སྤྲོས་ཏེ་བདག་མདུན་སོ་སོར་བསྒོམ་པ་གཉིས་ཀའང་གཞུང་དོན་དང་འགལ་བས་འཐད་ལྡན་མ་ཡིན་པའི་ཕྱིར། ཐོག་མར་བདག་མདུན་དབྱེར་མེད་དུ་བསྐྱེད་ཟིན་ནས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་ཏུ་ངོ་བོ་དབྱེར་མེད་ལ་རྣམ་པ་མདུན་བསྐྱེད་ཀྱི་ལྷ་དང་གཞལ་ཡས་ཁང་སོགས་ལམ་མེར་གསལ་འདེབས་པར་མཛད་ན་དོན་དང་མི་འགལ་ཞིང་འཛབ་ཁོང་དབྱེ་བ་དང་ཁྱད་པར་མེད་པས་ལེགས། ཞེས་གསུངས་པ་འདིའང་རྙིང་མ་བྱས་ཕྱིན་གོ་བྱའི་གནད་གལ་པོ་ཆེ་ཡིན་པས་འཕྲོས་སུ་སྨོས་པའོ། །གཉིས་པ་དབང་བསྐུར་བའི་ཆོ་ག་དངོས་ལ་གཉིས། འཇུག་པ་དང་། དབང་བསྐུར་བའོ། །དང་པོ་ནི། ལས་ཀྱི་རྡོ་རྗེས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ་ཞིང་། ཧཱུྃ། དྲི་མེད་


LT31_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཡེ་ཤེས་ཆུ་འདི་ནི༔ ལས་དང་བར་ཆད་སྒྲིབ་སོགས་ཀུན་ཏུ་སྦྱངས༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀ་ཤུདྡྷོ྅ཧཾ༔ ཞེས་དང་། ཡིག་བརྒྱ་བཟླ། བགེགས་གཏོར་ཆབ་བྲ་ན། རྃ་ཡྃ་ཁྃ། ཨ་ཀཱ་རོ་གསུམ་གྱིས་བྱིན་བརླབས། སརྦ་བི།།།ཨཱ་ཀརྵ་ཡ་ཛཿས་བཀུག །སརྦ་བི།།།ན་མ༔ཁཾ་གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྡོས། ཧཱུྃ༔ བྱང་ཆུབ་བསྒྲུབ་ལ་མི་དགའ་བའིཿ མི་དང་མི་མིན་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ གནས་འདིའི་འཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་མི་ཉན་འདས་གྱུར་ན༔ རྡོ་རྗེའི་ཁྲོ་ཚོགས་དཔག་མེད་ཀྱིས༔ ལུས་ངག་ཡིད་གསུམ་བརླག་པར་བྱེད༔ འདིར་འདུག་འཇུག་པའི་གནས་མིན་ཀྱི༔ དེ་བས་མ་འདུག་གཞན་དུ་དེངས༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ ཕཊ༔དང་། སུམྦྷ་ནིའི་སྔགས། རོལ་མོའི་སྒྲ། གུ་གུལ་དུད་པ་སོགས་ཀྱིས་བགེགས་བསྒྲད། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱས། ཆོས་བཤད་ཅི་རིགས་སྔོན་ཏུ་འགྲོ་བའི་མཎྜལ་འབུལ་དུ་གཞུག །གསང་འདུས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར་སྔོན་ཆད་མ་ཞུགས་པའམ། བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་གདོང་གཡོགས་


LT31_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཁ་ཚར་མ་ཉམས་པ་རེ་རེ་ཆིང་བར་མོས་མཛོད། ཨོཾ་ཙཀྵུ་རྦནྡྷ་ཝཱ་ར་མཱ་ཱ་ཡ་སྭཱ་ཧཱ། ཞེས་གདོང་བཅིང་། ཕྱག་རྟེན་མེད་པར་དཀྱིལ་འཁོར་གྱི་ལྷ་དང་མཇལ་དུ་མི་གཏུབས་པས་ཡངས་ཤིང་མཉམས་པའི་མེ་ཏོག་གསར་པའི་ཕྲེང་བ་རེ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་གུས་པ་ཆེན་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧཱུྃ༔ ཐུགས་རྗེ་ཆེ་དང་མཉམ་སྦྱོར་བ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ དབང་ཆེན་དབང་གིས་བདག་ཉིད་ཀྱིས། བདག་ཅག་སྐལ་ལྡན་མཆེད་དང་ལྕམ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡེ་ཤེས་མཆོག་ཐོབ་པར༔ མགོན་པོ་ཁྱེད་ཀྱིས་མཛད་དུ་གསོལ༔ ལན་གསུམ། དམ་ཚིག་གཉན་པོའི་གནས་ལ་སྤྲོ་བ་དྲི་བ་ནི་འདི་ལ་གསན་པར་འཚལ། གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱེད་ཀྱིས་གལ་ཏེ་ཉམས་གྱུར་ན༔ དེ་ནི་ཡང་དག་ཉེས་ཆེན་པོ༔ དེ་བས་ཚུལ་བཞིན་བསྲུང་བ་དང་༔ བཀའ་བཞིན་བསྒྲུབ་པ་ཁྱོད་སྤྲོ་འམ༔ ཁྱེད་རྣམས་སྐལ་པར་མི་ལྡན་ན༔ བདག་ཅག་ཐམས་ཅད་ཉེས་གྱུར་ཏེ༔ དེ་བས་ཕྱི་རུ་དེངས་པར་རིགས༔ ཞེས་དྲིས་པའི་ལན་ཏུ་འདིའི་རྗེས་ཟློས་མཛོད༔ དགོངས་ཤིག་བླ་མ་


LT31_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རྗེ༔ རྡོ་རྗེ་རིགས་མཆོག་ལ་སོགས་པ༔ བདག་ཅག་ཉེ་བར་གྱུར་པ་དེ༔ བཀའ་དང་དམ་ལས་མི་འདའ་སྟེ༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤྲོ༔ སྐུ་དྲིན་ཆེན་པོས་བཟུང་དུ་གསོལ༔ བླ་མས། དེ་ལྟར་ཁ་ཙམ་མ་ཡིན་པར༔ མི་འགལ་རྡོ་རྗེ་དམ་པ་སྲུངས་ན༔ དམ་ཚིག་གི་ནི་རྡོ་རྗེ་ཟུངས༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ དམ་ཚིག་གི་རྡོ་རྗེ་ལ་ཁྱེད་རང་རྣམས་རེ་རེ་བཞིན་འཇུས་ཏེ་ཐ་ཚིག་གི་བྲོ་བོར་བའི་མོས་པས་འདིའི་རྗེས་ཟློས་མཛོད། །ཐ་ཚིག་རྡོ་རྗེའི་མནའ་བོར་འཚལ༔ དམ་ལས་འདའ་ནན་ར་ཀ་ན༔ རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ། མདུན་བསྐྱེད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ནས་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། །བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ འདི་བཟུང་བྱང་ཆུབ་མ་ཐོབ་པར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་སྐྱབས་གསོལ་སྔོན་ཏུ་འགྲོ་བ་ཅན་གྱི་ཐུན་མོངས་དང་ཐུན་མོངས་མ་ཡིན་པའི་སྡོམ་པ་


LT31_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་ལེགས་པར་བཟུང་ཞིང་སྨོན་འཇུག་དོན་དམ་གྱི་བྱང་ཆུབ་སེམས་བསྐྱེད་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྟག་ཏུ་གནས་ཤིང་བསྲུང་༔ དོན་དམ་སེམས་བསྐྱེད་སྡོམ་པ་བཟུང་༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། བདུད་རྩི་དང་ལས་བུམ་གྱི་ཆུ་བསྲེས་པ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་ཉམས་པས་ལུས་ངག་ཡིད༔ རུལ་མྱག་འཚིག་སྟེ་དམྱལ་བར་འགྲོ༔ བསྲུངས་ན་ཡེ་ཤེས་སེམས་དཔར་འགྱུར༔ ཐར་པའི་ས་བོན་མཆོག་ཏུ་གྱུར༔ དེ་ཕྱིར་དམ་ལ་གནས་པར་མཛོད༔ ས་མ་ཡ་པགྴ་སི་ཧཱུྃ༔ རང་རང་གི་སྤྱི་མགྲིན་


LT31_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ལྟེ་བར་གདོད་གནས་ཀྱི་རྡོ་རྗེ་བཞིའི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿསེར་པོ་གསལ་བ་ལ། ལྷ་ཚོགས་རྣམས་ཀྱི་གནས་བཞི་ནས་ཡི་གེ་འབྲུ་བཞི་ཆར་བབས་པ་ལྟར་བྱུང་ནས་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་ཤིང་བརྟན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྗོད་ཅིང་རྡོ་རྗེ་གནས་བཞིར་གཏུགས། དབང་གི་གཞི་འགོད་པ་ཡི་དམ་གྱི་བསྐྱེད་རིམ་ཕོག་ཅིང་ཡེ་ཤེས་ཤེས་པ་འབེབས་པའི་སླད་དུ་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིངས། ཡིད་གཞན་ཏུ་མ་ཡེངས་པ་སྤྱན་དམིགས་འདི་བཞིན་ཏུ་མཛད་འཚལ། མི་དམིགས་སྟོང་པའི་ངང་ཉིད་ལས༔ ཕོ་བྲང་ལྟེ་དབུས་འོད་ལྔའི་ཀློང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རིག་པ་ཡི་གེ་ཧྲཱིཿ དམར་པོ༔ ཕར་འཕྲོས་རྒྱལ་བ་མཉེས་མཆོད་འབུལ༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་དངོས་གྲུབ་རང་ལ་བསྡུས༔ འཁོར་བ་དོང་ནས་སྤྲུགས་པར་བསྒོམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ ཁྱེད་རྣམས་གསང་བ་འདུས་པའི་སྐུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་ཚེ་བུམ་པད་སྡོང་འཛིན༔ རིན་ཆེན་པད་ཕྲེང་རུས་རྒྱན་དང་༔ དར་དཔྱངས་རྒྱན་ཚོགས་དུ་མས་བརྒྱན། ཡུམ་མཆོག་གསང་བ་ཡེ་ཤེས་དམར༔


LT31_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་ཨུཏྤལ་གཡོན་བདུད་རྩི༔ ཟུང་འཇུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཅེར་བུ་རྒྱན་དྲུག་པད་ཕྲེང་འཛིན༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ གཉིས་མེད་ཟུང་འཇུག་དག་ཏུ་བསྒོམས༔ དེ་ལྟར་དུ་གསལ་བའི་སྙིང་གི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་དྲུག་པ། །དེའི་འོག་ཏུ་གཡོ་བྱེད་རླུང་གི་ས་བོན་ཡཾ་ཡིག་གིས་མཚན་པ༔ དེའི་སྙིང་དཀྱིལ་དུ་ཡེ་ཤེས་སེམས་དཔའ་བསྒོམས་པ་དང་འདྲ་བ་ཚོན་གང་བའི་ཐུགས་ཀར༔ པད་འདབ་དྲུག་ལ་ཡི་གེ་དྲུག༔ ལྟེ་བར་ཡི་གེ་ཧྲཱིཿ གསལ་བ་ལ༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ཡཾ་ཡཾ་ཡཾ་ཡཾ༔ ཞེས་བརྗོད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་ཧྲཱིཿ དང་ཡཾ་འཕྲོས་སློབ་མའི་ཐུགས་ཀར་ཡིག་འབྲུ་ལ་ཕོག་པསཿ ཡཾ་ལས་རླུང་རེ་རེ་གཡོས་པས་འཁོར་ལོ་རྩིབས་དྲུག༔ སྙིང་གའི་ཡེ་ཤེས་སེམས་དཔའ་དང་བཅས་དྲག་ཏུ་འཁོར་བ་ལ༔ རིག་པ་རྩེ་གཅིག་ཏུ་གཏད་ཅིང་༔ ཡེ་ཤེས་སེམས་དཔའི་ཧྲཱི༔ལས་འོད་ཟེར་ཕྱོགས་བཅུར་ཁྱབ་ཅིང་༔ སྤྱིར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་༔ ཁྱད་པར་དུ་པོ་ཊ་ལ་ནས་ཡེ་ཤེས་པ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་༔ འོག་མིན་ནས་རྒྱལ་བ་རིགས་ལྔའི་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་ལྟར་འཐིབ་འཐིབ་ནམ་མཁའ་ལ་བྱོན་ནས༔


LT31_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་སྤྱི་བོ་ནས་མར་ཐིམ་ཞིང་ཁྱད་པར་དུ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་སྒོམས་ཤིག༔ འབེབས་པའི་རྫས་དུད་དང་། དབྱངས་རོལ་བཅས་པས། ཧཱུྃ་ཧྲཱིཿ རྣམ་དག་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ མ་འགགས་ཐུགས་རྗེའི་རང་བཞིན་གཙོ་དང་འཁོར༔ གནས་འདིར་སྐུ་གསུང་ཐུགས་སུ་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ ཧྲིང་ཧྲིང་བཛྲ་ས་མ་ཡ་ཛཿ ས་མ་ཡ་སྟཾྭ༔ ས་མ་ཡ་ཧྲིང་༔ ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཅེས་མ་ཕེབ་བར་དུ་དབབ། དེ་ལྟར་ལྷའི་ཏིང་ངེ་འཛིན་དང་ཡེ་ཤེས་པ་ཕབ་པ་དེ་དག་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་ཅིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་གཞག་ལ། ཨོཾ་ཧྲཱིཿ སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྟན་པར་བྱས། ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་དོར་བ་ནི། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ལས་ཀྱི་འཕྲོ་གང་ལ་ཡོད་པའི་དཀྱིལ་འཁོར་གྱི་ལྷ་ལ་ཕོག་པར་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་མཛད་པ་དང་ལྷན་ཅིག་དོར་བར་ཞུ། ཧོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་དང་ཐུགས་རྗེ་ཟུང་འབྲེལ་པ༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་གཙོ་བོའི་དབུ་ལ་ཕོག་པ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་


LT31_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་བའི་མོས་པ་མཛོད། །པྲ་ཏི་གྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཀྱི་པདྨའི་དཔལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ལས་ཀྱི་རྡོ་རྗེས་བསྐོར་བ་དང་བཅས་གསོལ་བ་གདབ་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོཿ ལས་དང་སྐལ་པར་ལྡན་པ་རྣམསཿ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས༔ རྡོ་རྗེ་སློབ་དཔོན་མཆོག་གིས་བཟུང་༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ མ་རིག་རྨོངས་པའི་ལིང་ཐོག་སོལ༔ དག་པའི་ཞིང་ཁམས་བསྟན་དུ་གསོལ༔ མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་མཛོད། ང་ནི་ཐར་པའི་ལམ་སྟོན་ཏེ༔ ཁྱོད་ཀྱི་མ་རིག་བསལ་བར་བྱ༔ གསང་བ་འདུས་པའི་དཀྱིལ་འཁོར་ལྟོས༔ ལམ་མཆོག་སྙེད་དོ་སྤྲོ་བ་བསྐྱེད༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། འདི་ལྟར་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཏེ། འདིས་མཚོན་བྱ་དོན་དམ་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་གྲུབ་བའི་ནང་དུ། དྲི་མེད་པདྨའི་སྡོང་པོ་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་ཐིག་ལེའི་སྦུབས་སུ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་གསང་བ་གཅིག་ཏུ་འདུས་པ་བཅོམ་ལྡན་


LT31_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གསང་བ་ཡེ་ཤེས་ཡུམ་དང་མཉམ་པར་སྦྱོར་ཞིང་རིགས་བདག་ཡེ་ཤེས་སེམས་དཔའ་སྤྲུལ་པའི་སྲས་དང་བཅས་པའི་ཕྱི་རོལ་ཏུ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཐུབ་པ་དྲུག །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། སྒོ་སྲུང་ཧེ་རུ་ཀ་རིགས་བཞི། ཕྱིའི་འཁྱམས་ལ་ལྷ་དང་རིག་འཛིན་མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་དཔག་ཏུ་མེད་པ་དང་བཅས་པ་སྟེ། མདོར་ན་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས། འདུས་མ་བྱས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཀུན་ཏུ་འོད་ཀྱི་རང་བཞིན་རྣམ་པར་འཁྱིལ་ཞིང་ཕྱི་ནང་ཟང་ཐལ་ཆེན་པོར་ཡོངས་སུ་རྫོགས་པ། ཐུགས་རྗེའི་རང་བཞིན་ཆོས་དབྱིངས་རང་བྱུང་ཡེ་ཤེས་སྙིང་པོ་ཅན་གྱི་རྟེན་དང་བརྟེན་པ་ཐམས་ཅད་མངོན་སུམ་དུ་མཇལ་བའི་མོས་པ་དང་གུས་པ་བསྐྱེད་མཛོད། དེས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་བསྐུར་བ་དངོས་ལ་ལྔ། བུམ་གསང་ཤེར་ཡེ་ཚིག་དབང་མཐའ་རྟེན་ནོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །སློབ་མ་ལྷར་གསལ་བའི་སྤྱི་བོའི་གནས་ལྔར་ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ ཡེ་ཤེས་ལྔའི་ངོ་བོར་གསལ་བ་ལས་འོད་ཟེར་འཕྲོས་པས་སྣོད་དུ་མི་རུང་


LT31_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེས་པ་ཐམས་ཅད་སངས་ཀྱིས་སྦྱངས་ནས་རྣམ་དག་ལྷའི་སྐུར་གྱུར། བུམ་པ་རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་པར་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། སྒོ་གསུམ་གྱི་དྲི་མ་སྦྱངས། །རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་སྐྱེད་པར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་སྐུ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ གསང་འདུས་ཐུགས་རྗེའི་ལྷ་ཚོགས་བཞུགས༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུད༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག །བུམ་ཆུ་སྦྱིན། རིགས་ལྔའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུགས་པས་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པར་གྱུར། ཧཱུྃ༔ ཕྱག་རྒྱའི་དབང་བསྐུར་ཡོངས་རྫོགས་དཔལ༔ སྐུ་ལྔ་ལྷུན་འགྲུབ་ཡེ་ཤེས་མཆོག༔ མ་ལུས་འདུས་པ་ཆེན་པོ་ཡི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཏྲཱྃ༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱ༔ ཞེས་ཕྱག་རྒྱའི་དབང་བསྐུར། བུམ་སྒྲུབ་སྐབས་རིལ་བུ་བུམ་པ་ཐོགས་ལ། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་


LT31_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་དུ་རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དཔག་ཏུ་མེད་པ་མངོན་སུམ་བཞིན་ཏུ་བཞུགས་པའི་གནས་བཞི་ནས་རྡོ་རྗེ་བཞིའི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་འཇའ་ཟེར་ཐིག་ལེའི་རྣམ་པར་བྱོན། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས། ཐོག་མེད་ཀྱི་སྒྲིབ་པ་བག་ཆགས་མ་ལུས་པ་མུན་ཁང་དུ་སྒྲོན་མེ་བཏེགས་པ་བཞིན་སྐད་ཅིག་ལ་བྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐོབ་པར་མོས་མཛོད། ཧཱུྃ༔ རང་བྱུང་ཐུགས་རྗེ་དབང་གི་ལྷ༔དུང་ཕྱུར་བྱེ་བ་དཔག་མེད་བཞུགས༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ༔ འགག་མེད་རྡོ་རྗེ་ཚངས་པའི་གསུང་༔ ཡན་ལག་རྒྱ་མཚོའི་ཆོས་སྒྲ་སྒྲོགས༔ གསུང་དབང་ངག་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་གསུང་ཐོབ་ཤོག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿ སྨྲ་བསམ་བརྗོད་མེད་སྤྲོས་བྲལ་ཐུགས༔ ཕྱོགས་བྲལ་རྒྱལ་བའི་ཐུགས་རྡོ་རྗེ༔ ཐུགས་དབང་སེམས་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་ཐུགས་ཐོབ་ཤོག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྱི་ཡེ་ཤེས་ཀུན་རྒྱས་ཀྱང་ཿ མ་རིག་གཟུང་


LT31_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བག་ཆགས་འཐས༔ ངོ་མཚར་རྨད་བྱུང་མཆོག་གི་རྫས༔ བག་ཆགས་རྣམ་རྟོག་སྦྱོང་བྱེད་ཅིང་༔འདི་ཡིས་མངོན་པར་སངས་རྒྱས་ཐོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ ཐམས་ཅད་མ་ལུས་དབང་ཐོབ་ནས༔ རྣམ་གྲོལ་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧྲཱིཿ ཨཱཿ བུམ་པ་གནས་བཞིར་གཏུགས། རིལ་བུ་གསུམ་རེ་བུམ་ཆུས་འཕུལ་ལ་མིད་དུ་གཞུག །རིལ་བུ་ཡེ་ཤེས་སེམས་དཔའ་དངོས་སུ་གསལ་བ་དེ་ཉིད་ཁྱེད་རང་དམ་ཚིག་པ་ལ་ཐིམ་པས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དངོས་སུ་གྱུར་ནས་ནམ་མཁའ་ཇི་སྲིད་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཙཀ་ལི་རྣམས་རིམ་བཞིན་ཐོགས་ཏེ་གནས་སོ་སོར་བསྐུར་ལ། ཞི་བའི་རྒྱན་རྣམས་བྱིན་པས་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་པར་གྱུར། ཧཱུྃཿ ཅོད་པན་རིན་ཆེན་དབུ་རྒྱན་དང་༔ ཕྲེང་བ་སྙན་ཆ་མགུལ་ཆུ་དང་༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ སྟོད་གཡོག་སྨད་དཀྲིས་གདུ་བུ་བཅས༔ ཡོངས་སུ་རྫོགས་པའི་དབང་ཡང་བསྐུར༔ བཛྲ༔ བུདྡྷཿ རཏྣཿ པདྨ༔ ཀརྨ་མུ་ཀུ་ཊ་ཏྲཱྃ་ཨ་བྷི་ཥིཉྩ་ཨཱ༔ སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ལྔ་ཡབ་ཡུམ་ལྔའི་ཕྱག་རྒྱ་བྱིན་པས་སྐུ་ལྔ་ཡེ་ཤེས་


LT31_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་ཡབ་ལྔའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ཏོག་ཕྲེང་བ་སྐྱོན་དང་བྲལ༔ ཤེས་རབ་དྲིལ་བུ་ཆོས་སྒྲ་སྒྲོགས༔ རིགས་ཀྱི་ཡུམ་ལྔའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་དུ་བཞུགས་པའི་འཁོར་གྱི་ལྷ་སོ་སོ་ལས་རང་འདྲའི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་སྤང་བྱ་གནས་སུ་དག །རྟོགས་པའི་ཡེ་ཤེས་མངོན་ཏུ་བསྐྱེད་པར་གྱུར། ཧཱུྃ༔ རྡོར་སེམས་ཐུགས་ཀྱི་དབང་མཆོག་བསྐུར། བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ རྣམ་སྣང་སྐུ་ཡི་དབང་མཆོག་བསྐུར༔ བྷུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ སྣང་མཐའ་གསུང་གི་དབང་ཡང་བསྐུར༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ རིན་འབྱུང་ཡོན་ཏན་དབང་ཡང་བསྐུར༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དོན་གྲུབ་ཕྲིན་ལས་དབང་ཡང་བསྐུར༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཇམ་དཔལ་ཐུགས་རྗེ་རྡོ་རྗེ་སེམས༔རྡོ་རྗེ་འཆང་བཞིས་དབང་ཡང་བསྐུར༔ བདུད་བཞི་བཅོམ་ནས་དབང་བཞི་ཡི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ ཨཱརྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔


LT31_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སཏྭ་ཧཱུྃཿ མ་ཧཱ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ མིག་དང་རྣ་བ་སྣ་དང་ལྕེཿ དབང་པོ་ལྔ་པོ་གནས་དག་པའིཿ སེམས་དཔའ་རྣམས་ཀྱི་དབང་ཡང་བསྐུར༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟར་དག༔ སྐྱེ་མཆེད་ལྔ་པོ་ཚིམ་བྱེད་པའིཿ སེམས་མ་རྣམས་ཀྱི་དབང་ཡང་བསྐུར༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་མཱཾཿ ཧཱུྃ༔ རྒྱུ་དྲུག་གནས་སུ་དག་པའི་ཕྱིར༔ ཐུབ་པ་དྲུག་གི་དབང་ཡང་བསྐུར༔ རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ གང་འདུལ་འགྲོ་བ་འདྲེན་པའི་ཕྱིར༔ སངས་རྒྱས་སྟོང་གི་དབང་ཡང་བསྐུར༔ མཛད་པའི་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་བྷུདྡྷསརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ གཏོར་མ་ཐོགས་ལ། གཏོར་མ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་བ་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན་བབ། གནས་བཞིར་ཐིམ། སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་བཞི་མངོན་ཏུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར། ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྒྱལ་བའི་སྤྲིན་ཚོགས་གཏིབས༔ ཐུགས་རྗེ་སྤྲུལ་སྐུ་བླ་ན་མེད༔ གཏོར་མ་སྐུ་གསུམ་ཡོངས་རྫོགས་དཔལ༔


LT31_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་དབང་བཞི་ཡོངས་རྫོགས་ནས༔ འབྲས་བུ་སྐུ་བཞི་མཆོག་ཐོབ་ཤོག༔ སྤྱི་བོར་བཞག་ལ། ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ མགྲིན་པར། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ ལྟེ་བར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ གཙོ་བོའི་སྐུ་སྤྱི་བོར། གླེགས་བམ་བདུད་རྩི་མགྲིན་པ། མེ་ལོང་སྙིང་གར་བཞག་ལ། སློབ་མ་རྣམས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐུ་ཤིན་ཏུ་གསལ་ཞིང་རྫོགས་པ་ལ། དཀྱིལ་འཁོར་གྱི་གཙོ་བོ་ལས་རང་འདྲ་གཉིས་པ་འཕྲོས་ཏེ་ཐིམ། ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་། སྤྲོས་བྲལ་ཀ་དག་གི་དོན་རྒྱུད་ལ་སྐྱེས་པ་འགྱུར། ཧཱུྃ༔ མི་འགྱུར་ཆོས་ཀྱི་དབྱིངས་ཀྱི་སྐུ༔ གསུང་ནི་མི་འགགས་ཆོས་ཀྱི་གསུང་༔ ཐུགས་ནི་སྐྱེ་མེད་ཆོས་སྐུའི་ངང་༔ བསྐྱེད་རིམ་གསལ་སྟོང་ཟུང་དུ་འཇུག༔ བཟླས་པ་གྲགས་སྟོང་འགག་མེད་སྒྲ༔ རྫོགས་རིམ་སྤྲོས་བྲལ་བློ་ལས་འདས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་མ་ི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ བླ་མ་གསང་འདུས་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རང་སྒྲ་འོད་ཟེར་དང་བཅས་པ་བྱོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པར་མོས་ལ་ཡི་གེ་བདུན་པའི་རྗེས་ཟློས་ལན་གསུམ་གསུང་འཚལ། །


LT31_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་སྒྲེལ་ལ་ཡིག་བདུན་ལན་གསུམ་རྗེས་ཟློས་བྱར་གཞུག །ཕྲེང་བ་མགྲིན་པར་བཞག །རྒྱལ་བ་ཐམས་ཅད་ཀྱི་གསུང་གི་གསང་བ་བསམ་མི་ཁྱབ་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་ཐོབ་ནས། བསྙེན་སྒྲུབ་རྣམ་པ་བཞིས་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཅིག །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྣང་སྟོང་བསྐྱེད་རིམ་བསྒོམ་པ་ལ་དབང་། ཚོགས་སྦྱོར་གྱི་ནུས་པ་བཞག །སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་ཏུ་བྱེད་པའི་སྐལ་པ་ཅན་ཏུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་སེམས་བདུད་རྩིའི་རྒྱུན་མཁའ་གསང་ལས་ཕྱུང་སྟེ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ལ་བྱིན་པས་རྩ་ཁམས་མཐར་ཐུག་པར་ཡེ་ཤེས་བདུད་རྩིས་གང་ནས་སྒྲིབ་བྲལ་དུ་བྱས་ཏེ་བདེ་བ་ཆེན་པོས་ཁྱབ་པར་གྱུར། བནྡྷའི་བདུད་རྩི་བྱིན་ལ། ཧཱུྃ༔ གསང་བ་ཡེ་ཤེས་བདུད་རྩི་ཆེ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ རྩ་ཁམས་བདེ་བའི་རང་བཞིན་ལ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ བྷོ་དྷི་ཙིཏྟ་ཨ་ཧོ་སུ་ཁ་ཨཱཿ དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་


LT31_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། ངག་གི་དྲི་མ་དག །གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་བསྒོམ་པ་ལ་དབང་། མཐོང་ལམ་གྱི་ནུས་པ་བཞག །གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་ཏུ་བྱེད་པའི་སྐལ་པ་ཅན་ཏུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་དབང་ནི། མཚན་ཉིད་དང་ལྡན་པའི་རིག་མ་ལག་གཡོན་ཏུ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་འཁོར་ལོ་བཞིའི་གནས་སུ་ལས་བབ་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་མངོན་ཏུ་བྱས་པར་མོས། རིག་ཙཀགཏད་ལ། ཧཱུྃ༔ ཤེས་རབ་མཚན་ལྡན་བཀྲ་ཤིས་ཡུམ༔ འབྲས་བུ་བདེ་ཆེན་ལས་ཀྱི་རྒྱ༔ མཆོག་ཏུ་དགའ་བའི་གནས་སྟེར་མ༔ འདི་ཁྱེར་དགའ་བའི་བརྟེན་ལ་སྤྱོད༔ འཁོར་ལོ་བཞི་རུ་དབབ་ཟློག་བཟུང་༔ ངོ་བོ་ལྟོས་ལ་གྲོལ་བར་མཛོད༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །བདེ་སྟོང་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒོམ་ལམ་གྱི་ནུས་པ་བཞག །ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་ཏུ་བྱེད་པའི་སྐལ་པ་ཅན་ཏུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། ཤེལ་དང་མེ་ལོང་བསྟན་ཅིང་སྙིང་གར་བཞག་ལ། སྔར་གསུམ་པའི་དབང་དུས་སུ་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོ་ལ་མཉམ་པར་བཞག་པས། ངོ་བོ་གང་དུའང་མ་གྲུབ་པའི་


LT31_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་སྟོང་པ་ཉིད། རང་བཞིན་འགག་མེད་ལྷུན་གྲུབ་རང་རིག་རང་གསལ། ཐུགས་རྗེའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཅི་ཡང་འཆར་བ། དེ་གསུམ་ཐ་དད་མ་ཡིན་པ་རང་གི་སེམས་ཉིད་ཀྱི་ངོ་བོར་གཅིག་ཏུ་རྫོགས་པའི་དོན་རང་བྱུང་གི་ཡེ་ཤེས་ཉིད་བརྡ་འདི་དག་གིས་ཀྱང་མཚོན་པར་གྱིས་ཤིག །ཧཱུྃ༔ མེ་ལོང་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ཤེལ་སྒོང་ལྟར་དག་དྲི་མེད་ཐུགས༔ ཀ་དག་ཐུགས་ཀྱི་དབང་བསྐུར་རོ༔ ཆོས་དབྱིངས་སྤྲོས་བྲལ་དབང་ཐོབ་ཤོག༔ ཙིཏྟ་བཛྲ་ས་མ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པའི་རྩལ་དབང་ནི་རྣམ་སྣང་ཆོས་བདུན་བཅས་ལ། སློབ་མ་ཐུགས་རྗེ་ཆེན་པོ། སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས། ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་བཅས་པར་གསལ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧྲཱིཿ ཡིག་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏོད་མཛོད། ཧཱུྃ༔ སྟོང་གསལ་རིག་ཅིང་མ་འགགས་གསལ༔ མི་བསྒོམས་མ་ཡེངས་ངང་ལ་ཞོག༔ རང་བྱུང་རྩལ་དབང་ཡོངས་རྫོགས་དཔལ༔ བསྐུར་ཐོབ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་ཙིཏྟ་བཾ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་ཡང་གསང་དོན་དམ་པའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །རིག་སྟོང་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། མཐར་ལམ་གྱི་ནུས་པ་


LT31_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་ཏུ་བྱེད་པའི་སྐལ་པ་ཅན་ཏུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་གྱི་དབང་ནི། གནས་གསུམ་དུ་ཕྱག་རྒྱ་གསུམ་བཞག་ལ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་སྐུ་གསུང་། ཐུགས་སུ་སྨིན་པ་དེ་ཉིད་རྒྱལ་བ་ཐམས་ཅད་ཀྱི་གསང་བ་གསུམ་དང་རོ་མཉམ་ཞིང་འགྱུར་བ་མེད་པར་བྱིན་གྱིས་བརླབས་པར་གྱུར། ཨོཾ་ཨཱཿཧཱུྃཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས༔ གསང་གསུམ་ཕྱག་རྒྱས་དབང་བསྐུར་བས༔ སྒོ་གསུམ་འཛིན་པ་རྣམ་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། མེ་ཏོག་འཐོར་ལ། ཨོཾ༔ དབང་བསྐུར་བྱིན་རླབས་ཡོངས་རྫོགས་ཀྱིས༔ ལུས་ངག་ཡིད་གསུམ་ལྷར་གྱུར་བའི༔ འཁོར་འདས་ཆོས་ལ་དབང་བསྒྱུར་བའི༔ དབང་དང་དངོས་གྲུབ་རབ་གནས་ཤོག༔ ཡེ་དྷར་བརྗོད་ལ་བརྟན་པར་བྱས། ཚོགས་ཀྱི་བཟའ་བཏུང་བྱིན་ལ། དམ་ཚིག་གི་བཟའ་བཏུང་ལ་ལོངས་སྤྱོད་པས་འཁོར་འདས་ཐམས་ཅད་རང་བྱུང་ཟག་མེད་བདེ་བ་ཆེན་པོའི་འདོད་ཡོན་ལ་ཅི་བདེར་རོལ་བའི་མཐུ་ཐོབ་པར་གྱུར། ཧོཿ ཞལ་ཟས་ཚོགས་ཀྱིས་དབང་བསྐུར་བས༔ སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཏེ༔ རྟག་ཏུ་ལོངས་སྤྱོད་འབྱོར་པར་ལྡན༔ ནམ་མཁའ་མཛོད་ལ་མངའ་བརྙེས་ཤོག༔ ཨོཾ་བཛྲ་ཨཱ་ཡུཿ ཤྲཱི་


LT31_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨ་བྷི་ཥིཉྩ་ཨཱ༔ སརྦ་སིདྡྷི་གུ་་ཕ་ལ་ཨ་བེ་ཤ་ཡ་ཨཱཿ བཀྲ་ཤིས་རྫས་བརྒྱད་གཏད་ལ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་རྫས་མཆོག་བརྒྱད་ཕྱག་ཏུ་གཏད་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པར་གྱུར། །ཧཱུྃ༔ ཡུངས་ཀར་དཱུརྦ་བིལ་བ་དང་༔ ལུང་ཏོང་ཙེ་དང་ལི་ཁྲི་དང་ཿ གི་ཝྃ་ཞོ་དང་མེ་ལོང་དང་༔ འབུད་དུད་རྣམས་ནི་ཁྱོད་ལ་གཏད༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཤོག༔ སྭ་སྟི་སརྦ་སིདྡྷིཿ དྷརྨཱ་པ་ཏི༔བྷྲཱུྃ་བྷྲཱུྃ་བྷྲཱུྃཿ ཨ་བྷི་ཥིཉྩ་ཨཱཿ ཚེ་གཏོར་ཐོགས་ལ། ཚེ་འབྲང་འདི་ཉིད་བཅོམ་ལྡན་འདས་ཚེ་དཔག་མེད་དངོས་སུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས། ཕྱག་གི་བུམ་པར་ཞུགས། དེ་ལས་བབ་པའི་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། ཧཱུྃ༔ གསང་འདུས་ཐུགས་རྗེ་ཚེ་དཔག་མེད༔ ཅིས་ཀྱང་མི་འགྱུར་མི་ཤིགས་པ༔ ཚེ་སྲོག་བླ་ཁུག་རྒྱས་ཐོབ་ལ༔ འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨཱ་ཡུ་།།།ན་གཡུ་ཚེ་བྷྲཱུྃ༔ ཨ་མཱ་ར་་ཡ་ཧཱུྃ་བྷྲཱུྃ་སྭཱ་ཧཱ༔ ཨཱ་ཡུཿཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སིངྡྷི་ཕ་ལ་ཧཱུྃ༔ ཧོཿ ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ མི་


LT31_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག༔ ཚེ་སྲོག་རྡོ་རྗེའི་བྲག་བས་སྲ་ཞིང་བརྟན་པར་གྱུར་ཅིག༔ ལེགས་འོངས་སྐལ་ལྡན་བུ་མཆོག་རྣམས༔ ཡིག་བདུན་འདྲེན་ལ་བརྩོན་པ་བསྐྱེད༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་རྫོགས༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུ་བསིལ་ནས་བགྲང་ན་ཟད༔ ཡིག་བདུན་ཡོན་ཏན་ཟད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ ཡོན་ཏན་བརྗོད་པར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚད༔ བསྲང་བར་ནུས་ཀྱི་ཡིག་བདུན་པོ༔ གཅིག་བརྗོད་ཡོན་ཏན་བགྲང་མི་ནུས༔ ཡིག་བདུན་དབང་དང་ལུང་ཐོབ་མི༔ ལས་དང་ལས་ཀྱི་རྣམ་སྨིན་རུང་༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལས་བྱང་བར་བྱེད༔ ཡང་སྙིང་ཡིད་ལ་


LT31_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་སེལ་ཞིང་འགྲོ་བ་འདུལ༔ ཡང་སྙིང་མཐོང་ཐོས་དྲན་རེག་རུང་༔ བསྒོམ་བཟླས་འབྲི་འཆང་སྟོན་པ་རྣམས། ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ཅེས་རྡོ་རྗེའི་ཚིག་གིས་གསལ་བར་བསྟན་པའི་དོན་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་ལ། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བཞི་མཐའ་རྟེན་དང་བཅས་པ་ཐོབ་པའི་གཏོར་རག་ཏུ་མཎྜལ་འབུལ་འཚལ། མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དགེ་རྩ་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གསུང་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོ། ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་མན་ཆད་རྗེས་ཀྱི་རིམ་པ་ལས་བྱང་གི་དཀྱུས་བཞིན་བྱས་ལ་མཐར་དབྱུང་ངོ། །རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་རྫོགས་ཐོབ་པ་དག་གིས་འདི་ཉིད་བདག་འཇུག་གི་ཆོ་གར་བྱར་རུང་ཞིང་། དེའི་ཚེ་མཚམས་སྦྱོར་ཕལ་ཆེར་དོར་བ་དང་། གཤམ་གྱི་ཡིག་བདུན་ཕན་ཡོན་རྒྱུད་ཚིག་ཀྱང་བརྗོད་མི་དགོས་པས་མཚོན། ཕྲན་བུའི་བསྒྱུར་སོ་རིག་པས་འཕྲུལ། སྒྲུབ་དབང་བལྟར་ཆགས་སོགས་ལ་འདི་ཉིད་ནག་འགྲོས་སུ་ཀློག་པས་འཐུས་སོ། །


LT31_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཟོ་ཁོ་ན་མ་ཡིན་རྩ་བའི་ཁུངས། །རྒྱུད་ཉིད་ལ་བརྟེན་གཏེར་གཞུང་དགོངས་པ་བླངས། །ཁྱེར་བདེར་བསྡེབས་ཀྱང་བྱིས་བློས་ནོངས་པ་ཀུན། །ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་ལ་བཤགས། །དགེ་བས་འདི་ལ་འབྲེལ་བ་ཐོགས་ཚད་ཀུན། །དཔག་མེད་འོད་མངའ་བདེ་བ་ཅན་ཞིང་དུ། །སྲས་བཅས་རྒྱལ་བའི་། ཐུགས་རྗེའི་མཐུས་དྲངས་ཏེ། །ཡོངས་སྨིན་རྣམ་ཐར་རྒྱ་མཚོའི་སྤྲིན་བཀོད་ཤོག །ཅེས་པ་འདིའང་ལང་གྲོ་ལོ་ཙཱ་གང་འདུལ་གྱི་རོལ་པར་སྣང་བ། རྗེ་དཔོན་བསམ་འཕེལ་མཆོག་གི་སྤྲུལ་པའི་སྐུའི་འགྲོ་དོན་མཁའ་ཁྱབ་ཀྱི་བཞེད་སྐོང་སླད་དུ། །པདྨའི་འབངས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད། འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་གི་སྒོ་མོ་དེ་བཱི་ཀོ་ཊེ་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་སྙིང་པོ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་གཞན་ཕན་མཐའ་ཡས་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ།


LT31_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ་བཞུགས་སོ། །


LT31_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ཀྱིས་ཁྱབ་པའི་རྟོག་འཁྲུལ་རྨོངས་པའི་སེམས་ཅན་ཕ་མར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་གི་སྒོར་ཞུགས་ཤིང་གྲོལ་བྱེད་ལམ་གྱི་རིམ་པ་ཟབ་མོ་ལ་ཅི་ནས་ཀྱང་བསླབ་པར་བྱའོ་སྙམ་པ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ཅིང་། ཆོས་གསན་པའི་ཀུན་སྤྱོད་རྣམས་ཀྱང་ཚུལ་བཞིན་ཏུ་མཛད་ནས་གསན་པར་ཞུ། དེ་ལ་ཉན་པ་པོ་སྤྲོ་བ་བསྐྱེད་པ་དང་། སྐབས་དོན་དངོས་བཤད་པ་གཉིས་ལས། དང་པོ་ལོ་རྒྱུས་མདོ་ཙམ་སྨོས་ན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་དམིགས་པ་མེད་པའི་ཐུགས་རྗེའི་ཡེ་ཤེས་གཅིག་ཏུ་འདུས་པའི་རང་གཟུགས་ལ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཅེས་གྲགས་པ་ཡིན་ལ། དེ་ནི་སྙིང་རྗེའི་སྟོབས་རྒྱལ་དང་རྒྱལ་སྲས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པས་ཐུགས་རྗེ་ཆེན་པོ། །སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་རྒྱ་མཚོ་མཁའ་ཁྱབ་ཏུ་སྤྲོ་བས་རྒྱལ་བ་རྒྱ་མཚོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གསང་བ་གཅིག་ཏུ་འདུས་པས་གསང་བ་འདུས་པ། སྲིད་ཞི་ཀུན་ཏུ་ཁྱབ་པའི་ཆོ་འཕྲུལ་ཆེན་པོའི་རོལ་གར་མཐའ་ཡས་པ་སྒྱུར་བས་གར་གྱི་དབང་ཕྱུག །འཁོར་བ་


LT31_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དོང་ནས་སྤྲུགས་པའི་ཕྲིན་ལས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་དབང་དུ་མཛད་པས་འཇིག་རྟེན་དབང་ཕྱུག །མཁའ་ཁྱབ་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་སྙིགས་མ་ལྔ་དང་ལྡན་པའི་ཞིང་རྣམས་སུ་སྙིང་རྗེའི་སྤྱན་གྱིས་རྟག་ཏུ་གཟིགས་པས་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་དོན་གྱི་ཡོན་ཏན་ལས་གྲགས་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་པ་ཞིང་ཁམས་ཀུན་ཏུ་ཁྱབ་པ་འདི་ཉིད། རྒྱལ་བ་ཆོས་སྐུའི་དུས་ན་ཐོག་མའི་མགོན་པོ་གཟི་བརྗིད་འོད་དཔག་ཏུ་མེད་པ། །ལོངས་སྐུའི་དུས་ན་རྣམ་སྣང་གངས་ཆེན་མཚོ་པདྨའི་སྣང་བ་རབ་ཏུ་རྒྱས་པ། སྤྲུལ་སྐུའི་དུས་ན་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ལོ་ཀེ་ཤྭ་ར་དང་། ཕྱག་སྟོང་སྤྱན་སྟོང་ལ་སོགས་པ་ཞི་བ་དང་། དཔལ་ཆེན་རྟ་མཆོག་རྒྱལ་པོ་སོགས་ཁྲོ་བོ་དང་། རྒྱལ་བ་རྒྱ་མཚོ་གསང་བ་འདུས་པ་སོགས་གསང་ཆེན་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་རྣམས་དང་། གསང་བ་ཡེ་ཤེས་དང་འཕགས་མ་སྒྲོལ་མ་སོགས་ཤེས་རབ་ཀྱི་ཆ་ལས་གང་འདུལ་གྱི་སྐུར་སྣང་བ་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་ཛམྦྷ་ལ་དཀར་པོ་སོགས་ཐུགས་རྗེ་ཤིན་ཏུ་མྱུར་བས་འདོད་རྒུ་ཐོགས་མེད་དུ་སྩོལ་བའི་རྣམ་འཕྲུལ་རྒྱ་མཚོའི་སྤྲིན་ཆེན་འཁོར་བ་ཇི་སྲིད་དུ་ཟད་པ་མི་མངའ་བས་ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པར་གཏམས་ཤིང་། སྐལ་པ་ཤིན་ཏུ་དམན་པས་གདུལ་དཀའ་བ་


LT31_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། གཟུགས་བརྙན་མཐོང་གྲོལ། རིག་སྔགས་བཟླས་གྲོལ། ཏིང་འཛིན་དྲན་གྲོལ། ཕྱག་རྒྱ་རེག་གྲོལ། དམ་རྫས་མྱོང་གྲོལ། ཟབ་དོན་ཐོས་གྲོལ། བདུག་སྤོས་ཚོར་གྲོལ་སོགས་རྒྱལ་བ་གཞན་ལས་ཁྱད་པར་དུ་མས་འཕགས་པའི་ཕྲིན་ལས་ཀྱི་སྒོ་མཐའ་ཡས་པ་ལ་དབང་བསྒྱུར། ཁྱད་པར་རྒྱལ་བས་ཞབས་ཀྱིས་མ་གཅགས་པ་གདོང་དམར་མུན་པའི་གླིང་བོད་ཁ་བ་ཅན་གྱི་ལྗོངས་འདི་ནི་འཕགས་མཆོག་འདི་ཉིད་ཁོ་ནའི་འདུལ་ཞིང་ཡིན་པས་ཐོག་མར་བདེ་འགྲོའི་ས་བོན་བསྐྲུན། རིམ་པར་ཆོས་སྐྱོང་བའི་རྒྱལ་བློན། མཁས་གྲུབ་དགེ་བའི་བཤེས་གཉེན། སྐྱེ་བོ་ཕལ་པ་བྱ་དང་རི་དྭགས་ཀྱི་གཟུགས་སོགས་མཆོག་དམན་བར་མའི་སྤྲུལ་པ་ཇི་སྙེད་པ་དང་། ས་རྡོ་རི་བྲག་ཆུ་ཤིང་གི་དངོས་པོ་རྣམས་ཀྱང་གྲོལ་བ་བཞི་ལྡན་ཏུ་བྱིན་གྱིས་བརླབས་ཏེ་མདོར་ན་རྟེན་དང་བརྟན་པ་མཐའ་དག་འཕགས་མཆོག་འདི་ཉིད་ཀྱི་ཐུགས་རྗེས་བཟུང་བ་ཁོ་ན་ཡིན་པས། དེའི་མཚན་བརྗོད་པ་དང་། གཟུངས་སྔགས་བཟླ་བ་དང་། དེ་ལ་དགེ་རྩ་བསྐྱེད་པ་དང་། སྨིན་གྲོལ་གྱི་ལམ་ལ་ཞུགས་པ་རྣམས་ལའང་སངས་རྒྱས་གཞན་ལས་ལྷག་པར་མྱུར་བའི་བྱིན་རླབས་འབྱུང་བ་ཡུལ་དང་ཡུལ་ཅན་གྱི་རྟེན་འབྲེལ་བབས་ལས་བྱུང་བ་ཡིན། གཉིས་པ་སྐབས་དོན་རྒྱུ་མཚན་ཅུང་ཟད་བརྗོད་ན། བདག་ཅག་གི་སྟོན་པ་


LT31_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་འཇིག་རྟེན་ཏུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་དང་རྟོག་པ། གཟུངས་མདོ། རྒྱུད་སྡེ་ཟབ་མོ་རྣམ་གྲངས་དུ་མ་ཞིག་གསུངས་པ་དེ་རྣམས་ལ་བརྟེན། དངོས་གྲུབ་བརྙེས་པ་ས་ཆེན་པོའི་རྡུལ་དང་མཉམ་པ་བྱུང་ཞིང་གྲུབ་པའི་སློབ་དཔོན་སོ་སོའི་གདམས་ངག་དང་སྒྲུབ་ཐབས་ཀྱི་རིམ་པ་རྒྱ་བོད་གཉིས་སུ་མཐའ་ཡས་པ་བྱུང་བ་རྣམས་ལས་ཆེས་མཆོག་ཏུ་གྱུར་པ་ནི། སྤྱན་རས་གཟིགས་ཉིད་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་གུ་རུ་པདྨ་འབྱུང་གནས་ཀྱི་བཀའ་སྲོལ་རྣམས་ཡིན་ལ། དེའང་སློབ་དཔོན་ཆེན་པོ་ཉིད་བོད་ཡུལ་དུ་འཇམ་དཔལ་སྤྲུལ་པའི་རྒྱལ་པོས་སྤྱན་དྲངས། གདུག་པའི་ལྷ་སྲིན་འབྱུང་པོ་ཐམས་ཅད་བཏུལ། གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས་པ་དང་། མདོ་རྒྱུད་བོད་སྐད་དུ་བསྒྱུར་བ་ལ་གེགས་མེད་མཐའ་རུ་ཕྱིན་པའི་བྱིན་རླབས་སྩལ། ཁྱད་པར་སྐལ་ལྡན་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་དུ་མ་གནང་ཞིང་ཉན་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པས་བོད་ཀྱི་ཡུལ་དུ་གྲུབ་པའི་སྐྱེ་བོ་མཐའ་ཡས་པ་བསྟན་པ་ཇི་སྲིད་བར་དུ་རྒྱུན་མི་འཆད་པར་འབྱུང་བར་བྱིན་གྱིས་བརླབས། །མ་འོངས་པའི་གདུལ་བྱ་ལ་


LT31_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ་ཕྱོགས་བཞི་དབུས་ལྔར་གཏེར་ཆེན་གཏེར་ཕྲན་མིང་ཅན་མིང་མེད་གྲངས་ལས་འདས་པ་སྦས་ཤིང་དུས་ལ་བབས་པའི་ཚེ་དེ་དག་འདོན་པའི་སྐྱེས་བུ་ལུང་བསྟན། གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་ཀྱང་གདུལ་བྱའི་དོན་མཐའ་ཡས་པ་དུས་གསུམ་དུ་མཛད་པ་ལས། །སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་རྗེ་ཆེན་པོའི་རྒྱུད་ཆེ་ཆུང་གྲངས་མེད་པ་སྒྲ་རང་འགྱུར་དུ་མཛད་ཅིང་རེ་རེ་ལའང་མན་ངག་ལས་ཚོགས་མང་དུ་མཛད་ནས་ཐུགས་གཏེར་ས་གཏེར་གནམ་གཏེར་ལ་སོགས་པར་སྦས། བྱེ་བྲག་ཏུ་བསམ་ཡས་ཨཱརྻ་པཱ་ལོའི་གླིང་དུ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལ་བརྟེན་ཏེ་མན་ངག་ལག་ལེན་གནད་ཏིག་ཏུ་དྲིལ་བ། སྒྲུབ་ཐབས་རྩ་བའི་སྐོར། ཡང་ཟབ་ཁྲིད་ཀྱི་སྐོར། མཐར་ཐུག་ཚེ་སྒྲུབ་ཀྱི་སྐོར། སྤྱིའི་མན་ངག་རྒྱབ་ཡིག་གི་སྐོར། བཀའ་སྲུང་ལས་ཚོགས་ཀྱི་སྐོར་རྣམས་དང་། དེ་ཉིད་ཁྲོ་བོར་བསྟན་པ་རྟ་མགྲིན་གསང་འདུས་ཀྱི་སྐོར་ལ་སོགས་པའང་མཛད། ལྷོ་བྲག་ཏུ་དགེ་བསྙེན་མཁའ་རིས་སྤྱན་དྲངས་པའི་ཚེ་ལ་ཡག་མོན་མཁར་སྟེང་དུ་གསང་འདུས་ཞི་ཁྲོའི་སྐོར་རྣམས་ཡེ་ཤེས་མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ལང་གྲོ་ལོ་ཙཱ་ལ་སོགས་པས་ཤོག་སེར་ངོས་སུ་བཀོད། བསེ་སྒྲོམ་དམར་པོར་བཅུག་ནས་ལྷོ་


LT31_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གནམ་སྐས་ཅན་ཏུ་གཏེར་དུ་སྦས། སྔགས་ཀྱི་སྲུང་མ། སྨྱོ་ཁ་དང་མཁའ་རི་སོགས་ལ་གཉེར་དུ་གཏད་པ། ཕྱིས་མི་ལོ་ལྔ་བཅུ་ཁ་རལ་ལུང་བསྟན་པའི་དུས་སུ་བབས་པ་ན། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཉིད་བསམ་བཞིན་སྐྱེ་བ་བཞེས་པ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་རཏྣ་གླིང་པ་སོགས་སྐུ་ཚེ་གཅིག་ལ་གླིང་པ་གསུམ་དུ་གྲགས་ཤིང་ཟབ་གཏེར་ཉི་ཤུ་རྩ་ལྔ་སྤྱན་དྲངས་ཤིང་འགྲོ་དོན་མཛད་པ་ལ་བར་ཆད་མེད་པར་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་པ་དེ་ཉིད་ཀྱིས་ལྷོ་བྲག་གནམ་སྐས་ཅན་ཏུ་ཐུགས་གཏེར། གསང་གཏེར། ཟབ་གཏེར་ལ་སོགས་པ་བཞུགས་པའི་ནང་ཚན་གསང་གཏེར་འདི་ཉིད་སྤྱན་དྲངས་པའི་ཚེ། ཁྲོམ་ཚོགས་མཆོག་དམན་ཤིན་ཏུ་མང་པོས་དངོས་སུ་མཐོང་བར། དགེ་བསྙེན་མཁའ་རི་དཔོན་གཡོག་མངོན་སུམ་འོངས་ནས་གཏེར་སྒོ་བསྟན། འཇའ་ཚོན་ཁ་དོག་ལྔ་པ་དར་ཡུག་བརྐྱང་བ་ལྟར་ཟུག །དྲི་བཟང་གིས་ལུང་པ་ཁྱབ་པ་སོགས་ཡ་མཚན་པའི་ལྟས་དུ་མ་བྱུང་། གཏེར་གནས་གཞན་རྣམས་ནས་བྲམ་ཟེ་དྲི་མེད་སྙིང་པོའི་ཤ་རིལ་གཙོར་བྱས་སྐྱེ་བདུན་མྱོང་གྲོལ་དང་། དམ་རྫས་རིགས་མི་གཅིག་པ་མང་དུ་སྤྱན་དྲངས། །སྔགས་ཀྱི་སྲུང་མས་ལུང་བསྟན་པ་ལྟར་འཕན་ཡུལ་སྨན་རྩེའི་གཙོར་བྱས། ཕྱོགས་ངེས་མེད་དུ་


LT31_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྒྲུབ་ལན་གྲངས་སུམ་ཅུ་སོ་བགྲང་མཛད་པས་ཐུན་པ་ཡན་ཆད་ཀྱིས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་དང་། རིལ་བུ་འཕེལ་ཞིང་འཕུར་བ་དང་། འཇའ་དང་འོད་དང་དྲི་བཟང་གིས་ཁྱབ་པ་དང་། མེ་ཏོག་གི་ཆར་རྟག་ཏུ་བབས་པ་སོགས་ངོ་མཚར་གྱི་རྫུ་འཕྲུལ་མཐའ་ཡས་པ་བསྟན་ནས་འགྲོ་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད། །ཆོས་བདག་གཙོ་བོ་པདྨ་གསུང་གི་བཀའ་བབ་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་སྐྱེ་བ་རྒྱལ་དབང་བདུན་པ་ཆོས་གྲགས་རྒྱ་མཚོ་ལ་ཆོས་དང་དམ་རྫས་ཕུལ་བས་འགྲོ་དོན་དབྱར་གྱི་ཆུ་བོ་ལྟར་རྒྱས་པའི་རྟེན་འགྲེལ་འགྲིགས། རྒྱལ་སྲས་ཚེ་དབང་གྲགས་པ། ཆོས་བདག་གུ་རུ་བློ་གྲོས། ཟུར་མང་བློ་གྲོས་རྒྱ་མཚོ་སོགས་ཀྱིས་མཐའ་དབུས་ཀུན་ཏུ་སྤེལ་ཞིང་བུམ་སྒྲུབ་བསྙེན་རྒྱུན་རྒྱུན་འཛུགས་མཛད་པ་སོགས་ཀྱིས་ཆོས་འདིའི་ཕྲིན་ལས་ཕྱོགས་མེད་དུ་ཁྱབ། །ཁྱད་པར་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་ཆགས་མེད་ཞབས་དང་། དེའི་བརྒྱུད་འཛིན་རྣམས་ནས་ཟབ་ཆོས་འདིའི་བསྟན་པ་མདོ་ཁམས་སྟོད་སྨད་བར་གསུམ་དུ་དར་རྒྱས་ནུབ་པ་མེད་པར་སྤེལ་བར་མཛད། སྔ་ཕྱི་དེ་དག་རྣམས་ཀྱི་དབང་དང་མན་ངག །མྱང་གྲོལ་དམ་རྫས་ཀྱི་རྒྱུན་ཇི་སྙེད་པ་ཐམས་ཅད་བརྒྱུད་པ་འདི་ལ་འདུས་པས་བརྒྱུད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་


LT31_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དེ་ལྟ་བུའི་དབང་བསྐུར་བ་ལའང་། རྒྱས་པ་རིན་ཆེན་གཏེར་བུམ་མཆོག་དབང་དང་བཅས་པ། བསྡུས་པ་གཏོར་དབང་ཡིད་བཞིན་ནོར་བུ་གཉིས་སུ་བཞུགས་པ་ལས། ད་ལམ། དེ་གཉིས་གང་རུང་འདིའམ། དབང་ཆེན་རྒྱས་པའི་དོན་བསྡུས་རྒྱུད་ལས་ཕྱུང་བ་རྣལ་འབྱོར་རྒྱུན་དབང་ཉིད་སྒྲུབ་པར་བྱེད་པ་སྟེ། སྤྱིར་དབང་བསྐུར་ཐོབ་པའི་ཕན་ཡོན་མཐའ་ཡས་པ་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་ལས་འབྱུང་བ་ཡིན་ལ། བྱེ་བྲག་འདི་ཉིད་ཀྱི་ཡོན་ཏན་ནི། གསང་བ་འདུས་པའི་རྒྱུད་ལས། དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པ། ཡིག་བདུན་དག་ལ་ཡང་དག་རྫོགས། །དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས། །སྟོང་གསུམ་འཇིག་རྟེན་ཁམས་འདི་དག །ཏིལ་འབྲུར་བསིལ་ནས་བགྲང་ན་འཛད། །ཡིག་བདུན་ཡོན་ཏན་ཟད་མི་ཤེས། །ཞེས་སོགས་དང་། །ཡིག་བདུན་དབང་དང་ལུང་ཐོབ་མིས། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ལ་སྦྱོང་བར་བྱེད། །ཡང་སྙིང་ཡིད་ལ་སུས་བྱེད་ཚད། །ཐུགས་རྗེ་ཆེན་པོ་ད་ཡིན་ཕྱིར། །བར་ཆད་སེལ་ཞིང་འགྲོ་བ་འདུལ། །ཅེས་སོགས་རྒྱ་ཆེར་འབྱུང་བ་དང་། སྐྱེ་བདུན་གྱི་དམ་རྫས་སྒྲུབ་


LT31_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསང་སྔགས་གསར་མའི་བདེ་མཆོག་རྩ་རྒྱུད་སོགས་ལས་རྒྱས་པར་གསུངས་ཤིང་། རྙིང་མའི་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་ལས་ཚོགས་རྣམས་སུ་རྒྱ་ཆེར་གསུངས་པ་སྟེ། སྤྱིར་སྐྱེ་བདུན་གྱིས་ཤི་ན་སྤྱན་རས་གཟིགས་ཀྱིས་ཆེད་དུ་སྤྲུལ་པའི་མྱང་གྲོལ་ཡིན་པས་ཁར་སོང་བ་ཙམ་གྱིས་རྣམ་གྲོལ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་ཏེ། །དཀར་ཆག་འགྲོ་བ་ཀུན་གྲོལ་ལས། ཁྱད་འཕགས་དམ་རྫས་མྱང་གྲོལ་འདི། །འགྲོ་བ་གང་གི་ཁ་རུ་ནི། །སྲོ་མ་ཙམ་ཞིག་སོང་གྱུར་ཀྱང་། །ཚེ་གཅིག་སངས་རྒྱས་མི་འགྲུབ་རེ། །ཞེས་དང་། སེམས་ཅན་གང་གི་ཁོང་དུ་སོང་བ་ན། །ཡ་རབས་བདུན་ལྡན་མི་ལུས་ཐོབ་ནས་ཀྱང་། །སྐད་ཅིག་ཉིད་ལ་ཆོས་སྐུ་མི་ཐོབ་རེ། །ཞེས་སོགས་བསྔགས་པ་རྒྱ་ཆེར་འབྱུང་ཞིང་། དེ་ཉིད་སྒྲུབ་ཆེན་འདིའི་སྒོ་ནས་ཚུལ་བཞིན་བསྒྲུབས་པའི་རིལ་བུ་བསྟེན་པའི་ཕན་ཡོན་ནི་སྔ་མ་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། དོན་ཏིག་འགྲོ་བ་ཀུན་སྒྲོལ་གྱི་རྒྱུད་ལས། ཐུགས་རྗེའི་སྤྲིན་ལས་ཤུགས་འབྱུང་བ། །འདི་ཉིད་མྱང་བ་ཙམ་གྱིས་ནི། །བློ་དང་བྲལ་བའི་དོན་རྟོགས་ནས། །སྒོམ་མི་དགོས་པར་མྱང་གྲོལ་ལོ། །ཞེས་དང་། ཡང་འདུས་དང་གསང་འདུས་སོགས་ཀྱི་རྒྱུད་མང་པོར། རིལ་བུ་སུ་ཡི་ལྟོར་སོང་བ། །ཚེ་རབས་གང་དང་གང་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །སྐྱེ་བ་དྲན་ཅིང་


LT31_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་འཛིན། །ཡོན་ཏན་བསྔགས་པ་ཚད་ལས་འདས། །ཞེས་གསུངས་པས་མཚོན་ནོ། །དགོས་པ་ཕན་ཡོན་དེ་ལྡན་གྱི་དབང་བསྐུར་བ་དངོས་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་དམིགས་ཏེ་ཐོག་མར་མཎྜལ་འབུལ་བར་ཞུ། །ཞེས་མཚམས་སྦྱར་ནས་ཞིང་ཁམས་འབུལ་དུ་གཞུག །དེ་ནས་གསོལ་གདབ་ཀྱི་མཚམས་སྦྱར་སོགས་ལ་འཇུག་གོ། །ཞེས་པ་འདིའང་ལོ་བསྟར་བུམ་སྒྲུབ་ཆེན་མོའི་སྐབས་སུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་སྐྱབས་རྗེ་སྐུ་མཆེད་ཀྱི་བཀའ་ལྟར་གུ་ས་མུ་དྲས་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

རྩ་གསུམ་སྙིང་བཅུད་བླ་མ་དགོངས་པ་འདུས་པའི་དབང་བསྐུར་ཡོངས་རྫོགས་ཀྱི་ལག་ལེན་དངོས་གྲུབ་རྒྱ་མཚོའི་ཆུ་རྒྱུན།


LT31_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་སྙིང་བཅུད་བླ་མ་དགོངས་པ་འདུས་པའི་དབང་བསྐུར་ཡོངས་རྫོགས་ཀྱི་ལག་ལེན་དངོས་གྲུབ་རྒྱ་མཚོའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །


LT31_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་མ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡི། །སྟོང་གསལ་རིག་པ་འོད་མི་འགྱུར་བའི་སྐུ། །རང་བྱུང་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་དབྱིངས། །སྲིད་ཞི་ཀུན་གྱི་བྱེད་པོ་དཔལ་ཆེན་པོ། །པདྨ་བཛྲ་རྩལ་ལ་ཕྱག་བགྱིའོ། །ཐེག་སྒོ་ཀུན་འཇུག་སྤྱི་རྒྱ་རླབས་ཀྱིས་གཅོད། །ཀུན་ལས་ཁྱད་འཕགས་ཐུགས་གསང་ཐིག་པའི་ཆོས། །གྲོལ་བ་བཞི་ལྡན་རྒྱུད་ལུང་མན་ངག་དང་། །རིག་འཛིན་བརྒྱུད་པར་བཅས་རྣམས་སྤྱི་བོར་མཆོད། །སྔོན་དུས་བརྒྱུད་ལྡན་ཕྱག་བཞེས་མ་འཆུག་ཅིང་། །གཏེར་གཞུང་ཟབ་རྒྱས་མ་བུ་ཁ་ཚང་ཕྱིར། །སོ་སྐྱེའི་རྩོམ་ཆུང་དག་ལ་མི་ལྟོས་ཀྱང་། །དེང་སང་སྔགས་བསྟན་བྲིས་པའི་མར་


LT31_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མེར་གྱུར། །འཆད་ཉན་ཙམ་པོའང་རང་བཟོའི་དབང་སོང་བས། །བསྟན་དང་རྗེས་འཇུག་ཆུད་ཟོས་བྱེད་མཐོང་ནས། །གཞུང་དགོངས་རིག་འཛིན་བརྒྱུད་པའི་ཞལ་ལུང་ལ། །བརྟེན་ཏེ་དབང་གི་ལག་ལེན་ཁྲིགས་སུ་བཀོད། །རྩ་གསུམ་དགོངས་འདུས་ལྷ་ཡིས་བཀའ་གནང་ཞིང་། །ཆོས་གཏེར་སྲུང་མས་བར་ཆད་མཐའ་དག་སྲུངས། །བྱིན་རླབས་ཡེ་ཤེས་སྒོ་གསུམ་ལ་ཕབ་ནས། །རྡོ་རྗེའི་བརྗོད་པ་གྲུབ་པར་བྱིན་གྱིས་རློབས། །དེ་ཡང་ཐེག་དགུའི་བཅུད་དྲིལ་དགོངས་པ་ཀུན་འདུས་ཡང་གསང་རིན་པོ་ཆེའི་གཏེར་མཛོད། དངོས་གྲུབ་བདུད་རྩིའི་རྒྱ་མཚོ་འཕྲད་ཆོག་བློ་བདེ་དཀར་པོ་གཅིག་ཐུབ་ཏུ་


LT31_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་ཟབ་ཆོས་འདི་ཉིད་གཞན་ལ་མི་ལྟོས་པར་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་རང་རྐང་ཚུགས་པ་ཙམ་དུ་མ་ཟད་དོན་ཟབ་ལ་རྒྱ་ཆེ་བར་བཞུགས་པ་དེ་ཐམས་ཅད་ཀྱང་སྨིན་གྲོལ་གཉིས་ཀྱི་ལག་ཁྲིད་དུ་འདུ་ལ། འདིར་སྨིན་བྱེད་དབང་གི་ལག་ཁྲིད་བཤད་པ་སྐབས་སུ་བབ་པ་སྟེ། དེ་ལའང་སྤྱི་དོན་ཁྱུང་ཆེན་ལྡིང་བ་ལྟ་བུས་ཁོག་དབུབ། གོ་རིམ་སྟག་མོའི་མཆོངས་སྟབས་ལྟ་བུས་ས་བཅད། ལག་ལེན་རུས་སྦལ་ནུར་འགྲོས་ལྟ་བུས་ཁྲིགས་ལ་ཕབ་ན་སྤྱིའི་ཁོག་ཁྲོལ་ཞིང་སྒོས་ཀྱི་གནད་ཚང་བ། ཟབ་དོན་གྱི་སྒྲོག་རང་བརྡལ་དུ་འགྲོ་བ་ཞིག་འོང་ཡང་ད་ལྟ་ནི་དབང་ལུང་གི་གཟུགས་བརྙན་ལས་ཀྱང་ཆེས་གཟུགས་བརྙན་དུ་གྱུར་པ་ཞིག །ཁྲོན་པ་སྐོམ་པའི་རྗེས་སུ་སྙེགས་པའི་ལུང་བསྟན་གྱི་དཔེ་ལྟར་དོན་གཉེར་གོ་ལྡོག་གམ། །གྲལ་གཤོག་ཐོབ་ཆོས་རྣམ་གྲངས་ལྷུར་ལེན་གྱི་ཕྱིར་འཆད་ལོ་ཉན་ལོ་བྱེད་པ་དག་གིས། གཏེར་གཞུང་རྡོ་རྗེའི་ཚིག་གིས་སྒྲ་ཇི་བཞིན་པར་གལ་གནད་ཆེན་པོར་གདམས་པ་ལའང་ཇི་མི་སྙམ་དུ་ཆོས་ལ་ཚོད་ཡོད་དབང་ཟས་རང་གི་འདོད་པ་ཙམ་ཞིག་བསྒྲུབ་སྟེ། དབང་ལུང་གྲུབ་པ་ན། རྒྱུད་ཅུང་ཟད་ཀྱང་མ་སྨིན། པུ་སྟི་ནང་དུ་ཚིག་དོན་གང་འདུག་ཙམ་ཡང་མ་ཐོས་པ་རྣམས་ལ་ཇི་ཙམ་བཤད་ཀྱང་དཔེ་ཉོག་གི་གྲལ་དུ་ཆུད་པ་ལས་དགོས་པ་ལྷག་པོ་མི་འོང་བས་འདིར་ལག་ལེན་ཁོ་ནའི་བྱ་བ་


LT31_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་དོ། །འོན་ཀྱང་ཐོག་མར་མི་ཤེས་སུ་མི་རུང་བ་དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། ཞུ་བ་པོ་སློབ་མའི་མཚན་ཉིད། གནས་དུས་ཡོ་བྱད་དེ་ཕུན་སུམ་ཚོགས་པ་ལྔ་ལ་མི་མཐུན་པའི་ཆོས་ཀྱིས་མ་གོས་ཤིང་ཚུལ་དང་ལྡན་པ་ཤིན་ཏུ་གལ་ཆེ་རུང་། དེང་སང་བསྟན་པ་གཟུགས་བརྙན་ཏུ་གྱུར་པའི་སྟོབས་ཀྱིས་བླ་སློབ་ཀྱི་མཚན་ཉིད། གྲགས་པ་དང་ཟང་ཟིང་ལ་སྙིང་པོར་བཟུང་བ་ལས་ཆོས་ཀྱི་བརྟག་པས་འབྲེལ་བརྟགས་པ་སོགས་ཀྱི་ཕྱག་སྲོལ་རིང་ཞིག་ནས་ནུབ་ཟིན་པས་བླ་སློབ་བརྟག་པ་ལས་དངུལ་ཞོ་གང་གི་སྤུས་ཀ་བརྟགས་པ་གལ་ཆེ་བར་བྱེད་པའི་སྐབས་འདིར། དེ་དག་གི་མཚན་ཉིད་བརྟགས་ཤིང་དཔྱད་པ་ནི་འགའ་ཡང་མི་འོང་བས་གཞུང་ཚིག་དུ་མས་གསལ་བ་ཉིད་སླར་དཔེ་བཤུ་བ་ཡི་གེས་ངལ་བ་ཙམ་དུ་ཟད་ལ། དཔྱོད་ལྡན་སྲིད་མཐའ་མ་བཀག་ཙམ་མཆིས་པ་རྣམས་ཀྱིས་གཞུང་སྤྱི་དང་། ཁྱད་པར་འདི་ཉིད་ཀྱི་རྩ་རྒྱུད་པད་སྡོང་བརྩེགས་པ། །འགྲེལ་པ་མེ་ཏོག་རྒྱན་ཆུང་། བླ་མའི་གསང་རྒྱུད། སྤྲོས་བཅས་བུམ་དབང་ཆེན་མོ། །ལག་ཁྲི་དགབ་པ་མངོན་ཕྱུང་སོགས་ལས་གསལ་ཞིང་རྒྱས་པར་བསྟན་པ་དག་ཁོང་དུ་ཆུད་པར་བྱོས་ཤིག །འོན་ཀྱང་རིག་འཛིན་མཁའ་འགྲོའི་སྙིང་བཅུད་ཀྱི་ཆོས་འདི་ཆེས་གཉན་པའི་སྟོབས་ཀྱིས་


LT31_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆོས་གཞན་པ་ལྟ་བུའི་བྱུང་རྒྱལ་གྱིས་སྤྱོད་ཚེ་མི་ཤིས་པ་འཕྲལ་དུ་འབྱུང་བ་མངོན་སུམ་གྱིས་གྲུབ་པས་ལག་ཁྲིད་ལས་གསུངས་པ་ལྟར་བརྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་བཀའ་མ་འཆུག །དབང་གི་ཆུ་བོ་མ་ནུབ་ངེས་པ། ཕྱི་ནང་གསང་བའི་དེ་ཉིད་བཅུ་ལ་སོགས་པ་མཚན་ཉིད་དང་ལྡན་པའི་བླ་མ་རབ་དགུ། འབྲིང་དྲུག །ཐ་མ་གསུམ་ལས་ཟབ་ཆོས་འདིའི་དབང་ལུང་ཡོངས་རྫོགས་མཉེས་པ་གསུམ་གྱིས་མཉེས་པར་བྱས་ཏེ། ལན་དགུ་དྲུག་གསུམ་ལ་སོགས་པ་ཞུས་པ་དང་། །དམ་ཚིག་ལ་སེལ་འཁོན་མ་ཞུགས་ཤིང་། ཆོ་ག་ལག་ལེན་གྱི་རིམ་པ་ལ་རང་བྱན་ཚུད་པ་དང་། འདི་ཉིད་ཀྱི་བསྐྱེད་རྫོགས་ལ་མྱོང་བ་ཅི་རིགས་སྐྱེས་པའམ། མ་མཐར་ཡང་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ལས་གསུམ་ཚད་དུ་ཕྱིན་ཞིང་རྒྱུན་གྱི་རྣལ་འབྱོར་དང་། བཀའ་གཏེར་སྲུང་མའི་དབང་པོ་རྣམས་ལ་གཏོར་མཆོད་རྒྱུན་ཏུ་འབུལ་བ་ཙམ་ཞིག་མི་ལྡན་ན་ཆོས་འདི་འཆད་པའི་སློབ་དཔོན་ཏུ་མི་རུང་བས་ངེས་པར་གལ་ཆེ་ལ། སློབ་མའང་ཆོས་འདི་དང་འདི་འཆད་བའི་སློབ་དཔོན་ལ་སྲོག་གི་ཕྱིར་ཡང་ལོག་ལྟ་དང་ཐེ་ཚོམ་མི་སྐྱེ་ཞིང་རྩེ་གཅིག་པའི་དད་པས་ཉན་འདོད་ཡོད་ཅིང་ཞུ་བའི་ཚེ་ན་སྒོ་གསུམ་རྣམ་གཡེང་གི་དབང་དུ་མི་བཏང་བར་ཞུ་ནུས་ལ། ཞུས་ཟིན་ནས་དམ་ཚིག་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་བསྐྱེད་རྫོགས་


LT31_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འབྲེལ་པ་འཛེག་ནུས་པ་ཞིག་ཅི་ནས་དགོས་པ་མ་ཟད་ཉེར་གཅིག་ལས་མང་བའི་གྲངས་མེད་ལ་བབ་ཆོལ་དུ་མི་བསྐུར་བར་ཟུང་དུ་མ་གྱུར་པའི་གྲངས་ཅན་ཉུང་ངུ་ལ་དམིགས་པ་ངག་འདོན་རེ་རེ་བཞིན་གཅིག་རྫོགས་སུ་བསྐུར་བ་གལ་ཆེ་བར་གསུངས་སོ། །ཁྱད་པར་སྤྲོས་མེད་གསང་དབང་ལ་སོགས་པ་ནི་བདུན་ལས་ལྷག་པ་ལ་མི་བསྐུར་བ་ནན་ཏུ་གདམས་པས་སློབ་མ་ཉེར་ལྔ་ལྟ་བུ་ཡོད་ཚེ་བདུན་ཚན་ཏུ་ཕྱེས་ནས་བསྐུར་རོ། །དེ་བཞིན་ཏུ་གནས་ཀྱང་རྒྱལ་བ་གོང་མས་བྱིན་གྱིས་བརླབས་པ་དང་། །དུས་ཚེས་གཟའ་སྐར་བཟང་ཞིང་ཡོ་བྱད་འོག་ཏུ་དགོས་པ་རྣམས་སྔ་ཚགས་སུ་ཆུད་པར་བྱའོ། །དེའང་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། མདོར་ན་དབང་གི་སྔོན་འགྲོ་རྗེས། །སྒྲུབ་ཆེན་བསྙེན་སྒྲུབ་ཁོག་ཕུབ་ལ། །ལས་ལ་དབང་གིས་སྦྱོར་བ་སྟེ། །ཞེས་གསུངས་པ་ལྟར་གཏེར་སྟོན་ནས་བཟུང་སྲས་སློབ་བདུན་བརྒྱུད་ཀྱི་བར་དུ་སྒྲུབ་དབང་ཆེན་མོ་ཞེས་གྲགས་པ། ལོ་ཟླའི་གོང་ནས་སྙན་གསན་དབབ་ཅིང་ཡོ་བྱད་སྟ་གོན་གྱི་རིམ་པ་ཚགས་སུ་ཚུད་པ་ན། སྒྲུབ་ཆེན་དང་འབྲེལ་བའི་དབང་བསྐུར་ཡོངས་རྫོགས་ཟླ་བ་གཅིག་གི་ཁོངས་སུ་འགྲུབ་པ་ལ་སྔོན་དངོས་རྗེས་གསུམ་གྱི་ལག་ལེན་ཕྲ་མོ་ཡན་ཆད་གཏེར་གཞུང་ཉིད་ནས་ཇི་ལྟར་


LT31_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཐམས་ཅད་ཚང་ལ་མ་འཁྲུལ་བ་ཕྱག་ལེན་ཏུ་ཐེབ་པར་མཛད་པས་བྱིན་རླབས་ཀྱི་བཀའ་བབ་འགྲན་ཟླ་མེད་ཅིང་གསང་སྔགས་བསྟན་པའི་སྲོག་ཏུ་གྱུར་པར་བྱུང་ཡང་། དེ་ལྟ་བུའི་སྤྲོས་པ་མི་འཁྱོང་ཞིང་རང་ཉིད་ཉམས་སུ་ལེན་པ་ཙམ་ལས་གཞན་རྗེས་སུ་འཛིན་པའི་ནུས་རྟོགས་མི་ལྡན་པ་དག་ལ་བྱིན་རླབས་འཕོ་བའི་དབང་བསྐུར་གྱི་ཚུལ་དུ་དོན་ཏུ་གཉེར་བའི་དབང་བཀའ་ཁོལ་འདོན་ལྡིང་བཤར་ཙམ་གྱིས་བཀའ་ཐོབ་ལུང་ཐོབ་མཛད་པའི་སྲོལ་ཀ་ཞིག་ཀྱང་ཞར་དུ་མཆིས་པ་ལ། ཕྱིས་ནས་འཇིག་རྟེན་གྱི་གཡེང་བ་ལ་མི་ཚེ་རིལ་པོར་མགོ་འཁོར་བའི་དཔོན་སློབ་རྣམས་ཀྱིས་འཆད་ཉན་གྱིས་ངལ་ཞིང་ཆོས་སྤྱོད་ཟབ་མོ་ལ་སུན་ཏེ། ཡན་ལག་རྩ་བར་བཟུང་། རྩ་བ་གཞི་མེད་དུ་བོར་བས་དགོངས་པ་འདུས་པའི་བསྟན་པའང་སྨིག་རྒྱུའི་རི་མོ་ཙམ་ཞིག་ཏུ་བཅོས་ཟིན་པས་ངན་པར་གོམ་པའི་ལམ་ལས་ད་སྟེ་ལྡོག་ཏུ་མི་ནུས་ཀྱང་། བློ་ཆེན་རྣམས་ལ་ཕྱོགས་ཙམ་མཚོན་པར་བྱ་བའི་སླད་དུ་སྒྲུབ་ཆེན་གྱི་ཁོག་ཕུབ་ཅིང་དཀྱིལ་འཁོར་ལྔ་ལྡན་གྱི་ལམ་ནས་དྲངས་བའི་སྒྲུབ་དབང་ཉིད་ཀྱི་འགྲོས་ཤེས་ན་ཁ་ཅིག་ལ་ལྡིང་བཤར་དུ་གྲགས་པ་དེ་ལས་སླ་ཆོས་སུ་བསྡུས་ཤིང་། ལུགས་སྲོལ་སྤྱི་འགྲོས་ཞིག་དང་བསྟུན་པ་ཉིད་ཞར་དུ་ཤེས་པར་འགྱུར་བས་འདིར་སྒྲུབ་དབང་ཉིད་ལ། ད་ལྟའི་འདོད་མཁོས་ཀྱི་བབ་དང་བསྟུན་པའི་ཉིན་དགུའམ། བཅུའི་ཁོངས་སུ་


LT31_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རྫོགས་པར་བྱ་བའི་ཟིན་བྲིས་ཅུང་ཟད་དགོད་པར་བྱའོ། །ཐོག་མར་ལག་ཁྲིད་གབ་པ་མངོན་ཕྱུང་ལས། འདི་ལྟར་སྒྲུབ་པ་ཆེན་པོ་རྣམས་དང་༔ འདི་དང་འབྲེལ་བའི་སྒྲུབ་པ་གང་བྱེད་པའི་སྔོན་ཏུ༔ ཚོགས་བསགས་ཤིང་བར་ཆད་བསལ་ནས་བརྩམས་པ་མཐར་ཕྱིན་པར་བྱ་བའི་ཆེད་དུ༔ སྔོན་ཏུ་འགྲོ་བའི་ལག་ཁྲིད་འདི་ལྟར་དུ་བྱ་སྟེ༔ གེགས་སེལ་ཉེས་སྦྱོང་ཁྲུས་ཀྱི་ཆོ་ག༔ སྡིག་སྒྲིབ་སྦྱོང་བ་སྒྲིབ་སྦྱོང་གི་ཆོ་ག༔ བར་ཆད་བསལ་བ་སྲུང་བའི་ཆོ་ག༔ ལན་ཆགས་སྦྱོང་བ་གླུད་ཀྱི་ཆོ་ག༔ རྐྱེན་ཟློག་ཟོར་གྱི་ཆོ་ག༔ ཐུགས་དམ་སྐོང་བ་བཤགས་སྦྱོང་གི་ཆོ་ག༔ ཡུལ་ལྷ་གསོལ་བ་མཚུན་གྱི་ཆོ་ག༔ སྡེ་བརྒྱད་དང་འབྱུང་པོ་ལ་བཀའ་བསྒོ་བ་མདོས་ཀྱི་ཆོ་ག༔ ཀུན་གྱི་ཁ་སྐོང་སྦྱིན་སྲེག་གི་ཆོ་ག༔ དེ་ལྟར་དགུ་པོའི་ནང་ནས་ཀྱང་༔ སྦྱིན་སྲེག་ལ་ནི་ཅི་མང་དུ་བྱའོ༔ གཞན་ཡང་སཱཙྪ༔ ཆུ་གཏོར༴ ལམ་འཕྲང་བསལ་བ༴ མཆོད་རྟེན་དང་གཙུག་ལག་ཁང་ལ་ན་བཟའ་དང་ཅོད་པན༔ མ་ནུས་པ་ལ་སྦྱིན་གཏོང་༔ འཆི་ངེས་སྲོག་བསླུ༔་གསུང་རབ་བཀླག་པ་ལ་སོགས་པ་རྣམས་ཅི་འགྲུབ་ཏུ་བྱའོ༔་དེ་རྣམས་ཀྱི་བདེན་འབྲས་ནི༔ རང་རང་གི་གཞུང་ནས་འབྱུང་ཞིང་ཁྱད་པར་དུ་སྒྲུབ་པ་མཐར་ཕྱིན་ནས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ་བཀྲ་ཤིས་བདེ་


LT31_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བ་ལ་སོགས༔ གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དུ་མ་དང་ལྡན་པས༔ རྩོལ་བ་དྲག་པོས་ལག་ཏུ་བླང་བར་བྱའོ༔ ཞེས་གསུངས་པ་ལྟར་གལ་ཆེ་ལ་སྔོན་འགྲོའི་ཆོ་ག་དགུ་པོའང་ལག་ལེན་ཏུ་འདེབས་ཚེ་རིམ་པ་ལྟར། རྣམ་འཇོམས་དང་སྨེ་བརྩེགས་སོགས་ཕྱི་ནང་གསང་བའི་ཁྲུས། ལྟུང་བཤགས་དང་རྡོར་སེམས་སྒོམ་བཟླས། མངོན་རྟོགས་རིན་ཆེན་ཕྲེང་བ་ལྟར་ཁྲོ་བཅུའི་སྲུང་འཁོར་བསྒོམ་ཞིང་ཕྱིར་བཟློག་གི་སྔགས་བགྲང་། བརྒྱ་བཞི་སོགས་རྒྱ་འགྱུར་གྱི་མདོས་དཀར་བཞི་གྲུབ་ན་རབ། མ་གྲུབ་ན་ལན་ཆགས་བརྒྱ་འཇལ་དམ་སྲི་གླུད་མདོས་བརྫང་། བཀའ་བརྒྱད་དམ་ཕུར་པའི་ཟློག་ཆུང་། འདི་ཉིད་ཀྱི་བསྐང་ཆོག་ཆེ་ཆུང་ངམ། ཞི་ཁྲོ་ན་རཀ་སྐོང་བཤགས་སོགས་དང་། །དྲི་མེད་བཤགས་རྒྱུད་ཅི་ནུས་བཀླག །ཞི་སྣང་བསངས་གསུམ་འབུལ། སྡེ་བརྒྱད་ཁེངས་མདོས་སོགས་སམ་མ་གྲུབ་ན་ཆ་གསུམ་དང་སྡེ་བརྒྱད་ཆ་སྙོམས་གྲངས་གསོག་དང་རྒྱལ་པོ་གསོལ་མགྱོགས། ཞི་བ་དང་དྲག་པོའི་སྦྱིན་སྲེག་ཆེ་ཆུང་གང་འགྲུབ་ཚར་གྲངས་བཅས་གཞུང་གི་དགོངས་པ་འདི་དག་འཐེམ་ལུས་མེད་པར་འགྲུབ་པར་བྱའོ། །གཞན་ཡང་ཤར་དུ་ཤེར་ཕྱིན། ལྷོར་མཚན་བརྗོད། ནུབ་ཏུ་བཀྲ་ཤིས་བརྩེགས་པ།


LT31_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཡུམ་ཆེན་མོའི་མཚན་བརྒྱ་བཀླག །ཁྱད་པར་ལུང་འབོགས་པ་སོགས་ཟབ་ཆོས་འདི་ཉིད་དང་འབྲེལ་བའི་བྱ་བ་ཆེ་ཕྲ་གང་གི་ཚེ་ནའང་སྒེར་གྱི་སྲུང་མ་གསོལ་ཞིང་མཆོད་པ་གལ་ཤིན་ཏུ་ཆེ་བས། ལས་བྱང་མེ་ཕྲེང་གི་ཚོགས་བསྐང་དང་འབྲེལ་བའམ། སྒེར་དུ་ཡང་རུང་སྟེ་བཀའ་སྲུང་ཆོས་སྲུང་གཏེར་སྲུང་གསུམ་གྱི་གསོལ་ཁ་གཏོར་འབུལ་ཐོག་མཐའ་ཀུན་ཏུ་མ་ཆག་པ་གལ་ཆེ། སློབ་མས་ཞུས་ཤིང་བླ་མས་གནང་བ་སྩལ་ཟིན་ནས་དོན་གྱིས་ཚང་ཡང་གཞུང་དོན་མི་ཆད་པའི་ཕྱིར། སྐབས་ནམ་བ་དེར་སློབ་བུ་ཚང་མའམ། གཙོ་བོ་ཞིག་གིས་ཕྱག་དང་མཎྜལ་སྔོན་ཏུ་འགོ་བས་བུམ་དབང་ཆེན་མོའི་དབུ་ནས་འབྱུང་བ་ལྟར། ཀྱེ་སྟོན་པའི་ཞལ་ཚབ་སོགས་ཀྱིས་སྙན་གསན་དབབ་ཅིང་སླར་ཡང་ཕྱག་བྱ། ཀྱེ་མ་སྐལ་ལྡན་སོགས་ཀྱིས་བླ་མས་གནང་བ་བྱིན་ཅིང་ཞལ་གདམས་ཐུགས་ཀྱི་ཚལ་པའི་ལུང་བཀླག་ལ་ཆོས་ཀྱི་ཆེ་བ། སྤང་བླང་གི་གནད་སོགས་དེ་ནང་ལྟར་བཀྲོལ་ལ་བཤད། རྡོར་སེམས་བསྒོམ་བཟླས་ཕོག་ལ་ཡིག་བརྒྱ་ཅི་འགྲུབ་དཔོན་སློབ་ལྷན་ཅིག་བཟླ། དེ་ནས་བརྩམས་ཏེ་དབང་བསྐུར་མ་རྫོགས་ཀྱི་བར་དུ་ནང་ནུབ་ཐུན་པར་ཀུན་ཏུ་རྒྱུད་སྡེ་སྒོ་དྲུག་གི་སྒོམ་རིམ་གང་རིགས་དང་འབྲེལ་བའི་ཡིག་བརྒྱའི་བཟླས་པ་ལ་བརྩོན་དགོས་པར་གལ་གནད་དུ་གདམ།


LT31_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རང་ཡང་རྩ་གསུམ་ལྷ་ལ་དབང་བསྐུར་བའི་གནང་བ་ཞུ་བའི་དོན་ཏུ་བསྙེན་པ་ཁ་གསོ་ཞག་བདུན་ལ་སོགས་པ་བྱས་ནས་ལྟས་ཐོབ་པ་གལ་ཆེ་ཡང་དེང་སྐབས་དེ་ཙམ་གྱི་ཕྱག་ལེན་ཀྱང་འཁྱོར་མཁན་མི་སྣང་བས། མཎྜལ་དང་གསོལ་འདེབས་རྒྱས་བསྡུས་སྔོན་ཏུ་འགྲོ་བའི་རྩ་གསུམ་གྱི་ས་མཱ་དྷི་དང་ལྡན་པས། བུམ་དབང་ཆེན་མོའི་དབུ་ནས་འབྱུང་བའི་གཙོ་འཁོར་བསྙེན་པ་ཅི་འགྲུབ་ཞར་བྱུང་བཟླ་ཞིང་། རབ་འཁོར་འདས་མཉམ་ཉིད་ཀྱི་ལྟ་བས་སྲིད་ཞི་ཡོངས་གྲོལ་དུ་ལ་ཟླ། འབྲིང་རྩོལ་མེད་ལྷུན་འབྱམས་ཀྱི་དགོངས་པས་སྤང་བླང་རིས་མེད་དུ་བྱིན་གྱིས་བརླབ། ཐ་མའང་ཁྱེར་སོ་གསུམ་གྱི་འདུ་ཤེས་དང་མ་བྲལ་བས་ཅི་སྣང་དག་པའི་འཁོར་ལོར་བལྟ་བ་སྟེ་མདོར་ན་རྡོ་རྗེ་སློབ་དཔོན་གྱི་ས་ལ་བཞུགས་ཕན་ཆད་སྒོ་གསུམ་ཐ་མལ་དུ་ལྟ་བས་སྒྲུབ་ཆེན་གྱི་མགོན་ཏུ་བཞུགས་ཏེ་མཆེད་ལྕམ་བྱིན་གྱིས་རློབས་མི་ནུས་པས་རིམ་པ་གཉིས་ཀྱི་དྲན་ཤེས་བྱ་ར་ལ་རྟོག་བའི་གསེང་མ་ཞུགས་པས་བར་ཆད་ཀྱི་རྐུན་པོ་ཆེ་ལྡང་བའི་གོ་སྐབས་མེད་པ་ཞིག་ཅི་ནས་གལ་ཆེའོ། །འདི་ནས་སྒྲུབ་པ་དང་དབང་གྲལ་དུ་ཞུགས་མཁན་དུ་ཡོད་གྲངས་ངེས་སུ་བཅད་ནས་རྡོ་རྗེ་སློབ་དཔོན་གྱི་ཕྱག་རྟགས་བཀྲམ་ལ་ནང་རེ་བཞིན་རྡོར་སློབ་བམ་ལས་སློབ་ནས་རྩིས་བཤར་མཛད་ཅིང་། དེ་ཕྱིན་ཕྱག་རྟགས་དང་མི་


LT31_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་གསར་པ་མི་གཞུག་པ་བར་ཆད་མི་འབྱུང་བའི་ཐབས་གནད་རྟེན་འབྲེལ་ཆེས་ཟབ་པའོ། །སྐབས་འདིར་ཉེར་བསྡོགས་དགོས་པའི་བཅས་དང་ཡོ་བྱད་ནི། བདག་བསྐྱེད་གཏོར་མ་དཔལ་གཏོར་ཟླུམ་པོ་སྟོད་ཟུར་གསུམ་པ་གཙོ་འཁོར་དགུ་པ། ས་ཆོག་ལ་དཀོན་མཆོག་སྤྱི་གཏོར་ལྕོག་ཟླུམ། །དཀར་གཏོར་ཐེབ་རིལ་གྱིས་མཚན་པ་གཉིས། རྒྱལ་ཆེན་བཞི་ལ་དཀར་ཟླུམ་མདུན་ཏུ་ཐེབ་རིལ་གྱིས་མཚན་པ་བཞི། ཡང་དཀར་བགེགས། མདུན་བསྐྱེད་སྨན་གཏོར། ཚོགས་ཆད་བརྟན་ལིངྒ། སྒོ་བྱང་དམར་གཏོར་ཐེབ་རིལ་གྱིས་མཆན་པ་གཉིས། གིང་གཏོར་གྲུ་གསུམ་དམར་པོ་མཚེ་ཉུངས་ཤ་ཁྲག་གིས་བརྒྱན་པ། ཞལ་ཟས་ཅི་མང་། མ་ཏྲཾ་ཁོག་པ། རལ་གྲི། ལྕགས་ཕུར། རང་གཞུང་འདོད་གསོལ་དང་ལྡན་པའི་གཏེར་བུམ། །རྒྱལ་ཐོ་བཞི། སྒོ་བྱང་ཕྱི་ནང་སྐྱེར་ཕུར་ཁྲུ་གང་སྔགས་བྱང་ཅན། དམ་སྲི་མནན་ལིང་། །རོ་གཡམ་ལ་རྒྱ་གྲམ་བྲིས་པ། ཏིལ་ཡུངས། དྲི་བཟང་གི་ཆུ། གུ་གུལ། ཕུར་པ་དར་ནག་གི་ཅོད་པན་ཅན། ཕྱིའི་ཆག་ཆག་དུང་ཕོར་དུ་དྲི་བཟང་དང་བའི་རྣམ་ལྔ་སྦྱར་བ་ཀུ་ཤའི་ཆུན་པོ་བཅས། ནང་གི་ཆག་ཆག་ཤ་ལྔ་བདུད་རྩི་ལྔ་རོ་རས་བཅས། གསང་བའི་ཆག་ཆག་ཆང་ལ་ཨ་མྲྀ་ཏ་སིནྡྷཱུ་ར། མཚལ་དང་


LT31_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ཆེན་སྦྱར་བ། ཐིག་སྐུད་རས་དཀར་སྲར་བུ་སུམ་སྒྲིལ་དཀྱིལ་འཁོར་གྱི་སུམ་འགྱུར་ཚད་ལས་མི་ཐུང་བ། རྡུལ་ཚོན་སྣ་ལྔ། རིགས་ལྔའི་ཕྱག་མཚན་དང་ལྡན་པའི་གཙོ་དགུའི་བུམ་པ། མགུལ་ཆིངས་གཙོ་བོ་སོ་སོའི་སྐུ་མདོག་དང་མཐུན་པ་སྟེ། དབུས། ནུབ། ཤར་ལྷོ། ནུབ་བྱང་བཅས་དམར། ཤར་དཀར། ལྷོ་སེར། བྱང་ལྗང་། ལྷོ་ནུབ་དང་བྱང་ཤར་མཐིང་ཀའོ། །དུང་ཆོས། གཟུངས་རྡོར། བུམ་རྫས་སོ་ལྔ། ཁ་རྒྱན་བཅས། ལས་བུམ་ལྗང་གུ་གཉིས། སློབ་མ་སྟ་གོན་ཆས་ལ། སྦྱིན་སྲེག་གི་ཐབ་དང་བསྲེག་རྫས་ཁོ་བོས་བགྱིས་པའི་ལྷན་ཐབས་ལས་འབྱུང་བ་ལྟར། ཏིལ། མར་ཁུ། དྲིལ་ཕྱིས་འབྲུ་ཟན། མཚམས་ཕུར་གཞུང་གསལ་ཁྲོ་བཅུའི་སྔགས་ཐུན་བཏགས་པ་སོགས་ཚད་ལྡན་བཅུ་ཕུར་གདན་བཅས། མཎྜལ། འབྲུ་གསུམ་གྱི་པར་སོ་སོ་བ་དང་འདེབས་སྤྱད་མཚལ་དང་དྲི་བཟང་གི་ལྡེ་གུ། ཉེར་སྤྱོད་ལྔ། སོ་ཤིང་། དེ་ཉིད་དོར་བའི་དལ། །མཎྜལ་སྟེང་རྡུལ་ཚོན་གྱིས་པདྨ་འདབ་བཞི་ཕྱོགས་མདོག་བྲིས་པ། །དུང་ཆུ། སྲུང་སྐུད་དམར་པོ་ལུས་ཚད་གཙོ་དགུའམ་རིགས་གསུམ་ཁྲོ་བོའི་གྲངས་མདུད་རང་སྔགས་བཏབ་པ། ཀུ་ཤ། གཞན་ཡང་སྨན་རཀ་ཉེར་སྤྱོད་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འདི་ནས་སྔ་ཚགས་སུ་ཆུད་པར་


LT31_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེའང་ཐིག་སྐུད་ཚེའི་རྟེན་འབྲེལ་རྡུལ་ཚོན་ལོངས་སྤྱོད། རྒྱན་གྱི་རྣམ་གྲངས་བསོད་ནམས། རོལ་མོ་སྙན་གྲགས། དགབ་སྐོར་སྲུང་བ། བུམ་པ་སོགས་དབང་རྫས་བྱིན་རླབས། མདའ་གྲི་མེ་ལོང་ཏིང་འཛིན། ཀ་པཱ་ལ་དངོས་གྲུབ། ཕྱག་མཚན་དམ་ཚིག །ཚོན་སྐུད་དྲྭ་བ་སྒྲུབ་པ་མཐར་ཕྱིན། རྒྱན་དང་ཆས་གོས་འགྲོ་དོན་འཕེལ་བའི་རྟེན་འབྲེལ་ཡོད་པས་སྒྱིད་ལུག་དང་སླ་ཆོས་སུ་མ་སོང་བ་དགོས་ཏེ། སྤྲོས་བཅས་ཞིག་བྱེད་ཕྱིན་ཆད་རྡོ་རྗེ་སེམས་དཔའི་དགོངས་པ་གཞུང་རང་ནས་གསུངས་པའི་སྤྲོས་པ་འདི་རྣམས་ལག་ལེན་ཏུ་ཁེལ་བ་གལ་ཆེ་ལ། གལ་ཏེ་སྤྲོས་མེད་བྱེད་ན་བྱེད་པ་པོ་དེ་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ་རང་བྱུང་ཡེ་ཤེས་ཀྱི་དོན་མངོན་སུམ་དུ་སྤྲད་ནས་སློབ་མ་རྟོགས་གྲོལ་དུས་མཉམ་དུ་བྱིན་གྱིས་རློབས་ནུས་པ་ཞིག་དགོས་པས་ན། སྤྲོས་བཅས་བྱེད་ཚེ་སྤྲོས་མེད་ལ་ཁུངས་བཅོལ། སྤྲོས་མེད་སྐལ་པས་མ་འཁྱོང་། གཞུང་དོན་ཁུངས་མེད་དུ་བཏང་ནས་རང་བཟོའི་སྤྲོས་པ་ཉི་ཚེ་བ་མང་པོ་དཀའ་བ་དུ་མས་བསྒྲུབ་པ་ནི་ངལ་བ་དོན་མེད་དུ་ཟད་པས་གཞུང་ནས་གསུངས་པའི་ཕྱག་ལེན་ལ་དེས་ཆོག་དང་ཚོད་ཡོད་དུ་མ་སོང་བ་གལ་ཆེ། འདི་ཡན་ཆད་བཅའ་གཞིའི་རིམ་པ་ཡིན་པས་དངོས་གཞིའི་ཉིན་གྲངས་ལ་མི་བརྩིའོ། ༈ །དབང་སྒྲུབ་དངོས་ལ་


LT31_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཉིན་དང་པོར་སྟ་གོན་གྱི་རིམ་པ་ནི། །ལག་ཁྲིད་ལས་གསུངས་པའི་དཀྱིལ་འཁོར་ལྔ་ལྡན་ཏུ་བསྒྲུབ་པའི་ཐོག་མར་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ཏེས་ཆོག་གི་རིམ་པ་ལས། སྒྲུབ་གནས་རྙིང་པ་དང་འབྲེལ་བས་ས་བརྟག་ཅིང་སྣང་བ་ལས་སློང་བ་སོགས་ཡན་ལག་ཕལ་ཆེར་མི་དགོས་པའི་དབང་དུ་བྱས་ཏེ། མི་སྣང་བ་ལས་བླང་བའི་ཕྱིར། གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་དང་རྒྱན་གྱི་བཀོད་པ་དུ་མས་བག་དྲོ་ཡིད་འོང་དུ་བྱས་པའི་གུང་སོགས་དཀྱིལ་འཁོར་གྱི་མདུན་དང་ཞལ་སྤྲོད་དུ་འོང་བར་སྟེགས་བུ་བང་རིམ་གཉིས་པ་ཁེབས་ལྡན་མཐོ་བར་མེ་ཏོག་བཀྲམ་པའི་ཁར་བདག་བསྐྱེད་གཏོར་མ་གཡས་གཡོན་ཏུ་སྨན་རཀ་རྫས་ལྡན། མདུན་ཅུང་ཟད་དམའ་བར་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཀོད། དཀྱིལ་འཁོར་གང་དུ་བྱ་བའི་སྟེགས་བུའི་དབུས་སུ། ཨོཾ་བྲྀ་ཐཱི་དེ་བཱི་ཨཱཿཧཱུྃ། ཞེས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་མདུན་ཏུ་དབུས་དཀོན་མཆོག་སྤྱི་གཏོར། གཡས་གཡོན་ཏུ་དཀར་གཏོར་གཉིས། མཐའ་སྐོར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར། མདུན་ཏུ་གསེར་སྐྱེམས་བཅས་བཤམ། མཁོ་བའི་ཉེར་སྤྱད་ཚོགས་པར་བྱས་ལ། ཚིགས་བདུན་གསོལ་འདེབས། མཎྜལ་ལས་བྱུང་བའི་གསོལ་


LT31_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བསྡུས་པ། མངོན་རྟོགས་རིན་ཆེན་ཕྲེང་བ་ལྟར། ན་མོ་རྐང་གཉིས་གཙོ་བོ་ནས། འབྱུང་བར་ཤོག་བར་གྱིས་སྐྱབས་སེམས་བདུན་རག་ལན་གསུམ་བྱ། གཏོར་མཆོད་གསེར་སྐྱེམས་སྐབས་ལྟར། ཨོཾ་བཛྲ་ཡཀྵ་སོགས་ཚང་བའི་མཐར་སྔགས་རྒྱ་རྣམས་ལན་གསུམ་རེས་བྱིན་བརླབ། བདག་ཉིད་སྐད་ཅིག་གིས་པདྨ་བཛྲ་རྩལ་དུ་གསལ་བའི་མདུན་ཏུ་ཚོམ་བུའི་དཀྱིལ་འཁོར་དེ་ཉིད་སའི་ལྷ་མོ་བརྟན་མ་ལ་ཕྱོགས་སྐྱོང་དང་ས་བདག་གི་ཚོགས་ཀྱིས་བསྐོར་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སའི་ལྷ་མོ་འཁོར་བཅས་སྤྱན་དྲངས། །བུམ་པ་ཏི་ས་པཱ་རི་ཝཱ་ར་པྲྀ་ཐཱི་དེ་ཝཱི་ལོ་ཀ་ཏ་ར་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔ་ནམ་མཁར་བྱོན་པ་རྣམས་ཀྱིས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་པས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། ལག་གཡས་ས་ལ་རྡེག་པའི་རྒྱ་བཅས། བུམ་དབང་ལྟར། སྐྱོབ་པ་སངས་རྒྱས་ནས། དཀྱིལ་འཁོར་བྲི་བར། ཨོཾ་བུམ་པ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས། ཤབྟའི་


LT31_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་མཆོད། གཏོར་མ་དང་པོ། ཨོཾ་ཨཱཿཧཱུྃ་གུ་རུ་དྷ་ཝ་དྷཱ་ཀྐི་ནཱི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་དང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ། གཏོར་མ་གཉིས་པ། ཨ་ཀཱ་རོ་ལན་གསུམ་དང་། སྒྲུབ་ཁོག་ལྟར། ལྷ་ཀླུས་བདག །ནས་ཁཱ་ཧི། བར་། གཏོར་མ་གསུམ་པ། བུམ་དབང་ལྟར། ཛམ་གླིང་བསྟན་འཛིན་ནས། མཛད་དུ་གསོལ། བར་གྱིས་བསྔོས། བདག་གི་བསམ་པའི་སྟོབས། སོགས། སླར་ཡང་། བུམ་པ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། པྲ་ཁྲིད་ལྟར། སྔོན་ཚེ་བཅོམ་ལྡན་སོགས་ཀྱིས་བཀའ་བསྒོས། གཏོར་མ་གསུམ་ཀ་ཕུལ་ལ། བུམ་པ་ཏིས་པཱ་རི་ཝ་ར་གཙྪ། གནང་བ་བྱིན་ནས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་གནས་དེ་ཉིད་དུ་ཐིམ་པར་གྱུར། ཞེས་དམིགས་ལ་དལ་བསྡུ། ས་སྦྱོང་བའི་ཕྱིར་ཡུངས་དཀར་དང་། དྲི་བཟང་ཆུ་འཐོར། གུ་གུལ་གྱིས་བདུག་ཅིང་། བུམ་དབང་ལས། བྷྲཱུྃ་བི་ཤྭ་ནས། ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། བར། དེ་ནས་སྟེགས་བུ་དེ་ཉིད་དུ་མ་ཏྲཾ་ཁོག་པ་མགོ་ལྷོ་ནུབ་


LT31_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྟན་པ་གན་རྐྱལ་དུ་བཞག་ལ། སློབ་དཔོན་སྔགས་ཆས་ངང་གཡབ་དར་རྡོར་དྲིལ་འཛིན། སྤྲོ་ན་མ་ཏྲཾ་གི་གཏོང་ཐུན་བཤད། ལས་བྱང་ཆེན་མོ་ལྟར་མཁྱེན་གཟུང་པང་གསོལ་བྱ། བསྡུ་ན་མི་དགོས། བདག་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དྲེགས་པ་ཕོ་རྒྱུད་ཐམས་ཅད་ཀྱི་ཆེ་བཙན། སོགས་མངོན་རྟོགས་རིན་ཆེན་ཕྲེང་བ་ལྟར་ལ་ཆ་ལུགས་སུ་གནས་པར་གྱུར། བར། དཀྱིལ་འཁོར་གྱིས་མི་དམིགས་པ་ལས་མ་ཏྲཾ་རུ་དྲ་མཱ་ར་ཡ་ཛཿ ཞེས་པས་བདུད་མ་ཏྲཾ་རུ་དྲ་མགོ་གསུམ་ལག་དྲུག་ཁ་དོག་ཐལ་སྐྱ་གཟུགས་ཆེ་ལ་མི་སྡུག་པ་འདར་ཞིང་དངངས་པའི་རྣམ་པར་གསལ་བར་གྱུར། ཧཱུྃ་ཧེ་རུ་སོགས་སྒྲུབ་ཁོག་ལྟར། མཱ་ར་ཡ་ཛཿ ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བླ་མ་དགོངས་པ་འདུས་པ་དཀྱིལ་འཁོར་ཚོམ་བུ་དགུའི་ལྷ་ཚོགས་རྟ་ནག་དྲེགས་པ། ཤ་ཟ་མ་མོ། བཙན་རྒོད་འབར་བ་སྤུན་བདུན་འཁོར་དང་བཅས་པའི་བཀའ་བདེན་པ་དང་། །ཐུགས་ཀྱི་འོད་ཟེར་འབར་བ་དང་བཅས་པས། །


LT31_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མ་ཏྲཾ་རུ་དྲ་ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་ཏྲ་ཨཱ་ཀརྵ་ཡ་ཛཿཏྲི་ཡཾ་ཛཿཛཿཧཱུྃ་བྃ་ཧོཿལན་གསུམ་གྱིས་བཀུག་ཅིང་བསྟིམས་ལ། ཆོས་དང་གང་ཟག་གི་བདག་ཆད་པར་ལྟ་བ་རྣམས་གཞོམ་པའི་དོན་ཏུ། གཟུགས་དེ་ཉིད་ཞབས་དོར་སྟབས་ཀྱིས་མནན་པར་བསམ་ཞིང་། ཧཱུྃ་མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། ནས། ཙཀྲ་གྷ་ཧཱུྃ། ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་བ་ཁ་ཊཾྭཱ་གའི་རྒྱས་སྙིང་གར་བསྣུན་པས། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ངའི་སྦུབས་དྲལ་རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་བསམ་ལ། བྲིས་པ་ཡིན་ན་སྙིང་གར་ལྕགས་ཕུར་བཏབ་ལ། སྟེང་དུ་དཀྱིལ་འཁོར་བཞེངས། གཟུགས་ཡིན་ན་བསྒྲལ་ཏེ། སྙིང་ཤར། མགོ་བོ་ལྷོ། ནང་ཁྲོལ་ནུབ། མཚན་མ་བྱང་། ལག་གཡས་ཤར་ལྷོ། གཡོན་ལྷོ་ནུབ། རྐང་གཡོན་ནུབ་བྱང་། གཡས་བྱང་ཤར། ཁོག་པ་དཀྱིལ་འཁོར་གྱི་འོག་ཏུ་བཞག་པའི་སྙིང་གར་ལྕགས་ཕུར་གདབ། ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་


LT31_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་བསམ། བྷྲཱུྃ་བི་ཤྭ་སོགས་ནས། མཎྜ་ལ་ཧཱུྃ། བར་བརྗོད། འདི་སྐབས་སྤྲོ་ན་གིང་དཀར་ནག་ཚམ་རྔམས་བཅས་འཐོན་ཏེ་མ་ཏྲཾ་བསྒྲལ་དགོས་ལ། མི་འགྲུབ་ན་རྒྱལ་ཐེབ་བམ་ལས་རྡོར་གྱིས་བྱའོ། །སྒྲུབ་ཁོག་ལས། ཧཱུྃ་བདེར་གཤེགས་བླ་མ་ཡི་དམ་སོགས་ཀྱིས་གཞི་ཁྲིའི་ཁོངས་སུ་གཏེར་བུམ་འཇུག །དེ་ནས་ས་གཞི་བློས་བཟུང་བའི་ཕྱིར། སའི་ཕྱོགས་འདིར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱི་ཕོ་བྲང་འདེབས་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་བཞེངས་པར་བགྱིའོ། །སྙམ་པའི་བློ་དུང་དུང་པ་བྱའོ། །དེ་ནས་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པའམ། བསྡུ་ན་དགུ་ཚོམ་བཀོད། དབུས་སུ་ཞིང་ལྤགས་སོགས་ཀྱི་ཁྲི་སྟེགས་དང་། ཕྱོགས་མཚམས་སུའང་རྒྱལ་ཐེབ་ཡོད་ན་སྟན་བཏིང་། རྡོ་རྗེ་སློབ་དཔོན་ནུས་ལྡན་གྱི་རྒྱལ་ཐེབ་བརྒྱད་དང་བཅས་པ་དུར་ཁྲོད་རུས་པ་སོགས་ཆས་ཀྱིས་བརྒྱན། རྡོ་རྗེ་དྲིལ་བུ་ཐོགས་ཏེ་ཧཱུྃ་གི་གླུ་ལེན་བཞིན་རྡོ་རྗེའི་འགྲོས་ཀྱིས་སྟེགས་བུ་བསྐོར་ལ་སློབ་དཔོན་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པས་དབུས་ནས་མདུན་ཏུ་བལྟ་བས་བཞུགས་པའི་མདུན་ངོས་སུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། རྒྱལ་ཐེབ་བརྒྱད་


LT31_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་སོ་སོའི་གཙོ་བོའི་མོས་པས་ཕྱོགས་མཚམས་ནས་ཞལ་ནང་བལྟར་བཞུགས། དེ་ཙམ་མ་འཛོམ་ནའང་ཕྱོགས་མཚམས་བསྡུ་བའི་རྒྱལ་ཐེབ་བཞི་མ་འཛོམ་ཐབས་མེད་དོ། །དེ་ནས་མཆོད་ཕྲེང་ལྟར་ལྕེ་ལག་རྡོར་དྲིལ་བྱིན་རླབས་བྱ། རྩེ་ལེའི་ཆོག་བསྒྲིགས་ལྟར་སྲུང་འཁོར་བོར་བའི་བདག་བསྐྱེད་གཞན་ཚང་མ་གྲུབ་ན་རབ་ཡིན་ཀྱང་ལོངས་ཁྱབ་དཀའ་བས། ལས་བྱང་མེ་ཕྲེང་གི་བགེགས་གཏོར་ནས་བཟུང་། བསྟོད་པའི་བར་ཚང་བར་བྱས་ནས་འབྲུ་གསུམ་གྱི་རྡོར་བཟླས་དང་། སྤྱི་དྲིལ་འབྲིང་པོ་ཇི་ཙམ་འོས་པ་བཟླ། གཙོ་བོས་ཕྱོགས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། རྡོར་དྲིལ་འཛིན་ལ། བུམ་དབང་ལྟར། ཨེ་མ་ཧོཿ མ་ལུས་ཕྱོགས་ན་སོགས་ཀྱིས་གསོལ་བ་བཏབ་པས་རང་གི་སྒོ་གསུམ་རྒྱལ་བ་ཀུན་གྱི་རྡོ་རྗེ་བཞིའི་དབྱིག་ཆེན་པོ་དང་གཉིས་སུ་མེད་པར་གྱུར་པར་མོས། ཤར་དང་ཤར་ལྷོ་ནས་བརྩམས་ཏེ་ཕྱོགས་མཚམས་ཀྱི་རྒྱལ་ཐེབས་བརྒྱད་པོས་གཙོ་བོ་ལ་གསོལ་གདབ་བུམ་དབང་ལྟར་རིམ་པ་བཞིན་གྲུབ་རྗེས་ལས་རྡོར་གྱིས་མདུན་མཆོད་བསྡུ། །སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་སྦྲེང་བའི་རྩེ་སྤྲད་པ་ཁ་འོག་ཏུ་ཕྱོགས་པས་སྤྱི་བོར་བཞག་ལ། ཧཱུྃ་བཛྲ་ཨུཏྟིཥྛ།


LT31_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་སྒོམ་པའི་དཀྱིལ་འཁོར་ནམ་མཁར་བཞུགས་པར་གྱུར། སྐད་ཅིག་གིས་རང་ཉིད་ཆུ་ནང་ནས་ཉ་འཕར་བ་ལྟ་བུར་དཔལ་རྟ་མགྲིན་སྐུ་མདོག་དམར་པོ། །སོགས་སྦྱིན་སྲེག་ནང་ལྟར་ལས་ཀྱི་ལྷར་བསྐྱེད། འགྱིང་བར་གྱུར། ཧཱུྃ་ཧཱུྃ་ལས་ཡན་ལག་ཐམས་ཅད་སྣ་ཚོགས་རྡོ་རྗེས་མཚན་པ། མིག་གཡས་མ་ལས་ཉི་མའི་དཀྱིལ་འཁོར། མིག་གཡོན་ཊ་ལས་ཟླ་བའི་དཀྱིལ་འཁོར། བ་སྤུ་ཐམས་ཅད་མཚོན་ཆའི་རང་བཞིན་རྡོ་རྗེའི་ཚྭ་ཚྭ་འཕྲོ་བ། གཡོ་ཞིང་སྤྱོད་པ་ལས་མེ་རླུང་ཁྲོ་ཚོགས་རབ་ཏུ་འབར་བ་འཕྲོས་པས་གདོན་བགེགས་ཐམས་ཅད་ཚར་བཅད་པར་གྱུར། སྦྱིན་སྲེག་མེ་འོད་རབ་འབར་ལས། ཧཱུྃ་ཆོས་སྐུ་རྣམ་དག་མཚན་མ་ཀུན་སྤངས་ཀྱང་༔ སོགས་ནས། ཨུཙྪ་ཊ་ཡ་ཕཊ༔ བར་བརྗོད། མེ་ཐབ་སོགས་དང་། སྲེག་བྱེད་སོགས་རྐང་པ་གཉིས་ལ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའིཿ ཞེས་དང་། རྒྱལ་བའི་ཕོ་བྲང་གཉན་པོ་འདིར་འདེབས་པས༔ ཞེས་བསྒྱུར། སུཾ་བྷ་ནི་སོགས་དྲག་སྔགས་བཟླ་ཞིང་ཐུན་གཏོར། གུ་གུལ་གྱིས་བདུག་ལ་བགེགས་བསྐྲད་པར་བྱའོ། །སླར་ཡང་སྟངས་སྟབས་ཀྱིས་སྟེགས་བུ་ལན་གསུམ་བསྐོར་ལ། ཕུར་པ་དར་ནག་གི་ཅོད་པན་ཅན་དེ་ཉིད། བསངས་སྦྱང་། སྐད་ཅིག་གིས་


LT31_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་དུད་ཀ །གཡས་གཏུན་ཤིང་། གཡོན་སྡིགས་མཛུབ། སྟོད་ཁྲོ་བོ། སྨད་ཕུར་པའི་དབལ་ཅན། དུར་ཁྲོད་ཆས་ཀྱིས་བརྒྱན་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། བུམ་དབང་ལས། ཧཱུྃ་ཚངས་ལ་མངའ་མཛད་སོགས་ཀྱིས་དཀྱིལ་འཁོར་གྱི་བྱང་ཤར་དུ་གདབ་བོ། །ལོངས་ཁྱབ་དང་ལྡན་ན་ཉིན་དང་པོ་འདིར་མཚམས་འཇོག །ཕྱིར་ནང་སྔ་བར་ཚིགས་བདུན་གསོལ་འདེབས། རྩེ་ལེའི་ཆོག་བསྒྲིགས་གི་དབུ་ནས་བརྩམས། དཀར་བགེགས། སྲུང་འཁོར་ཡང་བཏང་བའི་བདག་བསྐྱེད་བསྙེན་པ་ཡན་གྲུབ་ནས། རྒྱལ་ཐོ་གཟུག །ནང་དུ་སླེབ་འཕྲལ་འོག་ཏུ་འབྱུང་བ་ལྟར་དཀྱིལ་འཁོར་པ་ལ་གསོལ་བ་གདབ་སྟེ་བུམ་ལྷ་སྟ་གོན་ཡན་ཚང་བར་བྱ། །ལོངས་ཁྱབ་དང་མི་ལྡན་ན་ཕུར་གདབ་ཀྱི་མཇུག་དེ་ཉིད་དུ། ཕྱི་མཚམས་རྒྱལ་ཐོ་གཟུག་སྟེ། སྒྲུབ་ཁང་གི་ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་བཞིའི་སར། ཐོ་སྐུ་རྟེན་དང་བཅས་པ་བཀོད་པའི་མདུན་ཏུ་མཎྜལ་འདབ་བཞི་གཏེར་མཆོད་བཤམ། བསངས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་འདོད་ཡོན་གྱི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ཨ་ཀཱ་རོས་བྱིན་བརླབ།


LT31_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་རྟེན་ལ་བསྟིམ། ཨོཾཌྷྲྀཥྚ་རཱཥྚ་ཧཱུྃ་ཛཿ ཅེས་ཅི་འབྲུབ་བཟླས་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། གོང་གི་སྔགས་ཤམ་དུ། བ་ལིངྟ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ལས་བྱང་ཚངས་སྒྲ་ནས། ཧཱུྃ། དབང་ཆེན་ཁྲོ་རྒྱལ། ཞེས་སོགས་བཞི་ཀའི་མགོར་སྦྱར་ལ། ཕོ་བྲང་རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནས། །མཐུ་ཆེན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། སོགས་ཁ་བསྒྱུར། ཤར་ཕྱོགས་སོགས་སོ་སོར་འདོན། རྣལ་འབྱོར་སྒྲུབ་མཆོག་སོགས་ཀྱི་ཤློ་ཀར། ཕྱོགས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས༔ ཞེས་བསྒྱུར་བ་བཞི་ཀའི་གཤམ་དུ་སྦྱར་ཏེ་ཕྲིན་ལས་བཅོལ་བས། སྲུང་བའི་ལས་མཛད་པར་བསམ་ཞིང་། །བཀྲ་ཤིས་གང་བབ་ཤློ་ཀ་རེ་དང་། ཏིཥྛ་བཛྲས་བརྟན་པར་བྱས། རྟེན་གྱི་མཉམ་དུ་སཱཙྪ་རེ་ཡང་བཞག་གོ། །ལྷོ་ཕྱོགས་པའི་སྔགས་ནི། ཨོཾ་བཻ་རུཌྷ་ཀ་ཧཱུྃ་ཛཿནུབ་ཕྱོགས། ཨོཾ་བི་རུ་པཱཀྵ་ཧཱུྃ་ཛཿབྱང་ཕྱོགས། ཨོཾ་བཻ་ཤྲ་མ་་ཧཱུྃ་ཛཿཞེས་པའོ། །ཡང་ཁང་ཁྱིམ་སྤྱོད་ཡུལ་ཞན་པ་སོགས་ཀྱིས་རྒྱལ་ཐོ་གཅིག་ལ་བསྡུ་དགོས་པ་བྱུང་ན་འདི་ཉིད་ལ་


LT31_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སོ་སོ་མི་འཕྲུལ་པའམ། །བྱ་ཁྱུང་པའི་ཆོག་བསྒྲིགས་ལྟར་བྱའོ། །དེ་ནས་ནང་དུ་ལོག་ལ། །ལྷ་སྟ་གོན་གྱི་ཆེད་དུ་དཀྱིལ་འཁོར་སྟེགས་བུའི་སྟེང་དུ་ཐིག་ཆེན་བརྒྱད་བཏབ། དབུས་དང་ཕྱོགས་མཚམས་བརྒྱད་དུ་སོ་སོར་དྲི་བཟང་གི་ཐིག་ལེ་གཙོ་འཁོར་དགུ་པ་རེ་རེ། དེ་རྒྱབ་ཕྱོགས་མཚམས་བརྒྱད་དུ་ཐིག་ལེ་བརྒྱད། དེ་རྒྱབ་ཕྱོགས་བཞི་རེ་རེ་བཞིན་ཐིག་ལེ་ཕྲེང་ཚར་དྲུག་རེ་བྱ། བུམ་དབང་ལྟར་གཙོ་འཁོར་སོ་སོའི་སྔགས་ཤེས་ན་རབ། མ་ཤེས་ན་གཙོ་དགུ་རང་སྔགས་དང་འཁོར་རྣམས་ལ་འབྲུ་གསུམ་མཐར། ས་མ་ཡ་སྟྭཾཾ་བཏགས་པ་བརྗོད་བཞིན་པས། ནས་འབྲས་བདུད་རྩིས་བརླན་པའི་ཚོམ་བུ་གཙོ་བོ་ལ་གཞན་གྱི་ལྔ་འགྱུར། ཕྱོགས་མཚམས་གཙོ་བརྒྱད་ལ་སུམ་འགྱུར། །འཁོར་རྣམས་ལ་ཆ་རེ། དེའི་སུམ་ཆ་རེ་སྒོ་མཚམས་དཔའ་བོ་དཔའ་མོ་ལ་བཀོད་པའི་མདུན་ཏུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། ཚོགས་ཀྱི་ཡོ་བྱད་སོགས་བཤམ། དེའི་དབུས་སུ་ལྡིང་ཁྲི་ཕུབ་པའི་ཁར་བུམ་སྟེགས་བཅའ་ཞིང་། བུམ་པ་སྟ་གོན་ནི། ཐོག་མར་སློབ་དཔོན་གྱི་མངོན་ཏུ་སྟེགས་གཙང་མ་མེ་ཏོག་བཀྲམ་པའི་ཁར་བུམ་པ་རྣམས་བཞག་ལ། བྲབས་བདུག་ནས་གཟུངས་ཐག་འདོགས་པའི་བར་རང་སྔགས་བཅས་བུམ་སྒྲུབ་བདུད་རྩིའི་ཞུན་མར་ལས་འབྱུང་བ་ལྟར་ཟིན་ནས། སླར་ཡང་རང་


LT31_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་བཅས་དཀྱིལ་འཁོར་ལ་ཕྱོགས་མ་འཁྲུལ་བར་གཙོ་བུམ་ཤར་དང་། །གཞན་རྣམས་ནང་དུ་བལྟ་བས་བཀོད་ཅིང་། གཟུངས་རྡོར་འཛོམ་ན་རེ་རེ་བཞིན་བཞག །མ་འཛོམ་ན་ཐམས་ཅད་དང་སྦྲེལ་ནས་དབུས་སུ་བསྡུ། གཙོ་བུམ་མཉྫི་སོགས་ཀྱི་ཁར་བཀོད་ནས་གཞན་ལས་མཐོ་བར་བྱ། ལས་བུམ་གཅིག་དཀྱིལ་འཁོར་གྱི་ནུབ་ཏུ་བཞག་ལ་རྒྱལ་ཐེབ་ཀྱིས་སློབ་མ་རྣམས་ཁྲུས་ནས་དབྱུང་བའི་ཆས་བྱ། གཅིག་ཤོས་སློབ་དཔོན་གྱི་མདུན་ཏུ་བཞག་ལ་ལས་ཐམས་ཅད་པའི་བུམ་པ་བྱ་སྟེ། བུམ་པ་དེ་དག་ཅིས་ཀྱང་མ་འཛོམ་ན་གཙོ་བུམ་ལས་བུམ་གཉིས་ལ་བསྡུས་ཀྱང་རུང་ངོ་། །ལས་བུམ་ཁར་དྲི་ཆབ་དང་ལྡན་པའི་དུང་ཞལ་བཞག །ལོངས་ཁྱབ་ཡོད་ཚེ་སླར་ཡང་མེ་ཕྲེང་ལྟ་བུའི་བདག་བསྐྱེད་བསྙེན་པ་བཅས་བཏང་། ལོངས་ཁྱབ་མེད་ན་ཕྱི་ནང་གསང་མཆོད་བྱིན་རླབས་རྒྱས་བསྡུས་གང་ལྕོགས་བྱ། ལུས་དཀྱིལ་གསལ་བཏབ་ནས་རྡོར་བཟླས་དང་སྤྱི་དྲིལ་ཉུང་བ་ཙམ་བཟླས་ནས། སློབ་དཔོན་སྤོས་དང་རྡོར་དྲིལ་འཛིན་པས་བུམ་དབང་ལྟར། ཧོ་དགོངས་སུ་གསོལ་ལོ༔ བླ་མ་ཡི་དམ༔ །སོགས་ནས། མཛད་དུ་གསོལ༔ བར་ལན་གསུམ་གྱིས་གསོལ་བ་གདབ༔ དེ་ནས་དབང་བུམ་དང་ལས་བུམ་དུང་ཞལ་བཅས་ཀྱི་བསྐྱེད་བསྟིམས་མཆོད་བསྟོད་བཟླས་པའི་བར་


LT31_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལེའི་ཆོག་བསྒྲིགས་ལྟར་བྱས་ནས་དུང་ཞལ་ལས་བུམ་དུ་བླུགས། ལས་བུམ་གྱི་ཆུ་ཐིགས་རེ་གཙོ་དགུའི་བུམ་པ་རྣམས་སུ་བླུགས་པར་བྱའོ། །དེ་ནས་མཆོད་པའི་རྟེན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་སྟ་གོན་གྱི་ཆོ་གའི་རིམ་པ་ལས། ཐོག་མར་མདུན་བསྐྱེད་སྒྲུབ་པ་ནི། རྒྱས་པར་མངོན་རྟོགས་ཆེན་མོའམ། བསྡུ་ན་མངོན་རྟོགས་རིན་ཆེན་སྙིང་པོ་ནས་སྤྱན་འདྲེན། དབང་བསྐུར་ཡན་རྩེ་ལེ་ལྟར་བྱ། ཁྲུས་གསོལ་མི་དགོས། ཆུ་བཞི་འབུལ་སྔགས་ཕྱག་ལེན་བཅས་བུམ་དབང་ནས་འབྱུང་བ་ལྟར་བྱ། ཉེར་སྤྱོད་ལྔ་ཆོ་ག་བསྒྲིགས་ལྟར་འབུལ། ནང་མཆོད་གསང་མཆོད་སྨན་རཀ་གཏོར་གསུམ་འབུལ་བ་དང་བསྟོད་པ་བཅས་ལས་བྱང་ཆེན་མོ་ལྟར་གྲུབ་ནས། གཙོ་དགུའི་སྔགས་དང་སྤྱི་དྲིལ་ཆེ་ཆུང་ཅུང་ཟད་བཟླ། མཚམས་ཕུར་ལ་སུམ་བྷ་ནི་བཟླ་བཞིན་པས་གུ་གུལ་བདུག །སློབ་དཔོན་གྱིས་ཡུངས་ཀར་བྲབ་ཅིང་རཀྟས་བྱུགས་ལ། བསངས་སྦྱངས། སྟོང་པའི་ངང་ལས་ཕུར་བུ་རྣམས་ཧཱུྃ་ཡིག་བཅུ་ལས་སྟོད་ཁྲོ་བོ་སྨད་ཕུར་པའི་རྣམ་པ་ཅན་ཏུ་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ལྟ་བུས་བསྟོད། ལས་བྱང་ཆེན་མོའི་གསང་མཚམས་སྐབས་


LT31_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྲོ་བཅུའི་རང་སྔགས་དང་རྟེན་སྙིང་བཟླ། སོ་ཤིང་དཔུང་སྐུད་ཀུ་ཤ་སོགས་ལ་ལས་སྔགས་དང་འབྲུ་གསུམ་གྱིས་བྱིན་བརླབ། རྟ་ཤ་བཙན་གསུམ་གཏོར་འབུལ་ཆགས་མེད་རིན་པོ་ཆེས་མཛད་པ་དང་། །མེ་ཕྲེང་ལྟར་ཚོགས་ལས་སྐོང་བ་ཡན་བྱ་ཞིང་དམ་སྲི་མནན་པའི་ལིང་བསྒྲུབ་སྔོན་ཏུ་མ་གྲུབ་ན་སྐབས་འདིར་བཀུག་བསྟིམས་ལན་གྲངས་ནན་ཏན་དང་ཚངས་སྒྲ་ལྟར་གདབ་ལས་རྒྱས་པར་བྱའོ། །དེ་ནས་དམ་སྲི་མནན་པ་ནི་སློབ་དཔོན་སྔགས་ཆས་དང་བཅས་ཐམས་ཅད་ཕྱི་རོལ་ཕེབས་ནས་སྒྲུབ་ཁང་སྒོ་དྲུང་དུ་དོང་གྲུ་གསུམ་བྱས། གསེར་སྐྱེམས་བཤམས་ལ་བྲན་ཏེ། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་བླ་མ་དགོངས་འདུས་ལྷ་ཚོགས་རྣམས། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །མ་མགོན་ལྕམ་དྲལ་རྟ་ནག་ཤ་ཟ་བཙན། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོགས་མངག་གཞུག་བཅས་པ་རྣམས། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་


LT31_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །ཅེས་མཆོད། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ལས་ཀྱི་གཤིན་རྗེ། སོགས་ཚངས་སྒྲའི་ཚོགས་སྐབས་ནས་འབྱུང་བའི་ཧོམ་བསྐྱེད། སྲོག་ཟན་རྣམས་ཀྱི་གོ་རར་གྱུར་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་སྔོ་ལ་རིད་པ་སོགས་ནས། གཟུགས་ཅན་དུ་གྱུར། རང་ཡི་དམ་ནས། གཟུགས་ལ་བསྟིམ། ཡན། གོང་ལྟར་འགུགས་གཞུག་ལན་གསུམ་གྱི་སྐབས། བདེན་པ་ཆེན་པོའི་མཐུས་སྒྲུབ་ལ་བར་དུ་གཅོད་པའི་གནོད་བྱེད་རྒབ་འདྲེ་དམ་སྲི་ཕོ་མོ་གཡོག་དང་བཅས་པ་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག །ཅེས་དང་། རོལ་འོག་གནོད་བྱེད་ཡ་མ་དམ་སྲི་ཨེ་ཧུར་ཐུམ་གམ་པ་རི་སྲོག་སྒྲིལ་གམ་པ་རི་མཱ་ར་ཡ་ཛ༔ ཞེས་བཟླ། སྒྲུབ་ཁོག་ལྟར། ཧཱུྃ། དུར་ཁྲོད་གསང་བ་ནས། མཱ་ར་ཡ་ནན། བར་བརྗོད། མཚོན་ཆས་གདབ། །ཐུན་གྱིས་བྲབ་སྟེ་དོང་དུ་བཅུག་པའི་སྟེང་རོག་ཡམ་རྒྱ་གྲམ་དང་། སཱཙྪ་ནག་པོས་མནན། ས་ཆུ་མེ་རིམ་པ་བཅུ་གསུམ་གྱིས་གཡོགས། ཧཱུྃ་སངས་རྒྱས་ནས། རཀྵ་ནན། བར་བརྗོད་ཅིང་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་བཞིའི་བྲོ་བརྡུང་ངོ། །དེ་ནས་སྒོ་ཁང་ཡ་ཐེམ་གྱི་ཕྱི་ཟུར་ལ་ སྐྱེར་ཕུར་


LT31_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཅུ་གཉིས་པ་ལ་སོ་སོའི་སྔགས་བྲིས་པ་རེའང་རྒྱབ་ཏུ་བཏགས། གཤིན་རྗེའི་སྐུ་བཀོད། སྒྲུབ་པ་པོ་རྣམས་ཞལ་ཕྱིར་བསྟན། བསངས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཁྲོམ་ཤིང་འཛིན་པ་ཁྲོ་གཏུམ་འཇིགས་པའི་སྐུར་གསལ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་དྲངས་ཏེ་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊཿ ཞེས་བཟླ། ཨརྒྷཾ་ལ་སོགས་པས་མཆོད་ཅིང་གཏོར་མ་ཕུལ་ནས། སྒྲུབ་ཁོག་ལས། ཧཱུྃ་དུར་ཁྲོད་། སོགས་བྱ་ཞིང་མེ་ཏོག་དོར། ཡང་སྒོ་ཁང་གི་ནང་དུ་བདུད་རྩི་འཁྱིལ་པའི་སྐུ་བཀོད་པ་ལ་དམིགས་ཏེ་ཞལ་ནང་དུ་བསྟན་ལ་བསངས་སྦྱང་། །སྟོང་པའི་ངང་ལས་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་མེ་འབར་བའི་ཀློང་དུ་གསལ། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཞེས་དྲངས་ཏེ་བསྟིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ བཟླ། ཨརྒྷཾ་སོགས་དང་། གཏོར་མ་ཕུལ་ལ། ཧཱུྃ་དུར་ཁྲོད་ནས། འདུལ་དུ་གསོལ། ཞེས་ཕྲིན་ལས་བཅོལ་བ་ཡན་བྱ། སྒོ་འདི་ཡན་ཆད་དུ་སུ་ཡང་མ་འདའ་ཞིག །ཅེས་ཕུར་པ་གཅིག་གི་མགུལ་དུ་བཏགས་པ་སྒོ་ཐེམ་གྱི་ནང་དུ་དམ་སྲིའི་ལིངྒ་ལ་བཏབ་ནས་འཇོག །དེ་ནས་སློབ་མ་སྟ་གོན་ནི་བུམ་དབང་ཆེན་མོའི་གཞུང་


LT31_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ས་བཅད་བཅོ་ལྔ་སྟེ། ཐོག་མར་རྡོ་རྗེ་རྒྱལ་ཐེབས་ཀྱིས་ཕྱི་རོལ་དུ་ལས་བུམ་ཆུས་སློབ་མ་རྣམས་ཁྲུས་ནས་དབྱུང་། སློབ་དཔོན་ནམ་རྒྱལ་ཐེབས་ཀྱིས་ཁྲུས་ཚིག་བརྗོད། །རྡོ་རྗེ་མཚམས་པ་ཡོད་ན་མེ་ཐུན་ཆུ་ཐུན་བརྡེག །ཐམས་ཅད་ཀྱིས་ཡིག་བརྒྱ་བཟླ་བཞིན་པས་ཕྱག་བསྐོར་བྱས་ཏེ་ནང་དུ་འཁོད་པ་ན། སྡིག་སྦྱོང་སྦྱིན་སྲེག་ཅུང་ཟད་རྒྱས་པ་དང་གཞུང་གསལ་བསྡུས་པ་གང་ལྕོགས་ཁོ་བོས་ལྷན་ཐབས་ཟུར་དུ་བྱས་པ་ལྟར་བྱ། སློབ་མ་རྣམས་ཀྱི་ལུས་ལ་དྲིལ་ཕྱིས་བྱས་པའི་ཟན་ཆད་སྣོད་ལ་བོར་བའི་སྐབས། བདག་དང་བདག་ཅག་སོགས་སློབ་མ་རྣམས་ཀྱིས་བརྗོད། སློབ་དཔོན་གྱིས་བྱིན་རླབས་བསྔོ་བ་བྱས་ནས་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་བདུག་པ་སོགས་བྱའོ། །དབྱངས་རོལ་བཅས་གིང་གཏོར་འབུལ་ཞིང་འཛོམ་ན་གིང་དཀར་ནག་ཆས་སུ་ཞུགས་པ་དང་མ་འཛོམ་ན་སློབ་དཔོན་གྱིས་ཐུན་བརྡེག །རྡོ་རྗེ་རྒྱལ་པོའམ་རྒྱལ་ཐེབས་ཆས་དང་བཅས་བཞེངས་ནས་དབྱངས་རོལ་བཅས་ཕུར་པ་རྣམས་ཕྱོགས་མཚམས་མ་འཆོལ་བར་ཨེའི་གདན་ལ་གདབ། སྟེང་གི་ཕུར་པ་ཤར་གྱི་ཤར། འོག་གི་ཕུར་པ་ནུབ་ཀྱི་ནུབ་ཏུ་གདབ་པ་གྲུབ་ནས་སླར་བཞུགས། སློབ་མས་རྗེས་ཟློས་བཅས་ཕྱག་འཚལ། མཎྜལ་གྱི་ཆོ་ག་ཚུལ་བདུན་ལས་འབྱུང་བ་ལྟར་སྨན་རིན་ཆེན་འབྲུའི་ཚོམ་བུ་བཀོད་དེ་རྒྱས་པར་ཕུལ་ཞིང་སླར་


LT31_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གཞུང་ལས་འབྱུང་བའི་ཚིགས་བཅད་ཀྱིས་རྡོ་རྗེ་རྒྱལ་པོ་གཟུངས་མ་རྒྱལ་ཐེབ་ལ་དམིགས་ཏེ་ལན་གསུམ་འབུལ། སློབ་དཔོན་གྱིས་གཞུང་གསལ། ཀྱེ་ཀྱེ་རིགས་ཀྱི་བུ་ནས། གདོན་མི་ཟའོ། །བར་བརྗོད་ལ་སྤྲོ་ཞིང་ནུས་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་གོ་ཞིང་ཚིམ་པར་བཤད། མི་ནུས་ན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གསུང་གི་རྡོ་རྗེ་འོད་མི་འགྱུར་བའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྩ་བ་གསུམ་གྱི་ཐུགས་བཅུད་བླ་མ་དགོངས་པ་འདུས་པའི་གསེར་ཆོས་ལས་སྨིན་བྱེད་གྱི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེའང་ཐེག་པ་ཕྱི་ནང་ཐམས་ཅད་ཀྱི་རྩ་བ་ནི་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་དོ། །སོགས་བུམ་དབང་ཆེན་མོའི་དབུ་ནས་འབྱུང་བ་ལྟར། དེ་ལྟར་ལྡན་པ་གལ་ཆེའོ༔ ཞེས་རྡོ་རྗེའི་གསུང་གིས་གསལ་བར་བསྟན་པའི་མི་མཐུན་པ་སྤངས་ཤིང་། མཐུན་པའི་རྐྱེན་ལེགས་པར་ཚོགས་པའི་དབང་དུ་བྱས་ཏེ་དབང་བསྐུར་གྱི་རིམ་པ་རྣམས་ཚུལ་བཞིན་ཏུ་བགྱི་བའི་ཐོག་མར་སྟ་གོན་གྱི་ཆོས་རྣམས་བསྒྲུབ་པའི་སྐབས་སུ་བབ་པ་སྟེ་སྡོམ་པ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ལྟ་བུས་མཚམས་སྦྱར་ནས་གསོལ་གདབ་རྗེས་ཟློས། བུར་བྱ་བ། སྐྱབས་འགྲོ་


LT31_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འབོག་པ་དང་སྨོན་འཇུག་སེམས་བསྐྱེད་སྡོམ་བཟུང་བཅས་རྗེས་ཟློས་ལན་གསུམ་གསུམ། གནས་གསུམ་བྱིན་རླབས་སྐབས་སྡིག་སྦྱོང་དམིགས་པ་དང་ཏིལ་ནག་འཐོར་ཞིང་གུ་གུལ་བདུག་པ་ལས་ཏིལ་སྤྱོད་ལག་ལེན་མི་དགོས། དང་པོ་ཧཱུྃ་ཨཱཿཨོཾ་གིས་གནས་གསུམ་མས་རིམ་ནས་དྲིའི་ཐིག་ལེ་བྱ། ཨོཾ་ཨཱཿཧཱུྃ་གིས་ལས་རིམ་ནས་འབྲུ་གསུམ་སྤར་དྲི་དང་མཚལ་གྱིས་གནས་གསུམ་སོ་སོར་བཏབ། རྡོར་སེམས་བསྒོམ་ལུང་ཕོག །ཉེར་སྤྱོད་ལྔ་སྔགས་རྒྱ་དང་དངོས་སུ་བཤམས་པས་མཆོད། སོ་ཤིང་དོར་བའི་ཕྱིར་ཀ་ཊོ་རའི་ནང་དུ་མཎྜལ་པདྨ་འདབ་བཞིའི་དཀྱིལ་འཁོར་བྲིས་པ་མདུན་ཏུ་བཞག་ལ། བསངས་སྦྱང་། སྟོང་པའི་ངང་ལས་གླང་ཆེན་སེང་གེ་རྟ་མཆོག་རྨ་བྱ་ཤང་ཤང་གི་ཁྲི་དང་པདྨ་ཟླ་བའི་གདན་ལྔ་ཚོམ་གྱི་དབུས་དང་ཕྱོགས་བཞིར། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃརྣམས་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྔོན་པོ། །ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ། །ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། །ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། །བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ། །གཡས་རྣམས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ་རྒྱ་གྲམ་དང་གཡོན་རྣམས་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་


LT31_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པཱ་རི་བཱར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བདག༔ དུག་ལྔ་གནས་དག་ཡེ་ཤེས་ལྔ་ཡི་དངོས༔ རྒྱལ་བ་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ལ། ཚིགས་བཅད་ཀྱིས་སོ་ཤིང་གནང་བ་སླར་རྗེས་ཟློས་བཅས་ཕྱག་ལེན་ལྟར་དོར་ལ་པྲ་ལྟས་བརྗོད། དལ་གྱི་ལྷ་མི་དམིགས་པར་གཤེགས། ལས་བུམ་དུ་དུང་ཞལ་དུ་བསྲེས་པའི་སྐྱོར་ཆུ་སྔགས་བཅས་སྦྱིན། སྲུང་སྐུད་གདག །ཀུ་ཤ་གཏད་པ་སློབ་མས་སྔགས་ཀྱི་རྗེས་ཟློས་བཅས་བླང་། གཡས་སུ་གཏད་པ་ལ་སྔས་སོགས་ནས། དཀྱིལ་འཁོར་ཆེན་པོར་འཇུག་པའི་འོས་སུ་གྱུར་པའོ༔ བར་ཚང་བར་བརྗོད། དེ་དག་གིས་སློབ་མ་སྟ་གོན་གྱི་ཆོས་བཅོ་ལྔ་ལེགས་པར་གྲུབ་པའོ། །ཤིས་པ་བརྗོད། བསོད་ནམས་འདི་ཡིས་སོགས་བརྗོད་ལ་གྲོལ། འདི་དང་དངོས་གཞིའི་མཚམས་སྦྱོར་དབང་བཤད་ཟུར་དུ་ཡོད་པ་དཔེ་འབྱོར་ན་བལྟས་ཆོག་ཏུ་འོང་བ་ཡོད་དོ། །སྒྲུབ་པའི་སྐབས་མཆེད་དང་དབང་གྲལ་སློབ་མ་རྣམས་འདི་ནས་བརྩམས་མ་རྫོགས་ཀྱི་བར་ཐོག་མའི་སྡོད་གྲལ་དེ་ལས་གནས་མང་ཕྱུགས་པར་


LT31_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་གལ་ཆེ། དེ་ནས་ཚོགས་ལ་རོལ། ལྷག་མ་བཏང་། བཟླས་པ་དང་བསྐུལ་བ་མི་དགོས། མེ་ཕྲེང་ལྟར་ཆད་བརྟན་རྟ་བྲོ་ཡན་བྱ། དངོས་གྲུབ་བསྐུལ་མི་དགོས། སླར་སློབ་དཔོན་གྱིས་རྡོར་དྲིལ་འཛིན་ཅིང་སྤོས་བཏུལ་ཏེ་དཀྱིལ་འཁོར་ལོ་བསྐོར་བཞིན་པས། བུམ་དབང་སློབ་མ་སྟ་གོན་གྱི་གོང་དུ་འབྱུང་བའི། ཧཱུྃ་ཧྲཱིཿཔདྨ་བཛྲ་ནས། བྱིན་གྱིས་རླབས་པར་མཛད་དུ་གསོལ༔བར་ཕྱོགས་བཞི་ནས་གསོལ་བ་ཚར་བཞི་གདབ་ལ་རང་མལ་བཞུགས། མཆོད་པ་ཁ་གསོས། མེ་ཕྲེང་ངམ་ཆོག་བསྒྲིགས་ལྟར་བྱིན་རླབས་བྱ། མཆོད་ཕྲེང་གི་བདུད་རྩི་འཇམ་ལེགས་སོགས་ཤྭ་ལོ་ཀ་གཉིས་དང་། མངོན་རྟོགས་རིན་ཕྲེང་ནང་མེ་ཏོག་བདུག་སྤོས་ནས། ཨཱཏྨ་ཀོ྅་ཧཾ། བར་གྱིས་མཆོད། བདེ་ཆེན་རོལ་པས་བསྟོད། རྡོ་རྗེ་འཛིན་མའི་རྒྱ་སྤྱི་བོར་བཞག་ལ། ཨོཾ་བཛྲ་ཨུཏྟིཥྛ་བཛྲ་ཧཱུྃ། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཅེས་བསྒོམ་ལ་མེ་ཕྲེང་ལྟར་ནོངས་བཤགས། བཀྲ་ཤིས། བདག་བསྐྱེད་བསྡུ་བ་བཅས་བྱ་སྟེ་ཉིན་དང་པོའོ། ༈ །ཉིན་གཉིས་པར་མེ་ཕྲེང་ལྟ་བུའི་བདག་བསྐྱེད་རྒྱས་བསྡུས་གང་རུང་བསྙེན་པ་བཅས་བཏང་ནས། །སྒྲུབ་ཁོག་ལྟར་ཕྱི་ནང་གསང་བའི་ཆག་ཆག་གདབ། བུམ་དབང་


LT31_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཐིག་སྐུད་བྱིན་རླབས་དང་ཐིག་སྣ་གཏད་པ་གྲུབ་མཚམས། ཐོག་མར་ཡེ་ཐིག་མཁའ་ལ་གདབ། དེ་ནས་ལས་ཐིག་དཀྱིལ་འཁོར་གྱི་སྟེགས་བུར་གདབ་གྲུབ་ཟིན་ནས་དམ་ཚིག་པ་དང་ཡེ་ཤེས་པའི་ཐིག་དབྱེར་མེད་དུ་འདྲེས་པར་གྱུར། ཞེས་མོས། དམ་ཡེ་གཉིས་ཀའང་སློབ་དཔོན་ནམ་རྒྱལ་ཐེབ་ཤར་དང་ལྷོ། གཟུངས་མའམ་ལས་རྡོར་ནུབ་དང་བྱང་དུ་འདུག་སྟེ་ཐིག་ཆེན་བརྒྱད་ལག་ལེན་ལྟར་བཏབ། གཟུངས་མ་ལྷོ་ནུབ་དང་སློབ་དཔོན་བྱང་ཤར་དུ་མི་འགྲིམ་པ་གནད་ཆེ། རྡུལ་ཚོན་ཡིན་ན་ཐིག་ཞིབ་པར་བཏབ་དགོས་ཤིང་རས་བྲིས་ལའང་འདི་ཙམ་དགོས་པ་ཕྱག་ལེན་ནོ། །དེ་མཚམས་དཀྱིལ་ཐར་བཏིང་། སྤྲོས་པ་ལ་མོས་ན་ཚོན་བྱིན་རླབས་བྱ་ཞིང་རས་བྲིས་དཀྱིལ་འཁོར་ལྟེ་བར་རྡུལ་ཚོན་ལྔ་བརྩེགས་བླུགས་པ་རྗེས་ཆོག་སྐབས་ཆུར་གཤེགས་ཀྱི་ཕྱག་ལེན་མི་ཆད་པའི་ཕྱིར་རོ། །སྐབས་འདིར་ཐིག་ཚོན་གྱི་ཆོ་ག་ནུབ་དང་པོའི་མཇུག་ཏུ་བྱས་ནས་ཕྱིར་ནང་བདག་བསྐྱེད་སྔོན་ཏུ་འགྲོ་བའི་རྒྱན་བཀོད་ནས་འཇུག་ཀྱང་སྟབས་བདེའོ། །རས་བྲིས་སྟེང་ལྡིང་ཁྲིའི་ཁར་གཏོར་མའི་དཀྱིལ་འཁོར་ནི། བསྐང་ཆོག་གཙོ་བོར་བྱེད་ན་དབུས་སུ་མདངས་བསྐང་ལས་གསུང་པའི་བསྐང་གཏོར་བཤམས་པ་ཡིན་ཀྱང་འདིར་སྒྲུབ་ཆེན་དབང་དང་འབྲེལ་བའི་ལུགས་སུ་བྱས་ཏེ། དབུས་སུ་དཔལ་


LT31_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རིན་ཆེན་ཟུར་བརྒྱད་ཤིང་ལོ་དང་འཁོར་ལོས་མཚན་པ། ཤར་དུ་བླ་མ་གཏོར་མ་ཟླུམ་པོ་པད་འདབ་བཞི་དང་ཀྱུ་གུ་བཞི་པ་རྡོ་རྗེས་མཚན་ཅིང་འཁོར་ཟླུམ་པོ་བཞིས་བསྐོར་བ། ལྷོར་ཡི་དམ་གཏོར་མ་ཟུར་བཞི་འདབ་བཞི་ནོར་བུས་མཚན་པ་ལ་ཟུར་བཞི་བརྒྱད་ཀྱིས་བསྐོར་བ། ནུབ་ཏུ་མཁའ་འགྲོའི་གཏོར་མ་ཟུར་གཉིས་པད་འདབ་བཞི་པ་པདྨས་མཚན་པ་ལ་ཟུར་གཉིས་གཞིས་བསྐོར་བ། བྱང་དུ་ཆོས་སྐྱོང་སྤྱི་གཏོར་ཕོ་རྒྱུར་ཟུར་གསུམ་ལྟོ་ཁྲ་ཅན་གྲི་ཐོད་ཀྱིས་མཚན་པ་ལ་རང་འདྲ་བཞིས་བསྐོར་བ། དེ་ལྔ་ཀ་ལའང་དཀར་ཐིག་དམར་གུར་ཤ་མར་དར་སྣ་ཉི་ཟླ་ནོར་བུས་བརྒྱན་ཅིང་སྦོད་ཀྱིས་བྲན་པར་བྱའོ། །ཤར་ལྷོར་རྟ་མགྲིན་ནག་པོའི་གཏོར་མ་ཟུར་གསུམ་དཔུང་རོང་བརྗིད་ལྡན་རལ་གྲི་ཐོད་ཁྲག་གིས་མཚན་པའི་གཡས་གཡོན་ཏུ་རང་འདྲ་འཕྲག་པར་སླེབ་ཙམ་གཉིས། དེའི་རྒྱབ་ཏུ་གཙོ་བོའི་སུམ་ཆ་ལ་སླེབ་པའི་ཟུར་གསུམ་བརྒྱད་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་ཤ་ཟ་ཁ་མོ་ཆེ་ལ་མོ་རྒྱུད་ཟུར་གསུམ་གྲི་ཁྲོམ་ཅན་ལྕགས་ཀྱུ་ཙིཏྟས་མཚན་ཅིང་རང་འདྲ་བཞིས་བསྐོར་བ། ནུབ་བྱང་དུ་བཙན་རྒོད་ལ་དམར་གཏོར་ཕུར་རྩེ་གནམ་སློང་ལྟ་བུ་མདུང་དམར་ཙིཏྟ་ལྡེའུ་མིག་གིས་མཚན་པ། རང་འདྲ་དྲུག་གིས་བསྐོར་བ། བཀའ་སྲུང་གཏོར་མ་གསུམ་ཀར་ཐེབ་ཀྱུ་གྲུ་གསུམ་བཅད་ཁ་ཕྱིར་བསྟན་ལྷ་གྲངས་ཀྱིས་བསྐོར་བ། བྱང་ཤར་དུ་ནོར་ལྷ་སྤྱི་


LT31_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆགས་མེད་ལུགས་ལྟར་དང་། བྱང་སྟོད་དུ་ལས་གཏོར་ཟུར་གསུམ། བྱང་སྨད་དུ་ཕྱི་རྒྱུད་དཀར་གཏོར་མར་རྒྱང་བཙུགས་པ་བཅས། དེའི་སྟེང་ལྡིང་ཁྲིའི་ཁར་བུམ་པའི་དཀྱིལ་འཁོར་སྔར་སྟ་གོན་སྐབས་ལྟར་བཤམས་ཤིང་གཟུངས་རྡོར་དགུ་སྤྲེལ་བའི་སྣེ་མོ་རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་སླེབ་པར་བྱ། །ཕྱོགས་བཞིར་རྒྱལ་ཐེབས་ཡོད་ན་གཙོ་བུམ་རྡོར་རྒྱལ་དང་། གཞན་ཕྱོགས་སོ་སོར་རྒྱལ་ཐེབས་སོ་སོའི་ཕྱག་ཏུ་འཐེན། བུམ་པའི་ཤར་དུ་རྡོར་དྲིལ་དར་དཀར་གྱིས་ལྷན་ཅིག་བཅིངས་པ་དང་འཁོར་ལོ། ལྷོར་དབུ་རྒྱན་ལ་དར་སེར། ནུབ་ཏུ་རྡོ་རྗེ་ལ་དར་དམར། བྱང་དུ་དྲིལ་བུ་ལ་དར་ལྗང་གིས་སྤྲས་པ། མཚམས་བཞིར་ཐོད་པ་མཚན་ལྡན་རྩ་བརྒྱད་སྟོང་སྦྱར་ཆང་དང་མངར་གསུམ་སྦྱར་བས་བཀང་བའི་ཁ་ཆོད་དུ་མེ་ལོང་སྔགས་འཁོར་དར་དམར་གྱིས་བཀབ་པའི་སྟེང་མན་ཤེལ་ཟུར་བརྒྱད་པ་བཞག །དེའང་མེ་ལོང་ལ་ཆང་དང་སིནྡྷཱུ་ར་བྱུགས་པའི་སྟེང་དུ་གསེར་གྱི་ཐུར་མས་རྒྱས་པར་རྩ་སྒྲུབ་ནོར་བུ་པད་ཕྲེང་སྣང་བ་དབང་སྡུད་ལྟར་བྲི། བསྡུ་ན་ཐུགས་ཀྱི་ནོར་བུའི་སྒྲུབ་པའི་སྐབས་སུ་འབྱུང་བ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་དང་པོ་པད་འདབ་བཞི། དེ་རྒྱབ་འདབ་བརྒྱད། དེ་རྒྱབ་རྩིབས་དྲུག །རྩིབས་མཆན་ལ་དགའ་བ་འཁྱིལ་བ་རེ་རེ། དེ་རྒྱབ་མེ་ལོོང་གི་རི་མོ་མང་པོ་བྲི། འདི་ལ་སྔགས་དགོད་པ་མ་གསུངས།


LT31_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཚེ་དགུ་པའི་ལྷ་ཙཀ་སོ་སོར་བསྒོས་ནས་བུམ་པ་དགུའི་མདུན་ཏུ་བཀྲམ། རིགས་ལྔའི་ཙཀ་ལི་ཕྱོགས་བཞི་དབུས་ལྔ། ཕྱག་མཚན་རྣམས་ཤར། སྔགས་བྱད་དང་རིག་མའི་ཙག་ལི་ནུབ། ཡོན་ཏན་ཆས་ལྷོ། ཕྲིན་ལས་ཆས་རྣམས་བྱང་དུ་དགོད། ལྷག་མ་མཚམས་རྣམས་སུ་བཀྲམ། འདི་སྐབས་ཁྲག་ཞག་གར་དང་བྲིས་ཆས་སོགས་དངོས་དབང་འཛོམ་རིགས་དབང་གཞུང་ལྟར་དངོས་སུ་བཞག་ན་ལེགས། སྒྲུབ་དབང་གི་ཆས། སྐུ་གསུམ་དགུ་ཕྲུག །སྒྲུབ་པ་ལུང་གི་དབང་ཉེར་ལྔ་པོ་རྣམས་དངོས་སམ་ཙག་ལི་གཞུང་མཐུན། བགྲང་ཕྲེང་། དངོས་སུ་སྦྱིན་རྒྱུ་དར་རམ་མེ་ཏོག་དམར་པོའི་ཅོད་པན་ཧྲཱིཿཡིག་བྲིས་པ། ཚེ་ནི་འབྲུ་སྣའི་ཕྱེ་མ་དཀར་མངར་གྱིས་སྤྲུལ་པའི་རིལ་བུ་དང་ཤིང་ཏོག་སྣ་ཚོགས། གལ་ནི་ཆང་སྣ་བཞི་པོ་མངར་གསུམ་གྱིས་སྤགས་པ། ཚེ་གལ་མཐུན་སྡེབ་ཅེས་པ་འབྲུ་སྣ་ཚོགས་ཀྱི་ཕྱེ་མ་ཆང་སྣས་སྤྲུས་པའི་གཏོར་མ་པདྨ་འདབ་བཞིའི་སྟེང་དུ་ཉི་ཟླའི་གའུ་ཁ་སྦྱོར། དྲག་པོའི་ཐུན་རྫས། ལྕགས་ཕུར་དར་ནག་གི་ཅོད་པན་ཅན་རྣམས་བུམ་དཀྱིལ་གྱི་ཕྱོགས་གང་བདེར་བཀོད། བུམ་དཀྱིལ་གྱི་སྟེང་དུ་ལྡིང་ཁྲི་དར་གྱིས་གཡོགས་པའི་ཁར། སྨན་དབང་སྦྱིན་པའི་ཆེད་དུ་ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱོར་རྩ་བརྒྱད་སྟོང་སྦྱར་གྱིས་བཀང་ཞིང་དར་སྣ་ལྔས་དྲིལ་བ་རིགས་ལྔའི་དབུ་རྒྱན་གྱིས་སྤྲས་པའི་གཡས་


LT31_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཏུ་རྡོར་དྲིལ་བཅིངས་པ་དཔྲལ་བ་མདུན་ཏུ་བསྟན་ཏེ་བཞག །འདི་མཉམ་བཏགས་གྲོལ་དཀར་པོ་གཅིག་ཐུབ་གླེགས་བམ་དང་ཙཀྲ་བཅས་དར་སྣས་དྲིལ་ཏེ་བཞུགས། ཤེལ་རྡོ་མེ་ལོང་། རིགས་ལྔའི་ཕྱག་མཚན་གྱི་ཙཀླི་སོ་སོར་བྱས་པ་བཀོད། འདི་ལྟར་སྒྲུབ་ཆེན་གྱི་དབང་དང་འབྲེལ་བའི་ཚེ། ཚེ་སྒྲུབ་བདུད་རྩིའི་སྙིང་པོའི་ཆས་རྣམས་ཀྱང་འདི་ཉིད་དུ་སྟ་གོན་བྱས་ནས་ཉིན་རེ་བཞིན་རྒྱལ་ཐེབས་སོགས་ཀྱིས་ཚེའི་ལས་གཞུང་བསྲང་བ། རྟེན་འབྲེལ་གྱི་གནད་དུ་ཆེ་ཞིང་ཕྱག་རྒྱུན་ལས་འབྱུང་བ་ཡིན་པས་གོང་གི་སྨན་གྱི་ཕོ་བྲང་བཞུགས་པའི་ལྡིང་ཁྲི་དེ་ཉིད་དམ། དཀྱིལ་འཁོར་ཆེན་པོའི་ཟུར་གྱི་ཕུག་ལོགས་གང་བདེར་གཞི་མ་དཀར་གཙང་སྟེང་། དཀྱིལ་འཁོར་པདྨ་འདབ་བརྒྱད་སྒོ་རྫོགས་དང་བཅས་པའམ། མ་འབྱོར་ན་འབྲུའི་ཚོམ་བུ་དབུས་སུ་གཙོ་འཁོར་དགུ། །དེ་རྒྱབ་ཕྱོགས་བཞིར་རེ་རེ་བཀོད་པའི་དབུས་སུ་ཁྲིའུའི་ཁར་བུམ་པ་མགུལ་ཆིངས་དམར་པོ་རྒྱུན་འབབ་ཀྱི་ཆུ་དང་བའི་འོ་མ་དཀར་གསུམ་མངར་གསུམ་ཉེར་ལྔའི་རྫས་སོགས་ཀྱིས་སུམ་གཉིས་བཀང་ཞིང་། འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་གཟུངས་རྡོར་བཅས་པའི་ཁར་ཁྲིའུའི་སྟེང་ཀ་པཱ་ལ་མཚན་ལྡན་ཚེ་ཆང་ཨ་མྲྀ་ཏ་བྲན་པས་བཀང་བའི་ཁ་ཆོད་དུ། འབྲུ་གཙང་ཕྱེ་མ་མངར་གསུམ་མར་དང་འོ་མས་སྦྲུས་པའི་ཚེ་


LT31_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རིན་ཆེན་ཟུར་བརྒྱད་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། དཀར་མངར་ཟས་སྣས་སྤྲས་ཤིང་དར་དམར་གྱི་ལྡིང་གུར་ཕུབ་པ་བཤམས། གཡས་སུ་རྒྱུ་དེ་མཚུངས་ལས་ཚེ་ཟན་ཟར་སྒོང་གི་དབྱིབས་ཅན་ཉི་ཟླས་མཚན་པ་ལ་ཟས་སྣ་དང་ཤིང་ཏོག་ཅི་འབྱོར་སྤུངས་པའི་ཉེ་ལོགས་སུ་ཚེ་མདའ་གས་གྲུམ་མེད་པ་གཟུག །གཡོན་ཏུ་ཚེ་འབྲས་ཞེས་པ་རིལ་བུའི་རྒྱུ་གོང་མཚུངས་མི་གྲངས་དང་མཉམ་པའི་ཕྱི་མར་གྱིས་བཏུམས་པ་མི་གྲངས་ཉུང་རུང་སྣོད་ཁེངས་པར་དགོས་ཤིང་། དེ་མཉམ་གས་ཆག་མེད་པའི་སྣོད་དུ་ཚེ་ནས་དཀར་མོ་བསླད་མེད་དར་དམར་གྱི་ཁེབས་དང་ལྡན་པ། གཞི་ལོགས་སུ་ཡིན་ན་ཞི་མཆོད་ཕྲེང་ཚར་དང་། སྨན་གྱི་ཕོ་བྲང་དང་ལྷན་ཅིག་པའི་ཚེ། དེའི་མཐའ་བསྐོར་དུའང་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཀོད། རས་བྲིས་དཀྱིལ་འཁོར་མཐའ་བསྐོར་གྱི་ཤར་དུ་མེ་ཏོག་བདུག་སྤོས་སོགས་ཉེར་སྤྱོད་ལྔ། ལྷོར་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་འདོད་ཡོན་ལྔ། ནུབ་ཏུ་མེ་ལོང་རྔ་ཟླུམ་པི་ཝང་གླིང་བུ་རྫ་རྔ་ཐོགས་པའི་རིག་མ་དཀར་དམར་མཐིང་སེར་ལྗང་གུ་ལྔ། བྱང་དུ་དབང་ལྔའི་མེ་ཏོག །གསུར་ཆེན་བདུག་སྤོས། །ཞུན་ཆེན་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཞལ་ཟས། ཐོད་རྔ་རྐང་གླིང་རོལ་མོ་བཅས་བཤམས་པའི་ཕྱི་རོལ་དུ་


LT31_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ས་བར་རྒྱན་དགབ་བསྐོར་ཕྱག་ལེན་ལྟར་དཀྲིས་པའི་མཐའ་བསྐོར་དུ་བསྐང་ཆོག་ཆས། བདུད་རྩི། རཀྟ། དཔལ་བཤོས་ཟུར་གསུམ། ཞལ་ཟས་ཟླུམ་པོ། མར་མེ། ཐབས་ཤེས་ཤ་ཟན་གྱི་ཚོགས་རྫས་བཅས་བརྒྱ་རྩ་བརྒྱད་རེས་བསྐོར། འབྱོར་ན་ཕྱི་ནང་མཆོད་རྫས་ཐམས་ཅད་བརྒྱ་བརྒྱད་རེ་བཤམས་ལ་སྟོང་མཆོད་སོགས་བྱས་ཀྱང་ཕན་ཡོན་གྱི་ཡན་ལག་ལས་ལྷག་སྐྱོན་མེད་ཅིང་གོང་གསལ་བརྒྱ་རྩ་བདུན་པོ་ནི་གཞུང་གི་དངོས་བསྟན་ཡིན་པས་ཅི་ནས་གལ་ཆེའོ། །དཀྱིལ་འཁོར་གྱི་མདུན་ཕྱོགས་བརྒྱ་རྩའི་བར་སྣང་ཡང་འཕྲུལ་སྟེགས་རིམ་པ་གཉིས་བྱས་པའི་སྟེགས་མཐོ་བ་ལ་བསྐང་གཏོར་རི་རབ་བང་རིམ་སུམ་བརྩེགས་སྟེང་དཔལ་གཏོར་སྟོད་ཟུར་གསུམ་པ་གཙོ་འཁོར་དགུའི་མཐའ་བསྐོར་དུ་འཇིག་རྟེན་ན་སྲིད་དོ་འཚལ་གྱི་མཆོད་རྫས་དང་གཟུགས་འགྲོས་སྤར་དུ་བཏབ་བ་རང་གནས་གོང་འོག་གི་རིམ་མ་འཆུག་པར་བཀོད་པའི་མཐའ་བསྐོར་དུ་སྡེ་བརྒྱད་བཤོས་བུ་ལྷ་བཤོས་ཟླུམ་པོ་ཤར། གཤིན་རྗེར་ཁྲམ་རིས་ཅན་ལྷོ། མ་མོར་ཁ་ཊཱཾ་དབྱིབས་ཅན་ནུབ། བདུད་བཤོས་ཟུར་གསུམ་། གཡོན་དྲིལ་བྱང་། སྲིན་པོར་ཐུག་རུ་འཁྱིལ་ཆུང་ཤར་ལྷོ། བཙན་བཤོས་བྲམ་རྩེ་རྒྱལ་ལྷོ་ནུབ། གནོད་སྦྱིན་ཀྱུ་གུ་བུ་ཁུར་ནུབ་བྱང་། ཀླུ་བཤོས་ནོར་བུའི་མཚན་པ་བྱང་ཤར། མཚམས་རྣམས་སུ་


LT31_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་དམར་གཏོར་ཐེབ་ཀྱུ་སོགས་ཀྱིས་བཅེར། ཉི་ཟླ་ནོར་བུ་རིན་ཆེན་དར་ཟབ་སྟག་གཟིགས་རས་མ་སོགས་ཀྱིས་བརྒྱན་པ་བཤམས་པའི་གཡས་གཡོན་ཏུ་ཆད་བརྟན་རྒྱུན་བཞག །རིམ་པ་གཉིས་པར་སྨན་གཏོར་དབུས་སུ་བླ་མ་ལ་ཟླུམ་གཏོར་པདྨ་ཤིང་ལོས་མཚན་པ། གཡས་སུ་ཡི་དམ་ལ་དཔལ་གཏོར་ཉི་ཟླ་མེ་རིས་མཚན་པ། །གཡོན་ཏུ་མཁའ་འགྲོ་ལ་ཟུར་གཉིས་རིགས་ལྔའི་ཕྱག་མཚན་གྱིས་མཚན་པ། གསུམ་ཀའང་པད་འདབ་བཞི་བཞིས་མཚན་ཞིང་འཁོར་གཉིས་རེ་དང་བཅས་པ། རྒྱན་སྣ་ཚོགས་པས་བརྒྱན་ཅིང་སྤོད་ཀྱི་རིགས་བྱེད་དུ་མས་བྲན་པ་བཤམ། སྦོད་ནི་སྒ་སྐྱ། ལན་ཚྭ། གཡེར་མ། འུ་སུ། གོ་སྙོད་གཙོ་བོར་གྱུར་པ་ཟས་ཀྱི་བྲོ་བ་བསྐྱེད་པའི་སྨན་རྣམས་ཏེ། གཞན་ཡང་གཏོར་འབུལ་རང་གཞུང་ལས་གསལ་བའི་བཟའ་བཏུང་གི་རིགས་བྱེད་དངོས་སུ་འབྱོར་ཞིང་བཤམ་པར་འོས་པ་ཐམས་ཅད་འདིར་བཤམ། དེའི་གཡས་སུ་བདུད་རྩི་དར་སྔོན་དང་། གཡོན་ཏུ་རཀྟའི་སྣོད་དར་དམར་གྱིས་བཀབ་པའི་ཉེ་ལོགས་སུ་བགེགས་བསྐྲད་ཟེགས་མ་འཐོར་བའི་རྡོ་རྗེའམ་ཕུར་པ་རེའང་འཇོག །དཀྱིལ་འཁོར་ཟུར་བཞིར་རལ་གྲི་དར་མཐིང་ནག་གི་ཅོད་པན་ཅན། པྲཛྙཱ་།།།ར་མི་ཏ་མཱུྃ་ཧྲཱིཿཞེས་མཚལ་གྱིས་བྲིས་པ་དང་། ཕྱོགས་བཞིར་མདའ་དར་ཕྱོགས་མདོག་མེ་ལོང་རྨ་བྱས་བརྒྱན་པ། ཟུར་བཅུ་གཉིས་སུ་


LT31_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་བཅུ་གཉིས། མདུན་ཏུ་གཞི་ཁྲིའི་ཁར་རྒྱུན་ཏུ་གསོ་རྒྱུའི་ཕྱི་མཆོད་མཆོད་འགོ་གཡས་དང་། དྲག་མཆོད་གཡོན་ཏུ་བསྟན་པ་ཕྲེང་ཚར་གཉིས། ཆུ་བཞིའི་གཟེད་ཞལ་དང་སྦྲེང་བའི་ཆུ་སྣོད། ཀུ་ཤའི་འཐོར་གཡབ་བཅས། ཚོགས་རྫས་ཐབས་ཤེས་ཤ་ཆང་གཙོ་བོར་གྱུར་པའི་ཟས་སྣ་འབྱོར་ཚད། ཚོགས་བསྒྲལ་གྱི་ཉ་བོ། །སྔོན་འགྲོ་དཀར་གཏོར་དང་གསེར་སྐྱེམས། བགེགས་གཏོར་གླུད་གཟུགས། རྒྱལ་ཆེན་རྒྱུན་གཏོར་ཟླུམ་གཏོར་ཕྱོགས་བཞི་ཀར་ཐེབ་རིལ་གྱིས་མཚན་པ། ཆད་མདོད་་མར་གཏོར་ཆེ་གཅིག་གི་ལོགས་རེར་ཆུང་བ་གསུམ་གསུམ་གྱིས་བརྒྱན་པ། བརྟེན་མ་ཟུར་བཞི་དམར། ཟུར་གསུམ་ནག །ཟླུམ་པོ་དཀར་པོ་བཅས་གསུམ་ཀའི་མདུན་ཏུ་ཐེབ་ཀྱུ་སུམ་བརྩེགས་རེ་རེས་མཚན་ཅིང་ལྷན་ཅིག་ཏུ་ཞབས་དཀྲིས་ལྡན་པ། བཀའ་སྲུང་གསུམ་གྱི་རྒྱུན་གཏོར་ཟུར་གསུམ་ཐེབ་ཀྱུ་ཁ་ཕྱིར་བསྟན་གྱིས་མཚན་པ་གསུམ། གཞན་ཡང་དཀར་གཏོར་དམར་གཏོར་དང་ཞལ་ཟས་མང་ཙམ་འདུ་བྱ། དཀྱིལ་འཁོར་གྱི་ལྷོ་ནུབ་ཕྱོགས་སུ་མཉྫིའི་ཁར་ལྕགས་སྣོད་དུ་དམར་གཏོར་ཤ་ཁྲག་དང་ཡུངས་དཀར་གོང་བུས་བརྒྱན་པ་བཤམས་ལ་ཚོགས་ཀྱི་ལྷག་མ་རྣམས་དེ་ཉིད་དུ་བླུགས་ཏེ་སྒྲུབ་པ་མ་གྲོལ་བར་བཙོན་འཛིན་བྱ། དེ་ཉིད་དུ་ཉུ་ལེའི་བྲུབ་ཁུང་ལིངྒ་སཱ་ཙྪ། ཁྱད་པར་གྱི་དབྱུག་


LT31_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་འུག་མགོས་མཚན་པ། ཐུན་རྫས། དུས་བཅུ་གཉིས་ཀྱི་གཉེན་པོའི་རྫས་པྲ་ཁྲིད་ལས་གསུངས་པ་རྣམས་ཀྱང་འཛོམ་ན་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་བཞག །གཏོར་དཀྱིལ་གྱི་རྟ་མགྲིན་གཏོར་མའི་མཉམ་དུ་འདི་ཉིད་ཀྱི་རྗེས་གནང་ཆེད་དུ་རྟ་མགྲིན་ཡབ་ཡུམ་སྲས་གསུམ་གྱི་སྐུ་རྟེན་འཛོམ་ན་བླ་རྡོ་གཞུང་གསལ་དང་། མ་འཛོམ་ན་སྲོག་འཁོར་དཔེའུ་རིས་སུ་གསལ་བ་ལྟར། རཀྴའི་བཟླས་ཕྲེང་བཅས་བཀོད། འདི་དང་དྲེགས་པའི་སྲོག་འཁོར་གཏོར་དཀྱིལ་སོགས་དཔེའུ་རིས་ལྟར་བྲི་ནས་སྔ་ཚགས་ཆུད་བ་དགོས། སྒྲུབ་དཀྱིལ་ཆེན་མོའི་གཡོན་ལོགས་གང་བདེར་དྲགས་པའི་སྲོག་དབང་གི་ཆེད་དུ་གཞི་མ་ནག་པོའི་སྟེང་དུ་དཀྱིལ་འཁོར་དཔེའུ་རིས་ལྟར་རྡུལ་ཚོན་གྱིས་བྲི་བའམ། རས་བྲིས་བཀོད་པའི་ཁར། ཟངས་ལྕགས་ཀྱི་སྣོད་ཆེ་བའི་ནང་དུ་དམར་གཏོར་ཟུར་གསུམ་ཁྲུ་གང་ལས་མི་ཆུང་བ། དེའི་ལོགས་གསུམ་ལ་དེ་ལས་ཆུང་རེ་རེ། མཐར་བསྐོར་དུ་གཏོར་ཆུང་ཟུར་གསུམ་རབ་དྲེགས་པའི་གྲངས་མཉམ་ཉིས་བརྒྱ་བཅུ་གསུམ། འབྲིང་གཙོ་བསྡུས་ཉེར་གཅིག །ཐ་མ་ཅི་འབྱོར་རམ་སྡེ་བརྒྱད་བཤོས་བུ་སྤྱི་མཐུན་གྱིས་བསྐོར། ཤ་ཁྲག་ལ་སོགས་པའི་ཟས་སྣ། སྟག་གཟིགས་རས་མོ། དར་ནག་གི་འཕན། དར་སྣའི་བཀྲམ་མཚར་སོགས་ཀྱིས་འཇིགས་ཤིང་རྔམས་པར་བརྒྱན། འབྱོར་ན་སྐུ་རྟེན་ཀྱང་


LT31_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཙུག་ལ་ཁྲིའི་ཁར་བཤམས་པའི་འོག་ཏུ་དྲེགས་པའི་སྲོག་འཁོར་དང་། དུག་ཤོག་ལ་དུག་ཁྲག་གིས་དབུས་སུ་ཨོཾ་ཨཱཿཧཱུྃ། མཐའ་བསྐོར་དུ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཏྲི་དུ་ཛཿ ཞེས་ཡིག་མགོ་ནང་བསྟན་འཁོར་བར་བྲིས་པ་སློབ་མའི་གྲངས་མཉམ་རོ་རས་ཅོད་པན་སྲོག་ཕུར་བཅས་ཞིང་ལྤགས་ཁུད་དུ་དྲིལ་ལ་བཞག །རྒྱབ་ཏུ་ཁྲིའུའི་ཁར་དཔལ་བཤོས་རྒྱན་ལྡན། གྲི་གུག་ཐོད་ཁྲག །ཤེལ། མུ་ཏིག །ཕ་ཝཾ་ལོང་བུ། རྟ་མགྲིན་ཡབ་ཡུམ་སྲས་གསུམ་སྐུ་རྟེན། སྒྲུབ་རྟེན་གླེགས་བམ། རཀྴའི་ཕྲེང་བ། གཡས་སུ་རལ་གྲི། མདའ་གཞུ། མདུང་། ཤང་ལང་ལ་སོགས་པའི་མཚོན་ཆ། དུག་ཁྲག་གི་རློན་ཐུན་དང་། ཡུངས་ཀར་ཀེ་ཚེ་སོགས་སྐ་མདུན། གཡོན་ཏུ་ཕུར་པ་དར་ནག་གི་ཅོད་པན་ཅན། ཤ་ཁྲག་དུམ་བུ་མང་པོ། དྲག་པོའི་སྲེག་ཐབས་བསྲེག་རྫས། མདུན་ཏུ་དྲེགས་པ་རྣམས་ཀྱི་ཙཀླི་ཚང་བ། ཤ་ཤུན་ལར་ཁྲག་གིས་རྒྱས་པར་བཙན་རྒོད་སྲོག་སྔགས་སམ། །བསྡུ་ན་ཏྲི་བྲིས་པ་མི་གྲངས། སྨན་རཀ་དང་། ཁྲག་གི་མཆོད་ཡོན་སོགས་དྲག་མཆོད་ཕྲེང་ཚར་དུ་བཤམས་ལ་སངས་རྒྱས་གླིང་པ་ཉིད་ཀྱིས་མཛད་པའི་དྲེགས་པ་ཉེར་གཅིག་གི་གསོལ་མཆོད་བཀའ་སྲུང་གསུམ་པོའི་རྗེས་སུ་ཚར་རེ་


LT31_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ན་ལེགས། མ་ཚར་ན་སྒྲུབ་མཆོད་གཞན་ལ་ཉིན་བཞིན་ཚར་རེ་འདོན་བཅོལ་ལོ། །མེ་ཏོག་ཕོག་པའི་གསང་མཚན་རྣམས་ཀྱང་འོག་ཏུ་འབྱུང་བ་ལྟར་བྲིས་ལ་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་བཀྲམ་པའམ། མེ་ཏོག་དོར་བའི་དཀྱིལ་འཁོར་དེ་ཉིད་དུ་བཀོད་ཀྱང་རུང་། །རྗེས་གནང་ཆས་དུང་ལ་དར་སྣ་ལྔ་བཏགས་པ། པུ་སྟི། འཁོར་ལོ། གདུགས། ཁྲིའུ། ཨོ་རྒྱན་གྱི་སྐུ་བྱིན་རླབས་དང་ལྡན་པའང་གར་འཐད་དུ་བཞུགས་སུ་གསོལ། དམ་ཚིག་གནང་བཀག་གི་ཆིངས་ལ་མཁོ་བའི་ཤེལ་རྡོ། མེ་ལོང་། དར་སྣ་ལྔ་བཅས་སློབ་རང་རང་གིས་འཆང་རྒྱུ་སྐབས་འདིར་སོ་སོས་འདུ་བྱས་པའང་དཀྱིལ་འཁོར་གྱི་ནང་གང་བདེར་བཀོད་ཅིང་། །དེ་ཙམ་མ་འཛོམ་ནའང་གཙོ་བོ་ཞིག་གིས་ཚགས་སུ་ཚུད་པར་བྱའོ། །ཡང་སྟེགས་བུ་ཡངས་པ་ཞིག་ཏུ། །མངའ་གསོལ་གྱི་ཞལ་སྐྱེམས། རྒྱན་གདགས་དང་རྟགས་གདབ་དྲག་པོའི་ཆས་ཐོད་པ་ཚར་གསུམ་ཕྲེང་བ། གླང་ཀོ། སྦལ་ཆུན། ཞིང་གཡང་། སྟག་ཤམ། མེ་ཕུང་། རཀྟ་མཚལ་དང་བསྲེས་པས་དཔྲལ་བར་ཐིག་ལེ་ཉི་ཟླའི་རྒྱ་ཅན། ཐལ་ཆེན་རུས་ཆེན་ས་དཀར་དང་བསྲེས་པས་མཁུར་ཚོས་ལ་རྡོ་རྗེ་ཕྱེད་པའི་རྒྱ། ཞག་ཆེན་ས་སེར་དང་བསྲེས་པས་ཁ་ལ་པདྨ་འདབ་བརྒྱད་ཀྱི་རྒྱ་བཅས་དེ་གསུམ་ཀ་འདེབས་སྤྱད་སྤར་དང་བཅས་པ། ཞི་ཆས་དར་བེར། རིན་ཆེན་


LT31_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་བྲན། ཅོད་པན། དོ་ཤལ། སྐུ་རེག །རྡོར་དྲིལ་བཅས་འཛོམ་ན་རྡོ་རྗེ་རྒྱལ་པོ་ལ་ཆ་གཅིག །མཆེད་བྱིངས་ལ་ཆ་གཅིག་བཅས་གཉིས་སམ། །མ་འཛོམ་ན་ཚང་མ་ཚར་གཅིག། ཕྱི་འཇུག་གི་སྐབས་སུ་མཁོ་བའི་དར་སྔོན་སྨད་གཡོགས། དར་དཀར་སྟོད་གཡོགས། རིན་པོ་ཆེའི་ཐོར་ཅོག །དར་དམར་གྱི་ཅོད་པན། མིག་དར་མེ་ཏོག །དུང་ཞལ་དུ་དྲི་བཟང་སྦྱར་བ། །ཡེ་ཤེས་དབབ་པའི་རྫས་སོགས་དང་། ༈། གཞུངས་སྒྲུབ་དབང་ཆས་གཙོ་བུམ་མགུལ་ཆིངས་དཀར་པོ་རྫས་ལྡན། ཁྲུས་བུམ་མགུལ་ཆིངས་སྣ་ལྔ་ཅན། །མེ་ལོང་ཁྲུས་དར། མེ་ཆུ་ཏིལ་གསུམ། གདན་དཀར་ནག་གཉིས། བྱད་ཐག་སྔོན་དམར། རལ་གྲི། བྱ་བ་རྫས་ལྕང་མ་སོགས་ཀྱི་ལྕུག་མ། རྨ་བྱའི་སྒྲོ། །ས་ཆུ་མེ་རླུང་། ཀུ་ཤའི་ཆུན་པོ། སྣམ་རས་དཀར་པོ། ཁྲུས་སྣོད་ཆེ་བའི་ནང་དུ་གླུད་དཀར་སེར་དམར་ལྗང་ཁྲ་བོ་ལྔ། ལྕོག་རྡོག་ཐེབ་ཀྱུ་ཅན་གསུམ། ཏིང་ལོ་ཆང་བུ་ཅན་གསུམ། ཡང་སྣོད་ཆེ་བའི་ནང་གདོན་ཕོ་མོའི་གཟུགས་དཀར་ནག་གཉིས། དེ་ལ་བསྔོ་རྒྱུའི་གླུད་ཆུང་སྤར་བཏབ་པ་དང་ཆང་བུ་བརྒྱ་རྩ་ནས་ཉེར་གཅིག་བར་གང་འགྲུབ་བཅས་བསགས་ལ། རྒྱན་བཀོད་པའི་སྐབས། གཙོ་བུམ་བུམ་དཀྱིལ་དུ་གང་བདེར་བཤམ།


LT31_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཆས་བྱ་བ་རྫས་རིགས་དཀྱིལ་འཁོར་གྱི་ལྷོ། སྦྱོང་གཏོར་ནུབ། གླུད་རྣམས་དང་གདོན་གཟུགས་བྱང་གི་མཐའ་བསྐོར་དུ་བཞག་པར་བྱའོ། ༈། བུམ་སྒྲུབ་སྦྱོང་ཆས་དྲིལ་ཕྱིས་ཟན། མེ་ཆུ་ཏིལ། ཀུ་ཤའི་ཆུན་པོ། ལྕི་བའི་ཆང་བུ། ཟན་གྱི་ཆང་བུ། ཁམ་ཕོར་དཀར་པོ་གསར་པ། རས་དཀར་བཅས་ཉེར་བསྡོགས་བྱ། རྒྱལ་སྲིད་སྣ་བདུན་ཙཀླི་དཀྱིལ་འཁོར་དུ་བཀོད་དོ། །སློབ་དཔོན་གྱི་མདུན་ཏུ་གཡས་ནས་བརྩམས་ཏེ་ནས་ཟེད། ནང་མཆོད། ཁྲུས་བུམ། ཌཱ་མ་རུ། རྡོར་དྲིལ། གཡབ་དར་རིགས་བཅས་བཀོད། འདི་ལའང་གོ་རིམ་འདྲ་མིན་ཡོད་མོད་འགལ་འདུ་ཆུང་ངོ་། །གཞན་ཡང་རྒྱལ་ཐེབས། ལས་རྡོར་སོགས་ཀྱི་ཉེར་སྤྱད་དང་། སྤོས། ཡུངས་ཐུན། གུ་གུལ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་སྟ་གོན་དུ་འཚོགས་པར་བྱའོ། །དེ་དག་ནི་གོ་བདེ་བའི་ཕྱིར་བཅས་བཤམ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྟན་པ་ཡིན་ལ་ལག་ལེན་དངོས་ནི་བཅས་རྣམས་གྲུབ། བཤམས་བཀོད་མ་བྱས་པའི་སྔ་རོལ་རས་བྲིས་བཏིང་མ་ཐག་པ་དེར། སློབ་དཔོན་གྱི་མདུན་ཏུ་གཞི་གཙང་མེ་ཏོག་བཀྲམ་ལའི་ཁར་སྒྲུབ་རྫས་རྣམས་བཀོད་དེ། རོལ་དབྱངས་ཏིང་ངེ་འཛིན་དང་བཅས་སྒྲུབ་ཁོག་པྲ་ཁྲིད་ལྟར། ཧཱུྃ་བུམ་པ་ཟླུམ་པོ་སོགས་ནས། བཟུང་།


LT31_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་དགོད་པའི་བར་མཐར་ཆགས་སུ་བཏང་ནས་སོ་སོའི་མཚམས་རྣམས་སུ་ཞི་རོལ་སྐབས་ལས་ཀྱི་རྒྱལ་ཐེབ་སོགས་ཀྱིས་བསྒྲུབ་རྫས་བསྣམས་ཏེ་སྦྱར་སྤོས་ཀྱིས་བསུ་བ་སོགས་བཀུར་བསྟི་དང་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་ནས་མ་འཁྲུལ་བར་བཀོད་ལ་བག་དྲོ་ཡིད་འོང་ལྷུན་ཆགས་པར་གྲུབ་ནས་མཆེད་བྱིངས་རྣམས་ནས་རོལ་མོ་བརྒྱ་བརྡུངས་སོགས་ཀྱིས་བྱིན་དབབ། སློབ་དཔོན་གྱིས་ཡིག་བརྒྱ་བརྗོད་བཞིན་པས་དཀྱིལ་འཁོར་ལན་གསུམ་བསྐོར་ལ་ལྷག་ཆད་བཤགས། །གོང་དུ་ནམ་མཁར་སྤར་བའི་དཀྱིལ་འཁོར་ཡེ་ཤེས་པ་རྣམས་སྐད་ཅིག་གིས་རྫས་ཀྱི་དཀྱིལ་འཁོར་ཐིམ་པར་མོས། རྟེན་སྙིང་དང་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར་རོ། །དེ་ནས་ལྕེ་ལག་རྡོར་དྲིལ་དུང་ཞལ་མཆོད་པ་བྱིན་རླབས་སྔོན་ཏུ་འགྲོ་བའི་སྐྱབས་སེམས། བདུན་དག། དཀར་བགེགས། སྲུང་འཁོར། ཕྱི་ནང་གསང་བའི་མཚམས་གཅོད་ཡན་ཚངས་སྒྲ་ལྟར་གྲུབ་ནས་སློབ་དཔོན་གྱིས་ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་བ་ནས་བརྩམས་སྒྲུབ་དབང་གི་ལོ་རྒྱུས་བསླབ་བྱ་ཞིབ་པར་གནང་། །སྒྲུབ་ཁོག་ལྟར་མངའ་གསོལ་རྒྱན་གདགས་ཚང་བ་གཏོང་ཐུན་སྔོན་ཏུ་འགྲོ་བའི་དབྱངས་བོར་ལེན་གྱི་ཚུལ་དུ་ཕྱག་ལེན་མཐོང་བརྒྱུད་ལྟར་མཐར་ཆགས་གྲུབ་ནས་གཟུངས་མ་བུམ་འཛིན་ཏུ་མངའ་གསོལ་


LT31_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་མཁའ་འགྲོའི་ལས་བྱང་ནས་འབྱུང་བའི་སྤྱན་འདྲེན་གྱིས་བྱིན་དབབ། སྒྲུབ་ཁོག་ལྟར་བརྡ་སྒོ་ཕྱག་དམ་བཅའ་རྣམས་དང་སྔོན་བསྐལ་མ། དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་སམ་རིག་འཛིན་བྱིན་འབེབས་སྔོན་ཏུ་འགྲོ་བའི་སྒྲུབ་ཁོག་བྱིན་འབེབས་དབྱངས་རོལ་བཅས་དཀྱིལ་འཁོར་ལ་བསྐོར་རོ། །དེ་ནས་ལོངས་ཁྱབ་ཡོད་ན་ལས་བྱང་ཚངས་པའི་སྒྲ་དབྱངས་ཀྱི་ཚོགས་ཞིང་ནས་བཟུང་བདག་མདུན་བུམ་གསུམ་བསྒྲུབ་ཅིང་། གཏེར་སྲུང་གཏོར་འབུལ། བསྐང་གསོ། ཚོགས་ལས་སོགས་གཞུང་བསྲང་ཞིང་། ལོངས་ཁྱབ་མེད་ན་རྩེ་ལེའི་ཆོག་བསྒྲིགས་ལྟར་བསྐང་ཆོག་བོར་བའི་ཡོངས་རྫོགས་སམ། མེ་ཏོག་ཕྲེང་མཛེས་ཀྱི་ཡན་ལག་བདུན་པ་ནས་བརྩམས་བཀའ་སྲུང་གི་གཏོར་འབུལ་ཚོགས་བསྐང་སོགས་རྫོགས་པར་བྱེད་ཀྱང་རུང་སྟེ་ཉིན་གཉིས་པའོ། །ལས་བྱང་རྒྱས་བསྡུས་གང་བྱས་ཀྱང་འདི་ནས་དབང་སྒྲུབ་རྫོགས་ཀྱི་བར་ཆད་མདོ་ཟོར་དུ་བསྐུལ་བ། དངོས་གྲུབ་ལེན་ཆོག །བསྡུ་རིམ་སོགས་མི་བྱ་བར་རས་བྲིས་བརྟན་བཞུགས་དང་བདག་བསྐྱེད་བསྡུ་ལྡངས་ཁོ་ན་བྱའོ། །གལ་ཏེ་སྨན་སྒྲུབ་དང་འབྲེལ་ན་དེའི་བཅས་བཤམས་འདོན་འགྲིགས་སོགས་ཁོ་བོའི་ཟིན་བྲིས་ལོགས་སུ་ཡོད་པ་ལས་ཤེས་པར་བྱའོ། ༈ །ཉིན་གསུམ་པར་བདག་མདུན་


LT31_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གསུམ་སྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར། བསྙེན་སྒྲུབ་རྣམ་བཞིའི་དགོངས་པས་ཛབྲ་བཟླ་བ་སྒྲུབ་ཆེན་བསྙེན་པའི་དཀྱིལ་འཁོར། ལས་ཁ་ཚར་བའི་ཁ་སྐོང་ཉེ་བར་བསྙེན་པའི་དཀྱིལ་འཁོར་བཅས་ཀྱིས་བདག་ཉིད་འཇུག་ཅིང་སློབ་མ་རྗེས་སུ་འཛིན་པ་སྟེ། དེའང་ལས་བྱང་ཆོག་བསྒྲིགས་རྒྱས་བསྡུས་ཅི་ལྟར་བཏང་ཡང་། བདག་བསྐྱེད་ཨ་ནུ་ཡོ་གའི་དགོངས་པ་ཐུགས་སྒྲུབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་ཀྱི་དཀྱིལ་འཁོར་གསལ་གདབ། མདུན་བསྐྱེད་མ་ཧཱ་ཡོ་གའི་དགོངས་པ་མངོན་རྟོགས་རིན་ཆེན་ཕྲེང་བ་ལྟར་ཕྱི་དཀྱིལ་ཡོངས་སུ་རྫོགས་པ་བསྒོམ། བུམ་བསྐྱེད་དེ་མཐུན་ནམ་ཨ་ཏི་ཡོ་གའི་དགོངས་པ་ལས་བྱང་ཆེན་མོ་ལྟར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་དགོས་ལ། སྐབས་འདིར་ཕྱག་ལེན་འདོན་འགྲིགས་སུ་རྩེ་ལེའམ་བྱ་ཁྱུང་ལུགས་གང་བདེའམ། ཡང་ན་གསོལ་འདེབས་བསྡུས་པ། མངོན་རྟོགས་ལས་བྱང་ཆེན་མོ་མཆོད་ཕྲེང་གསུམ་གྱི་སྐྱབས་སེམས། སྔོན་གཏོར། མངོན་རྟོགས་སྲུང་འཁོར། ལས་བྱང་ཆེན་མོའི་མཚམས་གསུམ་ནས་པྲ་ཁྲིད་ལྟར་བརྡ་སྒོ་ཕྱག་དམ་བཅའ་བྱིན་འབེབས་དང་། ཚོགས་བསགས་རྒྱུན་བཤགས་པར་སྨན་རཀ་གཏོར་གསུམ་བྱིན་རླབས་རང་གཞུང་བདུད་རྩིའི་མཆོད་སྤྲིན་ལྟར་བྱ། ལས་བྱང་ཆེན་མོའི་ཕྱི་མཆོད་


LT31_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ནས་བདག་བསྐྱེད་ཡན་དང་། མདུན་བསྐྱེད་མངོན་རྟོགས་རྒྱས་པའམ་རིན་ཆེན་སྙིང་པོ། བུམ་བསྐྱེད། ལས་བུམ། དུང་ཞལ་བསྐྱེད་པ་བཅས་རྩེ་ལེ་ལྟར་བྱ། གནས་གསུམ་བྱིན་རླབས་མངོན་རྟོགས་ལྟར་ཟིན་ནས་ལས་བྱང་ཆེན་མོའི་སྤྱན་འདྲེན་ནས་བརྩམས་ཏེ་བསྟོད་པ་རྫོགས་པའི་བར་བྱ། ལོངས་ཡོད་ན་གཞུང་བསྟོད་བསྐྱུར་ལ་བསྟོད་འབུམ་བཏང་། བྲུབ་ཁུང་བསྐྱེད་ཆོག །འགུགས་གཞུག །ཕུར་གདབ་བཅས་བཀའ་བརྒྱད་ལྟ་བུའི་སྤྱི་འཚམས་སོང་ནས་པྲ་ཁྲིད་ལྟར་སྒྲུབ་པ་ལུང་གི་སོགས་ཀྱིས་ཀུན་ཐུབ་བསྐུལ། ཉིན་པར་དུས་དྲུག་གི་ཉུ་ལེ་བསྐྲད་སྔགས་གསུམ་རེ་ཙམ་བཟླ། བདག་བསྐྱེད་ལ་དམིགས་ཏེ་རྡོར་བཟླས། གཟུངས་ཐག་འཇུས་ལ་བུམ་བཟླས་ཀ་ལཱ་ཀྵ་དང་། ལས་བུམ་དུ་ཀུཎྜ་ལཱི། དུང་ཞལ་དུ་བི།།།ཅི་ལྟར་འོས་པ་བཟླས་ལ་འོད་ཞུ་བྱ། དེ་ནས་དཀྱིལ་འཁོར་ཕྱི་འཇུག་གི་ལས་རིམ་རྣམས་བསྒྲུབ་པའི་ཕྱིར་དཀྱིལ་འཁོར་ལ་ཡོལ་བ་བཏང་། ལས་ཀྱི་རྒྱལ་ཐེབས་སྒོའི་ནང་དུ་བསྡད་ལ་སྒོ་བཅད། ལས་རྡོར་གྱིས་རྡོར་དྲིལ་ཐོགས་ལ་སྒོའི་ཕྱི་དྲུང་དུ་བསྡད་པའི་དྲུང་དུ་སློབ་མ་རྣམས་འདུས་ལ་སྒོ་རྡོ་རྗེས་དང་པོ་དལ་བུ། རིམ་པར་ཇེ་དྲག་བརྡུང་། དྲིལ་བུ་དཀྲོལ་ཞིང་དབྱངས་བཅས་སྒོ་སྲུངས་ལ་གསོལ་བ་


LT31_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པའི་རྗེས་ཟློས་བྱར་གཞུག །ནང་ནས་རྒྱལ་ཐེབ་ཀྱིས་ལན་བྱིན། སྒོ་ཕྱེས་ནས་ནང་དུ་འཁོད་མ་ཐག་དབྱངས་རོལ་བཅས་ལས་བྱང་ཆེན་མོ་ལྟར། དངོས་གྲུབ་སྒྲུབ་ལ་སོགས་དང་། སྲུང་འཁོར། ནང་མཚམས། གསང་མཚམས་བཅས་གྱེར་ལ་ཐུན་བྲབ། གུ་གུལ་གྱིས་བདུག །ཧཱུྃ་རིང་ཐུང་བརྗོད་ཅིང་སྒོ་བཅད། མེ་ཏོག་བཀྱེ་བསྡུ་བྱས། ཆོས་འདིའི་ཆེ་བའི་ལོ་རྒྱུས་ཅི་རིགས་བཤད་པས་མཚམས་སྦྱར་ལ་སྨན་རིན་ཆེན་འཕྲུའི་མཎྜལ་ཕུལ། རྒྱུན་བཤགས་མཚམས་སྦྱོར་གཞུང་གསལ་དང་རྗེས་ཟློས་མཚམས་ཡིག་བརྒྱ་ལན་གསུམ་བཟླར་གཞུག་པ་སོགས་ཕྱིན་ཆད་རྗེས་ཟློས་དགོས་རིགས་སོགས་གཞུང་གསལ་ལྟར་རིམ་པར་བྱ་བ་ལས། སྟོད་གཡོགས་སྨད་གཡོགས་ཐོར་ཚུགས་དར་གྱི་ཅོད་པན་བཅས་ཚང་མ་ལ་རེ་རེའམ། མ་འཛོམ་ན་འགྲིམ་ཏེ་གཙོ་བོ་གཅིག་ལ་གཏད། བདུད་རྩི་ནང་མཆོད་ནས་བླུད། རྒྱལ་ཐེབས་ཀྱིས་རྡོ་རྗེ་བསྣམས་ཏེ་ཁྲིད་ལ་རྗེས་ཟློས་བཅས་བསྐོར་བ་དང་ཕྱོགས་བཞིའི་ཕྱག་དངོས་སུ་བྱ། དམ་བཞག་ཡན་གྲུབ་ནས་མིག་དར་སློབ་དཔོན་གྱིས་ཕྱག་གིས་གཡོགས། མེ་ཏོག་ཀྱང་སློབ་དཔོན་ཉིད་ཀྱིས་སློབ་མའི་སྙིང་ཁར་རེག་ཅིང་སྲིན་ལག་གཡོན་ལ་དཀྲིར་གཞུག །སླར་ཡང་མཎྜལ་ལན་གསུམ་གསོལ་གདབ་དམ་ཚིག་རྡོ་རྗེ་བོས་


LT31_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་བཅས་གྲུབ་ནས། ཐལ་མོ་མེ་ཏོག་བཅས་ཡེ་ཤེས་དབབ་པའི་གསོལ་འདེབས་རྗེས་ཟློས་ལན་གསུམ་མཐར་མེ་ཏོག་གཏོར། གནང་བ་བྱིན་ནས། ཛྙཱ་ན་ས་ཏཱྭའི་ཛཔྲ་དབྱངས་དཔོན་སློབ་ཚང་མས་ཅི་འགྲུབ་བྱ། དེ་ནས་སྒོ་གསུམ་གནད་དང་ལྡན་པས་ཐོག་མར་བླ་མའི་དམིགས་པ་ཕོག་ལ་ལས་བྱང་ཆེན་མོའི་བླ་མའི་སྤྱན་འདྲེན་བྱས་མཐར། བུམ་དབང་ལྟར། བླ་མ་ཡི་དམ་ནས། ས་མ་ཡ་ལྷན་བར་གྱིས་བརྟན་བཞུགས་བྱ་ཞིང་རྡོ་རྗེ་མགོར་བཞག །དེ་བཞིན་ཏུ་བུམ་དབང་གི་དམིགས་པ་དེ་དང་ལས་བྱང་གི་སྤྱན་འདྲེན་རེ་སྤྲད་ལ་ཡི་དམ་དང་མཁའ་འགྲོའི་བྱིན་འབེབས་བྱ་ཞིང་མཁའ་འགྲོའི་སྤྱན་འདྲེན་སྐབས་ཚངས་སྒྲའི་སྤྱན་འདྲེན་མ་རྫོགས་པར་མཐར་ཆགས་སུ་བཏང་། རེ་རེ་བཞིན་བརྟན་བཞུགས་གོང་ལྟར་བྱ། འདི་སྐབས་ཡེ་ཤེས་དབབ་པའི་རྫས་བདུག་ཅིང་། དབྱངས་རོལ་དམིགས་པ་སོགས་ནན་ཏན་ཆེན་པོས་བྱ་བ་གལ་དུ་ཆེའོ། །ཡེ་ཤེས་བབ་ན་ལེགས་ཉེས་དྲི། མ་བབ་ན་མ་དྲིས་ཀྱང་རུང་། ཁ་དོག་ལུང་བསྟན། སླར་ཡང་མཎྜལ་དང་གསོལ་གདབ་གྲུབ་མཚམས་ཡོལ་བ་བསལ། མཆོད་པ་རྣམ་ལྔ་སྔགས་རྒྱས་དབུལ་ཞིང་རོལ་མོ་དཀྲོལ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཁྲིད་ལ་དཀྱིལ་འཁོར་ཉིད་དུ་མེ་ཏོག་དོར་དགོས་ཀྱང་སྟབས་མི་བདེ་ན། མཎྜལ་རིགས་ལྔའི་ཕྱག་མཚན་བཀོད་པ་སློབ་


LT31_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་མདུན་ཏུ་བཞག་པ་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལས་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཚུལ་དུ་ཡེ་ཤེས་པའི་དཀྱིལ་འཁོར་གཉིས་པ་སྐད་ཅིག་གིས་དེར་གསལ་བར་མོས་ལ་མེ་ཏོག་སྲིན་ལག་ལས་བཀྲོལ་ཏེ་ཐལ་སྦྱར་གྱི་བར་དུ་བཟུང་ནས་དད་པ་རྩེ་གཅིག་གི་ངང་ལྟོས་མེད་དུ་དོར་གཞུག །སླར་མེ་ཏོག་གནས་གསུམ་དུ་སྦྱིན་ལ་རིགས་དང་མཐུན་པའི་གསང་མཚན་མ་ནོར་བར་གདག །དེའང་རང་གཞུང་ལས་རིགས་ལྔའམ་ལྷ་ཡབ་ཡུམ་དང་མཐུན་པའི་མིང་བཏགས་པར་གསུངས་པས། དབུས་སུ་བབ་ན། པདྨ་བཛྲ་རྩལ། རང་བྱུང་རྡོ་རྗེ་རྩལ། ཆགས་པའི་རྡོ་རྗེ་རྩལ། དགྱེས་པའི་རྡོ་རྗེ་རྩལ། དགའ་བའི་རྡོ་རྗེ་རྩལ། བདེ་ཆེན་རྡོ་རྗེ་རྩལ། རོལ་པའི་རྡོ་རྗེ་རྩལ་སོགས་གཙོ་བོའི་མཚན་གྱི་རྣམ་གྲངས་སུ་གྱུར་པ་ལས་བརྩམས་ཏེ་གདག་གོ། །ཤར་དུ། བུདྡྷ་ཐོད་ཕྲེང་རྩལ། བཛྲ་ཐོད་ཕྲེང་རྩལ། ཞེ་སྡང་རྡོ་རྗེ་རྩལ། རྡོ་རྗེ་ཉི་མ་རྩལ། ལྷུན་གྲུབ་རིགས་འཆང་རྩལ་སོགས་སོ། ལྷོར། མི་བསྐྱོད་རྡོ་རྗེ་རྩལ། རཏྣ་ཐོད་ཕྲེང་རྩལ། ང་རྒྱལ་རྡོ་རྗེ་རྩལ། ཐོགས་མེད་རྒྱལ་པོ་རྩལ། ཕྱག་རྒྱའི་རིགས་འཆང་རྩལ་སོགས་སོ། །ནུབ་ཏུ། པདྨ་དབང་ཆེན་རྩལ། པདྨ་ཐོད་ཕྲེང་རྩལ། འདོད་ཆགས་རྡོ་རྗེ་རྩལ། དབང་ཆེན་ཉི་མ་རྩལ། ཚེ་དབང་


LT31_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་རྩལ་སོགས་སོ། །བྱང་དུ་རིག་འཛིན་ཐོད་པ་རྩལ། ཀརྨ་ཐོད་ཕྲེང་རྩལ། ཕྲག་དོག་རྡོ་རྗེ་རྩལ། གསེར་གྱི་ཉི་མ་རྩལ། རིག་འཆང་གྲུབ་པ་རྩལ་སོགས་སོ། །ཤར་ལྷོར། གཏུམ་དྲག་མེ་ཕྲེང་རྩལ། རྡོ་རྗེ་དྲག་པོ་རྩལ། གཏི་མུག་རྡོ་རྗེ་རྩལ། རྡོ་རྗེ་མོས་པ་རྩལ། རྡོ་རྗེ་ཁྲོས་པ་རྩལ་སོགས་སོ། །ལྷོ་ནུབ་ཏུ། སངས་རྒྱས་ཐོད་པ་རྩལ། ཐོད་པ་དུམ་བུ་རྩལ། བདེ་བའི་རྡོ་རྗེ་རྩལ། རྡོ་རྗེ་མྱུ་གུ་རྩལ། རྡོ་རྗེ་ཧཱུྃ་མཛད་རྩལ་སོགས་སོ། །ནུབ་བྱང་དུ། རྟ་མཆོག་རོལ་པ་རྩལ། ལས་རབ་དབང་ཆེན་རྩལ། མཚོ་སྐྱེས་རྡོ་རྗེ་རྩལ། རྡོ་རྗེ་བཞད་པ་རྩལ། རོ་ལོངས་བདེ་བ་རྩལ་སོགས་སོ། །བྱང་ཤར་དུ། ལག་ན་རྡོ་རྗེ་རྩལ། གསང་མཆོག་གྲུབ་པ་རྩལ། ཁྲག་འཐུང་རྡོ་རྗེ་རྩལ། གར་གྱི་དབང་ཕྱུག་རྩལ། རྡོ་རྗེ་ཐོག་རྒོད་རྩལ་སོགས་ཕོ་ལ་ལྷ་ཡབ་རྣམས་ཀྱིས་མཚན་དང་མོ་ལ་ཡུམ་གྱི་མཚན་ནས་གྲངས་ཏེ་གདག་པར་བྱའོ། །གསེར་གྱི་ཐུར་མས་མིག་དར་ཕྱེས་ལ་མཐོང་བ་བསྟན། དཀྱིལ་འཁོར་རྣམ་དག་རབ་གསལ་ལས། འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ནས། རབ་ཏུ་གསལ་བར་བྱེད་པ་མདོར་བསྟན་པའོ༔བར་རྫོགས་པར་བཤད་དེ་བརྡ་དོན་དག་སྦྱོར་ངོ་སྤྲད། བུམ་དབང་ལྟར་རྡོར་དྲིལ་གཏད་ལ་དམ་ཚིག་ཕོག་པ་གྲུབ་


LT31_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས། དམ་ཚིག་རྣམ་བཤད་རྒྱ་མདུད་ཚང་མ་དལ་ལ་ལྷོད་ཆགས་པས་གོ་ངེས་པར་འདོན་པའམ་ནུས་ན་ཞིབ་པར་བཤད། སླར་བསྙེན་སྒྲུབ་ཛབ་ཀྱི་དཀྱིལ་འཁོར་ལ་འཇུག་པའི་དོན་ཏུ་རྒྱལ་ཐེབ་རྣམས་ཀྱིས་མཎྜལ་ཕུལ་ཞིང་། རྗེས་ཟློས་ཀྱིས་གསོལ་བ་ལན་གསུམ་གདབ། སྒྲུབ་ཆེན་དང་འབྲེལ་ན་ལྷ་དང་སྔགས་ཀྱི་དོན་འགྲེལ་པ་མེ་ཏོག་རྒྱན་ཆུང་གི་སྐབས་བཅུ་དང་བཅུ་གཅིག་པ་ལྟར་གོ་ངེས་བཤད། དབང་རྐྱང་ཙམ་ལ་མ་གྲུབ་ཀྱང་རུང་། །གང་ལྟར་སྐབས་འདིར་འཛབ་དགོངས་དམིགས་པའི་འཁྲུལ་འཁོར་གྱི་ལུང་ཚང་བར་ཕོག་ལ། གཙོ་བོས་ཇི་ལྟར། གཏོང་རག་མཎྜལ། བསྔོ་སྨོན་བརྗོད་པས་གྲོལ་ཞིང་སློབ་མ་རྣམས་ལའང་སྤྱི་དྲིལ་ཆེ་འབྲིང་གཙོས་ཛབ་ཀྱི་བཟླས་པ་ཅི་ནུས་བྱར་གཞུག་གོ། །དེ་ནས་སློབ་དཔོན་སོགས་ཀྱིས་ཀྱང་སླར་ཛབ་ལ་འཇུག་སྟེ། མཎྜལ་ནང་གསོལ་འདེབས་རྒྱས་པ། ཕུར་ཚུགས་གསོལ་འདེབས། ཛབ་དགོངས་ལྟར་བསྐུལ། བསྐུལ་ལོ་བསྐུལ་ལོ་ནས། མཛད་དུ་གསོལ། བར། བདག་ཉིད་དཀྱིལ་འཁོར་གཙོ་མཆོག་སོགས་ཟུར་གསལ་ཛབྲ་དགོངས་རེ་དང་ཛབྲ་བསྐུལ་རེ་སྤྲད་ཅིང་། གཙོ་དགུ་འཁོར་བཅས་ཀྱི་བཟླས་པ་བྱ་སྟེ་བསྙེན་པའོ། །ཛབྲ་དགོངས་ལྟར། བདག་ཉིད་ལྷ་ཡི་ནས། ཞུགས་པ་ཅན་གྱི་འཁོར་ལོར་དམིགས།


LT31_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལས་བྱང་ཆེན་མོའི་དུར་ཁྲོད་གསང་ཆེན་དང་། སྤྱི་དྲིལ་འབྲིང་པོ་ཇི་ཙམ་འོས་པ་བཟླ་བ་ནི་ཉེ་བར་བསྙེན་པའོ། །མངོན་རྟོགས་ལྟར། ལྷ་ཚོགས་གཙོ་འཁོར་སོགས་ཀྱི་དོན་བསྒོམ་ཛབྲ་དགོངས་ལྟར། ཆོས་དབྱིངས་མཐའ་དབུས་སོགས་སྐུ་གསུམ་གྱི་ཛབྲ་བསྐུལ་བཏང་སྟེ་སྤྱི་དྲིལ་ཆེན་མོ་རིགས་དྲུག་གནས་སྦྱོང་བཅས་བཏང་བ་ནི་བསྒྲུབ་པའོ། །ཛབྲ་དགོངས་ལྟར། བདག་ཉིད་ལྷ་སོགས་ཀྱིས་དམིགས་པ་གསལ་བཏབ། འོག་གི། དབང་ཆེན་ཟླ་གམ་སོགས་ཀྱིས་བསྐུལ། ལྷ་ཛབྲ་སྐབས་སུ་གང་བབ་བཟླ་བ་སྟེ་སྒྲུབ་པ་ཆེན་པོའོ། །སྐབས་འདིར་སྨན་གྱི་ཕོ་བྲང་ལ་དམིགས་ཏེ་དགུ་པའི་སྨན་ཛབྲ་ཕྲེང་སྐོར་ཙམ་རེའང་ཉིན་བཞིན་བཟླ་དགོས་སོ། །བྱིན་རླབས་གཏོར་མའི་བརྡ་དབང་གི་དབུ་ལས་འབྱུང་བའི་ཛབྲ་བསྙེན་ཡང་ཅི་འགྲུབ་རེ་བཟླ། ཛབྲ་དགོངས་གཤམ་གྱི། །བླ་མ་ཡི་དམ་སོགས་ཚར་མཚམས་དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་ལན་གསུམ་བཟླས། ཚངས་སྒྲའི། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་བསྙེན་བསྟོད་དང་། ཞི་བ་ལྷུན་གྲུབ་སོགས་ཀྱིས་ཕྲིན་ལས་བཅོལ་བར་བྱའོ། །གལ་ཏེ་བསྙེན་རྒྱུན་ཡོད་ཚེ་འདི་ནས་དབུ་བཙུགས་ཏེ་ལྷ་བསྙེན་སྤྱི་དང་ཁྱད་པར་སྤྱི་དྲིལ་ཆེ་འབྲིང་གསུང་མི་ཆད་དུ་བཟླར་གཞུག །མཐུན་རྐྱེན་འཛོམ་ཞིང་ཚད་ལྡན་ཁོ་ན་ལ་མོས་


LT31_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ནས་དངོས་གཞིའི་སྒྲུབ་པ་ཞག་བདུན་ལ་སོགས་པ་བྱའོ། །ཛབྲ་བཟླས་གྲུབ་མཚམས་རྟ་ནག །ཤ་ཟ། བཙན་རྒོད་ཀྱི་ལས་རིམ་རྒྱས་པར་བཏང་། ཚངས་སྒྲ་ལྟར་ཚོགས་ཀྱི་མཆོད་པ་ཕུལ་ཞིང་མདངས་སྐོང་ཆེན་མོ་བཀའ་སྲུང་བསྐང་བ་བཅས་གྲུབ་ནས་ཚོགས་ལ་རོལ། སྐབས་འདིར་ཚོགས་ཀྱི་འགུགས་གཞུག་ཟུར་གསལ་དང་། ལྷག་མ་བྱིན་རླབས་བྱ་ཁྱུང་ཆོག་བསྒྲིགས་ལྟར་དགོས་ཤིང་ལྷག་མ་བསྲེ་རླབས་སོགས་ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ནས་དཀྱིལ་འཁོར་ལྷོ་ནུབ་སྔར་གྱི་དམར་གཏོར་རྩར་སྤུང་ངོ་། །དཔལ་ཡུལ་ཕྱག་སྲོལ་དུ་བསྐུལ་དང་ཆད་མདོའི་སྔོན་ཏུ་གནམ་ཆོས་དཀར་གཏོར་བཏང་སྲོལ་ཡོད་པ་ལྟར་བྱས་ནའང་རུང་། གང་ལྟར་འགུགས་གཞུག་བསྒྲལ་བ་སྟབས་དམིགས་པ་དང་། ཚངས་སྒྲའི་ཆད་མདོ་བརྟན་སྐྱོང་གྲུབ་མཚམས་ཉུ་ལེ་བསྐྲད་ཚུལ་སྔ་དྲོ་ལྟར་ལ། བསྐུལ་གནམ་ལྷའི་ལྕམ་མོ་དང་མཚན་དྲུག་གི་སྔགས་བཟླ། སླར་འགུགས་གཞུག་བཅས་རྟ་བྲོ་བརྡུང་ཞིང་ཧོམ་ཁུང་ཁ་སཱཙྩསབཅད། གཏོར་སྣོད་གྱེན་ཏུ་བསྟན་ལ་བདག་ཅག་ཡོན་མཆོད་སོགས་གྲུབ་ནས། ཕྱག་འཚལ་བརྒྱ་རྩ་ལྟར་མཆོད་པ་དང་། མངོན་རྟོགས་ཀྱི་བདེ་རོལ་ལམ། བསྟོད་འབུམ་ལྟར་དཀྱིལ་འཁོར་དགུ་རྫོགས་ཀྱིས་བསྟོད། ལས་བྱང་ནས་དཀྱིལ་འཁོར་ལྷ་ཚོགས་སོགས་སྨོན་ལམ་དང་། ནོངས་


LT31_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བྱ། ཡིག་བརྒྱ་ལན་གསུམ་བརྗོད། བཀྲ་ཤིས་དུས་གསུམ་སངས་རྒྱས་སོགས་བརྗོད། དབྱངས་གསལ་རྟེན་སྙིང་གསུམ་གསུམ་བཟླ་བས་ལྷག་ཆད་སྐོང་ཞིང་མདུན་བསྐྱེད་བརྟན་བཞུགས་སྤྱི་ལྟར་བྱ། འོག་གི་རྒྱུ་རྐྱེན་རྟེན་འབྲེལ་སོགས་མཐར་དབྱུང་བས་གྲུབ་བོ། ༈ །ཉིན་བཞི་པར་ཚངས་སྒྲ་བཏང་ན་སྦར་ཉིན་ལྟར་ལ་སྨན་རཀ་གཏོར་གསུམ་བྱིན་རླབས་དཀྱུས་ལྟར་བྱས་པས་འཐུས། ཐོག་མར་བདེག་བསྐྱེད་ཁོ་ན་བྱས་ཏེ་གྲུབ་མཚམས་ཉུ་ལེ་བསྐྲད་ཅིང་ལུས་དཀྱིལ་ལ་དམིགས་ཏེ་སྐྱེ་མེད་རྡོ་རྗེའི་བཟླས་པ་ཅི་འགྲུབ་བྱ། སླར་ཡང་མཆོད་པ་ཁ་གསོ་ཞིང་མཆོད་ཕྲེང་ལྟར་མཆོད་པ་བྱིན་རླབས་བུམ་སྒྲུབ་བདུད་རྩིའི་ཞུན་མར་ལྟར། ཨོཾ་སྭ་བྷཱ་ཝ་ནས། ཌཱ་ཀི་ཡོངས་རྫོགས་ཀྱི་དལ་དུ་གྱུར། ཡན་དང་། མཆོད་ཕྲེང་ལས། ཧཱུྃ། མཐའ་ཡས་སེམས་ཅན་ནས། གུས་པས་བསྟོད༔ཡན་གྱིས་མཆོད་བསྟོད། བུམ་སྒྲུབ་ནང་འོག་མདུན་བསྐྱེད་དང་ཆབ་ཅིག་བསྟན་པའི་བདག་བསྐྱེད་བཟླས་དམིགས་དེ་འདིར་བླངས་ལ་བཟླས་པ་ཅི་འགྲུབ་བྱས་ཟིན་ནས། གཟུངས་སྒྲུབ་བདུད་རྩིའི་ཆུ་རྒྱུན་ལས། ཨོཾ་སྭ་བྷ་ཝ་སོགས་བདག་བསྐྱེད་བཟླས་པ་ཅི་ནུས་བྱ་སྟེ། བདག་བསྐྱེད་ཀྱི་རྣམ་གྲངས་འདི་རྣམས་ཀྱང་མེ་ལོང་གཅིག་ལ་གཟུགས་བརྙན་དུ་མ་ཤར་ཡང་གཅིག་གོ་གཅིག་གིས་མི་འགག་


LT31_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

""ཤོག་ལྷེ་༤༨༡)པའི་ཚུལ་དུ་བསྐྱེད་པར་བྱའོ། །དེ་ནས་མདུན་བསྐྱེད་མངོན་རྟོགས་རིན་ཆེན་ཕྲེང་བ་ལྟར་ལྷ་བསྒོམ་པ་ནས་དབང་བསྐུར་རྒྱས་གདབ་ཡན་གྲུབ་མཚམས་མཆོད་ཕྲེང་ལྟར། བདུད་རྩི་འཇམ་ལེགས་དང་། རྒྱལ་བའི་སྐུ་ལ་སོགས་ཤློ་ཀ་གཉིས་སྔོན་ཏུ་འགྲོ་བའི་རང་གཞུང་། མེ་ཏོག་བདུག་སྤོས་སོགས་མཆོད་པ་རྫོགས་པར་ཕུལ། སྨན་རཀ་གཏོར་གསུམ་བདུད་རྩིའི་མཆོད་སྤྲིན་ལྟར། ཧཱུྃ། རང་བྱུང་གདོད་ནས་ཞེས་སོགས་ནས། ཀ་མ་ལཱ་ཡ་སྟྭཾཾ། བར། མངོན་རྟོགས་ཀྱི། གཏོར་མགྲོན་གྱི་ལྷ་ཚོགས་ནས། ཁཱ་ཧི་བར། ཟུར་གསལ་ཁཱ་ཧི་ལྷུག་གསོལ་དང་། གཙོ་དགུའི་རང་སྔགས་ལ། ཁཱ་ཧི་སྦྱར། རྩ་བརྒྱུད་བླ་མ་ནས། འགྲུབ་མཛད་གསོལཿ སྨན་རཀ་ལྟར་མཆོད་སྦྱིན་གཏོར་མ། སོགས་ཀྱིས་ཚིག་བསྔོས་བྱ་ཞིང་། དེ་མུར། ཧཱུྃ་ཧྲཱིཿ ཕྱི་ནང་གསང་བའི་དམ་རྫས་ནས། ཁ་རཾ་ཁཱ་ཧིཿབར། མངོན་རྟོགས་ལས། ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ནས། འགྲུབ་པར་ཤོག །བར། སྨན་རག་གཤམས་ནས། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་གཏོར་མས་དགྱེས་ཤིང་ཚིམས་པར་གྱུར་ཅིག། ཅེས་བསྒྱུར་ལ། གོང་གི། སངས་རྒྱས་ཀྱི་བདེན་པ་ནས། གྱུར་ཅིག །བར་བཏང་། མངོན་


LT31_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྟར་བདེ་རོལ་གྱིས་བསྟོད། མཎྜལ་མཇུག་གི་གསོལ་འདེབས་རྒྱས་པ་ནས་བརྩམས་བསྙེན་སྒྲུབ་རྣམ་བཞིའི་ཛབྲ་དགོངས་ཚང་བ་ལས་བྱང་ཆེན་མོའི་ཕྲིན་ལས་བཅོལ་བ་ཡན་ཆད་སྔ་ཉིན་ལྟར་བྱ། དེ་ནས་གཟུངས་སྒྲུབ་མདུན་བསྐྱེད། སྭ་བྷ་ཝ་སོགས། སྟོང་པར་སྦྱངས་པའི་ངང་ལས་རིན་པོ་ཆེ་སོགས་ནས། མཆོད་པ་ཡན་དང་། དཀྱིལ་འཁོར་དགུ་རྫོགས་སམ། ཕྱི་ནང་གཞན་གསུམ་ཙམ་གྱིས་བསྟོད། དམིགས་གནད་བཅས་བཟླས་པ་དང་སྟོང་ཚིག་ཕུལ། དེ་ནས་རྩེ་ལེའི་ཆོག་བསྒྲིགས་ལྟར་བུམ་བསྐྱེད་མཆོད་བསྟོད་ཡན་གྲུབ་ནས། ལས་རྡོར་གྱིས་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང་པད་ཀོར་བཅས་གཟུངས་ཐག་སློབ་དཔོན་ལ་ཕུལ་བ་དེས་ཀྱང་པད་ཀོར་བཅས་བླངས་ཏེ། བུམ་སྒྲུབ་བདུད་རྩིའི་ཞུན་མར་ནང་ཐུགས་ཀའི་ཧྲཱིཿཡིག་ནས། སྔགས་སྒྲ་སྒྲོགས་པར་གྱུར། བར་གྱི་དམིགས་གནད་དང་ལྡན་པས་གཙོ་དགུ། སྤྱི་དྲིལ་ཆེ་འབྲིང་། ཀ་ལཱ་ཀྵ་བཅས་གང་འགྲུབ་བཟླས་ནས་སྟོང་ཚིག་མཆོད་བསྟོད་དང་བུམ་སྒྲུབ་ལྟར། ཕྱོགས་བཅུ་མཐའ་ཡས་སོགས་ཀྱིས་འདོད་གསོལ་བརྗོད། གཟུངས་ཐག་གཟུགས་བུམ་ལ་སྦོས་ཏེ། གཟུངས་སྒྲུབ་གཞུང་ལྟར། བཛྲ་ཡཀྵས་བསངས་སྦྱངས་ནས། བཟླས་པ་ཡན་གྲུབ་པར་བྱ། འདིའི་བསྐྱེད་ཆོག་སྐབས། ཕོ་བྲང་གི་བར་ཐོག་ཏུ་པདྨ་


LT31_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་བ་རྒྱས་པའི་གདན་ལ། དབུས་སུ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ཤར་དུ་རྡོ་རྗེ་སེམས་དཔའ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་བསྐྱེད་པས་ཆོག །ཁྲོ་བོ་སོགས་རྣམ་གྲངས་འདམ་ག་ཡིན་གྱི་ཐམས་ཅད་དུས་གཅིག་ལ་བསྐྱེད་དགོས་པ་མ་ཡིན་ནོ། །མཆོད་ཕྲེང་འདོད་ཡོན་ལྔ་དང་རིགས་ལྔ་ཡུམ་བཅས་ཀྱིས་བསྟོད་ལ། བཟླས་པ་ཟིན་ནས་རང་གཞུང་ལྟར། དུས་གསུམ་རྒྱལ་བ་སོགས་ཀྱིས་མཆོད་བསྟོད་བྱ། རྒྱས་པར་ན་མེ་ཏོག་ཕྲེང་མཛེས་ཀྱི་སྨན་རཀ་གཏོར་འབུལ་དང་བསྟོད་པ་ཅི་བདེར་ཡང་བྱའོ། །བསྡུ་ན་མི་དགོས། ན་མོ་ཕྱོགས་བཅུའི་རྒྱལ་བ་སོགས་ཀྱིས་འདོད་དོན་གསོལ། བུམ་པའི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བླ་མ་རིགས་ལྔ་ཡི་དམ་དང་། དེ་ལྷ་མོ་ལྔ་ལ་བསྟིམ་པ་གཞུང་ལྟར་དང་། ལྷ་མོ་ལྔ་ལས་མ་གྲུབ་པར་མི་བསྡུའོ། །དེ་ནས་རྩེ་ལེ་ལྟར་ལས་བུམ་དུ་བདུད་རྩི་འཁྱིལ་བ་ཁྲུས་ལྷ་བརྒྱད་སྐོར་གྱི་བསྐྱེད་བཟླས། དུང་ཞལ་བསྐྱེད་བཟླས་ལས་བཅོལ་


LT31_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གྲུབ་ནས། གཟུངས་སྒྲུབ་ལས་བུམ་བསངས་སྦྱང་། རང་གཞུང་ལྟར་ལྷ་བསྐྱེད། གནས་གསུམ་བྱིན་རླབས་ནས་བཟླས་པའི་བར་རྩེ་ལེའི་ལས་བུམ་ལྟར་བྱའོ། །ལས་བུམ་རྣམས་བསྲེ། དེའི་ཆུ་རྣམ་བུམ་རྣམས་ལ་བསྲེའོ། །དེ་ནས་བཀའ་སྲུང་གསུམ་པོའི་ལས་བྱང་རྒྱས་པར་བཏང་། ལས་བྱང་ཆེན་མོའི་ཚོགས་བསྐང་བའི་བར་སྔ་ཉིན་ལྟར་བྱ། འདི་མཚམས་ནུས་ན་དོན་དབང་བསྡུས་པ་ལྟར་འབྱིན་འཇུག་ཤེས་པར་བྱས་ཏེ་ཚིག་ཉུང་ལ་དོན་ཚང་བས་བདག་འཇུག་ལེན་པ་གལ་ཆེ་སྟེ་ཧེ་རུ་ཀ་འདུས་པ་ལས། ནུས་དང་ལྡན་པའི་ལྟས་ཐོབ་ནས། །རྣལ་འབྱོར་བདག་ཉིད་འཇུག་པར་བྱ། །ཞེས་གསུངས་ཤིང་རང་རྒྱུད་ཀྱི་དམ་ཚིག་ཆག་ཉམས་སུ་གྱུར་པ་གསོ་བས་སྔགས་སྡོམ་རྣམ་པར་དག་ཅིང་བསོད་ནམས་ཀྱི་ཚོགས་འཕེལ་ཏེ་སློབ་མའི་རྒྱུད་བྱིན་རློབས་རུང་མཐུན་གྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པའི་དགོས་པ་ཡོད་དོ། །ཅི་སྟེ་མི་ནུས་ན་རྒྱུད་གསང་སྙིང་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཉིས་སུ་མེད་པར་འཇུག་པའི་ཚུལ་གྱིས་རིག་པའི་མེ་ཏོག་དོར་བས་ཀྱང་དགོས་དོན་འགྲུབ་པར་གསུངས་པས། ཐོག་མར་ལམ་འབྲས་ཡིག་ཆུང་སྐུ་གསུང་ཐུགས་ཀྱི་རྒྱ་ཅན། དྷཱ་ཀི་གསང་བའི་བར་ཁབ་ནས། མདུན་གྱི་ནམ་


LT31_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བརྒྱུད་པ་གསུམ་གྱི་བླ་མ་སོགས་ནས། མཎྜལ། གསོལ་གདབ་ལན་གསུམ། ཆུ་དང་འོ་མ་འདྲེས་པ་ལྟར་གྱུར། ཡན་དང་། རྡོར་དྲིལ་འཛིན་ཅིང་མེ་ཏོག་དཀྱིལ་འཁོར་དུ་དོར་ལ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾཿབཛྲ་ས་མ་ཡ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་སྟེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟཾྭ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་ད། ཨོཾ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །ཞེས་པ་ཙམ་གྱིས་གྲུབ་སྟེ་འདི་ནི་རྙིང་མ་བཀའ་མའི་ཕྱག་བཞེས་རྒྱུད་ཚིག་བྱིན་རླབས་ཅན་ཏེ་རང་བཟོམ་ཡིན་པས་ཡིད་


LT31_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མཛོད་ཅིག། ༈ །།དེ་ནས་སྦྱོང་ཆས་བ་ཤམས་ཤིང་སློབ་མ་རྣམས་འདུས་ལ་ཐོག་མར་གཟུངས་སྒྲུབ་ལྟར། རྣམ་རྒྱལ་གྱི་བུམ་པའི་ཆུ་རྒྱུན་སོགས་ནས་ལྷ་ཁྲུས་སྐུ་ཕྱིན་བཟའ་འབུལ་བ་བཅས་བྱ་ཞིང་། །ལས་རྡོར་གྱིས་གཟུངས་སྒྲུབ་བུམ་པས་ལྷ་ཁྲུས་གསོལ་བའི་ཆུ་གཟུངས་སྒྲུབ་ཀྱི་ལས་བུམ་དུ་བླུགས། འབྲུ་ཟན་བཀྱེ། སློབ་མ་རྣམས་ཀྱི་ལུས་དྲུད་ཆང་བུ་གླུད་ནང་བཏབ། གླུད་དྲུག་པོ་དང་། གདོན་གཟུགས་ཕོ་མོ་བཅས་སློབ་མའི་མདུན་ཏུ་བཞག་ལ་གཟུངས་སྒྲུབ་ལྟར་སློབ་དཔོན་གྱིས་འགུགས་གཞུག་ལན་གསུམ། ཞི་དྲག་སྦྱོང་བ་བྱ། དྲག་སྔགས་སྤྱི་དང་འདི་ཉིད་ཀྱི་གཟུངས་སྔགས་བརྗོད། གུ་གུལ་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། སྦྱོང་གཏོར་རྣམས་དང་ཏིལ་སྦྱོང་གྲུབ་ནས་མེ་ཆུ་ཡང་གདོན་གཟུགས་རྩར་བླུགས། ལས་བུམ་ཐོགས་ལ་གླུད་ཀྱི་སྟེང་དུ་ཁྲུས་རྫོགས་པར་བྱས་ནས་གདན་ནག་པོའི་ཁར་ཙོག་པུར་བཞག །བྱད་ཐག་གིས་དཀྲིས། ལྕུག་མ་སྒྲོ་མདངས་འབྱུང་བཞིས་བྱ་བ། འདི་དག་ལ་གཟུངས་སྔགས་རེ་རེ་བཞིན་བརྗོད་དགོས། དཀྱིལ་འཁོར་གྱི་རལ་གྲིས་བྱད་ཐག་བཅད་པའི་དུམ་བུ་རྣམས་གླུད་ལ་བཀོན། སླར་གཟུངས་ཆུ་སྤྱི་བོར་འཐོར་ཞིང་ཤིས་བརྗོད་བྱ། སླར་ཡང་གདོན་གཟུགས་གཉིས་ལ་བཀུག་གཞུག་སྔར་ལྟར་ལན་གསུམ་བྱ། བུམ་སྒྲུབ་ལྟར་


LT31_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ཏིལ་སྦྱོང་བྱས་ནས་མེ་ཆུ་གདོན་གཟུགས་རྩར་བཏབ། བུམ་སྒྲུབ་ལྟར་ཨོཾ་སརྦ་པཱ་བཾ་སོགས་ཀྱི་སྔགས་བརྗོད་ཅིང་སློབ་དཔོན་གྱིས་རྡོ་རྗེ་ཐལ་སྦྱར་གྱི་ཕྱག་རྒྱས། ཀུ་ཤ། རྨ་བྱའི་སྒྲོ། ལྕེ་བ་དང་ཟན་ཆང་། ཁམ་ཕོར། རས་དཀར་རྣམས་ཀྱིས་རིམ་པར་གདོན་གཟུགས་ཀྱི་སྟེང་དུ་བྱ་བ། གླུད་དང་ཆང་བུ་ཟུར་དུ་བཤམས་པ་རྣམས་བྱིན་རླབས་བྱ། རེ་རེ་བཞིན་སློབ་མ་ལ་ལན་གསུམ་གསུམ་གཡོན་ཏུ་བསྐོར་ལ་ཨ་ཀཱ་རོ་དང་སཾ་བྷ་རས་བསྔོས་ཏེ་བགེགས་གཟུགས་མདུན་ཏུ་བླུགས། སྔར་ལྟར་བདེན་སྟོབས་བརྗོད་པའི་མཐར། གདོན་བགེགས་འབྱུང་པོ་ཐམས་ཅད་མཉེས་ཤིང་ཚིམས་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་བསྒྱུར། སླར་ཡང་ལས་བུམ་གྱིས་གདོན་གཟུགས་སྟོང་དུ་ཁྲུས་བྱ་ཞིང་ཚིགས་བཅད་སྔགས་བཅས་བརྗོད། བུམ་ཆུ་སྤྱི་བོར་འཐོར། རྨ་བྱའི་སྒྲོས་བྱབ། སྣམ་རས་དཀར་པོའམ་དར་དཀར་གྱིས་ཕྱི་བའི་ཚུལ་བཅས་གྲུབ་ནས། གདན་ནག་གླུད་ནང་བོར། གླུད་དང་གདོན་གཟུགས་འདྲེ་ལྔ་བདུད་གཅོད་དམ་ཡས་ལམ་ཕྱོགས་སུ་བསྐྱལ་བཅུག །གཟུངས་སྔགས་དང་དྲག་སྔགས་གང་ཤེས་བརྗོད། ཏིལ་དཀར་ནག་གི་ཐུན་བྲབ། གདན་དཀར་སྟེང་བཞག །དཀྱིལ་འཁོར་གྱི་མདའ་དར་བླངས་ལ་སློབ་མའི་གནས་རྣམས་སུ་རྒྱ་གྲམ་དུ་རེག་སྟེ་གོ་བསྒོ་


LT31_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བ་གཞུང་ལྟར་བྱ། སློབ་མས་ཐལ་སྦྱར་བར་རྡོ་རྗེ་བཟུང་བ་སྙིང་གར་བཞག་ཅིང་། སློབ་དཔོན་གྱིས་གཟུངས་སྒྲུབ་བུམ་པའི་དབང་བསྐུར་དང་། ཤིས་བརྗོད་ཤོ་ལོ་ཀ་གཅིག་ཡན་གྲུབ་ནས། བུམ་སྒྲུབ་ཀྱི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་དང་། གསོལ་གདབ་རྗེས་ཟློས། གཙོ་བུམ་གྱིས་དབང་བསྐུར་ཞིང་བུམ་ཆུ་གཏོར། ཁོང་དུ་བླུད། རྒྱལ་སྲིད་སྣ་བདུན་ཙ་ཀླིསདབང་བསྐུར། སླར་ཡང་བུམ་ཆུ་གཏོར་ཞིང་ཤཱནྟི༚་ཀུ་རུའི་སྔགས་ཀྱི་བཀྲུ་བ་དང་། དེའི་ཚབ་ཏུ་ཨ་པ་ནཱ་ཡ་སྭཱ་ཧཱ་སྦྱར་བས་བྱབ་པ་དང་། རཀྵ་རཀྵ་སྭ་ཧཱ་སྦྱར་བས་སྲུང་བ་སྟེ་རང་གཞུང་ཉུང་ངུས་འཐུས་ཀྱི་གཟུངས་སྒྲུབ་ལས་སྦྱར་བ་སྐབས་འདིར་མི་དགོས་སོ། །མཐར་ཤིས་བརྗོད་ཤློ་ཀ་གཅིག་ཙམ་བྱ། དེ་ནས་དབང་གི་གོ་བབ་མཚམས་སྦྱོར་ཅི་རིགས་པ་སྔོན་ཏུ་འགྲོ་བའི་བུམ་དབང་ཆེན་མོའི་རིག་པའི་དབང་ལྔའི་མཎྜལ་དང་གསོལ་གདབ་ནས་བཟུང་། ཕྱི་བུམ་པའི་དབང་བཅུ། ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་སྐུ་ལྷ། གསུང་སྔགས། ཐུགས་ཕྱག་མཚན། ཡོན་ཏན་ཆས་རྒྱན། ཕྲིན་ལས་གཞན་དོན། རྡོ་རྗེ་སློབ་དཔོན་བཀའ་རབ་འབྱམས་ཀྱི་དབང་དངོས་དང་། ཀུན་བཟང་ཕྱག་རྒྱ་བརྡ་དོན་དམ་ཚིག་མཐའ་རྟེན་དང་བཅས་པ། ཞར་དབང་གོང་མ་གསུམ་རྡོ་རྗེའི་བརྟུལ་ཞུགས། ལུང་བསྟན་རྗེས་གནང་དབུགས་དབྱུང་།


LT31_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མཆོད་རྫས་ཀྱི་དབང་ཡན་ཆད་རྫོགས་པར་བསྐུར། བུམ་པའི་དབང་བཅུའི་སྐབས་མི་བསྐྱོད་པའི་ཆུའི་དབང་གིས་རིགས་འགྲེ་སྟེ་དབང་ལྷ་སྤྱན་འདྲེན་ནས་དག་པ་བརྗོད་པ་ཡན་རིག་དབང་ལྔ་ཀར་རྒྱས་པར་སྦྱོར་དགོས་པས་སྔ་ཐོགས་ནས་མིག་འདྲིས་བྱང་བར་དགོས། འདི་སྐབས་བུམ་ཆུ་བསྡུ་མི་དགོས། མཐའ་རྟེན་ལྔ་ལའང་མི་བསྐྱོད་པས་འགྲེ། གསུང་དབང་སྔགས་རྣམས་རྗེས་ཟློས་དག་ངེས་དགོས། ཡོན་ཏན་ཕྲིན་ལས་དངོས་གྲུབ་དབང་བཅས་ལ་དབང་རྫས་དངོས་སུ་འཛོམ་རིགས་དངོས་སུ་གཏད། རྡོ་རྗེ་སློབ་དཔོན་དབང་གི་སྐབས་ཕྱོགས་མཚམས་བུམ་ཆུ་གཙོ་བུམ་དུ་བསྡུ། དབང་པོ་ལྔ་ལ་དྲི་བཟང་གི་ཐིག་ལེ་སོ་སོར་གདབ། ལུང་བསྟན་སྐབས་སློབ་དཔོན་དབུ་ཞྭ་ཕུད། ཆོས་གོས་ཀྱི་གྲ་རི་དྭགས་རྣ་བ་ལྟ་བུ་གཡོན་པས་འཛིན་ཅིང་གཡས་མི་འཇིགས་པའི་ཕྱག་རྒྱ་བྱ། རིག་བརྟུལ་དང་རྗེས་གནང་གི་ཆས་རྣམས་དངོས་སུ་སྦྱིན། དབུགས་དབྱུང་སྐབས་གདུགས་ཀྱང་དངོས་སུ་བཟུང་། ཚོགས་རྫས་གོང་དུ་ཚོགས་འཁོར་སྐབས་སྟ་གོན་བྱས་ནས་དངོས་གྲུབ་མཆོད་དབང་སྐབས་གཏད་གྲུབ་ནས་དམ་ཚིག་ཁས་ལེན། མཎྜལ་སོགས་སྤྱི་མཐུན་བྱ། ཚོགས་ལ་རོལ་ཞིང་ལྷག་མའི་ཆོ་ག་མན་ཆད་སྔ་ཉིན་ལྟར་བྱས་པས་འགྲུབ་བོ། །རྗེས་ཆོག་མཆོད་བསྟོད་སྐབས་བུམ་སྒྲུབ་ལྟར། ཧཱུྃ་ཧྲཱིཿ


LT31_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྐྱེས་ཆུ་སྐྱེས་སོགས་ཀྱི་མཆོད་པ་དང་། སླར་ཡང་ཕྱག་འཚལ་བརྒྱ་རྩའི་མཆད་པ་མན་སྔར་ལྟར་ལ། ནོངས་བཤགས་ཛི་ན་ནས་གཟུངས་སྒྲུབ་ཀྱི་དཀྱིལ་འཁོར་བ་དང་བུམ་པའི་ལྷ་མོ་ལྔ་གཤེགས་བསྡུ་བྱ། ལས་བྱང་བཀྲ་ཤིས་གྲུབ་མཚམས་བུམ་སྒྲུབ་དང་གཟུངས་སྒྲུབ་ཀྱི་བཀྲ་ཤིས་སྨོན་ལམ་བཅས་མཐར་དབྱུང་། འདིའི་དགོངས་མོར་ཆས་རྣམས་འཚོགས་པར་བྱས་ནས་དོན་དབང་བསྡུས་པ་སྨིན་བྱེད་བདུད་རྩིའི་ཐིགས་པའི་ཞུ་ལེན་ནས་བརྩམས་ཏེ་སློབ་མ་སྟ་གོན་ཚང་བར་བྱ། ས་ཆོག །བུམ་ལྷ་སྟ་གོན་སོགས་ནི་རྒྱས་པར་སྔོན་ཏུ་སོང་བས་མི་དགོས། སློབ་མ་སྟ་གོན་ཀྱང་སྔ་མ་དེས་འཐུས་མོད་ཀྱི་དོན་དབང་རང་གཞུང་གི་ཕྱག་ལེན་རྒྱུན་མི་ཆད་པའི་ཕྱིར་རོ། །འདིའི་མཚམས་བཅད་ལས་བྱང་མེ་ཕྲེང་ལྟར་དང་། ག་ མཚམས་ཕུར་བུམ་དབང་ཆེན་མོ་ལྟར་ཚར་གཅིག་བརྗོད། ལག་ལེན་མི་དགོས། ཕྱག་དང་ཆོས་བཤད་སོ་ཤིང་དཀྱིལ་འཁོར་སོགས་བུམ་དབང་ཆེན་མོ་ནས་དྲངས། ག་ སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག་ཤེས་ན་མཉམ་འདོན། མི་ཤེས་ན་རྗེས་ཟློས་བྱར་བཅོལ། ཆོས་བཤད་སྐབས་སུ་ལོངས་ཁྱབ་ཡོད་ན་ཆོས་བཤད་དྲངས་དོན་དགེ་བསྐུལ་ལྟར་བཤད་ན་ཤིན་ཏུ་ལེགས་པར་འགྱུར་རོ། །འདི་སྐབས་སང་གི་སྟ་གོན་ཏུ་བྱིན་འབེབས་རྫས་


LT31_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་ཆེན་དང་གུ་གུལ། མེ་ཏོག་དམར་པོའི་ཅོད་པན། ཐུགས་རྟགས་ཅོད་པན་སྣ་ལྔ། སྒྲུབ་དཀྱིལ་གྱི་གཡས་སོགས་གར་བདེར་པུ་སྟི་ལུང་དབང་གི་ཆེད་དུ་གཞི་གཙང་མ་མེ་ཏོག་བཀྲམ་པའི་དབུས་སུ་ཐུབ་དབང་སྐུ་བརྙན་བྱིན་ལྡན་གྱི་གཡས་ཕྱོགས་སུ་བཀའ་འགྱུར་ནས་འདུལ་བ་ཚང་མའམ། ཙ་ མདོ་སྡེ། ཀ་ བསྐལ་བཟང་། ཤེས་རབ་སྣ་ཚོགས་པོད། ཕལ་ཆེན། ཀ་ བཅས་བོད་གསུམ་ཙམ། མངོན་པའི་སྐོར་བསྟན་འགྱུར་ནས་མངོན་པ་མཛོད་རྩ་འགྲེལ་རྙེད་ན་དང་། །མ་རྙེད་ན་ཀུན་མཁྱེན་དྷརྨཱ་ཀ་རའི་བཀའ་འབུམ། པ་ བཞག །དེའང་མ་རྙེད་ན་རིགས་གནས་སོགས་གང་བདེ། ཀྲི་ཡ་ལ་གསང་སྔགས་རྒྱུད་འབུམ། ཙ་ ཨུ་པ་ལ་རྒྱུད་འབུམ། ད་ ཡོ་ག་ལ་རྒྱུད་འབུམ། ཏ་ མ་ཧཱ་ཡོ་ག་ལ་དགོངས་འདུས། ཀ་ནས་ཏ་ པའི་ཕྱེད་ཡན་ཆད། ཨ་ནུ་ལ་དགོངས་འདུས། ན་ཨ་ཏི་ལ། ཏ་པའི་ཕྱེད་མན། ཐ་ད་ཨ་ རྣམས་རིམ་པར་གཏད་དུ་རུང་བར་བཀོད། སྐུ་བརྙན་གྱི་གཡོན་ཕྱོགས་སུ་འཛོམ་ན་དགེ་སློང་ཚད་ལྡན་ཞིག་བཞུགས་དགོས་ཀྱང་མ་འཛོམ་ན་ཡིད་ཀྱིས་བསམ་ཏེ་གནས་བརྟན་སྐུ་བརྙན་ཞིག་བཞུགས། མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དང་མཎྜལ་བཅས་བཤམས་པར་བྱའོ།། ༈ །།ཉིན་ལྔ་པར་བུམ་སྒྲུབ་དང་གཟུངས་སྒྲུབ་བོར་བའི་སྒྲུབ་ཁོག་


LT31_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྔ་ཉིན་ལྟར་རམ། རྩེ་ལེའི་ཆོག་བསྒྲིགས་ལ་སྲུང་འཁོར་རྗེས་སུ་སྒྲུབ་ཁོག་བརྡ་སྒོ་ཕྱག་བྱིན་འབེབས་བཅས། བདག་བསྐྱེད་དང་རྟ་བྲོའི་རྗེས་ཉུ་ལེ་བསྐྲད་ཆོག་སྦྱར་བ་སོགས་ཉིན་ལྟར་ལ། མདུན་བསྐྱེད། བུམ་བསྐྱེད། ལས་བུམ། དུང་ཞལ། བཀའ་སྲུང་། ཚོགས་མཆོད། དོན་དབང་གི་སྒོ་དབྱེ་སྔོན་ཏུ་འགྲོ་བའི་བདག་ཉིད་འཇུག་པ་བཅས་གྲུབ་ནས། དུང་ཞལ་གྱིས་ཡན་ལག་ལྔ་ཁྲུས་བྱ་ཞིང་སྤོས་ཀྱིས་བདུག །པུ་སྟི་ལུང་དབང་བསྐུར་བའི་ཆོ་ག་ལྟར། སངས་རྒྱས་ཆོས་ཚོགས་སོགས་ལན་གསུམ་དང་། ཚད་མེད་བཞི་བསྒོམ། ཐམས་ཅད་དུ་ནི་སོགས། ས་གཞི་བྱིན་རླབས་བྱ། སྐད་ཅིག་གིས་སྟོན་པའི་སྐུ་ནས། བསྐོར་ནས་བཞུགས་པར་བསམ་བར། མ་ལུས་སེམས་མགོན། བཅོམ་ལྡན་འདིར་ནི། ཇི་ལྟར་བལྟམས་པ། སྲབ་འཇམ་ཡངས་པ། བདག་ངང་འགྲོ་ལ། ཇི་སྙེད་སུ་དག །ནས། བྱང་ཆུབ་ཕྱིར་བསྔོའོ་བར་གྱིས་ཡན་ལག་བདུན་པ་དང་མཎྜལ་སོ་བདུན་མ་སྤྱི་མཐུན་རྒྱས་པར་ཕུལ། སྟོན་པ་འཁོར་བཅས་མངོན་སུམ་སོགས་ནས། ཀློང་ལ་བཞག་པར་བྱའོ་བར་གཞུང་ལྟར་བྱ། སླར་ཡང་མཆོད་པ་གསོས་ལ་མཆོད་པའི་སྤྲིན་གྱི་གཟུངས་དང་། རིན་ཆེན་སེམས་དེ་སོགས་དང་ཡན་ལག་བདུན་པ་ཕུལ། རིགས་དྲུག་ལ་གཏོར་མ་སྦྱིན།


LT31_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུའང་ཡར་མཆོད་མར་སྦྱིན་གྱི་ཚོགས་གསོག་འགྲུབ་ན་གལ་ཆེའོ། །མཐར་བསོད་ནམས་འདི་ཡིས་སོགས་བརྗོད། དཀྱིལ་འཁོར་ལ་ཡོལ་བ་བཏང་། བགེགས་གཏོར་བཤམ། རྒྱལ་ཐེབས་ཀྱིས་སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ་ཞིང་མིག་དར་དམར་པོས་དཀྲི། མཆེད་རྣམས་ལག་པ་སྦྲེལ། དོན་དབང་གཞུང་གསལ། སྒོ་སྲུང་ཞུས་ལན་བྱ་ཞིང་དེ་ཚུལ་སྔར་ཉིན་ལྟར་དང་། ཆོག་བསྒྲིགས་སྔོན་འགྲོ་ལས་འབྱུང་བའི་བགེགས་གཏོར་དང་མཚམས་གཅོད་སྲུང་འཁོར། རྡོར་སེམས་བསྒོམ་བཟླས་ཚར་མཚམས་མཎྜལ་རྒྱས་པར་འབུལ། ཕྱག་དགུ་ཕྲུགས་འཚལ། དོན་དབང་རང་གཞུང་ལྟར་སྒོ་བ་ལ་གསོལ་གདབ་སོགས་ནས་བཟུང་མཐར་ཆགས་སུ་གནང་བའི་བྱིན་འབེབས་སྐབས་ལས་བྱང་ཆེན་མོའི། ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་སྲས་སོགས་ཀྱིས་བྱིན་ཕབ་ས་བཅད་བཅུ་གསུམ་པའི་སྐབས་ལས་བྱང་ཆེན་པོའི་ཛབྲ་བསྐུལ་སྔོན་ཏུ་འགྲོ་བའི་སྔགས་རྣམས་ལན་གསུམ་གསུམ་འུར་འདོན་བྱ། རིག་པའི་དབང་ལྔ་ཀའི་བསྐྱེད་ཆོག་ཆུ་དབང་གིས་འགྲེས་བཤང་། གསུང་དབང་ལ་འཛབ་དགོངས་ནས་འབྱུང་བའི་བསྙེན་པ་ཚང་མ་རྗེས་ཟློས་དག་པར་བྱས། རྡོ་རྗེ་སློབ་དཔོན་དབང་སྐབས་བུམ་ཆུ་རྣམས་གཙོ་བུམ་དུ་བསྡུ་བས་བསྐུར། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་


LT31_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བཅས་བུམ་པའི་དབང་གྲུབ་པའོ། །ཡན་ཚར་མཚམས་པུ་སྟིའི་ལུང་དབང་བསྐུར་བའི་ཆོ་ག་ལྟར། མཎྜལ་གསོལ་གདབ་ནས། ལུང་ངེས་པར་ཐོབ་པ་ཡིན་ནོ༔ ཡན་རྫོགས་བར་བསྐུར། དེ་ནས་དོན་དབང་ཁོ་ན་རྫོགས་པར་བསྐུར་དགོས་ཤིང་། ཟབ་དབང་གཞན་རྣམས་སྣོད་དུ་མ་གྱུར་པའམ། བསྐུར་དུ་རུང་ཡང་སྟབས་བདེ་བ་ལ་བསམ་ན། སླར་མཎྜལ་ཕུལ་ནས། དོན་དབང་གཞུང་ལྟར་གསང་དབང་སོགས། སྤྲོས་མེད་དབང་དྲུག་ནས་ཡོན་ཏན་མཆོད་རྫས་ཡན་ནམ། སྲོག་དབང་བཀའ་གཏད་དགོས་མིན་སྐབས་དང་བསྟུན་ལ། སྤྱི་དོན་བཞི་པ་གཞུང་གསལ་བརྗོད་ནས་དམ་ཚིག་ཁས་ལེན་སོགས་མཐར་དབྱུང་ཡང་རུང་ལ་དེའི་སྐབས་སུ་ཉིན་ཕྱི་མར་དོན་དབང་གི་རིགས་བསལ་ནས་གཞན་རྣམས་མཐར་ཆགས་སུ་བསྐུར་ཤེས་པར་བྱའོ། །འོན་ཀྱང་ད་ལྟ་དོན་དབང་གི་སྤྲོས་མེད་དབང་དྲུག་དང་། ཟུར་གསལ་སོ་སོའི་ཟབ་དབང་རྣམས་སྦྲགས་ནས་གནང་བའི་ཕྱག་སྲོལ་འདུག་པ་དང་། སྤྱིར་ཉིན་རྗེས་མར་བཤད་པའི་དབང་བསྐུར་ཚང་མ་འདི་ཉིན་པུ་སྟི་ལུང་དབང་གཤམས་སུ་སྦྲེལ་ཏེ་བསྐུར་ཡང་ཆོག་མོད། དེ་ཙམ་ལོངས་ཁྱབ་དཀའ་བ་དང་། དབང་གོང་མ་ཟུར་དུ་ཕྱེ་བ་ཉིད་རྒྱུད་གཞུང་དགོངས་པ་ལག་ལེན་མ་ནོར་བ་རྣམས་ཀྱི་ལུགས་སུ་འགྱུར་ཞིང་ལེགས་པས་དེ་ལྟ་ན་པུ་སྟི་ལུང་


LT31_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གྲུབ་འཕྲལ་དམ་ཚིག་ཁས་ལེན། མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་གྲོལ། ཚོགས་རོལ་ལྷག་ཆོག་ཡན་ཆད་ཉིན་རེ་བཞིན་གྱི་འགྲོས་འཁོར་ལྟར་བྱ། ཉིན་ཕྱི་མར་མཁོ་བའི་ཉེར་བསྡོགས། སྤྲོས་མེད་དོན་དབང་སྐབས་ཐིག་ལེ་བྱ་རྒྱུ་ཙནྡན་དཀར་དམར་དང་། བྱང་སེམས་དཀར་དམར་དངོས་སམ། མ་རྙེད་ན་ཅུ་གང་དང་། སིནྡྷཱ་ུར་ལྷན་ཅིག་སྦྱར་བ། རིགས་ལྔའི་ཕྱག་མཚན་འབྲུ་ལྔ་སོ་སོས་མཚན་པ་དཀྱིལ་འཁོར་དུ་བཀོད་ལ་པུ་སྟི་ལུང་དབང་གི་ཆས་སོགས་བསྡུ་བར་བྱའོ།། ༈ །།ཉིན་དྲུག་པར་དབང་སྒྲུབ་བྱ་ཚུལ་ཉིན་ལྔ་པ་ཇི་ལྟ་བ་བཞིན་ལ། མདུན་བསྐྱེད་སྐབས་གྲུབ་ན་བཏགས་གྲོལ་ལ་དམིགས་ཏེ་སྐོང་ཆོག་ལྟར་ཞི་ཁྲོའི་མངོན་རྟོགས་ཀྱང་སྦྱར། མ་གྲུབ་ན་བཏགས་གྲོལ་སྐད་ཅིག་གིས་རིགས་ལྔ་ཡབ་ཡུམ་དུ་གསལ། དབང་བསྐུར་རྒྱས་གདབ་རྗེས་ཁྲུས་གསོལ་བྱ། ཐ་ བརྒྱ་ཕྱག་སོགས་བསྐང་ཆོག་གི་ཡན་ལག་ཐ་ གཞན་ལོངས་ཁྱབ་མེད་ན་མ་གྲུབ་ཀྱང་ཆོག །མདུན་བསྐྱེད་བསྙེན་པའི་རྗེས་སུ་དཀར་པོ་ ཐ་ པོ་ཆིག་ཐུབ་ཚར་གཅིག་བཀླག་གྲུབ་ན་ལེགས། མ་གྲུབ་ན་ཙཀྲའི་སྔགས་རྣམས་བརྗོད། རྫོགས་ཆེན་རྒྱབ་ཆོས་མན་ངག་ལེན་སྤྱི་དོན་བཅུ་པ་ལས་འབྱུང་བའི། ཨེ་མ་ཧོཿགདོད་ནས་རྣམ་དག་སོགས་


LT31_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གདབ། བུམ་བསྐྱེད་སོགས་ཚོགས་མཆོད་ཡན་ཉིན་སྔ་མ་ལྟར་ལ། འདི་ཉིན་ཀ་ བདག་འཇུག་རྒྱས་པར་མི་དགོས་པས་རིག་མེ་དོར། སློབ་མ་འཚོགས་ལ་ཁྲུས་དང་། ལས་བྱང་མེ་ཕྲེང་ལྟར་བགེགས་གཏོར་མཚམས་གཅོད་སྲུང་འཁོར་བྱ། རྡོར་སེམས་བསྒོམ་བཟླས་བྱེ་བྲག་སྒྲུབ་པ་འཕྲུལ་དུམ་ལྟར། དེ་ནས་ཁྱེད་རྣམས་ཐ་མལ་པའི༔ སྤྱི་བོར་པདྨ་སོགས་ནས། དབང་བསྐུར་མི་བསྐྱོད་དབུ་བརྒྱན་གྱུར༔ དེ་ཡི་ཐུགས་སོགས་ནས། ཉེས་བྱས་དག༔ དེ་ལྟ་བུའི་དམིགས་གནད་ལྡན་པས་ཡི་གེ་བརྒྱ་པ་ཆབ་གཅིག་ཏུ་གསུང་འཚལ། ཅེས་ཡིག་བརྒྱ་གང་འགྲུབ་བཟླས་མཐར། རང་ལུས་འོད་དུ་ཞུ་ནས་ཀྱང་༔ རྡོ་རྗེ་སེམས་དཔའ་སོགས། འཇའ་ལྟར་ཡལ་བར་མོས༔ ཞེས་བསྒོམ་བཟླས་ཕོག །མཚམས་སྦྱོར་ཅི་རིགས་བཅས་མཎྜལ་འབུལ་གཞུག །དོན་དབང་གཞུང་སྤྲོས་མེད་དབང་དྲུག་གི་དང་པོ་གསང་དབང་ཞུ་བའི་གསོལ་གདབ་བྱས་ནས། ལོངས་སྐུ་ཐོབ་རུང་གི་རྟེན་འབྲེལ་འགྲིགས་པའོ༔ བར་གྱིས་གསང་དབང་གྲུབ་མཚམས། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། སྤྲོས་མེད་དོན་དབང་སྲོག་རྩ་དམར་ ཙ་ འབྱིན་གྱི་དབང་བསྐུར་ཞུ་བའི་ཡོན་་ཏུ་མཎྜལ་ཕུལ་ཞིང་། རང་གཞུང་ལྟར་གསོལ་གདབ་དང་དམ་བཅའི་རྗེས་ཟློས་བྱ། དམ་ཆུ་བླུད་པ་ནས། སླར་


LT31_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྡོག༔ ཅེས་པའི་བར་དང་། ཡང་དེ་འཕྲོས། བླ་མ་ཡབ་ཡུམ། ནས། བདུད་རྩིར་བསྟིམ༔ ཞེས་དམིགས་ལ་སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ཅིང་། ཧྲཱིཿ དེང་ཁྱོད་སྐལ་ལྡན། སོགས་ནས། གཙོ་བོ་གྱིས༔ བར་བརྗོད།། ༈ །།དེ་ནས་གསང་བ་སྐུ་ཡི་དབང་བསྐུར་ཞུ་བའི་དོན་ཏུ་མཎྜལ་ཕུལ། གསོལ་གདབ་གོང་དུ་འབྱུང་བ་ཚང་མ་རྗེས་ཟློས་བྱས་པའི་རྗེས་སུ། འགྱུར་མེད་སྐུ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཞེས་སྦྱར། སྤྱི་བོར་རྡོ་རྗེས་དབང་བསྐུར་ལ། འོག་གི། ཧྲཱིཿ རིགས་ཀྱི་བུ་ཁྱོད་ནས། རྒྱལ་སྲས་ཉིད་དུ་དབང་བསྐུར་རོ༔ ཞེས་པའི་རྗེས་ལ། ཀ་པཱ་ལའི་བདུད་རྩི་བླུད་ཅིང་གོར་གི། ཧྲཱིཿ ཇི་ལྟར་རྡོ་རྗེ་འཆང་ནས། ཨཱཏྨ་ཀོ྅ཧཾ༔ བར། སློབ་མས། ཨ་ཧོཿམ་ཧཱ་སུ་ཁ་སོགས་རྗེས་ཟློས་བྱ། འོག་གི། ཨཱ་ལི་ཀཱ་ལིའི་སྒྲ་ནས། ཡེ་ཤེས་འཕེལ་བར་བསམ། རྒྱལ་བ་སྲས་བཅས་ནས། ཡིད་ལ་ཐིམ་པར་བསམ༔བར་གྱིས་དམིགས་པ་དང་དཔོན་སློབ་ཚར་མས་དབྱངས་གསལ་བརྗོད། རོལ་མོ་བསྒྲག །ཡང་གོང་གི། བླ་མ་ཡི་དམ༴ རྒྱལ་བ་སྲས་དང་༴ སྐུ་ལས་ཨོཾ་ཡིག་དཀར་པོ། སློབ་མའི་སྤྱི་བོར༴ གསང་དབང་༴ དབང་བསྐུར་ཡོངས་རྫོགས་ཐོབ་པར་གྱུར༔ སྣང་སྲིད་ཨོཾ་གྱི་རང་བཞིན་བསམ༔


LT31_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་བསྲེག་རོལ་མོ་བསྒྲག །དཔོན་སློབ་ཀུན་གྱིས་ཨོཾ་མང་དུ་བརྗོད། །ནམ་རྒྱལ་བུམ་པ་དང་ཐོད་པ་སྤྱི་བོར་བཞག་ལ། ཨོཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ནས། སྐུ་ཐོབ་ཤོག༔ སློབ་མའི་ལུས་ནི། ནས། རྒྱ་ཡིས་གདབ༔ བར། དེས་རིགས་པའི་དབང་ལྔ་ཐོབ་པའོ༔ ཞེས་བརྗོད། དེས་གསུང་སོགས་བཞི་པོར་རིགས་འགྲེ་སྟེ། གསང་བ་གསུང་གི་དབང་བསྐུར་ཞུ་བའི་མཎྜལ། གསོལ་གདབ་མཇུག །འགག་མེད་གསུང་གི་དབང་མཆོག་བསྐུར་དུ་གསོལ༔ མགྲིན་པར་དྲིལ་བུ་བཞག་ལ། ཧྲཱིཿ རིགས་ཀྱི་བུ་སོགས། བདུད་རྩི་བླུད་དེ། ཧྲཱིཿ ཇི་ལྟར་རྡོ་རྗེ་འཆང་ནས། སིངྡྷི་ཧཱུྃ་ཡན་དང་། ཨཱ་ལི་ཀཱ་ལི་སོགས་དབྱངས་གསལ་བརྗོད། རོལ་མོ་བསྒྲག །བླ་མ་ཡི་དམ་སོགས་ནས། སྣང་སྲིད་ཨཱཿཡི་རང་བཞིན་བསམ༔སྤོས་རོལ་ཨཱཿའི་དབྱངས་བཅས་བྱིན་དབབ། བུམ་ཐོད་མགྲིན་པར་བཞག །ཨཱཿསངས་རྒྱས་ཀུན་གྱི་ཡེ་ཤེས་གསུང་༔ནས། ཡེ་ཤེས་བསྒོམ༔ བར། དེས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཐོབ་པའོ། །ཞེས་བརྗོད། གསང་བ་ཐུགས་ཀྱི་དབང་བསྐུར་ཞུ་བའི་མཎྜལ། གསོལ་གདབ་མཇུག། འཁྲུལ་མེད་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ། སྙིང་གར་ཤེལ་རྡོ་བཞག་ལ། ཧྲཱིཿརིགས་ཀྱི་སོགས། བདུད་རྩི་བླུད། ཧྲཱིཿ ཇི་ལྟར་རྡོ་རྗེ་


LT31_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ནས། སིངྡྷི་ཧཱུྃ་ཡན་དང་། ཨཱ་ལི་ཀཱ་ལི་སོགས་དང་དབྱངས་གསལ་བརྗོད་ཅིང་རོལ་མོ་བྱ། བླ་མ་ཡི་དམ་རྒྱལ་བ་སྲས་དར༴ ཐུགས་ལས་ཧཱུྃ་ཡིག་སྔོན་པོ༴ སློབ་མའི་སྙིང་གར་སོགས་ནས། སྣང་སྲིད་ཧཱུྃ་གི༴ བར་སྤོས་རོལ་ཧཱུྃ་དབྱངས། བུམ་ཐོད་སྙིང་གར། ཧཱུྃ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ནས། རྒྱ་ཡིས་གདབ༔ བར། སྨིན་མཚམས་སུ་ཙནྡན་དང་བྱང་སེམས་དཀར་དམར་ཐིག་ལེ། བུད་ཐོད་བདུད་རྩི་བསྲེས་ནས་བླུད། ཇི་ལྟར་ལུས་ལ༴ ནས། མཐའ་དང་བྲལ་བའོ༔ བར། དེས་ཐུགས་རྡོ་རྗེའི་ཚིག་དབང་ཐོབ་པའོ༔ ཞེས་བརྗོད། གསང་བ་ཡོན་ཏན་གྱི་དབང་བསྐུར་ཞུ་བའི་མཎྜལ། གསོལ་གདབ་མཇུག་འདོད་འབྱུང་ཡོན་ཏན་དབང་མཆོག་བསྐུར་དུ་གསོལ༔ ལྟེ་བར་ཐོད་པའི་བདུད་རྩི་བཞག་ལ། ཧྲཱིཿ རིགས་ཀྱི་བུ་སོགས། བདུད་རྩི་བླུད། ཧྲཱིཿཇི་ལྟར་ནས། སིངྡྷི་ཧཱུྃཿ ཡན། ཨཱ་ལི་ཀཱ་ལི་སོགས། དབྱངས་གསལ་བརྗོད། རོལ་མོ་འཁྲོལ། བླ་མ་ཡི་དམ༴ རྒྱལ་བ༴ ལྟེ་བར་ཏྲཱྃ་ལིག་སེར་པོ་འཕྲོས༔ སློབ་མའི་ལྟེ་བར༴ ནས། སྣང་སྲིད་ཏྲཱྃ་གྱི་བར་སྤོས་རོལ་ཏྲཱྃ་དབྱངས། བུམ་ཐོད་ལྟེ་བར༴ ཧྲཱིཿ དུས་གསུམ་སངས་རྒྱས༴ འདོད་འབྱུང་ཡོན་ཏན་རྫོགས་ནས། དབང་བསྐུར་རོ༔


LT31_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བར། དེས་ཡོན་ཏན་རིན་པོ་ཆེ་གསང་དབང་ཐོབ་པའོ༔ ཞེས་བརྗོད། གསང་བ་ཕྲིན་ལས་ཀྱི་དབང་བསྐུར་ཞུ་བའི་མཎྜལ། གསོལ་གདབ་མཇུག །འགྲོ་འདུལ་ཕྲིན་ལས་དབང་མཆོག་བསྐུར་དུ་གསོལཿ གསང་གནས་སུ་སིནྡྷཱུ་རའི་དཀྱིལ་འཁོར་བཞག་ལ། ཧྲཱིཿ རིགས་ཀྱི་བུ་སོགས། བདུད་རྩི་བླུད། ཧྲཱིཿ ཇི་ལྟར་ནས། སིངྡྷི་ཧཱུྃ་ཡན། ཨཱ་ལི་ཀཱ་ལིའི་སྒྲ་སོགས། དབྱངས་གསལ་བརྗོད། རོལ་མོ་བསྒྲག །བླ་མ་ཡི་དམ༴ རྒྱལ་བ༴ གསང་བར་ཧྲཱིཿཡིག་ལྗང་གུ༴ སློབ་མའི་གསང་བར་སོགས་ནས། སྣང་སྲིད་ཧྲཱིཿཡི་རང་བཞིན་བར། སྤོས་རོལ། ཧྲཱིཿ དབྱངས། བུམ་ཐོད་གསང་བར། ཧྲཱིཿ དུས་གསུམ་སངས་རྒྱས། འགྲོ་འདུལ་ཕྲིན་ལས་རྫོགས། ནས། དབང་བསྐུར་རོ༔འི་བར། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའོ༔ ཞེས་བརྗོད། དེ་ནས་རྟོགས་པ་བརྗོད་པ། ཨེ་མ་ཧོཿཆོས་ཉིད་སྤྲོས་དང་། ནས། སྤྲོས་པ་མེད་པའི་དོན་ལ་གནས་པར་བྱོས་ཤིག༔ དེ་ལྟར་སྤྲོས་མེད་ནས། སྤྱོད་པར་འགྱུར༔ བར་ཚང་བར་བརྗོད་པས་འགྲུབ་བོ། །ཡང་དོན་དབང་ལས། གཉིས་པ་གསང་བ་ཤིན་ཏུ་སྤྲོས་མེད་ཀྱི་མཎྜལ་ནས་བརྩམས། ཆོས་སྐུ་ཐོབ་རུང་གི་རྟེན་འབྲེལ་འགྲིགས་པའོ༔ བར་གྱིས་ཤེར་ཡེའི་དབང་བསྐུར་གྲུབ་


LT31_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས། ཕྱག་རྒྱ་བྷ་ག་དཀྱིལ་འཁོར་ལ་བརྟེན་ནས། རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལག་ལེན་བདེ་སྟོང་རབ་འབྱམས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཨཱཿ ཁཾ་བཱི་ར་ཧཱུྃ། གིས་གདོང་གཡོགས་སྦྱིན། སྒོས་ཀྱི་ལེའུ་ནས་གསོལ་གདབ། བཤགས་སྡོམ། དམ་བཅའ། བྱིན་འབེབས། ཅོད་པན་ཕུལ་ཞིང་། སླར་རྡོར་དྲིལ་སྤྱི་བོར་བཞག །གཟུངས་མ་གཏད། ཅོད་པན་སྙིང་གར་སྦྱིན་ལ་མིག་དར་བཀྲོལ། མཁའ་གསང་བྱིན་རླབས་ནི། ཡབ་ཀྱི་གསང་བ་ཨོཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁོང་སེང་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་གསང་ཨཱཿལས་པདྨ་དམར་པོ་ཟེའུ་འབྲུ་ཨཱཿས་མཚན་པ། ན་ གཉིས་ཀའི་བུག་སྒོ་ཕཊ་སེར་པོས་བཀག་པར་གྱུར་ཅེས་བརྗོད་པའམ་དོན་བསམ། གཟུངས་མ་ལ་མེ་ཏོག་ཕུལ་བ་ནས། གུས་པ་དང་ལྡན་པས་བརྟེན་ཅིང་ལོངས་སྤྱོད་ཅེས་པའི་རྗེས་སུ་རྩ་རླུང་རྡོ་རྗེའི་དྲྭ་མིག་གི་དངོས་གཞི་བར་གྱི་ཉམས་ལེན་དམར་མོ་བཅུད་བསྡུས་རྡོ་རྗེའི་ཞགས་པའི་རྗེས་རིམ་གྱི་སྐབས། ཕྱག་རྒྱ་མ་དང་སྙོམས་པར་ཞུགས་ཤིང་སྤྱད་པས། སྤྱི་བོ་ནས་དྭངས་མ་གཡོས་ཏེ་སོགས་ནས། རྡོ་རྗེ་འཆང་ཆེན་པོ་འགྲུབ་སྟེ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ བར་གྱིས་ངོ་སྤྲད་ཅིང་ཕན་ཡོན་བརྗོད། སླར་ཡང་མཎྜལ། ཕྱག་འཚལ།


LT31_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བླུད་ཅིང་། འདོད་ཆགས་བྲལ་བ། ནས། རྟེན་འབྲེལ་བསྒྲིགས་པའོ༔ བར་དང་དེ་ལྟར་རབ་ཏུ་སྤྲོས་མེད་ཀྱི་དབང་མ་བསྐུར་ན་སོགས་ནས། དམ་ཚིག་ལ་གནས་པར་གྱིས་ཤིག༔ བར་བརྗོད་པས་མཐར་དབྱུང་། ཡང་། དོན་དབང་ནས་གསུམ་པ་དེ་ཁོ་ན་ཉིད་རབ་ཏུ་སྤྲོས་མེད་དང་། བཞི་པ་ཐོད་རྒལ་རིག་པའི་རྩལ་དབང་གི་མཎྜལ་ཕུལ་ཏེ་འདི་ནས་བཏགས་གྲོལ་དབང་རྫོགས་ཀྱི་བར།། །ཆེན་གསེར་གྱི་ཡང་ཞུན་གྱི་ངོ་སྤྲོད་ལག་ཁྲིད་གབ་པ་མངོན་ཕྱུང་ལས་ ཅ་ འབྱུང་བའི་སྨན་འབྲུ་རིན་ཆེན་གྱི་མཎྜལ་ཕུལ་དགོས། གསོལ་གདབ། ཡེ་གཞིའི་སྟེང་དུ་ཕེབས་པའི་རྟེན་འབྲེལ་འགྲིགས།།།ཡན་སོང་མཚམས། སྣང་བྱེད་ཉི་མའི་ཟེར་ལ་བརྟེན་ནས་ཐོད་རྒལ་རིག་པའི་རྩལ་དབང་བརྡ་དོན་ཟུང་འབྲེལ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། སྒོས་ཀྱི་ལེའུའི་གསོལ་གདབ་ནས་འཁོར་བ་རྒྱབ་ཏུ་བསྙིལ་བ་ཡིན༔ ཞེས་པའི་བར་གྱིས་བསྐུར་ཞིང་ངོ་ལེགས་པར་སྤྲད། ཡང་། དོན་དབང་ནས། ལྔ་པ་རྒྱས་འདེབས་ཀྱི་དབང་གི་མཎྜལ་གསོལ་གདབ་ནས་བརྩམ། དཔོན་སློབ་རྣམས་ཆས་ཕྱུང་ལ་ཅང་ཏེའུ་བསྣམས་ཤིང་ངོ་སྤྲད། བླ་མས་སྣ་དྲངས་ལུས་གར་སྟབས། ངག་ཧཱུྃ་ཕཊ། ཡིད་རྩིས་གདབ་དང་བྲལ་བའི་སྤྱོད་པ་དངོས་སམ་ཡིད་ཀྱིས་བསྐྱངས་ལ་ཞལ་སྐྱེམས་བདུད་རྩི་དྲངས།


LT31_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ། སླར་ཡང་གོང་ལྟར་གསོལ་གདབ་རྗེས་ཟློས་བྱ། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་ ཅ་ སོགས་ནས། མི་སྣང་བ་ཆེན་པོའི་རྟེན་འབྲེལ་འགྲིགས་པའོ༔ ཡན་སོང་མཚམས། སྐུ་གསུམ་གྱི་བཞུགས་སྟངས་ལ་བརྟེན་ནས་ཡོངས་སུ་སྤྲོས་མེད་འཁོར་འདས་གཞི་རྫོགས་རང་བྱུང་དོན་དབང་སྣང་སྲིད་རྒྱས་འདེབས་ཆེན་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་གི་གསོལ་གདབ་ནས་བརྩམས། དེ་ལྟ་བུའི་གནད་དང་ལྡན་པར་བྱེད་པ་གལ་ཆེའོ༔ ཞེས་པའི་བར་རང་གཞུང་ལྟར་བཞུགས་སྟངས་སོགས་ལེགས་པར་བསླབ་ཅིང་ཚིག་ཤར་དུ་མ་སོང་བར་ངོ་སྤྲོད་འཐེམ་པར་བྱ། བཞུགས་སྟངས་བཞིའི་ངོ་སྤྲོད་རེ་རེ་གྲུབ་པའི་རྗེས་སུ། ཨ་ཨ་ཨ༔ ཞེས་བརྗོད་དགོས་པའང་གཞུང་ལྟར་རོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་གསང་བ་ཅོད་པན་ས་བོན་གྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ལོ་རྒྱུས་རྒྱས་བསྡུས་གང་འགྲུབ་བཤད། བདག་དང་མཐའ་ཡས༴ ཡེ་ནས་སངས་རྒྱས༴ ཡིན་པར་ཤེས་པའི༴ བྱང་ཆུབ་བར་དུ་སྐྱབས་སུ་མཆི་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བསྒྱུར་བས་སྐྱབས་སེམས་རྗེས་ཟློས་སམ། གསང་ཆེན་ཐུན་མོང་མིན་པའི་སྐྱབས་སེམས་གང་འཐད་འབོགས། འབྲུ་གསུམ་


LT31_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱིན་རླབས། ཆོས་སྐུ་ནམ་མཁའ་དང་བརྗོད་མེད་ཤེས་རབ་ལྟ་བུའི་ཕྱག་འཚལ་རྒྱས་བསྡུས་གང་ལྕོག་དང་སླར་ཡང་མཎྜལ། རང་གཞུང་མན་ངག་ལག་ལེན་སྤྱི་དོན་བཅུ་པ་ལྟར། གསོལ་གདབ་བྱ། གླེགས་བམ་དང་འཁོར་ལོ་སྤྱི་བོར། གླེགས་བམ་བདུད་རྩི་མགྲིན་པར། གླེགས་བམ་དང་བུམ་པ་སྙིང་གར། གླེགས་བམ་རིན་ཆེན་ལྟེ་བ། གླེགས་བམ་རྒྱ་གྲམ་གསང་བར་བཞག་ཅིང་། ཐོག་མར་དམིགས་པ་འབོགས། བར་དུ་དབང་ཚིག་བརྗོད། མཐར་རྟོགས་པ་བརྗོད་པ་སུམ་ཕྲུགས་བྱ། སླར་གླེགས་བམ་ཤེལ་རྡོ་མེ་ལོང་རིགས་ལྔའི་ཕྱག་མཚན་གནས་ལྔར་གཏུགས་ནས་གཞུང་གི་སྨོན་ལམ་དཔོན་སློབ་གཉིས་ཀས་འདོན། སྤོས་རོལ་བྱ། རྒྱུད་ཚར་གཅིག་དང་ཙཀྲའི་སྔགས་རྣམས་བཀླག །དར་གྱིས་དྲིལ་ཞིང་སློབ་མར་གཏད་ལ་སྨོན་ལམ་དཔོན་སློབ་གཉིས་ཀས་ཤེས་ནའམ་མ་ཤེས་ན་སློབ་དཔོན་རྐྱང་པས་གསུང་ལ་མཐར་ཀུན་བཟང་ཡབ་ཡུམ་ནས་རྩ་བའི་བླ་མའི་བར་རང་རང་ལུགས་ཀྱི་བླ་མ་བརྒྱུད་པའི་མཚན་སྤེལ་ཤེས་ན་ལེགས་སྦྱར་དང་། མི་ཤེས་ན་བོོད་སྐད་སྦྱར་བས་བྱིན་རླབས་གྲུབ་ནས། སླར་དོན་དབང་ལས་དྲུག་པ་པུ་སྟི་ལུང་གི་དཀྱིལ་འཁོར་ལ་བརྟེན་ནས་བཏགས་གྲོལ་གྱི་རྒྱུད་དབང་ཞུ་བའི་ཡོན་ཏུ་མཎྜལ་འབུལ་ཞིང་། གསོལ་བ་གདབ་པ། ནས། བོད་དབང་ཡོངས་སུ་རྫོགས་པར་ཐོབ་


LT31_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ བར་གྱིས་བཏགས་གྲོལ་དབང་བསྐུར། སྐབས་འདིར་རྒྱུད་སྔོན་ཏུ་བཀླག་པས་འཐུས་ཕྱིར་བཀླག་མི་དགོས། དེ་འཕྲོས་ཡོན་ཏན་མཆོད་རྫས་ཀྱི་དབང་རྫོགས་པར་བསྐུར་སློབ་མ་སྤྱི་འཚམས་ལ་དཀྱུས་ཀྱིས་བཀའ་རྫོགས་ལུང་རྫོགས་དང་། སློབ་མ་མཆོག་རྣམས་ཟུར་དུ་ཕྱེ་ནས་སྲོག་དབང་སྒེར་པ་དང་རྗེས་གནང་ཟབ་དབང་བྱེད་ན་སྐབས་འདིའི་དྲེགས་པའི་སྲོག་དབང་དང་བཀའ་གཏད་རྗེས་གནང་དཀྱུས་གཅིག་ཏུ་བསྐུར་ལ། སྤྱི་དོན་བཞི་པ་དབང་མ་བསྐུར་བའི་ཉེས་པ། བསྐུར་བའི་ཕན་ཡོན་སོགས་བརྗོད་ནས་ཚང་བར་བྱ། སློབ་མ་མཆོག་དམན་ཕྱེ་མི་དགོས་ན་ཡོན་ཏན་གྱི་དབང་གི་རྗེས་སུ་དམ་ཚིག་ཁས་ལེན། མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ནས་གྲོལ། ཚོགས་ལ་རོལ་བ་མན་ཆད་ཉིན་སྔ་མ་ལྟར་བྱའོ། །འདི་ནུབ་ཉིན་ཕྱི་མའི་སྟ་གོན་ཏུ། མཁའ་འགྲོའི་དབང་གི་ཆེད་དུ་མཁའ་འགྲོའི་དཀྱིལ་འཁོར་འཛོམ་ན་ཟུར་དུ་བཤམས་ལ་དབང་རྫས་རྣམས་གཞུང་ལྟར་བཀོད། མ་འཛོམ་ན་གཞུང་དཀྱིལ་ཆེན་མོས་འཐུས་ཤིང་དབང་རྫས་གཙོ་བུམ་ཡང་བུར་དུ་མི་དགོས། དེའི་ཁར་ཀ་པཱ་ལ་མཚན་ལྡན་ཆང་ལ་ཨ་མྲྀ་ཏ་སྦྱར་བས་བཀང་བ་བཞག །མེ་ལོང་ཚིལ་ཆེན་བྱུགས་ཤིང་སི།།།ར་བདལ་བ་ལ་གསེར་གྱི་ཐུར་མས། ཆོས་འབྱུང་


LT31_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བ། ཧྲཱིཿམ་བཾ་དང་། འདབ་བཞིར་ཧཱ་རི་ནི་ས། རྩིབས་དྲུག་དགའ་བ་འཁྱིལ་བ་བྲིས་པས་ཐོད་པ་བཀབ་པའི་སྟེང་དར་ལེ་བརྒན་གྱི་གུར་ཕུབ། ཕྱོགས་བཞིར་རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ། ལྷོ་རུ་དབུ་རྒྱན། དབུས་སུ་འཁོར་ལོ་བཅས། མེ་ལོང་གསལ་བ། མཁའ་འགྲོའི་སྐུ་རྟེན། སྒྲུབ་དཔེ་གླེགས་བམ། བགྲང་ཕྲེང་། ཅོད་པན་སྣ་ལྔ། རང་གཞུང་ལས་གསལ་བའི་བྱིན་འབེབས་རྫས་ཀྱང་འཛོམ་ན་སྟ་གོན་བྱ། བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ་སྐབས་འདིར་གཏོར་དཀྱིལ་གྱིས་འཐུས། མཁའ་འགྲོ་སྡེ་ལྔའི་ཟུར་གཏོར་ལ་མཁའ་འགྲོའི་གཏོར་མ་ལྔ་ཚར་རྒྱན་གྱིས་བརྒྱན་པ་དཀྱིལ་འཁོར་གྱི་ནུབ་ཏུ་བཀོད། ལས་བུམ་མཆོད་པ་སོགས་ཀྱང་གཞུང་གིས་འཐུས་སོ། །ལམ་འབྲས་དབང་ཆས་ཤར་གྱི་བུམ་པའི་ཁར་ཐོད་པ་ཚང་ལ་ཨ་མྲྀ་ཏ་སྦྱར་བས་བཀང་བ་བཞག་པའི་སྟེང་མེ་ལོང་གི་དཀྱིལ་འཁོར་བྲི་གཞི་སོགས་སྔར་དང་འདྲ་བ་ལས། ལྟེ་བར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཧྲཱིཿམ། ཕྱོགས་བཞིར་ཧ་རི་ནི་ས། མཚམས་བཞིར་ར་ཙ་ཧྲི་ཡ། ཕྱི་རོལ་ཆོས་འབྱུང་བསྣོལ་མའི་རྩིབས་དྲུག་ལ། གུ་རུ། དྷེ་བ། དྷཱ་ཀི་ནཱི། གུ་ཧྱེ། སིངྡྷི། ཧཱུྃ་ཨཱཿ མཆན་དྲུག་ལ་དགའ་འཁྱིལ་རེ་རེ་བྲིས་པ་བཞག་ཅིང་། དར་དཀར་


LT31_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གྱི་ཞལ་ཁེབས་བྱ། ཤར་དུ་རྡོར་དྲིལ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་དུ། མེ་ལོང་གསལ་བ། རིག་མའི་ཙཀླི་བཅས་བཤམ། གཏུམ་མོའི་མེ་དབང་གི་ཆེད་དུ། ནུབ་ཀྱི་བུམ་པའི་ཁར་ཐོད་པའི་བདུད་རྩི་དང་མེ་ལོང་གསལ་བ་དར་དམར་གྱིས་བཀབ། དཀྱིལ་འཁོར་གྱི་ཤར་དུ་རྡོར་དྲིལ། ལྷོར་འདོད་ཡོན་རྣམ་ལྔ་སྣོད་གཅིག་ཏུ་བསྒྲིགས་པ་སྟེ་གཟུགས་མེ་ལོང་། སྒྲ་ཏིང་ཤག །དྲི་དྲི་བཟང་ཆབ། རོ་ཟས་སྣ། རེག་བྱ་དར་སྣའོ། །ནུབ་ཏུ་མར་མེ་གསལ་བ་གསུམ། བྱང་དུ་དཔལ་གཏོར་རྒྱན་ལྡན་བཤམ། ཌཱ་ཀིའི་སྲོག་དབང་ཆེད་དུ་ཞིང་ལྤགས་སམ་གཅན་གཟན་ལྤགས་པ་གང་འཛོམ་ཁར་དུར་ཁྲོད་ཀྱི་རྡོ་སོལ་རུས་བ་སིནྡྷཱུ་ར་སྦྱར་བས་ཆོས་འབྱུང་བསྣོལ་མ་བྲིས་པ་འཛོམ་ན་སློབ་མ་དུ་ཡོད་གྲངས། མ་འཛོམ་ན་གཅིག་ལ་རེས་མོས་བཞག་རྒྱུ། གྲི་གུག །ཐོད་ཁྲག །ཁ་ཊཱྭྃཾ་བཅས་གང་བདེར་བཞག །གཅོད་དབང་ནམ་མཁའ་སྒོ་འབྱེད་ལ། རིག་པའི་དབང་ལྔ་གོང་མ་རྣམས་ཀྱིས་འཐུས། ཤར་གྱི་རྡོར་དྲིལ་ལ་ནཱ་མ་ཞེས་བྲིས་པ་གདགས། རིགས་ལྔའི་སྐུ་རྟེན། རྩ་གསུམ་གྱི་སྐུ་སྒྲུབ་ཐབས་དང་བཅས་པ། གཅོད་ཀྱི་གླེགས་བམ། མེ་ལོང་། དབུ་རྒྱན། ཁ་ཊཱྭྃཾ། རྐང་གླིང་། ཐོད་པའི་ཌཱ་མ་རུ་བཅས་དགོས་པ་ལས་


LT31_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ནས་བཀོད་བཞིན་པ་རྣམས་དེ་ཀས་འཐུས་སོ། །གཅོད་ཀྱི་སྒེར་དབང་གསང་བ་ལས། །དབུས་སུ་རྣམ་བུམ་གོང་གིས་འཐུས། །ཤར་དུ་རྩ་གསུམ་སྐུ་རྟེན་ཙཀླི། ལྷོར་ཀ་པཱ་ལར་ཆང་ལ་སིནྡྷཱུ་ར་བཏབ་པ། ནུབ་ཏུ་རྐང་གླིང་དང་ཅང་ཏེའུ། བྱང་དུ་མཁའ་འགྲོའི་གཏོར་མ་རྒྱན་ལྡན་གསར་དུ་བཤམས། ཤ་ཆེན་དང་གུ་གུལ་སོགས་ཀྱང་འདུ་བྱ། ལས་ཀྱི་ཌཱ་ཀིའི་བྱིན་རླབས་ལ། སྒྲུབ་དཀྱིལ་གྱི་གཡོན་མདུན་ནམ་རྒྱབ་ཟུར་གང་བདེར། རོ་སོལ་དུག་ཁྲག་གིས་བྱུགས་པའི་དཀྱིལ་འཁོར་གྲུ་གསུམ་གྱི་སྟེང་དུ། པདྨ་འདབ་བཞིའི་ལྟེ་བ་ཆོས་འབྱུང་གི་དབུས་སུ་གྲི་གུག་ཡུ་བ་ཧྲཱིཿས་མཚན་པ། འདབ་བཞི་ཕྱོགས་མདོག་བྱས་པའི་སྟེང་དུ་ཁྲིའུའི་ཁར་ཀ་པཱ་ལའི་སྣོད་དུ་དམར་གཏོར་ཟུར་གསུམ་ཤ་ཁྲག་ཡུངས་ཀར་དཔལ་འབར་གྱིས་བརྒྱན་ཅིང་རོ་རས་ཀྱི་གུར་ཕུབ་པ་བཤམས། དབུས་སུ་དུག་ལ་སོགས་པའི་སྐམ་ཐུན། ཤར་དུ་ཁྲག་ཐུན། ལྷོར་ཕུར་པ། ནུབ་ཏུ་གྲི་གུག །བྱང་དུ་རལ་གྲི། གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་དྲག་མཆོད་ཕྲེང་ཚར་བུ་ཤམས། ང་ ལྕགས་སྣོད་གྲུ་གསུམ་དུ་དགྲ་བགེགས་ཀྱི་ལིངྒའང་སྟ་གོན་བྱའོ།། ༈ །།ཉིན་བདུན་པར་ཚངས་སྒྲའམ། རྩེ་ལེའི་ཆོག་བསྒྲིགས་ཀྱི་བདག་བསྐྱེད་བཟླས་པ་གྲུབ་མཚམས། གཅོད་ཡུལ་དངོས་གཞིའི་


LT31_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་གདན་ཐོག་གཅིག་མ་འོད་གསལ་ནམ་མཁའི་སྙིང་པོ་ལས། བདག་ཉིད་རྡོ་རྗེ་སློབ་དཔོན་པདྨ་ཐོད་ཕྲེང་ནས་དཔའ་མོ་བཞི་རྣམས་གསལ་བར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཞེས་དང་དེ་ཉིད་ཀྱི་བསྙེན་པ་ཅུང་ཟད་བཟླ། ཉིན་མོའི་ཉུ་ལེ་བསྐྲད། མདུན་བསྐྱེད་ཀྱི་བསྐྱེད་ཆོག་གྲུབ་མཚམས། བཤད་མ་ཐག་པའི་འཕྲོས་ལྟར། དབུས་ཀྱི་བུམ་པར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཤར་གྱི་སྐུ་རྟེན་རྩ་བ་གསུམ། ལྷོའི་བདུད་རྩི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། ནུབ་ཀྱི་ཅང་ཏེའུ་རྟ་མགྲིན། རྐང་གླིང་ཕག་མོ། །བྱང་གི་གཏོར་མ་ལ་དཔའ་བོ་མཁའ་འགྲོ་གངས་རི་ལ་སྤྲིན་ཕུང་འཐིབས་པ་ལྟར་གསལ་བར་གྱུར༔ཅེས་དང་། གཞུང་གི་གནས་གསུམ་བྱིན་རླབས་ནས་བསྙེན་པ། བུམ་བསྐྱེད་བཟླས་པ་ལ་ཐུག་གི་བར་བཏང་། དེ་ནས། མཁའ་འགྲོའི་རྒྱབ་ཆོས་ཕྲིན་ལས་ཚོགས་མཆོད་པདྨའི་ཟེའུ་འབྲུའི་སྐྱབས་སེམས་ནས། བདག་བསྐྱེད་ལུས་དཀྱིལ་ཡན་རྫོགས་ནས། ཐུགས་སྒྲུབ་གའུ་ཁ་སྦྱོར་ལས་འབྱུང་བའི་བསྙེན་པ། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པ་ཅུང་ཟད་བཟླ། བགེགས་གཏོར་བྱིན་རླབས་ནས། མདུན་བསྐྱེད་བསྒོམ་རིམ་ཡན་གྲུབ་མཚམས་གཏུམ་མོའི་མེ་


LT31_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་དཀྱིལ་འཁོར་ལ་དམིགས་ཏེ། མདུན་ཏུ་དྷཱ་ཀིའི་ཕོ་བྲང་དུ༔ རྟ་མགྲིན་ཕག་མོ་ཡབ་ཡུམ་ལ༔ རིགས་བཞི་དྷཱ་ཀིས་བསྐོར་བར་བསྐྱེད༔ མེ་ལོང་དལ་དུ་བླ་མ་ལ༔ ཐོད་པའི་བདུད་རྩིར་མཁའ་འགྲོ་སྟེ༔ ཕུམ་པར་རྟ་མགྲིན་ཡབ་ཡུམ་སོགས༔ དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་གསལ༔ དབང་རྫས་རྡོ་རྗེ་དྲིལ་བུ་ལ༔ བླ་མ་ཐོད་ཕྲེང་ཡབ་ཡུམ་གསལ༔ འདོད་ཡོན་ལྔ་ལ་ཡི་དམ་ལྷ༔ སྣང་གསལ་གསུམ་ལ་མཁའ་འགྲོའི་ཚོགས༔ བྱང་གི་བ་ལིང་རྒྱན་ལྡན་ལ༔ འཇིག་རྟེན་འདས་དང་མ་འདས་པའི༔ ཆོས་སྐྱོང་སྲུང་མ་འཁོར་བཅས་གསལ༔ ཞེས་དང་། དགྲ་བགེགས་བདུད་འདུལ་ཡིག་སྣའི་རྗེས་གནང་ལྟར། མདུན་གྱི་དཀྱིལ་འཁོར་འཇིག་རྟེན་ལས་ཀྱི་མཁའ་འགྲོའི་འདུ་ཁང་སོགས་བསྐྱེད། མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་བདུད་རྩིའི་ཐིགས་པའི་དབང་གི་སྐབས་སུ་འབྱུང་བའི་གནས་གསུམ་དུ་ཨཱོཾ་་ཨཱཿཧཱུྃ་སོགས་ནས་གཉིས་སུ་མེད་པར་གྱུར། བར། མཁའ་འགྲོའི་ལས་བྱང་གི་སྤྱན་འདྲེན་ནས་བསྟོད་པ་ཡན་རྫོགས་པར་བཏང་། སྤྱི་སྒྲུབ་ལུས་དཀྱིལ་ལས་འབྱུང་བའི་མན་ངག་རྩ་བའི་བསྙེན་པ་ནི། ཨོཾ་བཛྲ་ཝཱ་རཱ་ཧཱི༔ ཧྲཱིཿམངྷཱ་ཀི་ནཱི་ཧ་རི་ནི་ས༔ སརྦ་སིངྡྷི་ཕ་ལ་ཧཱུྃ༔ ཞེས་ཅི་འགྲུབ་དང་། མཁའ་འགྲོའི་དབང་གི་སྐབས་ལྟར་གཟུངས་ཐག་འཇུས་ལ་


LT31_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་གནད་བཅས་དེར་གསལ་བཟླས་པ་གང་ནུས་བྱ། གཏུམ་མོ་མེ་དབང་གི་དཀྱིལ་འཁོར་གྱི་ལྷ་རྣམས་འོད་དུ་ཞུ་བས་དབང་རྫས་བྱིན་རླབས་དང་ལྡན་པར་གྱུར། ཅེས་དང་། ཡིག་སྣ་ལས། ཨོཾ་ཀརྨ་ཌཱ་ཀི་ནཱི་སོགས་ཅུང་ཟད་བཟླ། སྟོང་ཚིག་ཕུལ། ཆོག་བསྒྲིགས་ཀྱི་ལས་བུམ་དུང་ཞལ་བསྐྱེད་བཟླས། བཀའ་སྲུང་བཅས་གྲུབ་ནས་གཞུང་དང་མཁའ་འགྲོའི་ཚོགས་གཉིས་ཀ་གབ་སྤྲད་པའམ་མ་ལྕོགས་ན་མཁའ་འགྲོའི་ལས་བྱང་གི་ཚོགས་མཆོད་ལྟར་ལ། བྱིན་རླབས་སྐབས་གོང་གི་གཏོར་མའི་བྱིན་རླབས་སླར་འཐེན་དགོས། འདིར་མཚམས་སུ་ཤ་རྣམས་གསལ་ཞེས་རྒྱུད་ལས་གསུངས༔ ཞེས་པ་དེ་འདམ་ག་ཡིན་པས་འདོན་བསྒོམ་གཉིས་ཀ་མི་དགོས། བསྒྲལ་བསྟབས་ཡན་དང་བདག་ཉིད་འཇུག་པ་བཅས་གྲུབ་ནས་བགེགས་གཏོར་སོགས་འདུ་བྱ། སློབ་མ་རྣམས་རྒྱལ་ཐེབས་ཀྱིས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཚོགས་ནས་སྔོན་གཏོར་ལྟར་བྱིན་རླབས་སྔོན་ཏུ་འགྲོ་བའི་མཁའ་འགྲོའི་ལས་བྱང་གི་བགེགས་གཏོར། སུམྦྷ་ནི་སོགས་དྲག་སྔགས་ཡུངས་། ཐུན་བདུག་པ་བཅས། མཚམས་གཅོད་སྲུང་འཁོར་ཡན་བྱ། མཎྜལ་བཀྱེ་བསྡུ། མིག་དར་ཨཱཿཁཾ་བཱི་ར་ཧཱུྃ་གིས་བཀབ་ལ་གསོལ་གདབ། རྗེས་ཟློས་དང་གནང་བ་བྱིན། མཎྜལ་ཕུལ། སིནྡྷཱུ་རའི་ཐིག་ལེ་སྨིན་མཚམས་


LT31_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གདབ་ཅིང་བྱིན་བརླག །འདི་མཚམས་ལོ་རྒྱུས་འོས་མཐུན་བཤད། ཚོགས་མཆོད་ལས་བྱང་དབུ་ནས་འབྱུང་བའི་ཤློ་ཀ་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་འབོགས། རྡོར་སེམས་བསྐྱེད་བཟླས་དོན་དབང་སྐབས་ལྟར། བདུད་རྩིའི་དམ་ཆུ་སྦྱིན་པ་མན་ཆད་ཐར་ཆགས་སུ་བཏང་བ་ལས། སྤྲོ་ན་དམ་ཚིག་སྐབས་སུ་མཁའ་འགྲོའི་རང་གཞུང་དམ་ཚིག་རྣམ་དབྱེ་ལྟར་བཤད། བྱིན་འབེབས་སྐབས་སུའང་ཚོགས་མཆོད་ལས་བྱང་ལྟར་སྤྱན་འདྲེན་བྱ། གསང་མཚན་ཀྱང་། རྡོ་རྗེ་བདེ་ཆེན་རྩལ་སོགས་སྤྱི་མཐུན་གདགས། བསྡུ་ན་བུམ་དབང་ཆེན་མོའི་སྐབས་སུ་གྲུབ་བས་མི་དགོས། རྒྱས་བསྡུས་གང་བྱེད་ཀྱང་བྱིན་འབེབས་སྐབས། སློབ་མ་རྣམས་སྐད་ཅིག་གིས་འོད་ཟེར་དམར་པོ་སྟོང་གསུམ་ཁེངས་པར་འབར་བའི་དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བར་གྱུར་པ་ནི། ཚོགས་མཆོད་ལས་བྱང་མདུན་བསྐྱེད་ལས། མཐིང་ནག་ཞལ་གཅིག་ནས། གཟི་བརྗིད་འབར༔ བར་དང་། དེའི་བདག་བསྐྱེད་སྐབས་ལྟར་དེ་ཡི་སྤྱི་བོས་སངས་རྒྱས་མཁའ་འགྲོ་དཀར༔ ནས། ཡུམ་དང་མཐུན་པ་ལ༔ སོ་སོའི་རྩ་འདབ་གྲངས་མཉམ་འཁོར་གྱིས་བསྐོར༔ དེ་ལྟར་དམ་ཚིག་གི་ལྷར་གསལ་བའི་རྩ་གསུམ་འདུས་པའི་མདོར༔ སོགས་སྦྱར་ན་ལེགས་སོ། །དངོས་གཞིའི་


LT31_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་དང་གསོལ་གདབ་གྲུབ་མཚམས། སློབ་མ་རྣམས་སྐད་ཅིག་གིས་ཡུམ་ཆེན་རྡོ་རྗེ་ཕག་མོར་གསལ་བ་ལ། རང་བཞིན་གྱི་གནས་ནས་རྡོ་རྗེ་ཕག་མོ་ཡེ་ཤེས་པའི་ངོ་བོར་བྱོན་ཏེ་དབང་རྫས་བུམ་པས་དབང་བསྐུར་བའི་བྱ་བ་མཛད་པར་གྱུར། བུམ་པ་གཞལ་ཡས་ཁང་སོགས་གཞུང་ལྟར་དབང་ཁྲུས་དམིགས་པ་ཚིགས་བཅད་བཅས་རིམ་པར་བྱ། དེས་རིགས་འགྲེ་སྟེ་རྡོ་རྗེ་ཕག་མོའི་མལ་དུ་རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སངས་རྒྱས་མཁའ་འགྲོ་ཞེས་དང་། དབང་རྫས་བུམ་པའི་ཚབ་ཏུ་རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ། འཁོར་ལོ། ཞེས་བསྒྱུར་ལ་རང་རང་གི་དམིགས་པ་འབོགས་ཤིང་ཚིགས་བཅད་ཀྱིས་དབང་རྫས་སོ་སོས་དབང་བསྐུར་ཞིང་བུམ་ཆུ་རེའང་གཏིགས་ལ་མཐར་སོ་སོའི་དག་པ་བརྗོད། དབང་གོང་མ་གསུམ་དང་མཐའ་རྟེན་རྗེས་གནང་། དབང་འབྱོར་ཞིང་རྗེས་སུ་གནང་བ་ཐོབ་པའོ༔ ཡན་ཆད་རང་གཞུང་ཀྱུ་རུ་ལུགས་སུ་བྱའོ། །དེ་ནས། བསྐྱེད་རྫོགས་ཟུང་འཇུག་གི་མན་ངག་ལམ་འབྲས་བུ་དང་བཅས་པའི་ཆོས་ལས་གུད་དུ་སྦས་པའི་ཚིག་དབང་ཟབ་མོ་སྐུ་གསུང་ཐུགས་ཀྱི་རྒྱ་ཅན་དྷཱ་ཀི་གསང་བའི་པར་ཁབ་རིན་པོ་ཆེ་ཐ་རམ་ལས་འབྱུང་བའི་ཁྱད་པར་བླ་མེད་ཀྱི་མཆོག་


LT31_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའི་ཐོག་མར་རིག་པའི་དབང་ལྔ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ལམ་འབྲས་གཞུང་མན་ངག་འཕྲུལ་གྱི་དུམ་བུ་རྣམ་གསུམ་ལས་འབྱུང་བའི་མཎྜལ་ཉིད་འདི་དང་མེ་དབང་སྲོག་དབང་བཅས་ལ་ཕུལ་བ་ལེགས། གསོལ་གདབ། ཀྱཻ། བླ་མ་ཡི་དམ་ནས་བཟུང་མཐར་ཆགས་སུ་བསྐུར་བ་ལས། རིག་པའི་དབང་ལྔའི་སྐབས། སློབ་མ་དབང་རྫས་སོགས་ལྷར་བསྐྱེད་པ་མི་བསྐྱོད་པས་ལྔ་ཀར་འགྲེ། དག་པ་གཞུང་ལྟར་དུས་གཅིག་བརྗོད། དབང་རྫས་སྤྱི་བོ་དང་། ལག་པ། གནས་གསུམ་གཏུག་དགོས་སོགས་སྤྱི་འགྲེའི་བྱུང་རྒྱལ་མི་བྱ་བར་ཡིག་ཆུང་དུ་ཞིབ་རྟོག་བྱས་ནས་སོ་སོའི་ལུགས་སུ་བསྐུར་བའང་འདི་སོགས་ཐམས་ཅད་ལ་གལ་ཆེའོ། །གསང་དབང་སྐབས། ཨརྒྷཾ། ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྥརྴེ་ཀཱ་མ་གུ་་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཙམ་གྱིས་མཆོད། འོན་ཀྱང་དམིགས་པ་ཁོ་ནས་ཀྱང་རུང་། བདུད་རྩི་བླུད་པའི་རྗེས་ཡེ་ཤེས་དབབ་པ་ནི། མཁའ་འགྲོའི་དབང་བསྐུར་སྐབས་ལྟར། སློབ་མ་རྣམས་སྐད་ཅིག་གིས་འོད་ཟེར་དམར་པོ་ནས། དཔྲལ་བར་དགའ་བ་འཁྱིལ་བ་དམར་པོ། །འདི་མཚམས་འོག་གི། །གཡས་བསྐོར་དུ་དྲག་ལ་མྱུར་བ་སོགས། ནས། སེམས་ལ་རྟོགས་པ་ཤར་བར་གྱུར་ཅེས་པའི་བར་དང་གོང་གི་སྔགས་དང་རོལ་མོ་བསྒྲགས།


LT31_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བྱས་ནས་གསང་དབང་གི་དག་པ་བརྗོད་དོ། །ཤེར་ཡེ་ལ་ཐོག་མར་རིག་མ་གཏད། སླར་སིནྡྷཱུུ་རའི་དཀྱིལ་འཁོར་དམ་ཡེ་གཤེགས་བསྡུ་གཞུང་གསལ་བྱས་ནས་གནས་གསུམ་དུ་ཐིག་ལེ་གདབ་ཟིན་ནས་མེ་ལོང་ཕྱིས་ལ་ལག་ཏུ་གཏད། ཆོས་ཉམས་སུ་ལེན་པའི་གནད་ལ་བརྩོན་པར་བྱའོ༔ཡན་གྲུབ་ནས། གཏུམ་མོའི་མེ་དབང་བདེ་བའི་གསང་མཛོད་དགའ་བ་འཁྱིལ་བ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་གསོལ་གདབ། ཨེ་མ་ཧོཿརྡོ་རྗེ་འཆང་ནས། བ་ལི༚་རྒྱན་ལྡན་ལག་ཏུ་གཏད་པ་ཡན་མཐར་ཆགས་སུ་བསྐུར། མར་མེ་གནང་བའི་སྐབས་སྦར་དགོས། ཁྱད་པར་རྡོ་རྗེ་དྲིལ་བུ་སོགས་ནས། བཅུད་དུ་སྨིན་པར་བསམ༔ཡན་དང་། འདི་མཚམས་གཞུང་དོན་ཚད་ལྡན་བྱེད་ན་རྩ་རླུང་རྡོ་རྗེའི་དྲྭ་མིག་གི་སྔོན་འགྲོའི་སྦྱང་བ་རྣམ་གསུམ་གྱི་ལྡེབ་བྱེད་དང་ཉིས་བརྒྱ་ཙམ་སོང་མཚམས་ཁྱེད་རང་རྣམས་ཀྱི། ལུས་དྲང་སྲོང་ཙོགས་པུའི་འཁྲུལ་འཁོར་སོགས་ནས། ཡེ་ཤེས་ཀྱི་རྡོ་རྗེ་ཅན་ཏུ་ལམ་གྱིས་གསལ་གདབ། ཡན་དང་། དེའི་འོག་ཏུ་འབྱུང་བའི། རྐང་ཞབས་སུ་རླུང་གི་དལ་སོགས་ནས། བརྗོད་ཀྱིས་མི་ལོངས་པར་འབྱུང་བར་འགྱུར་རོ༔ བར་གྱིས་གཏུམ་མོའི་དམིགས་པ་ཕོག །མེ་དབང་ལས། ཉམས་ལེན་གནད་ལ། ནས། སྲེད་པ་ཆོད་པར་འགྱུར༔ བར་


LT31_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲུབ་བོ། །དེ་ནས། མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་ནས་གང་ཟག་ཆགས་པ་ཅན་གྱི་ཉོན་མོངས་པ་ལམ་དུ་སློང་བར་བྱེད་པ་ཌཱ་ཀིའི་སྲོག་དབང་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ། བླ་མ་ཡི་དམ་སོགས་རྗེས་ཟློས། བདུད་རྩི་བླུད་ཅིང་དམ་ཚིག་འབོགས། ཞིང་ལྦགས་ཆོས་འབྱུང་བྲིས་པའི་གདན་ལ་སློབ་མ་བཞག་ཅིང་དུར་ཁྲོད་ཀྱི་ཆས་དངོས་སམ་ཡིད་ཀྱིས་བརྒྱན། ལག་གཡས་གཡོན་ཏུ་གྲི་ཐོད། མཆན་ཁུང་ཁ་ཊཱྭྃཾ། སྙིང་གར་ཕྱག་མཚན་རྡོར་དྲིལ། བདུད་རྩི་བླུད་པའི་རིག་མ་དངོས་སུ་མ་འཛོམ་ན་ཡིད་ཀྱིས་དམིགས། ཀ་པཱ་ལ་མཚན་ལྡན་ཏུ་བཤམས་པའི་བདུད་རྩི་བྱིན་རླབས་ནི། ཨོཾ་ཀརྨ་ཌཱ་ཀཱི་ནཱི་ཧཱུྃ་ཕཊ༔ ཀྱིས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ༔ ཀ་པཱ་ལ་རྒྱ་ཆེ་བའི་ནང་དུ༔ ཤ་ལྔ་བདུད་རྩི་ལྔ་སོ་སོའི་ཡིག་འབྲུས་མཚན་པ༔ རླུང་གཡས་ཤིང་མེ་སྦར༔ཁོལ་བས་ཞུ་བའི་སྟེང་དུ་ཧཱུྃ་ཨཱཿཨོཾ་གསུམ་བརྩེགས་པ་རིམ་བཞིན་ཞུ་བས་བདུད་རྩི་མཐིང་དམར་དཀར་པོས་ཁེངས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ། ཐོད་པའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ་པདྨ་འདབ་བཞི་ཉི་ཟླའི་སྟེང་དུ་ཨཱཿཧ་རི་ནི་ས་ཡོངས་སུ་གྱུར་པ་ལས། དབུས་སུ་རྡོ་རྗེ་ཕག་མོ་ནག་


LT31_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ། །ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། །ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ། །རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་དང་སོ་སོའི་ས་བོན་ལས་འོད་འཕྲོས། ཨོ་རྒྱན་གྱི་གནས་ནས་ཡེ་ཤེས་ཀྱི་ཌཱ་ཀི་རིགས་ལྔ་དཔག་ཏུ་མེད་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ མཁའ་འགྲོ་སྡེ་ལྔ་འོད་དུ་ཞུ་བ་ལས་བྱུང་བའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར། རང་གཞུང་། ཧྲཱིཿས་འོག་ས་སྟེང་ནས། སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པའི་མཚམས་སུ་བདུད་རྩི་སློབ་མའི་ལག་གིས་མི་རེག་པར་ཁར་སྦྱིན། དེ་འཐུང་བ་ཙམ་གྱིས་ཡེ་ཤེས་དང་། སོགས་ནས། ལྷུན་འགྲུབ་འབྱུང་བར་བསམ། སློབ་མ་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་སུ་གྱུར་བར་མོས་མཛོད། ཧྲཱིཿ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ། ཅ་ སོགས་ཤ་ལོ་ཀས་བཀྲ་ཤིས་བརྗོད། དེ་ནས། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་གཅོད་ཡུལ་སྙིང་པོ་གནད་ཀྱི་ཡང་ཞུན་གྱི་བྱིན་རླབས་ཆོས་སྒོ་འབྱེད་པའི་དབང་བསྐུར་ནམ་མཁའ་སྒོ་འབྱེད་ཞུ་བའི་དོན་ཏུ་མཎྜལ་ཕུལ། དེའང་གཤམ་གསལ་གདན་ཐོག་གཅིག་མའི་གཞུང་ལས་འབྱུང་བ་ལྟར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་མཆོད་ཕྲེང་མེ་ཏོག་ཆར་རྒྱུན་དབུ་ནས་འབྱུང་བ་


LT31_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྗེས་ཟློས་ལན་གསུམ། རང་གཞུང་གི་སྡོམ་པ་འབོགས་པ་ནས། ཆོས་བཤད་ཀྱི་མཇུག །སྨིན་བྱེད་ཀྱི་དབང་བསྐུར་བ་གནད་ཆེ་བས། དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཅེས་མཚམས་སྦྱར་ལ། གོང་གི་ལམ་འབྲས་དབང་གི་སྐབས་ལྟར་བྱིན་འབེབས་དང་བརྟེན་པར་བྱ། བུམ་པའི་ལྷ་ཡེ་ཤེས་པ་ནས། མི་བསྐྱོད་པའི་རང་བཞིན་ཏུ་གྱུར༔ ཞེས་དང་། ཚིགས་བཅད་བརྗོད་ཅིང་བུམ་དབང་བསྐུར། དམིགས་པ་རྣམས་ངག་ཏུའང་བརྗོད། དག་པ་བརྗོད་པ་སོགས་རིག་དབང་ལྔ་ཀར་འགྲེ། བདག་པོའི་རྗེས་གནང་། སློབ་དཔོན་དབང་གིས་མཐའ་བརྟེན་པའི་བུམ་དབང་རིམ་པ་བདུན་དང་། གསང་དབང་བདུད་རྩི། ཤེར་ཡེའི་སྐབས་སྐྱེས་པ་ལ་དྲིལ་བུ། བུད་མེད་ལ་རྡོ་རྗེ་གཏད་པ། སྣང་སྲིད་རྣམ་རོལ་གར་གྱི་ཕྱག་རྒྱས་ཚིག་དབང་བསྐུར་ཏེ། ད་ སྐྱེ་མེད་སྟོང་པའི་རང་བཞིན་ཡིན་པར་ཤེས་པར་བྱའོ། །ཡན་གྱིས་གྲུབ་ནས་སློབ་མས་ཕྱག་བྱས། དབང་བཞི་ཡོངས་སུ་རྫོགས་པ་སོགས་བཀའ་དྲིན་ཞུ། དེ་ནས་བླ་མ་དགོངས་པ་འདུས་པའི་རྫོགས་རིམ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ལས། དངོས་གཞི་ཉམས་ལེན་གདན་ཐོག་གཅིག་མ་འོད་གསལ་ནམ་མཁའི་བླ་རེར་


LT31_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གུད་དུ་སྦས་པའི་གཅོད་དབང་ཟབ་པའི་མཐར་ཐུག་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། དེའང་རང་གཞུང་འདིར་ཡོད་དོ། །སྐྱབས་སེམས་གཞུང་འདི་ཉིད་ནས་འབྱུང་བ། མདུན་གྱི་ནམ་མཁར། ནས། འདུན་པས་སེམས་བསྐྱེད་དེ༔ བར་དམིགས་འདུན་སྤྲད་ཅིང་ཚིག་རྗེས་ཟློས་བྱ། གསོལ་འདེབས། ཀྱེ་བླ་མ་སྐུ་གསུམ། ནས་བརྩམས་མཐར་ཆགས་སུ་གནང་བ་ལས། བྱིན་འབེབས་ཀྱི་དམིགས་པ་ཕོགས་པའི་རྗེས་སུ། འདི་ཉིད་ཀྱི་རང་གཞུང་ནས་འབྱུང་བའི་གསོལ་འདེབས་དཔོན་སློབ་ཚང་མའི་མ་སློབ་དཔོན་ཁོ་ནས་གསུང་མཐར་བྱིན་འབེབས་སྔགས་བརྗོད། བུམ་དབང་སོགས་ཀྱི་སྐབས་རྩ་སྔགས་ནི་འདི་ཉིད་ཀྱི་དབང་སྒྲུབ་སྐབས་འབྱུང་བ་དེ་ཡིན་ཅིང་། གསུང་དབང་ཐོག་མར་རྗེས་ཟློས་དགོས་པའང་ད་ཀ་བྱར་གཞུག །བརྟུལ་ཞུགས་སྐབས། ཌཱ་རུ་དཀྲོལ། རྐང་གླིང་འབུད། གར་སྟབས་བྱར་གཞུག །ཚིལ་ཆེན་བསྲེག །རྩོལ་མེད་ལྷུན་འགྲུབ་ཏུ་འབྱུང་བར་འགྱུར་རོ༔ ཞེས་པའི་རྗེས་སླར་ཡང་མཎྜལ་ཕུལ། རྣམ་སྣང་ཆོས་བདུན་བཅར་གཞུག །ཨེ་མ་སྐལ་ལྡན། སོགས་ཀྱིས་ཉམས་སྐྱོང་བ་དང་། །ཡང་མཎྜལ་བཅས་ཁྱད་པར་དབང་གི་གསོལ་གདབ་ནས་ཚིག་དབང་རིན་པོ་ཆེ་ཐོབ་པའོ༔ བར་གྱིས་གནང་ཞིང་མཚམས་རྣམས་སུ་ཕཊ་དྲག་པོར་བརྗོད།


LT31_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རཀ་གཏོར་འབུལ་མཆོད་བསྟོད་སོགས་རྗེས་ཆོག་སྐབས་ཀྱིས་འགྲུབ་བས་འདིར་མི་དགོས་སོ། །དེ་ནས་ལས་ཀྱི་ཌཱ་ཀིའི་བྱིན་རླབས་ནི་ཤིན་ཏུ་གཉན་པས་དམ་ལྡན་རེ་གཉིས་མ་གཏོགས་གནང་བར་མི་བྱ་སྟེ། དེའང་མཁའ་འགྲོའི་གདམས་པ་དགྲ་བགེགས་བདུད་འདུལ་ཡིག་སྣའི་རྗེས་གནང་ལས་ཀྱི་ཌཱ་ཀིའི་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཁྱེད་རང་རྣམས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སླད་དུ་བསྟན་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་བསྒྲལ་བའི་ཕྱིར་ལས་ཀྱི་ཌཱ་ཀིའི་བྱིན་རླབས་ཞུའོ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པས་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ལྟ་བུས་མཚམས་སྦྱར་ནས་རང་གཞུང་གསོལ་གདབ། ཨེ་མ་བླ་མ་སོགས་དང་། གནང་བ་སྦྱིན། སློབ་མ་སྐད་ཅིག་གིས་སངས་རྒྱས་རིགས་ཀྱི་ལས་ཀྱི་དྷཱ་ཀིར་གསལ་བར་གྱུར། ཞེས་དང་། ལིངྒ་མདུན་ཏུ་བཞག། གཡབ་དྲིལ་འཛིན་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་བཅས། ན་མོ་རིག་འཛིན་རྩ་བརྒྱུད་སོགས་ཀྱི་འགུགས་གཞུག་དྲག་རོལ་དཔོན་སློབ་གཉིས་ཀས་བྱ། །ཤ་ཆེན་བསྲེག །ལས་ཀྱི་མཁའ་འགྲོ་ཚེ་ལེན་སྲོག་གི་ཤན་པ་སྐད་ཅིག་གིས་བྱོན་ཏེ་ཁྱེད་རང་རྣམས་ལ་དབང་རྫས་སོ་སོའི་མ་བར་གནང་བར་མོས་ཤིག །ཅེས་དང་།


LT31_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་སངས་རྒྱས་རིགས་སོགས་ཀྱིས་སྐམ་ཐུན་གཏད་ཅིང་སློབ་མས། བུདྡྷ་ཀརྨ་ཌཱ་ཀི་སོགས་བརྗོད་བཞིན་ལིངྒ་ལ་ཐུན་བརྡེག །སློབ་མ་རྡོ་རྗེ་རིགས་ཀྱི་ལས་ཀྱི་དྷཱ་ཀིར་གསལ་བར་གྱུར། ཧཱུྃ་དཀོན་མཆོག་གསུམ་དང་སོགས་འགུགས་གཞུག་བསྡུས་བ་བྱ། བྷྱོ། རྡོ་རྗེ་རིགས་ཀྱི་སོགས་ཀྱི་ཁྲག་ཐུན་གཏད་ཅིང་རྡེག་པ་སྟེ། རིན་ཆེན། པདྨ། ལས་བཅས་རིགས་འགྲེ། ཕུར་པ་སྙིང་གར་གཟུག །གྲི་གུག་གིས་ལིངྒའི་རྐེ་གཏུབ། རལ་གྲིས་དུམ་བུ་མང་དུ་བྱས་པ་ཚོ་གཅིག་ལས་གཏོར་ལ་བསྟབ་ཅིང་སྨན་རག་བྲན། གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་གཟུགས་ཕུང་ལས་གྲུབ་པའི་བདུད་རྩི་དཔག་ཏུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། ཨོཾ་སརྦ་ལོ་ཀ་དྷཱ་ཀི་ནཱི། ཀརྨ་དྷཱ་ཀི་ནཱི་ས་པཱ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་བ་ལི༚་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། འཇིག་རྟེན་ལས་ཀྱི་མཁའ་འགྲོ་འཁོར་གཡོག་བྲན་དང་བཅས་པ་རྣམས་ཀྱིས་མཆོད་གཏོར་རྒྱ་ཆེན་པོ་འདི་བཞེས་ལ་བདག་དང་བདག་གི་སློབ་མ་རྣམས་ཀྱི་ཐར་ལམ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ནག་པོའི་ཕྱོགས་སུ་གཏོགས་པ་ཐམས་ཅད་མྱུར་བ་ཉིད་དུ་དྲག་པོའི་ལས་ཀྱིས་ཚར་


LT31_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་མཛད་དུ་གསོལ། ཞེས་ཕྲིན་ལས་གཞོལ། གཏོར་མའི་དཔལ་འབར་བསྒྲོན་ལ་སློབ་མའི་སྙིང་གར་རེག་སྟེ། བྷྱོ། འཇིག་རྟེན་ལས་ཀྱི་སོགས་བརྗོད་པའི་སྐབས་དཔལ་འབར་སླར་གཟུག་གཏོར་མ་ལག་ཏུ་འགྲིམ་ཞིང་སྟེགས་བུ་གཞན་ཞིག་ཏུ་བཞག་ལ་སློབ་མ་རྣམས་ཀྱིས་ལིངྒའི་དུམ་དུ་ཆ་གཅིག་དང་སྨན་རཀ་སོ་སོ་ནས་བྲན། འཇིག་རྟེན་ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདག་དང་བདག་གི་སློབ་མ་རྣམས་ཀྱི་སྔར་བྱས་ཀྱི་གཏོང་རག །ཕྱིས་བྱེད་ལས་ཀྱི་གཉེར་ཟན་ཏུ་འབུལ་ལོ། །དགྱེས་ཤིང་ཚིམས་པར་གྱུར་ཅིག །ཅེས་བསྔོ་ལ་རེ་ཞིག་བཞག །དམ་ཚིག་ཁས་བླངས། གཏོང་རག་མཎྜལ་སོགས་སྤྱི་ལྟར་བྱས་ནས་སློབ་མ་གྱེས་སོ། །ཚོགས་ལ་རོལ། ལྷག་མ་བསྔོ། དཀྱིལ་འཁོར་ལ་གསར་དུ་བཀོད་པའི་བ་ལི༚་རྒྱན་ལྡན་ཡེ་ཤེས་མཁའ་འགྲོ་ལ་དམིགས་ཤིང་ལས་གཏོར་འཇིག་རྟེན་པ་ལ་དམིགས་ཏེ་གསོ་བྲན་དང་འགུགས་གཞུག་བྱས་ནས། མཁའ་འགྲོའི་ལས་བྱང་ལྟར་འབུམ་བསྐུལ་འདོན། ཆོག་བསྒྲིགས་དང་མཁའ་འགྲོའི་ཆད་བརྟན་སྒྲགས་པའི་མཁའ་འགྲོའི་ཆད་མདོའི་མཐར། དེ་ཉིད་ཀྱི་གཏོར་མ་ཟོར་དུ་བསྐུལ་བ་མར་སྒྲིལ་བས་མཁའ་འགྲོའི་ལས་གཏོར་མཁའ་འགྲོ་འགྱུ་ཐེབས་ཕྱོགས་སུ་ཕུལ། རྟ་བྲོའི་གོང་དུ་ཉུ་ལེ་བསྐྲད་པ། མཆོད་


LT31_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་སོགས་རྗེས་ཆོ་ག་ཉིན་སྔ་མ་རྣམས་ལྟར་བྱ་བ་ལས་འདིར་མཁའ་འགྲོའི་ལས་བྱང་གི་རྗེས་རིམ་རྣམས་ཀྱང་སྦྲགས་ནས་བཏང་ངོ་། །འདི་ཉིན་དབང་རྫས་གསར་བཤམས་རེགས་བསྡུ། ཉིན་ཕྱི་མའི་སྐོང་ཆོག་དབང་གི་ཆེད་དུ་ཤེལ་རྡོ་མེ་ལོང་དང་། གཏོར་དཀྱིལ་ནུབ་ཀྱི་མཁའ་འགྲོའི་གཏོར་མའང་ལེན་བདེ་བར་བྱས། སྒྲིབ་སྦྱོང་ཡེ་འོད་དབང་ལ། བུམ་པ་དབུ་རྒྱན་གཟུངས་ཕྲེང་དྲིལ་བུ་འཁོར་ལོ་བཅས་སྔར་བཀོད་བཞིན་པ་རྣམས་ཀྱིས་འཐུས། རིགས་ལྔའི་ཙཀླི་སོ་སོ་བ་བཤམ། དྲེགས་པའི་སྲོག་དབང་སྐབས་མཁོ་བའི་ལིང་ཆུང་སོགས་དང་དྲག་པོའི་བསྲེག་རྫས་བསྲེག་ཐབ་སོགས་ཀྱང་སྔར་མ་ཟིན་ན་འདིར་སྟ་གོན་ཏུ་བྱའོ།། ༈ །།ཉིན་བརྒྱད་པར། བསྐང་ཆོག་ཆེན་མོ་གྲུབ་ན་ལེགས་ཤིང་འདོན་འགྲིགས་ཟུར་དུ་བཀོད་པ་ལྟར་བྱ། འོན་ཀྱང་ལོངས་ཁྱབ་དཀའ་བས། རྩེ་ལེའི་ཆོག་བསྒྲིགས་ལྟར་འཕྲི་བསྣན་མེད་པར་ཚང་བར་བཏང་། བཀའ་སྲུང་རྟ་མགྲིན་ནག་པོའི་ལས་བྱང་གི་མཚམས་གཅད་ནས་བསྟོད་པ་ཡན་གྲུབ་པའི་རྗེས་སུ་སྔགས་ཐེམས་ལས་འབྱུང་བའི་རྒྱུན་ཁྱེར་བཟླས་པ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨེ་ཀ་ཙ་ཏི་ཡཀྵ་ཏྲི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཅི་འགྲུབ་བཟླ། ཤ་ཟ་དང་བཙན་རྒོད་ཀྱི་རྗེས་སུ། དྲེགས་པ་


LT31_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་སྒེར་གསོལ་གྱི་བྱིན་རླབས་བྱ། སྤྱན་འདྲེན་སྐབས་སུ་ཤ་ཆེན་དུད་པ། ཞིང་ལྤགས་གཡབ་མོ། །བྷྱོ་རིང་དང་བཤུགས་པའི་སྒྲ། རཀྟ་ཕྱར་ཞིང་ཞུན་མར་བལྟམས་པ་སོགས་དང་། །རྐང་གླིང་རོལ་མོ་དྲག་ཏུ་བྱས་ལ། ཧཱུྃ་དད་པ་དང་ནི། ནས། ཆོས་བཞིན་འགྲུབ་པར་མཛོད༔ཅེས་པའི་མཚམས། དྲེགས་པའི་སྲོག་དབང་གནམ་ལྕགས་འབར་བའི་རྒྱ་ཅན་གྱི་དབུ་ནས་དཀྱིལ་འཁོར་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནས། ལས་བྱེད་པར་བསམ། བར་དང་། དེའི་གོང་གསལ་སྔགས་རིང་ཐུང་རྣམས་ཅི་འགྲུབ་བཟླ་ཞིང་སྨན་རཀ་སྦྲེང་། སླར་དྲེགས་གསོལ་གྱི། ཧཱུྃ། སངས་རྒྱས་བསྟན་པ་སོགས་རྫོགས་ཀྱི་བར་རེ་རེ་བཞིན་བསྐང་བའི་འགྲེས་བྱང་བཅས་བཏང་། ཟློག་པའི་ཚིག་ལྷུག་མཐར་ལན་གཅིག་བརྗོད་པས་འཐུས་སོ། །དེ་ནས་ཚོགས་ལས་ཚང་བ་རྟ་མགྲིན་ཚོགས་དང་སྦྲགས་པ། བདག་འཇུག་བཅས་གྲུབ་ནས། སློབ་མ་རྣམས་འཚོགས། བདེ་གཤེགས་རྒྱལ་བ་སོགས་ཀྱིས་ཁྲུས་བྱ། མེ་ཏོག་བཀྱེ་བསྡུ་དང་མཚམས་སྦྱོར་ཅི་རིགས་བཏང་ནས། ངན་སོང་གསུམ་གྱི་གནས་ངན་ལས་སྤར་ཞིང་རིག་འཛིན་གྱི་གྲལ་དུ་སྐད་ཅིག་གིས་འགོད་པར་བྱེད་པ་སྐོང་ཆོག་ཉོན་མོང་སྲོག་བྱེད་ལས་རྩ་བ་གསུམ་གྱི་བྱིན་རླབས་དབང་བསྐུར་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་ལས་ཨེ་མ་


LT31_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སོགས་གསོལ་བ་གདབ། གནང་བ་སྦྱིན། བུམ་པ། ཤེལ་དང་མེ་ལོང་། མཁའ་འགྲོའི་གཏོར་མའི་དབང་བཅས་གྲུབ་ནས། སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྫོགས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་དེ་ཉིད་ཀྱིས་གསོལ་བ་གདབ་པ། ཀྱེ་ཧོཿདགོངས་པ་འདུས་པའི་ནས། ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཅིག༔ཡན་ཚང་བར་བསྐུར། འདི་ལ་སྦྱོང་བ་ནས་བརྩམས། རིགས་དྲུག་གནས་སྦྱོང་གི་དམིགས་པ་ཕོག་པ་སོགས་གཤིན་པོ་ལ་ཇི་ལྟར་བྱ་བ་དེ་ཉིད་ཁ་བསྒྱུར་ནས་གནང་བའི་ཕྱག་སྲོལ་ཞིག་ཀྱང་འདུག་པ་ཧ་ཅང་མི་འགལ་མོད། ཁུངས་།ཐུབ་ཀྱི་ཕྱག་བཞེས་རྣམས་སུ་མི་འབྱུང་བས་འོས་འཐད་རང་བཟོར་བསྒྲིགས་པར་ངེས་པས་སྐབས་འདིར་ནི་འདི་ཙམ་ཁོ་ན་ལ་ལེགས་སོ། །སླར་སྐོང་ཆོག་གཤམ་ནས། ཨེ་མ། རྒྱལ་བའི་གདུང་འཚོབ་སོགས་རྗེས་ཟློས་ཀྱིས་བཀའ་དྲིན་བརྗོད། བླ་མ་དགོངས་པ་འདུས་པའི་བཀའ་སྲུང་རྟ་མགྲིན་ནག་པོའི་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་གསོལ་གདབ། ཧྲཱིཿབླ་མ་རྟ་མགྲིན་སོགས་རྗེས་ཟློས་ལན་གསུམ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གི་གཉེན་པོ་སྟོབས་ཀྱི་ལྷ་དཔའ་བོ་རྟ་མགྲིན་


LT31_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཕོ་རྒྱུད་ཐམས་ཅད་ཀྱི་ཆེ་བཙན། སོགས་མངོན་རྟོགས་རིན་ཕྲེང་ལྟར་ལ། ཆ་ལུགས་གནས་པའི་མདུན་ཏུ་དཔལ་ཆེན་རྟ་མགྲིན་ནག་པོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འདི་ལྟར་དུ་གསལ་ཐོབ་ཅིག །ཅེས་མཚམས་སྦྱར་ནས། རྟ་ནག་ལས་བྱང་ལྟར། ཧཱུྃ་ཧྲཱིཿ ཆོས་སྐུ་སྐྱེ་བ་སོགས། ནས། ཙིཏྟ་ཧྲིང་ཧྲིང་ཛཿཛཿབར་གྱིས་དམིགས་པ་ཕོག །དཀྱིལ་འཁོར་གྱི་བཀའ་སྲུང་གཙོ་བོ་རྟ་མགྲིན་ནག་པོ་ལས་རྟ་མགྲིན་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པར་སྒོམས་ཤིག །ཅེས་པས་གཞན་ལའང་རིགས་འགྲེ་ཞིང་ཚིགས་བཅད་བཅས་སོ་སོའི་གཟུགས་གཏད། སྡེ་བརྒྱད་ལ། འཁོར་དྲེགས་པ་སྡེ་བརྒྱད་ལས་རང་འདྲ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ཅི་བགྱིའི་འབངས་སུ་མཆི་བར་སྒོམས་ཤིག །ཅེས་སོགས་སོ། །ཕྲེང་བ་གཏད་ལ། སྔགས་ཀྱི་འོད་ཟེར་ནས། མགྲིན་པར་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་འཚལ། ཞེས་བརྡ་སྦྱར་ལ། རྩ་བསྙེན་གོང་གསལ་དང་སྔགས་ཐེམ་ལས་འབྱུང་བའི་ཕྱི་ནང་གསང་སྒྲུབ་སྔགས་རྣམས་དང་། ལས་སྔགས་ནི་ལས་སྦྱོར་ལེའུ་ལྟར། ཨོཾ་ཀརྨ་ཀྲོ་ཏ་ནས། མཱ་ར་ཡ་ཛཿཛཿཞེས་པའི་བར་རྗེས་ཟློས་བྱར་གཞུག །བླ་རྡོ་རང་གི་ལེའུ་ལྟར་སྔར་ནས་བཅས་པ་ཡོད་ན་དང་


LT31_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་དཔེའུ་རིས་སྲོག་འཁོར་ལག་ཏུ་བཞག །སྒྲུབ་གཏོར་སྤྱི་བོར་བཞག་ལ། སློབ་མ་དཔལ་རྟ་མགྲིན་དམར་པོ་སོགས་ནས། ཅ་ ས་མ་ཡ་སྟྭཾཾ་གྱི་བར་བརྗོད་ལ་གསུར་དུད་རོལ་མོ་བཅས་ལས་གཞུང་གི་སྤྱན་འདྲེན་བྱ། རྟ་མགྲིན་ནག་པོ་འཁོར་དང་བཅས་པ་སོགས་ནས། མཛད་པར་འགྱུར་རོ༔བར་བརྗོད། བཀའ་སྲུང་དྲེགས་པའི་སྲོག་དབང་གནམ་ལྕགས་འབར་བའི་རྒྱ་ཅན་ཞུ་བའི་ཐོག་མར་མཎྜལ་ཕུལ། རང་གཞུང་ལྟར། ཀྱེ་ཧོཿ སྟོན་པ་ཀུན་བཟང་སོགས། གསོལ་གདབ། ས་མཱ་ཡ་རཀྵ༔ དམ་བཞག་ཡན་བྱ། སླར་དེ་ཉིད་ཀྱི་གོང་གསལ་བྱིན་དབབ་པའི་ཕྱིར། སློབ་དཔོན་དང་སློབ་མ་རྣམས་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དྲེགས་པ་ཕོ་རྒྱུད་ཐམས་ཅད་ཀྱི་ཆ་བཙན་སོགས་ནས། མངོན་རྟོགས་རིན་ཆེན་ཕྲེང་བ་ལས་འབྱུང་བ་ལྟར། དཔའ་གཏུམ་རྔམས་པ་འཇིགས་པའི་ཆ་ལུགས་གདན་དགུ་རྫོགས་ཀྱི་དབུས་སུ་གནས་པ། དེའི་ཐུགས་ཀ་ནས་ཛཿཧཱུྃ་སོགས་སྲོག་དབང་ལྟར། བཀའ་ཉན་ལས་བྱེད་གསུང་སྡོད་བྱེད་པར་བསམ་པ་ཡན་དང་། འདི་ཉིད་ཀྱི་དབུའི་སྔགས་རྣམས་ཀྱི་གཤམ་དུ་བྱིན་དབབ་སྔགས་སྦྲེལ་བ་དཔོན་སློབ་ཚང་མས་དྲག་ཏུ་བཟླ། རྫས་ཀྱིས་དབབ་པ་གཞུང་གསལ་དང་། དྲེགས་པའི་ལས་བྱང་ལྟར། ཧཱུྃ་


LT31_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དང་ནི་སོགས་ནས། འགྲུབ་པར་མཛོད༔བར་གྱིས་སྤྱན་འདྲེན་མཐར་སྔགས་རྒྱས་བརྟན་པར་བྱ། དྲེགས་པ་འཁོར་དང་བཅས་པ་དབང་བསྐུར་མ་གྲུབ་ཀྱི་བར་དུ་དབང་པོར་བཞུགས་པའི་མོས་པ་བྱ། དབང་བསྐུར་དངོས་ལ་ས་བཅད་རྣམ་པ་དགུའི་ཐོག་མར། དྲེགས་པ་དམ་ལ་གནས་པར་བྱེད་པ་སྐུ་ཡི་དབང་བསྐུར་ཞུ་བའི་དོན་ཏུ་མཎྜལ་ཕུལ། སྤྲོས་བཅས་བུམ་དབང་ཆེན་མོའི་མཇུག་གི། ཀྱེ་ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་སོགས་གསོལ་གདབ་རྗེས་ཟློས་བྱ། སློབ་མ་རྣམས་ཀྱི་འོག་ཏུ་དྲེགས་པའི་སྲོག་འཁོར་བཏིང་། ལག་ཏུ་རྡོར་དྲིལ་གཏད། ཐོག་མར་མཁའ་འགྲོ་སྡེ་ལྔ་ནས་བཟུང་། གཏེར་བདག་སྤུན་བདུན་བར་འདི་ཉིད་ཀྱི་འོག་ཏུ་གསལ་བ་བཞིན་གབ་འཁྲུགས་སྡེབ་ལ་ཙཀླི་གཏད། ནཱ་ག་ཙནྟྲི་ཙིཏྟ་རཀྵ་ས་མ་ཡ་ཧཱུྃ༔ ཞེས་པའི་སྐབས་སུ་ཤ་ཤུན་ལ་སྲོག་སྔགས་བྲིས་པ་བཟར་གཞུག །བཙན་རྒོད་ཀྱི་སྐུ་དང་གཏོར་མའང་གཏད། དེ་ནས་སྲོག་དབང་རྒྱ་ཅན་ལས་གསུང་དབང་གི་ཐོག་མར་གོང་གསལ་བསྙེན་འཛབ་རྣམས་རྗེས་ཟློས་བྱར་གཞུག །བདུད་རྩི་བླུད། སྔགས་བྱང་གཏད་ལ། ཧཱུྃ་སངས་རྒྱས་བསྟན་པ་སོགས་ནས། ཐུགས། ཡོན་ཏན། ཕྲིན་ལས། དམ་ཚིག །ལོག་གནོན། གཉེར་གཏད། རྗེས་གནང་གི་དབང་འབྱོར་ཐོབ་པར་གྱུར་ཅིག༔ ཡན་སོང་


LT31_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས། སྤྲོས་བཅས་བུམ་དབང་ལས། བཀའ་སྲུང་སྤྱིའི་གཏོར་མ་གཏད་ལ། ཧཱུྃ་སངས་རྒྱས་བསྟན་པ་སོགས་ནས། སརྦ་རཀྵ་ཧཱུྃཿབར་དང་། དོན་དབང་བསྡུས་པ་སྨིན་བྱེད་སྙིང་གི་མེ་ལོང་ལས་བཀའ་ཉན་དྲེགས་པའི་སྲོག་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། གསོལ་གདབ། ཀྱེ་ཧོཿདཔལ་ཆེན་ཧེ་རུ་ཀ་སོགས་དང་། གཞུང་གསལ་གྱི་ལག་ལེན་དམིགས་གནད་བཅས། ཧཱུྃ་ཧྲཱིཿ སྔོན་ཚེ་ནས། གཏད་དོ་ས་མ་ཡཿ བར་གྱིས་བསྐུར། དེ་ལྟ་བུ་དབང་བསྐུར་བས་ནས། དགོས་པ་ཡོད་དོ༔ བར་བརྗོད། སླར་མཆེད་རྣམས་སྲིན་ལག་སྦྲེལ་ཏེ་གནས་པའི་སྤྱི་བོར་དྲེགས་པའི་གཏོར་ཆེན་བཞག་ཅིང་། སྲོག་དབང་རྒྱ་ཅན་ལས། ཧཱུྃ་ཧྲཱིཿ རྡོ་རྗེ་ལུ་གུ་རྒྱུད་སོགས་ནས། མ་ཉམས་པར་སྲུངས་ཤིག༔ བར་བརྗོད་ལ། དམ་ཚིག་བདུད་རྩི་གཏེར་ཆེན་ཏུ་སྦྲེང་བའི་ཞམ་ཆུ་སློབ་མ་རྣམས་ལ་བྱིན་ནས་གཏོར་ཆེན་རང་གནས་གཞུག །བུམ་དབང་ཆེན་མོའི་གཤམས་ནས། དེ་ལྟར་དྲེགས་པའི་སྲོག་དབང་ནས། རྟག་ཏུ་བསྲུང་བར་འགྱུར་རོ༔ བར་བརྗོད། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ཨེ་མ་སྟོན་པ་སོགས་ཀྱིས་བཀའ་དྲིན་གསོལ། སླར་ལིང་ཆེན་ཤ་ཁྲག་བཅས་བཤམས་པ་ལ་འགུགས་


LT31_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་བསྒྲལ་བསྟབས་བསྐང་གསོ་རྒྱས་བསྡུས་གང་འགྲུབ་དང་། འབྱོར་ན་དྲག་པོའི་སྦྱིན་སྲེག་སློབ་མ་དང་ཆབ་གཅིག་བྱ། སླར་ཚོགས་ལ་རོལ། གཞུང་དང་རྟ་མགྲིན་གྱི་ལྷག་མ་བསྔོ། དངོས་པོ་ཆོས་ཉིད་མཚམས། ལས་བྱང་ཚངས་སྒྲའི་རྗེས་རིམ་བསྟོད་པ། ཧཱུྃ་ཧྲཱིཿ སྐྱེ་མེད་རྣམ་དག་སོགས་དང་། དམར་གཏོར་གསར་དུ་བཤམས་ལ་འགུགས་བསྒྲལ་སྔོན་ཏུ་འགྲོ་བའི། ཧཱུྃ་ཧྲཱིཿ མ་གཡེལ་སོགས་ནས། དུས་ལ་བབ༔ བར་གྱི་བསྐུལ་བཏང་ཞིང་ཆད་མདོ་མན་ཉིན་ལྟར་མཐར་དབྱུང་ངོ་། །ཉིན་ཕྱི་མའི་ཆེད་དུ་ཚོགས་ཀྱི་མཆོད་པ་དང་དངོས་གྲུབ་བླང་བའི་རྫས་བཟའ་བཅའ་བཏུང་བ་ཅི་འབྱོར་དང་། །དངོས་གྲུབ་གཏོར་མ་འདུས་པ་གཙོ་བོ་རྣམས་ལ་ཞི་རྒྱས་དབང་དྲག་བརྩེགས་པའི་སྟེང་རིན་ཆེན་ཟུར་བརྒྱད་བླ་མ་གཏོར་མས་མཚན་པ། ཕལ་པ་ལ་ཞི་རྒྱས་དབང་དྲག་སྟེང་ནོར་བུས་མཚན་པ། བསྐུལ་འབུམ་གྱི་གཏོར་ཆེན་རྒྱན་ལྡན། གཏང་རག་དཀར་གཏོར་དམར་གཏོར་མང་ཙམ། །མར་མེ་སྨོན་ལམ་གྱི་སྣང་གསལ་སོགས་འདུ་བྱ། སྨན་གྱི་ཕོ་བྲང་དུ་མཎྜལ་ཚོམ་བུ་དགུ་པའང་གསར་དུ་བཞག །ཤེས་རབ་བློ་འཕེལ་རྗེས་གནང་ཆེད་དུ་སྟེགས་གཙང་མ་ཟུར་པ་ཞིག་ཏུ་ཨཱ་ལི་ཀཱ་ལི་གཡས་གཡོན་ཏུ་བྲིས་པའི་འཁོར་ལོ་དཔེའུ་རིས་ལྟར་བཏིང་བའི་ཁར་མི་གྲངས་དང་མཉམ་པའི་མར་


LT31_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་། བཤོས་ཟླུམས་ཐེབ་ཆེན་གྱི་ཚད་ཅན་བཞག །གཉིས་ཀའང་འབྲུ་གཙང་ཕྱེ་མ་དཀར་མངར་གྱིས་སྤྲུས་པ་ལས་བྱ། མར་མེའི་སྡོང་བུའང་ཤིང་གི་རིགས་ཀྱིས་མི་བྱ་བ་རས་བ་ལ་ཁོ་ནས་བཅོས། མདུན་ཏུ་དཀར་གསུམ་གྱིས་བྲན་པའི་ཟླུམ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམས། རིན་པོ་ཆེའི་སྣོད་གཙང་མར་ཆུ་གཙང་ལ་ཙནྡན་དཀར་པོ་དང་རུ་རྟའི་ཕྱེ་མ་བཏབ་པའང་སློབ་དཔོན་མདུན་ཏུ་བཞག་གོ།། ༈ །།ཉིན་དགུ་པར། ཀ་ ཐོ་རངས་སྔ་བར་བཞེངས་ཏེ་ཚངས་སྒྲའམ་ཆོག་བསྒྲིགས་ཀྱི་སྐྱབས་སེམས་སྔོན་གཏོར་སྲུང་འཁོར་མཚམས་གསུམ། སྒྲུབ་ཁོག་གི་བརྡ་སྒོ་ཕྱག་དམ་བཅའ་བྱིན་འབེབས་བཅས་གྲུབ་པ་ནས། ཚེ་སྒྲུབ་བདུད་རྩི་སྙིང་པོ་ལས། མདུན་གྱི་ནམ་མཁའི་གནས་སུ་ཞེས་སོགས་ཀྱིས་སྐྱབས་སེམས་ཚོགས་བསགས་བྱ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ནས། མཚན་པར་གྱུར་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་ཞེས་པའི་མཚམས་འཇོག་ནས་འོག་གི་གཞན་དོན་ཚེ་སྒྲུབ་སྐབས། །ལྷ་གདན་པདྨ་འདབ་བརྒྱད་སོགས་ནག །དཔག་ཏུ་མེད་པ་སྤྱན་དྲངས། ཡན་བརྗོད། དེ་མཚམས་གོང་གི་སྤྱན་འདྲེན། ཧཱུྃ་ཧྲཱིཿ ཕྱོགས་དུས་ཀུན་ན་སོགས་ནས། འཇའ་གཟུགས་ཀྱི་རྣམ་པ་ལྟ་བུར་གྱུར༔


LT31_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་དང་ལས་བྱང་མེ་ཕྲེང་གི། །ཧྲཱིཿ རིགས་མཆོག་དག་པ་ནས། ར་ཧོ་ཧཾཿ བར་གྱིས་དབང་བསྐུར་རྒྱས་གདབ་བྱ། གཞན་དོན་ཚེ་སྒྲུབ་ལྟར། བདག་ཉིད་ཀྱི་ཐུགས་ཀར་སོགས་བཟླས་དམིགས་དང་བཅས་ཏེ་བདག་བསྐྱེད་དང་ཚེ་རྫས་ལ་དམིགས་པའི་བཟླས་པ་ཅི་འགྲུབ་ཟིན་ནས། མཚན་བརྒྱའི་གཟུངས་ཚར་གང་འགྲུབ་བརྗོད། དམིགས་གནད་གཞུང་གསལ་བཅས། ཧྲཱིཿ ནུབ་ཕྱོགས་ཟླ་གམ་སོགས་ཀྱིས་ཚེ་འགུགས། ཚེ་སྤ་བ་ནས། ཚེ་ཉི་ཟླ་དང་མཉམ་པར་གྱུར༔ཡན་ཚང་བར་གྲུབ་ནས། སླར་གཞུང་གི་མཆོད་པ་བྱིན་རླབས་སོགས་ནས་བཟུང་བདག་མདུན་བུམ་པ་ལས་བུམ་དུང་ཞལ་བཅས་མགྱོགས་པར་གྲུབ་པར་བྱ། དེ་མཚམས། བློ་འཕེལ་ཤེས་རབ་རལ་གྲི་ལས། ཟླ་བའི་གདན་ལ་སོགས་ནས། མདུན་གྱི་ནམ་མཁར་སྤྱན་དྲངས། འགྲོ་རྣམས་བསྒྲལ་འདོད་སོགས། ཤེས་རབ་སྙིང་བརྩེ་སོགས། ལན་གསུམ་གསུམ་གྱིས་སྐྱབས་སེམས། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཕུལ། ཨརྒྷཾ་སོགས་མཆོད་པ་ནས་བརྩམས། ཁྲུས་དང་སྤོས་བདུག །བདག་བསྐྱེད་བཟླས་པའི་བར་བྱ། མདུན་བསྐྱེད་བསངས་སྦྱང་། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོང་པའི་ངང་ལས་མདུན་བསྐྱེད་བཤོས་བུ་སྐད་ཅིག་གིས་སི༚་ལས་སེང་ག་


LT31_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས་གཉིས་སུ་མེད་ལར་ཐིམ། སྣང་གསལ་མར་མེ་སྐད་ཅིག་གིས་པདྨ་དང་ཟླ་བའི་སོགས་ནས། གཉིས་སུ་མེད་པར་ཐིམ༔ ཞེས་དང་། བདག་གི་ཞེས་པར་མདུན་བསྐྱེད་ཅེས་ཁ་བསྒྱུར་ལ་དམིགས་གནད་བཅས་རྩ་བསྙེན་ཉེར་གཅིག་པ་ཅི་ནུས་བཟླས། མཐར་གཏོར་མ་བསངས་སྦྱང་། འོག་གི། སྐད་ཅིག་གིས་བྷྲཱུྃ་ལས་སོགས་ནས་མཆོད་བསྟོད་རྫོགས་ཀྱི་བར་བྱ་ཞིང་། གཏོར་མ་དང་པོ། ཨོཾ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་དེ་བ་མཎྜ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་འབུལ། གཉིས་པ་རྩ་སྔགས་ལ་ཁཱ་ཧི་བཏགས། གསུམ་པ་ཨ་ཀཱ་རོས་འབུལ་ལོ། །དེ་ནས་བཀའ་སྲུང་གསུམ་དང་། ཚོགས་བསྐང་བ་བཅས་བྱ། ཚོགས་བསྒྲལ་སྐབས་ཉུ་ལེའི་ལིངྒ་བྲུབ་ཁུང་ནས་བླང་སྟེ་མི་རུས་བསྲེགས་པའི་ཐལ་བ་དྲེགས་པའི་གཏོར་མར་བསྟབ། དཀྱིལ་འཁོར་མདུན་ཏུ་སྟེགས་ཡངས་པ་ཁེབས་ལྡན་འབྲུ་དཀར་གྱིས་གཡུང་དྲུང་དགའ་བ་འཁྱིལ་པ་བྲིས་པའི་སྟེང་དུ་དངོས་གྲུབ་ཀྱི་རྫས་གཏོར་མ་དབུས་བཟའ་བ་རྣམས་གཡས། སྨན་ཐོད་སོགས་བཏུང་བ་རྣམས་གཡོན་ཏུ་བཀོད། ཚངས་སྤྲ་ལྟར་དངོས་གྲུབ་བསྒྲུབ་ལ་སོགས་དང་། ཧཱུྃ་ཧྲཱིཿ ས་བོན་ཧཱུྃ་ལས་སོགས་ཀྱིས་མཚམས་བཅད་སྲུང་འཁོར་བསྒོམ། སྤོས་རོལ་གཡབ་དར་བཅས་སྒྲུབ་ཁོག་བྱིན་


LT31_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་བྱ། པྲ་ཁྲིད་ལྟར། ཧཱུྃ་ཧྲཱིཿརང་བྱུང་གདོད་ནས་སོགས། བླ་མ་ཡི་དམ་མཁའ་འགྲོ་སྤྱི་བསྡུས་ཀྱི་དངོས་གྲུབ་བསྐུལ་བ། ཨ་ལ་ལ་ཧོཿབར་དང་། སྨན་སྒྲུབ་ལས། ཧཱུྃ་ནམ་མཁའི་མཐའ་ཀླས་སོགས་དང་། གུ་ཧྱེ་སིངྡྷིའི་ཛབ་བཟླ། དངོས་གྲུབ་ཀྱི་རྫས་རྣམས་པྲ་ཁྲིད་ལྟར་ཆ་བགོས་ལ་ལོངས་སྤྱོད་དུ་འོས་པ་རྣམས་སྤྱད། སློབ་མ་རྣམས་ཀྱི་སྐལ་བ་ཟུར་དུ་བཞག །ཚེ་སྒྲུབ་བདུད་རྩིའི་སྙིང་པོ་ལས། ན་མོ་ཕྱོགས་བཅུ་དུས་གསུམ་གྱི་ནས། དངོས་གྲུབ་ཐོབ་པར་བསམ༔ ཡན་བརྗོད་ཅིང་ཚེ་རྫས་རྣམས་ཀྱི་དབང་དང་དངོས་གྲུབ་ཞུ། བདག་འཇུག་རྒྱས་པའམ་རིག་མེད་རོ་ནས། སློབ་མ་རྣམས་ཁྲུས་དང་མེ་ཏོག་བཀྱེ་བསྡུ་སྔོན་ཏུ་འགྲོ་བའི་རང་གྲལ་དུ་འཁོད། ཟབ་ཆོས་དགོངས་པ་འདུས་པའི་དབང་སྒྲུབ་ཆེན་མོའི་དངོས་གཞི་ཕལ་ཆེར་ལེགས་པར་གྲུབ་ནས་རྗེས་ཀྱི་བྱ་བ་དངོས་གྲུབ་བསྒོ་བའི་སྒྲུབ་དབང་སྦྱིན་པ་ལ། ཀ་ ཐོག་མར་ཞུ་རྟེན་གྱི་མཎྜལ་ཕུལ་ལྟ་བུས་མཚམས་སྦྱར་བའམ། ཤེས་ན་མཚམས་སྦྱོར་ལོ་རྒྱུས་ཅི་རིགས་སྔོན་ཏུ་བཏང་བའི་ཕྱག་དང་བཅས་མཎྜལ་ཕུལ། །སྒྲུབ་ཁོག་པྲ་ཁྲིད་ལྟར། རང་གཞན་ཐམས་ཅད་ཀྱི་སོགས་གཞུང་མཆན་ཆུང་གི་དམིགས་པའི་མཚམས་རེ་རེ་བཞིན་སྦྱར་ཏེ་བཤགས་ཚིགས་དང་ཡིག་བརྒྱ་ལན་གསུམ་རེ་བརྗོད་པས་བཤགས་པ་བྱ། ཚུལ་དེ་


LT31_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དག་སོགས་དགོས་པ་བརྗོད། དེ་བཞིན་སྐྱབས་འགྲོའི་དམིགས་རིམ་བརྡ་སྤྲད་པ་ནས་བརྩམས་སྐྱབས་སེམས་སྡོམ་པ་འབོགས་པ། སྐུ་གསུམ་དགུ་ཕྲུགས། སྒྲུབ་པ་ལུང་གི་རྗེས་གནང་ཉེར་ལྔ་པོ་རྣམས་མཐར་ཆགས་སུ་བསྐུར་ལ། ཕུན་སུམ་ཚོགས་པའི་དགོས་པ་རྒྱ་ཆེན་པོའོ༔ཞེས་རྟོགས་པ་བརྗོད་པའི་བར་བྱ་བ་ལས། ཀྲི་ཡའི་སྐབས་ལས་བུམ་གཏད། བྱང་སེམས་དཀར་དམར་མ་འབྱོར་ན་ཅུ་གང་དང་སིནྡྷཱུུ་ར་སྦྱིན། སྐུའི་དབང་ཞུ་བའི་གསོལ་འདེབས་དེ་གསུང་སོགས་ལྔ་ཚན་ཕྱི་མ་རྣམས་ཀྱི་དབུ་ལའང་རེ་རེ་བཞིན་སྦྱར། སྐུའི་སྐུ་ལ་ལྷ་ཚོགས་ཉིས་བརྒྱ་ཉེར་ལྔའི་ཙ་ཀླི་ཡོངས་རྫོགས་དང་། གསུང་གི་བུམ་པ་རྣམ་རྒྱལ། ཐུགས་ཕྱག་མཚན་ཐམས་ཅད་བསྡམས་པ། ག་ གསུང་གི་སྐུའི་བྷནྡྷ་ཕྱོགས་བཞི་ཀ་དང་། གསུང་ལ་སྔགས་བྱང་། །ཐུགས་ལ་དགོངས་འདུས་པོད་ཚད་པ་གཏད། ཐུགས་ཀྱི་གསུང་ལ་ཁ་ཆོད་མེ་ལོང་བཞི་ཀ་གཏད། དེ་མཚམས་དཀྱིལ་འཁོར་རྣམ་དག་ཕྱི་འཇུག་སྐབས་ལྟར་ཚར་གཅིག་བཤད་ལ་རྡུལ་ཚོན་སྤྱི་བོར་བྱུགས། ཅོད་པན་དངོས་སུ་སོ་སོར་སྦྱིན་ལ་རྟག་ཏུ་ཆོངས་ཤིག་པར་བསྒོ། ཡོན་ཏན་གྱི་སྐུ་ལ་ཚོགས་དང་དངོས་གྲུབ་སྐལ་བ་བཀྱེ། དཀྱིལ་འཁོར་གྱི་གཏོར་མཆོད་རྒྱན་རྫས་རིགས་རིམ་པར་བླང་ནས་གཏད་ལ་དགབ་སྐོར་སོགས་རེ་


LT31_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སླར་དཀྲི། དུར་ཁྲོད་ཀྱི་རྟགས་ཐ་ལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་སོགས་དངོས་སུ་གདས་པས་གྲུབ་བོ།། ༈ །།དེ་ནས་སྨན་སྒྲུབ་བདུད་རྩིའི་རྒྱ་མཚོ་ལྟར་སྨན་དབང་སྦྱིན་པ་ནི། འགྲུབ་ན་ཞལ་བསྒྱུར་དངོས་གྲུབ་ཀྱི་དཀྱིལ་འཁོར་གཞུང་གསལ་སྔར་ནས་བྲིས་ཏེ་ནངས་པར་ཕྲིན་ལས་གཞུང་བསྲང་བའི་ཐོག་མ་ནས་ཕོ་བྲང་དུ་བཀོད་དགོས་ཀྱང་སྐབས་འདིར་འགྲུབ་དཀའ་བས། རྡོ་རྗེ་རྒྱལ་པོས་དཀྱིལ་འཁོར་ཤར་ཕྱོགས་ནས་མཎྜལ་ཕུལ། རང་གཞུང་ལྟར། ཧཱུྃ་དུར་ཁྲོད་གསང་བ་སོགས་ཀྱིས་གསོལ་བ་གདབ། ཕོ་བྲང་དུ་བཀོད་པའི་མཎྜལ་བླང་སྟེ་རང་གི་སྤྱི་བོར་བཞག་ལ། མཎྜལ་གྱི་དཀྱིལ་འཁོར་དུ་བླ་མ་ཡི་དམ་མཁའ་འགྲོ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་དྲང་སོང་རྩི་ཤིང་ནགས་ཚལ་སྨན་གྱི་སྲུང་མ་དང་བཅས་པས་བསྐོར་བ། བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་དུ་གྱུར་པ་ལ་གཉིས་སུ་མེད་པར་ཐིམ༔ ཞེས་བརྗོད། སླར་རུ་ལུའི་ཛབ་དབྱངས་བརྗོད་བཞིན་མཎྜལ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ཟིན་ནས་མཎྜལ་ཕྱག་ཏུ་ཐོགས་ཏེ་གནས་པ་ལ། སློབ་མ་རྣམས་ཀྱིས། ཧཱུྃ་དུར་ཁྲོད་ནས། རྫོགས་གྱུར་ཅིག༔ བར་གྱིས་མངའ་གསོལ། མཎྜལ་གང་འཐད་དུ་བཞག །ཕྲེང་བ་བསྡུས་ལ་གཞུང་ལྟར་ཕུལ། སླར་ཡང་མཎྜལ་ཕུལ་ཞིང་སློབ་དཔོན་གྱིས། ཧཱུྃ་གདོད་


LT31_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མ་སྐྱེས་སོགས་བརྗོད་དེ་སྨན་ཐོད་ཀྱིས་དབང་བསྐུར། བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་ལྟར། བླ་མ་ལྷར་བཅས་སོགས་གསོལ་གདབ་བྱ། ལག་པ་གཡས་སུ་ཞལ་ཟས་གཏད་ལ། ཞལ་ཟས་སྐད་ཅིག་གིས་སི༚་ལས་སེང་གེ་སོགས་ནས། གཉིས་སུ་མེད་པར་ཐིམ༔བར། ལག་པ་གཡོན་ཏུ་མར་མེ་གཏད་ལ། མར་མེ་སྐད་ཅིག་གིས་པདྨ་དང་སོགས་ནས། གཉིས་སུ་མེད་པར་ཐིམ༔ བར་གྱིས་འཇམ་དབྱངས་དང་དབྱངས་ཅན་མའི་དམིགས་པ་སྤོང་། །འཇམ་དབྱངས་མགོན་དང་སོགས་ལན་གསུམ་རྗེས་ཟླས་ནས། རྗེས་སུ་གནང་བ་ཐོབ་བའོ༔ བར་གཞུང་གསལ་ལྟར་བྱའོ།། ༈ །།དེ་ནས་ཚེ་སྒྲུབ་ཀྱི་གདམས་པ་བདུད་རྩི་སྙིང་པོའི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། རང་གཞུང་གི། ཨེ་མ་ཧོཿ བླ་མ་ལྷ་སོགས་གསོལ་བ་གདབ། བདག་བསྐྱེད་དབུའི། མདུན་གྱི་ནམ་མཁའི་སོགས་མཚམས་སྦྱར་ནས། སྐྱབས་སེམས་རྗེས་ཟློས་བྱར་གཞུག །སྤྲོས་མེད་བདག་དོན་རྗེས་རིམ་སྐབས་ཚེ་འགུགས་དམིགས་པ་རིགས་ཀྱི་ལྷ་མོ་ནས། ནྲྀྀ་ལ་བསྟིམ༔ ཞེས་དང་། གཞན་དོན་སྐབས། ཧྲཱིཿ ནུབ་ཕྱོགས་ཟླ་གམ། ནས། རཱུ་པ་ཧྲིང་ཧྲིང་༔ བར་གྱིས་ཚེ་


LT31_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས། དབང་གཞུང་ལས། ཚེ་རྒྱས་སྤྱི་བོར་བཞག་ལ། སོགས་ནས། དངོས་གྲུབ་དམ་པ་བརྙེས་པར་གྱུར་ཅིག༔ བར་མཐར་ཆགས་སུ་བསྐུར། གོང་ཚེ་འགུགས་འཕྲོས། ཧྲཱིཿ དབུས་ཀྱི་ཕྱོགས་སོགས་ནས། ཚེ་ཉི་ཟླ་དང་མཉམ་པར་གྱུར༔ བར་གྱིས་ཚེ་སྦ། ཨ་ སྨན་དབང་གཤམ་གྱི་ཚེ་དང་སྙོང་དང་ནས། གུ་ཧྱེ་སིངྡྷི་སྭཱ་ཧཱ༔ བར། ཚེ་ནས་གཏོར་ཞིང་ཚེ་དབང་གཤམ་གྱི། ཨོཾ་བྱིན་རླབས་རྩ་བ་སོགས་བཀྲ་ཤིས་བརྗོད།། ༈ །།མཐའ་རྟེན་འགག་སྡོམ་རྩ་བའི་ཆིངས་ལྔའི་ལེའུའི་དབུ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧཱུྃ༔ ནས། ངེེས་པར་ཆོད་པར་འགྱུར་རོ༔བླ་མ་དགོངས་པ་འདུས་པའི་ཟབ་ཆོས་འདི་ཉིད་མ་སྲིད་མཁའ་འགྲོ་རྒྱ་མཚོའི་ཐུགས་ཁྲག་ཡིན་པའི་ཕྱིར་མཁའ་འགྲོ་གཏད་རྒྱའི་ཆིངས་ལས་མི་འདའ་བར་བྱེད་དགོས་པས་ཐོག་མར་སྐུ་ཡོན་ཏུ་མཎྜལ་ཕུལ། རང་གཞུང་དེ་ཉིད་ལས། གཏོར་མ་དང་ཐ་དད་མེད་པ་སོགས་ནས། གུ་ཧྱེ་ཧཱུྃ༔ ཡན་གྱིས་མཁའ་འགྲོའི་གཏོར་མ་སྤྱི་བོར་བཞག་ཅིང་། བདུད་རྩི་བླུད། བཀའ་གསང་གཉན་པོ་ནས། ཞེན་མཁྲིས་མེད་པར་བྱའོ༔ བར་བརྗོད། ཡང་། སྔགས་སྲོག་དམ་ཚིག་ཡིན་པའི་ཕྱིར་དམ་ཚིག་གནང་བཀག་གི་ཆིངས་ཀྱིས་སྡོམ་པ་ནི་འདི་ལ་གསན་འཚལ། ན་མོ། །དམ་ཆོས་དགོངས་པ་འདུས་པའི་


LT31_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། སྤྱད་པར་བྱའོ༔ བར་དང་། ཟུང་འཇུག་རྡོ་རྗེའི་དམ་ཚིག་ལ་འཇུག་པའི་ཕྱིར་མཎྜལ་ཕུལ། མཎྜལ་ཆོ་ག་ལས་འབྱུང་བའི་གསོལ་འདེབས་བསྡུས་པ་དང་ཕུར་ཚུགས་གསོལ་འདེབས་དཔོན་སློབ་ཚང་མས་བྱ། གཞུང་གསལ་དབང་ཆས་རྣམས་གཏད་ལ། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་སོགས་ནས། བཀའ་དྲིན་ཅན༔ བར་བརྗོད། དེ་ནས། བླ་མ་ཡི་དམ་མཁའ་འགྲོའི་སོགས་ནས། མི་བརྗེད་གཟུངས་ཀྱིས་འཛིན་པའི་ཕྱིར་བཀའ་རྟགས་ཀྱི་ཕྱག་རྒྱ་འདི་བཞིན་འཆང་མཛོད། ཅེས་བརྗོད་ལ། ཤེལ་རྡོ། མེ་ལོང་དར་ཚོན་སྣ་ལྔ་རེ་རེ་བཞིན་ཡོད་ནའམ། མེད་ན་སྤྱི་ལ་འགྲིམ་ཞིང་སྤྱི་དྲིལ་ཆེ་འབྲིང་སྔགས་ཤམ་བཅས་བརྗོད། མཐར་སློབ་མ་གཙོ་བོ་ཞིག་ལ་གཏད་དེ། ལུས་དང་གྲིབ་མ་ལྟར་འབྲལ་མེད་དུ་འཆང་སོགས་ནས། མཚན་ཉིད་དང་ལྡན་པར་བྱོས་ཤིག༔ བར། དེ་ནས་བཤད་པའི་ཚེག་ཚོགས་རྒྱ་ཆེ་ཡང་འགག་དོན་ཉམས་ལེན་གཅིག་བུ་ལ་འདུས་པས་བསྲུང་སྡོམ་ཉམས་ལེན་གྱི་ཆིངས་འདི་ལ་གསན་པས་ཁྱབ་པར་གདའ། ན་མོ། བླ་མ་ཡི་དམ་མཁའ་འགྲོ་སོགས་ནས། ཐམས་ཅད་དེར་འདུས་སོ། །བར་བརྗོད། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་གཞོམ་པའི་ཕྱིར་ཆོས་སྐྱོང་གཉེར་གཏད་ཀྱི་ཆིངས་གདམས་པར་བྱེད་པ་ལ་སྐུ་ཡོན་ཏུ་མཎྜལ་ཕུལ།


LT31_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གཏོར་མ་ཐམས་ཅད་སྣོད་ཆེན་པོ་གཅིག་ཏུ་བསྡུ། དེའང་ཕོ་རྒྱུད་གཡས་མོ་རྒྱུད་གཡོན་ཏུ་བཞག་པ་སློབ་མའི་ལག་ཏུ་གཏད། གུ་གུལ་དང་ཚིལ་ཆེན་བསྲེགས་ཅིང་རོལ་མོ་བཅས། ཧཱུྃ་ཧྲཱིཿ དད་པ་དང་ནི་སོགས། ཚིགས་བཅད་བརྗོད་ཅིང་དམིགས་པ་ཕོག །སློབ་མ་རྣམས་ཀྱིས་ཀྱང་དུས་རྟག་ཏུ། ཞེས་པ་ནས། དྲི་བསུང་གི་ཚུལ་དུ་འདུས་པའོ༔ བར་བརྗོད། ཟབ་གཏེར་གྱི་གཉེར་ཁ་འཛིན་པ་ལ་ཁྱད་པར་དུ་བསྔགས་པ་གཏེར་སྲུང་བཀའ་བསྒོའི་ཆིངས་སྡོམ་པ་འདི་ལ་གསན་འཚལ། ན་མོ། གཏེར་དུ་སྦས་པའི་ནས། ཆོས་མཐུན་ཏུ་བྱེད་པར་འགྱུར་རོ༔ བར་གྱིས་གྲུབ་བོ།། ༈ །།དེ་ནས་བཀའ་བབ་རྗེས་གནང་ནི་ལག་ཁྲིད་།གབ་པ་མངོན་ཕྱུངས་ལས་གསུངས་པ་ལྟར། ལུང་བསྟན་སྐྱོན་ཡོན་སྨོན་ལམ་རྟེན་འབྲེལ་ཏེ་ཕྱི་ནང་གསང་གསུམ་གྱི་བརྟགས་པ་ཚང་བའི་སྐལ་ལྡན་རྣམས་དགོངས་པ་འདུས་པའི་ཟབ་ཆོས་ཀྱི་བདག་པོར་མངའ་གསོལ་བའི་ཡན་ལག་ཡིན་ཕྱིར་གར་ཐོད་ཐོད་དུ་མི་འཚལ་མོད། ད་ལྟ་ས་བཅད་མ་སྟོངས་ཙམ་གྱི་རྗེས་གནང་ནི་འདི་ཉིད་དུ་བྱ་སྟེ། ཟབ་ཆོས་དགོངས་པ་འདུས་བའི་བཀའི་བདག་པོར་བྱེད་ཅིང་གཞན་ལ་ཕན་པ་བསྒྲུབ་པའི་ཕྱིར་བཀའ་བབ་རྗེས་གནང་གི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། བུམ་དབང་ཆེན་མོའི་གཤམ་སྟར། ཀྱེ་ཧོ་བཀའ་དྲིན་ཅན་གྱི་སོགས་


LT31_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པ་ནས། རྟག་ཏུ་འགྲུབ་པར་ཤོག༔ ཡན་མཐར་ཆགས་སུ་གནང་ཞིང་། སྐབས་འདིར་སློབ་མ་རེ་རེ་བཞིན་ཁྲིའུའི་སྟེང་དུ་བཞག་ཅིང་། མགོ་ལ་པད་ཞྭ། ལག་ཏུ་སྒྲུབ་དཔེ་གཏད་པ་སོགས་དགོས། དེ་ལྟར་བཀའ་བབ་གཏད་པས་སོགས་ནས། བླ་མར་གྱུར་པའི་དགོས་པ་ཡོད་དོ༔ བར་བརྗོད། ཡང་མཎྜལ་བཅས། དོན་དབང་བསྡུས་པའི་བཀའ་གཏད་ཞུ་བའི་གསོལ་གདབ། ཀྱེ་ཧོཿསོགས་ནས། རྟེན་འབྲེལ་འགྲིགས་པའོ༔ བར། དེ་ནས་རྡོ་རྗེ་རྒྱལ་པོ། གཟུངས་མ། རྒྱལ་ཚབ། རྒྱལ་ཐེབས། དཀྱིལ་འཁོར་བ། ཆོས་སྐྱོང་བཅས་ལ་དམིགས་པའི་མཎྜལ་རྒྱས་བསྡུས་གང་འགྲུབ་ཚར་གོང་མཉམ་ཕུལ། ཕྱག་འཚལ། ཐལ་མོ་སྦྱར་ལ་བུམ་དབང་ཆེན་མོའི། ཀྱེ་ཧོ་གཙོ་བོ་རྡོ་རྗེ་སོགས་དང་། དོན་དབང་གི་ཀྱེ་ཧོ་གཙོ་བོ་སོགས་གཉིས་ཀས་བཀའ་དྲིན་གསོལ། མདུན་བསྐྱེད་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་རྡོ་རྗེའི་བདེན་ཚིག་གི་རྒྱལ་རྔ་བརྡུངས་ཞིང་བཀྲ་ཤིས་པའི་མེ་ཏོག་མནྡཱ་ར་བའི་ཆར་ཕང་ཕུང་དུ་བསྙིལ་པར་བསམས་ལ། སྒྲུབ་ཁོག་པྲ་ཁྲིད་ལྟར། ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ནས། ཅི་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ བར་དང་


LT31_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བཀྲ་ཤིས་གང་འོས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་ལྡིར། དེ་འཕྲོས་ཧོཿ བླ་མ་ཡི་དམ་སོགས་སྨོན་ལམ་བརྗོད། དེ་ནས་དོན་དབང་གཤམ། སྤྱི་དོན་བཞི་པ་དབང་མ་བསྐུར་བའི་སོགས་ནས། སྒྲོ་སྐུར་བསལ་བའོ་བར་དང་། དེ་ལྟ་བུའི་དམ་ཚིག་རྣམས་ལག་ལེན་ཏུ་ཅི་ནུས་བསྒྲུབ་པ་དང་མོས་པ་ལས་མི་འདའ་བའི་སྒོ་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སོགས་སྤྱི་མཐུན་བྱས་ནས་སློབ་མ་རྣམས་རེ་ཞིག་གྱིས་སོ། །དེ་ནས་མ་འབྱོར་བ་དང་སོགས་བཟོད་གསོལ་ཡིག་བརྒྱ་བཅས། བློ་འཕེལ་གཞུང་ལྟར། རང་ཉིད་འཇམ་དཔལ་དུ་བསྒོམ་པའི་སོགས་བདག་བསྐྱེད་བསྡུ་ཞིང་། ཧྲཱིཿདྷཱིཿའི་སྒྲས་ལྡང་བ་ཡན་དང་། འདི་བསྒྲུབས་པ་ལས་སོགས་གཞན་ནས་འབྱུང་བ་ལྟར་བསྔོ་སྨོན་བྱ། མདུན་བསྐྱེད་ནི་སློབ་མར་བསྟིམ་ཟིན་པས་བསྡུ་བ་བྱར་མེད་དོ།། ༈ །།དེ་ནས་ཚོགས་ལ་རོལ་ཞིང་ལྷག་ཆོག་བཏང་བའི་སྐབས་སྔར་བརྩོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་གི་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་དུ་བསྐྱལ། ལོངས་ཁྱབ་ཡོད་ཚེ་འདི་ཡན་ཞག་གཅིག་བྱ་ཞིང་། ཆད་མདོ་སོགས་


LT31_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆོག་སྤྱི་མཚམས་བཏབ། སླར།། ༈ །།ཉིན་བཅུ་པར་ལས་བྱང་རྒྱས་བསྡུས་གང་རུང་གི་བདག་མདུན་ཚོགས་བསྐང་བསྟོད་འབུམ་སོགས་བཏང་ཞིང་ཐེབ་ལྡོག་སོགས་དང་འགྲིགས་ན། དྲེགས་པའི་གཏོར་ཆེན་སོགས་ཟོར་དུ་བསྐུལ་བའི་ལས་རིམ་རྒྱས་པར་བྱ་བར་བཞེད་ཅིང་། དེ་ནུབ་རང་དུ་རྗེས་ཀྱི་བྱ་བ་ཚང་བར་འགྲུབ་ཅིང་ཟློག་པའི་ལས་རིམ་མི་འགྲུབ་པའི་དབང་དུ་བྱས་ན་ལྷག་གཏོར་བཏང་བའི་འཕྲོས་ནས་གཤམ་གསལ་རྗེས་ཆོག་རྣམས་དེ་ཉིན་རང་དུ་གྲུབ་པར་བྱས་ཀྱང་རུང་ལ། གང་ལྟར་ལྷག་མའི་རྗེས་དེ་ཉིད་དུག་ནམ་ཆོས་དཀར་གཏོར་སྔོན་ཏུ་འགྲོ་བས་དམར་གཏོང་ལ་འགུགས་གཞུག་ལན་གསུམ་བསྒྲལ་དམིགས་བཅས་བཏང་ནས། བསྐུལ་འབུམ་ཆེན་མོ་མཐར་ཆགས་སུ་བཏང་བ་ལས། ཧཱུྃ་སངས་རྒྱས་བསྟན་པ་སོགས་ཀྱི་གོང་དུ་རྟ་མགྲིན་ལས་བྱང་ལས་འབྱུང་བའི་བསྐུལ་སྦྱར། བཙན་བསྐུལ་བཏང་མི་དགོས། སླར་འགུགས་གཞུག་བཅས་ཆད་མདོ་འབུལ། ལས་བྱང་ཚངས་སྒྲའི་ཆད་མདོའི་གོང་གསལ། ཧཱུྃ་ཧྲཱིཿ གདོད་ནས་རྣམ་དག་ནས། ཆོམ་ལ་ཕོབ༔ བར་གྱི་མཁྱེན་གཟུ་དབང་གསོལ་གསེར་སྐྱེམས་གྲུབ་མཚམས། རྟ་མགྲིན་ལས། ཧྲཱིཿདབང་ཆེན་འབར་བ་ནས། མེད་པར་མཛོད༔ བར་གྱི་སྒོ་དབྱེ་ཟོར་ལས་


LT31_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལས་བྱང་གི། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་སོགས་གྱིས་གཏོར་མ་ཟོར་དུ་བསྐུལ་ཏེ། ཤར་དུ་ཆོས་སྐྱོང་སྤྱི་གཏོར་དང་རྟ་མགྲིན། ལྷོར་ཤ་ཟ། ནུབ་ཏུ་མཁའ་འགྲོའི་གཏོར་མ་སྔར་དབང་གི་སྐབས་ལྔ་ཚར་དུ་བཤམས་པ་དེ་དང་། བྱང་དུ་བཙན་རྒོད། བསྟན་དགྲའི་ཕྱོགས་སམ་ཐེབ་ཡོད་སར་དྲེགས་པའི་གཏོར་མ་ཕུལ་བར་བྱའོ། །གཏོར་གཞོང་རྣམས་སྨན་རག་གིས་བཤལ་བ་བརྟན་མར་བླུགས་ནས་བརྟན་སྐྱོང་རྟ་བྲོ་སོགས་དང་། མཆོད་ཁ་གསོས་ནས། མེ་ཕྲེང་ལྟར་བྱིན་རླབས་སྔོན་ཏུ་འགྲོ་བའི། དངོས་སུ་འབྱོར་བཤམས་ནས། གཏོར་མ་འབུལ་བ་ཡན་གཞུང་དེ་ཉིད་ལྟར་བྱ། དཀྱིལ་འཁོར་དགུ་རྫོགས་སོགས་ཀྱིས་བསྟོད། ལས་བྱང་ཆེན་མོ་ལྟར། བདེ་མཆོག་བདེ་སྤྱོད་སོགས་ཀྱིས་དངོས་གྲུབ་བླང་། ཐོད་ཚར་རོལ། པྲ་ཁྲིད་ལྟར། ཨོཾ་བྷྲཱུྃ། ལྷ་མིའི་ནས། སྒྲོལ་བར་ཤོག༔ ཡན་གྱིས་དངོས་གྲུབ་ཀྱི་རྫས་བཅུག་པའི་གཞི་ཁྲིའི་གཏེར་བུམ་གནས་ཁང་དེ་ཉིད་ཀྱི་སྙིང་པོར་སྦ། རྒྱལ་ཐེབ་ཀྱིས་ཡིག་བརྒྱ་བཟླ་བཞིན་བས་སློབ་མ་རྣམས་ཁྲུས་ནས་དབྱུང་། ནང་དུ་འཚོགས་ལ་མེ་ཕྲེང་ལྟར་བགེགས་གཏོར་མཚམས་བཅད་སྲུང་འཁོར་བཅས་བྱ། དོན་དབང་སྐབས་ལྟར་རྡོར་སེམས་བསྒོམ་བཟླས་ཕོག །ཡིག་བརྒྱ་བཟླར་གཞུག །དབང་བསྐུར་ཡོངས་སུ་རྫོགས་པའི་མཐའ་རྟེན་བྱིན་རླབས་གཏོར་མའི་བརྡ་དབང་


LT31_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཕྱག་དང་རང་གཞུང་ལྟར་གསོལ་བ་གདབ། དམིགས་པ་བོག་ཅིང་བྱིན་དབབ། སྒྲུབ་གཏོར་རིན་ཆེན་འབར་བ་སློབ་མའི་སྤྱི་བོར་བཞག་ཅིང་། གཏོར་མ་འདི་དང་ཐ་དད་མེད་པ་སོགས་ནས། རེ་བ་སྐོངས༔ བར་གཏོར་མ་གནས་ལྔར་བཞག་ཅིང་། །དཀར་རྒྱན་གྱི་རྒྱས་གདབ། བདུད་རྩི་བླུད་ཅིང་རྡོར་དྲིལ་གྱིས་རྒྱས་གདབ་བཅས་གྲུབ་ནས་གཏོར་མ་རེ་ཞིག་སླར་གཞུག །གཞུང་ལས། རྗེས་ཀྱི་ལས་རིམ་རྟོགས་པ་བརྗོད་ཅིང་སོགས་ནས། ཞེས་འབྱུང་བས་ཤེས་པར་བྱའོ། བར། ལས་བྱང་ལྟར། དཀྱིལ་འཁོར་ལྷ་ཚོགས་སོགས་དང་། རྟ་མགྲིན་ལས། གང་ཡང་བདག་བློ་སོགས་ཀྱིས་ལྷག་ཆད་བསྐང་ལ་ཡིག་བརྒྱ་བརྗོད། དཀྱིལ་འཁོར་སྤྱིའི་དམ་ཡེ་ཕྱེས་པའི་ཡེ་ཤེས་པ་དང་། གཏོར་མའི་ལྷ་དམ་ཡེ་དབྱེར་མེད་མདུན་གྱི་ནམ་མཁར་བཞུགས་པར་དམིགས་ལ། མེ་ཕྲེང་ལྟར་གཏོར་མ་བྱིན་རླབས་དང་ཁཱ་ཧིའི་སྔགས་ཀྱིས་བསྔོས། མངོན་རྟོགས་གཤམ་གྱི། ཧྲཱིཿབདེ་བར་གཤེགས་པ་སོགས་ཀྱིས་མཆོད་བསྟོད་དངོས་གྲུབ་ཞུ། གཏོར་དབང་གི་གཤམ་གྱི་སྔགས་བརྗོད་བཞིན་པས་གཏོར་མའི་ཞམ་ཆུའམ་སྒྲུབ་གཏོར་དངོས་གྲུབ་ཏུ་བཀྱེ། རྟ་མགྲིན་ལས། ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་སོགས་བཀྲ་ཤིས་བརྗོད། གཏོར་དབང་གཤམ། །


LT31_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དབང་མ་བསྐུར་ན་ཅི་སོགས་ནས། རྣམ་གྲངས་གུད་དུ་ཕྱེས་པའོ༔བར་དང་དམ་ཚིག་ཁས་ལེན། མཎྜལ་སོགས་བྱས་ནས་སློབ་མ་རྣམས་གྱེས་སོ། །སློབ་དཔོན་སོགས་ཀྱིས་ཡེ་ཤེས་པ་ནམ་མཁར་བཞུགས་པ་རྣམས་རྡུལ་ཚོན་ཡིན་ན་ལས་བྱང་ཆེན་མོ་ལྟར་གཤེགས་གསོལ་དང་། །རས་བྲིས་ལ་བརྟན་བཞུགས་བྱ། དམ་ཚིག་པ་པྲ་ཁྲིད་ལྟར་བླ་མ་ཡི་དམ་ནས། སྥ་ར་་ཕཊ༔སྣང་སྲིད་འཁོར་འདས་ནས། བརྡལ་བར་བྱའོ། །བར་གྱིས་བདག་ལ་བསྡུ་བ་དང་། བདག་བསྐྱེད་ཀྱང་མངོན་རྟོགས་རིན་ཆེན་ཕྲེང་བའི་གཤམ་གྱི། སྲུང་བའི་གུར་ཁང་ཁྲོ་བོ་ནས། བརྡལ་བར་བྱའོ། །ཡན་གྱིས་བསྡུ་ཞིང་ལྟ་བའི་གཟེར་ཐེབ་པར་བྱའོ། །ཚེ་སྒྲུབ་ལྔར་དང་པོ་ཕྱི་སྣོད་ཀྱི། སོགས་ནས། རིམ་གྱིས་ཐིམ་པར་གྱུར། བར་གྱིས་བདག་བསྐྱེད་བསྡུ་ལྡང་དང་། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་སོགས་བསྔོ་སྨོན་བྱ། དཀྱིལ་འཁོར་མཆོད་གཏོར་བསྡུས་ཏེ་ལས་ཀྱི་རྗེས་མི་མངོན་པ་དགོས། དེ་ནས་ཚངས་སྒྲ་ལྟར། དུས་གསུམ་སངས་རྒྱས་སོགས་བཀྲ་ཤིས་བརྗོད་ཅིང་། གཞན་ཡང་བཀྲ་ཤིས་གང་རིགས་ཀྱིས་མཐའ་བརྒྱན་ལ། པྲ་ཁྲིད་ནས། ཧཱུྃ། མི་གནས་མི་དམིགས་སོགས་ཀྱིས་བཀྲ་ཤིས་བརྟན་པའི་སྨོན་ལམ་བྱ། དེ་ནས་ནོངས་བཤགས་བྱ་ཕྱིར་མཆེད་ལྕམ་རྣམས་


LT31_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་ཉིས་རིམ་བྱས་ཏེ། གཅིག་གིས་གཅིག་ལ་ཕྱག་ཕུལ། དབུས་སུ་མཎྜལ་བཞག་པ་ལ་འབྲུ་སོ་སོས་བླུགས་ཏེ་པྲ་ཁྲིད་ལྟར། ཧཱུྃ། ཐམས་ཅད་རྡོ་རྗེ་ནས། སྩལ་དུ་གསོལ། བར་དང་། སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ཀྱང་བཏོན་མཐར་ཡིག་བརྒྱ་ལན་གསུམ་བརྗོད་ལ། དཀྱིལ་འཁོར་གྱི་ཡོ་བྱད་བསྡུས་པའི་ཤུལ་གྱི་སྟེགས་བུའི་ཁར་རྡོ་རྗེ་སློབ་དཔོན་བཞུགས་ཁྲི་བཤམས་པ་ལ་ཕེབས་པར་ཐམས་ཅད་ཀྱིས་ཕྱག་ལན་གསུམ་བྱས་ཏེ། པྲ་ཁྲིད་ཀྱི། བཀའ་དྲིན་འཁོར་མེད། ནས། འགྲུབ་པར་མཛོད། ཡན་དང་ཡིག་བརྒྱ་བཟླས། མཎྜལ་ལན་གསུམ། ལུས་ལོངས་སྤྱོད་ཕུལ་བར་མཚོན་པའི་ཕྱིར་ཆོས་གོས་དང་ཕྲེང་བ་རྣམས་བསྡུས་ཏེ་ཅི་འབྱོར་བའི་ཡོན་བཅས་མདུན་ཏུ་ཕུལ། བདུད་རྩི་ཞལ་སྐྱེམས་དྲང་། པྲ་ཁྲིད་ལས། ཧཱུྃ་ཡེ་ཤེས་འོད་ལྔ་ནས། སངས་རྒྱས་མྱུར་ཐོབ་ཤོག །བར་གྱིས་གཏོང་རག་གཏོང་ཞིང་ཕྱག་ཕུལ། ཞབས་སྤྱི་བོར་ལེན། སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། མི་གནས་ཡེ་ཤེས་ནས། ཐོབ་པར་ཤོག །བར་དང་། མཆེད་ལྕམ་སློབ་མ་ནས། གྲལ་དུ་འཁོད་བར་གྱུར། བར་གསུངས་ཤིང་། མཆེད་ཀུན་ལ་བདུད་རྩི་ཞལ་སྐྱེམས་བཀྱེ། དེ་ནས་རྡོ་རྗེ་རྒྱལ་ཐེབས་ཀྱིས་གཏོང་ཐུན་སྔོན་ཏུ་འགྲོ་བས་མཆེད་ལྕམ་རྣམས་ཕྲེང་བ་སྦྲེལ།


LT31_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་མས་མར་མེ་རེ་ལག་གཡོན་ཏུ་གཏད་ལ་པྲ་ཁྲིད་ལྟར། དུར་ཁྲོད་གསང་བ་མཆོག་སོགས། མར་མེ་སྨོན་ལམ་གདབ། མཎྜལ་སྨོན་ལམ་བླ་མ་ཡི་དམ་སོགས་ཚན་གསུམ། གཞུང་གི། དཀྱིལ་འཁོར་ལྷ་ཚོགས་ནས། གྲོལ་བར་ཤོག །བར་དང་། གཞན་ཡང་བཟང་སྤྱོད་སོགས་ཐེག་པ་ཆེན་པོའི་སྨོན་ལམ་གདབ་ལ། དབྱངས་པོར་ལེན་ཏུ། པྲ་ཁྲིད་ལྟར་རང་བྱུང་རྣམ་དག་སོགས་ཀྱིས་ལུས་བསྲུང་ཞིང་གོ་བགོ། །སློབ་དཔོན་གྱིས། སྣ་ཚོགས་རྡོ་རྗེ་སོགས་ཀྱིས་གནས་བྱིན་རླབས་བྱ། སླར་ཡང་། སྟོང་པ་ཉིད་ནས། སྤྱོད་ལམ་ཐམས་ཅད་བྱའོ། །བར་གྱིས་རྒྱུན་སྤྱོད་ལ་འཇུག །དེ་ནས་དཀར་གཏོར་བཞི་དང་གསེར་སྐྱེམས་རྣམས་བྱིན་གྱིས་བརླབ་སྟེ་ཕུལ་ལ། ལས་བྱང་ཆེན་མོར། ཧཱུྃ་ཧྲཱིཿ འདས་དུས་སྔོན་གྱི། ནས། གྲོགས་མཛོད་ཅིག་པ་ར་བརྗོད་ལ་རྒྱལ་ཐོ་དང་། དམར་གཏོར་ཕུལ་ལ། པྲ་ཁྲིད་ལྟར། ཧཱུྃ་ཧྲཱིཿ ཕྱི་མཚམས་སྲུང་བའི་ནས། བཟློག་ཏུ་གསོལ། བར་གྱིས་སྒོ་བྱང་གི་ལྷ་རྣམས་རྟེན་ལ་བསྟིམ་ཞིང་ཐོ་བསྡུ། དེ་ནས་ཁྲོ་བཅུའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་དུནྟི་མི་ལི་མི་ལི་ཡེ་སྭཱ་ཧཱ། བཏགས་པས་མཚམས་ཕུར་བཏོན་ལ་འོ་མ་དང་ཀླུ་སྨན་སྦྱར་བས་ཕུར་པའི་དབལ་བཀྲུ་ཞིང་སླར་བྲུབ་ཁུང་དུའང་བླུགས་ལ། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད། མཎྜལ། མངོན་རྟོགས།


LT31_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆེན་མོའི་གཤམ་གྱི་བསྔོ་བ་རྣམས་རིམ་བཞིན་བྱའོ། །དངོས་གྲུབ་ཀྱི་ཆ་ཤས་དང་། རྡུལ་ཚོན་དངོས་བྲིས་པའམ་གོང་དུ་ས་བཅད་བཞག་པ་དེ་ཉིད་ཕྱིར་ནང་ཉི་ཤར་རྒྱུན་འབབ་ཀྱི་ཆུ་བོར་གསང་བ་སྤྱི་ཆོག་གིས་བཀུར་བསྟི་བཅས་བླུགས་ལ་རབ་ཆགས་བསྐང་དང་། ཆུ་བོ་མཐོང་གྲོལ་ལམ། བསྡུ་ན། གཟུངས་སྔགས་བྱིན་ཅན་རྣམས་བསྒྲགས་ཅིང་ཚོས་བརྒྱུད་རྒྱ་ཆེར་འཕེལ་བའི་སྨོན་ལམ་གདབ། སྣོད་ཆུ་གཙང་གིས་བཀང་བ་ཁྱེར་ཏེ་སྒྲུབ་ཁང་ལོགས་སུ་གཏོར། དབང་སྒྲུབ་ལེགས་པར་གྲུབ་པའི་དགའ་སྟོན་ཅི་འབྱོར་བྱས་པས་རྗེས་འཇུག་བཀྲ་ཤིས་པའི་དགོས་པ་ཡོད་དོ། །དེ་ལྟར་དབང་སྒྲུབ་ཆེན་མོ་ཞག་བརྒྱད་ཉིན་དགུའི་ཁོངས་སུ་ཇི་ལྟར་བྱ་བའི་ཕྱག་ལེན་གྱི་རིམ་པ་སྟེ། དེ་ལས་ཅུང་ཟད་རྒྱས་པར་བྱེད་ན་གོང་དུ་བསྟན་པ་ལྟར་སྟ་གོན་ལ་ཉིན་གསུམ། དངོས་གཞི་ཉིན་བདུན། རྗེས་ཆོག་ཉིན་གཉིས་བཅས་ཉིན་བཅུ་གཉིས་ཀྱིས་ལེགས་པར་གྲུབ་ཅིང་། དབང་སྒྲུབ་ཆེན་མོའི་ཕྱག་བཞེས་དངོས་ལྟར་ན་སྟ་གོན་ཉིན་ལྔ། ཕྱི་འཇུག་ནས་བརྩམས་ཏེ་སྒྲུབ་ཆེན་སྨན་སྒྲུབ་སོགས་དང་སྦྲེལ་བའི་བདུན་གསུམ་ཟླ་གཅིག་སོགས་སྒྲུབ་རྗེས་དངོས་གྲུབ་ལེན་ཆོག་དང་སྒྲེལ་བའི་སྒྲུབ་དབང་ཚེ་དབང་སྨན་དབང་སོགས་གྲུབ་ནས། སླར་སྤྲོས་བཅས་བུམ་དབང་ཆེན་མོ་ཉིད་ནས་བརྩམས་དབང་བསྐུར་རྣམས་ཁྲིད་ཆེན་བཞི་པོ་སྤྱི་དང་ལྷག་པར་རྫོགས་ཆེན་


LT31_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཡང་ཞུན་དང་སྦྲེལ་ཏེ་ཟླ་བ་གཅིག་གཉིས་ཀྱིས་གྲུབ་པར་མཛད་ནས། རྗེས་རིམ་གནས་སྲུང་བཅས་ཉིན་བདུན་གྱིས་འགྲུབ་པར་མཛད་པ་སྟེ་དུས་སྐལ་བཟང་པོའི་སྤྱོད་ཡུལ་བཤད་པ་ཙམ་མོ། །འབྲེལ་འཇོག་ཙམ་མོས་པའི་སྣོད་ལྡན་ལ་སྒྲུབ་དབང་དང་མི་སྦྲེལ་བར་བུམ་དབང་ཆེན་མོ། །དོན་དབང་སོགས་བསྐུར་དུ་རུང་བ་འགག་ཞིག་སློབ་མ་རྗེས་འཛིན་རྐྱང་པའི་ལུགས་སུ་བསྐུར་བ་ནི་རུང་མོད། དེ་ཙམ་གྱིས་དགོངས་འདུས་བཀའ་རྫོགས་སུ་ཐོབ་ཅིང་བརྒྱུད་འཛིན་ཏུ་རུང་བ་ནི་མ་ཡིན་ཏེ་སྒྲུབ་དབང་སྨན་དབང་སོགས་འགའ་ཞིག་བསྐུར་དུ་མི་རུང་ཞིང་གཞུང་དང་འགལ་ལ་ཚད་ཐུབ་རྣམས་ཀྱི་ཕྱག་བཞེས་རྒྱུན་བཅད་ནས་རང་འདོད་ཁྱེར་ཀ་དང་བསྟུན་པའི་ཆོ་ག་ཉུང་ཟད་ཞིག་བསྒྲུབ་པའི་ཕྱིར་རོ། །སློབ་མ་རྗེས་འཛིན་གྱི་ལུགས་འདི་ལ་དེང་སང་ལྡིང་བཤར་དུ་གྲགས་ཀྱང་དེའི་ཐ་སྙད་མི་ཐོབ་སྟེ། ལྡིང་བཤར་ནི། ལག་ཁྲིད་ལས། རྒྱས་པར་བྱེད་ན། གྱེར་བསྒོམ་དང་འཛབ་སྤྲད་དེ་རྐང་ཐོན་ཏུ་བྱ༔ འབྲིང་པོ་ལ་གྱེར་མི་བྱ་བར་ལྡིང་བཤར་དང་སྤྲད། བསྡུས་པ་ལ་ནི་དངོས་གཞི་བྱ་ཞིང་ལྷན་ཐབས་མི་སྦྱར་བའི་ལག་ཁྲིད་བྱ༔ ཞེས་གྱེར་མེད་པའི་ཤར་འདོན་གྱི་མིང་ཡིན་པས་སོ། །འོན་ཀྱང་སློབ་མ་རྗེས་འཛིན་ཙམ་གྱི་ལུགས་དེ་བྱེད་ན་རྒྱལ་ཐོ་སྒོ་བྱང་སྲི་མནན་ཐིག་ཚོན་རྒྱན་བཀོད་ཉུ་ལེ་བསྒྲད་པ། རྗེས་མཆེད་ཀྱི་ནོངས་བཤགས་ནས་མར་མེ་སྨོན་ལམ་སོགས་


LT31_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དངོས་རྗེས་གསུམ་དུ་སྒྲུབ་ཁོག་པྲ་ཁྲིད་ཀྱི་གཤམ་དང་འདོན་ཆ་གཅིག་ཀྱང་མི་སྤྲད་པར། བུམ་དབང་ཁོ་ནའི་ས་ཆོག །མེ་ཕྲེང་བདག་བསྐྱེད། ལྷ་སྟ་གོན། བུམ་པ་སྟ་གོན། སློང་མ་སྟ་གོན་བཅས་ཉིན་གཅིག །ཚངས་སྒྲའི་ཆོག་བསྒྲིགས་དབང་སྒྲུབ་སྔོན་ཏུ་འགྲོ་བའི་བུམ་དབང་ཆེན་མོ་སོགས་ཉིན་གཅིག །མེ་ཕྲེང་གི་དབང་སྒྲུབ་བཅས་དོན་དབང་སོགས་ཉིན་གཅིག །མེ་ཕྲེང་དང་མཁའ་འགྲོའི་ལས་བྱང་གིས་དབང་སྒྲུབ་བྱས་ནས་མཁའ་འགྲོའི་དབང་སོགས་ཉིན་གཅིག །བསྐང་ཆོག་རྒྱས་བསྡུས་གང་རུང་བཏང་བའི་སྐོང་ཆོག་དབང་སོགས་ལ་ཉིན་གཅིག །དབང་སྒྲུབ་སྔར་ལྟར་ལ་སྲོག་དབང་ཆངས་ལྔ་སོགས་དང་རྗེས་ཆོག་སོགས་ལ་ཉིན་གཅིག་བཅས་སྟ་གོན་ཉིན་གཅིག །དབང་རྣམས་ཉིན་ལྔས་འགྲུབ་ལ། དབང་ཕྲན་རྣམས་གོ་རིམས་ཕལ་ཆེར་གོང་དུ་སྨོས་པ་ལྟར་དང་། བློ་འཕེལ་སོགས་སྐབས་ཅི་བདེ་བར་བསྐུར་ཏེ་མདོར་ན་དབང་ཆེན་དྲུག་དང་། དབང་ཕྲན་དྲུག་བཅས་རྩ་བར་བཟུང་། ཡན་ལག་གཞན་གསེབ་ཚགས་སུ་བཏང་བས་འགྲུབ་བོ། །དེ་ལྟར་གྱི་ཚེ་སྒྲུབ་ཁོག་གི་དབང་ཡང་བུམ་དབང་ཆེན་མོའི་རིག་པའི་དབང་ལྔའི་རྗེས་སུ་གནང་བའི་ཕྱག་སྲོལ་འདུག་པ་སྒྲུབ་ཁོག་དང་མི་འབྲེལ་བའི་སྒྲུབ་དབང་གཞུང་དང་མི་མཐུན་ཀྱང་མཛད་ནི་མཛད་དོ། །སྨིན་བྱེད་དབང་ལ་གྲོལ་བྱེད་གདམས་པའི་གཟེར་དང་། གདམས་


LT31_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའང་དབང་གིས་གཟེར་གྱིས་ཐེབ་པ་གལ་པོ་ཆེར་གསུངས་བས་ན་དཔོན་སློབ་ཀུན་གྱིས་འཆད་ལོ་ཉན་ལོར་མ་སོང་བར་རབ་དབང་དོན་རྒྱུད་ལ་སྐྱེས་པ། འབྲིང་ངོ་འཕྲོད་པ། ཐ་ནའང་གོ་བས་བློ་སྣ་འགྱུར་བ་ཙམ་རེ་བླ་མས་ནན་ཏན་བཤད་ཅིང་སློབ་མས་མོས་འདུན་ཤེས་རབ་མི་གཡེལ་བ་གནད་ཆེ་བར་མངོན། སྣོད་བཅུད་དུས་ཡུལ་མཉམ་པའི་དཔོན་སློབ་ཀྱི་རྟེན་འབྲེལ་འགྲིགས་ཚེ་རྫས་སྔགས་བརྗོད་པ་མང་པོ་མི་དགོས་པར་དབང་དོན་རྒྱུད་ལ་གཅིག་ཅར་དུ་སྐྱེས་པ་ཞིག་ཀྱང་ཡོད་མོད། དེ་ནི་སྔོན་བསགས་ཅན་རེ་རེ་ཙམ་དུ་ཟད། ཡང་། རྒྱས་བསྡུས་ཇི་ལྟར་བྱས་ཀྱང་ཤེས་འདོད་དང་གོ་བབ་གཏན་ནས་མེད་པར་མཚར་ཆོས་ཙམ་གྱིས་བུམ་པ་དང་གཏོར་མའི་ཞབས་སུ་མགོ་བོ་བཞག་པ་ཁོ་ན་དབང་དུ་འཛིན་པའི་རིས་ཞིག་ཡོད་པ་དེ་ནི་འཇུག་པ་ཙམ་གྱིས་རྗེས་སུ་འཛིན་ནས་བག་ཆགས་འཇོག་པ་ལས་གསང་སྔགས་ཀྱི་སྣོད་དུ་གྱུར་པ་མ་གསུངས་ཤིང་། དེ་གཉིས་མིན་པའི་གང་ཟག་དབང་པོ་འབྲིང་དང་དམན་པའི་རིགས་ཕལ་མོ་ཆེ་ཞིག་མཚོན་བྱེད་ཀྱི་བརྡ་བསྟན། མཚོན་བྱའི་དོན་བཤད་ན་དབང་དོན་རྒྱུད་ལ་སྐྱེ་རུང་དུ་འགྱུར་བ་ཡོད་པས། གང་ཟག་དེ་ལ་སྤྲོས་བཅས་ཀྱི་ཕྱག་ལེན་རྩིང་པོར་མ་སོང་བ་གལ་ཆེ་སྟེ། དབང་རྫས་ཙན་ལ་དཔེར་མཚོན་ན་སྣག་སྨྱུག་ཤོག་བུ་སོགས་སྦྱིན་ཞིང་། ཡི་གེར་འབྲི་བའི་རྗེས་གནང་ངོ་བྱས་ནས་བརྡ་བཀྲོལ་ན་དེའི་རྗེས་གནང་


LT31_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བོ་སྙམ་པའི་བག་ཆགས་ཁོའི་རྒྱུད་ལ་འཇོག་པར་འགྱུར་ཞིང་། ཙཀླིར་སྣག་སྨྱུག་གིས་གཟུགས་བྲིས་པ་ཙམ་ཁྲི་ཁ་ནས་གཡུགས་ཏེ་ཚིག་རྐྱང་ཞིག་འདོན་པས་དེའི་གོ་བརྡ་མི་འཕྲོད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དབང་དང་སྒྲུབ་ཅིང་མཆོད་པའི་རྫས་དངོས་སུ་གང་འཛོམ་ནན་ཏན་ཆེན་པོས་བསྒྲུབ་པར་བྱ། གལ་ཏེ་ཡན་ལག་འགའ་ཞིག་འབྱོར་པས་མི་ལྕོག་ནའང་དེ་ཙམ་གྱིས་ཆོ་ག་གཅོག་དགོས་པའང་མ་ཡིན་ལ་སྐབས་དེར་ནི་ནང་གི་ཏིང་ངེ་འཛིན་གྱིས་འགྲུབ་ཅིང་། སྤྱིར་རྡོ་རྗེ་སློབ་དཔོན་ནུས་པ་དང་མི་ལྡན་པས་ཀྱང་སྤྲོས་བཅས་ཀྱི་ཕྱག་ལེན་ཞིབ་མོར་སྤྱད་ཚེ་ཆོ་ག་ཚུལ་བཞིན་བསྒྲུབས་པའི་ཕན་ཡོན་འབྱུང་ལ། བསྐྱེད་རྫོགས་ཀྱི་རྟོགས་པ་མཆོག་དང་ལྡན་རུང་ལས་དང་པོ་པས་རྣལ་འབྱོར་གྱི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་པའི་སྤྱོད་པ་མི་བྱ། གྲུབ་བས་ཀྱང་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་མི་ནུས་པར་གསུངས་སའི་ཚུལ་དྲན་པར་བྱས་ནས་ཡོ་ག་རྣམ་གསུམ་གྱི་གོ་རིམ། སྤྲོས་བཅས་སྤྲོས་མེད་ཀྱི་རང་གཞུང་སོ་སོ་དང་བསྟུན་ནས་ནང་རང་སྣང་རིས་མེད་ཀྱི་ཏིང་ངེ་འཛིན་འབྱམས་ཡུག་ཏུ་ལ་ཟློ་ཡང་ཕྱི་ཐེག་པའི་འཇུག་སྒོ་དང་ཐད་ཐད་དུ་བསྟུན་ནས་རྒྱལ་བའི་བཀའ་ལ་དབང་ཟ་དང་རས་ཆོད་དུ་མ་སོང་བ་ཞིག་གལ་ཆེ་བ་ནི་རྣམ་པ་ཐམས་ཅད་དུ་གོ་དགོས་པར་སྣང་ངོ་། །དེ་ལྟར་དབང་སྒྲུབ་རྫོགས་པར་གྲུབ་པའི་


LT31_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དེ་ཉིད་དུའང་དམ་ཚིག་སྤྱི་དང་བྱེ་བྲག་གི་རྣམ་དབྱེ་གོ་བར་བཤད་ནས་རྩ་བ་ཡན་ལག་ལས་མ་འགལ་བ་ཤིན་ཏུ་གལ་ཆེ་བར་ནན་ཏན་ཆེན་པོས་གདམས་ཤིང་། སློབ་མ་རྣམས་ཀྱིས་ཀྱང་ཐོབ་རྐྱང་ཙམ་དུ་མ་སོང་བ་རབ་གསེར་ཆོས་འདི་ཉིད་གཡར་དམ་དུ་འཆང་བ། འབྲིང་བསྐྱེད་རྫོགས་ཅི་རིགས་པ་ལ་ཉམས་ལེན་བརྩོན་པ། ཐ་ན་བསྐྱེན་རིམ་ཚ་བ་དམར་ཐག་གི་བསྙེན་སྒྲུབ་དང་། ཕྱག་རྫོགས་གང་རུང་གི་རྫོགས་རིམ་སྣ་རེར་འབྲེལ་པ་འཇོག་པ་ཅི་ནས་གཅེས་སོ། །རྒྱལ་དབང་པདྨའི་གསང་མཛོད་བྱེ་བའི་བཅུད། །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ། །སངས་རྒྱས་ཞིང་ཀུན་ཏུ་ཡང་དཀོན་པ་ཡི། །བཀའ་འདུས་བར་པའི་གསེར་ཆོས་མཇལ་འདི་སྤྲོ། །ཉམས་སུ་ལེན་རྣམས་གདོད་མའི་གྲུབ་མཐར་སྙོགས། །བསྙེན་སྒྲུབ་ཙམ་གྱིས་རིག་འཛིན་ས་ལ་སྦྱོར། །སུས་འབྲེལ་ངན་སོང་སྐྱེ་སྒོ་གཅོད་པའི་ཆོས། །གུ་རུའི་ཐུགས་རྗེས་སྙིགས་མའི་དཔལ་དུ་ཤར། །བསླད་མེད་ཕ་ལམ་ལྟ་བུའི་རྡོ་རྗེའི་ཚིག །མ་དག་ཡན་ལག་རྒྱན་ཏུ་མི་འོས་ཀྱང་། །རང་སྐལ་མཉམ་ལ་དགོས་པའི་དབང་མཐོང་ནས། །དམ་པའི་བཀའ་བཞིན་ཕྱག་ལེན་ཅུང་ཟད་ཕྱེས། །འཁྲུལ་བའི་དབང་གྱུར་སོ་སྐྱེའི་ཆོས་ཉིད་ཕྱིར། །ནོར་བ་གང་མཆིས་རྩ་གསུམ་ཆོས་སྲུང་ལ། །སྙིང་ནས་བཤགས་སོ་འདི་


LT31_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དང་གང་འབྲེལ་བར། །མི་བསྒྲིབས་མཆོག་ཐུན་གྲུབ་པ་བདེ་བླག་སྩོལ། །དགེ་བས་རིས་སུ་མ་ཆད་མཁའ་མཉམ་འགྲོ། །དབང་གི་ཆུ་བོས་རྟོགས་གྲོལ་དུས་མཉམ་དུ། །བདེ་ཆེན་རྡོ་རྗེ་སེམས་དཔའི་གནས་ཐོབ་ནས། །པདྨའི་མཆོག་བསྟན་ཕྱོགས་བརྒྱར་སྣང་བྱེད་ཤོག། ༈ །།ཅེས་པ་འདིའང་། རང་བཟོ་དང་གྱ་ཚོམ་གྱི་རིག་བས་གཞུང་དོན་འཁྱོགས་པོར་བཏང་བ་མ་ཡིན་པར། གཙོ་བོར་གཏེར་ཆེན་ཉིད་ཀྱི་ཕྱག་རྒྱུན་རྣམ་པར་དག་པ་ཉིད་སྙིང་ཕུ་རིག་འཛིན་སྙིང་པོའི་མཚན་ཅན་གྱི་བར་རྒྱལ་ཚབ་བདུན་བརྒྱུད་དུ་རང་བཟོའི་བསླད་ཀྱིས་གཞར་ཡང་མ་གོས་པ་དེ་ཉིད་དང་མཐུན་པར། ལམ་འདིའི་བཀའ་བབ་ཀྱི་ཤིང་རྟ་ཆེན་པོ་བྱ་ཁྱུང་བ་དང་རྩེ་ལེ་ཡབ་སྲས་ཀྱི་རིང་ལུགས་སྤྱི་དང་། ཁྱད་པར་བཻ་རོའི་དངོས་སྤྲུལ་མཁས་གྲུབ་པདྨ་ལེགས་གྲུབ་རྩལ་གྱིས་སྲས་སློབ་བརྒྱུད་པ་སུམ་ཐུག་གི་ཕྱག་བཞེས་ཆུ་བོ་གཅིག་ཏུ་བསྲེས་ནས་ནོར་འཁྲུལ་གྱི་དྲི་མ་བསལ་བར་མཛད་པའི་སྒྲུབ་དབང་ཆེན་མོའི་ཟིན་བྲིས་ས་བཅད་ཉིད་རྩ་བར་བཟུང་། །སྔ་འགྱུར་བཀའ་གཏེར་གྱི་སྲོག་འཛིན་སྨིན་གླིང་། ཀཿཐོག་དཔལ་ཡུལ་སོགས་ཀྱི་ཕྱག་སྲོལ་ལའང་ཞིབ་པར་བརྟགས། གཙོ་ཆེར་བུམ་དབང་ཆེན་མོ། །སྒྲུབ་ཁོག་


LT31_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཁྲིད། ལག་ཁྲིད་གབ་པ་མངོན་ཕྱུང་སོགས་རང་གཞུང་ཉིད་དུ་རྡོ་རྗེའི་གསུང་གིས་ཆེས་གསལ་བར་བསྟན་པའི་དོན་རྣམས་ཅི་ནུས་སུ་དཔྱད་ནས། སྒྲུབ་དབང་ཆེན་མོའི་ཕྱག་བཞེས་ད་ལྟའི་འདོད་མཁོས་དང་བསྟུན་ནས་བསྡུས་ཏེ་བལྟས་ཆོག་ཏུ་བཀོད། སློབ་མ་རྗེས་འཛིན་ཙམ་སོར་བའི་ཚུལ་ཡང་ཞར་བྱུང་དུ་གསལ་བར་བྱས་པ་འདི་ནི། དྭགས་རྙིང་བསྟན་པའི་སྒྲོན་མེར་བསམ་བཞིན་སྤྲུལ་པའི་རོལ་གར་འཛིན་པ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱི་བཀའ་སྩལ་སྤྱི་བོར་ཕེབས་པ་དང་། སྐལ་མཉམ་རེ་ཟུང་ལ་ཕན་པའང་སྲིད་དམ་སྙམ་ནས་པདྨའི་རྒྱལ་ཚབ་ཏཱའི་སི་ཏུ་པདྨ་དབང་ཆེན་གྱི་བཀའ་འབངས་ཐ་ཤལ་གྱི་གྲས་སུ་གཏོགས་ཤིང་དགོངས་འདུས་གསེར་ཆོས་ཀྱི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། །ཆོས་ཀྱི་སྤྱན་ཅན་དྲུག་དང་། པདྨའི་ལྗགས་ལྡན་དྲུག་ལས་མཚན་ཡོངས་སུ་གྲགས་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་དང་། པདྨ་དབང་ཆེན་ལ་སོགས་པས་དྭགས་རྙིང་ཟུང་དུ་འབྲེལ་བའི་ངེས་དོན་སྙིང་པོའི་བསྟན་པ་ལ་ཕྲིན་ལས་ཆེར་མཛད་དང་མཛད་པར་འགྱུར་བའི་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྒྱལ་ཟླའི་དབང་ཕྱོགས་ཀྱི་


LT31_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་གསུམ་པར་རྫོགས་པར་བྲིས་པའི་ཡི་གེ་བ་ནི་རང་སློབ་ལྔ་རིག་སྨྲ་བ་ཀརྨ་འགྱུར་མེད་ཀྱིས་བགྱིས་པ་སྟེ། འབྲེལ་པ་ཐོགས་ཚད་ཀུན་བཟང་འོད་མི་འགྱུར་བའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།

བླ་མ་དགོངས་པ་འདུས་པ་ལས་དཔའ་བོ་རྐྱང་སྒྲུབ་དང་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ཀྱི་ཡི་གེ་བདུད་རྩི་སྟོང་གི་ཟབ་བཅུད།


LT31_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས། དཔའ་བོ་རྐྱང་སྒྲུབ་དང་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ཀྱི་ཡི་གེ་བདུད་རྩི་སྟོང་གི་ཟབ་བཅུད་ཅེས་བྱ་བ་བཞུགས་སོ། །


LT31_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། བསམ་དགུ་འཇོ་པའི་ནོར་བུ་དཔག་བསམ་ལྟར། །གསོལ་བ་བཏབ་ན་དངོས་གྲུབ་གཉིས་སྩོལ་བ། །དགོངས་པ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་པས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཤོག །རྩ་བརྒྱུད་བླ་མས་སྨིན་གྲོལ་བྱིན་གྱིས་རློབས། །ཡི་དམ་ལྷ་ཡིས་མཆོག་ཐུན་གྲུབ་པ་དང་། །ཌཱ་ཀི་ཆོས་སྲུང་བཀའ་ཡི་གནང་བ་སྩོལ། །འབྲེལ་ཚད་དོན་དང་ལྡན་པར་མཛད་དུ་གསོལ་བ། །དེ་ལ་ཟབ་ཆོས་གང་གི་མཚན་ཐོས་ཙམ་གྱིས་སྐལ་ལྡན་སྤྲོ་བ་བསྐྱེད་པ་དགོངས་འདུས་དང་པོ། བཀའ་འདུས་བར་པར་གྲགས་པ། རྒྱལ་བ་པདྨ་འབྱུང་གནས་


LT31_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དང་མངོན་སུམ་མཇལ་བ་ལྟ་བུའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདི་ལ་རྒྱས་པར་སྤྲོས་ན་ཤིན་ཏུ་རྒྱ་ཆེ་ཡང་། ཉམས་ལེན་གྱི་དབང་དུ་བྱས་ན་བསྐྱེད་རྫོགས་གཉིས་ལ་ཐམས་ཅད་འདུ་སྟེ། དེ་ཡང་ཀུན་རྫོབ་ཨ་འཐས་ཀྱི་འཁྲུལ་ཞེན་གཅོད་པར་བྱེད་པ་བསྐྱེད་རིམ་བརྡའི་སྐོར་ལ་རྩ་བ་སྒྲུབ་པ་ཆེན་པོའི་སྒྲོམ་དྲུག །ཡན་ལག་གི་སྒྲུབ་ཕྲན་དྲུག །གུད་དུ་སྦས་པའི་བསྙེན་སྒྲུབ་ཚ་བ་དམར་ཐག །མཁའ་འགྲོའི་སྒྲུབ་སྐོར་བཅས་དང་། དོན་དམ་ཡེ་ཤེས་ཀྱི་དབྱིངས་སུ་སྐྱེལ་བར་བྱེད་པ་རྫོགས་རིམ་དོན་གྱི་སྐོར་ལ་དབང་རབ་ཀྱི་དོན་དུ་རྫོགས་ཆེན། དབང་འབྲིང་ལ་ཕྱག་ཆེན། དབང་པོ་ཐ་མར་


LT31_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ། ཆགས་ཅན་ལ་ལམ་འབྲས། ཐུན་མོང་དུ་གཅེས་པའི་ཧཱུྃ་ཆོས་འབྲུ་དགུ་ལ་སོགས་པ་མན་ངག་ཁ་འཐོར་གྱི་རིམ་པ་བཅས་ཟ་འོག་གི་རས་མའམ་ནོར་བུའི་ཕུང་པོ་བརྡལ་བ་ལྟ་བུ་དབང་པོ་དང་བསྟུན་པའི་བསྐྱེད་རྫོགས་ཀྱི་རིམ་པ་རྒྱས་བསྡུས་སོ་སོ་ནས་ཁ་ཚང་ལ་དོན་འབྲེལ་བར་བཞུགས་ཏེ། དེ་རྣམས་ཀྱང་བདུད་རྩི་དང་བམ་སྒྲུབ་སོགས་ཡན་ལག་གི་སྒྲུབ་ཕྲན་འགའ་ཞིག་བསྙེན་སྒྲུབ་ཆེན་མོ་སྔོན་སོང་གི་ལས་སུ་སྦྱར་བར་བྱ་བ་ཙམ་ཞིག་ལས། གཞན་རྣམས་གཅིག་ལ་གཅིག་ལྟོས་དགོས་པ་ཁོ་ན་མ་ཡིན་ཞིང་གདམས་པ་སྣ་རེ་ཉམས་སུ་བླང་ཡང་རང་རྐང་གི་ལམ་རེ་ཚང་ལ་རྫོགས་པའོ། །དེ་ལ་བསྐྱེད་རིམ་གྱི་བསྙེན་སྒྲུབ་ཐམས་ཅད་ཀྱི་རྩ་བ་ནི་ནོར་བུ་པད་ཕྲེང་ཡིན་ཀྱང་སྤྲོས་པ་རྒྱས་པས་བློ་གྲོས་དང་འབྱོར་པ་དམན་པས་མི་ལྕོགས་ལ། སྒྲུབ་རྒྱུན་མི་ཆད་ཅིང་། སློབ་དཔོན་གྱི་ལས་རུང་དང་། དགོངས་པ་འདུས་བའི་བསྙེན་སྒྲུབ་ལ་འབྲེལ་འཇོག་ཙམ་ཡང་འདོད་པ་རང་འདྲའི་སྐལ་མཉམ་རྣམས་ཀྱིས་ཟབ་ཆོས་འདི་ཐོབ་ཕྱིན་ཆད་ནོར་བུ་བོར་ནས་མཆིང་བུ་མི་བཙལ་བར་འདི་ཙམ་ཞིག་ཅི་ནས་ལག་ཏུ་ལེན་པར་བྱ་སྟེ། དེ་ལ་ལག་ལེན་ཏུ་བྱ་བའི་ཟིན་བྲིས་དངོས། གལ་ཆེ་བའི་སྤྱི་དོན། །ཕན་ཡོན་ཅུང་ཟད་སྨོས་པ་སྟེ་གསུམ་མོ། །ཐོག་མར་ལག་ལེན་དངོས་ལའང་།


LT31_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ། སྔོན་འགྲོ་ལ་སྤྱི་དང་ཁྱད་པར་གཉིས། སྤྱི་ལའང་གསུམ་སྟེ་ཕྱིའི་སྔོན་འགྲོ་གནས་མལ་ཟས་གོས་ཡོ་བྱད་འཚོ་སྨན་འབུད་ཤིང་ཡན་ཆད་ཉེ་བར་བསྡོགས་ཏེ་དངོས་གཞིའི་སྐབས་རྣམ་རྟོག་གི་སྦུན་ལང་དང་གཟེ་རེའི་རྒྱུ་རུ་མི་འགྲོ་བར་བྱ། ནང་གི་སྔོན་འགྲོ་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་དུ་ཕྱག་བསྐོར་བཀའ་བསྒྲགས་སཱཙྪ་ཆུ་གཏོར་ལམ་བཅོས་མདོས་གཏོར་ཉེས་སེལ་སོགས་མཆོད་སྦྱིན་དང་སྒྲིབ་སྦྱོང་ཚོགས་བསགས་ཀྱི་རིམ་པ་ཅི་ནུས་གཞུང་གསལ་ལྟར་འབད། གསང་བའི་སྔོན་འགྲོ་ཨོ་རྒྱན་ཆེན་པོའི་ཞལ་ནས། འདི་ནི་ཀུན་གྱི་ཡང་སྙིང་ཆོས་ཡིན་པས༔ ཌཱ་ཀིའི་འཁུ་ལྡོག་བདུད་ཀྱི་ཆོ་འཕྲུལ་དང་༔ བར་ཆད་འཇུག་སྒོ་བསམ་གྱིས་མི་ཁྱབ་པས༔ འདི་སྒྲུབ་འདི་འཆང་འདི་ཀློག་འདི་བྲི་བ༔ འདི་ལ་དབྱར་དམ་བྱེད་དང་སྤེལ་བའི་ཚེ༔ དངོས་དང་ཉམས་སྣང་རྨི་ལམ་ལ་སོགས་པ༔ སྤྲུལ་དང་ཡང་སྤྲུལ་དེར་སྤྲུལ་འབྱུང་བ་ནི༔ མི་དང་མི་མིན་དགྲ་དང་གཉེན་གྱི་ཚུལ༔ ཐེ་ཚོམ་འཁུ་འཕྲིགས་ཡ་ང་སློང་བ་དང་༔ སྙན་དང་མི་སྙན་འཚོལ་བར་སྒྲོགས་པ་དང་༔ ནད་དང་སྡུག་བསྔལ་རྐྱེན་གྱོད་རྒོད་པ་དང་༔ མཐུན་རྐྱེན་མི་འཛོམ་བཀྲེན་ཅིང་ཕོངས་པ་དང་༔ ཉོན་མོངས་འཁྲུག་ཅིང་གཟིར་


LT31_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མང་བ་དང་༔ དགྲ་དང་ཆོམ་རྐུན་ཁ་སྨྲ་གླེང་གཞི་དང་༔ འདོད་ཡོན་བསླུ་བྲིད་དགའ་བྲོད་རྣམ་གཡེངས་དང་༔ ཉམས་ལེན་ཕྱི་ཤོལ་རིགས་གནས་ཁ་འབྱམས་དང་༔ ལེ་ལོ་བཏང་སྙོམས་འཚེར་བག་སྒྱིད་ལུག་དང་། དཔའ་ཞུམ་བརྩོན་འགྲུས་ལོག་མིན་འཕྱོ་བ་དང་། བློ་ཐག་མ་ཆོད་ཐེ་ཚོམ་ཡིད་གཉིས་ཏེ༔ འདི་ལ་འཇུག་ཚེ་བདུད་ཀྱི་ལུང་བསྟན་སོགས༔ རྐྱེན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པས༔ གང་ཡང་བར་ཆད་ཡིན་པར་ཤེས་པར་གྱིས༔ གཉེན་པོ་ཡངས་མེད་བརྩོན་འགྲུས་ལྕགས་ཀྱིས་བསྡམ༔ བླ་མ་ཡི་དམ་རྣམས་ལ་གསོལ་བ་ཐོབ༔ མཁའ་འགྲོ་ཆོས་སྐྱོང་སྐོང་གསོ་ཡང་ཡང་གྱིས༔ དེས་ནི་གནས་སྐབས་མཐར་ཐུག་དོན་ཆེན་འགྲུབ༔ ཅེས་གསུངས་པ་ལྟར་གྱི་བར་དུ་གཅོད་པ་ཅི་ཞིག་བྱུང་ཡང་སྤྲོ་བ་ལས་ཡིད་ཕྱིར་མི་ལྡོག་པའི་གོ་ཆའི་བརྩོན་འགྲུས་ལྷག་པར་བགོ་སྟེ། ཀུན་གོ་གཅིག་ཆོད་བཀའ་གཏེར་ཀུན་གྱི་ཡང་བཅུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མཐར་ཐུག་གསེར་ཆོས་ཟབ་མོ་འདི་ལྟ་བུ་དང་མཇལ་བ་ནི་རྨི་ལམ་ན་ནོར་བུ་རྙེད་པ་ལྟར་མི་སྲིད་སྲིད་པའི་ཆོས་ཅན་ཡིན་ཞིང་། །ཚེ་འདིའི་ནད་རྐྱེན་གྱི་འཚེ་བ། ལྟར་སྣང་གི་བྱ་སྤྱོད་བསྒྲུབ་དགོས་ལ་སོགས་པ་ནི་རྨི་ལམ་གྱི་རི་མོ་ལྟར་མྱུར་དུ་འཇིག་པའི་ཆོས། ཇི་ཙམ་ཞིག་འབད་དུ་


LT31_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཀྱང་གཏན་གྱི་བདེ་བ་ལ་ཕན་པའི་སྙིང་པོ་སྐྲའི་རྩེ་མོ་བརྒྱར་གཤག་པ་ཙམ་ཡང་མེད་པས། རིགས་འདུས་བླ་མའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་མ་གྲུབ་ཀྱི་བར་དུ་འཆི་བ་སྲོག་ལ་བབ་ཀྱང་སྒྲུབ་པ་མཐར་སྐྱོལ་བ་མི་བྱེད་རེ་སྙམ་པའི་ཞེ་དམ་བརྟན་པོ་ཡང་དང་ཡང་དུ་བླང་ཏེ་འཁྲུལ་པའི་རྣམ་རྟོག་ལུ་གུ་རྒྱུད་ཆུ་གཉེར་ལྟ་བུ་རྦད་ཀྱིས་བཅད་དེ། དཀྱིལ་འཁོར་རྣམ་པ་གསུམ་ལ་གཞི་བཅའ། དགོངས་པ་རྣམ་པ་གསུམ་གྱིས་སྲོག་བཟུང་། ཁྱེར་སོ་རྣམ་པ་གསུམ་གྱིས་འགག་བསྡམས་ནས་ཐ་མལ་གྱི་དབང་དུ་སྐད་ཅིག་ཀྱང་མ་ཤོར་བ་ལ་བསླབ་བོ། །གཞན་ཡང་ཞལ་གདམས་ལས༔ འདིར་འཇུག་སྤྲོ་རྣམས་ཚེ་རབས་གྲངས་མེད་ནས༔ བསོད་ནམས་ཚོགས་བསགས་ལས་དང་སྐལ་པར་ལྡན༔ ཞེས་དང་། འདི་མཐོང་ཐོས་རེག་འདི་དང་གང་འབྲེལ་བའི༔ སེམས་ཅན་རིགས་གྱུར་ལས་ཀྱི་མཐའ་སྟོངས་ཤིང་༔ སྣང་བ་མཐའ་ཡས་ཞིང་མཆོག་དམ་པ་རུ༔ འཁོད་པར་གྱུར་ན་ཉམས་སུ་ལེན་རྣམས་ནི༔ ཚེ་གཅིག་ལུས་གཅིག་གྲོལ་བར་སྨོས་ཅི་དགོས༔ ཞེས་སོགས་ཁྱད་པར་དུ་འཕགས་པའི་ཟབ་ཆོས་འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དཔལ་གྱི་མགུར་ནས་རྡོ་རྗེའི་གསུང་གིས་ཆེ་ཐང་དུ་གདམས་པ་ལ་བསམ་སྟེ་སྒྲུབ་པ་


LT31_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ལ་ཤིན་ཏུ་སྤྲོ་བའི་བློ་གཟེངས་བསྟོད་པ་དང་། རང་ཉིད་གྲགས་འདོད། གཞན་ལ་འགྲན་སེམས། ཉམས་མཚར་ཁ་ཆོས། བྱས་བྱས་བསྒྲུབས་བསྒྲུབས་ཀྱི་རྣམ་གྲངས་ཙམ་གྱི་བློ་ངན་སྔོན་དུ་འགྲོ་བས་འདི་ཉིད་བསྒྲུབས་ཀྱང་ཙནྡན་རིན་ཐང་གཞལ་དུ་མེད་པའི་སྡོང་པོ་སོལ་དུམ་དུ་བསྒྱུར་བ་ལྟར་སྒྲུབ་པའི་རྨད་འཆུག་ནས་འབད་པ་དོན་མེད་དུ་བཅོས་པ་ཡིན་པས། ནམ་མཁའི་མཐའ་ཁྱབ་ཀྱི་ཕ་མ་སེམས་ཅན་གསུང་རྡོ་རྗེ་པདྨའི་མགོན་པོའི་གོ་འཕང་ལ་འགོད་པའི་ཕྱིར་དུ་ཟབ་མོའི་ལམ་བཟང་འདི་ལ་འཇུག་པར་བགྱི་སྙམ་པའི་བྱང་ཆུབ་སེམས་བློས་ཐེག་མཐའ་ཀུན་ཏུ་ཟིན་པར་བྱའོ། །ཁྱད་པར་གྱི་སྔོན་འགྲོ་ལའང་གཉིས་ཏེ། དང་པོ། དམ་ཚིག་ཉམས་ཆགས་ཕྲ་རགས་སྦྱོང་ཞིང་། ངག་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་བརྒྱ་པའི་སྒོམ་བཟླས་འདི་ཉིད་ཀྱི་སྐོང་ཆོག་མཆོད་ཕྲེང་ཆོས་སྤྱོད་སོགས་ལས་འབྱུང་བ། དེའང་རང་ཉིད་རྣལ་འབྱོར་གང་ལ་བགྱིད་པའི་ཐེག་པའི་རིམ་པ་དང་མཐུན་པ་གང་བདེའམ། སྤྱི་ཙམ་དུ་སྒྲུབ་ཐབས་འཕྲུལ་གྱི་དུམ་བུ་ལས་འབྱུང་བ་འདི་བཞིན་འདོན་བསྒོམ་བྱ་སྟེ། རང་ཉིད་ཐ་མལ་གནས་པ་ཡི༔སྤྱི་བོར་པདྨ་ཟླ་བའི་སྟེང་༔ ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་


LT31_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་གསལ༔ གནས་གསུམ་འབྲུ་གསུམ་ཡི་གེས་མཚན༔ ཨོཾཱ་ཨཱཿཧཱུྃ༔ དེ་ལས་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་ལྷ་དང་དབྱེར་མེད་གྱུར༔ རིགས་ལྔ་ལ་སོགས་སྤྱན་དྲངས་ལ༔ དབང་བསྐུར་རིགས་བདག་རྒྱ་ཡིས་གདབ༔ དེ་ཡི་ཐུགས་ཀར་ཧཱུྃ་ཡིག་ལ༔ ཨོཾཱ་བཛྲ་སཏྭ་ས་མ་ཡ༔ སོགས། ཤེལ་ལྟར་གཡས་སུ་བསྐོར་བ་ཡི༔ ཧཱུྃ་དང་ཡིག་བརྒྱ་བཅས་པ་ལས༔ འོད་ཟེར་བདུད་རྩིའི་རྒྱུན་བྱུང་ནས༔ རང་གི་ཚངས་པའི་བུ་གར་བབ༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་དང་༔ གནས་སྐབས་རྐྱེན་དང་བར་ཆད་རྣམས༔ མི་གཙང་རྣག་ཁྲག་འབུ་སྲིན་ཚུལ༔ གཤང་ལྕི་ལྟ་བུར་བུད་ནས་ཀྱང་༔ ལུས་ཉིད་ཤེལ་སྒོང་དྲི་མེད་ལྟར༔ གསལ་སྟོང་རྗེན་པར་གྱུར་ནས་ཀྱང་༔ ལུས་ངག་ཡིད་གསུམ་ཉེས་བྱས་དག༔ ཅེས་པའི་དམིགས་པ་རྩེ་གཅིག་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་ཅིང་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་དང་བཅས་ཡིག་བརྒྱ་དང་ཡན་སྙིང་ཅི་འགྲུབ་བཟླས་ལ་མཐར། རང་ལུས་འོད་དུ་ཞུ་ནས་


LT31_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ རྡོ་རྗེ་སེམས་དཔའི་ཐུགས་གར་ཐིམ༔ རྡོ་རྗེ་སེམས་དཔའ་ཡིག་འབྲུར་བཅས༔ དམིགས་མེད་འཇའ་ལྟར་ཡལ་བར་གྱུར༔ ཞེས་པ་སྟེ་ཐོག་མར་ཞག་ཤས་ཅི་འགྲུབ་ཐུན་བཅད་དུ་བྱ་ཞིང་། དངོས་གཞིའི་བསྙེན་སྒྲུབ་ཆེ་ཕྲ་གང་བྱེད་ཀྱང་ཐུན་བཞི་ཀའི་མགོར་ཉེར་གཅིག་རེ་བཟླ་བ་མ་ཆག་པར་བྱའོ། །གཉིས་པ་ཚོགས་ཁྱད་པར་ཅན་སྤེལ་བས་སྒྲུབ་པའི་འབྲས་བུ་མྱུར་དུ་འགྲུབ་པའི་ཕྱིར། མཎྜལ་གྱི་ཆོ་ག་ཚུལ་བདུན་ཡིད་བཞིན་ནོར་བུ་ལྟར་འབྱོར་ཚོགས་དང་བསྟུན་པའི་མཎྜལ་གྲངས་མང་འབུལ་ཞིང་དངོས་གཞི་ཐུན་པར་རྣམས་སུའང་ཚར་རེ་མ་ཆག་ན་དགོས་པ་ཆེན་པོ་ཡོད་དོ། །གཞན་ཡང་སྐབས་འདིར་སྐོང་ཚེག་རྒྱས་བསྡུས་གང་འགྲུབ་བམ། ཡང་ན་ཚོགས་ཀྱི་འཁོར་ལོ་རྒྱས་པ། ཞི་བའི་སྦྱིན་སྲེག་རྣམས་ཀྱང་འགྲུབ་ན་གནད་དུ་ཆེ་སྟེ་གཞུང་གི་དགོངས་པའོ།། ༈ །།དངོས་གཞི་ལའང་གསུམ་སྟེ། བར་ཆད་བསལ་བ་གོང་བསྙེན་གྱི་མན་ངག་བསྟན་པ། བསྐྱེད་རིམ་ཀུན་གྱི་བཅུད་དྲིལ་ཚ་བ་དམར་ཐག་བསྟན་པ། དེ་གཉིས་ཀའི་ཡན་ལག་གི་རྣལ་འབྱོར་བསྟན་པའོ། །དང་པོ་ནི། དཔའ་བོ་རྐྱང་སྒྲུབ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ནོར་བུའི་སྙིང་པོ་ལྟར་ཉམས་སུ་ལེན་པར་བྱ་སྟེ་དེ་ལའང་གསུམ།


LT31_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །གསུམ་ཀའང་སྤྲོས་མེད་ཀུ་སུ་ལུ་པའི་ཉམས་ལེན་ཡིན་པས། དཀྱིལ་འཁོར་མཆོད་གཏོར་སོགས་སྤྲོས་བཅས་ཀྱི་བཅས་བཤམས་ནི་མི་དགོས་ཀྱང་། འབྱོར་ན་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་སྟེགས་ཀྱི་ཁར་མཎྜལ་ཚོམ་བུ་དགུ་པ་དང་བདག་བསྐྱེད་ཀྱི་མཆོད་གཏོར་དཔལ་གཏོར་དམར་པོ་གཙོ་འཁོར་དགུ་པ་རྒྱན་ལྡན་བཀོད་པའི་གཡས་གཡོན་ཏུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། བཀའ་སྲུང་གཏོར་འབུལ། བགེགས་གཏོར། ཚོགས་ཆད་བརྟན་སོགས་འདུ་བྱ། བསྙེན་སྒྲུབ་ལ་ཞུགས་ཀར་ཕྱི་ནང་གསང་ཁྲུས། །ཕྱི་གཡེན་ལ་དཀར་གཏོར་བསྔོ་ཞིང་མཚམས་ཐོ་འཇོག་པ་སོགས་སྤྱི་ལྟར་བྱས་ནའང་རུང་། མ་བྱས་ཀྱང་ཁྲུས་ནི་གོང་གསལ་སྔོན་འགྲོར་འཐུས་ལ་ཐོ་འཛུག་པ་སོགས་ནི་སྐབས་འདིར་ངེས་པར་དགོས་པའང་མ་ཡིན་ནོ། །སྤྱིར་འདི་ཉིད་ཀྱི་བསྙེན་སྒྲུབ་གང་ལ་འཇུག་ཀྱང་ར་བ་བཞིའི་ཚེས་བརྒྱད། བཅུ། བཅོ་ལྔ་གང་རུང་། གཟའ་སྐར་བཟང་བའི་སྔ་དྲོའི་ཆར་འཇུག་པར་བྱ་ཡི་ནམ་བདེ་ལ་འཇུག་མི་རུང་བར་གསུངས་པ་ལྟར། འོག་གི་ཐུགས་ནོར་སྒྲུབ་པ་དངོས་གཞིའི་སྐབས་སུ་ཅི་ནས་འགྲིགས་པ་གལ་ཆེ་ཞིང་། འདིར་ཡང་ཟླ་ཚེས་


LT31_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགྲིགས་ན་ལེགས་ལ་མ་འགྲིགས་ནའང་ཚེས་གང་རུང་འགྲིགས་པར་བྱའོ། །བསྙེན་སྒྲུབ་ལས་གསུམ་དམིགས་གནད་ཀྱི་ཁྱད་པར་ཅུང་ཟད་ལས་བཅས་བཤམས་འདོན་འགྲིགས་སོགས་ནི་ལན་གཅིག་པོའི་དཀྱུས་དེ་ཀས་འཐུས་ཀྱི་དབྱེ་བ་སོ་སོར་མེད་དོ། །དེ་ལ་ཐོག་མར་བསྙེན་པའི་རིམ་པས་རང་བྱིན་གྱིས་བརླབ་པ་ནི། ཐུན་གྱི་ཐོག་མར་ཚིག་བདུན་གསོལ་འདེབས། མཎྜལ་ལས་འབྱུང་བའི་གསོལ་འདེབས་འབྲིང་པོ་དང་ཕུར་ཚུགས་གསོལ་འདེབས། ཉིན་དང་པོའི་ཐུན་མགོར་ལས་བྱང་མེ་ཏོག་ཕྲེང་བ་ལྟར་བགེགས་གཏོར་ཡང་བཏང་ཞིང་། ཕྱི་མ་རྣམས་སུ། ཧཱུྃ་ཧྲཱིཿ ཡེ་ཤེས་རོལ་པ་སོགས་མཚམས་གཅོད། ཚོགས་བསགས། སྐྱབས་སེམས། མཆོད་པ་བྱིན་རླབས། ཏིང་འཛིན་རྣམ་གསུམ། ཙིཏྟ་པདྨ་བཛྲ་ཧཱུྃ༔ ཡན་བཏང་མཚམས། བདག་ལུས་སྒྱུ་མའི་གྲོང་ཁྱེར་ཡང་༔ དབང་དང་བྱིན་གྱིས་བརླབ་པའི་དུས༔ བླ་མ་རྡོ་རྗེ་སེམས་དཔར་གསལ༔ ཞེས་པས། སྟོང་པའི་ངང་ལས་སྐད་ཅིག་གིས༔ པད་ཟླའི་སྟེང་དུ་རང་ཉིད་ནི༔ ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་།ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དགུ་ལ་བརྟེན༔ ཞབས་གཉིས་


LT31_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་ཕྱེད་པའི་ཚུལ༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་གསལ༔ དེ་ལྟར་བསྐྱེད་པའི་གནས་གསུམ་དུ༔ ཕྱི་ནང་གསང་བའི་ལྷ་དགུ་པོ༔ དམ་ཚིག་སེམས་དཔའི་ཚུལ་དུ་གསལ༔ ཞེས་པའི་བདག་བསྐྱེད་ལ་ལུས་དཀྱིལ་གསལ་གདབ་པ་ནི༔ རྐྱང་སྒྲུབ་རང་གཞུང་ལྟར་ཐོག་མར་གཤམ་ནས་གྱེན་རིམ་སོགས་བདག་དོན་སྒྲུབ་པའི་ལྷ་བསྐྱེད་ཀྱི་ཚུལ་ལྟར་འདོན་སྒོམ་བྱ་སྟེ། སྤྱི་བོའི་གཙུག་ཏུ་བསྒོམ་པ་ནི༔ སོགས་ནས། གནོན་པར་བསྐྱེད༔ ཨོཾཱ་ཨཱཿཧཱུྃ་བཛྲ་གུ་རུ་སོགས། གཡས་སུ་བུདྡྷ་ཐོད་ཕྲེང་རྩལ༔ སོགས་ནས། བག་ཕེབ་ལྷམ་མེར་གསལ། ཨོཾཱ་ཨཱཿཧཱུྃ་བུདྡྷ་སོགས། བཅོམ་ལྡན་མི་བསྐྱོད་སོགས་ནས། ཚུལ་དུ་བཞུགས༔ ཨོཾཱ་བཛྲ་སོགས། མགྲིན་པར་དབང་ཆེན་ཟླ་གམ་སྟེང་༔ སོགས་ནས། དཔེ་བྱད་ལྡན་པར་གསལ༔ ཨོཾཱ་ཨཱཿཧཱུྃ་ཧྲཱིཿ སོགས། རིག་འཛིན་ཆེན་པོ་སོགས་ནས། ལས་མཛད་སྟབས་ཀྱིས་བཞུགས༔ ཨོཾཱ་ཨཱཿཙརྻ་སོགས། བཅོམ་ལྡན་གུ་རུ་སོགས་ནས། ཆ་ལུགས་ཅན༔ ཨོཾཱ་ཨཿཧཱུྃ་སོགས། སངས་རྒྱས་ཐོད་པའི་དུམ་བུ་ནི༔ སྙིང་གི་དབུས་སུ་བསྐྱེད་པ་སྟེ༔ སོགས་ནས། སྟེང་དུ་འགྱིང་༔ ཨོཾ་བུདྡྷ་སོགས། རྟ་མགྲིན་དབང་ཆེན་


LT31_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། སྐུ་ལ་རྫོགས༔ ཨོཾཱ་པདྨཱ་ནྟ་ཀྲྀ་ཏ་སོགས། བཅོམ་ལྡན་ལག་ན་རྡོ་རྗེའི་སོགས་ནས། ཡན་ལག་རགས་པར་བསྒོམ༔ ཨོཾ་བཛྲ་སོགས། དེ་ལྟར་བསྐྱེད་པ་ཐམས་ཅད་ཀྱང་༔ ཨ་འཐས་ཐེར་ཟུག་མ་ཡིན་པར༔ སྣང་སྟོང་སྒྱུ་མ་ལྟ་བུའི་ཚུལ༔ འཇའ་དང་འོད་ཕུང་ཚུལ་དུ་གསལ༔ གནས་གསུམ་འབྲུ་གསུམ་ཡི་གེས་མཚན༔ དེ་ལས་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་བདག་དང་དབྱེར་མེད་གྱུར༔ ཞེས་པས་བསྐྱེད་ནས། ལས་བྱང་མེ་ཕྲེང་ནས། ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་སོགས་སྤྱན་འདྲེན་པ་ནས་སྨན་རཀ་གཏོར་འབུལ་ཡན་མཐར་ཆགས་སུ་བཏང་། བསྟོད་པ་ནི་མངོན་རྟོགས་རིན་ཆེན་ཕྲེང་བ་ལས་འབྱུང་བའི། བདེ་ཆེན་རོལ་བའམ། བསྟོད་འབུལ་གཤམ་གྱི། དཀྱིལ་འཁོར་དགུ་རྫོགས་སམ། ལས་བྱང་ཚངས་སྒྲའི་རྗེས་ཆོག་སྐབས་ཀྱི། ཧཱུྃ་ཧྲཱིཿ འདུས་པ་ཡོངས་ཀྱི་སོགས་གང་ཡང་རུང་བས་བསྟོད་དོ། །དེ་ནས་སྤྲོ་ན་བརྒྱུད་པའི་གསོལ་འདེབས་དང་། ངག་དང་བགྲང་ཕྲེང་བྱིན་རླབས་ཆོས་སྤྱོད་ལམ་རིམ་འོད་ཀྱི་ཕྲེང་བ་ལས་འབྱུང་བ་ལྟར་སྔོན་དུ་འགྲོ་བས་བསྙེན་པ་ལ་འཇུག་པར་བྱ་སྟེ། བསྙེན་དམིགས་ནི་རྒྱས་པར་སྤྲོ་ན་པདྨ་བཛྲ་ལ་ཧྲཱིཿའོད་ལྔའི་མདངས་ལྡན། བུདྡྷ་ཐོད་ཕྲེང་ལ་ཨོཾཱ་དཀར་པོ། མི་བསྐྱོད་རྡོ་རྗེ་ལ་


LT31_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཱྃ་སེར་པོ་སོགས་དྲིལ་སྒྲུབ་ཡིད་བཞིན་ནོར་བུ་ལས་འབྱུང་བའི་སོ་སོའི་ས་བོན་ཐུགས་སོག་ཏུ་བཀོད་ཅིང་བསྡུ་ན་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡི་མཐར་སོ་སོའི་མདོག་མཚུངས་ཀྱི་སྔགས་ཕྲེང་སྔགས་ངོ་ཕྱིར་བསྟན་སྐར་མའི་ཕྲེང་བ་ལྟར་བཀྲ་ལམ་མེར་གསལ་བ་ལ། མདུན་ཕྱོགས་ཡི་གེ་ཨོཾཱ་ནས་གཡས་སྐོར་དུ་ཀློག་པའི་ཚུལ་གྱིས་བཟླ་བ་སོགས་འཛབ་དགོངས་དམིགས་པའི་འཁྲུལ་འཁོར་གྱི་ཟླ་བ་སྐར་ཕྲེང་དགོངས་པ་ལྟར་དང་། སྐབས་སུ་ལུས་ལྷ་རྣམས་གསལ་ཡང་ཡང་གདབ༔ སྐབས་རེར་གཙོ་བོ་དགུ་པོ་དང་གཞན་ཡང་ལུས་ཀྱི་རྩ་རླུང་ཐིག་ལེ་བ་སྤུའི་བུ་ག་ཚུན་ཆད་རྩ་བ་གསུམ་གྱི་ལྷ་ཚོགས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ་རྣམས་ཀྱིས་གྲགས་སྟོང་བྲག་ཆ་ལྟ་བུའི་བཟླས་པའི་སྒྲ་ཏི་རི་རི་སྒྲོགས་པ་ལ་སེམས་གཏད་དེ་མདོར་ན་ལུས་ལྷ། ངག་སྔགས། སེམས་དམིགས་པའི་འཕྲོ་འདུ་དང་དེའང་ཆོས་ཉིད་ཀྱི་ཀློང་ལས་མ་འདས་པའི་དཀྱིལ་འཁོར་རྣམ་པ་གསུམ་ལྡན་གྱི་དགོངས་པའི་གཟེར་བུ་ལ་འཁྲུལ་རྟོག་གིས་བར་མ་ཆོད་པར་བྱའོ། །བཟླ་ཚུལ་ནི། གཞུང་གི་དགོངས་པ་ལྟར་ན་ཉིན་ཞག་གཅིག་ལ་ཐུན་དྲུག་ཏུ་བཅད་པའི་ཉིན་ཐུན་གསུམ་ལ་ལྷ་བསྐྱེད་སྔགས་བཟླས་གཉིས་ཀ་


LT31_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་གྱི་ལུགས་དང་། མཚན་ཐུན་གསུམ་པོར་བདག་དོན་དུ་བསྐྱེད་བཟླས་ཀྱི་ཚུལ་སོ་སོ་གསུངས་ཀྱང་སྒྲུབ་ཡུན་རིང་བ་དང་ནམ་ཟླ་དཔྱིད་སོས་ལྟ་བུར་དེ་ཙམ་མི་འཁྱོང་པས་བསྙེན་སྒྲུབ་ཀྱི་སྐབས་བདག་དོན་ལྟར་དང་། ལས་སྦྱོར་སྐབས་གཞན་དོན་ལྟར་བསྐྱེད་བཟླས་བྱས་ན་དོན་དང་མི་འགལ་ཞིང་སྟབས་བདེ་ལ། གཞུང་མཐུན་ཐུན་དྲུག་ནུས་ན་ནི་ཆེས་མཆོག་ཏུ་གྱུར་པས། དེའི་ཚེ་ཉིན་མཚན་གྱི་ཆར་བསྐྱེད་བཟླས་གཉིས་གའི་དམིགས་བསལ་ལུགས་རང་གཞུང་ལྟར་བྱ་སྟེ་བསྙེན་སྒྲུབ་ལས་གསུམ་ཀ་ལ་བདག་གཞན་གཉིས་དོན་བྱ་ཚུལ་ཁྱད་པར་མེད་དོ། །འདིར་ཉིན་ཞག་གཅིག་ལ་ཐུན་གསུམ་བྱ་བའི་དཔང་དུ་བཏང་སྟེ། ཐུན་དང་པོར་སྤྱི་གཙུག །གཉིས་པར་མགྲིན་པ། གསུམ་པར་སྙིང་གའི་ལྷ་སྔགས་གསུམ་པོར་གཙོ་བོར་བཟླ་ལ། གཞན་དྲུག་པོ་ཅུང་ཟད་རེ་བཟླ། གཙོ་བོ་ནི་གྲངས་ཚད་མ་རྫོགས་བར་དུ་ཐུན་གསུམ་ཀར་བུངས་བསྐྱེད་ལ་བཟླའོ། །བསྙེན་ཚད་ནི་རབ་དུས་བསྙེན་ཟླ་བ་གསུམ། གྲངས་བསྙེན་འབྲུ་འབུམ་ཁ་སྐོང་བཅས་དགོས་པར་གསུངས་ཤིང་། འབྲིང་གཙོ་བསྙེན་འབྲུ་འབུམ། འཁོར་བརྒྱད་པོ་འབུམ་ཚོ་བཞི་རེ་ཐམ་གཙོ་བོ་འབུམ་ཚོ་བཞི། འཁོར་རྣམས་འབུམ་ཕྲག་རེ་རེ་ཅི་ནས་ཐེམ་པར་བྱ། དེའང་གྲངས་དུས་ཇི་ཙམ་བཟླ་བ་དེ་ཉིད་


LT31_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ལས་གསུམ་ཀ་ལ་ཆ་སྙོམས་པར་བགོ་ཞིང་། གསུམ་ཀའི་སྤྱི་སོ་ནས་གྲངས་དུས་གང་རུང་རྫོགས་པས་ཆོག་ལ། ཐུན་རེ་རེ་བཞིན་ཡང་ནང་གསེས་ཀྱི་སྔགས་གྲངས་ཆ་བགོ་བར་བྱའོ། །ཅིས་ཀྱང་འབྲེལ་འཇོག་བདུན་གསུམ་ཙམ་ལས་མ་ནུས་ཚེ་བསྙེན་སྒྲུབ་ལས་གསུམ་བདུན་ཕྲག་རེ་རེ་བྱ་ཞིང་འཁོར་བརྒྱད་པོ་ཇི་ཙམ་འོས་པ་དང་། གཙོ་བོ་ནི་འབུམ་ཕྲག་ཡར་བརྒལ་ཇི་འགྲུབ་བྱ་སྟེ། གཞུང་ལས། མཆོག་ཏུ་གཙོ་བོའི་བསྙེན་པ་ནི༔ཐེམ་པར་བྱེད་པ་གལ་ཆེའོ༔ཞེས་གསུངས་པས་སོ། །རྟགས་ཚད་ནི་གཞུང་དུ་གསལ་ལོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བཟླས་པས་ཁ་བསྐང་། ལས་བྱང་ཆེན་མོ་ལྟར། ཧཱུྃ་ཧྲཱིཿཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མཆོད་བསྟོད་བཟོད་གསོལ་བྱ། མེ་ཕྲེང་ལྟར། སྣོད་བཅུད་སྐྱེ་འགྲོ་སོགས་སམ། དཀྱུས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་ཞུགས། ཕཊ་ཕཊ་ཕཊ་ཀྱིས་ཐུན་མཚམས་སྒྱུ་མའི་ལྷ་སྐུར་ལྡང་། མེ་ཕྲེང་ལས། ཆོས་ཀྱི་དབྱིངས་ཀྱི་སོགས་དགེ་བསྔོ་གང་འཐད་བྱ། སླར་ཐུན་ལ་འཇུག་པའི་ཚེ་ན་བགེགས་གཏོར་མི་དགོས་ཤིང་གཞན་སྔ་མ་ཇི་ལྟ་བའོ། །ནུབ་རེ་བཞིན་བཀའ་སྲུང་གསུམ་པོའི་གཏོར་འབུལ་ཆག་


LT31_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མེད་པས་གཏེར་གཞུང་ངམ་ཆགས་མེད་ཀྱིས་མཛད་པའི་བསྡུས་པ་ལྟར་བྱ། བསྙེན་སྒྲུབ་ལས་སྦྱོར་སོ་སོའི་དབུ་བཙུག་པ་དང་མཇུག་བཞག་པའི་བར་མཚམས་དང་དུས་བཟང་རྣམས་སུ་འབྱོར་ན་ཚོགས་མཆོད་ཀྱང་བྱ་སྟེ། དགོངས་ཐུན་གྲོལ་ནས་བསྡུ་ལྡང་མ་བྱས་པའི་གོང་དུ་བཀའ་སྲུང་གཏོར་འབུལ་གྲུབ་མཚམས་ལས་བྱང་མེ་ཕྲེང་གི་ཚོགས་བྱིན་རླབས་ནས་བསྡུ་རིམ་བསྔོ་སྨོན་ཡན་མཐར་ཆགས་སུ་བྱ་བ་ལས། ཚོགས་ཀྱི་བསྟབ་བའི་དབུར་འགུགས་གཞུག་བསྡུས་ཙམ་དང་། དྲག་སྔགས་མེ་ཕུང་མ་ཤམ་ཅན་བརྗོད་པས་བསྒྲལ་དམིགས་བྱེད་སྲོལ་ཡོད། །སྤྲོ་ན་འགུགས་བསྒྲལ་ལས་བྱང་ཆེན་མོ་ནས་ལེན། ལྷག་མའི་རྗེས་སུ་བསྙེན་པ་མི་དགོས། བསྐུལ་དང་དངོས་གྲུབ་ལེན་ཆོག་ཀྱང་གྲོལ་ཁ་བར་མི་བྱའོ། །དེས་མཚམས་ཇི་ཙམ་བྱེད་པའི་སུམ་ཆ་སོང་ནས་སྒྲུབ་པ་ལ་འཇུག་སྟེ་མཆོད་གཏོར་ཁ་གསོ། གཞན་སྔར་ལྟར་ལ། ཏིང་འཛིན་རྣམ་གསུམ་སོང་མཚམས་བདག་བསྐྱེད་ནི། གཞུང་ལས། སྒྲུབ་པ་སྤྱི་ཁྱབ་གང་ལ་ཡང་༔ ཡི་དམ་དཔའ་བོ་ཆེན་པོར་གསལ༔ ཞེས་པས་སྒྲུབ་ཐབས་ཐུགས་རྗེའི་ལྕགས་ཀྱུ་ལས་འདི་ལྟར་འཕྱུང་སྟེ། ཆོས་རྣམས་དམིགས་མེད་ངང་ཉིད་ལས༔ ཉི་ཟླ་པདྨ་རོ་སྟེང་དུ༔ བདག་ཉིད་


LT31_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱི་བོའི་གཙུག༔ རྟ་མཆོག་དབང་སྐད་ཕྱོགས་བཅུར་སྒྲོགས༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ རུས་རྒྱན་རིན་ཆེན་དུར་ཁྲོད་ཆས༔ བརྐྱང་བསྐུམ་འགྱིང་བག་འདོར་སྟབས་ཚུལ༔ རབ་ཁྲོས་དུར་ཁྲོད་མེ་ཀློང་བཞུགས༔ དེ་ལྟར་བསྐྱེད་པའི་སོགས་མན་ཆད་བཟླས་དམིགས་བཅས་སྔ་མ་གཞིར་བཞག །སྔགས་ཕྲེང་དང་པོ་དལ་བུ། དེ་ནས་ཇེ་མགྱོགས་གཡས་སུ་བསྐོར། མཐར་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད་ཅིང་། རྩ་བ་གསུམ་གྱི་བྱིན་རླབས་བསྡུ་བའི་དམིགས་པ་སྤྱི་ལྟར་བྱ། ཁྱད་པར་སྣང་བ་ལ་སྟོང་པའི་རྒྱས་ཐེབས་པས་གསལ་ལ་འཛིན་པ་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། སྟོང་པ་ལ་སྣང་བའི་རྒྱས་ཐེབས་པས་སྟོང་ལ་འགག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། གསལ་སྟོང་འཛིན་མེད་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་མ་བསྒྲིབས་རང་གསལ་རྗེན་པ་ཆུ་ནང་གི་ཟླ་བ་ལྟ་བུ། མདོར་ན་ལུས་སྣང་སྟོང་། ངག་གྲགས་སྟོང་། ཡིད་རིག་སྟོང་ཟུང་འཇུག་གི་དགོངས་པ་རྣམ་པ་གསུམ་གྱིས་བསྐྱེད་རྫོགས་ཡ་བྲལ་རྟག་ཆད་ཀྱི་གོལ་སའི་མཐའ་སྤང་བར་བྱའོ། །དེ་ཡི་


LT31_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཡུན་གྱི་སུམ་གཉིས་སོང་ན་ལས་སྦྱོར་ལ་འཇུག་སྟེ་མཆོད་གཏོར་ཁ་གསོ། སྔ་རྗེས་ཚོགས་མཆོད་སོགས་སྔར་ལྟར་ལ། བདག་བསྐྱེད་ཏིང་འཛིན་རྣམ་གསུམ་མཚམས། གཞུང་ལས། ཕྲིན་ལས་ལས་ལ་སྦྱར་བའི་ཚེ༔ མཁའ་འགྲོ་ཡུམ་ཆེན་ཕག་མོར་གསལ༔ ཞེས་པ་ལྟར་བྱེ་བྲག་སྒྲུབ་པ་འཁྲུལ་དུམ་ལས་འབྱུང་བ་ནི། སྟོང་པའི་ངང་ལས་རང་བྱུང་གི༔ ཆོས་འབྱུང་དམར་ནག་གྲུ་གསུམ་པ༔ གདེང་ཁ་གྱན་ལ་བསྟན་པ་ཡི༔ ཕྱི་རོལ་དུར་ཁྲོད་རབས་གཏམས༔ ནང་དུ་ཡེ་ཤེས་གཞལ་མེད་ཁང་༔ ཕྱི་ནང་གསལ་ཞིང་ཡངས་པའི་དབུས༔ ཉི་ཟླ་པདྨ་རོ་སྟེང་དུ༔ ཆུ་ནས་ཉ་འཕར་ལྟ་བུ་ཡི༔ མཁའ་འགྲོ་ཡོངས་འདུས་གཙོ་བོ་མཆོག༔ བདག་ཉིད་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་མདོག༔ ཕྱག་གཡས་ཟངས་གྲི་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ ཁྲོ་ཞལ་སྤྱན་གསུམ་སྡང་མིག་བསྒྲད༔ སྨིན་མཚམས་ཁྲོ་གཉེར་གྲུ་གསུམ་བསྡུས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ མཐུར་སིལ་སྐུ་སྟོད་ཁྱབ་པར་གཏིབས༔ སྤྱི་གཙུག་རྟོག་མེད་ཕག་ཞལ་འཕྱོ༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ རིན་ཆེན་དུར་ཁྲོད་རུས་པས་བརྒྱན༔


LT31_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཡབ་མཆོག་སྦས་པའི་ཚུལ༔ ཁ་ཊཱྭྃཾ་ག་ལ་འཁྱུང་མཛད་དེ༔ བདེ་མཉེན་གར་སྟབས་རོལ་པར་གནས༔ དབུ་ལ་སངས་རྒྱས་རིགས་ལྔས་མཚན༔ ཉམས་དང་གཟི་བརྗིད་ལྡན་པ་སྟེ༔ མེ་རླུང་འོད་ལྔ་འཁྲིགས་དབུས་གསལ༔ དེ་ལྟར་སོགས་ཚིག་རྐང་གསུམ་བརྗོད། ལུས་དཀྱིལ་གསལ་གདབ་ལུགས་གོང་དང་མི་མཚུངས་པས་འདི་ལྟར། བཅོམ་ལྡན་མི་བསྐྱོད་རྡོ་རྗེའི་སྐུ༔ ནས། སྙིང་གི་དབུས་སུ་བལྟ་བར་བྱ༔ སྔགས། བཅོམ་ལྡན་ལག་ན་རྡོ་རྗེའི་སྐུ༔ ནས། སྙིང་གི་གཡས་སུ་གསལ་བར་གྱུར༔ སྔགས། བཅོམ་ལྡན་གུ་རུ་དྲག་པོ་རྩལ༔ ནས། སྙིང་གི་གཡོན་དུ་གསལ་བར་གྱུར༔ སྔགས། མགྲིན་པར་བུངྡྷ་ཐོད་ཕྲེང་སོགས། སྔགས། མགྲིན་པའི་གཡས་སུ་བསྐྱེད་པ་ནི༔ རྟ་མགྲིན་དབང་ཆེན་སོགས། སྔགས། རིག་འཛིན་ཆེན་པོ་ཐོད་པ་སོགས། སྔགས། སྤྱི་བོའི་གཙུག་ཏུ་སོགས། སྔགས། སངས་རྒྱས་ཐོད་པའི་དུམ་བུ་ནི༔སྤྱི་བོའི་གཡས་སུ་བསྐྱེད་སོགས། སྔགས། སྤྱི་བོར་དབང་ཆེན་ཟླ་གམ་སོགས། སྔགས། དེ་ལྟར་བསྐྱེད་པ་མན་ཆད་སྔ་མ་ལྟར་རོ། །བཟླས་དམིགས་ཀྱང་བསྙེན་སྒྲུབ་ཀྱི་དམིགས་པ་ལ་གཞི་བཟུང་། །ཐོག་མར་


LT31_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་བསྙེན་པ་བཞག་མཚམས་ཁྱུག་ཙམ་རེ་དང་། རྗེས་བསྙེན་སྒྲུབ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་ལ་སྒེར་དམིགས་འདི་ལྟར་བྱ་སྟེ། བུདྡྷ་ཐོད་ཕྲེང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་འཕྲོས། གཏི་མུག་གི་དུག་སྦྱོང་། རྒྱལ་བ་རྣམས་མཆོད། ཞི་བའི་དངོས་གྲུབ་བསྡུས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་འཇིགས་བརྒྱད་ལ་སོགས་པ་མུན་པ་ལ་ཉི་ཟེར་ཕོག་པ་ལྟར་སྐད་ཅིག་གིས་ཞི་བར་བསམ། དེས་རིགས་འགྲེ་སྟེ། མི་བསྐྱོད་རྡོ་རྗེ་ལས་འོད་ཟེར་སེར་པོས་ང་རྒྱལ་སྦྱོང་། འབྱོར་དྲུག་དང་ཉམས་རྟོགས་སོགས་རྒྱས་པའི་ལས་སྒྲུབ། པདྨ་དབང་ཆེན་ལས་འོད་ཟེར་དམར་པོས་འདོད་ཆགས་སྦྱོང་། མོས་བཞིས་སྣང་བ་དང་རང་སེམས་དབང་དུ་སྡུད་པའི་ལས་སྒྲུབ། རིག་འཛིན་ཐོད་རྩལ་འོད་ཟེར་ལྡང་གུས་ཕྲག་དོག་སྦྱོང་། དུག་ལྔ་དང་དགྲ་བགེགས་ཚར་གཅོད་པའི་ལས་སྒྲུབ། དྲག་པོ་མེ་ཕྲེང་འོད་ཟེར་དམར་ནག་གིས་སེར་སྣ་སྦྱོང་། རྒྱལ་བ་རྣམས་མཆོད། སྟོབས་བཅུའི་རྩལ་བསྡུས། རྒྱལ་པོ་དང་གཤིན་རྗེ་བརྟུལ་ཞིང་དབང་དུ་བསྡུས། སངས་རྒྱས་དཔའ་བོ་ལས་འོད་ཟེར་མཐིང་ནག་གིས་ཞེ་སྡང་སྦྱོང་ཞིང་མཆོད། རྫུ་འཕྲུལ་དང་མངོན་ཤེས་བསྡུས།


LT31_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་མ་མོ་བཏུལ། རྟ་མགྲིན་ལས་འོད་ཟེར་དམར་པོས་ལས་ཉོན་གྱི་སྒྲིབ་པ་སྦྱང་ཞིང་མཆོད། དབང་བཅུ་བསྡུས། ཀླུ་དང་བཙན་རིགས་བཏུལ། གསང་བདག་གི་འོད་ཟེར་མཐིང་གས་ཤེས་བྱའི་སྒྲིབ་པ་སྦྱོང་ཞིང་མཆོད། ཆགས་ཐོགས་པའི་ཡེ་ཤེས་བསྡུས། གཟའ་དང་ས་བདག་བཏུལ། གཙོ་བོ་པདྨ་བཛྲའི་འོད་ཟེར་ཁ་དོག་སྣ་ལྔ་བས་སྙོམས་འཇུག་གི་སྒྲིབ་པ་སྦྱོང་ཞིང་མཆོད། མཆོག་གི་དངོས་གྲུབ་བསྡུས། འགྲོ་བ་རིགས་དྲུག་གི་གནས་སྦྱོང་། གཟུགས་སྣང་ལྷ་སྐུ། །སྒྲ་གྲགས་སྔགས་བརྗོད། དྲན་རྟོག་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གདོད་ནས་མ་འདས་པའི་སྣང་སྲིད་གཞིར་རྫོགས་འཁོར་འདས་དབྱེར་མེད་ཀྱི་ཁྱེར་སོ་གསུམ་དུ་ལ་བཟླ་བར་བྱའོ། །བཟླ་ཚུལ་གོ་རིམ་ཐུན་དང་པོར་སྤྱི་གཙུག་སོགས་སྔར་དང་འདྲ་ཞིང་བྱ་བ་གཞན་ཡང་སྔར་ལྟར་རོ། །དེ་ནས་སོང་མཚམས་གྲོལ་རྒྱུའི་དེ་རིང་དགོངས་མོ་ནས་གཏོར་མཆོད་བཟང་དུ་བཤམ། སྤྱི་དྲིལ་ཆེ་འབྲིང་ཅུང་ཟད་རེ་བཟླ། གྲོལ་བའི་ནངས་མོར་ཆོ་གའི་བྱ་བ་སྔར་དང་འདྲ་བ་ལ། ཚོམ་བུའི་དཀྱིལ་འཁོར་དུའང་དཔལ་ཆེན་གཙོ་བོ་དགུ་སྐད་ཅིག་གིས་བསྐྱེད་ནས་སྤྱན་འདྲེན་མཆོད་བསྟོད་སོགས་བདག་མདུན་ཆབ་


LT31_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱ། བསྙེན་བཟླས་ཉུང་ཙམ་དང་བཀའ་སྲུང་ཚོགས་འཁོར་རྒྱས་པ། བསྐུལ་ཆད་བརྟན་རྟ་བྲོ་བཅས་གྲུབ་ནས། མདུན་བསྐྱེད་གནས་ལྔ་ནས་སྤྲོས་པའི་འོད་ཟེར་རང་ལ་ཐིམ་པས་རྡོ་རྗེ་བཞིའི་དབྱིག་ཆེན་པོ་ཐོབ་པར་མོས་ལ། ཧཱུྃ་ཧྲཱིཿ བདེ་ཆེན་ཡངས་པ་སོགས་ཀྱིས་དངོས་གྲུབ་བསྐུལ་ཞིང་མཐར་སྤྱི་དྲིལ་འབྲིང་པོ་ལ་དངོས་གྲུབ་བསྡུ་བའི་སྔགས་བཏགས་པ་བརྒྱ་རྩ་ཙམ་བཟླས་ལ་ཚོམ་བུ་སྤྱི་བོར་བཞག །གཏོར་མ་དང་བདུད་རྩི་སོགས་མྱོང་། ཉེས་བཤགས་མཐར་ཡིག་བརྒྱ་ལན་གསུམ། མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་གཞུག །དམ་ཚིག་པ་རང་ལ་བསྡུ། བཀྲ་ཤིས་དང་བསྡུ་ལྡང་སོགས་སྔར་ལྟར་བྱས་པས་འགྲུབ་བོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་དང་དགོས་ཆེད་ནི་གཞུང་སྤྱི་དང་བྱེ་བྲག་ལས་གསལ་ཞིང་། སྒྲུབ་པ་གཞན་མི་ཐོན་ན་འདི་ཉིད་ཁོ་ནས་ཀྱང་བསྙེན་སྒྲུབ་ཀྱི་གོ་ཆོད་ལ་གནས་སྐབས་མཐར་ཐུག་གི་དོན་ཆེན་འགྲུབ་པའི་རྒྱུར་འགྱུར་རོ། །རེ་ཞིག་དེ་ཙམ་ལས་བསྙེན་སྒྲུབ་གཞན་མི་སྦྲེལ་ཞིང་། སྔར་ཐོ་འཛུག་སོགས་བྱས་པ་ཡོད་ན་སྐབས་འདིར་དཀྲོལ་ལ་ཞག་ཤས་གནས་སྲུང་སྤྱི་ལྟར་བྱ་བའི་ཚེ་སྒོ་གསུམ་ཐ་མལ་དུ་མི་བཏང་བར་རང་སེམས་ཀྱི་ངོ་བོ་སྐྱོང་ཞིང་། རྒྱུན་གྱི་རྣལ་


LT31_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྐྱང་སྒྲུབ་ཀྱི་ལུས་དཀྱིལ་ཉིད་ཐུན་རེ་མ་ཆག་པར་བྱའོ།། ༈ །།གཉིས་པ་དངོས་གཞི་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ལས་གསུམ་གྱི་རིམ་པ་ནི། ཟབ་བསྡུས་གསང་བའི་དཀར་ཆག་ལས། བསྙེན་པ་ཀུན་གྱི་ཡང་སྙིང་བསྡུས་པ་ནི༔ གསལ་བྱེད་ཐུགས་ཀྱི་ནོར་བུ་གནད་ཆེ་བས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་སེམས་ལ་འཆང་༔ འདི་ལ་མོས་ཤིང་བརྩོན་འགྲུས་ལྡན་པར་ནི༔ བསྙེན་རྟགས་ཐོན་པར་སུས་འབད་དངོས་གྲུབ་འབྱུང་༔ དེ་ཕྱིར་ཡེངས་མེད་རྟག་ཏུ་འདི་ལ་འབད༔ ཅེས་རྩ་གསུམ་དྲིལ་སྒྲུབ་ཨོ་རྒྱན་སྲོག་ཕུར་དགོངས་འདུས་མདོ་འཛིན་རྩ་བའི་མན་ངག་ཏུ་བསྔགས་པ་འདི་ལའང་གསུམ་སྟེ། དང་པོ་བསྙེན་པ་ཚ་བ་དམར་ཐག་རིན་ཆེན་གཏེར་གྱི་བང་མཛོད་ནི། དཔའ་བོ་རྐྱང་སྒྲུབ་ཟིན་པའི་རྗེས་ཐོག་དེ་ཉིད་དུའམ། དུས་གཞན་ཏུའང་རུང་སྟེ་གོང་བཤད་དུས་ཚེས་གཟའ་སྐར་བཟང་བའི་སྔ་དྲོའི་ཆར་འཇུག་ཅིང་། སྔོན་འགྲོའི་བྱ་བ་རྣམས་ཀྱང་ཐོག་མ་ནས་འདི་ཉིད་ལ་འཇུག་པ་ཡིན་ན་ཇི་ལྟར་འོས་པ་བྱ་ཞིང་། ལྷག་པར་འདི་ཉིད་ཀྱི་བསྙེན་སྒྲུབ་སྒྲེལ་ཏེ་བྱ་བ་ཡིན་ན་འདིར་རྒྱས་པར་འགྲུབ་དགོས་ལ། རྐྱང་སྒྲུབ་ཀྱི་སྔོན་དུ་


LT31_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཟིན་ན་འདིར་ཟུར་དུ་མི་དགོས་སོ། །སྤྲོས་མེད་ཀྱི་བདག་བསྐྱེད་ཡིན་པས་མཆོད་གཏོར་བཤམས་བཀོད་ཀྱི་རིམ་པ་ཅིའང་མི་དགོས་ཀྱང་། དུས་གཉན་རྣམས་སུ་ཚོགས་སྐོང་དགོས་པ་དང་། རྒྱུན་གྱི་ཚོགས་བསགས་ཆེད་དུ་རྟེན་དང་མཆོད་གཏོར་དཔའ་བོ་རྐྱང་སྒྲུབ་སྐབས་ལྟར་བཤམ། ཐོག་མའི་ཐུན་འགོར། ཚིག་བདུན་གསོལ་འདེབས། མཎྜལ་གསོལ་འདེབས་བསྡུས་པ། ཕུར་ཚུགས་གསོལ་འདེབས། ལས་བྱང་མེ་ཕྲེང་ལྟར་བགེགས་གཏོར། མཚམས་གཅོད། ཡན་ལག་བདུན་པ། སྐྱབས་སེམས་བཅས་གྲུབ་ནས། གོང་དུ་བཤད་པའི་རྡོར་སེམས་སྒོམ་བཟླས་བྱ། ཡིག་བརྒྱ་ཉེར་གཅིག་ཙམ་རེ་བཟླ། རང་གཞུང་སྐད་ཅིག་དྲན་པའི་ཏིང་ངེ་འཛིན་གསལ། སོགས་ནས། ཧ་རི་ནི་ས་ཧཱུྃ༔ བཟླས་པ་དེ་ཉིད་བྱས་པ་ཙམ་གྱིས་ནས། ཁྲུགས་ཀྱིས་འདྲེས་པར་བསམ༔ བར་ངག་ཏུ་བརྗོད། མན་ཆད་དམིགས་པ་རྣམས་རིམ་ཅན་དུ་བསྒོམ་དགོས་པས་ཐོག་མ་ནས་འདོན་མི་དགོས། གཞུང་གསལ་གྱི་དམིགས་པ་རྣམས་ལ་ཡིད་རྩེ་གཅིག་པས་བསྙེན་པ་འབྲུ་ཉེར་གསུམ་པ་བཟླ། གྲོལ་སྐབས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་དང་། གཞུང་གསལ་ལྟར་བདག་


LT31_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བསྡུ་ཞིང་བསྔོ་སྨོན་བྱ། བགེགས་གཏོར་ཉིན་དང་པོ་དེ་ལས་མི་དགོས། གཞན་ཐུན་ཐམས་ཅད་ལ་འདོན་ཚུལ་དེ་ཁོ་ན་ཉིད་དོ། །གནད་གདམས་ལས། བསྙེན་པ་གཏན་ལ་མ་ཕེབས་ཀྱི་བར་དུ་ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོང་བ་དང་༔ རྒྱུ་བསོད་ནམས་ཀྱི་ཚོགས་བསག་པར་བྱ་བའི་ཆེད་དུ༔ ལུས་ཕྱག་དང་བསྐོར་བ་འཁྲུལ་འཁོར༔ངག་སྔགས་དང་བཟླས་བརྗོད་གསོལ་འདེབས༔ ཡིད་མ་ཡེངས་པའི་ངང་ནས༔ བླ་མ་ཡི་དམ་མཁའ་འགྲོའི་མངོན་རྟོགས་གསལ་གདབ་ཅིང་༔ དད་པ་མོས་གུས་ཀྱི་ཤུགས་བསྐྱེད༔ སྔཙྪ་གདབ་པ་དང་༔ གཏོར་མའི་ལས་རིམ་ལ་འབད༔ དེས་བསྙེན་པའི་བྱ་བ་མཐར་ཕྱིན་པར་འགྱུར་རོ༔ ཞེས་གསུངས་པ་ལྟར་ཐུན་མཚམས་རྣམས་སུ་ཧ་ཅང་མི་གཡེངས་ཤིང་ཚོགས་བསགས་སྒྲིབ་སྦྱོང་གི་སྟོབས་ཆེ་བའི་དགེ་སྦྱོར་ཅི་རིགས་དང་། ཁྱད་པར་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག་དང་། མཎྜལ་རང་གཞུང་ལྟར་ཡང་ཡང་འབུལ། ཚེས་བཅུ་སོགས་དུས་བཟང་རྣམས་སུ་ལས་བྱང་མེ་ཕྲེང་ལྟར་ཚོགས་སྐོང་བཏང་། མོས་པའི་གདུང་ཤུགས་ཆེན་པོས་གསོལ་བ་དྲག་ཏུ་གདབ། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་རྣམས་གཞིར་བཞག །


LT31_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཁྱད་པར་ཀྱི་དམ་ཚིག་ཉེར་ལྔ་པོ་དང་། ལྷག་པར་འདི་ཉིད་ལས་གསུངས་པའི་ཁྱད་པར་གྱི་དམ་ཚིག་བཅུ་དྲུག་པོ་སྲོག་ལྟར་བསྲུང་། འདིར་གྲངས་བསྙེན་གྱི་ངེས་པ་དམིགས་བསལ་མ་གསུངས་ཤིང་། དུས་བསྙེན་རབ་ཟླ་བ་གཅིག །འབྲིང་གཉིས། ཐ་མ་ཟླ་བ་གསུམ། ཡང་མཐས་ཀྱང་ཟླ་བ་བདུན་ལ་འགྲུབ་པར་གསུངས་ཤིང་། གྲུབ་པའི་རྟགས་ཐོག་མར་སྤྲོ་བ་བསྐྱེད་པའི་ལྟས། བར་དུ་སྐུ་གསུང་ཐུགས་རྟགས། མཐར་དངོས་གྲུབ་དང་གཏན་ལ་ཕེབ་པའི་མཚན་མ་བཅས་རབ་ལ་གཅིག་ཆར། འབྲིང་ལ་མ་ངེས་པ། ཐ་མ་ལ་རིམ་བཞིན། ཡང་མཐའ་ལའང་རྟགས་དྲུག་པོ་ལས་ཐོ་རེ་བ་མི་འབྱུང་མི་སྲིད་ཅིང་། མ་བྱུང་ན་རང་ཉིད་དམ་ཚིག་ལ་སྐྱོན་ཡོད་པའམ་སེམས་ཡེངས་པས་ལན་པའི་ཕྱིར་སྐྱོན་བཅོས་ནས་འབད་པར་བསྒྲུབ། གཞུང་གསལ་གྲུབ་པའི་རྟགས་ཚད་ལྡན་རྫོགས་ན་རབ། ཐ་ནའང་སྣ་རེ་ཙམ་བྱུང་ནས་སྒྲུབ་པ་ལ་འཇུག་པར་བྱ་ཞིང་། སྤྱིར་ནི་འདི་ཉིད་མཆོག་སྒྲུབ་ཀྱི་སྙིང་པོ་ཁོ་ན་ཡིན་པས་གྲངས་ལ་ཚད་བཟུང་མེད་པར་དུང་ཕྱུར་སོགས་ཇི་ཙམ་འགྲུབ་པར་བཟླ་བ་བྱ་བ་ཉིད་དོ། །སྐབས་འདིར་མཚམས་ཀྱི་བཅད་ཁྲིགས་ཧ་ཅང་དམ་པོ་མི་དགོས་ཀྱང་སྒྲུབ་པར་འཇུག་པ་ལ་བསྙེན་པའི་རྟགས་ཚད་རྫོགས་


LT31_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། རྟགས་རྫོགས་པར་བྱེད་པ་ལ་དམ་ཚིག་ཐུབ་ཅིང་སེམས་མ་ཡེངས་པ་དང་ངག་བཟླས་གཞན་ཚིག་གིས་བར་མ་ཆོད་པ་དགོས་པས་ན་གང་ཟག་མཆོག་ལ་ཚད་བཟུང་མེད་ཅིང་། འབྲིང་དང་ཐ་མ་རྣམས་ཀྱིས་སོ་མཚམས་ཕྱེད་པ་ཞིག་བྱས་ན་བཟང་ངོ། །དེ་ལྟར་གྲུབ་ནས་བསྙེན་པའི་ཁ་སྐོང་དང་སྒྲུབ་པའི་བར་ཆད་སེལ་བའི་ཆེད་དུ་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའམ་ཅི་འགྲུབ་བྱ་སྟེ། དེའི་ཚུལ་ནི་བྱ་ཁྱུང་པ་ངག་དབང་པདྨའི་ཡིག་ཆའམ། དཀར་ཆེན་རབ་འབྱམས་པའི་གསུང་རྒྱུན་སོགས་ལས་ཤེས་པར་བྱ་ཞིང་། སྐབས་དེར་རྫས་སྔགས་ཀྱི་གོང་དུ་སྦྲེལ་དགོས་པའི་ལྷ་སྔགས་ནི་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་སྔགས་སྐབས་སོ་སོ་དང་བསྟུན་ཏེ་སྦྲེལ་དགོས་པས་འདིར་ནི་བསྙེན་སྔགས་ཉིད་ལ་སྦྲེལ་ལོ། །གཉིས་པ་སྒྲུབ་པའང་སྤྱིར་ཚ་བ་དམར་ཐག་ཉིད་རྩ་བ་གསུམ་གྱི་རྩ་བའི་ཐུགས་སྒྲུབ་ཡིན་པས་དེ་ཉིད་རྟགས་རྫོགས་སུ་ཐེམས་ནས་རྩ་བའི་སྒྲུབ་ཆེན་དྲུག །སྒྲུབ་ཕྲན་དྲུག་སོགས་སྒྲུབ་པ་ལས་སྦྱོར་ཐམས་ཅད་ལ་རང་དབང་ཅན་དུ་གྱུར་པ་ཡིན་ལ། དེ་ཐམས་ཅད་ཀྱི་ཟབ་བསྡུས་བཅུད་དྲིལ་གྱི་སྒྲུབ་པ་ཁྱད་པར་དུ་བསྟན་པ་ནི། གསང་བའི་དཀར་ཆག་ལས། གསལ་བྱེད་ཐུགས་ཀྱི་ནོར་བུ་ཞེས་བྱ་བ༔ རྩ་བ་


LT31_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྒྲུབ་པའི་ཡང་སྙིང་ཡིན༔ དེ་ལ་གཅེས་པའི་ཡིག་ཆུང་ལྷན་ཐབས་ནི༔ ལས་བྱང་མདོར་བསྡུས་མེ་ཏོག་ཕྲེང་མཛེས་ཏེ༔ ལྷ་མཆོད་བསྒྲུབ་སོགས་ལས་རྣམས་ཀུན་ལ་གཅེས༔ ལྷ་ཚོགས་དགྱེས་ཤིང་དངོས་གྲུབ་སྩོལ་བར་འགྱུར༔ ཞེས་གསུངས་པ་ལྟར་གུད་སྦས་གཅིག་བརྒྱུད་ཟབ་ཁྱད་མངོན་ཕྱུང་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་བྱ་བ་ལའང་གསུམ་སྟེ། དང་པོ་སྟ་གོན་ཏུ་བྱ་བའི་རིམ་པ་སྒྲུབ་རྫས། རྟེན་རྫས། དངོས་གྲུབ་ཀྱི་རྫས་ལ་སོགས་པ་དང་། རྟེན་སྒྲུབ་མཆོད་གཏོར། ཁྱད་པར་གྱི་ཡོ་བྱད། རྒྱལ་ཐོ་སྒོ་བྱང་། དམ་སྲི་མནན་ཆས། ཐིག་སྐུད། རས་བྲིས་ཀྱི་དཀྱིལ་འཁོར་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་རྣམས་གཞུང་འདི་ཉིད་དང་གཞན་ནས་འབྱུང་བ་ལྟར་སྔ་ཚགས་སུ་ཚུད་པར་བྱ། བསྙེན་པ་གྲུབ་པའི་རྗེས་དེ་ཉིད་དུ་ཕྱི་མཚམས་མི་བཀྲོལ་བར་ནང་མཚམས་ཀློད་པའི་ཁོངས་སུ་སྔར་བཤད་ཁ་སྐོང་གི་བསྲེག་བླུགས་དང་། བཤགས་རྒྱུད། ཡིག་བརྒྱ་མཎྜལ་སོག་ཚོགས་བསོག །ཆབ་གཏོར། སྡེ་བརྒྱད་གསེར་སྐྱེམས་ཆ་གསུམ་སོགས་ཕྱི་གཡེན་སྐོང་ཞིང་ཕྲིན་ལས་བཅོལ། དམ་སྲི་མནན་ལིང་སྔར་བསྒྲུབས་པ་སོགས་མེད་ན་སྐབས་འདིར་པྲ་ཁྲིད་དང་དཔེའུ་རིས་ལྟར་ཚད་ལྡན་བྲིས་ལ་གདབ་


LT31_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཆོག་ཁྲིགས་རྩེ་ལེ་རིན་པོ་ཆེས་མཛད་པ་ལྟར་རམ། རྡོ་རྗེ་ཕུར་པ་སོགས་རང་ཉིད་ཀྱིས་ཡི་དམ་གང་ལ་བགྱི་བའི་རྡོ་རྗེ་ཁྲོ་བོའི་ལས་གཞུང་བསྲང་སྟེ་འགུགས་བསྟིམ་བསྒྲལ་དམིགས་ནན་ཏན་བྱ། སྒྲུབ་གྲོགས་ཡོད་ན་བསམ་ལྷུན་བར་ཆད་ལམ་སེལ་ཉེས་པ་ཀུན་སེལ་མདོ་སྣ་སོགས་འདོན་བཅོལ། ཀ་ཆ་དང་ཡི་གེ་བཏང་ལེན་སོགས་དགོས་པ་ཡོད་ན་སྐབས་འདིར་གང་དགོས་རྫོགས་པར་བྱ་ཞིང་། དངོས་གཞིའི་སྐབས་དེ་དག་ཞུད་པར་འགྱུར་བའི་རྒྱུ་ཡིན་པས་ཤིན་ཏུ་སྤངས་ཏེ་མཚམས་དམ་དུ་བཅད་དགོས། གནམ་རྒྱན། ས་རྒྱན་སྐུ་གསུང་ཐུགས་རྟེན་སྤྱི་དང་བྱེ་བྲག་སོགས་བཀོད་པའི་ཁྱད་པར་རྣམས་ཀྱང་སྐབས་འདིར་བཤམ་སྟེ་རང་ཉིད་ནུབ་ཏུ་ཕྱོགས་པ་དང་དཀྱིལ་འཁོར་ཞལ་སྤྲོད་དུ་འགྲིག་པར་བྱའོ། །དངོས་གཞི་གོང་གསལ་གྱི་ཟླ་ཚེས་ཞིག་ལ་དབུ་བཙུགས་ཏེ། ཐོག་མར་ནངས་པར་སྔ་བར་དཀྱིལ་འཁོར་གང་ལ་བྱ་བའི་སྟེགས་བུ་དེར། མཎྜལ་དྲིའི་ཐིག་ལེ་ཚོམ་བུ་གཅིག་བཀོད་པའི་མདུན་ཏུ་ཟླུམ་གཏོར་གསུམ་དང་། མཆོད་པ་རྣམ་བདུན་ཕྲེང་ཚར། དཀར་བགེགས། ཡང་སྟེགས་གང་བ་དེར་མེཉྫིའི་ཁར་དུང་ཞལ་བཅུད་ལྡན་མདུན་ཨརྒྷཾ་སོགས་ཕྱི་མཆོད་བཤམ། རང་གི་གདན་གྱི་འོག་ཏུ་རྡོ་རྗེ་གཡུང་དྲུང་གི་རེ་ཁཱ་


LT31_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། །སྟེང་དུ་མཐོང་གྲོལ་འཁོར་བ་སུན་འབྱིན་དང་ཀུན་ཐུབ་སྲུང་པའི་ཙཀྲ། རྒྱབ་ཏུ་རྫོགས་ཆེན་ཉམས་ལེན་རྒྱུན་ཁྱེར་སྐབས་ནས་འབྱུང་བའི་སྲུང་བའི་བྱང་བུ་གཟུག །སྤྲོ་ཞིང་ནུས་ན་གཏེར་ཁ་རིགས་མཐུན་གཞན་ནས་ཟབ་གནད་དུ་གདམས་ཤིང་འདི་ཉིད་ནས་ཀྱང་ཕྱོགས་མཚོན་གསུངས་པའི་འོག་ཏུ་བདུད་བཞིའི་མནན་པ་སྟེང་ཕུབ་སྐུ་གསུམ་ཙཀྲ་སོགས་གྲུབ་ན་ལེགས་པའི་ཡན་ལག་གོ། །མདུན་ཏུ་རྡོར་དྲིལ་ནང་མཆོད་གཡབ་དར་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་ནས། གསོལ་འདེབས་རྣམ་གསུམ་སྔ་མའི་དཀྱུས་བཞིན་དང་། རྩེ་ལེའི་ཆོག་བསྒྲིགས་ལྟར་དུང་ཞལ་བསྐྱེད་བཟླས་མཆོད་བསྟོད་བཅས་བསྒྲུབ། མཆོད་ཕྲེང་ལྟར་ལྕེ་ལག་རྡོར་དྲིལ་མཆོད་པ་བྱིན་རླབས། མངོན་རྟོགས་རིན་ཆེན་ཕྲེང་བ་ལྟར་ཚོགས་ཞིང་གསལ་གདབ་ནས། ལས་བྱང་ཚངས་སྒྲ། མངོན་རྟོགས། མཆོད་ཕྲེང་བཅས་ཀྱི་ཚོགས་བསགས་དང་སྐྱབས་སེམས་ལན་གསུམ། ཚོགས་ཞིང་རང་ལ་བསྡུས་ཏེ་ཚད་མེད་བཞི་བསྒོམ། ཆོག་བསྒྲིགས་ལྟར་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་བཏང་། བུམ་དབང་ཆེན་མོ་དང་པྲ་ཁྲིད་གབ་སྤྲད་པའི་ས་ཆོག་གཏོར་འབུལ་བཅས་བྱ། ཚོམ་བུ་གཏོར་མཆོད་གཤེགས། ལག་པ་གཡས་པའི་ཐལ་མོ་ས་ལ་བཞག་ནས་སྤྱི་


LT31_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བསྡུས་པ་བརྒྱ་རྩ་ཙམ་བཟླ་བ་ཀུན་རྫོབ་དང་། ཤཱུ་ནྱ་ཏཱའི་སྔགས་བརྗོད་ཅིང་དོན་དྲན་པས་དོན་དམ་གྱི་སྦྱང་བ་ཙམ་བྱས། སླར་བྱིན་རླབས་ནས་བརྩམས་བཀའ་བསྒོ་བའི་བར་གྱིས་དཀར་བགེགས་བཏང་། དངོས་གྲུབ་བསྒྲུབ་ལ་སོགས་ཀྱིས་བསྐྲད་མཚམས་བཅད། ཐོ་དང་མཆོད་གཏོར་འདུ་བྱས་ལ་སྒྲུབ་ཁང་གི་ཕྱོགས་བཞིའམ་མི་བདེན་ཕྱི་སྒོར་ལས་བྱང་ཆེན་མོ་ལྟར་རྒྱལ་ཆེན་བཞིའི་ཐོ་འཛུག་དང་། འདི་ཉིད་ཀྱི་རང་གཞུང་ལྟར་ཕྲིན་ལས་བཅོལ། སྐབས་འདིར་དར་རས་དམར་པོ་གང་འཛོམ་ལས་བཟོས་པའི་རིགས་ཀྱི་ཅོད་པན་པདྨ་དམར་པོའི་དབྱིབས་ཅན་སྒྲུབ་ཁང་གི་ཡང་ཐོག་ཏུ་གཟུག །གསེར་སྐྱེམས་ཧོམ་བསྐྱེད་བཀུག་བསྒྲལ་སྔོན་དུ་འགྲོ་བས། སྒྲུབ་ཁོག་པྲ་ཁྲིང་ལྟར་སྒོ་དྲུང་དུ་དམ་སྲི་གཟིར་མནན་རྟ་བྲོ་བཅས་བྱ། ནང་སྒོའི་ཕྱིལ་གཤིན་རྗེ་གཤེད་དང་། ནང་ངོས་སུ་བདུད་རྩི་འཁྱིལ་བའི་སྐུ་དང་རྟེན་ཕུར་བཅས་བཀོད་ལ་པྲ་ཁྲིད་ལྟར་སྒོ་བྱང་གནས། །ས་ཚེག་ནས་འདིའི་བར་གྱི་འདོན་འགྲིགས་བྱ་ཁྱུང་ཆོག་བསྒྲིགས་ལྟར་རམ། ཁོ་བོས་བྱས་པའི་དབང་དང་སྒྲུབ་ཆེན་གྱི་ཟིན་ཆེ་ཆུང་རྣམས་ལྟར་དགོས་སོ། །སླར་ནང་དུ་ཞུས་ནས་མངོན་རྟོགས་ལྟར་སྲུང་འཁོར་རྒྱས་པ་བསྒོམ་ཞིང་སྔགས་དམིགས་ནན་ཏན་བྱ།


LT31_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་སྒྲ་ལས། ཧཱུྃ་ཧྲཱིཿ ས་བོན་ཧཱུྃ་ལས་སོགས་དང་། ཧཱུྃ་ཧྲཱིཿ ཁྲོ་རྒྱལ་དབང་ཆེན་སོགས་ནང་མཚམས་དང་གསང་མཚམས་བཅད། དེ་དག་གི་ཚེ་རྒྱལ་ཐེབས་ཀྱིས་སྤྱི་དྲིལ་ཆེ་འབྲིང་དང་ཁྲོ་བཅུའི་སྔགས་བཟླ་བཞིན་པས་ཆང་ལ་བདུད་རྩི་ཆོས་སྨན་དང་སིནྡྷཱུ་ར་བཏབ་པས་སྟེགས་བུ་གཡས་བསྐོར་དུ་བྱུགས་ཤིང་ཐིག་ཆེན་བརྒྱད་ཙམ་བཏབ་ནས་རས་བྲིས་བཏིང་། ཆག་ཆག་ཐིག་ཚོན་ཆོ་ག་གནམ་ཐིག་ས་ཐིག་སོགས་ཀྱི་སྤྲོས་པ་སྐབས་འདིར་བྱས་ཀྱང་རུང་ལ་བསྡུ་ན་འདི་ཙམ་གྱིས་ཆོག །གཞུང་གསལ་ལྟར་བརྟེན་སྒྲུབ་མཆོད་པའི་རྫས་རྣམས་བཀོད་ལེགས་བག་དྲོ་ཚུལ་མཐུན་བཤམ་ཞིང་། གཏོར་མ་ནི་སྒྲུབ་ཆེན་གྱི་སྐབས་ལྟར་ཚང་བར་དགོས་སོ། །ཁྱད་པར་དུ་སྨན་རཀ་གཏོར་གསུམ། ཆད་བརྟན་རྒྱུན་བཞག །རྒྱུན་གྱི་ཚོགས་དང་ལིངྒ་གཏོར་མཆོད། དཀྱིལ་འཁོར་གྱི་ནུབ་བྱང་དུ། ཉུ་ལེའི་ལིངྒ་དང་བྲུབ་ཁུང་། དེ་ཉིད་སྐྲོད་པའི་རྫས། ཐུན་རེ་རེ་བཞིན་མཆོད་པ་ཁ་གསོ་བའི་ཡོ་བྱད། དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་ལྷག་མ་བཙོན་འཛིན་གྱི་སྣོད་དམར་གཏོར་བཅས་མདོར་ན་འོག་ཏུ་དགོས་པ་ཐམས་ཅད་གྲབས་སུ་ཚུད་ནས། དཀྱིལ་འཁོར་ལ་སྒབ་སྐོར་རམ། དར་དཀར་དམར་མཐིང་གའི་ཡོལ་བ་རིམ་གསུམ་བཏང་ནས་སྒྲུབ་པ་གྲོལ་


LT31_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དུ་ནང་གི་བཅས་རྣམས་སུས་ཀྱང་མི་མཐོང་བར་བྱ། རྟེན་རྣམས་ལ་གཟུངས་ཐག་གདགས་པའི་སྣེ་རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་འཛིན་རུང་བར་བྱ།། ༈ །།གཉིས་པ་དངོས་གཞི་ནི། དེ་ལྟར་བཤམས་བཀོད་གྲུབ་ནས་ཉིན་དང་པོ་ཐུན་གཉིས། རྗེས་མ་རྣམས་སུ་ཐུན་བཞི་རེའི་དབང་དུ་བྱས་ཏེ། ཐོག་མར་ཕྱི་ཐུན་ལ། གསོལ་འདེབས། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི། ཧཱུྃ་ཧྲཱིཿ ཡེ་ཤེས་རོལ་པ་སོགས། མཚམས་གཅད། རང་གཞུང་ལས། བདག་ཉིད་སྐད་ཅིག་གི་ནས། སྤུང་གིས་བྱོན་པར་གྱུར༔ ཡན་དང་། མེ་ཕྲེང་གི། ཀྱེ་ཀྱཻ་ཕྱོགས་བཅུའི་སྐྱབས་གནས་སོགས། སྐྱབས་སེམས་ལན་གསུམ། རྡོར་སེམས་སྒོམ་བཟླས། ལས་བྱང་ཆེན་མོའི་ཚོགས་ཞིང་སྐབས་ཀྱི། ཕྱོགས་བཅུ་དུས་བཞིར་སོགས་མཎྜལ། ཀྱེ་ཀྱེ་དུས་གསུམ་སངས་རྒྱས་སོགས་ཀྱིས་གསོལ་བ་གདབ་ཅིང་དབང་བླང་། པྲ་ཁྲིད་ལྟར། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་སོགས་བརྡའ་སྒོ་ཕྱག་དམ་བཅའ་བྱིན་འབེབས་རྫོགས་པར་བྱ། ལས་བྱང་ཆུབ་པའི་ཕྱི་མཆོད་བྱིན་རླབས་མཚམས་སྨན་རཀྲ་གཏོར་གསུམ་རང་གཞུང་བདུད་རྩིའི་མཆོད་སྤྲིན་ལས། ཧཱུྃ་ལྷ་ཚོགས་མཆོད་པའི་སོགས་ནས། གཏོར་མ་བྱིན་རླབས་


LT31_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་བར་བཏང་ནས་སྨན་རཀྲ་གཏོར་གསུམ་བྱིན་རླབས་རྒྱས་པར་ཕྱག་ལེན་ལྟར་བྱ། དེ་ནས་རང་གཞུང་ལྟར། ཨོཾཱ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ནས། བདག་བསྐྱེད་བཟླས་པའི་བར་བཏང་ལ་ཐུན་བཞི་རེ་རེ་བཞིན་སྤྱི་དྲིལ་འབྲིང་པོ་སུམ་བརྒྱ་ཉེར་ལྔ་ཙམ་རེ་བཟླས་ཏེ་ཉིན་རེ་སྟོང་ཕྲག་ཙམ་རེ་འགྲོ་བར་བྱའོ། །དེ་ནས་མདུན་བསྐྱེད་ནི། ཨོཾཱ་སྭ་བྷཱ་ཝས་སྦྱངས། རང་གཞུང་ལྟར། རྫས་ཀྱི་དཀྱིལ་འཁོར་མི་དམིགས་པར་སྟོང་པར་སྦྱངས་བའི་ངང་ལས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ནས། འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ། གདན་པདྨ་འདབ་བཞི་སོགས་ནས། རྒྱན་ཆ་ལུགས་ལ་སོགས་པ་མ་འདྲེས་ཡོངས་རྫོགས་སུ་གསལ་བར་གྱུར༔ལས་བྱང་ལྟར། བྷྲཱུྃ༔ འབྱུང་བ་མེ་རླུང་སོགས་ནས། སྤྱན་འདྲེན་སྐབས་སྔོན་བསྐལ་མ་བཅས། ར་ཧོ་ཧཾ༔ཡན། སྒྲུབ་གཞུང་ལས། དེ་དག་རྣམས་ལའང་སོགས་ནས། བཞུགས་པར་བསྒོམ༔ བར། ལས་བྱང་ནས། ཨེ་མ་ཧོཿ ཆོས་སྐུ་ནམ་མཁའ་ནས། བསྟོད་པ་རྫོགས་ཀྱི་བར་བཏང་། མཎྜལ་ཆོ་ག་ལྟར་གསོལ་འདེབས་རྒྱས་པ། ཕུར་ཚུགས་གསོལ་འདེབས། ཛབྲ་དགོངས་ཚངས་པའི་ང་རོ་ལས། ཧཱུྃ་ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ནས། འགྲུབ་པར་མཛད་དུ་གསོལ༔ བར། རང་


LT31_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། ལྕེ་ཟླ་གམ་དམར་པོ་སོགས་ཀྱི་དམིགས་གནད་དང་བཅས་སྒྲུབ་པའི་སྙིང་པོ་འབྲུ་བཞི་བཅུ་པ་ཉིད་གོང་བས་ཐོས་ཙམ་གྱིས་ཤུབ་བུར་རྩེ་གཅིག་ཏུ་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གསུམ་གསུམ། ལས་བྱང་ཆེན་མོ་ལྟར། ཧཱུྃ་ཧྲཱིཿཡེ་ཤེས་ལྷ་ཚོགས་སོགས་ཀྱིས་བསྙེན་པ་ཕུལ། ཕྱག་འཚལ་བརྒྱ་རྩ་ལས་འབྱུང་བ། ཨོཾཱ་ཨཱཿཧཱུྃཿ ཕྱོགས་བཅུའི་ཞིང་ཁམས་སོགས་ཀྱིས་མཆོད། སྨན་རཀྲ་གཏོར་གསུམ་རང་གཞུང་ལས། ཧཱུྃ་ཧྲཱིཿ རང་བྱུང་གདོད་ནས་སོགས་རྫོགས་ཀྱི་བར་མངོན་རྟོགས་དང་སྤྲད་ཚུལ་སྐོང་ཆོག་སྐབས་ལྟར་བྱས་ལ་ནང་མཆོད་ཕུལ། བསྟོད་འབུམ་ལྟར། དཀྱིལ་འཁོར་དགུ་རྫོགས་སོགས་ཀྱིས་བསྟོད། ཐུན་མཚམས་སུ་རྟ་ནག །ཤ་ཟ། བཙན་རྒོད་བཅས་ཀྱི་ལས་བྱང་གཏེར་གཞུང་ལྟར་རྒྱས་པར་བཏང་ཞིང་གཏོར་མ་འབུལ། བདག་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ་གིས་སྟོང་པར་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ལྷ་སྐུར་ལྡང་། མདུན་བསྐྱེད་སྒྲུབ་བ་གྲོལ་གྱི་བར་མི་བསྡུ། །བསྔོ་སྨོན་སྤྱི་མཐུན་བྱའོ། །སྤྲོ་ན་མན་ངག་ལས་འབྱུང་བ་ལྟར་ཛབུ་བཅོལ་ནི། མདུན་བསྐྱེད་ལ་དམིགས་ཏེ། དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། །རྣལ་འབྱོར་བདག་ཅག་ཐུན་མཚམས་


LT31_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡི་བར། །གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་འུ་རུ་རུ། །བཟླ་བའི་ཕྲིན་ལས་གཡེལ་མེད་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་ཛབ་སྦྲ་དི་རི་རི་སྒྲོགས་པར་བསམ་མོ།། ༈ །།སྲོད་ཐུན་ལ་གསོལ་འདེབས། མཚམས་གཅོད་ནས་བཟུང་སྔར་དང་འདྲ་བ་ལས། སྨན་རཀྲ་གཏོར་གསུམ་བྱིན་རླབས་མེ་ཕྲེང་ལྟར་བྱ། མདུན་བསྐྱེད་བཟླས་པའི་གོང་དུ་ཕུར་ཚུགས་གསོལ་འདེབས། ཛབྲ་བསྐུལ་ཛབྲ་དགོངས་ཚངས་པའི་ང་རོ་ལྟར། ཧཱུྃ་ཧྲཱིཿ དབང་ཆེན་ཟླ་གམ་སོགས། དམིགས་པའི་འཁྲུལ་འཁོར་རང་གཞུང་ལྟར། རང་གཞན་ཕྱི་ནང་གི་སོགས། ཐུན་མགོར་འཛབ་དབྱངས་ཀྱི་རྣམ་པ་དང་བཅས་དཀྱིལ་འཁོར་ལ་བསྐོར་བ་བདུན་ལ་སོགས་པ་གང་ནུས་བྱ་ཞིང་། སླར་མལ་དུ་ཞུགས་ནས་སྐད་གསང་ཅུང་ཟད་མཐོ་བས་ཛཔྲ་བཟླ་ཞིང་བསྐོར་བའང་མོས་པ་ཙམ་བྱའོ། །ཐུན་མཐར་བསྙེན་བསྟོད་ཛབ་དགོངས་ལྟར་རྒྱས་པར་བྱ། ཕྱི་ནང་གསང་མཆོད་སྔགས་ཙམ་གྱིས་མཆོད། གཏེར་ཁ་རིགས་མཐུན་གཞན་ནས་འབྱུང་བའི། ཨོཾཱ་བླ་མ་ཡི་དམ་མཁའ་འགྲོའི་སོགས་དང་། ཨཱཿའདོད་ཆགས་རྣམ་དག་སོགས། སྨན་རཀྲ་ཤློ་ཀ་རེ་རེ་སྔགས་བཅས། འདི་ཉིད་ཀྱི་གཏོར་མའི་ལག་ལེན་དམར་ཁྲིད་ལས་


LT31_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི། སྣང་བ་ཆོས་སྐུའི་ནས། བཞེས་སུ་གསོལ༔ཡན་གྱིས་གཏོར་མ་འབུལ། སྨན་རཀྲ་གཏོར་གསུམ་བསྡུས་པ་དེ་དག་ཀྱང་མི་ཤེས་པའམ་དཔེ་མི་རྙེད་ན་སྔགས་ཙམ་གྱིས་མཆོད། ལས་བྱང་ཆེན་མོའི་རྗེས་ཆོག་སྐབས་ཀྱི། ཧཱུྃ་ཧྲཱིཿ འདུས་པ་ཡོངས་ཀྱི་གཙོ་སོགས་ཀྱིས་བསྟོད། དེ་ནས་ལས་བྱང་མེ་ཕྲེང་ལྟར་ཚོགས་དང་། ཆགས་མེད་རིན་པོ་ཆེས་མཛད་པའི་མདངས་སྐོང་བསྡུས་པ། བཀའ་སྲུང་གསུམ་པོ་སོ་སོའི་སྐོང་བ་རྒྱས་པ་སོགས་མཐར་ཆགས་སུ་བཏང་བ་ལས། ལྷག་མ་བཙོན་འཛིན་བྱ་དགོས་པས་སྔར་གྱི་གཟེད་ཞལ་དམར་གཏོར་ཅན་དུ་སྤུངས། མེ་ཕྲེང་བསྙེན་པ། བསྐུལ། དངོས་གྲུབ་ལེན་ཆོག །བསྡུ་རིམ་བཅས་མི་དགོས། བདག་བསྐྱེད་བསྡུ་ལྡངས་སྔར་ལྟར། བཀྲ་ཤིས་བསྔོ་སྨོན་བཅས་གྲུབ་ནས། ཉུ་ལེ་བསྐྲད་པའི་ཕྱིར་དུ། མཐོང་བརྒྱུད་ལྟར་ཆས་རྣམས་བཤམས་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་བལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།


LT31_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བླ་མ་དགོངས་པ་འདུས་པ་དཀྱིལ་འཁོར་ཚོམ་བུ་དགུའི་ལྷ་ཚོགས། རྟ་ནག་དྲེགས་པ། ཤ་ཟ་མ་མོ། བཙན་རྒོད་འབར་བ་སྤུན་བདུན་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྒྲུབ་པ་དང་། སྒྲུབ་རྫས་དང་། སྒྲུབ་པ་པོ་རྣམས་ལ་བར་དུ་གཅོད་པའི་དམ་སྲི་ཉུ་ལེ་འཁོར་དང་བཅས་པ་གཟུགས་བརྙན་ལིངྒ་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཧཱུྃ་ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་ང་ནི་པདྨ་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུང་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཅེས་ཕུར་ཐུན་ཚོམ་བུར་བསྐུལ། སློབ་དཔོན་གྱིས་དྲག་སྔགས་སོ་ལྔ་ཕུར་བསྐོར་བཅས་གདག་


LT31_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཊཱ་ཀིའམ། ལས་རྡོར་ཀྱིས་ཐུན་བྲབ། པྲ་ཁྲིད་ལྟར། ཧཱུྃཿ གནམ་ལྷའི་མ་མོ་སོགས་ཀྱིས་ཕོ་ཉ་ཀུན་ཐུབ་བསྐུལ་ཞིང་མཚན་དྲུག་དང་འབྲེལ་བའི་སྲགས་ལན་གསུམ་མམ་རེ་རེ་བཟླ། བྲུབ་ཁུང་ཁ་བཅད་ལ་སཱཙྪས་མནན། སྤོས་རོལ་གཡབ་དྲིལ་བཅས་ལས་བྱང་ཆེན་མོ་ལྟར། ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་སྲས་སོགས་ཀྱིས་བྱིན་དབབ་ལ་འཛབ་དབྱངས་ལན་ཁ་ཤས་བྱའོ།། ༈ །།ཉིན་གཉིས་པའི་ཐོར་ཐུན་ལ་གསོལ་འདེབས། ལས་བྱང་མེ་ཕྲེང་ལྟར་བགེགས་གཏོར། མཚམས་གཅོད་མན་ཆད། བཟླས་དམིགས་བསྐོར་བ་སོགས་སྔར་ཉིན་དགོངས་ཐུན་ཇི་བཞིན་པ་ལ། ནམ་ལངས་ཐུན་གྲོལ་སྐབས་བསྙེན་བསྟོད་ལས་བྱང་ཆེན་མོ་ལྟར། ཕྱི་ནང་གསང་མཆོད་སྨན་རཀ་སོགས་དགོངས་ཐུན་ལྟར། བསྟོད་པ་མངོན་རྟོགས་ཆེན་མོ་ལས་འབྱུང་བ། ཧཱུྃ་ཧྲཱིཿ བདེ་ཆེན་རོལ་པ་སོགས་གྲུབ་ནས་ཉུ་ལེ་བསྐྲད་ཚུལ་དགོངས་ཐུན་ལྟར་ལ། ཕོ་ཉ་སྒོས་བསྐུལ་གནམ་ལྷའི་ལྕམ་མོ་བསྒྱུར་ནས། ཧཱུྃ་ཧྲཱིཿ སྒྲུབ་པ་ལུང་གི་སོགས་བཏང་། ཉིན་གྱི་དུས་དྲུག་གི་ཉུ་ལེ་བསྐྲད་སྔགས་བཟླ༔ བྱིན་འབེབས། དུས་གསུམ་རྒྱལ་སྲས་སམ། རཏ་གླིང་ཐུགས་སྒྲུབ་ཀྱི། ཧཱུྃ་དཔལ་ལྡན་ནུབ་ཕྱོགས་


LT31_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཏང་སྟེ། འདིའི་གཤམ་གྱི། འཆི་མེད་བདུད་རྩིའི་དངོས་གྲུབ་སྩོལ༔ ཅེས་པར། མཆོག་དང་། །ཐུན་མོང་དུ་བསྒྱུར་དགོས།། ༈ །།ཞོགས་ཐུན་ལ། གསོལ་འདེབས། མཚམས་གཅོད། སྐྱབས་སེམས་མཚམས། མངོན་རྟོགས་ལྟར་རྒྱུའི་ཧེ་རུ་ཀ་བསྐྱེད་བཟླས་སྔོན་དུ་འགྲོ་བའི་སྲུང་འཁོར་བཟླས་པ་བདུན་གསུམ་ཙམ་བཅས་བྱ། མཎྜལ་སོགས་སྔར་ལྟར་ལ། སྨན་རཀ་གཏོར་གསུམ་བྱིན་རླབས་ལས་བྱང་ཆེན་མོ་ལྟར་བྱ། མདུན་བསྐྱེད་བཟླས་དམིགས། ལྕེ་ཟླ་གམ་དམར་པོ་སོགས་དང་། བསྙེན་བསྟོད་ཐོར་ཐུན་ལྟར་དང་། ཕྱི་ནང་གསང་མཆོད་ཕྱག་འཚལ་ལྟར། སྨན་རཀ་གཏོར་གསུམ་ལས་བྱང་ཆེན་མོ་ལས། ཧཱུྃ་ཧྲཱིཿ བདུད་རྩི་བསྒྲུབ་པའི་སྣོད་སོགས་ཚང་བས་ཕུལ། བསྟོད་པའང་དེ་ཉིད་ལས། ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་བསྟོད་དོ།། ༈ །།དགོངས་ཐུན་སྔར་ཉིན་ཕྱི་ཐུན་ལྟར་ལ་སྨན་རཀ་གཏོར་གསུམ་རང་གཞུང་ལྟར་ལྕོག་དཀའ་བས་མེ་ཕྲེང་དཀྱུས་ཉིད་བཏང་། གཞན་ཁྱད་པར་མེད། སྲོད་ཐུན་ལའང་སྔ་མ་ཇི་ལྟ་བའོ། །འདིར་ཡང་སྒྲུབ་བའི་གྲངས་ཚད་དམིགས་བསལ་མ་གསུངས་ཤིང་། དུས་རབ་ཟླ་བ་གཅིག །འབྲིང་གཉིས། ཐ་མ་གསུམ་དང་། རྟགས་ཚད་ཀྱིས་གཏན་ལ་


LT31_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་བར་གསུངས་ཀྱང་དབང་པོའི་ཁྱད་པར་སོགས་ཀྱིས་དེ་ལ་ངེས་པ་མེད་པས་ཡུན་རིང་ན་མི་འཁྱོངས་ལ། ཐུུང་ན་བསྙེན་གྲངས་ཅུང་ཟད་ལས་མི་འགྲོ་བས་སྒྲུབ་པ་ཟླ་བ་གཅིག་ལྷག་ཙམ་བྱེད་པའི་དབང་དུ་བྱས་ཏེ་དེ་ལྟ་བུའི་ཚུལ་གྱིས་ཞག་གྲངས་བདུན་གསུམ་ཞོགས་ཐུན་ཞིག་ལ་ཚང་བའི། རྗེས་ཀྱི་བྱ་བ་ནི། དགོངས་ཐུན་སྲོད་ཐུན་གཉིས་ལ་བསྟོད་འབུམ་དང་ཅི་འབྱོར་བའི་ཚོགས་མཆོད་བཟང་དུ་བཤམ་སྟེ་ཚོགས་དང་མདངས་སྐོང་ཆེན་མོ་བཀའ་སྲུང་གསོལ་སྐོང་རྒྱས་པར་བཏང་། ཉུ་ལེ་བསྐྲད་པ་སོགས་དཀྱུས་བཞིན་བྱ། ཕྱིར་ནངས་ཐོར་ཐུན་སྔར་བཞིན་དང་། ཉིན་མོ་རྒྱས་པའི་བསྲེག་བླུགས་ཇི་ཙམ་འགྲུབ་པར་བྱ། སྲོད་ཐུན་ལ་ཚོགས་མཆོད་ཕུལ། ད་དུང་བསྲེག་བླུགས་ཉིན་ཁ་ཤས་འགྲུབ་ན་དེ་ལྟར་ལ། དེ་ཙམ་གྱིས་ཆོག་པར་བྱེད་ན་ཕྱིར་ནངས་ནས་ལས་སྦྱོར་ལ་འཇུག་པར་བྱའོ།། ༈ །།གསུམ་པ་ལས་ལ་སྦྱོར་བ་ལ་གཉིས་ཏེ། མཆོག་གི་ལས་སྦྱོར་ནི། སྒྲུབ་པ་ཁ་སྐོང་བཅས་གྲུབ་པའི་རྗེས་ཐོག་དེ་ཉིད་དུ་མཆོད་གཏོར་ཁ་གསོ། ཐོར་ཐུན་ལ་གསོལ་འདེབས་ནས་བརྩམས། བདག་བསྐྱེད་བཟླས་པ་ཡན་སྒྲུབ་པའི་དུས་དང་འདྲ། མདུན་བསྐྱེད། སྭ་བྷཱ་ཝས་སྦྱང་། རྫས་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པར་སྦྱངས་པའི་


LT31_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མེད་པར་གསལ་ཞིང་འོད་འབར་བ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་ཆར་ཁེབས་ནོར་བུ་དབང་གི་རྒྱལ་པོའི་ཏོག་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ། ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཐོ་བརྩེགས་སུ་གསལ་བར་གྱུར། རིན་ཆེན་གའུའི་དཀྱིལ་འཁོར་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །གུ་རུ་ཐོད་ཕྲེང་རིགས་ལྔའི་སྐུ། །རིགས་ཀྱི་ཁ་དོག་གཟི་བརྗིད་འབར། །ཕྱག་གཡས་རང་རྟགས་ཕྱག་མཚན་དང་། །གཡོན་པས་ཐོད་པ་བདུད་རྩིའི་སྟེང་། །བཅུད་ཀྱིས་གང་བའི་བུམ་པ་འཛིན། །སྐུ་ལ་ཟ་བེར་སྣམ་སྦྱར་དང་། །དབུ་ལ་ཤ་བའི་སྙན་ཞུ་གསོལ། །མཉན་ཞུ་དར་སྣ་མེ་ལོང་ལྔ། །རྒོད་ཀྱི་ཐེའུ་ཕྲན་རྣམས་ཀྱིས་སྤྲས། །སྙན་ཡོབ་གསེར་གྱི་འཁོར་ལོ་དང་། །ཕྱག་ཞབས་དུང་གི་གདུ་བུ་འཁྲོལ། །གཉིས་མེད་ཡུམ་མཆོག་སྦས་པའི་ཚུལ། །མཆན་ཁུང་གཡོན་དུ་ཁ་ཊྭཱྃ་ག །རྒྱན་རྫོགས་གྱེན་དུ་བསླང་བ་འཆང་། །སྐྱིལ་ཀྲུང་འགྱིང་པག་ཚུལ་གྱིས་བཞུགས། །དགྱེས་འཛུམ་འགྲོ་ལ་ཐུགས་རྗེས་གཟིགས། །བླ་མ་ཆོས་སྐུའི་དཀྱིལ་འཁོར་གསལ། །འཁོར་གྱི་བླ་མ་


LT31_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ནི། །སྐུ་གསུམ་བླ་མ་བརྒྱུད་པ་དང་། །ཕྱོགས་དུས་རྒྱལ་བའི་ཚོགས་ཀྱིས་བསྐོར། །ཀུན་ཀྱང་ཆ་ལུགས་སྣ་ཚོགས་པ། །གཅིག་ཏུ་མ་ངེས་དུ་མའི་ཚུལ། །ཆར་སྤྲིན་འཐིབས་པ་ལྟ་བུར་གསལ། །རིན་ཆེན་མེ་ལོང་དཀྱིལ་འཁོར་དབུས། །ཉི་ཟླ་པདྨ་རོ་སྟེང་དུ། །རྟ་མགྲིན་དབང་ཆེན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱི་བོའི་གཙུག །རྟ་མགོ་དབང་སྐད་ཕྱོགས་བཅུར་སྒྲོགས། །གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས། །རུས་རྒྱན་རིན་ཆེན་དུར་ཁྲོད་ཆས། །བརྐྱང་བསྐུམ་འགྱིང་བག་འདོར་སྟབས་ཚུལ། །ཕྱོགས་བཞིར་དཔའ་བོ་སྡེ་བཞི་པོ། །སྐུ་མདོག་རིགས་ཀྱི་ཁ་དོག་ལ། །རང་རྟགས་གྲི་གུག་ཐོད་ཁྲག་འཛིན། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཀུན་ཀྱང་དུར་ཁྲོད་མེ་ཀློང་བཞུགས། །ཡི་དམ་ལོངས་སྐུའི་དཀྱིལ་འཁོར་གསལ། །ཚོམ་བུ་དགུ་ཡི་ལྷ་ཚོགས་སོགས། །ཞི་ཁྲོ་རབ་འབྱམས་དཔག་མེད་བསྐོར། །བག་དྲོ་གཟི་བརྗིད་འོད་འབར་བཞུགས། །རིན་ཆེན་བུམ་པའི་དཀྱིལ་འཁོར་དབུས། །ཉི་ཟླ་པདྨ་རོ་སྟེང་དུ། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་མདོག །ཕྱག་གཡས་ཟངས་གྲི་ནམ་མཁར་ཕྱར། །གཡོན་པས་


LT31_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་ཐུགས་ཀར་འཛིན། །ཁྲོ་ཞལ་སྤྱན་གསུམ་སྡང་མིག་བགྲད། །སྨིན་མཚམས་ཁྲོ་གཉེར་གྲུ་གསུམ་བསྡུས། །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐུ་སིལ་སྐུ་སྟོད་ཁྱབ་པར་གཏིབས། །སྤྱི་གཙུག་རྟོག་མེད་ཕག་ཞལ་འཕྱོ། །གཞོན་ཚུལ་ནུ་མ་བྷ་ག་རྒྱས། །རིན་ཆེན་དུར་ཁྲོད་རུས་པས་བརྒྱན། །དཔའ་བོ་ཡབ་མཆོག་སྦས་པའི་ཚུལ། ཁ་ཊྭཱྃ་ག་ལ་འཁྱུད་མཛད་དེ། །བདེ་མཉེན་གར་སྟབས་རོལ་པས་གནས། །དབུ་ལ་སངས་རྒྱས་རིགས་ལྔས་མཚན། །ཉམས་དང་གཟི་བརྗིད་ལྡན་པ་ཡི། །ཕྱོགས་བཞིར་རིགས་འདུས་དྷཱ་ཀི་མ། །སྐུ་མདོག་རིགས་ཀྱི་ཁ་དོག་ལ། །ཕྱག་མཚན་ཕྱག་གཡས་རང་རྟགས་དང་། །གཡོན་པས་ཁྲག་བཀང་ཀ་པཱ་ལ། །རྒྱན་དང་ཆ་ལུགས་གཙོ་མོར་མཚུངས། །མེ་རླུང་འོད་ལྔ་འཁྲིགས་པའི་དབུས། །མཁའ་འགྲོ་སྤྲུལ་སྐུའི་དཀྱིལ་འཁོར་གསལ། །དཔའ་བོ་དཔའ་མོ་སྒོ་མཚམས་སོགས། །དྷཱ་ཀི་དམ་ཅན་སྲུང་མས་བསྐོར། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། །རྩ་བ་གསུམ་གྱི་ཐུགས་བརྒྱུད་བསྐུལ། །སྤྲིན་ཕུང་གཏིབས་བ་ལྟར་བྱོན་ནས། །དམ་ཚིག་པ་ལ་ཐིམ་པར་གྱུར། །ཞེས་ལྷ་བསྐྱེད་ནས་རྒྱས་པར་


LT31_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་ལས་བྱང་ཆེན་མོ་ལྟར་བླ་མ་ཡི་དམ་མཁའ་འགྲོའི་སྤྱན་འདྲེན་བཏང་དགོས་ཀྱང་སྐབས་རེ་ཙམ་ལས་རྒྱུན་དུ་ལྕོག་དཀའ་བས། རྩ་སྒྲུབ་ནོར་བུ་པད་ཕྲེང་ལས་འབྱུང་བ་འདི་ལྟར། ཧཱུྃ་ཧྲཱིཿ ལྷོ་ནུབ་སྲིན་པོའི་ཕོ་བྲང་ནས༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་ལ་མོས་པས་བདག་གདུང་ཞིང་༔ དད་པ་དང་ནི་དམ་ཚིག་གིས༔ མ་ཐོགས་མྱུར་དུ་སྤྱན་འདྲེན་གྱིས༔ ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ༔ བླ་མའི་ཚོགས་དང་གཤེགས་སུ་གསོལ༔ ཡི་དམ་ཚོགས་དང་གཤེགས་སུ་གསོལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་བོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་མོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས་སུ་གསོལ༔ དམ་ཅན་ཚོགས་དང་གཤེགས་སུ་གསོལ༔ གཤེགས་ནས་གནས་འདིར་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ གཞལ་ཡས་ཁང་ལ་བྱིན་ཕོབ་ལ༔ སྒྲུབ་རྫས་གཉན་ལ་ནུས་པ་བསྐྱེད༔ བདག་ཅག་མཆེད་དང་ལྕམ་དྲལ་རྣམས༔ ཁྱེད་ཀྱི་རྗེས་སུ་ད་ཞུགས་ན༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔


LT31_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་ནུས་པ་སྦར་དུ་གསོལ༔ སེམས་ཀྱི་འདོད་དགུ་བསྒྲུབ་ཏུ་གསོལ༔ བདེ་ཆེན་ལམ་སྣ་དྲང་དུ་གསོལ༔ འགྲོ་རྣམས་བདེ་བ་བཀོད་དུ་གསོལ༔ ལོག་རྟོག་འཁྲུལ་པ་བཟློག་ཏུ་གསོལ༔ ཡང་དག་རྡོ་རྗེའི་དོན་རྟོགས་མཛོད༔ ཨོཾཱ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ དྷེ་བ་དྷཱ་ཀི་ནཱིཿ ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟཾྭཿ བཛྲ་ཀུ་རུ་དྷེ་བ་དྷཱ་ཀི་ནཱིཿ སརྦ་སིངྡྷི་ཕ་ལ་སིངྡྷི་སིངྡྷིི་ཧོཿ ཞེས་པའི་མཚམས་སུ་མེ་ཕྲེང་གི་བཞུགས་གསོལ། དབང་བསྐུར་རྒྱས་གདབ། ཕྱག་འཚལ་མཆོད་པ་རྣམས་ཀྱི་བར་མཐར་ཆགས་སུ་བཏང་། བསྟོད་པ་མེ་ཕྲེང་དེ་བསྒྱུར་ལ་ལས་བྱང་ཆེན་མོའི་རྗེས་ཆོག་སྐབས་སུ་འབྱུང་བ། ཧཱུྃ་ཧྲཱིཿ སྐྱེ་མེད་རྣམ་དག་ནས། དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད༔ བར། ཛྲ་བ་བསྐུལ། ཧཱུྃ་ཧྲཱིཿ བསྐུལ་ལོ་བསྐུལ་ལོ་སོགས། བཟླས་དམིགས་རང་གཞུང་ལྟར། གའུ་མེ་ལོང་བུམ་པར་སོགས་ནས། དངོས་གྲུབ་དམ་པ་ཐོབ་པར་བསམ། བར། ཐུན་མོང་མ་ཡིན་པའི་བཟླས་པ་ཅི་འགྲུབ་མཐར་འདི་སོགས་ཐུན་བཞི་ཀར་ཐུན་གྲོལ་བ་དང་ཐུན་མཚམས་ཀྱི་བྱ་བ་སྔ་མ་སྒྲུབ་པའི་སྐབས་ཇི་ལྟ་བ་ལ་བསྟོད་པ་ནི་ཐུན་བཞི་ཀར་མཆོད་ཕྲེང་ལས་འབྱུང་བ། ཧཱུྃ་ཧྲཱིཿ བསྟོད་འོས་བསྔགས་པར་སོགས་


LT31_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གུས་པས་བསྟོད༔ བར་བྱ། ཐུན་མཚམས་སུ་ཐུན་མོང་གི་འདུ་བས་མཆོག་གི་དངོས་གྲུབ་ལ་མི་སྒྲིབ་པའི་ཆེད་དུ་རྣམ་པར་མི་རྟོག་པའི་ངང་ནས་མཆོག་ལས་ཀྱི་བཟླས་པ་དེ་ཉིད་བརྒྱ་རྩ་རེ་འདྲེན། ཞོག་ ཐུན་འཛབ་བསྐུལ་ཚངས་པའི་ང་རོ་ལྟར། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་སོགས་ལེ་ཚན་གསུམ་དང་། ཕྱི་ཐུན་ལ་དབང་ཆེན་ཟླ་གམ་དང་། བསྙེན་བསྟོད་རྒྱས་པ། སྲོད་ཐུན་ལའང་དབང་ཆེན་ཟླ་གམ་གྱིས་བསྐུལ། གཞུང་ཐོར་ཐུན་ཁོ་ན་ལྷར་ལས་ཁྱད་པར་མེད་དོ། །དེ་ལྟར་མཆོག་གི་ལས་སྦྱོར་ཞག་གྲངས་བདུན་ཕྲག་གཅིག་ཚང་བའི་དགོངས་མོ་དབང་གི་དུས་ཞིག་ནས་མགོ་བརྩམ། ཞག་གྲངས་གསུམ་ལ་ཐུན་མོང་ལས་སྦྱོར་བྱ་སྟེ། གཞུང་ཚང་མ་སྔར་ལྟར་ལ། མདུན་བསྐྱེད་ཀྱི་བསྙེན་དམིགས་རང་གཞུང་ལྟར་མདུན་བསྐྱེད་བླ་མ་ཡི་དམ་སོགས་ནས། བཅུད་རྫས་ཆེན་པོར་གྱུར༔ བར་དང་། ཐུན་ལས་ཀྱི་བཟླས་པ་ཉིད་འདྲེན་ཞིང་། ཐུན་བར་དུ་མི་རྟོག་པའི་ངང་ནས་སྔགས་བཟླ་བ་དེ་མི་དགོས། རྫས་གཅིག་ལ་བརྟེན་པའི་དབང་གི་སྦྱིན་སྲེག་ཅི་འགྲུབ་རེ་བྱ། དེའི་ཚུལ་ནི་ཡིག་ཆ་ལོགས་སུ་ཡོད་པ་ལྟར་རམ། ཤིན་ཏུ་བསྡུ་ན། སྔར་ནས་བརྩིགས་ཐབ་ཁྱེར་བདེ་རྡོ་ལེབ་སྟེང་སོགས་བཟོས་


LT31_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛོམ་ན་རབ། མ་འཛོམ་ན། ས་སྟེགས་དྲི་ཆབ་ཀྱིས་བགོས་པར་འབྲུའི་ཚོམ་བུ་ལྔ་བཀོད་པའི་ཁར། ཤུག་པ་མཛོ་མོ་ཤིང་སེ་བ་སྟག་ཚེར་སོགས་ཟླ་གམ་དུ་བརྩིག། སྐད་ཅིག་གིས་མེ་ཐབ་དུ་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཚུལ་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་གཉིས་པ་དབང་གི་ཆ་ལུགས་གསལ། མེ་ཏོག་དམར་པོ། སིནྡྷཱུ་ར། ཟས་སྨན་འབྲུ་སྣ། དར་ཟབ་རིན་ཆེན། མངར་གསུམ། ཆོས་སྨན་དང་ལྡན་པའི་མ་ད་ན་སོགས་མྱོས་བྱེད་ཀྱི་རྫས་རྣམས་བསངས་སྦྱངས། ཨ་ཀཱ་རོས་བྱིན་བརླབ། ལས་སྦྱོར་སྔགས་ཀྱིས་གྲངས་གང་རུང་ཕུལ། ཕྱི་ནང་གསང་བ་སྨན་རཀ་སོགས་སྔགས་ཙམ་གྱིས་མཆོད། ཕྱི་ནང་གཞན་གསུམ་སོགས་ཤློ་ཀས་བསྟོད། མེ་ཕྲེང་ལྟར་དངོས་གྲུབ་བསྐུལ། རླུང་འཁོར་ཕོ་ཉ་མྱུར་མགྱོགས་ཀྱི་ཤམ་བུའི་སྐབས་ནས་འབྱུང་བའི་དབང་གི་འདོད་གསོལ་བརྗོད་ཅིང་མེ་ཏོག་དམར་པོ་ཐབ་ཏུ་འབུལ། མཐར་ལྷ་ཚོགས་རྣམས་དཀྱིལ་འཁོར་བ་དང་དབྱེར་མེད་དུ་གྱུར་པར་མོས། སྐབས་འདིར་ཡང་གནད་གདམས་ཀྱི་བྱང་བུ་གྲུབ་ན་གལ་ཆེའོ། །དེ་ལྟར་ཞག་གསུམ་གྲུབ་མཚམས་ཐོར་ཐུན་དགོངས་ཐུན་སྔར་ལྟར་ལ་ཉིན་མོ་སྦྱིན་སྲེག་མེ་འོད་རབ་གསལ་ལྟར་དབང་གི་སྦྱིན་སྲེག་ཅི་འགྲུབ་བྱ། །སྐབས་འདིར་དམ་ཚིག་


LT31_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆགས་སྐོང་ཞིང་དངོས་གྲུབ་ཀྱི་རྟེན་འབྲེལ་དུ་ཚོགས་ཀྱི་འཁོར་ལོ་རྒྱས་པར་དགོས་པས་སྐོང་ཆོག་ཆེན་མོ་ལྟར་གྲུབ་ན་ལེགས་ལ། མ་གྲུབ་ནའང་ཅི་ཙམ་འབྱོར་པའི་ཚོགས་རྫས་དཔུང་བསྐྱེད་ལ་དགོངས་ ཐུན་སོགས་སུ་ཚོགས་དང་སྐོང་བ་རྒྱས་པར་བྱའོ། །གསུམ་པ་ཡན་ལག་གི་རྣལ་འབྱོར་ནི་འོག་ཏུ་སྟོན་ནོ།། ༈ །།གསུམ་པ་རྗེས་ཀྱི་ལས་རིམ་ལ་དཀྱིལ་འཁོར་དང་འབྲེལ་བ་དང་། རྒྱུན་སྤྱོད་དང་འབྲེལ་བ་གཉིས་ལས། དང་པོ་ནི། གཟའ་སྐར་དུས་ཚེས་བཟང་བ་ཞིག་ལ་སྔར་ནས་བསྒྲིགས་པའི་ཐོར་ཐུན་ཉུ་ལེ་བསྐྲད་པ་ཡན་སྔ་མགྱོགས་སུ་གྲུབ་པར་བྱས། བཀའ་སྲུང་བསྡུས་ཙམ་བཏང་། ཕྲིན་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་དང་ཚོགས་ཀྱི་རྫས་ཕྱག་ལེན་ལྟར་བཟང་དུ་བཤམ། ཚོགས་བྱིན་རླབས་ནས་བརྩམས་སྐོར་བསྡུས་ཡན་རྫོགས་པར་བྱ། ཚོགས་བསྒྲལ་སྐབས་ཉུ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་བཀའ་སྲུང་གཏོར་མར་བསྟབ། སླར་ལས་བྱང་ཆེ་ཆུང་གི། དངོས་གྲུབ་བསྒྲུབ་ལ་སོགས་དང་། །ཡེ་ཤེས་རོལ་པ་སོགས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པ་བསྐྲད་ཅིང་མཚམས་གཅད། དུས་གསུམ་རྒྱལ་སྲས་སོགས་ཀྱིས་བྱིན་དབབ། སྒྲུབ་ཁོག་པྲ་ཁྲིད་ལྟར། ཧཱུྃ་ཧྲཱིཿརང་བྱུང་གདོད་ནས་སོགས།


LT31_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོ་སྤྱི་བསྡུས་བཅས་ཚང་མའི་དངོས་གྲུབ་བསྐུལ། རྩ་གསུམ་བསྐུལ་སྔགས་ཉེར་གཅིག་རེ་ཙམ་དང་། སྤྱི་བསྡུས་དངོས་གྲུབ་བསྡུ་སྔགས་བརྒྱ་རྩ་ཙམ་བཟླ། བླ་མའི་སྐབས་སྒྲུབ་རྟེན་གའུ། ཡི་དམ་མེ་ལོང་། མཁའ་འགྲོའི་བུམ་པ། སྤྱི་བསྡུས་སྐབས་ཐོད་པ་བཅས་ཀྱི་དངོས་གྲུབ་བླང་ཞིང་བཅུད་མྱོང་ལ་སླར་བཞུགས། མེ་ཕྲེང་ལྟར། ཧཱུྃ་ཧྲཱིཿ བདེ་ཆེན་ཡངས་པ་སོགས་དང་། བརྡའི་འབུལ་ལེན་སྔོན་དུ་འགྲོ་བས་ཚོགས་དང་། དངོས་གྲུབ་ཀྱི་རྫས་གཞན་རྣམས་བཀྱེ། པྲ་ཁྲིད་ལྟར། ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ནས། ལྷུན་གྲུབ་ཤོག༔ བར་གྱི་བཀྲ་ཤིས་དང་སྨོན་ལམ་བྱ་ཞིང་རྫས་རོལ། ལྷག་ཆོག་སྐབས་ལྷག་མ་ཐམས་ཅད་ཕྱི་རོལ་གོམ་པ་བདུན་ཅུའི་སར་མེ་སྒྲོན་བཅས་བསྐྱལ། །བསྐུལ་དང་། ཆད་བརྟན། རྟ་བྲོ་ཡན་བྱ། འདི་སྐབས་བསྐུལ་བ་ལ་དམར་གཏོར་ཟུར་དུ་བཤམ། ཆད་བརྟན་རྒྱུན་བཞག་དང་བཀའ་སྲུང་རྟག་གཏོར་རྣམས་ཀྱང་མེ་རུ་བཅས་ཕུལ་པ་ཡིན་ནོ། །སླར་མཆོད་ཁ་གསོ། གཏང་རག་མཆོད་བསྟོད་ལས་བྱང་མེ་ཕྲེང་ལྟར་བྱིན་རླབས་སྔོན་དུ་འགྲོ་བས་ཕྱི་མཆོད་ནས་བསྟོད་པའི་བར་རྒྱས་པར་བྱ། ལོངས་ཡོད་ན་བསྟོད་འབུམ་བཏང་། ཡིག་བརྒྱ་མང་དུ་བཟླ་ཞིང་ཉེས་བཤགས་དང་། །


LT31_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་མེ་ཕྲེང་ལྟར་བརྗོད། བརྟན་བཞུགས་སྤྱི་མཚམས་རྗེས་ཡེ་དྷར་དང་། སུ་པྲ་ཏིཥྛ་ཅི་འགྲུབ་བཟླ། མདུན་བསྐྱེད་དམ་ཡེ་དབྱེར་མེད་གའུ་འི་རྟེན་དང་། དངོས་གྲུབ་ཀྱི་རྫས་རྣམས་ཐོད་པའི་རིལ་བུ་ལ་བསྟིམ་སྟེ་རང་གིས་བཅད་ལུགས་གཞུང་ལྟར་བྱ། བདག་བསྐྱེད་བསྡུ་ལྡང་མེ་ཕྲེང་ལྟར་དང་། བསྔོ་སྨོན་ནི་མཎྜལ་ཆོ་ག །མེ་ཕྲེང་། པྲ་ཁྲིད་སོགས་ལྟར་རྒྱས་བསྡུས་གང་འགྲུབ་བྱ། པྲ་ཁྲིད་ལྟར། ཨེ་མ་ཧོཿརང་བྱུང་རྣམ་དག་སོགས་ཀྱིས་གོ་བགོ། མཆོད་གཏོར་བཅས་ཕྱི་ནང་གི་རྒྱལ་ཐོ་སྒོ་བྱང་ཅོད་པན་བཅས་ལས་བྱང་ཆེན་མོ་དང་པྲ་ཁྲིད་ལྟར་བཀྲོལ། གནས་སྲུང་ཞིང་དགའ་སྟོན་གྱི་ཚེ་ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་དང་། སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེས་མཐའ་རྒྱས་དགེ་ཞིང་ཤིས་པར་བྱའོ། །གཉིས་པ་རྒྱུན་སྤྱོད་རང་གཞུང་དུ་གསལ་བ་ལྟར་འདི་ཉིད་ཀྱི་བསྐྱེད་རྫོགས་གང་རུང་གི་རྣལ་འབྱོར་མི་ཆག་པ་དང་། དུས་བཞིའམ་ལོ་བསྟར་བཞིན་མཆོད་སྒྲུབ་ལ་བརྩོན་པ་དང་། ནངས་རེ་བཞིན་ལས་སྔགས་ཅི་འགྲུབ་བཟླ་བས་རིལ་བུ་ལ་ལོངས་སྤྱོད། རྒྱལ་པོ་ལྟ་བུའི་སྤྱོད་པས་སྣང་སེམས་རང་དབང་དུ་བྱེད་ཅིང་ལོངས་སྤྱོད་ཅི་བྱུང་མཆོད་སྦྱིན་ལ་བཏང་། རང་རིགས་ཀྱི་རྟགས་རྣམས་དང་མི་བྲལ་བར་བྱ།


LT31_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དོན་བསྡུས་ཐུགས་ཀྱི་སྙིང་པོ་ལས། དེ་ཡི་ངང་ལས་རྒྱུན་ཁྱེར་ཆོས༔ རང་ལུས་པདྨ་འབྱུང་གནས་བསྒོམ༔ བསྐྱེད་རིམ་ཀུན་གྱི་སྙིང་པོ་ཡིན༔ འཕགས་པའི་ཚོགས་རྣམས་བཀུག་ཅིང་བསྟིམ༔ དབང་བསྐུར་ཀུན་གྱི་སྙིང་པོ་ཡིན༔ སེམས་ཉིད་སྤྲོས་བྲལ་ངང་ལ་བཞག༔ རྫོགས་རིམ་ཀུན་གྱི་སྙིང་པོ་ཡིན༔ གྲགས་སྟོང་སྙིང་པོ་ཧྲཱིཿ ཡིག་བཟླས༔ བཟླས་བརྗོད་གསང་སྔགས་སྙིང་པོ་ཡིན༔ རྒྱུ་ཡི་ཐིག་ལེ་འཛག་མེད་བསྲུངས༔ ཟུང་འཇུག་བསྒོམ་པའི་སྙིང་པོ་ཡིན༔ གནོད་འགྱོད་མེད་པའི་སྤྱོད་པ་སྤྱད༔ དམ་ཚིག་ཀུན་གྱི་སྙིང་པོ་ཡིན༔ ཞེས་གསུངས་པ་དང་རྟག་ཏུ་མ་བྲལ་བར་བྱའོ།། ༈ །།དེ་དག་ལ་ཐུན་མོང་དུ་དགོས་པའི་ཡན་ལག་གི་རྣལ་འབྱོར་བསྟན་པ་ལའང་རྩ་བ་ཡན་ལག །གཉིས་ལས་དང་པོ་ནི། དེ་ལྟར་སྒྲུབ་པའི་སྐབས་ལ་སོགས་པ་ཐམས་ཅད་དུའང་དམ་ཚིག་སྤྱི་དང་། ཁྱད་པར་རང་གཞུང་ཉིད་ནས་གསལ་བ་རྣམས་ལ་ཤིན་ཏུ་གཅེས་སྤྲས་བྱ། གཞན་ཡང་གནད་གདམས་ལས། སྒྲུབ་པ་གཏན་ལ་མ་ཕེབས་ཀྱི་བར་དུ༔ ལུས་སྐྱིལ་ཀྲུང་ལ་སོགས་འཁྲུལ་འཁོར་ལུས་གནད་དང་མ་བྲལ་བ༔ ངག་སྨྲ་བ་བཅད་དེ་བསྙེན་པ་བར་མ་ཆད་པ༔ ཡིད་དམིགས་པའི་ཏིང་ངེ་འཛིན་ལས་མ་གཡོས་པ༔ ཐུན་


LT31_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་རྣལ་འབྱོར་དུའང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་མཎྜལ་དང་༔ སྨན་རཀ་གཏོར་མཆོད་འབུལ་རྟིང་བསྟོད་པ་ལ་སོགས་བྱ་བ་དང་༔ ཚུལ་མ་ཡིན་པའི་འདུན་སྤྱོད་ཀྱི་དབང་དུ་མ་སོང་བར་བྱ༔ ཞེས་སོགས་གཞུང་སྤྱི་དང་བྱེ་བྲག་ནས་བསམ་གྱིས་མི་ཁྱབ་པ་གསུངས་ཤིང་གསང་སྔགས་ཀྱི་སྲོག་དམ་ཚིག་ཡིན་པས་གལ་ཡང་ཤིན་ཏུ་ཆེ་རུང་འདིར་ཡི་གེས་འཇིགས་བས་གཞུང་རྣམས་དང་། ལྷག་པར་ཡང་དཀར་ཆག་ལས། དེ་རྣམས་ཡོངས་ལ་གཅེས་པའི་རྒྱབ་རྫི་ནི༔ བདག་འདྲ་པདྨའི་ཞལ་གྱི་གདམས་པ་སྟེ༔ དོན་བསྡུས་ཐུགས་ཀྱི་ཕྲེང་བའི་མན་ངག་ནི༔ སེམས་ཀྱི་སྐྱོ་རོག་སྤྱོད་པའི་གལ་མདོ་ཡིན༔ ལྟ་བའི་ཞེ་ཕུག་སྒོམ་པའི་མེ་ལོང་མཆོག༔ སྤྱོད་པའི་ལག་ལེན་འབྲས་བུའི་གཏུག་པ་ཡིན༔ ཞེས་ཆེད་དུ་བསྔགས་པའི་ཞལ་གདམས་དམར་ཁྲིད་ཉིད་འབྲལ་མེད་ཀྱི་སློབ་དཔོན་ཏུ་བརྟེན་པ་གལ་ཆེའོ། །གཉིས་པ་ཡན་ལག་གི་རྣལ་འབྱོར་ལའང་དྲིལ་སྒྲུབ་ཡིད་བཞིན་ནོར་བུ་ལས་མཉམ་པར་མ་བཞག་པའི་རྣལ་འབྱོར་བཅུ་སོགས་སོ་སོ་ནས་མང་དུ་གསུངས་ཀྱང་། འདིར་སྐབས་སུ་བབ་པའི་རྣལ་འབྱོར་དྲུག་སྟེ། དང་པོ་ཉལ་བའི་རྣལ་འབྱོར་ལའང་སྒྲུབ་པ་པོ་གང་ལ་བརྩོན་པའི་རྣལ་འབྱོར་


LT31_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པས་གཉིས་ཏེ་སྟོང་པ་དང་བདེ་བའོ། །དང་པོ་ནི། སྙིང་གའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་རང་ལུས་ཐུགས་སྲོག་ལ་རིམ་པར་བསྡུས་ཏེ་དེ་ཉིད་སྟོང་པའི་དབྱིངས་སུ་ཞུགས་པ་ལ་བློ་བཞག་ནས་སེང་གེའི་སྟབས་ཀྱིས་ཉལ་ལོ། །གཉིས་པ་ནི། གདན་གཞལ་ཡས་ཁང་སོགས་མི་བསྡུ་བར་འཁོར་རྣམས་གཙོ་བོའི་ ཐུགས་སྲོག་ཧྲཱིཿལ་བསྡུ། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས། བདེ་བ་ཆེན་པོས་འོད་དུ་ཞུ། བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་ལ་སེམས་བཟུང་ངོ་༔ གཉིས་པ་ལྡང་བའི་རྣལ་འབྱོར་ལའང་གཉིས་ཏེ་སྟོང་པའི་ངང་ལས་ལྡང་བ་ནི། གཉིད་སད་མ་ཐག་ཧྲཱིཿཞེས་བརྗོད་པས་རང་གི་རྣམ་ཤེས་འོད་གསལ་བའི་ངང་ལས་པདྨ་བཛྲ་རྩམ་གྱི་སྐུར་ལྡང་། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ཤིང་ཧྲཱིཿཞེས་བརྗོད་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་གསལ་ཞིང་། རང་དང་གཟུགས་ཀྱི་སྐུ་སྣོད་བཅུད་ཐམས་ཅད་ཕྲིན་ལས་འཇུག་པའི་ཡུལ་དུ་གསལ་བས་ལྡང་བའོ། །བདེ་བའི་ངང་ནས་ལྡང་བ་ནི། ངང་བཞིན་གྱི་ངང་ནས་སྐྱོད་བྱེད་ཀྱི་མཁའ་འགྲོ་ལྔ་བྱོན་ནས་བརྡས་བསྐུལ་ཞིང་། །འབྲས་བུའི་རྡོ་རྗེ་འཛིན་པའི་བཞེངས་པའི་ཚུལ་གྱིས་རྣལ་འབྱོར་པ་ལངས་ལ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་


LT31_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་གཞལ་ཡས་ཁང་དང་། བཅུད་ཀྱི་ལྷ་ཐམས་ཅད་སྔར་ལྟར་རྫོགས་པར་བལྟ། གཞན་ཡང་ལངས་མ་ཐག་པ་དེར་རླུང་རོ་ལན་གསུམ་མམ་དགུ་དབྱུང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཉམས་ཆགས་འགལ་འཁྲུལ་ལ་སོགས་པའི་ཉེས་ཚོགས་ཐམས་ཅད༔ ཀཾ་ནག་པོ་ལས་བྱུང་བའི་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས༔ ཉོན་མོངས་པའི་རླུང་དང་བསྡོངས་ཏེ་སྣ་སྒོར་སང་སང་ཐོན༔ མདུན་དུ་ཡེ་ཤེས་ཀྱི་མེས་སྦྱངས་པར་མོས་ལ། ཨོཾཱ་ཨཱཿཧཱུྃ་ན་མོ་གུ་རུ་ཡ༔ བྷུངྡྷ་ཡ༔ དྷརྨཱ་ཡ༔ སཾ་གྷཱ་ཡ༔ མ་མ་ཀཱ་ཡ་ཝཱ་ཀྲ་ཙིཏྟ་སརྦ་ཀརྨ་པཱ་བཾ་ད་ཧ་ན་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་གསུམ་ཡན་གང་འགྲུབ་བརྗོད། བཟླས་བརྗོད་ནུས་པ་སྟོབས་འབྱིན་ལྟར་ངག་བྱིན་རླབས་བྱ། ངག་ལ་དབང་བསྐུར། གཟུངས་སྔགས་ཀྱི་ཉེས་སེལ་སོགས་ཀྱང་ཐུན་པར་སོ་སོར་ནུས་ན་སྐབས་བབ་བྱ་སྟེ་ཞར་བྱུང་སྨོས་པའོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། ཆབ་ལྡན་གྱི་ཁྲུས་བུམ་དུ། རྣམ་འཇོམས་སྨེ་བརྩེགས་བདུད་རྩི་འཁྱིལ་བ་སོགས་བསྐྱེད་བཟླས་སྤྱི་དང་། ཁྱད་པར་ཨོ་རྒྱན་ལ་འཁོད་མཁའ་འགྲོ་སྡེ་བཞིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབ། མཐར་ལྷ་ཡང་འོད་དུ་ཞུ།


LT31_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་དབྱེར་མེད་དུ་གྱུར་པར་མོས་ལ། སྤྱི་དྲིལ་འབྲིང་བའི་གཤམ་དུ། ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ བཏགས་པ་ཅི་འགྲུབ་བཟླ། རང་གི་སྙིང་གའི་ཧྲཱིཿལས་འོད་འཕྲོས་པས༔ རིགས་ལྔ་འཁོར་བཅས་སྤྱན་དྲངས༔ ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཨོ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་གསུང་ཞིང་ཡེ་ཤེས་ཀྱི་བདུད་རྩི་སྤྱི་བོར་བླུགས་པས་ཕྱི་ནང་གི་དྲི་མ་ཐམས་ཅད་དག་ནས༔ ཡེ་ཤེས་ཀྱི་བདུད་རྩིས་ལུས་མེར་གྱིས་གང་བར་བསམས་ལ་བཏུང་བ་དང་ཁྲུས་བྱ། གཞན་ཡང་ལག་པ་གཡོན་པར་མེ་ཏོག་གི་ཕྲེང་བ་ཐོགས་པ་སྤྱི་བོར་བཞག་ཅིང་། ཨོཾཱ་ཨཱཿཧཱུྃ་བཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ི་དྷཱ་རཱི་བཛྲཱི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་ལན་བདུན་བཟླས་པས། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་བསྲུང་བར་འགྱུར་བའང་ཞར་སྨོས་སོ།། ༈ །།བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། གུང་ཚིགས་སྐབས་འཚོ་བ་ཟས་ཀྱི་རྣལ་འབྱོར་བདུད་རྩིའི་ཐིགས་པ་ལྟར་བྱ་ཞིང་། རྒྱུན་དུ། བདག་ཉིད་ལྷའི་ང་རྒྱལ་དུ་གསལ་བས་ལག་པ་གཡས་དགང་གཟར༔ གཡོན་བླུགས་གཟར༔ ཁ་ཐབ་ཁུང་དུ་ལྟེ་བར་གཏུམ་མོའི་མེ་སྦར་ནས་


LT31_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་གང་༔ མེའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཆོས་སྐྱོང་སྲུང་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་གསལ་གདབ་ལ༔ མཆོད་པ་འབུལ་བའི་བསམ་པས་བཟའ་བཏུང་ཨོཾཱ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ༔ ཆགས་ཞེན་སྲེད་པ་དང་བྲལ་བས་ལོངས་སྤྱོད༔ ལྷག་མ་རྣམས་ཀྱང་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ། ཨོཾཱ་ཨུཙྪིནྚ་བ་ལིནྟ་བྷཀྵ་སི་སྭཱ་ཧཱ༔ ཞེས་སོགས་སེ་གོལ་གྱི་སྒྲ་དང་བཅས་པས་སྦྱིན་པར་བྱའོ།། ༈ །།ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། ཐུན་མཚམས་ཐམས་ཅད་དུ་སྣོད་གཞལ་ཡས་ཁང་། བཅུད་ཐམས་ཅད་ལྷ་དང་ལྷ་མོ། འོད་གསལ་གྱི་དཀྱིལ་འཁོར་ཆེན་པོར་གསལ་བའི་བདག་ཉིད་པདྨ་བཛྲ་རྩལ་གྱི་རྣམ་རོལ་དུ་ཤེས་པས་སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་ཞེན་ཆགས་མེད་པར་ཆོས་ཉིད་ལ་ཆོས་ཉིད་སྤྱོད་པའམ། ཡང་ན་ཅི་བྱས་ཐམས་ཅད་བླ་མའི་རིམ་གྲོ་དང་སེམས་ཅན་གྱི་དོན་ལ་འཇུག་པའི་མོས་པ་བྱའོ།། ༈ །།དྲུག་པ་རྗེས་ཆགས་ཀྱི་རྣལ་འབྱོར་ལ་གཉིས་ཏེ་ཁྱད་པ་རབ་ནི་ཟབ་ལམ་པའི་སྤྱོད་ཡུལ་ལོ། །འདིར་ཐུན་མོངས་ཡིད་རིག་ལ་བརྟེན་ན་བསྟོད་པའི་


LT31_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་སོགས་སུ་བདག་ཉིད་པདྨ་བཛྲ་རྩལ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་བྱིན་རླབས་དང་། ཡབ་ཡུམ་གྱི་གནས་གསུམ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། བདེ་བ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་གསུམ་དང་ལྡན་པའི་ངང་ནས་ཆགས་པའི་བློ་དང་བྲལ་བས་སྙོམས་པར་འཇུག་པར་མོས་ཤིང་། །དེ་ལས་བྱུང་བའི་བདེ་བས་ལུས་ཐམས་ཅད་ཁྱབ་ཅིང་རྩ་ཁམས་དང་ལུས་དཀྱིལ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཉེས་ཤིང་ཚིམ། ངོ་བོ་སྟོང་པར་བསམས་པས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །གཞན་ཡང་ཚོགས་ཀྱི་འཁོར་ལོའི་སྐབས་སོགས་སུ། །རྒྱུད་ཉི་ཟླ་ཁ་སྦྱོར་ལས་གསུངས་པ་ཆོས་ཉིད་རྡོ་རྗེ་གསང་བའི་གླུ། །ཨེ་མ་ཀི་རི་ཀི་རཱི་སོགས་རྡོ་རྗེའི་སྒྲས་སྣ་དྲངས། བོད་ཀྱི་རང་སྐད་ཀྱི་ཚིག་དོན་སྤྲད་དེ་ལུས་རྣམ་འགྱུར། ངག་གླུ་དབྱངས། ཡིད་རིག་པ་ཁྱབ་བདལ་ཆེན་པོའི་ངང་ནས་བླང་བར་བྱའོ། །གལ་ཏེ་ཡོ་བྱད་དང་སྒྲུབ་གྲོགས་སོགས་ཤིན་ཏུ་འཛོམ་ན་སྒྲུབ་ཆེན་ཇི་ལྟ་བ་བྱ་སྟེ། བསྙེན་རྒྱུན་བཅས་ཞག་བདུན་ལ་སོགས་པར་འབད་ན་སྒྲུབ་པ་པོ་གཅིག་གིས་ལོ་བདུན་ཡེངས་མེད་དུ་འབད་པའི་འབྲས་བུ་ཞག་བདུན་ལ་


LT31_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། དེ་ལྟ་ན་སྒྲུབ་ཆེན་གྱི་ལག་ལེན་སོགས་ལ་ཤེས་པར་བྱ་ཞིང་། འདིར་ནི་མཁོས་ཀྱིས་མི་ལྕོགས་པའི་དབང་དུ་བྱས་ཏེ་དཔའ་བོ་གཅིག་སྒྲུབ་ཉིད་བསྟན་པའོ། །འདིར་སྤྲོས་པ་བསྡུས་ཏེ་བཤད་པའི་སྒྲུབ་རྫས་དང་ཡིག་ཆ་ཙམ་ཡང་མི་འཛོམ་པ་དག་གིས་བསྙེན་སྒྲུབ་བཤོལ་ནི་མི་དགོས་ཏེ་གང་ཟག་མོས་པ་བརྟན་པོ་ཅན་གྱིས་ནི། བདེག་བསྐྱེད་ལུས་ལ་བརྟེན་ཅིང་། མདུན་བསྐྱེད་ཚོམ་བུ་དང་གཏོར་མ་ཙམ་ལ་བརྟེན་པ་ཙམ་གྱིས་ཀྱང་འགྲུབ་པ་གསང་སྔགས་རྙིང་མའི་ཁྱད་ཆོས་ཡིན་ཏེ། ལག་ཁྲིད་གབ་པ་མངོན་ཕྱུང་ལས། གཞི་ལ་ཐུན་མོངས་མ་ཡིན་པའི་དད་པ་འགྱུར་མེད་དང་༔ བརྩོན་འགྲུས་ཀྱི་ལྕག་འཆི་བ་མི་རྟག་རྒྱུད་ལ་བསྐྱེད་པ་དང་༔སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་༔ ལྷ་མཆོག་ཐུགས་རྗེའི་བདག་ཉིད་ཁྱེད་རང་མཁྱེན༔ སྙམ་པའི་ཐག་ཆོད་ཏུ་རྦད་ཀྱིས་བཅད་པའི་དཔང་པོར༔ སྐུ་རྟེན་ཙཀ་ལི་ལ་སོགས་པ་འདུ་འབྲལ་མེད་པར་བཅད༔ རྫས་དེ་རྣམས་ཀྱིས་ཆོག་སྟེ༔ དེ་ལ་རྫས་མཆོག་དཀར་པོ་གསུམ་ལྡན་བྱ་བ་ཡིན༔ རང་བཞིན་གྱིས་ཤུགས་འབྱུང་དུ་བྱུང་ན༔ གཞུང་སོ་སོ་ནས་བཤད་པའི་སྒྲུབ་རྟེན་དཀྱིལ་འཁོར་མཆོད་


LT31_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྣམས་ཀྱང་ལེགས་པར་བཤམ༔ ཞེས་གསུངས་པ་ལྟར་དད་གུས། བརྩོན་འགྲུས། ཡི་དམ་གྱི་ལྷ་ལ་ཐུན་མོང་མིན་པའི་ཡིད་ཆེས་བཅས་གསུམ་པོ་དེ་དག་ནམ་དུའང་གལ་ཆེ་ཞིང་། འདི་བྱས་ན་དྲག་གམ། འདི་ལས་གཞན་ཞིག་དགའ་འམ་སྙམ་པ་ལྟ་བུའི་བློ་ཙབ་ཙུབ་གཏན་ནས་མི་བྱ་སྟེ། དེ་ཉིད་ལས། རྒྱལ་བ་གཅིག་བསྒྲུབས་ཐམས་ཅད་མ་བསྒྲུབས་འགྲུབ༔ དེ་ཕྱིར་སྤངས་ལེན་མེད་པར་གཅིག་ལ་འབད༔ སྤངས་ལེན་བློ་ཡིས་མང་ལོ་བརྩམ་འགྱུར་ཀྱང་༔ གཅིག་ཀྱང་མ་འགྲུབ་ཨ་ཐང་ཆད་པའི་རྒྱུ༔ ཞེས་གསུངས་སོ།། ༈ །།གཉིས་པ་སྤྱི་དོན་གོ་བྱའི་གནས་གལ་པོ་ཆེ་བསྟན་པ་ནི། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ནས། དུས་ཀྱི་ཐ་མལ་གསང་སྔགས་དམ་ཚིག་གིས་བསྒྲིབས་ནས་དོན་མི་གོ་བས་བྱིན་རླབས་འགྲིབ། གྲུབ་པ་ཐོབ་པ་ཉུང་། གསང་སྔགས་ཀྱི་ཆོས་ནུབ་ལ་ཉེ་བའི་དུས་ཞིག་འོང་བར་གསུངས་པ་དེང་སང་ཡིན་ཏེ་ཐམས་ཅད་སྔགས་ལ་ཞུགས་པར་རློམ་ཡང་བཟུང་བ་རྣམ་པ་ལྔས་བཅིངས་པ་ཁོ་ན་མང་། །དེས་ན་གོ་རྒྱུའི་དོན་དེ་གང་ཡིན་ན་གསང་སྔགས་ཞེས་པ་དེ་བསྐྱེད་རྫོགས་གཉིས་ཡིན་གྱི་གྱེར་མོ་བཤམ་བཀོད་ཛབྲ་བཟླས་སོགས་བསྐྱེད་རིམ་གྱི་ཡན་ལག་ཙམ་


LT31_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དངོས་གཞི་མིན། །དེའང་དབང་རབ་བསྐྱེད་རྫོགས་ཟུང་འཇུག །དབང་འབྲིང་རྫོགས་རིམ། དབང་པོ་ཐ་མར་བསྐྱེད་རིམ་གསུངས་པ་ལས། འདིར་བསྐྱེད་རིམ་གཙོ་བོར་བཏོན་པའི་སྐབས་ཡིན་ཞིང་དེའང་ལས་དང་པོ་ཚོགས་ལམ་པས་མོས་སྤྱོད་ཀྱི་ལྷ་སྐུ་རྟོག་བརྟགས་ཀྱི་རྣལ་འབྱོར་ལ་བསླབ་པ་ཙམ་ལས། རླུང་སེམས་ཀྱི་ལྷ་སྐུ་མ་དག་པའི་སྒྱུ་ལུས་སུ་ལྡང་བར་ནུས་ཀྱི་བར་དུ་ཟུང་འཇུག་མཚན་ཉིད་པ་འོང་བར་མ་གསུངས་པས་འདིར་བསྐྱེད་རིམ་རང་མཚན་པ་ལ་རྫོགས་རིམ་གྱི་རྒྱས་འདེབས་ནས་བསྒོམ་པ་ཡིན། གཞུང་ནས་ཇི་སྐད་གསུངས་པའི་ཆོ་གའི་གོ་རིམ་དང་དམིགས་པའི་རིམ་པ་ནོར་འཁྲུལ་མེད་པར་ཤེས་ཤིང་གསལ་ཐེབས་ན། །སྦྱང་བྱ་འཁོར་བའི་སྐྱེ་འཆི་དང་རྣམ་པ་མཐུན་པས་དེ་དག་སྦྱོང་ཞིང་དག །སྦྱངས་འབྲས་མྱང་འདས་དང་བཞུགས་ཚུལ་མཐུན་པས་སྐུ་གསུམ་གྱི་ས་བོན་གསོས་འདེབས་ཏེ་འབྲས་བུ་གཞི་ལ་རྫོགས། ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་སྟེ་ལས་དང་པོ་པ་ལ་ཐབས་མཁས་ཁྱད་པར་ཅན་ཡིན་ནོ། །དེའང་ཐེག་ཆེན་ཐུན་མོང་པའི་བསམ་སྦྱོར་ཚད་ལྡན་རྒྱུད་ལ་མ་སྐྱེས་ན་སྔགས་ཀྱི་སྒོར་གཏན་ནས་འཇུག་མི་རུང་


LT31_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཞུགས་སུ་ཟིན་ཀྱང་རུ་དྲ་སྲིན་པོ་ཡི་དྭགས་ཆེན་པོ་སོགས་ཀྱི་རྒྱུ་སྔགས་ལོག་ཏུ་འགྲོ་བས། ཐོག་མར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཟུང་འཇུག་གི་གོ་འཕང་ལ་བཀོད་འདོད་གྱི་བྱང་ཆུབ་སེམས་བློ་བཅོས་མ་མ་ཡིན་པས་ཟིན་པ། བར་དུ་བསྒོམ་སྒྲུབ་ཅི་བྱེད་དང་དོན་ཡིད་བྱེད་དང་གཏན་ནས་མ་འདྲེས་པ། ཐ་མར་དགེ་རྩ་ཐམས་ཅད་ནུས་ན་འཁོར་གསུམ་ཡོངས་དག་གི་བསྔོ་བ། མི་ནུས་ན་རྒྱལ་བ་ཐས་བཅས་ཀྱི་མཛད་པའི་རྗེས་སུ་སློབ་པར་བསྔོ་བ་བཅས་རིམ་གཉིས་གང་ལའང་མེད་དུ་མི་རུང་བའི་གལ་པོ་ཆེ་ཡིན། ད་ལྟ་འགའ་ཞིག་ནི་འདོན་བཟླས་ཀྱི་གྲངས་ཁོ་ན་ལ་གསང་སྔགས་ཉམས་སུ་ལེན་བར་རློམ་ནས་བསྒོམ་དོན་ཆེད་དུ་མི་གཡེར་བ་དང་། འགའ་ཞིག་གིས་ཅུང་ཟད་བསྒོམ་པར་རློམ་ནས་ཡིད་ཡུལ་དུ་གསལ་ཙམ་པའི་བསྐྱེད་རིམ་དང་། གསལ་རིག་ཟུང་འཇུག་ཉིད་མ་བཅོས་པར་བཞག་པས་ཆོག་པའི་གོ་མྱོང་ཙམ་ལ་རྫོགས་རིམ་དུ་གདིང་བཅས་ནས་སྤྲོས་བཅས་ཀྱི་རིམ་པ་ཁྱད་དུ་གསོད་པ་དང་། ཤིན་ཏུ་མ་གོ་བ་ཁ་ཅིག་བཤམ་བཀོད་དང་དབྱངས་རོལ་ཙམ་ལ་ཡིད་ཀྱི་གཏད་སོ་འཆའ་བ་སོགས་ཡོ་ག་རྣམ་གསུམ་གྱི་བསྟན་པ་འཇིག་པའི་སྔ་ལྟས་གདོད་མའི་མགོན་པོས་ལུང་བསྟན་པ་ཇི་སྙེད་དར་སྲོལ་ཆེ་བ། སྤྱིར་རྒྱལ་བ་རྡོ་རྗེ་


LT31_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ཐབས་མཁས་ཤིང་གདུལ་བྱའི་རྒྱུད་ཚོད་ཐམས་ཅད་མཁྱེན་པས་གང་འདུལ་གྱི་མཛད་པ་སྒོ་ཐམས་ཅད་ནས་ཐར་པར་དཀྲི་བའི་ཕྱིར་སོ་སོའི་དེ་ཡང་ངོ་མཚར་བ་ཡིན་མོད་ཀྱི། དེ་ཙམ་ལ་སྔགས་སུ་རློམ་ན་ར་གན་གསེར་དུ་བཟུང་བ་དང་མཚུངས་པས་གསང་སྔགས་ཉམས་སུ་ལེན་འདོད་ན་སྤྲོས་བཅས་པས་བསྐྱེད་རིམ་དང་། སྤྲོས་མེད་པས་རྫོགས་རིམ་ཁོ་ན་ལ་ནན་ཏན་བྱེད་དགོས། ཆོ་གའི་འགྲིགས་དང་སྔགས་བཟླ་བ་སོགས་སྒྲུབ་པ་ཆེན་པོའི་སྐབས་མ་གཏོགས་གཞན་ཏུ་དབང་པོས་གང་ལྕོག་རེས་ཆོག་གི་དེ་ཁོ་ན་གཙོ་བོར་བྱ་མི་དགོས། དཔེར་ན་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་བསྐྱེད་རྫོགས་ཀྱི་མན་ངག་སྣ་རེ་ལ་སེམས་འཛིན་ལོ་གྲངས་སུ་མཛད་པས་རྒྱུད་ནས་བཤད་ཚོད་ཀྱི་ཡོན་ཏན་སྐྱེས་ཤིང་གྲུབ་པ་ཐོབ། རང་རེ་བོད་ཀྱི་ཡུལ་དུ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཐེམས་ལ་ཁད་དང་དུང་ཕྱུར་ཁ་གྲངས་མང་པོ་བཟླས་ཀྱང་དག་གི་བདེན་པ་ཚད་ལྡན་ཞིག་འགྲུབ་པའི་ངེས་ཏིག་མེད་པ་འདི་གསང་སྔགས་ཀྱི་དོན་མགོ་བའི་རྟགས་ཡིན། རྒྱ་བོད་གཉིས་སུ་སྔགས་ཀྱི་བྱིན་རླབས་ལ་ཉེ་རིང་ཁྱད་པར་མེད། དེས་ན་སྐབས་འདིར་ཡང་རང་གཞུང་ནས་གསུངས་པའི་བསྐྱེད་རིམ་ལ་ནན་ཏན་བྱེད་པ་གལ་ཆེ། དེའང་སྦྱང་གཞི་བདེ་གཤེགས་


LT31_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཡོན་ཏན་ཀུན་ཚང་གི་སངས་རྒྱས་དེ་ཉིད། སྦྱང་བྱ་གཟུང་འཛིན་འཁྲུལ་པ་གློ་བུར་བ་སྤྲིན་ལྟ་བུས་བསྒྲིབས་པ་ལ། སྦྱོང་བྱེད་གཞི་འབྲས་དང་རྣམ་པ་མཐུན་པའི་སྔགས་ཀྱི་ཐབས་མཁས་ཁྱད་པར་ཅན་བསྒོམས་པས། སྦྱང་འབྲས་གཞི་ས་བཞུགས་པའི་རང་བཞིན་རྣམ་དག་མངོན་ཏུ་གྱུར་པའི་གོ་དོན་ཆགས་པ་ཞིག་གིས་ཁྱད་པར་བཞི་ལྡན་གྱི་བསྐྱེད་རིམ་གསལ་དག་བརྟན་གསུམ་གྱི་ཚད་རིམ་པར་མཐར་ཕྱིན་པ་ནི་ངེས་རྫོགས་ཀྱི་བསྐྱེད་རིམ་མཚན་ཉིད་པ་སྟེ་ད་ལྟ་ནི་སྲིད་པ་ཙམ་མོ། །སྟན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་ཀྱི་ཆོ་ག་ཆ་ཚང་ཉམས་སུ་ལེན་ཏེ་སོ་སོའི་སྐབས་སུ་བབ་པའི་ཏིང་འཛིན་མོས་པ་ལ་མ་བྱེད་ཁྱུག་ཙམ་རེ་ལས་གསལ་སྣང་རིམ་ཅན་དུ་བསྒྲུབ་མི་ནུས་པ་ནི་མོས་སྒོམ་གྱི་བསྐྱེད་རིམ་རྗེས་མཐུན་པ་སྟེ་དེང་སང་འདི་ཉིད་མང་ངོ། །དེ་ལྟ་བུའི་ཚེ་ནའང་ཐོག་མར་གསལ་སྣང་མ་ཐེབས་ཀྱི་བར་དུ་ཆོས་འདིའི་རང་ལུགས་ཐུན་མོང་མ་ཡིན་པ་བསླབ་པའི་གནས་དྲུག་གིས་བསྐྱེད་རིམ་གཙོར་བཏོན། ཡིད་ཡུལ་སོགས་སུ་གསལ་བའམ་ངལ་དུབ་ཏུ་གྱུར་ན་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་པ་ལ་འཇུག །ཐུན་མཚམས་སུ་དམ་ཚིག་གི་གནས་དྲུག་ལ་བསླབ་པ་སྟེ་གསུམ་མོ། །དེ་དག་མདོ་ཙམ་བརྗོད་ན། བསྐྱེད་


LT31_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལམ་དུ་བྱེད་པའི་བསླབ་པའི་གནས་དྲུག་གི་དང་པོ་ལྷ་ལ་སེམས་བཟུང་བ་ལའང་གསུམ་སྟེ་ཐ་མལ་གྱི་འཁྲུལ་སྣང་གཅོད་པའི་ཕྱིར་རྣམ་པ་གསལ་བ་སྟེ་དེའང་བློ་རབ་ཀྱིས་གཅིག་ཆར་ཆུ་ཟླ་དང་འཇའ་ཚོན་ལྟར་སྣང་ལ་དེར་འཛིན་མེད་པ། བློ་དམན་ན་ཐོག་མར་ཡོངས་རྫོགས་ཝལ་ཙམ་དང་། སླར་རིམ་གྱིས་དབུ་དང་ཕྱག་ཞབས་སོགས་རེ་རེ་ནས་གསལ་འདེབས་ལ་སེམས་བཟུང་སྟེ། དེའང་ཐོག་མར་རྟག་པའི་སྐུ་ལྡེར་སོ་ལྟ་བུ་བསྒོམ། རིམ་པར་སྣང་ལ་མ་གྲུབ་པར་བསླབ་པ་དང་གཅིག །དེས་སྐྱོན་རྟག་པར་ལྟ་བའི་ཞེན་འཛིན་དགག་པའི་ཕྱིར་རྣམ་དག་དྲན་པ་སྟེ་ནུས་ན་མངོན་རྟོགས་ཆེན་མོ་སོགས་ནས་འབྱུང་བ་ལྟར་རེ་རེ་བཞིན་ཡིད་ལ་བྱ། ཐམས་ཅད་མི་ནུས་ན་མདོར་བསྡུས་ཙམ་མམ། ཡང་ན་དག་དྲན་རྗེས་མཐུན་ནི། སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་སྐུ་ཉག་གཅིག་ཡིན། ཆོས་སྐུ་ལ་ཞལ་ཕྱག་སོགས་མཚན་མ་རྡུལ་ཙམ་མེད་ཀྱང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ཞལ་ཕྱག་རྒྱན་ཆའི་རྣམ་པར་ཤར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་བསྒྱུར་བ་ཡིན། རང་རྒྱུད་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་བསྒོམ་པ་དང་གཉིས། ཐ་མལ་གྱི་བདག་འཛིན་དགག་པའི་ཕྱིར་ང་རྒྱལ་བརྟན་


LT31_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། ལྷ་གསལ་རུང་མ་གསལ་རུང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་པདྨ་བཛྲ་རྩལ་ངའོ་སྙམ་པའི་ལྷའི་ང་རྒྱལ་ལ་རྟག་ཏུ་གནས་པ་ཤིན་ཏུ་གལ་ཆེ། མི་གསལ་བཞིན་ཏུ་འཁྲུལ་རྟོག་ལ་འཁྲུལ་རྟོག་གི་ལྷན་པ་འདེབས་པ་ལས་དོན་གྱི་གནད་དུ་འདི་ཟབ་པས་ནན་ཏན་བྱ་བ་བཅས་གསུམ་མོ། །དེ་དག་གིས་སེམས་ཀྱི་གླང་པོ་དྲན་ཤེས་ཀྱི་ཀ་བ་ལ་བཏགས་པའི་སྒོམ་པ་གོམས་པའི་ཉམས་ལྔ་ལས་ཐོག་མར་གཡོ་བའི་ཉམས་འགྱུ་རྟོག་ལང་ལོང་རི་གཟར་གྱི་འབབ་ཆུ་ལྟ་བུ། ཅུང་ཟད་གོམས་ཕན་ཐོབ་པའི་ཉམས་དམིགས་པ་ལ་སེམས་ཅུང་ཟད་གནས་པ་ཆུ་བྲན་ལ་བུ་འཆར་རོ། །གཉིས་པ་འགྱུར་བའི་སྐྱོན་ངོས་བཟུང་བ་ལ་སྤྱི་དང་ཁྱད་པར་གཉིས། སྤྱིའི་སྐྱོན་བདུན་ཏེ་བརྗེད་ངས་ལེ་ལོ་མི་གསལ་གྱི་དོགས་པ་བྱིང་རྒོད་ཧ་ཅང་རྩོལ་བའམ་མི་རྩོལ་བ་སྟེ་དེ་དག་ལ་དྲན་པ་སོགས་སོ་སོའི་གཉེན་པོ་བརྟེན། ཁྱད་པར་གྱི་སྐྱོན་བཅུ་གཉིས་ཏེ། རབ་རིབ། མོག་མོག །གྲིབ་མ་ཅན་ཏེ་ཁ་དོག་གི་སྐྱོན་གསུམ། སྐུའི་ཚད། ཆ་ལུགས། དབྱིབས། གྲངས། བཞུགས་ཚུལ་འགྱུར་བའི་སྐྱོན་ལྔ། ཁ་དོག་དང་དབྱིབས་འབའ་ཞིག་སྣང་བ། རིམ་པར་ནུབ་པ། རྣམ་འགྱུར་མ་རྫོགས་པ་སྟེ་


LT31_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱི་སྐྱོན་བཞི་བཅས་བཅོས་ནས་སོ་སོའི་གཉེན་པོ་བརྟེན་ཚུལ་ཞལ་གདམས་དམར་ཁྲིད་ཉིད་ལས་གསལ་ལོ། །གསུམ་པ་ལྷ་དབྲལ་བ་ནི། སྐྱོན་དེ་དག་བྱུང་བའམ་ལྷག་པར་བསྒོམ་པས་སྐྱོ་ན་མི་རྟོག་པ་དང་སྤེལ་གྱིན་བསྒོམ། བཞི་པ་ལྷ་ལམ་དུ་སློང་བ་ནི། ལྷ་དེས་སྤྱོད་ལམ་སྣ་ཚོགས་སྟོན་པ་དང་ནམ་མཁའ་དང་རྒྱ་མཚོའི་གཏིང་སོགས་གནས་དང་། ཆེ་ཆུང་ངེས་མེད་དུ་བསྒོམ། ཅི་འདོད་བསྒྱུར་དུ་གཏུབ་ན་གོམས་པའི་ཉམས་ཆུ་ཆེན་དལ་འབབ་ལྟ་བུ་ཞེས་བྱའོ། །ལྔ་པ་ལྷ་བསྲེ་བ་ནི། ལྷར་སྣང་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི་ཤེས་པ་དུམ་བུ་རིས་ཆད་དུ་མི་བཟུང་བར་དུ་མ་རོ་གཅིག་བུ་རམ་གྱི་གཟུགས་བརྙན། ཡུལ་ཤེས་གཉིས་མེད་ཆུ་དང་འཁྱག་རོམ། སྣང་སེམས་དབྱེར་མེད་རྨི་ལམ་གྱི་གྲོང་ཁྱེར་ལྟར་ཐག་བཅད་པས། རིག་སྟོང་གི་ངོ་བོ་ལ་འཕོ་འགྱུར་མེད་བཞིན་ཏུ་གསལ་མདངས་ལྷའི་དཀྱིལ་འཁོར་སྒྱུ་མ་ཙམ་དུ་སྣང་ལ་དེར་འཛིན་མ་ཞུགས་པ་འཁོར་འདས་དབྱེར་མེད་ཀྱི་བསྐྱེད་མེད་ཀྱི་བསྐྱེད་རིམ་བྱང་ཆུབ་སྒྲུབ་བའི་ཉེ་ལམ་ཐུན་མོངས་མ་ཡིན་པ་དེ་མངོན་དུ་གྱུར་ནས། བརྟན་པའི་ཉམས་འཁྲུལ་རྟོག་གིས་བར་དུ་མི་ཆོད་པ་རྒྱ་མཚོ་ཆེན་པོ་ལྟ་


LT31_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འཆར། ད་དུང་བསྒོམས་པས་ས་ལེ། སང་ངེ། ལྷག་གེ། ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་གྱད་དུ་གྱུར་ནས་མཐར་ཕྱིན་པའི་ཉམས་རི་རབ་ལྟ་བུ་སྣང་བ་ལྷའི་དཀྱིལ་འཁོར་དུ་ཤར་བའོ། །དྲུག་པ་ལྷ་དོན་དང་སྦྱར་བ་ནི། ཕུང་ཁམས་སྐྱེ་མཆེད་ཡེ་གདོད་མ་ནས་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ཡིན་པ་ལ་ཡིན་པར་ཐོག་མར་གོ་བ་དང་བར་དུ་ངེས་ཤེས་བསྐྱེད་པས་མཐར་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཡེ་ཤེས་སུ་བཅོས་བསྒྱུར་མེད་པར་འཆར་བ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ལམ་དུ་ལོངས་པར་དགོས་ཏེ། མཁས་གྲུབ་ཆེན་པོ་སྣ་ཚོགས་རང་གྲོལ་གྱི་ཞལ་ནས། ཡི་དམ་བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང་། །བསྐྱེད་རིམ་གོ་དོན་ཤེས་པ་ཉུང་བར་གདའ། །སྣོད་བཅུད་བཟོད་ནས་དག་པའི་ལྷ་སྔགས་སུ། །ཡིན་ཚུལ་ཇི་བཞིན་ཤེས་པ་མེད་ཐབས་མེད། །ཅེས་གསུངས་སོ།། ༈ །།གཉིས་པ་བཟླས་པ་ལ་འཇུག་པ་ནའང་། གསུང་རྒྱུད་ལས། གནད་ཀྱིས་ཟིན་པའི་ཏིང་འཛིན་དང་༔ ནོར་འཁྲུལ་མེད་ཅིང་སེལ་མ་ཞུགས༔ སྔགས་དང་བཅས་ནས་ལྷ་བསྒྲུབས་པས༔ དོན་


LT31_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བླ་མེད་མཆོག་ལ་རེག༔ སྔགས་ནོར་སྒྲ་ཚིག་མ་དག་པས༔ ལྷག་ཆད་སེལ་ཞུགས་ལོག་པར་ལྟུང་༔ ཞེས་དང་། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་ཏུ་ཡེངས་བར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པ་ལྟར་གཙོ་བོ་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གནས་པའི་ངང་སྔགས་སྒྲ་ཆེ་ཆུང་རིང་ཐུང་མྱུར་བུལ། སྔགས་འབྲུ་ལ་ཆད་ལྷག་དང་ཀློག་པའི་སྒྲ་གདངས་ནོར་བ་སོགས་ཀྱི་སྐྱོན་སྤང་ཞིང་། མི་ཚིག་གི་བར་དུ་ཆོད་པ་སོགས་སེལ་མ་ཞུགས་པ་དང་། རྫུན་དང་ངག་འཁྱལ་སྨེ་ཅན་གྱི་ཟས་སོགས་ངག་གི་ནུས་པ་ཉམས་པའི་རྒྱུ་སྤང་ཞིང་ལན་ཚྭ་སོགས་སྤངས་མི་ནུས་ནའང་གཉེན་པོའི་བྱིན་རླབས་མན་ངག་ལས་འབྱུང་བ་ལྟར་བྱའི་འཁོར་འདས་དབྱེར་མེད་གྱི་རྟོགས་པ་ལྷོངས་སུ་མ་གྱུར་བཞིན་ཏུ་ཐབས་ཁྱད་པར་ཅན་གྱི་རྒྱུ་འབྲས་ཁྱད་དུ་གསོད་པ་ནམ་ཡང་མི་བྱ་བར་གཞུང་འདི་ཉིད་ཀྱི་མན་ངག་རྣམས་དང་འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡི་གེ་སོགས་ལ་ཞིབ་མོར་རྟོག་ཅིང་ལག་ཏུ་ལེན་པ་གལ་ཆེའོ། །འདིར་ནི་ཡི་གེས་འཇིགས་པས་མ་སྤྲོས་ལ་སྐབས་སུ་མཁོ་བ་བགྲང་ཕྲེང་བྱིན་རླབས་ཕྲེང་བའི་དེ་ཉིད་


LT31_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་འདི་ལྟར་བྱ་སྟེ། དེའང་ཕྲེང་བའི་རྒྱུ་དེ་ཉིད་ལས་མང་དུ་གསུངས་ཀྱང་། བོ་དྷི་ཙེ་ནི་ཀུན་ལ་ཤིས༔ཞེས་དང་། རྡོ་རྗེ་རྩེ་མོ་ལས། བོ་དྷི་ཙེ་ཡིས་གྲངས་མེད་འགྱུར། །ཞེས་གསུངས་པ་ལྟར་བོ་དྷི་ ཙེའི་ཕྲེང་བ་ཕྲེང་ཐག་གསུམ་ལྔ་དགུ་བསྒྲིལ་གང་རིགས་མདོ་འཛིན་གསུམ་བརྩེགས་ཅན། གཞན་གྱིས་ལོངས་མ་སྤྱད་པ་བ་བྱུང་རྣམ་ལྔས་བགྲུས་ཤིང་དྲི་བཟང་གིས་བྱུགས་པ་དེ་ཉིད། གཞུང་ལས། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཕྲེང་བ་ལག་པ་གཡོན་དུ་བསྐྱིལ༔ མདོ་འཛིན་སྟེང་དུ་ཡོད་པར་བྱ༔ ཞེས་པ་ལྟར་བྱས་ལ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ༔ གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཱས་མཚན་པར་གྱུར༔ ཨོཾཱ་སྭ་བྷཱ་ཝས་སྦྱངས། སྟོང་ལས་པདྨ་ཉི་ཟླའི་སྟེང་། །མདོ་འཛིན་གཙོ་བོ་ཡབ་ཡུམ་ལ། །ཕྲེང་བ་འཁོར་གྱི་རྣམ་པས་བསྐོར། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །ཛཿཧཱུྃ་བྃ་ཧོཿགཉིས་མེད་གྱུར། །ཨརྒྷཾ་སོགས་ཀྱིས་མཆོད། དུས་གསུམ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔སོགས་ཤློ་ཀས་བསྟོད། རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བཟླ་བྱའི་ཡིག་འབྲུའི་རྣམ་པར་ཆར་ལྟར་


LT31_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ནས་ཕྲེང་བ་ལ་ཐིམ་པར་མོས་ལ། རྩ་སྔགས་དང་། ཨོཾཱ་རུ་ཙི་པྲ་མཏྟན་ཡེར་རྣམ་ི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླས། ལྷ་རྣམས་འོད་ཞུ་ཕྲེང་བར་གྱུར། །ཆོས་དབྱིངས་ཀུན་ཁྱབ་རྩ་གསུམ་ལྷ། །གདོད་ནས་ཕྲེང་བའི་ངོ་བོར་ཤར། །ཐབས་ཤེས་སོར་མོའི་སྦྱོར་བ་ཡིས། །བགྲད་བ་ཙམ་གྱིས་མཆོག་ཐུན་དངོས། །ཐོགས་མེད་འགྲུབ་པའི་མཐུ་ཅན་གྱུར། །ཞེས་མོས་ལ་སླར་རྩ་སྔགས་མཐར་དབྱངས་གསལ་རྟེན་སྙིང་བཏགས་པ་གང་འགྲུབ་མེ་ཏོག་ལ་སྔགས་ཏེ་གཏོར་ཞིང་ཤིས་པ་བརྗོད། བཟླས་པའི་ཐོག་མར་ཡང་འབྲུ་གསུམ་བརྒྱ་རྩ་བརྒྱད། དབྱངས་གསལ་རྟེན་སྙིང་། ཕྲེང་བ་བྱིན་རླབས་སྔགས་གོང་གསལ་དེའམ། ཨོཾཱ་ཨཱཿཧཱུྃ་རཏྣ་མཱ་ལེ་རུ་ཙིར་མ་ི་པྲ་བ་ཏྟ་ཡ་ཧཱུྃ་ཕཊ༔ ཅེས་ཆོས་སྤྱོད་ལས་འབྱུང་བ་ཉིད་ཉེར་གཅིག་ལ་སོགས་པ་བཟླས་ནས་ལས་ལ་སྦྱར་བར་གསུངས་ཏེ་དེང་སང་རྙིང་ཕྱོགས་ཀྱི་ལག་ལེན་ཏུའང་སྣང་ངོ་། །བགྲང་ཚུལ་སོགས་ཞིབ་མོར་ཕྲེང་བའི་དེ་ཉིད་ལས་གསལ་ལོ། །ཆགས་མེད་ཞབས་ཀྱིས་ཐུགས་སྲོག་སྐབས་ཡི་གེའི་མདུན་རྒྱབ་ཁྱད་པར་མཛད་འདུག་ཅིང་དེ་ལྟར་ཡང་ལེགས་མོད། ཁ་ཅིག་གིས་


LT31_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་ཡིག་གཟུགས་བསྒོམ་དགོས་སམ་སྙམ་པ་སོགས་རྣམ་རྟོག་ལ་མཐའ་མེད་ཕྱིར་འདིར་ཡང་དོགས་པ་ཇི་སྙེད་ཅིག་སྐྱེ་བར་སྣང་བས་འདི་ལྟར་ཡང་གོ་བ་གལ་ཆེ་སྟེ། སྤྱིར་རྒྱལ་བའི་བཀའ་ཐེག་པ་ཆེན་པོ་ནི་ཚེག་ལ་མི་རྟོན་དོན་ལ་རྟོན་པ་འབའ་ཞིག་ཡིན། སྒོས་སུ་གསུང་རྡོ་རྗེ་ལ་ཚིག་དང་ཡི་གེ་མེད་ཀྱང་རྣམ་པ་གང་འདུལ་དུ་ཤར། ཁྱད་པར་སངས་རྒྱས་ཀྱི་ཐུགས་རྗེ་ནི་མོས་པ་ཁོ་ནའི་རྗེས་སུ་འཇུག །ལྷག་པར་གསང་སྔགས་ནི་མོས་པས་འགྲུབ་ཀྱི་རྟོག་དཔྱོད་ཀྱིས་མི་འགྲུབ། གསང་སྔགས་ཀྱི་གེགས་སུ་ཐེ་ཚོམ་ཁོ་ན་ཆེ་བས་ཡིད་ཆེས་ཀྱི་མོས་པ་རྩེ་གཅིག་ཡོད་ཕྱིན་ཆད་ཡི་གེའི་གཟུགས་བོད་ཡིག་བློ་ལ་གང་བདེར་བསྒོམ་ཆོག་ཅིང་སྔགས་སྒྲ་རང་ཇི་བཞིན་པ་བོད་ཀྱི་ལྕེས་མི་འགྱུར། སྒྲ་ལེགས་པར་མ་བྱང་ན་གཅོད་མཚམས་སོགས་ཀྱང་ནོར་བ་ཁོ་ན་མང་སྟབས་དཔྱད་པ་མི་བྱ་བར་སྔགས་ཀློག་ཅུང་ཟད་རེ་མ་དག་ཀྱང་དེ་ཙམ་མི་ལྟོ་བས་ཐེ་ཚོམ་མེད་པའི་ངེས་ཤེས་ཉིད་གཙོ་ཆེའོ། །གཞན་ཡང་གསུང་རྒྱུད་ལས། བྲེ་མོ་དང་འདྲེས་བཟླས་པ་ལ༔ ནུས་རྟགས་ཡུན་ཏུ་འགྱང་བར་འགྱུར༔ གཉིད་རྨུགས་འདྲེས་པའི་བཟླས་པ་ནི༔ བགེགས་ཀྱི་བར་ཆད་འཇུག་པའི་རྒྱུ༔ ལོ་འདོད་བསམ་བའི་བཟླས་པ་ནི༔


LT31_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་དུ་འགྲོ་མི་སྲིད༔ ཅེས་ཁྱད་པར་གྱི་སྐྱོན་གསུམ་རྟག་ཏུ་སྤང་། ལམ་གྱི་འཆུག་སོ་མེད་པ་ཡི༔ བཟླས་པ་ཡིད་བཞིན་ནོར་བུ་ཡིན༔ ཞེས་སོགས་དང་། ངག་གི་དབང་ཕྱུག་གྲགས་པས་ཀྱང་། འཇིག་རྟེན་ན་ནི་དངོས་གཞན་གང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་པས་འབད་པ་ལ། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་སོགས་ཕན་ཡོན་རྒྱ་ཆེན་པོ་ཡིད་ལ་བཞག་ནས་བཟླས་པ་ལ་སྐྱོ་དུབ་མེད་པ་དང་། རྒྱུད་ལས། སྔགས་ཀྱི་ནུས་རྟགས་ཐོན་པ་ཡི༔ རྟགས་དང་མཚན་མ་ཅི་བྱུང་ཡང་༔ ཤིན་ཏུ་གསང་བར་བྱེད་པ་ནི༔ དམ་ཚིག་ཡིན་ཕྱིར་ཐུབ་པར་བསྲུང་༔ ཞེས་གསུངས་པས་རྟགས་ངན་པ་དང་མི་འདོད་པ་ལོག་དགུ་བྱུང་ཡང་ལས་སློང་དུ་ཤེས་པས་དཔའ་མ་ཞུམ་པ་དང་། བཟང་རྟགས་བཏུད་ནས་བྱུང་ཡང་སྒྲུབ་པ་ལ་ཞུགས་པའི་དྲོད་ཚད་ཙམ་ཡིན་གྱི་སྒྲུབ་པ་གཏན་ལ་ཕེབ་པའི་རྟགས་མེད་རྟགས་ཀྱི་རྒྱལ་པོ་མ་ཡིན་པས་རློམ་སེམས་དང་འཛིན་ཞེན་མི་བྱ་བར་ལྟོས་མེད་དུ་བསྐྱུར་ནས་ཤིན་ཏུ་གསང་བ་བསྲུང་སྟེ་མི་བསྒྲགས་པ་གནད་ཆེའོ། །གསུམ་པ་དམ་ཚིག་གི་གནས་དྲུག་ལ་བསླབ་པ་ནི། མན་ངག་སྟོན་པའི་བླ་མ་ལ་དད་གུས་


LT31_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བ་མི་འགྲེལ་བ་དང་། ཏིང་ངེ་འཛིན་གྱི་མཐུན་ཕྱོགས་རྣམས་བསྒྲུབ་པ་དང་། མི་མཐུན་ཕྱོགས་འདོར་བ་དང་། སྤྱོད་ལམ་ཀུན་ཏུ་ཏིང་ངེ་འཛིན་མི་འདོར་བ་དང་། ཡི་དམ་གྱི་ལྷ་སྤང་ལེན་གྱི་བསམ་པས་མི་བསྒོམ་པར་ངོ་བོ་དབྱེར་མེད་དུ་ཤེས་པས་རྩ་བའི་ཡི་དམ་མི་སྤངས་པ་དང་། ལྟ་སྒོམ་སྤྱོད་པ་ལྷ་སྔགས་སོགས་སྣོད་མིན་ལ་གསང་བར་བྱའོ། །གཞན་ཡང་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས་བསྐྱེད་རིམ་སྤྱིའི་ཆིངས་སུ་སྲོག་སྡོམ་གཟེར་བཞིས་གདབ་པར་གསུངས་ཏེ། དེའང་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་ཏིང་འཛིན་དམིགས་པའི་གཟེར། གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏད་པ་སྙིང་པོ་སྔགས་ཀྱི་གཟེར། ཐུགས་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་རྟག་རྟག་པོ་གུད་ན་མེད་པར་ཤེས་པ་དགོངས་པ་མི་འགྱུར་བའི་གཟེར། ཕྲིན་ལས་རྣམ་བཞི་སོགས་དམིགས་པའི་བསྒྱུར་ཁ་གང་ལ་གང་དགོས་སུ་སྒྱུར་བ་འཕྲོ་འདུ་སྣ་ཚོགས་པའི་གཟེར་བཞིའི་མན་ངག་གནད་ཐོག་ཏུ་ཁེལ་ན་སྐུ་དངོས་སུ་མཐོང་། ངག་ལ་བདེན་པ་འགྲུབ། ཆོས་ཉིད་ལ་རང་དབང་ཐོབ་སྟེ་


LT31_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གསུམ་གྱི་སྲོག་འཕྲོག །རིག་པའི་རྩལ་འབྱང་། ཕྲིན་ལས་རང་དབང་བསྒྱུར་བར་གསུངས་སོ། །ཁྱད་པར་ལྟ་དགོངས་ཀྱི་གཟེར་ནི་ཤིན་ཏུ་གཅེས་ཏེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང་༔ མཆོག་དང་ཐུན་མོང་འབྲས་བུ་གང་༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང་༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང་༔ གནས་སྐབས་ལྡན་འབྲས་ཕྲའུ་ལས༔ ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས་པས་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བརྟགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་བརླན་བཞིན་རིག་པའི་རང་རྩལ་ལས་གཞན་ཏུ་གྲུབ་པ་རྡུལ་ཙམ་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ངང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པས་སླར་སྟོང་པས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་ཡང་སྐྱེ་འགག་གནས་གསུམ་གྱི་མཐའ་ཐམས་ཅད་དང་བྲལ་བས་ཅི་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར།


LT31_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་གཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། མཁས་གྲུབ་ཀྱི་རྒྱལ་པོ་རྩེ་ལེ་བས། སྣང་གྲགས་གསལ་ཆའི་གདངས་ཀུན་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་སྤངས་པ་རྫོགས་རིམ་ཉིད། །ཡེ་ནས་དབྱེར་མེད་ཡིན་ལ་ཡིན་བཞིན་ཀློང་། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡེངས་མེད་འབུང་། །ཞེས་ཐེག་མཆོག་རྒྱལ་པོ་ལྟ་བ་སྤྱི་འབྱམས་གདེང་དུ་གྱུར་པའི་རྩལ་སྣང་རང་བཞིན་ཡོངས་གྲུབ་ཀྱི་ལྷའི་ཕྱག་རྒྱར་ཤར་བའི་རྡོ་རྗེའི་གསུངས་འདི་ལྟ་བུའི་གནད་གསལ་མ་རྟོགས་ན་ནམ་དུའང་བསྐྱེད་རྫོགས་ལ་མཚན་རྟོག་གི་གོལ་ས་ཆོད་པའི་དུས་མེད་པས་རབ་རྟོགས་པ། འབྲིང་ཉམས་མྱོང་། ཐ་ན་གོ་བ་ཕྱིན་ཅི་མ་ལོག་བས་ངེས་ཤེས་རྙེད་པ་ཙམ་ཅི་ནས་གལ་ཆེའོ། །དེ་ལྟར་བསྐྱེད་རྫོགས་ཚད་ལྡན་ལ་སྨིན་སློབ་བྱེད་ན་ཐོག་མར་ ཐུན་ཚད་ཀྱང་། གྲོལ་ཐིག་དགོངས་པ་རང་གྲོལ་ལས། ཐུན་གཅིག་ལྷ་ལ་


LT31_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཏད་བསྒོམ༔ ཐུན་གཅིག་གསང་སྔགས་བཟླས་པ་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་དབབ༔ ཅེས་གསུངས་པ་ལྟར་བྱ་ཞིང་གཞན་ཡང་སྒྲུབ་ཚུལ་རྣམ་པ་དྲུག་དང་བྱིན་རླབས་རྣམ་པ་ལྔ་ཡི་ཐེམ་པར་ལས་མི་འདའ་བར་བྱ་སྟེ་དེ་དག་རྒྱུད་དང་མན་ངག་ལས་ཤེས་སོ། །བསྐྱེད་རིམ་དང་འབྲེལ་བའི་བསྙེན་སྒྲུབ་འདི་ཙམ་དང་ཧཱུྃ་ཆོས་འབྲུ་དགུ་པ་ཙམ་སྔོན་ཏུ་སོང་ནས་སྤྲོས་བཅས་དེ་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་ཐེག་པ་དགུའི་ཡང་བཅུད་ཨོ་རྒྱན་ཆེན་པོའི་ཟབ་ཁྱད་ཡིད་དཔྱོད་ཀྱི་ལམ་དུ་མ་ལུས་པ་མཐོང་བ་དང་ཐོས་པས་གྲོལ་བ་རྫོགས་ཆེན་གསེར་གྱི་ཡང་ཞུན་ལ་ཡི་དམ་གྱི་སྙིང་པོར་འཆའ་སྟེ་འཁྲུགས་སྡེབ་ཀྱི་ཕྱག་བཞེས་གྲུབ་དབང་རྒོད་ཕུག་པ་ཆེན་པོའི་གསུང་གི་གསང་བ་ལྟར་བྱའོ།། ༈ །།རྩ་བའི་ས་བཅད་གསུམ་པ་ཕན་ཡོན་མདོར་བསྡུས་སུ་སྨོས་པ་ལའང་གསུམ་སྟེ། སྤྱིར་གསང་སྔགས་ཀྱི་རིམ་གཉིས་མོས་སློབ་ཙམ་བྱས་པས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་ཐོབ་པ་གསར་རྙིང་གི་རྒྱུད་སྡེ་ཀུན་ནས་མགྲིན་གཅིག་ཏུ་གསུངས་ལ། འདི་ཉིད་ལས་ཀྱང་། གསང་སྔགས་ཐེག་ཆེན་སྙིང་པོའི་དོན་རྣམས་དང་༔གང་འབྲེལ་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར༔འདི་


LT31_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ༔ཞེས་གསུངས་པ་དང་། ཁྱད་པར་བསྐྱེད་རིམ་མཐར་ཕྱིན་པས་རབ་ཕྱིའི་སྣང་བ་ཞིང་ཁམས། ནང་ཕུང་ཁམས་ལྷ་སྐུ། །གསང་བ་ཚོགས་བརྒྱད་ཡེ་ཤེས་སུ་གནས་འགྱུར་ཏེ་རིག་འཛིན་རྣམ་པ་བཞིའི་གོ་འཕང་མཐར་ཕྱིན་ནས་གདོད་མའི་མགོན་པོའི་ས་ལ་གནས་པར་འགྱུར་ཞིང་། འབྲིང་བརྩོན་འགྲུས་དང་བསྟུན་པའི་རིག་འཛིན་གྱི་གོ་འཕང་ཉམས་འོག་ཏུ་ཆུད་ལ། ཐ་མས་སྐྱེ་བ་འདི་ལ་མངོན་ཏུ་མ་གྱུར་པས་ལུས་ཐ་མལ་ལྟར་སྣང་ཡང་སེམས་ལྷའི་སྐུར་རྣམ་པར་སྨིན་པས་རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་ཅིང་ལུས་རྒྱ་གྲོལ་བ་དང་དུས་མཚུངས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་གནས་པ་སཱཙྪ་བརྐོས་ཕོར་ནས་ཕྱུང་བ་བཞིན་ནོ། །དེ་ལྟར་ཡང་ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེ་ལས། བསྐྱེད་རྫོགས་ཟུང་འཇུག་ལམ་དུ་ཁྱེར༔ བསྐྱེད་རྫོགས་གོམས་པ་སངས་རྒྱས་ཡིན༔ སྒྱུ་ལུས་བརྟན་པར་གྱུར་ནས་ནི༔ བར་དོར་ཡི་དམ་བཞད་ཅིང་འབྱོན༔ འདི་ལ་ཐེ་ཚོམ་ཅུང་ཟད་མེད༔ ཅེས་སོ། །ཡང་མཐར་གྱུར་པའང་དམ་ཚིག་མ་ཉམས་ལ་མོས་པ་བརྟན་པོས་བསྒྲུབས་ན་བར་དོར་ཡི་དམ་ལྷས་རྗེས་སུ་བཟུང་ནས་གྲོལ་བར་གསུངས་ཏེ། སྐུ་རྒྱུད་ལས། ཡང་མཐའ་བར་དོ་ཉིད་དུ་ཡང་༔


LT31_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་ཡེ་ཤེས་ལྷ་དང་འཕྲད༔རང་ངོ་ཤེས་ནས་རྣམ་པར་གྲོལ༔ཞེས་སོ། །ལྷག་པར་ཡང་གསེར་ཆོས་འདི་ཉིད་ཡོ་ག་རྣམ་གསུམ་གྱི་སྙིང་པོའི་ཡང་བཅུད་དཀོན་ལ་རིན་ཐང་མེད་པའི་བཀའ་གཙིགས་ཀྱི་ངེས་པ་དང་། འབྲེལ་བ་ཐོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡང་ཡང་ནན་ཏན་དུ་གསུངས་པ་གཞུང་ལས་གསལ་ཞིང་། །མདོར་བསྡུས་ཤན་འབྱེད་རྣམ་གྲངས་ཀྱི་སྐོར་ལས། སྙིགས་མ་ལྔ་བདོའི་དུས་སུ༔ བཀའ་མ་རྣམས་ཚོང་དུས་ཀྱི་འོ་མ་བཞིན་བསླད་ནས་འཆལ་ཞིང་གཏེར་མ་རྣམས་བདུད་ཀྱི་སྤྲུལ་པ་དང་ཡང་སྤྲུལ་རྣམས་ཀྱིས་དཀྲུགས་ནས་འཆོལ་བར་འགྱུར་ཏེ༔ ལ་ལ་བསྲེ་བསླད་དང་འཕྲི་བསྣན༔ མཆན་ཏིག་གིས་འབོག་འཆོལ་དུ་འགྱུར༔ ལ་ལས་དབང་ཟ༔ ཚོད་ཡོད༔ ལུད་མེད༔ བབ་ཆོལ་དུ་སྤྱད་པས་འཚལ༔ ལ་ལ་ད་མིན་ང་འདྲའི་གང་ཟག་གིས་ངའི་གསོབ་ཏུ་ཞུགས་ནས་འདྲ་མིན་གྱི་རིགས་མང་པོས་རྒྱལ་ཁམས་བཀང་ནས༔ དེ་ལྟར་འཆོལ་བ་སྣ་ཚོགས་འབྱུང་ཞིང་བྱིན་རླབས་ཆུ་རྒྱུན་ཆད་དེ་འབད་པ་དོན་མེད་དུ་འགྱུར་བས༔ དེའི་དུས་སུ་ཆོས་འདི་གང་གིས་འཕྲད་པ་དང་ཉམས་སུ་བླངས་བའི་སྐྱེས་བུ་ཐམས་ཅད་རབ་ཚེ་གཅིག་ལུས་གཅིག་གིས་བྱང་ཆུབ༔ འབྲིང་


LT31_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྒྱ་གྲོལ་བ་དང་ལམ་སྣ་ཟིན་པ་དུས་མཚུངས་པར་འགྱུར༔ ཐ་མ་ཡང་ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་པར་འགྱུར་རོ༔ ཞེས་དང་། གཞན་ཡང་། སྨོན་ལམ་གང་ཐེབས་འདི་འཕྲད་དོན་དང་ལྡན༔ འདི་མཐོང་ཐོས་རེག་ལས་ཅན་སྐལ་ཚོགས་བསགས༔ མི་ནུབ་རྒྱལ་བའི་བསྟན་པ་བཟུང་བྱེད་ན༔ མོས་བྱེད་སྒྲུབ་རྣམས་སངས་རྒྱས་སྨོས་ཅི་དགོས༔ཞེས་བསླུ་མེད་རྡོ་རྗེའི་གསུང་ལ་ཡིད་ཆེས་པས་དལ་འབྱོར་དོན་ཡོད་པར་བྱའོ། །ཀུན་གྱིས་སྤྱི་བོར་བཀུར་བའི་གསེར་ཆོས་ལ། །བདག་འདྲས་ལྷན་པ་གདབ་པ་ངལ་བའི་རྒྱུ། །འོན་ཀྱང་སྐལ་མཉམ་དག་གིས་རྟོགས་དཀའ་ཞིང་། །ཡིག་ཆ་འགའ་ཡང་རང་འདོད་ལམ་དུ་འཁྱོགས། །དེས་ན་རང་གཞུང་ཟད་སོར་བཞག་པའི་ཟིན། །འདི་བྲིས་ཉེས་མཆིས་རྩ་གསུམ་སྤྱན་སྔར་བཤགས། །དགེ་བས་ཆོས་འདིའི་སྒྲུབ་བརྒྱུད་དར་ཞིང་རྒྱས། །བདེ་བ་ཆེན་པོ་པདྨའི་དཔལ་འགྲུབ་ཤོག །ཅེས་པའང་ཉམས་བཞེས་འདོད་པ་ཁ་ཅིག་ལ་མཁོ་བའི་རྒྱུར་འགྱུར་སྲིད་པས་ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ནས་བྲི་བར་འདུན་པའི་ཐོག །སྙིང་པོའི་བསྟན་པའི་དཔལ་གྱུར་ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བསྩལ་ལྷུར་བླང་སྟེ། ལུང་འདྲེན་རྒྱས་བཤད་སོགས་ཀྱི་


LT31_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་སྤངས་ནས་ལག་ལེན་ཁྱེར་བདེ་བར་ཏཱའི་སི་ཏུ་པདྨ་དབང་ཆེན་ཞབས་ཀྱིས་རྗེས་སུ་བཟུང་བའི་རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བྲིས་པ་བསྟན་འགྲོར་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།