cover

རྒྱ་ཆེན་བཀའ་མཛོད།

གླེགས་བམ་ལྔ་པ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


LT32_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད། ཅ་ པར་སྟག་ཤམས་ཡི་དམ་དགོངས་འདུས་དབང་ཟིན་ལྡེབ། ༩ ཞི་བའི་སྦྱིན་སྲེག་ལྡེབ། ༧ པད་གླིང་ཐུགས་སྒྲུབ་ནོར་རྒྱ་མཚོའི་སྐུ་གསུམ་སྒྲུབ་པའི་ཟིན་བྲིས་ལྡེབ། ༢༡ གསང་བདག་གཏུམ་པོའི་རྒྱུན་ཁྱེར་ལྡེབ། ༧ རཏ་ཕུར་དྲག་སྲེག་ལྡེབ། ༤ ཀར་གླིང་ཞི་ཁྲོའི་གནས་འདྲེན་རྒྱས་པ་འགྲོ་དྲུག་རང་གྲོལ་ཆོག་་ཁྲིགས་ལྡེབ། ༤༡ གནས་འདྲེན་བསྡུས་པ་ལྡེབ། ༡༣ ཞི་ཁྲོའི་བླ་མ་བརྒྱུད་པའི་ཕྱག་འཚལ་ལྡེབ། ༤ བརྒྱུད་པའི་དོན་བསྐང་ལྡེབ། ༥ འཇའ་ཚོན་ཐུགས་ཆེན་ངན་སོང་རང་གྲོལ་ལྡེབ། ༦ རྟ་ཕག་ཡིད་ནོར་གསོལ་འདེབས་ལྡེབ། ༡ རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་བསམ་ལྷུན་གསོལ་འདེབས་ལྡེབ། ༣ འཇའ་ཚོན་ཐུགས་ཆེན་ངན་རང་གྲོལ་ལྡེབ། ༢ སྟག་ཤམ་ཡི་དམ་དགོངས་འདུས་དབང་ཐོ་ལྡེབ། ༧ ཆོས་གླིང་ཟབ་ལམ་ཐུགས་ནོར་སྒྲུབ་ཁོག་ལྡེབ། ༤༧ དེའི་སྦྱིན་སྲེག་ལག་ལན་ལྡེབ། ༡༥ ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྐོང་བ་ལྡེབ། ༥ སྟག་ཤམ་བདུད་འདུལ་དྲག་མོོའི་བསྙེན་སྒྲུབ་ཟིན་བྲིས་ལྡེབ། ༢༥ ཡོང་དགེའི་གྲོ་ལོད་དབང་ཆོག་ལྡེབ། ༡༡ བཀའ་བརྒྱད་བདེ་འདུས་བསྙེན་ཡིག་ལྡེབ། ༡༠ མཆོག་གླིང་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དབང་ཆོག་ལྡེབ། ༢༨ རྒྱུད་སྡེ་བཞི་སྒྲུབ་རྡོར་སེམས་བསྒོམ་བཟླས་ལྡེབ། ༢ ཐུགས་


LT32_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྨེ་བརྩེགས་ལྡེབ། ༤ སྒྲོལ་མ་འཇིགས་པ་ཀུན་སེལ་ལྡེབ། ༡ བཅས་ཅ་པར་བསྡོམ་ལྡེབ་གྲངས་ཉིས་བརྒྱ་དོན་བརྒྱད་བཞུགས། །དགེའོ། །

ཡི་དམ་དགོངས་འདུས་སྤྱི་སྡོམ་སྤྲོས་བཅས་དབང་ཆེན་སྨིན་གྲོལ་རྒྱ་མཚོ་དབང་རྐྱང་ལུགས་སུ་བསྐུར་བའི་ཟིན་ཐོ།


LT32_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་དགོངས་འདུས་སྤྱི་སྡོམ་སྤྲོས་བཅས་དབང་ཆེན་སྨིན་གྲོལ་རྒྱ་མཚོ་དབང་རྐྱང་ལུགས་སུ་བསྐུར་བའི་ཟིན་ཐོ་བཞུགས། །


LT32_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གཏེར་ཆེན་བསམ་གཏན་གླིང་པའི་ཟབ་གཏེར་གྱི་གཙོ་བོ་ཡི་དམ་དགོངས་པ་འདུས་པའི་སྨིན་བྱེད་རྒྱས་པ་སྤྱི་སྡོམ་སྤྲོས་བཅས་ལྷ་དབང་ཆེན་མོ་སྨིན་གྲོལ་རྒྱ་མཚོ། འབྲིང་པོ་སྨིན་བྱེད་རྩ་བའི་དབང་མཆོག་བདུད་རྩིའི་བུམ་བཅུད། བསྡུས་པ་སྤྲོས་མེད་ཐུགས་ཀྱི་དབང་བསྐུར་གསུམ་དུ་བཞུགས་པ་རྣམས་ཕྱག་རྒྱུན་དངོས་ལྟར་ན། །ཆོས་རྗེ་གླིང་པས་བསྒྲིགས་པའི་སྒྲུབ་ཁོག་ལྟར་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཁོངས་སུ་དམ་པ་རིགས་བརྒྱ་སོགས་སྒོམ་སྒྲུབ་རྣམས་ཀྱང་བཅུག་ནས་དངོས་གྲུབ་བླང་བའི་རྗེས་སུ་དབང་རྒྱས་འབྲིང་བསྡུས་གསུམ་རིམ་པར་བསྐུར་བ་ཡིན་འདུག་ཀྱང་། དབང་རྒྱུན་ཙམ་ལ་སྒྲུབ་ཆེན་སོགས་མི་འགྲུབ་པས་སྤྱི་འགྲེ་ལག་ཏུ་ལེན་


LT32_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ། དང་པོ་དབང་བསྐུར་རྒྱས་པ་ལ་ཉིན་དང་པོ་སྟ་གོན་ནི། སྒྲུབ་གནས་རྙིང་པར་དཀྱིལ་འཁོར་རས་བྲིས་ལ་བརྟེན་པའི་དབང་དུ་བྱས་ཏེ། གཏེར་མཛོད་དུ་ཡོད་པའི་རྩ་དབང་ཆོག་ཁྲིགས་མར་བཤད་པ་ལྟར་ལས་བྱང་ཆུབ་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་ས་སློང་གཏོར་འབུལ་ཙམ་བཏང་ན་སྤྱི་འགྲོ་ཡིན་པས་ལེགས། དེ་ནས་ལྷ་སྟ་གོན་རྗེས་དམ་པ་རིགས་བརྒྱའི་བསྐྱེད་བཟླས་ཀྱིས་བུམ་པ་སྟ་གོན་དང་། །སྤྱི་ཁྲུས་བུམ་པར་རྡོར་སེམས་བསྐྱེད་བཟླས་བྱ། ལས་བུམ་བསྒྲུབ། སློབ་མ་རྣམས་འཚོགས། །རྩ་དབང་རྣམས་ཆོག་ཁྲིགས་ལྟར། སེམས་བསྐྱེད་གསལ་གདབ་ནས། འདིར་སྤྱི་སྡོམ་སྤྲོས་བཅས་ལྷ་


LT32_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་མོ་སྨིན་གྲོལ་རྒྱ་མཚོ་བསྒྲུབ་པ་ལ་ཐོག་མར་གསན་པའི་ཡོན་ཏུ་ཞིང་ཁམས་རྒྱས་པར་འབུལ། ཇི་སྐད་སྨོས་པའི་སྨིན་བྱེད་ཀྱི་རིམ་པ་རྒྱས་པར་བསྒྲུབ་པ་ལ་རྩ་བའི་གཏེར་གཞུང་གི་ཚིག་དོན་ལྷག་ཆད་མེད་པ་བཏང་བའི་ཕྱག་ལེན་གྱི་དབང་དུ་བྱས་ཏེ་ས་བཅད་ལོ་རྒྱུས་རྡོ་རྗེའི་གསུང་རྒྱས་པར་འབྱུང་བ་འདི་ལ་སྙན་གཏོད་པར་ཞུ། །དེ་ལ་དབང་གི་ལོ་རྒྱུས༴ སོགས་ནས། འགྲུབ་པར་འགྱུར། ཅེས་སྤྱི་སྡོམ་ཆེན་པོ་རྣམ་པ་བཞིས་བསྟན་པ་ལ། སྤྱི་དོན་དང་པོ་དབང་གི་བཀའ་བབ༴ སོགས་ནས། བར་གྱི་ལེའུའི་མཚན་རྣམས་བསྐྱུར་བའི་འཕྲོས་མཐར་ཆགས་སུ་བཏང་སྟེ། ཐུགས་ལ་བསྟིམཿཞེས་གསུངས་པ་ལྟར་ལགས་སོ། །སྤྱི་དོན་གཉིས་པ་དབང་གི་དགོས་དོན། སོགས་ནས། འདས་པའི་ཐེག་པ་ལ་མཐར་ཕྱིན་པར་བྱའོ། །དེ་ལྟ་བུའི་ཐེག་པ་རིམ་འཇུག་གི་ཐོག་མར་འཇིག་རྟེན་པའི་ཐེག་པའི་སྤྱི་ཁྲུས་རིགས་དྲུག་གནས་སྦྱངས་གི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་འབུལ། གསོལ་གདབ། ཨེ་མ། བླ་མ་དཔལ་ཆེན། སོགས། སྤྱི་དོན་གསུམ་པའི་སྐབས་ལྟར་བཏང་ནས། སྤྱི་ཁྲུས་བུམ་དབང་ཡན་བཏང་། རྟ་མཆོག་རོལ་པའི་སོགས་ནས། ཀུན་གྱི་སྔོན་འགྲོའོ། །ཞེས་གསུངས་སོ། །དེ་ནས་གང་གི་འཕྲོས་གཉིས་པ་ལོག་པར་ལྟ་བ་ནས་འཇུག་པར་བྱའོ། །ཞེས་གསུངས་ཏེ་དེའི་དབང་དོན་འདིར་ལོག་པར་འདྲེན་པའི་བགེགས་བསྐྲད་


LT32_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བར་ཆད་མི་འཇུག་པའི་མཚམས་གཅོད་སྲུང་འཁོར་བསྒོམ་པར་གསུངས་པ་ལྟར་བགྱི་བ་ལགས་པས་འདུན་པ་མཛད་པར་ཞུ། ཞེས་མཚམས་སྦྱར་ལ། ཡི་དམ་ལས་བྱང་རྒྱས་བསྡུས་གང་རུང་སྐབས་བསྟུན་གྱིས་མཚམས་གཅོད་སྲུང་འཁོར་རྣམས་བཏང་། རང་རེ་རྣམས་ཐོག་མར༴དབང་བསྒྲིགས་ལྟར་ལ། མཎྜལ་ཡང་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །དབང་གཞུང་གང་གི་འཕྲོས། །འཇིག་རྟེན་ལས་འདས་པའི་ཐོབ་པར་འདོད་པའོ༔ དེ་ལྟ་བུའི་ཉན་རང་བྱང་སེམས་གསུམ་གྱི་ཐེག་པ་ལ་འཇུག་པའི་དབང་དོན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལགས་ཤིང་། དེའང་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་དགོས་ཏེ། ཀྱེ་ཧོ༴ སོགས་དབང་བསྒྲིགས་ལྟར་བརྗོད། སྟོང་གསལ་བསྒོམ༔ གསུམ། །དབང་གཞུང་གོང་འཕྲོས། བཞི་པ་དབང་པོ་འབྲིང་གི་ཐ་མ༔ ནས། ས་ནོན་པར་འདོད་པའོ༔དེ་རྣམས་ཀྱི་དབང་དོན་འདིར་གོ་འཕང་མཆོག་ཏུ་དྲོངས་ཤིང་སྒོ་གསུམ་དག་པར་བྱེད་པའི་ཐབས་ཁྱད་པར་ཅན་སོ་ཤིང་སྲུང་སྐུད་ཀུ་ཤ་སྦྱིན་པ་ལགས་ཏེ། དྲི་དང་ལྡན་ཅིང་སོགས། སོ་ཤིང་སྲུང་སྐུད་ཀུ་ཤ་སྦྱིན་པ་རྣམས་རྩ་དབང་ཆོག་ཁྲིགས་ལྟར་གྲུབ་ནས་དགེ་བ་བསྔོ། །སློབ་མ་གྲོལ། སློབ་དཔོན་གྱིས་ལྷ་ལ་གསོལ་གདབ་བྱ། བདག་བསྐྱེད་བསྡུ་ལྡངས་


LT32_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ལྟར་བྱ།། ༈ །།ཉིན་གཉིས་པར། དངོས་གཞི་ཐོག་མར། བརྒྱུད་འདེབས། གཏོར་མ་ཆ་གཉིས་བཏང་། དམ་པ་རིགས་བརྒྱའི་ལས་བྱང་དང་ཡི་དམ་ལས་བྱང་ཆེན་མོའི་སྔོན་འགྲོ་རྣམས་ཕན་ཚུན་སྦྲག་མར་བཏང་། དེ་ནས་དམ་པ་རིགས་བརྒྱའི་མངོན་རྟོགས་ནས་བརྩམས་མཆོད་པའི་སྐབས་མཆོད་འབུམ་སྦྱར་ཐུབ་ན་ལེགས་ཤིང་བཟླས་པའི་བར་བཏང་ལ་མཆོད་བསྟོད་འབུལ། དེ་ནས་ཡི་དམ་གྱི་མངོན་རྟོགས་ནས་བཟླས་པ་ཡན་གྲུབ་པ་དང་། བུམ་དཀྱིལ་གསལ་གདབ་སྤྱི་འགྲེ་མདོར་བསྡུས་དང་བུམ་བཟླས་མཐར་སྟོང་ཚིག་ཕུལ། འོད་ཞུ་བྱ། ལས་གཞུང་གཏོར་མ་འབུལ། བཀའ་སྲུང་གསང་བ་ཀུན་འདུས་ཀྱི་ལས་བྱང་བཏང་། གཏོར་འབུལ་བྱ། རུ་ཟུང་བཞིའི་བཤགས་པ་མདོངས་སྐོང་། མར་མེ་སྨོན་ལམ་བཅས་སྦྱར། ཞི་དྲག་གཉིས་ཀའི་ཚོགས་དང་སྐོང་བ་གྲུབ་ནས་རིག་མེ་དོར། གནང་བ་ཞུ་བ་སྤྱི་ལྟར་བྱ། དཀྱིལ་འཁོར་ལ་ཡོལ་བ་བཏང་། དེ་ནས་སློབ་མ་ལ་ཁྲུས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་རྗེས། བདུན་པ་དབང་པོ་རབ་ཀྱི་ཐ་མ་དབང་གཞུང་སྔ་འཕྲོས་ལྟར་བརྗོད་ལ། བགྲོད་དུ་མེད་པའོ༔ ཞེས་གསུངས་པའི་ཡོ་ག་རྣམ་གསུམ་ཡང་ཏི་དང་བཅས་པའི་དབང་རྣམས་རིམ་པར་བསྐུར་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་


LT32_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞུགས་ནས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ། མཚམས་སྦྱོར་བཅས་གསོལ་གདབ། ཀྱཻ། དུས་གསུམ་སངས་རྒྱས༴ སོགས་ལས་བྱང་ཆུང་བའི་ནང་ལྟར་ལན་གསུམ། གནང་སྦྱིན་ཕྱིན་དབང་གཞུང་ལྟར་ལ་མིག་དར་མེ་ཏོག །ཚོགས་བསགས། ཀྱཻ། བདེ་གཤེགས་དགོངས་འདུས༴སོགས་ལས་བྱང་ཆེན་མོ་ནས་ལེན། བྱིན་འབེབས་སྐབས་སློབས་མ་དབང་ཆེན་ཞལ་ལྔ་ཕྱག་བཅུ་པར་བསྐྱེད་དགོས་པས་དཔེ་འཛོམ་ན་མངོན་རྟོགས་གཞུང་ཆེན་ནས་ལེན། མ་འཛོམ་ན་ལས་བྱང་ཆེན་མོ་ལྟར་གསལ་གདབ། དཀྱིལ་འཁོར་བརྡའ་དོན་སྤྲད་པའི། དགའ་བ་དང་སྤྲོ་བ་བསྐྱེད་འཚལ། ཡན་སོང་ནས། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྣམ་གྲངས་བདུན་དུ་ཡོད་པའི་དང་པོ་ཕྱི་ལྟར་ཐུན་མོང་རིག་པའི་དབང་ལྔ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ་བྱ། བུམ་ཆུ་མི་བསྐྱོད་པ་བསྐྱེད་བསྟིམ་ཚིག་ལྷུག་རྒྱས་བསྡུས་གང་ཤེས་སྤྱི་ལྟར་བྱ་བ་སོགས་རིག་དབང་ལྔ་ལ་འགྲེ། རྡོ་རྗེའི་བརྟུལ་ཞུགས་ལ་དབང་རྫས་སློབ་མ་གཉིས་ཀ་རྡོར་སེམས། སློབ་དཔོན་དབང་ལ་སློབ་མ་དབང་ཆེན་ཡབ་ཡུམ་སྔར་ལྟར་བསྐྱེད།


LT32_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དྲིལ་བྱིན་རླབས་སྤྱི་མཐུན་བྱ། འབྱེད་པར་བྱ། དེ་དག་གིས་དཀྱིལ་འཁོར་སྤྱིའི་འཇུག་ཚུལ་ཐུན་མོང་རིགས་ལྔའི་དབང་བསྐུར་གྲུབ་ནས། བྱེ་བྲག་ཏུ་དཀྱིལ་འཁོར་སོ་སོའི་ལྷ་དབང་རྒྱས་པར་བསྐུར་བའི་ཐོག་མར་ས་བཅད་གཉིས་པ་བརྒྱུད་གསུམ་བླ་མ་རིག་འཛིན་ཀྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ། བུམ་པ། བདུད་རྩི། ཤེལ་རྡོ། མེ་ལོང་རྣམས་སོང་ནས་ཕྲིན་ལས་སྐུ་འབག་དབང་གཞུང་གསལ་རྗེས། བརྒྱུད་པ་རེ་རེ་བཞིན་ཁ་བསྒྱུར་ནས་བསྐུར་དགོས་པར་འདུག་ཀྱང་མདོར་བསྡུས་ས་བཅད་ཙམ་དུ། རིག་འཛིན་བརྡའ་བརྒྱུད་བླ་མ་རྣམས། །ཡེ་ཤེས་ཆེན་པོའི་རྩལ་རྫོགས་ནས། །ཀུན་བཟང་རྒྱལ་སྲིད་སྤེལ་བ་ལ། །གསོལ་བ༴ སྔགས། །གང་ཟག་སྙན་བརྒྱུད་བླ་མ་རྣམས། །གདོད་མའི་གནས་ལུགས་མངོན་གྱུར་ཏེ། །རླབས་ཆེན་ཕྲིན་ལས་སྒྲུབ་པ་ལ། །གསོལ་བ༴སྔགས། ལས་འཕྲོ་གཏེར་བརྒྱུད་བླ་མ་རྣམས། །ས་ལམ་ཡོན་ཏན་མཐར་ཕྱིན་ཏེ། །ཐུགས་རྗེས་འགྲོ་དོན་མཛད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། སྔགས་དང་༴ བུམ་དབང་བསྐུར་བ་སོགས་ནས། འདིས་འགྲུབ་འགྱུར༔དེ་དག་གིས་བྱིན་རླབས་ཐོག་བབས་སུ་འབྱུང་བ་བརྒྱུད་གསུམ་བླ་མའི་དབང་བསྐུར་གྲུབ་པ་ལགས། གསུམ་པ་མ་ཧཱ་ཡོ་གའི་དཀྱིལ་འཁོར་དུ་སྒྱུ་འཕྲུལ་དགོངས་འདུས་


LT32_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ན་རག་དོང་སྤྲུག་གི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ། གནང་སྦྱིན་སོགས་དང་། བུམ་དབང་དགུ། ཚོམ་བུ་དགུའི་ལྷ་དབང་རྫོགས་པར་བསྐུར། གསུང་དབང་ལ་འོག་ཁྲོ་བོའི་སྐབས་སུ་འབྱུང་བའི་གསོལ་གདབ་ཁ་བསྒྱུར། རིགས་བརྒྱའི་སྔགས་དང་། ཨོཾ་ནི་སངས་རྒྱས༴ སོགས། ཐོབ་གྱུར་ཅིག༔ ཨཱཿབྷནྡྷ་མཚན་ལྡན་སོགས། བདུད་རྩི། ཧཱུྃ་རྡོ་རྗེ་རྩེ་ལྔ་སོགས་ཕྱག་མཚན། ཧཱུྃ། །དུས་གསུམ་བདེ་གཤེགས་སོགས་རྣམ་བུམ། ཧཱུྃ། དབུ་རྒྱན་ཅོད་པན་སོགས་ཆས་དབང་། ཧཱུྃ། ཤེས་རབ་དག་པས་སོགས་བཤད་སྒྲུབ་དབང་། ཕྲིན་ལས་གཏོར་མ་གཏོར་དབང་འོག་གི་ཞི་ཁྲོ་ལྟར། ཨོཾ་ཨཱཿཧཱུྃ་ཧྲཱིཿ དཔལ་གཏོར་མཚན་རྫོགས་སོགས་ཀྱིས་བསྐུར། ཤིས་པ་བརྗོད། སྐབས་འདི་ཙམ་ལ་བར་མཚམས་བྱས་ན་རིང་། ཐུང་འཚམས་པར་འགྱུར་རོ། །སླར་འཚོགས་ལ་ཁྲུས་དང་ཕྱག་བྱ། སེམས་བསྐྱེད་གསལ་གདབ། ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་རྒྱབ་ཆོས་སྤྱི་སྡོམ་སྨིན་བྱེད་དབང་རིམ་ཆེན་མོ་ལས། རྩ་བའི་ས་བཅད་བཞི་པ་མ་ཧཱ་ཡོ་གའི་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་དབང་བསྐུར་བ་ལའང་ནང་གསེས་དབང་གི་རིམ་པ་ལྔ་ཡོད་པའི་དང་པོ་སྐུ་བུམ་པ་ལ་བརྟེན་ནས་ལྷ་དབང་ཡོངས་རྫོགས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་གདབ། བུམ་དབང་སྨོན་ལམ་བཅས་རྩ་བའི་དཀྱིལ་འཁོར་དང་


LT32_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་མ་མོ་རྣམས་ཀྱི་ལྷ་དབང་སོ་སོ་དང་འོག་གི་སྨོན་ལམ་རེ་རེ་བཞིན་སྒྲགས་ན་ལེགས་པས་བར་རིམ་བཞིན་ཡར་ལེན། དྲེགས་པའི་སྲོག་དབང་ཡང་གཞུང་གསལ་ལྟར་ལ། བྱིན་དབབ་བསྟིམ་གྱི་རྗེས་སློང་མ་དབང་ཆེན་གྱི་གསལ་སྣང་ང་རྒྱལ་བསྐྱེད་པའི་ཚིག་རྒྱས་བསྡུས་གང་རུང་བརྗོད་ལ་ཙ་ཀླི་རྣམས་རིམ་པར་གཏད། གཉིས་པ་དབང་ཆེན་ལྷ་ཚོགས་ཡོངས་རྫོགས་ཀྱི་གསུང་གི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ། རྩ་སྔགས། ཨོཾ་ནི་སངས་རྒྱས་སོགས་ནས། དབང་བསྐུར་རྫོགས་པར་ཤོགཿབླ་མ་རྟ་མགྲིན་དབང་ཆེན་སོགས་དང་སྔགས་གསུམ་རྗེས་ཟློས། ཁྲོ་བོ་དབང་ཆེན་ཡོངས་རྫོགས་ཀྱི༔སྙིང་པོ་གསང་བའི༴སྔགས་ཀྱི་ནུས་པ༴ཁྲོ་བོའི་གསུང་དབང་། ཞེས་བསྒྱུར་ལ་བརྟན་པའི་སྔགས་དང་མེ་ཏོག་འཐོར། དྲེགས་པའི་འཁོར་ཚོགས་སྲོག་ནས་གཟིར་བའི་དྲག་སྔགས་ཁྲོ་འདུས་ཀྱི་རྗེས་ཟློས། ཨོཾ་པདྨ་ན་ཏ་ཀྲིཏ་སོགས་ལན་གསུམ། སྣང་སྲིད་དབང་ཆེན་སོགས། སྔགས་བྱང་མགྲིན་པར་བཞག་ལ། ཧོཿ གསུང་དབང་ཐོབ་ནས་སོགས༴ བདུད་རྩི། ཧཱུྃ་རྡོ་རྗེ་རྩེ་དགུ་སོགས་ཡབ་དང་། གྲི་ཐོད་ཡུུམ་གྱི་ཕྱག་མཚན། བུམ་དབང་བཅས་ཐུགས་དབང་། ཡོན་ཏན་རྒྱན་རྫས། ཧཱུྃ། གཏི་མུག་གླང་ཀོ་ནས་ཉན་འཆད་སྒོམ་སྒྲུབ་ཆས་ཀྱི་བར། ཕྲིན་ལས་མཆོད་རྫས་རྣམས་དང་ལས་བཞིའི་ཕུར་པའི་


LT32_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གྲུབ་ནས། བསྒྲལ་དབང་རྒྱས་པ་བསྒྲལ་བའི་ལས་རིམ་སོགས་དང་སྦྲེལ་ལ་དགོས་པར་སྣང་ཡང་མདོར་བསྡུས་ཙམ་དུ་ཧོམ་བསྐྱེད་དང་འགུགས་གཞུག་སྤྱི་འགྲེ་བྱ། གོང་གི་ཁྲོ་འདུས་དང་མ་མོ་འདུས་པའི་དྲག་སྔགས་ཀྱི་ཐུན་བྲབ་ཏུ་གཞུགས། གཞུང་གསལ་ཕུར་གདབ་དང་ལས་བྱང་ལྟར་ཞལ་བསྟབ་བྱ། འགྲོ་འདུལ་ཡོངས་རྫོགས་དམ་རྫས་གཏོར་མའི་དབང་གསང་སྒྲུབ་ཀྱི་དངོས་གྲུབ་གཏོར་དབང་དཔེ་མ་འབྱོར་ན་ལས་བྱང་ཆེན་མོའི་དངོས་གྲུབ་བསྐུལ་ཚིག་ཁ་བསྒྱུར། དེ་ནས་ཤིས་བརྗོད། དམ་ཚིགས་བསྒྲག་གཟུང་སོགས་དབང་རྗེས་སྤྱི་ལྟར་བྱ། ཚོགས་ལ་རོལ་ཅིང་ལྷག་ཆོག་ཕྱིན་ལས་བྱང་ཞི་དྲག་གུང་བསྡེབ་ལ་མཐར་དབྱུང་ངོ་།། ༈ །།ཉིན་གསུམ་པའི་སྔ་དྲོ་སྔོན་གཏོར་ཆ་གཉིས་བཏང་། མཁའ་འགྲོའི་ལས་བྱང་པདྨའི་ཟེར་ཕྲེང་ལ་མཆོད་བྱང་གྲུབ་ན་སྐོང་བཤགས་ཀྱང་སྦྱར་ནས་ཚོགས་མཆོད་བར་བཏང་། རྣམ་བུམ་བསྐྱེད་བཟླས། ལས་བུམ་བསྒྲུབ་པ་དང་རིག་མེ་དོར་བསོགས་སྤྱི་ལྟར་བྱ། དབང་ལ་ཁྲུས། བགེགས་བསྐྲད། མཎྜལ། དེ་ནས་སྔོན་འགྲོ་རྣམས་མཁའ་འགྲོ་གསང་ལམ་ཐུགས་སྒྲུབ་ལྟར་སྦྱོར་བར་གསུངས་པས་གྲུབ་ན་གཏེར་གཞུང་དང་། དབང་གཞུང་ཟིན་ཐོ་བསྟུན་ལ་བཏང་། མི་འགྲུབ་ན་སྤྱི་ཙམ་དུ། གོ་གསལ། ཀྱཻ། དུས་གསུམ་སངས་རྒྱས་སོགས་གསོལ་གདབ་ནས་དཀྱིལ་འཁོར་བསྟན་པའི་བར་བཏང་། བྱིན་འབེབས་སྐབས་སློབ་མ་མཁའ་འགྲོའི་གཙོ་མོར་བསྐྱེད།


LT32_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ངོ་མཁའ་འགྲོའི་དཀྱིལ་འཁོར་མཚན་ཙམ་གྱིས་བསྟན། དངོས་གཞི་བུམ་དབང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་གདབ། བུམ་དབང་བསྐུར་ཚིག་གོང་གི་ཡི་དམ་ཁྲོ་བོ་ལྟར། ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ་སོགས་ལ། སྔགས་སོགས། ཨོཾ་ཨཱཿཧྲཱིཿམཛྙཱ་ན་ཌཱ་ཀི་ནཱི་བཛྲ་ཀ་ལ་ཤ། ཞེས་བསྒྱུར་ལ། བི་ཤུདྡྷེ་ཧཱུྃ༔ བར་བརྗོད། དེ་ནས་རང་གཞུང་། ལུས་ཀྱི་དྲི་མ་སོགས་དང་། ལྷ་དབང་གསོལ་གདབ་ནས་བཟུང་སྔགས་ཀྱིས་བརྟན་པའི་བར། །དེ་ནས་ཞི་ཁྲོའི་གསུང་དབང་སྐབས་ལ་ཚིག་ཅུང་ཟད་བསྒྱུར་ཏེ། བླ་མ་ཡེ་ཤེས་མཁའ་འགྲོར་གསལ། ཐུགས་ཀའི་སྔགས་ལས་སོགས༴ འབར་བར་བསམ༔ ཞེས་དམིགས་པ་ཕོག་ལ་དེ་འཕྲོས་ཡོད་པའི་ཨ་ནུ་ཡོ་ག་མཁའ་འགྲོའི་སྙིང་པོ་ཚན་གཉིས་རྗེས་ཟློས་ལན་གསུམ་རེ་བྱར་གཞུག །ཨཱཿ བྷནྡྷ་མཚན་ལྡན་སོགས་ཀྱིས་བདུད་རྩི་སྦྱིན། སྔགས་བྱང་ཕྲེང་བ་གཏད་ལ་རང་གཞུང་ངོ་སྤྲོད་སྨོན་ལམ་སྔགས་ཀྱིས་བརྟན། དེ་ནས་གོང་གི་འཕྲོས། ཧཱུྃ། རྡོ་རྗེ་རྩེ་ལྔས་སོགས་ཐུགས་ཕྱག་མཚན་གྱི་དབང་བསྐུར། རང་གཞུང་། མཁའ་འགྲོའི་མཚན་བརྗོད་སོགས་ཀྱིས་ངོ་སྤྲད། གོང་གི་འཕྲོས་ ཧཱུྃ དབུ་རྒྱན་སྙན་རྒྱན་སོགས་ཡོན་ཏན་ཆས་དབང་བསྐུར། རང་གཞུང་། ཧཱུྃ། ཕུང་ཁམས་དག་པ་སོགས་ཀྱིས་རིག་མ་སྦྱིན། ཧོཿ སྲིད་པའི་འདོད་ཆགས་སོགས་ཀྱིས་ངོ་སྤྲད། འཕྲིན་


LT32_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཏོར་དབང་གསང་སྒྲུབ་དངོས་གྲུབ་བསྐུལ་ཚིག་ལྟར་བྱ་བར་གསུངས། ཤིས་པ་བརྗོད། རྗེས་དམ་ཚིག་བསྒྲག་བཟུང་སོགས་སྤྱི་ལྟར་དང་། །ཚོགས་རོལ་ལྷག་ཆོག་ཕྱིན་ཆོ་གའི་རྗེས་རིམ་རྣམས་ཀྱང་མཁའ་འགྲོའི་ལས་བྱང་ལྟར་བྱའོ།། ༈ །།ཕྱི་དྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་བྱུང་བའི་པདྨ་ཞི་ཁྲོ་རྩ་གསུམ་འདུས་པའི་ལས་བྱང་དྲི་མེད་རབ་གསལ་ལ། མངོན་རྟོག་ཨ་ཏི་ཡོ་གའི་སྒྲུབ་ཐབས་ཉི་ཟླའི་ཕྲེང་བ་སྦྱར། དེའང་བདག་བསྐྱེད་ལུས་དཀྱིལ། མདུན་བསྐྱེད་ཕྱི་དཀྱིལ་ལྔ་ཚོམ་དུ་བསྒོམ་པའང་བདག་མདུན་དབྱེར་མེད་བྱས་ཀྱང་ཆོག །གོང་ལྟར་བཟླས་པ། བུམ་སྒྲུབ། ཆོས་སྲུང་གཏོར་ཆོག །ཚོགས་མཆོད་ཞལ་བསྟབ་བར་བྱ། རིག་མེ་དོར། སློབ་མ་ལ། ཁྲུས། བགེགས་བསྐྲད་བྱ། མཎྜལ་འབུལ། གོང་གསལ། ཀྱེ། དུས་གསུམ་སངས་རྒྱས་སོགས་གསོལ་གདབ་ནས་དཀྱིལ་འཁོར་བསྟན་པའི་བར་བཏང་། བྱིན་འབེབས་སྐབས་ཞི་ཁྲོའི་དབང་གཞུང་ལྟར་བསྐྱེད་བསྟིམས་དང་ཕྱག་རྒྱ་གསུམ་གྱིས་བརྟན་པར་བྱ། ལྷ་ངོ་བསྟན་པའང་མཚན་ཙམ་བསྒྱུར། བུམ་དབང་གཞུང་དོན་རྒྱས་པར་སྤྲོ་ན་གོང་གི་ན་རག་དོང་སྤྲུགས་ལྟར། གསོལ་གདབ་དང་བུམ་པ་དགུ། དེ་ནས་ཁྲོ་བོས་སྐུར་དགོས་པར་གསུངས་པས་འདིའི་དབང་ཁོལ་ཕྱུང་བྱེད་


LT32_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེ་ལྟར་ངེས་པར་དགོས། འདིར་ཞི་དབང་སྔོན་ཏུ་སོང་བས་འཐུས་པར་བྱས་ནས་ཁྲོ་དབང་སྐབས་ལྟར་ཧེ་རུ་ཀ་དཔལ་སོགས་གསོལ་གདབ་དང་། བུམ་དབང་ཚན་གཉིས། སྨོན་ལམ་བཅས་བྱ། ད་ནས་རང་གཞུང་ལྷ་དབང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ། ཞི་བའི་བུམ་དབང་། ཞི་བ་ཡོངས་རྫོགས། ཁྲོ་བོའི་བུམ་པ། ཁྲོ་བོ་ཡོངས་རྫོགས་ལྷ་དབང་བསྐུར། དེ་ནས་གསུངས་དབང་གོང་གི་ཁྲོ་བོའི་སྐབས་ཀྱི་དམིགས་པ་ཅུང་ཟད་ཁ་སྒྱུར་ལ། སྔགས་བོ་དྷི་ཙིཏྟ་རྗེས་ཟློས་ལན་གསུམ། སྔགས་བྱང་ཕྲེང་བ་མགྲིན་པར་བཞག་ལ། ཧོཿ གསུང་དབང་ཐོབ་ནས་སོགས། ཨཱཿ བྷནྡྷ་མཚན་ལྡན་སོགས་ཀྱི་བདུད་རྩི་སྦྱིན། ཧཱུྃ། རྡོ་རྗེ་རྩེ་ལྔ་སོགས་ཀྱི་ཐུགས་ཕྱག་མཚན། ཧཱུྃ། དབུ་རྒྱན་ཅོད་པན་སོགས་ཚན་གསུམ་གྱིས་ཡོན་ཏན་ཆས་དབང་སྤྲོ་ན་འདོད་ཡོན་སོགས་གསུམ་ཀ་དང་སྡུན་ཉན་འཆད་སྒོམ་སྒྲུབ་ཙམ་གྱིས་དབང་སྨོན་ལམ་བཅས་སོང་ནས། ཕྲིན་ལས་གཏོར་མའི་དབང་རང་གཞུང་ལྟར་བསྐུར། ཤིས་པ་བརྗོད། དམ་ཚིག་ཁས་བླང་སོགས་དབང་གི་རྗེས་རྣམས་དང་ཚོགས་རོལ་ལྷག་ཆོ་ག་ཕྱིན་ཆོ་གའི་རྗེས་རིམ་རྣམས་ལས་བྱང་དང་སྤྱིའི་འགྲོས་ལྟར་བྱའོ།། ༈ །།ཉིན་བཞི་པར། བརྒྱུད་འདེབས། སྔོན་གཏོར་ཆ་གཉིས་བཏང་། བླ་མ་ཡིད་བཞིན་ནོར་


LT32_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ལས་བྱང་ཆེན་མོ་ཚོམ་བུ་དགུ་པ། མདུན་བསྐྱེད་དཀྱིལ་འཁོར་མཆོད་ཕྲེང་། །སྔགས་བྱང་ཛབ་བསྐུལ་སོགས་སྤྲད་ལ་བདག་མདུན་སྒྲུབ་མཆོད་ཛབ་བཟླས་བཅས་གྲུབ་ནས། གུ་རུའི་རྟགས་བསྟོད་དཀྱིལ་འཁོར་ལྷའི་གྲངས་བསྟོད་རྣམས་ཀྱང་ལོངས་སྐབས་ཡོད་ན་བྱ། བུམ་སྒྲུབ་སྙིང་པོ་འདུས་པས་རྣམ་བུམ་དང་ལས་བུམ་སྤྱི་ལྟར་བསྒྲུབ། ཆོས་སྲུང་གཏོར་ཆོག །བརྒྱ་ཕྱག །སྔགས་བཤགས། བཤགས་པ་ལེ་ཚན་རྣམས་ཀྱང་ལོངས་སྐབས་དང་བསྟུན། མཆོག་སྐོང་། མེར་མེ་སྨོན་ལམ་གྲུབ་ནས་ཚོགས་མཆོད་འབུལ། མདོངས་སྐོང་མ་ལྕོགས་ན་སྐོང་བཤགས་རྒྱུན་ཁྱེར་ཙམ་དང་། རིག་མེ་དོར་ལ་གནང་བ་ནོད། དབང་ལ། ཁྲུས། བགེགས་བསྐྲད། མཎྜལ། སྔོན་འགྲོ་འཇུག་པའི་སྐོར་རྣམས་བུམ་དབང་ནོར་བུའི་བཅུད་ཐིག་ནས་མདོར་བསྡུས་ཙམ་སྦྱོར་བ་ལེགས། བུམ་དབང་རིགས་ལྔའང་དེ་ལྟར་བསྐུར། དེ་ནས་དབང་གཞུང་ཡང་ཏི་བླ་མ་ཡིད་བཞིན་ནོར་བུའི་ལྷ་དབང་ཆེན་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམ་ལྷ་དབང་རྫོགས་པར་བསྐུར། གསུང་སྔགས་དབང་། བདུད་རྩི། ཐུགས་རིགས་ལྔའི་ཕྱག་མཚན། ཡོན་ཏན་ཞི་རྒྱས་དང་རྗེས་གནང་རྣམས་


LT32_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་རྣམས་ལྟར་སྦྱར། ཕྲིན་ལས་གཏོར་མའི་དབང་ནོར་བུའི་གཞུང་གསལ་རྡོ་རྗེ་སྙིང་པོ་སྦྱར། དེ་ནས་བརྒྱུད་པ་འཛིན་ངེས་ལ་བཀའ་གཏད་ཀྱི་དབང་བསྐུར། ལོ་རྒྱུས་བརྗོད། མཐའ་རྟེན་འཕྲིན་ལས་བཞིའི་དབང་ཚིགས་བཅད་སོ་སོར་ཕྲལ་བའི་ཚར་བཞི་དང་རེ་རེའི་མཚམས་སྨོན་ཚིག་སོ་སོར་སྦྱར། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད། དཀྱིལ་འཁོར་རྒྱན་རྫས་ཡོངས་རྫོགས་ཀྱི་དབང་བསྐུར་བཅས་གྲུབ་ནས་བཀྲ་ཤིས་རྒྱས་པ་བརྗོད། གཉིས་པ་དབང་ལམ་དགོས་ཆེད་བསྟན་པ་སོགས་ནས། མཐར་ཕྱིན་པར་བྱའོ། །ཞེས་པའི་འཕྲོས་མཚམས་སྦྱར་བཅས། གཙོ་བོས་ཇི་ལྟར་གསུམ། ལྔ་པ་དབང་མ་ཐོབ་པའི་སོགས་ནས། བྲན་ཏུ་དབུལ་བར་བྱའོ། །ཞེས་པའི་མཚམས་གཏང་རག་མཎྜལ་དང་ལུས་འབུལ། དེ་ལྟར་དབང་ཆེན་དཀྱིལ་འཁོར་མ་ལུས་པའི་སོགས་ནས། མདོ་འཛིན་དམ་པའོ། །ཞེས་པའི་བར་བརྗོད་ལ་དགེ་བསྔོ་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བཏང་བ་ནས་མཇུག་རྫོགས་ཀྱི་བར་སྔོན་འཕྲོས་ལས་བྱང་ཆེན་མོ་མཐར་དབྱུང་བས་དབང་ཆེན་ཡོངས་སུ་རྫོགས་པ་ལེགས་པར་གྲུབ། དབང་ཆེན་གཤམས་གྱི་བཤགས་པ་གཏང་རག་སོགས་ནི་སྒྲུབ་ཆེན་


LT32_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲེལ་སྐབས་ལས་དཀྱུས་འདིར་མི་དགོས་སོ། །ཞེས་པ་འདིའང་རྫོང་སར་བཀྲ་ཤིས་ལྷ་རྩེར་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམས་དབྱངས་མཁྱེན་བརྩེའི་དབང་པོ་ལ་དབང་རྐྱང་ལུགས་སུ་ཕུལ་བའི་སྐབས་ཟིན་ཁྱུགས་སྤེལ་བ་པོ་པདྨ་གར་དབང་རྩལ་གྱིས་སོ། །མངྒ་ལཾ། །

བླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ།


LT32_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུགས་བསྡུས་པ་ཟླ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


LT32_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི། །གང་གི་སྣང་བས་འཕྲལ་ཡུན་གྱི། །མུན་འཇོམས་ཁྱབ་བདག་མཚན་མོའི་མགོན། །སྤྱི་བོའི་རྒྱན་དུ་བཀོད་ནས་འདིར། །ཉེས་འཇོམས་ཤིན་ཏུ་མདོར་བསྡུས་འཆད། །བླ་མ་དགོངས་པ་འདུས་པའི་བུམ་དབང་ཆེན་མོའི་སློབ་མ་སྟ་གོན་བཅོ་ལྔ་པའི་རྩ་བའི་ས་བཅད་གཉིས་པ་སྦྱིན་སྲེག་ལག་ཏུ་ལེན་པའི་ཚུལ་ལ་གཉིས། ཅུང་ཟད་རྒྱས་བ་དང་། ཤིན་ཏུ་བསྡུས་པའོ། །དང་པོ་ནི། ཐབས་སྟེགས་གྲུ་བཞི་པའི་སྟེང་དུ་པདྨ་འདབ་བརྒྱད་ཟླུམ་སྐོར་དང་བཅས་པའི་ལྟེ་བ་རྡོ་རྗེས་མཚན་པའི་སྟེང་དུ་བལ་དཀར་དང་གླང་མ་ལ་སོགས་པའི་བུད་ཤིང་ཟླུམ་པོར་བརྩིགས་ཤིང་མེ་ཚང་ཅན་མདའ་དར་དཀར་པོ་བཙུགས་པ་སློབ་དཔོན་གྱི་མདུན་ཏུ་བཞག །ཆུ་བཞི་ཉེར་སྤྱོད། སྨན་རཀ་བཅས་འབྱོར་ན་ཆ་གཉིས། མ་འབྱོར་ན་ཆ་གཅིག་ཁ་གསོ་ཆུ་དང་། ཟླུམ་གཏོར་དཀར་པོ་ཆེ་ཆུང་གཉིས་མན་ངག་མཆོད་པ་འདོད་ཡོན་ལྔ་སྤར་དུ་བཏབ་པ་


LT32_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སློབ་དཔོན་གྱི་གཡས། ཞི་བའི་ཡམ་ཤིང་། ཏིལ་ནག །མར་ཁུ་གསུམ། ཏིལ་དཀར་འབྲས་ཀུ་ཤ་ཙནྡན་དང་སྤོས་དཀར་དབང་ལག་ཛ་ཏི་དུད་ཤེལ་དཀར་གསུམ་པྲི་ཡང་དར་དཀར་མེ་ཏོག་དཀར་པོའི་རིགས་ཕྱོགས་སུ་བསྲེས་པའི་ནང་གི་རྫས། བྱང་སེམས་དཀར་པོ། ག་བུར། ལ་ཤོག་པ། ཤུ་དག་དཀར་པོ། མུ་ཏིག །གོ་རོ་ཙ་ན་བཅས་ཕྱོགས་སུ་བསྲེས་པ་གསང་བའི་རྫས་རྣམས་གཡོན་ཏུ་བཤམ། ཀུ་ཤའི་ཆུན་པོ་བཞི། དགང་བླུག །དཔལ་འབར། འཚེ་ཡུངས་ཀྱི་ཐུན། ལས་བུམ། རྡོར་དྲིལ་བཅས་འདུ་བྱས་ལ། སློབ་དཔོན་གྱི་གནས་གསུམ་དུ་འོ་པ་དང་ཙནྡན་དཀར་པོ་བསྲེས་པས་ཐིག་ལེ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། རྫས་རྣམས་ལ་བསངས་ཆུ་འཐར། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་བི་ཤུདྡྷེ་སྭཱ་ཧཱ། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རིན་པོ་


LT32_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་་ལས་མཆོད་རྫས་རྣམས་ཡང་དག་པའི་དངོས་པོ་སྟོང་པ་ལ། རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ། ཨཱ་ཙ་མ་ནཾ། པྲོཀྵ་ཾ། པུཥྤེ་སོགས་དང་། དགང་བླུག་ཁ་སྦྱར་བས་ཡམ་ཤིང་ལ་རེག་སྟེ། ཨོཾ་ཨཱཿསྭཱ་ཧཱ། མར་ཁུ་ལ། ཨོཾ་ཤྲཱི༚་སྭཱ་ཧཱ། རྫས་སྤྱི་ལ། ཨོཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛི༚་སྭཱ་ཧཱ། ཞེས་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བྱིན་བརླབ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་དེ། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཡིན། །ས་ལ་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ་སྭཱ་ཧཱ། །ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ཐབས་ཀྱི་གཡས་ནས་རྩེ་མོ་ཤར་བསྟན་གྱིས་ཐོག་དྲངས་གཡས་བསྐོར་དུ་བཀྲམ། དཔལ་འབར་བསངས། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་གཡས་བསྐོར་གྱིས་ཤར་ནས་སྤར། ཨོཾ་ཨཱཿཧཱུྃ། ཞེས་རླུང་གཡབ་ཀྱིས་གཡབ། མེའི་དབུས་སུ་དཔལ་རྟ་མགྲིན་ཤིན་ཏུ་ཁྲོས་པའི་སྐུ་ལས་ཁྲོ་ཆུང་མཚོན་ཆ་ཐོགས་པ་མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས་ཆོག་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཚར་བཅད་པར་གྱུར། མཚེ་ཡུངས་བྱི་ཐུན་ཕུལ་ལ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་བཛྲ་ཙཎྜ་སརྦ་དུཥྚ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ལན་གསུམ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་བི།།།


LT32_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཙྪ་ཏ་ཡ་ཕཊ། ཁྲོ་ཆུང་ཐམས་ཅད་ཞལ་ཕྱིར་གཟིགས་ནས་བགེགས་སྲུང་། ངོ་བོ་རྟ་མགྲིན་ལ་རྣམ་པ་ཞི་བའི་མེ་དཀར་གསལ་དུ་འབར་བར་གྱུར། མདའ་དར་གཡབ་ལ། ཧ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ ཞི་བའི་ལས་མཛད་དཀར་མོ་འབུམ༔ ཞི་བའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་མཁའ་འགྲོ་མང་པོའི་ཚོགས༔ འཇིག་རྟེན་འདས་དང་མ་འདས་རྣམས༔ ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཛཿཧཱུྃ་བྃ་ཧོཿ མཁའ་འགྲོ་རྣམས་མེ་ལ་ཐིམ་པར་གྱུར། ཡམ་ཤིང་མར་ཁུ་སོགས་ཕུལ་ལ། ཧ་བཛྲ་དྷཱ་ཀཱི་ནཱི་ས་པ་རི་བཱ་ར་ཨོཾ་ཨཱཿཧཱུྃ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་སྡིག་སྒྲིབ་བར་ཆད་སརྦ་པཱ་བཾ་ད་ཧ་ན་ཤཾནྟི་ཾཀུ་རུ་ཡེ་ཛྭ་ལ་རཾ། ལན་གསུམ་ཙམ་ཕུལ་ལ། མཁའ་འགྲོ་མ་རྣམས་ཀྱི་དགྱེས་པ་བསྐངས་ནས་ཇི་ལྟར་འདོད་པའི་ཕྲིན་ལས་སྒྲུབ་ཅིང་དངོས་གྲུབ་སྩོལ་བར་གྱུར། བདག་ཉིད་པདྨ་བཛྲ་དཀར་གསལ་ཞི་བའི་ཉམས་དང་ཆས་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། པད་ཟླའི་གདན་ལ་བཞུགས་པའོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀཱི་ནཱི་སརྦ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ ཐུགས་ཀའི་ས་བོན་ལས་ཧྲཱིཿའཕྲོས། འོད་དུ་ཞུ་བ་ལས་ཞི་བའི་ཐབ་ཁུང་མཚན་ཉིད་རྫོགས་པའི་དབུས་སུ་རཾ་ལས་མེ་འོད་དཀར་གསལ་དུ་འབར་བའི་དབུས་


LT32_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སུ། པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་མེ་ལྷ་དཀར་གསལ་ཞལ་གཅིག་སྤྱན་གསུམ་པ། རལ་པའི་ཅོད་པན་དང་ཨག་ཚོམ་ཅན་རྩིབས་རུས་བཀྲ་བ། ཕྱག་གཡས་གཉིས་མི་འཇིགས་པའི་རྒྱ་དང་བགྲང་ཕྲེང་། གཡོན་གཉིས་རིན་པོ་ཆེའི་དབྱུག་པ་སྤྱི་བླུགས་འཛིན་པ། དྲང་སྲོང་གི་ཆ་བྱད་རྣམ་སྣང་གི་ཅོད་པན་ཅན་ར་སྐྱེས་དཀར་པོའི་ཁྲིལ་བཞུགས་པ། ཨརྒྷཾ་སོགས། ཧཱུྃ་མེ་སྟེ་བསྲེག་བྱ་སོགས། དམ་ཚིག་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་དད་པ་དང་ནི་དམ་ཚིག་གིས༔ མེ་ལྷའི་རྒྱལ་པོ་སྤྱན་འདྲེན་གྱིས༔ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག༔ བསྲེག་བླུག་ཞལ་ཟས་བཞེས་སླད་དུ༔ གཡོག་འཁོར་ཚོགས་དང་བཅས་པ་རྣམས༔ ཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར༔ འདིར་ནི་ཡང་དག་བསྙེན་པར་མཛོད༔ ཨོཾ་ཨགྣ་ཡེ། ཨ་ཏི་བྷྱ། པ་ཏི་བྷྱ། ཨ་བེ་ཤ །མ་ཧཱ་ཤྲཱི་ཡེ། ཧ་བྱ། ཀ་བྱ། བྷ་ཧ་ན་ཡ་སྭཱ་ཧཱ༔ ཞེས་པས་སྤྱན་དྲངས། བསངས་ཆུ་འཐོར་ལ། བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བགེགས་བསྐྲད། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་ནས། བཧྞཱ་ཡ་ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སངྐ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་ཆུ་བཞི་ཉེར་སྤྱོད་རོལ་མོའི་བར་འབུལ། རྡོར་དྲིལ་བཅས་རྩེ་གསུམ་རྒྱ་བསྟན་ལ། ཨོཾ་བཛྲ་ཨན་ལ་མ་


LT32_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་བྷུ་ཏ་ཛྭ་ལཱ་ཛྭ་ལཱ་ཡ་སརྦ་བྷ་སྨཱིན་ཀུ་རུ་སརྦ་དུཥྚཱ་རྣ་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭྃ༔ ས་མ་ཡ་ཧོཿ གསུམ་གྱིས་དམ་ལ་བཞག །མེ་ལྷ་ཅུང་ཟད་ཞལ་གདངས་པའི་ལྗགས་ལ་རྃ་དང་། དགང་བླུགས་ཀྱི་ཁ་ལ་ཨོཾ་ཨཱ༔རྃ་ཧཱུྃ་ཞེས་པས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སོགས་ཀྱི་མཐར། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་གྱིས་དགང་བླུགས་གསུམ་འབུལ། དེ་ནས་ཡམས་ཤིང་། མར་ཁུ། ནང་གི་མཆོད་རྫས་རྣམས་དང་། ཏིལ་ནག་བཅས་སྔགས་འདི་ཁོ་ནས་ལན་བདུན་བདུན་འཕུལ་ཏེ། ཨོཾ་ཨགྣ་ཡེ་དེ་བ་ཏཱ། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྡིག་སྒྲིབ་བར་ཆད་སརྦ་པཱ་པ་ད་ཧ་ན་ཤཱནྟི་ཾཀུ་རུ་ཡེ་ཛྭ་ལ་རཾ། མཐར། ཨོཾ་ཨཱཿཧཱུྃ་གིས་དགངས་བླུགས་ཕུལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ། བྷྲཱུྃ་བི་ཤྭ་བིཤུདྡྷེ་བྷནྡྷ་ཛྙཱ་ནཱ་ཙ་ཀྲ་མཎྜ་ལ་ཧཱུྃ། བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་གདན་དགུ་ཚོམ་གྱི་དབུས་སུ་པདྨ་བཛྲ་རྩལ། ཤར་དུ་བུངྡྷ་ཐོད་ཕྲེང་རྩལ། ལྷོར་མི་བསྐྱོད་རྡོ་རྗེ་རྩལ། ནུབ་ཏུ་པདྨ་དབང་ཆེན་རྩལ། བྱང་དུ་རིག་འཛིན་ཐོད་པ་རྩལ། ཤར་ལྷོར་མདོག་དམར་མེ་ཕྲེང་། ལྷོ་ནུབ་ཏུ་སངས་རྒྱས་དཔའ་བོ། །ནུབ་བྱང་དུ་དཔལ་ཆེན་རྟ་མགྲིན། བྱང་ཤར་དུ་ལག་ན་རྡོ་རྗེ་རྣམས་སོ་སོའི་ཡུམ་དང་འཁོར་དུ་བཅས་པ། སྒོ་མཚམས་དཔའ་བོ་དཔའ་མོ་སྟེ་གཙོ་འཁོར་ཐམས་ཅད་ཀྱང་སྐུ་མདོག་


LT32_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཞི་འཛུམ་གྱི་ཉམས་དང་ལྡན་པ། ཕྱག་གཡས་ཐམས་ཅད་རྡོ་རྗེ། གཡོན་ཐམས་ཅད་བདུད་རྩིས་བཀང་པའི་བུམ་པ་འཛིན་ཅིང་ཞི་བའི་ཆས་ཅན་འོད་ཟེར་དཀར་པོའི་འཕྲེང་བས་མི་མཐུན་པའི་ཕྱོགས་ཞི་བར་མཛད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས། །བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད། །འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་ལྷ། །དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད། །དམ་ཚིག་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་མ་འགག་རོལ་པའི་སྐུ། །སྤྱན་འདྲེན་བཞུགས་སུ་གསོལ་བ་མི་དམིགས་ཀྱང་། །ཐུགས་རྗེའི་དང་ཉིད་ཆོས་སྐུར་དག་པ་ལས། །རྩལ་སྣང་དཔྱིངས་ནས་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བདྷཱ་ཀི་ནཱི་ས་པ་རི་བཱ་ར་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟཾྭ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་ཤེལ་བུམ་འཛིན་པ་རྣམས་ཀྱིས་བདུད་རྩི་དཀར་པོའི་རྒྱུན་གྱིས་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ཤཱནྟི་ཾཀུ་རུ་སྭཱ་ཧཱ། ཞེས་མེ་ཏོག་ཐབ་ཏུ་ཕུལ་བ། ཞི་བའི་ཕྲིན་ལས་སྒྲུབ་པའི་གནང་བསྩལ། མེ་ལྷའི་སྤྲུལ་པ་འདོད་ཡོན་གྱི་ལྷ་མཛེས་


LT32_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁྱུགས་པས་མཆོད་རྫས་དང་བསྲེག་རྫས་ཕུལ་བས་ཐུགས་དམ་བསྐངས་ཏེ་ཕྲིན་ལས་སྒྲུབ་པར་གྱུར། ཨོཾ་ན་མཿནས། ས་པཱ་རི་བཱ་ར་སོགས་ཀྱི་ཤམ་་དུ་ཆུ་བཞི་ཉེར་སྤྱོད་རོལ་མོ་བཅས་སྐབས་ལྟར་འབུལ། དེ་ནས་ནང་གི་རྫས་མཐེབ་སྲིན་གྱིས་འབུལ་ལ། ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེ་ལྡན་ཞི་བའི་ལྷ་རྣམས་ལ༔ བླ་མེད་རྫས་མཆོག་ཏིལ་དཀར་འབྲས་ཀུ་ཤ༔ བདུད་རྩི་དཀར་གསུམ་རིན་ཆེན་དུང་ཤེལ་དངུལ༔ དབང་ལག་ཛཱ་ཏི་ཙནྡན་དཀར་པོའི་ཚོགས༔ མཆོད་པར་འབུལ་གྱིས་ཐུགས་རྗེས་བཞེས་ནས་ཀྱང་༔ བདག་སོགས་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ༔ ལོག་འདྲེན་བདུད་ཀྱི་ཚོགས་རྣམས་ཞི་གྱུར་ཅིག༔ སྤྱི་དྲིལ་ཆེ་འབྲིང་གང་རུང་ཤམ་དུ། ནད་དང་གནོད་པ་རྐྱེན་ངན་བར་ཆད་ལས་ངན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད༔ སརྦ་པཱ་པཾ་ད་ཧ་ན་གཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་བདུན་སོགས་འབུལ། ཡེ་ཤེས་ཀྱི་མེས་ཉེས་བྱས་ཐམས་ཅད་བསྲེགས་ཏེ་མི་གནས་པར་གྱུར་པའི་ཞུན་ཆུ་ཡེ་ཤེས་བདུད་རྩིས་སླན་ཆད་ཀྱི་ཉེས་སྐྱོན་རྣམས་མོད་ལ་འཁྲུད་པར་བྱེད་པར་གྱུར། གསང་རྫས་ཕུལ་ལ། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནི་ཧཱུྃ། གུ་ཧྱེ་མ་ཧཱ་པཱུ་ཙ་ས་མནྟ་བྷ་དྲ་ཧཱུྃ་སྭཱ་ཧཱ། གོང་སྨོས་ཤམ་བུ་བཅས། གསུམ། ལྷ་རྣམས་ཀྱི་ཞལ་ཅུང་ཟད་གདངས་བའི་སྔགས་ལ་ཧྲཱིཿ དང་། དགང་བླུགས་


LT32_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁ་ལ་ཨོཾ་ཨཱ༔ཧྲཱིཿཧཱུྃ་ཞེས་པས་མཚན་པར་གྱུར། སྤྱི་དྲིལ་གཤམ་དུ། ཨཱོཾ་ན་མཿས་མནྟ་བུངྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་འབུལ། གཙོ་དགུ་སོ་སོའི་སྤྱི་དྲིལ་གང་རུང་ཤམ་དུ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་རབས་ལས་ཀྱི་སྡིག་སྒྲིབ་གནས་སྐབས་འཕྲལ་གྱི་རྐྱེན་ངན་བར་ཆད་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཡམ་ཤིང་། མར་ཁུ། ཏིལ་ནག་རྣམས་ཅི་འགྲུབ་ཏུ་འབུལ་ཞིང་སྤྲོ་ན་རྫས་སྤུངས་ཀྱང་འབུལ་དུ་རུང་ངོ་། །མཐར། རང་གཞན་ཉེས་ལྟུང་ཅན་རྣམས་ཀྱི་ལུས་དུམ་བུ་བརྒྱ་ཁྲོལ་དུ་གྱུར་ནས་བསྲེག་རྫས་དང་ལྷན་ཅིག་ཕུལ་བས་ཉེས་ལྟུང་ཐམས་ཅད་ཐུལ་གྱིས་ཚིག་མེ་འུར་དཀར་སྤུང་གིས་ཡི་གེ་བརྒྱ་པའི་རང་བཞིན་དུ་གྱུར་ནས་འཇའ་ཡལ་བ་ལྟར་སོང་ཞེས་མོས་ལ་ཏིལ་དང་རྫས་སྤུང་སོགས་ཕུལ་ཞིང་ཡིག་བརྒྱ་ཅི་ནུས་བཟླ། དེ་ནས་སྨན་རག་ཕུལ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། སྔགས་དེ་མཐར། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་འབུལ། གཏོར་མ། ཨོཾ་ཨཱཿཧཱུྃ། གསུམ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། གོང་གི་སྔགས་ཤམ་དུ། མ་ཧཱ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ཞི་བའི་ཕྲིན་ལས་ཡོངས་ལ་མངའ་མཛད་ཕྱིར༔ དཀར་གསལ་མདངས་ལྡན་ཞི་འཛུམ་ཆ་ལུགས་ལས༔ འགྲོ་དོན་མཐར་ཕྱིན་མཛད་


LT32_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐུགས་རྗེ་ཅན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ལྷ་རྣམས་མཆོད་ཅིང་བསྟོད་དེ་ཅི་བཅོལ་པའི༔ བདག་གི་ལས་ཀྱི་འབྲས་བུ་གང་མཆིས་པ༔ བརྩེ་བ་ཆེན་པོས་གཡེལ་མེད་ངང་ཉིད་ལས༔ འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛོད༔ ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་བས། ལྷ་རྣམས་ཀྱི་ཕྱག་མཚན་རྣམས་ལས་འོད་ཟེར་དཀར་པོ་ཟླ་བའི་མདངས་ཅན་འཕྲོས་པས་བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པར་གྱུར། མན་ངག་གི་མཆོད་པ་འདོད་ཡོན་ལྔ་དངོས་སམ་ཡིད་ཀྱིས་འབུལ་ལ། ཨོཾ་ཨཱཿཧཱུྃ་རཱུ་པ། ཤབྟ། གནྡྷེ། རཱ་ས། སྤརྴེ་པཱུ་ཙ་ཨཱཿཧཱུྃ། ཞེས་པ་ཙམ་མམ་སྤྲོ་ན་གཞུང་གི་ཚིགས་བཅད་ཀྱིས་འབུལ། སྐབས་འདིར་དཔུང་སྐུད་རྣམས་དུད་པས་བདུག་ཅིང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཏབ། སློབ་མའི་སྲིན་ལག་དང་རང་གི་སྲིན་ལག་རེ་རེ་བཞིན་སྤྲེལ་ཏེ། མར་གྱི་དགང་བླུགས་འབུལ་ལ། དཀོན་མཆོག་གསུམ་གྱི་བདེན་པ་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས། རྡོ་རྗེ་སློབ་མ་གསང་མཚན་བརྗོད་ལ། འདིའི་ཚེ་རབས་ལས་ཀྱི་སྡིག་སྒྲིབ། ཚེ་འདི་ཉིད་ཀྱི་རྐྱེན་ངན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་ཛྭ་ལ་རཾ་སྭཱ་ཧཱ། ཞེས་འབུལ་གྲུབ་པ་


LT32_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་བཞགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱིས་ཡེ་ཤེས་བརྟེན་ལ་གཤེགས། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་རང་ལ་ཐིམ། འབྲུ་གསུམ་གྱིས་མར་ཁུ་ཕུལ་བས། སླར་མེ་ལྷ་གཟི་བརྗིད་དང་ལྡན་པ་གསལ་བར་གྱུར། ཡམ་ཤིང་མར་ཁུ་ཁོ་ནའམ་རྫས་གཞན་ཅི་ལྟར་རིགས་པ་གོང་གསལ་སྔགས་ཀྱིས་ལན་གྲངས་གསུམ་རེ་ཙམ་ཕུལ་བའི་ལྷག་མ་ཅུང་ཟད་བཞག །གཏོར་མ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ། གསུམ། གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། མེ་ལྷའི་སྔགས་ཤམ་དུ། བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཚངས་དབང་མགོན་སྲས་དྲང་སྲོང་ལྷ། །ཕྲིན་ལས་མངའ་བདག་རྫུ་འཕྲུལ་ཅན། །བསྲེག་བྱ་ཟ་བ་ཨགྣའི་སྐུ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫས། །སྲེག་བླུགས་ཞལ་ཟས་འབུལ་གྱིས་བཞེས། །ཞི་བའི་ལས་རྣམས་སྒྲུབ་པ་དང་། །ཁྱེད་ཀྱི་ནུས་པའི་མཐུ་སྟོབས་ཀྱིས། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། མ་འབྱོར་པ་དང་ཉམས་པ་སོགས། །ཡིག་བརྒྱ་བརྗོད། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣེ་ཡེ་ས་པཱ་རི་བཱ་ར་གཙྪ།


LT32_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མུཿམེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་དེ་ཉིད་དུ་མི་དམིགས་པར་གྱུར། བསྲེག་རྫས་ལྷག་མ་ཕྱེད་ཐབ་ཏུ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཨུ་ཙྪིཥྚ་བ་ལི༚་ཏ་བྷཀྵ་སི་ཛྭ་ལ་པཱ་ཡ་སྭཱ་ཧཱ། ཕྱེད་ཕྱི་རོལ་དུ་གཏོར་ལ། ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལི༚་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ལ་བཀྲ་ཤིས་བྱས་པས་འགྲུབ་བོ། །གལ་ཏེ་འབྱོར་པ་སོགས་ཀྱིས་མི་ལྕོགས་པས་སྦྱིན་སྲེག་རྒྱས་པ་ལ་ཅིས་ཀྱང་འཇུག་མི་ནུས་ན། སྦྱིན་སྲེག་སྤྱིའི་གོ་བབ་ཆགས་ཤིང་འཕྲུལ་ཤེས་བས་འདི་ཁོ་ན་ཁ་བསྒྱུར་བ་ལས། ཕྲིན་ལས་བཞིའི་སྦྱིན་སྲེག་བདེ་བླག་ཏུ་འགྲུབ་པའང་ཡིན་ནོ།། །།གཉིས་པ་ནི། དབང་གི་སྔོན་འགྲོར་དེ་ཙམ་ཡང་མི་ལྕོགས་པར་ཤིན་ཏུ་བསྡུས་པར་འདོད་ན། ཐབ་སོགས་སྔར་ལྟར་ལ། ཕྱི་མཆོད་དང་། མར་ཁུ། ཡམ་ཤིང་། ཏིལ་ནག་ཙམ་འདུ་བྱས་ལ་མཆོད་རྫས་སྔར་ལྟར་དང་། བསྲེག་རྫས་འབྲུ་གསུམ་གྱིས་བྱིན་བརླབ། མེ་སྦར། རླུང་གཡབ། བཛྲ་ཀྲོ་དྷ་རྗེས་མས་བགེགས་བསྐྲད། བདག་ཉིད་པདྨ་བཛྲ་མན་ཆད་བཏང་བ་ལས། དམ་ཚིག་པའི་མཆོད་བསྟོད་ཚོ་གཉིས་བསྒྱུར། མེ་ལྷའི་སྐབས་ཆུ་གཉིས་ཉེར་སྤྱོད་བསྲེག་རྫས་གསུམ་ཁོ་ན་དང་། །དཀྱིལ་འཁོར་པའི་སྐབས་སུའང་ནང་རྫས། གསང་རྫས། སྨན་རག་གཏོར་འབུལ་སོགས་བསྒྱུར་ལ་མཆོད་རྫས་བསྲེག་རྫས་མེ་ལྷ་ལྟར་ཕུལ་བའི་རྗེས་མཆོད་སྟོད་མདོར་བསྡུས། སློབ་མ་དང་སྲིན་ལག་སྦྲེལ་ནས། དགང་བླུགས་འབུལ་བ་མན་བྱ་བ་ལས། མེ་ལྷའི་རྗེས་ཆོག་སྐབས་སུའང་གཏོར་འབུལ་དང་། བསྲེག་རྫས་ལྷག་མ་ཚོ་གཉིས་ཀྱི་སྔགས་སོགས་བོར་བས་འགྲུབ་བོ།། །།འདི་ནི་དབང་གི་སྔོན་འགྲོ་དང་།


LT32_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་སཱ་ལིའི་བསྙེན་སྒྲུབ་སོགས་ལ་ཉེ་བར་མཁོ་བར་བསམས་ནས་ས་བཅད་མི་སྟོང་པའི་ལག་ལེན་ཏུ་བྲིས་པ་ཡིན་གྱི། སྒྲུབ་ཆེན་སོགས་སྤྲོས་བཅས་ཀྱི་སྐབས་དང་། བློ་གྲོས་འབྱོར་བ་ལྡན་པ་རྣམས་ཀྱིས་ནི་བླ་ཆོས་འདི་ལྟ་བུ་ལ་སྙི་ཞོང་དུ་མི་བྱ་བར། དཀར་ཆེན་རབ་འབྱམས་པ་དང་། བྱ་ཁྱུང་པའི་ཡིག་ཆ་ལྟར་ཕྱག་ལེན་ཏུ་མཛད་པ་ཅི་ནས་གལ་ཆེ་བའི། གཏེར་གཞུང་དཔེ་མཐོང་ཙམ་གྱིས་ཀྱང་དོན་ཐོག་ཏུ་ཁེལ་བ་མ་ཡིན་ཏེ་མན་ངག་གབ་པས་སོ། །སྤྲོས་བཅས་སྤྲོས་མེད་གང་ཡང་ཇི་བཞིན་བར། །མི་འཁྱོངས་གྱ་མ་དོ་རུ་སྤྱོད་རྣམས་ཀྱི། །རྒྱུན་ལམ་སྲུང་པའི་སྣང་བྱེད་འདི་གྱུར་ནས། །དགོངས་འདུས་བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པ་འདིའང་སྙིགས་དུས་མུན་པའི་ཁྲོད་ན་རྣམ་ཐར་གློག་གི་ཞགས་པ་འཁྱུགས་པ། མཁན་ཆེན་རྡོ་རྗེ་འཛིན་པའི་བཀའ་བཞིན། པདྨའི་རིག་སྔགས་འཆང་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་སྐུ་གསུམ་སྒྲུབ་པ་ཉམས་སུ་ལེན་བདེར་བཀོད་པའི་ཟིན་བྲིས་རིན་ཆེན་སྒྲོན་མེ།


LT32_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་སྐུ་གསུམ་སྒྲུབ་པ་ཉམས་སུ་ལེན་བདེར་བཀོད་པའི་ཟིན་བྲིས་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


LT32_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། །ཆོས་དབྱིངས་མཐར་ཐུག་ཞིང་དང་སྐུའི་བཀོད་པ། །ཀུན་བྱེད་ཀུན་ཏུ་འཆང་བའི་བླ་མ་མཆོག །མཚོ་སྐྱེས་རྡོ་རྗེ་རིག་འཛིན་བརྒྱུད་པར་བཅས། །མི་འབྲལ་སྙིང་གི་ཟེའུ་འབྲུར་རྟག་བཞུགས་གསོལ། །གུ་རུའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ་ལས། །ཁྱད་འཕགས་ཡོངས་གྲགས་བསྙེན་སྒྲུབ་ཕྱག་བཞེས་དང་། །བྱིན་རླབས་གཟི་བྱིན་ཉམས་མེད་རྒྱུན་ལྡན་པ། །ལྷོ་གཏེར་མཆོག་འདིར་གུས་པས་སྲེ་ཞུ་སྤེལ། །དེ་ཡང་གཏེར་སྟོན་རྒྱལ་པོ་ལྔ་ཡི་ཡ་གྱལ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཐམས་ཅད་ཀྱི་གཙོ་བོ་བླ་རྫོགས་ཐུགས་གསུམ་གྱི་ནང་ཚན། བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོ་ལ་ཉམས་སུ་


LT32_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བྱའི་སྙིང་པོ་རིམ་པ་གཉིས་ཀྱི་ལམ་ཁྱད་པར་ཅན་དུ་བཞུགས་པ་ལས། འདིར་རིམ་པ་དང་པོ་ལ་སྤྱི་དང་བྱེ་བྲག་གི་སྒྲུབ་ལུགས་མང་དུ་གསུངས་པ་རྣམས་ཀྱི་གཙོ་བོ་བླ་མ་སྐུ་གསུམ་སྒྲུབ་པ་ཉམས་སུ་ལེན་པ་ལ། སྤྱིར་འབྱོར་པ་དང་བརྩོན་འགྲུས་ཆེ་ན་གཞུང་གི་དགོངས་པ་དང་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་དབང་དང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོ་མང་དུ་འདུས་ནས་གཤོམ་བཀོད་དང་སྔོན་རྗེས་ཀྱི་བྱ་བ་རྣམས་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ཇི་ལྟ་བ་བཞིན་བྱ། ཐུན་རེ་རེ་བཞིན་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་མདོར་བསྡུས་ཀྱི་བར་སོང་ནས། སྐུ་གསུམ་སོ་སོའི་བསྙེན་སྒྲུབ་ལས་སྦྱོར་སྐབས་སུ་བབས་པའི་སྒོམ་བཟླས་ཀྱིས། ཐུན་གྱི་དངོས་


LT32_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བྱ། ཐུན་མཐར་ཁ་སྐོང་སྟོང་ཚིགས་ཕུལ། འགྲུབ་ཏུ་རུང་ན་བསྙེན་རྒྱུན་མ་ཆད་པ་དགོས་ལ། ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ། ཕྱི་ཐུན་མཐར་ཚོགས་མཆོད། སྲོད་ལ་ཆོས་སྐྱོང་གཏོར་འབུལ། མཆོད་བསྟོད་བསྡུ་ལྡངས་སོགས་བྱ་དགོས་པས་དེའི་ལག་ལེན་ཐུགས་སྲས་ལྔ་པས་མཛད་པའི་རིག་འཛིན་ཞལ་ལུང་སོགས་ལས་རྟོགས་པར་བྱ་བ་གལ་ཆེ། ཚུལ་འདི་སངས་གླིང་བླ་མ་དགོངས་འདུས་ཀྱི་རྩ་སྒྲུབ་དང་། རཏ་གླིང་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐུ་གསུམ་སྒྲུབ་པའི་ལག་ལེན་དེང་སང་ཡང་ཕྱོགས་འདིར་རྒྱུན་སྲོལ་མ་ཉམས་པར་དར་རྒྱས་སུ་བཞུགས་པ་རྣམས་དང་དོན་མཚུངས་པར་སྣང་ངོ། །འདིར་ཡུལ་དུས་དང་འཚམས་པར་སྤྲོས་པ་ཅུང་ཟད་བསྡུ་བའི་དབང་དུ་བྱས་ནས་དཀྱུས་ཀྱི་དངོས་བསྟན་ལྟར་བཀོད་པ་ལ་སྤྱི་དོན་བཞི། སྔོན་འགྲོ་སྟ་གོན་དུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཀྱི་རྣལ་འབྱོར། རྗེས་ཀྱི་བྱ་བའི་ལས་རིམ། གལ་ཆེ་བའི་བསླབ་བྱ་སྨོས་པའོ། །དང་པོ་ནི། གོང་མས་བྱིན་གྱིས་བརླབས་པ་དང་འཚེ་དོགས་རྣམ་གཡེང་མེད་པའི་གནས་སུ། རྩ་བའི་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པའི་སྒྲུབ་པ་པོས་སྒྲུབ་པ་མཐར་མ་ཕྱིན་པར་སེམས་ཁྲལ་དང་འབད་རྩོལ་མི་དགོས་པའི་འཚོ་ཆས་ལྡངས་ངེས་ཚོགས་པར་བྱས་ལ། སྔོན་དུ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་བ་གྲུབ་ན་ལེགས། དེ་


LT32_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་གྲུབ་ན་ཞག་བདུན་ཙམ་གྱི་རིང་ཁྲིད་གཞུང་སྔོན་འགྲོ་ལྟར་སྒྲིབ་སྦྱོང་ཚོགས་བསགས་གསོལ་འདེབས་རྣམས་ལ་ཐུན་བཟུང་། ཐུན་མཚམས་སུ། མདོ་རྒྱུད་གསུང་སྒྲོགས་སཱཙྪ། ཆུ་གཏོར། གསོལ་ཁ་གསེར་སྐྱེམས། ཕྱག་བསྐོར་གྱིས་མཚོན་དགེ་བའི་དཔུང་བསྐྱེད་ཅི་འགྲུབ་བྱ་བ་རྣམས་དངོས་གཞི་ལ་བར་ཆད་མི་འབྱུང་ཞིང་རྟགས་མྱུར་བ་སོགས་དངོས་གྲུབ་ཐོབ་པའི་ཐབས་ཟབ་མོ་ཡིན་པས་འབད་འབུང་བྱའོ། །སྒྲུབ་པའི་རྟེན་པྲ་ཁྲིད་ནས་བཤད་པའི་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་རྟེན་ཙཀླི་སྔགས་ལྡན། སྐུ་གསུམ་སོ་སོའི་སྒྲུབ་རྫས་རིལ་བུ། སྐུ་གསུམ་སྒྲུབ་པའི་ཐོག་ཕུབ་འཁོར་ལོ་བྱུག་རྫས་ཅན། རྩ་གསུམ་སྲོག་འཁོར་བླ་རྡོ་བཅས་སོ་སོ་ནས་བཤད་པ་ལྟར་ཚད་ལྡན་སྦྱོང་ཁྲུས་རབ་གནས་བྱས་པ། འོག་མནན་བདུད་བཞིའི་ལིངྒ། གནོན་བྱེད་ཚེར་ཅན་གྱི་ཤིང་ལེབ་བམ་གཡམ་ལེབ་ཀྱི་ངོས་གཉིས་སུ་ཙཀྲ་དང་གཡུ་དྲུང་གཡོན་སྐོར་བྲིས་པ་རྣམས་དང་། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཉེར་བསྔོགས་སུ་བྱའོ། །དེ་ནས་སྒྲུབ་པ་དངོས་ལ་འཇུག་པའི་ཐོག་མ་རྒྱལ་ཟླ་སོགས་ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོའམ་ཁྱད་པར་གྱི་དུས་ཆེན་ཚེས་བཅུའི་སྔ་དྲོའི་ཆར་གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས། གུ་རུའི་སྐུ་བརྙན་གཙོ་བོར་གྱུར་པའི་


LT32_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་ཅི་འབྱོར་བཤམས་པའི་གུང་དུ་སྟེགས་བུའི་ཁར་སྤྲུལ་སྐུའི་སྒྲུབ་དཀྱིལ་སྒོ་རྫོགས་ཅན་ནམ་མ་འབྱོར་ན་སྙིང་པོའི་དཀྱིལ་འཁོར་རས་བྲིས་བཀྲམ་པའི་དབུས་སུ་བུམ་པ་མཚན་ལྡན་དར་སྣའི་མགུལ་ཆིངས་ཅན་རྒྱུན་འབབས་ཀྱི་ཆུ་དང་ཆང་གིས་སུམ་གཉིས་བཀང་བར་ལྔ་ཚན་ལྔའི་རྫས་བཏབ། ཆོས་སྨན་མར་དང་བུ་རམ་ལ་སྦྱར་ནས་རིལ་བུར་དྲིལ་བ་ཉེར་བདུན་བླུགས། ཤུག་པ་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན། དེའི་སྟེང་དུ་ཁྲིའུ་ལ་ཐོད་པ་དུམ་བུ་གཅིག་པ་སོགས་མཚན་ལྡན་འབྲུ་རྣས་བཀང་བའི་ནང་དུ་སྐུ་གསུམ་སྒྲུབ་པ་སོ་སོ་དང་འབྲེལ་བའི་སྐུ་འབགས་བཞུགས་དགོས་པས་སྐབས་འདིར་སྤྲུལ་སྐུའི་སྐུ་འབགས་དང་གུ་རུ་རིན་པོ་ཆེ་སོགས་རྩ་བརྒྱུད་བླ་མའི་སྐུ་བལ་རིང་བསྲེལ་བཞུགས་པའི་སྟེང་ན་དར་དམར་གྱི་གུར་ཕུབ་པས་བར་ཆད་མི་འཇུག་པའི་དགོས་པ་ཡོད། མདུན་ཕྱོགས་སུ་ཀ་པ་ལ་མཚན་ལྡན་ནམ་མ་འཛོམས་ན་རིན་པོ་ཆེའི་སྣོད་དུ་ཆང་ཟན་ལ་སྤོད་སྣ་བསྲེས་པའི་གཏོར་མ་རིན་ཆེན་འབར་བ་དཀར་དམར་གྱི་རྒྱན་ལྡན་བཤམ། སྲོག་འཁོར་གསུམ་པོ་སྨྱུག་སྦུབས་ལྟ་བུར་བཅུག་ནས་སྒྲུབ་གཏོར་འདིའི་ནང་གཞུག་བྱེད་པ་ཉིད་འབྲེལ་ཆེ་ཞིང་། གཡས་གཡོན་དུ་རྩ་བརྒྱད་སྟོང་སྦྱར་དང་སོ་ལྔའི་ཕབ་གཏས་བྲན་པའི་སྨན་རཀ །མཐར་ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་སྦྲེང་ཚར་རམ་བསྐོར་བཤམ་ཅི་བདེ།


LT32_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་ལས་གཏོར་ཆ་ལྔ་པ་བཤམ། འདིའི་རྩ་གསུམ་ལ་སྲོག་འཁོར་གསུམ་སོ་སོར་བཙུག་པའི་ཕྱག་ལེན་ཀྱང་ཡོད་འདུག་པས་གང་བདེར་ཆོག །དཀྱིལ་འཁོར་སྒོ་རྫོགས་ཡིན་ཚེ་རལ་གྲི་ཕུར་པ་འཕན་གདུགས་རྒྱལ་མཚན་ལ་སོགས་པའི་རྒྱན་བཀོད་རྣམས་ཀྱང་འཛོམས་ན་ལེགས། དཀྱིལ་འཁོར་དང་ཞལ་སྤྲོད་དུ་འགྱུར་བའི་སྒྲུབ་པ་པོའི་སྡོད་མལ་བྱ་སྟེ། དེའང་མལ་འོག་ཏུ་བདུད་བཞིའི་ལིང་ག་སྦྱོང་ཁྲུས་བྱས་པ་བཏིང་། རང་ཉིད་དབང་ཆེན་རྟའི་ང་རྒྱལ་དང་ལྡན་པས། གདན་འཁོར་ལྷའི་བུའི་བདུད་དཀར་པོ། ཕུང་པོའི་བདུད་སེར་པོ། ཉོན་མོངས་པའི་བདུད་དམར་པོ། །འཆི་བདག་གི་བདུད་ནག་པོ་རྣམས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་འདུས་པའི་ངོ་བོ་རིད་ཅིང་ཉམ་ཐག་པ་བསྣོལ་བའི་ཚུལ་དུ་ཡོད་པར་བསམ། བདེན་བདར་དང་འགྲུགས་གཞུག་ལན་གསུམ་བྱས་ལ་དངོས་སུ་ཐིམ་པར་མོས། ཛཿཧཱུྃ་བྃ་ཧོཿའི་རྒྱ་བཞིས་བཅིངས་པའི་སྟེང་སྣ་ཚོགས་རྡོ་རྗེས་འཁྱོག་འགུལ་མི་ཤེས་པར་མནན་པར་བསམ་ལ། གནོན་བྱེད་ཙཀྲ་རྒྱ་གྲམ་འོག་དང་གཡུང་དྲུང་སྟེང་དུ་ཡོད་པར་བྱས་ལ་མནན། དེ་སྟེང་འབྲུ་དཀར་གྱི་གཡུང་དྲུང་གཡས་བསྐོར་བྲིས་པའི་ཁར་རང་གི་སྟན་ནང་ཚང་ཅན་འདིང་། །མལ་གྱི་སྟེང་དུ་སྟེང་འཁོར་རབ་གནས་ཅན་སྤྲུལ་སྐུ་མདུན་ངོས་སུ་བྱས་ཏེ་བླ་བྲེ་


LT32_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དགུབ། སྒྲུབ་ཁང་གི་ལོགས་བཞིར་རྒྱལ་ཆེན་བཞིའི་སྐུ་རྒྱབ་ཏུ་གཟུངས་དང་སྲུང་མའི་འདོད་གསོལ་བྲིས་པ་བཀྲམ། སྒོའི་ཡ་ཐེམ་མམ་མིག་སྔར་མཐོང་བ་དེས་ཞིག་ཏུ། ཁྱོད་སྒྲུབ་པ་རྩེ་གཅིག་བྱེད་པའི་དུས་འདི་ལ་སོགས་དམ་བཅའི་ཡི་གེ་པྲ་ཁྲིད་ལས་འབྱུང་བ་ལྟར་གསལ་པོར་བྲིས་པ་འཇོག །ཉེ་ལོགས་སུ་ནང་མཆོད། ལས་བུམ། ཌཱ་མ་རུ། རྡོར་དྲིལ་སོགས་མཁོའི་ཡོ་བྱད་ཐམས་ཅད་ཚོགས་བར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུའི་སྒྲུབ་པའོ། །དང་པོ་བླ་མ་ཕྱི་སྒྲུབ་སྤྲུལ་སྐུ་ལའང་བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་ཡོད་པའི་དང་པོ་བསྙེན་པའི་རིམ་པ་ནི། བཅས་བཤམས་ལེགས་བར་གྲུབ་པའི་དགོངས་ཐུན་ནས་དབུ་བཟུང་ལ། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བས་ལས་བྱང་ལྟར་སྐྱབས་སེམས་ཡན་ལག་བཅུ་པ་རྣམས་ལན་གསུམ་གསུམ་བྱ། རང་ཉིད་རྟ་མགྲིན་དུ་གསལ་ལ་རྟ་སྔགས་བརྒྱ་རྩ་ཙམ་བཟླ། ལས་བུམ་དུའང་དེ་ལྟར་བསྐྱེད་ལ་སྔགས་བཟླས་པས་བྱིན་བརླབས། དཀར་གཏོར་བྱིན་རླབས་དང་གཞི་བདག་ལ་བསྔོ་བ་ཕྲིན་བཅོལ་རྣམས་སྤྱི་ལྟར་བྱས་ལ་གྲོགས་བཅོལ། བགེགས་གཏོར་བསང་སྦྱང་། བྱིན་རླབས་བྱ་མགྲོན་འགུགས་པ་དང་སྔགས་བསྔོས་སྤྱི་ལྟར་བྱ། བདེན་སྟོབས་དང་བཅས་


LT32_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རྣམ་འཇོམས་སྨེ་བརྩེགས་བཟླས་པའི་དྲི་ཆབ་ཀྱིས་བསང་བ་རྣམས་ནན་ཏུ་བྱ། ཕྱི་སྒོའི་དྲུང་དུ་ཐོད་ཀར་པོ་བརྩེགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པའི་ཤིང་བྱང་དང་བ་དན་བཙུགས། མཆོད་གཏོར་བཤམས་ལ་བསང་སྦྱང་བྱིན་རླབས་སྤྱི་ལྟར་བྱ། རང་ཉིད་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རྟེན་དང་གཉིས་སུ་མེད་པར་གྱུར། ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཆོས་སྐྱོང་དཔལ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རི་རབ་ངོས་བཞི་གླིང་བཞི་ནས༔ ཕྱག་ན་རྡོ་རྗེ་དབང་གིས་མཐུས༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཆོས་སྐྱོང་ཆེན་པོ་རྒྱལ་ཆེན་བཞི༔ བདག་ལ་རེ་བ་བསྐང་བའི་ཕྱིར༔ བར་ཆོད་གདོན་རྣམས་མཚམས་ཆོད་ཅིག༔ རྒྱལ་ཆེན་བཞིའི་སྔགས་ལན་བདུན་རེ་བརྗོད། སོ་སོའི་སྔགས་མཐར། ཡི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་རེས་གཏོར་མ་འབུལ། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། དེང་གི་གནས་མཆོག་དམ་པ་འདིར༔སྒྲུབ་པའི་ཆོ་ག་མ་ཐོན་


LT32_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བར༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོས༔ ཕྱི་ཡི་བར་གཅོད་ནང་དུ་མ་བཏང་ཞིག༔ ནང་གི་དངོས་གྲུབ་ཕྱི་རུ་མ་བཏང་ཞིག༔ ཅེས་ཕྲིན་ལས་བཅོལ། ཡེ་དྷར་དང་སུ་པྲ་ཏཱིཥྛ་བརྗོད་ལ་བརྟན་བཞུགས་བྱས་ལ་ཕྱི་མཚམས་བཅད། ནང་སྒོའི་ཡ་ཐེམ་ལ་རྟ་མགྲིན་གྱི་སྐུའམ་སེང་ལྡེང་གི་ཕུར་བུ་ལ་སྙིང་པོ་བྲིས་པ་བཏགས། མཆོད་གཏོར་བསང་སྦྱང་བྱིན་རླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་རྟེན་ཉིད་སྐད་ཅིག་གིས་རྟ་མགྲིན་དབང་ཆེན་ཏུ་གསལ་བའི་གནས་གསུམ་འབྲུ་གསུམ་དང་རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། འོག་མིན་ནས་རྟ་མགྲིན་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རྟེན་དང་གཉིས་མེད་དུ་གྱུར། རྟ་སྔགས་ལན་བདུན་བརྗོད། སྔགས་མཐར་ཨི་དཾ་བ་ལི༚་ཏ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃཿ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནསཿ བཅོམ་ལྡན་ཆོས་རྗེ་ལྷ་ཡིས་བཀའ་སྩལ་ལྟར༔ དེང་འདིར་སྒྲུབ་པ་མཆོག་ལ་དེ་ཞུགས་ཀྱིས༔ དངོས་གྲུབ་རྒྱ་མཚོ་བདག་གིས་མ་ཐོབ་བར༔ ཁྲོ་བོ་ཆེན་པོ་འཇིགས་བྱེད་རྟ་མགྲིན་གྱིས༔ བར་ཆོད་འབྱུང་པོ་ཐམས་ཅད་ཕྱིར་དེད་ལ༔ མཆོག་ཐུན་དངོས་གྲུབ་འཁྱིལ་བའི་གྲོགས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ཕྲིན་ལས་བཅོལ་ལ། བརྟན་


LT32_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་བྱ། ཤིས་བ་བརྗོད་ལ་ནང་མཚམས་བཅད། དེ་ནས་བརྩམས་མ་འགྲུལ་བཅད། ཀ་ཅ་ཡི་གེ་སོགས་ཀྱི་གཏོང་ལེན་སྤངས། པོ་ཟག་ལྟེམ་ལོག་བཞིའི་དྲི་མ་བསྲུང་ཚུལ་འོག་ཏུ་བཤད་པ་ལྟར་བྱའོ། །དེ་ནས་སྟན་ལ་འཁོད་དེ་དམ་ཚིག་གསུམ་དྲན་པས་རྡོར་དྲིལ་བཟུང་ལ་ལས་བྱང་གི་མཚམས་གཅོད་བཏང་། དམིགས་པ་གནས་ཡུལ་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེས་དང་བཅས་པའི་ཕྱི་རོལ་དུ། རྡོ་རྗེ་དབྱུག་ཏོ་གྲི་གུག་རལ་གྲི་འཁོར་ལོ་རྣམས་ཀྱི་གུར་ཁང་ཟླུམ་པོ་བར་མཚམས་ཐམས་ཅད་ཁྲོ་ཆུད་འཆོལ་བའི་ཚོགས་སྐར་ལྟར་འཁྲུགས་ཅིང་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་པ་འབར་བའི་སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་པ་བར་དུ་གཅོད་པ་གང་གིས་ཀྱང་རླག་མི་རྙེད་པར་བསྒོམ། འདི་ནི་སྒྲུབ་པ་ཐམས་ཅད་གྲུབ་པའི་རྗེས་ཆོག་གི་ཉེར་བསྡུའི་སྐབས་བར་མི་བསྡུ་བར་ཐོར་ཐུན་ལ་གསལ་འདེབས་བསྐྱར་མ་དང་ཐུན་མགོ་ཐམས་ཅད་དུའང་དྲན་ཙམ་རེ་བྱ་དགོས། དེ་ནས་བརྡ་སྒོ་དབྱེ་བ་སོགས་སྔོན་འགྲོའི་ལས་རིམ་ཚང་བ་དང་། ཏིང་འཛིན་རྣམ་གསུམ་ནས་བརྩམ། དཀྱིལ་འཁོར་རྟེན་བརྟན་པར་བཅས་བདག་མདུན་དབྱེར་མེད་དུ་བསྐྱེད་ལ། སྤྱན་འདྲེན་ནས་མཆོད་བསྟོད་བཤགས་པའི་བར་བཏང་། །བསྙེན་པ་སྟོང་རྩ། སྒྲུབ་སྔགས་སུམ་བརྒྱ། ལས་སྦྱོར་ཉེར་གཅིག་


LT32_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བཟླས་ལ་སྟོང་ཚིགས་འབུལ། དེ་ནས་བླ་མ་སྤྲུལ་སྐུར་སྒྲུབ་པ་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་དང་པོ་བསྙེན་པ་ནི། རང་ཉིད་དབང་ཆེན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་མདུན་རྟེན་སྐུ་འབག་དང་དབྱེར་མེད་པ་གུ་རུ་པདྨ་སྤྲུལ་སྐུའི་ཆ་ལུགས་ཅན་སྐུ་མདོག་དཀར་ལ་དམར་བའི་སོགས་སྤྲུལ་སྐུའི་སྒྲུབ་པའི་སྐབས་ལྟར། རྩ་བའི་བླ་མ་དང་དབྱེར་མེད་པར་གྱུར། གུ་རུའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་སོགས་སྤྲུལ་སྐུའི་སྒྲུབ་གཞུང་ལྟར། ཕྲིན་ལས་ཀྱི་ངོ་བོར་བསམ༔ ཞེས་གསལ་བཏབ་ལ་རླུང་རོ་བསལ། དེ་ནས་རླུང་ཕྱིར་འགྲོ་བའི་དུས་ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་པ་དང་། ནང་དུ་འོང་བའི་ཚེ་སོ་སོའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུ་བའི་དམིགས་པ་དང་སྦྱར་ཏེ་བཛྲ་གུ་རུའི་བཟླས་པ་ཡིད་བཟླས་སམ་ངག་བཟླས་གང་རུང་རྩེ་གཅིག་ཏུ་བྱ། ཐུན་རེ་རེ་བཞིན་ཆ་བཞིར་བགོས་པའི་དང་པོར་ལུས་ཀྱི་སྡིག་སྒྲིབ་སྦྱང་། བླ་མའི་དཔྲལ་བ་ནས་སྐུའི་བྱིན་རླབས་བསྡུ། གཉིས་པར་ངག་དང་གསུང་། གསུམ་པར་ཡིད་དང་ཐུགས། བཞི་པར་ཡོངས་རྫོགས་ཀྱི་དམིགས་པ་རྣམས་རྩེ་གཅིག་ཏུ་བྱ། ཐུན་མཐར་ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་དང་སྟོང་ཚིགས་ཛབ་བསྟོད་འབུལ། ཚོགས་བྱིན་རླབས་ནས་


LT32_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་བར་བཏང་། བསྙེན་སྒྲུབ་ཀྱི་ཚེ་ལྷག་མ་བཙོན་འཛིན་བྱ་དགོས་པས་འཛོམ་ན་དཀྱིལ་འཁོར་བྱང་ཤར་དུ་ཞིང་ལྤགས་དངོས་སམ་རི་མོར་བྲིས་པའི་སྟེང་ཐལ་ཆེན་ཚོམ་བུ་བཀོད་པའམ། མ་འཛོམ་ན་སྣོད་དུ་བསགས་ལ་ཁེབས་ཀྱིས་བཀབ་བོ། །ཐུན་མཐར་བླ་མ་རང་ལ་ཐིམ་པར་མོས་པ་ལས་དཀྱིལ་འཁོར་མི་བསྡུ་བར་འཇོག །ལས་བྱང་གི་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུའང་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་བྱུང་ན་རབ། ཐ་ནའང་ལྷ་ཡི་ང་རྒྱལ་དང་མ་བྲལ་བར་གྲངས་སུ་མ་བཅད་པའི་བཟླས་པ་ཅི་ནུས་བྱ། སྲོད་ཐུན་གྱི་མགོར་ཚོགས་བསག །མཚམས་གཅོད་ཀྱི་སྲུང་འཁོར་གསལ་འདེབས། མཆོད་པ་བྱིན་རླབས་མདོར་བསྡུས་སོང་ནས། དངོས་གཞི་དཀྱིལ་འཁོར་སྔར་བསྒོམས་པ་ཉིད་གསལ་ཐེབ་ན་ཚིག་མ་བརྗོད་ཀྱང་ཆོག །གསལ་མ་ཐེབས་ན་མངོན་རྟོགས་ཚར་གཅིག་བསྐྱར། །སྤྱན་འདྲེན་ཚིག་བདུན་ཁོ་ན་དང་། བཞུགས་གསོལ་ཕྱག་འཚལ་མཆོད་པ་རྣམས་སྔགས་རྐྱང་པ། བསྟོད་པ་མ་བཅོས་སྤྲོས་བྲལ་ཤློ་ཀ་གཅིག་བཤགས་པ་ཡིག་བརྒྱ་བརྗོད། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཁྱུག་ཙམ་གྲུབ་ནས། སྤྲུལ་བསྙེན་དམིགས་བཟླས་སྔར་སྨོས་པ་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཐར་ཁ་སྐོང་སྟོང་ཚིགས་དང་སྲུང་མའི་གཏོར་


LT32_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བྱ། བླ་མ་རང་ལ་བསྟིམས། ལས་བྱང་ལྟར་དམ་ཡེ་མ་ཕྱེ་བར་འོད་གསལ་དུ་བསྡུ་ལ་ཅི་གནས་སུ་མཉམ་པར་བཞག །ཐུན་མཚམས་ཀྱི་ལྷར་ལངས་ལ་ནོངས་བཤགས་བསྔོ་སྨོན་ཤིས་བརྗོད་རྣམས་ཀྱིས་གྲུབ། ཕྱིར་ནངས་ཐོར་ཐུན་ལ་བགེགས་གཏོར་བཏང་མི་དགོས། གཞན་སྐྱབས་སེམས་ནས་བརྩམས་ལས་བྱང་རྒྱས་པར་བཏང་། །བསྙེན་སྒྲུབ་ལས་བཟླས་ཀྱང་ཁར་སང་གི་ཐུན་དང་འདྲ་བར་བྱེད། སྤྲུལ་བསྙེན་བཏང་ཚུལ་ཐུན་འཇོག་ལུགས་བཅས་དེ་དང་མཚུངས། སྔ་ཐུན་ལ་སྔར་བཤད་པའི་སྲོད་ཐུན་ལྟར་ལ། ཐུན་འཇོག་ལུགས་ཕྱི་ཐུན་དང་། །ཕྱི་ཐུན་ཀྱང་དེ་དང་མཚུངས་པ་ལས་གྲུབ་ན་ཐུན་མཐར་ཚོགས་འབུལ། ཚོགས་ཉིན་རེ་བཞིན་མ་གྲུབ་ནའང་དུས་ཆེན་དང་ཚུགས་གྲོལ་གྱི་ཐོག་མཐའ་ལ་ངེས་པར་དགོས། སྲོད་ ཐུན་སྔ་ཉིན་དང་འདྲ། དེ་ལྟ་བུའི་ཐུན་བཞིའི་རིམ་པས་སྤྲུལ་སྐུའི་བསྙེན་པ་གྲངས་དུས་རྟགས་ཀྱི་རིམ་པ་མ་གྲུབ་པར་བྱ། དེའང་གྲངས་སྤྲུལ་སྐུའི་བསྙེན་སྒྲུབ་གཉིས་ལ་འབུམ་ཚོ་རེ་གཞུང་ལས་གསུངས་ཀྱང་དེང་སང་བཞི་འགྱུར་དགོས་པར་བཞེད། དུས་བསྙན་སྒྲུབ་ལས་གསུམ་ཆ་སྙོམས་པའི་ཕྱག་སྲོལ་ཡོད་པས་སྤྲུལ་སྐུའི་སྒྲུབ་པ་ཟླ་བ་གཅིག་བྱེད་ན་འདིར་བསྙེན་པ་ལ་ཞག་བཅུ། བདུན་གསུམ་བྱེད་ན་བསྙེན་པ་བདུན་གཅིག་སྟེ་ཕྱི་མ་རྣམས་ལའང་དེས་འགྲེ། རྟགས་ནི་གཞུང་ནས་བཤད་


LT32_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་རབ་དངས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ཡང་ཡང་འབྱུང་བའོ། །སྤྲུལ་སྐུའི་སྒྲུབ་པའི་དབུ་ནས། ལས་གཞུང་བསྲང་ཞིང་མཆོད་བསྟོད་དུས་བཞིར་བཏང་ངོ་༔ གསུངས་པ་ཉིད་སྤྱིར་བཏང་ཡིན་པས་དེ་ལྟར་ངེས་པར་གལ་ཆེའང་ཡུན་རིང་པོར་ལྕོག་དཀའ་ཞིང་གཞུང་བཟླས་དངོས་འགྲོ་དཀའ་བས་འདིར་སྨོས་པ་ཙམ་བྱས་ན་དངོས་དོན་ཚང་ཞིང་རྩ་སྒྲུབ་ཀྱང་ཞར་བྱུང་དུ་འགྲོ་བས་འཚམས་པར་སྣང་ངོ་། །དེ་ལྟར་བསྙེན་པ་གྲུབ་ནས་སྒྲུབ་པ་ནི། དགོངས་ཐུན་ནས་དབུ་བརྩམས་ལས་བྱང་རྒྱས་པར་བཏང་། དེའི་བཟླས་པ་དང་སྤྲུལ་སྒྲུབ་ཀྱི་བསྙེན་བཟླས་དམིགས་པ་ཁྱུག་ཙམ་སོང་རྗེས། རང་དང་མདུན་རྟེན་དབྱེར་མེད་པ་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པདྨའི་སྡོང་པོ་འདབ་མ་དམར་པོ་སོགས་ནས། དཔའ་བོ་མཁའ་འགྲོས་བསྐོར་ནས་ཡོད་པར་གྱུར། ཅེས་གསལ་བཏབ་ལ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ སོགས་མོས་གུས་གདུང་ཤུགས་དྲག་པོའི་གསོལ་འདེབས་ཐུན་གྱི་སུམ་ཆ་ཙམ་བྱས་ཏེ། བླ་མ་རང་ལ་བསྟིམས་ནས་དབྱེར་མེད་དུ་བཞག །སྐབས་འདི་རྣམས་སུ་སྤྱི་བོར་བསྒོམས་པའི་བླ་མ་གཙོ་འཁོར་རྣམས་སྟེང་འཁོར་དང་དབྱེར་མེད་དུ་མོས་པ་དང་། རང་གི་གདན་གསུམ་གྱི་འོག་ཏུ་སྒྲུབ་པ་ལ་བར་གཅོད་བྱེད་པ་རྣམས་བདུད་བཞིའི་རྣམ་པ་སྣ་ཚོགས་


LT32_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་མནན་ནས་གཡོ་འགུལ་མི་ནུས་པའང་སྐབས་རེར་གསལ་འདེབས། དེ་ནས་རང་ཉིད་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཐུགས་ཀར་ཟླ་གདན་ལ་ཧྲཱིཿཡིག་མཐར་ཐོད་ཕྲེང་རྩལ་གྱི་སྔགས་ཕྲེང་གིས་བསྐོར་བ། བུམ་པ་ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་པར་གསལ་བའི་ནང་དུ་བཅུད་རྣམས་བླ་མ་ཐོད་ཕྲེང་རྩལ་འཁོར་དང་བཅས་པའི་སྐུར་བསྐྱེད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་གཟུངས་ཐག་འོད་སྦུབས་ལྟ་བུའི་ནང་བརྒྱུད་དེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ་བུམ་པའི་ལྷ་ལ་ཐིམ། དེ་དག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པའི་ནང་གང་། བདུད་རྩིའི་རྒྱུན་ཚུར་བྱུང་ནས་རང་ལ་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་པར་བསམ་ལ་སྒྲུབ་སྔགས་ཐོད་ཕྲེང་རྩལ་བཟླ། སྣང་བ་ལྷ་ཡི་འཁོར་ལོ། གྲགས་པ་སྔགས་ཀྱི་རང་སྒྲ། དྲན་རྟོག་རང་བྱུང་ཡེ་ཤེས། དེ་ཐམས་ཅད་རིག་སྟོང་ཟུང་འཇུག་ཆོས་ཉིད་ཀྱི་རོལ་པར་ཤེས་པ་ལ་དགོངས་པའི་གདིང་བཟུང་། །བཟླས་པས་སྐྱོན་ཛཔྲ་དབྱངས་བྱ་བར་གསུངས་པ་ལྟར་ཤེས་ན་དབྱངས་རྟ་དང་སྦྱར། མི་ཤེས་ན་རྣལ་འབྱོར་རང་གདངས་གང་འདོད་བྱ་བའང་གནད་ཟབ།


LT32_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱི་འགྲོས་གཞན་ཐམས་ཅད་སྔར་བསྙེན་པའི་སྐབས་སུ་བཤད་པ་ལྟར། ཐུན་མཐར་བུམ་ལྷ་འོད་ཞུ་བྱས་ན་སྤྱི་ལུགས་དང་མཐུན། དེ་ལྟ་བུའི་ཚུལ་གྱིས་སྒྲུབ་པ་གྲངས་ཐེམས་པའམ། དུས་ཀྱི་དབང་དུ་བྱས་ན་ཞག་གྲངས་ཀྱི་སུམ་ཆ་གཅིག་གྲུབ་པ་དང་ལས་སྦྱོར་གྱི་བཟླས་པའང་སུམ་ཆ་གཅིག་བྱ་སྟེ། དེའང་ཞག་བཅུ་ལ་མཚོན་ན་ལས་བཞི་ཆ་བགོས་པས་ལས་རེ་རེ་ལ་ཞག་གཉིས་དང་ཐུན་གཉིས་རེ་འབྱུང་། ཡང་ན་ཐོ་རངས་ཞི་བ། སྔ་དྲོ་རྒྱས་པ། དགོངས་མོ་དབང་། སྲོད་ལ་དྲག་པོ་སྟེ་དུས་སོ་སོ་དང་སྦྱར་ཡང་ལེགས། གང་ལྟར་ཐུན་གྱི་གཅོད་ཚུལ་འདོན་བྱ་རྣམས་སྔར་ལྟར་ལ། བསྙེན་སྒྲུབ་ཀྱི་དམིགས་བཟླས་རྣམས་ཁྱུག་ཙམ་སོང་རྗེས་རང་ཉིད་རྟ་མགྲིན་གནས་གྱུར་ཏེ། རྡོ་རྗེ་ཐོད་ཕྲེང་རྩལ་ཕྱག་མཚན་གསུམ་པ་ལོངས་སྐུའི་ཆས་ཅན་ཏུ་གསལ་བའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ་རང་སྔགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་སྟོན་ཟླ་ལྟ་བུར་གསལ། བཟླས་པ་བྱས་པས་འོད་ཟེར་དཀར་པོ་འཕྲོས་སྡིག་སྒྲིབ་ནད་གདོན་བར་ཆད་སོགས་ཞི་བའི་ཕྲིན་ལས་སྒྲུབ་པར་བསམ་ལ་གཞུང་གསལ་སྔགས་བཟླ། དེའི་འགྲེས་ཏེ་རཏྣ་ཐོད་ཕྲེང་གིས་རྒྱས་པ། པདྨ་ཐོད་ཕྲེང་གིས་དབང་། ཀརྨ་ཐོད་ཕྲེང་གིས་དྲག་པོའི་ལས་སྒྲུབ་ཀྱི་བཟླས་པ་རྣམ་གྲངས་ཚད་སྤྱིར་ཆ་སྙོམས་པ་དང་། དམིགས་


LT32_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་གྱི་ལས་སྒྲུབ་པར་འདོད་ན་དེ་ཉིད་མང་དུ་བཟླ། དེ་ལྟར་བླ་མ་སྤྲུལ་སྐུའི་བསྙེན་སྒྲུབ་ལས་སྦྱོར་ཐེམས་པའི་སྔ་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། ལས་བྱང་རྒྱས་པར་བཏང་། དེའི་བཟླས་པ་ཅུང་ཟད་བྱ། སྲུང་མའི་གཏོར་བསྔོ་དང་ཚོགས་མཆོད་འབུལ་ལ་ལྷག་མ་ཡན་གྲུབ་པར་བྱ། མདུན་རྟེན་སྒྲུབ་དུས་ལྟར་བསྐྱེད། རང་རྟ་མགྲིན་ཡབ་ཡུམ་གྱི་རྣམ་པར་ལོགས་སུ་བྱེ་བས་དངོས་གྲུབ་ལེན་པ་པོར་བྱས་ནས་ལས་བྱང་གི། ན་མོཿབླ་མ་ཡི་དམ་སོགས་དང་ཡི་གེ་བརྒྱ་པ་བརྒྱ་རྩ་ཙམ་བཟླས་ལ་མཁོན་གཅུགས་སྦྱང་། ཕྱི་ནང་གསང་བ་སྨན་རཀ་གཏོར་མ་བཅས་ལས་བྱང་ལྟར་རྒྱས་པའམ་སྔགས་ཙམ་གྱིས་མཆོད། ཧཱུྃ༔ མ་གཡེལ་མ་གཡེལ་སོགས་ཀྱིས་ཐུགས་དམ་བསྐུལ། ཛབ་ཀྱི་རྗེས་སུ་འབྱུང་བའི། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ དང་པོ་བསྙེན་ཅིང་སོགས་བརྗོད་ལ་དངོས་གྲུབ་བསྐུལ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ སོགས་སྒྲུབ་དུས་ལྟར་ལན་གསུམ་བརྗོད། མདུན་གྱི་བླ་མ་དང་ཡི་དམ་གྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པར་བར་མ་ཆད་པར་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་


LT32_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བསམས་ལ་བསྙེན་སྒྲུབ་ཀྱི་སྔགས་ཚན་གཉིས་ཀྱི་མཐར། ཀཱ་ཡ་སིངྡྷི་ཨོཾཿ ཝཱ་ཀྲ་སིངྡྷི་ཨཱཿ ཙིཏྟ་སི་ངྡྷི་ཧཱུྃ༔ བཏགས་པ་བརྒྱ་རྩ་རེ། ལས་སྦྱོར་གྱི་སྔགས་ཚན་བཞི་པོའང་ཉེར་གཅིག་གམ་བདུན་རེ་ཙམ་བཟླས་ལ། བདེ་མཆོག་བདེ་སྤྱོད་སོགས་ཀྱི་མཐར་ཐོད་ཕྲེང་རྩལ་གྱི་ཛབ་ཤམ་བུ་ཅན། དབྱངས་ཀྱི་ཚུལ་དུ་བཟླ་བཞིན་དུ་སྒྲུབ་རྫས་སྐུ་འབག་བུམ་པ་གཏོར་མ་རྣམས་གནས་གསུམ་དུ་གཏུགས། བུམ་ཆུ་དང་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་མྱང་། བླ་མ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་དེ་ཉིད་དུ་ཐོབ། བླ་མ་ཐོད་ཕྲེང་རྩལ་དང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་གོ་འཕང་མཆོག་དེ་ཉིད་དུ་གྲུབ་པར་བསམ། སླར་ཡང་མཆོད་གཏོར་ཁ་གསོ་ནས་མཆོད་བསྟོད་རྒྱས་བསྡུས་གང་ལྕོགས་དང་། ལས་བྱང་གི་ནོངས་བཤགས་བྱ། ཡེ་ཤེས་པ་སྐུ་འབག་འཁོར་ལོ་སོགས་རྟེན་ལ་བསྟིམ་ཞིང་། སྐྱེ་མེད་ཆོས་སོགས་བརྗོད། དམ་ཚིག་བསྡུ་ལྡངས། སྨོན་ལམ་བཀྲ་ཤིས། བསྔོ་བ་བཅས་ཚང་བར་བྱའོ། །གཉིས་པ་བླ་མ་ནང་སྒྲུབ་ལོངས་སྐུའི་སྒྲུབ་པ་ནི། སྤྲུལ་སྐུའི་སྒྲུབ་པ་སྔ་ཐུན་ལ་གྲུབ་པ་དེ་མ་ཐག་པར། ལོངས་སྐུའི་དཀྱིལ་འཁོར་དགྲམ། བཅས་གཞན་སྔ་མ་སོར་བཞག་ལ་ཐོད་པའི་ནང་དུ་ལོངས་སྐུའི་རྟེན་བཀོད། བུམ་ཆུ་དང་


LT32_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་ཁ་གསོ། ཆོ་གའི་འགྲོས་དང་བསྙེན་སྒྲུབ་ལས་གསུམ་གྱི་ཞག་གྲངས་ཆ་བགོ་ལུགས་སོགས་སྤྲུལ་སྐུའི་སྐབས་ཀྱི་འགྲེས་སྦྱར་ཏེ། ཕྱི་ཐུན་ལས་བྱང་གི་སྐྱབས་སེམས་ཚོགས་བསགས་ནས་བརྩམས་སྔོན་འགྲོ་རྣམས་དང་། དངོས་གཞི་ལྷ་བསྐྱེད་ནས་བཟླས་པའི་བར་གྲུབ་པར་བྱ། དེ་ནས་མདུན་གྱི་སྐུ་རྟེན་སྟོང་པའི་ངང་ལས། པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ། མ་ལས་ཉི་མ། ཨ་ལས་ཟླ་བའི་སྟེང་ལ་སྐད་ཅིག་གིས་ཧྲཱིཿ དམར་པོ་སོགས་འོག་སྒྲུབ་པའི་སྐབས་ལྟར་ལ། བདག་ཉིད་ཅེས་པ་དོར་ནས་ཡབ་ཞལ་སྟོབས༔ ཞེས་པའི་བར་གྱིས་རྟེན་གསལ་འདེབས། དེའི་སྤྱི་གཙུག་པདྨ་དཀར་པོའི་དབུས་སུ་སྐུའི་རང་བཞིན་ཨོཾ་དཀར་པོཿ སོགས་བསྙེན་པའི་སྐབས་ཀྱི་ཡིག་འབྲུ་ལྔ་པོ་གསལ་གདབ། བཟླས་པའི་སྐབས་ནུས་ན་བུམ་ཅན་དང་སྦྱར་བའི་ཡིད་བཟླས་བྱ་དགོས་ལ། མི་ནུས་ན་བར་རླུང་བཟུང་ལ་ཡིད་བཟླས་བྱས་ཀྱང་ཆོག །གང་ལྟར་ཐོག་མར་རླུང་རོ་བསལ། རླུང་ཕྱིར་དབྱུང་བའི་སྐབས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། ཚུར་རྔུབ་དུས་བྱིན་རླབས་བསྡུ་བའི་དམིགས་པ་དང་སྦྱར། དེའང་ཐུན་གཅིག་ལ་ཆ་ལྔར་བགོས་ཏེ་གནས་ལྔ་ནས་དབང་ལེན་བྱིན་བསྡུའི་དམིགས་པ་རྩེ་གཅིག་ཏུ་བསྒོམས་ཏེ། ཨོཾ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སོགས་ཀྱི་སྔགས་ཡིད་བཟླས་བྱ།


LT32_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཚད་འབུམ་ཕྲག་ཏུ་གསུངས། ཐུན་མཐར་ཁ་སྐོང་སྟོང་ཚིགས་ཚོགས་མཆོད་ཕུལ། མདུན་གྱི་བླ་མ་རང་ལ་ཐིམ། ཀ་དག་འཆི་མེད་གནས་ལུགས་གཉུག་མའི་ངང་དུ་བློ་བཞག །ཐུན་མཚམས་ཀྱི་བྱ་བ་དང་། ཐུན་གཞན་རྣམས་ཀྱི་འདོན་འགྲེགས་སོགས་སྤྲུལ་སྐུའི་སྐབས་དང་འདྲའོ། །འདི་ནི་སྔོན་འགྲོའི་ཚུལ་ཡིན་པས་བདག་བསྐྱེད་ཚེ་དཔག་མེད་བསྒོམ་པ་དང་། བསྡུ་རིམ་འོག་ནས་འབྱུང་བ་རྣམས་དགོས་པའི་ངེས་པ་མེད་པས། བདག་བསྐྱེད་དབང་ཆེན་ཏུ་གསལ་བཞིན་པ་ཉིད་ཀྱིས་འཐུས་སོ། །དེ་ལྟར་བསྙེན་པ་ལ་ཞག་གྲངས་ཀྱི་སུམ་ཆ་གཅིག་སོང་ནས་ཕྱི་ཐུན་ནས་སྒྲུབ་པ་ལ་འཇུག་པའི་ཐོག་མར་ལས་བྱང་རྒྱས་པར་བཏང་། བསྙེན་པའི་དམིགས་བཟླས་ཡན་ཁྱུག་ཙམ་གྲུབ་ནས། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་སྒྲུབ་དུས་ལྟར་སེམས་བསྐྱེད། ཚད་མེད་བཞི་བསྒོམ། བདག་ཉིད་རྟ་མགྲིན་མི་དམིགས་པ་ལས་ཚེ་དཔག་མེད་ཡབ་ཡུམ། སྤྱི་བོར་བླ་མ་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ་གནས་གསུམ་འབྲུ་གསུམ་དང་བཅས་པར་གསལ། མདུན་གྱི་བུམ་པའི་ནང་དུ་ཚེ་དཔག་མེད་ཡབ་ཡུམ་དང་སྐུ་འབག་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ་ཡང་དུས་གཅིག་ཏུ་གསལ་འདེབས། བཞིན་རས་དང་མེ་ལོང་ལྟར་རྣམ་པ་སོ་སོར་སྣང་


LT32_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངོ་བོ་རིག་པའི་རང་རྩལ་གཅིག་རྫོགས་སུ་ཤེས་པས་འབྲུ་གསུམ་འོད་ཟེར་གྱིས་ཕྱོགས་བཅུའི་རྩ་གསུམ་རྒྱལ་བའི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ནས་བླ་མ་ཚེ་དཔག་མེད་པའི་ཕྱག་གི་བུམ་ནང་དུ་བསྐྱིལ། དེ་ལས་འོད་ཟེར་འཕྲོས་པས་ཚེ་དབང་གྲུབ་པ་རྣམས་ཀྱི་དངོས་གྲུབ། ནང་བཅུད་སྐྱེ་འགྲོའི་ཚེ་བསོད། ཕྱི་སྣོད་འབྱུང་བ་ལྔའི་བཅུད་ཐམས་ཅད་བསྡུས་ནས་ཕྱག་གི་བུམ་པར་འཁྱིལ་ཞིང་ཁོལ་བར་དམིགས་ལ་མོས་གུས་རྩེ་གཅིག་པས་གསོལ་འདེབས་ལན་བདུན་ལ་སོགས་པ་བྱ། ནད་གདོན་བར་ཆད་ཐམས་ཅད་ཕྱིར་བསལ་བའི་དམིགས་པ་དང་བཅས་རླུང་རོ་ལན་གསུམ་བསལ། དེ་ནས་བུམ་ཅན་ནམ་བར་རླུང་གང་རུང་དང་སྦྱར་ཏེ། སྤྱི་བོའི་ཨོ་རྒྱན་ཚེ་དཔག་མེད་པའི་ཕྱག་གི་བུམ་ནང་ནས་བདུད་རྩི་ལུད་པ་དང་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས་པས་རང་གི་སྤྱི་གཙུག་དང་ཁ་ཡི་ནང་དུ་བབས་པར་བསམས་ལ། ཁས་ཧུབ་ཧུབ་བྱས། རླུང་རྔུབ་པ་དང་ལྷན་ཅིག་མཆིལ་མ་སྒྲ་མེད་དུ་མིད་ལ། བྱང་སེམས་ཚེ་བཅུད་བདུད་རྩི་སྤྱི་བོའི་རྩ་འཁོར་ཁེངས་བུམ་དབང་ཐོབ་པར་བསྒོམས་ལ། གསང་བའི་ཡང་སྙིང་ཡིག་འབྲུ་ཉེར་གཅིག་པ་འགོག་བཟླས་སམ་ཡིད་བཟླས་བྱ། དེས་འགྲེས་ཏེ་མགྲིན་པ་ནས་གསང་གནས་བར་འཁོར་ལོ་གཞན་བཞི་ལ་རིམ་པར་དམིགས་པ་གཏད་ཅིང་གསང་


LT32_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཤེར་དབང་ཚིག་དབང་རིག་པ་རྩལ་གྱི་དབང་རྣམས་ཐོབ་པར་མོས། །མཐར་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་གང་བའི་དམིགས་པ་གཞུང་གསལ་བྱ། འདི་སྐབས་ཡིད་བཟླས་དག་པོ་མ་བྱུང་ན་བར་རླུང་བཟུང་ལ་ངག་བཟླས་ཤུབ་བུར་བྱ། མཐར་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ལྷར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་སྤྱི་བོའི་གུ་རུ་ཚེ་དཔག་མེད་ཀྱི། ཐུགས་རྒྱུད་བསྐུལ་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་དང་། བུམ་པའི་བདུད་རྩིའི་འོད་ཀྱིས་འཁོར་འདས་ཀྱི་བཅུད་བསྡུ་བ་བདག་བསྐྱེད་སྐབས་ལྟར་དང་སྦྱོར་མཚམས་བྱང་སེམས་དང་ཕྱག་གི་བུམ་ནང་ནས་བདུད་རྩི་བབས་པ་བུམ་ལྷ་ཚེ་དཔག་མེད་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་གྱི་སྐུ་དང་སྦྱོར་མཚམས་ནས་བབས་པའི་བདུད་རྩིའི་རྒྱུན་གྱིས་བུམ་པ་གང་། བཅུད་དང་དྭངས་མ་ཐམས་ཅད་གཟུངས་ཐག་ལ་བརྒྱུད་ནས་ཚུར་བྱུང་རང་ལ་ཐིམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། གཟུངས་ཐག་འཇུས་ལ་སྔགས་བཟླ། ཐུན་མཐར་ཁ་སྐོང་སྟོང་ཚིགས་སོགས་སྤྱི་ལྟར་ལ། མདུན་བསྐྱེད་སྒྲུབ་རྫས་དང་དབྱེར་མེད་དུ་བཞུགས། བདག་བ་སྐྱེད་ཀྱི་སྤྱི་བོའི་བླ་མ་ཚེ་དཔག་མེད་རང་ལ་ཐིམ། རང་གི་སྙིང་གར་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཨིནྡྲ་ནཱི་ལའི་བུམ་པའི་ནང་དུ་


LT32_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྙིང་ནྲྀ་ལྗང་གུ་གནས་པར་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཁོར་འདས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས་པས་ལུས་ཀྱི་ནང་གང་། བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསམ། འདི་ལ་ཡིད་བཟླས་རེ་བྱས་ཀྱང་ཆོག །གཙོ་བོར་དམིགས་པ་ལ་བློ་བཞག་པ་ཡིན། རྗེས་སུ་རང་ཉིད་སྙིང་གའི་རྡོ་རྗེ། དེ་བུམ་པ། དེ་ནྀྲ་ལ་ཐིམ། དེ་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་བར་གྱུར་པར་བསམས་ལ། ཐུན་མཚམས་རྣམས་སུའང་རང་ལུས་རྡོ་རྗེའི་གསལ་སྣང་དང་མ་བྲལ་བར་བྱའོ། །བཟླས་པའི་གྲངས་ཚད་ནི། འབུམ་ཚོ་གཅིག་གསུམ་བཟླ་བར་གསུངས། །དེའི་སྒྲུབ་པའི་སུམ་ཆ་ཞིག་སོང་བ་དང་ལས་སྦྱོར་ཚུགས་པའི་ཕྱི་ཐུན་ལ། ལས་བྱང་བཟླས་པ་བཅས་ལོངས་སྐུའི་བསྙེན་སྒྲུབ་དམིགས་བཟླས་ཁྱུགས་ཙམ་གྱི་བར་བཏང་། དེ་ནས་བདག་ཉིད་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བཞིན་པ་དང་། མདུན་རྟེན་ཚེ་དཔག་མེད་གནས་ལྔའི་ཡི་གེ་ལྔ་བཅས་བསྙེན་དུས་ལྟར་གསལ་གདབ། ཀྱེ་མ་བཅོམ་ལྡན། །ཐུགས་རྗེ་ཅན༔ སོགས་ཀྱིས་གསོལ་བ་ལན་གསུམ་བཏབ་པས་གནས་ལྔའི་ཡིག་འབྲུ་ལྔ་ཚུར་བྱོན་རང་གི་གནས་ལྔར་ཞུགས་ནས་འོད་དུ་ཞུ་བ་ལས་སྤྱི་བོར་བྷུདྡྷ་ཚེ་དཔག་མེད་ཡབ་ཡུམ་དཀར་པོ་སོགས་འཁོར་ལོ་ལྔར་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་དུ་


LT32_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཐུགས་སྲོག་སོ་སོའི་ས་བོན་འབྲུ་ལྔ་བཅས་གསལ་བར་བསྒོམ། སླར་ཡང་གསོལ་བ་ལན་གསུམ་བཏབ་པས་སྤྱོ་བོའི་སངས་རྒྱས་ཚེ་དཔག་མེད་ཀྱི། ཐུགས་ཀའི་ཨོཾ་ལས་འོད་འཕྲོས། ཡུམ་སངས་རྒྱས་སྤྱན་མའི་རང་བཞིན། འབྱུང་བ་ནམ་མཁའི་བཅུད་ཐམས་ཅད་བདུད་རྩི་ཐིག་ལེ་དཀར་པོའི་རྣམ་པར་བསྡུས་ཕྱག་གི་བུམ་ནང་དུ་འཁྱིལ་བར་བསམས་ལ་ལས་སྦྱོར་གྱི་སྙིང་པོ་བཟླ། དེས་འགྲེས་ཏེ་མགྲིན་པར་པདྨ་སོགས་གནས་གཞན་བཞི་པོའི་འོད་ཟེར་གྱིས་ཡུམ་བཞིའི་ངོ་བོ་འབྱུང་བཞིའི་བཅུད་བསྡུ་བའི་དམིགས་པ་རྣམས་རེ་རེ་བཞིན་བསྒོམ་བཟླས་བྱ། མཐར་གསོལ་འདེབས་ལན་གསུམ་བྱས་པས་གནས་ལྔའི་ཚེ་ལྷ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དང་ཕྱག་གི་བུམ་པའི་བདུད་རྩི་ཁོལ་ཞིང་ལུད་པས་འཁོར་ལོ་ལྔའི་གནས་སོ་སོ་གང་། ནམ་མཁས་ལུས་རྡོ་རྗེར་གྱུར་པ་སོགས་གཞུང་གསལ་ལྟར་ལ། ཕྱིའི་འབྱུང་བའི་བཅུད་བསྡུས་བའི་ནང་གི་འབྱུང་བ་ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་བསྐྱེད། འཆི་མེད་ཚ་ལ་དབང་བའི་རིག་པ་འཛིན་པའི་སྐུར་གྱུར་པར་མོས་ལ་བཟླས་པ་བྱ། ཐུན་མཐར་ཁ་སྐོང་སྟོང་ཚེགས་སོགས་སྔ་མ་རྣམས་ལྟར་ལ། གནས་ལྔའི་ཚེ་དཔག་མེད་འཁོར་ལོ་སོ་སོར་ཐིམ་རང་ཉིད་འོད་དུ་ཞུ་ནས་ནྲྀ་ཡིག་ཏུ་གྱུར། དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་


LT32_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ་སེམས་ཡུན་རིང་གཏད། དེའང་དམིགས་མེད་ཀ་དག་གི་ངང་བཞག་སྟེ་ཕཊ་བརྗོད། ཐུན་མཚམས་སུའང་རྡོ་རྗེའི་གསལ་སྣང་ཡང་ཡང་དྲན་པར་བྱ། དེ་ལྟར་ལས་སྦྱོར་ཉིད་སྒྲུབ་ཡུན་གྱི་སུམ་ཆ་ཚར་བའི་ཐུན་རྗེས་མ་སྔ་ཐུན་ལ་དངོས་གྲུབ་ལེན་ཆོག་བྱ་བའི་ཚུལ་ནི་གོང་དུ་སྤྲུལ་སྐུའི་སྒྲུབ་པའི་སྐབས་སུ་བཤད་པ་ཇི་ལྟ་བ་ལ་རང་དང་མདུན་རྟེན་སྒྲུབ་དུས་ལྟར་བླ་མ་ཚེ་དཔག་མེད་དུ་གསལ་བ་ལ་མཁོན་སྦྱང་། མཆོད་པ། ཐུགས་དམ་བསྐུལ་བ། དངོས་གྲུབ་བསྐུལ་བ་རྣམས་ཀྱི་རྗེས་སུ་ལོངས་སྐུའི་སྒྲུབ་པ་དང་ལས་སྦྱོར་གྱི་གསོལ་འདེབས་གཉིས་པོ་ལན་གསུམ་རེ་བྱ། དམིགས་གནད་སྔར་སྨོས་པ་བཞིན་བྱས་ལ་བསྙེན་སྒྲུབ་གཉིས་ཀྱི་སྔགས་ཤམ་དུ། ཀཱ་ཡ་སིངྡྷི་སོགས་བཏགས་པ་བརྒྱ་རྩ་རེ་དང་། ལས་སྦྱོར་གྱི་སྔགས་ཉེར་གཅིག་ཙམ་བཟླས་པའི་རྗེས་ལ། བདེ་མཆོག་བདེ་སྤྱོད་ཀྱིས་དབང་ལེན་པ་ཕྱིན་ཆད་རྗེས་ཀྱི་བྱ་བ་ཐམས་ཅད་ཀྱང་སྤྲུལ་སྒྲུབ་ཀྱི་སྐབས་ལྟར་བྱ་བ་ཉིད་དོ། །གསུམ་པ་བླ་མ་གསང་སྒྲུབ་ཆོས་སྐུའི་སྒྲུབ་པ་ཆེན་པོ་ནི། ཆོས་སྐུར་སྒྲུབ་པའི་དཀྱིལ་འཁོར་དགྲམ། རྟེན་མཆོད་སྔར་ལྟར་ལ་ཐོད་པའི་ནང་དུ་བླ་མ་ཆོས་སྐུའི་སྐུ་འབག་བཤམ། བུམ་ཆུ་དང་མཆོད་གཏོར་རྣམས་ཁ་གསོ། མཎྜལ་ལ་རིན་པོ་ཆེ་དང་སྨན་འབྲུའི་ཚོམ་བུ་ལྔའམ་དགུ་བཀོད་པ་བཤམ། ཕྱི་ཐུན་


LT32_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབུ་བརྩམས། ལས་བྱང་རྒྱས་པར་བཏང་ལ་དེའི་བཟླས་པ་ཡན་གྲུབ་པ་དང་། སེམས་བསྐྱེད་ཚད་མེད་བཞི་གསལ་གདབ། གཏེར་གཞུང་བླ་མ་ཆོས་སྐུའི་སྒྲུབ་པ་ལྟར། རང་ཉིད་སྐད་ཅིག་དྲན་རྫོགས་སུ། པྃ་ལས་པདྨ༔ སོགས་ནས། གཟི་བརྗིད་འོད་དང་ལྡན་པར་ལམ་མེར་བཞུགས་ནས་ཡོད་པར་གྱུར༔ཅེས་པའི་བར་གྱིས་བདག་ཉིད་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ། ཐུགས་ཀར་ཟླ་གདན་ཧཱུྃ་མཐིང་འོད་ཀྱིས་དོན་གཉིས་བསྒྲུབས། ཡེ་ཤེས་པ་སྤྱན་དངས་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས་བླ་མ་སྐུ་གསུམ་སོགས་སྐྱབས་གནས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་མདུན་རྟེན་སྐུ་འབག་དང་དབྱེར་མེད་དུ་བསམ། མོས་གུས་གདུང་ཤུགས་དྲག་པོ་དང་མ་བྲལ་བའི་ངང་ནས། བདེ་གཤེགས་རྒྱལ་བ་སོགས་ཀྱི་གསོལ་འདེབས་དང་སྨོན་ལམ་ཐུན་གྱི་སུམ་ཆ་གཅིག་ཙམ་བྱ་བ་ནི་སྔོན་འགྲོའི་བསྙེན་པའོ། །དེ་ནས་མདུན་གྱི་ཡེ་ཤེས་སེམས་དཔའ་རང་དམ་ཚིག་སེམས་དཔའི་སྤྱི་གཙུག་ནས་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པས་བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ། ལུས་སྟོང་གསལ་ནམ་མཁའ་ལྟ་བུར་ལྷོད་དེ། ངག་སྨྲ་མེད་ལྐུགས་པ་ལྟ་བུར་བརྗོད་བྲལ། སེམས་རང་གསལ་རྟོག་མེད་ངང་དུས་


LT32_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལེར་བཞག །དེ་ལ་མི་གནས་ན་བླ་མ་རྡོ་རྗེ་འཆང་གི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་བ་ཉིད་བསྐྱར་ནས་གཤིས་ལུགས་རིག་སྟོང་ཁྱབ་གདལ་ཆེན་པོའི་ངང་དུ་བཟོ་བཅོས་མེད་པར་མཉམ་པར་འཇོག་པ་ལ་ཐུན་གྱི་སུམ་ཆ་གཅིག་བྱ་བ་ནི་སྒྲུབ་པའོ། །རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་བླ་མའི་སྐུ་རྡོ་རྗེ། སྣང་སྟོང་ཆུ་ཟླ་ལྟ་བུ། གྲགས་པ་ཐམས་ཅད་བླ་མའི་གསུང་རྡོ་རྗེ་གྲགས་སྟོང་ནཱ་དའི་རང་སྒྲ། དྲན་རྟོག་ཐམས་ཅད་བླ་མའི་ཐུགས་རྡོ་རྗེ་རིག་སྟོང་ཆོས་སྐུའི་རོལ་པར་བལྟས་ལ། ཨོཾ་བཛྲ་གུ་རུ་ཀཱ་ཡ་སོགས་ཆོས་སྐུའི་བཟླས་པ་བྱ། གྲངས་ནི་འབུམ་ཚོ་གསུམ་དུ་གསུངས་ཏེ་ལས་སྦྱོར་རོ། །ཐུན་མཐར་ཁ་སྐོང་སྟོང་ཚིགས་ཐུན་མཚམས་སུའང་རིག་སྟོང་གི་ངོ་བོ་སྐྱོང་བ་དང་ཁྱེར་སོ་གསུམ་ལས་མི་འདའ་བར་གཙོ་བོར་བྱ་བ་ལས། །ཐུན་བཞིའི་བཅད་ཁྲིག་ཆོ་གའི་འགྲོས་རྣམས་སྔར་ལོངས་སྤྲུལ་གཉིས་དང་འདྲ་བར་བྱ། དེ་ལྟར་སྒྲུབ་པ་ཇི་ཙམ་བྱེད་པའི་སུམ་ཆ་གཅིག་ཆོས་སྐུའི་སྒྲུབ་པ་གྲུབ་པའི་སྔ་ཐུན་ལ་ཚོགས་གཏོར་རྒྱས་པར་བཤམ། ལས་བྱང་བསྙེན་བཟླས་འཕྲོས་སྲུང་མའི་གཏོར་འབུལ། ཚོགས་མཆོད་ལྷག་མ་ཡན་གྲུབ་ནས། དངོས་གྲུབ་ལེན་པ་ལ་རང་དང་མདུན་རྟེན་བླ་མ་ཆོས་སྐུ་རྡོ་རྗེ་འཆང་དུ་གསལ། མཁོན་སྦྱང་ཡིག་བརྒྱ་བཟླ་ཞིང་མཆོད། ཐུགས་དམ་དང་དངོས་གྲུབ་བསྐུལ། ཆོས་སྐུའི་


LT32_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལན་གསུམ། དངོས་གྲུབ་ལེན་པའི་དམིགས་པ་བཅས་ཆོས་སྐུའི་སྔགས་ཤམ་བུ་བཏགས་པ་བརྒྱ་རྩ། བདེ་མཆོག་བདེ་སྤྱོད་སོགས་ཀྱིས་དབང་ལེན་བྱ་བ་རྣམས་སྔར་དང་འདྲ། ཁ་སྐོང་སྦྱིན་བསྲེག་དང་གཏོང་རག་གི་ཚུལ་དུ་ཚོགས་སྐོང་རྒྱས་པར་བྱེད་ན་དངོས་གྲུབ་ལེན་ཆོག་གྲུབ་པའི་རྗེས་སུ་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་བྱ། དེ་ཙམ་གྱིས་གྲུབ་པར་བྱེད་ན་དངོས་གྲུབ་བླང་བ་གྲུབ་ནས་ཆད་མདོའི་གཏོར་མ་བསྐྱང་བ་ཡན་ཆད་རྒྱས་པ་འོག་ཏུ་བཤད་པ་ལྟར་བྱས་པས་གྲུབ་བོ། །བཟླས་པ་གཙོར་བཏོན་གྱི་བསྙེན་སྒྲུབ་ལ་ཁ་སྐོང་ཤིན་ཏུ་གལ་ཆེ་བས་སྤྲོས་པ་ཆུང་བར་འདོད་ན་བཟླས་པས་ཁ་བསྐང་སྟེ། དེའང་ཐུན་སོ་སོའི་གཤམ་དུ་ཐུན་དེར་བཟླས་པ་ཇི་ཙམ་སོང་བའི་ཁ་སྐོང་བཟླས་པའང་འགྲོ་བར་བྱེད། ཡང་ན་སྤྲུལ་སྐུའི་བསྙེན་ཚད་གྲུབ་པ་དང་། ཐུན་ཁ་ཤས་ལ་དེའི་ཁ་སྐོང་བཟླས་པ་བསགས་ཀྱང་རུང་། དེས་མཚོན་ནས་གཞུང་བཟླས་འབུམ་ཕྲག་ལ་ཁྲི། ཁྲི་ལ་སྟོང་། སྟོང་ལ་བརྒྱ། བརྒྱ་ལ་བཅུ་སྟེ། བཟླས་གྲངས་གང་ཡིན་པའི་བཅུ་ཆ་འགྲོ་བ་དགོས། སྤྲོས་འབྱོར་ཆེན་ཁ་སྐོང་སྦྱིན་བསྲེག་བྱ་སྟེ། སྒྲུབ་པ་གྲུབ་པའི་ཕྱི་དྲོའམ་ཕྱིར་ནང་ནས་དབུ་བརྩམ་ཉམས་ཆགས་སྦྱང་བའི་སླད་དུ་ཞི་བ་ཁོ་ན་དང་གྲངས་ཚད་བཤད་


LT32_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་པ་ལྟར་ལ། དེའང་སྒྲུབ་པ་པོ་གཅིག་པུས་གྲངས་གསོག་པར་དཀའ་བས་ཆོས་གྲོགས་མང་དུ་འཚོགས་པ་ལ་གྲངས་བཟུང་ན་ལེགས་ཤིང་དེ་ལྟར་གྲུབ་ན་ལས་མྱུར་དུ་འགྲུབ་པ་སོགས་ཀྱི་དགོངས་པ་གཞན་ཡང་མཆིས་ཏེ། དེའི་ཚུལ་ཞིབ་པར་རིག་འཛིན་ཞལ་ལུང་ལས་བཤད་པ་ལྟར་ལག་ཏུ་བླང་བར་བྱའོ། །དེ་ལྟར་བསྙེན་སྒྲུབ་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་འབྱོར་རྒྱས་པར་བཤམ། བླ་མའི་ལས་བྱང་དང་ཆོས་སྲུང་སྐོང་གསོ། རྩ་གསུམ་སྐོང་བཤགས་རྣམས་རྒྱས་པར་བཏང་། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། ཆད་ཐོའི་གཏོར་མ་གསར་པའང་བཤམས་ཏེ་སྒྲུབ་ཁང་གི་སྟེང་དུ་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་དང་སྔར་བཙོན་འཛིན་བྱས་པའི་གཏོར་མ་ཡོད་ན་དེ་དག་ཆབ་གཅིག་ཏུ་ཆད་ཐོས་བཏང་། བླ་མའི་གཏོར་མའི་རས་མ་གཏོར་གཞོང་བཤལ་ཆུས་བཀང་བ་ནང་མཆོད་ཀྱིས་བྲན་ཏེ་བརྟན་མ་བསྐྱང་། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་གདན་འཁོར་གྱི་བདུད་ལིང་བཀོད། རང་རྟ་མགྲིན་དུ་གསལ་བས་རྒབས་འདྲེ་དམ་སྲི་འགུགས་བསྟིམ་


LT32_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་བྱས་པའི་སྟེང་རོ་གཡོམ་དང་གདན་འཁོར་རྒྱ་གྲམ་གྱིས་བཀབ། དེའི་སྟེང་ལས་བྱང་གི་རྟ་བྲོ་བརྡུང་། ཤིས་བརྗོད་བྱ། ནང་དུ་ལོག་ནས་སླར་ཡང་མཆོད་གཏོར་རྣམས་ཁ་གསོས་སྟེ་ཉེར་བསྡུའི་མཆོད་བསྟོད་དང་དབྱངས་གསལ་ཡིག་བརྒྱ་ཅི་འགྲུབ་བཟླས་ནས་ཆོ་ག་ལྷག་ཆད་གྱུར་པ་སོགས་ཀྱིས་ནོངས་བཤགས་བྱས་རྗེས། དེ་རིང་ཉིད་སོགས་ཀྱིས་ཡེ་ཤེས་པ་སྐུ་འབག་དང་འཁོར་ལོ་རྣམས་ལ་བསྟིམས། སྐྱེ་མེད་ཆོས་སྐུ་སོགས་ཀྱིས་དམ་ཚིག་གི་འཁོར་ལོར་བསྡུས། སླར་ཡང་སྣང་སྟོང་དབྱེར་མེད་སོགས་ཀྱིས་ཐོད་ཕྲེང་རྩལ་གཙོ་རྐྱང་དུ་ལངས་ལ་ཤིས་བརྗོད་སྨོན་བསྔོ་དང་། སྤྲོ་ན་སྒྲུབ་ཁོག་ལྟར་མར་མེ་སྨོན་ལམ་ཡང་བྱ། གོ་བགོ་ལུས་སྲུང་ནི། རང་ཉིད་རྟ་མཆོག་རོལ་པ་ཞལ་གཅིག་ཕྱག་གཉིས་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གྱུར། ཨོཾ་བཛྲ་ཡཀྵ་ཧཱུྃ། བཛྲ་ཀྲོ་དྷ་པདྨཱ་ནྟ་ཀྲྀ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་པས་རྡོ་རྗེའི་གོ་ཁྲ་ཞུ་ལུགས་སུ་གོན་པར་བསམ་སྟེ༔ སྟོང་ཉིད་མི་འགྱུར་བའི་རྡོ་རྗེ་བསྒོམ་པའི་ངང་ནས༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་རྡོ་རྗེའི་ངང་༔ སུས་ཀྱང་འཇིག་པར་མི་ནུས་ཏེ༔ སྟོང་ཉིད་ནམ་མཁའི་ངོ་བོ་ལ༔ རྒྱལ་བ་རྣམས་ཀྱིས་འཇོམས་མི་ནུས༔ བར་ཆོད་བགེགས་རྣམས་ཅིས་མི་བརླག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་ང་རྒྱལ་དེ་ཉིད་བརྟན་


LT32_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ༔ དེ་ནས་མཚམས་བཀྲོལ་བ་ནི། ནང་སྒོའི་རྩར་མཆོད་གཏོར་བཤམ། སྔར་སྒོ་བྱང་འཇོག་པའི་སྐབས་ལྟར་བྱིན་བརླབ། གཏོར་སྔགས་ལན་གསུམ་གྱིས་འབུལ། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿཞེས་པས་གཤེགས་ལ་སྒོ་བྱང་བསྡུ། ཕྱི་སྒོའི་ཐོ་རྩར་ཟླུམ་གཏོར་བཞི་བཤམ། བྱིན་རླབས་དང་སྔགས་བསྔོས་འཇོག་དུས་ལྟར་བྱའོ། ཧཱུྃ༔ རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་ནས༔གླིང་བཞི་སྐྱོང་མཛད་རྒྱལ་བའི་ཕོ་བྲང་བཟུང་༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ གཏོང་རག་མཆོད་གཏོར་དམ་པ་འདི་བཞེས་ལ༔ རང་རང་གནས་སུ་གཤེགས་སུ་གསོལ༔ ཨོཾ་ཧི་ས་ར་་ཡེ་སྭཱ་ཧཱ༔ ཞེས་དང་། བཛྲ་མུཿས་རང་གནས་སུ་གཤེགས། དེ་ནས་བགས་ཀྱི་མཚམས་གསེང་སྟེ་ཞག་ཤས་གཞན་ཏུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། སྐུ་འབག་སྲོག་འཁོར་ཐོད་པ་རྣམས་མ་འབྲལ་བར་དམ་ཚིག་གི་རྟེན་དུ་བཟུང་། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །དྲི་མེད་བཤགས་རྒྱུད་དང་ཡིག་བརྒྱ་ཅི་ནུས་བཀླག །སྤྱི་དང་བྱེ་བྲག་གི་སྨོན་ལམ་དང་བསྔོ་བ་གང་ཤེས་རྩེ་གཅིག་ཏུ་གདབ། ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང་ཉི་ཟླ་ལ་བལྟ་བ་སོགས་མཚམས་


LT32_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་རྟེན་འབྲེལ་རྣམས་ཀྱང་བཟང་དུ་བསྒྲིག་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་པའི་རྣལ་འབྱོར་པས་ལོ་རེ་བཞིན་བསྙེན་སྒྲུབ་ཁ་གསོ་ཟླ་རེའམ་བདུན་གསུམ་གྱིས་མཐའ་བརྟེན་པར་སྒྲུབ་པ་གལ་ཆེ་ཞིང་། རྒྱུན་གྱི་རྣལ་འབྱོར་རྒྱས་བསྡུས་གང་རུང་ཆགས་སུ་མི་རུང་བས་རྒྱས་པར་སྤྲོ་ན། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྐུ་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་རྣམས་རིམ་པར་སྦྲེལ་བའི་བསྒོམ་བཟླས་དཀྱུས་བཞིན་བྱ། འདི་སྐབས་མདུན་རྟེན་བུམ་པ། སྟེང་འོག་གི་འཁོར་ལོ་དང་འབྲེལ་བའི་དམིགས་པ་རྣམས་མི་དགོས་པས། སྤྲུལ་སྐུའི་བསྙེན་པའི་བླ་མ་མདུན་གྱི་ནམ་མཁར་བསྒོམ། བསྙེན་སྔགས་གནས་རེ་རེ་ལ་ཉི་ཤུ་རྩ་བདུན་རེ་བྱ་བའི་བརྒྱ་རྩ་དང་། སྒྲུབ་པའི་སྤྲོ་བསྡུ་སྤྱི་བོའི་བླ་མ་ལ་བྱས་ཏེ་སྒྲུབ་སྔགས་བརྒྱ་རྩ་སོང་ནས་ལས་སྦྱོར་བདུན་ཕྲག་རེ་ཙམ་བྱས་པའི་མཐར་ལྷའི་གསལ་སྣང་བསྡུས་པའི་རྫོགས་རིམ་ལ་ཅུང་ཟད་བཞག་རྗེས། ལོངས་སྐུའི་བསྙེན་པ་དང་སྒྲུབ་པའི་རྡོར་བུམ་ནྲྀའི་འོད་ཀྱིས་བརྟན་གཡོའི་ཚེ་བཅུད་བསྡུས་པའི་མཐར་ལས་སྦྱོར་གྱི་དམིགས་པ་གསེར་རྡོར་ལ་བློ་བཞག་ནས་རྫོགས་རིམ་བསྒོམ་པའི་བར་བྱ་ཞིང་དེ་ནས་ཆོས་སྐུའི་དམིགས་སྐོར་བསྒོམས་པའི་རྗེས་སུ་ལྷའི་གསལ་སྣང་བསྡུས་ནས་རྫོགས་རིམ་ལ་དར་


LT32_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཞག་སྟེ་མཐར་བསྔོ་སྨོན་ཤིས་བརྗོད་བྱ། དེ་ཙམ་མི་འཁྱོངས་པས་བསྡུས་པར་འདོད་ན། བླ་མའི་རྣལ་འབྱོར་དང་འབྲེལ་བར་སྤྲུལ་སྐུ་དང་། ཚེ་སྒྲུབ་ཀྱི་སླད་དུ་ལོངས་སྐུ་དང་། རྫོགས་རིམ་ལ་མོས་པས་ཆོས་སྐུ་སོགས་རེ་རེ་ལ་རྒྱུན་བཟླས་བྱས་པས་ཀྱང་དམ་བཅའི་དགོས་པ་འགྲུབ་པ་ཡིན་ནོ། །བཞི་པ་གལ་པོ་ཆེའི་བསླབ་བྱ་ནི། བསྙེན་སྒྲུབ་སྤྱིར་གཅེས་པའི་སྤང་བླང་གནད་ཀྱི་བྱེ་བྲག་གསར་རྙིང་གི་མན་ངག་རྣམས་ལས་རྒྱས་པར་འབྱུང་བ་ལྟར་ཤེས་དགོས་ཀྱང་། འདིར་གཏེར་གཞུང་དང་དེ་འབྲེལ་གོང་མ་རྣམས་ཀྱི་གསུང་ལས་མདོར་བསྡུས་འབྱུང་བའི་ལྟ་བ་དེའི་སླད་དུ་འགོད་ན། སྤྱིར་དམ་ཚིག་དང་མི་ལྡན་ན་སྔགས་མི་འགྲུབ་པས། དབང་བསྐུར་ཐོབ་ནས་དམ་ཚིག་ལ་ཐེ་ཚོམ་ཡོད་པའམ་དབང་བསྐུར་ཉིད་ཀྱང་ཞུས་ལོ་ཐོབ་ལོ་ཙམ་དུ་སོང་ན། བླ་མ་ལས་དབང་བསྐུར་བསྐྱར་ནས་ཞུ་ཞིང་ཅི་འབྱོར་བའི་མཎྜལ་གྱིས་མཉེས་པར་བྱས་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་གསོལ་བ་གདབ་དེ་ཕྱིན་ཆད་བླ་མ་ཉིད་བསྒྲུབ་བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་ཡིན་ལ། བླ་མ་མི་བཞུགས་ན་འདུན་པ་དེ་དང་ལྡན་པས་བདག་འཇུག་ཡིད་ཆེས་པ་བླངས་མཚམས་ཡུན་རིང་ཐུང་། ཐུན་བཞིའམ་གསུམ་མམ་གཉིས་སོགས་ཀྱི་བཅད་ཁྲིགས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་


LT32_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་ཚགས་སུ་མ་ཚུད་པས་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང་། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་པ་རྣམས་ཐོག་མ་ནས་དམིགས་འོག་ཏུ་འཇུག་ཅིང་ལར་ནས་དམ་བཅའི་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བ་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡམ་དྲག་པ་མ་ཡིན་པ་དང་། རྗེས་སུ་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་བས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན་ལ། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པ་བྱེད། ཐོག་མར་ཕྱི་ནང་གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་མ་ཐོན་གྱི་བར་ཞི་བྱེད་ནས་བཤད་པ་ལྟར་བོ་ཟག་ལྟེམས་ལོག་བཞིའི་དྲི་མ་བསྲུང་དགོས་ཏེ། བོ་བའི་རྒྱུ། ཆོས་འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏོར་མཆོད་ལྷག་སོགས་བྱིན་བརླབས་པའི་རྫས་ཕྱིར་མི་གཏོང་། ཟག་པའི་རྒྱུ། གཞན་ཡང་ཕར་ཚུར་གདོད་མི་འཕྲད་ཅིང་ངག་མི་སྨྲ། ཕྱི་ནང་མི་འགུལ། ཡོ་བྱད་གཏོང་ལེན་


LT32_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་ཅིང་ཁྱད་པར་རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་གཞུག །གཞན་གྱི་དེ་དག་རང་གིས་མི་སྤྱད། ཁྱད་པར་དམ་ཚིག་ཉམས་པའི་ཕྲིན་ཡིག་ཀ་ཅ་ཟས་གོས་སོགས་རླུང་ཕྱོགས་ཙམ་ཡང་འཕྲད་དུ་མི་གཞུག །རྟགས་མཚན་དང་ཉམས་རྟོག་ཅི་བྱུང་ཡང་གཞན་ལ་མི་བཤད། ལྟེམས་པའི་རྒྱུ་ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲིག །མལ་མི་སྤོ། སྟན་མི་སྤྲུག །སྒྲུབ་ཁང་ཕྱགས་བདར་མི་བྱ། ལོག་པའི་རྒྱུ། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང་། རང་ཉིད་ཞི་བདེ་དོན་གཉེར་གྱིས་བློའི་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་བཏོན་དགེ་སྦྱོར་ཀྱང་སྒྲུབ་པ་ཆག་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་རྣམ་འཇོམས་སྨེ་བརྩེགས་གང་རུང་བཟླས་པའི་ཁྲུས་བུམ་འདུ་བྱས་ལ། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་ལྟ་བུ་དགོས་ན་ཁྲུས་ཆབ་ཀྱིས་བསང་། གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་གདོང་དུ་ཤེས་པ་བྱིང་འཐིབས་ཚིག་པ་གཉིད་ཡར་བ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ།


LT32_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་ལོངས་སྤྱོད། མཚམས་རལ་བ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་བགེགས་སྐྲོད་ནན་ཏན་དང་རྒྱལ་ཐོ་སྒོ་བྱང་གསོལ་ཞིང་སྲུང་འཁོར་བསྒོམ། ཐུན་མཚམས་སུ་ཡིག་བརྒྱ་དང་ཡེ་ཤེས་སྐུ་མཆོག་སོགས་ཉེས་བཤགས་ཅི་རིགས་ཆག་མེད་དུ་བྱ། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་བཏང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་གྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ། ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་ཞིང་འབད་པ་དོན་མེད་དུ་སོང་བ་ཡིན་ནོ། །སྐབས་རེར་ཚིག་པ་ཟ་བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །ཤེས་པ་འཕྱོ་ཞིང་ཡེད་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང་། བྱིང་ཐིབས་ཉོག་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་ལས་མཐུན་སོ་སོར་བཤད་ཀྱང་སྤྱི་ལ་བོདྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེན་བས་དེ་ཀས་ལེགས་


LT32_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བཟླས་པའི་ཐོག་མར་ཕྲེང་བ་བྱིན་རླབས་ཀྱི་སྔགས་དམིགས་སྤྱི་མཐུན་རེ་བྱ། ཕྲེང་བ་འགོམ་གཡུག་དང་ཕལ་གྱིས་མཐོང་རེག་མེད་པར་མགུལ་བའམ་ཕྲེང་ཁུག་ཏུ་བཅང་བཟླས་པ་འགོག་བཟླས་སུ་བྱེད་དགོས་པ་རྣམས་སྔར་རླུང་མ་སྦྱངས་པ་སོགས་ཀྱིས་མི་ནུས་ན་ཐུན་མགོར་འགོག་བཟླས་མཚོན་བྱེད་རེ་བྱས་ནས་གཞན་ངག་བཟླས་བྱ་བ་ལས་འོས་མེད། དམིགས་བསལ་མེད་པ་རྣམས་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུར་ཉམས་པ། གླལ་བ་དང་སྦྲོད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང་། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང་། སྐུ་གསུམ་སྒྲུབ་བཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་གྱི་གོང་ལ་འགྲོ་འདུག་བསྐུལ་སྤྱོད། གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པ་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེངས་ཐམས་ཅད་སྤངས་ལ། དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟ་བུ་ཡང་ཐོལ་སྐྱེས་དེ་ཀ་དྲན་པས་ཆེར་བཟུང་དུ་བྱས་ནས་ལུས་མི་གཡོ། ངག་མི་སྨྲ། སེམས་མི་ཡེངས་


LT32_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྩེ་གཅིག་པས་ལྷ་སྐུ་རེག་མཐོང་ཡོད་པ་ལྟ་བུར་གསལ་ཐུབ་ཀྱང་སྣང་སྟོང་རིག་རྩལ་ཙམ་དུ་བལྟ་ཞིང་། །གང་ལྟར་བསྒོམས་ཀྱང་མི་གསལ་བ་བྱུང་ཡང་། སེམས་ལས་ལྷ་སྐུ་ལོགས་སུ་མེད་པར་ཐག་བཅད་དེ་ཡིད་མི་གཡེང་བར་བསྒོམ། ངེས་པར་ལྡང་བ་སོགས་བྱེད་དགོས་ཀྱང་ལྷའི་གསལ་སྣང་མ་ཤོར་བ་དང་། བཟླས་པའི་རྒྱུན་མ་ཆད་པ་བྱེད། ཐུན་མཚམས་རྣམས་སུ་ཡང་སྐབས་དེའི་བདག་བསྐྱེད་ཀྱི་ལྷ་གཙོ་བོ་གང་ཡིན་དེར་གསལ་བས་བཟླས་པ་གང་འགྲུབ་བྱེད་ཀྱང་གྲངས་སུ་མི་བརྩི། བྱ་བ་གང་ལ་འཇུག་ཀྱང་ལྷའི་གསལ་སྣང་དང་དྲན་པའི་རྩིས་ཟིན་པས་མ་ཡེངས་པར་བྱེད་ཅིང་འདོད་ཡོན་རྣམས་མཆོད་པའི་རྫས་སུ་ལོངས་སྤྱད་པས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་དགྱེས་པར་བསྐྱེད་པ་སྤྱོད་ལམ་གྱི་རྣལ་འབྱོར་དང་། གཟའ་བཏུང་གི་སྲེག་རྫས་ལྟེ་བའི་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ཀྱི་ལྷ་རྣམས་བདེ་བ་ཆེ་པོའི་རང་བཞིན་ཏུ་ཚིམ་པར་བསམ་པ་ནང་གི་སྲེག་བླུགས་གཟའ་བའི་རྣལ་འབྱོར་དང་། ཉལ་དུས་ཐུན་མཚམས་ཀྱི་ལྷ་ཡང་བསྡུས་ནས་འོད་གསལ་གྱི་ངང་དུ་གཉིད་པར་བྱ་བ་ཉལ་བའི་རྣལ་འབྱོར་དང་། ནངས་པར་ནམ་མཁའ་ནས་དཔའ་བོ་དང་མཁའ་འགྲོའི་རྡོ་རྗེའི་གླུ་དང་ཌ*ཌཱ་དྲི*་གྱིས་སྒྲས་བསྐུལ་བས་ལྷ་སྐུར་སད་པར་མོས་པ་ལྡང་བའི་རྣལ་འབྱོར་


LT32_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྒོ་གསུམ་དགེ་སྦྱོར་ཀྱི་སྲང་ལ་བར་མེད་དུ་གཅུར་ནས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་གཅིས་ཀྱང་བྱེད་དགོས། གཞན་ཡང་རེས་རིག་པ་དྭངས་ཤིང་ལྕེ་བདེ་བ་དང་། རེས་བྱིང་རྨུགས་མི་གསལ་བ་དང་། རེས་རྣམ་རྟོག་འཕྲོ་རྒོད་གཉེན་པོས་མི་ཆུན་པ་དང་། རེས་ཁམས་འདུས་སྒྱིད་ལུགས་པ་དང་། རྨི་ལམ་བཟང་ངན་སོགས་ཕྱི་ནང་གི་རྐྱེན་མཐོ་དམན་ཅི་བྱུང་ཡང་རང་སེམས་ཀྱི་འཆར་སྒོ་ཙམ་དུ་ཐག་བཅད་ནས་དགའ་སྡུག་གི་རྩིས་གདབ་ཀྱི་བློ་རྩབ་རྩུབ་མི་བྱ་བར་གཞན་གྱི་ངོ་འཛིན་སོགས་ཆོས་བརྒྱད། ཚེ་འདིའི་འདུ་འཛིའི་གཡེང་བ་ཐམས་ཅད་དགོས་མེད་རྒྱུད་ལ་བསྟན་པ་ལིང་གིས་བསྒྱུར། ཁམས་ཀྱིས་མི་ལྕོགས་པའི་ཧ་ཅང་འགྱུར་བ་མིན་ཙམ་གྱི་ངང་ནས། མདུན་གྱི་དལ་ཡིག་གི་དོན་ཡང་ནས་ཡང་དུ་ཡིད་ལ་བྱེད་ཅིང་སྙོམ་ལས་ལེ་ལོའི་དབང་དུ་མ་ཤོར་བར་ཞེ་བཅད་དང་བརྩོན་འགྲུས་དྲག་པོའི་སྒོ་ནས་སྒྲུབ་པའི་འགོ་ལྷོད་བ། བར་དུ་གྲིམ་པ། ཐ་མ་ནར་གྱིས་སོང་བའི་ཐང་ལྷོད་མེད་པར་མཐར་ཕྱིན་པར་བྱའོ།། །།དེ་ལྟར་བླ་མ་སྒྲུབ་པའི་ཕན་ཡོན་སྤྱིར་གསང་སྔགས་ཀུན་ནས་རྒྱ་ཆེར་གསུངས་ཤིང་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་རྩ་བའང་བླ་མ་ཚུལ་བཞིན་སྒྲུབ་པ་ལ་ཐུག་པ་དང་། ཁྱད་པར་སངས་རྒྱས་གཉིས་པ་བླ་མ་པདྨ་འབྱུང་


LT32_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་གསོལ་འདེབས་མཆོད་བསྟོད་བསྙེན་སྒྲུབ་ལ་སོགས་པ་བགྱིས་ན་གཞན་ལས་ཁྱད་དུ་མས་འཕགས་པའི་ཡོན་ཏན་རླབས་པོ་ཆེ་འཐོབ་པ་འཁྲུལ་མེད་ཀྱི་ཟབ་གཏེར་རྣམས་ལས་ཡང་ནས་ཡང་དུ་གསུངས་པ་དང་། འདི་ཉིད་ཀྱི་གཏེར་གཞུང་ལས་ཀྱང་། བདག་འདྲ་པདྨ་འབྱུང་གནས་ཀྱི༔ ཐུགས་བཅུད་ཟབ་མོ་ནོར་བུ་རྒྱ་མཚོ་འདི༔ གསང་སྔགས་ཀུན་གྱི་བཅུད་བསྡུས་ཡང་སྙིང་ཡིན༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ ལུང་ཐོབ་ཙམ་གྱིས་གནས་ངན་སྐྱེ་སྒོ་གཅོད༔ ཉམས་ལེན་གང་བྱས་ཚེ་འདིར་སངས་རྒྱས་འཐོབ༔ ཅེས་གསུངས་པ་ལྟར་དབང་པོ་སྐལ་པ་དང་དད་བརྩོན་རབ་ཏུ་གྱུར་པ་རྣམས་ཚེ་འདིར། འབྲིང་བར་དོར། ཐ་མར་ཡང་སྐྱེ་བ་ཕྱི་མ་ལ་བླ་མ་སྐུ་གསུམ་གྱི་བྱིན་གྱིས་བརླབ་ཅིང་རྗེས་སུ་བཟུང་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འཐོབ་པར་འགྱུར་བས་མི་ལུས་ཐོབ་ཅིང་བསྟན་པའི་ཡང་སྙིང་རྡོ་རྗེ་ཐེག་པ་དང་མཇལ་བའི་དོན་པོར་ལམ་ཟབ་འདི་ལྟ་བུ་ལ་རྩེ་གཅིག་བརྩོན་པར་འཚལ་ལོ། །ཟབ་ཆོས་མངའ་བདག་བསྟན་འཛིན་སྐྱེས་མཆོག་གི། བཀའ་ལུང་བསྒྲུབ་ཕྱིར་གཏེར་གཞུང་དགོངས་དོན་དང་། །བརྒྱུད་པའི་ཕྱག་བཞེས་སོར་བཞག་དུས་སྐབས་སུ། །མཚམས་པའི་


LT32_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་རྣམ་གསལ་ཁྲིགས་སུ་བཀོད། །ཟབ་ལམ་བླ་སྒྲུབ་ཀུན་གྱི་སྙིང་དྲིལ་ཕྱིར། །སྤྲོས་ཏེ་བརྗོད་ན་རྒྱ་ཆེ་འབྱམས་ཀླས་ཀྱང་། །འདིར་ནི་སྤྲོས་མེད་སྒྲུབ་ལ་གཞོལ་རྣམས་ཀྱི། །གསལ་འདེབས་ཙམ་དུ་དགོས་དོན་སྙིང་པོར་དྲིལ། །འཁྲུལ་བྲིས་ནོངས་པ་གང་མཆིས་རྩ་གསུམ་ལྷར། །བཤགས་པས་དག་ཚངས་སྒྲུབ་ལ་བྱིན་རླབས་དང་། །དངོས་གྲུབ་མཆོག་སྩོལ་དགེ་བས་བདག་གཞན་ཀུན། །ཕྱམ་གཅིག་སྐུ་གསུམ་བླ་མ་མྱུར་འགྲུབ་ཤོག །ཅེས་པའང་ལྷོ་བྲག་ནས་སྔ་འགྱུར་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་བྲལ་བ་གསུང་སྤྲུལ་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མའི་ཞལ་སྔ་ནས་གྱ་ནོམ་པའི་གནང་སྐྱེས་བཅས་བཀའ་བསྐུལ་ཆེད་དུ་སྩལ་བ་ལྟར། གཏེར་གཞུང་རྩ་བའི་དགོངས་པ་བཞིར་བཞག །ཐུགས་སྲས་ལྔ་པའི་ཟིན་བྲིས་ཆེ་ཆུང་གི་བཞེང་སྲོལ་དང་བསྟུན་ནས་ཁྱེར་བདེ་དོན་འདུས་ཀྱི་ཚུལ་དུ། རྒྱལ་དབང་པདྨའི་རྗེས་འཇུག་རིག་པ་འཛིན་པའི་རྟགས་ཙམ་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཁམས་ཀྱི་ཟབ་བུ་ལུང་གཉིས་བརྗོད་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྦེལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ།


LT32_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ་ཞེས་བྱ་བ་བཞུགས་སོ།


LT32_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་གསང་འདུས་པའི་རྡོ་རྗེ་ཅན། །བླ་མའི་ཞབས་ལ་ཕྱག་བྱས་ནས། །དབང་ཆེན་ཐུགས་ཀྱི་སྒྲུབ་པ་ཡི། །རྒྱུན་ཁྱེར་སྙིང་པོར་དྲིལ་ནས་འཆད། །ལྷོ་གཏེར་དབང་ཆེན་གསང་བ་འདུས་པའི་གཏུམ་པོ་ཐུགས་ཀྱི་སྒྲུབ་པ་བསྙེན་སྒྲུབ་གཏེར་གཞུང་ལས་ཇི་སྐད་གསུངས་པ་སྔོན་ཏུ་སོང་བའི་རྣལ་འབྱོར་པས། རྒྱུན་གྱི་ཉམས་ལེན་མདོར་བསྡུས་བྱ་བར་འདོད་ན་ཐོག་མར་སྐྱབས་འགྲོ་ནི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱིན་རླབས་རྩ་བ་བླ་


LT32_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྗེ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །འཇལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ། །གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཛིན་བྲལ་སྤྲུལ་པའི་སྐུར། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །རང་རིག་ལྷ་ལ་ཕྱག་འཚལ་ལོ། །མ་འགག་རང་གསལ་མཆོད་པ་འཕུལ། །མུ་བཞིར་ལྷུང་བ་མཐོལ་ལོ་བཤགས། །དུས་གསུམ་མཉམ་ཉིད་རྗེས་ཡི་རངས། །འཁོར་བ་དོང་ནས་སྤྲུགས་པར་བསྐུལ། །ཀ་དག་ཟང་ཐལ་རྗེན་པར་བཞུགས། །ཀུན་ཀྱང་རང་རིག་


LT32_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བསྔོ། །སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག །ཀྱེ་མ་བདག་གིས་འགྲོ་ཀུན་བསྒྲལ་བའི་ཕྱིར། །རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་དུ། །འཁོར་བ་དོང་ནས་སྤྲུགས་པའི་ཕྱིར། །ཚད་མེད་བཞི་རུ་སེམས་བསྐྱེད་དོ། །ཚད་མེད་བཞི་བསྒོམ་པ་ནི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལྷ་བསྐྱེད་པ་ལ། ཞི་བར་བསྙེན་པ་ནི། ཨོཾ་མཧཱ་ཤཱུནྱཏྭཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་བྷྲཱུཾ་ལས་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩེབས་བཅུ་སྔོན་པོ། དེའི་ལྟེ་བར་རྩིབས་བཞི་ཕྱོགས་མདོག །དེའི་ལྟེ་བར་པདྨ་ཉི་ཟླའི་གདན་ལ་ཧཱུྃ་མཐིང་ནག །དེ་ལས་འོད་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། གདུག་པ་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་གདན་འོག་ཏུ་བཅུག །འོད་ཟེར་སླར་འདུས་ཏེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་གུ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། །གཡོན་པས་དངུལ་དཀར་གྱི་དྲིལ་བུ་འགྱིང་ཐབས་སུ་བརྟེན་པ། ཞལ་ཁྲོ་ཞིང་འཛུམ་པས་བཞད་པ། དབུ་སྐྲ་དམར་སེར་ཐོར་ཚུགས་གི་ལྷག་མ་སྐུ་རྒྱབ་ནས་འཕྱང་བ། དར་རྣམ་པ་ལྔའི་ཅོད་པན་དང་།


LT32_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། སྐུ་སྨད་སྟག་ཤམ་ཅན་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གནས་གསུམ་འབྲུ་གསུམ་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་མཐིང་ནག་རྩ་སྔགས་ཀྱིས་བསྐོར་བའོ། །རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེང་ལ། ཁྲོཾ་ཧཱུྃ། ལན་བཞི། ཐུགས་ཀ་ནས་ཁྲོཾ་ཧཱུྃ་གི་ཡི་གེ་བཞི་སྤྲོས་རྩིབས་བཞིའི་སྟེང་དུ་བབས་པ་ལས། ཤར་དུ་ཐུགས་ཀྱི་བྱ་ཁྱུང་མཐིང་ག། །ལྷོར་ཡོན་ཏན་གྱི་བྱ་ཁྱུང་སེར་པོ། ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ། བྱང་དུ་ཕྲིན་ལས་ཀྱི་བྱ་ཁྱུང་ལྗང་གུ། རང་གི་དཔྲལ་བའི་དབྱིངས་སུ་སྐུའི་བྱ་ཁྱུང་དཀར་པོ། དེ་རྣམས་ཀྱང་ཞི་མཁྲོ་བའི་ཚུལ་གཤོག་པ་བརྐྱང་ཞིང་སྦྲུལ་རིགས་ལྔ་འཛིན་པའོ། །ཧཱུྃ། བཅུ་བརྗོད། ཐུགས་ཀ་ནས་ཧཱུྃ་བཅུ་སྤྲོས་རྩིབས་བཅུའི་སྟེང་དུ་འཁོད་པ་ལས་ཁྲོ་རྒྱལ་ཆེན་པོ་བཅུ། སྒོ་བཞིར་རྡོ་རྗེའི་བྲག་གི་སྟེང་དུ་སྒོ་མ་བཞི་རྣམས་སྐད་ཅིག་གིས་གསལ་བར་གྱུར། ལྕགས་ཀྱུའི་རྒྱ་བྱས་ལ། ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཡེ་ཤེས་པ་འགུགས་གཞུག་བཅིངས་མཉེས་ཀྱི་ཕྲིན་ལས་མཛད་པར་གྱུར། ཧཱུྃ། སངས་རྒྱས་ཀུན་གྱི་གསང་བ་འཛིན། །དངོས་གྲུབ་མྱུར་དུ་སྩོལ་བའི་ལྷ། །འདོད་པའི་དོན་ལ་གསོལ་འདེབས་ཀྱིས། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། །ཨེཧྱེ་ཧི་


LT32_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ དམ་ཡེ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པའི་གནས་གསུམ་དུ་སྐུ་གསུང་། །ཐུགས་ཀྱི་ངོ་བོ་ཨོཾ་ཨཱཿཧཱུྃ། ཧཱུྃ། ལས་འོད་འཕྲོས་དབང་གི་ལྷ་བཛྲ་ས་མཱ་ཛ༔ སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཾ། ཡེ་ཤེས་ལྔའི་དབང་བསྐུར། དབང་རྟགས་སུ་མི་བསྐྱོད་པས་དབུ་བརྒྱན། སྔགས་བཟླ་བ་ནི། བདག་གི། ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་པས་རྒྱལ་བ་ཐམས་ཅད་ཀྱི་མཐུ་དང་བྱིན་རླབས་ཐམས་ཅད་འོད་ཟེར་འཇའ་ཚོན་གྱི་རྣམ་པ་བྲེང་མ་ཆད་པར་བསྡུས་ཏེ་བདག་ལ་ཐིམ་པར་གྱུར། ཨོཾ་བཛྲ་པཱ་ི་ནཱི་ལམ་ཝ་ར་དྷ་ར་ཧཱུྃ་ཕཊ། ཞེས་བཟླས་ལ། མཐར། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། དེ་ནས་ཁྲོ་བོར་བསྒྲུབ་པ་ནི། བདག་གི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག །ཧཱུྃ་ཞེས་བརྗོད་པས་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བཅུ་སྔོན་པོ། དེའི་ལྟེ་བར་རྩིབས་བཞི་ཕྱོགས་མདོག །དེའི་ལྟེ་བར་ཀླུ་རྒྱལ་ཕོ་མོ་རིགས་ལྔ་བསྣོལ་བའི་སྟེང་དུ་བགེགས་དང་དམ་སྲི་ཁ་སྤུབས་སུ་མནན་པའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་ཧཱུྃ་ཡིག་བབས་པ་ལས་འོད་འཕྲོས། རྒྱལ་བ་མཆོད། སེམས་ཅན་གྱི་ལས་སྒྲིབ་སྦྱངས། ཀླུ་འབུམ་གཉན་ཁྲིས་བདག་སྟོང་གི་མཐུ་ནུས་བཅོམ། སླར་རྒྱལ་བའི་བྱིན་རླབས་བསྡུས་ཏེ་ཧཱུྃ་ལ་ཐིམ། །ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་རྒྱལ་གསང་བའི་བདག་པོ་ཞལ་གསུམ་རྩ་ཞལ་སྐུ་མདོག་མཐིང་ནག །གཡས་


LT32_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཡོན་དམར་སྤྱན་དགུ་སྡང་མིག་ཏུ་བགྲད་ཅིང་མཆེ་བ་གཙིགས་པ། ཨག་ཚོམ་མེ་ལྟར་འབར་བའི་དབུ་སྐྲ་ཁམས་སེར་གྱེན་དུ་བརྫིས་པའི་གསེབ་ནས་རྟ་ཞལ་ལྗང་གུ་འཚེར་བ། རྟ་དབུའི་སྟེང་དུ་སྐུའི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་དང་མེ་གཤོག་ཅན། ཁྲོ་ཆུའི་རྭ་དང་ཞལ་ནས་མེ་འབར་བ། ཤངས་ནས་རླུང་འཚུབས་པ། སྤྱན་ནས་ཁྲག་ཁོལ་བ། སྦྲུལ་རིགས་ལྔ་བཟུང་ཞིང་ཟ་བ། ཀྲང་ཀྲང་ཀྲིང་ཀྲིང་ཀིང་ཀིང་ཞེས་སྟོང་གསུམ་ཁེངས་པའི་སྒྲ་སྒྲོགས་པ། ཕྱག་དྲུག་གཡས་གསུམ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཕྱར་ཞིང་རལ་གྲི་མེ་འབར་བ་དང་། གསེར་གྱི་འཁོར་ལོ་བསྣམས་པ། གཡོན་གསུམ་སྡིགས་མཛུབ་མེ་འབར་བ་།ཐུགས་ཀར་བསྒྲེངས་པ་དང་། དྲིལ་བུ། སྦྲུལ་ཞགས་འཛིན་པ། སྦྲུལ་རིགས་ལྔ་དང་གླང་ཀོ་ཞིང་ལྤགས་སྟག་ཤམ་གྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་དང་བ་སྤུའི་བུ་ག་ནས་མེ་འབར་བ། སྐུ་ཆེ་ལ་ཡན་ལག་རགས་ཤིང་འཇིགས་སུ་རུང་བ། རྡོ་རྗེའི་གད་རྒྱངས་ཧ་ཧ་ཧི་ཧི་སྒྲོགས་པས་རི་རབ་ལྡེག་ཅིང་ཧཱུྃ་ཧཱུྃ་གི་སྐན་སྒྲ་བརྡབས་པས་ཀླུ་དང་རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་འབོག་ཅིང་བརྒྱལ་བ། །བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་ན་བཞུགས་པའོ། །བདག་གི་ཐུགས་ཀ་ནས་ཁྲོཾ་བཞི་འཕྲོས། །རྩིབས་ནང་མ་བཞིའི་སྟེང་


LT32_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁོད་པ་ལས། ཤར་དུ་ཐུགས་ཀྱི་བྱ་ཁྱུང་དཀར་པོ་དུང་གི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་རྒྱལ་རིགས་དཀར་པོ་ཟ་བ། རྡོ་རྗེས་སྤྱི་བོར་བརྒྱན་པའོ། །ལྷོར་ཡོན་ཏན་གྱི་བྱ་ཁྱུང་སེར་པོ་གསེར་གྱི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་བྲམ་ཟེ་དམར་ཁྲ་ཟ་བ། རིན་པོ་ཆེས་དབུ་བརྒྱན་པའོ། །ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ་བྱེ་རུའི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་རྗེའུ་རིགས་སེར་པོ་ཟ་བ། པདྨས་སྤྱི་བོར་བརྒྱན་པའོ། །བྱང་དུ་ཕྲིན་ལས་ཀྱི་བྱ་ཁྱུང་ལྗང་གུ་གཡུའི་མཆུ་སྡེར་ཅན། མེའི་གཤོག་པ་རྡེབ་པ། སྦྲུལ་རྨོངས་རིགས་སྔོན་པོ་ཟ་བ། རྡོ་རྗེ་རྒྱ་གྲམ་གྱིས་སྤྱི་བོར་བརྒྱན་པའོ། །སླར་རང་གི་ཐུགས་ལས་ཧཱུྃ་བཅུ་འཕྲོས། རྩིབས་བཅུའི་སྟེང་དུ་འཁོད། ཡོངས་སུ་གྱུར་པ་ལས་ཤར་གྱི་རྩིབས་དང་པོར། ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་དཀར་པོ་མདའ་གཞུ་འགེངས་པ། ཤར་རྩིབས་གཉིས་པར་རྣམ་རྒྱལ་སྔོན་པོ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ། ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། ལྷོར་གཤིན་རྗེ་གཤེད་སེར་ནག་བེ་ཅོན་དང་སྡིགས་མཛུབ་མཛད་པ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ་མཐིང་ནག་སྟྭ་མོ་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་རྟ་མགྲིན་དབང་ཆེན་རལ་གྲི་དང་ལྕགས་སྒྲོག་བསྡམ་པ། ནུབ་


LT32_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་འདོད་པའི་རྒྱལ་པོ་མཐིང་སྐྱ་རྡོ་རྗེ་དང་གྷནྡྷ་བསྣམས་པ། བྱང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་ཁ་ཊྭཱྃ་དང་རྒྱུ་ཞགས་འཛིན་པ། བྱང་ཤར་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟྭ་རེ་དང་གཡོན་ཐོད་དབྱུག་འཛིན་པ། ཀུན་ཀྱང་གཤོག་པ་དང་ཞིང་གཡང་སྟག་ཤམ་སོགས་ཁྲོ་བོའི་ཆ་ལུགས་རྫོགས་པའོ། །སྒོ་བཞིར་བྲག་བཞིའི་སྟེང་དུ། ཤར་དུ་སྒོ་མ་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཕག་གདོང་མ་ནག་མོ་ཞགས་པ་གདེངས་པ། ནུབ་ཏུ་སེང་གདོང་མ་ནག་མོ་ལྕགས་སྒྲོག་བསྣམས་པ། བྱང་དུ་སྦྱང་གདོང་མ་ལྗང་གུ་དྲིལ་བུ་འཁྲོལ་བའོ། །མཚམས་ཀྱི་མེ་ཏོག་ཕྲེང་བ་ལ་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པས་གཏམ་པ། བདག་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ། །མཐིང་ནག་ཁྲོ་ཞིང་གཏུམ་པ་འོད་དུ་འབར་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག། དེའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བ། །ཧཱུྃ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་སྐད་ཅིག་གིས་སྤྱན་དྲངས། ཧཱུྃ། ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྤྲུལ་པའི་སྐུ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན། །བཅོམ་


LT32_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཐུ་སྟོབས་བདག་པོ་གཤེགས་སུ་གསོལ། །ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང་། །འབར་བ་ཆེ་མཆོག་ཁྲོ་རྒྱལ་ཀུན་གྱི་གཙོ། །ལྷག་པའི་ལྷ་མཆོག་འབར་བའི་གར་དགུ་ལྡན། །དངོས་གྲུབ་མྱུར་དུ་སྩོལ་མཛད་གཤེགས་སུ་གསོལ། །ཀླུ་གཉན་ས་བདག་གདུག་པའི་ཚོགས་རྣམས་དང་། །སྡེ་བརྒྱད་འབྱུང་པོ་བགེགས་སོགས་འདུལ་མཛད་པ། །མ་རུངས་འདུལ་བར་མཛད་པའི་ཕྲིན་ལས་བདག །གཏུམ་ཆེན་ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །བཛྲ་པཱ་ི་ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡེ་སྟཾྭཿ པདྨའི་ཕྱག་རྒྱ་བྱས་ལ། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་། །དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་འདིར། །མཐུ་སྟོབས་རྫུ་འཕྲུལ། །ཐུགས་རྗེའི་བདག །བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ། །ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན། ཧཱུྃ། ཆོས་དབྱིངས་རྣམ་པར་དག་པའི་ཀློང་། །གསང་སྔགས་རིགས་སྔགས་ཀུན་གྱི་བདག །ཐུགས་རྗེའི་མཛད་ཕྲིན་བསམ་མི་ཁྱབ། །ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛཧོཿ ཧཱུྃ། གསང་བདག་ཁྲོ་རྒྱལ་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སིལ་སྙན་མཆོད་སྤྲིན་གཏིབས། །གཟུགས་སྒྲ་དྲི་རོ་ལ་སོགས་པ། །མཆོད་པའི་ལྷ་མོ་བཅུ་དྲུག་གིས། །


LT32_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གང་བའི་ཕྱག་རྒྱ་བསྒྱུར། །ཨ་ལ་ལ་སྟེ་མཆོད་པ་བཞེས། །བཛྲ་པུཥྤེ་ནས། ཤབྟ་མ་ཧཱ་སརྦ་པཉྩ་ཨོཾ་ཨཱཿཧཱུྃ། དེ་ནས་བསྙེན་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། །དགྲ་བགེགས་གདུག་པ་ཅན་ཚར་བཅད། རྒྱལ་བ་རྣམས་ཀྱི་མཐུ་སྟོབས་བྱིན་རླབས་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། མཐུ་སྟོབས་ནུས་པའི་རྩལ་རྒྱས། གཟི་བརྗིད་དཔལ་དུ་འབར། རྒྱལ་བ་ཐམས་ཅད་དང་གསང་བའི་བདག་པོའི་བྱིན་རླབས་ནུས་སྟོབས་ཐམས་ཅད་རང་ལ་རྫོགས་པར་གྱུར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་་ཧཱུྃ་ཕཊ། ཞེས་ཅི་འགྲུབ་བཟླ། ཐུན་མཐར་ལས་སྦྱོར་གྱི་ཚུལ་དུ། ཁྱུང་རིགས་ལྔ་ཡིས་རང་སྔགས་ཏི་རི་རི་བཟླས་པས་ཀླུ་དང་རྒྱལ་བསེན་ཐམས་ཅད་འབོགས་བརྒྱལ་ཐུལ་ཐུལ་སོང་བར་གྱུར། ཨོཾ་ཁྲོཾ་གྷ་རུ་་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། བདུད་ཏྲི་མཱ་ར་ཡ་རྦད། ཅེས་དང་། དམིགས་པ་དེ་ཉིད་ཁྲོ་བཅུ་ལ་སྦོས་ཏེ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ། ཀརྨ་རཾ་རཾ། ཛྭ་ལ་རཾ་ཧཱུྃ་ཕཊ། ཞེས་དྲག་སྔགས་ཁྲོ་འདུས་ཆེན་མོ་སྟེ་དེ་གཉིས་གཙོ་བོའི་བཞི་ཆ་ཙམ་བཟླ། གོང་བསྙེན་ལ་རྟགས་དང་ནུས་པ་ཐོན་ནས་ཀླུ་དང་ས་བདག་འདུལ་བར་འདོང་ན། སྔགས་སུམ་སྦྲེལ་ཤམ་དུ། ཨོཾ་ནཱ་ག་དུ་ཙན་དེ་ཙན་དེ། མི་ལི་མི་ལི། བྷནྡྷ་བྷནྡྷ། ནཱ་ག་ནི་


LT32_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། གདོན་བགེགས་འདུལ་ན་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་རྣིྲ་ཏྲི་རྦད། ཨེ་ཧུར་ཐུམ་ཛཿ མཱ་ར་ཡ་ཕཊ། ཞེས་བཏགས་པ་བཟླ་སྟེ་དམིགས་བསལ་དགོས་པ་ཡོད་ནམ་གཏོགས་རྒྱུན་བཟླས་ལ་དེ་གཉིས་མི་བྱའོ། །མཐར། ཡེ་ཤེས་ལྷ་ཚོགས༴ སོགས་ཀྱིས་སྟོང་ཚིགས་སྤྱི་ལྟར་འབུལ་ལ་བསྟོད་པ་ནི། ཧཱུྃ། དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །ཐུགས་རྗེའི་དབྱིངས་ལས་ཁྲོས་པའི་སྐུ་མཆོག་ནི། །དུས་གསུམ་བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །ཁྲོས་པའི་སྡང་མིག་སྤྱན་དགུ་ཕྱོགས་བཅུར་བགྲད། །དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་བཀླུབས། །སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །རྡོ་རྗེ་རལ་གྲི་འཁོར་ལོ་འབར་བ་དང་། །སྡིགས་མཛུབ་དྲིལ་བུ་སྦྲུལ་ཞགས་འཆིངས་བར་མཛད། །ཕྱག་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་རབ་ཏུ་སྒྲོགས། །བདུད་དང་འབྱུང་པོ་ཀླུ་རྣམས་འདུལ་མཛད་ཅིང་། །རྒྱལ་བ་ཀུན་གྱི་གསང་བའི་མངའ་དབང་བསྐུར། །མཐུ་སྟོབས་རྩལ་ཆེན་རྫོགས་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྱུང་རིགས་ལྔ། །གནམ་ལྕགས་མཆུ་སྡེར་གདེངས་ཤིང་མེ་གཤོག་རྡེབ། །ཀྲང་ཀྲིང་སྒྲ་


LT32_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་ཀླུ་བདུད་ཟས་སུ་ཟ། །འཇིགས་བྱེད་དྲག་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །རང་བྱུང་སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་བཅུ། །སྒེག་པ་རྔམས་དང་ཟ་བྱེད་འཇིགས་པར་བྱེད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །བགེགས་དཔུང་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད། །སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཆེན་པོ་བཞི། །འཛིན་བཅིངས་བསྡོམས་རྡེག་ཕྲིན་ལས་རྣམ་བཞི་མཛད། །ལྷག་པའི་ཁྲོ་བོ་མཐུ་སྟོབས་མངའ་བའི་བདག །བདུད་འདུལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། །མཐར་རྫོགས་རིམ་བསྒོམ་པ་ནི། སྣང་སྲིད་ཐམས་ཅད་འོད་སྔོན་པོའི་རྣམ་པར་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། །གཞལ་ཡས་ཁང་འཁོར་གཙོ་བོ་ཐུགས་སྲོག་ཧཱུྃ་གི་བར་དུ་འདུས། ཧཱུྃ་ཡང་གྱེན་རྫོགས་ནཱ་ད་ལ་ཐིམ། །དེ་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་སྙོམས་པར་ཞུགས་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བསྡུ། ཕཊ་ཕཊ་ཕཊ། སླར་རང་ཉིད་གསང་བདག་དམ་ཚིག་སེམས་དཔའི་རང་བཞིན་ཏུ་གྱུར། ཞེས་ལྡང་ལ་བསྔོ་སྨོན་བྱས་ནས་སྤྱོད་ལམ་ལ་འཇུག་གོ། །བསྙེན་སྒྲུབ་རྐང་ཚུགས་པའི་སྐབས་སུ་ངང་འདི་ཉིད་ཁྱེར་བདེའི་ལས་ཀྱི་བྱང་བུར་བཏང་བར་འདོད་ན། མདུན་བསྐྱེད་བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་པའི་ནང་དུ་གཙོ་འཁོར་ཡོངས་རྫོགས་བདག་བསྐྱེད་ཀྱི་ཚིག་རིས་གཅིག་གིས་རྣམ་པ་ཐ་དད་དུ་བསྐྱེད་ཅིང་། བཟླས་པའི་འཕྲོ་འདུ་དང་སྔོན་རྗེས་ཀྱི་བྱ་བ་རྣམས་གཏེར་གཞུང་ལྟར་བྱས་པས་


LT32_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཐུས་ཤིང་། ཚོགས་མཆོད་བྱ་བར་སྤྲོ་ན་དབང་ཆེན་གསང་འདུས་གཞུང་ལ་ཅུང་ཟད་ཁ་བསྒྱུར་བ་དང་། བསྙེན་སྒྲུབ་སྐབས་སོགས་གཏེར་སྲུང་མཆོད་པའང་རང་གཞུང་གྲུབ་ན་ཤིན་ཏུ་ལེགས་ལ། མ་འགྲུབ་ཚེ་གཏེར་བདག་སྤྱི་གཏོར་སྨིན་གླིང་ལུགས་ཙམ་ཅིས་ཀྱང་བྱའོ། །ཀླུ་གདོན་གཙོར་གྱུར་སྙིགས་དུས་ཀྱི། །གདུག་ཅན་གཉེན་པོ་ཡང་ཟབ་བཅུད། །སྐལ་ལྡན་ཀུན་གྱིས་དགྱེས་རོལ་ནས། །རྒྱལ་ཀུན་ཐུགས་ཀྱི་གསང་འཛིན་ཤོག །ཅེས་པའི་དེའང་ཐོས་བསམ་སྒོམ་གསུམ་ཀྱིས་སྤྱོད་པ་ལས་ནམ་ཡང་མི་གཡེལ་བ་དགེ་བཤེས་ཕན་བདེ་བཟང་པོའི་གསུང་གིས་བསྐུལ་ངོར། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཕུར་པ་ཡང་གསང་བླ་མེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ལག་ལེན།


LT32_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ཡང་གསང་བླ་མེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ལག་ལེན་བཞུགས་སོ།། །།


LT32_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་ལས་མཐའ་སྦྱིན་སྲེག་སྤྲོ་ན་དྲག་ལས་འབྲེལ་ཆེའི། མཁའ་དྲུང་པའི་སྒྲུབ་ཆེན་ལག་ལེན་ཏུ་ཕུར་པ་བཀའ་མ་ལུགས་ཀྱིས་ཁ་འགེངས་མཛད་པའི་འདོན་ཆ་ཟུར་ཕྱུང་ལྟར། སྒྲུབ་ཁང་གི་ཁྱམས་སོགས་གང་བདེར། རྡོ་རྗེ་སློབ་དཔོན་ས་གའི་སྟབས་ཀྱིས་ཞལ་ལྷོར་ཕྱོགས་པའི་མདུན་ཏུ། དུར་ཁྲོད་ཀྱིས་ལ་སྟེགས་བུ་ནག་པོ་ཟུར་གསུམ་ཞིང་མདའ་གང་། དཔངས་སོར་བཞི་པའི་སྟེང་། དཀར་དམར་མཐིང་པའི་གྲུ་གསུམ་སུམ་རིམ་གྱི་དབུས་དགྲ་གཟུགས་མགོ་ལྷོ་ནུབ་ཏུ་བསྟན་པ་བྲིས་པའི་སྙིང་གར་ཟན་ལིང་ཤ་དུམ་བཞག །དེ་སྟེང་ཚེར་ནག་སྐྱེར་ཚེར་སོགས་གཡོན་བསྐོར་དུ་མེ་ཚང་བཅས་དགུ་བརྩེགས་སམ་སུམ་བརྩེགས་བྱས་པའི་ཟུར་གསུམ་དུ་ཤིང་གསུམ་མཆེ་བའི་ཚུལ་དུ་བསླང་། དབུས་སུ་མེ་དར་དམར་པོ་བཙུགས། མེ་ཡོལ་གྱིས་མཚམས་ཕྱེས་པའི་སློབ་དཔོན་མདུན་ཏུ་རྡོར་དྲིལ། ཌཱ་མ་རུ། ཡུངས་ཐུན། གཡབ་དར། སྔོན་ནས་བྱིན་གྱིས་བརླབས་པའི་བསངས་ཆུ། འཐོར་གཡབ། དགངས་གཟར་བླུགས། ཕུར་བུ་སོགས་བསྒྲལ་ཆས་ཟློག་པའི་སྐབས་ལྟར་ཆ་ཚང་། ལྕགས་ཁང་ནང་དུ་ཤོག་ལིང་སྤྱི་མཚམས་དང་ཟན་ལིང་ཆེ་བ་གཅིག་ཤ་དུ་མ་བཅས། སློབ་དཔོན་གྱི་གཡས་སུ་སྟེགས་རིམ་གཉིས་པ་དང་རས་ནག་པོས་བཀབ་པའི་དང་པོར། གཙོ་


LT32_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བོར་དམར་གཏོར་ཟུར་གསུམ་ཆེ་བ་གཅིག་གི་གཡས་གཡོན་དམར་གཏོར་ལྔ་རེ་སྟེ་བཅུ། ཤ་ཁྲག་མེ་རིས་བརྒྱན་པ་ཤིང་ལེབ་ལྟ་བུར་ཕྲེང་ཚར་དུ་བཤམ། དེའི་གཡོས་གཡོན་སྨན་རཀ །སྟེགས་འོག་མར་ལྕགས་སྣོད་ཆེ་བ་གཉིས་ཀྱི་ནང་དུ་དམར་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་ལྔ་རེ་བཞག་པའི་མདུན་ཏུ་དྲག་མཆོད་ཆུ་གཉིས་ཉེར་སྤྱོད་འཛོམས་ན་སྦྱིན་སྲེག་གཞུང་གཞན་ནས་འབྱུང་བ་ལྟར་དངོས་སུ་བཤམས་དགོས་ཤིང་། མ་འཛོམས་ཚེ་ཟློག་པའི་བཅའ་གཞིའི་སྐབས་ལྟར་ཁྲག་གི་མཆོད་ཡོན་སོགས་ཆ་གཉིས་བཤམ། ཐམས་ཅད་དུག་ཁྲག་དུད་པས་ཁ་དོག་ནག་པོར་བསྒྱུར། གསེར་སྐྱེམས་བསྐུལ་བའི་དམར་གཏོར་ཡང་བཤམ། གཡོན་ཏུ་སྟེགས་ནག་པོའི་ཁར་བསྲེག་རྫས་ནི་ཡམས་ཤིང་སྐྱེར་ཚེར་སོགས་གཞི་གཤག་ཟུར་གསུམ་ཐེབ་ཆུང་གི་ཕྲ་སྦོམ་སོར་བཅུ་གཉིས་པ་སུམ་བརྒྱ་ཡན་གང་འབྱོར་ཁྲག་དང་རོ་སོལ་ཚྭ་ཆུས་བྱུགས་པ། འབྲང་འབྲང་ཞེས་པ་མར་ཁུལ་ཤ་ཁྲག་རུས་པ་ཚིལ་ཞག་རྐང་སོགས་བསྲེས་པ། ལྕགས་སྣོད་ཆེ་བ་གཅིག་ཏུ་ཏིལ་དང་བྲ་སྲན་སོགས་འབྲུ་ནག །ཐང་ཕྲོམ་འབྲས་བུ་བཙན་དུ་གསོགས་དུག་རིགས། ནས་ནག་དང་སྲན་མའི་ཆན། །དུ།།།ཀུ་ཤ་དུམ་བུར་གཏུབ་པ། ལྕགས་ཟངས་རྦབ་རྡོའི་ཕྱེ་མ་ཀེ་ཚེ་ཤང་ཚེ་སོགས་ཐུན་རྫས། སྤངས་


LT32_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་གྱི་ཕྱེ་མ་བཅས་ཕྱོགས་གཅིག་ཏུ་བསྲེས་ལ་ཤ་ཁྲག་ལན་ཚས་སྦོལ་བ་བཤམ། དཔལ་འབར། རླུང་གཡབ་སོགས་ཉེར་མཁོའི་ཆས་རྣམས་ཚོགས་པར་བྱས་ཏེ། དཔོོན་སློབ་རྣམས་གདན་ལ་འཁོད། བཟློག་གཞུང་བསྒྲལ་ལས་ཀྱིས་དབར། ན་མོ་ཆོས་ཉིད་ཀྱི་བདེན་པའོ། །ནས། ཕཊ་ཕཊ་ཕཊ། བར། རོལ་འབེབས་དང་སུམ་བརྡུང་། ཚིག་རྔས་སྒྲུབ་ཁོག་གི་གསེར་སྐྱེམས། ཀྱེ། བདག་ནི་མ་ཉེས་ནས། གྲུབ་པར་མཛོད་ཀྱི་མཐར་རོལ་འབེབས་འོག་ལས་རྡོར་པས་གསེར་སྐྱེམས་མཆོད། ༡༢༣ གྱིས་བཞག །མེ་ཐབ་ལ་ཁྲག་ཆང་བླན། ན་མོ། །རིག་འཛིན་གྲུབ་ཐོབ། སོགས། འགུགས་གཞུག་ལན་གསུམ། རོལ་མོ་རྐང་གླིང་གཡབ་དྲིལ་བཅས་སྤྱི་འགྲེ་བྱ། དཔལ་འབར་སྒྲོན་ལ་བསངས་ཆུ་བྲན། ཨོཾ་བཛྲ་ཛྭ་ལ་རཾ། ལན་གསུམ་གྱིས་མེ་ཐབ་ལ་གཡོན་བསྐོར་གསུམ་བཅས་ཤར་ལྷོ་ནས་སྦར། རོལ་མོ་འབེབས་དང་སུམ་བརྡུང་། ཚིག་རྔས་ཧཱུྃ། དུས་གསུམ་སངས་རྒྱས་ནས། ཧཱུྃ་ཕཊ་མཐར་འབེབས་འོག་ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་གྱིས་བགེགས་བསྐྲད་ལ། ༡༢༣ གྱིས་བཞག །སློབ་དཔོན་གྱིས་བསངས་ཆུ་གཡོན་བསྐོར་འཐོར། །ཨོཾ་སྭ་བྷཱ་ཝ་ནས། ཤབྡའི་མཐར་རོལ་འབེབས་དང་བཞག །ཨོཾ་བཛྲ་ཛྭ་ལ་རཾ། ལན་གསུམ་ལ་མར་ཁུ་དགང་བླུགས་གསུམ་འབུལ།


LT32_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྦོ་ཊ་ཧཱུྃ་ཕཊ། འབེབས་དང་སུམ་བརྡུང་ཚིག་རྔས། ཧཱུྃ་ཡེ་ཤེས་ཕུར་བུ་ནས། དངོས་གྲུབ་སྩོལ༔མཐར་འབེབས་ཀྱིས་བཞག །ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། སྤྲུལ་པ་དྲེད་དང་བྱི་ལའི་མགོ་ཅན་གྱིས་ཕྱག་ཚང་བྱེད་པར་གྱུར། ཨོཾ་བཛྲ་ཀཱི་ལི་སོགས་ཀྱིས་འབྲང་འབྲང་གཙོ་བོ་ལ་གསུམ། ཁྲོ་བཅུ་ལ་རེ་རེ་འབུལ། ཧཱུྃ་ནག་ཅིང་རྩུབ་པ་དང་སོགས་འདོན་བྱ་དང་སྤྲད་ནས་ལས་རྡོར་བས་ཆུ་གཉིས་ཉེར་སྦྱོང་སློབ་དཔོན་གྱི་དགང་གཟར་དུ་ཕུལ་ལ་ཐབ་ཏུ་མཆོད། ཤབྡ་ལ་རོལ་འབེབས་བཞག །གཙོ་བོ་ཁྲོ་བཅུ་བཅས་པའི་སྔགས་ལ་སྨན་རཀ་གཏོར་གསུམ་མཆོད་སྔགས་རེ་རེ་བཞིན་བཏགས་པ་ལན་བཅུ་གཅིག་རེས་སྨན་རཀ་གཏོར་གསུམ་སོ་སོར་སློབ་དཔོན་གྱི་བླུགས་གཟར་དུ་ལས་རྡོར་པས་ཕུལ་ལ་བསྲེག །སྨན་རཀ་ལྷག་མ་ཅུང་ཟད་རེ་བཞག་མཐར་སུམ་བརྡུང་ལན་ཆུང་ཚིག་རྔས། ཧཱུྃ། གཏུམ་ཆེན་ནས། གཡེང་བ་ཆེ་ཧོཿ འབེབས་མཐར་བཞག །ན་མོ་རིག་འཛིན་གྲུབ་ཐོབ་སོགས་འགུགས་གཞུག་ལན་གསུམ། བསྐུལ་བྱང་ལེའུ་དང་པོར། ལྷ་དབྱེ་ནས་རྡུལ་བརླག་པར་ལས་ཟློག་པའི་སྐབས་ལྟར་བྱ། ཞལ་བསྟབས་མི་དགོས། ཤོག་ལིང་དང་ཟན་ལིང་དུམ་བུ་མང་པོར་གཏུབ་པ་བསྲེག་རྫས་སུ་བསྲེ། རྡུལ་བརླག་མཐར་འབེབས་དང་སུམ་བརྡུང་གིས་


LT32_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་གཞུང་། ཧཱུྃ་དམ་ཚིག་ཆེན་པོ་ནས། བསྒྲལ་དུ་གསོལ་མཐར་འབེབས་ཀྱིས་བཞག །ལས་རྡོར་པས། ཡམ་ཤིང་དང་བསྲེག་རྫས་ཐམས་ཅད་ཚོ་གཉིས་སུ་བགོས་པའི་ཕྱེད་སློབ་དཔོན་ལ་ཕུལ། སྔགས་གྲངས་གཙོ་བོ་ལ་སུམ་བརྒྱ་བྱེད་ཚེ། ཁྲོ་བོ་བཅུ་རེ་རེ་དེའི་བཅུ་ཆ་སུམ་ཅུ་རེ་དང་། དམ་ཅན་ལ་བདུན་རེ་ཕུལ། གཙོ་བོའི་གྲངས་ཐེམ་ནས་སྔགས་གོང་ལྟར་འབྲང་འབྲང་ཉེར་གཅིག་ཕུལ། རྔ་ཚིག་སྔོན་ལྟར་གྱིས་དམ་ཚིག་ཆེན་པོ་སོགས། བསྲེག་རྫས་ལྷག་ཆ་བཞིར་བགོས་པའི་ཆ་གསུམ་ཁྲོ་བཅུ་ལ་ཕུལ། མཐར་འབྲང་འབྲང་གསུམ་རེ། ལྷག་ཆ་གཅིག་གཡས་ཀྱི་དམར་གཏོར་ཚོ་གཉིས་ལ་བླུགས་ཏེ་སྔར་གྱི་སྨན་རཀ་ལྷག་མས་བྲན། ཁྲོ་བཅུ་གྲངས་ཐེམ་ནས་དམར་གཏོར་ཚོ་གཅིག་ཀ་ཏང་ཀ་ཡེ་སོགས་ཚར་བདུན་བརྗོད་ཚེ་ལས་རྡོར་བས་སློབ་དཔོན་གྱི་བླུགས་གཟར་དུ་བཞག་ནས་ཕུལ་བསྔར་བཞིན། ཡང་དམར་གཏོར་ཚོ་གཅིག །མ་མ་པ་ཤམ་ཀུ་རུ་སོགས་གྲངས་དང་འདུལ་ལུགས་དེ་མཚུངས། སྔགས་དེ་གཉིས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་རེ་རེས་འབྲང་འབྲང་འབུལ། ཧཱུྃ་ནག་ཅིང་རྩུབ་པ་སོགས་ཀྱིས་དྲག་མཆོད་ཆ་གཅིག་སྔར་ལྟར་འབུལ། །ཤབྡ་ལ་རོལ་མོ་འབེབས་མཐར་སུམ་བརྡུང་ཚིག་རྔས། ཧཱུྃ་ཐམས་ཅད་ངོ་བོ་ནས། ཕྱག་འཚལ་ལོ༔ མཐར་འབེབས་


LT32_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཞག་ལ་ཐལ་སྦྱར་བཅས། ཧོ་དགོངས་སུ་གསོལ་ལོ། །སོགས། བརླག་པར་མཛད་དུ་གསོལ་ལ་ཐལ་རྡེབ་ལན་གསུམ། དྲིལ་སིལ་བཅས་ཡིག་བརྒྱ་ལན་གསུམ། དགེ་བ་བསྔོ། བཛྲ་མུཿཡེ་ཤེས་པ་རྟེན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། བགེག་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དག །སོགས། འབྱུང་པོ་གང་དག་འདིར་ནི་རྒྱལ་བ་སོགས་བརྗོད་ལ་གྲོལ། མེ་རོ་ལང་སྐབས་ཡོད་ཀྱང་མི་བཞག་པར་དུག་ཆུས་བསད་ལ་ཐལ་བ་ལམ་མདོར་རླུང་ལ་བསྐུར་བར་བྱའོ། །རང་གླིང་རང་གཞུང་དུ་སྦྱིན་སྲེག་འདོན་ཆ་མི་འབྱུང་ཡང་། རྒྱུད་ནས་བསྲེག་པའི་ལས་མཐའ་གསུངས་པའི་དོན་དང་འབྲེལ་བར། ལས་བཞིའི་ཁ་སྐོང་དུ། སྒྱུ་འཕྲུལ་དང་། ཇོ་མོ་ལུགས་སོགས་བཀའ་གཏེར་རྙིང་མའི་ལུགས་སྲོལ་ཁུངས་ཐུབ་རྗེ་མཁར་དྲུང་བས་སྒྲུབ་ཆེན་གྱི་ཁ་ཚར་ཆོག་བསྒྲིགས་མཛད་པ་ཉིད་ཀོང་སྤྲུལ་པས་གུད་དུ་བཀོལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་བཀླགས་ཆོག་ཏུ་བསྡེབས་པ་ཡིད་གཉིས་རང་གྲོལ།


LT32_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་བཀླགས་ཆོག་ཏུ་བསྡེབས་པ་ཡིད་གཉིས་རང་གྲོལ་ཞེས་བྱ་བ་བཞུགས་སོ། །


LT32_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ཡི། །སྐུ་དང་ཞིང་ཁམས་རང་བྱུང་རང་ཤར་བ། །གྲོལ་བ་བཞི་ལྡན་ཞི་དང་ཁྲོ་བོའི་སྐུ། །ཀློང་ཡང་ཐིག་ལེ་ཆེན་པོར་ཕྱག་འཚལ་ལོ། །རྒྱུད་ཀྱི་དགོངས་པ་པདྨའི་རྡོ་རྗེའི་ལུང་། །རང་བློས་མ་བཅོས་འཐད་ལྡན་ཡན་ལག་གིས། ལེགས་པར་བརྒྱན་པའི་བཀླག་ཆོག་ཏུ། །བཀོད་ལ་དམ་ཅན་སྲུང་མས་གནང་བ་སྩོལ། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་རིགས་དྲུག་གནས་འདྲེན་བྱ་བ་ལ་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ལས་བྱང་ཆེ་ཆུང་གང་ལ་བརྟེན་པའི་དཀྱིལ་འཁོར་གཏོར་མཆོད་སོགས་ལག་ལེན་ལྟར། རིགས་ལྔའི་བུམ་པ་བུམ་རྫས་ལྔ་ཚན་སོ་སོར་བླུགས་པ། །ལས་བུམ་བཅས་


LT32_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གམ། མ་འབྱོར་ན་རྣམ་བུམ་ལས་བུམ་གཉིས་སུ་བསྡུས་ཀྱང་རུང་ཙམ་ཡིན་ལ། དབང་རྒྱས་བསྡུས་གང་བསྐུར་གྱི་ཙཀླི། གསང་ཐོད། རིག་ཙཀ །ཤེལ་རྡོ་མེ་ལོང་སོགས་བཀོད། དཀྱིལ་འཁོར་ལྷོ་སྒོར་ཚེ་འདས་ཀྱི་གཟུགས་ལ་ནྲྀ་ཡིག་གདན་གྱི་སྟེང་དུ་བྲིས་པའི་སྟེང་དུ་གདུགས། གཡས་གཡོན་དར་འཕན། རྒྱབ་ངོས་སུ་སྙིང་པོ་དང་ཡིག་བརྒྱ་སོགས་ཀྱི་མཐར། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་དུས་ལས་འདས་པཆྒཾ་མོ་ཞེས་བྱ་བ་སྐྱབས་གནས་དཀོན་མཆོག་གསུམ་དང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་ལ་སྐྱབས་སུ་མཆིའོ། །འཁོར་བ་དང་ངན་སོང་བར་དོའི་འཇིགས་པ་ཆེན་པོ་ལས་སྐྱོབ་ཏུ་གསོལ། ཞེས་བྲིས་པའི་མཚན་བྱང་


LT32_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུག་རྒོད་ཚིགས་གསུམ་པ་ལ་མེ་ལོང་དང་ལྷན་ཅིག་བཏགས་པ་རས་དཀར་གྲུ་བཞིའི་སྟེང་དུ་བཞག །རིགས་དྲུག་དཀྱིལ་འཁོར་ཐུབ་དྲུག་སྐུ། བགེགས་གཏོར་བདུན། འབྱུང་བཞིའི་སྦྱོང་ཆས། ཟས་བསྔོ། བྱེ་ཡུངས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱ། དེ་ནས་ལས་བྱང་ཆེ་ཆུང་གང་བཏང་ཡང་བློ་རང་ཀྱིས་བདག་མདུན་བུམ་གསུམ་དབྱེར་མེད་རང་བྱུང་ལྷུན་གྲུབ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ཆེན་པོར་གསལ་གདབ་པ་ནི་གཞུང་གི་དགོངས་པ་དངོས་ཡིན་ལ། འབྲིང་རྣམས་ཀྱིས་ཐོག་མར་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་མགོར་སླེབས་པ་ན། བྷྲཱུྃྃ་བི་ཤྭ་བི་ཤུངྡྷེ་མཎྜ་ལ། བོ་དྷི་ཙིཏྟ་སོགས་ཀྱི་མཐར། ཕཊ་ཛཿབཏགས་པས་ཛབ་ཁང་དབྱེ། བདག་མདུན་གཉིས་ཀའི་ཟུགས་ཕྲོག་དང་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་ལ་དམིགས་པའི་བཟླས་པ་ཅི་འགྲུབ་མཐར། ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ལས་གསུངས་པའི་རིགས་ལྔའི་ས་བོན། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དང་རིགས་དྲུག་སྐྱེ་སྒོ་གཅོད་པའི་སྔགས། ཨོཾ་ཨ་བྷྱ་རྒྱ་ཏཾ་ཀཾ། ཆྒཻའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་ཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། ངན་སོང་དོང་སྤྲུགས་ཀྱི་སྔགས། མ་མ་ཀོ་ལིང་ས་མནྟ། །ཆྒཻའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི་ཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་མི་འགྲུབ་བཟླ་ཞིང་བྱེ་མལ་ཕུས་


LT32_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་མའི་མཚོལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཅེས་བུམ་པར་ཞི་ཁྲོའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་གདབ། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་།ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུ་དབྱེར་མེད་རོ་གཅིག་གྱུར། ཅེས་དམིགས་ལ་སྙིང་པོ་ཅི་འཐུབ་བཟླ། སྟོང་ཚིགས་མཆོད་བསྟོད་ཕུལ། སྡེ་བདུན། བརྒྱ་ཕྱག །འགྲུབ་ན་རྒྱུད་ནས་གསུངས་པའི་རིགས་ལྔའི་ཡིག་བརྒྱའམ། མི་འགྲུབ་ན་རྡོར་སེམས་ཡིག་བརྒྱའི་བསྒོམ་བཟླས། ཀློང་བཤགས་རྣམས་མཐར་ཆགས་སུ་བཏང་ནས་ལས་བུམ་བསྒྲུག་སྐོང་ཆོག་དང་སྦྲེལ་བའི་ཚོགས་མཆོད་བཏང་། ཚོགས་ལ་མ་རོལ་བའི་གོང་དུ་གནས་འདྲེན་བྱ་བ་གཞུང་དོན་ཡིན་ཀྱང་། དེང་སང་ལག་ལེན་སླ་ཐབས་སུ། ཀློང་བཤགས་རྗེས་བྱང་གཏེར་ལྟ་བུའི་སྐོང་ཆོག་བསྡུས་པ་བཏང་། ལས་བུམ་བསྒྲུབ་ཅིང་རིགས་པའི་མེ་ཏོག་དོར་བའམ་པད་གླིང་ལུགས་ཀྱི་དབང་ལེན་བྱ། གནང་བ་ནོད་ནས་གནས་འདྲེན་ལ་འཇུག་པར་སྣང་ངོ། །གཉིས་པ་དངོས་གཞིའི་གནས་འདྲེན་ལ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་


LT32_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སམ་སློབ་དཔོན་གྱི་མདུན་ཏུ་རིགས་དྲུག་གི་དཀྱིལ་འཁོར་དང་ཐུབ་དུག་གི་སྐུ་བཀོད། མཚན་བྱང་གདན་ཏུ་བཞག་པ་སོགས་ཆས་རྣམས་ཚོགས་པར་བྱས་ལ། ཐོག་མར་ར་མདའ་སྦྲན་བ་ནི་ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ༔ འགྲོ་བའི་སྐྱབས་སུ་གྱུར་པ་རྣམས་ཐུགས་རྗེའི་དབང་གིས་གནས་འདིར་བྱོན་ཅིག༔དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་འདི་ནི་འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ༔ འཇིག་རྟེན་འདི་ནི་བོར༔ སྐྱེས་ཆེན་པོ་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ འགྲོ་བ་གཞན་ཏུ་ནི་འགྲོ༔ མུན་ནག་འཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ན་ལྟུང་༔ ༔


LT32_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཁྲོད་འཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དད༔ དགོན་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོས་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བདས༔ ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ༔ གཡུལ་ངོ་ཆེན་པོར་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེའི་ཕོ་ཉ་ལ་ནི་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་པ་ན་ཡང་སྲིད་པ་ལ་ནི་འཇུག༔ དབང་ནི་མེད༔ གཅིག་པུར་འགྲོ་དགོས་པའི་དུས་ལ་བབས་ན༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་ཆེ་གེ་སྐྱབས་མེད་པ་རྣམས་ལ་སྐྱབས་མཛོད་ཅིག༔ མགོན་མེད་པ་རྣམས་ལ་མགོན་མཛོད་ཅིག༔ དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་ཟློག་ཅིག༔ གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཐུགས་རྗེ་མ་ཆུང་ཞིག༔ རབ་མདའ་མཛོད་ཅིག༔ ངན་སོང་གསུམ་དུ་མ་བཏང་ཞིག༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག༔ སངས་རྒྱས་དང་བྱང་ཆུབ་སེམས་


LT32_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་ཀྱིས་ཆེ་གེ་མོ་འདི་ལ་ཐུགས་རྗེ་དང་ནུས་པ་མ་ཆུང་ཞིག༔ ཐུགས་རྗེས་ཟུངས་ཤིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ཚིག་རྗེས་ལ་ལན་གསུམ་བྱ། དེ་ནས་གཏེར་གཞུང་ལས་ས་བཅད་བཅུར་གསུངས་པའི་དང་པོ་གཤེད་དང་བྲལ་བ་ལའང་། ཐོག་མར་རྟེན་བསྐྱེད་པ་ནི། མཚན་བྱང་ལས་བུམ་ཆུས་བྲན་ལ། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨུཙྪ་ཊ་ཡ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་ཡི་གེ་ནྀྲ་ཡིག་ལས་ཚེ་འདས་དེ་ཉིད་གསོན་པོའི་གནས་སྐབས་དང་འདྲ་བ་ལས་བཀྲག་མདངས་འོད་དང་ལྡན་པ། ཕྱག་ན་མེ་ཏོག་པདྨ་འདབ་བརྒྱད་བསྣམས་ནས་ཕྱོགས་བཅུའི་བླ་མ་དཀོན་མཆོག་ལ་སྐྱབས་ཞུ་བའི་འདུན་པ་མཛད་པར་གྱུར༔ རྣམ་ཤེས་འགུགས་པ་ནི། ཧཱུྃ། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔ རིགས་དྲུག་གང་ན་ཡོད་པའི་ས་དེ་ན༔ བདག་གིས་འོད་ཀྱིས་རེག་མ་ཐག་ཏུ་ནི༔ རྣམ་ཤེས་ནྀྲ་དེ་ཨ་དཀར་གཅིག་ཏུ་གྱུར༔ མདུན་ཏུ་བཀུག་ནས་མཚན་བྱང་རྟེན་ལ་བསྟིམ༔ ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་


LT32_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནྲི་ཡཾ་ཛཿབཛྲ་ཨཾ་ཀུ་ཤ་ཛཿ ཞེས་དང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་དང་བྱམས་སྙིང་རྗེ་བསྒོམ་ཞིང་། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པས༔ ཆེ་གེ་མོའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་དོ་གར་ཡོད་པའི་ས་ནས་མཚན་བྱང་འདི་ལ་ཁུག་ཅིག༔ ལན་གསུམ། ཚེ་འདས་ལུས་བརྗེས་རིག་ཀྱི་བུ་ཁྱོད་ཀྱང་༔ བྱམས་སྡུག་བརྩེ་བའི་གཉེན་བཤེས་གྲོགས་རྣམས་དང་༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོང་འཁོར་བའི་སྡུག་བསྔལ་སྐྱེད་པ་ཡི༔ སྐྱེ་གནས་བཞི་པོ་ལྟུང་བའི་སར་སྐྱེས་ཀྱང་༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔བརྩེ་གདུང་ཡིད་ལ་གཅགས་པའི་གཉེན་འབྲེལ་གྱིས༔དཀོན་མཆོག་


LT32_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སྐྱབས་གསོལ་མཐུ་རྩལ་དང་༔ སངས་རྒྱས་མཐུ་སྟོབས་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ སྔགས་འཆང་རྩེ་གཅིག་བསྒྲུབས་པའི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཡིས༔ ལུས་མེད་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང་༔ དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག༔ གཤེར་ཕྲལ་བ་ལ། གཏོར་མ་ཆང་བུ་མར་མེ་བཅས་པ་བཤམས། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ༔ཞེས་ལན་གསུམ་དང་། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་


LT32_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག༔ གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏེ་རེ། ས་དང་ལམ་ལ་བར་དུ་གཅོད་བྱེད་ཅིང་༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་བགེགས་ཚོགས་རྣམས༔ མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་དུ་དེངས༔ ཧཱུྃ། ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང་༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་སུ་མྲ་བྷ་ནི་སོགས་དྲག་ཏུ་བརྗོད་ཅིང་ཡུངས་ཐུན་འཐོར། མཚོན་ཆ་ལྔ་ཡི་གུར་དུ་གྱུར་ནས་


LT32_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དང་བགེགས་ཀྱིས་བསྐལ་བར་མི་མཐོང་བར་གྱུར༔ ཨོཾ་བཛྲ་ཏིཀྵ་་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཧཱུྃ༔ གྲི་ཁྲོལ་དགོས་པ་ཡིན་ན་ཐུགས་གསང་ལས་འབྱུང་བ་ལྟར་སྐབས་འདིར་སྦྱར་དཀྱུས་ལ་མི་དགོས། གཉིས་པ་རིགས་དྲུག་སོ་སོའི་གནས་ནས་འགུགས་པ་ནི། ཧཱུྃ། ཚེ་འདས་ལུས་བརྗེས་བར་དོའི་རྣམ་ཤེས་ཁྱོད༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ ༔ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་ཡིས༔ འོག་མིན་གནས་སུ་སངས་རྒྱས་སྐུར་བསྐྱེད་ཅིང་༔ ལུས་དང་སེམས་སུ་བྲལ་བའི་ཚེ་འདས་ཁྱོད༔ མིང་གཞིའི་ཕུང་པོ་ཐོགས་པ་མེད་པའི་ལུས༔ དངོས་པོ་གཟུགས་མེད་གནས་སུ་ཕྱིན་པ་སྟེ༔ རྒྱལ་བའི་འོད་ཟེར་ལྕགས་ཀྱུ་རྣོན་པོ་ཡིས༔ མི་ལུས་ཉམས་དགའི་གནས་སུ་འགུགས་བྱེད་པས༔ རེ་དོགས་མེད་པའི་སེམས་ཀྱིས་འདིར་ཤོག་ཅིག༔ ཨ་ནྀྲ་སུ་ཏྲི་པྲེ་དུམ་མ་ཨཾ་ཀུ་ཤ་ཛཿ ཞེས་བཀུག་ནས་བྱང་བུ་ཉེ་འབྲེལ་ལམ་ལས་རྡོར་གྱིས་བཏེགས་ལ། གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ་ནི། ཀྱེ་མ༔ དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ མི་ཡི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་༔ ལུས་ཀྱིས་འབྲེལ་བའི་འདུག་ས་འདི་ཡིན་


LT32_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ གསེར་བྱང་མིང་བྲིས་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེན༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང་༔ ལེབ་ཕྱིང་དཀར་པོ་འདི་ནི་འདུག་པའི་གདན༔ རྦ་སྨྱུག་ལྡེམ་པ་འདི་ནི་འཇུ་པའི་ཤིང་༔ ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་འཛུག་འདི་ལ་གནས་པར་གྱིས༔ ཚེ་ལས་འདས་པ་ཆེ་གེ་མོ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ བྱང་བུ་སློབ་དཔོན་གྱི་མདུན་ཏུ་ཕྱིང་དཀར་གྱི་གདན་ལ་བཞག །བཞི་པ་སྒྲིབ་སྦྱོང་དུག་ཞུས་བྱ་བའི་ཐོག་མར་ལག་ལེན་ལྟར་ལྷ་ཁྲུས་གསོལ་བ་ལ། ལས་རྡོར་གྱིས་དཀྱིལ་འཁོར་མདུན་ཁྲུས་ཀྱི་ཕྱག་ལེན་མཐོང་བརྒྱུད་ལྟར་བྱ་ཞིང་། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་སོགས་ཀྱིས་ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པའི་ལྷ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་སྐུ་ཁྲུས་གསོལ༔སྔགས་དང་། དེ་བཞིན་གཤེགས་པ་


LT32_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་སོགས་སོ་སོའི་བར་མཚམས་རྣམས་སུ་སྔགས་བཅས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་སྐུ་ཕྱི། དེ་ནས་དེ་ལ་སོགས་ཀྱིས་གོས་ཟུང་ཕུལ། དེ་ནས་ཁྲུས་ཆུ་ལས་བུམ་དུ་བླུགས་པ། སློབ་དཔོན་གྱིས་མཚན་བྱང་ལ་ཁྲུས་བྱ་ཞིང་། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱང་མཛད་པ༔ སྦྱིན་པ་ཉིད་ལ་ལེགས་འགོད་ཆུ༔ སྦྱིན་པའི་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པའི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ འདི་ནི་ཚུལ་ཁྲིམས་རང་བཞིན༴ འཆལ་བའི་དྲི་མ༴ ཚུལ་ཁྲིམས་ཉིད་ལ༴ ཚུལ་ཁྲིམས་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་སྔར་ལྟར་བརྗོད་པ་འགྲེ། འདི་ནི་བཟོད་པའི༴ ཁང་ཁྲོའི་དྲི་མ་སྦྱང་མཛད༴ བཟོད་པ་ཉིད་ལ༴ བཟོད་པའི་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་བརྗོད༴ འདི་ནི་བརྩོན་འགྲུས༴ ལེ་ལོའི་དྲི་མ༴ བརྩོན་འགྲུས་ཉིད་ལ་ལེགས་འགོད༴ བརྩོན་འགྲུས་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་དང་། འདི་ནི་བསམ་གཏན༴ གཡེང་བའི་དྲི་མ༴ བསམ་གཏན་ཉིད་ལ༴ །


LT32_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་དང་། འདི་ནི་ཤེས་རབ༴ གཏི་མུག་དྲི་མ༔ ཤེས་རབ་ཉིད་ལ༴ ཤེས་རབ་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་དང་། འདི་ནི་ཐབས་ཀྱི༴ ཐབས་ཀྱི་དྲི་མ༴ ཐབས་ཆེན་ཉིད་ལ༴ ཐབས་ཀྱི་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་དང་། འདི་ནི་སྟོབས་ཀྱི༴ སྟོབས་ཆེན་ཉིད་ལ༴ སྟོབས་ཀྱི་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་དང་། འདི་ནི་སྨོན་ལམ༴ སྨོན་ལམ་དྲི་མ༴ སྨོན་ལམ་ཉིད་ལ༴ སྨོན་ལམ་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་དང་། འདི་ནི་ཡེ་ཤེས༴ མི་ཤེས་དྲི་མ༴ ཡེ་ཤེས་ཉིད་ལ༴ ཡེ་ཤེས་ཆུ་ཡིས༴ ཁྲུས་ལེགས་མཛད་ལ༴ སྔགས་གོང་བཞིན་བརྗོད། དེ་ནས་ཀུ་ཤ་དང་རྨ་བྱའི་སྒྲོས་བྱབ་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ རྡོ་རྗེ་སེམས་དཔའ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་


LT32_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་དག་གིས༔ ཁྱོད་ཀྱི་ཞེ་སྡང་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག༔ འདོད་ཆགས་ཞེ་སྡང་གཏི་མུག༴ འདི་དག་འཇིག་རྟེན༴ རྣམ་པར་སྣང་མཛད་དུག་མི༴ སངས་རྒྱས་བདེན་པས༴ བདེན་པ་གང་གི༴ འཇིག་རྟེན་ཀུན་ཏུ༴ བདེན་པའི་མཆོག་ནི༴ ཁྱོད་ཀྱི་གཏི་མུག་དུག༴ རང་བཞིན་མེད་པར༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ རིན་ཆེན་འབྱུང་ལྡན་དུག་མི༴ སངས་རྒྱས་བདེན་པས༴ བདེན་པ་གང་གི༴ འཇིག་རྟེན་ཀུན་ཏུ༴ བདེན་པའི་མཆོག་ནི༴ ཁྱོད་ཀྱི་ང་རྒྱལ་དུག༴ རང་བཞིན་མེད་པར༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ སྣང་བ་མཐའ་ཡས་དུག་མི༴ སངས་རྒྱས་བདེན་པས༴ བདེན་པ་གང་གི༴ འཇིག་རྟེན་ཀུན་ཏུ༴ བདེན་པའི་མཆོག་ནི༴ ཁྱོད་ཀྱི་འདོད་ཆགས་དུག༴ རང་བཞིན་མེད་པར༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ དོན་ཡོད་གྲུབ་བདུག་མི༴ སངས་རྒྱས་བདེན་པས༴ བདེན་པ་གང་གི༴ འཇིག་རྟེན་ཀུན་ཏུ༴ བདེན་པའི་མཆོག་ནི༴ ཁྱོད་ཀྱི་ཕྲག་དོག་དུག༴ རང་བཞིན་མེད་


LT32_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་གྱུར་ཅིག༔ བསྡུས་པར་བྱེད་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན༴ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ བཅོམ་ལྡན་དམ་ཆོས་དུག་མི༴ དམ་ཆོས་བདེན་པས༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ བཅོམ་ལྡན་དགེ་འདུན་དུག་མི༴ དགེ་འདུན་བདེན་པས་དུག་བཅོམ་མོ༔ དེ་ནས་བྱེ་མས་བྲབ་ཅིང་། བདེན་པའི་བདེན་ཚིག་འདི་དག་གིས༔ ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ ཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་འདོད་ཆགས་དུག་ལས་བྱུང་༔ འདོད་ཆགས་འདི་ནི་དུག་གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ ཤིན་གང་བ་ནི་འབྱུང་རྡུལ་ཚོགས་པ་བརྟེན་པ་སྣོད༔ ཤིན་ཏུ་གང་བ་ནི་དེ་སྟེང་ཉོན་མོངས་པའི་སྲོག་ཞུགས་པ་ཡིན་ཅེས་གྲ་ལྔའི་འགྲེལ་པར་བཤད། མཆན། གང་དུག་དང་བཅས་པ་རྣམས༔ དེ་ཀུན་ཞེ་སྡང་དུག་ལས་བྱུང་༔ ཞེ་སྡང་དུག་ནི་དུག་གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ ཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་གཏི་མུག་དུག་ལས་བྱུང་༔ གཏི་མུག་འདི་ནི་དུག་


LT32_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ ཀཾ་ཀ་ནི་དང་པོ་དྷི་བརྗོད། མ་མ་ཀོ་ལིས་མནྟཿ ཚེ་ལས་འདས་པའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཞེས་བྲབ། དེ་ནས་འབྱུང་བཞིའི་དུག་སྦྱོང་བ་ནི། ས་ཆུ་མེ་རླུང་རྣམས་ཀྱིས་རིམ་བཞིན་བསྐོར་ཞིང་བྱ་བ་ལ། ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་ས་ཡི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ལ༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ ཆུ་ནི་དུག་གི་ཕ༴ ཆུ་ནི་དུག་གི་མ༴ བདེན་པའི་བདེན་ཚིག༴ དུག་རྣམས་ཆུ་ཡི༴ གང་བའི་སྣོད་དུ་དུག༴ ཁྱོད་ཀྱི་དུག་ནི༴ མེ་ནི་དུག་གི་བ༴ མེ་ནི་དུག་གི་མ༴ བདེན་པའི་བདེན་ཚིག༴ དུག་རྣམས་མེ་ཡི༴ གང་བའི་སྣོད་དུ་དུག༴ ཁྱོད་ཀྱི་དུག་ནི༴ རླུང་ནི་དུག་གི་ཕ༴ རླུང་ནི་དུག་གི་མ༴ བདེན་པའི་བདེན་ཚིག༴ དུགུ་རྣམས་རླུང་གི༴ གང་བའི་སྣོད་དུ་དུག༴ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ སངས་རྒྱས་རྣམས་ཀྱི་དུག་བཅོམ་པས༔ རྫོགས་སངས་རྒྱས་ལ་སྐྱབས་སུ་སོང་༔ དམ་ཆོས་རྣམས་


LT32_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དུག་བཅོམ་པས༔ དམ་ཆོས་རྣམས་ལ་སྐྱབས་སུ་སོང་༔ དགེ་འདུན་རྣམས་ཀྱིས་དུག་བཅོམ་པས༔ དགེ་འདུན་རྣམས་ལ་སྐྱབས་སུ་སོང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ ཡིག་བརྒྱ་དང་ཀཾ་ཀ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཨོཾ་ཨ་བྷྱ་རྒྱ་ཏཾ་ཀོ་ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་ཾ་ཀུ་རུ་སྭཱ་ཧཱཿཞེས་བྱམས་བྲབ་བོ།། ༈ །།དེ་ནས་ཆོས་བཤད་མདོར་བསྡུས་བྱེད་ན་སློབ་དཔོན་གྱིས། ཀྱེ་མ། ཚེ་འདས་ཁྱོད་ཉིད་གཅིག་པུར་ཤི་སྙམ་སྟེཿ ཐམས་ཅད་མི་རྟག་འཆི་བའི་ཆོས་ཅན་ཡིན༔ བར་དོར་འཁྱམས་པའི་རྣམ་ཤེས་རྟེན་མེད་ཁྱོད༔ བླ་མ་ལྷ་ལ་བག་ཆགས་དྲན་པར་གྱིས༔ ཐུགས་རྗེས་བཟུང་བའི་གནས་འདིར་མྱུར་དུ་ཤོག༔ དགའ་དང་གུས་པའི་བསམ་པ་རབ་ཏུ་སྐྱེད༔ དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས༔ བདག་འཛིན་འཁོར་བའི་རྩ་བ་རང་སར་གྲོལ༔ ཀྱེ་མ་ཁྱོད་ལ་ཆོས་ཉིད་བར་དོ་ཤར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་པ་སྤངས་བྱས་ནས༔ གང་


LT32_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་རང་སྣང་རེག་པ་ངོ་ཤེས་བྱ༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགག་ལ་ཐུག་པའི་དུས་ཚོད་འདིར༔ རང་སྣང་ཞི་ཁྲོའི་ཚོགས་ལ་འཇིགས་མི་བྱ༔ ཀྱེ་མ་ཁྱོད་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད༔ མངལ་སྒོ་བགག་ནས་རུ་ལོག་དྲན་པར་གྱིས༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་སྒོམས༔ སངས་རྒྱས་ཆོས་དང་དགེ་འདུན་དྲན་པར་གྱིས༔ བླ་མ་ཡི་དམ་ཏིང་འཛིན་དྲན་པར་གྱིས༔ དུག་ལྔ་སྤོངས་ལ་དགེ་བ་ཡིད་ལ་གྱིས༔ ཆོས་ཞུས་དབང་ཞུས་གསང་མཚན་དྲན་པར་གྱིས༔ སྒྲ་འོད་ཟེར་གསུམ་རང་སྣང་ངོ་ཤེས་མཛོད༔ སརྦ་དྷརྨ་ཀཱ་ཡ་ཨཿ ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་ཞིང་རིགས་དྲུག་གི་གནས་ནས་དྲང་བ་ལ། འགྱོད་ཚངས་ཀྱི་ལོ་རྒྱུས་བཤད་པ་གསུངས་པ་ལྟར་བརྒྱུད་པ་རྣམས་ཀྱི་ཕྱག་ལེན་ཏུ་འབྱུང་བས་མདོར་བསྡུས་ཙམ་སྨོས་ན། འོ། སྔོན་ཚེ་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བའི་སློབ་མ་རྒྱལ་པོའི་བུ་ལས་ངན་གྱི་དབང་གིས་ན་རག་གི་གནས་སུ་ལྟུང་བ་ལས༔


LT32_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་དང་ཀུན་རིགས་རྣམ་པར་སྣང་མཛད་གཉིས་ཀྱི་ཐུགས་ལས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་གཉིས་སུ་སྤྲུལ་ནས། དབང་བསྐུར་བ་དང་འགྱོད་ཚངས་བྱེད་དུ་བཅུག་ནས་རིག་འཛིན་གྱི་གྲལ་དུ་བཀོད་པ་དང་༔ ཡང་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་དུས་སུ༔ རྒྱལ་བུ་དགེ་མཐོང་ཞེས་བྱ་བ་སྡིག་པ་གྲངས་མ་མཆིས་པ་གཅིག་གིས་དཀོན་མཆོག་གསུམ་གྱི་སྤྱན་སྔར་མཐོལ་བཤགས་བྱས་ནས་སྡིག་པ་ལས་གྲོལ་བ་དང་༔ ཁྱད་པར་དུ་དཔལ་ཀུན་ཏུ་བཟང་པོས་རྣལ་འབྱོར་ཕོ་མོ་རྣམས་ལ་ཉམས་ཆགས་སྐོང་བའི་ཐབས་སུ་བསྟན་པའི་འགྱོད་ཚངས་ཀྱི་རྒྱལ་པོ་འདི་ལྟ་བུའི་དཀྱིལ་འཁོར་མཐོང་བ་དང་༔ ཆོས་དང་འཕྲད་པ་ནི་ཨུ་དུམྦ་རའི་མེ་ཏོག་དང་འདྲ་སྟེ་ཤིན་ཏུ་འབྱུང་བར་དཀའ༔ འདི་ལྟ་བུའི་སྒོར་ཞུགས་ན་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དཀྱིལ་འཁོར་མཐོང་བ་ཙམ་གྱིས་བྱང་ཞིང་དག་པར་འགྱུར་ཏེ༔ རྒྱུད་ལས། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་


LT32_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རག་ཆེན་པོར་མི་ལྟུང་ངོ་༔ ཞེས་སོགས་གསུངས་པའི་དོན་དེ་ལ་དགའ་སྤྲོ་ཁྱད་པར་ཅན་དང་ལྡན་པར་མཛོད་ལ་དད་གུས་ཆེན་པོ་སྐྱེད་ཅིང་གསོལ་འདེབས་ཀྱི་ཚིག་རྣམས་ལའང་རིམ་པར་རྗེས་ཟློས་གྱིས་ཤིག༔ ཀྱེ་མ། མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ། ཀྱེ་མ། ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡིས༔ ཕོ་ཉས་བཟུང་ནས་རིགས་དྲུག་གནས་ནས་དྲངས༔ དོན་འབྲས་འདོད་ཕྱིར་དད་པའ་ིཤུགས་སྐྱེད་ལ༔ འདྲན་པ་ཐུག་ཆེན་དྲུག་ལ་གསོལ་བ་ཐོབ༔ ཅེས་གདམས་ངག་བསྟན། དེ་ནས་དལ་དང་གླུད་སོགས་ལ་ཆབ་བྲན། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིགས་དྲུག་གི་དལ་རྣམས་རིགས་དྲུག་གི་གནས་དང་དབྱེར་མེད་པ། དེ་དག་གི་གཙོ་བོ་ཐུབ་པ་དྲུག་པོ་ཡང་དཀྱིལ་


LT32_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནང་གི་ཐུབ་དྲུག་དང་ཐ་དད་མེད་པ། ཕོ་བྲང་གི་དཀྱིལ་འཁོར་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་དབྱེར་མེད་པ། སློབ་དཔོན་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ལ་ཞི་ཁྲོའི་ལྷ་ཚོགས་ཡོངས་སུ་རྫོགས་པའི་ཐུགས་ཀ་ནས་འོད་ཟེར་ཛཿདམར་པོ་ཁ་བརྒྱད་པའི་སྣ་ལ་ལྕགས་ཀྱུས་མཚན་པས་ཚེ་འདིས་དེའི་སྙིང་ག་ནས་བཟུང་སྟེ་བྱམས་པ་དང་ལྡན་པས་སྐད་ཅིག་ཀྱང་འཆུག་དབང་མེད་པར་རིགས་དྲུག་གི་གནས་ནས་རིམ་པར་འདྲེན་པ། གླུད་གཏོར་འདོད་པའི་ཡོན་ཏན་སྣ་ཚོགས་པས་འཇིག་རྟེན་གང་བས་ལན་ཆགས་བུ་ལོན་སོད་ནུས་པའི་རང་བཞིན་ཏུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷར་སམྦྷ་ར་ཧཱུྃ༔ ལན་གསུམ་མམ་བདུན་གྱིས་བྱིན་བརླབ། མཚན་བྱང་དམྱལ་བའི་དལ་དུ་བཀོད། དམྱལ་བར་སྐྱེས་པ་དེས་གསོལ་བ་གདབ་པར་བསྒོམ་ལ། ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པ༔ ཞེ་སྡང་དྲག་པོའི་ལས་དབང་གིས༔ ན་རག་དམྱལ་བའི་གནས་སུ་སྐྱེས༔ བཙོ་བསྲེག་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་


LT32_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ལན་ཆགས་འཇལ་བ་ནི། ཧཱུྃ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་སྲོག་གི་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི༚་ཏ་ཁཱ་ཧཱིཿ གླུད་དེ་མཚན་བྱང་ལ་གཡས་གཡོན་ཏུ་བསྐོར་ཞིང་ཕྱིར་དོར། དེ་ནས་ལས་བུམ་ཐོགས་ལ་མེ་ལོང་ངོས་སུ་ཁྲུས་བྱས་ཏེ། འདི་ནི་བཟོད་པའི་རང་བཞིན་ཆུ༔ ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ༔ བྱམས་པ་ཆུ་ཡིས་ལེགས་བཀྲུས་པས༔ ཁོང་ཁྲོའི་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨ་བྷྱ་རྒྱ་ཏཾ་ཀེ༚། ཚེ་འདས་དམྱལ་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཅེས་པ་ཀྲུ་ཞིང་བྱེ་མས་བྲབ་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ རྡོ་རྗེ་སེམས་དཔའ་དུག་མི་མངའ༔ ཐུགས་མཆོག་རྡོ་རྗེས་དུག་བཅོམ་མོ༔ ཞེ་སྡང་སྒྲིབ་པ་དག་གྱུར་ཅིག༔ ཧཱུྃ་བཛྲཾ་དྷྲི་ཀྲ༔ མ་མ་ཀོ་ལི༚་ས་མནྟ༔ ཚེ་འདས་ཀྱི་དམྱལ་བའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི


LT32_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་སྭཱ་ཧཱ༔ བྱེ་མ་རྡོར་སེམས་ཞི་ཁྲོའི་འོད་ཟེར་མེ་ལྕེ་ལྟ་བུས་དམྱལ་བའི་ས་བོན་དུ༔ ནག་པོ་བསྲེགས་ནས་དངོས་མེད་དུ་སོང་བར་བསྒོམ། ཉེ་དུ་ཡོད་ན་དད་མེད་ན་ལས་རྡོར་གྱིས་ཕྱག་འཚལ་ལ། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ཞེ་སྡང་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་ཁྱད་པར་སྲོག་གཅོད་ཀྱིས༔ ན་རག་དམྱལ་བའི་གནས་སུ་སྐྱེ་སྲིད་པས༔ དེ་ལ་མགོན་དང་སྐྱབས་སུ་གྱུར་པ་ནི༔ དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ ཞེ་སྡང་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ བཟོད་པའི་ཆོས་ཐོབ་ཞེ་སྡང་རྣམ་པར་དག༔ དམྱལ་བའི་ཐུབ་པ་མེ་ཆུ་བསིལ་དྲོད་ཅན༔ དམྱལ་བ་ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ༔ ཆོས་ཀྱི་རྒྱལ་པོ་ཁྱེད་ལ་སྐྱབས་སུ་མཆི༔ བུམ་པ་དབུས་མ་ཐོགས་ལ། ཧཱུྃ། ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རག་སྡུག་བསྔལ་བྲལ་བར་ཤོག༔ ཧཱུྃ་བཛྲ་ས་ཏྭ་ས་མ་ཡ༔ སོགས་རྡོར་སེམས་


LT32_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ་དང་། བཛྲ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་རྩིས་བཀྲུས་པར་བསམ་ལ། བུམ་པ་མཚན་བྱང་སྤྱི་བོར་བཞག་ཚུལ་དང་བྱང་བུའི་གཟུགས་བརྙན་མེ་ལོང་དུ་འཆར་བ་ལ་ཁྲུས་བྱ་ཞིང་། ཨ་ཨ་ཨ༔ ཨ་ཨ་ཨ༔ ཨ་ཨ་ཨ༔ མེ་ཆུ་ཐོགས་ལ། ཧཱུྃ། ཚ་གྲང་སྐྱོབ་བྱེད་མེ་ཆུ་བ་སིལ་དྲོད་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ནར་ཀ་ཡི་སྡུག་བསྔལ་གྲོལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་ཕྱག་མཚན་གྱིས་དབང་བསྐུར་བ་འགྲེ། ཧཱུྃ། ས་འདི་བཅད་པ་མན་ཆད་ནི༔ ན་རག་དམྱལ་བའི་ས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཕྱིར༔ ཨེ་ཀ་ར་་བྷེ་ཙག་ཤ༔ དམྱལ་བའི་དལ་བསྡུས་ལ་རྡོ་རྗེས་ཕྱིར་ལམ་བཅད་ཚུལ་བྱ་བ་འགྲེའོ།། ༈ །།མཚན་བྱང་ཡི་དྭགས་ཀྱི་དལ་དུ་བཀོད༔ ཡི་དྭགས་སུ་སྐྱེས་པ་དེས་གསོལ་བ་གདབ་པར་མོས་ལ། ཀྱེ་མ་བདག་འདྲའི་སེམས་


LT32_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལས་ངན་པ༔ སེར་སྣ་དྲག་པོའི་ལས་དབང་གིས༔ པྲེ་ཏ་ཡི་དྭགས་གནས་སུ་སྐྱེས༔ བཀྲེས་སྐོམ་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ལན་ཆགས་འཇལ་བ་ནི། ཧཱུྃ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་རྐུ་འཕྲོག་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་ཀྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི༚་ཏ་ཁཱ་ཧི༔ གླུད་གཏོར་ཕྱིར་དོར། ལས་བུམ་ཐོགས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱང་མཛད་པ༔ སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་པས༔ སེར་སྣའི་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨ་བྷྱ་རྒྱ་ཏཾ་ཀེ༚༔ ཚེ་འདས་ཡི་དྭགས་ཀྱི་ལས་ངན་དང་བག་ཆགས་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཅེས་འགུ། བྱེ་མས་གྲབ་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྣང་བ་མཐའ་ཡས་


LT32_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དུག་མི་མངའ༔ གསུང་མཆོག་རྡོ་རྗེས་དུག་བཅོམ་མོ༔ འདོད་ཆགས་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་ཨ་རོ་ལིཀྲ༔ མ་མ་ཀོ་ལི༚་ས་མནྟ༔ ཚེ་འདས་ཡི་དྭགས་ཀྱི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱཧཱ༔ བྱེ་མ་སྣང་མཐའ་ཞི་ཁྲོའི་འོད་ཟེར་མེ་ལྕེ་ལྟ་བུས་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ་རང་བཞིན་མེད་པར་བསྲེགས་པར་བསམས་ལ། ཕྱག་འཚལ་བ་ནི། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ སེར་སྣ་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་སེར་སྣ་འཇུར་གེགས་ཀྱིས༔ བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ་སྲིད་པས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ ཡི་དྭགས་ཐུབ་པ་ཁ་འབར་ཞེས་བྱ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ འདོད་ཆགས་གཟུངས་འཛིན་ཀུན་སྤངས་བདེ་བར་གཤེགས༔ སྦྱིན་པའི་ཆོས་ཐོབ་སེར་སྣ་རྣམ་པར་དག༔ ཡི་དྭགས་ཐུབ་པ་ཁ་འབར་རིན་ཆེན་སྒྲོམ༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱོང་དུ་གསོལ༔ བཅོམ་ལྡན་ཁ་འབར་ཞབས་ལ་སྐྱབས་སུ་མཆི༔ ནུབ་ཀྱི་བུམ་པ་ཐོགས་ལ། ཧཱུྃ། བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་


LT32_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་ཏུ་སྐྱེ་བར་ཤོག༔ ཨཱཾ་པདྨ་ས་ཏྭ་ས་མ་ཡ༔ སོགས་སྣང་མཐའི་ཡིག་བརྒྱ་དང་། པདྨ་ཨ་བྷི་ཥིཉྩ་ཨ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམས་ལ། བུམ་པ་མགྲིན་པར་བཞག་ཚུལ་དང་ཁྲུས་བྱ་ཞིང་། བྷྱ་བྷྱ་བྷྱ༔ བྷྱ་བྷྱ་བྷྱ༔ བྷྱ་བྷྱ་བྷྱ༔ སྒྲོམ་བུ་ཐོགས་ལ། ཨཱཿ རིན་ཆེན་སྒོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་དབང་བསྐུར། ཧཱུྃ། ས་འདི་བཅད་པ་མན་ཆད་ནི༔ བཀྲེས་སྐོམ་ཡི་དྭགས་གནས་ཡིན་པས༔ བོར་རོ་སྤོང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཕྱིར༔ ཨེ་ཀ་ར་ན་བྷེ་ཙག་ཤ༔ མཚན་བྱང་དུད་འགྲོའི་


LT32_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དལ་དུ་བཀོད༔ དུད་འགྲོར་སྐྱེས་པ་དེས་གསོལ་བ་གདབ་པར་མོས་ལ། ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པ༔ གཏི་མུག་དྲག་པོའི་ལས་དབང་གིས༔ ཏརྻ་དུད་འགྲོའི་གནས་སུ་སྐྱེས༔ བཀོལ་སྤྱོད་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ལན་ཆགས་འཇལ་བ་ནི། ཧཱུྃ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་བཀོལ་སྤྱོད་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི༚་ཏ་ཁཱ་ཧི༔ གླུད་གཏོར་ཕྱིར་དོར། ལས་བུམ་ཐོགས་ལ། འདི་ནི་ཤེས་རབ་རང་བཞིན་ཆུ༔ མི་ཤེས་དྲི་མ་སྦྱོང་མཛད་པ༔ ཡེ་ཤེས་ཆུ་ཡིས་ལེགས་བཀྲུས་པས༔ གཏི་མུག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨ་བྷྱ་རྒྱ་ཏཾ་ཀེ༚༔ ཚེ་འདས་དུད་འགྲོའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཅེས་བཀྲུ་ཞིང་བྱེ་མས་བྲབ་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔


LT32_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་དུག་མི་མངའ༔ སྐུ་མཆོག་རྡོ་རྗེས་དུག་བཅོམ་མོ༔ གཏི་མུག་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་ཛི་ན་ཛིཀྲ༔ མ་མ་ཀོ་ལི༚་ས་མནྟ༔ ཚེ་འདས་དུད་འགྲོའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱེ་མ་རྣམ་སྣང་ཞི་ཁྲོའི་འོད་ཟེར་མེ་ལྕེ་ལྟ་བུས་དུད་འགྲོའི་ས་བོན་སུ་སྨུག་ནག་རང་བཞིན་མེད་པར་བསྲེགས་པར་བསམ། ཕྱག་འཚལ་བ་ནི། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ གཏི་མུག་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་ཆོས་ལ་མི་མོས་ཤིང་༔ བླུན་རྨོངས་དབང་གིས་དུད་འགྲོར་སྐྱེ་སྲིད་པས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ གཏི་མུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཤེས་རབ་མཚོན་ཐོགས་གཏི་མུག་རྣམ་པར་དག༔ བྱོལ་སོང་ཐུབ་པ་སེང་གེ་པུསྟི་འཛིན༔ དུད་འགྲོ་གླེན་ལྐུགས་སྡུག་བསྔལ་སྦྱང་དུ་གསོལ༔ སེང་གེ་རབ་བརྟན་ཞབས་ལ་སྐྱབས་སུ་མཆི༔ ཤར་གྱི་བུམ་པ་ཐོགས་ལ། ཧཱུྃ། རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔


LT32_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་བུངྡྷ་ས་ཏྭ་ས་མ་ཡ༔ སོགས་རྣམ་སྣང་ཡིག་བརྒྱ་དང་། བུངྡྷ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམ་ལ། བུམ་པ་གསང་གནས་སུ་བཞག་ཚུལ་དང་ཁྲུས་བྱ་ཞིང་། རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ པུསྟི་ཐོགས་ལ། ཨ། ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཏིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་དབང་བསྐུར། ཧཱུྃ། ས་འདི་བཅད་པ་མན་ཆད་ནི༔ གླེན་ལྐུགས་དུད་འགྲོའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཕྱིར༔ ཨེ་ཀ་ར་ན་བྷེ་ཙག་ཤ༔ མཚན་བྱང་ལྷ་མིང་དལ་དུ་བཀོད། ལྷ་མིན་དུ་སྐྱེས་པ་དེས་གསོལ་བ་གདབ་པར་མོས་ལ། ཀྱེ་མ་བདག་འདྲའི་སེམས་


LT32_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལས་ངན་པ༔ ཕྲག་དོག་དྲག་པོའི་ལས་དབང་གིས༔ གདུག་རྩུབ་ལྷ་མིན་གནས་སུ་སྐྱེས༔ འཐབ་རྩོད་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ལན་ཆགས་འཇལ་བ་ནི། ཧཱུྃ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་འཐབ་རྩོད་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚེམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི༚་ཏ་ཁཱ་ཧི༔ གླུད་གཏོར་ཕྱིར་དོར། ལས་བུམ་ཐོགས་ལ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ༔ ཕྲག་དོག་དྲི་མ་སྦྱོང་མཛད་པ༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས༔ ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨ་བྷྱ་རྒྱ་ཏཾ་ཀེ༚༔ ཚེ་འདས་ལྷ་མ་ཡིན་གྱི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། བྱེ་མས་བྲབ་ལ། ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ འདི་གསུམ་རྩ་བའི་དུག་གསུམ་སྟེ༔ དོན་ཡོད་གྲུབ་པ་དུག་མི་མངའ༔ ཕྲིན་ལས་རྡོ་རྗེས་དུག་


LT32_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་མོ༔ ཕྲག་དོག་སྒྲིབ་པ་དག་གྱུར་ཅིག༔ ཧཱ་པྲཛྙཱ་དྷྲི་ཀ༔ མ་མ་ཀོ་ལིངས་མནྟ༔ ཚེ་འདས་ལྷ་མ་ཡིན་གྱི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ བྱེ་མ་དོན་གྲུབ་ཞི་ཁྲོའི་འོད་ཟེར་མེ་ལྕེ་ལྟ་བུས་ལྷ་མ་ཡིན་གྱི་ས་བོན་ཏྲི་ལྗང་གུ་རང་བཞིན་མེད་པར་བསྲེགས་པར་བསམ། ཕྱག་འཚལ་བ་ནི། ཀྱེ་མ་ཚེ་འདས་ལུས་བརྫེས་རིགས་ཀྱི་བུ༔ ཕྲག་དོག་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་འཐབ་རྩོད་ལས་དབང་གིས༔ གདུག་རྩུབ་ལྷ་མིན་གནས་སུ་སྐྱེ་སྲིད་པས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ ལྷ་མིན་ཐུབ་པ་ཐུགས་བཟང་ཞེས་བྱ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ ཕྲག་དོག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཚུལ་ཁྲིམས་ཆོས་ཐོབ་ཕྲག་དོག་རྣམ་པར་དག༔ ལྷ་མིན་ཐུབ་པ་སྐྱོབས་བྱེད་གོ་མཚོན་འཛིན༔ ལྷ་མིན་འཐབ་རྩོད་སྡུག་བསྔལ་སྦྱོང་དུ་གསོལ༔ བཅོམ་ལྡན་ཐུགས་བཟང་རིས་ལ་སྐྱབས་སུ་མཆི༔ བྱང་གི་བུམ་པ་ཐོགས་ལ། ཧཱུྃ། སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔


LT32_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ ཧཱ་ཀརྨ་སཏྭ་ས་མ་ཡ༔ སོགས་དོན་གྲུབ་ཡིག་བརྒྱ་དང་། ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམ་ལ། མཆན་ཁུང་གཡོན་ཏུ་བཞག་ཚུལ་དང་ཁྲུས་བྱ་ཞིང་། ཀེ༚་ཀེ༚་ཀེ༚༔ ཀེ༚་ཀེ༚་ཀེ༚༔ ཀེ༚་ཀེ༚་ཀེ༚༔ གོ་མཚོན་ཐོགས་ལ། ཧཱ། ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་དབང་བསྐུར། ཧཱུྃ། ས་འདི་བཅད་པ་མན་ཆད་ནི༔ འཐབ་རྩོད་ལྷ་མིན་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་གནས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཕྱིར༔ ཨེ་ཀ་ར་ན་བྷེ་ཙག་ཤ༔ མཚན་བྱང་ལྷ་ཡིད་ལ་དུ་བཀོད། ལྷ་ཡི་གནས་སུ་


LT32_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དེས་གསོལ་བ་གདབ་པར་མོས་ལ། ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པ། ང་རྒྱལ་དྲག་པོའི་ལས་དབང་གིས༔ འདོད་ཁམས་ལྷ་ཡི་གནས་སུ་སྐྱེས༔ ལྟུང་བའི་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ལན་ཆགས་འཇལ་བ་ན། ཧཱུྃ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་ཕམ་ལྟུང་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི་ཏ་ཁཱ་ཧི༔ གླུད་གཏོར་ཕྱིར་རོ། ལས་བུམ་ཐོགས་ལ། འདི་ནི་བསམ་གཏན་རང་བཞིན་ཆུ༔ ལྟུང་བའི་དྲི་མ་སྦྱོང་མཛད་པ༔ ཏིང་འཛིན་ཆུ་ཡིས་ལེགས་བཀྲུས་པས༔ ང་རྒྱལ་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨབྷྱ་རྒྱ་ཏཾ་ཀེ༚། ཚེ་འདས་ལྷ་ཕམ་ལྟུང་གི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། བྱམས་བྲབ་ལ། ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ འདི་དག་རྩ་བའི་དུག་གསུམ་སྟེ༔ རིན་ཆེན་འབྱུང་


LT32_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུག་མི་མངའ༔ ཡོན་ཏན་རྡོ་རྗེས་དུག་བཅོམ་མོ༔ ང་རྒྱལ་སྒྲིབ་པ་དག་གྱུར་ཅིག༔ སྦཱ་རཏྣ་དྷྲི་ཀྲ༔ མ་མ་ཀོ་ལོཾ་ས་མནྟ༔ ཚེ་འདས་ལྷ་ཕམ་ལྟུང་གི་ལས་དང་བག་ཆགས་ངན་པ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ བྱེ་མ་རིན་འབྱུང་ཞི་ཁྲོའི་འོད་ཟེར་མེ་ལྕེ་ལྟ་བུས་ལྷའི་ས་བོན་ཨ་དཀར་པོ་རང་བཞིན་མེད་པར་བསྲེགས་པར་བསམ། ཕྱག་འཚལ་བ་ནི། ཀྱེ་མ་ལུས་བརྗེས་རིགས་ཀྱི་བུ༔ ང་རྒྱལ་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་ཕ་རོལ་ཁྱད་བསད་པས༔ འདོད་ཁམས་ལྷ་ཡི་གནས་སུ་སྐྱེ་སྲིད་པས༔ དེ་ཡང་འཇིག་རྟེན་འཁོར་བའི་གནས་ཡིན་པས༔ དེ་ལ་མ་ཆགས་བྱང་ཆུབ་སེམས་བསྐྱེད་ལ༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ ང་རྒྱལ་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ བསམ་གཏན་ཆོས་ཐོབ་ལྟ་བ་རྣམ་པར་དག༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་པི་ཝཾ་བསྣམས༔ འཆི་ཕོ་ལྟུང་བའི་སྡུག་བསྔལ་སྦྱོང་དུ་གསོལ༔ ལྷ་དབང་བརྒྱ་བྱིན་ཁྱེད་ལ་སྐྱབས་སུ་མཆི༔ ལྷོ་ཡི་བུམ་པ་ཐོགས་ལ། ཧཱུྃ། རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་


LT32_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ དཔལ་ལྡན་ཞིང་དུ་སྐྱེ་བར་ཤོག༔ སྭཱ་རཏྣ་སཏྭ་ས་མ་ཡ༔ སོགས་རིན་འབྱུང་ཡིག་བརྒྱ་དང་། རཏྣ་ཨ་བྷིཥིཉྩ་ཨཱ༔ བུམ་པ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམ་ལ། བུམ་པ་སྤྱི་བོར་དང་ལྟེ་བར་བཞག་ཚུལ་དང་ཁྲུས་བྱ་ཞིང་། ཏཾ་ཏཾ་ཏཾ༔ ཏཾ་ཏཾ་ཏཾ༔ ཏཾ་ཏཾ་ཏཾ༔ པི་ཝཾ་ཐོགས་ལ། སྭཱ། ལོངས་སྤྱོད་བདུད་ཀྱི་གཡེངས་འཇོམས་པའི༔ པི་ཝཾ་སྙན་པའི་དོན་མཛད་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གི་ལས་རྫོགས་ཤོག༔ ཨཱཿསརྦ་ཏ་ཐཱ་ག་ཏ་བི་དྱཱན་ཁཌྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་དབང་བསྐུར། ཧཱུྃ། ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྦང་ངོ་རིགས་ཀྱི་བུ༔ས་འདི་བཅད་པ་ཡན་ཆད་ནི༔ ཐར་ལམ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཕྱིར༔ ཨ་ཀ་ར་ན་བྷེ་ཙཀ་ཤ༔ མཚན་བྱང་མི་ཡིད་ལ་དུ་བཀོད། མིར་སྐྱེས་པ་དེས་གསོལ་བ་གདབ་པར་མོས་ལ།


LT32_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པ༔ ཉོན་མོངས་འདོད་པའི་ལས་དབང་གིས༔ འདོད་ཁམས་གླིང་བཞིའི་མི་རུ་སྐྱེས༔ བྲེལ་ཕོངས་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ལན་ཆགས་འཇལ་བ་ནི། ཧཱུྃ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་བྲེལ་ཕོངས་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི༚་ཏ་ཁཱ་ཧི༔ ཅེས་བླུད་གཏོར་ཕྱིར་དོར། ལས་བུམ་ཐོགས་ལ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ༔ ཡིད་གཉིས་དྲི་མ་སྦྱོང་མཛད་པ༔ སྤྲོ་དགའ་ཆུ་ཡིས་ལེགས་བཀྲུས་པས༔ ཐེ་ཚོམ་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། ཨོཾ་ཨབྷྱ་རྒྱ་ཏཾ་ཀེ༚༔ ཚེ་འདས་མིའི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཞེས་འབུལ་ཞིང་། བྱེ་མ་ཐོགས་ལ། ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་


LT32_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པས་དུག་བཅོམ་མོ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཐེ་ཚོམ་དྲི་མ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བོ་དྷི་།ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་རྩ་སྔགས་དག །མ་མ་ཀི་ལིང་ས་མནྟ༔ ཚེ་འདས་མིའི་ལས་དང་བག་ཆགས་ངན་པ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷའི་འོད་ཟེར་མེ་ལྕེ་ལྟ་བུས་མིའི་ས་བོན་ནྀྲ་ལྗང་གུ་རང་བཞིན་མེད་པར་བསྲེགས་བར་བསམ། ཕྱག་འཚལ་བ་ནི། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་འདོད་པས་ཀུན་ནས་བསླངས་ནས་སུ༔ ཟག་བཅས་འདོད་པའི་དགེ་བ་བཅུ་སྤྱད་ཀྱང་༔ འདོད་ཁམས་གླིང་བཞིའི་མི་རུ་སྐྱེ་སྲིད་པས༔ དེ་ཡང་འཇིག་རྟེན་འཁོར་བའི་གནས་ཡིན་པས༔ འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང་༔ བདེ་བ་ནམ་ཡང་ཡོད་པ་མ་ཡིན་གསུངས༔ ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད༔ ཁྱོད་ཀྱི་ཉེ་དྲུང་འོ་དོད་འབོད་བྱེད་ཅིང་༔ ཕ་མ་བུ་ཚ་ཉེ་དྲུང་ང་ཡིན་ཞེས༔ ཁང་ཁྱིམ་ཡོ་བྱད་གནས་མལ་ནོར་རྫས་དང་། ཁྱོད་ཀྱི་མིང་ནས་འབོད་པའི་སྒྲ་སྐད་ཀྱང་༔ བྱང་ཆུབ་ལམ་ལ་བར་དུ་གཅོད་བྱེད་བདུད༔ དེ་ལ་མ་ཉན་མ་ལྟ་མ་སེམས་པར༔ དེ་ལ་མ་ཆགས་བྱང་ཆུབ་སེམས་བསྐྱེད་ལ༔ དེ་ན་


LT32_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དང་སྐྱབས་སུ་གྱུར་པ་ནི༔ མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ ཐེ་ཚོམ་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ བརྩོན་འགྲུས་ཆོས་ཐོབ་ཐེ་ཚོམ་རྣམ་པར་དག༔ ཤཱཀྱ་ཐུབ་པ་གསེག་ཤང་པར་བུ་འཛིན༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱང་དུ་གསོལ༔ རྒྱལ་བ་ཐུབ་དབང་ཁྱོད་ལ་སྐྱབས་སུ་མཆི༔ སླར་ཡང་གཙོ་བོའི་བུམ་པར་བུམ་ཆུ་རྣམས་བསྡུས་པ་ཐོགས་ལ། ཧཱུྃ། རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ བུམ་པ་མགོ་བོའི་གནས་ལྔར་བཞག་ཚུལ་གྱིས། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུངྡྷ་ཨ་བྷི་ཥིཉྩ་ཨཱ༔ སྭཱ་རཏྣ་ཨ་དྷི་ཥིཉྩ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཿ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམ་ལ། བུམ་པ་སྙིང་གར་དང་རྣ་ལྟག་གཡོན་དུ་བཞག་ཚུལ་དང་ཁྲུས་བྱ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ལན་གསུམ་བརྗོད་ལ་བཀྲུའོ། །གཟེག་ཤད་དང་པར་བུ་ཐོགས་ལ། ཧཱུྃ། རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་


LT32_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྒྲོག་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་རྟགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཨ་ཝ་དཱུ་ཏིའི་དབང་ཐོབ་ཤོག༔ ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་་ནཾ་ཧཱུྃ་ཕཊ༔ ཅེས་དབང་བསྐུར་རོ། ཧཱུྃ། ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མའི་རྟ་གླང་ཇི་བཞིན་དུ༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ཕ་མ་བུ་ཚ་ཉེ་བྲུང་ཀུན༔ རྨི་ལམ་སྐྱེས་བུ་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དྲུ་ང་ཡིན་ཞེས༔ སྨྲེ་སྔགས་འོ་དོད་འབོད་པ་ཀུན༔ ཐར་ལམ་བར་ཆད་གེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པར་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་བ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལ༔ ཞིང་མཆོག་གཙང་མའི་གནས་མཆོག་ཏུ༔ བདག་གིས་ཁྱོད་ཉིད་གཞུག་བྱ་ཡི༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཡུལ་ཀུན་ཞེན་


LT32_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟློག་པའི་ཕྱིར༔བུ་ག་རི་ལ་བྷ་དྷུ་ཏྲི༔ ཞེན་པའི་ཕྲེང་ཐག་བཅད་པའི་ཕྱིར༔ ར་མི་སི་ཕི་ཁེ་ཏ་པ༔ མཚན་བྱང་དཀྱིལ་འཁོར་དྲུང་དུ་བཞག་ཚུལ་བྱས་ནས་སློབ་དཔོན་གྱི་མདུན་ཏུ་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞག་གོ། །དྲུག་པ་དཀྱིལ་འཁོར་དུ་གཞུག་པ་ལ། སྤྲོ་ན་སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་ལ་དབང་བཤད་མདོར་བསྡུས་དང་མཚམས་སྦྱོར་རྣམས་སྤྱི་ལྟར་བྱས་ལ་ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་ཕུལ། ཨོཾ་ཙ་ཀྵུ་བནྡྷ་ཝཱ་ར་མ་ཱ་ཡ་སྭཱ་ཧཱ༔ ཞེས་མིག་དར་དང་། ཨཱཿཁཾ་བཱི་ར་ཧཱུྃ༔ ཞེས་མེ་ཏོག་སྦྱིན། གསོལ་འདེབས་སོགས་ཚེ་འདས་ཀྱིས་རྗེས་ཟློས་བྱེད་པར་བསྒོམ་ལ། ཨེ་མ་མགོན་པོ་ །ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ དཀྱིལ་འཁོར་ཆེན་པོར་འཇུག་ཏུ་གསོལ༔ ཞེས་ནུས་པས་སློབ་དཔོན་གྱིས། ཀྱེ་མ་ཚེ་འདས་བུ་ཁྱོད་ལེགས་པར་ཉོན༔ འཁོར་བའི་གནས་ནས་ཐར་པའི་གྲོང་འཇུག་ན༔ །ཚེ་འདིའི་འབྲས་བུ་དོན་དུ་གཉེར་མི་བྱ༔ འཇིག་རྟེན་ཚེ་འདིའི་དོན་དུ་གཉེར་བ་ན༔ ཕ་རོལ་ཐར་པའི་འབྲས་བུ་ཐོབ་མི་འགྱུར༔ འཇིག་རྟེན་ཕ་རོལ་གཞན་དོན་གཉེར་བས་


LT32_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ འབད་པ་མེད་པར་འདེ་འབྲས་རང་དོན་འགྲུབ༔ དེ་ཕྱིར་ཕ་རོལ་གཞན་དོན་གཉེར་བར་གྱིས༔ ཡང་ཚེ་འདས་ཀྱིས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་གང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ ཐུན་མོང་དང་ནི་ཁྱད་པར་གྱི༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ མགོན་པོས་བདག་ཉིད་འཇུག་ཏུ་གསོལ༔ སློབ་དཔོན་གྱིས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི༔ ཤིན་ཏུ་བསམ་པ་བཟང་པོ་བདེན་པས་ཉོན༔ བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་མི་རློབ༔ ཅེས་ཉན་པར་བསྐུལ་སྤྲོ་བ་བསྐྱེད་པ་ནི། བུ་ཁྱོད་ཤིན་ཏུ་སྐལ་པ་བཟང་༔ གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། ཉམས་ཆགས་ཀུན་ཀྱང་བྱང་འགྱུར་ཞིང་༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་༔ ན་རག་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆགས་ཀུན་


LT32_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱང་བར་འགྱུར༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན༔ འདིར་བྱང་ཕྱག་འཚལ་བའི་ཕྱག་རྒྱུན་ལྟར་ན། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ༔ དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པ༔ བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ༔ སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ༔ འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ༔ བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི༔ དམིགས་མེད་ཤེས་རབ་ཡུམ་གྱི་དང་དུ་རྟོགས༔ ཐུགས་རྗེ་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན༔ རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་


LT32_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་རྒྱ་ཆེན་རོལ་པའི་ལྷ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུ་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པས་བདེ༔ རོལ་པ་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅི་ཡང་སྤྲུལ་པའི་སྐུ་ལ༴ མི་འགྱུར་རྡོ་རྗེའི་སྐུ་ལ༴ མངོན་པར་བྱང་ཆུབ་སྐུ་ལ༴ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབ་པ་ཡི༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི༔ སྐུ་དང་ཡེ་ཤེས་ཚོགས་ལ༴ ཕྱག་བྱར་འོས་པ་ཐམས་ཅད་ལ༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ ལུས་བཏུད་པ་ཡིས་རྣམ་ཀུན་ཏུ༔ མཆོག་ཏུ་དད་པས་ཕྱག་འཚལ་ལོ༔ ཞེས་ཕྱག་བྱ། ཁྱད་པར་སྐྱབས་སུ་འགྲོ་བའི་སྡོམ་པ་ནི༔ ཚེ་འདས་ཁྱོད་ཀྱིས་ཐལ་སྦྱར་སྐྱབས་སྡོམ་ཟུངས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔


LT32_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་བདག་ལ་དགོངས་སུ་གསོལ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས༔ བྱང་སེམས་རྡོ་རྗེ་སློབ་དཔོན་ལ༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ ཚིག་རྗེས་མ་ལན་གསུམ། སྡོམ་གསུམ་རིམ་པར་བཟུང་སྙམ་པས༔ ཚེ་འདས་ཁྱོད་ཀྱིས་རྗེས་ཟློས་མཛོད༔ བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པ་ལས་བཟློག་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ རྒྱུན་ཏུ་གནས་ཤིང་དགེ་བ་བསྒྲུབ༔ སྡོམ་པ་ཡོངས་སུ་བཟུང་བར་བགྱི༔ ཧོཿ བླ་མ་ཀུན་བཟང་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་པར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མདའ་བུ་ཡི་འདུ་ཤེས་ཀྱིས༔ མ་བརྒལ་བ་རྣམས་


LT32_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོང་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ ཚེ་ལས་འདས་པས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དཀོན་མཆོག་གསུམ་ནི་མི་སྤང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་


LT32_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ མཇུག་གི་ཚིག་ལན་གསུམ་བྱ། དེ་ནས་ཚེ་འདས་ལྷར་བསྐྱེད་བ་ནི། ལས་བུམ་ཆུས་རྟེན་པ་དྲན་ཏེ། ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་ཨུཙྪཊ་ཡ་ཕཊ༔ ཞེས་བགེགས་བསྐྲད༔ ཧཱུྃ་ལས་ཚེ་འདས་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབས་ཉམས་ཆགས་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ནས། ཨཱཿཞེས་ཡིག་བརྒྱ་བརྗོད། གཞུང་ལས་དེ་ཙམ་ལས་མ་གསུུངས་ཀྱང་གསུང་རྒྱུན་རྣམས་སུ་སྤྱི་མཐུན་ཡེ་ཤེས་འབེབས་པ་ལྟར་ན། དེ་ལྟར་ཁྱེད་རང་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་གྱི་ཀློད་དུ༔ རང་སེམས་ཀ་དག་གི་རིག་མདངས་ཞལ་ཕྱག་གི་རྣམ་པ་ཀུན་བཟང་ཡབ་ཡུམ་ལ་


LT32_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡེ་ཤེས་ལྔའི་རང་འོད་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་བརྒྱད༔ སེམས་མ་བརྒྱད༔ ཐུབ་པ་དྲུག༔ སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པའི་རྩལ་མདངས་ལས༔ ཀླད་པ་དུང་ཁང་འབར་བའི་གཞལ་ཡས་འཇའ་འོད་མེ་ཕུང་ཐིག་ལེའི་ཀློང་དུ༔ ཆེ་མཆོག་ཡབ་ཡུམ་ལ་འཁོར་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ༔ ཀིའུ་རིམ་བརྒྱད༔ སེང་ཧ་མ་བརྒྱད༔ སྒོ་མ་བཞི༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱ་དང་༔ མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ་རྣམས་གསལ་བའི་སྐུའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང་རང་རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རང་བཞིན་གྱི་གནས་ནས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་དཀོན་མཆོག་རྩ་གསུམ་ཐམས་ཅད་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག༔ སྤོས་དང་གུ་གུལ་ཚིལ་ཆེན་སོགས་འབེབས་རྫས་བསྲེགས། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། ཕྱི་ནང་སྣོད་བཅུད་གཟུང་འཛིན་ནི༔ རྟོག་ཚོགས་རང་གྲོལ་བྱིན་ཕོབ་ཅིག༔ ཉོན་


LT32_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཡུལ་དྲུག་འཛིན་པ་ལ༔ གཞི་མེད་རྩ་བྲལ་བྱིན་ཕོབ་ཅིག༔ སྐུ་ལྔ་ཡེ་ཤེས་རིག་རྩལ་ལ༔ སྣང་སྟོང་དག་པས་བྱིན་ཕོབ་ཅིག༔ དབྱིངས་རིག་ངར་འཛིན་དར་བ་ལ༔ རྟོག་གསུམ་བྲལ་བས་བྱིན་ཕོབ་ཅིག༔ སྐུ་གསུམ་དག་པའི་སྣང་བ་ལ༔ རིག་པ་ལུ་གུ་རྒྱུད་བྱིན་ཕོབ་ཅིག༔ ཐབས་ཤིས་རང་རྩལ་རོལ་པ་ལས༔ མ་འགག་ཤུགས་འབྱུང་བྱིན༴ བདག་གཞན་རྟོགས་བའི་ལྟ་སྒོམ་ལ༔ གནས་ལུགས་རང་བབ་བྱིན་ཕོབ་ཅིག༔ མ་འགག་སྣ་ཚོགས་ཆོ་འཕྲུལ་འདི༔ རིག་རྩལ་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་སྟཾྭ་བྷ་ཡ༔ ར་ར༔ ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷེ༚༔ཨེ་ཨཱ་ར་ལླི་ཧྲི༚་ཧྲི༚་ཕེ༚་ཕེ༚༔ ཞེས་དབབ། རྡོ་རྗེ་སྤྱི་བོར་བཞག་ལ། ཛྙཱ་ན་ས་ཏྭ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱ། དེ་ནས་ལས་རྡོར་གྱིས་ཐལ་མོ་སྦྱར་བས་བྱང་བུ་ཐོགས་ལ་དཀྱིལ་འཁོར་ཕྱོགས་བཞིར་རིམ་པར་འཇུག་ཚུལ་དང་ཕྱག་རེ་བྱས་ལ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ ཞེ་སྡང་སྒྲིབ་པས་བཅད་ལགས་ན༔ སྙིང་རྗེའི་སྒོ་མ་རྟ་གདོང་མ༔ སྒོ་བ་ཁྲོ་བོ་རྣམ་པར་རྒྱལ༔ སྒོ་མ་ཁྲོ་མོ་


LT32_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་མ༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་དད་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ། དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་སྒོ༔ ང་རྒྱལ་སྒྲིབ་པས་བཅད་ལགས་ན༔ བྱམས་པའི་སྒོ་མ་ཕག་གདོང་མ༔ སྒོ་བ་ཁྲོ་བོ་གཤིན་རྗེའི་གཤེད༔ སྒོ་མ་ཁྲོ་མོ་ཞགས་བ་མ༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ། དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་སྒོ༔ འདོད་ཆགས་སྒྲིབ་པས་བཅད་ལགས་ན༔ དགའ་བའི་སྒོ་མ་སེང་གདོང་མ༔ སྒོ་བ་ཁྲོ་བོ་རྟ་མགྲིན་རྒྱལ༔ སྒོ་མ་ཁྲོ་མོ་ལྕགས་སྒྲོག་མ༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔


LT32_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་དད་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ ཕྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ། དཀྱིལ་འཁོར་ཆེན་པོའི་བྱང་གི་སྒོ༔ ཕྲ་དོག་སྒྲིབ་པས་བཅད་ལགས་ན༔ བཏང་སྙོམས་སྒོ་མ་སྤྲུལ་གདོང་མ༔ སྒོ་བ་ཁྲོ་བོ་འདུད་རྩ་འཁིལ༔ སྒོ་མ་ཁྲོ་མོ་དྲིལ་བུ་མ༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསྐོར་ནས་མཚན་བྱ་སླར་སྟེགས་སུ་བཞག །མེ་ཏོག་དོར་ལ། ཧཱུྃ། ཚེ་འདས་རིགས་པའི་མེ་ཏོག་འདི༔ ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབས་པར་ཤོག༔ པྲ་ཏཱིཙྪ་ཧོ༔ མེ་ཏོག་བྱང་བུའི་སྤྱི་བོར་བཞག །དཀྱིལ་འཁོར་ཁ་དོག་གང་མཐོང་ལས་འགྲུབ་ཅིང་༔ གསང་མཚན་པདྨ་དྲི་མེད་དེ་བཞིན་གཤེགས༔ ཚེ་འདས་ཁྱོད་ཀྱི་མིང་ཡིན་མ་བརྗེད་ཅིག༔ དེ་ནས་ཐུར་མས་མིག་འབྱེད་ཚུལ་ཀྱིས། ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ ཁྱོད་ཀྱི་མ་རིག་ལྡོངས་པའི་མིག༔ ཡེ་ཤེས་


LT32_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ཏུ་དབྱེ་བར་བྱ༔ དེ་བཞིན་ཁྱོད་ཀྱིས་འགྲོ་བ་རྣམས༔ ཡེ་ཤེས་སྤྱན་ཏུ་དབྱེ་བར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ མིག་དར་བསལ་ནས། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ནི་སྡིག་པ་ཀུན་ལས་གྲོལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ སྐབས་འདིར་དཀྱིལ་འཁོར་རྣམ་དག་མཐོང་བ་རང་གྲོལ་ལྟར་ངོ་སྤྲོད་རྒྱས་པར་བྱ་བ་གསུངས་པའི་དོན་ལ་ཕྱག་ལེན་རྒྱས་བསྡུས་སྣ་ཚོགས་འབྱུང་ཡང་ཆགས་མེད་རིན་པོ་ཆེས་མཛད་པ་འདི་ཉིད་སྐབས་དང་འབྲེལ་བས་ངོ་སྤྲོད་རྣམས་སློབ་དཔོན་དང་། སྨོན་ལམ་རྣམས་དཔོན་སློབ་ཀུན་གྱིས་འདོན་ལ། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ འདི་ལྟར་སྣང་ལ་རང་བཞིན་མེད་པ་ཡི༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དམ་པ་འདིརཿ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས་པ་ཡང་༔ཁྱོད་རང་ཤི་ནས་བར་དོའི་སྐབས་འདིར་འཆར༔ ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁའ་ལ༔ འཇའ་འོད་ཀློང་ནས་གསལ་སྟོང་འོད་ལྔའི་སྐུ༔གསལ་


LT32_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཁྱོད་ལ་བར་དོའི་སུན་མ་འབྱོན་པར་འགྱུར༔ དེ་ཚེ་གཙོ་བོ་རིགས་ལྔའི་ཐུགས་ཀ་ནས༔ ཡེ་ཤེས་ལྔ་ཡི་འོད་ལམ་ཞེས་བྱ་བ༔ དཀར་སེར་དམར་ལྗང་མཐིང་མདངས་ཐིག་ལེས་སྤྲས༔ དེ་དང་མཉམ་དུ་རིགས་དྲུག་འོད་ལམ་དྲུག༔ དཀར་ནག་དམར་དང་སེར་ལྗང་དུད་ཁ་དྲུག༔ གཤིབས་ཏེ་ཁྱོད་ཀྱི་སྙིང་གར་ཟུགས་པར་འགྱུར༔ དེ་ཚེ་རིགས་དྲུག་འོད་ལ་མ་ཆགས་པར༔ ཡེ་ཤེས་ལྔ་ཡི་འོད་ལམ་གསལ་བ་ལ༔ འདུན་པ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ༔ ཀྱེ་མ་དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་རྣམ་ལྔ་གསལ་བའི་འོད་ལམ་ལ༔ ཞི་བ་ཡབ་རྣམས་ཀུན་གྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཡུམ་རྣམས་ཀུན་གྱིས་རྒྱབ་ནས་སྐྱོར༔ མ་དག་རིགས་དྲུག་ལམ་ལས་བསྒྲལ་དུ་གསོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་༔ དག་པའི་ཞིང་ཁམས་མཆོག་ཏུ་བསྐྱལ་དུ་གསོལ༔ དེ་བཞིན་དག་པ་


LT32_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་ཞེས་བྱ་ནས༔ རིག་འཛིན་དཔའ་བོ་མཁའ་འགྲོའི་སུན་མ་འབྱོན༔ གཙོ་བོ་ལྔ་པོ་རིགས་ལྔའི་མདངས་དང་ལྡན༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་དང་བཅས༔ དེ་ཡང་ཁྱོད་ཀྱི་ཡི་དམ་ལྷ་ཡིན་ཏེ༔ ཁྱོད་ལ་བར་དོའི་སུན་མ་འབྱོན་པར་འགྱུར༔ དེ་ཚེ་དུད་འགྲོའི་འོད་ལ་མ་ཆགས་པར༔ ལྷན་སྐྱེས་ཡེ་ཤེས་འོད་ལ་རྩེ་གཅིག་ཏུ༔ འདུན་པ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ༔ ཀྱེ་མ་རིག་འཛིན་དཔའ་བོའི་ལྷ་ཚོགས་ཐུགས་རྗེ་ཅན༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་དེར་མ་ཆུང་༔ གཏི་མུག་དུད་འགྲོའི་ལམ་ནས་བཟློག་ཏུ་གསོལ༔ ལྷན་སྐྱེས་ཡེ་ཤེས་ལམ་ལ་འགྲོ་བ་དྲོངས༔ བར་དོ་རང་ངོ་ཤེས་པར་ཐུགས་རྗེས་ཟུངས༔ རིག་འཛིན་རྒྱལ་བའི་སྲས་སུ་དབང་བསྐུར་ཅིག༔ དེ་བཞིན་ཁྲོ་བོའི་ལྷ་ཚོགས་འཇིགས་སུ་རུང་༔ ཞི་བ་གནས་འགྱུར་མགོན་པོ་ནག་པོ་འཆར༔ ཁྲོ་བོ་རྣམས་ནི་གཤིན་རྗེའི་སྐུ་རུ་མཐོང་༔ འཇིགས་སྐྲག་བསྡངས་ཤིང་བརྒྱལ་ནས་རང་དབང་མེད༔ ཧཱུྃ་ཕཊ་རྒྱོབ་སོད་འབྲུག་སྒྲས་ཀླད་པ་འགེམས༔ མ་སྐྲག་མ་འཇིགས་རང་གི་ཡི་དམ་ཡིན༔ དད་ཅིང་གུས་པས་གསོལ་


LT32_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ལྟར་ཐོབ༔ ཀྱེ་མ་བག་ཆགས་དྲག་པོས་འཁོར་བ་འཁྱམས་པའི་ཚེ༔ བསྔངས་སྐྲག་འཇིག་སྣང་སྤང་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོོའི་ཚོགས་ཀྱིས་རྒྱབ་ནས་བསྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་བསྐྱོལ༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་འདིར༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཤུགས་ཕྱུང་ནས༔ བསྔངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་འདིར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་གྱུར་ཤོག༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་འདིར༔ མི་འཇིགས་གདིང་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙམ་ན༔ ཡི་དམ་ལྷ་ཡིས་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ན༔ ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་


LT32_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རྗེས་སུ་འབྲང་དུས་འདིར༔ ཐུགས་རྗེ་ཆེན་པོས་ཚེ་འདས་བསྐྱབ་ཏུ་གསོལ༔ བག་ཆགས་ལས་ཀྱི་སྡུག་བསྔལ་མྱོང་དུས་འདིར༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ འབྱུང་ལྔའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་རིགས་ལྔའི་ཞིང་ཁམས་མཐོང་བར་ཤོག༔ དེ་ནས་བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ། ཅུང་ཟད་རྒྱས་པའི་སྐབས་འགྲོ་དྲུག་རང་གྲོལ་གྱི་བུམ་དབབ། རིག་པའི་དབང་ལྔ། ལྷ་དབང་ཡོངས་རྫོགས། དབང་གོང་མ་མདོར་བསྡུས། མཐའ་རྟེན་གཏོར་དབང་རེག་པ་དོན་ལྡན་བཅས་བསྐུར་བ་ཡིན་ལ། བསྡུ་ན་གཙོ་བུམ་ཐོགས་ལ། ཧཱུྃ། བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་ཁྱོད་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་མགོར་བཞག །བུམ་ཆུ་གཏུང་པོར་དུ་སྦྱིན། གླེགས་བམ་མགྲིན་པར་བཞག་ལ། ཨཱཿ


LT32_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ། བ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀྲ་ཨ་བྷི་ཥིཉྩ་ཨཱཿ རིགས་ལྔའི་ཕུག་མཚན་སྙིང་གར་བཞག་ལ། ཧཱུྃ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཁཌྒ་ཨ་བྷི་ཥིཉྩ་ཨཱ༔ རིག་པའི་དབང་ལྔའི་རྫས་སོ་སོའམ་བསྡུ་ན་ཙཀླི་གཅིག་བྱས་ལ། ཧཱུྃ། ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཚེ་འདས་ཁྱོད་ལ་བསྐུར་བར་བྱ༔ ཧཱུྃ་བཛྲ་ཨཱ་དྷཱ་ར་ཤུ་ཛྙཱ་ན་ས་མ་ཡ་ཨ་བྷི་ཥིཉྩ་མཱཾ༔ བུམ་ཆུའོ། སྭཱ་རཏྣ་ཛྙཱ་ན་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཱཾ༔ དབུ་རྒྱན་ནོ། ཨཱཾཿཔདྨ་པྲ་ཛྙ་ཨ་བྷི་ཥིཉྩ་མཱཾ༔ རྡོ་རྗེའོ། ཧཱ་ཏིཥྛ་ཨ་ནུ་ཏེ་ཛྙཱ་ན་ས་ཏྭ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱཾ༔དྲིལ་བུའོ། ཨོཾ་ཏྲི་ཙིཏྟ་


LT32_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱྃ༔ ཅེས་རྡོར་དྲིལ་ལོ། དེ་ནས་ཞི་ཁྲོའི་ལྷ་ཙཀ་སྤམ་པའམ་རྡོར་སེམས་སྐུ་ཐོགས་ལ། ཧཱུྃ། རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ དཀྱིལ་འཁོར་ལྷ་ཚོགས་ལས་སོ་སོའི་སྐུ་འཕྲོས་ཚེ་འདས་ལ་ཐིམ་པས༔ ཚེ་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཞི་བ། གླད་པ་ཁྲག་འཐུང་གི་ལྷ་ཚོགས་མེ་ལོང་ལ་གཟུགས་བརྙན་ཤར་བར་ལྟར་བཀྲ་ལམ་གྱི་གསལ་བར་བསྒོམས་ལ། སྙིང་པོའི་མཇུག་ཏུ། སརྦ་ཤཱནྟི་ཾཀྲོ་ཏ་ཨོཾ་ཨཱ༔ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན་ལ། ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ ཚེ་འདས་ཁྱོད་ཀྱི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོདྷི་ཙིཏྟ་ཨ་མྲཾ་ཏ་ཨ་བྷི་ཥིཉྩ་ཨོཾ༔ དྲིལ་བུའམ་རིག་ཙ་ཀ་གཏད་ལ། ཧཱུྃ། ཚེ་འདས་རྡོར་སེམས་ཡུམ་བཅས་བསྒོམ༔ །དབབ་བཟུང་འདྲེན་བཀྲམ་ཚོད་སྦྱར་ལ༔ དགའ་བ་བཞི་པོ་ངོ་ཡིས་ཟུངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་


LT32_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཱྃ༔ ཤེལ་དང་མེ་ལོང་ཐོགས་ལ། ཧཱུྃ། རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མཱྃ༔ གཏོར་དབང་བསྐུར་ན་ཟུར་གསལ་ལྟར་སྦྱར༔ དཀྱུས་ལ་མི་དགོས། རྒྱལ་སྲིད་དང་རྟགས་བརྒྱད་གཏད་ལ། ཧོ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ཕྱུག་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོཾ་དྲ་བྱེ་རཏྣ་ཨབྷི་ཥིཉྩ་ཧཱུྃ༔ ཧོ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོན་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་སུ་རྫོགས་ཐོབ་པས༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨཥྚ་མངྒ་ལཾ་ཨབྷི་ཥིཉྩ་མཱཾ༔ ཞེས་དང་ཤིས་བརྗོད་གང་རུང་བྱ། དམ་ཚིག་ཁས་བླངས། གཏོར་རག་མཎྜལ། ལུས་འབུལ་


LT32_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བྱའོ། །བརྒྱད་པ་ཞིང་ལམ་དུ་སྨོན་ལམ་གདབ་པ་ནི། འདི་ནས་ཤར་ཀྱི་ཕྱོགས་རོལ་ན༔ མངོན་པར་དགའ་བའི་ཞིང་ཁམས་ཡོད༔ ཐམས་ཅད་ས་ཡི་རང་བཞིན་ཏེ༔ ས་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་ས་ཡིན་ཏེ༔ ས་ཡི་སྙིང་པོ་སུྃ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ སངས་རྒྱས་སྤྱན་དང་གཉིས་མེད་ཤོག༔ འདི་ནས་ལྷོ་ཡི་ཕྱོགས་རོལ་ན༔ དཔལ་དང་ལྡན་པའི་ཞིང་ཁམས་ཡོད༔ ཐམས་ཅད་ཆུ་ཡི་རང་བཞིན་ཏེ༔ ཆུ་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་ཆུ་ཡིན་ཏེ༔ ཆུ་ཡི་སྙིང་པོ་བྃ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ མཱ་མ་ཀི་དང་གཉིས་མེད་ཤོག༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཡོད༔ ཐམས་ཅད་མེ་ཡེ་རང་བཞིན་ཏེ༔ མེ་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་མེ་ཡིན་ཏེ༔ མེ་ཡི་སྙིང་པོ་རྃ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་


LT32_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ གོས་དཀར་མོ་དང་གཉིས་མེད་ཤོག༔ འདི་ནས་བྱང་གི་ཕྱོགས་རོལ་ན༔ ལས་རབ་རྫོགས་པའི་ཞིང་ཁམས་ཡོད༔ ཐམས་ཅད་རླུང་གི་རང་བཞིན་ཏེ༔ རླུང་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་རླུང་ཡིན་ཏེ༔ རླུང་གི་སྙིང་པོ་ཡྃ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ དམ་ཚིག་སྒྲོལ་དང་གཉིས་མེད་ཤོག༔ འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ སྟུག་པོ་བཀོད་པའི་ཞིང་ཁམས་ཡོད༔ ཐམས་ཅད་ནམ་མཁའི་རང་བཞིན་ཏེ༔ ནམ་མཁའ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་ནམ་མཁའ་སྟེ༔ ནམ་མཁའི་སྙིང་པོ་ཨེ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ དབྱིངས་ཕྱུག་མ་དང་གཉིས་མེད་ཤོག༔ དགུ་པ་ནད་དང་སྒྲིབ་པ་སྦྱོང་བ་སྟེ༔ འདིའི་ཁོངས་སུ་སྤྱི་མཚུངས་ཟས་གཏད་སྐབས་སུ་བབས་པས། འདོད་ཡོན་རྣམས་བཤམས་ལ། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་


LT32_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས། གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་གྱི་དངོས་པོ་ཕུན་སུམ་ཚོགས་པ་ཡིད་དུ་འོང་ཞིང་ཟད་པ་མེད་པའི་གཏེར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ༔ གསུམ་དང་། ཨོཾ་ཨ་ཀ་རོ་སོགས་གསུམ་གྱིས་བྱིན་རླབས། ན་མཿསརྦ་ཏ་ཐཱ་ག་ཏ་ས་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་ས་བྷ་ར་ཧཱུྃ། ལན་བདུན། འཇིག་རྟེན་འདི་ནས་ཚེ་ལས་འདས་པ་འདི་ཉིད་ལ་སྦྱིན་ནོ༔ བསྔོའོ༔ མིག་གི་ཡུལ་དུ་གཟུགས་མཛེས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ༔ སྣའི་ཡུལ་དུ་དྲི་ཞིམ་པ༔ ལྕེའི་ཡུལ་དུ་རོ་བྲོ་བ༔ ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ༔ ཡིད་ཀྱི་ཡུལ་དུ་བདེ་བས་ཚིམ་པ༔ བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གྱུར་ཅིག༔ དེ་ནས་ལས་རྡོར་གྱིས་ལག་གཡས་སུ་རྡོ་རྗེ་སོགས་དང་གཡོན་མེ་ལོང་ཐོགས༔ སློབ་དཔོན་གྱིས་བྱང་བུ་དང་མེ་ལོང་ལ་སེམས་དཔའ་ལྔའི་སྐུ་རིམ་པར་བསྟན་ཅིང་། སྒྲིབ་པ་སོ་སོར་སྦྱངས་ཏེ། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔


LT32_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་ས་ཡི་སྙིང་པོའི་ཐུགས་རྗེ་ཡིས༔ ཚེ་འདས་མིག་གི་དབང་པོའི་སྐྱོན་བསལ་ནས༔ རབ་རིབ་ནད་སེལ་གཟུགས་ལ་བལྟ་བར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་བྱང་སེམས་ས་ཡི་སྙིང་༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ དྲིལ་བུའམ་ཏིང་ཤག་སྒྲོག་ལ། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ མཉམ་ཉིད་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་ནམ་མཁའི་སྙིང་པོའི་།ཐུགས་རྗེ་ཡིས༔ ཚེ་འདས་རྣ་བའི་དབང་པོའི་སྐྱོན་བསལ་ནས༔ འོན་པའི་ནད་སལ་གསུང་མཆོག་ཉན་པར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་བྱང་སེམས་ནམ་མཁའི་སྙིང་༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ དྲི་སྤོས་གཏད་ལ། ཀྱེ་མ་


LT32_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་བར་ཤོག༔ སོར་རྟོག་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་སྤྱན་རས་གཟིགས་དབང་ཐུགས་རྗེ་ཡིས༔ ཚེ་འདས་སྣ་ཡི་དབང་པོའི་སྐྱོན་བསལ་ནས༔ མཚུལ་པའི་ནད་སེལ་དྲིལ་སྣོམ་པར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་བྱང་སེམས་སྤྱན་རས་གཟིགས༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཟས་སྣ་ཐོགས་ལ། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ བྱ་གྲུབ་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་ཕྱག་ན་རྡོ་རྗེའི་ཐུགས་རྗེ་ཡིས༔ ཚེ་འདས་ལྕེ་ཡི་དབང་པོའི་སྐྱོན་བསལ་ནས། དིག་པའི་ནད་སེལ་རོ་མཆོག་མྱོང་བར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་


LT32_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཕྱག་ན་རྡོ་རྗེ་འཛིན༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིསརློབས༔ དར་རས་ཐོགས་ལ། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ ཆོས་དབྱིངས་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་ལུས་ཀྱི་དབང་པོའི་སྐྱོན་བསལ་ནས༔ ཚ་གྲང་ནད་སེལ་རེག་བྱ་མྱོང་བར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་སྒྲིབ་པ་རྣམ་པར་སེལ༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ གཟའ་བཏུང་རྣམས་ཉེ་དུ་སོགས་ཀྱིས་མེ་བསུར་བྱས་ལ། ཟས་གཏད་རྫོགས་པ་རང་བྱུང་གི་རྒྱུད་ཆིག་ཐུགས་གསང་ལས་འབྱུང་བ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཡང་དག་ངེས་པའི་ལུང་འདི་ཉོན༔ རིན་ཆེན་རྟེན་དང་ཕུང་པོའི་དཀྱིལ༔ རང་རིག་གསལ་པའི་སྒོ་ཕྱེ་བས༔ འདི་ནི་སངས་རྒྱས་ཞིང་ཁམས་ཏེ༔ འདི་ལ་བུ་གཅིག་མ་གཡོ་ཞིག༔ ལོངས་སྤྱོད་ཚོགས་འདི་རབ་ཏུ་ལོངས༔ སྟོང་ཉིད་


LT32_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་སྒོ་ཕྱེ་བས༔ རིག་པ་རང་བྱུང་རྟོག་པ་མཉམ༔ ཟས་འདི་ལོངས་ལ་རང་སྣང་ལྟོས༔ འདི་ནི་ཁྱོད་ཀྱི་གཏན་སྲིད་ཡིན༔ འདི་ནི་བུ་དང་བུ་མོ་དང་༔ ཕ་མ་སྤུན་ཟླ་གཟའ་རོག་དང་༔ ཇོ་མོ་མིང་པོ་ལྕམ་སྲིང་དང་༔ ཞང་པོ་མ་སྲུ་གྲོགས་པོ་དང་༔ ཉེ་རིང་བརྩེ་བ་ཐམས་ཅད་ཀྱིས༔ རོ་མཆོག་ལྡན་པའི་ཟས་མང་ཐོགས༔ གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུངས༔ ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་འཛད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལེ་མི་འཕྲང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་ཞིང་དུ་གཤེགས༔ འཁོར་བ་འདི་ན་སྡུག་བསྔལ་ཆེ༔ བྱས་པས་མི་ཟིན་ལས་ཡོད་པས༔ འཁོར་བ་འདི་རུ་མ་གནས་པར༔ རང་གི་ཆོས་ཉིད་འདི་རིག་པས༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོང་པ་ཆེན་པོ་ཡུལ་རེ་ཡངས༔ འཁོར་བ་རིགས་དྲུག་གཅོང་རོང་ཆེ༔ པདྨོ་བཀོད་པའི་ཞིང་ཁམས་ན༔ ཆོས་ཉིད་འོད་གསལ་ལྷུན་རེ་འཐུག༔ སེམས་དཔའ་སེམས་མ་


LT32_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་རེ་བཟང་༔ དེ་བས་ཚེ་ལས་འདས་པ་ཁྱོད༔ ཟས་འདི་ལོངས་ལ་བདེ་བར་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལམ་བྷ་ཏ༔ བྷ་དུ་ཡཱ་ཡ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི༔ ཨརྒྷཾ་པྲ་ཏཱིཙྪ་ཧོ༔ བཅུ་པ་ལམ་བསྟན་དང་གནས་སྤར་གཉིས་ལས་དང་པོ་ལམ་བསྟན་བྱ་བ་ནི། མཚན་བྱང་མདུན་དུ་མར་མེ་བཟུང་ལ། བྃ་དཱི་པཾ་སུ་ཀི་ནི༔ མར་མེ་མ་རིག་པའི་མུན་པ་སེལ་བའི་ཡེ་ཤེས་སྣང་བའི་སྒྲོན་མེ་ཆེན་པོར་གྱུར༔ ཧཱུྃ། རང་བཞིན་ཤུགས་ཀྱིས་དྲངས་བའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་རླུང་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་བདེ་བར་ཤོག༔ ཐར་པའི་ཞིང་དུ་འགྲོ་བ་ལ༔ གལ་ཏེ་མུན་པ་འཐིབས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་ཤེས་འཁྲུལ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ན༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ འོག་


LT32_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཤེས་ལྷ་དང་འཕྲད་པར་ཤོག༔ འདི་ནས་ཤར་གྱི་ཕྱོགས་རོལ་ན༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་རྣམ་སྣང་མཛད༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ གཟུགས་ཀྱི་ཕུང་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲངས༔ འདི་ནས་ལྷོ་ཡི་ཕྱོགས་རོལ་ན༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཚོར་བའི་ཕུང་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲངས༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་འོད་དཔག་མེད༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་


LT32_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོས་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་སྣང་བ་མཐའ་ཡས་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ འདུ་ཤེས་ཕུང་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲངས༔ འདི་ནས་བྱང་གི་ཕྱོགས་རོལ་ན༔ ལས་རབ་རྫོགས་པའི་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་དོན་ཡོད་གྲུབ་པ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ འདུ་བྱེད་ཕུང་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲངས༔ འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ སྡུག་པོ་བཀོད་པའི་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་རྡོ་རྗེ་སེམས༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ རྣམ་ཤེས་ཕུང་པོ་ཡོན་བུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་


LT32_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་གནས་སུ་དྲངས༔ ལམ་ལྔ་ས་བཅུ་མཐར་ཕྱིན་ནས༔ རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ༔ ཐམས་ཅད་མཁྱེན་པའི་དོན་རྟོགས་ནས༔ འབྲས་བུ་སྐུ་གསུམ་འགྲུབ་པར་ཤོག༔ གཉིས་པ་ཕུང་པོ་ལྔ་གནས་སུ་སྦར་བ་ན། ཡང་ལང་ཞུ་སྦྱར་ནས་རོ་ལ་རེག་ཚུལ་དང་བྱང་བུ་མདེལ་རྩེས། ཚུལ་བྱ་བར་གསུངས་ཀྱང་དེང་སང་ལག་ལེན་མི་མཛད་པས་དེའི་ཕྱག་རྒྱ་ཙམ་བྱས་ལ། ཧཱུྃ། ཐབས་ཀྱི་གཞུ་ལ་ཤེས་རབ་མངའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕང་བཞིན་ཏུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ན༔ མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་རྣམ་པར་སྣང་མཛད་བཞུགས༔ ཡུམ་མཆོག་ལྷ་མོ་སངས་རྒྱས་སྤྱན་མ་བཞུགས༔ གཡས་སུ་སེམས་དཔའ་ས་ཡི་སྙིང་པོ་བཞུགས༔ གཡོན་ཏུ་སེམས་དཔའ་བྱམས་པ་མཻ་ཏྲི་བཞུགས༔ མདུན་ཏུ་སེམས་མ་ལཱ་སེ་དཀར་མོ་བཞུགས༔ རྒྱབ་ཏུ་སེམས་མ་པུཥྤེ་དཀར་མོ་བཞུགས༔ བདེ་གཤེགས་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུང་༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ དགའ་


LT32_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཡོན་ཏན་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་མངོན་པར་དགའ་བའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་ཏུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་གཟུགས་ཀྱི་ཕུང་པོ་ཨོཾ་དཀར་པོར་གྱུར་ཏེ༔ རྩལ་ཆེན་གྱིས་མདའ་འཕངས་པ་བཞིན་དུ་རྣམ་སྣང་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས༔ རྒྱལ་བའི་སྲས་སུ་གྱུར་ཏེ་འཚང་རྒྱ་བར་གྱུར་ཅིག༔ ཞིང་ཁམས་འདི་ནས་ལྷོ་ཡི་ཕྱོགས་རོལ་ན༔ དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་རིན་ཆེན་འབྱུང་ལྡན་བཞུགས༔ ཡུམ་མཆོག་མཱ་མ་ཀི་ཞེས་བྱ་བ་བཞུགས༔ གཡས་སུ་སེམས་དཔའ་ཀུན་ཏུ་བཟང་པོ་བཞུགས༔ གཡོན་ཏུ་སེམས་དཔའ་ནམ་མཁའི་སྙིང་པོ་བཞུགས༔ མདུན་ཏུ་སེམས་མ་མཱ་ལེ་སྔོན་མོ་བཞུགས༔ རྒྱབ་ཏུ་སེམས་མ་དྷཱུ་པ་སར་མོ་བཞུགས༔ རིན་ཆེན་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ དཔལ་དང་ཡོན་ཏན་བསམ་གྱིས་


LT32_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་དཔལ་དང་ལྡན་པའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་ཚོར་བའི་ཕུང་པོ་སྭཱ་སེར་པོར་གྱུར་ཏེ༔ རྩལ་ཆེན་གྱིས་མདའ་འཕངས་པ་བཞིན་དུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས༔ རྒྱལ་བའི་སྲས་སུ་གྱུར་ཏེ་འཚང་རྒྱ་བར་གྱུར་ཅིག༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ ཡུམ་མཆོག་ལྷ་མོ་ན་བཟའ་དཀར་མོ་བཞུགས༔ གཡས་སུ་སེམས་དཔའ་སྤྱན་རས་གཟིགས་དབང་བཞུགས༔ གཡོན་ཏུ་སེམས་དཔའ་འཇམ་དཔལ་གཞོན་ནུ་བཞུགས༔ མདུན་ཏུ་སེམས་མ་གཱིརྟི་དམར་མོ་བཞུགས༔ རྒྱབ་ཏུ་སེམས་མ་ཨཱ་ལོ་དམར་མོ་བཞུགས༔ པདྨ་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ བདེ་སྐྱིད་ངོ་


LT32_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་བདེ་བ་ཅན་གྱི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་ཏུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་འདུ་ཤེས་ཀྱི་ཕུང་པོ་ཨཱ༔ དམར་པོར་གྱུར་ཏེ༔ རྩལ་ཆེན་གྱིས་མདའ་འཕངས་པ་བཞིན་དུ་སྣང་པ་མཐའ་ཡས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས༔ རྒྱལ་བའི་སྲས་སུ་གྱུར་ཏེ་འཚང་རྒྱ་བར་གྱུར་ཅིག༔ ཞིང་ཁམས་འདི་ནས་བྱང་གི་ཕྱོགས་རོལ་ན༔ ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་དོན་ཡོད་གྲུབ་པ་བཞུགས༔ ཡུམ་མཆོག་ལྷ་མོ་དམ་ཚིག་སྒྲོལ་མ་བཞུགས༔ གཡས་སུ་སེམས་དཔའ་སྒྲིབ་པ་རྣམ་སེལ་བཞུགས༔ གཡོན་ཏུ་སེམས་དཔའ་ཕྱག་ན་རྡོ་རྗེ་བཞུགས༔ མདུན་ཏུ་སེམས་མ་གྷནྡྷེ་ལྗང་མོ་བཞུགས༔ རྒྱབ་ཏུ་སེམས་མ་ནི་རྟི་ལྗང་མོ་བཞུགས༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཕྲིན་ལས་


LT32_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་ལས་རབ་རྫོགས་པའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་འདུ་བྱེད་ཀྱི་ཕུང་བོ་ཧཱ་ལྗང་གུར་གྱུར་ཏེ༔ རྩལ་ཆེན་གྱིས་མདའ་འཕང་པ་བཞིན་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས༔ རྒྱལ་བའི་སྲས་སུ་གྱུར་ཏེ་འཚང་རྒྱ་བར་གྱུར་ཅིག༔ ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་ཀུན་གྱི་སྤྱི་མེས་ནི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་བཞུགས༔ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་བྱ་བཞུགས༔ རྒྱལ་བའི་སྲས་མཆོག་རྡོ་རྗེ་སེམས་དཔའ་བཞུགས༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཞེས་བྱ་བཞུགས༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་བཞུགས༔


LT32_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཡ་མཚན་བཀོད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་སྟུག་པོ་བཀོད་པའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ག་གཅིག་ཏུ་གྱུར་ཏེ༔ རྩལ་པོ་ཆེས་མདའ་འཕངས་པ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས༔ རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ གནས་འདྲེན་ཞག་གྲངས་བྱེད་སྐབས་འདི་ཡན་ཆད་ཉིན་རེ་བཞིན་ཏུ་བསྐྱང་། ནུབ་ཐམ་ལ་བྱང་བུ་བསྲེག་པ་ནི། མར་མེ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་ལ་ཟླུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ལས་དམ་ཚིག་པའི་མེ་ལྷ་རྡོ་རྗེ་སེམས་དཔའ་སྐུ་


LT32_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་༔ དར་དང་རིན་པོ་ཆེས་བརྒྱན་པ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་གནས་གསུམ་ལས་འོད་འཕྲོས༔ ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་སཏ་ཨརྒྷཾ་སོགས་ཀྱིས་མཆོད། མི་རྟོགས་རྡོ་རྗེ་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་འཕྲོས་ནས་རྡོ་རྗེ་སེམས་དཔའི་སྐུ་ལ་ཐིམ༔ དེའི་སྐུ་ལས་ཡེ་ཤེས་ལྔའི་མེ་འབར་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་བར་བསམ་ལ། ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཀུན་གཞིའི་རྣམ་ཤེས་ཐབ་ཁུང་དུ༔ གཟུགས་ཀྱི་ཕུང་པོའི་ཡམ་ཤིང་ལ༔ ཆོས་དབྱིངས་ཡེ་ཤེས་མེ་སྦར་བས༔ གཏི་མུག་རྒྱ་མཚོ་སྐེམ་པར་ཤོག༔ ཉོན་མོངས་རྣམ་ཤེས་ཐབ་ཁུང་དུ༔ ཚོར་བའི་ཕུང་པོའི་ཡམ་ཤིང་ལ༔ མཉམ་ཉིད་ཡེ་ཤེས་མེ་སྦར་བས༔ ང་རྒྱལ་རྒྱ་མཚོ་སྐེམ་པར་ཤོག༔ ཉོན་ཡིད་རྣམ་ཤེས་ཐབ་ཁུང་དུ༔ འདུ་


LT32_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕུང་པོའི་ཡམ་ཤིང་ལ༔ སོར་རྟོགས་ཡེ་ཤེས་མེ་སྦར་བས༔ འདོད་ཆགས་རྒྱ་མཚོ་སྐེམ་པར་ཤོག༔ སྒོ་ལྔའི་རྣམ་ཤེས་ཐབ་ཁུང་དུ༔ འདུ་བྱེད་ཕུང་པོའི་ཡམ་ཤིང་ལ༔ བྱ་གྲུབ་ཡེ་ཤེས་མེ་སྦར་བས༔ ཕྲག་དོག་རྒྱ་མཚོ་སྐེམ་པར་ཤོག༔ བདག་འཛིན་རྟོག་པའི་ཐབ་ཁུང་དུ༔ རྣམ་ཤེས་ཕུང་པོའི་ཡམ་ཤིང་ལ༔ མེ་ལོང་ཡེ་ཤེས་མེ་སྦར་བས༔ ཞེ་སྡང་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ དམིགས་མེད་ཁྱབ་བརྡལ་གྱི་ལྟ་བ་དང་ཐུགས་དགོངས་བསྲེ་པའི་ངང་ནས། བླ་མ་རིན་པོ་ཆེ་པདྨ་འབྱུང་གནས་མཁྱེན་ནོ། ཞེས་རྒྱང་


LT32_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་ལན་གསུམ་དང་། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། ཞེས་དང་བོ་དྷི་ཙིཏྟ། ཡིག་བརྒྱ། ངན་སོང་སྦྱོང་བའི་སྔགས་རྣམས་བཟླ་ཞིང་བྱང་བུ་བསྲེགས་ལ་ཐལ་བས་སཱཙྪ་བཏབ་རབ་གནས་ཀྱི་མེ་ཏོག་འཐོར་ལ་ཚུས་མི་འཇིག་པར་བསྐྱལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ལས་གཞུང་གི་ཚོགས་དང་སྒོང་ཆོག་སྔོན་དུ་མ་གྲུབ་ན། ཚོགས་དང་སྐོང་ཆོག་རྒྱས་པར་བྱ། སྔར་གྲུབ་ན་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། བསྐུལ་པ། ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། ཤིས་བརྗོད། རས་བྲིས་དཀྱིལ་འཁོར་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡངས་རྣམས་ལས་བྱང་ཆེ་ཆུང་གང་ཡིན་ལྟར་བྱ་ཞིང་། ཐེག་པ་ཆེན་པོའི་བསྔོ་སྨོན་སྤྱི་དང་ཁྱད་པ་ཀུན་བཟང་སྨོན་ལམ་སོགས་རྒྱས་པར་བྱའོ།། ༈ །།ཨ་ཏི་གཙོར་གྱུར་སྔ་འགྱུར་རྒྱུད་གཞུང་ནས། །ངན་སོང་དོང་སྤྲུགས་ཆེད་དུ་བསྔགས་པ་ཡི། །ལྷ་སྔགས་འདི་ཉིད་ཡང་ནས་ཡང་གསུངས་ཤིང་། །གནས་འདྲེན་འདི་ཡང་རྒྱུད་ལས་གསལ་བར་བསྟན། །ངན་འགྲོའི་སྐྱེ་སྒོ་བཅད་འདོད་ཆོས་འདི་ལས། །ལྷག་པའི་ཟབ་ཆོས་གཞན་ཏུ་མེད་ངེས་ཤིང་། །འབྲེལ་ཚད་རང་གྲོལ་ཉིད་དུ་བསྡགས་པའི་ཕྱིར། །ནོར་བུ་བོར་ནས་འཆིང་བུ་མ་ཚོལ་ཅིག །གདོད་མའི་མགོན་པོའི་ཐ་ཚིག་རྟག་པའི་མཐུས། །འདིར་འབྲེལ་རིགས་ལྔའི་


LT32_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དུ་དབུགས་དབྱུང་ནས། །འབད་སྩོལ་མེད་པར་གཞི་ཐོག་རང་སར་གྲོལ། །ལོངས་སྐུའི་སྤྲིན་བཀོད་སྤྲུལ་པས་དོན་མཛད་ཤོག །ཅེས་པ་འདིའང་དོན་གཉེར་ཅན་སྔ་ཕྱི་འགའ་ཞིག་གིས་ནན་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས། གཞུང་ཉིད་ལས་ཀྱང་དངོས་སུ་བསྟན་ཅིང་དགོས་ངེས་པའི་ཁ་སྐོང་རྣམས་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་གིས་ཁ་བསྐངས་པ་ཙམ་ལས། གཏེར་གཞུང་དངོས་བསྟན་ལ་འཕྲི་བསྣན་བཅོས་བསླད་ཀྱི་རིགས་ན་འདྲེས་བའི་གཙང་དག་ཉིད་དུ་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་ཟག་གི་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པ་དགེ་ལེགས་འཕེལ། སརྦ་དཱ་ཀ་ལྱཱ་ཾ་མངྒ་ལཾ་བྷ་ཝནྟུ། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཁྱེར་བ་དེར་བཀོད་པ།


LT32_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཁྱེར་བ་དེར་བཀོད་པ་བཞུགས་སོ། །


LT32_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བརྒྱ་ཡོངས་འདུས་རིགས་གཅིག་རྡོ་རྗེ་སེམས། །དཀྱིལ་འཁོར་དབང་ཕྱུག་མཚོ་སྐྱེས་བླ་མར་འདུད། །བྱ་སླ་ཁྱེར་བདེ་ཀུན་ལ་ཕན་པའི་ཕྱིར། །བརྒྱུད་པའི་ཕྱག་བཞེས་སྙིང་པོ་བསྡུས་ཏེ་དགོད། །ཞི་ཁྲོའི་གནས་འདྲེན་བརྒྱ་སྟོང་སོགས་གྲངས་གསོག་པའི་སྐབས་སུ་ཐོག་མར་ལས་བྱང་རྒྱས་པ། བཀའ་སྲུང་། བརྒྱ་ཕྱག །ཀློང་བཤགས། སྐོང་ཆོག་མདོར་བསྡུས། ལས་བུམ་སྒྲུབ་པ། རིག་པའི་མེ་ཏོག་དོར་ཅིང་གནང་བ་ཞུ་བ་རྣམས་སྔོན་ཏུ་བཏང་ནས། གནས་འདྲེན་རྒྱས་པ་དབང་བསྐུར་ཡན་ཆད་ཚར་གཅིག་བྱ། དེ་ནས་ཚར་ཆུང་ཚར་གསུམ་དང་གནས་འདྲེན་བསྡུས་པ་དབང་བསྐུར་ཡན་ཚར་གསུམ། དེ་ལྟར་ཉིན་གཅིག་ལ་གང་འགྲུབ་མཐར་ལམ་བསྟན་སོགས་གནས་འདྲེན་རྒྱས་པས་མཐར་དབྱུང་། སྐོང་ཆོག་རྒྱས་པ་དང་ཚོགས་ཕྱིན་ཆད་ཚོར་ཆེན་གྱིས་མཇུག་སྡུད་པ་ཡིན་ལ། མགྱོགས་ཁྱད་དང་བཅའ་གཞི་མི་འཇོམ་པ་ལྟ་བུས་བསྡུས་པ་ཁོ་ན་བྱེད་ན། ལས་


LT32_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཚོར་ཆུང་དང་བཀའ་སྲུང་། བརྒྱ་ཕྱག་མཚར་ན་ཆོས་རྣམས་རྣམ་དག །བཤགས་པ་ཡེ་ཤེས་སྐུ་མཆོག་གམ། དུས་གསུམ་བདེ་གཤེགས་ཕྱིན་ཆད་ཀྱིས་འཐུས་པར་བྱས་ཏེ། རིག་ཆེ་གནང་ཞུ་གྲུབ་ནས་འདིར་འཇུག་པ་ཡིན་ནོ། །བསྡུས་པའི་སྐབས་འདིར་སློབ་དཔོན་མདུན་ཏུ་ཀྱང་སྟེགས་པདྨ་འདབ་བརྒྱད་སྟེང་བྱང་བུ་བཀོད། རིགས་དྲུག་དཀྱིལ་འཁོར་པདྨ་འདབ་དྲུག་ལ་ཨ་ནྀྲ་སུ་ཏྲི་པྲེ་དུ་དྲུག་འགོ་ཕྱིར་བསྟན་ཏུ་བྲིས་པ། གཤེད་ཕྲལ་ཀླུད་གཏོར་གཅིག །བགེགས་གཏོར་གྲངས་ག་གར་བྱེད་ལྟར་དང་། གཞན་ཡང་ཁྲུས་ཆས། ཡུངས་བཀར། བྱེ་མ། ཟས་བསྔོ་སོགས་འོག་ཏུ་དགོས་པ་རྣམས་འདུ་བྱའོ། །ལས་བྱང་སྐབས་བདག་མདུན་དབྱེར་མེད་དུ་བསྐྱེད་པ་ནི་གཞུང་གི་དགོངས་པ་ཡིན་ལ། རྟོགས་པས་མཆུན་ན་བཟླས་པའི་དབུར་ཛབ་ཁང་དབྱེ། བཟླས་པ་གྲུབ་པ་དང་། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་ལྷ་རྣམས་དྭངས་པའི་མཚོ་


LT32_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། ཅེས་དམིགས། གཟུངས་ཐག་བླངས་ལ་བྷོ་དྷི་ཙིཏྟ་བརྒྱ་རྩ་ཙམ་བཟླ། ལས་བུམ་ནང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་ཡིག་བརྒྱ་ཉེར་གཅིག་གམ་བདུན་ཙམ་བཟླ། མཐར་མཆོད་བསྟོད་དང་བུམ་པར་མཆོད་ཡོན་ཕུལ་ལ། ཨོཾ་ཨཱཿཧཱུྃ། ལྷ་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་བུམ་སྒྲུབ་བསྡུས་པ་འདི་ཙམ་ནི་ཆད་དུ་མི་རུང་། ཆགས་མེད་ཞབས་ཀྱིས་བདག་མདུན་བུམ་གསུམ་གྱི་དཀྱིལ་འཁོར་གསུམ་དུས་གཅིག་ལ་བསྒོམ་པར་བཞེད་ཀྱང་དེང་སང་དེ་ཙམ་ཡང་གསལ་ཐབས་མཁན་དཀོན་ནམ་སྙམ་ཞིང་མོས་བསྐྱེད་ཙམ་གྱིས་གོ་མི་ཆོད་དོ། །གནས་འདྲེན་ཆོ་ག་དངོས་ལ་གཏེར་གཞུང་ཉིད་ལས་དོན་ཚན་བཅུར་གསུངས་ཀྱང་བླ་མ་རྣམས་ཀྱིས་སོ་སོའི་རང་བཞེད་དང་བསྟུན་པའི་ཕྱག་བཞེས་མི་འདྲ་བ་མང་དུ་མཛད་འདུག་ཀྱང་འདིར་ཆགས་མེད་རིན་པོ་ཆེའི་གསུང་གཙོར་བཏན་ཏེ་དགོད་པ་ལ་དང་པོར་མདའ་སྦྲན་ཅིང་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ། མཁྱེན་པ་དང་ལྡན་པ། བརྩེ་བ་དང་ལྡན་པ་རྣམས་ཐུགས་རྗེའི་དབང་གིས་གནས་


LT32_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱོན་ཅིག །དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་ལོ། །ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཐུགས་རྗེ་ཅན་རྣམས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ། འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེགས། གྲོགས་ནི་མེད། སྡུག་བསྔལ་ནི་ཆེ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ཚེ་འདིའི་སྣང་བ་ནི་ནུབ། མུན་ནག་འཐུག་པོར་ནི་འཇུག །གཡངས་ས་ཆེན་པོར་ནི་ལྟུང་། ལས་ཀྱི་དབང་གིས་ནི་དེང་། ས་ཚུག་མེད་པར་ནི་འགྲོ། དབང་ནི་མེད། གཅིག་པུར་འགྲོ་དགོས་པའི་དུས་ལ་བབ་པས། ཐུགས་རྗེ་ཅན་རྣམས་ཀྱིས་ཚེ་ལས་འདས་པ་སྐྱབས་མེད་པ་ལ་སྐྱོབ་མཛོད་ཅིག །མགོན་མེད་པ་ལ་མགོན་མཛོད་ཅིག །དཔུང་གཉེན་མེད་པ་ལ་དཔུང་གཉེན་མཛོད་ཅིག །བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག །ལས་ཀྱི་རླུང་དམར་ཆེན་པོ་ལས་ཟློག་ཅིག །གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག །བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག །ཐུགས་རྗེ་ཅན་རྣམས་ཐུགས་རྗེའི་ཤུགས་མཆུང་ཞིག །སྔོན་གྱི་དམ་བཅའ་མ་གཡེལ་བར་ཐུགས་


LT32_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག །སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག །དཀོན་མཆོག་གསུམ་གྱིས་ཚེ་ལས་འདས་པ་འདི་རྣམས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ། དེ་ནས་རྟེན་བསྐྱེད་པ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཨུཙྪཱ་ཊ་ཡ་ཕཊ༔ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཡི་གེ་ནྀྲ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བར་གྱུར། རྣམ་ཤེས་འགུགས་པ་ནི། ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔ རིགས་དྲུག་གང་ན་ཡོད་པའི་ས་དེ་ནས༔ བདག་གི་འོད་ཀྱིས་རེག་མ་ཐག་་ཏུ་ནི༔ རྣམ་ཤེས་ནྲྀ་དེ་ཨ་དཀར་གཅིག་ཏུ་གྱུར༔ མདུན་ཏུ་བཀུག་ནས་མཚན་བྱང་རྟེན་ལ་ཐིམ༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ བཅོམ་ལྡན་འདས་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པས༔ ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་གར་གནས་ཀྱང་མཚན་བྱང་འདི་ལ་ཁུག་ཅིག༔ ཅེས་ལན་གསུམ་བརྗོད། ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔


LT32_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་སྡུག་བརྩེ་བའི་གཉན་བཤེས་གྲོགས་རྣམས་དང་༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་སྐྱེད་པ་ཡི༔ སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང་༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ བརྩེ་གདུང་ཡིད་ལ་གཅག་པའི་ཉེ་འབྲེལ་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་གསོལ་མཐུ་རྩལ་དང་༔ སངས་རྒྱས་མཐུ་སྟོབས་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ སྔགས་འཆང་རྩེ་གཅིག་སྒྲུབ་པའི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཡིས༔ ཡིད་ལུས་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང་༔ དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག༔ ཡིག་བརྒྱ་ཚར་གཅིག་གི་རྗེས་སུ། དུ་པྲེ་སུ་ཏྲི་ཨ་ནྲྀ་ཡཾ་ཛ༔ བཛྲ་ཨཾ་ཀུ་ཤ་ཛ༔ བརྟན་པར་བཞད་པ་ནི། ཀྱེ་མ་དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ མི་ཡི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་༔ ལས་ཀྱིས་འབྲེལ་བའི་འདུག་ས་འདི་ཡིན་པས༔ འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ གསེར་བྱང་


LT32_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྲིས་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེན༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང་༔ ལེབ་ཕྱིང་དཀར་པོ་འདི་ནི་འདུག་པའི་གདན༔ སྦ་སྨྱུག་ལྡེམས་པ་འདི་ནི་འཇུ་བའི་ཤིང་༔ ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་འཛུགས་འདི་ལ་གནས་པར་གྱིས༔ ཚེ་ལས་འདས་པ་ཆེ་གེ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ གཤེད་དང་ཕྲལ་བ་ནི། གླུད་གཏོར་བྲན་ལ། རྃ་ཡྃ་ཁྃ༔ གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ལན་གསུམ་གྱིས་བསྔོ། ཧཱུྃ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བདེན་པའི་མཐུས༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་འདི་ཡི༔ ས་དང་ལམ་ལ་བར་དུ་གཅོད་བྱེད་པའོ༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་ཚོགས་རྣམས་ཀུན༔ མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་ཏུ་དེངས༔ ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་


LT32_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང་༔ སྲོག་གཅོད་མདངས་ཕྲོག་གཤིན་ལྕགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུད་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་ཏུ་དེངས༔ ཧཱུྃ་ཧཱུྃ་ཨུཙྪ་ཊ་ཡ་ཕཊ༔ སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་བཅས་པས་བསྐྲད་ཅིང་མཚམས་གཅད་པས་བག་ཕེབ་ཅིང་བདེ་བར་གནས་པར་བསམ། ཅུང་ཟད་སྤྲོ་ན། ཇི་ལྟར་བལྟམས་པ་སོགས་ཤློ་ཀ་གསུམ་ཙམ་གྱིས་ལྷ་ཁྲུས། སྐུ་ཕྱི། ན་བཟའ་འབུལ་བའི་ཚིགས་བཅད་གཅིག་ཙམ་བརྗོད་ལ་རྣམ་བུམ་གྱིས་ལྷ་ཁྲུས་གསོལ་ཞིང་ཁྲུས་ཆུ་ལས་བུམ་དུ་བླུགས། དེ་ནས་ཁྲུས་དང་དུག་དབྱུང་བ་ནི། ཧཱུྃ༔ འདི་ནི་སྦྱིན་པ་ཚུལ་ཁྲིམས་དང་༔ བཟོད་པ་བརྩོན་འགྲུས་བསམ་གཏན་དང་༔ ཤེས་རབ་ཐབས་སྟོབས་སྨོན་ལམ་སྟེ༔ ཕ་རོལ་ཕྱིན་པ་བཅུ་ཡི་ཆུ༔ དྲི་མ་རྣམས་བཅུ་སྦྱོང་མཛད་པ༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། བྱེ་མས་བབས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ རྒྱལ་བ་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་


LT32_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་ནི་འདི་དག་གིས༔ ཁྱོད་ཀྱི་དུག་ལྔའི་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ ཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་དུག་གསུམ་དུག་ལས་བྱུང་༔ དུག་གསུམ་དུག་ནི་དུག་གི་གཙོ༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ པོ་དྷི་སོགས་དང་། ས་ཆུ་མེ་རླུང་འབྱུང་བ་བཞི༔ འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ཞིག༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱིས་དུག་བཅོམ་པས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་རིགས་ཀྱི་བུ་འདི་ཡི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ ཡིག་བརྒྱ་དང་། ཀཾ་ཀ་ནི་བརྗོད་ལ་ཁྲུས་བྱའོ། །དེ་ནས་རིགས་དྲུག་གི་གནས་ནས་དྲང་བ་ནི། བྱང་བུ་རིགས་དྲུག་གི་དཀྱིལ་འཁོར་དུ་བཞག་ལ་གསོལ་བ་འདེབས་པའི་མོས་པས། ཨེ་མ་


LT32_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་འཁྱམས་པ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ གདམས་ངག་བསྟན་པ་ནི། ཀྱེ་མ་ཚེ་འཕོས་ལུས་རྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམ་སྟེ་རྒྱལ་བའི་ཐུགས་རྗེ་ཡིས༔ ཕོ་ཉས་བཟུང་སྟེ་རིགས་དྲུག་གནས་ནས་དྲངས༔ དོན་འབྲས་འདོད་ཕྱིར་དང་བའི་ཤུགས་བསྐྱེད་ལ༔ འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ། སླར་བྱེ་བྲག་ཏུ་གསོལ་བ་འདེབས་པ་མོས་པས། ཀྱེ་མ༔ བདག་འདྲའི་སེམས་ཅན་ལས་ངན་པ༔ ཉོན་མོངས་དྲུག་གི་ལས་དབང་གིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ༔ འཁོར་བའི་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་དྲོངས་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ སློབ་དཔོན་གྱིས་ཕྱག་འཚལ་དུ་གཞུག་པར་མོས་ལ། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་དྲག་པོས་ཀུན་ནས་བསླང་ནས་སུཿ མི་དགེ་བཅུ་དང་ཁྱད་པར་དུག་ལྔ་ཡིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ་སྲིད་པས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནིཿ ཤཱཀྱ་ཐུབ་པ་བརྒྱ་བྱིན་ཐག་བཟང་རིསཿ སེངྒེ་རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ རིགས་


LT32_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་འདྲེན་པ་བཅོམ་ལྡན་ཐུབ་དྲུག་བཞུགས༔ ཕྱིན་དྲུག་ཆོས་སྟོན་ཉོན་དྲུག་རྣམ་པར་སྦྱོང་༔ ཡེ་ཤེས་དྲུག་སྟེར་བརྡ་ཡི་ཕྱག་མཚན་འཛིན༔ འགྲོ་དྲུག་སོ་སོའི་སྡུག་བསྔལ་སྦྱོང་དུ་གསོལ༔ སྤྲུལ་སྐུ་ཐུབ་དྲུག་ཁྱེད་ལ་སྐྱབས་སུ་མཆི༔ ལན་ཆགས་ལ་གཏོར་མ་བསྔོ་བ་ནི། ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་རིགས་དྲུག་ལན་ཆགས་སྙགས་པ་ཡི༔ གསོན་བདུད་གཤིན་ལྕགས་འབྱུང་པོ་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷཱུ་ཏ་བ་ལི༚་ཏ་ཁཱ་ཧི་ཁཱ་ཧི༔ བྱེ་མས་བྲབ་པས་དཀྱིལ་འཁོར་བ་རྣམས་ཀྱི་འོད་ཟེར་མེ་ལྟ་བུས་རིགས་དྲུག་གི་ས་བོན་གཏན་མེད་དུ་བསྲེགས་པར་བསམ་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཉོན་དྲུག་སྒྲིབ་པ་དག་གྱུར་ཅིག༔ འཿཨཿཤཿསཿམཿཧཿ མ་མ་ཀོ་ལིང་ས་མནྟ༔ ཚེ་འདས་ཀྱི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ལས་སྒྲིབ་བག་ཆགས་དང་བཅས་པ་བཀྲུས་བར་མོས་ལ་ལས་བུམ་གྱིས་ཁྲུས་བྱ་ཞིང་། འདི་ནི་བཟོད་དང་སྦྱིན་པ་དང་༔ ཤེས་རབ་ཚུལ་ཁྲིམས་བསམ་གཏན་དང་༔ བརྩོན་འགྲུས་ཕ་རོལ་ཕྱིན་དྲུག་ཆུ༔ ཉོན་མོངས་དྲུག་པོ་སྦྱོང་བྱེད་པའི༔ ཕར་ཕྱིན་དྲུག་གི་


LT32_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་བཀྲུས་པས༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ །ཐུབ་དྲུག་གིས་ཕྱག་མཚན་གྱིས་དབང་བསྐུར་བར་བསམ་ལ། ཧཱུྃ༔ མེ་ཆུ་སྒྲོམ་བུ་པུས་སྟི་རལ་གྲི་དང་༔ གོ་ཆ་པི་ཝཾ་པར་བུ་ལྷུང་བཟེད་ཀྱིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིགས་དྲུག་སོ་སོའི་སྡུག་བསྔལ་ལས་གྲོལ་ནས༔ འཁོར་བའི་སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ སུ་མ་ཐ་མ་ཐ་སརྦ་ཏི་རྱ་ཀ་ག་ཏེ་ཧེ་ཏུ་ན་ཧཱུྃ་ཕཊ༔ སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཨ་སརྦ་ཏ་ཐ་ག་ཏ་བྷི་དན་ཁངྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨཱ་བ་ར་་ནི་ཧཱུྃ་ཕཊ༔ རྣམ་བུམ་ཐོགས་ལ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ དགེ་བའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་བཛྲ་སཏྭཧཱུྃ༔ ཨོཾ་བུངྡྷ་སཏྭ་ཨོཾ༔ ཨོཾ་རཏྣ་སཏྭ་སྭཱ༔ ཨོཾ་པདྨ་སཏྭ་ཨཱ༔ ཨོཾ་ཀརྨ་སཏྭ་ཧཱ༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུངྡྷ་ཨ་བྷི་ཥིཉྩ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཨཱཾ༔པདྨ་ཨ་བྷི་ཥིཉྩ་ཨཱ༔


LT32_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ རིགས་དྲུག་གི་གནས་ནས་དྲངས་པར་བསམ་ལ། ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤོངས་ཤིག་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ཕ་མ་བུ་ཚ་ཉེ་དུ་ཀུན༔ རྨི་ལམ་སྐྱེས་བུ་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དུ་ང་ཡིན་ཞེས༔ སྨྲེ་སྔགས་འོ་དོད་འབོད་པ་ཀུན༔ ཐར་ལམ་བར་ཆད་གེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པ་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་པ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལ༔ ཞིང་མཆོག་གཙང་མའི་གནས་མཆོག་ཏུ༔ བདག་གིས་ཁྱེད་ཉིད་གཞུག་བྱ་ཡིས༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ བྱང་བུ་པདྨའི་སྟེགས་ལ་བཞག །རིགས་དྲུག་གི་དཀྱིལ་འཁོར་བསྡུའོ། དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། ཨོཾ་ཙཀྵུ་རྦནྡྷ་ཝཱ་ར་མ་ཱ་ཡ་ཧཱུྃ༔ ཞེས་མིག་དར་དགའ། ཨཱཿཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་བཏང་། ཚེ་འདས་ཀྱིས་གསོལ་བ་འདེབས་པར་མོས་ལ། ཨེ་མ་


LT32_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཐུགས་རྗེ་ཅན༔ བདག་འདིའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་སྟོན་འཚལ༔ དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་གང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ ཐུན་མོངས་དང་ནི་ཁྱད་པར་གྱི༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ སླར་ཡང་སྐྱབས་སུ་གསོལ་ཞིང་སྡོམ་པ་བཟུང་བར་མོས་ལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཚེ་འདས་བདག་ལ་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པའི་སྡོམ་པ་དང་༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ལན་གསུམ་བརྗོད། དཀྱིལ་འཁོར་ཕྱོགས་བཞིའི་སྒོ་ཕྱེ་བར་བསམ་ལ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ༔ ཉོན་སྒྲིབ་བཞི་པོས་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཚད་མེད་སྒོ་མ་གདོང་ཅན་བཞི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་བཞི་ཕྱེས༔ ཚེ་འདས་དད་པས་འཇུག་པར་


LT32_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ པྲ་ཏཱིཙྪ་ཧོ༔ ཞེས་མེ་ཏོག་དོར། ཀྱེ་དྲི་མེད་རང་གྲོལ་ཅེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་གསང་མཚན་གདགས། ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཞེས་མཐོང་བ་བསྟན། ལྷར་བསྐྱེད་ཅིང་སྡིག་སྒྲིབ་སྐྱོང་བ་ནི། ཧཱུྃ་ལས་ཚེ་འདས་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་མཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ། །ཐུགས་ཀར་འཛིན༔གཡོན་པས་སྣང་སྟོང་དྲིལ་བུ་དགུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབ་ཉམས་ཆགས་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དེ་ནས་གཏེར་གཞུང་ལས་སྐུ་གསུང་ཐུགས་དབང་། རིག་པའི་དབང་ལྔ། མཆོག་དབང་གསུམ་མཐའ་རྟེན་བཅས་རིམ་


LT32_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྐུར་བར་གསུངས་པའི་སྐུ་གསུང་ཐུགས་དབང་ནི་བུམ་པ་ལ་འདུས་པས་རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་བབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨཱཿཧཱུྃ་ཧྲཱི༔སྭཱ་ཧཱ༔ བུམ་ཆུ་དབུ་རྒྱན་རྡོར་དྲིལ་རྣམས་ཐོགས་ལ། ཧཱུྃ༔ ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ བུ་ཁྱོད་རྣམས་ལ་བསྐུར་བར་བྱ༔ ཧཱུྃ་བཛྲ་ཨཱ་ད་རྴ་ཛྙཱ་ན་ཨ་བྷིཥིཉྩ་མི༔ སྭཱ་རཏྣ་ས་མ་ཏཱ་ཛྙཱ་ཨ་བྷིཥིཉྩ་མི༔ ཨཱཾ༔པདྨ་པྲ་ཏྱ་བེ་ཀྵ་་ཛྙཱ་ན་ཨ་བྷིཥིཉྩ་མི༔ ཧཱ་ཀརྨ་ཀྲྀ་ཏྱཱ་ནུ་ཥྛཱ་་ཛྙཱ་ན་ཨ་བྷི་ཥིཉྩ་མི༔ ཨོཾ་བུདྡྷ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་མི༔ ལྷ་དབང་རྡོར་སེམས་ཙཀླི་ཐོགས་ལ། ཧཱུྃ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ སརྦ་ཤཱནྟི་ཾ་ཀྲོ་དྷ་ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་དབང་


LT32_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་བདུད་རྩི་སྦྱིན་ལ། ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལར༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ལ་བླུད༔ རྩ་གསུམ་འཁོར་ལོ་བཞི་ལྡན་པ༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཤེར་དབང་བརྡབ་བསྟན་ལ། ཧཱུྃ༔ ཁྱེད་རྣམས་རྟ་ཕག་ཡབ་ཡུམ་བསྒོམ༔ དབབ་བཟུང་འདྲེན་བཀྲམ་ཚོད་སྦྱར་ལ༔ དགའ་བ་བཞི་པོའི་ངོ་བོ་ཟུངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཚིག་དབང་ཤེལ་རྡོ་མེ་ལོང་རྨ་བྱའི་སྒྲོ་ཐིག་བསྟན་ལ། ཧཱུྃ༔ རྨ་བྱ་ལུག་བརྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ དྷ་རྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ མཐའ་རྟེན་མངའ་གསོལ་རྒྱལ་སྲིད་རྣམ་བདུན་གཏད་ལ། ཧོ༔ ཚེ་འདས་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ལྡན་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད་གཏད་ལ། ཧོཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་


LT32_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སར་ཐོན་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་རྫོགས་ཐོབ་ནས་ཀྱང་༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨཥྚ་མངྒ་ལ་ཧེ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་རྫོགས་པའི་ཚར་རྗེས་མར་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ་རྣམས་བྱ་བའི་སྲོལ་སྣང་ངོ་། །འདིའི་གཏེར་གཞུང་ལས་དབང་པོ་ལྔའི་ནད་དང་སྒྲིབ་པ་སྦྱོང་བ་ཙམ་ལས་མ་གསུངས་ཀྱང་དེའི་རྗེས་འབྲེལ་དུ་སྤྱི་མཐུན་ལྟར་ཟས་བསྔོ་དང་སྤྲེལ་བ་ནི། སེམས་དཔའ་ལྔའི་སྐུ་གཟུགས་མེ་ལོང་ངོས་སུ་ཤར་བ་བསྟན་ལ། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམས་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་མཛོད༔ ཡེ་ཤེས་ལྔ་ཡི་ངང་ལས་སྐུ་སྤྲུལ་པས༔ རྒྱལ་སྲས་སེམས་དཔའ་ལྔ་ཡི་ཐུགས་རྗེ་ཡིས༔ ཚེ་འདས་དབང་པོ་ལྔ་ཡི་ནད་བསལ་ནས༔ དབང་པོའི་ནད་བསལ་འདོད་ཡོན་ལྔ་སྤྱོད་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་ཚོགས་འཁོར་བའི་སྐྱབས༔ རྒྱལ་སྲས་སེམས་དཔའ་རྣམ་པ་ལྔ༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ འདོད་ཡོན་རྣམས་ལས་ཆུས་བྲན་ལ། རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ། གཟུགས་མཛེས་པ། སྒྲ་སྙན་པ།


LT32_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། ཟག་པ་མེད་པའི་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ག་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ་ལ། བསྔོ་བའི་ཚིག་དགོངས་འདུས་ཞི་ཁྲོ་ལས་བྱུང་བ་ནི། ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ བྱམས་སྡུག་ཡིད་ལ་གཅགས་པའི་གཉེན་བདུན་དང་༔ སྨོན་ལམ་ལས་འབྲེལ་མཐུན་པའི་གྲོགས་རྣམས་དང་༔ ཡུན་ཏུ་སྡེབས་པའི་སྐལ་དང་དབང་མེད་པས༔ བརྩེ་བའི་སེམས་ཀྱིས་ལོངས་སྤྱོད་སྣ་ཚོགས་བསགས༔ ཐུགས་རྗེ་ཐབས་དང་ལྡན་པའི་སློབ་དཔོན་གྱིས༔ ལོངས་སྤྱོད་གཏེར་ཆེན་འཕྲུལ་གྱི་གཞོང་པ་རུ༔ རོ་བརྒྱ་བཅུད་དང་ལྡན་པའི་བཟའ་བ་དང་༔ ཉོན་མོངས་གདུང་བ་སེལ་བའི་བཏུང་བ་བཤམས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ ཚེ་འདས་རིགས་ཀྱི་བུ་ལ་བསྔོས་པ་ཡིས༔ བཀྲེས་སྐོམ་སྡུག་བསྔལ་མ་ལུས་ཞི་ནས་ཀྱང་༔ ཡུན་གྱི་ཟས་དང་སྐོམ་དུ་འབྱུང་བར་ཤོག༔ འདོད་ཡོན་ལོངས་སྤྱོད་འདི་ལྟར་དཔག་མེད་ཀྱང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་རྫས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་ལེགས་སྤྲུལ་ནས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ ཚེ་


LT32_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རིགས་ཀྱི་བུ་ལ་བསྔོས་པ་ཡིས༔ འདོད་ཡོན་ལོངས་སྤྱོད་དཔལ་དུ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལམ་བྷ་ཏ་བྷ་དུ་ཡ་ཡ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི༔ ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ལམ་བསྟན་པ་ནི་སྒྲོན་མེ་ཐོགས་ལ༔ ཧཱུྃ༔ རང་བཞིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་པར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་བདེ་བར་ཤོག༔ཐར་པའི་ཞིང་དུ་འགྲོ་བ་ལ༔ གལ་ཏེ་མུན་པར་འཐོམ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་ཤེས་འཁྲུལ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ན༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཞིང་དུ་སྨོན་ལམ་གདབ་ཅིང་གནས་སྤར་བ་ནི། འདི་ནས་ཕྱོགས་བཞི་དབུས་ལྔ་རུ༔ བདེ་བ་ཅན་སོགས་ཞིང་ཁམས་ལྔ༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ལྔ་སྟེ༔ འབྱུང་ལྔའི་སྙིང་པོ་ཡི་གེ་ལྔ༔ དེ་ལ་བརྟེན་


LT32_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེ་རུ་སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་དབྱེར་མེད་ཤོག༔ འདི་ནས་ཕྱོགས་བཞི་དབུས་ལྔ་ནས༔ བདེ་བ་ཅན་སོགས་ཞིང་ཁམས་ལྔ༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེ་རུ་སྐྱེ་བར་གསུངས༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་རྣམས་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་ཉིད་བྱང་ཆུབ་གནས་སུ་དྲོངས༔ ལམ་ལྔ་ས་བཅུ་མཐར་ཕྱིན་ནས༔ རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ༔ ཐམས་ཅད་མཁྱེན་པའི་དོན་རྟོགས་ནས༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཤོག༔ རྣམ་ཤེས་དབྱིངས་སུ་སྤར་བ་ནི། གཞུང་ལས། རྒྱས་པར་བྱེད་ན་རིགས་ལྔ་ཐམས་ཅད་ལ༔ བསྡུས་པར་བྱེད་ན་དབུས་ཀྱི་གཙོ་བོས་ཆོག༔ ཅེས་གསུངས་པས་མདའ་གཞུའི་ཕྱག་རྒྱ་བྱས་ལ། ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕོངས་བཞིན་ཏུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་ཀུན་གྱི་སྤྱི་མེས་ནི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་


LT32_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞུགས༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་བྱ་ཡོད༔ རྒྱལ་བའི་སྲས་མཆོག་རྡོ་རྗེ་སེམས་དཔའ་བཞུགས༔ ཡུམ་ཆེན་ནམ་མཁའ་དབྱིངས་ཕྱུག་ཞེས་བྱ་བཞུགས༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཡོད༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཡ་མཚན་བཀོད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་སྟུག་པོ་བཀོད་པའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕོངས་བཞིན་ཏུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཧཱུྃ་མཐིང་ག་གཅིག་ཏུ་གྱུར་ཏེ༔ རྩལ་པོ་ཆེའི་མདའ་འཕངས་པ་བཞིན་ཏུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ ཅེས་གྱེན་དུ་འཕེན་ཚུལ་བྱ་བར་གསུངས༔ ནུབ་ཐ་མར་བྱང་བུ་བསྲེག་པ་ནི། མར་མེ་སྤར་ལ། ཨཱཿ ཀོང་བུ་རིན་ཆེན་གཞལ་ཡས་ཁང་༔ ར་ཁུ་པདྨ་ཟླ་བའི་སྟེང་༔ སྡོང་བུ་བཅོམ་ལྡན་རྡོ་རྗེ་སེམས༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཡེ་ཤེས་སྤྱན་


LT32_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་དབྱེར་མེད་ཐིམ༔ སྐུ་ལས་ཡེ་ཤེས་མེ་འབར་བས༔ ཚེ་འདས་ལས་ཉོན་སྡིག་སྒྲིབ་བསྲེགས༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཀུན་གཞིའི་རྣམ་ཤེས་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ དུག་ལྔའི་རྒྱ་མཚོ་སྐེམས་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་འགྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བ་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐམས་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་སོགས་བརྗོད་ལ་བསྲེག །བྱང་ཐལ་ལ་ས་ཙྪ་བཏབ་པ་རབ་ཏུ་གནས་ཏེ་དབེན་པར་བཞུགས། དེ་ནས་རྗེས་ཀྱི་བྱང་ཚོགས་མཆོད་སྐོང་བ་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ཆེ་ཆུང་གང་ལ་བརྟེན་པ་ཉིད་མཐར་དབྱུང་བར་བྱའོ། །ཞི་ཁྲོའི་གནས་འདྲེན་བསྡུས་པ་ཆགས་མེད་རིན་པོ་ཆེས་མཛད་པ་ལ་ཀུན་མཁྱེན་དྷརྨཱ་ཀ་རས་རིགས་དྲུག་གནས་འདྲེན་སྤྲོས་བཅས་ཀྱི་ཕྱག་བཞེས་ལ་དགོངས་ཏེ་ཅུང་ཟད་རྒྱས་སུ་བཏང་བ་ཐུགས་རྗེའི་ལྕགས་ཀྱུ་ཉིད་གྲངས་གསོག་གི་སྐབས་སུ་


LT32_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྕོགས་པས་འདིར་དེ་དག་སོར་བཞག་ལ་གཏེར་གཞུང་གི་དགོངས་པ་དང་བསྟུན་ནས་ཁ་གསལ་མདོར་བསྡུས་སུ་བགྱིས་པ་སྟེ་འདིའང་གྲངས་གསོག་སྐབས། ཐོག་མར་ར་མདའ་སྦྲན་པ། རྟེན་བསྐྱེད། འགུགས་བསྟིམ། གཤེད་ཕྲལ་རྣམས་དང་པོའི་ཚར་གཅིག་དེ་ལས་མི་དགོས་ཤིང་དབང་ཚར་འཕྲལ། ཧཱུྃ༔ འདི་ནི་སྦྱིན་པ་ཚུལ་ཁྲིམས་སོགས་ཁྲུས་ནས་མགོ་བཟུང་སྟེ་བསྐྱར་བ་ཡིན་ལ། དབང་གི་སྐབས་མིག་དར་བཅིང་འགྲོལ། མེ་ཏོག་སྟེར་འབུལ་རྣམས་ཀྱང་དང་པོ་ཚར་གཅིག་དེ་ལས་རྗེས་མ་རྣམས་ལ་མི་དགོས། དབང་གི་མཐའ་རྟེན་རྒྱལ་སྲིད་རྟགས་བརྒྱད་རྣམས་ཀྱང་ཚར་རྗེས་མའི་གཤམ་དུ་ལན་གཅིག་སྦྱོར་བ་ལས་སྔ་མ་རྣམས་ལ་མི་དགོས་པ་སོགས་ཤེས་པར་བྱའོ། །འདིས་ཀྱང་འབྲེལ་ཚད་འགྲོ་བ་རྣམས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྐུ་གསུམ་ཞི་ཁྲོའི་ཐུགས་རྗེ་ཡིས། གདོད་མའི་དབྱིངས་སུ་འཁོད་པར་ཤོག། ཅེས་པ་འདིའང་དོན་གཉེར་ཅན་མང་པོས་བསྐུལ་བ་དང་རང་ལུགས་ཀྱི་ཆོག་བཏང་བ་རྣམས་ལ་ཕན་པའི་སེམས་ཀྱིས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བླ་མ་བརྒྱུད་པའི་ཕྱག་འཚལ་ཉེས་ལྟུང་རང་གྲོལ།


LT32_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བླ་མ་བརྒྱུད་པའི་ཕྱག་འཚལ་ཉེས་ལྟུང་རང་གྲོལ་ཞེས་བྱ་བ་བཞུགས་སོ། །།


LT32_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོཿཀུན་ཁྱབ་འགྱུར་མེད་དུས་བཞི་མཉམ་ཉིད་ཀློང་། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པ་སྐུ། །རང་ཤེས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་། །ཀ་དག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །རང་སྣང་འོག་མིན་བདལ་ཁྱབ་ཐིག་ལེའི་ཞིང་། །ཟང་ཐལ་རིག་པ་འགྱུ་འཕྲིག་ལུ་གུ་རྒྱུད། །ཡེ་ཤེས་མཚན་དཔེའི་སྐུར་སྨིན་རིགས་ལྔའི་རྒྱལ། །ལྷུན་གྲུབ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །རྩལ་སྣང་མ་འགག་གདངས་གསལ་འོད་ཁྱིམ་དབུས། །ཐིག་ལེ་ཉག་གཅིག་བརྡ་ཡི་ཞལ་ཕྱག་ཚུལ། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་རྡོ་རྗེ་སེམས། །རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་བའི་རྒྱུད། །མཐར་ཐུག་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡི། །སྟོན་པ་གཉིས་པ་རང་བྱུང་བཛྲ་ཧེ། །དགའ་རབ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ཆེན་པོ་བརྙེས། །ཡེ་ཤེས་ཟང་ཐལ་དགོངས་པ་ཚད་ལ་ཕེབ། །འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུ། །ཤྲཱི་སིང་ཧའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྐུ་ལ་རྒྱལ་ཀུན་དཀྱིལ་འཁོར་རྫོགས། །གཞོམ་མེད་གསུང་ལས་དམ་ཆོས་སྤྲིན་ཆེན་སྤྲོ། །དགོངས་པའི་ཏིང་འཛིན་འཁོར་བ་དོང་ནས་སྤྲུགས། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །


LT32_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྡུད་པོ་ནུས་འབྱིན་གཟུངས་མའི་ཚུལ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་དབྱིངས་ཕྱུག་མ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །པདྨས་རྗེས་བཟུང་སྐྱེས་མཆོག་སྤྲུལ་པའི་སྐུ། །རྟོགས་གྲོལ་དུས་མཉམ་གྲུབ་པའི་རྩལ་ཆེན་རྫོགས། །གསང་གཏེར་བཀའ་བབ་ཕྲིན་ལས་མཁའ་མཐར་བརྡལ། །ཀརྨ་གླིང་པའི་ཞབས་ལ་ཕྱག་འཚལ་ལོ། །རིགས་ཀྱི་དཔྱིད་དང་ཆོས་ཀྱི་སྲས་གྱུར་ཞིང་། །གཅིག་བརྒྱུད་གྲོལ་བ་བཞི་ལྡན་ནོར་བུ་ཡིས། །ཟབ་གསང་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས། །ཉི་ཟླ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །སྨོན་ལམ་དབང་གིས་སྐྱས་ཐོབ་ལས་འཕྲོ་སད། །སྦྱངས་པའི་སྟོབས་ཀྱིས་ཤེས་རབ་ཀློང་དུ་བརྡོལ། །འཆད་རྩོམ་སྣང་བས་གཞུང་མང་ལམ་གསལ་མཛད། །ཉི་ཟླ་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ། །བཀའ་བབ་ལུང་ཟིན་རྩོད་མེད་ནམ་མཁའི་ནོར། །ཟབ་དགུའི་གདམས་བའི་གཏེར་གྱི་བུམ་པ་བཟང་། །འགྲོ་ཕན་ཟད་མེད་འཇོ་བའི་ཡིད་བཞིན་དབང་། །ནམ་མཁའ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །རི་བོ་རྒྱ་མཚོ་རིག་སྣང་ཅོག་བཞག་གི། ལྟ་དགོངས་མན་ངག་ཉམས་ལེན་གདིང་དུ་གྱུར། །རང་གྲོལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །མགོན་པོ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུས་ལ་


LT32_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞིའི་འགྲོས་ཐིམ་པས། །ནང་གི་ལམ་ལས་རྟག་བདེའི་གོ་འཕང་བརྙེས། །རྣམ་གསུམ་ཡོ་གའི་སྙིང་བཅུད་དགོངས་འདུས་པ། །ཆོས་ཀྱི་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཟབ་ཆོས་དུ་མའི་བདག་པོར་ལུང་གིས་ཟིན། །བསྙེན་སྒྲུབ་ཆུ་བོ་ལྟ་བུའི་རྒྱུན་སྲོལ་བཙུགས། །བཀའ་གཏེར་ཉི་མ་འདྲེན་པའི་ཤིང་རྟ་བ། །བློ་གྲོས་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ཡི་སྣང་བ་རིག་པའི་རྩལ་དུ་གྲོལ། །ནང་གི་འགྱུ་སྟོང་སྐྱེ་མེད་དབྱིངས་སུ་ཆོད། །བར་དུ་འོད་གསལ་བདེ་བའི་ཉི་མ་ཤར། །དོན་གྲུབ་བཀྲ་ཤིས་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱའི་རྒྱ་མཚོ་རྣམ་དཔྱོད་བུམ་པར་དྲངས། །གནས་ལུགས་གཉུག་མའི་གཏེར་ཁ་ནང་ནས་བརྡོལ། །སྨོན་ལམ་མཐུ་ཅན་གདུལ་བྱ་རྒྱ་མཚོའི་མགོན། །ལེགས་བཤད་སྒྲ་དབྱངས་ཞབས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཏིང་འཛིན་སེམས་ཀྱི་བསླབ་པ་ཡིས། །ཐུགས་རྒྱུད་ལེགས་གཏམས་མཚུངས་མེད་རྒྱལ་བའི་སྲས། །པདྨའི་བརྒྱུད་འཛིན་མཆོག་གི་སྤྲུལ་པའི་སྐུ། །བློ་གྲོས་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །ལུས་གནས་རྩ་ཡིག་དྭངས་མས་དབང་དུ་གྱུར། །ཐིག་རླུང་འགྱུར་མེད་བདུད་རྩིའི་རོ་ཡིས་མྱོས། །བདེ་སྟོང་མཁའ་ཁྱབ་ཆེན་པོའི་རིག་སྔགས་འཆང་། །སངས་རྒྱས་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །ལྟོས་མེད་བཞི་དང་ལྡན་པའི་རྣལ་འབྱོར་གྱིས། །


LT32_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གཅིག་ཟུང་འཇུག་ཆེན་པོའི་རྒྱལ་སར་གཤེགས། །གཡུང་མོ་ཁྲག་འཐུང་བཤེས་གཉེན་ཚུལ་འཛིན་པ། །ཀུན་དགའ་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་རྒྱུད་སྡེར་མཁྱེན་པའི་དཀྱིལ་འཁོར་རྒྱས། །བརྩེ་ཆེན་ཟག་པ་མེད་པའི་འོད་སྟོང་འཕྲོ། །ནུས་པའི་དྲྭ་བས་སྲིད་ཞི་ཁྱབ་པར་སྡོམ། །བློ་གྲོས་ཉི་མའི་ཞབས་ལ་ཕྱག་འཚལ་ལོ། །བཏང་བཞག་བྲལ་བའི་བསམ་གཏན་མངོན་གྱུར་པས། །འབད་རྩོལ་གཉེན་པོའི་ལམ་ལ་མ་ལྟོས་པར། །བདེ་གསལ་མི་རྟོག་དགོངས་པ་མཐའ་དབུས་མེད། །བསོད་ནམས་འགྱུར་མེད་ཞབས་ལ་ཕྱག་འཚལ་ལོ། །ལྟ་སྒོམ་སྤྱོད་པའི་བློ་ཡི་གཟེབས་ལས་གྲོལ། །ཞེ་འདོད་ཉམས་མྱོང་འཛིན་པའི་བརྟོད་ཕུར་བུད། །གདོད་གནས་རྟོག་པའི་རྡོ་རྗེའི་གོ་འཕང་པ། །དཀོན་མཆོག་བསྟན་འཛིན་ཞབས་ལ་ཕྱག་འཚལ་ལོ། །རིམ་གཉིས་ལྷ་སྐུ་ཞུ་བདེ་མངོན་ཏུ་གྱུར། །སྲོག་དང་རྩོལ་བ་རྡོ་རྗེའི་བཟླས་པར་གྱུར། །དཀྱིལ་འཁོར་ཆེན་པོའི་རྡོ་རྗེའི་སློབ་དཔོན་མཆོག །བསྟན་པ་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཤ་བ་རི། །གདུལ་བྱའི་དོན་ཏུ་མཁས་གྲུབ་སྐྱེས་བུའི་ཚུལ། །གཞུང་ལུགས་གདམས་ངག་སྨིན་གྲོལ་བྱེ་བའི་གཏེར། །གསུང་རབ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །དུས་


LT32_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀུན་མཁྱེན་པདྨའི་བྱིན་རླབས་ཀྱིས། །རང་བྱུང་ཡེ་ཤེས་སྙིང་གི་དབུས་སུ་སད། །ཐུགས་གཏེར་མཛོད་འཛིན་སྙིགས་མའི་འགྲོ་བ་འདུལ། །རོལ་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་སྟོང་ཉིད་ཕྱག་རྒྱ་ཆེན་མོ་དང་། །རྩོལ་མེད་རིག་པའི་སྐྱེས་བུ་འདུ་འབྲལ་མེད། །བདེ་སྟོང་ཁ་སྦྱོར་གྲུབ་པའི་རྡོ་རྗེ་འཛིན། །ཆོས་སྐྱོང་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གནས་ལྔ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །མདོ་རྒྱུད་མན་ངག་དུ་མའི་ཆོས་ཀྱི་མཛོད། །ཡོངས་རྫོགས་བསྟན་པའི་ཉིན་བྱེད་གཅིག་པུ་བ། །ཆོས་ཀྱི་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །རང་ལས་བྱུང་བའི་འཇའ་འོད་ཁང་བཟང་དུ། །རང་རིག་འགྱུར་མེད་རྡོ་རྗེ་ལུ་གུ་རྒྱུད། །གཡོ་ཐོབ་གོམས་བརྟན་སྣང་བ་ཚད་ལ་ཕེབ། །དགེ་ལེགས་རབ་རྒྱས་ཞབས་ལ་ཕྱག་འཚལ་ལོ། །སྤྲོས་པའི་བླང་དོར་གཟའ་གཏད་མེད་པར་ཐིམ། །གཉིས་སྣང་འཁྲུལ་པའི་རི་མོ་དབྱིངས་སུ་ཡལ། །གང་ཤར་ལམ་དུ་ལོངས་བའི་རྣལ་འབྱོར་པ། །ཆོས་སྐྱོང་འགྱུར་མེད་ཞབས་ལ་ཕྱག་འཚལ་ལོ། །བྱིན་རླབས། ཐུགས་རྗེའི་གཟི་བྱིན་མཚུངས་པ་མེད། །འབྲེལ་ཚད་སྐལ་ལྡན་ཐར་པའི་ལམ་དུ་སྦྱོར། །སྙིགས་མའི་དུས་སུ་རྒྱལ་བའི་མཛད་པ་ཅན། །བསྟན་འཛིན་ཉིན་བྱེད་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་


LT32_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་འགྱུར་མེད་རྡོ་རྗེའི་ཐུགས། །དམ་ཆོས་ཀུན་འདུས་འགག་མེད་རྡོ་རྗེའི་གསུང་། །དགེ་འདུན་ཀུན་འདུས་མི་ཤིགས་རྡོ་རྗེའི་སྐུ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །གཟུང་འཛིན་འཆིང་བ་མ་སྤངས་རང་སར་གྲོལ། །རང་སྣང་རིས་མེད་ཀུན་བཟང་དགོངས་པའི་ཀློང་། །རྟོགས་གྲོལ་འཁོར་བ་དོང་སྤྲུགས་བྱིན་གྱིས་རློབས།། །།འདི་ལྟར་བཤེས་གཉེན་དམ་པའི་ཐུགས་བཞེད་ངོར། །གསུང་གི་རྡོ་རྗེ་པདྨའི་རིག་སྔགས་འཛིན། །བློ་གྲོས་མཐའ་ཡས་ཡོན་ཏན་རྒྱ་མཚོས་བྲིས། །འབྲེལ་ཐོགས་འགྲོ་ཀུན་ཀ་དག་ཀློང་གྲོལ་ཤོག །སརྦ་མངྒ་ལཾ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བླ་མ་བརྒྱུད་པའི་དོན་བསྐང་འབྲེལ་ཚད་རང་གྲོལ།


LT32_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བླ་མ་བརྒྱུད་པའི་དོན་བསྐང་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །


LT32_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། །དོན་ནས་མ་བཅོས་འོད་གསལ་གཉུག་མའི་གདངས། །གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན། །དཀྱིལ་འཁོར་ཀུན་གྱི་སྲོག་ཏུ་རྟག་བཞུགས་པ། །རྡོ་རྗེ་སློབ་དཔོན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །གསང་གསུམ་རྣམ་འཕྲུལ་ཤེས་དང་ཤེས་བྱར་ཁྱབ། །མཛད་པའི་ཕྲིན་ལས་གང་འདུལ་མ་ངེས་སྟོན། །འཁོར་འདས་མ་ལུས་ཡེ་ཤེས་ཆོ་འཕྲུལ་ཏེ། །སྐྱེ་འགག་གནས་དང་འགྲོ་འོང་མི་མངའ་ཡང་། །མཁའ་དབྱིངས་གང་བར་སྐུ་འཕྲུལ་གར་མཛད་པ། །དད་པའི་མཁའ་ལ་དབང་པོའི་གཞུ་བཞིན་ཏུ། །ཟུང་འཇུག་ཡེ་ཤེས་རོལ་པ་ཅི་ཡང་འཆར། །བྱིན་རླབས་གཟི་བརྗིད་འཁོར་འདས་ཁྱབ་པར་གཡོ། །འོད་གསལ་སྙིང་པོ་ལྔ་ལྡན་ངོ་བོར་བཞུགས། །གཅེར་མཐོང་རིག་པར་འདུ་འབྲལ་མེད་པ་ལ། །ཆོས་ཉིད་མངོན་ཏུ་མཐོང་བའི་ཕྱག་གིས་འདུད། །ཉམས་སྣང་གོང་འཕེལ་རྡོ་རྗེའི་མཆོད་སྤྲིན་འབུལ། །རིག་པ་ཚད་ཕེབ་བྲལ་ཐོབ་མེད་པར་བཤགས། །ཆོས་ཟད་འཕེལ་འགྲིབ་བྲལ་བར་རྗེས་ཡི་རངས། །གྲོལ་བ་བཞི་ཡིས་སྲིད་ཞི་དབྱིངས་སྒྲོལ་ཏེ། །སྐྱེ་འཇུག་དབང་ཐོབ་འཕོ་ཆེན་སྐུར་བཞུགས་གསོལ། །སྣང་སྲིད་གཞིར་རྫོགས་ཀུན་བཟང་གསང་བའི་ལམ། །ལྷུན་གྲུབ་སྦུབས་སུ་འཁོར་བ་དོང་སྤྲུགས་ཤོག །ཧཱུྃ། འོད་གསལ་རྡོ་རྗེ་སྙིང་པོའི་ཀློང་


LT32_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་སུ། །མཁའ་ཁྱབ་དང་པོའི་སངས་རྒྱས་འོད་མི་འགྱུར། །ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །རིག་པ་བཞི་ཐོག་གྲོལ་བའི་དངོས་གྲུབ་སྩོལ། །ཚངས་པ་རྔ་སྒྲ་བཀོད་པ་མཐའ་ཡས་སུ། །རང་སྣང་སྐུ་དང་ཞིང་ཁམས་སྤྲོ་བསྡུའི་གཞི། །ལོངས་སྐུ་རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང་། །སྣང་བཞི་ཟད་སར་འཁྱོལ་བའི་དངོས་གྲུབ་སྩོལ། །རྡུལ་སྙེད་ཚངས་པ་ཆེན་པོའི་ཞིང་ཁམས་ན། །ནམ་མཁའི་ངོ་བོ་སྣ་ཚོགས་གཟུགས་བརྙན་འཆང་། །སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །ངན་སོང་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ། །གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ། །ཤེས་རབ་མཐའ་ཡས་རྒྱལ་བ་ཀུན་གྱི་སྲས། །རིག་འཛིན་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་། །ཆོས་ཉིད་བྱ་རྩོལ་བྲལ་བའི་དངོས་གྲུབ་སྩོལ། །བསིལ་ཚལ་རྩུབ་འགྱུར་རབ་ཏུ་འབར་བ་ན། །ཟུང་འཇུག་ཡེ་ཤེས་རྡོ་རྗེའི་ཅོད་པན་ཅན། །མཁས་པ་ཤྲཱི་སི༚་ཧའི་ཐུགས་དམ་བསྐང་། །མངོན་སུམ་རང་ཐོག་དབབ་པའི་དངོས་གྲུབ་སྩོལ། །བདེ་ཆེན་པདྨ་འོད་ཕུང་འཁྱིལ་བའི་ཀློང་། །རྒྱལ་བ་ཀུན་དངོས་འཆི་མེད་རྡོ་རྗེའི་སྐུ། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་། །སྐྱེ་འཆིའི་མཚན་མ་ཟད་པའི་དངོས་གྲུབ་སྩོལ། །གཞོ་སྟོད་ཏེ་སྒྲོ་མཁའ་འགྲོའི་


LT32_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཁང་ན། །ལྷན་སྐྱེས་ཟག་མེད་བདེ་བའི་ལང་ཚོ་ཅན། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །བདེ་སྟོང་འཕོ་འགྱུར་མེད་པའི་དངོས་གྲུབ་སྩོལ། །ལུང་བསྟན་རི་བོ་ཤཱནྟིའི་སྒྲུབ་གནས་སུ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །གཏེར་ཆེན་ཀརྨ་གླིང་བའི་ཐུགས་དམ་བསྐང་། །ཐོབ་གསུམ་གཟེར་ཆེན་ཐེབ་པའི་དངོས་གྲུབ་སྩོལ། །ཆོས་སྐུའི་དགོངས་པ་བྱ་རྩོལ་བྲལ་བ་ན། །རྩོལ་མེད་ཡེ་ཤེས་ལྷུན་འབྱམས་ས་གྲུབ་པ། །ཐུགས་སྲས་ཉི་ཟླ་ཆོས་རྗེའི་ཐུགས་དམ་བསྐང་། །གདིང་བཞིའི་དྲོད་ཚད་རྙེད་པའི་དངོས་གྲུབ་སྩོལ། །མཁྱེན་བརྩེའི་སྣང་བ་འབུམ་ཕྲག་བརྡལ་བ་ན། །བཤད་སྒྲུབ་རྒྱུན་ཆད་མེད་པའི་འཁོར་ལོ་ཅན། །བཀའ་བབ་ཉི་ཟླ་འོད་ཟེར་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ཁ་བྱེ་བའི་དངོས་གྲུབ་སྩོལ། །རླབས་ཆེན་འགྲོ་བ་འདུལ་བའི་ཞིང་ཁམས་སུ། །ཐོས་གྲོལ་གདམས་པས་ས་ཆེན་ཁྱབ་མཛད་པ། །ཆོས་བདག་ནམ་མཁའ་རྒྱ་མཚོའི་ཐུགས་དམ་བསྐང་། །སྨིན་གྲོལ་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །བརྟན་གཡོ་ཞུ་བདེས་ཁྱབ་པའི་ཕོ་བྲང་ན། །ལུས་གནས་ཡི་གེ་ལོངས་སྤྱོད་རྫོགས་སྐུར་སྨིན། །སོ་པ་མགོན་པོ་རྡོ་རྗེའི་ཐུགས་དམ་བསྐང་། །གཉིས་སྣང་དབྱིངས་སུ་ནུབ་བའི་དངོས་གྲུབ་སྩོལ། །ལུས་ཁམས་ལྷན་སྐྱེས་


LT32_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བརླན་པ་ན། །འཁོར་ལོའི་དྭངས་སྲོག་རྡོ་རྗེ་སེམས་དཔར་གྲུབ། །དགོངས་འདུས་ཨ་བོ་ཆོས་རྗེའི་ཐུགས་དམ་བསྐང་། །ལུས་གནས་བདུད་རྩི་འབྱང་བའི་དངོས་གྲུབ་སྩོལ། །དབྱིབས་སྔགས་ཏིང་ངེ་འཛིན་གྱི་འདུ་འཕྲོའི་ཀློང་། །རིག་པ་ཕྱག་རྒྱའི་འོད་ཟེར་ཤིན་ཏུ་གསལ། །མཚུངས་མེད་བློ་གྲོས་རྒྱ་མཚོའི་ཐུགས་དམ་བསྐང་། །སྣང་སྟོང་ལྷ་སྐུ་རང་ཤར་དངོས་གྲུབ་སྩོལ། །བརྟུལ་ཞུགས་འཁོར་ལོ་ཕྱོགས་མེད་བསྐོར་བ་ན། །གཟུང་འཛིན་འཁྲུལ་རྟོགས་གཏད་མེད་དབྱིངས་སུ་གཅོད། །རྟོགས་ལྡན་དོན་གྲུབ་བཀྲ་ཤིས། ཐུགས་དམ་བསྐང་། །གྲགས་སྟོང་རང་སྒྲར་ཤེས་པའི་དངོས་གྲུབ་སྩོལ། །སོ་སོར་རྟོགས་པའི་རླབས་ཕྲེང་འབར་བ་ན། །གདན་གསུམ་འཁོར་འདས་དབྱེར་མེད་གྲུབ་མཐའ་བ། །རྗེ་བཙུན་ལེགས་བཤད་སྒྲ་དབྱངས་ཐུགས་དམ་བསྐང་། །རིག་སྟོང་རྗེན་པར་བུད་པའི་དངོས་གྲུབ་སྩོལ། །བྱང་ཆུབ་སེམས་ཀྱི་རང་བཞིན་སད་པ་ན། །མི་ཕྱེད་རྡོ་རྗེ་བཞི་ཡི་དམ་ཚིག་ཅན། །གར་དབང་བློ་གྲོས་རྣམ་རྒྱལ་ཐུགས་དམ་བསྐང་། །ཉམས་ཆགས་འཛིན་པ་ཟད་པའི་དངོས་གྲུབ་སྩོལ། །གསང་བ་དགྱེས་པ་བཟང་མོའི་བྷ་ག་ན། །ཟག་མེད་བདེ་བའི་རྡོ་རྗེའི་དུ་འབྲལ་མེད། །སྔགས་འཆང་སངས་རྒྱས་རིན་ཆེན་ཐུགས་དམ་བསྐང་། །བདེ་སྟོང་འཕོ་འགྱུར་མེད་པའི་དངོས་གྲུབ་


LT32_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །སྣང་སྲིད་ཆོས་སྐུར་དག་པའི་ཕོ་བྲང་དུ། །ཡིད་ཆོས་བྱ་རྩོལ་ཡེ་ཤེས་སློང་དུ་འབྱམས། །ཀརྨ་ཀུན་དགའ་རྣམ་རྒྱལ་ཐུགས་དམ་བསྐང་། །ཡེ་གྲོལ་གཞི་མེད་རྟོགས་པའི་དངོས་གྲུབ་སྩོལ། །ལུང་དང་རྟོགས་པའི་གཟི་བྱིན་རྒྱས་པ་ན། །གཞོམ་མེད་ཆོས་སྒྲ་ཟབ་མོའི་སྣང་བ་ཅན། །འདྲེན་མཆོག་བློ་གྲོས་ཉི་མའི་ཐུགས་དམ་བསྐང་། །རང་གྲོལ་གཉེན་པོ་ཞིག་པའི་དངོས་གྲུབ་སྩོལ། །མི་གཡོ་སུམ་ལྡན་ཁྱབ་བདལ་གཉུག་མའི་ཀློང་། །རྩ་རླུང་ཐིག་ལེ་འོད་གསལ་ངང་དུ་དག །ཆེ་ཚང་བསོད་ནམས་འགྱུར་མེད་ཐུགས་དམ་བསྐང་། །གཅེར་གྲོལ་མཐོང་སར་ཡལ་བའི་དངོས་གྲུབ་སྩོལ། །བདེ་གསལ་མི་རྟོགས་ཉམས་ཀྱི་སྤྲིན་རུམ་ན། །རིག་སྟོང་ཟླ་བ་གཞོན་ནུའི་འཛུམ་ཟེར་ཅན། །གྲུབ་ཆེན་དཀོན་མཆོག་བསྟན་འཛིན་ཐུགས་དམ་བསྐང་། །ཡོངས་གྲོལ་འབད་རྩོལ་མེད་པའི་དངོས་གྲུབ་སྩོལ། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་། །སྣང་སེམས་ཆོས་ཀུན་གདོད་མའི་ཟད་སར་བསྐྱལ། །སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ཐུགས་དམ་བསྐང་། །གཟུང་འཛིན་འབྲེལ་ཐག་ཆད་པའི་དངོས་གྲུབ་སྩོལ། །ཟབ་གསང་ཆོས་སྒོ་རིས་མེད་འབྱེད་པ་ན། །བདེན་གཉིས་ལམ་གྱིས་གདུལ་བྱ་གྲངས་མེད་འདྲེན། །འཇམ་མགོན་གསུང་རབ་རྒྱ་མཚོའི་ཐུགས་


LT32_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །ངེས་འབྱུང་སྙིང་ནས་བརྩོལ་བའི་དངོས་གྲུབ་སྩོལ། །གནས་གསུམ་ཌཱ་ཀིའི་འདུ་བ་འཁྲིགས་པའི་དབུས། །ཧཱུྃ་ཆེན་ཀ་རའི་སྒྱུ་འཕྲུལ་ཐུགས་གཏེར་བདག །རིག་འཛིན་རོལ་པའི་རྡོ་རྗེའི་ཐུགས་དམ་བསྐང་། །སྣང་རྐྱེན་གྲོགས་སུ་འཆར་བའི་དངོས་གྲུབ་སྩོལ། །ཚོགས་དྲུག་རང་སར་གྲོལ་བའི་དབེན་གནས་སུ། །གཞིར་རྫོགས་ཐག་ཆོད་དགོངས་པ་འཕོ་འགྱུར་མེད། །གར་དབང་ཆོས་སྐྱོང་རྣམ་རྒྱལ་ཐུགས་དམ་བསྐང་། །མི་རྟག་སྙིང་ལ་གཟེར་བའི་དངོས་གྲུབ་སྩོལ། །མཁྱེན་གཉིས་ཡེ་ཤེས་མཁའ་ཁྱབ་འབར་བ་ན། །འཇམ་པའི་རྡོ་རྗེ་བཤེས་གཉེན་ཚུལ་འཛིན་པ། །ཀརྨ་བསྟན་པའི་ཉིན་བྱེད་ཐུགས་དམ་བསྐང་། །ཉམས་རྟོགས་གཏེར་ཁ་བརྡོལ་བའི་དངོས་གྲུབ་སྩོལ། །ཤེས་རབ་རང་བྱུང་སྒྲོན་མེ་འབར་བའི་ཀློང་། །དོན་དམ་ཡེ་ཤེས་ཐིག་ལེའི་རྩལ་རྫོགས་པ། །གྲུབ་མཆོག་དགེ་ལེགས་རབ་རྒྱས་ཐུགས་དམ་བསྐང་། །ཆོས་བརྒྱད་འཆིང་བ་ཚོད་པའི་དངོས་གྲུབ་སྩོལ། །བྱིན་རླབས་མྱུ་གུ་རྒྱས་པའི་དགའ་ཚལ་ན། །སྣང་རིག་རྟོག་གསུམ་མཉམ་པ་ཉིད་དུ་བརྡལ། །གར་དབང་ཆོས་སྐྱོང་འགྱུར་མེད་ཐུགས་དམ་བསྐང་། །དམིགས་མེད་སྙིང་རྗེ་རྒྱས་པའི་དངོས་གྲུབ་སྩོལ། །རང་བཞིན་འོད་གསལ་འཁོར་ཡུག་ཞིང་ཁམས་ན། །པདྨའི་རྒྱལ་ཚབ་སྙིགས་དུས་འགྲོ་བ་འདུལ། །


LT32_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉིན་བྱེད་དབང་པོའི་ཐུགས་དམ་བསྐང་། །གདོས་བཅས་འོད་དུ་གྲོལ་བའི་དངོས་གྲུབ་སྩོལ། །རང་རིག་འབྲལ་མེད་ཀ་དག་ཀློང་ཡངས་སུ། །གདོད་མའི་མགོན་པོ་སངས་རྒྱས་ཀུན་གྱི་དངོས། །དྲན་ཆོག་རྩ་བའི་བླ་མའི་ཐུགས་དམ་བསྐང་། །རྟོགས་གྲོལ་དུས་མཉམ་ཆེན་པོའི་དངོས་གྲུབ་སྩོལ། །ཧཱུྃ། བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང་། །འཁོར་འདས་དབྱེར་མེད་ལྟ་བས་ཐུགས༴ །སྣང་སྲིད་གཞིར་བཞེངས་སྒོམ་པས་ཐུགས༴ །རང་གྲོལ་ཅོག་བཞག་སྤྱོད་པས༴ བསྲུང་མེད་དམ་ཚིག་རྣམ་བཞིས༴ །ཆོས་ཟད་བློ་འདས་འབྲས་བུའི་ཐུགས་དམ་བསྐང་། །བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་། །མཆོད་དུ་མེད་དེ་གཉིས་མེད་རོལ་པར་མཆོད། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་། །བདག་སོགས་འཁོར་བའི་སེམས་ཅན་མ་ལུས་པ། །སྐྱེ་གནས་བར་དོར་གཉུག་མའི་གཏན་སྲིད་ཟིན། །རྨི་ལམ་བར་དོར་རང་སྣང་གཏན་ལ་ཕེབ། །བསམ་གཏན་བར་དོར་སྣང་བཞིའི་རྩལ་ཆེན་རྫོགས། །འཆི་ཁ་བར་དོར་འཁྲུལ་སྣང་གཞི་ཐོག་གྲོལ། །ཆོས་ཉིད་བར་དོར་འོད་གསལ་མ་བུ་འདྲེས། །


LT32_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་བར་དོར་དག་པའི་ཞིང་དུ་བགྲོད། །བྱ་རྩོལ་གཉིས་མེད་ཀུན་བཟང་དགོངས་པའི་ཀློང་། །མ་བཙལ་ལྷུན་གྲུབ་སྲིད་གསུམ་དྭངས་རྫོགས་པ། །ཀ་དག་ཀུན་ཏུ་བཟང་པོའི་གྲོལ་གཞི་རུ། །འཁོར་བ་རུ་ལྡོག་སྣང་སྲིད་དབྱིངས་སྒྲོལ་ཏེ། །ཀུན་ཟླུམ་ཐིག་ལེ་ཆེན་པོར་བྱང་ཆུབ་ཤོག །ཅེས་འདི་སྒྲུབ་བརྩོན་བསྟན་པའི་ ཐུགས་བཞེད་ལྟར། །ཡོན་ཏན་རྒྱ་མཚོས་རྣམ་རྒྱལ་དགོན་དུ་བྲིས། །ནོངས་པ་གང་མཆིས་རྩ་གསུམ་སྤྱན་སྔར་བཤགས། །དགེ་བས་འཁོར་བ་ངན་སོང་དོང་སྤྲུགས་ཤོག། །།སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ།


LT32_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ་བཞུགས་སོ། །


LT32_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇིག་རྟེན་དབང་ཕྱུག་ཞབས། །སྙིང་གི་པདྨོར་རྟག་མཆོད་ནས། །ངན་སོང་རང་གྲོལ་ནང་སྒྲུབ་ཀྱི། །འདོན་འགྲིགས་རྒྱུན་ཁྱེར་སླད་དུ་སྤེལ། །སྐྱབས་སེམས་སྔོན་ཏུ་སོང་ནས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་ནང་། །བྷྲཱུྃ་ལས་གཞལ་ཡས་མཚན་ཉིད་ཡོངས་རྫོགས་དབུས། །གསེར་གྱི་ས་གཞི་པད་ཉི་ཟླ་གདན་གསལ། །ཨོཾ་མ་ི་པདྨེ་ཧཱུྃ། ཧྲཱིཿ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ རྣམ་དག་དྲི་མེད་སྐུ་མདོག་དགར་ལ་འཚེར༔ རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར༔ ཡན་ལག་ལོངས་སྐུའི་ཕྱག་གི་དང་


LT32_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ན༔ སྐྱོན་གྱིས་མ་གོས་པདྨ་དཀར་པོ་འཛིན༔ ཉོན་མོངས་དག་བྱེད་རིམ་པ་སྤྱི་བླུགས་ཐོགས༔ ཐབས་དང་ཤེས་རབ་དབྱེར་མེད་མདའ་གཞུ་བསྣམས༔ ཉིང་ལག་སྤྲུལ་སྐུའི་ཕྱག་གི་དང་པོ་ན༔ འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན༔ ཡི་དྭགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་མཛད༔ འཕྲོ་གཅོད་དོན་ལྡན་གསེར་གྱི་འཁོར་ལོ་བསྐོར༔ ཞབས་གཉིས་པདྨའི་གདན་ལ་མཉམ་པར་བཞེངས༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་


LT32_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ༔གཟི་བརྗིད་འོད་དཔག་མེད་པའི་སྐུ་རུ་གསལ༔གནས་ལྔར་ཁ་སརྤ་ི་དཀར་དམར་མཐིང་། །སེར་ལྗང་ཕྱག་གཡས་སྐྱབས་སྦྱིན་གཡོན་པདྨ། །པད་ཟླར་སེམས་སྐྱིལ་འོད་སྐུ་ནས་ཙམ་གསལ། །ཡུམ་མཆོག་གསང་ཡི་ཞལ་གཅིག་ཁྲོ་འཛུམ་དམར། །ཕྱག་བཞིས་གྲི་ཐོད་རལ་གྲི་ཁ་ཊྃྭཱ་བསྣམས། །རུས་པའི་རྒྱན་སྤྲས་ཞབས་གཉིས་ཡབ་ལ་འཁྲིལ། །དབུ་གཙུག་སྣང་མཐའ་ཚེ་དཔག་ཡབ་ཡུམ་དམར། །མཉམ་བཞག་ཚེ་བུམ་འབྱུང་བཅུད་བདུད་རྩིས་གཏམས།། ༈ །།དེ་ཡི་ཤར་དུ་རིག་འཛིན་འཇའ་ཚོན་སྙིང་། །ལྷོ་རུ་མཉམ་མེད་སྙི་སྒོམ་འཛམ་གླིང་གྲགས། །ནུབ་ཏུ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ། །བྱང་དུ་རྒྱལ་བའི་དབང་པོ་ཀརྨ་པ། །བླ་མ་འདི་བཞི་འཇའ་ཚོན་པ་ཉིད་ཀྱིས་སྙན་བརྒྱུད་གཙུག་རྒྱན་ནོར་བུའི་གཤམ་དུ་གསུངས་པ་ལ་ཅུང་བསྒྱུར་བ་རྒྱུན་ཁྱེར་ལྟ་བུའི་སྐབས་ལེགས་ཤིང་ནང་སྒྲུབ་རྐང་ཚུགས་བྱེད་ན་འདི་བཞི་མི་དགོས་སོ། །གཙོ་བོའི་ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་། །ཤར་དུ་ཛཾ་དཀར་འབྲུག་ཞོན་རིན་ཆེན་བརྒྱན། །ཕྱག་གཡས་བགྲང་ཕྲེང་ནེའུ་ལེའི་རྒྱལ་བ་གཡོན། །གཡས་སུ་འཛམ་དཀར་མཆོག་སྦྱིན་ཨུཏྤལ་སྟེང་། །ཤར་ཕྱིན་པོད་མཚན་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ནུབ་ཏུ་མི་གཡོ་དཀར་པོ་


LT32_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་དཀྱིལ་ལ། །པུས་གཙུགས་ཁྲོས་ཚུལ་རལ་གྲི་སྡིགས་མཛུབ་མཛད། །གཡོན་ཏུ་སྒྲོལ་དཀར་སྤྱན་བདུན་ཟླ་བ་ལ། །རྒྱབ་བརྟེན་མཆོག་སྦྱིན་ཨུཏྤལ་སྐྱིལ་ཀྲུང་བཞུགས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་ཆས་སྤྲས། །དེ་ཡི་རྒྱབ་ཏུ་པདྨ་ཟླ་གདན་ལ། །གཡས་སུ་ཤཱཀ་ཐུབ་ས་གནོན་མཉམ་བཞག་སེར། །རྒྱབ་ཏུ་མར་མེ་མཛད་དམར་མཉམ་བཞག་རྒྱ། །གཡོན་ཏུ་བྱམས་པ་ཐལ་སྦྱར་གུར་གུམ་མདོག །མདུན་ཏུ་གུ་རུ་པདྨ་རས་གཟན་ཅན། །དབུ་སྐྲ་ཐོར་ཅོག་རྡོ་རྗེ་ཐོད་པ་འཛིན། །ཟིལ་ཕྲུམ་འཇའ་འོད་འཁྱིལ་པའི་ཀློང་ན་བཞུགས། །སྒོ་བཞིར་སྟག་ཕག་སེང་གི་སྤྱང་གདོང་མ། །དཀར་སེར་དམར་ལྗང་ཕྱག་གཡས་ལྕགས་ཀྱུ་ཞགས། །ལྕགས་སྒྲོག་དྲིལ་བུ་གཡོན་རྣམས་ཞགས་པ་འཛིན། །སྟངས་སྟབས་ཚུལ་བཞུགས་གཙོ་འཁོར་ཐམས་ཅད་ཀྱི། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ས་བོན་ལས། །འོད་འཕྲོས་དུས་གསུམ་རྒྱལ་བ་སྲས་དང་བཅས། །ཉི་ཟེར་རྡུལ་འཁྲིགས་ལྟ་བུར་སྤྱན་དྲངས་ཐིམ། ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འགྲོ་བའི་དོན་ཏུ་སྐུར་སྤྲུལ་པ༔ ཐུགས་རྗེའི་དབང་གིས་གནས་


LT32_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས་སུ་གསོལ༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ ཨེ་ཧྱེ་ཧི་ཛཿཧཱུྃ་བྃ་ཧོཿ འཁོར་བཅས་མདུན་གྱི་ནམ་མཁར་བཞུགས་པར་བསམས་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས༔ འགྲོ་བ་སེམས་ཅན་མ་ལུས་དོན་མཛད་ཕྱིར༔ བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ༔ ཐུགས་དམ་དབང་གིས་བཞུགས་ནས་བྱིན་གྱིས་རློབས༔ ཨོཾ་མ་ི་པདྨེཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱིཿ ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་༔ འགྲོ་བའི་དོན་ཕྱིར་ལོངས་སྤྱོད་རྫོགས་སྐུར་བསྟན༔ ཐུགས་རྗེའི་ཅིར་སྣང་སྤྲུལ་སྐུའི་འགྲོ་དོན་མཛད༔ སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་མ་ི་པདེྨ་ཧཱུྃ༔ ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི༔ མཆོད་པ་ནི༔ ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ༔ ཉོན་མོངས་བཀྲིས་བསྐོམ་གདུང་བ་མི་མངའ་ཡང་༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་བསགས་ཕྱིར༔ པཱུ་ཛའོ་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ༔ ཨོཾ་མ་ི་པདྨེ་ཧཱུྃ༔ སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ཧྲཱིཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ སྣང་གསལ་དྲི་ཆབ་བཟའ་བཏུང་སྒྲ་སྙན་སོགས༔ ཕྱི་ཡི་མཆོད་པ་སྣ་ཚོགས་བཞེས་སུ་གསོལ༔ ཨོཾ་མ་ི་པདྨེ་ཧཱུྃ༔


LT32_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ། བཱ་དྱཾ་ པུཥྤེ་ དྷུ་པེ་ དྷཱི་པཾ་ གནྡྷེ་ ནཻ་ཝི་དྱཾ་ ཤབྟ་ སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཧྲཱི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། བཀྲ་ཤིས་ལྷ་མོ་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པ་འབུལ༔ དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་མ་ི་པདྨེ་ཧཱུྃ༔ བཛྲ་ལཱ་སེྱ། བཛྲ་ཤབྟ་ བཛྲ་གནྡྷེ་ བཛྲ་ནཻ་ཝི་དྱཾ་ བཛྲ་པཉྩ་ལཱི་ཀ བཛྲ་དྷརྨ་ སརྦ་པཱུ་ཛ་ཡ་མཎྜ་ལ་ཨ་ལ་ལ་ཧོཿ གཉིས་མེད་བསྟིམ་པ་ནི༔ ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང་༔ གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས༔ གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང་༔ འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཨོཾ་མ་ི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ དབང་བསྐུར་གསོལ་གདབ་ནི༔ ཧྲཱིཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས༔ རྒྱལ་བ་རིགས་ལྔ་འོག་མིན་གནས་ནས་བཞེངས༔ རིགས་ཀྱི་བདག་པོས་དབང་བསྐུར་བྱིན་གྱིས་རློབས༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ ཨཱོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཨཱཿ དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་གྱུར༔ སྐུ་གསུང་ཐུགས་བྱིན་གྱིས་


LT32_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་ནི༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ བྱིན་རླབས་དབང་བསྐུར་རྒྱས་གདབ་བོ༔ ཀ་ཡ་སིངྡྷི་ཨཱོཾ༔ ཝཱཀྐ་སིངྡྷི་ཨཱཿ ཙིཏྟ་སིངྡྷི་ཧཱུྃ༔ བསྟོད་པ་ནི་རྒྱས་པར་སྐུ་གསུང་ཐུགས་བསྟོད་སོགས་གཞུང་གསལ་ལ། བསྡུ་ན། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ སོགས་དང་། བསྟོད་པར་འོས་པ་སོགས་བྱའོ། །དེ་ནས་སྔགས་བཟླ་བ་ནི། ཐོག་མར་སྤྱི་བོའི་རིགས་བདག་གི་ཚ་བུམ་ནས་བདུད་རྩི་ཁོལ་ཞིང་ལུད་པ་དང་། ཡབ་ཡུམ་སྦྱོར་བའི་བྱང་སེམས་དཀར་དམར་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་དབྱངས་གསལ་རྟེན་འབྲེལ་སྙིང་པོའི་རྒྱུན་ལྟ་བུ་ན་རང་བབས་ནས་རང་གི་གནས་ལྔར་ཐིམ་པས་ཚེ་དབང་མཆོག་གི་དངོས་གྲུབ་ཐོབ་བར་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་ཨ་མཱ་ར་ི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅུང་ཟད་བཟླ། ཚེ་གཟུངས་རིང་བུང་གཞན་རྣམས་ཀྱང་སྤྲོ་ན་བཟླ། དེ་ནས་གཟུངས་རིང་བཟླ་བར་སྤྲོ་ན། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་ཧྲཱིཿཡིག་དཀར་པོའི་མཐར་སྔགས་ཕྲེང་ཡིག་ངོ་ཕྱིར་བལྟས་སྡུལ་འཁྱིལ་བ་ལྟ་བུར་བསམས་ལ། ན་མོ་རཏྣ་ཏྲ་སོགས།


LT32_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནུས་བཟླས་ལ་སྤྲོ་བསྡུ་འོག་ནས་འབྱུང་བ་ལྟར་བྱ། འོན་ཀྱང་འདི་ལ་གཙོ་བོར་ཡིག་དྲུག །ཡིག་བདུན། ཡིག་བཅུ་གསུམ་པ་གང་འདོད་བཟླ་དགོས་པས་དམིགས་པ་ནི། གནས་ལྔའི་ཁས་རྤཱ་ིའི་ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱིཿ ཡིག་གི་མཐར་ཡི་གེ་དྲུག་པ། དེ་རྒྱབ་ཡིག་བཅུ། དེ་རྒྱབ་དབྱངས་གསལ་རྟེན་འབྲེལ་སྙིང་པོས་བསྐོར་བ་བཅས་ཐམས་ཅད་ཀྱང་གནས་ལྔའི་རང་མདོག་ཅན། དེ་དག་ལས་འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་རྒྱལ་བ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རང་གི་སྒོ་གསུམ་ལ་ཐིམ་པས་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བྱང་ཞིང་འཕགས་པའི་སྐུ་གསུང་ཐུགས་སུ་གྱུར། ཡང་། འོད་ཟེར་མཁའ་ཁྱབ་ཀྱི་སེམས་ཅན་ལ་ཕོག་པས་འཁོར་བ་དོང་ནས་སྤྲུགས་པར་མོས། མཐར། ཨོཾ་མ་ི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཧ་རི་ནིས་ཧཱུྃ༔ ཞེས་པ་ཅི་རིགས་དང་། འཁོར་སྔགས་བཟླ་བར་སྤྲོ་ན། ས་བོན་སྤྲོ་བསྡུ་སོ་སོའི་ལུགས་དང་བསྟུན་ཏེ། ཛཾ་དཀར་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ༔ འཇམ་དཀར་ལ། ཨོཾ་བཱ་ཀྱེ་དཾ་ན་མཿ མི་གཡོ་བ་ལ། ཨོཾ་ཙཎྜམ་ཧཱ་རོ་ཥ་་ཧཱུྃ་ཕཊ༔ སྒྲོལ་དཀར་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿ པུ་ཎྱེ་ཛྙཱ་ན་པུཥྚི༚་ཀུ་རུ་སྭཱ་ཧཱ༔ སངས་རྒྱས་གསུམ་ལ་མུ་ནི་སོགས་སོ་སོའི་གཟུངས་སམ། ཡང་ན་


LT32_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བསྡུས་སུ། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། བླ་མ་ལ། གུ་རུ་པདྨ་སིངྡྷི་ཧཱུྃ༔ མཐར་ཡིག་དྲུག་གཤམ་དུ། ཤཱནྟི༚་པུཥྚི་ཾཝ་ཤཾ་མཱ་ར་ཡ་སིདྡྷི་སིངྡྷི་ཧཱུྃ༔ ཞེས་པའང་ཚར་ཁ་ཤས་དང་། དབྱངས་གསལ་རྟེན་སྙིང་ལན་གསུམ་རེ་བཟླའོ། །དེ་ནས་ཡན་ལག་བདུན་པ་ནི། ཨཱོཾ་མ་ི་པདྨེ་ཧཱུྃ༔ བླ་མ་དཀོན་མཆོག་ཐམས་ཅད་དགོངས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་བཞེས༔ སྒོ་གསུམ་སྡིག་སྒྲིབ་ཉམས་ཆགས་མཐོལ་ལོ་བཤགས༔ ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་འགྲོ་བའི་དོན་དུ་བཞུགས༔ ཐུགས་རྗེ་རྒྱུན་ཆད་མེད་ལ་རྗེས་ཡི་རང་༔ དུས་གསུམ་དགེ་བ་སེམས་ཅན་དོན་ཏུ་བསྔོ༔ བདག་གཞན་ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བདག་བསྐྱེད་འོད་གསལ་དུ་ཞུགས། ཕཊ་ཕཊ་ཕཊ༔ ཞེས་སྐད་ཅིག་གིས་ཐུན་མཚམས་ལྷར་ལྡང་། བསྔོ་བ་ནི། ཨཱོཾ་མ་ི་པདྨེ་ཧཱུྃ༔ མགོན་པོ་སྤྱན་རས་གཟིགས་དབང་ནི༔ དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས༔ ལམ་ལྔ་ས་བཅུ་བགྲོད་བྱས་ནས༔ ཕ་རོལ་ཕྱིན་པ་བཅུ་རྫོགས་ཏེ༔ འགྲོ་བའི་དོན་དུ་སྐུར་བཞུགས་པ༔


LT32_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་འཆི་བའི་དུས་ཀྱི་ཚེ༔ རི་བོ་ཏ་ལར་སྐྱེ་བར་ཤོག༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ རི་བོ་ཏ་ལར་སྐྱེས་ནས་ཀྱང་༔ སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ༔ སྐྱེ་འཆི་མེད་པའི་སྐུ་བརྙས་ནས༔ ཆོས་ཀྱི་བདུད་རྩི་འཐུང་བར་ཤོག༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ བདག་གིས་སྨོན་ལམ་འདི་བཏབ་པས༔ འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ སོ་སོའི་སྡིག་སྒྲིབ་ཀུན་བྱང་ནས༔ སྡུག་བསྔལ་མ་ལུས་ཞི་གྱུར་ཏེ༔ བྱང་ཆུབ་ལམ་ལ་རབ་ཞུགས་ནས༔ ཁམས་གསུམ་འཁོར་བ་སྟོངས་པར་ཤོག༔ བཀྲ་ཤིས་ནི༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བྱམས་དང་སྙིང་རྗེའི་ཐུགས་ཀྱིས་སྐྱོབ་མཛད་པ༔ འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ ཨཱོཾ་མ་ི་པདྨེ་ཧཱུྃ༔ ལོ་བརྒྱ་འཚོ་ཞིང་སྟོན་པ་རྒྱ་མཐོང་བ་དང་༔ ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང་༔ ཆོས་ལ་བར་ཆད་མེད་ཅིང་བསྒྲུབ་པ་མཐར་ཕྱིན་ནས༔ བརྒྱུད་འཛིན་བྱིན་གྱིས་བརླབས་པའི་བཀྲ་ཤིས་ཤོག༔ ཅེས་སམ། བསྡུ་ན་བསྔོ་སྨོན་སྤྱི་འགྲེ་ཙམ་བྱས་ནས་འདི་རིགས་བསྒྱུར་བས་ཀྱང་འཐུས་སོ། །


LT32_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་ལྟ་བུར་ཤིན་ཏུ་བསྡུ་ན་མངོན་རྟོགས་ཀྱི་རྗེས་སུ་སྤྱན་འདྲེན་སོགས་སྔགས་ཙམ་ཁོ་ན་བརྗོད་པས་ཀྱང་ཆོག་ལ། ནང་སྒྲུབ་ཆེད་གཏད་བྱེད་ན་ནི། དམིགས་པ་དང་ཆོ་གའི་འགྲོས་འདི་ལྟར་ལ་འདོན་ཆ་གཏེར་གཞུང་གི་ཚིག་བཅད་ལྷུག་རྣམས་གབ་སྤྲད་ནས་ཚང་བར་བཏོན་དགོས་ཀྱི་སླ་ཆོས་མི་རུང་ལ་འདི་ནི་རྒྱུན་ཁྱེར་ལྟ་བུ་སྟབས་བདེ་ཁོ་ནའི་ཆེད་དུ་བྲིས་མོད། ནང་སྒྲུབ་ཀྱི་ཟིན་བྲིས་ལྟ་བུར་ཡང་འགྱུར་བ་ཡོད་དོ། །དེའང་ཟབ་གཏེར་འདིའི་ཤླཽ་ཀ་གཅིག་ཡན་ཆད་ལ་དབང་ལུང་མན་ངག་མཐའ་ཆོད་པར་བྱས་ཤིང་བསྙེན་སྒྲུབ་ཉམས་ལེན་ཅི་ནུས་སུ་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་རང་སྐལ་དང་མཚམས་པའི་ངེས་ཤེས་ཕྲན་བུ་ཐོབ་པས་མི་ལྡོག་པའི་དད་མོས་ལྡན་པ་དང་། ཡིད་ཆེས་ཀྱི་གནད་མང་དུ་མཐོང་བའི་ཕྱིར། སྙན་བརྒྱུད་གཙུག་རྒྱན་ནོར་བུ་དང་ཆོག་གཞུང་སོགས་ཀྱི་དགོངས་པ་བསྡེབས་ནས་བྲིས་པ་ལས་མཁས་འདོད་རང་བཟོ་མ་མཆིས་ཀྱང་འགལ་འཁྲུལ་མཆིས་ན་རྩ་བ་གསུམ་ལ་བཤགས་སོ། །མཚན་ཐོས་ཙམ་གྱིས་གྲོལ་འགྱུར་ན། བསྒྲུབས་པས་སྨོས་ཀྱང་ཅི་དགོས་པ། །འདི་བྲིས་དགེ་བས་མཁའ་ཁྱབ་འགྲོ། །ཐུགས་རྗེའི་དབང་ཕྱུག་ཉིད་གྱུར་ཤོག །ཅེས་པའང་མ་ི་བ་ཡོན་ཏན་རྒྱ་མཚོས་དབོ་ཟླའི་ཡར་ཚེས་བརྒྱད་ཀྱི་ཉིན་འོག་མིན་བླ་མའི་གདན་ས་དཔལ་སྤུངས་ཀྱི་ཡང་དབེན་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


LT32_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་པའི་གསོལ་འདེབས་ཟུང་འཇུག་རོལ་མོ་ཞེས་བྱ་བ་བཞུགས་སོ།། །།ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་དང་། །པདྨ་སཾ་བྷ་ཡེ་ཤེས་མཚོ་རྒྱལ་མ། །ཏིང་འཛིན་བཟང་པོ་ཨོ་རྒྱན་ལས་འཕྲོ་གླིང་། །ཀརྨ་རིག་འཛིན་ཀརྨ་ཆགས་མེད་ཞབས། །པདྨ་ཀུན་དགའ་ཕྲིན་ལས་དབང་འབྱུང་རྗེ། །ཤེས་རབ་གྲགས་པ་བསྟན་འཛིན་དོན་ཀུན་གྲུབ། །ཐེག་མཆོག་བསྟན་འཕེལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །འགྱུར་མེད་བདེ་བ་དབང་ཆེན་རྟ་མཆོག་དཔལ། །སྤྲོས་བྲལ་སྟོང་ཉིད་རྡོ་རྗེ་རྣལ་འབྱོར་མ། །ཟུང་འཇུག་གུ་རུ་ཡིད་བཞིན་ནོར་བུ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཐབས་མཆོག་སྣང་བའི་རང་བཞིན་ཕོ་རྒྱུད་དང་། །ཤེས་རབ་སྟོང་པའི་རང་རྩལ་མོ་རྒྱུད་ཚོགས། །གཉིས་མེད་མ་ནིང་རྒྱུད་གསུམ་དམ་ཅན་ལ། །གསོལ་བ་འདེབས་སོ་ཕྲིན་ལས་རྣམ་བཞི་སྒྲུབས། །སྣང་སྟོང་ལྷ་སྐུ་གྲགས་སྟོང་སྔགས་ཀྱི་སྒྲ། །རིག་སྟོང་བདེ་ཆེན་ཡེ་ཤེས་འཁོར་ལོར་ཤར། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །དབང་ཆེན་ཡབ་ཡུམ་ཕྱག་རྒྱ་མྱུར་འགྲུབ་ཤོག །ཀ་དག་ཁྲེགས་ཆོད་དགོངས་པའི་གཟེར་ཐེབས་ཤིང་། །ལྷུན་


LT32_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོད་རྒལ་སྣང་བཞིའི་རྩལ་རྫོགས་ཏེ། །འཁོར་འདས་ཆོས་ཀུན་གདོད་མའི་ཟད་སར་ཕྱིན། །རིགས་བདག་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་ཟབ་ཆོས་འདི་ལ་མོས་པ་ཀརྨེ་ཤྭ་རས་བསྐུལ་ངོར། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཡང་དབན་ཀུན་བཟང་བདེ་གླིང་དུ་སྤེལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ། །

དགོངས་གཏེར་བསམ་པ་ལྷུན་གྲུབ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས།


LT32_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་བསམ་པ་ལྷུན་གྲུབ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


LT32_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སརྦ་སིངྡྷི་ཧཱུྃ། ཀུན་བཟང་གདོད་མའི་མགོན་པོ་སྣང་མཐའ་ཡས། །ངེས་པ་ལྔ་ལྡན་རྣམ་སྣང་སྤྱན་རས་གཟིགས། །རང་བྱུང་རྒྱལ་ཀུན་སྤྱི་དཔལ་པདྨ་འབྱུང་། །རིགས་འདུས་སྐུ་གསུམ་བླ་མར་གསོལ་བ་འདེབས། །ཆོས་སྐྱོང་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག །མཁར་ཆེན་མཚོ་རྒྱལ་དགེ་སློང་ནམ་མཁའི་སྙིང་། །རྡོ་རྗེ་བདུད་འཇོམས་ལྷ་སྲས་མུ་ཁྲི་བཙན། །ལས་ཅན་དག་པའི་འཁོར་ལྔར་གསོལ་བ་འདེབས། །ཟབ་གཏེར་སྒོ་འབྱེད་མང་ལམ་བཟང་པོ་གྲགས། །བོད་འབངས་སྐྱབས་གཅིག་རྒོད་ཀྱི་ལྡེམ་འཕྲུ་ཅན། །འགྲོ་འདུལ་བཀའ་བབས་བརྩོན་འགྲུས་མཚན་ཅན་སོགས། །རྩ་བའི་གཏེར་བརྒྱུད་རྣམས་ལ་གསོལ་བ་འདེབས། །པདྨ་དབང་རྒྱལ་ཡེ་ཤེས་རོལ་པ་རྩལ། །ཆོས་ཀྱི་རྒྱལ་ཚབ་རིན་ཆེན་ཕུན་ཚོགས་ཞབས། །ཆོས་བདག་རིག་འཛིན་ངག་གི་དབང་པོ་སོགས། །བཀའ་འདུས་ཕྱི་མའི་བརྒྱུད་པར་གསོལ་བ་འདེབས། །ཐུགས་ཀྱི་རིགས་འཆང་ལ་ལི་ཏ་བཛྲ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། །ཐུགས་ཀྱི་སྲས་ལྔ་ཉེ་བའི་བུ་བརྒྱད་སོགས། །བྱིན་རླབས་དགོངས་གཏེར་བརྒྱུད་པར་གསོལ་བ་འདེབས། །ཡིད་བཞིན་ནོར་འདྲ་མ་ཧཱ་གུ་རུ་རྗེ། །གང་འདོད་དངོས་གྲུབ་སྩོལ་བའི་སྐུར་སྟོན་པ། །གཏུམ་


LT32_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་མེ་ཕྲེང་དྲེགས་པའི་སྡེ་དཔོན་བརྒྱད། །བཅོམ་ལྡན་འདས་བླ་དེ་བཞིན་གཤེགས་པ་བརྒྱད། །དྲྭ་བ་སྡོམ་པ་གནོད་གནས་དབང་པོ་བརྒྱད། །རྡོ་རྗེ་གཞོན་ནུ་ཡི་དམ་སྒྲུབ་སྡེ་བརྒྱད། །ཟིལ་གནོན་དྲག་རྩལ་གཞི་གནས་སྐྱོང་བ་བརྒྱད། །གསང་བདག་སེང་སྒྲོགས་དཔའ་བོ་གིང་ཆེན་བཞི། །པདྨ་བཛྲ་ཁྲག་འཐུང་རྡོ་རྗེ་བརྒྱད། །གུ་རུ་རྟ་མགྲིན་གསང་ཡེ་ཕྱག་རྒྱ་བཞི། །རྡོ་རྗེ་གྲོ་ལོད་བདུད་འདུལ་ཁྲོ་བོ་བཅུ། །པདྨ་རྒྱལ་པོ་ཉེ་སྲས་སེམས་དཔའ་བརྒྱད། །འོད་དཔག་མེད་མགོན་མི་འཁྲུགས་དཔའ་བོ་བདུན། །ཀུན་བཟང་རྡོར་སེམས་རིགས་བཞི་བདུད་འདུལ་བཞི། །རྩ་བའི་བླ་མ་རིག་འཛིན་སློབ་དཔོན་བཞི། །རྒྱལ་བ་ཀུན་འདུས་བླ་མའི་དཀྱིལ་འཁོར་ལ། །བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཆོས་ཀྱི་སྡོམ་བཞིས་སྲིད་ཞིར་ངེས་པ་འབྱུང་། །བསགས་དང་སྦྱངས་བས་ཟབ་མོའི་སྣོད་དུ་རུང་། །གཞི་ལམ་དབང་བཞིས་སྒོ་གསུམ་རྡོ་རྗེར་སྨིན། །དཀྱིལ་འཁོར་རྣམ་གསུམ་འགྲུབ་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དང་སྒྱུ་ལུས་ཟབ་གསལ་འཕྱོངས། །བསྟན་འཆེའི་དམག་དཔུང་སྡང་སེམས་རྒྱུ་བཅས་ཞི། །མི་གཡོ་བཞིར་གནས་


LT32_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བཞིས་བདག་མེད་རྟོགས། །འབྱུང་འཁྲུགས་བདག་འཛིན་ཚོམས་པར་བྱིན་གྱིས་རློབས། །ཞེན་མེད་མཆོད་དང་སྦྱིན་སོགས་བསྡུ་དངོས་ཀྱིས། །དབུལ་ཕོངས་ཞེན་ཆགས་སེར་སྣའི་མདུད་པ་ཁྲོལ། །ཡོན་ཏན་ཀུན་འབྱུང་བདེ་གཤེགས་སྙིང་པོའི་གཏེར། །གཅེར་མཐོང་རིག་པས་ཐོན་པར་བྱིན་གྱིས་རློབས། །དཔྱིད་ཐིག་ཁ་སྦྱོར་སྲོག་རྩོལ་དབུ་མར་ཐིམ། །འཁྲུལ་རྟོག་གིས་དབེན་བདེ་ཆེན་སྦས་ཡུལ་ཕྱེད། །ཐོས་བསམ་སྒོམ་པས་རྟོག་བཅས་འཕོ་བ་འགགས། །འབྲོག་ཆེན་བར་དོར་གྲོལ་བར་བྱིན་གྱིས་རློབས། །མཚན་ཉིད་བཞི་ལྡན་རང་བབ་མཉམ་བཞག་ལ། །བརྟན་ཐོབ་ཕྱི་ནང་འབྱུང་བའི་གེགས་ལས་རྒྱལ། །ཚོགས་དྲུག་ཀུན་རྟོག་ཆོམ་པོ་ཕྲ་སྦོམ་རགས། །སྤང་གཉེན་གཤེས་ཐོག་ཕེབ་པར་བྱིན་གྱིས་རློབས། །ཉོན་མོངས་ལམ་ལྷོངས་ཅི་སྣང་ཡེ་ཤེས་འཆར། །རྡོ་རྗེའི་གོ་ཆས་དུག་ལྔའི་མཚོན་རྩེ་གཞོམ། །འོད་གསལ་རྣམ་བཞིར་གོམས་འདྲིས་བརྟན་ཐོབ་ནས། །འཆི་བ་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །རྨི་ལམ་བར་དོ་ཆོས་ཉིད་སྒྱུ་མར་རྟོགས། །ལས་རླུང་གཞིར་ཐིམ་གཞི་སྣང་དབྱིངས་སུ་དག །སྣང་བཞིའི་ལམ་ནས་ཡིད་ཆོས་འཁྲུལ་པའི་ཚོགས། །ལྷུན་གྲུབ་སྦུབས་སུ་འཕོ་བར་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མའི་བྱིན་རླབས་


LT32_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་ཞུགས། །འཁོར་འདས་ཀུན་ཀྱང་ཡེ་ཤེས་ཆེན་པོར་ཤར། །འབྲེལ་བར་བཅས་ཀུན་འདི་ནས་འཕོས་མ་ཐག །བདེ་བ་ཅན་ཏུ་སྐྱེ་བར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་མི་མཐུན་འགལ་རྐྱེན་ཞི། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །རང་གཞན་དོན་གཉིས་འབད་མེད་མཐའ་རུ་ཕྱིན། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདིའང་མཁྱེན་པའི་གཏེར་ཆེན་རྗེ་དབོན་འཆི་མེད་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་གནང་མཛད་ངོར་པདྨ་ནཏྟེ་ཤྭ་རས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཚེས་བཟང་པོར་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་ཐུགས་རྗེའི་ཆུ་རྒྱུན།


LT32_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་ཐུགས་རྗེའི་ཆུ་རྒྱུན་ཅེས་བྱ་བ་བཞུགས་སོ། །ཨོཾ་མ་ི་པདྨེ་ཧཱུྃ། རང་བྱུང་འགྱུར་མེད་བདེ་ཆེན་ཞིང་ཁམས་ན། །རིག་སྟོང་ཆོས་སྐུ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཀ་དག་གཞི་ཐོག་ཕེབ་པར་བྱིན་གྱིས་རློབས། །གྲུ་འཛིན་སྙིང་རྗེའི་འོད་ཀྱི་ལྡིང་ཁང་ན། །གསལ་སྟོང་ལོངས་སྐུ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི༴། ལྷུན་གྲུབ་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ལྷ་ལྡན་འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ན། །སྣང་སྟོང་སྤྲུལ་སྐུ་སྲོང་བཙན་སྒམ་པོ་ལ། །གསོལ་བ༴ འཁོར་བ་དོང་ནས་སྤྲུགས་པར་བྱིན༴ རྒྱལ་ཀུན་རྡོ་རྗེའི་གསང་བ་གཅིག་བསྡུས་པ། །བདེ་སྟོང་འགྱུར་མེད་པད་འབྱུང་ཡབ་ཡུམ་ལ། །གསོལ་བ༴ །འཆི་མེད་ཚེ་དབང་ཐོབ་པར་བྱིན༴ །རྒྱལ་སྲས་ནམ་སྙིང་རིག་པ་འཛིན་པའི་ཚུལ། །ཟབ་གཏེར་མངའ་བདག་ལས་འཕྲོ་གླིང་པ་ལ། །གསོལ་བ༴ །བདུད་བཞིའི་བར་ཆད་ཞི་བར་བྱིན༴ །ལུང་ཟིན་ཆོས་བདག་རིག་འཛིན་མཚན་ཅན་དང་། །སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ལ། །གསོལ་བ༴ །འགྲོ་དོན་དཔག་མེད་འགྲུབ་པར་བྱིན༴ །རྒྱལ་བའི་གདུང་འཚོབ་པདྨ་ཀུན་དགའ་དང་། །བསམ་བཞིན་སྐུ་སྤྲུལ་ཕྲིན་ལས་དབང་འབྱུང་ལ། །གསོལ་བ༴


LT32_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་གསུམ་རང་སར་ཞི་བར་བྱིན༴ །སྦས་པའི་སངས་རྒྱས་ཤེས་རབ་གྲགས་པ་དང་། །རིམ་གཉིས་མཐར་སོན་བསྟན་འཛིན་དོན་གྲུབ་ལ། །གསོལ་བ༴ །འབྲེལ་ཚད་དོན་དང་ལྡན་པར་བྱིན། །འཁོར་ལོའི་མགོན་པོ་ཐེག་མཆོག་བསྟན་འཕེལ་དང་། །ཟབ་ཆོས་འཛིན་པའི་སྐྱེས་མཆོག་ཐམས་ཅད་ལ། །གསོལ་བ༴ །བྱམས་དང་སྙིང་རྗེ་འབྱང་བར་བྱིན༴ །སངས་རྒྱས་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །ནམ་མཁའི་རྒྱལ་པོ་ཡི་གེ་དྲུག་མ་ཡུམ། །ནོར་འཛིན་གསང་འཛིན་རིགས་བདག་འོད་དཔག་མེད། །རིགས་ལྔ་ཡབ་ཡུམ་བཅོམ་ལྡན་ཐུབ་པ་དྲུག །བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་སོགས། །ཕྱི་ནང་གསང་བ་ཡང་གསང་དེ་བཞིན་ཉིད། །ངན་སོང་རང་གྲོལ་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ༴ །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན༴ །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང་། །བསྟན་སྐྱོང་དགེ་བསྙེན་རྣལ་འབྱོར་གྲོགས་མཛད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་བསྐྱེད་ལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན༴ །ཕྱི་རུ་རིགས་ལྔ་གངས་ཆེན་མཚོ་ཡི་ཞིང་། །འཕགས་པའི་སྐུ་དང་ཡིག་དྲུག་སྒྲ་ཡིས་ཁྱབ། །འོད་ཟེར་སྤྲོ་བསྡུས་ངན་སོང་དོང་སྤྲུགས་ཏེ། །དག་སྣང་ཆེན་པོའི་བསྐྱེད་རིམ་འབྱང་བར་ཤོག །ནང་དུ་དུག་ལྔ་རྟོག་པའི་འཕྲོ་འདུ་ཀུན། །ཡེ་ཤེས་ལྔ་ཡི་སྤྱན་རས་


LT32_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སུ་ཤར། །རླུང་སེམས་ལྷ་སྐུས་འཁོར་བ་མ་སྟོངས་བར། །དོན་མཛད་རྫོགས་པའི་རིམ་པར་མངའ་བརྙེས་ཤོག །གསང་བར་འོད་ལྔའི་སྦུབས་སུ་འཁོར་འདས་ཐིམ། །གཉུག་མའི་སྒྲིབ་སངས་ཆོས་ཉིད་རང་ལུགས་སུ། །རང་གནས་རིག་པའི་གཤིས་ལ་རང་དབང་ཐོབ། །འཁྲུལ་གྲོལ་རྫོགས་པ་ཆེན་པོར་ལ་བཟླ་ཤོག །བདག་ཉིད་ཁོ་ནས་མཁའ་མཉམ་འགྲོ་བ་ཀུན། །མྱུར་དུ་བྱང་ཆུབ་ཆེན་པོར་འགོད་ནུས་པའི། །ཡེ་ཤེས་ཐུགས་རྗེའི་རྩལ་ཁ་ཕྱོགས་མེད་རྒྱས། །འཕགས་པའི་སྐུ་གསུང་ཐུགས་དང་མཉམ་གྱུར་ཤོག །འགལ་རྐྱེན་ཀུན་ཞི་ཚེ་བསོད་ཉམས་རྟོགས་འཕེལ། །ཡང་སྲིད་མེད་པར་བདེ་ལྡན་ཞིང་སྐྱེས་ནས། །རྒྱལ་བའི་ཡེ་ཤེས་མངོན་གྱུར་དེ་སྲིད་དུ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེས་བསྐྱབ་ཏུ་གསོལ།། །།ཞེས་པའང་ཡི་གེ་དྲུག་མའི་རྣལ་འབྱོར་ཙམ་པོ་བ་ཡོན་ཏན་རྒྱ་མཆོས་འདི་ཉིད་བསྙེན་པའི་ཐུན་མཚམས་སུ་མོས་པའི་བློས་འབྲེལ་འཇོག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

སྟག་ཤམ་དབང་མོ།


LT32_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གཏེར་ཆེན་བསམ་གཏན་གླིང་པའི་ཟབ་གཏེར་གྱི་གཙོ་བོ་ཡི་དམ་དགོངས་པ་འདུས་པའི་སྨིན་བྱེད་རྒྱས་པ་སྤྱི་སྡོམ་སྤྲོས་བཅས་ལྷ་དབང་ཆེན་མོ་སྨིན་གྲོལ་རྒྱ་མཚོ་འབྲིང་པོ་སྨིན་བྱེད་རྩ་བའི་དབང་མཆོག་བདུད་རྩིའི་བུམ་བཅུད། བསྡུས་པ་སྤྲོས་མེད་ཐུགས་ཀྱི་དབང་བསྐུར་གསུམ་དུ་བཞུགས་པ་རྣམས་ཕྱག་རྒྱུན་དངོས་ལྟར་ན། །ཆོས་རྗེ་གླིང་པས་བསྒྲིགས་པའི་སྒྲུབ་ཁོག་ལྟར་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་ཁོངས་སུ་དམ་པ་རིགས་བརྒྱ་སོགས་སྒོས་སྒྲུབ་རྣམས་ཀྱང་བཅུག་ནས་དངོས་གྲུབ་བླང་བའི་རྗེས་སུ་དབང་རྒྱས་འབྲིང་བསྡུས་གསུམ་རིམ་པར་བསྐུར་བ་ཡིན་འདུག་ཀྱང་། །དབང་རྒྱུན་ཙམ་ལ་སྒྲུབ་ཆེན་སོགས་མི་འགྲུབ་པས་སྤྱི་འགྲེ་ལག་ཏུ་ལེན་པའི་ཚུལ་དང་པོ་དབང་བསྐུར་རྒྱས་པ་ལ་ཉིན་དང་པོ་སྟ་གོན་ནི། །སྒྲུབ་གནས་རྙིང་པར་དཀྱིལ་འཁོར་རས་བྲིས་ལ་བརྟེན་པའི་དབང་དུ་བྱས་ཏེ་གཏེར་མཛོད་དུ་ཡོད་པའི་རྩ་དབང་ཆོག་ཁྲིགས་མར་བཤད་པ་ལྟར་ལས་བྱང་ཆུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་ས་སློང་གཏོར་འབུལ་ཙམ་བཏང་ན་སྤྱི་འགྲོ་ཡིན་པས་ལེགས། དེ་ནས་ལྷ་སྟ་གོན་རྗེས། དམ་པ་རིགས་བརྒྱའི་བསྐྱེད་བཟླས་ཀྱིས་བུམ་པ་སྟ་གོན་དང་། སྤྱི་ཁྲུས་བུམ་པར་རྡོར་སེམས་བསྐྱེད་བཟླས་བྱ། ལས་བུམ་བསྒྲུབ། སློབ་མ་རྣམས་འཚོགས།


LT32_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དབང་རྣམས་ཆོག་ཁྲིགས་ལྟར། སེམས་བསྐྱེད་གསལ་གདབ་ནས། འདིར་སྤྱི་སྡོམ་སྤྲོས་བཅས་ལྷ་དབང་ཆེན་མོ་སྨིན་གྲོལ་རྒྱ་མཚོ་བསྒྲུབ་པ་ལ་ཐོག་མར་གསན་པའི་ཡོན་ཏུ་ཞིང་ཁམས་རྒྱས་པར་འབུལ། ཇི་སྐད་སྨོས་པའི་སྨིན་བྱེད་ཀྱི་རིམ་པ་རྒྱས་པར་བསྒྲུབ་པ་ལ་རྩ་བའི་གཏེར་གཞུང་གི་ཚིག་དོན་ལྷག་ཆད་མེད་པ་བཏང་བའི་ཕྱག་ལེན་གྱི་དབང་དུ་བྱས་ཏེ་ས་བཅད་ལོ་རྒྱུས་རྡོ་རྗེའི་གསུང་རྒྱས་པར་འབྱུང་བ་འདི་ལ་སྙན་གཏོད་པར་ཞུ། །དེ་ལ་དབང་གི་ལོ་རྒྱུས༴ སོགས་ནས། འགྲུབ་པར་འགྱུར༔ ཅེས་སྤྱི་སྡོམ་ཆེན་པོ་རྣམས་བཞིས་བསྟན་པ་ལས། སྤྱི་དོན་དང་པོ་དབང་གི་བཀའ་བབས༴ སོགས་ནས། བར་གྱི་ལེའུའི་མཚན་རྣམས་བསྐྱུར་བའི་འཕྲོས་མཐར་ཆགས་སུ་བཏང་སྟེ། ཐུགས་ལ་བསྟིམ༔ ཞེས་གསུངས་པ་ལྟར་ལགས་སོ། །སྤྱི་དོན་གཉིས་པ་དབང་གི་དགོས་དོན༴ སོགས་ནས། འདས་པའི་ཐེག་པ་ལ་མཐར་ཕྱིན་པར་བྱའོ། །དེ་ལྟ་བུའི་ཐེག་པ་རིམ་འཇུག་གི་ཐོག་མར་འཇིག་རྟེན་པའི་ཐེག་པའི་སྤྱི་ཁྲུས་རིགས་དྲུག་གནས་སྦྱོང་གི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་འབུལ། གསོལ་བ་གདབ། ཨེ་མ་བླ་མ་དཔལ་ཆེ༴ སོགས་སྤྱི་དོན་གསུམ་པའི་སྐབས་ལྟར་བཏང་ནས། སྤྱི་ཁྲུས་བུམ་དབང་ཡན་བཏང་། རྟ་མཆོག་རོལ་པའི་སོགས་ནས། ཀུན་གྱི་སྔོན་འགྲོའོ༔ ཞེས་གསུངས་སོ།


LT32_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གོང་གི་འཕྲོས། གཉིས་པ་ལོག་པར་ལྟ་བ། ནས། འཇུག་པར་བྱའོ། །ཞེས་གསུངས་ཏེ་དེའི་དབང་དོན་འདིར་ལོག་པར་འདྲེན་པའི་བགེགས་བསྐྲད་ཅིང་བར་གཅོད་མི་འཇུག་པའི་མཚམས་གཅོད་སྲུང་འཁོར་བསྒོམ་པར་གསུངས་པ་ལྟར་བགྱི་བ་ལགས་པས་འདུན་པ་མཛད་པར་ཞུ། ཞེས་མཚམས་སྦྱར་ལ། ཡི་དམ་ལས་བྱང་རྒྱས་བསྡུས་གང་རུང་སྐབས་བསྟུན་གྱིས་མཚམས་གཅོད་སྲུང་འཁོར་རྣམས་བཏང་། རང་རེ་རྣམས་ཐོག་མར༴དབང་བསྒྲིགས་ལྟར་ལ༴ མཎྜལ་ཡང་འབུལ་བ་ཞུ། ཞེས་འབུལ་དུ་གཞུག །དབང་གཞུང་གོང་གི་འཕྲོས། འཇིག་རྟེན་ལས་འདས་པའི༴ ཐོབ་པར་འདོད་པའོ། །དེ་ལྟ་བུའི་ཉན་རང་བྱང་སེམས་གསུམ་གྱི་ཐེག་པ་ལ་འཇུག་པའི་དབང་དོན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལགས་ཤིང་། །དེའང་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་དགོས་ཏེ། ཀྱེ་ཧོ། སོགས་དབང་བསྒྲིགས་ལྟར་བརྗོད། སྟོང་གསལ་བསྒོམ༔ གསུམ༔ དབང་གཞུང་གོང་འཕྲོས། བཞི་པ་དབང་པོ་འབྲིང་གི་ཐ་མ༴ ནས། ས་ནོན་པར་འདོད་པའོ༔ དེ་རྣམས་ཀྱི་དབང་དོན་འདིར་གོ་འཕང་མཆོག་ཏུ་དྲངས་ཤིང་སྒོ་གསུམ་དག་པར་བྱེད་པའི་ཐབས་ཁྱད་པར་ཅན་སོ་ཤིང་སྲུང་སྐུད་ཀུ་ཤ་སྦྱིན་པ་ལགས་ཏེ། དྲི་དང་ལྡན་ཅིང་སོགས། །སོ་ཤིང་སྲུང་སྐུད་ཀུ་ཤ་སྦྱིན་པ་


LT32_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྩ་དབང་ཆོག་ཁྲིགས་ལྟར་གྲུབ་ནས་དགེ་བ་བསྔོ། སློབ་མ་གྲོལ། སློབ་དཔོན་གྱིས་ལྷ་ལ་གསོལ་གདབ་བྱ། བདག་བསྐྱེད་བསྡུ་ལྡངས་ལས་བྱང་བྱ།། ༈ །།ཉིན་གཉིས་པར། དངོས་གཞིའི་ཐོག་མར། བརྒྱུད་འདེབས། གཏོར་མ་ཆ་གཉིས་བཏང་། །དམ་པ་རིགས་བརྒྱའི་ལས་བྱང་ཆེན་མོའི་སྔོན་འགྲོ་རྣམས་ཕན་ཚུན་སྦྲགས་མར་བཏང་། དེ་ནས་དམ་པ་རིགས་བརྒྱའི་མངོན་རྟོགས་ནས་བརྩམས། མཆོད་པའི་སྐབས་མཆོད་འབུལ་སྦྱར་ཐུབ་ན་ལེགས་ཤིང་བཟླས་པའི་བར་བཏང་ལ་མཆོད་བསྟོད་འབུལ། དེ་ནས་ཡི་དམ་གྱི་མངོན་རྟོགས་ནས་བཟླས་པ་ཡན་གྲུབ་པ་དང་། བུམ་དཀྱིལ་གསལ་གདབ་སྤྱི་འཕྲོ་མདོར་བསྡུས་དང་བུམ་བཟླས་མཐར་སྟོང་ཚིགས་འབུལ། འོད་ཞུ་བྱ། ལས་གཞུང་གཏོར་མ་འབུལ། བཀའ་སྲུང་གསང་བ་ཀུན་འདུས་ཀྱི་ལས་བྱང་བཏང་། །གཏོར་འབུལ་བྱ། རུ་ཟུང་བཞིའི་བཤགས་པ་བྱ། མདོངས་སྐོང་། མར་མེའི་སྨོན་ལམ་བཅས་སྦྱར། ཞི་དྲག་གཉིས་ཀའི་ཚོགས་དང་སྐོང་བ་གྲུབ་ནས་རིག་མེ་དོར། གནང་བ་ཞུ་བ་སྤྱི་ལྟར་བྱ། དཀྱིལ་འཁོར་ལ་ཡོལ་བ་བཏང་། དེ་ནས་སློབ་མ་ལ་ཁྲུས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་རྗེས། བདུན་པ་དབང་པོ་རབ་ཀྱི་ཐ་མ༴ དབང་གཞུང་སྔ་འཕྲོས་ལྟར་བརྗོད་ལ། བགྲོད་དུ་མེད་པའོ༔ ཞེས་གསུངས་པའི་ཡོ་ག་རྣམ་གསུམ། ཡང་ཏི་དང་


LT32_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དབང་རྣམས་རིམ་པར་བསྐུར་བ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ། །མཚམས་སྦྱོར་བཅས་གསོལ་གདབ། ཀྱཻ། དུས་གསུམ་སངས་རྒྱས༴ སོགས་ལས་བྱང་ཆུང་བའི་ནང་ལྟར་ལན་གསུམ། གནང་སྦྱིན་ཕྱིན་དབང་གཞུང་ལྟར་ལ་མིག་དར་མེ་ཏོག །ཚོགས་བསགས། ཀྱཻ། བདེ་གཤེགས་དགོངས་འདུས༴སོགས་ལས་བྱང་ཆེན་མོ་ནས་ལེན། བྱིན་འབེབས་སྐབས་སློབ་མ་རྣམས་དབང་ཆེན་ཞལ་ལྔ་ཕྱག་བཅུ་བར་བསྐྱེད་དགོས་བས་དཔེ་འཇོམ་ན་མངོན་རྟོགས་གཞུང་ཆེན་ནས་ལེན། །མ་འཛོམ་ན་ལས་བྱང་ཆེན་མོ་ལྟར་གསལ་གདབ། དཀྱིལ་འཁོར་བརྡབ་དོན་སྤྲད་པའི། དགའ་བ་དང་སྤྲོ་བ་བསྐྱེད་འཚལ༔ ཡན་སོང་ནས། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྣམ་གྲངས་བདུན་ཏུ་ཡོད་པའི་དང་པོ་ཕྱི་ལྟར་ཐུན་མོངས་རིགས་པའི་དབང་ལྔ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ་བྱ། བུམ་ཆུ་མི་བསྐྱོད་པ་བསྐྱེད་བསྟིམས་ཚིག་ལྷུག་རྒྱས་བསྡུས་གང་ཤེས་སྤྱི་ལྟར་བྱ་བ་སོགས་རིག་དབང་ལྔ་ལ་འགྲེ། རྡོ་རྗེའི་བརྟུལ་ཞུགས་ལ་དབང་


LT32_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སློབ་མ་གཉིས་ཀ་རྡོར་སེམས། སློབ་དཔོན་དབང་ལ་སློབ་མ་དབང་ཆེན་ཡབ་ཡུམ་སྔར་ལྟར་བསྐྱེད། རྡོར་དྲིལ་བྱིན་བརླབས་སྤྱི་མཐུན་བྱ། འབྱེད་པར་བྱ༔ དེ་དག་གིས་དཀྱིལ་འཁོར་སྤྱིའི་འཇུག་ཚུལ་ཐུན་མོང་རིགས་ལྔའི་དབང་བསྐུར་གྲུབ་ནས། བྱེ་བྲག་ཏུ་དཀྱིལ་འཁོར་སོ་སོའི་ལྷ་དབང་རྒྱས་པར་བསྐུར་བའི་ཐོག་མར་ས་བཅད་གཉིས་པ་བརྒྱུད་བླ་མ་རིག་འཛིན་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། །གསོལ་གདབ། བུམ་པ། བདུད་རྩི། ཤེལ་རྡོ། མེ་ལོང་རྣམས་སོང་ནས་བྲིས་སྐུ་འབག་དབང་གཞུང་གསལ་རྗེས། བརྒྱུད་པ་རེ་རེ་བཞིན་ཁ་བསྒྱུར་ནས་བསྐུར་དགོས་པར་འདུག་ཀྱང་མདོར་བསྡུས་ས་བཅད་ཙམ་དུ། རིག་འཛིན་བརྡ་བརྒྱུད་བླ་མ་རྣམས། །ཡེ་ཤེས་ཆེན་པོའི་རྩལ་རྫོགས་ནས། ཀུན་བཟང་རྒྱལ་སྲིད་སྤེལ་བ་ལ། གསོལ་བ༴སྔགས། གང་ཟག་སྙན་བརྒྱུད་བླ་མ་རྣམས། །གདོད་མའི་གནས་ལུགས་མངོན་གྱུར་ཏེ། །རླབས་ཆེན་ཕྲིན་ལས་སྒྲུབ་པ་ལ། གསོལ་བ། སྔགས། ལས་འཕྲོ་གཏེར་བརྒྱུད་བླ་མ་རྣམས། །ས་ལམ་ཡོན་ཏན་མཐར་ཕྱིན་ཏེ། །ཐུགས་རྗེས་འགྲོ་དོན་མཛད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྔགས་དང་། བུམ་དབང་བསྐུར་བ་སོགས་ནས། འདིས་འགྲུབ་འགྱུར༔ དེ་དག་གིས་བྱིན་རླབས་ཐོག་བབས་སུ་འབྱུང་བ་བརྒྱུད་གསུམ་བླ་མའི་དབང་བསྐུར་


LT32_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ལགས། གསུམ་པ་མ་ཧཱ་ཡོ་གའི་དཀྱིལ་འཁོར་དུ་སྒྱུ་འཕྲུལ་དགོངས་འདུས་ན་རག་དོང་སྤྲུག་གི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། །གསོལ་བ་གདབ། གནོང་སྦྱིན་སོགས་དང་། བུམ་དབང་དགུ། ཚོམ་བུ་དགུའི་ལྷ་དབང་རྫོགས་པར་བསྐུར། གསུང་དབང་ལ་འོག་ཁྲོ་བོའི་སྐབས་སུ་འབྱུང་བའི་གསོལ་གདབ་ཁ་བསྒྱུར། རིགས་བརྒྱའི་སྔགས་དང་། །ཨོཾ་ནི་སངས་རྒྱས༴ སོགས། ཐོབ་གྱུར་ཅིག༔ ཨཱཿ བྷནྡྷ་མཚན་ལྡན་སོགས་བདུད་རྩི། ཧཱུྃ་རྡོ་རྗེ་རྩེ་ལྔ་སོགས་ཕྱག་མཚན། ཧཱུྃ་དུས་གསུམ་བདེ་གཤེགས་སོགས་རྣམ་བུམ། ཧཱུྃ་དབུ་རྒྱན་ཅོད་པན་སོགས་ཆས་དབང་། ཧཱུྃ་ཤེས་རབ་དག་པས་སོགས་བཤད་སྒྲུབ་དབང་། ཕྲིན་ལས་གཏོར་དབང་འོག་གཞི་ཞི་ཁྲོ་ལྟར། ཨོཾ་ཨཱཿཧཱུྃ་ཧྲཱིཿ དཔལ་གཏོར་མཚན་རྫོགས་སོགས་ཀྱིས་བསྐུར། ཤིས་པ་བརྗོད། སྐབས་འདི་ཙམ་ལ་བར་མཚམས་བྱས་ན་རིང་ཐུང་མཚམས་པར་འགྱུར་རོ། །སླར་འཚོགས་ལ་ཁྲུས་དང་ཕྱག་བྱ། སེམས་བསྐྱེད་གསལ་གདབ། ཡི་དམ་དགོངས་འདུས་རྟ་མཆོག་རལ་པའི་རྒྱབ་ཆོས་སྤྱི་སྡོམ་སྨིན་བྱེད་དབང་རིམ་ཆེན་མོ་ལས། རྩ་བའི་ས་བཅད་བཞི་པ་མ་ཧཱ་ཡོ་གའི་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལའང་ནང་གསེས་དབང་གི་རིམ་པ་ལྔ་ཡོད་པའི་དང་པོ་སྐུ་


LT32_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལ་བརྟེན་ནས་ལྷ་དབང་ཡོངས་རྫོགས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་གདབ། བུམ་དབང་སྨོན་ལམ་བཅས་རྩ་བའི་དཀྱིལ་འཁོར་དང་སྤྲུལ་པའི་མ་མོ་རྣམས་ཀྱི་ལྷ་དབང་སོ་སོ་དང་འོག་གི་སྨོན་ལམ་རེ་རེ་བཞིན་སྦྲགས་ན་ལེགས་པས་བར་རིམ་བཞིན་ཡར་ལེན། དྲེགས་པའི་སྲོག་དབང་ཡད་གཞུང་གསལ་ལྟར་ལ། བྱིན་དབབ་བསྟིམ་གྱི་རྗེས་སློབ་མ་དབང་ཆེན་གྱི་གསལ་སྣང་ང་རྒྱལ་བསྐྱེད་པའི་ཚིག་རྒྱས་བསྡུས་གང་རུང་བརྗོད་ལ་ཙ་ཀླི་རྣམས་རིམ་པར་གཏད། གཉིས་པ་དབང་ཆེན་ལྷ་ཚོགས་ཡོངས་རྫོགས་ཀྱི་གསུང་གི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ། རྩ་སྔགས་དང་། ཨོཾ་ནི་སངས་རྒྱས་སོགས། ནས། དབང་བསྐུར་རྫོགས་པར་ཤོག༔ བླ་མ་རྟ་མགྲིན་དབང་ཆེན་སོགས་དང་སྔགས་གསུམ་རྗེས་ཟློས། ཁྲོ་བོ་དབང་ཆེན་ཡོངས་རྫོགས་ཀྱི༔ སྙིང་པོ་གསང་བའི་སྔགས་ཀྱི་ནུས་པ༴ཁྲོ་བོའི་གསུང་དབང་༴ ཞེས་བསྒྱུར་ལ་བརྟན་པའི་སྔགས་དང་མེ་ཏོག་འཐོར། དྲེགས་བའི་འཁོར་ཚོགས་སྲོག་ནས་གཟིར་བའི་དྲག་སྔགས་ཁྲོ་འདུས་ཀྱི་རྗེས་ཟློས། ཨོཾ་པདྨཱནྟ་ཀྲྀ་ཏ་སོགས། ལན་གསུམ། སྣང་སྲིད་དབང་ཆེན་སོགས། སྔགས་བྱང་མགྲིན་པར་བཞག་ལ། ཧོ༔ གསུང་དབང་ཐོབ་ནས་སོགས། བདུད་རྩི། ཧཱུྃ། རྡོ་རྗེ་རྩེ་དགུ་སོགས་ཡབ་དང་། །གྲི་ཐོད་ཡུམ་གྱི་ཕྱག་མཚན། བུམ་


LT32_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཅས་ཟུགས་དབང་ཡོན་ཏན་རྒྱན་རྫས། ཧཱུྃ་གཏི་མུག་གླང་ཀོ་ནས་ཉན་འཆད་སྒོམ་སྒྲུབ་ཆས་ཀྱི་བར། ཕྲིན་ལས་མཆོད་རྫས་རྣམས་དང་ལས་བཞིའི་ཕུར་པའི་དབང་གྲུབ་ནས། བསྒྲལ་དབང་རྒྱས་པ་བསྒྲལ་བའི་ལས་རིམ་སོགས་དང་སྤྲེལ་དགོས་པར་སྣང་ཡང་མདོར་བསྡུས་ཙམ་དུ་ཧོམ་བསྐྱེད་དང་འགུགས་གཞུག་སྤྱི་འགྲེ་བྱ། གོང་གི་ཁྲོ་འདུས་དང་མ་མོ་འདུས་པའི་དྲག་སྔགས་ཀྱིས་ཐུན་བབ་ཏུ་གཞུག །གཞུང་གསལ་ཕུར་གདབ་དང་ལས་བྱང་ལྟར་ཞལ་བསྟབ་བྱ། འགྲོ་འདུལ་ཡོངས་རྫོགས་དམ་རྫས་གཏོར་མའི་དབང་གསང་སྒྲུབ་ཀྱི་དངོས་གྲུབ་གཏོར་དབང་དཔེ་མ་འབྱོར་ན་ལས་བྱང་ཆེན་མོའི་དངོས་ཐུབ་བསྐུལ་ཚིག་ཁ་བསྒྱུར། དེ་ནས་ཤིས་བརྗོད། དམ་ཚིག་བསྒྲལ་བཟུང་སོགས་དབང་རྗེས་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་ཆོག་ཕྱིན་ལས་བྱང་ཞི་དྲག་གུང་བསྡེབས་ལ་མཐར་དབང་རོ།། ༈ །།ཉིན་གསུམ་པའི་སྔ་གྲོ་སྔོན་གཏོར་ཆ་གཉིས་བཏང་། །མཁའ་འགྲོའི་ལས་བྱང་པདྨའི་ཟེར་ཕྲེང་ལ་མཆོད་བྱང་། །གྲུབ་ན་སྐོང་བཤགས་ཀྱང་སྦྱར་ནས་ཚོགས་མཆོད་བར་བཏང་། རྣམ་བུམ་བསྐྱེད་བཟླས། ལས་བུམ་བསྒྲུབ་པ་དང་རིག་མེ་དོར་བ་སོགས་སྤྱི་ལྟར་བྱ། དབང་ལ་ཁྲུས། བགེགས་བསྐྲད། མཎྜལ། དེ་ནས་སྔོན་འགྲོ་རྣམས་མཁའ་འགྲོ་གསང་ལམ་ཐུགས་སྒྲུབ་ལྟར་སོང་བར་གསུངས་


LT32_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པས་གྲུབ་ན་གཏེར་གཞུང་དང་། །དབང་གཞུང་ཟིན་ཐོ་བསྟུན་ལ་བཏང་། མི་འགྲུབ་ན་སྤྱི་ཙམ་དུ། གོང་གསལ། ཀྱེ། དུས་གསུམ་སངས་རྒྱས་སོགས་གསོལ་གདབ་ནས་དཀྱིལ་འཁོར་བསྟན་པའི་བར་བཏང་། བྱིན་འབེབས་སྐབས་སློབ་མ་མཁའ་འགྲོའི་གཙོ་མོར་བསྐྱེད། ལྷ་ངོ་མཁའ་འགྲོའི་དཀྱིལ་འཁོར་མཚན་ཙམ་གྱིས་བསྟན། དངོས་གཞི་བུམ་དབང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་གདབ། བུམ་དབང་བསྐུར་ཚིག་གོང་གི་ཡི་དམ་ཁྲོ་བོ་ལྟར། ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ་སོགས་ལ། སྔགས། ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ཀ་ལ་ཤ །ཞེས་བསྒྱུར་ལ། བི་ཤུངྡྷེ་ཧཱུྃ༔ བར་བརྗོད། དེ་ནས་རང་གཞུང་། ལུས་ཀྱི་དྲི་མ་སོགས་དང་། ལྷ་དབང་གསོལ་གདབ་ནས་བཟུང་སྔགས་ཀྱིས་བརྟན་པའི་བར། དེ་ནས་ཞི་ཁྲོའི་གསུང་དབང་སྐབས་ལ་ཚིག་ཅུང་ཟད་བསྒྱུར་ཏེ། བླ་མ་ཡེ་ཤེས་མཁའ་འགྲོར་གསལ། ཐུགས་ཀའི་སྔགས་ལས་སོགས། འབར་བར་བསམ༔ཞེས་དམིགས་པ་ཕོག་ལ་དེ་འཕྲོས་ཡོད་པའི་ཨ་ནུ་ཡོ་ག་མཁའ་འགྲོའི་སྙིང་པོ་ཚན་གཉིས་རྗེས་ཟློས་ལན་གསུམ་རེ་བྱར་གཞུག ཨཿ བྟནྡྷ་མཚན་ལྡན་སོགས་ཀྱིས་བདུད་རྩི་སྦྱིན། སྔགས་བྱང་ཕྲེང་བ་གཏད་ལ་རང་གཞུང་ངོ་སྤྲོད་སྨོན་ལམ་སྔགས་ཀྱིས་བརྟན། དེ་ནས་གོང་གི་འཕྲོས། ཧཱུྃ་རྡོ་རྗེ་རྩེ་ལྔས་ཐུགས་ཕྱག་མཚན་གྱིས་དབང་བསྐུར། རང་གཞུང་། མཁའ་འགྲོའི་མཚན་


LT32_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་སོགས་ཀྱིས་ངོ་སྤྲད། གོང་གི་འཕྲོས། ཧཱུྃ། དབུ་རྒྱན་སྙན་རྒྱན་སོགས་ཡོན་ཏན་ཆས་དབང་བསྐུར། རང་གཞུང་། ཧཱུྃ་ཕུང་ཁམས་དག་པ་སོགས་ཀྱིས་རིག་མ་སྦྱིན། ཧོཿ སྲིད་པའི་འདོད་ཆགས་སོགས་ཀྱིས་ངོ་སྤྲོད། ཕྲིན་ལས་གཏོར་དབང་གསང་སྒྲུབ་དངོས་གྲུབ་བསྐུལ་ཚིག་ལྟར་བྱ་བར་གསུངས། ཤིས་པ་བརྗོད། རྗེས་དམ་ཚིག་བསྒྲག་བཟུང་སོགས་སྤྱི་ལྟར་དང་། ཚོགས་རོལ་ལྷག་ཆོག་ཕྱིན་ཚེ་གའི་རྗེས་རིམ་རྣམས་ཀྱང་མཁའ་འགྲོའི་ལས་བྱང་ལྟར་བྱའོ།། ༈ །།ཕྱི་དྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་འབྱུང་བའི་པདྨ་ཞི་ཁྲོ་རྩ་གསུམ་འདུས་པའི་ལས་བྱང་དྲི་མེད་རབ་གསལ་ལ། མངོན་རྟོགས་ཨ་ཏི་ཡོ་གའི་སྒྲུབ་ཐབས་ཉི་ཟླའི་ཕྲེང་བ་སྦྱར། དེའང་བདག་བསྐྱེད་ལུས་དཀྱིལ། མདུན་བསྐྱེད་ཕྱི་དཀྱིལ་ལྔ་ཚོམ་དུ་བསྒོམ་པའམ་བདག་མདུན་དབྱེར་མེད་བྱས་ཀྱང་ཆོག །གང་ལྟར་བཟླས་པ། བུམ་སྒྲུབ། ཆོས་སྲུང་གཏོར་ཆོག །ཚོགས་མཆོད་ཞལ་བསྟབས་པར་བྱ། རིག་མེ་དོར། སློབ་མ་ལ། ཁྲུས། བགེགས་བསྐྲད་བྱ། མཎྜལ་ཕུལ། གང་གསལ། ཀྱེ། དུས་གསུམ་སངས་རྒྱས་སོགས་གསོལ་གདབ་ནས་དཀྱིལ་འཁོར་བསྟན་པའི་བར་བཏང་། བྱིན་འབེབས་སྐབས་ཞི་ཁྲོའི་དབང་གཞུང་ལྟར་བསྐྱེད་བསྟིམས་དང་ཕྱག་རྒྱ་གསུམ་གྱིས་བརྟན་པར་བྱ། ལྷ་ངོ་བསྟན་པའང་མཚན་ཙམ་བསྒྱུར། བུམ་དབང་གཞུང་དོན་རྒྱས་


LT32_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་སྤྲོ་ན་གོང་གི་ན་རག་དོང་སྤྲུགས་ལྟར། གསོལ་གདབ་དང་བུམ་པ་དགུ། དེ་ནས་ཁྲོ་བོ་བསྐུར་དགོས་པར་གསུངས་པ་འདིའི་དབང་ཁོལ་ཕྱུང་ཕྱེད་སྐབས་དེ་ལྟར་ངེས་པར་དགོས། འདིར་ཞི་དབང་སྔོན་ཏུ་སོང་བས་འཐུས་པར་བྱས་ནས་ཁྲོ་དབང་སྐབས་ལྟར། ཧེ་རུ་ཀ་དཔལ་སོགས་གསོལ་གདབ་དང་། བུམ་དབང་ཚན་གཉིས་སྨོན་ལམ་བཅས་བྱ། དེ་ནས་རང་གཞུང་ལྷ་དབང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་གདབ། ཞི་བའི་བུམ་དབང་། ཞི་བ་ཡོངས་རྫོགས། ཁྲོ་བོའི་བུམ་པ། ཁྲོ་བོ་ཡོངས་རྫོགས་ལྷ་དབང་བསྐུར། དེ་ནས་གསུང་དབང་གོང་གི་ཁྲོ་བོའི་སྐབས་ཀྱི་དམིགས་པ་ཅུང་ཟད་ཁ་བསྒྱུར་ལ། སྔགས་བོ་དྷི་ཙིཏྟ་རྗེས་ཟློས་ལན་གསུམ། སྔགས་བྱང་ཕྲེང་བ་མགྲིན་པར་བཞག་ལ། ཧོ༔ གསུང་དབང་ཐོབ་ནས་སོགས། ཨཱཿ ཕྷནྡྷ་མཚན་ལྡན་སོགས་ཀྱིས་བདུད་རྩི་སྦྱིན། ཧཱུྃ་རྡོ་རྗེ་རྩེ་ལྔས་སོགས་ཀྱིས་ཐུགས་ཕྱག་མཚན། ཧཱུྃ། དབུ་རྒྱན་ཅོད་པན་སོགས་ཚན་གསུམ་གྱིས་ཡོན་ཏན་ཆས་དབང་སྤྲོ་ན་འདོད་ཡོན་སོགས་གསུམ་གྱི་དང་། བསྡུ་ན་ཉན་འཆད་སྒོམ་སྒྲུབ་ཙམ་གྱི་དབང་སྨོན་ལམ་བཅས་སོང་ནས། ཕྲིན་ལས་གཏོར་མའི་དབང་རང་གཞུང་ལྟར་བསྐུར་ཤིས་བརྗོད་དམ་ཚིག་ཁས་བླངས་སོགས་དབང་གི་རྗེས་རྣམས་དང་། ཚོགས་རོལ་ལྷག་ཆོག་ཕྱིན་ཆོ་གའི་རྗེས་རིམ་རྣམས་ལས་བྱང་དང་སྤྱིའི་འགྲོས་ལྟར་བྱའོ།། ༈ །།ཉིན་བཞི་པར། བརྒྱུད་འདེབས། སྔོན་


LT32_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆ་གཉིས་བཏང་བླ་མ་ཡིད་བཞིན་ནོར་བུའི་ལས་བྱང་ཆེན་མོ་ཚོམ་བུ་དགུ་པ། མདུན་བསྐྱེད་དཀྱིལ་འཁོར་མཆོད་ཕྲེང་། སྔགས་བྱང་ཛབ་བསྐུལ་སོགས་སྤྲད་ལ་བདག་མདུན་སྒྲུབ་མཆོད་ཛབྲ་བཟླས་བཅས་གྲུབ་ནས་གུ་རུའི་རྟགས་བསྟོད་དཀྱིལ་འཁོར་ལྷའི་གྲངས་བསྟོད་རྣམས་ཀྱང་ལོངས་སྐབས་ཡོད་ན་བྱ། བུམ་སྒྲུབ་སྙིང་པོ་འདུས་པས་རྣམ་བུམ་དང་། ལས་བུམ་སྤྱི་ལྔར་བསྒྲུབ། ཆོས་སྲུང་གཏོར་ཆོག་བརྒྱ་ཕྱག་སྔགས་བཤགས། བཤགས་པ་ལེ་ཚན་རྣམས་ཀྱང་ལོངས་སྐབས་དང་བསྟུན། མཆོག་སྐོང་། མར་མེའི་སྨོན་ལམ་གྲུབ་ནས་ཚོགས་མཆོད་འབུལ། མདོངས་སྐོང་མ་ལྕོགས་ན་སྐོང་བཤགས་རྒྱུན་ཁྱེར་ཙམ་དང་། རིག་མེ་དོར་ལ་གནང་བ་ནོད། དབང་ལ། ཁྲུས། བགེགས་བསྐྲད། མཎྜལ་ཕུལ། སྔོན་འགྲོ་འཇུག་པའི་སྐོར་རྣམས་བུམ་དབང་ནོར་བུའི་བཅུད་ཐིག་ནས་མདོར་བསྡུས་ཙམ་སྦྱོར་བ་ལེགས། བུམ་དབང་རིགས་ལྔའང་དེ་ལྟར་བསྐུར། དེ་ནས་དབང་གཞུང་ཡང་ཏི་བླ་མ་ཡིད་བཞིན་ནོར་བུའི་ལྷ་དབང་ཆེན་མོ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བཏབ་ནས་བརྩམས་ལྷ་དབང་རྫོགས་པར་བསྐུར། གསུང་སྔགས་དབང་། བདུད་རྩི་ ཐུགས་རིགས་ལྔའི་ཕྱག་མཚན། ཡོན་ཏན་ཞི་ཆས་དང་རྗེས་གནང་རྣམས་གོང་མ་རྣམས་ལྟར་སྦྱར། ཕྲིན་ལས་གཏོར་མའི་དབང་ནོར་བུའི་གཞུང་གསལ་རྡོ་རྗེ་སྙིང་པོ་སྦྱར། དེ་ནས་བརྒྱུད་པ་འཛིན་དེས་


LT32_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀའ་གཏད་ཀྱི་དབང་བསྐུར། ལོ་རྒྱུས་བརྗོད། མཐའ་རྟེན་ཕྲིན་ལས་བཞིའི་དབང་ཚིགས་བཅད་སོ་སོར་ཕྲལ་བའི་ཆར་བཞི་དང་རེ་རེའི་མཚམས་སྨོན་ཚིག་སོ་སོར་སྦྱར། བཀྲ་ཤིས་རྟགས། རྒྱལ་སྲིད། དཀྱིལ་འཁོར་རྒྱན་རྫས་ཡོངས་རྫོགས་ཀྱི་དབང་བསྐུར་བཅས་གྲུབ་ནས། བཀྲ་ཤིས་རྒྱས་པ་བརྗོད། གཉིས་པ་དབང་ལམ་དགོས་ཆེད་བསྟན་པ་སོགས་ནས་མཐིར་ཕྱིན་པར་བྱའོ། །ཞེས་པའི་འཕྲོས་མཚམས་སྦྱར་བཅས། གཙོ་བོས་ཇི་ལྟར་གསུམ། ལྔ་པ་དབང་མ་ཐོབ་པའི་སོགས་ནས། བྲན་ཏུ་དབུལ་བར་བྱའོ༔ ཞེས་པའི་མཚམས་གཏང་རག་མཎྜལ་དང་ལུས་འབུལ། དེ་ལྟར་དབང་ཆེན་དཀྱིལ་འཁོར་མ་ལུས་པའི་སོགས་ནས། མདོ་འཛིན་དམ་པའོ༔ ཞེས་པའི་བར་བརྗོད་ལ་དགེ་བསྔོ་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བཏང་བ་ནས་མཇུག་རྫོགས་ཀྱི་བར་སྔོན་འཕྲོས་ལས་བྱང་ཆེན་མོ་མཐར་དབྱུང་བས་དབང་ཆེན་ཡོངས་སུ་རྫོགས་པ་ལེགས་པར་གྲུབ། དབང་ཆེན་གཤམ་གྱི་བཤགས་པ་གཏང་རག་སོགས་ནི་སྒྲུབ་ཆེན་དང་སྦྲེལ་སྐབས་ལས་དཀྱུས་འདིར་མི་དགོས་སོ། །མངྒ་ལཾ། །

ཟབ་ལམ་ཐུགས་ཀྱི་ནོར་བུ་ལས་རྩ་བའི་སྒྲུབ་ཆེན་དང་བདུད་རྩི་སྨན་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ཟུང་འབྲེལ་དུ་བཀོད་པ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག


LT32_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ཐུགས་ཀྱི་ནོར་བུ་ལས། རྩ་བའི་སྒྲུབ་ཆེན་དང་བདུད་རྩི་སྨན་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ཟུང་འབྲེལ་དུ་བཀོད་པ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །


LT32_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། རྩ་གསུམ་རབ་འབྱམས་ཐུགས་ཀྱི་ནོར་བུ་ནི། །ཡེ་ཤེས་སྙིང་པོའི་བཅུད་དུ་འཁྱིལ་བ་གང་། །སྙིང་གི་པདྨོར་བྱིན་རླབས་བདུད་རྩིའི་རྒྱུན། །འབེབས་བཞིན་བཞུགས་ལ་བདེ་ཆེན་རྡོ་རྗེར་སྒྲུབས། །འབྲེལ་ཚད་རྣམ་གྲོལ་ས་ལ་དབུགས་འབྱིན་པ། །གསང་སྔགས་ཚོམ་བུ་ཚོགས་སུ་སྒྲུབ་པ་ཉིད། །བདུད་རྩི་སྨན་དང་འབྲེལ་བའི་ལས་ཀྱི་རིམ། །བཀོད་ལ་རྩ་གསུམ་སྲུང་མས་གནང་བ་སྩོལ། །དེ་ལ་སྤྱིར་ཟབ་ལམ་འདི་ཉིད་བླ་མ་དགོངས་པ་འདུས་པའི་ཐེམས་མེད་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ཁོལ་དུ་ཕྱུངས་བའི་ཆོས་སྡེ་ཡིན་འདུག་སྟབས་ཚིག་དོན་ཐམས་ཅད་དེའི་སྙིང་པོ་བསྡམ་པ་ཁོ་ནར་སྣང་བས་ཆོས་བཀའ་མ་བུ་འབྲེལ་ཆགས་པའི་དབང་གིས་དེ་ཉིད་ཁུངས་སུ་བྱས་ཏེ་འགོད་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། །རྗེས་ཀྱི་ལས་


LT32_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་སྟོན་པ་གནས་འཁོར་དུས་ཡོ་བྱད་ལྔར་གྲགས་ཆེ་བ་ལས། སྟོན་པ་རྡོ་རྗེ་སློབ་དཔོན་རང་བཞིན་བརྒྱད་སོགས་མཚན་ཉིད་དང་ལྡན་ཅིང་ཁྱད་པར་འདི་ཉིད་ཀྱི་དབང་ལུང་མན་ངག་བསྙེན་སྒྲུབ་ཉམས་ལེན་མཐར་ཕྱིན་པ། གནས་གུ་རུས་བྱིན་གྱིས་བརླབས་ཤིང་གྲུབ་ཐོབ་གོང་མའི་སྒྲུབ་གནས་བཀྲ་ཤིས་བྱིན་ཆགས་མཐུན་རྐྱེན་ཚང་བ། འཁོར་རྡོ་རྗེ་དང་ལས་ཀྱི་རྒྱལ་ཐེབས་གཟུངས་མ་སོགས་ནས་རྡུལ་ཕྱགས་ཡན་ཆད་གཞུང་བཤད་མཚན་ཉིད་དང་ལྡན་ལ་ཐ་ནའང་དམ་ཚིག་ལ་སེལ་དང་ཐེ་ཚོམ་གྱི་སྐྱོན་མེད་ཅིང་དད་མོས་ཤེས་རབ་ལྡན་པ། དུས་བཀྲ་ཤིས་བདེ་ལེགས་འབྱུང་བ་ར་བ་བཞིའི་ཡར་ངོ། །ལྟས་བཟང་བཅས་སྒྲུབ་པ་འཕེལ་བ་ཉ་སྟོང་བརྒྱད་གསུམ། གུ་རུའི་བྱིན་གྱིས་བརླབས་པ་ཡར་ངོའི་ཚེས་བཅུ། རྒྱལ་ཕུར་སོགས་གཟང་སྐར་འཕྲོད་སྦྱོར་དགེ་བ། ཡོ་བྱད་


LT32_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་སྒྲུབ་པའི་རྟེན་རྫས། མཆོད་པའི་ཡོ་བྱད། ཉེ་བར་མཁོ་བའི་ཆ་རྐྱེན་གཞུང་ནས་ཇི་སྐད་བཤད་པ་བཞིན་གལ་ཆུང་དེས་ཆོག་ལེ་ལོའི་དབང་དུ་མི་གཏོང་བར་འབྱོར་བས་གང་ལྕོགས་ནུས་པའི་སྟོབས་བསྐྱེད་ན། ཐམས་ཅད་རྟེན་འབྲེལ་གྱི་རྒྱུ་རྐྱེན་ལས་འབྱུང་བའི་ཕྱིར་ཚོགས་རྫོགས་ཤིང་དངོས་གྲུབ་མྱུར་དུ་འགྲུབ་པའི་ཉེར་ལེན་ཏུ་འགྱུར་རོ། །ཁྱད་པར་བདུད་རྩི་སྨན་སྒྲུབ་ནི་ཤིན་ཏུ་ཁེ་ཉེན་ཆེ་བའི་སྒྲུབ་པ་ཟབ་མོ་ཡིན་པས་སྒྲུབ་མཆེད་ནང་ཕན་ཚུན་དམ་སལ་འཁོན་བློས་མ་ཞུགས་ཤིང་གསང་སྔགས་ལྟ་སྤྱོད་ལ་ཐེ་ཚོམ་ལོག་ལྟ་མེད་པ། དང་མོས་བརྩོན་འགྲུས་དང་ལྡན་པ་ཤིན་ཏུ་གལ་ཆེ་བ་དང་། སྨན་རྣམས་རྒྱུ་དག་ཅིང་སེར་སྣས་མ་བཅིངས་པ་དགོས་པས་རང་གིས་དབང་བ་ཡིན་ཀྱང་རྒྱ་བ་ལ་ཚོང་པའི་ཆས་ཅན་ལས་གསེར་དངུལ་གྱི་རིན་གཞལ་ནས་ཉོ་ཚོང་གི་ཚུལ་བྱ་བ་རྟེན་འབྲེལ་གྱི་གནད་དུ་ཆེ་བ་གསུངས་པ་དང་། བདུད་རྩི་བསྒྲུབ་བྱ་དངོས་བདུད་རྩི་ལྔ་དང་ཤ་ལྔ། རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱོར་ཚུལ་རྒྱུད་མན་ངག་རྣམས་ལས་རྒྱ་ཆེར་གསུངས་བ་ལྟར་ཚོགས་དགོས་ཀྱང་། ད་ལྟ་བཤད་ཚོད་ལག་ཏུ་མི་ཐེབས་པས་གང་ཡང་འདྲ་འབག་དང་མོས་སྒྲུབ་ཙམ་བྱེད་པའི་ལུགས་ལྟར་ན། གོང་སྨོས་དེ་རྣམས་གཏེར་བྱོན་ཚད་ལྡན་དངོས་སམ། དེ་ལ་གཞི་བྱས་ནས་རིག་འཛིན་གོང་མས་བསྒྲུབས་བའི་ཆེས་སྨན་ལ་ཚང་བས་ཁུངས་ལྡན་གྱི་བབ་རྒྱུན་ཙམ་རྙེད་པ་གཞིར་བཞག །རང་གཞུང་འདིར་ཕྱིའི་བདུད་རྩི་དང་སྐྱོབས་སུ་བཤད་པའི་སྨན་རྣམས་དང་། རྩ་བ་བརྒྱད་ཕྱོགས་མཐུན། རུ་རྟ། ཙནྡན་དམར་པོ། ལི་ཤི། མ་ནུ། གུར་གུམ། ཛཱ་ཏི། ག་བུད་


LT32_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཚ་རྣམས་ལ་བྱ་ཞིང་། ཡན་ལག་རྒྱ་བོད་ཀྱི་སྨན་རིགས་ཇི་ཙམ་འཚོགས་པར་སྦྱར་ཆོག་པ་ལ་བཏང་དུ་མི་རུང་བ། །མདོག་དང་མེ་ཏོག་གི་སྤྱང་ཀི་སྤང་རྒྱན་སྔོན་པོ་རི་ཤོ་སྲན་མའི་མེ་ཏོག་སོགས། དྲིའི་སྤྱང་ཀི་ཤིང་ཀུན་ཤུ་དག་ནག་པོ་སྒོག་པ་བྱེའུ་རུག་པ་སོགས། །རོའི་སྤྱང་ཀི། ཧོང་ལེན། བོང་ང་དཀར་དམར། ཐལ་ཚྭ། བ་ཚྭ། གཞོབ་དྲི་ཅན་སོགས། ནུས་པའི་སྤྱང་ཀི་བཙན་དུག་གཙོས་དུག་རིགས་ཐམས་ཅད་སྤང་། གཏེར་གཞུང་རྣམས་ལས་འདབ་ཆགས་གཅན་གཟན་སོགས་དུད་འགྲོའི་རིགས་རེ་རེ་བཞིན་ཤ་སྣ་སྟོང་སྟོང་བསགས་པར་གསུངས་པས་ཤ་སྣ་ཇི་ཙམ་ཚོགས་པ་དཀོས། ཕྱིས་ཀྱི་གསུང་རྒྱུན་ཁ་ཅིག་ཏུ་བཏང་མི་རུང་བ་མང་དུ་བཤད་ཀྱང་ཡོངས་གྲགས་ཤའི་སྤྱང་ཀི་བུ་ཤུད་ཟེར་མོང་བོ་ཏོ་རོག་པོ་མཛོ་དྲེལ་གྱི་ཤ་རྣམས་མི་བཏང་བར་བཞེད། རྒྱ་བོད་ཀྱི་སྨན་རིགས་ཤ་སྣ་སོགས་གང་མང་བམ་རུལ་འཁེང་སད། རླུང་དང་ཉི་མས་དྲི་རོ་ཉམས་པ། དུད་པ་སོགས་རྫས་གཞན་གྱི་དྲིས་སྦགས་པ་སོགས་སྐྱོན་གྱིས་མ་གོས་པ། ཧ་ཅང་རྙིང་ཆེས་བ་མ་ཡིན་པ། གཙང་ལ་མ་ཉམས་པ་ཁོ་ན་འཚོགས་པ་གལ་ཆེ། ཤ་སྣ་མ་འཛོམ་ན་གསང་འདུས་རྒྱུད་ལས་གསུངས་པ་ལྟར། ཕྱེ་ཞི་བ་ལ་མི་དང་དུད་འགྲོའི་གཟུགས་བརྙན་མང་པོ་འབུར་གཟོ་དང་སྤར་བཏབ་ལ། ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་སྟོང་ཕྲག་མང་པོ་འོད་དུ་ཞུ་བ་ལས་འདབ་ཆགས། གཅན་གཟན། རི་དྭགས། གཡུང་དགས། ཆུ་གནས། ས་འཛུལ་སོགས་རིགས་མི་འདྲ་བ་མཐའ་ཡས་པའི་རྣམ་པར་གྱུར་པ་ཉིད་སོ་སོའི་ལས་ཀྱིས་ཤི་བར་གྱུར་པའི་ཤ་ཡིན་པར་མོས་ལ་སྦྱར་བར་བཤད་པ་ཉིད་གནད་


LT32_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། གླང་ཆེན། རྨ་བྱ། སེང་གེ། གྱི་ལིང་། ཤང་ཤང་ལྔའི་ཤ་མེད་དུ་མི་རུང་བས་མ་འཛོམ་ན་དེ་རྣམས་ཀྱི་ཚབ་གཡག་ཞོལ་ཅན། བྱ་ཝང་ངམ་ངང་པ། ཁྱི་དཀར་པོ། རྟ་དཀར་པོ། ཁྲུང་ཁྲུང་དཀར་མོའི་ཤ་ལ་བྱ་བར་གསུངས་པས་དངོས་སམ་གཟུགས་བརྙན་ལའང་དེ་རྣམས་གལ་ཆེ། སྨན་རིགས་ལྔར་དབྱེ་ཚུལ་རང་གཞུང་ལས་ཞིབ་པར་གསུངས་པ་ལྟར་གྲུབ་ན་ལེགས་ཀྱང་བཤད་ཚེད་ལག་ཏུ་ཐེབས་དཀའ་བས་ཁ་དོག་རོ་ཙམ་གྱིས་དབྱེ་སླ་བའི་དབང་དུ་བྱས་ན། ཛཱ་ཏི་སོགས་མདོག་དམར་སེར། ཨ་རུ་ར་སོགས་རོ་བསྐ་བ་དང་ཤིང་མངར་སོགས་མངར་བ་རིན་པོ་ཆེ་གསེར་དང་འབྲུ་གྲོ་དང་ཟར་མ་སོགས་དམར་སེར་གྱི་རིགས་ཐམས་ཅད་དབུས། ཅུ་གང་སོགས་མདོག་དཀར་པོ། ཏིཀྟ་སོགས་རོ་ཁ་བ། རིན་པོ་ཆེ་དུང་དང་འབྲུ་འབྲས་སོགས་དཀར་པོའི་རིགས་རྣམས་ཤར། ཀ་ཀོ་ལ་སོགས་མདོག་སྔོན་པོ། སྐྱུ་རུ་ར་སོགས་རོ་སྐྱུར་བ། རིན་པོ་ཆེ་མུ་མན་སོགས་སྔོན་པོའི་རིགས་རྣམས་ལྷོ། ཙན་དམར་སོགས་མདོག་དམར་པོ། སྒ་སྐྱ་སོགས་རོ་ཚག །ཚྭ་སྣ། རིན་པོ་ཆེ་བྱེ་རུ་དང་ཁྲག་སྣ་ཚོགས་མདོག་དམར་པོ་ཐམས་ཅད་ནུབ། སྔོ་སྨན་སོགས་མདོག་ལྗང་གུ། རོ་ཐ་དད་སྣ་ཚོགས་འདྲེས་པ། རིན་པོ་ཆེ་གཡུ་ལ་སོགས་པ་ལྗང་གུའི་རིགས་ཐམས་ཅད་བྱང་གི་སྨན་ཏུ་སྦྱར་ཞིང་། འབྲུ་དང་མེ་ཏོག་ཤིང་ཏོག་གི་རིགས་ཀྱང་མདོག་སོ་སོའི་དབྱེབས་དེ་བཞིན་ཏུ་སྦྱར་ཏེ་ཚོ་ལྔ་སོ་སོར་འཐགས་གྲུབ་ན་ལགས་མོད། འོན་ཀྱང་དེང་སང་བྱ་སླ་སྟབས་བདེའི་ལག་ལེན་ཏུ་ཁྲོལ་སྒྲུབ་རྟན་རིགས་དབྱེ་མཚོན་ཙམ་སོ་སོར་བཞག །


LT32_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་རྣམས་ཕྱོགས་གཅིག་འཐགས་ནས་སྔ་ཚགས་ཚུད་པ་བྱེད་པ་ལྟར་ན་སྨན་སྦྱོར་ཚད་ལྟར་བསྡུ། ཤིན་ཏུ་ཞིབ་མོར་བརྡུངས་ནས་དར་ཚགས་ལ་དྲངས། ཞིབ་པ་ལྟར་སྣང་ཡང་རླན་གྱིས་སྦོལ་སྐབས་རྩིས་སྐྱོན་འབྱུང་བས་དར་ཚགས་ཀྱང་ཞིབ་དགོས། ཁྲོལ་སྒྲུབ་རྟེན། གཙོ་བོ་དབུས་སུ་དི་ཆེན་དང་མིའི་ཤ །ཤར་དུ་བྱང་སེམས་དཀར་པོ་དང་བ་གླང་གི་ཤ །ལྷོར་ཀླད་པ་དང་ཁྱིའི་ཤ། ནུབ་དུ་པདྨ་རཀྟ་དང་རྟའི་ཤ །བྱང་དུ་དྲི་ཆུ་དང་གླང་པོ་ཆེའི་ཤ་རྣམས་འཇོག་དགོས་པ་ཡིན་ཀྱང་ཕབ་རྒྱུན་ཙམ་ལས་དངོས་རྣམས་རྟོག་པས་མི་ཆུན་པས་སྨན་སྣ་འཇོག་རྒྱུ། དབུས་སུ་ཨ་རུ་ར། ཛཱ་ཏི། སུག་སྨེལ། ཨ་ག་རུ། སྨད་འབྲས་གསུམ། ཤར་དུ་ཙྪ་གང་། ག་བུར། ཐལ་ཀར་རྡོ་རྗེ། ཙནྡན་དཀར་པོ། རིང་བསྲེལ། ལྷོར་བ་རུ་ར། ཀ་ཀོལ། ཞོ་ཤ་རྣམ་གསུམ། ཙི་ཏྲ་ཀ །ནུབ་ཏུ་ལིཤི། ཙནྡན་དམར་པོ། སྐྱུ་རུ་ར། སེ་འབྲུ། སྟར་བུ། སིནྡྷཱུ་ར། ཚབ་གསུམ། བྱང་དུ་གུར་གུམ། ཅོང་ཞི། བྲག་ཞུན། སྤོས་དཀར། ལིག་དུར་རྣམས་ཉུང་ངུ་རེ་ཐུམ་བྱ། བརྡེའི་བདུད་རྩི་ལྔའམ་སྐྱོབས་སུ་གྲགས་པ། དྲི་ཆེན་གྱི་ཨ་རུ་ར། བྱང་སེམས་ཀྱི་ག་བུར། ཤ་ཆེན་གྱི་ཙནྡན་དམར་པོ། རཀྟའི་དུ་རུ་ཀ །དྲི་ཆུའི་གླ་རྩི་རྣམས་ཀྱང་སོ་སོར་བསྡོགས། སྨན་གྱི་སྦྱར་ཚད་གཞུང་དང་ལག་ལེན་རྣམས་ལས་འདྲ་མིན་མང་ཡང་ཕྱག་ལེན་དངོས་གཙང་བའི་ལུགས་ལྟར་ན། ཨ་རུ་ར་ལ་གཞི་བྱེད་དགོས་པས་གང་མང་བྱ། དེའང་རུས་པ་དང་བྲལ་བ་བྱུང་ན་ལེགས། བ་རུ་ར། སྐྱུ་རུ་ར། གུར་གུམ་རྣམས་དེའི་བཞི་ཆ་རེ། ཙནྡན་དཀར་དམར། ཨ་ག་རུ་


LT32_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་རྣམས་བསྡོམས་པ་བཞི་ཆ་གཅིག །ན་གི་དུལ་མ་གི་ཝཾ་ལི་ཤི་རྣམས་བསྡོམས་པ་བརྒྱད་ཆ་གཅིག །བཟང་སྨན་གཞན་ཐམས་ཅད་བསྡོམས་པ་བཞི་ཆ་གཅིག །སྔོ་སྨན་རིགས་ཐམས་ཅད་བསྡོམས་པ་དང་། ཤ་སྣ་སོགས་ནང་སྨན་ཕྱོགས་བསྡོམས་བརྒྱད་ཆ་རེ། དབང་ལག་བཞི་ཆ་གཅིག ལིག་དུར་རྒྱ་གར་མ་གང་འཛོམ་དང་། །རྟ་མོན་པ་ཕྱེད་ཆ། སྦྲང་ཕུར་ཀ་ར་རྣམས་བཞི་ཆ་ཙམ་བསྲེ་བ་ཡིན་ལ། ཁམས་ཕྱོགས་ལྟ་བུ་བཟང་སྨན་དཀོན་པ་དང་འབྱོར་འཁོས་དམན་པའི་རིགས་ཀྱིས་བུང་བསྐྱེད་འབྲས་རྩམ་མམ་ཕྱེ་ཞི་བ། རུ་རྟ་དང་རྟ་མོན་བའི་ཕྱེ་མ་སོགས་ཅུང་མང་བ་བཏང་ཆོག །སྤང་སྤོས་ཀྱིས་མཚོན་པའི་སྔོ་སྨན་རིགས་རྣམས་ནི་མང་མི་རུང་ངོ་། །གཞན་ཡང་འོག་ནས་འབྱུང་བའི་དགོས་ཆ་ཐམས་ཅད་ཚོགས་པར་བྱ། དུས་ཀྱང་དཔྱིད་ཀ་དང་སྟོན་ཀར་བསིལ་དྲོད་སྙོམས་པ་རུལ་འཁྱག་གི་སྐྱོན་མི་འབྱུང་བའི་ཕྱིར་ལེགས་ཤིང་ཡང་ངོའི་ཚེས་བརྒྱད་ལ་ཁྱད་པར་གྱི་དུས་སུ་བཤད་པས་དབུ་འཛུགས་སམ་དངོས་གཞི་ཁེལ་ན་ཤིན་ཏུ་ལེགས་སོ། །གཉིས་པ་དངོས་གཞི་ལ་གཉིས། སྔོན་དུ་འགྲོ་བའི་ལས་རིམ། དངོས་གཞི་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱིར་སྒྲུབ་པ་ལ་འཇུག་པ་རྣམས་ཀྱིས་ཚོགས་བསགས་ཤིང་བར་ཆད་བསལ་བའི་དོན་དུ་བྱ་དགོས་པ་བླ་མ་དགོང་པ་འདུས་ལག་ཁྲིད་ལས། གེགས་སེལ་ཉེས་སྦྱོང་ཁྲུས་ཀྱི་ཆོ་ག་སོགས་རྣམ་གྲངས་དགུར་གསུངས་པ་ལྟར་གལ་ཆེ་བས། ཐོག་མར་སྒྲུབ་པ་ལ་འཇུག་ཁར་སྒྲུབ་མཆེད་དུ་ཡོད་སོ་སོ་ནས་སཱཙྪ་ནང་གཞུག་ལྡན་པ་ཅི་འགྲུབ་བཏག །ཞི་ཁྲོ་ལྟ་བུའི་བཤགས་སྐོང་རྒྱས་པ་བཏང་། གླིང་


LT32_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྤྱི་མདོས་རྒྱས་བསྡུས་གང་རུང་། བརྒྱ་བཞི། རྒྱལ་པོ་གསོལ་མགྱོགས། མ་མོ་འཁྲུགས་སྐོང་ཚར་གྲངས། །ལྷ་བསང་རྒྱགས་བརྔན་དང་བཅས་པ། ཞི་བ། སྣང་བརྒྱད། བསག་སྡེ་བརྒྱད་ཆ་སྙོམས་སོགས་གསེར་སྐྱེམས། །དམ་སྲི་གླུད་མདོས་སོགས་བླུད་བསྔོ་གྲངས་ལྡན་བྱ། ཕུར་པའི་ཟློག་པ་ཞག་གསུམ་མམ་ཉིན་རྫོགས་ལྟ་བུའི་ཞར་བྱུང་དམ་སྲིའི་མནན་ལིང་འོག་ནས་འབྱུང་བ་ལྟར་བྲིས་པ་ལའང་འགུགས་བསྟིམས་ནན་ཏན་དུ་བསྒྲུབས་ལ་མནན་ཆས་བྱའོ། །གཉིས་པ་ཁྱད་པར་སྔོན་འགྲོ་དངོས་ལ་ལྔ། སའི་ཆོ་ག །མཚམས་གཅོད་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། སྒྲུབ་བོ་རྣམས་ཕྲིན་ལས་ལ་འཇུག་རུང་བྱ་བ། སྣོད་བཅུད་བྱིན་གྱིས་བརླབ་པའོ། །དང་པོ་ནི། གཏེར་གཞུང་སྒྲུབ་ཁོག་ལས་ཐོག་མར་སློབ་དཔོན་ལ་གསོལ་གདབ་གནང་སྦྱིན་འབྱུང་བ་སོགས་ནི་དབང་སྒྲུབ་ལ་དགོངས་པས་འདིར་དོན་གྱིས་སོང་ཟིན་པས་མི་དགོས་པས་ས་སློང་བ་ནི། དཀྱིལ་འཁོར་གང་དུ་བཞེངས་པའི་གནས་ཁང་གཙང་མར་བྱས་ལ་སྐུ་གསུང་ཐུགས་རྟེན་དང་རྒྱན་གྱི་ཁྱད་པར་རྣམས་ཀྱིས་མཛེས་པར་བརྒྱན། སྟེགས་བང་རིམ་གཉིས་པ་ཁེབས་ལྡན་གྱི་དང་པོར་བདག་བསྐྱེད་མཆོད་པ་བླ་གཏོར་དམར་པོ་ཉི་ཟླ་སོགས་ཀྱིས་བརྒྱན་པའི་གཡས་སུ་སྨན་དང་གཡོན་དུ་རཀྟའི་ཐོད་པ། གཉིས་པར་གཡོན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་བྲེང་ཚར་དུ་བཀོད། དེའི་མདུན་ཕྱོགས་དཀྱིལ་འཁོར་གང་ལ་བྱ་བའི་དབུས་སུ་མེ་ཏོག་གམ་འབྲུའི་ཚོམ་བུ་གཅིག་བཀོད་པའི་མདུན་ཏུས་ལྷའི་དཀར་ཟླུམ་བཤམ། མཐའ་སྐོར་དུ་བྱང་ཤར་མཚམས་འཛིན་མེ་


LT32_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་སྐོར་དུ་བཀོད། ཁྲུས་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་དང་མགུལ་ཆིངས་ལྗང་གུ་ཅན་མེ་ལོང་བཅས་པའང་ཅི་བདེར་བཞག །གཞན་ཡང་གཏོར་མ་ཆ་གསུམ་དང་བསང་ཆུ་སོགས་ཉེར་མཁོའི་ཡོ་བྱད་རྣམས་འཚོགས་པར་བྱའོ། །དེ་ནས་སྒྲུབ་པ་པོ་རྣམས་གྲལ་ཕྱག་དང་ཚུལ་ཕྱག་བཅས་གྲལ་ལ་འཁོད་དེ། ཐོག་མར་ཚིག་བདུན་གསོལ་འདེབས་དང་རང་གཞུང་བརྒྱུད་འདེབས་བཏང་། ལས་བྱང་གྲུབ་གཉིས་འདོད་འཇོའི་སྐྱབས་སེམས་ནས་བསྟོད་པའི་བར་བཏང་ལ་བཟླས་པ་ཅི་འགྲུབ་མཐར་སྟོང་ཚིགས་ཕུལ། སྣོད་བཅུད་སྐྱེ་འགྲོ་སོགས་འོད་གསལ་དུ་བསྡུ་ཞིང་སླར་གཉུག་མའི་ལྷར་ལྡང་། དེ་ནས་ཆ་གསུམ་གཏོར་མ་གསང་བ་སྤྱི་ལྟར་བཏང་། ས་ལྷའི་མཆོད་གཏོར་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་པར་གསུངས་པ་ལྟར་སྤྲོ་ན་སྤྱི་ལྟར་བྱ། དཀྱུས་ཙམ་དུ། བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། རྃ་ཡྃ་ཁྃ་གིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་བྷནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས་༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་བརླབ། དེ་ནས་ཐམས་ཅད་ཀྱིས་རྡོ་རྗེ་དང་བཅས་ལག་གཡས་ས་ལ་རྡེག་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ་


LT32_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཧྲཱིཿ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་ཕྱག་གཡས་བུམ་པ་བསྣམས་ཤིང་གཡོན་དཔང་པོར་ཁས་འཆེ་བའི་ཕྱག་རྒྱ་ཅན། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བས་བདག་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཧཱུྃ། ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ སེམས་ཅན་ཀུན་གྱི་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་དེས་བསྒྲུབ་པས༔ མཆོད་འབུལ་དཔང་མཛོད་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་ཆེ་བའི་ལྷ་དགུ་སོགས༔ འབྱུང་པོའི་ཚོགས་རྣམས་མ་ལུས་པ༔ ས་གླུད་མཆོད་སྦྱིན་འདི་བཞེས་ལ༔ ས་ཕྱོགས་འདི་དག་བདག་ལ་སྩོལ༔ གནས་རྟེན་གཞན་དུ་ཁྱེད་སྤོས་ལ༔ ས་འདིར་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷཱུ་ཏ་པཱུ་ཙ་གྲྀཧྞ་ཁཱ་ཧི༔ ལན་གསུམ། ཤཱིནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ བདེན་པ་བརྡར་ཏེ༔ སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདུད་བཏུལ་ནས་སངས་རྒྱས་ཏེ༔ ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་ཅིང་ལྷ་མོ་ཁྱོད་ཀྱིས་སྦྱིན་པར་བྱས་པ་ཡིན་པས༔ དེ་རྗེས་བདག་རྡོ་རྗེ་འཛིན་པས་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་བ་དང་སློབ་མ་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་ཕྱིར༔ རྩ་གསུམ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་འདེབས་པར་འཚལ་བས༔ སའི་བདག་པོ་འཁོར་དང་


LT32_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཁྱེད་རྣམས་ཀྱིས་ས་གླུད་མཆོད་སྦྱིན་འདིས་ཚིམ་པར་མཛད་ནས༔ གནས་འདིར་བཀྲ་ཤིས་བྱིན་བཙན་པར་མཛོད་ཅིག༔ ལྷ་མོས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་གྱུར། ཅེས་མོས་ལ་མཆོད་གཏོར་སྒོར་ཕུལ། མཆོད་པ་རྣམས་བསལ། གཞུང་གི་དགོངས་པ་གཏེར་བུམ་འཇོག་པའང་མ་ཆད་པ་བྱེད་པའི་ཕྱག་སྲོལ་ཡོད་པས་བུམ་གཏེར་ཚད་ལྡན་སློབ་དཔོན་གྱིས་ཐོགས་ལ། ཏྲཱྃ་ལས་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་ཐམས་ཅད་འབྱུང་བར་བསམས་ལ། ཨོཾ་ཨཱཿཧཱུྃ༔ ལན་བདུན་གྱིས་བརླབ། ས་ཡི་ལྷ་མོ་འཁོར་དང་བཅས༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས༔ བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི༔ དཀྱིལ་འཁོར་བྲི་ཕྱིར་གཏེར་དུ་འབུལ༔ ཞེས་བརྗོད་ལ་སྟེགས་བུའི་དབུས་སུ་གཞུག་ཅིང་ཡེ་དྷར་བརྗོད་ལ་འབྲུ་འཐོར། ཤིས་པ་བརྗོད། གཞུང་འདི་ཤིན་ཏུ་བསྡུས་པའི་དབང་གིས་ས་སྦྱོང་བ། བཟུང་བ། སྲུང་བ་རྣམས་མ་བཤད་ཅིང་སྒྲུབ་གནས་རྙིང་པ་སོགས་དགོས་པའང་མིན་པས་གཞན་ནས་ཁ་འགེངས་མི་དགོས་ལ། སྨིན་དབང་གཙོ་བོར་བཏོན་ན་སྐབས་འདིར་ལྷ་དང་བུམ་པ་སློབ་མ་སྟ་གོན་རྣམས་བྱ་དགོས་ཀྱང་ཚོགས་སྒྲུབ་ཁ་རྐྱང་ལ་དེ་དག་མི་དགོས་པས་བཀའ་བརྒྱད་སོགས་ཡོངས་གྲགས་ཕྱག་ལེན་གཞན་ལས་ཀྱང་མི་འབྱུང་བ་དང་། ལྷ་སྟ་གོན་ཙམ་བྱས་ན་དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་ཆེད་ཡིན་པས་མི་འོས་པ་མེད་ཀྱང་གསང་བ་སྤྱིའི་འགྲོས་ལྟར་འོག་ནས་འཆད་པར་འགྱུར་རོ༔ གཞུང་འཚོགས་ཐོ་འཛུགས་བྱོན་སྐབས་རྡོར་སློབ་གཞན་ཞིག་ནས་རྣམ་འཇོམས་དང་སྨེ་བརྩེགས་ཁྲུས་བདུན་རིག་པ་བཅས་


LT32_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ནས་ཁྲུས་བུམ་བསྒྲུབ། ཕྱི་བཤགས་ཀྱིས་བཅད། སྒྲུབ་ཁང་ཤར་དུ་ཤེར་ཕྱིན་དང་ཕལ་པོ་ཆེའམ་མི་ནུས་ན་བཟང་སྤྱོད། ལྷོར་མཚན་བརྗོད་སྟོབས་པོ་ཆེ། ནུབ་ཏུ་ལང་ཀ་གཤེགས་དང་བཀྲ་ཤིས་བརྩེགས་པ། བྱང་དུ་གྲྭ་ཏོག་དང་ཡུམ་ཆེན་མོའི་མཚན་བརྒྱ་རྣམས་བཀླག་གོ། །གཉིས་པ་མཚམས་བཅད་པ་ལ་གསུམ། དང་པོ་ཕྱི་མཚམས་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུའམ་སྔགས་བྱང་རྒྱལ་མཚན་ནམ་བ་དན་ཕྱོགས་མདོག་བཙུགས་པ་དང་། །སཙྪ་དཀར་སྔོ། དམར་སེར་བཞིའང་བཞག །སོ་སོའི་མདུན་དུ་སྟེགས་གཙང་མར་མཎྜལ་པདྨ་འདབ་བཞིའི་སྟེང་གཏོར་མ་དཀར་ཟླུམ་མདུན་དུ་ཐེབས་ཀྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་ཏུ་གཡོན་ཕྱོགས་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམས། སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦྲེང་གི་ཚུལ་གྱིས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། བསང་སྦྱངས་ནས་མཆོད་གཏོར་བྱིན་རླབས་ས་སློང་སྐབས་ལྟར་བྱ། ཐོ་སྐུ་རྟེན་དང་བཅས་པ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དྷྲྀ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་ཅིང་དྲི་ཟའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿ ས་རྟེན་ལ་བསྟིམ། ཨོཾ་དྷྲྀཥྚཱ་རཥྚཱ་ཡ་སྭཱ་ཧཱ༔ ལན་བདུན།


LT32_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སྔགས་སྔ་མའི་མཐར། བ་ལི༚་ཏ་ནཱ་ནཱ་བ་དནྟུ་གྲྀཧྞ་ཧཱུྃ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་༔ ཞི་མཛད་དཀར་གསལ་པི་ཝཾ་བསྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ དྲི་ཟའི་གདོན་ཚོགས་མ་ལུས་སྲུངས༔ ཨོཾ་དྷྲྀཥྚཱ་རཱཥྚཱ་ཡ་སྭཱ་ཧཱཿ ཞེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། སུ་པྲ་ཏིཥྛས་བརྟན་བཞུགས་བྱའོ། །དེ་ནས་ལྷོར་ཕྱིན་ལ་མཆོད་གཏོར་བྱིན་བརླབ། བསང་སྦྱང་། སྟོང་པའི་ངང་ལས་བཻ་ཡིག་ཡོང་སུ་གྱུར་པ་ལས་རྒྱལ་ཆེན་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་ཅིང་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿ ས་རྟེན་ལ་བསྟིམ། ཨོཾ་བཻ་རུ་དྷ་ཀཱ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས། རང་སྔགས་དང་གཏོར་སྔགས་སྦྱར་བ་ལན་གསུམ་དང་། ཧཱུྃ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོཿ མངོན་སྤྱོད་མདོག་སྔོན་རལ་གྲི་བསྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ། གཤིན་རྗེའི་གདོན་ཚོགས་མ་ལུས་སྲུངསཿ ཨོཾ་བྷེ་རུ་དྷ་ཀཱ་ཡ་སྭཱ་ཧཱ༔ སྔར་ལྟར་བརྟན་བཞུགས་བྱ། ནུབ་ཏུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། བསང་སྦྱང་། སྟོང་པའི་ངང་


LT32_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་སྤྱན་མི་བཟང་དམར་པོ་པུ་རི་དང་སྤྲུལ་ཞགས་བསྣམས་ཤིང་ཀླུའི་ཆོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་བི་རཱི་པཀྵཱ་ཡ་སྭཱ་ཧཱ༔ ལན་བདུན། རང་སྔགས་མཐར་གཏོར་སྔགས་སྦྱར་བ་ལན་གསུམ། ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ དབང་ཆེན་མདོག་དམར་སྦྲུལ་ཞགས་འཛིན༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཀླུ་ཡི་གདོན་ཚོགས་མ་ལུས་སྲུངས༔ ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔ བརྟན་བཞུགས་བྱ། བྱང་དུ་ཕྱིན་ལ། མཆོད་གཏོར་བྱིན་བརླབ། བསངས་སྦྱང་། སྟོང་པའི་ངང་ལས་ཀུ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ལྗང་ནག་རྒྱལ་མཚན་དང་ནེའུ་ལེ་འཛིན་ཅིང་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛ་ཧཱུྃ་བྃ་ཧོ༔ ཨོཾ་བཻ་ཤྲ་མ་ཱ་ཡ་སྭཱ་ཧཱ༔ ལན་བདུན། རང་སྔགས་མཐར་གཏོར་སྔགས་སྦྱར་བ་ལན་གསུམ། ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ཡོན་ཏན་མདོག་ལྗང་རྒྱལ་མཚན་


LT32_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གནོད་སྦྱིན་གདོན་ཚོགས་སྲུང་མཚམས་མཛོད༔ ཨོཾ་བྷཻ་ཤྲ་མ་་ཡ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་བའི་བཀའ་ཉན་བསྟན་པ་སྲུང་བའི་བདག༔ ཕྱོགས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ མཆོད་སྦྱིན་གཙང་སྦྱར་གཏོར་མ་འདི་བཞེས་ལ༔ མ་དག་བགེགས་ཀྱི་ཚོགས་རྣམས་མཚམས་ཆོད་ཅིག༔ ཅེས་ཐུན་མོང་དུ་ཕྲིན་ལས་བཅོལ། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམས་ལ། བརྟན་བཞུགས་དང་ཤིས་བརྗོད་ཤློ་ཀ་གསུམ་ཙམ་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ཡོད་པའི་ད་ལོ་དམ་སྲི་མནན་པ་ནི། གསེར་སྐྱེ་མས་ཆས། མནན་ལིང་། ལྕགས་ཟངས་རྡོ་ཕྱེ་ཡུངས་ཀར་སོགས་ཀྱི་ཐུན་རྫས། གུ་གུལ། དུར་རྡོ་རི་གླིང་དང་རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་བྲིས་པ། ་ས་ཆུ་མེ་རླུང་། སཱཙྪ་ནག་པོ་སོགས་ཉེར་མཁོའི་ཡོ་བྱད་འདུ་བྱ། སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཏྲི་།།།ཁ་སྤྲོད་ཀྱི་མཐར་མགྲིན་པ་ནས་བརྩམས་ཏེ་མགོ་བོ་ཕྱིར་བསྟན་པས། ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་ཛཿཛཿཛནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿ ཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོད་འབྱུང་པོའི་ཚེགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་རྫུ་འཕྲུལ་ནུས་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལྃ་ཧཱུྃ་ལཾ་སྟཾྭ་བྷ་ཡ་ནན༔


LT32_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་རྣམས་ཀྱི་མཐར་ཛ་ཁྲོམ་གྱིས་བསྐོར་ལ་གན་རྐྱལ་དུ་བཞག་པའམ༔ ཡང་ན་སྔར་ནས་བསྒྲུབས་ཟིན་པའི་མནན་ཐོད་དེར་བཀོད་ལ། ཐོག་མར་འབྲུ་སྣ་བཏབ་པའི་གསེར་སྐྱེམས་རྡོར་སློབ་ཀྱིས་ཐོགས་ལ། རྃ་ཡྃ་ཁྃ། གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ ཁྱད་པར་དཔལ་ཆེན་དབང་དྲག་ཧེ་རུ་ཀ༔ བཀའ་སྡོད་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ གསེར་སྐྱེམས་འདི་བཞེས་སྔགས་འཆང་མཐུ་དཔུང་སྐྱེད༔ གཙང་རིགས་དཔལ་མགོན་སྣང་སྲིད་ལྷ་འདྲེའི་ཚོགས༔ ཁྱད་པར་ས་ཕྱོགས་འདིར་གནས་ལྷ་ཀླུ་སོགས༔ གཉུག་མར་གནས་དང་གློ་བུར་ལྷགས་པ་ཀུན༔ གསེར་སྐྱེམས་འདི་བཞེས་སྔགས་འཆང་སྟོངས་གྲོགས་མཛོད༔ ས་བདག་རྗེ་བློན་འབངས་འཁོར་བཅས་པ་དང་། ལོ་ཟླ་ཞག་དུས་གནས་འགྱུ་ལེགས་ཉེས་སྟོན༔ ཀོ་ལོང་སྡོམ་པའི་རིགས་ཀུན་གསེར་སྐྱེམས་བཞེས༔ རུ་ང་ཀུན་སྤོངས་མཐུན་པའི་སྟོང་གྲོགས་མཛོད༔ ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། ཨོཾ་པདྨཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རང་ཉིད་དབང་ཆེན་རྟ་མགྲིན་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར། ཨེ་ཡཾ་ཛྲ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཧྲི་ལས་དམ་


LT32_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་ཏུ་གྱུར། འགུགས་པའི་རྒྱ་བཅས། ན་མོ། བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས། བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། ཁྱད་པར་དུ་ཡང་དཔལ་ཆེན་དབང་དྲག་འབར་བའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ རྣལ་འབྱོར་པ་བདག་གི་ལྷག་བསམ་རྣམ་པར་དག་ཅིང་རྒྱུ་འབྲས་མི་འཆོལ་མི་བསླུ་བའི་བདེན་པ་དང་། ཏིང་ངེ་འཛིན་སྔགས་རྒོད་རྫས་དང་སྦྱོར་བའི་འཁྲུལ་འཁོར་གྱི་ནུས་པས། བསྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་སྒབ་འདྲེ་རྒྱབ་རྟེན་དང་བཅས་པ་རང་དབང་མེད་པར་གླ་བ་ཁྱིས་དེད་པའམ༔ སྦུར་མ་རླུང་གིས་ཁྱེར་བ་ལྟར་གཟུགས་དང་ལིངྒ་འདི་ཉིད་ལ་ཁུག་ཅིག༔ ཨ་མུ་ཀ་སརྦ་ནྀྲ་ཏྲི་ཨངྐུ་ཤ་ཡ་ཛཿཛཿ ལན་གསུམ། ཕོ་ཉ་འགྱེད་པ་ནི། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་འབྱིན་པའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བླ་སྲོག་རྣམ་པར་ཤེས་པ་ཀུན༔ མ་ཤོར་མ་བཏང་ཁུག་ལ་སོད༔ བཏབ་པའི་དུས་ལ་མ་འདའ་བར༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ ༔


LT32_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་ལུས་མྱུར་དུ་ཁུག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཁུག༔ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་དྲ་བར་ཆུག༔ དྲིལ་བུ་ཅན་གྱིས་སྨྱོ་རུ་ཆུག༔ ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ༔ བསྐལ་པའི་མུན་པས་མདུན་ནས་བསུས༔ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ༔ རང་དབང་མེད་པར་ཁུག་ལ་ཤོག༔ ཏྲི་ཡཾ་ཛཿཏྲི་བཛྲ་ཨང་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ འབེབས་ཆེན་རིང་བའི་འོག་དྲག་སྔགས་སོ་ལྔ་བཟླ་ཞིང་ཕུར་སྐོར་ཚམ་རྔམས་བྱ། འོག་གི་འདོན་ཚིག་དང་བསྒྲིགས་ཏེ་ཕུར་པ་འདེབས་ཚུལ་བྱ། ཐུན་རྫས་བྲབ། གུ་གུལ་གྱི་དུད་པས་བདུག །རྡོ་ལེབ་ཀྱིས་མནན་ལ། ཧཱུྃ༔ དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ བླ་མ་ལ་བསྔོས་དཀོན་མཆོག་དམོད༔ བསྟན་པ་བཤིག་ཅིང་ཡོངས་ལ་འཚོ༔ བཀའ་ལས་འདའ་བྱེད་དམ་སྲི་ཁྱོད༔ མཚོན་ཆ་འབར་བས་དུམ་བུར་གཏུབས༔ ལས་ཀྱི་གཤིན་རྗེའི་ལྟོ་བར་བཅུག༔ གླིང་བཞི་རི་རབ་འོག་ཏུ་མནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ དམ་སྲི་མཱ་ར་ཡ་ན་ན༔ སཱཙྪས་མནན། ས་སོགས་འབྱུང་བ་རིམ་པ་དགུས་གཡོགས་ལ་རྒྱས་གདབ་པ་ནི། ཧཱུྃ༔ ཆོས་སྐུ་ཉག་གཅིག་ཐབས་ཤེས་སྐུ་གསུང་། ཐུགས༔ ཚད་མེད་བཞི་དང་ཡེ་ཤེས་རྣམ་པ་ལྔ༔ ཕྱིན་དྲུག་ཡན་ལག་བདུན་དང་རྣམ་ཐར་བརྒྱད༔ ཐེག་པ་རིམ་དགུ་ས་བཅུའི་དབང་ཕྱུག་རྒྱལ༔ དོན་རྟགས་གཉིས་མེད་ཆེན་པོའི་


LT32_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུྃ་ལཾ་སྟཾྭ་བྷ་ཡ་ནན༔ འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་རྒྱལ་འཁོར་བཅས་བཞུགས་པར་བསམས་ལ། མཆེད་ལྕམ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་རྟ་བྲོ་བརྡུང་བ་ནི། ཧཱུྃ༔ བདག་ཉིད་རྟ་ཡི་བརྟུལ་ཞུགས་ཀྱིས༔ ཐབས་ཤེས་གཉིས་མེད་རོལ་བ་ལས༔ རྡོ་རྗེའི་བྲོ་བརྡུངས་ཆེམས་སེ་ཆེམ༔ ཧཱུྃ་ཕེ༚་ང་རོ་དི་རི་རི༔ ཁམས་གསུམ་ཡོངས་སྒྲོལ་དཀྱིལ་འཁོར་དུ༔ ཡེ་ཤེས་ཁྲོ་ཚོགས་འཁྲུགས་པ་རྣམས༔ གཟུང་འཛིན་བསྒྲལ་བའི་ལས་བྱས་པས༔ རུ་དྲ་མནན་པའི་ཆོ་ག་རྫོགས༔ ཨོཾ་ལྃ༔ ཨཱཿལྃ༔ ཧཱུྃ་ལྃ༔ སྟཾྭ་བྷ་ཡ་ནན༔ ཅེས་སོ། །གཉིས་པ་སྒོ་བྱང་གདགས་པ་ནི། ཕྱི་སྒོའི་གོང་དུ་ལུག་གི་སོགས་བ་ལ་གཤིན་རྗེ་མངོན་རྟོགས་ལྟར་བྲིས་པ་དང་སྐྱེར་ཕུར་ལ་སྙིང་པོ་བྲིས་པ་རྒྱབ་ཏུ་བཏགས་ཏེ། དམར་གཏོར་གྲུ་གསུམ་ཐེབས་རིལ་གྱི་ས་མཚན་པ་དང་། ཆུ་གཉིས་ཉེར་སྤྱོད་བཤམ། མཆོད་གཏོར་བྱིན་རླབས་གོང་བཞིན་བྱ། སྐུ་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཁྲམ་ཤིང་འཛིན་པ་ཁྲོ་གཏུམ་འཇིགས་པའི་སྐུར་གསལ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་དྲངས་ཏེ་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛཿཧཱུྃ་ཕཊ། ཅེས་བདུན་ནམ་ཉེར་གཅིག་བཟླ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྙིང་པོའི་གཤམ་དུ། བ་ལི༚་ཏ་ནཱ་ནཱ་ཁ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་


LT32_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་དུ༔ བཅོམ་ལྡན་རྡོ་རྗེས་བཀའ་སྩལ་བཞིན༔ ལས་ཀྱི་ཁྲོ་བོ་ཆེན་པོ་ལ༔ སྒྲུབ་ཁང་སྒོ་སྲུང་གཉེར་དུ་གཏད༔ སྒྲུབ་ལ་བར་དུ་གཅོད་པ་ཀུན༔ ས་འདི་ཡན་ཆད་མ་བཏང་ཞིག༔ དཀྱིལ་འཁོར་སྐྱོང་བའི་སྲུང་མ་རྣམས༔ རྡོ་རྗེའི་ཡལ་གམ་ །ཐུབ་པར་སྲུངས༔ རྟེན་ལ་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། ནང་སྒོར་ར་སོག་ལ་བདུད་རྩི་འཁྱིལ་བའི་སྐུ་དང་སྐྱེར་ཕུར་སྔགས་ལྡན། མཆོད་གཏོར་བཤམས་ཤིང་བྱིན་རླབས་སོགས་སྔར་ལྟར་ལ། བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་མེ་འབར་བའི་ཀློང་དུ་གསལ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོ༔ ཞེས་དྲངས་ཏེ་བསྟིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བདུན་ནམ་ཉེར་གཅིག །མཆོད་པ་དང་། གཏོར་འབུལ་སྔར་ལྟར་ལ། ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ གསང་ཆེན་ལྷུན་གྲུབ་སོགས་གོང་བཞིན་བརྗོད་ལ་བརྟན་བཞུགས་བྱ། ནང་དུ་འཇུག་པའི་སྐབས་སུ་རྡོ་རྗེ་མཚམས་པ་དཔོན་སློབ་ནས་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས། གིང་དཀར་ནག་ཆས་སུ་ཞུགས་པས་དྲག་སྔགས་བཟླ་བཞིན་དུ་མེ་ །ཐུན་ཆུ་ཐུན་བརྡེག །དེ་བྱིན་ཆད་ནས་ཐོ་དང་ཐུན་གྱི་འོག་ཏུ་མ་ཚུད་པའི་ངོ་གསར་རིགས་སྒྲུབ་པ་མ་


LT32_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྱི་བར་དུ་ནང་དུ་མི་བཏང་ཞིང་གདོང་མི་སྤྲད། ཕྱི་ནང་མངགས་གཞུག་པ་རྣམས་ལ་སྔགས་བཏབ་ཅིང་ཡུངས་ཐུན་བཏགས་པའི་ཕུར་པ་རེ་བསྐུར་བརྐེད་ལ་གཟེར་ནས་མ་བྲལ་བར་བྱ། འཐུང་ཆུ་སོགས་ཡོ་བྱད་ནང་དུ་མི་ལེན་ཀ་མེད་ཡོད་ན་རྡོ་རྗེ་མཚམས་པས་ཐུན་བརྡེག་ཅིང་བགེགས་བསྐྲད་ལ་གིང་པ་རྣམས་ཀྱིས་ལེན། ཆང་བཟི་འཐབ་འཛིངས། སྡོམ་པ་དམ་ཚིག་དང་འགལ་བའི་ལོག་སྤྱོད། ཁྱད་པར་བླ་མ་མཆེད་ལྕམ་བསྒྲུབ་བྱའི་ལྷ་སྔགས་ལ་ལོག་ལྟ་སོགས་རྣམ་པ་ཀུན་ཏུ་སྤངས་ཏེ་ཐམས་ཅད་དད་མོས་ཏིང་ངེ་འཛིན་རྩེ་གཅིག་པའི་ངང་འཛབ་སྔགས་རྒྱུན་བཟླས་དང་མ་བྲལ་བར་བྱའོ། །འདིར་རང་གཞུང་ལས་མིག་ཚོན་གྱི་བྱ་བ་འབྱུང་ཡང་ལག་ལེན་བདེ་ཞིང་གོ་རིམ་སྤྱི་དང་མཐུན་པ་ཉིད་ལེགས་བས་འོག་ཏུ་འཆད་དོ། །གསུམ་པ་ནང་མཚམས་ལའང་གཉིས་ཡོད་པ་ལས། དང་པོ་མ་ཏྲཾ་བསྒྲུལ་བ་ནི། མ་ཏྲཾ་གཟུགས་སྔོ་སྐྱ་མགོ་གསུམ་ལག་དྲུག་རྐང་པ་བཞི་པ་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་བསྟན་ཏེ་གན་རྒྱལ་དུ་བཞག །སློབ་དཔོན་སྔགས་ཆས་གསོལ་ཏེ་ཁྲིའུའི་ཁར་ཤར་ནས་ནུབ་ཏུ་ཞལ་ཕྱོགས་པས་འཁོད་ལ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བདག་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དྲེགས་པ་ཐམས་ཅད་ཀྱི་རྗེ་བཙན། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། དཀྱིལ་འཁོར་གྱི་ས་མི་དམིགས་པ་ལས་མ་ཏྲཾ་རུ་དྲ་མཱ་ར་ཡ་ཛཿ ཞེས་པས་བདུད་པོ་མ་ཏྲཾ་རུ་དྲ་མགོ་གསུམ་ལག་དྲུག་ཁ་དོག་ཐལ་སྐྱ་གཟུགས་ཆེ་ལ་


LT32_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུག་པ་འདར་ཞིང་དངངས་པའི་རྣམ་པར་གསལ་བར་གྱུར། རང་གི་དུག་གསུམ་གྱི་རང་མདངས་རུ་དྲ་སྡེ་གསུམ་དུ་ཤར་བའི་ངེས་པ་བསྐྱེད་པ་ལས་ཕྱི་ནས་འགུགས་བསྟིམ་མི་དགོས་པར་བཞེད། དྲག་སྔགས་སོ་ལྔ་དབྱངས་རོལ་བཅས་བརྗོད་ལ་ཕུར་སྐོར་ཚམ་རྔམས་བྱས་ཏེ། ཧཱུྃ༔ མ་ཏྲཾ་བྱ་བའི་མ་རུངས་པ༔ སྔོན་ཡང་སྒྲུབ་ལ་བར་དུ་བཅད༔ དཔའ་བོ་ཆེན་པོས་བསྒྲལ་ནས་ཀྱང་༔ ཁོག་པ་གཞལ་ཡས་ཁང་དུ་བརླབས༔ བདག་མེད་ཕུར་པས་བསྣུན་ཏེ་བསྒྲལ༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅ཧཾ༔ ཕུར་པ་བཏབ། རལ་གྲིས་ལྷུ་ཕྲལ་ལ་ཕྱོགས་མཚམས་བརྒྱད་དུ་བཀོད་པའམ་དེ་གར་བཞག་ཀྱང་ཆོག །མ་ཏྲཾ་རུ་ཏྲ་ཨེ་རཱ་ཙམ་དྷ་ལ་བྷྲཱུྃ༔ རང་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་རྭ་བ་མེ་དང་བཅས་པས་བསྐོར་བར་གྱུར། ཅེས་གཡས་སུ་བསྐོར་ཞིང་སྲོག་རྩའི་སྒོ་ནས་གཞལ་ཡས་ཁང་གི་ནང་དུ་ཞུགས་པར་མོས། གཉིས་པ་ཕུར་གདབ་ནི། སློབ་དཔོན་ཁྲིའུའི་ཁར་ཤར་ནས་ནུབ་ཏུ་ཕྱོགས་པར་བཞུགས་པའི་མདུན་ཏུ་འབྲུའི་སྣོད་དུ་ཕུར་པ་དར་གྱི་ཅོད་པན་ཅན་བཅུ་བཀོད། ཕུར་གདན་ཨེ་བཅུ་ཕྱོགས་མཚམས་བརྒྱད་དུ་རེ་རེ། ཤར་ནུབ་ཏུ་གཉིས་རེ་བཞག །ཕུར་འཛབ་ལན་གསུམ་དབྱངས་སུ་གྱེར་བའི་ཚེ། ཕུར་པ་རྣམས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རཀྟས་བྱུག་པ་རྣམས་བྱས་ལ། བསང་


LT32_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་། ཕུར་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ལས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་ཏུ་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས༔ ཛཿཧཱུྃ་བྃ་ཧོ༔ ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨབྷི་ཥིཉྩ་ཧཱུྃ༔ རང་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་ཊ་ཀྐི་རཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་གྱུར༔ སློབ་དཔོན་གྱིས་ཕུར་བུ་རྣམས་རིམ་པར་ཐོགས་ལ་ཚོམ་རྔམས་བཅས་གཡས་སྐོར་དུ་གདབ་སྟེ། སྟེང་ཕྱོགས་ཚངས་པ་བསྣོལ་བའི་སྟེང་༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀ་ར༔ རབ་འཇིགས་ལྕགས་ཕུར་ཚྭ་ཚྭ་འཕྲོ༔ ལྷ་ཡི་གདོན་ཚོགས་མ་ལུས་པ༔ ཧཱུྃ་ཀར་ཡིས་མཚམས་བཅད་དོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟ་བསྣོལ་བའི་སྟེང་༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ རབ་འཇིགས་ལྕགས་ཕུར་ཚྭ་ཚྭ་འཕྲོ༔ དི་ཟའི་གདོན་ཚོགས་མ་ལུས་པ༔ རྣམ་པར་རྒྱལ་བས་མཚམས་བཅད་དོ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཕཊ༔ ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་སྟེང་༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ རབ་འཇིགས་ལྕགས་ཕུར་ཚ༴ གཤིན་རྗེའི་གདོན་ཚོགས་མ༴ གཤིན་རྗེ་གཤེད་པོས༴ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ནུབ་


LT32_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀླུ་གདོན་བསྣོལ། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ རབ་འཇིགས༴ ཀླུ་ཡི༴ རྟ་མགྲིན་རྒྱལ༴ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ་ཕཊ༔ བྱང་ཕྱོགས་གནོད་སྦྱིན་བསྣོལ༴ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ རབ་འཇིགས༴ གནོད་སྦྱིན༴ བདུད་རྩི་འཁྱིལ་པས༴ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུན་དྷ་ལཱི་ཧཱུྃ་ཕཊ༔ ཤར་ལྷོ་མེ་ལྷ༴ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ རབ་འཇིགས༴ མེ་ལྷའི་གདོན༴ དབྱུག་སྔོན་ཅན༴ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཕཊ༔ ལྷོ་ནུབ་སྲིན་པོ༴ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ རབ་འཇིགས༴ སྲིན་པོའི་གདོན་ཚོགས༴ མི་གཡོ་མགོན་པོས༴ ཨོཾ་བཛྲ་ཀྲོ་དྷ་ཨཱ་རྱ་ཨ་ཙ་ལ་ཧཱུྃ་ཕཊ༔ ནུབ་བྱང་རླུང་ལྷ༴ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ རབ་འཇིགས༴ རླུང་ལྷའི༴ འདོད་པའི་རྒྱལ་པོས༴ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཕཊ༔ བྱང་ཤར་དབང་ལྡན༴ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ རབ་འཇིགས༴ དབང་ལྡན༴ ཁམས་གསུམ་རྣམ་རྒྱལ༴ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ འོག་ཕྱོགས་ས་བདག་བསྣོལ་བའི་སྟེང་༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ རབ་འཇིགས༴ ས་བདག༴ སྟོབས་པོ་ཆེ་ཡིས༴ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཕཊ༔


LT32_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཁྲོ་བཅུའི་ཕུར་པ་རྣམས་མ་ནོར་བར་ཕྱོགས་མཚམས་སྟེང་འོག་རྣམས་སུ་གདབ་བོ༔ བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལའང་ལྔ་ལས། དང་པོ་ཆག་ཆག་གདབ་པ་ནི། དུང་པོར་དུ་དྲི་བཟང་ཆུ་དང་ཨ་མྲྀ་ཏ་སྦྱར་བ་ཐོགས་ཏེ། ཧཱུྃ༔ རྣམ་རྟོག་དངོས་ནི་རྩ་བ་ལྔ༔ དུག་ལྔ་འཁོར་བའི་རྟགས་ཀྱི་རྒྱ༔ ཡེ་ཤེས་ལྔ་རུ་རབ་སྦྱར་ནས༔ དཀྱིལ་འཁོར་སྣ་ལྔ་ཡོངས་སུ་རྫོགས༔ གུ་ཧྱ་ཙཀྲ་ཛྙཱ་ན་མཎྜ་ལ་ཧཱུྃ༔ ཨོཾ་ད་རི་ད་ར་ཡེ་བྷྱཿ ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་བརྗོད་ཅིང་བདུད་རྩིས་དཀྱིལ་འཁོར་གྱི་སྟེགས་བུར་སྙོམས་པར་བྱུག་གོ། །འདི་རང་གཞུང་དུ་མི་གསལ་ཡང་མེད་ཐབས་མེད་པས་གཞན་ནས་ཁ་བསྐངས་པའོ། །གཉིས་པ་ཐིག་བཏབ་པ་ནི། དཀྱིལ་འཁོར་གྱི་གཉིས་འགྱུར་ཚད་ཀྱི་རས་དཀར་སྐུད་པ་ལྔ་བསྒྲིལ་ཕྲ་སྦོམ་སྒོའི་པཉྩ་རེ་ཁཱ་དང་མཉམ་པ་འདུ་བྱ། སློབ་དཔོན་ནུབ་ནས་ཤར་དང་། གཟུངས་མར་མངའ་གསོལ་བའི་ཐིག་གཡོག་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་ལ། བདག་དང་གཟུངས་མ་བླ་མ་ཐུགས་ཀྱི་ནོར་བུ་ཡབ་ཡུམ་དུ་གསལ་བའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་གྱུར། ཐིག་སྣེ་ལྟེ་བར་བཟུང་ལ། ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ གསང་བ་ཡེ་ཤེས་ཐིག་གདབ་མཛོད༔ མཚན་ལན་གཟུངས་མ་གཟུགས་མཛེས་མ༔ གསང་བ་རྡོ་རྗེའི་ཐིག་ཐོབ་ཅིག༔ རིགས་ལྔ་སྙོམས་པ་བཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྦྲེང་བས་རྒྱལ་བའི་ཕོ་བྲང་རང་བྱུང་དུ་བསམ། གཉའ་ནམ་


LT32_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ལ་བྷྲཱུྃ༔ ཞེས་ལན་བརྒྱད་བརྗོད་ཅིང་གནམ་ཐིག་བཏབ་པས། སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་མོས། ཐིག་གདབ་ཚུལ་སྤྱི་ལྟར་བྱ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད། དེ་ནས་ས་ལ་ལས་ཀྱི་ཐིག་གདབ་པ་ནི། ཧཱུྃ༔ ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་ལྷ༔ མགོན་པོའི་ཡེ་ཤེས་དུས་འདིར་ཐོབ༔ གསང་བ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བྱང་ཆུབ་སེམས་ཀྱི་ཐིག་སྤྲོས་པས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་གསལ༔ ཅེས་བརྗོད་ལ་ལས་ཐིག་རྫོགས་པར་གདབ། རྡུལ་ཚོན་མི་འགྲུབ་བའི་རས་བྲིས་ཀྱི་ཕྱོགས་ལའང་འདི་ཡན་ཆད་བྱ་བ་ཕྱག་ལེན་ནོ། །སྐབས་འདིར་ལྷ་སྟ་གོན་བྱ་བ་ནི། དཀྱིལ་འཁོར་གཞི་ལ་དྲིའི་ཐིག་ལེ་གཙོ་འཁོར་ལྔ་བྱས་པའི་སྟེང་དུ། སྙིང་པོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་རེ་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། ལས་བྱང་ལྟར། མཆོད་པ་བྱིན་རླབས། ལྷ་བསྐྱེད་ནས་མཆོད་བསྟོད་ཡན་ཚང་བ་བཏང་། འགྲུབ་ན་ཚོགས་མཆོད་ཀྱང་བྱས་ལ་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་དགོངས་ཤིག་དཀྱིལ་འཁོར་ལྷ་ཡི་ཚོགས༔བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང་༔ སྐལ་ལྡན་བུ་མཆོག་རྗེས་སུ་འཛིན་པའི་ཕྱིར༔ བདག་ཅག་རྡོ་རྗེའི་རིག་པ་འཛིན་རྣམས་ཀྱིས༔ རྩ་གསུམ་དཀྱིལ་འཁོར་ཟབ་མོ་འབྲི་འཚལ་གྱིས༔ ཐུགས་རྗེས་


LT32_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ་པས་ལྷས་གནང་བའི་མཚན་མ་ཐོབ་པར་བསྒོམ། ལྷ་རྣམས་བར་སྣང་འོད་ཀྱི་གུར་ཁང་དུ་བཞུགས་པར་མོས་ལ་འདེགས་པའི་རྒྱ་དང་། ཨོཾ་བཛྲ་ཨུཏྟིཥྛ། ཞེས་བརྗོད་ལ་ཚོམ་བུ་མཆོད་གཏོར་བསྡུའོ། །གསུམ་པ་ཚོན་བཀྱེ་བ་ནི། ཚོན་སྣོད་དབུས་དཀར་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་གུ་བཞག་ལ། ཨོཾ་ཧཱུྃ་སྭཱ་ཨཱཿཧཱ། ལྔ་བྲིས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་སྟེ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཁ་དོག་ལྔ་ལྡན་ལ། རྣམ་པ་རིན་པོ་ཆེའི་རྡུལ་ཚོན་འོད་འབར་བར་བསམས་ལ་འབྲུ་ལྔ་བརྒྱ་རྩ་བརྗོད། ཨེ་ཡཾ་རཾ་སུཾ་ཀེ༚་རཾ་བྷྲཱུྃ༔ ཞེས་བརྗོད་ཅིང་དབུས་ཀྱི་ཕུར་ཁུང་རིམ་པས་མཐིང་ལྗང་དཀར་སེར་དམར་པོ་རྣམས་བླུགས་ལ་བཀང་སྟེ་འབྱུང་བ་རིམ་བརྩེགས་སུ་ཕོ་བྲང་བཞེངས་པར་བསམ། སློབ་དཔོན་ཞལ་ཤར་དུ་ཕྱོགས་ལ་རེ་ཁཱ་གཅིག་དྲངས་ཏེ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་ངང་༔ རྩ་བ་གསུམ་གྱི་སྐུ་ཐོབ་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ༔ ཞེས་བརྗོད་ཅིང་ལས་སློབ་སོགས་ཀྱིས་དཀྱིལ་འཁོར་སྒོ་རྟ་བབས་དུར་ཁྲོད་རྡོར་མེ་རི་ལྷ་མཚན་དང་བཅས་པ་མཚན་ཉིད་རྫོགས་ཤིང་གདུལ་བྱ་དང་འདྲེན་ཅིང་ཡིད་དུ་འོང་བ་སླ་ཆོས་དང་ཚར་སྐྱེན་མི་བྱ་ལེགས་པར་བྲི་དགོས་པར་གསུངས་པ་ལྟར་བྱའོ། །རྡུལ་ཚོན་མི་འགྲུབ་ན་ཚོན་གྱི་བྱ་བ་རྣམས་དོང་ནས་རས་བྲིས་ཀྱི་དཀྱིལ་འཁོར་བཏིང་། གང་ལྟར་སློབ་དཔོན་གྱིས་དཀྱིལ་འཁོར་བསྐོར་ཞིང་དྲིལ་བུ་གསིལ། ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་བཟླས་པས་


LT32_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་པར་བྱ། དེ་ནས་དཔོན་སློབ་ཐམས་ཅད་ལངས་ནས། ཧཱུྃ༔ རྩ་གསུམ་ཐུགས་ཀྱི་ནོར་བུའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ གཟུགས་བརྙན་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། ཨོཾ་ཨཱཿཧཱུྃ་ཧྲཱིཿ གུ་རུ་དྷེ་བ་ཌཱ་ཀི་ནཱི་གཉའ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་རོལ་མོ་བྱ། སྔར་ནམ་མཁར་བཏེགས་པའི་ལྷ་རྣམས་དཀྱིལ་འཁོར་ལ་ཐིམ་པར་མོས། དེས་ཉིན་དང་པོའི་བྱ་བ་གྲུབ་བོ། །བཞི་པ་རྒྱན་འགོད་པ་ནི། བདག་བསྐྱེད་མཆོད་གཏོར་སྨན་རཀཉེར་སྤྱོད་བཅས་ལོགས་གང་བདེར་བཤམ། དཀྱིལ་འཁོར་མདུན་ཕྱོགས་སྟེགས་ཡངས་པར་རྒྱན་འགོད་བྱ་རྒྱུའི་སྒྲུབ་རྫས་རྣམས་བཀོད། དེའང་རང་གཞུང་སྒྲུབ་ཁོག་ནས་གསུངས་པ་ཕལ་ཆེར་དབང་དང་འབྲེལ་བའི་དོན་ཡིན་པས་ཚང་མ་མི་དགོས། འདིར་རྩ་བའི་སྒྲུབ་ཆེན་རྟེན་གུ་རུའི་སྐུ་ཚབ་གཏེར་བྱོན་སོགས་བྱིན་ལྡན། གསུང་རྟེན་རྒྱུད་དམ་སྒྲུབ་ཐབས་གླེགས་བམ། ཐུགས་རྟེན་རྡོ་རྗེ་ཐོད་པ་ཤེལ་རྡོ། སྒྲུབ་གཏོར་ནོར་བུ་འབར་བའི་དབྱིབས་ཅན་འཁོར་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ་རྒྱན་ལྡན་སྐུ་ཙཀ་མེ་ལོང་དར་གདུགས་ཀྱིས་སྤྲས་པ། བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུུངས་ཐག་དང་བཅས་པ། ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་མཆོག་དབང་ནས་འབྱུང་བ་ལྟར་བྲིས་པས་བཀབ་པ། གཞན་ཡང་འོག་ནས་འབྱུང་


LT32_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་པ། རྒྱན་ཆས། སྒབ་སྐོར་ལ་སོགས་པ་ཡིན་ལ། འཛོམ་ན་ཐུགས་ཀྱི་ནོར་བུའི་སྒྲུབ་པའི་སྐབས་སུ་བཤད་པའི་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྲོག་འཁོར་བླ་ནོའི་བཅས་རྣམས་གལ་ཆེ་བར་སྣང་། །སྨན་སྒྲུབ་སྐབས་ཐོག་མར་ཚངས་པའི་ཕོ་བྲང་བཅའ་དགོས་ཤིང་དེའང་གཏེར་གཞུང་རྣམས་ལས་ཇི་སྐད་བཤད་པའི་བཅས་རྒྱས་པ་དང་། སྟབས་བདེའི་བསྡུས་པ་མཛད་པའི་ཕྱག་ལེན་ལུགས་གཉིས་སྣང་བའི་དེང་སང་ཕལ་ཆེར་གྱིས་ཕྱི་མ་གཙོར་བྱེད་པ་ལྟར་ན། དཀྱིལ་འཁོར་གྱི་སྟེང་དུ་གདུགས་དཀར་པོ་ཕུབ་པའི་སྲོག་ཤིང་ལ་གཙོ་བོ་གཉིས་དང་། ཤམ་བུའི་ནང་འཁོར་རྒྱུ་སྐར་ཙམ་བཀོད་པ་ཡིན་ལ། སྟབས་བདེ་བཀོད་མཛེས་ཁྱད་ཕྱི་མ་ལྟར་བྱེད་ན་གདུགས་དབུས་སྲོག་ཤིང་ལ་བཟང་ཤིང་བྱང་ཕུར་སྟེང་དུ་ཆངས་པ་དང་འོག་ཏུ་བརྒྱ་བྱིན། རྒྱབ་ཏུ་སྔགས་བྱང་འདོད་གསོལ་བྲིས་པ་བཏགས་པ་དང་ལྷན་ཅིག་ཀུ་ཤའི་ཆུན་པོ་དང་རྡ་མ་དཀར་པོའང་འདོགས། ཤམ་བུའི་ནང་ཅུང་ཟད་རྒྱས་ན་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སྨན་སྲུང་ལྷ་མོ་བརྒྱད་བཅས་ཚང་བའམ། བསྡུ་ན་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་ཙམ་དང་གྱི་འཕུར་ལྕེ་དང་ལྡན་པ་སོ་སོའི་སྔགས་བྱང་འདོད་གསོལ་ཅན་ཕྱོགས་མ་འཆོལ་བར་ཞལ་ནང་བསྟན་ཏུ་བཀོད། ཤམ་བུའི་རྒྱབ་ངོས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་མཆལ་གྱིས་བྲིས་པ་ཕྱོགས་མཚམས་མ་ནོར་བར་གདགས། བནྡྷ་ལྔའི་ནང་དུ་སྨན་ཕྱེ་རྣམས་དང་སྟེང་དུ་སྨན་ཁྲོལ་བུ་རྣམས་ཐེབས་ཚེའམ་ཤོག་ཐུམ་བྱས་ལ་བཞག །དབུས་ཀྱི་བྷནྡྷའི་སྨན་གཞན་ལས་མཐོ་ངེས་པ་བྱ། དབུས་དཀར་ཤར་སྔོ་སོགས་དར་ཕྱོགས་མདོག་གིས་བཀབ། སྨན་ཕྱེ་ཚང་མ་བྷནྡྷར་མ་ཤོང་ན་ཟུར་དུ་རས་ཁུག་


LT32_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་བཞག་ཆོག །གཞན་བཏགས་བཙག་ཕྱེ་སྒྲུབ་ཚུན་ལ་དགོས་ཚད་རྒྱན་འགོད་སྐབས་ཆོགས་དགོས་པས་གྲབ་ཡུལ་བྱ། ལྡིང་ཁྲི་བར་མར་ཁྲོལ་བུའི་དཀྱིལ་འཁོར་མཎྜལ་ལ་དྲི་བཟང་ཆུས་ཕྱོགས་བཞི་དབུས་ལྔར་ཐིག་ལེ་བྱས་པའི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་རྐང་གསུམ་བརྟན་པོར་འཇོག །དཀྱིལ་འཁོར་མདུན་ཏུ་ལས་བུམ་མགུལ་ཆིངས་ལྗང་གུ་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་དང་བཅས་པ་དང་། དེ་མདུན་ལྟ་བུར་དུང་ཞལ་དྲི་བཟང་ཆུས་བཀང་པ་བཞག་པའི་མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྔོན་གཏོར་དཀར་བགེགས་སོགས་ཉེར་མཁོ་ཚོགས་པར་བྱ། འདུས་པ་རྣམས་ཀྱིས་ཐོག་མར་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས། ལས་བྱང་ནས་སྐྱབས་སེམས་ཡན་ལག་བདུན་པ་ལན་གསུམ་བྱས་ལ་ལས་བུམ་བསྒྲུབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ལས་ཐམས་ཅད་པའི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གསལ་བ། བུམ་ནང་གི་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ། པྃ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྙིང་པོར་པདྨ་དམར་པོ་འདབ་མ་བརྒྱད་རབ་ཏུ་གྱེས་པའི་སྟེང་དུ་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ངོ་བོ་རྟ་མགྲིན་ལ་རྣམ་པ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་


LT32_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཞིང་འཛུམ་པ་ལས་ཀྱང་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཉིས་བདུད་རྩི་ཐབ་སྦྱོར་གྱི་བར་ན་བུམ་པ་བདུད་རྩིས་བཀང་བ་བསྣམས། ཞིམ་ཁྲོའི་རྒྱན་ཆ་ལུགས་རྣམས་དང་ལྡན་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟཾ། ཨོཾ་བཛྲ་ཨརྒྒཾ་ཨཱཿཧཱུྃ། པཱདྱཾ་སྦྱར། ཛཿཧཱུྃ་བྃ་ཧོཿ སླར་ཡང་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡའི་བར་སྦྱར་བས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བདུད་རྩི་འཁྱིལ་བའི་ཐུགས་ཀར་ཧྲཱིཿདམར་པོའི་མཐའ་སྐོར་དུ་སྔགས་ཀྱིས་གཡས་སྐོར་དུ་འཁོར་ཞིང་། སྔགས་འབྲུ་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས། གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་ཙམ་བཟླས་པ་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། ལྷ་འོད་


LT32_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་གྱུར་པས་ཆུ་ནུས་པ་དང་ལྡན་པར་གྱུར། ཞེས་མོས་ལ་ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་དེས་བྱའོ། །དེ་ནས་སྨན་སྒྲུབ་སྐབས་སུ། དཀར་གཏོར་གསེར་སྐྱེམས་འབྲུ་སྣ་བཏབ་པ་བཤམ། རྃ་ཡྃ་ཁྃ། གིས་བསང་སྦྱང་། ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས་ནས། ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཞེས་མགྲོན་འགུགས། ཨོཾ་དེ་བ། ནཱ་ག །གྲ་ཧ། ནཀྵ་ཏྲ། ཨོ་ཥ་དྷི་དེ་བཱི་སརྦ་ས་པཱ་རི་བཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྤ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ། ཧཱུྃ། སྔོན་གྱི་ལེགས་སྤྱད་ལས་གྲུབ་ཅིང་། །མཐུ་དང་རྫུ་འཕྲུལ་མཐའ་ཡས་པས། །རང་རང་ཕྱོགས་དང་དུས་སྐྱོང་བའི། །ལྷ་ཀླུ་གཟའ་དང་རྒྱུ་སྐར་དང་། །སྨན་གྱི་ལྷ་མོར་ཕྱག་འཚལ་བསྟོད། །དཀར་ཕྱོགས་སྐྱོང་བ་འཁོར་དང་བཅས། །བདག་གི་མེ་ཏོག་སྤོས་དང་ནི། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ནི། །ནད་སོགས་མི་མཐུན་ཕྱོགས་འཇོམས་ཤིང་། །བདག་ཅག་འཁོར་བཅས་སྲུང་བར་མཛོད། །དཀར་པོའི་ཕྱོགས་དང་དུས་ཚོད་སྐྱོང་བར་མཛད་པ་འཁོར་དང་བཅས་པ་རྣམས་ཀྱིས་བདུད་རྩི་སྨན་གྱི་སྒྲུབ་པའི་ཕོ་བྲང་ཆེན་པོ་སྲུང་བ་དང་།


LT32_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་འགྲུབ་པའི་སྡོང་གྲོགས་གཉན་པོ་མཛད་དུ་གསོལ། ཅེས་གཏོར་མ་གསེར་སྐྱེམས་ཕྱི་རོལ་དུ་འབུལ། སྒྲུབ་ཆེན་རྐྱང་པའི་སྐབས་སུ་འདི་མི་དགོས་པས་སྤྲོ་ན་དཀར་གཏོར་སྤྱི་འགྲོ་བཏང་། དེ་ནས་ལས་བྱང་གི་བགེགས་བསྐྲད་ནས་བརྩམས། བསྟོད་པ་ཡན་བཏང་ལ། འཛབ་བཟླས་ཅི་འགྲུབ་བྱ། བཟླས་ལ་གྲུབ་ཉེ་བ་དང་རྡོར་སློབ་ཐོག་མར་ཕེབས་ནས་བུམ་སྒྲུབ་ནས་འབྱུང་བའི་སྔགས་སོ་སོ་བརྗོད་དེ། བུམ་པའི་བགེགས་བསྐྲད་ནས་བརྩམས་ཁ་རྒྱན་གཟུག་པའི་བར་ཚང་བར་བྱ། དེ་ནས་ལས་བྱེད་པ་རྣམས་ཆོས་གོས་རྣམ་གསུམ་དང་དབུ་ཞུ་གསོལ། རྡོ་རྗེ་སློབ་དཔོན་ནས་དྲིལ་སྤོས་བཅས་སྣ་དྲངས། རྒྱལ་ཚབ་པས་སྨན་གྱི་གཙོ་ཐོད་དམ་ལྔ་ཀ་སྣོད་གཅིག་ཏུ་ཕྱོགས་བསྡུས་བྱས་པ། ཡུམ་གྱིས་རྣམ་བུམ། རྒྱལ་ཐིབས་སོགས་ཀྱིས་སྐུ་གསུང་ཐུགས་རྟེན། གཏོར་ཆེན། ཚོན་སྐུད་སྟོད་སྨད་སྒབ་སྐོར། ཕུར་པ་བཅུ། རལ་གྲི་བཞི། མདའ་དར་མེ་ལོང་ཅན་བཞི། མར་མེ་བཅུ་གཉིས། མ་ཏྲཾ་སྣོད་གཅིག་ཏུ་བཞག་པ་སོགས་ཐོགས་ཟིན་པ་དང་། འདུས་པ་བྱིངས་རྣམས་ཀྱང་དབུ་ཞྭ་བཅས་བཞེངས་ལ། ཡེ་ཤེས་ལྷ་ཚོགས་མཐར་ཞི་རོལ་རིང་བའི་འོག་རྒྱན་འགོད་པ་རྣམས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ། མདུན་ནས་དཀྱིལ་འཁོར་ལ་ཕྱོགས་པ་རེ་བཅས་གྲུབ་ནས། སློབ་དཔོན་དཀྱིལ་འཁོར་མདུན་ཕྱོགས་སུ་འཁོད་ལ་སྨན་སྒྲུབ་སྐབས་ཐོག་མར་སྨན་བཀོད་པ་ནི། ཧཱུྃ༔ དབུས་ཀྱི་བྷནྡྷ་སུ་ལ་མང་དུ༔ དྲི་ཆེན་དག་དང་སྦྱར་བའི་སྨན༔ ཛཱ་ཏི་ཕ་ལ་ཨ་རུ་ར༔


LT32_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀ་རུ་དང་དུ་རུ་ཀ༔ གླ་རྩི་དག་དང་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་འཛབ་འདྲེན་ན༔ ལྷ་མོ་བཞི་ཡིས་བྱིན་གྱིས་རློབས༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་བསྐང་༔ ཆོས་དབྱིངས་ཡེ་ཤེས་ཐོབ་བགྱིད་སླད༔ དབུས་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཤར་ཕྱོགས་བྷན་དྷ་སུ་ལ་འབྲེང་དུ༔ བྱང་ཆུབ་སེམས་དང་སྦྱར་བའི་སྨན༔ ཤ་རཱི་རཾ་དང་ཉ་རི་རཾ༔ ཅུ་གང་དང་ནི་ག་བུར་དང་༔ ཐལ་ཀར་རྡོ་རྗེ་ལ་སོགས་པ༔ བསྙེན་པའི་སྙིང་པོ་འཛབ་འདྲེན་ན༔ ལཱ་སེ་དཀར་མོས་བྱིན་གྱིས་རློབས༔ རྡོར་སེམས་ཡབ་ཡུམ་ཐུགས་དམ་བསྐང་༔ མེ་ལོང་ཡེ་ཤེས་ཐོབ་བགྱིད་སླད༔ ཤར་ཕྱོགས་བྷན་དྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་བྷན་དྷ་སུལ་གསུམ་དུ༔ མཱཾ་ས་དག་དང་སྦྱར་བའི་སྨན༔ སྙིང་ཞོ་ཤ་དང་མཁལ་ཞོ་ཤ༔ ཟླ་གོར་ཞོ་ཤ་ཙི་ཏྲ་ཀ༔ ཀ་ཀོ་ལ་དང་སྦྱར་བའི་སྨན༔ བསྙེན་པའི་སྙིང་པོ་འཛབ་འདྲེན་ན༔ མཱ་ལེ་སྔོན་མོས་བྱིན་གྱིས་རློབས༔ རིན་འབྱུང་ཡབ་ཡུམ་།ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་ཐོབ་བགྱིད་སླད༔ ལྷོ་ཕྱོགས་བྷན་དྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔


LT32_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ནུབ་ཕྱོགས་བྷན་དྷ་སུལ་མེད་དུ༔ པདྨ་རཀྟ་སྦྱར་བའི་སྨན༔ ཙནྡན་སྨུག་པོ་ལི་ཤི་དང་༔ སྐྱུ་རུ་ར་དང་སྟར་བུ་དང་༔ རྒུན་འབྲུམ་ལ་སོགས་སྦྱར་བའི་སྨེན༔ བསྙེན་པའི་སྙིང་པོ་འཛབ་འདྲེན་ན༔ གྷི་རྟི་དམར་མོས་བྱིན་གྱིས་རློབས༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་ཐོབ་བགྱིད་སླད༔ ནུབ་ཕྱོགས་བྷན་དྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ་བྱང་ཕྱོགས་བྷན་དྷ་རྒྱ་གྲམ་དུ༔ དྲི་ཆུ་དག་ལ་སྦྱར་བའི་སྨན༔ བདུད་རྩི་དྲི་ཆུ་བྲག་ཞུན་དང་༔ ཅོང་ཞི་དང་ནི་གུར་གུམ་དང་༔ ལྕེ་སོག་དཀར་པོ་ལ་སོགས་པ༔ བསྙེན་པའི་སྙིང་པོ་འཛབ་འདྲེན་ན༔ ནི་རྟི་ལྗང་གུས་བྱིན་གྱིས་རློབས༔ དོན་གྲུབ་ཡབ་ཡུམ་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་ཐོབ་བགྱིད་སླད༔ བྱང་ཕྱོགས་བྷནྡྷའི་གཞལ་ཡས་སུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ་སྨན་རྣམས་སྣ་ཚོགས་ཐ་དད་པ༔ སོ་སོའི་ཡོན་ཏན་བསམ་མི་ཁྱབ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ སྡུག་བསྔལ་ནད་ཀྱི་གསོས་སུ་ཆེ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ། ར་ས་ཡ་ན་ས་མ་ཡ་ཏིཥྛ་ལྷན༔ ཅེས་འགོད་ཚིག་སྔ་ཚན་དང་བསྟུན་ཐོག་


LT32_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མར་དབུས་ཀྱི་བྷནྡྷ་ལྡིང་ཁྲི་བར་མའི་མཎྜལ་ཚོམ་བུའི་སྟེང་རྐང་གསུམ་བཞག་པ་ལ་དཔྲལ་བ་མདུན་བསྟན་གྱིས་བཀོད། དེ་ནས་ཤར་ཕྱོགས་སོགས་ཕྱོགས་བཞིར་དཔྲལ་བ་ནང་དུ་བསྟན་ལ་བཀོད། ཧཱུྃ༔ སྨན་རྣམས་སྣ་ཚོགས་སོགས་ཀྱི་སྐབས་ལ་ཐོད་པའམ་སྣོད་གཞན་ཏུ་ཤར་ལྷོར་ཆང་སྣ་དང་ཕབ། ལྷོ་ནུབ་ཏུ་འོ་མ་དང་མེ་ཏོག་གི་བཅུད་སྦྲང་རྩིས་མཚོན་པའི་མངར་གསུམ། ནུབ་བྱང་དུ་རིན་ཆེན་ཕྱེ་མ། བྱང་ཤར་དུ་ཆུ་སྣ་རྣམས་སམ། བཞི་ཀ་མེད་ཀྱང་གཞུང་འདིའི་དངོས་བསྟན། འབྲུ་ཆང་། རྒུན་ཆང་། སྦྲང་ཆང་། བུ་རམ་བཅས་ཆང་སྣ་བཞི་དང་། བདུད་རྩི་ལྔའི་ཕབ་རྣམས་མེད་དུ་མི་རུང་བས་དེ་དག་བཞག་པས་ཆོག །བར་མཚམས་གཞན་རྣམས་སུ་སྨན་ཕྱེ་ཐོད་པར་མ་ཤོང་བ་རྣམས་དང་། ཕབས་གཏའ་ཡོད་ན་སྣོད་གཙང་མར་ཆུ་སྣ་དང་སྦྱར་ཏེ་དབུས་ཀྱི་ཐོད་པའི་ཁར་བཞག །ཐོད་པ་རྣམས་ཀྱི་སྟེང་གཟུངས་ཐག་གིས་སྦྲེལ་ལ་གཙོ་བོའི་གཟུངས་ཐག་གི་སྣེ་གཉིས་རྡོར་སློབ་དང་རྒྱལ་ཚབ། ཕྱོགས་བཞིའི་རྒྱལ་ཚབ་རིགས་བཞིའི་ཕྱག་ཏུ་སླེབ་པ་དང་། སྨན་གྱི་ཕོ་བྲང་དང་ཚངས་པ་བརྒྱ་བྱིན་བར་དུ་དམུ་ཐག་དཀར་པོས་སྤྲེལ། །སྒྲུབ་ཆེན་རྐྱང་པའི་སྐབས་སྨན་བཀོད་པ་རྣམས་དོར་རོ། །དེ་ནས་རྒྱན་འགོད་དངོས་ནི་དབྱངས་སྙན་བཅས། ཧཱུྃ༔ རྩ་གསུམ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ༔ བསྒྲུབ་པའི་རྫས་མཆོག་ཡིད་འོང་བཀོད་པ་ནི༔ རྣམ་རྒྱལ་བུམ་པ་ཕོ་བྲང་གཞལ་ཡས་ཁང་༔ རྩ་གསུམ་ལྷ་ཚོགས་བཞུགས་པའི་གནས་སུ་གསལ༔ བླ་མ་ཡི་དམ་སྐུ་འབགས་སྐུ་ཡི་རྟེན༔ དམ་རྫས་བདུད་རྩི་གསུང་མཆོག་གསང་བའི་རྫས༔


LT32_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་དང་མེ་ལོང་དྲི་མེད་སྐྱོན་བྲལ་ཐུགས༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་གཏིབས༔ སྨན་རཀ་གཏོར་ཚོགས་ཐུགས་དམ་གཉན་པོ་སྐོང་༔ རྡོར་དྲིལ་རྔ་དུང་རོལ་མོ་མཆོད་པའི་སྒྲ༔ ཕུར་པ་རལ་གྲི་མདའ་དར་བར་ཆད་སེལ༔ མེ་ལོང་ཚོན་སྐུད་རྒྱན་རྫོགས་རྟགས་ཀྱི་རྒྱ༔ གདུགས་དང་རྒྱལ་མཚན་མཛེས་ཤིང་ཡིད་དུ་འོང་༔ ཡོལ་བ་བླ་བྲེ་ལྔ་ལྡི་སྣ་ཚོགས་བྲེས༔ དབུ་རྒྱན་ཅོད་པན་རྒྱན་རྫོགས་ཕྲིན་ལས་རྫོགས༔ མཚན་ལྡན་གཟུངས་མ་ཡིད་འོང་བདེ་བའི་ལམ༔ བཟླས་པའི་གྲོགས་དང་གིང་ཆེན་འདོད་པ་སྒྲུབ༔ ཐམས་ཅད་ལྷུན་གྲུབ་བདེ་ཆེན་རོལ་པའི་ངང་༔ ཕོ་བྲང་གཞལ་ཡས་འདིར་ནི་རྣམ་པར་བཀོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཡོངས་རྫོགས་ཤོག༔ ཅེས་བརྗོད་ལ་ལྡིང་ཁྲི་གོང་མའི་དབུས་སུ་ཡོད་ན་སྒྲུབ་རྟེན་སྲོག་འཁོར་བླ་རྡོའི་བཅས། མེད་ན་སྐུ་གསུང་ཐུགས་རྟེན། གཡས་ཕྱོགས་སུ་རྣམ་བུམ། གཡོན་ཏུ་གཏོར་ཆེན། །མདུན་ཏུ་ཚེ་འབྲང་ཚེ་ཆང་ཚེ་རིལ་སོགས་ཚེ་སྒྲུབ་བདུད་རྩིའི་སྙིང་པོའི་བཅས་བཤམ། རྒྱབ་ཏུ་ཐོད་ཆང་མེ་ལོང་དང་བཅས་པ་རྣམས་བཀོད། སྒྲུབ་རྐྱང་སྐབས་སྟེང་དུ་སྐུ་གསུང་ཐུགས་རྟེན་གཞན་རྣམས་ལྡིང་ཁྲི་བར་མར་བཀོད། བང་རིམ་འོག་མའི་དཀྱིལ་འཁོར་ཀྱི་མཐའ་སྐོར་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་གཏོར་མ་བཞི་བཀོད། དེ་རྒྱབ་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་རྣམ་ལྔ། བྱང་དུ་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་མཆོད་


LT32_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བཤམས་ལ་སྒབ་སྐོར་སྟོད་ཞི་ཆས། སྨད་དྲག་ཆས་སོགས་ཕྱག་ལེན་ལྟར་དཀྲི། ཕྱོགས་བཞིར་རལ་གྲི་དང་མར་མེ་བཞི། ཟུར་བཞིར་མདའ་དར་མེ་ལོང་ལྡན་པ་བཞི་རྣམས་ཚོན་སྐུད་ཀྱིས་དྲྭ་བར་སྦྲེལ། སྟེང་དུ་གདུགས། ཕྱོགས་མཚམས་སུ་རྒྱལ་མཚན་འཕན་དང་བ་དན་རུ་མཚོན་སོགས་བཞི་བཞིས་བརྒྱན། སྲུང་བའི་ཕུར་བུ་བཅུ་པོའང་དཀྱིལ་འཁོར་གྱི་མཐར་སྔར་གདབ་པའི་གོ་རིམ་ལས་མ་འཆུགས་པ་དང་། མ་ཊཱཾྭ་ཡང་དེ་བཞིན་ཏུ་བཀོད། མདུན་ཕྱོགས་འཕྲུལ་སྟེགས་ཆེ་ཞིང་ཡངས་པའི་དབུས་སུ་དཔལ་གཏོར། དེའི་གཡས་ནས་གཡས་སུ་མགོན་པོ་ལེགས་ལྡན། ཆོས་སྐྱོང་སྤྱིའི་གཏོར་སྦུངས། ཆད་མདོ། སྨན་ཐོད། གཡོན་ཏུ་སྔགས་སྲུང་ཤ་ཟ། དམ་ཅན་སྒོས་ཀྱི་གཏོར་སྤུངས། བརྟན་མ། རཀྟའི་སྣོད་བཅས་བཤམ། དཀྱིལ་འཁོར་ཕྱི་རོལ་དུ་སྟོང་མཆོད་སོགས་མཆོད་པའི་བཀོད་པ་གང་རྒྱས་ཅི་མཛེས་ལས་དམིགས་སུ་བསལ་མི་དགོས་ཀྱང་། ཕྱག་རྒྱུན་ཏུ་སྟོང་མཆོད་རྒྱས་པར་ཕྱོགས་བཞིར་སྟེགས་བུ་བང་རིམ་བཅུ་གཅིག་རེ་དང་། འབྲིང་པོར་བདུན། ཐ་མ་གསུམ་དང་ལྡན་པར་བྱས་པའི་སྟེང་ནས་རིམ་བཞིན་སྨན། གཏོར་མ། རཀྟ། རིག་མ་བཅུ་དྲུག་དང་རྫས་རྟགས་སྣ་བདུན་སོགས་འབུར་དུ་བཏོད་པ། མ་འཛོམ་ན་རི་མོར་བྲིས་པ། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། དྲི་ཆབ། ཞལ་ཟས། ཚོགས་ཤ་དུ་མ་བཅས་ཐམས་ཅད་ཀྱི་མཐར་མར་མེའི་ཕྲེང་བ་བཅས་བརྒྱ་རྩ་རེ་དང་། །ཕྱོགས་བཞིའམ་མདུན་དུ་ཞལ་ཟས་རྒྱན་སྤྲོས་གཟབ་བ་བཞིའམ་གསུམ། མདུན་ཁོ་ནར་བརྗེ་


LT32_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད། ཚོགས་ཀྱི་གདན་ཡངས་པ་ཞིང་གི་ཁེབས་བཅས། སྔོན་འགྲོ་འབུལ་གཏོར་ཕལ་ཆེར་བཤམས་པའི་ལྕོགས་སྟེགས་ཁེབས་ལྡན་ཁྱེར་བཞག་བདེ་བ་སོགས་འོག་ཏུ་དགོས་པའི་རིགས་ཐམས་ཅད་བཀོད་ཅིང་འདུ་བྱའོ། །སྐབས་འདིར་བྱིན་རླབས་བརྟན་བཞུགས་རྒྱས་པར་བྱ་བར་གསུངས་ཀྱང་སྤྱི་ཁྱབ་ཙམ་དུ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭམུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྦ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་རོ། །འདི་ཉིན་སྔ་དྲོ་རྡོ་རྗེ་རྒྱལ་ཐེབས་དཔོན་སློབ་ཁ་ཤས་ཀྱིས་ཞི་བའི་སྦྱིན་སྲེག་བྱ་བ་ཡིན་ཀྱང་སྨན་སྒྲུབ་སྐབས་བཏགས་བཙག་ཉིན་བྱའོ། །བཞི་པ་སྒྲུབ་པ་པོ་རྣམས་ལས་ལ་འཇུག་རུང་གི་བྱ་བ་གྲལ་བཤམ་མངའ་གསོལ་གནས་སུ་འཁོད་པ་ནི། ལས་རྡོར་གྱིས་ཐོད་ཆང་མར་ཟེགས་ཅན་དང་། ཕུད་སྐྱོགས་ཐོགས། རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱི་གཙོ་བོས། ཞྭ་ཆོས་བཅས་གྲལ་གཤམ་དུ་བཞེངས་ཏེ་གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་སྙན་པོར་ལེན་ཚུལ་གྱིས། ཀྱེ་ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་གྱི་གཙོ༔ སངས་རྒྱས་ལམ་དུ་འདྲེན་པའི་ལྕགས་ཀྱུ་ཆེ༔ གསང་ཆེན་དབྱིངས་ཀྱི་ལམ་དུ་སྦྱོར་མཛད་པ༔ རྡོ་རྗེ་སློབ་དཔོན་གནས་འདིར་བརྟན་པར་བཞུགས༔ རྡོ་རྗེ་རྒྱལ་ཐེབས་ལས་ཀྱི་རྒྱལ་


LT32_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་དང་༔ རྡོ་རྗེ་མཚམས་པ་མཚན་ལྡན་གཟུངས་མ་དང་༔ ཕྲིན་ལས་གར་གིང་ལས་ཀྱི་སྒྲོལ་གིང་དང་༔ རྡོ་རྗེ་བྱན་པོ་རྡོ་རྗེ་རྡུལ་ཕྱགས་དང་༔ ཚོགས་གཉེར་གཡོས་པ་ཕྱག་ཚང་སྤོས་འཛིན་སོགས༔ གནས་འདིར་ཐམས་ཅད་ལྷུན་གྱིས་གྲུབ་པར་བཞུགས༔ ཞེས་པའི་ཚིག་དང་བསྟུན་ལ་བདུད་རྩིའི་སྐྱེམས་སོ་སོར་དྲང་ངོ་། །དེ་ནས་མཚན་ཉིད་དང་ལྡན་པའི་རིག་མ་རྒྱན་གྱིས་སྤྲས་པ་དངོས་སམ་གཞུང་གིས་ཁོངས་ཙམ་དུ་གཟུགས་བརྙན་འབུར་རམ་རི་མོར་བྲིས་པ་འདུ་བྱས་ལ། ལས་ཀྱི་རྒྱལ་ཐེབས་ཀྱིས་དབྱངས་དང་བཅས། ཀྱེ་ཧོཿ གཟུངས་མ་མཚན་ལྡན་ཡིད་འོང་ལྷ་མོའི་གཟུགས༔ རྩ་བཟང་ཡིད་འོང་ལྟ་བས་ཚིམས་བྱེད་མ༔ ཐབས་དང་ཤེས་རབ་དབྱེར་མེད་བདེ་བ་སྐྱེད༔ རྡོ་རྗེ་སློབ་དཔོན་དཔའ་བོ་ཁྱེད་ལ་འབུལ༔ ཅེས་རྡོ་རྗེ་སློབ་དཔོན་ལ་འབུལ་བ་དེ་ཡང་གཡོན་ཕྱོགས་སུ་བཀོད་དོ། །གཉིས་པ་བསྲེ་བསྣན་ནི། དབང་མ་ཐོབ་ཅིང་སྔན་ཆད་སྒྲུབ་གྲལ་དུ་མ་ཞུགས་པའི་མཆེད་གསར་བུ་རྣམས་འདུ་ཁང་གི་ཟུར་ལྟ་བུ་སློབ་དཔོན་གྱི་གསུང་ཐོས་པར་ལོགས་སུ་ཕྱེ། སློབ་དཔོན་མདུན། བདུད་རྩིའི་སྣོད། ཡུངས་ཐུན། ཌ་དྲིལ་སོགས་བཀོད་ནས་ལས་བྱང་ལྟར་སྨན་རཀ་གཏོར་གསུམ་བྱིན་རླབས་བྱ། སྐད་ཅིག་གིས་མདུན་གྱི་ནམ་མཁར་བླ་མ་ཐུགས་ཀྱི་ནོར་བུའི་ལྷ་ཚོགས་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པར་གྱུར།


LT32_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱུད་བླ་མ། ཡི་དམ། མཁའ་འགྲོ། ཆོས་སྐྱོང་རྣམས་མཚན་སོ་སོར་སྨོས་པ་དང་། སྙིང་པོའི་མཐར། ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལི༚་ཏ་ཁཱ་ཧི། ཞེས་བཏགས་ལ་རྐང་ཐོན་ཏུ་འབུལ། བསྲེ་བའི་ཆོག་ནི། སྟོན་པ་རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གཙོ་མཆོག་ཏུ་གསལ་བའི་ །ཐུགས་ཀ་ནས། ཡི་གེ་ཧཱུྃ་ལས་ལས་ཀྱི་ཧེ་རུ་ཀ་རྔམ་ཞིང་བརྗིད་པ་འཕྲོས་པའི་ཐུགས་ཀ་ནས་ཡྃ་མཐིང་ནག་ལས་ལྕགས་ཀྱི་སྡིགས་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས་ཏེ་བདུད་རྩི་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བ་ཛྲ་ཡཀྴ་ཀྲོ་ཏ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས་པས་བྱིན་བརླབ། བགེགས་བསྐྲད་པ་ནི། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བ་ལ་ནི་མ་གཏོགས་པ༔ འབྱུང་པོ་ཐམས་ཅད་མི་གནས་ཏེ༔ རང་རང་གནས་སུ་མྱུར་དུ་དེངས༔ ཞེས་དང་ལས་སྔགས། སུམྦྷ་ནི་བརྗོད། རོལ་མོ་གུ་གུལ་ཡུངས་ཐུན་བཅས་པས་བསྐྲད། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད༔ རྡོ་རྗེ་རྒྱལ་པོ་སངས་རྒྱས་དཔལ༔ སོགས་ལན་གསུམ། ཧྲཱིཿ རྒྱུ་ལམ་འབྲས་བུ་དབྱེར་མེད་པའི༔ རིན་ཆེན་གྲུ་གཟིངས་ལྟ་བུའི་ལམཿ ཐེག་མཆོག་སྒོ་འདིར་འཇུག་གོ་ཅོག༔ ལྟ་སྤྱོད་དྲི་མེད་དམ་


LT32_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བསྲེ༔ ཞེས་བརྗོད་ལ་གསར་པ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག །བྱིན་གྱིས་བརླབས་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ གལ་ཏེ་སྙིང་རིང་བརྙས་གྱུར་ན༔ ཡཀྴ་རྡོ་རྗེ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞོམ་སྟེ་འཐུང་༔ སྙིང་ལ་ཡང་དག་རབ་གནས་པའི༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་བསྲུངས་མཆོག་ཉམས་ན་བརླག༔ ས་མ་ཡ༔ ཨི་དན་ན་ར་ཀ་ན་པ་ག་ཤ་སི་ཡཀྴ་ཧཱུྃ༔ བསྣན་པ་ནི། །གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་དུ་འཁོད་དུ་བཅུག་ལ། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་བ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་ཏུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལ་མི་འགལ་དམ་ཚིག་མཆོག༔ འདི་ནི་ཀུན་མཁྱེན་མ་ཐོབ་བར༔ སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྡྷི་ཧཱུྃ་ཨཱཿ ཞེས་བརྗོད་དུ་བཅུག་ལ། བདུད་རྩི་མཆེད་གསར་རྙིང་གཉིས་ཀར་གཡས་སྐོར་གཡོན་སྐོར་བསྣོལ་མར་དྲང་། དམ་ཚིག་གི་བསླབ་བྱ་བརྗོད་པ་ནི་རྡོར་སློབ་ཀྱིས་སྤྱི་ལྟར་རྒྱས་པར་བཤད། བསྡུ་ན། ཀྱེ། འདུས་པའི་མཆེད་ལྕམ་ཐམས་ཅད་ཉོན་


LT32_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ སྒྲུབ་ཆེན་གྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས་ཉེ་རིང་ཕྱོགས་ལྷུང་ཕྲ་མ་ཚོད་ལེན་ལོག་ཆོས་ལོག་ལྟ་བག་མེད་ཀྱི་བྱ་བ་བྲེ་མོའི་གཏམ་སྨྲ་བ་ལོག་སྤྱོད་ཆང་དང་ལེ་ལོ་གཉིད་དང་རྨུགས་པ་འཐབ་རྩོད་སོགས་སྒོ་གསུམ་གྱི་བྱ་བ་ཁ་ན་མ་ཐོ་བ་ཐམས་ཅད་སྡོམ་ཞིང་༔ བརྩོན་འགྲུས་དག་སྣང་མོས་གུས་དད་པ་ངེས་འབྱུང་སོགས་དང་༔ བླ་མ་ལ་གུས་ཤིང་རྡོ་རྗེ་རྒྱལ་ཐེབས་དང་གཟུངས་མ་རྡོ་རྗེའི་མཆེད་དང་ལྕམ་དྲལ་ཐམས་ཅད་ལ་གུས་ཤིང་གདུང་སེམས་དང་ལྡན་པར་མཛོད་ཅིག༔ གསང་བའི་དཀྱིལ་འཁོར་འདི་ལྟ་བུ་བཞུགས་ནས་མཆོག་གི་དངོས་གྲུབ་དམ་པ་རྩེ་གཅིག་ཏུ་སེམས་པ་མ་གཏོགས་མཐུ་སྟོབས་ཕྲ་མོའི་དངོས་གྲུབ་བསྒྲུབ་པར་མ་སེམས་ཤིག༔ གསང་སྔགས་ཀྱི་ཆོས་ནི་ཨུ་དུམ་ཝ་རའི་མེ་ཏོག་གམ་ཡིད་བཞིན་གྱི་ནོར་བུ་བས་ཀྱང་ཆེས་དཀོན་པ་བསྐལ་པ་རྒྱ་མཚོར་རྙེད་པར་མི་འགྱུར་བའི་ཕྱིར་ན་དེང་འདིར་བརྩོན་པས་བསྒྲུབ་པར་གྱིས་ཤིག༔ ཅེས་པ་ཙམ་བརྗོད་དོ། །གསུམ་པ་ཆས་སུ་འཇུག་པ་ནི། ཞི་ཆས་དར་བེར། རིན་ཆེན་རྩེ་བྲན། དར་གྱི་ཅོད་པན། མགུར་ཆུ་དོ་ཤལ། སྐ་རགས་རྡོར་དྲིལ་བཅས་གཟུགས་སུ་བཅོས་པ་དང་དངོས། ཁྲོ་ཆས་ཐོད་པ་ཚར་གསུམ་ཕྲེང་བ། གླང་ཀོ། སྦྲུལ་ཆུན། ཞིང་ལྤགས། སྟག་ཤམ། དཔལ་འབར་མེ། མཚལ་དང་ཁྲག་ཆེན་བསྲེས་པ། དཀར་དང་ཐལ་ཆེན་བསྲེས་པ། ས་སེར་དང་ཞག་ཆེན་བསྲེས་པ།


LT32_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སྤྱད་རྡོ་རྗེ་ཕྱེད་པ་དང་ཉི་ཟླའི་སྦར་རྣམས་རེ་རེ་བཞིན་ཐོག་སར་གྲལ་སྟབས་སུ་འཁོད། རྒྱལ་ཚབ་པས་ཞྭ་གོས་བཅས་གྲལ་གཤམ་ནས་གཏོང་ཐུན་སྔོན་ཏུ་འགྲོ་བས་དབྱངས་པོར་ལེན་ཚུལ་གྱིས། ཧཱུྃ༔ གདོད་ནས་མ་སྐྱས་ཐུགས་རྗེ་ཞི་བའི་དབྱིངས༔ སེམས་ཅན་དོན་ལ་སྤྲུལ་བསྒྱུར་སྣ་ཚོགས་ཀྱི༔ ཐབས་དང་ཤེས་རབ་ཕྱག་རྒྱའི་རྟགས་མཆོག་དང་༔ ཡེ་ཤེས་ལྔ་ལྡན་མཛེས་པའི་རྒྱན་ཆ་འདིས༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་༔ དཔའ་བོ་དཔའ་མོ་རྣམས་ལ་མངའ་གསོལ་ལོ༔ ཞེས་ཞི་ཆས་རྣམས་རྡོ་རྗེ་རྒྱལ་པོ་ནས་བརྩམས་ཏེ་རིམ་པར་འབུལ། ཧཱུྃཿ ཐོད་ཕྲེང་སྐུ་གསུང་ཐུགས་ཀྱི་རྟགས་ཀྱི་རྒྱན༔ སྟོབས་བཅུའི་དོན་གྱི་ཐེག་ཆེན་ཀོ་རློན་རྒྱན༔ དྲེགས་པའི་བདུད་འདུལ་སྦྲུལ་གྱི་ཆུན་འཕྱངས་ལྡན༔ ཚུལ་ཁྲིམས་གོ་ཆ་སྟོང་ཉིད་གཡང་གཞིའི་གོས༔ རྟག་ཆད་མཐའ་བྲལ་དཔའ་བོའི་སྟག་ཤམ་མཛེས༔ གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན་དུ་ཆེ༔ ཆགས་བྲལ་སྒྱུ་མར་རོལ་པ་རཀྟས་མཚན༔ གདུག་བྱེད་ཐབས་མཆོག་ཐལ་བའི་ཚོམ་བུར་ལྡན༔ ཐུགས་རྗེ་ཡེ་ཤེས་དབྱིངས་འདུལ་མེ་ཕུང་འབར༔ ཁྲོ་རྒྱལ་དུར་ཁྲོད་རབ་འཇིགས་ཆས་སུ་ཞུགས༔ རང་རང་རྟགས་ཀྱི་ཆ་ལུགས་རྫོགས་པ་དང་༔ ཉོན་མོངས་མ་སྤངས་རང་དག་རྒྱན་དུ་ཆེ༔ དཀྱིལ་འཁོར་ལྟ་རྣམས་དགྱེས་ཕྱིར་ཕྱག་རྒྱར་འབུལ༔ ཅེས་པས་ཁྲོ་


LT32_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་རྣམས་སློབ་དཔོན་ནས་བརྩམས་འདུས་པ་ཀུན་ལ་འགྲིམས་ཤིང་རྒྱན་དང་བགོ་བའི་ཚུལ་བྱ། དཔྲལ་བར་རཀྟའི་ཉི་ཟླ། མ་ཁུར་ཆོས་གཉིས་ལ་ཐལ་ཆེན་རྡོ་རྗེ་ཕྱེད་པ་རེ། ཁལ་ཞག་གི་པདྨ་འདབ་བརྒྱད་བྱའོ། །འདིའི་སྨན་སྒྲུབ་གཏེར་གཞུང་ལས་བསྲེ་བསྣན་དང་ཆས་འཇུག་སྤྱི་གཞུང་ལྟར་བྱ་བར་གསུངས་པས་དགོངས་འདུས་ནས་ཁ་བསྐངས་པའོ། །ལྔ་པ་ཡེ་ཤེས་དབབ་ཅིང་སྣོད་བཅུད་བྱིན་རློབ་པ་ནི། སློབ་དཔོན་སོགས་ཀྱིས་དཀྱིལ་འཁོར་བསྐོར། འདུས་པ་རྣམས་ཀྱང་བཞེངས་ལ་ཞྭ་གོས་བསྟར། དབྱངས་རོལ་གཡབ་དར་ཌ་དྲིལ་བཅས། སྔོན་གྱི་བསྐལ་མ་ལན་གསུམ་དང་། ཧཱུྃ་ཧྲཱིཿ བདེ་བ་ཆེན་པོའི་ཞིང་ཁམས་སུ། །བརྟན་གཡོ་ཀུན་གྱི་ཁྱབ་བདག་ཆེ། །ཐོག་མའི་འདྲེན་པ་འོད་མི་འགྱུར། །ཆོས་ཀྱི་སྐུ་ཡིས་བྱིན་ཕོབ་ཅིག །ཡེ་ཤེས་འོད་ལྔའི་གཞལ་ཡས་སུ། །སྐུ་ལྔ་མི་འགྱུར་སྤྱན་རས་གཟིགས། །ངེས་པ་ལྔ་ལྡན་ཟུང་འཇུག་སྐུ། །ལོངས་སྤྱོད་རྫོགས་སྐུས་བྱིན་ཕོབ་ཅིག །དུས་གསུམ་རྒྱལ་བ་ཐམས་ཅད་ལས། །རྨད་བྱུང་ཐུགས་རྗེས་འགྲོ་བ་འདུལ། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ། །པདྨ་འབྱུང་གནས་བྱིན་ཕོབ་ཅིག །ཨོ་རྒྱན་དངོས་ཀྱིས་བྱིན་བརླབས་ཤིང་། །བཀའ་འདུས་སྤྱི་ཏིའི་བཀའ་བབས་གཏད། །རྒྱལ་སྲས་མཆོག་གི་རྣམ་རོལ་ཅན། །མཆོག་གྲུབ་རྒྱལ་པོས་བྱིན་ཕོབ་ཅིག །དུས་གསུམ་རྒྱལ་ཀུན་དགྱེས་པའི་ཡུམ། །ཟབ་ཡངས་ཐེག་པའི་མཛོད་ཀུན་འཛིན། །སྐལ་


LT32_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བྱིན་རློབ་ལུང་སྟོན་མཛོད། །མཁར་ཆེན་མཚོ་རྒྱལ་བྱིན༴ །རྒྱ་བོད་གུ་རུའི་སྤྱན་སྔ་རུ། །ཕུལ་བྱུང་ཞབས་ཏོག་ལེགས་བསྒྲུབས་ཏེ། །གསུང་གི་གསང་བ་སྡུད་མཛད་པའི། །ཨཱ་རྱ་ས་ལེས་བྱིན༴ །ལྡན་མའི་རིགས་འཁྲུངས་སྐད་གཉིས་སྨྲ། །མི་བརྗེད་གཟུངས་ཀྱི་མངའ་བདག་ཅན། །ཤོག་སེར་ཡི་གེའི་རིགས་སུ་སྤེལ། །རྩེ་མང་ལོ་ཙཱས༴ །པད་འབྱུང་ཐུགས་རྗེའི་སྒྱུ་འཕྲུལ་ལས། །སྙིགས་དུས་གདུལ་དཀའ་འདུལ་མཛད་ཕྱིར། །ཟབ་གཏེར་བསྟན་པ་སྤེལ་མཛད་པའི། །ཆོས་རྗེ་གླིང་པས༴ །གུ་རུའི་ལུང་བསྟན་ཇི་བཞིན་དུ། །བདག་དོན་མངོན་གྱུར་ཚད་མེད་ཀྱི། །ཐུགས་རྗེས་འགྲོ་བའི་དོན་མཛད་པའི། །ཆོས་བདག་སྐྱེས་བུས༴ །རང་ལས་ཡེ་ཤེས་ཤར་བའི་སྐུ། །མཆོག་གི་དངོས་གྲུབ་སྒྲུབ་མཛད་ཅིང་། །མི་འབྲལ་རྩེ་གཅིག་ཐུགས་དམ་ཅན། །ཡི་དམ་ལྷ་ཡིས་བྱིན༴ །གནས་ལུགས་དྭངས་མའི་སྲོག་ཟིན་པས། །སྒྲུབ་པ་པོ་ལ་མི་གཡེལ་འཁོར། །རྩེ་གདུང་བྱམས་པའི་ཕྲིན་ལས་མཛད། །མཁའ་འགྲོ་སྲུང་མས་བྱིན་ཕོབ་ཅིག །རིག་འཛིན་བརྒྱུད་པ་ཐུགས་རྗེ་ཅན། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །བདེ་དྲོད་རང་འབར་བྱིན་གྱིས་རློབས། །ངག་ལ་གསུང་གི་བྱིན༴ །ནུས་པ་ཐོབ་པར༴ །ཡིད་ལ་ཐུགས་ཀྱི་བྱིན༴ །གནས་ལུགས་


LT32_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱིན༴ །རྟོགས་པས་བདག་རྒྱུད་གྲོལ་བ་དང་། །མཁྱེན་བརྩེས་གཞན་དོན་ནུས་པ་ཡིས། །བདག་གཞན་དོན་གཉིས་ལྷུན་གྲུབ་པར། །རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས། །རྩ་གསུམ་དམ་ཅན་ཆོས་སྐྱོང་ཚོགས། །ཐུགས་རྗེ་ཐུགས་དམ་མ་གཡེལ་བར། །བྱིན་རླབས་ནུས་པའི་ཆར་ཆེན་ཕོབ། །དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །རྣལ་འབྱོར་བདག་ལ་དབང་ཞིག་སྐུར། །སྒྲུབ་རྫས་རྣམས་ལ་བཅུད་ཅིག་སྩོལ། །སྣང་གསལ་མར་མེར་མདངས་ཤིག་ཕྱུང་། །གཏོར་མཆོད་རྣམས་ལ་བྱིན་གྱིས་རློབས། །སྒྲུབ་གནས་གཉན་པོར་གཟི་བྱིན་སྐྱེད། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། མོས་གུས་དྲག་པོ་དང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་མཐར་རང་གྲལ་དུ་འཁོད་ལ་འཛབ་དབྱངས་ལན་གསུམ་བྱ། །དེ་ནས་ལས་བྱང་གཤམ་ལྟར་བདག་བསྐྱེད་བསྡུ་ལྡང་། །དགེ་བསྔོ་བྱས་པས་ཉིན་གཉིས་པ་གྲུབ། །གལ་ཏེ་རྡུལ་ཚོན་དང་འགྲེལ་ན་ཉིན་གཉིས་པ་ལ་རྡུལ་ཚོན་བླུགས་པ་སོགས་གཞན་གྱིས་རིགས་འགྲེ། དེ་ཡན་ཆད་ཀྱིས་བསྙེན་པ་དང་ཉེ་བར་བསྙེན་པའི་བྱ་བ་རྣམས་རྫོགས་པའོ། །གཉིས་པ་དངོས་གཞི་སྒྲུབ་པ་ལ་གཉིས། རྩ་བ་དང་། །ཡན་ལག་གོ། །དང་པོ་ལ་གསུམ། ཕྲིན་ལས་ཛབ་བསྙེན་དང་བཅས་པས་དངོས་གྲུབ་བསྒྲུབ་པ། བར་ཆད་བརྟག་ཅིང་བསལ་བ། དངོས་གྲུབ་ཀྱི་མཚན་མ་བརྟག་པའོ། །དང་པོ་ནི། ཉིན་གསུམ་པ་ནས་བརྩམས།


LT32_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཉིན་ལན་གསུམ་མཚན་གསུམ་སྟེ་ཐུན་དྲུག་གམ། ཉིན་གཉིས་མཚན་གཉིས་ཏེ་ཐུན་བཞི་གང་བདེ་བྱ་བའི་ཉིན་ཐུན་དང་པོར་བརྒྱུད་འདེབས་དང་སྔོན་གཏོར་བཏང་བ་སོགས་ཕྲིན་ལས་དབུ་ནས་བརྩམས་དབྱངས་རོལ་སོགས་རྒྱས་པར་བྱས་ཏེ་ཛབྲ་ལ་སླེབས་པ་དང་ཛབྲ་དབྱངས་བཅས་གཟུངས་ཐག་སློབ་དཔོན་དང་རྒྱལ་ཚབ་པར་ཕུལ། བསྙེན་པ་གྲུབ་ཉེ་བ་དང་རྒྱལ་ཚབ་གཟུངས་ཐག་ཐུན་དཔོན་པར་སྤྲད་ལ་དེ་ནས་བཟུང་སྟེ་དངོས་གྲུབ་ལེན་ཆོག་མ་བྱས་པར་ཉིན་མཚན་ཀུན་ཏུ་མ་ཆད་པའི་རེས་སྐོར་བྱ། ཐུན་མཐར་སྟོང་ཚིགས་མཆོད་བསྟོད་ཕུལ་རྗེས་བཤགས་པ་ནི། ཨེ་མ་ཧོཿ རྩ་གསུམ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ༔ རྣལ་འབྱོར་བདག་ཅག་མ་རིག་ལས་དབང་གིས༔ བསྙེན་སྒྲུབ་ཟབ་མོ་བྱེད་པར་དམ་བཅས་ཀྱང་༔ མ་རིག་མ་རྟོགས་ཚོད་ཡོད་ལེ་ལོ་སོགས༔ དམ་ཚིག་འགལ་བ་ཅི་དང་ཅི་མཆིས་རྣམས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་སྤྱན་སྔར་བཤགས༔ ཚངས་པར་ཟུང་ལ་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་ས་མ་ཡ་ཧོ༔ ཞེས་དང་ཡིག་བརྒྱ་བརྗོད། དམ་བཅའ་བ་ནི། ཧཱུྃ་རྩ་གསུམ་ལྷ་ཚོགས་མ་ལུས་དགོངས་མཛོད་ལ༔ ཁྱེད་འདྲ་ལྟ་བུར་བདག་ཀྱང་འགྲུབ་གྱུར་ཅིག༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཐོབ་བྱའི་ཕྱིར༔ སྲོག་ཕྱིར་མི་བཏང་སྒྲུབ་ལགས་བྱིན་གྱིས་རློབས༔ སྙིགས་མའི་དུས་ཀྱི་ཐ་མ་འདི་ཉིད་དུ༔ སངས་རྒྱས་རྣམས་ཀྱི་མཛད་པ་བདག་


LT32_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྤྱད༔ བདག་གི་བསམ་པ་སྐྱོན་མེད་འགྲུབ་གྱུར་ཅིག༔ འདའ་ཀ་ཁྱོད་ཀྱི་གསང་བ་གསུམ་དུ་བསྲུང་༔ དམ་ཚིག་ཟུང་འབྲེལ་ཐུགས་དམ་ལུ་གུ་རྒྱུད༔ རིག་པ་སྲོག་བསྡུས་སྐུ་གསུམ་མ་ཐོབ་བར༔ ལུས་དང་སྲོག་གི་ཕྱིར་ཡང་མི་བཏང་ངོ་༔ ས་མ་ཡ་ཧཱུྃ༔ ཞེས་བརྗོད་པ་འདི་ཐུན་ཕྱི་མ་རྣམས་ལའང་དགོས་སོ། །སླར་ཐུན་ལ་འཇུག་པའི་ཚེ་མཆོད་པ་བྱིན་རླབས་ནས་དབུ་བཟུང་བཟླས་པའི་བར་བསྐྱར། ཕྱི་དྲོའི་བཟླས་པ་གྲུབ་ནས་སྟོང་ཚིགས་བཤགས་པ་དམ་བཅའ་གོང་ལྟར་བྱས་ལ་བཀའ་སྲུང་སྤྱི་དང་བྱེ་བྲག་ལེགས་ལྡན་དང་ཤ་ཟའི་གཏོར་ཆོག་བཏང་། ཚོགས་མཆོད་འབུལ་ཞིང་ལྷག་མ་བཙོན་ཏུ་འཛིན། སྲུང་མའི་གཏོར་སྐྱོང་། ཆད་བརྟན་རྟ་བྲོ། གཏོང་རག་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། བརྟན་བཞུགས། བསྔོ་སྨོན། བཀྲ་ཤིས་བར་གྲུབ་ནས་འོག་ཏུ་བཤད་པ་ལྟར་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་དང་ཛབ་དབྱངས་བྱས་ལ་འཚོགས་གྲོལ། མཚན་ཐུན་དང་པོ་ལ་སྐྱབས་སེམས་དང་མཚམས་གཅོད་ནས་དབུ་བཟུང་། གཞན་ཉིན། །ཐུན་དང་འདྲ་བ་ལས་ཐོར་ཐུན་གཤམ་དུ་ཚོགས་མཆོད་ཉུ་ལེ་བསྐྲད་པ་བྱིན་འབེབས་ཛབ་དབྱངས་བཅས་བྱ། བསྙེན་རྒྱུན་པ་ཇི་ཙམ་བརྗེ་ལེན་བྱས་ཀྱང་སྔ་མ་རྣམས་གྲལ་མདོར་བཞེངས་ནས་གསུང་མི་བཅད་ལ་རྗེས་མ་གྲལ་ལ་འཁོད་ནས་ཛབྲ་བསྙེན་དབུ་ཚུགས་པའི་ཚེ་སྔ་མ་རྣམས་ཀྱིས་བསྐོར་དང་སྟོང་ཚིགས་འབུལ་ནས་གྱེས་སོ། །རྡོ་རྗེ་མཚམས་པ་དཔོན་སློབ་ནས་ཕུར་པ་ཐུགས་ཀྱི་ཐིག་ལེའི་གཞུང་བསྲང་། །དངོས་གཞིའི་ཉིན་མོ་ནས་ཉིན་ཐུན་གསུམ་ལ་སྒྲབ་ལུང་མ་དང་།


LT32_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཐུན་གསུམ་ལ་གནམ་ལྷ་དཀར་མོའི་བསྐུལ། སོ་སོའི་རྫས་སྔགས་བཅས་ཀྱིས་དཀྱིལ་འཁོར་དང་འདུས་པ་རྣམས་བསྐོར་ཞིང་ཐུན་བརྡེག །དེ་འཕྲལ་ལས་བྱང་ལྟར་སྲུང་འཁོར་འདོན་བསྒོམ་དུ་བྱ། ཕྱིའི་འགྲུལ་དང་ཡོ་བྱད་ལ་མེ་ཐུན་ཆུ་ཐུན་བརྡེག་པ་སོགས་མཚམས་གཅོད་དང་སྲུང་འཁོར་ལ་གཙོར་བཏོན། ནངས་རེ་བཞིན་དགེ་སློང་བཞི་སྡེ་ཙམ་གྱིས་རྒྱལ་ཐོ་དང་སྒོ་བྱད་ཕྱི་ནང་ཁ་གསོ། འདོན་བྱ་མཆོད་བསྟོད་སྔར་ལྟར་བྱ། སྔ་དྲོ་ཆབ་གཏོར་དང་ཕྱི་དྲོ་ཆ་གསུམ་བཏང་བ་སོགས་ཀྱང་མཛད་པའི་སྲོལ་མཆིས་སོ། །འབྱོར་འཁོས་དང་མི་གྲངས་ཀྱིས་ལྕོགས་ན་དཔོན་སློབ་ཁ་ཤས་ཀྱིས་ཚེ་སྐབས་བདུད་རྩི་སྙིང་པོ་དང་། ཁ་ཤས་ཀྱིས་ན་རཀ་སྐོང་བཤགས་དམ་སྐོང་དོང་སྤྲུགས་བཏང་རྒྱུ་བྱུང་ན་གནད་དོན་དགོས་པ་ཆེ་ཞིང་། དཀྱིལ་འཁོར་དང་མཆོད་པ་ནི་རྩ་དཀྱིལ་བརྟེན་བས་ཆོག །དོང་སྤྲུགས་མི་འགྲུབ་ན་དྲི་མེད་བཤགས་རྒྱུད་འདོན་མཁན་ཞིག་ངེས་པར་གལ་ཆེའོ། །གཉིས་པ་ནི། ཐར་པ་ལ་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་བདག་འཛིན་གྱི་ཉེར་ལེན་ལས་བྱུང་བ་སྤྱི་དང་། ཁྱད་པར་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་ཉུ་ལེ་རྒྱུ་བའི་དུས་རྟགས་གཉེན་པོ་བཀའ་བརྒྱད་སོགས་སུ་རྒྱས་པར་འབྱུང་བ་ལས་ཤེས་དགོས་ཤིང་། མདོར་བསྡུས་སྤྱི་ཙམ་དུ་ད་ལྟའི་ཕྱག་རྒྱུན་གྱི་དཀྱུས་སུ་འབྱུང་བ་ལྟར་ན། རྒྱལ་ཚབ་བམ་རྒྱལ་ཐེབས་རེས་མོས་དཀྱིལ་འཁོར་གྱི་མདུན་དུ་བཞུགས། ཐུན་ཕུར་ལིངྒ་སོགས་བཀོད་ལ། ཨེ་ཡཾ་ཛྭ་ལ་རཾ༔ བྲུབ་ཁུང་ཡངས་པའི་ནང་དུ་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར༔ ཞེས་བྲུབ་ཁུང་


LT32_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། ན་མོ། བླ་མ་སངས་རྒྱས་སོགས་བདེན་སྟོབས་གོང་དུ་སྨོས་པ་ལྟར་ལ། འཁྲུལ་འཁོར་གྱི་ནུས་པས། དགྲ་བགེགས་གནོད་བྱེད་ཁྱད་པར་བསྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དམ་སྲི་ཉུལ་ལེ་སྒབ་འདྲེ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ། གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་བབས་པས་གནོད་བྱེད་རྡུལ་དུ་བརླག་པར་བསམས་ལ་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟང་ཁྲོ་གཏུམ་སྐུར་བསྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ རྟ་མགྲིན་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་སྐོར་བཅས་པས་གདབ་ཅིང་ཊཱཀྐི་རྣམས་ཀྱིས་ཐུན་གྱིས་


LT32_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྲག །ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཉིན་ཐུན་རྣམས་ལ། ཧཱུྃ༔ སྒྲུབ་པ་ལུང་གི་ཕོ་ཉ་ནི༔ ཉི་མའི་དཀྱིལ་ནས་མེ་ཆེན་འབར༔ སྤྲུལ་པ་ཕོ་ཉའི་ཚོགས་དང་བཅས༔ རྔམས་པའི་ཞལ་གདངས་མཆེ་བ་གཙིགས༔ ལྗགས་ནས་ཁྲག་ཚྭ་ཆི་ལི་ལི༔ ཧཱུྃ་ཆེན་འཇིགས་པའི་བག་མ་ནས༔ འཇིགས་པའི་བྷནྡྷ་ཁྲ་ལ་ལ༔ གདུག་བྱེད་ཞེ་སྡང་འཁྲུགས་པ་ཡི༔ གནམ་ལྕགས་ཞུན་མའི་དཀྱིལ་འཁོར་ནས༔ སྲིད་པ་བཞུ་བཏུལ་བྱེད་པ་ཡི༔ སྦུད་པ་འུར་ལྡིར་མེ་ཚྭ་འཕྲོ༔ ཟངས་ཀྱི་སྲིན་མོ་དགུ་བརྒྱར་བཅུས༔ ཁབ་འདྲ་ལྕགས་རལ་སྐྲ་གསེབ་ནས༔ སྤྱན་མིག་མེ་འབར་ཐིག་ལེ་ཡིས༔ འབར་བའི་འཇིག་རྟེན་འཁྲིགས་པའི་ཚུལ༔ ཁྲོ་ཆུ་ཁོལ་མས་སྟོང་ཁམས་ཁེངས༔ སྲིད་པ་སྐྱེ་འགྲོ་རྡུལ་དུ་རློག༔ ང་རྒྱལ་བཞད་པའི་ཚུལ་ཅན་གྱིས༔ གནམ་ལྕགས་སེར་ཆེན་ཁ་ནས་འབེབས༔ གསོད་ལ་དགའ་ཞིང་རྔམས་པའི་གཟུགས༔ སོག་ལེ་གཏམས་པའི་མཆེ་བ་ཅན༔ བདུད་དང་ཞེ་སྡང་སྲིན་པོའི་མགོ༔ ཀཱ་ལ་ཡཀྵ་ལ་སོགས་པ༔ ཚོགས་བདག་འཇིགས་བྱེད་མགོ་བོ་སྟེ༔ བར་ཆད་བགེགས་དང་འབྱུང་པོ་རྣམས༔ རུས་བརྡུང་དོན་སྙིང་གཞོབ་ཏུ་ཁ༔ སོག་ལེ་དགུ་བརྒྱ་ལྟ་བུ་ཡིས༔ རྣོ་དབལ་མཆེ་


LT32_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བ་རེ་རེ་ལ༔ དམྱལ་བ་ལྟ་བུར་གསོད་གཅོད་བྱེད༔ བ་སྤུ་མཚོན་ཆའི་ཆར་འབེབས་ཤིང་༔ ཚངས་རིས་ཡུལ་ཁམས་སྒྲོལ་བར་མཛད༔ ཚངས་ཐེའུ་སྙིང་ལ་རྡེག་པ་མོ༔ ལན་བུ་ཁྲོ་ཆུའི་སྤུ་གསེབ་ནས༔ ཁྲག་མདའ་སྐར་ཆེན་རླུང་ལྟར་འཚུབ༔ ཞེ་སྡང་སྲིན་པོའི་འཇིག་རྟེན་ཁེངས༔ མ་བདུད་དཔུང་བཅས་དོན་སྙིང་ལ༔ ཁྲག་མདའི་གཟེར་གདབ་དུས་ལ་བབ༔ དཔལ་གྱི་ཕོ་ཉ་བཀའ་ཉན་ཚོགས༔ རྐང་པ་རྒྱུག་ཅིང་སྤྱང་མོ་འགྲོས༔ ལག་པ་རྡོ་རྗེ་ལྕགས་ཀྱུ་ལ༔ མེ་ལྕེ་འཚུབས་མའི་ཕུར་བུ་ནི༔ གནམ་ལྕགས་ཞན་མའི་ཚྭ་ཚྭ་འཁྲུགས༔ ཐེའུ་རང་སྙིང་སྲེག་འདྲེན་ཅིང་སྲེག༔ མཆེ་བ་གནམ་ལྕགས་སྐྱིན་ཐང་འབེབས༔ ཁ་ཆུ་ཞན་མའི་སྐྱིན་གདངས་ཀྱིས༔ ཚངས་པའི་འཇིག་རྟེན་ཐལ་བར་གཏོར༔ གདོན་བགེགས་འབྱུང་པོ་ཉུ་ལེ་སོགས༔ ཐེའུ་རང་དགུ་བརྒྱ་གཞོབ་ཏུ་སྲེག༔ གནམ་ལྷའི་གཟུགས་ཕུང་ཅི་འདྲ་སྟེ༔ སྦྱང་གདོང་དམར་བཅངས་ཆངས་པ་ན༔ ཐོད་ཁྲག་འཕྲེལ་ཚུལ་གནས་བཅས་ནས༔ སྦྲུལ་བསྒྱུར་དུ་མའི་འཁོར་དང་བཅས༔ བདུད་འདུལ་དཔལ་གྱི་བཀའ་ཉན་མ༔ རྒྱལ་བའི་དབང་ཐོབ་ཁྲོ་མོ་ཆེ༔ སྣང་སྲིད་ཐམས་ཅད་སྒྲོལ་མཛད་ཅིང་༔ ཁྲོ་སྦྲུལ་ཚངས་པའི་ལིང་པ་མོ༔ སྔོན་


LT32_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་དམ་ཅི་འདྲ་བ༔ རཀྟ་ཁཱ་ཧིས་མ་མཉེས་པར༔ ཁ་ཡི་རླུབས་སུ་གསོལ་བའི་ཚེ༔ འདུར་ཞིང་ངར་དང་བཅས་ཏེ་བྱོན༔ ཕུར་བུ་སྙིང་ལ་འདེབས་པའི་ཚེ༔ ཤི་འི་སྒྲ་དང་བཅས་ནས་བྱོན༔ དཔལ་གྱི་བཀའ་ཉན་ཕོ་ཉར་བཅས༔ ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་མཛོད༔ ཅེས་བསྐུལ་ལ་འོག་ནས་འབྱུང་བའི་སྔགས་བརྗོད༔ མཚན་ཐུན་རྣམས་ལ། ཧཱུྃ༔ གནམ་ལྕགས་ཟླ་བའི་དཀྱིལ་འཁོར་དུ༔ ཁྲག་མདོག་བསེ་ཡི་ལན་ཕྲན་ཅན༔ སྤྱན་འོད་ཉི་ཟླ་སྐར་ལྟར་འཁྲུགས༔ སྨིན་མ་གློག་འཁྱུགས་མུན་སྐབས་འབྱེད༔ ཞལ་ནས་བུ་ཡུག་ཐོག་ཆར་འབེབས༔ ཤངས་ནས་རྡོ་རྗེའི་རླུང་ནག་འཁྲུགས༔ བཞད་པ་ཧེ་དཔལ་སྦུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་མེ་ཆེན་འབར༔ ཨག་ཚོམ་མེ་འབར་སྲིད་པ་སྲེག༔ ཞལ་ནས་བསྐལ་པའི་འབྲུག་སྒྲ་སྒྲོགས༔ ལག་དམར་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་རྣོ་ལྡན་ལྕགས་ཀྱུ་ལ༔ བར་ཆད་བདུད་སྲེག་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཚྭ་ཚྭ་འཕྲོ༔ སྨིན་མ་ཁྲག་གི་ཆར་ཆེན་འབེབས༔ ཞབས་ཀྱི་ཕུར་པས་སྲིན་མོར་སྦྱོར༔ རལ་གསེབ་ཁྲག་གི་ཆར་རྒྱུན་འབེབས༔ མི་བཟང་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་སྙིང་ཆངས་པང་བཅུག་ནས་གསོལ༔ ཤིན་ཏུ་


LT32_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་སྨུག་མདོག༔ ན་བཟའ་སྲིན་པོའི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་བསྣོལ༔ བདུད་ལ་བབས་ན་སྙིང་ཁྲག་འཐུང་༔ སྲིན་ལ་བབས་ན་སྲོག་རྩ་ཆོད༔ དགྲར་བབ་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་ཐལ་བར་རློག༔ དཔལ་གྱི་ཕོ་ཉ་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་བགེགས་འབྱུང་པོའི་ཚོགས༔ གཟུགས་ཕུང་གཏུབས་ལ་དོན་སྙིང་སྲེགས༔ དུས་ལ་བབ་པོ་ཕོ་ཉའི་ཚོགས༔ ཁྱོད་ཀྱི་ཕོ་ཉའི་དུས་ལ་བབ༔ བར་ཆད་འབྱུང་པོ་རྡུལ་དུ་རློག༔ ཨཱོཾ་བཛྲ་ཀྲོ་ཏཱི་ཤྭ་རི༔ དུ་རུ་དུ་རུ་རཀྴ༔ ཚིནྡྷ་ཚིནྡྷ༔ ཛྭ་ལ་ཛྭ་ལ༔ ཤག་ཤག༔ ཨོཾ་ཀྲོ་ཏཱི་ཤྭ་རི་ཨ་ལ་རཀྴ་ཁཱ་ཧི༔ མུ་ཧྲིང་ཧྲིང་༔ རྦད་རྦད་དུ༔ ཞེས་དྲག་སྔགས་རོལ་མོ་རྫས་དྲུད་རྡོ་ཐུན་སོགས་ཀྱིས་བསྐྲད་ཅིང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་བསྐྲད་པར་བྱའོ། །གསུམ་པ་ནི། བར་ཆད་དང་དངོས་གྲུབ་ཀྱི་ལྟས་ལ་གནས་སྐབས་དང་མཐར་ཐུག་དངོས་དང་ལྟར་སྣང་ལ་སོགས་པའི་ཚུལ་གྱིས་འབྱུང་བ་རྣམས་གཞུང་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་སྒྲུབ་ཁོག་ལས་ཤེས་པར་བྱ་སྟེ། ལྟས་བཟང་གཏན་ལ་ཕེབ་པ་ན་དངོས་གྲུབ་བླང་བ་ལ་འཇུག་གོ། །རྩ་བའི་སྒྲུབ་ཆེན་ཁོ་ན་བྱེད་སྐབས་ཞག་བདུན་སོགས་གྲངས་ཐེམས་ནས་གཤམ་གྱི་སྒྲུབ་པ་ཆེན་པོ་དངོས་གྲུབ་བླང་བ་ལ་འཇུག་ཆོག་ཅིང་། སྨན་སྒྲུབ་གཙོར་བྱེད་པའི་སྐབས་


LT32_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སུའང་རབ་རྩ་སྒྲུབ་ཞག་བདུན་གྱི་རྗེས་སུ་སྨན་སྒྲུབ་ལ་འཇུག །འབྲིང་ཞག་གསུམ། ཐ་མས་ཀྱང་ཞག་གཅིག་ལ་རྩ་སྒྲུབ་སྔོན་དུ་མ་སོང་ཐབས་མེད་དོ། །གང་ལྟར་རྩ་སྒྲུབ་གྲུབ་པའི་དགོངས་མོ་གཏོང་རག་གི་མཆོད་བསྟོད་རྗེས་སུ་ལས་བྱང་གི་དངོས་གྲུབ་ལེན་པ་བརྗོད་ཅིང་ཐོད་པའི་བདུད་རྩི་བགྱེས་ལ་རྒྱུན་གྱི་དངོས་གྲུབ་བསྐུལ་ལོ། །གཉིས་པ་ཡན་ལག་བདུད་རྩིའི་སྒྲུབ་པ་ལ་གསུམ། ཁྲོལ་གུར་སྦྱང་བས། བཏགས་བཙག་བྱ་བ། ཕྱེ་མར་སྒྲུབ་པའོ། །དང་པོ་ནི། ཐོག་མར་ཕྲིན་ལས་ཀྱི་གཞུང་བསྲངས་ལ་ཛབ་བཟླས་སྟོང་ཚིགས་བཤགས་པ་དུམ་བཅའ་ཡན་ཆད་རྩ་སྒྲུབ་ལྟར་སོང་བ་དང་། རྡོར་སློབ་ཀྱིས་དར་སྣ་གཡབ། ལས་རྡོར་གྱིས་དཀྱིལ་འཁོར་མདུན་ནས་དར་སྣའི་གཡབ་དར་དང་སྤོས་དཀར་གྱི་དུད་པ་ཐོགས། དབྱངས་རོལ་བཅས་སྨན་སྲུང་སྤྱན་འདྲེན་པ་ནི། ཧཱུྃ༔ ཚངས་པ་དྲང་སྲོང་ཀླུ་རྣམས་དང་༔ རྩི་ཤིང་སྨན་གྱི་ལྷ་མོ་དང་༔ ར་ས་ཡཱ་ནའི་སྲུང་མའི་ཚོགས༔ སྔོན་ཚེ་འདས་དུས་དང་པོ་ལ༔ ཀུན་བཟང་ལྷ་ཡི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དབང་མནོས་ཏེ༔ སྡོམ་ལ་གནས་པའི་རིག་འཛིན་རྣམས༔ དུས་གསུམ་བདེ་གཤེགས་མཆོད་པ་དང་༔ སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར༔ འཁོར་དང་བཅས་ཏེ་སྤྱན་འདྲེན་ན༔ ར་ས་ཡཱ་ནའི་དངོས་གྲུབ་སྩོལ༔ ཅེས་བསྐུལ་ཅིང་སྤྱན་དྲངས་པས། སྔོན་བྱོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་སྒྲུབ་པ་པོ་ཡི་སྟོང་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་


LT32_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམས་ལ། རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། ཧཱུྃ༔ ར་ས་ཡཱ་ནའི་རིག་འཛིན་རྣམས༔ ཚངས་པ་དྲང་སྲོང་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཁྱི་དང་ཕག་པ་མི་གཙང་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཀླུ་དང་བྲམ་ཟེ་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ བྱོལ་སོང་རྩ་མཆོག་ཟ་བ་ཡང་༔ ཇི་སྲིད་འཚོ་ཡི་བར་དུ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཡང་དག་དོན་གྱི་ལུང་འདི་ཉོན༔ རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི༔ ཆོས་སྐུ་གཅིག་ལས་ཐ་དད་པའི༔ རིགས་ལྔའི་རང་བཞིན་འདིར་བསྟན་ཏེ༔ དེ་ལྟར་རྟོགས་ན་གྲོལ་ཞེས་བཤད༔ རང་བཞིན་ཡང་དག་དག་པའི་རྫས༔ མཉམ་པའི་དབྱིངས་སུ་རབ་བརྟགས་ན༔ གཉིས་མེད་དོན་གྱིས་ཟིན་པ་ཡིན༔ ཇི་ལྟར་དམིགས་པ་བཞིན་ཏུ་འགྲུབ༔ གཙང་དང་མི་གཙང་རྟོག་པ་ཅན༔ དངོས་དང་མི་དངོས་གཉིས་མེད་པས༔ མཁས་པ་གཙང་སྨེ་གཉིས་མི་བྱེད༔ ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར༔ གཙོ་རུ་དང་དུ་བླང་བར་བྱ༔ གཙང་སྨེ་མེད་པར་ཀུན་གྱིས་སྤྱོད༔ དེ་དག་གྲོལ་བ་ངས་བཤད་ཀྱིས༔ ར་ས་ཡཱ་ནའི་རིག་


LT32_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཚོགས༔ བཏང་སྙོམས་མེད་པའི་ཕྲིན་ལས་མཛོད། ཐེ་ཚོམ་མེད་ན་ངེས་པར་འགྲུབ༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་རྫས་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་པ་པོ་ལ་དབང་ཞིག་སྐུར༔ ཅེས་བརྗོད་པས། སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་སྨེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་བསམ་མོ། །དེ་ནས་ཁྲོལ་བུ་སྦྱོང་བའི་དགོངས་པ་འཕྲོ་འདུ་འཇུ་འདུལ་དང་བཅས་པ་ནི། བདག་ཉིད་ཐུགས་ཀྱི་ནོར་བུ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་བསྒོམ༔ བྷནྡྷའི་ནང་དུ་དངོས་གཞི་རྣམ་པ་ལྔ་གནས་པའི་སྟེང་དུ་དཔའ་བོ་འབྲུ་ལྔ་གསལ་ཏེ༔ དྲི་ཆེན་སྟེང་དུ་ཨོཾ༔ བྱང་སེམས་སྟེང་དུ་ཧཱུྃ༔ མཱཾ་ས་ལ་སྭཱ༔ པད་རཀ་ལ་མཱཾ༔ དྲི་ཆུ་ལ་ཧཱཿ དེ་ལས་འོད་ཟེར་འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པའི་རྩི་ཤིང་ནགས་ཚལ་ལ་ཕོག༔ འབྱུང་བ་ལྔའི་བཅུད་བསྡུས༔ བཅུད་ཀྱི་འཇིག་རྟེན་ན་སེམས་ཅན་དང་བདག་ཏུ་ལྟ་བ་ཀུན་གྱི་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས་ནས༔ སྨན་ལ་འདུས་པས་དངོས་པོ་བྲལ་བའི་བདུད་རྩིའི་རང་བཞིན་དུ་དཀར་ལྡེམ་གྱིས་གྱུར་པ་ནི༔ དཔེར་ན་མུ་ཏེག་དཀར་པོ་དྲི་མས་མ་གོས་པ་བཞིན་དཀར་ལྟེམ་ལྟེམ་དུ་གྱུར༔ ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་རྣམས་ཀྱིས་ཀྱང་བརྟན་གཡོའི་


LT32_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བཅུད་བདུད་རྩིའི་ཆར་དུ་འབེབས་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་དང་མ་བྲལ་བར་གཟུངས་ཐག་སོ་སོར་བླངས་ཏེ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ། ར་ས་ཡཱ་ན། སྟ་ན་གྷ་། གྷུ་ཡ་སིངྡྷིྡྷི་། ཧཱུྃ་ཧྲཱིཿཋ༔ ཞེས་པའི་ཛབྲ་སྟོང་རྩ་བཟླ། ཐུན་པ་རྣམས་ཀྱིས་བསྙེན་རྒྱུན་བླངས་ལ་དེ་ཉིད་རྒྱུན་མི་འཆད་དུ་བཟླ། ཐུན་མཐར་ཆེ་བ་བརྗོད་ཅིང་བསྐུལ་བ་ནི། ཧཱུྃ༔ རྣམ་པར་དྲི་ཆེན་རྣམ་སྣང་མཛད༔ ཕྱི་ནང་གཉིས་ཀ་རྣམ་པར་དག༔ མི་བསྐྱོད་བྱང་ཆུབ་སེམས་དཔའ་ཉིད༔ དམིགས་མེད་དག་པ་ཡེ་ཤེས་ཡིན༔ མཱཾ་ས་རིན་ཆེན་འབྱུང་ལྡན་གཙོ༔ མཉམ་དང་མི་མཉམ་དབྱེར་མེད་དོ༔ སྣང་བ་རཀྟ་མཐའ་ཡས་གསུང་༔ སྐྱེ་འགག་མེད་པ་ཡེ་ནས་དག༔ དོན་ཡོད་དྲི་ཆུ་ལས་གྲུབ་པ༔ དྲི་མེད་རྒྱུ་འབྲས་རྣམ་པར་དག༔ ཀུན་ཀྱང་གཙང་ཞིང་དྲི་མེད་པས༔ ཐམས་ཅད་མ་ལུས་སངས་རྒྱས་ལྔ༔ ལུས་པ་མེད་པས་ཡེ་ཤེས་ངང་༔ མ་བཅོས་ཡེ་ཤེས་དེ་ཉིད་དོ༔ དེ་ཕྱིར་སྨན་གྱི་བཅུད་ཀྱི་མཆོག༔ བདུད་རྩི་ཞེས་ནི་དེ་ལ་བྱའོ༔ དེ་ནས་ཉུ་ལེ་བསྐྲད་ཅིང་བྱིན་དབབ། རྩ་བསྙེན་དང་སྨན་ཛབྲ་སྦྲེལ་བའི་ཛབྲ་དབྱངས་ལན་གསུམ་བྱ། ཐུན་གཉིས་བ་ལ་ལས་བྱང་གི་མཆོད་པ་བྱིན་རླབས་ནས་བརྩམས། རྩ་བསྙེན་དང་སྨན་ཁྲོལ་བུ་སྦྱོང་བ་སོགས་སྔ་མ་ལྟར་ཛབྲ་དབྱངས་ཡན་ཚར་གཅིག་བསྐྱར། ཐུན་གསུམ་བར་ཡང་དེ་དང་མཚུངས་པ་ལས་སྨན་ཛབྲ་དང་ཆེ་བ་བརྗོད་པ་བཅས་སོང་རྗེས། ཆོས་སྲུང་གཏོར་ཆོག །ཚོགས་


LT32_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། རྗེས་ཆོག །ཉུ་ལེ་བསྐྲད་ཅིང་བྱིན་འབེབས་ཛབྲ་དབྱངས་བཅས་རྩ་སྒྲུབ་ལྟར། མཚན་ཐུན་གསུམ་ལ་གོང་བཤད་ཐུན་རྗེས་མ་གཉིས་ལྟར་ལ་ཉུ་ལེ་སྐྲོད་སྐབས་ཀྱི་བསྐུལ། གནམ་ལྷའི་ལྕམ་མོ་སྦྱར་བ་སོགས་ཀྱང་སྒྲུབ་ཁོག་ཏུ་བཤད་པ་ལྟར་ལ། སྨན་སྒྲུབ་ཀྱི་སྐབས་འདིར་ཚོགས་མཆོད་ཤིན་ཏུ་གལ་ཆེ་བར་གསུངས་པས་མཚན་ཐུན་ལའང་ཐོ་རངས་ཐུན་མཐར་མེ་ཕྲེང་གི་ཚོགས་བྱིན་རླབས་ནས་ལྷག་མའི་བར་གྱིས་ཚོགས་མཆོད་ཕུལ་རྗེས་ཉུ་ལེ་བསྐྲད་པ་ལེགས། ཐུན་ཕྱི་མའི་སྨན་ཛབ་རྗེས་འོག་ཏུ་སྨན་སྤོལ་པའི་སྐབས་སུ་འབྱུང་བའི་སྔགས་བརྒྱ་རྩ་ཙམ་ར་བཟླས་ལ། མཚམས་གྱི་ཆང་སོགས་བྱིན་རླབས། བཀའ་བརྒྱད་སོགས་གཞུང་ཆེན་རྣམས་ལ་རིགས་བརྒྱ། རིགས་ལྔ། རིགས་གཅིག་གི་ཁྲོལ་སྒྲུབ་རིམ་པར་བཤད་པས་ཞག་གསུམ་མི་བྱེད་ཀ་མེད་ཡིན་ཀྱང་འདིར་སྙིང་བོར་དྲིལ་ནས་རིགས་ལྔའི་སྦྱོང་བ་ཁོ་ན་ལས་མ་གསུངས་པས་ཞག་གཅིག་ནས་གསུམ་བར་གང་བྱེད་འབྱོར་འཁོས་དང་བསྟུན་ཆོག་གོ། །གཉིས་པ་བཏགས་བཙགས་སོགས་བྱ་བ་ལ་བཀའ་དགོངས་གཙོས་གཞུང་ཆེན་རྣམས་ཀྱི་ཕྱག་ལེན་ལྟར་ན་མང་དུ་མཆིས་ཀྱང་ལུགས་འདི་སྙིང་པོ་བསྡུས་པའི་དབང་གིས་དེ་དག་མ་གསུངས་པ་སྤྲོས་མེད་ལུགས་སུ་མངོན་པས་གཞན་ནས་ཁ་བསྐང་བ་སོགས་དགོས་པ་ཆུང་བས་རང་གཞུང་སོར་བཞག་ལྟར་ན་ཁྲོལ་སྒྲུབ་རྫོགས་པའི་ནངས་མོར། དཀྱིལ་འཁོར་མདུན་སྟེགས་བུ་ཁེབས་ལྡན་བཀོད། བཏགས་བཙགས་སོགས་ལ་མཁོ་བའི་ཆས་རྣམས་སྨན་བསྙལ་སྣོད་མི་ཤོལ་བའི་སྟ་གོན་བྱ། འདོད་བྱ་སྔ་ཉིན་ལྟར་ཕྲིན་ལས་བསྙེན་བཟླས་ཁྲོལ་སྐུ་བ་ཛབྲ་དང་


LT32_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བརྗོད་བཅས་གྲུབ་པའི་རྗེས་ཞི་རོལ་རིང་པོའི་འོག་ཏུ་ལས་རྡོར་ནས་སྨན་ཐོད་རྣམས་དབུས་ཀྱི་ཐོད་པར་བསྡུ། ཁྲོལ་བུའི་ཐུམ་པོ་རྣམས་ཀྱང་ཕྱོགས་གཅིག་བསྲས་ལ་དེ་ཉིད་གཟུངས་མར་མངའ་གསོལ་བས་དར་གྱིས་ལྕིབས་ལ་བླང་། སྤོས་བསུ་དང་དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས་སློབ་དཔོན་གྱི་ཕྱག་ཏུ་ཕུལ། སློབ་དཔོན་གྱིས། རིགས་ཐམས་ཅད་གསང་ཆེན་རིགས་གཅིག་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་རང་བཞིན་ཏུ་གྱུར། དེ་ཉིད་དམ་ཚིག་གི་རྫས་ཐབས་ཤེས་དབྱེར་མེད་རོ་གཅིག་ཏུ་ཞུ་ཞིང་འདྲེས་པ་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པས་ཐུགས་ཀྱི་ཐིག་ལེར་ཐིམ་པར་གྱུར་བར་མོས་ནས་དཀྱིལ་མདུན་སྟེགས་བུར་བཀོད། སློབ་དཔོན་རྒྱལ་ཐེབས་སོགས་ཞྭ་ཆོས་མནབས་ལ་དཀྱིལ་འཁོར་བསྐོར། འདུས་པ་རྣམས་ཀྱང་བཞེངས་ལ་ཁྲོལ་བུའི་ཛབྲ་དབྱངས་ལན་གསུམ་བྱ། དེ་ནས་ཐམས་ཅད་བླ་མ་རྩ་གསུམ་ཡོངས་འདུས་ཀྱི་ང་རྒྱལ་བཟུང་ནས་མཆོག་གི་ཧ་སྟག་ཡབ་ཅིང་སྦྱར་བའི་སྤོས་བསྲེགས། རྐང་གི་གླིང་བུ་དང་ཀུ་ཤ་ལི་གླུ་བླངས་པ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། མཁའ་འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ཅིང་ཉམས་བསྐྱངས་ལ། ལས་བྱང་གི་བསྐུལ་དབྱངས་བཅས་གྱེར། རོལ་འོག་སློབ་དཔོན་སོགས་དཀྱིལ་འཁོར་ལན་གསུམ་བསྐོར་རོ། །དེ་ནས་ཐོག་མར་བཏགས་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡང་གཞི་དངོས་སམ་རི་མོར་བྲིས་པ་


LT32_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་མང་བཏིང་། དེ་ལ་གུ་བུལ་གྱིས་བླུག་ཅིང་རཀྟའི་ཐིག་ལེས་མཚན་པ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡའ་མཚོན་པར་བཞག །འདི་ཕྱིན་ཆད་ཐམས་ཅད་སློབ་དཔོན་ཉིད་དཀྱིལ་འཁོར་ལ་ཞལ་ཕྱོགས། གཟུངས་མ་སློབ་དཔོན་ལ་ཕྱོགས་ནས་འཁོད་དགོས་པས་དེ་ལྟར་འཁོད་ལ། རྐང་པ་གཉིས་སྨན་གཞོང་གི་འགྲམ་གཉིས་སུ་ཕན་ཚུན་བསྣོལ་མར་བརྐྱང་། སློབ་དཔོན་གྱིས་ལག་པ་སོར་མོ་བསྣོལ། མཛུབ་མོ་བསྦྲིང་། མཐེ་བོང་བཀུག་ཁྱོན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱིས་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་བཟུང་ལ། གཏུན་ཁུང་ཤེས་རབ་ཡུམ་གྱི་མཁའ་དབྱིངས་སུ། །གཏུན་བུ་ཐབས་མཆོག་ཡབ་ཀྱི་རྡོ་རྗེ་ཡིས། །ལས་ཉོན་མཚན་རྟོག་འཐག་པས་སྨན་གྱི་དངོས། །དབྱིངས་ཡེ་གཉིས་མེད་ཡེ་ཤེས་འོད་འཕྲོར་གྱུར། །ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་སརྦ་ཨ་མྲྀ་ཏ༔ ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། རུ་ལུ་རུ་ལུ་ཧཱུྃ་ཧྲཱིཿཋཱ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱ༔ ཞེས་པའི་ཛབྲ་ཉིད་འདུས་པ་རྣམས་དང་ཐུན་པ་བཅས་ཀྱིས་བཏགས་པའི་ཛབྲ་ཉིད་དབྱངས་ཀྱི་ཚུལ་དུ་བཟླ་བ་འོག་མ་རྣམས་ལའང་འགྲེ། སློབ་དཔོན་གྱིས་འཐག་མི་ནུས་ན་རྒྱལ་ཐེབས་གཞན་གྱིས་ཞིབ་བར་འཐག་པའི་གྲོགས་བྱ། བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་ཡུམ་གྱིས་སྣོད་དང་དར་ཚག་བཟོད། སློབ་དཔོན་གྱིས་སྨན་བླུགས་ལ། ཡབ་ཡུམ་ཐབས་ཤེས་མཉམ་པར་སྦྱོར་བ་ལས། །ཡེ་ཤེས་བདུད་རྩི་དཀར་འཚེར་མེ་རེ་རེ། །འོ་མའི་ཆུ་རྒྱུན་ལྟ་བུར་ལུད་


LT32_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་མ་ཡ་བི་ཤུངྡྷེ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀ་མ་ལ་ཀུནྡྷ་ལཱི་སིངྡྷི་སིངྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་ལ་སྨན་ཐམས་ཅད་ཚགས་སུ་དྲང་། སྔོལ་པ་ནི། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་ལྕགས་གཡའི་དྲི་མ་མེད་ཅིང་འཕུར་དུས་འཐོར་ཟེགས་མི་འགྲོ་བ་ཟངས་དཀར་ལྟ་བུ་གཙང་ཞིང་ཆེ་བ་བཞག །གུར་གུམ་སོགས་དྲི་བཟང་ངང་དམ་རྩིའི་དབང་ལག་སོགས་ཟུར་དུ་ཕྱེས་ལ། སྣོད་ལྟར་སྣང་བ་ཡུམ་གྱི་མཁའ་དབྱིངས་སུ། །བཅུད་སྣང་ཐབས་མཆོག་ཡབ་ཀྱི་རྡོ་རྗེ་ཡིས། །འདྲེས་པར་དཀྲུགས་པས་ཐབས་ཤེས་མཉམ་སྦྱོར་བའི། །བྱང་སེམས་བདུད་རྩི་འོད་དུ་འཁྱིལ་བར་གྱུར། །ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་བི་ཤུདྡྷེཀུནྡྷ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླ་བཞིན་པར་སྨན་ཕྱེ་རྣམས་རླན་མ་ཕོག་བའི་སྐམ་པོ་འདྲེས་པར་བསྲེས་ལ་འབྲུམ་མེད་པར་བྱ། དེ་ནས་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་ཆང་སོགས་སྦྲེང་ཞིང་། །འཁོར་དང་མྱ་ངན་འདས་པའི་ཆོས་ཐམས་ཅད། །བདེ་ཆེན་དབྱིངས་སུ་རོ་གཅིག་འདྲེས་པར་གྱུར། །ཅེས་དམིགས་ལ། གོང་སྨོས་སྔགས་བཟླ་བཞིན་ཏུ། སྔོན་གྱི་དམ་རྫས་ཕབ་གཏའ་རྣམས་ཀྱང་ཆང་གི་ཉིང་ཁུ་དང་བསྲེས་ནས་སྐབས་འདིར་བླུགས། མཆོག་ཆེན་ལག་གཡོན་ནམ་རྐང་ངམ་རྡོ་རྗེས་དཀྲུགས་པར་བཤད་པ་ལྟར་ཐོག་མར་སློབ་དཔོན་གྱིས་རྟེན་འབྲེལ་མཚོན་བྱེད་བྱས་ལ། གྲོགས་ཤུགས་ལྡན་གཞན་གྱིས་འཕུར་ཞིང་བསྲེས་ལ། བསྐ་སླ་སྙིམས་པར་བཅངས་ནས་


LT32_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བསྒྱུར་བས་ཚལ་བར་ཞིག་ཅིང་ཕྱེ་མར་མི་འགྲོ་བ་ཙམ་དུ་བྱ། འོན་ཀྱང་ནམ་ཟླ་དྲོད་ཆེ་དུས་བརླན་ཆུང་ལ། འཁྱག་དུས་རླན་ཅུང་ཟད་ཆེ་བ་ལེགས་སོ། །དེ་ནས་སྔར་ཟུར་དུ་ཕྱེས་བའི་དྲི་བཟང་ཕྱེ་མའི་རིགས་དང་། དམ་རྩིའང་བཏབ་ལ་ཐམས་ཅད་འདྲེས་པར་བྱ། རྒྱལ་བ་བཟང་པོའམ་མ་རྙེད་ན་བོད་ཀྱི་ཆང་རྩིས་ཀྱང་རུང་ལ་མང་ཉུང་ཆང་ནོན་དང་འདྲ་བས་སྨན་གྱི་མང་ཉུང་དང་ནམ་ཟླའི་བབས་དང་བསྟུན་པ་བཏབ་ལ་བསྲེ། དེའང་ཞིབ་བར་བརྡུངས་བའི་ཕྱེ་མ་ཆང་བཟང་དྲོན་མོ་ཉུང་ཙམ་ལ་བསྲེས་ནས་བླུགས་ན་ལེགས་སོ། །དེ་ནས་གཞལ་བ་ནི། དཀྱིལ་འཁོར་བྱང་ཕྱོགས་སུ། ཡུམ་གྱིས་དར་ཁུག་བཟེད། ཡབ་ཀྱིས་དྲིལ་བུས་གཞལ་ཞིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་མ་ཡ་བི་ཤུངྡྷེ་ཧཱུྃ་ཧྲཱི༔ཋཱ༔ ཞེས་བཟླ། རྗེས་སུ་འཕེལ་མ་འཕེལ་བརྟགས་བའི་ཕྱིར་གྲངས་མ་ནོར་བར་བྱ། དེ་ནས་རྒྱས་གདབ་བ་ནི། སྨན་ཁུག་ཁ་དམ་པར་བྱས་ལ་སྟེང་ཕོ་ཐོད་དང་འོག་མོ་ཐོད་གཉིས་ཀྱི་བར་དུ་བཞག །སྨན་མང་ན་དེ་ཉིད་ཟངས་དཀར་སོགས་སྣོད་གཙང་གཡའ་མེད་པའི་ནང་དུ་འཇོག་པ་དང་བར་མཚམས་བལ་བུའི་ཕུར་མ་རླན་ཅན་གྱིས་བཀང་་ཞིང་ནམ་ཟླ་གྲང་ན་དྲོད་ཅུང་ཟད་ཡོད་པར་བྱ། གང་ལྟར་སྨན་སྣོད་ཕྱི་ནས་དར་སྣ་ཚོགས་ཀྱིས་དྲིལ་ལ་སྟེང་དུ་དབུ་རྒྱན་དང་གཡས་གཡོན་ཏུ་རྡོར་་དྲིལ་བཅིངས། རུས་སྦལ་གྱི་ཁོག་པར་གི་ཝཾ་གིས་ཧྲཱིཿབྲིས་པས་སྟེང་ནས་བཀབ། ཐོད་པ་གཉིས་ལ་འཁོར་ལོ་བྱི་བ་སོགས་གཞུང་འདིར་མ་གསུངས་བས་དེ་ཙམ་གྱིས་འཐུས་ཤིང་གཞན་ནས་འབྱུང་བ་ལྟར་བྱས་ན་ལེགས་པའི་ཡན་ལག་གོ། །དེ་དག་གི་ཚེ། ཨོཾ་ཨཱཿཧཱུྃ་སརྦཔཉྩ་ཨ་མྲྀ་ཏ་ཧ་ཡགྷྲཱྀ་ཝ་ས་མ་ཡ་དྷརྨ་དྷཱ་ཏུ་ཧཱུྃ་ཧྲཱིཿཋཱ༔


LT32_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟླས་ལ་རེ་ཞིག་དཀྱིལ་འཁོར་མདུན་གྱི་སྟེགས་བུར་བཞག །ཁྲོལ་སྒྲུབ་ཀྱི་ཚོམ་བུའི་དཀྱིལ་འཁོར་བསྡུ། འདི་དག་གི་སྐབས་རྡོ་རྗེ་རྒྱལ་ཚབ་དཔོན་སློབ་ཀྱིས་ཞི་བའི་སྦྱིན་སྲེག་བྱ། མེའི་པུད་ཀྱིས་དྲོད་འབེབས་ཀྱི་མར་མེ་སྦར། དམ་སྲི་མནན་པ་ལ་སླར་ཡང་བཀུག་གཟིར་དྲག་ཏུ་བྱ་ཞིང་རྟ་བྲོ་བརྡུང་། །སྒོ་བྱང་གཉིས་པོའང་གསོ། ཆ་གསུམ་དང་སྡེ་བརྒྱད་ཆ་སྙོམས་གཞི་བདག་དཀར་གཏོར་སོགས་བཏང་ནས། བར་ཆད་མ་བྱད་པར་དངོས་གྲུབ་སྐྱོལ་ཅིག །པའི་བཀའ་བསྒོ་བ་རྣམས་ནན་ཏུ་བྱ། དེ་ནས་བགེགས་བསྐྲད་པ་ནི། ཐམས་ཅད་ཞྭ་དང་དྲིལ་བསིལ་བཅས་སློབ་དཔོན་སྨན་སྣོད་དང་ཉེ་བའི་སྟེགས་ལ་བཞུགས་ཏེ་ཞི་སྤྱོད་དྲག་སྦྱོང་སྤྱི་ལྟར་བྱས་པའི་གཤམ་དུ་བདེན་བརྗོད་མཐར། བདེན་པ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས། དེང་འདིར་བདུད་རྩི་སྨན་གྱི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་ཏུ་དེངས་ཤིག །གལ་ཏེ་མི་འགྲོ་ན་རྡོ་རྗེའི་ཁྲོ་བོ་ཆེན་པོ་རྣམས་ཁྲོས་ནས་བརླག་པར་འགྱུར་བ་གདོན་མི་ཟའོ། །ཞེས་བཀའ་བསྒོ། སྨན་སྣོད་ལ་ཛཱ་ཏི། ག་བུར། ཙནྡན། གླ་རྩི། དུ་རུ་ག་སྟེ་དྲིའི་རྒྱལ་པོ་ལྔ་དང་། གུ་གུལ་ཚིལ་ཆེན་སྦྱར་བའི་དུད་པས་བདུག །ཨོཾ་བཛྲ་ཀྲོ་དྷ་སོགས་དྲག་སྔགས་ཡུངས་ཐུན་ཚོམ་རྔམ་བཅས་པས་བགེགས་བསྐྲད། དེ་ནས་རྒྱལ་ཚབ་སོགས་ཀྱིས་སྨན་གྱི་ཕོ་བྲང་བཏེགས། སློབ་དཔོན་དྲིལ་སྤོས་བཅས་སྣ་དྲངས་ལ་དཀྱིལ་འཁོར་བསྐོར་ཞིང་། །སརྦ་པཉྩའི་ཛབྲ་དབྱངས་ལན་གསུམ་གྱི་


LT32_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། དཀྱིལ་འཁོར་བར་ལྡིངས་ལྕགས་ཀྱི་རྐང་གསུམ་ཁར་བཀོད་ལ་མངའ་གསོལ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ རྩ་བ་བརྒྱད་དང་ཡན་ལག་སྟོང་ལ་སོགས༔ འབྲས་བུ་སྐུ་གསུང་། །ཐུགས་སུ་བསྒྲུབ་པའི་ཕྱིར༔ དུག་གིས་དུག་བསལ་དུག་ལྔ་ཡེ་ཤེས་ལྔ༔ སྨན་གྱིས་སྨན་སྩལ་སྨན་ལྔ་བདུད་རྩི་ལྔ༔ དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྱིས་གྲུབ༔ དབྱིངས་ནས་མ་སྤངས་རྒྱལ་བའི་སྐུར་བསྐྱེད་དེ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་མཆོད་པ་དང་༔ རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར༔ བདུད་རྩི་མཆོག་གི་ཕོ་བྲང་མངའ་གསོལ་བས༔ གསང་བ་མཆོག་གི་དབུས་སུ་བརྟན་པར་བཞུགས༔ ཞེས་པ་མངའ་གསོལ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ས་མ་ཡ་ཏིཥྛ་ལྷན༔ ཅེས་བརྗོད་ལ་ཞི་རོལ་བྱ། འོག་ཏུ་དྲོད་འབེབས་ཀྱི་མར་མེ་བཞག །ཐམས་ཅད་རང་གྲལ་དུ་བཞུགས་ལ་བརྟན་བཞུགས་སྔགས་ཉེར་གཅིག་བསྒྲིགས་འདོན་བྱ། དེ་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་དགུ་པའི་ཛབྲ་བརྒྱ་རྩ་བརྒྱད་བཟླ། འདི་ལ་ཉིན་གཅིག་བྱེད་ན་བཀའ་སྲུང་གཏོར་འབུལ། །ཚོགས་སྐོང་ཕྱིན་ཆད་རྗེས་ཀྱི་བྱ་བ་རྣམས་མཐར་དབྱུང་ལ་ཕྱིར་ཉིན་ཕྱེ་སྒྲུབ་དངོས་གཞིའི་དབུ་ཚུགས་པ་ཡིན་ལ། བཏགས་བཙག་པོན་མང་མེད་པའི་སྔ་དྲོ་ཙམ་གྱིས་ཐམས་ཅད་འགྲུབ་ན་ཕྱི་དྲོ་ནས་ཕྱེ་སྒྲུབ་དབུ་ཚུགས་


LT32_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་ལེགས་པ་ཡིན་ནོ། །གསུམ་པ་ཕྱེ་མ་སྒྲུབ་པ་ནི། ཕྲིན་ལས་ཀྱི་གཞུང་སྲོང་ལྕགས་སྔར་ལྟར་ལ་རང་གཞུང་གི་དགོངས་པ་ནི་བདག་མདུན་དབྱེར་མེད་དུ་སྒྲུབ་ཚུལ་ཡིན་འདུག་ཀྱང་ལས་དང་པོ་པས་གོ་བ་ཙམ་གྱིས་གཉིས་འཛིན་གྱི་སྒྲོག་མ་གྲོལ་བའི་ཕྱིར་བདག་མདུན་སོ་སོར་ཕྱེས་ན་སྤྱི་དང་ཡང་མཚུངས་པས། ལས་བྱང་གི་བདག་བསྐྱེད་བཟླས་པ་སོགས་གྲུབ་རྗེས་སྨན་གྱི་ཕོ་བྲང་ལ་དམིགས་ཏེ་མཆོད་པ་བྱིན་རླབས་ལྷ་བསྐྱེད་ནས་བསྟོད་པའི་བར་ལས་བྱང་ཚང་བ་བཏང་། དེ་ནས། ཧཱུྃ་ཚངས་དང་དྲང་སྲོང་སོགས་སྨན་སྲུང་སྤྱན་འདྲེན་དང་རྟོག་བསལ་ཁྲོལ་སྒྲུབ་སྐབས་ལྟར་བྱས་ལ། ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་ལ། །དེ་རྣམས་ཀྱི་ལག་གཡོན་པའི་མཐེ་བོང་དང་སྲིན་ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ། གུང་མཛུབ་དང་མཐེ་ཆུང་བསྒྲེང་བའི་བར་དུ་བཟུང་ལ་འདི་སྐད་དོ། །ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །སྐྱེ་བ་ཇི་སྲིད་བར་དུ་མི་བཏང་ངོ་། །ཞེས་བཟུང་ལ་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་གསེང་བྲེང་ཆགས་སུ་ཡོད་པ་ལས། བདག་གི་ཐུགས་སྲོག་ས་བོན་དང་བཅས་པའི་འོད་ཟེར་ཕར་སོང་མདུན་བསྐྱེད་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བར་མོས་ཏེ་ལྷ་ཛབ་དང་སྨན་ཛབ་སྦྲེལ་མ་ཅི་འགྲུབ་བཟླ། དེ་ནས། བདག་མདུན་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ་གསལ་བའི་ཙིཏྟ་རིན་ཆེན་ཟུར་བརྒྱད་པའི་གཞལ་ཡས་


LT32_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་བླ་མའི་ཐུགས་ཀར་པདྨ་དམར་པོའི་ལྟེ་བ་ཧྲཱིཿས་མཚན་པའི་མཐའ་སྐོར་དུ་དགུ་པའི་འཛབ་ཀྱིས་བསྐོར་ཏེ་དབུ་ནང་ཞབས་ཕྱིར་བསྟན་པའོ༔ ཞེས་དམིགས་ལ་དགུ་ཛབ་བརྒྱ་རྩ་བཟླ་བ་ནི་ཐུགས་བསྙེན་ནོ། །དེ་ལས་ངག་གི་ལམ་དུ་ཞུགས་ཏེ་ལྕེའི་སྟེང་དུ་སྣང་བ་མཐའ་ཡས་ཚོན་གང་བའི་མཐའ་མ་ལ་འཛབ་ཀྱིས་བསྐོར་བའོ༔ ཞེས་བརྒྱ་རྩ་བཟླ་བ་ནི་གསུང་བསྙེན་ནོ། །དེ་ལས་ཡར་རྐན་གྱི་དཀྱིལ་ནས་ཕྱུང་ནས་སྣ་ནཱ་སའི་ནང་དུ་ཞུགས་ཏེ་ཀླད་ཁྱིམ་དུང་ཁང་གི་དབུས་ཀྱི་དྲག་པོ་རྩལ་གྱི་ཐུགས་སྲོག་ལ་བསྐོར་བར་གྱུར། ཅེས་བརྒྱ་རྩ་བཟླ་བ་ནི་སྐུ་བསྙེན་ནོ། །དེའང་སྐུར་བསྒོམ་པ་བསྙེན་པ། གསུང་དུ་བསྒོམ་པ་ཉེ་བསྙེན༔ ཐུགས་སུ་བསྒོམ་པ་བསྙེན་པ་ཆེན་པོ་ཞེས་བྱའོ། །དེ་ཡང་ཐུགས་ཀའི་ཡིག་དགུ་པོ་དེ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པའི་ཐུགས་ལ་ཕོག༔ ཐུགས་མཉེས༔ རྣལ་འབྱོར་པའི་ཡིད་ལ་ཕོག་ཡིད་སྒྲིབ་དག༔ ངག་གི་ལམ་བརྒྱུད་ལྕེ་སྟེང་གི་སྣང་བ་མཐའ་ཡས་ལ་ཐིམ༔ དེ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ལ་ཕོག༔ གསུང་མཉེས༔ རྣལ་འབྱོར་པའི་ངག་ལ་ཕོག་ངག་སྒྲིབ་དག༔ ཡར་རྐན་གྱི་དཀྱིལ་ནས་གཡོན་དུ་ཞུགས༔ སྤྱི་བོ་དུང་ཁང་གི་དྲག་པོ་རྩལ་ལ་ཐིམ༔ དེ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མཉེས༔ རྣལ་འབྱོར་པའི་ལུས་ཀྱི་སྒྲིབ་པ་སྦྱངས༔ སླར་


LT32_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་སྒལ་ཚིགས་ཀྱི་རྟ་ལ་ཞོན་ཚངས་པའི་གཞུང་བརྒྱུད་ཡུམ་གྱི་མཁའ་ལ་བབས་པར་གྱུར། ཅེས་དམིགས་ལ་དགུ་པའི་ཛབ་ཅི་འགྲུབ་བཟླ་བ་ནི་སྒྲུབ་པའོ། །ཡུམ་གྱི་མཁའ་ལས་འོད་འཕྲོས་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ འགྲོ་དོན་བྱས། ཕྱི་འབྱུང་བ་རྩི་ཤིང་ནགས་ཚལ་གྱི་བཅུད་བསྡུས༔ འོད་ཀྱི་གོང་བུ་ཏ་ལེ་བ་ལྟར་དཀར་ཀྱི་ལེར་གནས་པར་གྱུར༔ ཅེས་དམིགས་ལ་ཛབ་ཅི་འགྲུབ་བཟླ་བ་ནི་ཉེ་བའི་སྒྲུབ་པའོ། །དེ་ལས་འོད་འཕྲོས་ལུས་ངག་ཡིད་གསུམ་ལས་དང་ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་དང་བཅས་པ་བསྲེགས་སྦྱངས་བཞུ་བཏུལ་ནས༔རྩ་བའི་མ་རྡལ་གྱི་བདུད་རྩི་སྨན་ལ་འདུས་པས་དམ་རྫས་ཀྱི་དངོས་པོ་གདོས་བཅས་ཅན་བསྲེགས་སྦྱངས་བཏུལ་ནས༔ སྨན་གྱི་དངོས་པོ་དང་བྲལ་ཏེ་བདུད་རྩིའི་རང་བཞིན་དུ་དཀར་ལྟེམ་གྱིས་གྱུར་པ་ལས༔བདག་ལ་འདུས་པས་རྣམ་པར་རྟོག་པའི་ནད་ཞི་བར་བྱས་ཏེ་འགལ་མེ་ཀླད་ལ་བསྐོར་བ་བཞིན་ཏུ་གྱུར༔ཅེས་དམིགས་ལ་བཟླ་བ་ནི་སྒྲུབ་པ་ཆེན་པོའོ། །ཐུན་མཐར་བདུད་རྩིའི་ཆ་བ་བརྗོད་པ་ནི། ཧཱུྃ༔ ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ༔ དགུ་པའི་འཛབ་ཀྱིས་བཅུད་བསྡུས་ཏེ༔ །དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར༔ བཀའ་བཞིན་བསྟེན་ནས་དངོས་གྲུབ་བླངས༔ མུ་ཏིག་དཀར་པོ་དྲི་མེད་ལྟར༔ སྒྲུབ་པ་པོས་ནི་ནན་ཏན་བྱ༔ གུ་ཧྱ་ལག་གི་ཕྱག་


LT32_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡིས༔ གཞུང་བཞིན་བསྟེན་ནས་འཕྲོ་འདུ་བྱ༔ ཨོཾ་ལས་ཡེ་ཤེས་འོད་འབྱུང་ཞིང་༔ ཨཱཿཡིས་མེས་བསྲེགས་ཐལ་བར་བརླག༔ ཧཱུྃ་གིས་བདུད་རྩི་རྣམ་པར་དག༔ སརྦས་ཐམས་ཅད་དབང་དུ་བསྡུས༔ པཉྩ་རྣམ་ལྔ་མངོན་སངས་རྒྱས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ མྲྀས་ནི་བདུད་རྩི་རྣམ་པར་དག༔ ཏས་ནི་འཁོར་བ་སྟོང་པར་བྱེད༔ ཧཱུྃ་ནི་ཐུགས་ཀྱི་ས་བོན་ཏེ༔ ཧྲཱིཿས་ནི་ཆགས་པ་དབང་དུ་སྡུད༔ ཋས་ནི་སྐྱེ་འཆི་མེད་པའོ༔ དགུ་པའི་འཛབྲ་ཅེས་དེ་ལ་བྱའོ༔ ཞེས་བརྗོད་པ་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་ཛབ་དབྱངས་བཅས་བྱ། ཐུན་རྗེས་མར་བདག་བསྐྱེད་ལས་བྱང་བཏང་མི་དགོས་བས་མདུན་བསྐྱེད་མཆོད་པ་བྱིན་རླབས་ཕྱིན་ཆད་ཚར་གཅིག་བསྐྱར། གསུམ་པར་དེ་མཚུངས་ལ་བཟླས་པ་གྲུབ་ནས་ཆེ་བ་བརྗོད་པ་སོང་རྗེས། དམ་ཅན་གཏོར་ཆོག །ཚོགས་མཆོད། རྗེས་ཆོག་རྣམས་གྲུབ་ནས་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་ཛབ་དབྱངས་བཅས་བྱ། མཚན་ཐུན་གསུམ་པོའང་དེས་འགྲེས་ཏེ་ཐོང་ཐུན་མཐར་ཚོགས་མཆོད་རེ་འབུལ། འདི་དོན་རྩ་བའི་གཞུང་ཉིད་ལས། བདག་ཉིད་ཐུགས་ཀྱི་ནོར་བུ་རྩ་བའི་དཀྱིལ་འཁོར་དུ་དམིགས་ལ་བསྟོད་མཆོད་འབུལ་ཞིང་རྩ་བའི་བསྙེན་པ་ཅུང་ཟད་བཟླ༔ དེ་ནས་ཕྱོགས་བཞི་དབུས་དང་སྔར་གཟུངས་ཐག་བཏགས་ལ་སློབ་དཔོན་མཆེད་རྒྱལ་པོ་ལྔས་འཐེབ་ལ་གཡས་ཕྲེང་བ་བགྲངས་ཞིང་། གཡོན་ཕྱག་རྒྱ་བདུད་རྩིར་གཏད་ལ་འཛབ་གཡོ་འཁྲུལ་མེད་པར་བགྲང་ངོ་། །དེ་ཡང་གཙོ་བོའི་ས་མཱ་དྷི་


LT32_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་བར་གཏད། ཕྱོགས་ཀྱི་རྒྱལ་ཐེབས་བཞིས་གཟུངས་ཐག་ནས་བརྒྱུད་པའི་འཁྲུལ་འཁོར་གྱི་དམིགས་པ་བྱ་ཞིང་རྒྱུན་འཛབ་བགྲང་༔ མཆེད་བྱིངས་ཚོ་གསུམ་མམ་ལྔར་བཅད་དེ་རེག་བྱ་ཞིང་དཀྱིལ་འཁོར་ལ་བསྐོར་ལ་འཛབ་དབྱངས་རྒྱུན་མི་ཆད་པར་དི་རི་རི་བགྲང་། གཞན་ཡང་ལ་ལས་ཕྲིན་ལས་ཀྱི་གཞུང་བསྲང་༔ ལ་ལས་སྐོང་བཤགས་ཆོ་ག་བྱ༔ ལ་ལས་སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་བཟླ༔ ཐམས་ཅད་དང་པོ་དུབ་དུབ་མེ་བྱ་བར་དལ་ཕབ༔ བར་དུ་རྒྱུན་བསྲིང་༔ མཐར་ངར་ཕྱུང་ལ་བྱའོ༔ ཞེས་དང་། དེ་ལྟར་བསྒྲུབས་པས་རྟགས་མཚན་འབྱུང་ཚུལ་ཡང་། རྟགས་དང་མཚན་མ་བདུན་གྱིས་འབྱུང་༔ འོད་དང་དུ་བ་སྒྲ་དང་དྲི༔ ལྷ་མོའི་གཟུགས་ཀྱང་སྟོན་བར་བྱེད༔ མང་དུ་འཕེལ་ན་བསྒྲུབ་ཚད་ཡིན༔ དེ་ལ་ཡ་མཚན་སྐྱེ་མི་བྱ༔ །ཞེས་གསུངས་སོ། །འདི་ཕྱེ་སྒྲུབ་ཀྱི་དངོས་གཞི་ཡིན་པས་ཞག་གསུམ་ལས་ཉུང་མི་རུང་ངོ་། །དེ་ལྟར་འགྲུབ་རྟགས་བྱུང་བའམ་ཞག་གྲངས་ཐེམས་ནས་བདུད་རྩི་བསྐྱིལ་ཞིང་བཟུང་བ་ནི། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོས་རོལ་པའི་སྦྱོར་མཚམས་སུ་ཡེ་ཤེས་བདུད་རྩི་དཀར་དམར་གསལ་འཚེར་དངུལ་ཆུའི་ཐིགས་པ་བཞིན་ཏུ་གཡོ་ཞིང་འཛག་ལ་ཁད་དུ་འཁྱིལ་བར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྡྷ་ལཱི་ཧཱུྃ་ཧྲཱིཿཋཱ༔ སྟོང་རྫོགས་པ་དང་བདུད་རྩིའི་སྲུང་མ་བཞི་བསྐུལ་བ་ནི། དར་སྣ་གཡབ། སྨན་ཕུད་འཐོར་ལ། ཧཱུྃ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོའི༔ གཞལ་ཡས་དུར་ཁྲོད་གནས་མཆོག་ཏུ༔ ལོངས་


LT32_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དུར་ཁྲོད་རྫས་ལ་བསྟེན༔ སྡོང་བུ་དུར་ཁྲོད་རས་ལ་བལྟམས༔ ཚིལ་ཆེན་མར་ཁུ་རྒྱ་མཚོར་བསྐྱིལ༔ རྒྱལ་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་ཅན་མ་གཡེལ་དམ་ལ་འདུས༔ བདུད་རྩིའི་སྲུང་མ་ཐུགས་དམ་ཅན༔ རྩི་ཡི་ལྷ་མོ་གྲུབ་པ་མོ༔ སྨན་གྱི་ལྷ་མོ་ནོར་གྱི་རྒྱུན༔ ཤིང་གི་ལྷ་མོ་འོད་འཆང་མ༔ ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན༔ རྩི་བཅུད་སྨན་གྱི་བཅུད་སྡུས་ལ༔ བདུད་རྩི་འདི་ལ་བྱིན་ཅིག་ཕོབ༔ དཀྱིལ་འཁོར་འདི་ལ་དབང་ཞིག་སྐུར༔ སྨན་གྱི་སྲུང་མ་དམ་ཚིག་ཅན༔ བདུད་རྩི་སྨན་གྱིས་གཡབ་འདོར་ནས༔ ཨ་མྲྀ་ཏ་ལ་དགོངས་ནས་ཀྱང་༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ རྟགས་དང་མཚན་མ་བསྟན་པ་དང་༔ བདག་གིས་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་དབྱངས་དང་བཅས་བརྗོད༔ དེ་ནས་བདུད་རྩི་དབབ་པ་ནི༔ དཀྱིལ་འཁོར་པ་རྣམས་ཀྱི་མཁའ་གསང་ལས་བྱང་སེམས་བདུད་རྩིའི་རྒྱུན་ཆར་ལྟར་བབས་ཤིང་། སྨན་སྲུང་རིག་འཛིན་རྣམས་ཀྱིས་ཀྱང་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཁ་དོག་དྲི་རོ་ནུས་པ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་པྲ་བེ་ཤ་ཡ་ཕེ༚་ཕེ༚་ཧཱུྃ་ཧཱུྃ་ཧྲཱིཿཋཱ༔ སྟོང་རྫོགས་པ་དང་གསུར་ཆེན་གྱི་དུད་པ་བཏང་། མཆོག་ལག་གཡབ་མོ་བཤུག་


LT32_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་བཅས། ཧཱུྃ༔ འདས་པའི་དུས་ན་སྔོན་བྱུང་བ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས༔ སྤྲུལ་པ་ཁྲོ་བོའི་ཚོགས་བྱུང་སྟེ༔ འཇིག་རྟེན་དྲེགས་པ་བསྒྲལ་བ་ལས༔ དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར༔ ཀེའུ་རཱི་དའ་ཙེའུ་རཱིཿ པྲ་མོ་ཧཱ་དང་བེ་ཏཱ་ལི༔ པུཀྐ་སཱི་དང་ཀསྨཱ་རི༔ སྨེ་ཤ་ནཱི་དང་ཙཎྜ་ལཱི༔ ཡོན་ཏན་དངོས་གྲུབ་ཆེན་པོ་སྟེ༔ བདུད་རྩི་སྨན་གྱི་བྱིན་ཅིག་ཕོབ༔ ཅེས་པས་མ་མོ་བརྒྱད་བསྐུལ། དེ་ནས་དབང་དུ་བྱ་བ་ནི། སྨན་གྱི་ཕོ་བྲང་ནང་རྟ་མགྲིན་ཡབ་ཡུམ་སྐད་ཅིག་གིས་གསལ་བ་མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན་སྨན་དང་འདྲེས་པ་གཟུངས་ཐག་རྡོ་རྗེའི་ཁང་གསེང་གི་ལམ་བརྒྱུད། བདག་ལ་ཐིམ་པར་གྱུར། ཅེས་བསྒོམས་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧྲཱི༔ ཧུ་ལུ་ཧུ་ལུ་ཧྲཱིཿ པདྨ་པདྨ་ཧྲཱི༔ བྷནྡྷ་བྷནྡྷ་ཧྲཱི༔ ཧཱུྃ་ཧྲཱིཿཋཱཿ སྟོང་རྫོགས་པ་དང་ལྷ་གནད་ལ་དབབ་པ་ནི། ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཆང་༔ །ཐུགས་ཀྱི་འཁོར་ལོ་རབ་སྒྱུར་ཞིང་༔ རྡོ་རྗེ་སེམས་དཔའ་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན༔ སྐུ་གསུང་། ཐུགས་དང་འགལ་བར་གྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ །


LT32_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ང་ནི་དཔལ་ལྡན་འཁོར་ལོ་འཆང་༔ སྐུ་ཡི་འཁོར་ལོ་རབ་སྒྱུར་ཞིང་༔ རྣམ་པར་སྣང་མཛད་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན༔ སྐུ་གསུང་ཐུགས་དང་འགལ་བར་གྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ང་ནི་དཔལ་ལྡན་རིན་ཆེན་འཆང་༔ ཡོན་ཏན་འཁོར་ལོ་རབ་སྒྱུར་ཞིང་༔ རིན་ཆེན་འབྱུང་ལྡན་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན ༔སྐུ་གསུང་ཐུགས་དང་འགལ་བར་གྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ང་ནི་དཔལ་ལྡན་པདྨ་འཆང་༔ གསུང་གི་འཁོར་ལོ་རབ་སྒྱུར་ཞིང་༔ སྣང་བ་མཐའ་ཡས་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན༔ སྐུ་གསུང་།ཐུགས་དང་འགལ་བར་གྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ང་ནི་དཔལ་ལྡན་རྒྱ་གྲམ་འཆང་༔ ལས་ཀྱི་འཁོར་ལོ་


LT32_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྒྱུར་ཞིང་༔ ཀརྨ་དོན་ཡོད་འཁོར་དང་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་ཚུལ་བཞིན་མི་གཤེགས་སམ༔ གྲུབ་པའི་མཆོག་རྣམས་མ་སྩལ་ན༔ སྐུ་གསུང་ཐུགས་དང་འགལ་བར་གྱུར༔ ས་མ་ཡ་ལ་དགོངས་ནས་ཀྱང་༔ ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ང་ནི་ཡེ་ཤེས་ཐམས་ཅད་འཆང་༔ དབྱིངས་ཀྱི་འཁོར་ལོ་རབ་སྒྱུར་ཞིང་༔ ཟླ་གམ་དམར་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྲུགས་པའི་དཀྱིལ༔ གསང་བ་ཡུམ་གྱི་མཁང་ཀློང་ན༔ གདོད་ནས་དག་པའི་བདུད་རྩི་སྦྱོར༔ རྒྱལ་བའི་ཐུགས་དམ་གཉེན་བསྐང་ཕྱིར༔ དབང་ཆེན་དབྱིངས་ཀྱི་དངོས་གྲུབ་སྩོལ༔ ཞེས་པས་དངོས་གྲུབ་བསྡུའོ། །བདུད་རྩི་བསྐྱིལ་དབབ་དབང་དུ་བྱ་བ་རྣམས་སྒྲུབ་པ་གྲོལ་ཉིན་ཁོ་ནར་ཕྱེ་སྒྲུབ་ཆེ་བརྗོད་རྗེས་མཐར་ཆགས་སུ་བཏང་ནས་ཛབ་རྣམས་འདུས་ཚོགས་མང་སྐབས་སྤྱི་མགོ་ནས་སྟོང་འགྲོ་བ་བྱེད་སྣོལ་སྲོལ་བ་ལྟར་རམ། ཉིན་གཉིས་པའི་ཐུན་རྗེས་མ་ནས་བསྐྱིལ་བ། ཉིན་གསུམ་པའི་ཐུན་རྗེས་མ་ནས་དབབ་པ། གྲོལ་ནང་དབང་དུ་བྱ་བ་རྣམས་རིམ་བསྣན་བྱས་ནའང་ལེགས་སོ། །སྨན་རྐྱང་སྒྲུབ་ཡིན་ན་རྗེས་ཆོག་མཆོད་བསྟོད་རྗེས་ལས་བྱང་གཤམ་གྱི་དངོས་གྲུབ་ལེན་ཆོག་འདོན་ལ་ནང་མཆོད་བཀྱེ། ལྟས་བཟང་བྱུང་ནའང་དེ་མ་ཐག་དངོས་གྲུབ་ལེན་ཆོག་བྱ་བ་གནད་ཡིན་པས་དེ་ལྟར་བྱ། རྩ་སྒྲུབ་དང་སྦྲེལ་ན་གོང་དུ་སོང་བས་འདིར་མ་


LT32_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་ཆོག་གོ། །འདི་ཉིན་དགོངས་ཐུན་ལ་པདྨ་རྒྱལ་ཐེབས་དཔོན་སློབ་རྣམས་ཀྱིས་དབང་གི་སྦྱིན་སྲེག་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ། བདག་དོན་དངོས་གྲུབ་བླང་བ། གཞན་དོན་དབང་བསྐུར་བ། མཇུག་སྡུད་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ལ་གཉིས། རྩ་བའི་སྒྲུབ་ཆེན་དང་། སྨན་སྒྲུབ་ཀྱི་དངོས་གྲུབ་བླང་བའོ། །དང་པོ་ནི། གཞུང་མཐུན་ལྟས་བཟང་གཏན་ལ་ཕེབས་པའི་ཚེ་དངོས་གྲུབ་ལེན་པའི་ཆོ་ག་ལ་འཇུག་དགོས་པ་ཡིན་ཀྱང་། དེང་སང་ཞག་དུས་གྲངས་བཅད་ཀྱི་སྒྲུབ་པ་བྱེད་པའི་སྐབས་འདིར་ཉིད་ཐ་མ་ལ་བྱ་བ་ཡིན་པས། དངོས་གྲུབ་ཀྱི་རྟེན་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་ཏུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་པོས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་ཆང་དང་ཨ་མྲྀ་ཏ་དཀར་དམར་འབྲུ་བཅུད་སྦྱར་བའི་འབྲང་རྒྱས་རིན་ཆེན་འབར་བའི་དབྱིབས་ཅན་གྱི་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་ཀྱིས་བསྐོར་བ་བཞག །དེ་སྟེང་མཉྫུ་ལ་ཐོད་པ་མཚན་ལྡན་ཆང་བཟང་པོས་བཀང་བ་བཞག །དངོས་གྲུབ་ཞུ་བའི་གསོལ་བྱང་ཡང་བཅུག །མཐར་དངོས་གྲུབ་ཀྱི་རྫས་ཟླ་དམ་དབང་གི་ཟས་ཧི་ལ་སོགས་ལ་བཅོས་པའི་ལ་དུའམ་ཁུར་བ། རྡོ་རྗེ་ཚེ་ཡི་ཟས་ཟན་ལ་བཅོས་པའི་འབྲང་རྒྱས་སོགས། བཀྲ་ཤིས་དག་པའི་ཟས་ཟླ་རྒྱས་འཇོག་པའོ། ཟླ་ཕྲུམ་ཐུད། གལ་ཕྱི་ཟུག་པ། རྒུན་འབྲུམ་བཅའ་སྒ་སོགས་ཤིང་ཏོག་གི་རིགས། མཱཾ་ས་ཤ། མ་དན་ཆང་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པས་བསྐོར། སྨན་སྒྲུབ་དང་སྦྲེལ་སྐབས་སྨན་དཀྱིལ་འོག་ནས་འབྱུང་བ་གཡོན་ངོས་སུ་བཀོད་


LT32_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་གྲུབ་ཀྱི་རྫས་རྣམས་གཉིས་ཀའི་མཐར་བསྐོར། རྫས་ལ་དར་དམར་མཐིང་གི་ཁབས་ཀྱིས་བཀའ་ལ་བཞག་གོ། །དེ་ནས་ཕྲིན་ལས་ཀྱི་གཞུང་བསྲང་ལུགས་སྔར་ལྟར་ལ་བཟླས་པའི་སྐབས་ཐུན་དཔོན་གཟུངས་ཐག་རྒྱལ་ཚབ་པར་འབུལ། མཐར་ཐུན་བ་རྣམས་དང་ཆབ་གཅིག་ཁ་སྐོང་དང་བསྙེན་བསྟོད་བྱས་ལ་གཟུངས་ཐག་ལས་རྡོར་གྱིས་བསྡུ་ཞིང་ཐུན་པ་རྣམས་ཀྱིས་རྩ་བསྙེན་ལ་དངོས་གྲུབ་བླང་སྔགས་བཏགས་ལ་རྒྱུན། འདི་ཉིན་གཏོར་སྤུངས་དང་ཆང་བརྟན་གསར་དུ་བཤམ་མི་དགོས། ཆོས་སྲུང་གཏོར་འབུལ་གྲུབ་པ་དང་། བགེགས་བསྐྲད་པ་ནི། འདུས་པ་རྣམས་ཞྭ་ཆོས་བཅས། ཧཱུྃ༔ དངོས་གྲུབ་སྒྲུབ་ལ་བར་གཅོད་བྱེད་པ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ ཆེ་མཆོག་དབང་ཆེན་རྡོ་རྗེ་ཐོད་ཕྲེང་གིས༔ བསྐྲད་གཟིར་མནན་ནས་རྡུལ་དུ་བརླག་པར་མཛོད༔ ཅེས་དང་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད་ལས་བྱང་ནང་། ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པ་སོགས་བརྗོད་ལ་སྲུང་འཁོར་བསྒོམ། ཡེ་ཤེས་སྐུ་མཆོག་སོགས་བརྗོད་མེད་དོན་བཤགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། དེ་ནས་ལས་རྡོར་གྱིས་སྤོས་དང་། དར་ཚོན་སྣ་ལྔའི་གཡབ་དང་རྒྱལ་ཚབ་པས་གཡབ་དར་དྲིལ་བུ་བཅས་ཐོགས་ནས་ཚོགས་པ་དང་དཀྱིལ་འཁོར་ལ་བསྐོར་ཞིང་བྱིན་འབེབས་གོང་ལྟར་བྱ། རྩ་གསུམ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་


LT32_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་དགྱེས་པ་བསྐྱེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར་པར་བསམས་ལ། དངོས་གྲུབ་ཀྱི་རྫས་ཀྱི་ཁར་གཟུངས་ཐག་བཞག་པའི་སྣེ་རྡོར་སློབ་ཀྱིས་འཛིན་ལ་རྩ་བསྙེན་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བརྒྱ་སྟོང་ཅི་འགྲུབ་བཟླས། བཟླས་པ་གྲུབ་ནས་གཟུངས་ཐག་བསྡུས་ལ་ཁེབས་བསལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་རང་གི་གནས་གསུམ་དུ་ཐིམ་པར་གྱུར་པར་མོས་ལ། ཧཱུྃ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ དང་པོར་བསྙེན་ཞིང་བར་དུ་མི་གཡེལ་བསྒྲུབས༔ ད་ལྟ་དོན་དམ་གཉིས་མེད་ངང་དུ་གཅིག༔ དེང་སང་སྐྱ་རེངས་དང་པོ་ཤར་ལ་ཉེ༔ རྡོ་རྗེ་འཛིན་པའི་ནམ་ཡང་ལངས་ལ་ཁད༔ བཟླས་བརྗོད་བསྙེན་པའི་ཞག་གྲངས་གྲངས་ཀྱང་ཐེམ༔ དངོས་གྲུབ་སྩོལ་བའི་དུས་ལ་དབབ་པས༔ སྐལ་ལྡན་བདག་ཅག་རྣམས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་སིངྡྷི་ཕ་ལ་ཧོ༔ ཞེས་དང་ཕྲིན་


LT32_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་གཞུང་ལྟར། ཧཱུྃ་ཧྲཱིཿ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནསཿ སོགས་བརྗོད་ལ། རྡོ་རྗེ་རྒྱལ་ཚབ་པས་རྣམ་བུམ། རྒྱལ་ཐེབས་གཞན་རྣམས་ཀྱིས་ལས་བཞིའི་འབྲད་རྒྱས་སོགས་ཕྲེང་ཚར་དུ་ཁྱེར་ལ་རྡོ་རྗེ་རྒྱལ་པོ་ནས་བརྩམས་དངོས་གྲུབ་ཀྱི་རྫས་རྣམས་ཐམས་ཅད་ལ་བཀྱེ། ནང་དབང་བསྐུར་ན་སྐབས་འདིར་བུམ་པ་འགྲིམ་མི་དགོས་སོ། །གཉིས་པ་བདུད་རྩིའི་དངོས་གྲུབ་བླང་བ་ནི། བཤམ་ཚེག་སྐབས་དཀྱིལ་འཁོར་མདུན་ཏུ་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་སྤྱི་འགྲེ་ལྟར་ལ་དབུས་སུ་ཟླ་གམ་གཅིག །ཕྱི་རིམ་གྲུ་བཞིའི་ཟུར་བཞི་ལ་ཟླ་གམ་རེ་རེ། ཐམས་ཅད་མདོག་དམར་པོ་བཅད་ཁ་ནུབ་ཏུ་བསྟན་པའི་རྒྱབ་ཏུ་བསྟན་པའི་རྒྱབ་ཏུ་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲིས་པ་བཀྲམ་པའི་དབུས་སུ་ཐོད་ཆང་གསོལ་བྱང་དང་བཅས་པ་བཞག་ལ་དངོས་གྲུབ་ཀྱི་རྫས་རྣམས་ཀྱིས་མཐའ་བསྐོར། ཕྲིན་ལས་སྔ་ཉིན་ལྟར་སྨན་གྱི་མདུན་བསྐྱེད་བཟླས་པ། བསྐྱིལ་དབབ་དབང་དུ་བྱ་བའི་བར་དུ་སོང་ནས་ཆོས་སྲུང་གཏོར་འབུལ་སོགས་གོང་སྨོས་ལྟར་ལ། རྩ་སྒྲུབ་དང་སྤལ་སྐབས་དེའི་དངོས་གྲུབ་བླང་བ་ཡན་སོང་རྗེས། མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་བླ་མ་ཡི་དམ་མཁའ་འགྲོ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་དྲང་སྲོང་རྩི་ཤིང་ནགས་ཚལ་སྨན་གྱི་སྲུང་མ་དང་བཅས་པས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ། འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་དངོས་གྲུབ། བརྟན་གཡོ་འཁོར་འདས་ཀྱི་


LT32_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དྭངས་མ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་ཚུར་བསྡུས། དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་གྱུར། ཞེས་མོས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཡུཿཕ་ལ་གུ་ཧྱ་སིངྡྷྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་པ་སྤྱི་ནས་སྟོང་རྫོགས་པར་བཟླས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཆར་ལྟར་ཕབ་ནས་བདག་སྒྲུབ་པ་པོ་ལ་སྩལ་བར་གྱུར། ཧཱུྃ༔ རང་བྱུང་འཆི་མེད་བདུད་རྩིའི་དཀྱིལ་འཁོར་འདིར༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་དམ་ཅན༔ མང་སྒྲིབས་ཡེ་ཤེས་སྤྱན་གྱིས་གཟིགས་གྱུར་ཏེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་བདུད་རྩི་སྨན་གྱི་དངོས་གྲུབ་སྩོལ༔ དུག་གསུམ་ནད་ཀྱིས་ཟིན་པའི་གཅོང་སྙིང་ལ༔ འཚོ་བྱེད་སྨན་གྱི་རྒྱལ་པོའི་རྩི་གཏོང་ཕྱིར༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཆེན་པོ་སྟེ༔ བདུད་རྩིའི་རྫས་ལ་བརྟེན་ཏེ་ད་སྩོལ་ཞིག༔ བདུད་རྩི་བསྒྲུབས་པའི་ཞག་གྲངས་ད་ནི་ཚང་༔ བདུད་རྩི་བསྙེན་པའི་འཛབ་ཀྱང་ཚང་ལགས་ན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ་ཧྲཱིཿཋཱ༔ ཞེས་དངོས་གྲུབ་བསྐུལ་རྗེས་ཞི་རོལ་འོག་ཐོད་ཆང་སློབ་དཔོན་གྱི་མདུན་སྟེགས་སུ་བཞག་


LT32_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་ཕོ་བྲང་བླངས་ལ་ཐོད་ཆང་ཤུལ་གྱི་སྟེགས་བུར་བཀོད། སློབ་དཔོན་བཞེངས་ནས་སྨན་གྱི་ཕོ་བྲང་ལ་མེ་ཏོག་དོར་རོ། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཐབས་དང་ཤེས་རབ་དབྱིངས་སུ་བདག་འབུལ་གྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་སྟཾྭ༔ ཞེས་བརྗོད་ཅིང་སློབ་དཔོན་དང་འདུས་པ་རྣམས་ཀྱིས་ཀྱང་མེ་ཏོག་འཐོར་ལ་མཎྜལ་སྨན་ཀྱི་ཕོ་བྲང་བཅས་རྡོ་རྗེ་རྒྱལ་པོའི་སྤྱི་བོར་བླངས་ལ། བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་ལ་སྨན་ཡེ་ཤེས་པའི་དཀྱིལ་འཁོར་ཐིམ་པས་གཉིས་སུ་མེད་པར་གྱུར་པར་མོས། དེའི་མདུན་གཡས་གཡོན་གང་བདེར་སློབ་དཔོན་ཞལ་མདུན་བསྟན་གྱིས་ཁྲིའུར་བཞུགས་པ་ལ་མཆེད་ལྕམ་རྣམས་ཀྱིས་བསྐོར་ཏེ། བོ་དྷི་ཙིཏྟ་ཛབ་དབྱངས་ལན་གསུམ་དང་བཅས་སློབ་དཔོན་དང་དཀྱིལ་འཁོར་ལན་གསུམ་བསྐོར། མཎྜལ་ཚོམ་བུ་བདུན་མ་ཙམ་གྱི་མཐར། བདུད་རྩི་སྨན་གྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་ཞེས་བསྒྱུར་ལ་ཕུལ། སློབ་དཔོན་གཟུངས་མདང་བཅས་པས་སྨན་སྣོད་བཏེགས། བདག་ཉིད་རང་བཞིན་སོགས་གོང་ལྟར་དམིགས་ལ། ཨོཾ་ཨཱཿཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་དང་སྦྱར་བའི་སྨན༔ དུས་གསུམ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས༔ སྐུ་ལྔ་ཆོས་ལྔ་ཡེ་ཤེས་རྣམ་པ་ལྔ༔ དུག་ལྔ་མ་སྤངས་ཡེ་ཤེས་ལྷུན་གྱིས་རྫོགས༔ སྐུ་ལྔ་མ་


LT32_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་བདུད་རྩི་ཆེན་པོར་གྲུབ༔ སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་བདུད་རྩིའི་དབང་ཐོབ་ཤོག༔ ཨོཾ་ཨཱ༔ཧཱུྃ་ཧྲཱིཿ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷིཥིཉྩ་ཧཱུྃ་ཧྲཱི་ཋཱ༔ ཞེས་བརྗོད་ཅིང་ཐམས་ཅད་ལ་དབང་བསྐུར། ཚེ་རྫས་བཀྱེ། ཚེ་དང་སྐོང་དང་ཡིད་དུ་འོང་༔ ནད་དང་བྲལ་དང་ཅི་འདོད་པ༔ བགེགས་རྣམས་ཞི་བ་ལ་སོགས་པ༔ ཡོན་ཏན་རྩ་བརྒྱད་དེ་ཡིས་ཐོབ༔ ཅེས་གསུངས་པའི་ཡོན་ཏན་རྣམས་འཐོབ་པར་འགྱུར་བ་ལགས་པས་སྤྲོ་བ་སྐྱེད་མཛོད། ཅེས་བརྗོད་ལ་སྨན་སྣོད་སྟེགས་འུར་བཀོད་ལ་སློབ་དཔོན་རང་གྲལ་དུ་བཞུགས་ལ་བདུད་རྩི་བསྡུ་བ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་མ་ཧཱ་གྷུ་ཧྱ་མཉྫུ་ཤྲཱི་སིངྡྷི་སིངྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་པའི་འཛབ་སྟོང་རྫོགས་པ་དང་གཟུངས་མ་ཆས་སུ་ཞུགས་པས་སྨན་སྣོད་བཏེགས་ལ། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ ནམ་མཁའ་དང་ནི་མཉམ་པའི་ཆོས༔ རྣམ་པར་མི་རྟོག་རྟོག་ལས་འདས༔ ཀུན་རྫོབ་ཙམ་དུ་བསྟན་པ་མཚར༔ ཅེས་དབྱངས་སྙན་པོ་དང་བཅས་སློབ་དཔོན་ལ་ཕུལ། དེས་ཀྱང་དཀྱིལ་འཁོར་བ་རྣམས་ཀྱིས་བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ལ་གཏད་པ་དེས་ཀྱང་གནང་བ་བྱིན་པར་བསམས་ལ། དུས་གསུམ་སངས་རྒྱས་མཉེས་མཆོད་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་


LT32_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ་བླངས་ཏེ་མདུན་སྟེགས་སུ་བཀོད། ལས་རྡོར་རྣམས་ཀྱིས་དངོས་གྲུབ་ཀྱི་རྫས་བཀྱེ་བ་ལག་ཏུ་ཐོགས་ལ་ཤིས་བརྗོད་ཅི་རིགས་བ་ཞིང་་མེ་ཏོག་འཐོར་ཞིང་རོལ་མོ་ལྡིར། དེ་ནས་རྒྱ་བཀྲོལ་ལ་སྤྲོ་ན་རིན་པོ་ཆེའི་གཞོང་པ་གཡའ་མེད་པར་བྱོས་ལ་བལྟས་བརྟག །འཕེལ་ས་འཕེལ་བརྟག་པའང་སྐབས་འདིར་བྱ་བར་གསུངས་ཀྱང་ལག་ལེན་དཀྱུས་ལ་སྐབས་འདིར་མི་འགྲུབ། བདུད་རྩིའི་ཕུར་མ་ཉུང་ཟད་ཅིག་སྡང་གྱི་ཐོད་ཆང་དུ་བཏབ་ལ་ལས་བྱང་ལྟར་སྨན་མཆོད་བྱིན་རླབས་བྱ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁར་སད་པར་མོས་ལ། ལས་བྱང་གི་སྨན་མཆོད་དང་། །མཚན་དོན། ཁཱ་ཧི་སྦྱར་བས་མཆོད་ལ། དངོས་གྲུབ་བླང་བ་ན། ལྕེ་ཡི་རྡོ་རྗེའི་དམ་ཚིག་གིས། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། མྱངས་ན་རྡོ་རྗེའི་ཐུགས་ཐོབ་འགྱུར། །ཞེས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྡྷི་ཧཱུྃ། ཞེས་བརྗོད་ལ། ཉེ་སྙིང་ལས། རྣ་བ་སྙིང་ག་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱ། །ཞེས་གསུངས་པ་ལྟར་གཡོན་པའི་མཐེབ་སྲིན་གྱིས་ཐིག་ལེ་བྱ་ཞིང་མྱང་། སྐབས་འདིར་རིན་ཆེན་རྒྱལ་ཚབ་དཔོན་སློབ་ནས་རྒྱས་པའི་སྦྱིན་སྲེག་བྱ་ཞིང་ཚོམ་བུ་དང་སྨན་ཕུད་སོགས་མེ་ཐབ་ཏུ་འབུལ་ལ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས་པའི་འདོད་གསོལ་བྱ། སྨན་སྒྲུབ་དུ་མ་གཅིག་དང་། རྗེས་སུ་སྒྲུབ་གཏོར་དུ་མ་གཅིག །སྔར་དངོས་གྲུབ་


LT32_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྫས་ཟུར་དུ་བཞག་ཡོད་པ་དེ་བཅས་གཞི་ཁྲིའི་འོག་གི་གཏེར་བུམ་དུ་བཅུག་དགོས་སོ། །དེ་ནས་ལས་བྱང་གི་ཚོགས་བྱིན་རླབས་ནས་བརྩམས་ཚོགས་མཆོད་འབུལ། ཞལ་བསྟབས་སྐབས་སུ་ཧུ་ལེའི་ལིང་ག་མེར་བསྲེགས་ནས་ཐལ་བ་ཆོས་སྐྱོང་གཏོར་མར་བལྟ་བ། ཚོགས་ལ་རོལ། ལྷག་མ་བསྡུས་ལ་སྔར་བཙོན་འཛིན་བྱས་པའི་ལྷག་མ་དང་ལྷན་ཅིག་ལྷག་ཆོག་བྱས་པའི་མཐར་འབེབས་རིང་རྐང་གླིང་བཤུགས་པའི་སྒྲས་མཚོན་པར་གིང་བ་གཉིས་དོན་ལ་རྒྱུག་མདུར་གར་སྟབས་ཀྱིས་ཁྱེར་ཏེ་སྒྲུབ་ཁང་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་མཚམས་སུ་བསྐྱལ། བསྐུལ་དང་གཏོར་འབུལ་བྱས་ལ་ཆད་མདོའི་མཐར་བཀའ་སྲུང་གཏོར་མ་དང་ཆད་མདོ་རྒྱུན་བཞག་རྣམས་བླངས་ལ་མེ་སྒྲོན་བཅས་འབུལ། བརྟན་མའང་རྒྱུན་བཞག་འབུལ་ཞིང་རྟ་བྲོ་བརྡུང་། དཀྱིལ་འཁོར་གཏོང་རག་ལས་བྱང་ལྟར་མཆོད་པ་བྱིན་བརླབ། མཆོད་བསྟོད་རྒྱས་པ་བྱའོ། །གཉིས་པ་གཞན་དོན་དབང་བསྐུར་བ་ནི། བླ་མའི་དོན་དབང་སྙིང་པོ་བསྡུས་པ་ཙམ་དང་། སྨན་སྒྲུབ་སྐབས་སྨན་དབང་ཡང་སྦྲེལ་ཏེ་སྒྲུབ་ཁང་དུ་འཛུད་པར་འོས་པའི་མཆེད་ནང་མ་རྣམས་ལ་བསྐུར་རོ། །གསུམ་པ་མཇུག་མཐའ་རྒྱས་ཀྱི་རིམ་པ་ལ་ལྔ་ལས། དང་པོ་གཏེར་སྦེད་ནོངས་བཤགས་བསྡུ་རིམ་དང་བཅས་པ་ནི། སྔར་གཞི་སྙིང་དུ་བཅུག་པའི་བུམ་པར་རིལ་བུ་རྟེན་གཏོར་སོགས་སྒྲུབ་རྫས་དང་དངོས་གྲུབ་ཀྱི་ཕུད་བཞུགས་རྒྱལ་ཚབ་པས་ཕྱག་གཡོན་ཏུ་ཐོགས། གཡས་པས་མེ་ཏོག་གཏོར། མཆེད་ལྕམ་རྣམས་མགྲིན་གཅིག་ཏུ། ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་དངོས༔ ས་ཡི་ལྷ་མོའི་


LT32_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱེས་ཤིག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་ཟབ་འབྲུ༔ སྨན་སྣ་དམ་རྫས་གཏོར་མ་ཡི༔ ཡིད་བཞིན་གཏེར་མཆོག་འདི་སྦས་པས༔ འདིར་འདུས་རྣལ་འབྱོར་བདག་ཅག་རྣམས༔ བླ་མེད་བྱང་ཆུབ་མ་ཐོབ་བར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་འདི་ཡི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ལྡན་པར་ཤོག༔ ནད་དང་མུ་གེ་མཚོན་ལ་སོགས༔ འཇིགས་པ་བརྒྱད་ལས་ཐར་བ་དང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ བཛྲ་རཏྣ་པདྨ་ཀརྨ་སིངྡྷྡྷི་བྷྲཱུྃ༔ བརྗོད་ལ་སྒྲུབ་ཁང་གི་ཕྱོགས་གང་བདེར་སྦ། སྒོ་ལ་རིགས་ལྔའི་ཕྱག་མཚན་གྱིས་རྒྱས་གདག བཀྲ་ཤིས་གང་ཤེས་བརྗོད། ལས་བྱང་གི་བཟོད་གསོལ་དང་ཡིག་བརྒྱ་ལན་གསུམ་བརྗོད་ལ་ནོངས་པ་བཤགས། །རས་བྲིས་ལ་ཡེ་ཤེས་པ་བརྟན་བཞུགས་རྒྱུན་སྲོལ་ལྟར་བྱ། གལ་ཏེ་རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ༔ སྤྲུལ་པའི་དམ་ཚིགས་རྣམ་པ་རང་གི་སྙིང་གར་ཐིམ་པར་གྱུར། བདག་བསྐྱེད་ལས་བྱང་གི་ཉེར་བསྡུ་བྱས་ལ་སྐད་ཅིག་གཉུག་མའི་ལྷར་ལྡངས་ཏེ། རང་ལུས་འབྱུང་ལྔ་སྐྱེ་མཆེད་སོགས༔ ཡེ་ནས་རང་བྱུང་དཀྱིལ་འཁོར་ལྷ༔ དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ནས༔ ཀུན་ཀྱང་འདྲེན་པའི་


LT32_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་ཤོག༔ ཅེས་དང་། ལས་བྱང་གི་བསྔོ་སྨོན་ཤིས་བརྗོད་བཅས་བྱ། གཉིས་པ་མཚམས་བཀྲོལ་བ་ནི། སྔར་ཐོ་འཛུགས་སྐབས་ལྟར་རྒྱལ་ཐོ་བཞི། སྒོ་བྱང་ཕྱི་ནང་གི་མཆོད་གཏོར་བཅས་འདུ་བྱ། སེར་སྦྲེང་བཅས་ཐོ་རྩར་ཕྱིན་ལ་བྱིན་རླབས་སྔར་བཞིན་བྱ། རྒྱལ་ཆེན་སོ་སོའི་རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ རྒྱལ་བའི་སྤྱན་སྔར་ཁས་བླངས་བསྟན་པ་སྲུང་༔ ཤར་ཕྱོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཟབ་ཅིང་རྒྱ་ཆེ་གཟིགས་པའི་སྤྱན་ཡངས་པོ༔ འཇིག་རྟེན་སྐྱོང་བ་གཏང་རག་མཆོད་སྦྱིན་བཞེས༔ རང་རང་གནས་སུ་གཤེགས་པར་མཛད་དུ་གསོལ༔ བཛྲ་མུཿ ཞེས་གཤེགས་སུ་གསོལ་ལ་ཐོ་བྱང་བསྡུ། ཕྱོགས་གཞན་གསུམ་ལ་དེས་འགྲེས་ཏེ་སོ་སོའི་སྔགས་བརྗེ་བ་དང་། ཕྲིན་བཅོལ་ཚིག་རྐང་གཉིས་པ་ལ། ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ཞེས་དང་། ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ ཞེས་དང་། བྱང་ཕྱོགས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཞེས་བསྒྱུར། སྒོ་བྱང་ཕྱི་ནང་ལའང་སྔར་ལྟར་བྱིན་རླབས་དང་སོ་སོར་རང་སྔགས་ཀྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ་ནས། བཛྲ་མུཿས་


LT32_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། རྒྱལ་ཚབ་པ་དཀྱིལ་འཁོར་ཟུར་དུ་འཁོད་ལ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐིུ་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཧིཥྛ་སིངྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་ཕུར་རྩེའོ་མས་བཀྲུ། ཨོཾ་ཨ་ཀཱ་རོ་སོགས་བརྗོད་ཅིང་ཞི་རོལ་འོག་དཀྱིལ་འཁོར་ཕྱག་ལེན་ལྟར་བསྡུ། བཞི་པ་བཟོད་གསོལ་གཏང་རག་འབུལ་བ་ནི། ཐོག་མར་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་སྔ་རུ། སོགས་དང་ཡིག་བརྒྱ་ཚར་གསུམ་བརྗོད། དེ་ནས་སློབ་དཔོན་དཀྱིལ་འཁོར་ཤུལ་དུ་ཁྲིའུ་ལ་བཞུགས་ནས་སྐུ་ཡོན་དང་སྐྱེམས་འབུལ་བ་གསུངས་པ་ལྟར་རམ། མི་འགྲུབ་ན་རང་མལ་དུ་བཞུགས་པ་ལ་འདུས་པ་ཐམས་ཅད་ཀྱིས་ཕྱག་གསུམ་ཕུལ། པུས་མོ་བཙུགས་ཏེ་མཎྜལ་ཚོམ་བུ་བདུན་མའི་གཤམ་དུ། ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ལེགས་པར་གྲུབ་པའི་བཀའ་དྲིན་གཏང་རག་གི་ཡོན་ཏུ་འབུལ་བར་བགྱིའོ། །ཞེས་སྦྱར་ལ། ཧོཿ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་མཁའ་འགྲོར་བཅས་པ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འཐོབ་བྱའི་ཕྱིར༔ སྒྲུབ་པ་ཟབ་མོ་གནང་བ་བཀའ་དྲིན་ཆེ༔ དཀྱིལ་འཁོར་ཕྱག་རྒྱ་བརྡ་དང་གསང་བའི་རྫས༔ སྨིན་གྲོལ་ལམ་བཀོད་སྐུ་གསུམ་རང་བརྙེས་པའི༔


LT32_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དྲིན་ཆེན་པོས་བཟུང་བ་བཀའ་དྲིན་ཆེ༔ སངས་རྒྱས་ཐམས་ཅད་སེམས་ལས་མི་འདའ་ཕྱིར༔ འདའ་ཀ་དམ་ཚིག་བསྟན་པ་བཀའ་དྲིན་ཆེ༔ གསང་སྔགས་དཀྱིལ་འཁོར་འདི་རུ་དམ་བཅས་པའི༔ སྐྱེ་བ་ཀུན་ཏུ་མི་འབྲལ་འགྲོགས་པར་སྨོན༔ ཡང་དག་ལམ་སྟོན་འགྲོ་བའི་དུཿཁ་སྐྱོབ༔ འཇིག་རྟེན་འདི་ན་བཀའ་དྲིན་འགྲན་ཟླ་མེད༔ བཀའ་དྲིན་བཟང་ཡང་བསྙེན་བཀུར་རྔོ་མ་ཐོགས༔ སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང་༔ ཉེས་ལྟུང་སྒྲིབ་པར་མི་འགྱུར་དག་བྱའི་ཕྱིར༔ མཐོལ་བཤགས་བཟོད་པར་གསོལ་ཞིང་ཚངས་པར་མཛོད༔ ཅེས་ཞབས་སྤྱི་བོར་བླངས་ཞིང་གུས་པས་བཟུང་ངོ་། །ལྔ་པ་མར་མེ་སྨོན་ལམ་སོགས་ཀྱིས་མཐའ་རྒྱས་བྱ་བ་ནི། འདུས་པ་ཐམས་ཅད་ཀྱིས་ཞྭ་ཆོས་གསོལ། ལག་གཡས་སུ་མར་མེ་རེ་དང་གཡོན་ཏུ་སྤོས་ཀྱི་རེང་བུ་རེ་ཐོགས། དར་དཀར་རམ་ཕྲེང་བ་ལུ་གུ་སྦྲེལ། རྒྱལ་ཚབ་པས་གྲལ་གཤམ་དུ་བཞེངས་ཏེ་གཏོང་ཐུན་སྔོན་ཏུ་འགྲོ་བའི་དབྱངས་སྙན་པོར་ལེན་ཚུལ་གྱིས། ཧཱུྃ༔ རྩ་གསུམ་ཐུགས་ཀྱི་ནོར་བུའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་གསོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་༔ མ་རིག་མུན་པའི་དབང་དུ་མི་


LT32_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་དང་༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྟུང་ཞིང་༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ལ༔ མཚོན་ཆེན་གདུག་པའི་དཔལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ དབང་གིས་འབྲེལ་བའི་མཚན་ལྡན་གཟུངས་མ་གསུམ༔ ཚེ་རབས་འདི་དང་ཚེ་རབས་ཐམས་ཅད་དུང་༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་སངས་རྒྱས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་བྱུང་བའི་ཚེ༔ མ་རིག་དབང་གིས་འཁོར་བ་ལྷུང་སྲིད་ན༔ སྣང་གསལ་མར་མེས་ཚ་གྲང་སྡུག་བསྔལ་སེལ༔ ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་བསྙོལ༔ འདོད་ཆགས་དབང་གིས་ཀླ་ཀློའི་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་དང་སྦྱོར༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་གྱུར་ན༔ སྣང་གསལ་མར་མེས་ལྟུང་བའི་སྡུག་བསྔལ་ཆོམས༔ གཏི་མུག་དབང་གིས་བྱོལ་སོང་གནས་འགྲིམ་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་ཐོང་༔ སེར་སྣའི་དབང་གིས་ཡི་དྭགས་གནས་འགྲིམ་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་


LT32_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བ་སོལ༔ རྒྱུ་རྐྱེན་འདི་ཡིས་ས་བཅུ་ཡོངས་བགྲོད་ཚེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་ནོན་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་པའི་ས༔ དེ་བ་ཀོ་ཤ་ཀུན་བཟང་བླ་མེད་ས༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་ས༔ བླ་མའི་ས་དང་སྲིད་གསུམ་ངང་རྫོགས་ས༔ རྩོལ་བྲལ་ཐིག་ལེའི་ས་རུ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་བརྗོད་ཅིང་ཞི་རོལ་ལྡིར་ལ་ལས་རྡོར་གྱིས་མར་མེ་བསྡུ། དེ་ནས་བཀྲ་ཤིས་བརྗོད་པ་ནི། དྲིལ་བསིལ་དབྱངས་དང་མེ་ཏོག་འཐོར་བ་བཅས་ཞལ་ནས་གསུངས་པའི་ཤིས་ཚིག་གང་རུང་སྔོན་ཏུ་འགྲོ་བས། ཧཱུྃ༔ བྱིན་རླབས་ཀུན་གྱི་འབྱུང་གནས་རིན་པོ་ཆེ༔ གུ་རུ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས༔ །དབང་དྲག་ཞི་ཁྲོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞིའི་ལས་ཀུན་ཐོགས་མེད་སྟེར༔ མཁའ་འགྲོ་དམ་ཅན་སྲུང་མའི་བཀྲ་ཤིས་ཤོག༔ སྟོན་པའི་ཞལ་སྐྱིན་མཆོག་གི་སྤྲུལ་པའི་སྐུ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱི་བཀྲ་ཤིས་ཤོག༔ ཐུགས་རྗེའི་གདུང་


LT32_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་བཀའ་དྲིན་བླ་ན་མེད༔ རྡོ་རྗེ་རྒྱལ་ཚབ་མཆོག་གི་བཀྲ་ཤིས་ཤོག༔ ལུ་གུ་རྒྱུད་དུ་མི་འབྲལ་འགྲོགས་པ་ཡི༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་བཀྲ་ཤིས་ཤོག༔ རྒྱུད་ལུང་མན་ངག་སྨིན་གྲོལ་ཟབ་ལམ་བཀོད༔ དམ་ཆོས་དབང་ལུང་ཡོངས་རྫོགས་བཀྲ་ཤིས་ཤོག༔ གཞི་ལམ་འབྲས་བུའི་རྣམ་བཞག་མ་ལུས་རྫོགས༔ ཐེག་མཆོག་རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག༔ དུས་གསུམ་བསྟན་སྲུང་བཀའ་འདས་གདུག་པ་སྒྲོལ༔ བཀའ་སྡོད་ཕོ་ཉ་རྣམས་ཀྱི་བཀྲ་ཤིས་ཤོག༔ སྣོད་བཅུད་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན༔ བདེ་ཞིང་དམ་ཆོས་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་ཆར་ཆེར་དབབ་ཅིང་རོལ་མོའི་སྒྲ་སྙན་ལ་རྒྱུན་རིང་བསྒྲག་གོ། །དེ་ནས་རང་ལུས་བསྲུང་བ་ནི། ཐམས་ཅད་ཀྱིས་རང་ལུས་ཡི་དམ་ལྷར་གསལ་བ་མེ་ཕུང་གི་དཀྱིལ་ན་ཡོད་པའི་ང་རྒྱལ་བྱས་ལ། ཨོཾ་བཛྲ་རཀྵ་ཧཱུྃ༔ བཛྲ་ཀ་བ་ཙ་ཧཱུྃ༔ བཛྲ་བཛྲ་ཧཱུྃ༔ ཞེས་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་གོན་བར་བསྒོམ། ངོ་བོ་སྟོང་ཞིང་བདག་མེད་ཅིང་༔ ཅིས་ཀྱང་མི་འགྱུར་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེདཿ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ གནོད་བྱེད་བགེགས་ཀྱིས་ག་ལ་ཚུགས༔ ཧཱུྃ་ཧཱུྃ་ཨ་ཨཱཿ ཞེས་བརྗོད་ལ་སྤྱོད་ལམ་རྣམ་བཞི་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །དེ་ནས་བསྔོ་བ་སྨོན་ལམ་བྱ་བ་ནི། མ་ལུས་ཕྱོགས་བཅུར་བཞུགས་པའི་སྐྱབས་གནས་


LT32_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས༔ བདག་གིས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ༔ ཚོགས་གཉིས་ཟུང་འཇུག་དགེ་ཚོགས་བགྱིས་འདི་དག༔ སྲིད་ཞིར་མི་གནས་བྱང་ཆེན་ས་ཐོབ་ཤོག༔ ནམ་མཁའི་མཐའ་ཁྱབ་ཕ་མ་སེམས་ཅན་རྣམས༔ སྒྲིབ་བྲལ་ཚོགས་རྫོགས་སྐུ་གཉིས་མྱུར་ཐོབ་ཤོག༔ གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་༔ བསྟན་པ་འཛིན་ཀུན་ཕྲིན་ལས་དར་རྒྱས་ཤོག༔ རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང་༔ འཁོར་བའི་རྒྱ་མཚོ་མ་ལུས་སྐེམས་པར་ཤོག༔ ཡུལ་ཕྱོགས་ས་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང་༔ མི་ནད་ཕྱུགས་ནད་མ་ལུས་རྒྱུན་ཆད་ཤོག༔ ཆར་ཆུ་དུས་འབབས་ལོ་ཕྱུགས་རྟག་ཏུ་ལེགས༔ མཚོན་དང་མུ་གེའི་བསྐལ་ངན་ཞི་བར་ཤོག༔ བསྒྲུབ་པའི་གནས་འདིར་བཀྲ་ཤིས་བྱིན་ཆགས་ཤིང་༔ ཕྱི་རབས་རིག་འཛིན་གདུང་འཚོབ་ཐམས་ཅད་ཀྱང་༔ རྒྱལ་བ་གོང་མའི་ཤུལ་ལམ་ཟིན་པ་དང་༔ མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་པར་ཤོག༔ ཅེས་འདུན་པ་རྩེ་གཅིག་ཏུ་གདབ་བོ། །དེ་ནས་གཞུང་ལས་གནས་བསྲུང་བ་ནི། ཞག་གསུམ་གྱི་བར་དུ་མཆོད་གཏོར་ཕྲིན་ལས་རང་གཞུང་ཚར་རེ་བྱ། ཐག་རིང་དུ་མི་འགྲོ། སྒྲུབ་ཁང་དུ་དམེ་ལུག་མཛེ་སྦྲང་མི་བཏང་ངོ་༔ དེ་ནས་སྒྲུབ་པའི་ཡོ་བྱད་ལྷག་མ་རྣམས་ཆ་གསུམ་དུ་བགོས་ཏེ༔ ཆ་གཅིག་རྡོ་རྗེ་སློབ་དཔོན་ལ་ཕུལ༔ ཆ་གཅིག་རྒྱལ་ཐེབས་ལ་ཕུལ༔ ཆ་གཅིག་ཚར་སྟོན་བྱ་སྟེ༔ དགེ་སློང་བཞི་སྡེ༔ རིག་གནས་བཞི་སྡེ༔ རྒྱལ་བློན་འབངས་སྤྲང་པོ་བཞི་སྡེ༔ བྱིས་པའི་སྟོན་མོ་སོགས་བྱའོ༔ ཞེས་


LT32_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ནས་མཆེད་དང་ལྕམ་དྲལ་ཐམས་ཅད་དམ་ཚིག་གི་ཆོས་དང་གསུང་བགྲོས་བསླབ་བྱ་ཞིབ་ཐེགས་སུ་བྱའོ༔ ཞེས་གསུངས་པ་རྣམས་རེ་རེ་ལའང་གནད་དོན་དགོས་པ་ཆེ་བར་རེ་ཡོད་པས་ནུས། ཇི་ལྟར་ལྕོགས་པ་བྱས་པས་འབྲལ་ཡུན་ཀུན་ཏུ་ཕན་བདེའི་དཔལ་ལ་སྤྱོད་པར་འགྱུར་རོ། །གསང་ཆེན་སྔགས་ཀྱི་སྟོན་པ་ཨོ་རྒྱན་རྗེའི། །སྒྲུབ་ཐབས་ཐུགས་ཀྱི་ཐིག་ལེ་མཐར་ཐུག་པ། །ཚུལ་བཞིན་སྒྲུབ་པ་ལྟ་ཅི་དད་མོས་བློས། །འབྲེལ་བ་ཙམ་ཡང་ཐར་ལམ་བཙན་ཐབས་བགྲོད། །ཚོགས་སྒྲུབ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས། །གྲུབ་གཉིས་ནོར་བུའི་ཆར་རྒྱུན་འཛད་མེད་དུ། །འབབས་ནས་འདི་དང་གཏན་གྱི་དབུལ་ཕོངས་སེལ། །ཕྱམ་གཅིག་ཀུན་བཟང་རྒྱལ་སྲིད་ཆེར་སྤྱོད་ཤོག །ཅེས་པ་འདིའང་སྦས་པའི་ཡུལ་ལྗོངས་སྦུ་བོ་ནས་གསང་ཆེན་བསྟན་པའི་མངའ་བདག་ཀ་ནི་སྡེ་བ་མཆོད་ཡོན་ལྷན་རྒྱས་ནས་གསུང་བསྐུལ་ནན་ཏན་མཛད་ངོར། རྒྱལ་དབང་པདྨ་སཾ་བྷའི་སྔགས་རིག་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རང་གཞུང་རྩ་བར་བཟུང་། ཁུངས་ལྡན་གྱི་ཕྱག་ལེན་སྤྱིའི་འགྲོས་དང་མཐུན་པར་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།

བ་ལམ་ཐུགས་ཀྱི་ནོར་བུ་ལས་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ལག་ལེན་འདུས་གསལ་དུ་བཀོད་པ་ནོར་བུ་སྣ་ཚོགས་མདོག་ཅན།


LT32_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ཐུགས་ཀྱི་ནོར་བུ་ལས། ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ལག་ལེན་འདུས་གསལ་དུ་བཀོད་པ་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ། །


LT32_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཙིཏྟ་མ་་ཡེ། རང་བྱུང་དབྱིངས་ཀྱི་ཧོམ་ཞལ་དུ། །རིག་པའི་ཡེ་ཤེས་འབར་བའི་མེས། །འཁྲུལ་རྟོག་ཆང་ཚིང་ཀུན་བསྲེགས་ནས། །བདེ་ཆེན་འོད་དུ་གསལ་དེས་སྐྱོང་། །མདའ་ལ་མདེའུ་ཇི་བཞིན་ཏུ། །གསང་སྔགས་ནུས་པའི་རྣོ་དཔལ་ནི། །མེ་ཡིས་འབྱིན་པར་བསྔགས་དེའི་ཕྱིར། །ཕྲིན་ལས་ཀུན་ལ་གཅེས་འདིའོ། །རྡོ་རྗེ་ཐེག་པའི་རིམ་པ་དང་པོས་ལས་དང་དངོས་གྲུབ་བསྒྲུབ་པའི་ནུས་འབྱིན་གྱི་ཕྲིན་ལས་སྲེག་བླུགས་ཀྱི་ཆོ་ག་སྒྲུབ་པའི་རྣམ་བཞག་རྒྱ་ཆེར་གསུངས་པ་ལས། འདིར་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་བླ་མ་དགོངས་པ་འདུས་པའི་གཞུང་ལས་སྙིང་པོར་བསྡུས་ཏེ་བཀོད་པའི་སྦྱིན་སྲེག་གཏེར་གཞུང་ཉིད་ལས་སྔོན་འགྲོའི་ས་བཅད་བཅུ་གཅིག །དངོས་གཞི་བཅུ། རྗེས་ཀྱི་བྱ་བ་རྣམས་སུ་བསྟན་པ་ཉིད་ད་ལྟ་དཀྱུས་ཀྱི་ཕྱག་ལེན་དང་བསྟུན་ནས་ཁྱེར་བདེར་བཀོད་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྔར་མ་སྦྱངས་པའི་ས་ཡིན་ན་སའི་ཆོ་ག་སྒྲུབ་ཁོག་ལྟར་རྒྱས་པའམ། བསྡུ་ན། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་བསམས་ལ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྒྱའམ་ཉེར་གཅིག་སོགས་བཟླས་ལ། གང་དུ་བྱ་བའི་གཞི་དེར་དཀར་གཏོར་མཆོད་པ་བཅས་བཤམ། བསང་སྦྱང་། སྒྲུབ་ཁོག་ལྟར། ཐམས་ཅད་སྟོང་ཉིད་ནམ་མཁའི་མཛོད་སོགས་དང་། གཏོར་


LT32_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་རཏྣའི་མཐར། ཨོཾ་ཨཱ༔ཧཱུྃ་ཧོ༔ལན་གསུམ་རྒྱ་དང་བཅས་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཞེས་རྡོ་རྗེ་བསྡུ་རྒྱ་སྦྱར་བས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བྷཱུ་མི་པ་ཧི་ས་པ་རི་བཱ་ར་བྷྱཿནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྤ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཚིགས་བཅད་སྒྲུབ་ཁོག་ལྟར་རམ། སྤྱི་འགྲོར། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གིས་སྦྱིན་སྲེག་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གཞན་ཏུ་སོང་། །ཞེས་ཕྲིན་ལས་བཅོལ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ། རྩ་བསྙེན་བརྒྱ་རྩ་དང་། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ལན་བདུན་ཙམ་བརྗོད་པ་ཀུན་རྫོབ་ཀྱི་སྦྱོང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་གྱི་སྦྱོང་བ་སྟེ་ལས་གཞི་ཀའི་ཐུན་མོང་གི་སྦྱོར་བའོ། །གནས་ཁང་རྙིང་པ་ས་ཆོག་མི་དགོས་པའི་ཕྱོགས་སུའང་སྦྱོང་བ་གཉིས་པོ་ཙམ་ཕྱག་ལེན་ཏུ་མཛད་དོ། །འདི་ནི་ལས་ལྔ་ཀ་ལ་ཁྱད་པར་མེད་ཅིང་དྲག་པོ་ལ་མི་མཛད་པ་ཤས་ཆེའོ། །དེ་ནས་སྦྱིན་སྲེག་ཞི་རྒྱས་དབང་དྲག་བཞི། ཀུན་འདུས་དང་ལྔར་ཡོད་པ་ལས་ཐམས་ཅད་ལའང་སྒྲུབ་མཆོད་སོགས་དཀྱིལ་འཁོར་དང་མ་འབྲེལ་བའི་སྲེག་རྐྱང་གི་སྐབས་སུ་ཕུག་ལོགས་གང་བདེར་སྟེགས་པུའི་སྟེང་བདག་བསྐྱེད་མཆོད་གཏོར། གཡས་གཡོན་སྨན་


LT32_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད། གཏེར་སྲུང་གཏོར་འབུལ། ཚོགས་མཆོད། ཆད་བརྟན་བགེགས་གཏོར་སོགས་འདུ་བྱ། དེ་ནས་ཐོག་མར་ཞི་བའི་སྦྱིན་སྲེག་ནི། ར་བ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། བཀྲ་ཤིས་པའི་ས་ལ་ཐབ་སྟེགས་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་། །དཔངས་སུ་ཁྲུ་ཕྱེད་པ། ཙནྡན་དཀར་པོ་ལ་སོགས་པས་བྱུགས་པའི་སྟེང་དུ། མཐོ་གང་ཚད་ཀྱིས་དབུས་ཟླུམ་པོར་བསྐོར་བ་ལ་པདྨ་དཀར་པོའི་ལྟེ་བར་རྡོ་རྗེ་རྃ་གྱིས་མཚན་པ། དེ་རྒྱབ་ཁ་ཁྱེར་སོར་བཞི་པའི་ཕྱོགས་བཞིར་རྡོ་རྗེ་ཕྱེད་པའི། དེ་རྒྱབ་ཁ་ཁྱེར་སོར་བཞི་པ་པདྨ་དཀར་པོའི་ཕྲེང་བས་བསྐོར་བའི་རྒྱབ་ཏུ་མུ་རན་སོར་བཞི་པ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། མེ་ཏོག་དཀར་པོ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་བ་ལང་གི་ལྕི་བའམ། ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོ་ཁྲུ་གང་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་སྟེང་ནས། ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། ཐབ་སྟེགས་ནང་སྲེག་བྱེད་མེའི་ཙཀྲ་བཞག་པ་ལས་བཞི་ཀར་འགྲེ། རང་གི་གཡས་ངོས་སུ་རྫས་སྟེགས་དང་། གཡོན་ཏུ་མཆོད་སྟེགས་གཉིས་ཀ་དང་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ། དེའི་མདུན་ཏུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ་ཅུང་ཟད་ཆུང་བ་དང་། སྨན་སྣོད་ཐོད་པ། མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་ཆ་གཉིས། རྫས་སྟེགས་སུ་མར་ཁུ། བ་ལུ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་བཞི་པ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་བྱུགས་པ། ཏིལ་དཀར་པོ།


LT32_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དཱུརྦ། འབྲས། ཟས་མཆོག་སྟེ་ནས་འབྲས་ཀྱི་ཕྱེ་མ་ཞོ་དང་སྦྱར་བ་ལ་མངར་གསུམ་བཏབ་པ། ཀུ་ཤ །ནས། སོ་བ། སྲན་མ་རྣམས་དང་། ཞི་རྫས་ཕྱོགས་སྤུངས་བཅས་འདས་མ་འདས་གཉིས་རིམ་དང་། ཁྱད་པར་བསྙེན་སྒྲུབ་ཀྱི་ཁ་སྐོང་ལྟ་བུར་ཏིལ་མང་དུ་བཤམ་སྣོད་དང་རྫས་ཐམས་ཅད་དབྱིབས་ཟླུམ་བོ། ཁ་དོག་དཀར་པོ་འབའ་ཞིག་པ་བྱ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བྲིས་པའི་ནང་གི་ཆར། ལས་བུམ། རྡོར་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཞག་སློབ་དཔོན་ཆས་རྒྱན་དཀར་པོ་ཐོགས་ནས་ཞི་བའི་བསམ་པས་རྡོ་རྗེ་སྐྱིལ་ཀྲུང་གིས་སྟན་དཀར་པོ་ལ་ཁ་ཤར་དུ་ཕྱོགས་ཏེ་འཁོད་ལ་ཐབ་དང་ཞལ་སྤྲོད་བྱ། གཞུང་དུ་ཁ་བ་ལྟ་ཕྱོགས་གསུངས་པ་ནི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞི་བའི་སྦྱིན་སྲེག་བྱ་བ་སོགས་ལ་དགོངས་པ་ཡིན་པས་སྒྲུབ་དཀྱིལ་སོགས་དང་འབྲེལ་ལ་གོ་ཡུལ་འགྲིགས་ན་ད་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། ཐུན་མོང་དུ་བྱ་བའི་རིམ་པ། མེ་ལྷ་མཆོད་པ། དཀྱིལ་འཁོར་པ་མཆོད་པའོ། །དང་པོ་ནི། སྔོན་གཏོར་ནས་བརྩམས་བདག་བསྐྱེད་བཟླས་པ་བསྡུ་ལྡངས་སྔོན་འགྲོས་སྒྲུབ་མཆོད་སྐབས་སྙིང་པོ་རི་མཐར་ཕཊ་ཛཿབཏགས་པས་གཙོ་བོ་ལས་རང་ལས་ཀྱི་ལྷར་ཕྱེའོ། །ལས་བུམ། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། པདྨའི་སྡོང་པོ་དང་ཉི་མ་ལ་གནས་པའི་ངོ་བོ་རྟ་མགྲིན་ལ་རྣམ་པ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་གུ་ཕྱག་གཉིས་ཐལ་སྦྱར་གྱི་བར་དུ་བདུད་རྩིའི་བུམ་པ་


LT32_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའོ། །སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ༔ དེ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇིགས་བྱེད་འཇིགས་པའི་མཐུ་སྟོབས་ཅན། །ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཕྲེང་མ་རྒད་ཞུན་མ་ལྟ་བུ་འོད་ཟེར་དམར་པོ་འཕྲོ་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། མཐར། བན་པོ་འོད་དུ་ཞུ་ནས་བུམ་ཆུའི་རྡུལ་ཕྲན་ཇི་སྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར། ཅེས་མོས། རྡོར་དྲིལ་བསང་ཆུ་དང་། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རྡོ་རྗེ་དང་དྲིལ་བུ་ཀུན་ཏུ་བཟང་པོ་བདེ་བར་གཤེགས་པ་རིགས་ལྔ་ཡབ་ཡུམ། རྡོ་རྗེ་སེམས་དཔའ་གསང་བའི་ཡུམ་བཞི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པ་རིགས་ལྔ་དང་བཅས་པ། དོན་དམ་ཡེ་ཤེས་ལྔའི་རང་བཞིན་རྟགས་ཀྱི་རྡོ་རྗེ་དང་། སེམས་ཅན་རྣམས་མ་རིག་པའི་གཉིད་ལས་བསླངས་ཤིང་ཨཱ་ལི་ཀཱ་ལིའི་ཆོས་དབྱངས་སྒྲོགས་པའི་དྲེལ་བུར་གྱུར། ཨོཾ་


LT32_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་བཛྲ་ཧཱུྃ༔ ཞེས་པས་རྡོ་རྗེ་གསོར། ཨོཾ་མ་ཧཱ་གཎྜེ་ཧོཿ ཞེས་པས་དྲིལ་བུ་དཀྲོལ། དགང་གཟར་བླུགས་བསང་ཆུ་དང་། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། བསྲེག་རྫས་རྣམས་བསང་ཆུ་གཡས་སྐོར་དུ་འཐོར་ཞིང་། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བསྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་པར་བསམས་ལ་རྡོར་དྲིལ་དང་བཅས་པས་དགང་བླུགས་འཛིན་པས་བསྲེག་རྫས་གཡས་སྐོར་གྱིས་རེག་པས། ཨོཾ་ཨཱ༔སྭཱ་ཧཱ༔ ཨོཾ་ཤྲཱི༚་སྭཱ་ཧཱ༔ ཨོཾ་སྭཱ་སྭཱ་ཧཱ༔ ཨོཾ་ཛྲི་སྭཱ་ཧཱ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱ༔ཧཱུྃ༔ ལན་གསུམ། མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ་སོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པར་འཆར་བར་གྱུར། ཨོཾ་བཛྲ་ཨརྒྷཾ། པཱ་དྱ་སོགས་ནས། ཤབྡ་ཨཱཿཧཱུྃ། ཞེས་དང་། ལས་བྱང་གི་བདུད་རྩི་དང་གཏོར་མ་བྱིན་རླབས་ཀྱི་སྔགས་ལན་གསུམ་རེ་བརྗོད། མེ་ཐབ་སྦྱོང་ཞིང་སྲུང་བ་ནི། བསང་ཆུ་གཡས་སྐོར་དུ་འཐོར་ཞིང་། ཨོཾ་སྭ་བྷཱ་བ་སོགས་བརྗོད། ཧཱུྃ་ཧྲཱིཿ


LT32_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ཕྱིར་དེངས་ཤིག༔ བཀའ་འདས་གནས་འདིར་འདུག་ན་རྡུལ་དུ་རློག་ཨོཾ་པདྨ་ཏ་ཀྲི་ཏ་ཧ་ཡ་གྲཱི་ཝ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ ཐུན་གྱིས་བྲབ། རོལ་མོའི་སྒྲ་དང་གུ་གུལ་དུད་པས་བགེགས་བསྐྲད། ཧཱུྃ་ཧྲཱིཿ དུག་ལྔ་འཇོམས་པའི་ཡེ་ཤེས་མེ་འོད་ལྔ༔ ཡིག་འབྲུ་ཕྱག་མཚན་ཁྲོ་ཚོགས་བསམ་མི་ཁྱབ༔ སྲུང་འཁོར་རིམ་པ་ལྔ་ཡི་ཚུལ་དུ་བསྐོར། འབར་བ་ཡེ་ཤེས་མེ་ཡིས་མཚམས་ཆོད་ཅིག༔ ཨོཾ་ཨགྣི་ཛྭ་ལ་རྃ་ཧྲཱི་ནི་རྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་མཚམས་བཅད། མ་སྦར་བ་ནི། བཀྲ་ཤིས་པའི་གནས་ནས་བྱུང་བའི་མེ་སྒྲོན་ཤིང་ལ་མེ་སྦར་བ་བསང་ཆུ་འཐོར། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། ཡེ་ཤེས་མེ་ལྕེ་འོད་གསལ་བར་གྱུར། ཨོཾ་ཙཎྜ་ཛྭ་ལ་རྃ་ཧཱུྃ་ཕཊ༔ ཨོཾ་ཨགྣི་ཛྭ་ལ་རྃ༔ ལན་གསུམ་གྱིས་ཐབ་ལ་གཡས་སུ་བསྐོར་ཏེ་ཤར་ལྷོ་ངོས་ནས་སྦར་རོ། །གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཧཱུྃ་ཧྲཱིཿ མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས༔ ཨེ་ལས་བྱུང་བ་ཞི་བའི་ཐབ་ཁུང་ཟླུམ༔ དཀར་གསལ་མདངས་ལྡན་མེ་ལྕེ་ཟླུམ་པོར་འབར༔ དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན༔ ཞི་བ་དཀར་ལ་ཟླུམ་བཞི་ཚུལ་མཛེས༔ ཞལ་གཅིག་ཕྱག་བཞི་སྤྱན་


LT32_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ར་སྐྱེས་ཆིབས༔ ཕྱག་གཡས་མེ་ཐབ་འོག་མ་གྷནྷྡེ་དང་། གཡོན་པ་བགྲང་ཕྲེང་འོག་མ་ལྕགས་ཀྱུ་འཛིན༔ ཤ་རྒྱས་གཟུགས་ཐུང་སྒེག་ཅིང་ལྟོ་བ་འཕྱངས༔ སྨ་ར་དམར་སེར་རལ་པ་ཅོད་པན་ཅན༔ དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་ན་གསལ། རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཤར་ལྷོ་མེ་ལྷའི་ཡུལ་ནས་ནི༔ ཡེ་ཤེས་སེམས་དཔའ་དམ་ཚིག་ཇི་ལྟ་བ༔ དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ཐིམ༔ བ་དན་གསུམ་པའི་ཕྱག་རྒྱ་བཅས་མེ་དར་དཀར་པོ་གཡབ༔ དྲིལ་བུ་གསིལ་ལ་སྤྱན་དྲང་བ་ནི༔ ཧཱུྃ་ཧྲཱིཿ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུལ་གཤེགས་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ དམ་ཚིག་ཚུལ་བཞིན་གཤེགས་ནས་ཀྱང་༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ཡི༔ གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་འདིར༔ སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ༔ ཨོཾ་ཨགྣི་དྷེ་ཝ་རྀ་ཥི་ཛ་ཛ༔ ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བྃ་ཧོ༔ ཀུ་ཤའི་ཆུན་པོ་གྲམ་ཐོགས་ལ། ཧཱུྃ་ཧྲཱིཿ གཟི་བརྗིད་འབར་བ་མེ་ཡི་ལྷ༔ ཡིད་ལ་འདོད་པ་ཀུན་སྒྲུབ་ཅིང་༔ ཐུགས་རྗེས་སེམས་ཅན་དོན་མཛད་པ། །འབར་བའི་གནས་འདིར་བཞུགས་སུ་གསོལ༔ ཨོཾ་ཨགྣི་དེ་ཝ་ཏཱ་ས་མ་ཡ་ཨཱ་བེ་ཤ་ཡ་


LT32_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ལྷན། ཞེས་པས་དམ་ཡེ་གཉིས་མེད་དུ་ཀུ་ཤའི་གདན་ལ་བཞུགས་པར་མོས་ལ་ཐབ་ཏུ་འབུལ། དུང་ཞལ་སོ་སོ་ནས་མཆོད་ཡོན་སོགས་བཟེད་ཞལ་དུ་བྲིམ་ཞིང་། །ཨོཾ་ཨགྣི་དེ་ཝ་ཏ*ཎཱ་ས་པ་རི་*ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཐོག་མཐའ་འགྲེ་བས། པཱ་དྱཾ་ཞེས་སྦྱར་བས་ཞབས་བསིལ་ཕུལ། ཧཱུྃ་ཧྲཱི༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་དེ། །ཇི་ལྟར་འདོད་པའི་དོན་གྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ ཉེང་སྤྱོད་ལྔ་རིམ་པར་གསལ། ཧཱུྃ་ཧྲཱིཿ སྟོང་གསུམ་འདིའམ་གཞན་དག་ན། །མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཇི་སྙེད་ཀུན༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་བ་ཏཱ་བཛྲ་པུཥྤེ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་ཏུ་འདོད་ཡོན་ལྔ་ཕུལ་ལ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ འདོད་ཡོན་བླ་མེད་མཆོད་པ་འདི༔ ཡེ་ཤེས་མེ་ལྷའི༴ ཕྲིན་ལས་བསྒྲུབ་ཕྱིར༴ ཨོཾ་ཨགྣི་དེ་བ་ཏཱ་བཛྲ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤ་རྴེ་པཱུ་ཛཿཧོཿ བདུད་རྩི་དང་གཏོར་མ་ཕུལ་ལ། བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང་༔ བཅུད་ལྡན་མཆོག་གི་གཏོར་མ་འདི༔ ཡེ་ཤེས་མེ༴ ཕྲིན་ལས༴ ཨོཾ་ཨགྣི་དེ་བ་ཏཱ་བཛྲ་ཨ་མྲྀ་ཏ་བ་ལི༚་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་བསྲེག་རྫས་ཀྱི་ཐོག་མར་དགང་གླུགས་འབུལ་བ་ནི།


LT32_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དགང་བླུགས་ཁ་ལ་ཧྲཱིཿཡིག་མཚན༔ མེ་ལྷ་ཅུང་ཟད་ཞལ་གདངས་པའི༔ ལྗགས་ལ་རྃ་ཡིག་གིས་མཚན་པ༔ བསྲེག་རྫས་བདུད་རྩི་བཞེས་པར་གྱུར༔ ཞི་བའི་ཁུ་ཚུར་ཁ་སྦྱོར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡས་སྐོར་བཅས། ཨོཾ་ཨགྣི་དེ་བ་ཡ། ཨཱ་དི་པྱ། པ་ཏི་བྷྱཿ ཨཱ་བེ་ཤ་ཡ༔ མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ་བྷ་ཧ་ན་ཡ་སྭཱ་ཧཱཿ ཞེས་དགང་བླུགས་ཀྱིས་མར་ཁུ་ལན་བདུན་སོགས་དང་། སྔགས་ལྷན་ཅིག་བར་འབུལ། དེ་ནས་ཡམ་ཤིང་འབུལ་བ་ནི། ཧཱུྃ་ཧྲཱིཿ ཞི་བའི་ཡམ་ཤིང་བལ་དཀར་བྱང་ཆུབ་སེམས༔ བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་བ་ཏ་ཤཱིནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ལ་གྲངས་བཟུང་བའམ། སྤྱི་མཐུན་སྤྲོ་ན། འོད་ཀྱི་དཀྱིལ་འཁོར་ལ་དམིགས་ཏེ། ཨོཾ་ཨགྣི་དེ་ཝ་ཏཱ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ༔ ཞེས་ཡམ་ཤིང་སྔགས་དང་། ལྷན་ཅིག་ལན་བདུན་སོགས་འབུལ་ཞིང་། དེའི་མཇུག་ཏུ་སྦལ་ཚིག་ནི། རྣལ་འབྱོར་པ་བདག་ཅག་གམ་སྦྱིན་བའི་བདག་པོའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟི་ཾ་ཀུ་རུ་སྭཱ་ཧཱ། དེ་ལྟ་བུའི་ཐོག་མཐའི་སྔགས་རིགས་འགྲེ་བས། མར་ཁུ་ཞལ་དུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ འབྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ ཏིལ་ཕྱག་ཏུ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ སྡིག་སྒྲ་བཞི་པ་ལ་


LT32_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ། དཱུར་ཝ་དབུལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཚེ་ཕུན་སུམ་ཚོགས་པ་ལ་བར་དུ༴ འབྲས་ཕྱག་ཏུ། བཛྲ་པུཥྚཱ་ཡ་སྭཱ་ཧཱ། དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་བར་དུ༴ ཟབ་མཆོག་ཞལ་དུ། ཨོཾ་སརྦ་སམྤ་དེ་སྭཱ་ཧཱ༔ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ་གདན་དུ། ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱཿ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ་བར་དུ༴ སོ་བ་ཕྱག་ཏུ། བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ༴ སྲན་མ་ཕྱག་ཏུ། མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ བསོད་ནམས་ཀྱི་སྟོབས་བསྐྱེད་པ་ལ་བར་དུ༴ དེ་ལྟར་བསྲེག་རྫས་རྣམས་ལས་མར་ཁུ་དགང་བླུགས་ཀྱིས་ཕུལ། གཞན་རྣམས་མཐེབ་སྲིན་སྦྱར་བས་ཕུལ། རྫས་སྤུངས་ཡོད་ན་མེ་ལྷའི་སྔགས་ཀྱིས་གང་འོས་ཕུལ་ལ། ཧཱུྃ་ཧྲཱིཿ གཟི་བརྗིད་འབར་བ་མེ་ཡི་ལྷ༔ དྲང་སྲོང་ཆེན་པོའི་ལྷ་ཚོགས་རྣམས༔ ཐུགས་རྗེས་སེམས་ཅན་དོན་མཛད་པའི༔ སྦྱིན་སྲེག་མཆོད་པ་བཞེས་སུ་གསོལ༔ ཧཱུྃ་ཧྲཱིཿ ཡེ་ཤེས་ཀློང་ཡང་འཁྱིལ་བའི་ཧོམ་ཁུང་དུ༔ དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི༔ མེ་ལྷ་དྲང་སྲོང་ཁྱེད་ལ་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བཛྲ་པུཥྤེ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ་ཧྲཱིཿ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བདུད་བཞི་


LT32_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་མཛད་ཕྱག་བཞི་པཿ ལས་ཀུན་སྒྲུབ་མཛད་འོད་པོ་ཆེ༔ སྔོན་ཚེ་དུས་ན་ལྷ་ཡི་མཆེདཿ ད་ལྟ་རྣལ་འབྱོར་སྒྲུབ་པའི་མཆེད༔ ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད༔ ཕྲིན་བཅོལ་དང་འདོད་གསོལ་ནི། ཧཱུྃ་ཧྲཱིཿ དྲང་སྲོང་མེ་ལྷ་གཟི་བརྗིད་འབར་བའི་འོད༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅསཿ དམ་རྫས་མེ་ཡི་མཆོད་པ་འདི་ཕུལ་བས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཧོ༔ དྲང་སྲོང་ཆེན་པོ་ཁྱེད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ བདག་ཅག་ཡོན་མཆོད་ཐམས་ཅད་ལ་ནད་གདོན་གནོད་པ༔ རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཁྱད་པར་དུའང་སྔོན་གྱི་ཞལ་བཞེས་བཞིན་དུ་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ནས༔ སྦྱིན་སྲེག་གི་ཞལ་ཟས་རྣམ་པར་དག་ཅིང་གཙང་བར་བྱིན་གྱིས་བརླབ་པ་དང་༔ཆུད་མི་ཟ་བར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པར་མཛད་དུ་གསོལ༔ དགང་བླུགས་ཀྱི་མར་ཁུ་ལན་གསུམ་འབུལ་བ་དང་ལྷན་ཅིག་ཏུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ མེ་ལྷ་འཁོར་དང་བཅས་པ་རྣམས༔ ཐབ་ཀྱི་ཁ་ཁྱེར་ལ་གནས་པའི༔ ལྷ་ཡི་ཕྱག་ཚང་མཛད་པར་གྱུར། ཅེས་དམིགས་སོ། །གསུམ་པ་དཀྱིལ་འཁོར་


LT32_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་རྣམས་མཆོད་པ་ནི། མེ་ཐབ་ལ་བུད་ཤིང་ཅུང་ཟད་བསྣན། བསང་ཆུ་འཐོར། ཨོཾ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ་དམ་ཚིག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ནི་ལས་བྱང་ལྟར། ཨོཾ༔ ཆོས་ཀུན་གཟོད་ནས་ཡོངས་བྱང་ཀ་དག་ཀློང་༔ཞེས་སོགས་ལྷ་བསྐྱེད་ནས་སྤྱན་འདྲེན་བཞུགས་གསོལ་བར་བརྗོད། སྒྲུབ་དཀྱིལ་དང་འབྲེལ་བའི་སྐབས། སྤྱན་འདྲེན་སྐབས་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེ་དཀྱིལ་འཁོར་དྲུང་དུ་སོང་ལ། སྙིང་པོའི་སྔགས་མཐར། བཛྲ་ས་མཱ་ཛཿབཏགས་པས་མཎྜལ་ཚོམ་བུར་དཀྱིལ་འཁོར་པ་གཤེགས་པར་མོས་ལ་སྤོས་དང་རོལ་མོར་བཅས་པས་སྤྱན་དྲངས་ཏེ། ལས་ཀྱི་རྡོ་རྗེས་ཟབ་ཀྱི་ནམ་མཁར་བཏེགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་བདྷཱ་ཀི་ནཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ། པཱ་དྱཾ་སྦྱར་བས་ཆུ་གཉིས་ཕུལ་ལ་ལས་བྱང་གི་བཞུགས་གསོལ་བརྗོད། མེ་ཏོག་ཐབ་ཏུ་དོར་ལ། ཛ་ཧཱུྃ་བྃ་ཧོཿ དམ་ཚིག་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱེར་མེད་དུ་གྱུར་པར་མོས། སྲེག་རྐྱང་ལ་བཞུགས་གསོལ་འཕྲོས་སུ་ཆུ་གཉིས་གོང་ལྟར་ཕུལ། ཨེ་མ་ཧོཿ ཆོས་སྐུ་ནམ་མཁའ་སོགས་ཀྱིས་ཕྱག་འཚལ། ཉེར་སྦྱོང་འདོད་ཡོན་གྱི་མཆོད་པ་རྣམས་ལས་བྱང་ལྟར་སོང་ནས། དགང་བླུགས་བཟུང་ལ། དགང་བླུགས་ཁ་ལ་ཧྲཱིཿཡིས་མཚན། །དཀྱིལ་འཁོར་ལྷ་ཚོགས་ལྗགས་ལ་ཡང་། །ཧྲཱིཿཡིག་དག་གིས་མཚན་པ་ལས། །བསྲེག་རྫས་བདུད་རྩི་


LT32_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་པར་གྱུར། སྙིང་པོའི་སྔགས་ཀྱི་མཇུག་ཏུ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ༔ ཞེས་བཏགས་པས་མར་ཁུ་ལན་བདུན་ནམ་ཉེར་གཅིག་འབུལ། དེ་ནས་གོང་དུ་འཇིག་རྟེན་པའི་སྐབས་ལྟར་བསྲེག་རྫས་རྣམས་རིམ་པར་འབུལ་བའི་ཐོག་མར་ཡམ་ཤིང་ལ། བཅོམ་ལྡན་ཡེ་ཤེས་མེ་ལྷ་ཞེས་པ་ལ། བཅོམ་ལྡན་དཀྱིལ་འཁོར་ལྷ་ཡི་ཚོགས་ལ་འབུལ༔ཅེས་བསྒྱུར། དེ་ནས་བཟུང་སྲན་མའི་བར་གོང་ལྟར་ལ། ཨོཾ་ཨགྣི་དེ་བ་ཏཱ་ཞེས་མེ་ལྷའི་སྔགས་མདོར་ནས་རྩ་སྔགས་ཀྱི་གཤམ་དུ་རྫས་སྔགས་སོ་སོ་ཉེར་གཅིག་ཡན། བརྒྱ་སྟོང་སོགས་ཇི་ཙམ་འོས་པའི་མཐར་སྤེལ་ཚིག་སྦྱར་བས་བསྲེག་རྫས་རྣམས་འབུལ་ཞིང་། ཡེ་ཤེས་ཀྱི་བདུད་རྩི་དཀར་པོའི་ངོ་བོར་དྭངས་པ་ཕུལ་བས་གསོལ་བར་མོས། དམིགས་བསལ་ཁ་སྐོང་དང་། སྡིག་པ་ཞི་བའི་ལས་ཆེད་དུ་བྱེད་ན་སྙིང་པོ་རྫས་སྔགས་འདོད་གསོལ་སྦྲེལ་བས་ཏེ་ལ་ལ་གྲངས་བཟུང་ཚུལ་ཀྱང་གོང་གིས་འགྲེའོ། །གཞན་ཡང་ནད་ཞི་བ་ལ་གྲོ། གདོན་ཞིབ་ལ་ཡུངས་ཀར་སོགས་བྲངས་གསོག་འདོད་ནའང་སྤྱི་དང་མཚུངས་སོ། །དེའི་མཇུག་ཏུ་ལས་བྱང་ལྟར། སྨན་མཆོད་དང་གཏོར་མ་འབུལ། ཚོགས་ཕུད་ཀྱི་ཆ་ཤས་ཡེ་ནང་དུ། གྷ་་ཙཀྲ་པཱུ་ཛ་ཧོཿ ཞེས་པས་འབུལ། བསྟོད་པས་བསྟོད་ནས། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་སྟོན་ཀའི་ཟླ་འོད་ལྟར་དཀར་བ་ལས། འོད་ཟེར་དང་བདུད་རྩི་དཀར་པོ་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཉེས་པ་ཐམས་ཅད་དག་ཅིང་པས་ལ་བར་མོས་ལ་རྩ་སྔགས་མཇུག་


LT32_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་སྭཱ་ཧཱ། བཏགས་པ་ཅི་མང་བཟླ། མཐར་རྩ་སྔགས་ཀྱི་མཇུག་ཏུ། ཨགྣ་ཡེ་སྭཱ་ཧཱ། བཏགས་པ་དང་མར་ཁུ་ལན་བདུན་སོགས་ཕུལ་ཞིང་སྔགས་ཙམ་གྱིས་མཆོད། ཧཱུྃ་ཧྲཱིཿ ཐུགས་རྗེ་རོལ་པ་སོགས་ཤློ་ཀ་གཅིག་གིས་བསྟོད། །འདོད་གསོལ་ནི། ཧོཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། ཞེས་འཇིག་རྟེན་པའི་སྐབས་ལྟར་དུ་གསོལ། མ་འབྱོར་པ་དང་སོགས་ཤློ་ཀ་གཉིས་ཀྱིས་བཟོད་པར་གསོལ། དུང་ཞལ་མཆོད་ཡོན་སྔགས་དང་བཅས་པས་ཕུལ་ཞིང་དྲིལ་བསིལ་དང་བཅས་ཡིག་བརྒྱ་ལན་གསུམ་བཟླས། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ནས། བཛྲ་མུཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་ལྷན་ཅིག་སེ་གོལ་གྱི་སྒྲས་ཡེ་ཤེས་པ་གཤེགས། ཚོམ་བུ་སྤྱན་དྲངས་པའི་སྐབས་མེ་ཏོག་ཐབ་ཀྱི་དབུས་ནས་ལེན་པའི་ཚུལ་བྱས་ལ། སྔགས་དང་བཅས་མཆོད་ཡོན་སྦྲེང་བཞིན། སྔར་སྤྱན་དྲངས་པའི་སྐབས་བཞིན་དཀྱིལ་འཁོར་ཁང་པར་ཁྱེར་ལ། སྙིང་པོའི་སྔགས་མཇུག་ཏུ། ས་མ་ཡ་སྟཾྭ་ཞེས་སྦྱར་ལ་ཚོམ་བུའི་ལྷ་རྣམས་དཀྱིལ་འཁོར་དུ་ཐིམ་པར་མོས། མེ་ཐབ་ཀྱི་དམ་ཚིག་པ་རྣམས་རང་ལ་ཐིམ་པར་གྱུར། ཅེས་མོས། །གསུམ་པ་རྗེས་ཀྱི་བྱ་བ་ནི། བསང་ཆུ་འཐོར་ཞིང་། བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། མེ་ལྷ་འཁོར་དང་བཅས་པ་རྣམས། །ཐབ་ཀྱི་ཁ་ཁྱེར་ནས་བསྐྱོད་དེ། །མེ་ཐབ་དབུས་སུ་གནས་པར་གྱུར། ཅེས་མོས་ལ། ཨོཾ་


LT32_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་སྭཱ་ཧཱ༔ ཞེས་མར་ཁུ་ལན་བདུན་སོགས་འབུལ། ཡམ་ཤིང་སོགས་བསྲེག་རྫས་ལྷག་མ་ཅི་མཆིས། སྤེལ་ཚིག་མེད་པའི་སྔགས་ཀྱིས་ཚར་གསུམ་འབུལ། ལས་བྱང་གི་ཚོགས་ལྷག་ཀྱང་ཕུལ། མེ་ལྷའི་གཏོར་མ་དགང་གཟར་གྱི་ཁར་བཞག་པ་བསང་ཆུ་འཐོར། བསང་སྦྱང་། ཨོཾ་ཨཱ་ཧཱུྃ། ལན་གསུམ། བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ས་བླུག་གཟར་གྱིས་བཏེག །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། གཏོར་མ་མེ་ནང་དུ་བཞུ། མ་འབྱོར་པ་དང་སོགས་ཀྱི་མཐར་མཆོད་ཡོན་སྔགས་དང་བཅས་པས་དབུལ། དྲིིལ་བུ་གསིལ་ཞིང་ཡིག་བརྒྱ་བརྗོད། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱི་གཤེགས། །ཇི་བཞིན་དུ་ནི་སླར་བྱོན་ལ། །བདག་གི་ཕྲིན་ལས་ཐམས་ཅད་སྒྲུབས། །ཞེས་སྙན་མནན་ཏེ། བཛྲ་མུཿ རྡོ་རྗེ་བསྡུ་རྒྱ་དང་། སེ་གོལ་གྱིས་ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཕྲིན་ལས་ཀྱི་གཤམ་གཏེར་སྲུང་གཏོར་ཆོག །ཆད་མདོ། བརྟན་སྐྱོང་བཟོད་གསོལ། གཤེགས་བསྡུ། ཤེས་བརྗོད་སོགས་ལས་བྱང་ལྟར་བྱ་ཞིང་། སྦྱིན་སྲེག་གི་མེ་རོ་འོ་མ་དང་དྲི་ཆས་སྦྱངས་ལ་ཆུ་ཀླུང་ཆེན་པོར་དོར་བའམ་རི་བོའི་རྩེར་བསྐྱལ་ལོ། །འོག་


LT32_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལས་གསུམ་པོ་ལ་སོ་སོའི་ཁྱད་པར་ཅུང་ཟད་རེའི་བསྒྱུར་ཁ་མ་གཏོགས། ཡོ་བྱད་བཤམ་བཀོད། འདོན་བྱའི་ཁོག་འདི་ཁ་ནས་འཕྲུལ་ཤེས་པར་བྱའོ། །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ར་བ་བཞིའི་ཚེས་བཅོ་ལྔ་དང་ཉི་དྲོས་ཀྱི་དུས་སུ། །ཐབ་ཁུང་སེར་པོ་གྲུ་བཞི་རྒྱར་ཁྲུ་དོ་སོར་བཞི་པ། དཔངས་སུ་ཁྲུ་གང་བ། དབུས་སུ་རིན་པོ་ཆེ་འབར་བར་གྱིས་མཚན་པ། ཁ་ཁྱེར་ཕྱོགས་བཞིར་ནོར་བུ་འབར་བ། ཟུར་བཞིར་ནོར་བུ་འབར་བ་རེ་རེས་མཚན་པ། འབྲས་བུ་ཅན་གྱི་ཤིང་གིས་གྲུ་བཞིར་བརྩིག །ཀུ་ཤ་རྩེ་མོ་ལྷོར་བསྟན་པས་བཀབ། གཏོར་མའི་རྒྱུ་གསེར་བྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་ཙནྡན་དཀར་པོ་དང་སྟག་པའམ་འབྲས་བུ་ཆགས་བའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་སོར་བཅུ་གཉིས་པ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཐུན་པ་ལ་ཁྱད་པར་གསེར་དང་དར་གོས་སེར་པོ་ཨ་མྲྀ་ཏ་ལ་སོགས་པའི་རྫས་སྤུངས། ཁ་སྐོང་བྱེད་ན། འབྲུ་སྨན་རིན་པོ་ཆེ་སྣ་ཚོགས་ཁ་ཟས་བཟང་པོ། ཁྱད་པར་དུ་ཚེ་སྤེལ་བ་ལ་དཱུརྦ་ལྟ་བུ་གང་གཙོར་བྱེད་པའི་རྫས་མང་དུ་བསགས། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་བཞི། ཁ་དོག་སེར་པོ། སློབ་དཔོན་ཆས་རྒྱན་སེར་པོ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་གཙུབས་ཤིང་ལས་བྱུང་བས་སྦར། བསྲེག་རྫས་བདུད་རྩི་སེར་བར་མོས། ཕྲིན་ལས་གོང་དང་མཚུངས་པ་ལས། ཐབ་བསྐྱེད་སྐབས། ཧཱུྃ་ཧྲཱིཿ མེ་ཐབ་སྟོང་པའི་ངང་


LT32_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཨེ་ཡིག་ལས༔ རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ༔ རིན་ཆེན་འབར་བ་མེ་ལྕེ་སེར་པོ་འབར༔ དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་མེ་ལྷ་སེར་པོ་གཟི་བརྗིད་ལྡན༔ ཞལ་གཅིག་ཕྱག་བཞི་སོགས་ལ་འཇུག །མཆོད་པའི་སྐབས། སྨན་དང་གཏོར་མའི་རྗེས་སུ་ཚོགས་ཕུལ་ལ། འདོད་ཡོན་མཆོག་གི་ལོངས་སྤྱོད་ནི༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་ཝ་ཏཱ་ག་་ཙཀྲ་པཱུ་ཛ་ཁཱཿཧི༔ ཞེས་སྦྱར། ཡམ་ཤིང་ལ། ཧཱུྃ་ཧྲཱིཿ རྒྱས་པའི་ཡམ་ཤིང་རྒྱ་ཤུ་སེར་པོ་སོགས༔ བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ རྒྱས་པའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་བ་ཏཱ་པུཥྚི་ཾཀུ་རུ་ཡེ་ཨོཾ༔ ཞེས་སྦྱར། བསྲེག་རྫས་དང་འདོད་གསོལ་སྐབས། །གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚི་ཾཀུ་རུ་ཨོཾ༔ ཞེས་པས་འགྲེས་སྦྱར། ཏིལ་ལ། སྡིག་སྒྲིབ་མེད་པ་ཕུན་སུམ་ཚོགས་པ་ཞེས་སྦྱར། ཕྲིན་བཅོལ་སྐབས་སུ། ཞི་བ་ཞེས་པ་རྣམས། རྒྱས་པ་ཞེས་བསྒྱུར། འདོད་གསོལ་ལ། ཧོཿ དྲང་སྲོང་ཆེན་པོ་ཁྱེད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ བདག་ཅག་ཡོན་མཆོད་ཐམས་ཅད་ཀྱི། ཚེ་དང་ལོངས་སྤྱོད་བུ་ནོར་མངའ་ཐང་སྟོབས་དང་སྙན་གྲགས་


LT32_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དཀར་པོ་དགེ་བའི་བྱ་བ་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། པུཥྚི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། དཀྱིལ་འཁོར་པ་མཆོད་པའང་སྔར་དང་འདྲ་བ་ལ། བསྟོད་པའི་རྗེས་སུ། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་གསེར་བཙོམ་ལྟར་སེར་བ་ལས། འོད་ཟེར་དང་བདུད་རྩི་སེར་པོ་འཕྲོས་པས་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་འཕེལ་ཞིང་རྒྱས་པར་མོས་ལ། སྙིང་པོའི་གཤམ་དུ། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚི་ཾཀུ་རུ་ཨོཾ། ཞེས་བཏགས་པ་བཟླ། རྗེས་མེ་རང་ཞི་དང་ཐལ་སོལ་ཆུ་བོར་སྐྱིལ་བའང་བང་མཛོད་དུ་སྦའོ། །གསུམ་པ་དབང་གི་སྦྱིན་སྲེག་ནི། དུས་འབྲིང་པོ་བཞིའི་ཉི་ཤུལ་དང་ཉིན་མཚན་གྱི་གུང་གི་ཆར། ཐབ་ཁུང་ཟླ་གམ་དམར་པོ་རྒྱར་ཁྲུ་ཕྱེད་པ། དཔངས་སུ་དེའི་ཕྱེད་ཆ། དབུས་སུ་པདྨའི་ལྟེ་བར་ལྕགས་ཀྱུ་རྃ་གྱིས་མཚན་པ། ཁ་ཁྱེར་ཕྱོགས་བཞིར་པདྨ། ཟུར་བཞིར་ལྕགས་ཀྱུ་རེ་རེས་མཚན་པ། ཙནྡན་དམར་པོ་དང་མཛོ་མོ་ཤིང་སོགས་དམར་ལ་སྐྱུར་བའི་ཤིང་ཟླ་གམ་དུ་བརྩིག །ཀུ་ཤ་རྩེ་མོ་ནུབ་ཏུ་བསྟན་པས་བཀབ། གཏོར་མའི་རྒྱུ་ཟངས་ཕྱེ་པད་རཀ་བུ་རམ་འབྲས་དམར་རམ་བུའི་ཕྱེ་རྣམས་མང་ལ་བསྲེས་བསང་དབྱིབས་ཟླ་གམ་པད་འདབ་ལྔ་པ། གཡས་གཡོན་ཏུ་སྨན་རཀ །མར་ཁུའང་འཛོམ་ན་ཏིལ་མར་གྱི་ཁུ་བ་དང་། ཡམ་ཤིང་ཙནྡན་དམར་པོ་སོགས་དམར་ལ་རོ་སྐྱུར་བའི་ཤིང་གི་སྡོང་པོའི་ཆ་ལས་བྱུང་བ་སོར་བརྒྱད་པ་བུ་རམ་དང་ཏིལ་མར་གྱིས་བྱུགས་པ། བསྲེག་རྫས་གོང་


LT32_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པ་ལ་ཟངས་ཕྱེ་བྱེ་རུ་དར་དམར་ལ་སོགས་པའི་རྫས་སྤུངས། ཁྱད་པར་གྱི་རྫས་འབུལ་དགོས་པའི་ཚེ་མེ་ཏོག་དམར་པོ། མངར་གསུམ་ཆང་གི་གླུ་མ། མྱོས་བྱེད་འབྲས་བུ། ཟླ་མཚན་གཙོས་རཀྟའི་རིགས་ལ་སོགས་པ་བདུད་རྩི་ལྔས་སྦགས་ཏེ་བཞག །སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་ཟླ་གམ། ཁ་དོག་དམར་པོ། སློབ་དཔོན་ཆས་རྒྱན་དམར་པོ་ཆགས་པའི་བསམ་པས་པད་སྐྱིལ་གྱིས་ནུབ་ཏུ་ཕྱོགས་པས་འཁོད་མེ་རོལ་མོ་མཁན་ནམ་སྨད་འཚོང་མའི་ཁྱིམ་ནས་བྱུང་བས་སྦར། བསྲེག་རྫས་བདུད་རྩི་དམར་པོར་མོས། ཕྲིན་ལས་ཞི་རྒྱས་དང་འདྲ་བ་ལ། ཐབ་བསྐྱེད་སྐབས། ཧཱུྃ་ཧྲཱིཿ མེ་ཐབ་སྟོང་པའི་ངང་ལས་ཨེ་ཡིག་ལས༔ དབང་གི་ཐབ་ཁུང་དམར་པོ་ཟླ་གམ་དབྱིབས༔ འགུགས་བྱེད་ལྕགས་ཀྱུའི་མེ་ལྕེ་དམར་པོ་འབར༔ དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་མེ་ལྷ་དམར་པོ་ཆགས་པའི་མདངས༔ ཞལ་གཅིག་ཕྱག་བཞི་སོགས་ལ་འཇུག །མཆོད་པའི་སྐབས་ཉེར་སྤྱོད། འདོད་ཡོན་ལྔའི་རྗེས་སུ། བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང་ཿ རཀྟ་དམར་མཆོད་ཨརྒྷཾ་དང་༔ བཅུད་ལྡན་མཆོག་གི་གཏོར་མ་རྣམས༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ བཛྲ་ཨ་མྲྀ་ཏ་རཀྟ་བ་ལི༚་ཏ་ཁ་རཾ་ཁཱ་ཧིཿ ཞེས་དང་། རྒྱས་པ་ལྟར་ཚོགས་ཕུལ། ཡམ་ཤིང་ལ། ཧཱུྃ་ཧྲཱིཿ


LT32_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཡམ་ཤིང་མཛོ་མོ་ཙནྡན་དམར༔ བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ དབང་གི་ཕྲིན་ལས་བསྒྲུབ་ཕྱིང་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་བ་ཏཱ་བ་ཤང་ཀུ་རུ་ཡེ་ཧོཿ ཞེས་སྦྱར། བསྲེག་རྫས་འདོད་གསོལ་སྐབས། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པ་ཤང་ཀུ་རུ་ཧོཿ ཞེས་པས་འགྲེས་སྦྱར། ཕྲིན་བཅོལ་སྐབས་སོགས། ཞི་བ་ཞེས་པ་གར་ཡོད། དབང་གི་ཞེས་བསྒྱུར། འདོད་གསོལ་ལ། ཧོཿ དྲང་སྲོང་ཆེན་པོ་ཁྱེད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ བདག་ཅག་ཡོན་མཆོད་ཐམས་ཅད་ལ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་དང་གཞན་ཡང་ཁམས་གསུམ་དབང་དུ་འདུས་པ༔ སྲིད་གསུམ་ཟིལ་གྱིས་མནན་པ༔ ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུ་བ་མཛད་དུ་གསོལ༔ བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེ་སྦྱར། དཀྱིལ་འཁོར་པ་ལ་མཆོད་པའང་གོང་དང་འདྲ་བ་ལས། བསྟོད་པའི་རྗེས་སུ། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཐུག་སྲོག་སྔགས་ཕྲེང་དང་བཅས་པ་པདྨ་རཱ་ག་ལྟར་དམར་བ་ལས། འོད་ཟེར་དང་བདུད་རྩི་དམར་པོ་འཕྲོས་པས་འཁོར་འདས་སྣོད་བཅུད་སྣང་བ་ཐམས་ཅད་དབང་དུ་འདུས་པར་མོས་ལ། སྙིང་པོའི་གཤམ་དུ། འཁོར་འདས་སྣོད་བཅུད་རླུང་སེམས་སྣང་བ་ཐམས་ཅད་བ་ཤང་ཀུ་རུ་ཧོཿ ཞེས་བཏགས་པ་བཟླ། རྗེས་མེ་


LT32_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཞིའམ་ཆང་གིས་གཞི་ལ། ཐལ་སོལ་རི་རྩེའམ་ཆུ་ཆེན་ཏུ་བསྐྱལ་ལོ། །བཞི་པ་དྲག་པོའི་སྦྱིན་སྲེག་ནི། དུས་ཐ་ཆུང་བཞིའི་མར་ངོ་དང་གནམ་སྟོང་གི་ཉིན་ཕྱེད་དང་མཚན་ཕྱེད་ན། ཐབ་ཁུང་གྲུ་གསུམ་ནག་པོ་རྒྱར་སོར་མོ་ཉི་ཤུ། དབངས་སུ་དེའི་ཕྱེད་ཆ། དབུས་སུ་རལ་གྲི་རྃ་གྱིས་མཚན་པ། ཁ་ཁྱེར་ཕྱོགས་བཞིར་རལ་གྲི་རེ། ཟུར་བཞིར་རལ་བྲི་རེ་རེས་མཚན་པ། དུག་ཤིང་སྐྱེར་པ་ཚེར་ནག་ལ་སོགས་པ་ཚ་ཞིང་རྩུབ་པའི་ཤིང་གིས་གྲུ་གསུམ་དུ་བརྩིག །ཀུ་ཤ་རྩེ་མོ་བྱང་དུ་བསྟན་པས་བཀག །གཏོར་མའི་རྒྱུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེར་ཁྱིའི་ཁྲག་ཤ་ཆེན་སྲན་ཆེན་རྣམས་མར་ནག་ལ་བསྲེས་པས་གྲུ་གསུམ་ཐེབས་ཀྱུ་ཟུར་གསུམ་གསུམ་ལྡན། གཡས་གཡོན་ཏུ་སྨན་རཀ །མདུན་ཏུ་ཁྲག་གི་མཆོད་ཡོན་སོགས་དྲག་མཆོད། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། སྐྱེར་ཚེར་སོགས་དུག་དང་ཚེར་མ་ཅན་གྱི་རྩ་བའི་ཆ་ལས་བྱུང་བའི་ཡམ་ཤིང་རྩ་ང་གཟུགས་སོར་བཅུ་གཉིས་པ་དུག་ཁྲག་ཚིལ་ཆེན་གྱིས་སྔགས་པ། དཱུརྦ་ཀུ་ཤ་རྣམས་ཀྱང་དུམ་བུར་གཏུབས། ཁྱད་པར་གྱི་རྫས། ཡུངས་ཀར་ནག །གུ་གུལ། གཏོར་ཆུང་། ལིངྒ། དུག་ཁྲག །ཀེ་ཚེ་ཤང་ཚེ། ལན་ཚྭ། དམིགས་བྱའི་རྗེས་དང་རྟེན་གྱིས་སོགས་ཁྲག་ཆེན་གྱིས་སྦོལ། མཆོད་རྫས་སློབ་དཔོན་གྱི་གཡས་དང་བསྲེག་རྫས་གཡོན་ཏེ་སྔ་མ་ལས་གོ་ཟློག །དགང་བླུགས་ཀྱང་དེ་བཞིན་བྱ་བ་ཁ་ཅིག་བཞེད། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་གསུམ། ཁ་དོག་ནག་པོ། སློབ་དཔོན་ཞྭ་ནག་ཕོད་ཀ་རུས་རྒྱན་ཞེ་སྡང་གི་ངར་དང་ལྡན་པས་རུས་སྦལ་


LT32_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདུག་སྟངས་ཀྱིས་ལྷོར་ལྟ་བས་འཁོད། རོ་བསྲེགས་པའི་མེའམ་གདོལ་པ་དང་ཤན་བའི་ཁྱིམ་ནས་བྱུང་བའི་མེས་སྦར་བ་རྣམས་ཁྱད་པར་རོ། །ཐོལ་མར་བདག་བསྐྱེད་ཀྱི་ཕྲིན་ལས་བཏང་པའི་ཚོགས་ཐ་མའི་སྐབས་ལིང་ཆུང་རྣམས་ལ་དམིགས་ཏེ་འགུགས་ལན་ན་ཏན་དང་བསྒྲལ་ལས་སྐབས་དུམ་བུར་གཏུབས། ཞལ་བསྟབ་མི་བྱའོ། །བྱིན་རླབས་སྐབས། མཆོད་བསྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུས་གཡོན་སྐོར་དུ་འཐོར་ཞིང་། ཨ་མྲྀ་ཏས་བསང་། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་བྱུང་བའི་དམར་གྱི་དུང་ཆེན་སྟོང་གསུམ་མཉམ་པའི་ནང་དུ་ནྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྟ་ཨཱཿཧཱུྃ་གི་བར་དང་། དྲག་སྒྲུབ་སྔགས་མཐར། ཤྀ་ཏྲི་མཱ་ར་ཡ་ཛཿཛཿ ལན་གསུམ་བརྗོད་པས་བསྲེག་རྫས་བྱིན་བརླབ། དེས་མཚོན་ཏེ་གཡས་སྐོར་དགོས་པ་ཐམས་ཅད་གཡོན་སྐོར་བྱ། ཐབ་བསྐྱེད་སྐབས། ཧཱུྃ་ཧྲཱིཿ མེ་ཐབ་སྟོང་པའི་ངང་ལས་ཨེ་ཡིག་ལས༔ དྲག་པོའི་ཐབ་ཁུང་ལྗང་ནག་གྲུ་གསུམ་པ༔ རལ་གྲི་མཚོན་ཆ་ལྗང་ནག་མེ་འོད་འབར༔ དབུས་སུ་པདྨ་ཉི་མའི་གདན་སྟེང་དུ༔ དམ་ཚིག་མེ་ལྷ་ལྗང་ནག་ཁྲོས་པའི་སྐུ༔ ཞལ་གཅིག་


LT32_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་སོགས་ལ་འཇུག །མཆོད་པ་ཆུ་གཉིས་ཉེར་སྤྱོད། སྨན་རག་གཏོར་གསུམ་དབང་ལྟར་དང་། ཁྱད་པར་དུ། གསུར་ཆེན་ཤ་དང་ཚིལ་ཆེན་དྲི༔ སྐྱེས་པའི་རྒྱུད་ལས་བྱུང་བ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཤ་ཏྲུཾྃ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་ཧྲཱི༔ ང་བདག་གཟུང་འཛིན་དགྲ་བགེགས་ཤ་ཁྲག་རུས༔ ཀླད་པ་རྐང་མར་ཚིལ་བུ་ནང་ཁྲོལ་རྣམས༔ ཕུང་པོ་ལྷག་མེད་མེ་ལྷའི་ཞལ་དུ་སྟེབ༔ མ་རུངས་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ༔ ཞེས་མཆོད། དགང་བླུགས་ཁྲོ་བོའི་ཁུ་ཚུར་གྱིས་པུས་མོའི་ཕྱི་ནས་ནང་དུ་མི་འདའ་བར་བྱས། དགང་བླུགས་ཁ་ལ་ཧཱུྃ་ཡིག་མཚན༔ ཅེས་བསྒྱུར་བ་དང་། ཡམ་ཤིང་ལ། ཧཱུྃ་ཧྲཱིཿ དྲག་པོའི་ཡམ་ཤིང་ཚེར་མ་དུག་ཤིང་རྣམས༔ བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ དྲག་པོའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་བ་ཏཱ་མཱ་ར་ཡ་ཕཊ༔ ཅེས་སྦྱར། བསྲེག་རྫས་སྤེལ་ཚིག །རྣལ་འབྱོར་པ་བདག་ཅག་གམ་སྦྱིན་པའི་བདག་པོའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་པས་ཐམས་ཅད་ལ་འགྲེ། ཕྲིན་བཅོལ་སྐབས་སོགས། ཞི་བ་ཞེས་པ་རྣམས།


LT32_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཞེས་བསྒྱུར། བསྲེག་རྫས་རྣམས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩི་ནག་པོ་རོ་ལྡན་ཏུ་མོས། །བསྲེག་རྫས་རྣམས་རྫོགས་པའི་མཐར་ལིངྒ་སོགས་དྲག་རྫས་རྣམས་ལ་དམིགས་ཏེ། བདེན་སྟོབས་བརྗོད་ཅིང་འགུགས་གཞུག་བྱས་ལ། ཧཱུྃ་ཧྲཱི༔ ཆེ་བའི་ཆེ་མཆོག་མེ་ལྷ་ནི༔ ཁམས་གསུམ་བསྲེག་ཕྱིར་ཞལ་ཧོམ་བགྲད༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་ཧྲིག༔ སྟོང་གསུམ་འདུལ་ཕྱིར་མེ་དཔུང་འབར༔ འུར་འུར་ཆེམ་ཆེམ་སྲེག་པའི་སྐུ༔ ལས་ངན་སྡིག་སྒྲིབ་ཞལ་དུ་བསྲེག༔ བསམ་སྦྱོར་ངན་པ་ཞལ་དུ་བསྲེག༔ རྦད་འདྲེ་རྦོད་གཏོང་ཞལ་དུ་བསྲེག༔ བསྟན་པའི་རུ་ཏྲ་ཞལ་དུ་བསྲེག༔ རྐྱེན་ངན་བར་ཆད་ཞལ་དུ་བསྲེག༔ ཧཱུྃ་ཧྲཱི༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་སོགས༔ ཁྲག་དང་བསྲེས་ཏེ་འབུལ་ལགས་ན༔ མུནྟ་ར་ཡི་ཆན་དང་སྦྱར༔ བསྲེག་པས་རུ་ཏྲ་ཕུང་བར་མཛོད༔ ཅེས་དང་། ཨོཾ་ཨགྣི་ཀྲོ་དྷ་ཡ་དགྲ་བགེགས་ཆོམ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་དྲག་རྫས་རྣམས་ཆར་གྲངས་ཅི་འགྲུབ་འབུལ། འདོད་གསོལ་སྐབས། ཧོཿ དྲང་སྲོང་ཆེན་པོ་ཁྱེད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ བདག་ཅག་ཡོན་མཆོད་ཐམས་ཅད་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་མ་རུངས་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་གཅོད་པར་མཛད་དུ་


LT32_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ༔ མཱ་ར་ཡ་ཕཊ༔ དེ་ནས་དཀྱིལ་འཁོར་ལ་མཆོད་པ་གོང་མ་རྣམས་ལྟར་ལ། བཞུགས་གསོལ་རྗེས། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་འོད་ཟེར་བསྐལ་མེ་ལྟར་འབར་བ་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་གྱུར། ཅེས་དམིགས། བསྲེག་རྫས་རྫོགས་ནས་དྲག་རྫས་སྐབས། འགུགས་གཞུག་དང་། ཧཱུྃ་ཧྲཱིཿ ཆེ་བའི་ཆེ་མཆོག་དྲག་པོའི་ལྷ༔ ཞེས་བསྒྱུར་བའི་འབུལ་ཚིག་མེ་ལྷའི་སྐབས་ལྟར་བྱ། སྔགས། ཨོཾ་བཛྲ་ཀྲོ་དྷ་སརྦ་ཤ་ཏྲུྃ་རཱུ་པ་ཙིཏྟ་ཨགྣི་ཛྭ་ལ་རཾ་ཁཱ་ཧི༔ ཞེས་པས་གྲངས་གང་འོས་ཕུལ། བསྟོད་པའི་རྗེས་སུ། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ཆར་སྤྲིན་ལྟར་གནག་ཅིང་འོད་ཟེར་མཐིང་གས་བསྐོར་བའི་འོད་ཟེར་མེའི་ཚྭ་ཚྭ་ཁྲོ་ཆུང་མཚོན་ཆའི་ཆར་སོགས་གྲངས་མེད་འཕྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚར་བཅད་པར་མོས་ལ། རྩ་སྔགས་ཀྱི་ཤམ་དུ། གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་བརྟགས་ནས་ཅི་མང་བཟླ། རྗེས་མེ་དུག་ཁྲག་གི་ས་གཞི་ལ། ཐལ་སལ་ཐོད་ངན་ཏུ་བླུགས་ལ་མཆོད་རྟེན་གྱི་འོག་གམ་ལམ་རྒྱ་གྲམ་དུ་སྦས་ལ་གཟིར་མནན་གྱི་རྟ་བྲོ་བརྡུང་ངོ་། །ལྔ་པ་ལས་བཞི་སྐྱི་དྲིལ་ལ། དུས་ཉ་སྟོང་བརྒྱད་ཀྱི་ཉིན་མཚན་ཇི་ལྟར་རིགས་པར།


LT32_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ཁུང་ཚད་དབྱིབས་རྒྱས་པ་ལྟར་ལ། དབུས་སུ་རྩ་བ་གསུམ་གྱི་དཀྱིལ་འཁོར་དེའི་རྒྱབ་ཏུ་རིམ་པ་བཞིན་ཟླ་གམ་དམར་པོ། ཟླུམ་པོ་དཀར་པོ། གྲུ་བཞི་སེར་པོ། གྲུ་གསུམ་ནག་པོ་ཕྱི་རོལ་དུ་རྡོར་མེ་རིས་བསྐོར་བ། ལས་བཞི་ཀའི་བུད་ཤིང་ཐབ་ཀྱི་དབྱིབས་དང་མཐུན་པར་བརྩིགས་པའི་སྟེང་དུ་ཀུ་ཤའི་རྩེ་མོ་ཕྱོགས་བཞི་ཀར་བསྟན་པའང་བཀབ། བསྲེག་རྫས་ལས་བཞི་ཚང་པ་ཤར་སོགས་ཕྱོགས་སོ་སོར་བཀོད། གཏོར་མའང་ལས་བཞི་ཀ་སྣོད་གཅིག་ཏུ་སྦོམ། འདུག་སྟངས་སོགས་དང་ཕྲིན་ལས་ཞི་བ་གཞིར་བཞག །མཆོད་སྲེག་རྫས་བྱིན་རླབས་ཞི་དྲག་སོ་སོར་བྱ། ཐབ་བསྐྱེད་སྐབས། ཧཱུྃ་ཧྲཱིཿ མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས༔ ཨེ་ལས་བྱུང་བའི་ལས་བཞིའི་ཐབ་ཁུང་ནི༔ སྣ་ཚོགས་དབྱིབས་ལྡན་མེ་ལྕེ་འོད་ལྔ་འབར༔ དབུས་སུ་པདྨ་ཉི་ཟླའི་གདན་སྟེངས་སུ༔ དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན༔ ཀུན་འདུས་སྐུ་མདོག་སྣ་ཚོགས་གཟི་བརྗིད་ཅན༔ ཞལ་གཅིག་ཕྱག་བཞི་ཕྱིན་ཆད་སྔར་དང་མཚུངས། མཆོད་རྫས་རྣམས་ལས་བཞི་ཀ་བསྡོམས་ནས་ཕུལ། ཡམ་ཤིང་རྣམས། ཧཱུྃ་ཧྲཱིཿ ཞི་བའི་ཡམ་ཤིང་བལ་དཀར་བྱང་ཆུབ་སེམས༔ རྒྱས་པའི་ཡམ་ཤིང་རྒྱ་ཤུག་སེར་པོ་སོགས༔ དབང་གི་ཡམ་ཤིང་མཛོ་མོ་ཙནྡན་དམར༔ དྲག་པོའི་ཡམ་ཤིང་ཚེར་མ་དུག་ཤིང་རྣམས༔ བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཕྱིར་བཞེས་སུ་གསོལ༔


LT32_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨགྣི་དེ་ཝ་ཏཱ་ཤཱནྟིང་། པུཥྚིཾ། པ་ཤཾ། མཱ་ར་ཡ་ཕཊ༔ ཅེས་བསྲེག་རྫས་དང་འདོད་གསོལ་རྣམས་ལས་བཞི་སོ་སོར་ཚང་པར་སྦྱར། ཁྱད་པར་གྱི་རྫས་སོ་སོ་རྣམས་ནི་སྐབས་འདིར་མི་དགོས། ཞི་བའི་ཕྲིན་ལས། ཞེས་པར། ཕྲིན་ལས་རྣམ་བཞི་ཞེས་དང་། ལས་བཞི་ཞེས་བསྒྱུར། འདོད་གསོལ་ལ། ཕྲིན་ལས་བཞི་ཀ་སྦྱར། དཀྱིལ་འཁོར་བ་མཆོད་པའི་སྐབས་སུའང་དེས་རིགས་འགྲེ། སྔགས་ཤམ་དམིགས་པ་བཅས་ལས་བཞི་ཀ་སྦྱར། རྗེས་མེ་ཞི་རྒྱས་གཙོར་བྱས་ཀྱང་ཆོག །ཚོ་བཞིར་བགོས་ལ་ལས་སོ་སོ་ལྟར་བྱ་བ་གང་བདེར་བྱའོ། །འདི་དག་གི་སྐབས་སུ་མེ་བྲ་བརྟག་པ་ནི། རྩ་བའི་གཞུང་ལས། ཞི་བ་ལ་མེ་དཀར་ཞིང་འཇམ་ལ་ཟླུམ་པོར་འཁྱིལ་བ། རྒྱས་པ་ལ་གྲུ་བཞི་གསེར་བཙོ་མའི་འོད་ལྟ་བུ༔ དབང་ལ་དམར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ༔ དྲག་པོ་ལ་ཐུགས་ཆོམ་དང་དུམ་བུ་ཆད་པ་བཟང་ངོ་། །ལས་སྣ་ཚོགས་ནི་མེ་བདག་སྣ་ཚོགས་པ་འབར་ཞིང་རྩེ་མོ་རྣོ་བ་བཟང་ངོ་། །དེ་ལས་བཟློག་པ་ནི་བར་ཆད་ཀྱི་པྲ་རྟགས་སོ༔ ཞེས་གསུངས་ཏེ་ངན་པའི་ལྟས་བྱུང་ན་ལས་སྔགས་བརྗོད་ཅིང་ལས་བུམ་གྱི་ཆུས་བསང་གཏོར་བྱ། །གཞན་ཡང་། སྲུང་མདུད་ཡི་དམ་གྱི་རྩ་སྔགས་ཞབས་སུ་ཕྲིན་ལས་བཞིའི་ཁ་བསྒྱུར་བཟླས་པ་སྐྱེས་པ་བུད་མེད་ཀྱི་དཔུང་པ་གཡས་གཡོན་དུ་བཅིང་། ཞེས་གསུངས་པ་ལྟར་དགོངས་འདུས་ལས་ཀྱང་འབྱུང་སྟེ་ཟབ་ཅིང་བྱིན་རླབས་ཆེ་བར་བསྔགས་པས་ལག་ལེན་ཏུ་བྱའོ། །ཕྱི་ཡི་སྲེག་བླུགས་ལས་བཞི་ཐོགས་མེད་འགྲུབ། །ནང་གིང་བར་བཞུས་ཕུང་ཁམས་དྭངས་མར་སྨིན། །གསང་


LT32_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཏོམ་གྱིས་འཁྲུལ་རྟོག་འོད་གསལ་དུ། །སྦྱངས་འབྲས་མི་འགྱུར་རྡོ་རྗེའི་བདེ་ཐོབ་ཤོག །ཅེས་པ་འདིའང་སྦས་ཡུལ་སྤུ་པོའི་ལྗོངས་ཀྱིས་སྐྱོང་གསང་ཆེན་བསྟན་པའི་རྩ་ལག་ཀ་ནི་སྡེ་པ་དང་བྱང་གླིང་གྲུབ་པའི་དབང་ཕྱུག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་སོགས་མཆོད་ཡོན་ཟུང་གིས་ཆེད་དུ་བསྐུལ་ངོར། སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །། །།

ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་བསྐང་བ་འཆི་མེད་འདོད་འཇོའི་རྔ་སྒྲ།


LT32_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་བསྐང་བ་འཆི་མེད་འདོད་འཇོའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །


LT32_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ ལྷུན་གྲུབ་འགྱུར་བ་མེད་པའི་ཞིང་། །ཀློང་ཡངས་འཁྱིལ་པའི་གཞལ་མེད་ཁང་། །ཡེ་ཤེས་ལྔ་ཡི་རང་འོད་འབར། །བདེ་ཆེན་པདྨོ་བཀོད་པ་ནས། །ཚེ་དང་ཡེ་ཤེས་འོད་དཔག་མེད། །རང་སྣང་སྤྲུལ་པའི་འཁོར་ཚོགས་བཅས། །གཤེགས་བཞུགས་མཚན་མ་མི་མངའ་ཡང་། །ཐུགས་རྗེའི་དབང་གིས་འདིར་དགོངས་མཛོད། །གཟུང་འཛིན་རོ་མཉམ་ངང་དུ་བཞུགས། །ཡིད་དཔྱོད་བྲལ་བར་ཕྱག་བགྱིའོ། །དུག་ལྔ་གནས་དག་ཡེ་ཤེས་ཀྱི། །འོད་ཟེར་ལྔ་ཡི་རང་མདངས་ལས། །རང་བྱུང་རང་ཤར་མཆོད་པའི་སྤྲིན། །མཆོད་ཡོན་མེ་ཏོག་བདུག་སྤེས་དང་། །


LT32_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་དྲི་ཞལ་རོལ་མོ་དབྱངས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མཛེས་པའི་ལྷ་མོ་བཅུ་དྲུག་དང་། །སྨན་གཏོར་རཀྟ་ཚོགས་མཆོད་སོགས། །ཕྱི་ནང་གསང་བ་དེ་བཞིན་ཉིད། །དྭངས་མ་བདུད་རྩིའི་བཅུད་མཆོག་ལས། །རང་གྲུབ་བསྐང་རྫས་ནམ་མཁའི་མཛོད། །ཆོས་དབྱིངས་གདོད་ནས་ཁྱབ་པ་ཡིས། །ཐུགས་དམ་གཉན་པོ་བསྐང་གྱུར་ནས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཧྲཱིཿ དང་པོའི་སངས་རྒྱས་འོད་མི་འགྱུར། །ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །ནམ་མཁའི་རྒྱལ་པོ་གངས་ཆེན་མཚོ། །


LT32_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །རང་བྱུང་སངས་རྒྱས་པདྨ་སྐྱེས། །སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང་། །སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །འཆི་བདག་བདུད་བཅོམ་འོད་ཀྱི་ལུས། །ཏིང་འཛིན་བཟང་པོའི་ཐུགས་དམ་བསྐང་། །འབྱུང་བཞིར་དབང་བསྒྱུར་མཁའ་འགྲོའི་གཙོ། །འཇའ་ཚོན་སྙིང་པོའི་ཐུགས་དམ་བསྐང་། །འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཆོས་དབྱིངས་རྡོ་རྗེའི་ཐུགས་དམ་བསྐང་། །མཁྱེན་བརྩེ་ནུས་ལྡན་གསང་བའི་བདག །གྲགས་པ་མཆོག་དབྱངས་ཐུགས་དམ་བསྐང་། །བི་མ་དངོས་བྱོན་འགྲོ་བའི་སྐྱབས། །བཟང་པོ་རྡོ་རྗེའི་ཐུགས་དམ་བསྐང་། །མཁས་གྲུབ་རྒྱ་མཚོའི་གཙུག་གི་རྒྱན། །པདྨ་ལེགས་གྲུབ་ཐུགས་དམ་བསྐང་། །བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ །ནམ་མཁའ་འཇིགས་མེད་ཐུགས་དམ་བསྐང་། །བརྒྱུད་པའི་བཀའ་བབས་འགྲོ་བ་འདུལ། །བསྟན་པ་དར་རྒྱས་ཐུགས་དམ་བསྐང་། །གསར་རྙིང་བསྟན་པའི་སྒྲོན་མེ་མཆོག །ཀརྨ་ཆགས་མེད་ཐུགས་དམ་བསྐང་། །སྦྱངས་པ་སྔོན་སོང་བཀའ་སྲོལ་འཛིན། །ལུང་ཟིན་ཆོས་བདག་ཐུགས་དམ་བསྐང་། །བཀའ་དྲིན་སུམ་ལྡན་


LT32_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མགོན། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ནས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཧྲཱིཿ རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །མཁའ་མཉམ་འགྲོ་བ་ཡོངས་ཀྱི་སྐྱབས། །འཆི་མེད་དངོས་གྲུབ་ཀུན་འདུས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །འདུ་ཤེས་རྣམ་དག་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་ཚེ་དཔག་མེད། །ན་བཟའ་དཀར་མོ་ཡུམ་དང་འཁྲིལ། །དཀྱིལ་འཁོར་གཙོ་བོའི་ཐུགས་དམ་བསྐང་། །ནམ་མཁའི་ཁམས་ཀྱི་བཅུད་སྡུས་ལ། །སེམས་ཀྱི་ཁམས་ཀྱི་ཚེ་ཉམས་གསོས། །དྲན་བྱ་དྲན་བྱེད་སྙིགས་མ་སྦྱོངས། །དག་པ་ཡེ་ཤེས་རང་རྩལ་རྒྱས། །གསུང་མཆོག་རྡོ་རྗེའི་ཚེ་དབང་སྩོལ། །རྣམ་ཤེས་རྣམ་དག་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ཚེ་དཔག་མེད། །སངས་རྒྱས་སྤྱན་མ་ཡུམ་དང་འཁྲིལ། །ཤར་གྱི་ཚེ་བདག་ཐུགས་དམ་བསྐང་། །ས་ཡི་ཁམས་ཀྱི་བཅུད་སྡུས་ལ། །ཤ་ཡི་ཁམས་ནས་ཚེ་ཉམས་གསོས། །ས་ཁམས་ཤ་ཡི་སྙིགས་མ་སྦྱོངས། །ས་བཅུད་ཤ་ཡི་དྭངས་མ་སྐྱེད། །ཐུགས་མཆོག་རྡོ་རྗེའི་ཚེ་དབང་སྩོལ། །ཚོར་བ་རྣམ་


LT32_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཅོམ་ལྡན་འདས། །རིན་ཆེན་འབྱུང་ལྡན་ཚེ་དཔག་མེད། །ཡུམ་ཆེན་མ་མ་ཀི་དང་འཁྲིལ། །ལྷོ་ཡི་ཚེ་བདག་ཐུགས་དམ་བསྐང་། །ཆུ་ཡི་ཁམས་གྱི་བཅུད་སྡུས་ལ། །ཁྲག་གི་ཁམས་ནས་ཚེ་ཉམས་གསོས། །ཆུ་ཁམས་ཁྲག་གི་སྙིགས་མ་སྐྱོངས། །ཆ་བཅུད་ཁྲག་གི་དྭངས་མ་སྐྱེད། །ཡོན་ཏན་རྡོ་རྗེའི་ཚེ་དབང་སྩོལ། །གཟུགས་ཕུང་རྣམ་དག་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཚེ་དཔག་མེད། །ཡུམ་ཆེན་དབྱིངས་ཕྱུག་མ་དང་འཁྲིལ། །ནུབ་ཀྱི་ཚེ་བདག་ཐུགས་དམ་བསྐང་། །མེ་ཡི་ཁམས་ཀྱི་ཚེ་ཉམས་གསོས། །དྲོད་ཀྱི་ཁམས་ནས་བཅུད་སྡུས་ལ། །མེ་ཁམས་དྲོད་ཀྱི་སྙིགས་མ་སྦྱོངས། །མེ་བཅུད་དྲོད་ཀྱི་དྭངས་མ་སྐྱེད། །སྐུ་མཆོག་རྡོ་རྗེའི་ཚེ་དབང་སྩོལ། །འདུ་བྱེད་རྣམ་དག་བཅོམ་ལྡན་འདས། །དོན་ཡོད་གྲུབ་པ་ཚེ་དཔག་མེད། །དམ་ཚིག་སྒྲོལ་མ་ཡུལ་དང་འཁྲིལ། །བྱང་གི་ཚེ་བདག་ཐུགས༴ །རླུང་གི་ཁམས་ཀྱི་བཅུད་སྡུས་ལ། །དབུགས་ཀྱི་ཁམས་ནས་ཚེ་ཉམས་གསོས། །རླུང་ཁམས་དབུགས་ཀྱི་སྙིགས་མ་སྦྱོངས། །རླུང་བཅུད་དབུགས་ཀྱི་དྭངས་མ་སྐྱེད། །ཕྲིན་ལས་རྡོ་རྗེའི་ཚེ་དབང་སྩོལ། །འཇམ་དཔལ་གཞོན་ནུ་སྤྱན་རས་གཟིགས། །གསང་བའི་


LT32_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་པདྨ་འབྱུང་། །རྒྱལ་ཀུན་རྡོ་རྗེ་བཞི་ཡི་དངོས། །འགྲོ་འདུལ་སྐུ་བཞིའི་ཐུགས༴ །མཆོག་གསུམ་རྩ་གསུམ་རིག་པ་འཛིན། །དྲང་སྲོང་ཚེ་ལ་དབང་རྣམས་ཀྱི། །ཐུགས་རྗེ་བྱིན་རླབས་མངོན་ཤེས་ཚེའི། །དངོས་གྲུབ་བསྡུས་ནས་བདག་ལ་སྟིམས། །དམ་ཚིག་སྡོམ་ཉམས་སོར་ཆུད་ནས། །མི་འགྱུར་རྡོ་རྗེའི་ཚེ་དབང་སྩོལ། །པུཥྤེ་དཀར་མོ་དྷཱུ་པེ་སེར། །ཨཱ་ལོ་དམར་མོ་གནྡྷེ་ལྗང་། །ལས་བཞིའི་ཕྲིན་ལས་སྒྲུབ་མཛད་མ། །མགྱོགས་མ་བཞི་ཡི་ཐུགས༴ །བརྒྱ་བྱིན་འཇོག་པོ་འཁོར་ལོས་སྒྱུར། །ལྷ་ཀླུ་མི་དབང་ཚེ་བསོད་ཅན། །སྟོབས་རྩལ་ཆེ་བའི་སྲོག་ཆགས་དང་། །མཁའ་ལྡིང་ཟིལ་དང་ལྡན་སོགས་ཀྱི། །ཚེ་བསོད་ཁ་རྗེ་དབང་ཐང་དང་། །སྙན་གྲགས་ཀླུང་རྟའི་དྭངས་མ་སྡུས། །འཆི་མེད་རྡོ་རྗེའི་ཚེ་དབང་སྩོལ། །རྣམ་པར་རྒྱལ་བ་གཤིན་རྗེ་གཤེད། །རྟ་མགྲིན་དབང་ཆེན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྲུང་ཡབ་ཡུམ་ཐུགས༴ །གདོན་བགེགས་སྡེ་བརྒྱད་འབྱུང་པོ་ཡིས༴ །བླ་ཚེ་སྲོག་དབུགས་འཕྲོག་པ་དང་། །བརྐུས་དང་བཅོམ་པ་རང་གནས་ཁུག །འཐོར་དང་ཞིག་པ་ཤུལ་དུ་ཆུག །ཚེ་བདུད་བར་ཆད་རྡུལ་དུ་རློག །གཞན་ཡང་ཚེ་ལྷ་རིག་འཛིན་


LT32_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་ལ་སོགས་པ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བླ་ཚེ་སྲོག་ཚེ་ཉམས་པ་གསོས། །གས་པ་སྦྱོར་ལ་ཡར་བ་ཁུག །ཆད་པ་མཐུད་ལ་ཡོ་བ་སྲོང་། །ཚེ་དབང་འགྲུབ་པའི་སྡོང་གྲོགས་མཛོད། །ཕྱི་སྣོད་འཇིག་རྟེན་རབ་འབྱམས་ཀྱི། །འབྱུང་ལྔའི་དྭངས་མ་ལུས་ལ་སྟིམས། །ནང་བཅུད་ཁམས་གསུམ་སྲིད་གསུམ་གྱི། །སྐྱེ་འགྲོའི་ཤེས་རྒྱུད་ངག་ལ་སྟིམས། །གསང་རྒྱུད་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་རྗེ་བྱིན་རླབས་སེམས་ལ་སྟིམས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་དགོངས། །ཐམས་ཅད་ཆོས་དབྱིངས་མཉམ་པ་ཉིད། །གདོད་ནས་ཡེ་སངས་རྒྱས་པ་ལ། །མ་རྟོགས་གཉིས་སྣང་འཁྲུལ་པའི་དབང་། །སྐྱེ་འཆི་འཁོར་བའི་ལུ་གུ་རྒྱུད། །བར་མེད་ངང་དུ་སྒྲིབ་བསགས་པ། །ལས་ཉོན་སྤྱི་དང་ཁྱད་པར་དུ། །སྡོམ་པ་གསུམ་གྱི་ཆགས་ཉམས་དང་། །སྲོག་བཅད་རྟེན་གསུམ་གཞིག་གཞོམ་དང་། །རྡེག་རྡུང་རྐུ་འཕྲོག་ལ་སོགས་པ། །ཚེ་ཐུང་ནད་མང་དབང་ཐང་གུད། །བར་གཅོད་མང་བའི་ལས་སྒྲིབ་རྣམས། །གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །


LT32_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་ཟུང་འཇུག་ངང་དུ་བཤགས། །རིག་སྟོང་ཀློང་དུ་སོར་ཆུད་ཤོག །ཐམས་ཅད་རྡོ་རྗེ་ཚེ་ལྷ་ཡི། །དཀྱིལ་འཁོར་མཐའ་དབུས་མེད་པར་དག །ཨ་འཐས་འཁྲུལ་པའི་མིང་ཡང་མེད། །ལྷུན་གྲུབ་རིན་ཆེན་གསང་བའི་སྦུབས། །གཞོན་ནུ་བུམ་པ་སྐུར་སྨིན་ནས། །འཁོར་བ་མ་སྟོངས་བར་དུ་ནི། །སྐྱེ་འཆི་འཕོ་འགྱུར་མེད་པ་ཡི། །འཇའ་ལུས་རྡོ་རྗེ་དྭངས་མའི་སྐུ། །ཚེ་དང་ཡེ་ཤེས་འོད་དཔག་མེད། །མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །དེ་སྐད་རྡོ་རྗེའི་ཚིག་གི་གསེར་ཕྲིང་ལ། །སོ་སྐྱེ་ཚིག་རྒྱན་ར་གན་མི་མཛེས་ཀྱང་། །གསོལ་བསྐང་སྨོན་ལམ་མོས་བློས་བྱས་པ་ལ། །ཉེས་མེད་ཕྱིར་ན་འདི་ཉིད་སྒྲུབ་པའི་སྐབས། །རྟེན་འབྲེལ་ཆེད་དུ་སུ་ཁ་བཛྲ་ཡིས། །ཀུན་བཟང་བདེ་ཆེན་གླིང་བྲིས་ཡི་གེ་བ། །རང་སློབ་ཀརྨ་འགྱུར་མེད་ཚེ་དབང་དོན། །ཉེས་མཆིས་ཆུ་གསུམ་ཆོས་སྐྱོང་སྲུང་མར་བཤགས། །དགེ་བས་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཤོག །ཤུ་བྷཾ།། །།སརྦ་མངྒ་ལཾ།། །།

ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག


LT32_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །


LT32_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། །ཀུན་རྟོག་རབ་སྤངས་སྙིང་རྗེ་ཁྲོས་པའི་སྐུ། །འཇིགས་རུང་གདོང་ལྔའི་ཞལ་ཅན་ལྷན་སྐྱེས་མ། །དྲན་པས་བདུད་སྡེའི་མགོ་བོ་བརྒྱར་འགས་ཀྱང་། །སྐལ་ལྡན་སྙིང་ལ་བདེ་ཆེན་སྩོལ་དེར་འདུད། །ཡང་ཟབ་གསང་བའི་བདག་པོ་སེང་གེའི་སྒྲ། །གྲུབ་པའི་ནུས་འབྱིན་བདུད་འདུལ་བདེ་ཆེན་རྒྱལ། །དབྱེར་མེད་སྤྲུལ་པའི་གཏེར་ཆེན་བསམ་གཏན་གླིང་། །བརྒྱུད་པར་བཅས་རྣམས་སྤྱི་བོའི་རྒྱན་ཏུ་མཆོད། །ཐུན་མོངས་ལས་བཞི་བྲལ་བདེའི་མཆོག་ལ་སོགས། །དངོས་གྲུབ་ལོ་ཟླ་ཙམ་གྱིས་ངེས་སྟེར་བ། །ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོ་ཡི། །


LT32_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཡིག་རང་འདྲའི་དོན་དུ་ཅུང་ཟད་བཀོད། །དེ་ལ་ཤིན་ཏུ་ཟབ་ཅིང་གསང་བ་ཆེན་པོའི་གཞུང་དང་འབྲེལ་ཞིང་གདམས་ངག་གི་རིམ་པ་ལས་བྱུང་བའི་གནད་ཐིག་ཙིཏྟ་རྗེན་པ་མཁའ་འགྲོ་རྒྱ་མཚོའི་ཞལ་རླངས་ཐོ་ལེ་བ་དངོས་གྲུབ་མཆོག་བརྙེས་པའི་རིག་འཛིན་དབང་ཕྱུག་རྣམས་ཀྱི་ཞལ་དང་ཐུགས་ལ་གབ་པ་དག །རང་ཉིད་ཀྱི་སྐལ་པའི་དཔྱིད་དུ་འོངས་པས་ཆོས་ཀྱི་བདག་པོར་དབུགས་དབྱུང་ཐོབ་སྟེ་རྒྱལ་ཚབ་ཀྱི་ས་ལ་གནས་པ་དག་གིས་སོ་སྐྱེའི་སྤྱོད་ཡུལ་དུ་ཇི་ཙམ་མཚམས་པར་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ནས། འདིར་ཡེ་ཤེས་མཁའ་འགྲོའི་བསྙེན་སྒྲུབ་ཀྱི་ཚུལ་ལ་འཇུག་པ་


LT32_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་པ་ཞིག་བྲི་བ་ལ། ཐོག་མར་བསྒྲུབ་གཞིའི་ལྷ་ངོས་བཟུང་། དེ་ནས་སྒྲུབ་བྱེད་ཀྱི་ཐབས་བསྟན། མཐར་བསྒྲུབས་པའི་འབྲས་བུ་སྨོས་པ་སྟེ་རྣམ་པ་གསུམ་གྱིས་གསང་བ་ཆེན་པོར་ངེས་པའི་ཆིངས་མ་ཚང་བ་མེད་པར་བསྟན་ཏོ། །དང་པོ་ལ་རྣམ་པ་གསུམ་སྟེ། དོན་ཆོས་ཉིད་ཀྱི་ལྷ། །མཚན་མ་བརྡའི་ལྷ། སྒྱུ་མ་རྟགས་ཀྱི་ལྷའོ། །དང་པོ་ལའང་། ཕ་རོལ་དུ་ཕྱིན་པའི་ཐེག་པར་གཞི་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག །ལམ་མངོན་རྟོགས་བརྒྱད་ཀྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། འབྲས་བུ་བྲལ་སྨིན་མཁའ་ཁྱབ་གློ་བུར་རྣམ་དག་སྟེ་འཕགས་བཞི་སྐྱེད་པའི་ཡུམ་ཆེན་མོ་འགྱུར་བ་མི་མངའ་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དང་། རྡོ་རྗེའི་ཐེག་པ་འདིར་ནི་སྦས་ལའི་གསང་བ་གསལ་བས། འགྱུར་མེད་ཀྱི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་གཞི་གནས་རང་བྱུང་གི་ཡེ་ཤེས་དེ་ཉིད། །ཐབས་ཤེས་ཁྱད་པར་ཅན་གྱིས་ལམ་དུ་བྱས་པས། རབ་ཏུ་མི་གནས་པའི་ཟུང་འཇུག་རྣམ་པར་དག་ཅིང་འོད་གསལ་བ་བཅོམ་ལྡན་འདས་མ་བདེ་བའི་དབང་མོ་ཆེ་དཔལ་འབར་རྩེ་བའི་སྒྲ་དབྱངས་མ་གང་ཡིན་པ་རྫོགས་པ་ཆེན་པོའི་ལམ་དང་བླ་མའི་དུས་ཐབས་ལ་གནས་པ་དེ་ཉིད་དོ། །


LT32_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལའང་། ཨེ་ཡིག་སོགས་ཡི་གེས་མཚོན་པ་དང་། ཆུ་སྐྱེས་སོགས་དབྱིབས་ཀྱིས་མཚོན་པ་དང་། བདེ་སྐྱོང་སོགས་མཚན་མས་མཚོན་པ་དང་། འཁོར་ལོ་དྲུག་གི་དབུས་སུ་མི་ཤིགས་པའི་དངས་མ་ཏི་ལ་ཀ་དང་ཁ་སྦྱོར་དུ་གནས་པའི་དཔྱིད་དམ་ཙཎྜ་ལཱི་ཁམས་གསུམ་གྱི་རྩ་ཐིག་རླུང་གསུམ་སྲེག་པའི་ངོ་བོར་གནས་ཤིང་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་རིམ་བསྐྱེད་རྫོགས་ཐུན་མོང་གིས་བསྒྲུབ་བྱའི་གཞིར་གྱུར་པ་རྣམས་སོ། །གསུམ་པ་ལའང་། གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ཁྱབ་བྱེད་དང་རྒྱས་འདེབས་པ་པོའི་ཚུལ་གྱིས་དཀྱིལ་འཁོར་གྱི་གཙོ་མོར་བཞུགས་པ་ནི་ཆོས་སྐུ་ཡོངས་གྲུབ་རྟགས་ཀྱི་ཕྱག་རྒྱ། རྡོ་རྗེ་རིན་ཆེན་པདྨ་ལས་དང་སྣ་ཚོགས་སུ་རང་བཞིན་གྱིས་གྲུབ་པའི་རིགས་ཀྱི་དབང་མོ་སྒྱུ་འཕྲུལ་རྒྱན་གྱི་རོལ་མོས་གསང་བ་དགྱེས་པའི་ཁང་པ་མཛེས་པར་བྱེད་པ་ལོངས་སྐུ་ལྷན་སྐྱེས་རྟགས་ཀྱི་ཕྱག་རྒྱ། དག་སྒྱུར་སྦྱོར་མྱོས་དབང་དུ་བྱེད་པ་སོགས་མཁའ་ལ་འགྲོ་བ་དང་ཤུགས་ཀྱིས་འགྲོ་བའི་རིགས་སོ་བདུན་ནས་བརྒྱ་ཕྲག་གི་བར་དུ་འཇིག་རྟེན་ཡོངས་ལ་རྫུ་འཕྲུལ་གྱི་རྩལ་ཤུགས་ཁྱབ་པར་འགྱེད་པ་སྤྲུལ་སྐུ་རྣམ་འགྱུར་རྟགས་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་ཀྱང་ལྷ་མོའི་བཞིན་ལག་


LT32_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པར་ཤར་པའི་དབྱིབས་དང་སྒྲ་རྟོག་གི་སྤྱོད་ཡུལ་བསྐྱེད་རིམ་ཡན་ལག་བཞི་ལྡན་གྱིས་བསྒྲུབ་པར་བྱ་བ་དག་གོ། །གཉིས་པ་སྒྲུབ་བྱེད་ཀྱི་ལམ་ནི་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་དུ་ངེས་པ་ལས། འདིར་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལམ་གྱིས་སྒྱུ་མ་རྟགས་ཀྱི་ཕྱག་རྒྱ་གཙོ་བོར་བསྒྲུབ་ཅིང་ཞར་ལ་རྣལ་འབྱོར་གོང་མ་གཉིས་ཀྱི་རིམ་པ་ལ་འཇུག་པ་སྟེ། དེ་ལའང་ཕྱི་ལྟར་ཞི་བ་རྩ་བའི་སྒྲུབ་པ་དང་། ནང་ལྟར་དྲག་མོ་སྙིང་གི་སྒྲུབ་པ་དང་། གསང་བ་བཅུད་དྲིལ་རྒྱུན་ཁྱེར་གྱི་རིམ་པ་དང་། མཆོག་སྒྲུབ་ཁྱད་པར་ལམ་ཟབ་ཀྱི་གདམས་པ་དང་། དེ་དག་གི་ཡན་ལག་ཏུ་དམ་ཚིག་དང་སྤྱོད་པའི་ཚུལ་བསྟན་པའོ། །དང་པོ་ནི། ཆོས་འབྱུང་གནམ་ལྕགས་ཕྲེང་བ་ལས། ཕྱི་སྒྲུབ་གནམ་ལྕགས་ཕྲེང་བ་གྲི་གུག་རྒྱ། །བསྙེན་སྒྲུབ་དམར་འདྲིལ་བསྐྱེད་རྫོགས་བཅུད་དུ་འདུས། །འདི་ནི་དཔག་བསམ་ཤིང་གི་སྡོང་པོ་འདྲ། །ཉམས་སུ་བླངས་ན་ཚེ་གཅིག་སངས་རྒྱས་འགྲུབ། །ཅེས་གསུངས་པ་ལྟར་སྒྲུབ་པ་ཐམས་ཅད་ཀྱི་རྩ་བ་ཕྱི་ལྟར་དུ་བསྙེན་པ་འདི་ལ་གཞུང་སོར་བཞག་དང་། །མན་ངག་ཁ་སྐོང་གི་རིམ་པས་ཉམས་སུ་ལེན་ཚུལ་གཉིས་ཏེ། གཉིས་ཀ་ལའང་གནས་དུས་བཅས་བཤམ་ཀྱི་རིམ་པ་སོགས་ནི་མཚུངས་ཤིང་། ནང་སྒྲུབ་སོགས་ལའང་ཁྱད་པར་སྣོན་རྒྱུ་ཅུང་ཟད་


LT32_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་གཅིག་པ་ཉིད་དེ། །དེ་ལ་གནས་ནི་གནམ་ལྕགས་ཐོག་གི་རྒྱུད་ལས། གཡའ་རི་དུར་ཁྲོད་དབེན་པའི་གནས། །གངས་རི་གཡའ་རི་སྦས་པའི་གནས། །དེར་ནི་མཁའ་འགྲོ་རང་བཞིན་གནས། །ཞེས་རབ་དེ་ལྟ་བུ་དང་། ནགས་ཁྲོད་ལུང་སྟོང་དུར་ཁྲོད་དེར། །མཁའ་འགྲོ་རྒྱུ་ཞིང་མཐུན་སྤྱོད་གནས། །ཞེས་གནས་འབྲིང་གི་མཚན་ཉིད་དང་། །ས་གཙང་རབ་དབེན་ཇག་ཆོམས་མེད། །དེ་ནས་སྒྲུབ་ན་འགྲུབས་བར་བཤད། །ཅེས་ཐ་མའི་གནས་ཏེ་དེ་གསུམ་སྐབས་སུ་གང་བབ་པ་དང་། །གཞན་ཡང་ལས་སྦྱོར་སྦོག་ཆོག །ཞི་རྒྱས་དབང་དྲག་གི་ལས་སོ་སོ་ལ་ཤིས་པའི་གནས་གསལ་བར་བསྟན་པ་དེ་དག་ཀྱང་གནས་སྐབས་ཀྱི་དགག་བྱ་མེད་ན་སྙོམ་ལས་ཀྱི་དབང་དུ་མ་ཐལ་བར་ཅི་ནུས་བཙལ་བར་བྱ་བ་ཁོ་ན་སྟེ་ཕྱི་ནང་རྟེན་འབྲེལ་འགྲོ་ས་གཅིག་པ་དང་གསང་སྔགས་ཐབས་ཀྱིས་ཆེ་བ་ཡིན་པའི་ཕྱིར་ཏེ་འདི་རིགས་གཞན་ལའང་ཤེས་པར་བྱའོ། །དུས་ནི་རྒྱུད་ལས། ལོ་དུས་བྱ་སྤྲེལ་ཟླ་བ་མགོ། །ཚེས་གཅིག་གསུམ་བཅུ་བཅུ་གསུམ་དགུ། །ཉེར་གཉིས་ཉེར་དགུ་སྐར་མ་རྒྱལ། །ཟླ་བ་ཕུར་བུ་ཉི་མ་བྱ། །གཟའ་དང་སྐར་མ་བཟང་དུས་འཇུག །ཅེས་པ་དེ་དག་གང་འཛོམ་ལ་དབུ་འཛུག་གོ། །དེའང་བསྙེན་སྒྲུབ་ལ་མ་


LT32_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་སྔ་རོལ་ནས། ཕྱག་བསྐོར། སཱཙྪ། ཆབ་གཏོར། རྒྱལ་བའི་བཀའ་བསྒྲག་པ་སོགས་ཚོགས་གསོག་གི་རིམ་པ་དང་། །སྨེ་བརྩེགས་དང་རྣམ་འཇོམས་བུམ་ཁྲུས་སོགས་ཕྱི་ནང་གསང་ཁྲུས་ཀྱིས་ཉམས་གྲིབ་མི་གཙང་བ་བསལ་བ་དང་། ཡིག་བརྒྱ་དང་ན་རག་དོང་སྤྲུགས་སྤང་སྐོང་གི་ཚོགས་ཉམས་ཆགས་སྡིག་།སྒྲིབ་སྦྱོང་བ་དང་། །འདི་ཉིད་ཀྱི་མན་ངག་ལོགས་སུ་འབྱུང་བ་ལྟར་སྒབ་འདྲེ་མནན་པ་རྟགས་ཐོན་ཚད་ལྡན་ཏུ་བྱ་བ་དང་། སྤྱིར་གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་སོ་ཅོག་ལ་དམ་ཚིག་གཅེས་ཤིང་། ཁྱད་པར་མཁའ་འགྲོ་སྒྲུབ་པ་ལ་དམ་ཚིག་གཙང་བ་ཁོ་ན་གལ་ཆེ་བས་བསྒྲུབ་པ་ལ་ཞུགས་ཁར། སྡིག་སྦྱོང་གི་སྦྱིན་སྲེག་དང་། །བདག་འཇུག་ནན་ཏན་ཏུ་ལེན་ཅིང་སྔགས་སྤྱི་དང་ཁྱད་པར་བསྙེན་སྒྲུབ་ཀྱི་དམ་ཚིག་རྣམས་སྲོག་བཞིན་ཏུ་བཙའ་བ་ཤིན་ཏུ་གལ་ཆེའོ། །དེ་ནས་ཞག་གཉིས་གསུམ་གྱི་གོང་རོལ་ནས་ཕྱི་གཡེན་ལ་ཆ་གསུམ་གཏོར་མ་བཏང་། གཞི་བདག་ལ་དཀར་གཏོར་ཕུལ་ནས་མཐུན་རྐྱེན་མཛད་པའི་ཕྲིན་ལས་བཅོལ། བར་གཅོད་རྩོམ་པའི་འབྱུང་པོའི་གདོན་རྣམས་ལ་དབང་ཆེ་བ་རྒྱལ་ཆེན་བཞི་ལ་གཏོར་མ་ཕུལ་ནས་ཐོ་འཛུག་གྲུབ་ནའང་ལེགས་པས་འདོན་ཆ་ནི་ཡི་དམ་དགོངས་འདུས་ནས་ལེན་པར་བྱ་སྟེ་འདི་ཉིད་དང་།


LT32_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྡེ་མ་བུ་འབྲེལ་ཆགས་ཡིན་པའི་རྒྱུ་མཚན་གྱིས་སབ་ཁ་གཞན་ལེན་དགོས་ནའང་འདི་ཉིད་ནས་འཐད་དོ། །ཡང་ན་རྡོ་རྗེ་དྲག་རྩལ་ནས་སབ་ཀྱང་རུང་སྟེ་ཡབ་ཡུམ་ཟུང་འབྲེལ་གནད་ཀྱིས་སོ། །འདི་ཡན་བསྙེན་སྒྲུབ་སྤྱི་གཅེས་ཀྱི་སྔོན་འགྲོ་ཡིན་པས་རྒྱས་བསྡུས་གང་འགྲུབ་ཆོག་གི་ཀ་དཔེ་མ་མི་དངོས་སོ། །དཀྱིལ་འཁོར་བཅས་བཤམ་ཕྱི་སྒྲུབ་ཉིད་ཀྱི་དབུ་ནས་འབྱུང་བ་ལྟར་ལ། །ཐོད་པའི་ནང་སྔགས་འཁོར་བྲི། དེ་ལ་སྦྲ་རྩིས་དྲི་ལ་ཞེས་པ་དེ་རླན་གྱིས་མི་འཇིགས་པའི་ཕྱིར་སྦྲ་རྩིས་བྱུགས་དགོས་པའི་དོན་ཡིན། མེ་ལོང་སྔགས་འཁོང་སྐབས། ས་བོན་བྃ་མཐར་དབང་སྡུད་འདོད་གསོལ་འདི་ཉིད་ཀྱི་སྦྱིན་སྲེག་ནས་འབྱུང་བ་ནི། ལྷ་འདྲེ་མི་གསུམ། མི་ནོར་ཟས་གསུམ། ལྟོ་གོས་ཆོས་གསུམ། མོས་པ་རྣམ་བཞི་དང་། ཁྱད་པར་དབང་གི་ལྷ་ཐམས་ཅད་དང་། རྒྱལ་བ་ཞི་ཁྲོ། དཔལ་རྟ་ཕག་ཡབ་ཡུམ། མ་རྒྱུད་མཁའ་འགྲོ་ཐམས་ཅད་ཀྱི་མཐུ་ནུས་འཁོར་འདས་སྣང་སྲིད་ཐམས་ཅད་བདག་སྒྲུབ་པ་པོའི་དབང་དུ་འདུས་པར་གྱུར་ཅིག །ཁ་ཤཾ་ཀུ་རུ་ཧཱུྃ་ཛཿ ལྟ་བུ་གང་འཐད་བྱ། དབང་སྡུད་ཀྱི་རྫས་སྣ་བརྒྱད་པོ་གཞུང་འདི་དང་། །ཡིག་ཆུང་གསང་བའི་མན་ངག་གསེར་གྱི་ལྡེའུ་མིག་གཉིས་ཅུང་མཐུན་མིན་བྱུང་ཡང་། རྒྱུད་ལས་བྱང་སེམས་


LT32_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཚིག་ཟིན་གསལ་བ་དང་མན་ངག་གབ་པའི་མཚན་ཉིད་ཡིན་པས་ཡིག་ཆུང་གསེར་ལྡེ་ལྟར་དགོས། དེའང་རྡོ་རྗེ་ཟིལ་པ་དང་པདྨ་མཚལ་ཆེན་ནི་ཁྱིའུ་ཕོ་མོ་གྲོང་བའི་ཆོས་ཀྱིས་མགོས་པའི་བྱང་སེམས་དཀར་དམར་རང་བྱུང་རྙེད་ན་མཆོག །མ་རྙེད་ན་བྱང་སེམས་དཀར་པོའི་ཚབ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་དཀར་འདུལ་ཚད་ལྡན་དང་། དམར་པོའི་ཚབ་ཙཱ་རི་སོགས་ནས་འབྱུང་བའི་རང་བྱུང་གི་ལི་ཁྲི་སིནྡྷུ་རར་གྲགས་པ་དང་། དེ་གཉིས་ཀྱང་མ་རྙེད་པའམ། །རྙེད་ཀྱང་སྐྱོབས་སུ་ཅུ་གང་དང་བྲག་ཞུན་ཤར་དང་ནུབ་ཏུ་བཞག །ཚྭ་ཚྭ་ནི་གཙོ་བོ་རྒྱ་རྒྱམ་ཁ་གསུམ་གྱིས་མཐུས། ཨ་མྲྀ་ཏ་ནི་དམ་སེལ་ཅན་དང་མ་འདྲེས་པའི་རྩ་བརྒྱད་སྟོང་སྦྱར་རོ། །མེ་ལོང་གི་ཞལ་ཁེབས་དར་དམར་འོག་དང་དར་དཀར་སྟེང་བྱ། ཐུན་མཚམས་འབུལ་གཏོར་ཟུར་གསུམ་དང་། ནུབ་རེ་བཞིན་ཕུལ་རྒྱུའི་བཀའ་སྲུང་གཏོར་འབུལ་བཅས་ཚོགས་པར་བྱས་ནས། རང་གི་གདན་གྱི་འོག་ཏུ་གཡུང་དྲུང་དགའ་བ་འཁྱིལ་བ་བྲི། གོས་དམར་དང་། སིནྡྷུ་རའི་ཐིག་ལེ་སོགས་དབང་གི་རྟགས་གདབ་ལ་ཁ་ནུབ་ཏུ་ཕྱོགས་བས་འཁོད། བཅས་བཤམ་ནུབ་ནས་ཤར་དུ་ཕྱོགས་པས་རང་དང་ཞལ་སྤྲོད་བདེ་ན་ལེགས། མི་བདེ་ནའང་བདག་མདུན་དཀྱིལ་འཁོར་གཅིག་ཏུ་བསྒོམ་པ་


LT32_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མེ་ལོང་དང་བྱད་བཞིན་ལྟར་ཆ་གཉིས་སུ་བྱ་རྒྱུ་མིན་པས་གང་བདེར་བཀོད་ཆོག །བདག་མདུན་ཐ་མི་དད་དུ་བསྒོམས་ཀྱང་བསྒྲུབ་རྫས་ཚང་བར་བཀོད་པའི་ཚུལ་འདི་ནི་རྙིང་མ་རང་གཞུང་གི་དགོངས་པ་ཚད་ལྡན་ཁོ་ན་སྟེ་བདག་བསྐྱེད་གཙོར་བཏོན་པའི་ཕྱི་སྒྲུབ་ལ་བསྒྲུབ་རྫས་མི་དགོས་པའི་གསར་ལུགས་ཀྱི་རྒྱས་འགེབས་འདི་ལ་མི་བྱ་བར་རང་ལུགས་ཐད་སོར་བཞག་པ་གནད་ཆེའོ། །བཤམ་ནི་གང་དུ་དཀོན་མཆོག་སྤྱིའི་རྟེན་དང་ཡེ་ཤེས་ཌཱ་ཀིའི་སྐུ་རྙན་བཀྲམ་པའི་མདུན་ཏུ་གཞི་མ་དམར་པོ་རྫས་ལྡན་གྱི་བྱུགས་པ་བྱས་པའི་ཁར་རྡུལ་ཚོན་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་ངམ། མ་འཇོམ་ན་མེ་ཏོག་དམར་པོའི་ལྔ་ཚོམ་བཀོད་པའི་དབུས་སུ་རྐང་གསུམ་སྟེང་བུམ་པ། དེའི་ཁར་ཐོད་པ་བཅུད་ལྡན་གྱི་ཁ་མེ་ལོང་གིས་བཅད་ཅིང་དར་ཁེབས་བྱས་པའི་སྟེང་མཉྫི་མཐོ་བ་ལ་རྟེན་གཏོར་བཀོད། མཐའ་བསྐོར་གྱི་ཕྱོགས་མཚམས་བརྒྱད་དུ་དབང་སྡུད་རྫས་སྣ་བརྒྱད་ཐོད་པ་མཚན་ལྡན་ནམ། །རིན་པོ་ཆེའི་སྣོད་ཆག་གས་མེད་པར་བཀོད་པའི་གཡས་སུ་བདུད་རྩི་དང་དཀར་གཏོར། གཡོན་ཏུ་རཀྟའི་སྣོད་དང་དམར་གཏོར། མདུན་དུ་བཀའ་སྲུང་གི་རྟག་གཏོར། བུམ་པའི་གཡས་གཡོན་གར་བདེར་ཟས་ནོར་མཆོག་གི་རྫས་ཅི་འདོད་བཀོད། ཐལ་


LT32_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་འབགས་རྩོག་གིས་མི་སྤགས་བའི་ཡོལ་བ་སོགས་གང་འོས་བྱ། །རྣམ་འཇོམས་བདུད་རྩི་འཁྱིལ་བའི་སྔགས་ཆབ་ཀྱིས་གནས་དང་ཡོ་བྱད་བསངས་གྲུབ་ནས་སྣང་བ་དབང་དུ་སྡུད་པའི་རྟེན་འབྲེལ་དུ་དགོངས་ཐུན་ཞི་གནས་འགོ་བརྩམས་ཏེ། ཐོག་མར་ཚིག་བདུན་གསོལ་འདེབས་དང་འདི་ཉིད་གྱི་བརྒྱུད་འདེབས་བྱས་ནས་རྩ་བ་གསུམ་དང་བྱེད་པར་རྩ་བའི་བླ་མ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་པ་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་གསོལ་བ་གདབ། གནས་ཁང་ཨོ་རྒྱན་རང་བྱུང་གི་དུར་ཁྲོད། གཟུགས་སྣང་དཔའ་བོ་དཔའ་མོ། །རང་ཉིད་བླ་མ་དྲག་པོ་དང་། རྟ་ཕག་ཡབ་ཡུམ་གང་འདོད་དམ། བདུད་འདུལ་ཡེ་ཤེས་ཀྱི་ཌཱ་ཀཱིར་གྱུར་པའི་ཏིང་འཛིན་དགོངས་པའི་རྩལ་གྱིས་གདོད་གནས་རང་བྱུང་གི་མཁའ་འགྲོ་འཁོར་བཅས་སྤྱན་དྲངས་པས་བགེགས་འཇོམས་རོལ་པའི་བྱིན་ཆེན་པོ་ཕབ་ཅིང་གཉིས་སྣང་དབྱིངས་སུ་སྟིམ་བའི་རྒྱང་མཚོམས་གཅོད་པར་མོས་ལ་ལས་བྱང་རྒྱས་པའི་བྲིལ་གནོན་བྱ། གཟུང་འཛིན་གྱི་ཉེ་བར་ལེན་པས་པར་གཅོད་ལྟར་སྣང་བའི་བགེགས་ལ་ཡི་དམ་ལྟར་འབྱུང་གཏོར་སྦྱིན། ལས་བྱང་གི་མཚམས་གཅོད་བཏང་ཞིང་ཡུངས་ཐུན་བྲབས། གུ་གུལ་བདུག །སྲུང་འཁོར་གསལ་ཐེབས་ངེས་ནན་ཏན་བསྒོམས་ལ་སྔགས་རྣམས་ལན་ཁ་ཡར་བརྗོད་དེ།


LT32_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྲིད་བསྙེན་སྒྲུབ་རྫོགས་ཀྱི་བར་མི་བསྡུ། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོའི་བར་རེ་ལྟོས་གཞན་མེད་ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བསྐྱུར་གྱིས་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་དཀོན་མཆོག་ཀུན་འདུས་རང་བྱུང་ཐིག་ལེ་ཉག་གཅིག་གི་ངང་དུ་ཁ་ཙམ་མིན་པའི་སྐྱབས་སུ་འགྲོ། ཚེ་འདི་ཚེཐབས་ཟས་ནོར་དབང་སྡུད་བྱད་ཀེན་རྐྱེན་སེལ་སོགས་དཀའ་བ་འབྲས་མེད་དུ་བྱེད་པའི་བསམ་པ་སྐྱོན་ཅན་སྤངས་ཏེ་བདག་གཞན་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་ཆོས་སྐུ་ཤེར་ཕྱིན་བདེ་བའི་དབང་མོ་ཆེའི་གོ་འཕང་ལ་འགོད་བའི་ཆེད་དུ་དྷཱ་ཀིའི་སྙན་བརྒྱུད་དྲག་མོའི་ཐུགས་ཐིག་གསང་བའི་གསེབ་ལམ་འདི་ལ་འཇུག་པར་སྙིང་ནས་སེམས་བསྐྱེད་པའི་རྩིས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱ། ཡན་ལག་བདུན་པས་ཉིས་ལྟུང་སྡིག་སྒྲིབ་སྦྱོང་ཞིང་ཚོགས་གཉིས་གོང་དུ་སྤེལ། ནད་གདོན་རྐྱེན་ངན་གྱི་དབང་དུ་མི་གཏོང་ཞིང་ཐེ་ཚོམ་སྙོམ་ལས་ཀྱིས་བར་དུ་མི་ཆོད་པར་འཆི་བ་སྲོག་ལ་བབས་ཀྱང་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་བསྒྲུབ་པ་མཐར་འདོན་བའི་དམ་བཅའ། ཡི་དམ་དགོངས་འདུས་ཞི་དྲག་གང་འོས་ཀྱི་དམིགས་པ་སྦྱར་ཏེ་སྦྱང་རྟོགས་སྦར་པའི་དགོངས་པས་སྨན་གཏོར་རཀྟ་གཙོ་བོར་གྱུར་པའི་ཕྱི་ནང་གསང་མཆོད་


LT32_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབ་སྟེ་སྔོན་འགྲོའི་བྱ་བ་ནི་དེ་ཙམ་མོ། །དངོས་གཞི་སྤྲོས་མེད་གཏེར་གཞུང་དཀྱུས་ལྟར་ཉམས་སུ་ལེན་པ་དང་། སྤོས་བཅས་ལས་བྱང་གི་ཁ་སྐོང་སྦྱར་བ་གཉིས་ལས་དང་པོ་ནི། ཕྱི་སྒྲུབ་ལྟར། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། ཞེས་པ་ནས། གར་གྱིས་གནས་པར་བསྐྱེད་ཡན་བརྗོད་ལ། བདག་དང་བསྒྲུབ་རྫས་ཐ་མི་དད་པ་སེང་གདོང་དམར་མོ་ལྷ་ལྔ་མཁའ་འགྲོའི་འཁོར་བཅས་དམ་ཡེ་དབྱེར་མེད་དུ་བསྐྱེད། སྤྲོ་ན་ཛབ་བསྙེན་གནམ་ལྕགས་ཐོག་ཕྲེང་ལས་འབྱུང་བའི་ཞི་བའི་འཛབ་སྐུལ། མ་ཧཱུྃ་ཧྲཱི༔ སྣང་བའི་རང་བཞིན་སོགས་ནས། འགྲུབ་བར་མཛད་དུ་གསོལ། ཡན་བརྗོད། བསྡུ་ན་མི་དགོས། བྱེ་རུ་པད་རཱ་ཀ་ཙནྡན་དམར་པོ་སོགས་ལས་གྲུབ་པའི་རིགས་མཐུན་གྱི་བཟླས་ཕྲེང་བྱིན་རླབས་སྤྱི་མཐུན་ཞིག་བྱ་བའམ། དམིགས་བསལ་ལ་མོས་ན། བསངས་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་བཾ་ཡིག་ལས་སྐྱེས་པའི་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར། །ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ ཆོས་སྐུ་སྐྱེ་མེད་མཁའ་འགྲོ་མ༔ ལོངས་སྐུ་བདེ་ཆེན་མཁའ་འགྲོ་མ༔ སྤྲུལ་སྐུ་ཡེ་


LT32_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཁའ་འགྲོ་མ༔ མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར༔ བདུད་འདུལ་ཡེ་ཤེས་མཁའ་འགྲོར་བསྟོད༔ ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བགྲང་ཕྲེང་ལས་ཐོགས་མེད་དུ་འགྲུབ་པའི་ནུས་ལྡན་རྡོ་རྗེའི་སྔགས་ཀྱི་ངོ་བོ་མཐེ་བོང་རྡོ་རྗེ་ལྕགས་ཀྱུས་དྲངས་པར་གྱུར། ཨོཾ་རུ་ཙི་ར་མ་ི་པྲ་བཱ་རྟ་ཡེ་སྭཱ་ཧཱ། ཞེས་པ་བརྒྱའམ་བདུན་སོགས་དང་དབྱངས་གསལ་ལན་གསུམ་བཟླས་པས་བྱིན་གྱིས་བརླབ། བཟླས་པ་དངོས་ལ་རྒྱུད་ལས། གསང་སྔགས་ཉིད་ལ་རྣམ་པ་གཉིས༔ ཞི་བའི་སྔགས་དང་དྲག་པོའི་སྔགས༔ ཞི་བའི་སྔགས་ལ་རྣམ་པ་གསུམ༔ བསྙེན་དང་སྒྲུབ་དང་ལས་སྦྱོར་སྔགས༔ བསྙེན་པ་བསྙེན་དང་གོང་བསྙེན་དང་༔ ཞེས་སོགས་གསུངས་པའི་དོན་སྐབས་འདིར་ཞི་བ་དང་། དེ་ལ་བསྙེན་པ་དང་གོང་བསྙེན་གཉིས་སུ་ཡོད་པ་ལས། ཕྱི་མ་ནང་སྒྲུབ་སྐབས་སུ་སྟོན་ཅིང་། བསྙེན་པ་ལའང་ནང་གསེས་སུ་བསྙེན་སྒྲུབ་ལས་གསུམ་ཚུལ་གྱིས་བསྒྲུབ་དགོས་པ་ལས་ཐོག་མར། བསྙེན་པའི་དམིགས་པ་ནི། འདི་ལྟར་སྣང་བའི་རང་བཞིན་བཀོད་པ་ཆེན་པོའི་གཞལ་མེད་ཁང་། །སྟོང་པའི་ངོ་བོ་རྒྱལ་བ་ཀུན་གྱི་སྐྱེད་ཡུམ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར། སྣང་སྟོང་དབྱེར་མེད་ཆུ་ཟླ་དང་འཇའ་ཚོན་


LT32_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ། ཀུན་བརྟགས་གཉིས་འཛིན་གྱི་ཆོས་རྣམས་འཁོར་གསུམ་ཀ་དག་གི་ཀློང་དུ་རང་བྱུང་གཞི་རྫོགས་ཀྱི་བཀོད་པ་ཆོས་སྐུ་བདེ་བའི་དཔལ་འབར་མའི་ངོ་བོར་ཤར་བ་བསྒྲུབ་བྱ་སྒྲུབ་བྱེད་དབྱེར་མེད་པའི་གཙོ་མོའི་ཐུགས་ཀར་ཉི་མའི་གདན་གྱི་སྟེང་དུ་བྃ་ཡིག་དམར་པོའི་མཐར་སྔགས་ཕྲེང་དམར་ཧྲི་ལེ་པ་ཡིག་ངོ་ནང་བསྟན་གཡས་སུ་བཀོད་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བཟླ། དམིགས་སྐོར་དང་པོའོ། །དེ་ལ་མ་མཐར་ཡང་ཞག་བདུན་ནམ་གསུམ་ཙམ་སྐྱོང་བས་སེམས་ཅུང་ཟད་ལས་སུ་རུང་བ་དང་། འདི་ཉིད་ཀྱི་སྒྲུབ་པའི་དམིགས་པ་ནི། སྔགས་ཕྲེང་ཐོག་མར་དལ་བུ་དང་། རིམ་པར་ཇེ་མགྱོགས། མཐར་མི་མངོན་པ་ཙམ་དུ་གཡོན་ཏུ་འཁོར་བ་ལས་ཁ་དོག་དམར་པོ་ཤས་ཆེ་བའི་འོད་ཟེར་ལྔ་ལྡན་སྒྲིན་མེད་ཀྱི་ཉི་མའི་ཟེར་ཐག་ལྟ་བུ་ཕྱོགས་བཅུའི་ཞིང་དང་དུར་ཁྲོད་གསང་ཆེན་བསྣོལ་མར་འཕྲོས་པས། རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བྱུང་ནས་བདག་དང་དཀྱིལ་འཁོར་པ་ལ་ཐིམ་པས་མཐུ་སྟོབས་གཟི་བྱིན་རབ་ཏུ་རྒྱས་པར་བསམས་ལ་བཟླ། དམིགས་སྐོར་གཉིས་པའོ། །འདི་ལས་དམིགས་པའི་རིམ་པ་རྒྱས་པར་སྤྲོ་ན། ཨོཾ་ལས་འོད་འཕྲོས་ཕྱོགས་དུས་ཀྱི་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་བརྒྱུད་པ་དང་བཅས་


LT32_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡི་དམ་རྒྱུད་སྡེ་བའི་དྲུག་གི་ལྷ་ལ་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་པ་སྤངས་རྟོགས་ཕྲལ་སྨིན་གྱི་ཡོན་ཏན། ཉམས་རྟོགས་བྱིན་རླབས། མཆོག་ཐུན་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རང་ལ་ཐིམ། བྃ་ཡིག་ལས་འོད་འཕྲོས། དབྱིངས་དང་ཡེ་ཤེས་ཀྱི་རང་རྩལ་ལས་བྱུང་ཞིང་ཕྱི་ནང་གི་གནས་ཡུལ་དུར་ཁྲོད་ཀྱི་ཞིང་ཁམས་སྐྱོང་བའི། ཕྱི་འཇིག་རྟེན་དང་ནང་ལས་ཀྱི་མ་མོ། །གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་ཉི་ཟེར་གྱི་རྡུལ་ལྟ་བུས་འཁོར་འདས་གཉིས་ཀྱི་ཞིང་ཁམས་རྒྱས་པར་གཏམས་པ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་གིས་ཐུགས་དམ་རྒྱུད་བསྐུལ། བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས། །ཐུགས་རྗེ་ནུས་པའི་མཐུ་སྟོབས། །བརྟན་དང་གཡོ་བའི་ཆོས་བཅུ་བཞིའི་དྭངས་མ་ཐམས་ཅད་འོད་དང་འོད་ཟེར། ཐིག་ལེ་ཡིག་འབྲུའི་རྣམ་པར་བསྡུས་ནས་རང་ལ་ཐིམ། སི༚་ཧ་ཌཱ་ཀི་ལས་འོད་འཕྲོས། དཀྱིལ་འཁོར་གྱི་གཙོ་མོ་བདུད་འདུལ་སེང་གེའི་གདོང་ཅན། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་ཀློང་དུ་རང་ཤར་བ་རི་རབ་སོ་གཉིས་ཀྱི་རྡུལ་དང་མཉམ་པའི་མཁའ་འགྲོ་རྒྱ་


LT32_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ། ཁྱད་པར་དུ་མཉེས་པའི་མཆོད་པ་ཕུལ་ཞིང་ཐུགས་རྒྱུད་བསྐུལ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོན་ཏན་དངོས་གྲུབ་ཕྲིན་ལས་ནུས་རྩལ་ཐམས་ཅད་རྣམ་པ་གོང་མཚུངས་རང་ལ་ཐིམ། ཧ་རི་ནི་ས་ལས་འོད་འཕྲོས། སེང་གདོང་རིགས་བཞི། ཕྲ་མན་སྡེ་བརྒྱད་འཁོར་དང་བཅས་པ་མཆོད་ཅིང་ཐུགས་དམ་བསྐུལ། དངོས་གྲུབ་དང་ནུས་པའི་དབྱིག་བསྡུས་པས་ནང་གསེས་སུ་ཕྱེས་ན་དམིགས་སྐོར་བཞིའོ། །ཡང་ཐུགས་སྲོག་སྔགས་ཕྲེང་སྤྱི་དང་། ཁྱད་པར་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་སྣང་སྲིད་ཐམས་ཅད་ལ་ཕོག་པས། གཟུགས་སྣང་ལྷ། སྒྲ་གྲགས་སྔགས། རྟོག་ཆོགས་ཆོས་ཉིད་ཀྱི་རོལ་པར་གདོད་ནས་ཡོངས་གྲོལ་དཀྱིལ་འཁོར་གསུམ་གྱི་འཁོར་ལོར་རང་བྱུང་རང་ཤར་དགག་སྒྲུབ་བ་ཅིང་གྲོལ་མེད་པའི་དག་སྣང་འབྱམས་ཡུག་ཆེན་པོའི་ངང་དུ་ལྷོད་ཀློད་ལ། ལྷ་སྡོམ་གྱི་གོ་རྟོགས་དང་མ་འདྲེས་བའི་ལས་དང་པོ་བ་དག་གིས་ཀྱང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་རྒྱས་འདེབས་ཀྱི་ལྟ་བ་དང་མ་བྲལ་བས་བཟླ་སྟེ། དམིགས་སྐོར་གསུམ་པའོ། །བཟླ་བྱའི་སྔགས་ནི་ཡིག་འབྲུ་བཅུ་གཉིས་པ་སྟེ། དམིགས་སྐོར་སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་མ་ལ་འཇུག་པར་བྱ་ཡི། ཐོག་མ་ནས་ལྷ་སྔགས་


LT32_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བཟླས་འོད་ཟེར་སྤྲོ་བསྡུ་སོགས་མགྱོགས་འདོད་རྣམ་རྟོག་གི་སྤུན་ལངས་མང་པོས་གྲུབ་འབྲས་ཤིན་ཏུ་རིང་དུ་སོང་བའི་དམིགས་སྐོར་དུ་རློམས་པ་དང་། ཟླ་དུས་གྲངས་བསྙེན་ཙམ་ལ་ཡིད་ཀྱི་གཏད་སོ་འཆའ་ཞིང་། །ཏིང་འཛིན་ལས་སུ་རུང་བ་དང་དངོས་ཉམས་རྨི་ལམ་གྱི་དྲོད་རྟགས་སོགས་སྒུག་མི་དགོས་པར་བསྙེན་སྒྲུབ་རྫོགས་པར་རློམས་པ་ནི་སྔགས་བསྟན་འཇིག་པའི་རྐུན་པོ་ཆེ་ཡིན་པས་བག་ཡོད་བྱའོ། །མདོར་ན་དམིགས་པ་སྣེ་གཅིག་ལ་སེམས་ལས་སུ་རུང་ཕྱིན་ཆད་མང་ཉུང་ཁྱད་རང་མེད་ཅིང་རྩེ་གཅིག་པའི་ཏིང་འཛིན་ལ་ཐོབ་པར་མུན་ནང་གི་གློག་ལྟར་ཡུད་ཙམ་རེ་དམིགས་པའི་ཚབ་ཚུབ་བྱེད་པ་ལ་དྲོད་རྟགས་འབྱུང་བའི་དུས་མེད་པས་དམིགས་པ་བརྟན་པ་གལ་ཆེའོ། །གཞན་ཡང་བསྐྱེད་རིམ་སྤྱིའི་མན་ངག །གཙོ་འཁོར་ཞལ་ཕྱག་རྒྱན་ཆས་བ་སྤུའི་མཐར་ཐུག་རེ་རེ་བཞིན་ཤིན་ཏུ་གསལ་བ་ཤེལ་གོང་ལ་ཉི་ཟེར་ཕོག་པའམ་མེ་ལོང་ངོས་སུ་ཤེལ་ཕྲེང་ཕྱར་བ་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པར་ཁྲ་ལམ་མེ་འོད་ཅོ་རེ་རྣམ་པ་གསལ་བ། རང་ཉིད་གདོད་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པ་ལ་ཡིན་པར་ངོ་ཤེས་པས་གློ་བུར་གཉིས་སྣང་གིས་ཆས་བསྡུས་པའི་ཕུང་ལྔའི་ངར་འཛིན་ལྷའི་འཛིན་སྟོང་དུ་ཤར་བ་ང་རྒྱལ་བརྟན་པ། མཐའ་ཐམས་ཅད་


LT32_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲལ་ཞིང་དངོས་པོའི་མཚན་མ་གང་དུའང་མ་གྲུབ་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་དབྱིངས་རང་བྱུང་ཆོས་ཀྱི་སྐུ་རང་གསལ་རིག་པའི་སྙིང་པོ་ཅན་དེ་ཉིད་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཀྱི་བརྡར་དབྱིབས་དང་ཁ་དོག་གི་རྣམ་པར་ཆུ་མཚོར་ཟླ་གཟུགས་ལྟར་རིག་པའི་རང་རྩལ་དུ་སྣང་ཡང་། སྣང་བ་ཙམ་ནས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་གཤིས་ལུགས་མ་བཅོས་པར་སྐྱོང་བ་ལས་བསྐྱེད་བྱ་སྐྱེད་བྱེད་དུ་འཁྲུལ་བའི་ཤེས་པ་བཅོས་མས་བཟོ་མ་བྱས་པ་རྣམ་དག་དྲན་པ་སྟེ་དེ་གསུམ་ཡང་དབང་པོ་དང་གོམས་འདྲིས་ཀྱི་རིམ་པ་དང་བསྟུན་ནས་ཅི་བདེར་བསྐྱང་བར་བྱའོ། །ཐུན་རེར་དམ་བཅའི་འཁྲིགས་ལ་བབ་པའི་བཟླས་གྲངས་ཅི་ཙམ་བྱ་བ་གྲུབ་ནས་ཐུན་གྲོལ་བ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་སྤྲེལ་བ་ལན་གསུམ་གསུམ་གྱིས་བཟླས་པའི་ནུས་པ་སྤེལ་ཞིང་སྐྱོན་སོར་བཙུད་ལ་ཡོན་ཏན་བརྟན་པར་བྱས་མཐར་སྤོས་དབྱངས་ཌ*ཌཱ་དྲི*་བཅས་པས། ཧཱུྃ༔ ཆོས་དབྱིངས་རྣམ་དག་སོགས་ཀྱིས་ཡེ་ཤེས་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། སྤྲོ་ན་ལས་བྱང་བསྡུས་བ་ལྟར་ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་ཚིགས་བཅད་དང་བཅས་ཏེ་འབུལ། བསྡུ་ན། བཾ་སི༚་ཧ་ཌཱ་ཀི་ནཱི་ཧ་རི་ནིས་ཧཱུྃ༔ ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་པུཥྤེ་དྷཱུ་པེ་


LT32_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཱུ་ཛ་ཧོཿ ཨོཾ་བཛྲ་རཱུ་པ་ཀ་པཱ་ལ་ཤབྡ་མཱཾ་ས་དྷཱུ་པེ་ཀི༚་ནི་རི་ཏི་ར་ས་རཀྟ་གོ་རོ་ཙ་ན་གནྡྷེ་པཱུ་ཛ་ཧོཿ མ་ཧཱ་གུ་ཧྱ་ཤཱུ་ཀྲཾ་པཱུ་ཛ་ཧོཿ བཛྲ་ཨ་མྲྀ་ཏ་པཱུ་ཛ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཞེས་དང་། ཨོཾ་ལས་བྱུང་བའི་སོགས་བྱིན་བརླབ། སྔགས་ལན་གསུམ་རེས་གཏོར་མ་ཕུལ། བསྟོད་པ་ཚང་བར་བཏང་། དཀྱིལ་འཁོར་པ་རྣམས་དམ་ཚིག་གི་རྫས་དང་བྲིས་སྐུ་སོགས་ལ་ཐིམ་པར་མོས། ཕྱི་སྣོད་ནང་བཅུད་དཀྱིལ་འཁོར་གཙོ་མོ་དང་། །སྔགས་ཕྲེང་ས་བོན་རིམ་འདུས་ནཱ་དར་ཐིམ། །དེ་ཡང་ཀ་དག་གདོད་མའི་ངོ་བོར་ཡལ། །སླར་ཡང་སྣང་སྟོང་ཡེ་ཤེས་མཁའ་འགྲོར་གྱུར། །ཞེས་པའི་དོན་དྲན་པས་དཀྱིལ་འཁོར་བསྡུ་ལྡང་ཤིས་བརྗོད་དང་དགེ་བ་བསྔོས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ནའང་ཨ་འཐས་རྣམ་གཡེངས་ཀྱི་དབང་དུ་མ་སོང་བར་ཁྱེར་སོ་གསུམ་གྱི་དགོངས་པར་ཅི་ནུས་སུ་ལ་བཟླ་བས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ། །དེ་ལྟ་བུའི་རིམ་པས་ལུས་ཐ་མལ་གྱི་སྤྱོད་པ་དང་མ་འདྲེས་པར། ངག་མི་ཚིག་གིས་བར་མ་ཆོད་པ། སེམས་རྣམ་རྟོག་རྒྱ་འབྱམས་ཀྱི་དབང་དུ་མ་སོང་བར་ཐུན་བཞིའི་རྣལ་འབྱོར་གྱིས་གྲངས་དུས་རྟགས་ཀྱི་བསྙེན་པ་མཐར་


LT32_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། དེའང་བགེགས་གཏོར་རྒྱུན་ཏུ་མི་དགོས་པས་དེ་བསྐྱུར་བའི་སྔོན་འགྲོའི་རིམ་པ་ལྔར་བསྟན་པའམ། ལས་བྱང་བསྡུས་པའི་དབུ་ནས་འབྱུང་བ་གང་བདེ་ཐོར་ཐུན་ལ་རྒྱས་པར་བྱ། ཐུན་གཞན་གསུམ་ལ་སྲུང་འཁོར་གསལ་འདེབས་དང་སྐྱབས་སེམས་ཙམ་གྱིས་འཐུས། གཏོར་འབུལ་ཐུན་བཞི་ཀར་གྲུབ་ན་ལེགས། མ་གྲུབ་ན་སྲོད་ཐུན་གྱི་གཤམ་དུ་གཏོར་འབུལ་དང་། བཀའ་སྲུང་དམ་ཅན་སྦྱང་ཞོན་ཐིག་ལེ་རྩལ་གྱི་རྒྱུན་གཏོར་ངེས་པར་ཕུལ། ཁྱད་པར་མཁའ་འགྲོ་མཉེས་པའི་གནད་ཚོགས་འཁོར་དང་མེ་མཆོད་ཡིན་པས་རྒྱུན་ཏུ་མ་ལྕོགས་ཀྱང་ཌཱ་ཀི་རྒྱུ་བའི་དུས་གཉན་རྣམས་ལ་ཚོགས་མཆོད་དང་རྫས་གཅིག་སྦྱིན་སྲེག་སོགས་བྱ་སླ་ལ་འབྲས་བུ་ཆེ་བའི་ཆོག་ཧ་ཅང་སྤྲོས་པས་མི་གཡེང་བར་བྱ། འདི་རིགས་ལ་གཙོ་ནང་གི་ཏིང་ངེ་འཛིན་ཆེ་བས་ལས་དང་པོ་པ་ལ་བསྙེན་སྒྲུབ་སོགས་དགེ་སྦྱོར་སྣ་ཟིན་གྱི་སྐབས་ཕྱིའི་སྤྲོས་པ་མང་པོ་མ་གཡེང་བ་ཏིང་ངེ་འཛིན་ཉམས་པའི་རྒྱུ་ཡིན་པས་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་པ་ཤེས་པར་བྱའོ། །ཐུན་མགོ་སོགས་གང་བདེར་སྔགས་ཀྱི་ཉེས་ལྟུང་བྱིན་གྱིས་བརླབ་པའི་ཕྱིར་ཡི་གེ་བརྒྱབ་བདུན་ཕྲག་གསུམ་རེ་ཐུན་ཐམས་ཅད་ལ་བཟླ་བ་གནད་དུ་ཆེ་ཞིང་ངག་བྱིན་རླབས་སོགས་སྔགས་ཀྱི་ཡན་ལག་སྤྱི་རྣམས་ཀྱང་ཅི་ནུས་སུ་


LT32_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པར་བྱའོ། །དེ་དག་ནི་ཞི་བའི་བསྙེན་སྒྲུབ་དངོས་གཞི་ཡིན་པས་ཚད་དུ་མ་འཁྱོལ་བར་ཡུན་བསྲིང་ཞིང་། ཀྲོལ་བར་ཉེ་བའི་སྐབས་ལས་སྦྱོར་གྱི་བཟླས་དམིགས་ནི། །དགོངས་ཐུན་ཞིག་ནས་དབུ་བརྩམ་སྟེ་བསྙེན་སྒྲུབ་ཀྱི་དམིགས་པ་ཁྱུག་ཙམ་བཏང་ནས། རང་སྲོག་སྔགས་ཕྲེང་དང་ཁྱད་པར་ཛཿཡིག་ལས་འོད་ཟེར་ཛཿདམར་པོའི་རྣམ་པ་ལྕགས་ཀྱུ་སྦྲེལ་མ་ལྟ་བུ་འཁོར་འདས་ཁྱབ་པར་སྤྲོས། ས་འོག་ས་སྟེང་ས་བླའི་འཇིག་རྟེན་ན་གནས་པའི་ལྷ་ཀླུ་གནོད་སྦྱིན་རྒྱལ་བློན་བཙུན་འབངས་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་དཀར་ནག་མཚམས་ནས་རང་དབང་མེད་པར་བཟུང་སྟེ་བཀུག་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ངང་དུ་མྱོས་ཤིང་བརྒྱལ་སྟེ་རང་ལ་དབང་མེད་དུ་གུས་པས་འདུད་ཅིང་ཟས་ནོར་ལོངས་སྤྱོད་ཅི་འདོད་ཐམས་ཅད་ཆར་ལྟར་འབེབ་ཅིང་སྟེར་བར་བསམ། འཇིག་རྟེན་ལས་འདས་པའི་བྱིན་རླབས་དངོས་གྲུབ། ནུས་པ་གཟི་བརྗིད། ཉམས་རྟོགས་ཡོན་ཏན་ཐམས་ཅད་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུ་བ་བཞིན་བཀུག་སྟེ་བསྟིམ། མདོར་ན་ཡེ་ཤེས་འཇིག་རྟེན་བརྟན་གཡོ་སྣང་སྲིད་ཀྱི་དྭངས་མ་བཅུད་ནུས་ཐམས་ཅད་འུབ་འུབ་བསྡུས་ཏེ་བདག་དང་བསྒྲུབ་རྫས་ལ་ཐིམ་པར་མོས། ཡང་འོད་ཀྱིས་


LT32_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བས་འཁོར་གྱི་མཁའ་འགྲོ་རིགས་བཞི་དང་དཔའ་བོ་མཁའ་འགྲོ་ཡང་འཁོར་རྣམས་ཀྱིས་ཕྲིན་ལས་སྒྲུབ་ཅིང་དངོས་གྲུབ་ཅི་འདོད་སྟེར་བར་བསམས་ལ་སྔགས་འབྲུ་བཅུ་གསུམ་པ་བཟླ་ཞིང་། གཏེར་གཞུང་དུ་མི་གསལ་ཡང་རྒྱུད་ནས་གསལ་བར་གསུངས་པ་དང་གཏེར་ཁ་རིགས་མཐུན་གཞན་ནས་གསུངས་པའི་ཕྱིར། རྒྱུད་ནས་འབྱུང་བའི་དབང་སྡུད་ཀྱི་སྔགས་ཤམས་སྦྱར་ན་ལེགས་པར་སེམས་སོ། །ཐུན་མཚམས་སུ་བདག་གཞན་ཐམས་ཅད་དམིགས་མེད་རོ་མཉམ་བདེ་བ་ཆེན་པོར་གདོད་ནས་ཟུང་དུ་འཇུག་པའི་རིག་ངོ་ལ་མཉམ་པར་བཞག་ཅིང་གཏོར་མཆོད་སོགས་བྱ་བ་གཞན་སྔར་དང་འདྲ་ལ་ཚོགས་དང་མེ་མཆོད་ལྷག་པར་གཅེས་སོ། །དེ་ལྟར་རྟགས་མཐོང་གི་བར་རམ། ཕྱི་སྒྲུབ་ཟླ་གཅིག་ཙམ་ལས་མི་བྱེད་ན་ལས་སྦྱོར་བདུན་ཕྲག་གཅིག་ལས་མང་དུ་མི་བྱ། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་ཕྱི་ཐུན་ནས་གཏོར་མཆོད་རྙིང་པ་ཁ་གསོ་ཞིང་། ཚོགས་དང་དངོས་གྲུབ་ཀྱི་རྫས་སོགས་གསར་པ་བཟང་དུ་བཤམ། གྲོལ་བའི་ནངས་མོར་ཐོར་ཐུན་དཀྱུས་བཞིན་དང་། སྔ་ཐུན་གྱི་མགོར་བགེགས་བསྐྲད་སྲུང་འཁོར་གསལ་འདེབས་བསྐྱར་མ་བྱ། མདུན་གྱི་སྒྲུབ་གཏོར་ཡང་ལྷར་གསལ་བས་ལས་གཞུང་ཚང་མ་བསྟོད་པ་ཡན་དང་། བསྙེན་སྒྲུབ་ལས་སྦྱོར་གྱི་


LT32_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་དམིགས་ཁྱུག་ཙམ་བཏང་ནས་ལས་བྱང་རྒྱས་བསྡུས་གང་རུང་ལྟར་ཚོགས་སྐོང་བཤགས། བཀའ་སྲུང་གཏོར་འབུལ། འབུམ་བསྐུལ། ཆད་བརྟན། གཏོར་བྲོ་ཡན་རྒྱས་པར་གྲུབ་ནས། སྒྲུབ་གཏོར་ལྷར་གསལ་བའི་གནས་ལྔ་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་དཔག་ཏུ་མེད་པ་བྱུང་། རང་གི་གནས་ལྔར་ཐིམ་པས་ལྷན་སྐྱེས་ཌཱ་ཀཱིའི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་རྣམ་པ་དབྱེར་མེད་པའི་མཆོག་ཐུན་མོངས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་སྟེ་བདུད་འདུལ་རིགས་ལྔའི་དཀྱིལ་འཁོར་པའི་ངོ་བོར་ཁྲོང་གི་གྱུར་པར་མོས་ལ་དངོས་གྲུབ་བླང་བའི་ཚིགས་བཅད་དང་བསྡུ་སྔགས་ལན་ཁ་ཡར་བརྗོད་ལ་གཏོར་ཐོད་བུམ་པ་གནས་ལྔར་གཏུགས་ཤིང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། སྒྲོན་མེ་སྦར་བ་ལག་ཏུ་ཐོགས་ལ་ལས་བྱང་ཆེ་བ་ལྟར་འབད་པ་དོན་ཡོད་པའི་སྨོན་ལམ་སྙིང་ཐག་པ་ནས་བྱ་ཞིང་། གཞན་ཡང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གསང་ཆེན་ངེས་པའི་ཐ་ཚིག་གི་སྨོན་ལམ་ཟབ་མོ་དོས་དྲག་ལ་ཡུན་རིང་བར་གདབ། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་། ལྷག་པར་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ལ་འཇུག་པའི་ཚེ། ལས་དང་པོ་པའི་བློ་སྐྱོན་གྱིས་འགལ་ཉམས་ཉེས་ལྟུང་ཕྲ་མོར་བཅས་པ་ཐམས་ཅད་སྙིང་ནས་


LT32_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་ཕྱིན་ཆད་མི་བགྱིད་པར་དམ་བཅས་ཏེ་ཡིག་བརྒྱ་དབྱངས་གསལ་ཇི་ཙམ་ནུས་པ་བརྗོད། རྩ་བ་གསུམ་དང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བདེན་ཚིག་གི་རྒྱལ་རྔ་བརྡུང་ཞིང་མནྡཱ་ར་བའི་ཆར་བསྙིལ་བར་མོས་ལ་བཀྲ་ཤིས་བརྗོད། གཏོང་རག་ཏུ་ཕྱི་ནང་གསང་གསུམ་སྨན་རཀ་གཏོར་མཆོད་འབུལ། སྤྲོ་ན་བསྟོད་འབུམ་བཏང་། བསྡུ་ན་ཕྱི་སྒྲུབ་ཀྱི་གཏོར་འབུལ་དང་བསྟོད་པ་ཙམ་བྱས་ནས་སྒྲུབ་རྫས་ཀྱི་ཡེ་ཤེས་པ་དང་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་དང་སྲུང་བའི་གོ་བགོ། །འཁོར་གསུམ་རྣམ་པར་མི་རྟོག་པའི་བསྔོ་བས་རྒྱས་གདབ་ཅིང་། རེ་ཞིག་དེ་ཙམ་གྱིས་ཆོག་ཤས་པས་ནང་སྒྲུབ་སོགས་ལ་མི་འཇུག་ན་ཁ་སྐོང་གི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་བྱ་ཞིང་། རྒྱལ་ཆེན་དང་གཙང་རིས་ཀྱི་དཔལ་མགོན་རྣམས་ལ་གཏོང་རག་ཕུལ་ཏེ་ཐོ་འགྲོ་ལ་སོགས་ཡི་དམ་ལྟར་བྱ། ཞག་ཤས་གནས་སྲུང་ཞིང་རླུང་རིག་དབྱེར་མེད་ཀྱི་བཟླས་པ་དང་། རིག་སྟོང་ཁྱབ་གདལ་གྱི་ངོ་བོ་སྐྱོང་ཞིང་ཅི་སྣང་དག་པའི་འཁོར་ལོར་ལ་ཟླ་བས་གནས་གསུམ་ཌཱ་ཀཱིའི་སྟོང་སྲོག་དབང་དུ་བྱེད་པའི་ཤེས་རབ་ཕ་རོལ་ཕྱིན་མའི་ཀློང་ལས་ནམ་ཡང་མི་འདའ་བར་ལྷོད་ཡངས་ཀྱིས་མཚམས་གྲོལ་ཏེ་དགག་སྒྲུབ་མེད་པའི་གཤིས་ལུགས་ཀྱི་བསྙེན་སྒྲུབ་


LT32_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདྲིས་པར་བྱའོ། །ཞི་སྒྲུབ་འདི་ནི་རྒྱུད་ལས་རྩ་བ་དམར་པོ་མཁའ་འགྲོའི་སྲོག་ཏུ་གསུངས་ཤིང་འདི་ལ་རྟགས་ཚད་ཐོན་ན་དྲག་བསྙེན་སྐབས་སུ་སློང་དང་བར་ཆད་ཆུང་བས་ནན་ཏན་ཏུ་འབད་པར་བྱ་བ་མན་ངག་གོ། །གཉིས་པ་མན་ངག་ཁ་སྐོང་སྤྲོས་བཅས་ལུགས་སུ་བྱེད་ན་སྒྲུབ་པའི་ཐོག་མཐར་ལས་བྱང་ཆེན་མོ་དང་། གཞན་ལ་ལས་བྱང་མྱུར་མགྱོགས་གློག་ཕྲེང་ཐུན་བཞིའི་རིམ་པས་བཏང་ཞིང་། མངོན་རྟོགས་དང་བསྟོད་པའི་སྐབས་འབྱིན་འཇུག་དབྱེ་བསལ་བྱ། །བསྙེན་པའི་སྐབས་སུ་བབ་པ་ན་ཛབ་བསྐུལ་སྔོན་ཏུ་འགྲོ་བའི་བསྙེན་འཛབ་བཟླ། ཐུན་མཐར་གཏོར་འབུལ་དང་། སྲོད་ཐུན་ལ་ཚོགས་མཆོད། བཀའ་སྲུང་གཏོར་འབུལ། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན་གྱི་རྒྱས་གདབ། ཆད་བརྟན་དང་དངོས་གྲུབ་བླང་བ་ནི་གྲོལ་ཉིན་བར་མི་དགོས། གཞན་ཐུན་བཞིའི་རྒྱས་བསྡུས་དམིགས་གནད་སོགས་སྔ་མ་ལྟར་བྱས་པས་འགྲུབ་སྟེ་ལས་བྱང་དང་ཁོག་སྤྲེལ་བའི་བསྙེན་སྒྲུབ་ཀྱི་རིགས་འདི་བྱིན་རླབས་ཀྱི་རྩ་ལ་ཁ་ཆེ་བ་ཞལ་རྒྱུན་ལས་འབྱུང་ཡང་བཟླས་བསྙེན་གྱི་གྲངས་འགྲོ་ཕུལ་ཆེ་ལ་ཡུན་རིང་ཡང་ལུས་སེམས་མི་དུབ་པ་གཏེར་གཞུང་སྤྲོས་མེད་ལྟར་ལེགས་པར་སེམས་སོ།། ༈ །།གཉིས་པ་ནི།


LT32_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་ལས། ནང་སྒྲུབ་སྣང་སྲིད་དབང་སྡུད་གྲི་གུག་རྒྱ༔ བསྙེན་དང་སྒྲུབ་དང་ལས་སྦྱོར་དྲིལ་བའི་ཆོས༔ དཔག་བསམ་ཤིང་གི་རྩ་བ་བཅུད་དང་ནི༔ ཡན་ལག་མེ་ཏོག་ལོ་མ་ལྟ་བུ་ཡིན༔ སྒྲུབ་པའི་རྩ་བ་འདི་ལས་གཞན་ཅི་འདུག༔ ཅེས་གསུངས་པ་ལྟར་ནང་ལྟར་དྲག་མོར་སྒྲུབ་པ་འདི་ལ་བཅས་བཤམ་གྱི་རིམ་པ་སྤྱིར་ནི་ཞི་བར་བསྙེན་པའི་སྐབས་ཇི་ལྟ་བ་ལས། ཁྱད་པར་གྱི་གནད་ཡིག་ཆུང་གསང་བའི་མན་ངག་ལྟར་དགོས་པས་དཀྱིལ་འཁོར་འཛེམ་ན་རབ། ཅིས་ཀྱང་མ་འཛོམ་ཞིང་འབྲུ་ཚོམ་བཀོད་པ་ནའང་ལྷ་གྲངས་རང་གཞུང་དང་མཐུན་པ་དགོས། མེ་ལོང་སྔགས་འཁོར་གྱི་སྟེང་དུ་དབང་གི་ལས་མེ་རླུང་ནོར་བུ་པདྨའི་ཞགས་པ་ལས་འབྱུང་བའི་སྲོག་འཁོར་བླ་རྡོ་ཁམས་གསུམ་དབང་སྡུད་བྲི་རྫས་གཞུང་གསལ་ཚད་ལྡན་བྲིས་པ་བཀོད། འདི་སྐབས་བསྙེན་སྒྲུབ་ལས་གསུམ་དྲིལ་སྔགས་ནི་གཞུང་དེ་ཉིད་ཀྱི་འོག་ཏུ་འབྱུང་བ་ལྟར་རོ། །དེ་སྟེང་དར་ཁེབས་ལ་གཟུངས་ཐག་རྡོ་རྗེ་དང་མཉམ་དུ་རྨ་བྱའི་མདངས་ཀྱིས་སྤྲས་པའི་སྐུ་ཙཀ་བཙུགས་པ་སོགས་ཞིབ་པར་གསེར་ལྡེའུ་དང་ཕྱི་སྒྲུབ་བཅས་འཕྲུལ་ཤེས་པར་བྱ། ནང་སྒྲུབ་འདི་ཉིད་དུས་གཞན་ཏུ་བྱེད་ན། སྔོན་འགྲོའི་བྱ་བ་ཐོ་འཛུག་སོགས་སྔར་ལྟར་གནད་ཆེ་ལ། ཕྱི་སྒྲུབ་དང་སྤྲེལ་བའི་ཚེ་ཐོ་མ་


LT32_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སྔོན་དེར་བྱ་སྟེ། དེ་ལ་གསུམ། གོང་བསྙེན་བྱིན་རླབས་ཀུན་འདུས། ཞི་བར་བསྙེན་ཅིང་དྲག་མོར་བསྒྲུབ་པ། མཆོག་གི་ལས་སྒྲུབ་པོ། །དང་པོ་ནི། བརྒྱུད་འདེབས་ནས་བཟུང་མཆོད་པ་བྱིན་རླབས་ཡན་སྔོན་འགྲོའི་བྱ་བ་སྔར་དང་འདྲ། དངོས་གཞི། ནང་སྒྲུབ་སྣང་སྲིད་དབང་སྡུད་ལྟར། སྟོང་པའི་ངང་ལས་ཆུ་ལ་ཉ་ལྡང་བའི་ཚུལ་དུ་སོགས་བདག་བསྐྱེད་ཞི་ཁྲོ་སྦྲགས་མར་བསྒོམས་ལ་ཐུན་བཞི་རེ་རེ་བཞིན་ཕྱེད་ཆ་བཛྲ་གུ་རུ་སོགས་དང་། ཕྱེད་ཆ་ག་ཏེའི་སྔགས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཅི་འགྲུབ་རེ་བཟླས་པས་ཁ་སྐོང་ཞིང་། ཡིག་བརྒྱ་ལན་གསུམ་གྱིས་ཉམས་ཆགས་གསོ། ཧཱུྃ་གསུམ་ཕཊ་གསུམ་གྱིས་བསྡུ་ལྡང་བྱ། ཐུན་མཚམས་སུ་ཕྱི་སྒྲུབ་སྐབས་ལྟར་གཏོར་མ་རེ་འབུལ། གཞུང་གསལ་གྲངས་ཚད་རྫོགས་པར་གྲུབ་ན་རབ། །ཐ་ནའང་ཞག་བདུན་ནམ་གསུམ་དུ་དེ་ལ་བརྩོན། བསྙེན་དམིགས་གཞུང་གསལ་ལ་རྩེ་གཅིག་བསྒྲིམས་པས་འཐུས་ཀྱི་སྤྲོ་བསྡུ་སོགས་དངོས་སུ་མ་གསུངས་པས་མི་དགོས། གོང་བསྙེན་ཞག་བདུན་སོགས་གྲུབ་ནས་གཉིས་པ་ནི། སྔོན་འགྲོ་སྔར་ལྟར་ལ། དངོས་གཞི་བདག་བསྐྱེད་གསལ་བཏབ་ནས་གོང་བསྙེན་བརྒྱའམ་ཉེར་གཅིག་རེ་བཟླ། སྟོང་པའི་ངང་


LT32_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་པ་སོགས་མདུན་བསྐྱེད་ལྷ་བཅུ་གསུམ་འཁོར་གྱི་ཚོགས་དང་བཅས་པ་བསྐྱེད་དེ་སྤྱན་འདྲེན་ནས་བསྟོད་པ་ཡན་ལས་བྱང་ལྟར་བྱའོ། །དེའང་ཐུན་བཞིའི་ཐོག་མ་ལ་བགེགས་གཏོར་སྔོན་དུ་འགྲོ་བའི་ལས་བྱང་ཆེན་མོ་གཏང་ཞིང་། གཞན་གསུམ་ལ་ལས་བྱང་ཆུང་བ་ཉིད་བཏང་། དེའི་ཚེ་བདག་བསྐྱེད་ཀྱང་ཏིང་འཛིན་རྣམ་གསུམ་ཟིན་པའི་རྗེས་དེ་ཉིད་དུ་སྦྱར་ཤེས་པར་བྱའོ། །སྲོད་ཐུན་གཤམ་དུ་སྲུང་མའི་གཏོར་འབུལ། ཚོགས་ནུབ་རེ་བཞིན་དགོས་པས་རྒྱུན་དུ་ལས་བྱང་ཆུབ་པ་ལྟར་དང་། དུས་བཟང་རྣམས་དང་གྲོལ་སྐབས་ལས་བྱང་ཆེ་བ་ལྟར་བྱ། ཛབྲ་ཀྱི་ཚེ་ཐོག་མར་གནམ་ལྕགས་ཐོག་ཕྲེང་གི་ཞི་འཛབ་བསྐུལ་པ་དང་། རང་གཞུང་། བདག་ཉིད་ཤཱཀྱ་སེང་གེའི་སོགས་བཟླས་དམིགས་སྔོན་ཏུ་འགྲོ་བས། ག་ཏེ་ལན་བདུན། འབྲུ་བཅུ་གསུམ་པ་བསྙེན་པའི་རྩ་བ་ཤིན་ཏུ་གལ་ཆེ་བས་ཞི་དྲག་ཆ་མཉམ་ཙམ་བྱས་ན་ལེགས་ཀྱང་། ཕྱི་སྒྲུབ་སྔོན་སོང་གི་དབང་དུ་བྱས་ནས་སྐབས་འདིར་སྟོང་རྩ་རེ་གྲུབ་མཚམས་གནམ་ཐོག་ལྟར། ཧཱུྃ་ཧྲཱིཿ ཡེ་ཤེས་རང་སྣང་སོགས་ཀྱི་ཛབ་བསྐུལ་ཆེ་བརྗོད་སྔོན་དུ་འགྲོ་བས། ཐུན་གྱི་ངོས་གཞི་ཡི་གེ་བཅུ་བཞི་པ་ཉིད་གཙོ་བོར་བཟླ། བསྙེན་དམིགས་སྤྱིར་རང་གཞུང་ལྟར་ལ་འོད་ཟེར་སྤྲོ་གཞིའི་


LT32_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་སྲོག་སྔགས་ཕྲེང་ཞི་དྲག་གཉིས་ཀར་ཐོག་ཕྲེང་ལྟར་བྱ་བ་ལེགས་ཡག་རང་གཞུང་ལས། རང་གི་ཐུགས་ཀ་ནས། སིབ་སིབ་ཐིམ་པར་བསམ་ཡན་གྱི་དམིགས་པ་དང་བཅས་བུམ་བཟླས་བྱ། དེའང་ནང་སྒྲུབ་ཇི་ཙམ་བྱེད་པའི་ཕྱེད་སྔ་མ་ཡན་རྫས་སྒྲུབ་དམིགས་པ་ཁོ་ན་ལ་བསྒྲིལ་ཞིང་བུམ་བཟླས་ཁྱུག་ཙམ་རེ་བྱེད། ཕྱེད་ཕྱི་མ་རྫས་སྒྲུབ་ཉུང་ཞིང་བུམ་བཟླས་མང་དུ་བཏང་། ཐུན་མཐར་སྟོང་ཉིད་ཀྱི་ངང་ག་ཏེ་བདུན་རེ་བཟླ་ཐོག་ཕྲེང་ལྟར་ཕན་ཡོན་སྨོན་ལམ་བརྗོད། ཁ་སྐོང་གཏོར་འབུལ་སོགས་ཐུན་མཚམས་བྱ་བ་ཕྱི་སྒྲུབ་ལྟར་ལ་བདག་བསྐྱེད་བསྡུ་ལྡང་བྱ། མདུན་བསྐྱེད་ནམ་གྲོལ་གྱི་བར་བརྟན་བཞུགས་བྱ་བ་ལས་མི་བསྡུའོ། །དེ་ལྟ་བུའི་དམིགས་སྐོར་སྔ་ཕྱི་དེ་གཉིས་ལ་གཞུང་གཞན་ཏུ་མདུན་བསྐྱེད་རྫས་སྒྲུབ་ཀྱི་བཟླས་པ་དང་། བདག་མདུན་ལས་སྦྱོར་གྱི་བཟླས་པ་ཞེས་གྲགས་ལ་གཏོར་མ་མེ་ལོང་ཐོད་པ་བུམ་པ་བཅས་རེ་རེ་བཞིན་གཙོ་མོ་ལྷ་ལྔ་ཆ་རེ་བསྒོམ་སྟེ་དཀྱིལ་འཁོར་བཞི་བརྩེགས་ཀྱི་ཐ་སྙད་དང་། འོག་གི་དཀྱིལ་འཁོར་དུ་ལྷ་གྲངས་ཚང་བར་བསྒོམས་ལ། འདིར་ནི་དངོས་སུ་བུམ་པའི་དཀྱིལ་འཁོར་ལས་མ་བསྟན་ཀྱང་དེའི་སྤྲོ་བསྡུའི་བྱ་བ་བསྟན་པའི་ཤུགས་ལས་ཐོབ་པར་འགྱུར་བས་བུམ་བསྐྱེད་འགལ་


LT32_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་འཁོར་ལོའི་སྤྲོ་བསྡུའི་སྐབས་དཀྱིལ་འཁོར་སྔ་མ་བཞི་ལ་གཙོ་བོར་དམིགས། རྫས་སྒྲུབ་ཀྱི་སྐབས་རྫས་དཀྱིལ་གཙོ་བོར་གྱུར་པའི་དཀྱིལ་འཁོར་རྣམ་གོས་གཅིག་པར་ལྷ་གྲངས་ཆ་ཚང་གཅིག་བསྒོམ་ཞིང་། མེ་ལོང་དུ་ཡུམ་ཆེན་མོ་བསྒོམ་པར་བྱའོ། །གསུམ་པ་ནི་གཞུང་གཞན་ཏུ། བདེ་དྲོད་ཡེ་ཤེས་སྐྱེད་པའི་འབར་འཛག་གི་བཟླས་པ་ཞེས་གསུངས་ཏེ་ཡུན་ཅི་རིགས་རྟགས་མཐོང་གི་བར་དུ་བསྒོམ་བཟླས་བྱེད་པ་ལས་གྲངས་ཚད་མེད་མོད། ད་ལྟ་ས་བཅད་མ་སྟོང་ཙམ་ལག་ལེན་འདེབས་པའི་དབང་དུ་བྱས་ཏེ། ནང་སྒྲུབ་ཀྱི་སུམ་ཆ་ཙམ་ལ་ཆོ་གའི་བྱ་བ་ཐམས་ཅད་སྔར་ལྟར་ལ། བསྙེན་པའི་སྐབས་སུ་བབ་པ་ན་གོང་ནོན་དང་ཞི་དྲག་སོགས་གཅིག་ཀྱང་མི་བྱ་བར། རང་གཞུང་ལྟར། བདག་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ནས། བདེ་དྲོོད་འུ་རུ་རུ་སྐྱེ་བར་བསམ། བར་གྱི་དམིགས་གནད་དང་ལྡན་པས་ཐོག་མར་བར་རླུང་ཙམ་ལ་བརྟེན་ཡིག་འབྲུ་དྲུག་པོ་རླུང་འགྲོ་འོང་གནས་གསུམ་དང་སྦྱར་བའི་ལམ་སྦྱང་། འབྱོངས་ཤིང་གོམས་ནས་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བཟུང་ཞིང་སྔགས་ཡིད་བཟླས་དང་དམིགས་གནད་གཞུང་གསལ་ལྟར་བྱ། །ཅིས་ཀྱང་བུམ་ཅན་མ་གྲུབ་ནའང་བར་རླུང་དང་ཡིད་བཟླས་ལ་བརྟེན་ཏེ་ས་ཁོངས་འཛིན། ཐུན་མཐར་བདག་མདུན་བསྲེས་པ་མར་མེ་གཅིག་


LT32_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཉིས་མཆེད་ཀྱི་ཚུལ་གྱིས་སྔར་ལྟར་ཕྱེས་ནས་ཐུན་མཚམས་ཀྱི་བྱ་བ་དཀྱུས་བཞིན་བྱའོ། །གལ་ཏེ་རང་སྣང་དབང་སྡུད་ཡེ་ཤེས་མཁའ་འགྲོ་སྒྲུབ་པའི་རྩེ་བ་འདི་ལ་མཐིལ་ཕུར་དུ་བྱེད་ན་ཐོག་མར་ནང་སྒྲུབ་ཀྱི་བསྙེན་སྒྲུབ་གྲུབ་ནས་དངོས་གྲུབ་ལེན་ཆོག་སོགས་རྗེས་ཀྱི་བྱ་བ་ཕལ་ཆེར་ཟིན་ནས། བསྡུ་རིམ་མ་བྱས་པའི་གོང་དུ་བདག་མདུན་བསྲེས་ཏེ་ལོ་ཟླ་ཅི་ནུས་ལ་སྐྱབས་སེམས་ཙམ་ལས་ལས་བྱང་གི་ཁོག་དབུབ་མི་བཏང་བར་སྤྲོས་མེད་དུ་བསྒྲུབ་བོ། །གྲོལ་བའི་སྐབས་རྗེས་ཀྱི་བྱ་བ་དངོས་གྲུབ་ལེན་པའི་སྟ་གོན་མན་ཆད་ཕྱི་སྒྲུབ་ལྟར་ལ། བསྙེན་པའི་སྐབས་ལས་བཞིའི་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱི་འགྲེ་བཅས་ཐོག་ཕྲེང་ལྟར་ཡི་གེ་བཅུ་བཞི་པ་ལ་ལས་བཞིའི་སྔགས་ཤམ་སྦྱར་བ་བུང་བསྐྱེད་བཟླ། བསྟོད་བསྐུལ་སྐོང་བ་སོགས་སྔར་ལས་ཀྱང་རྒྱས་པར་བྱ་ཞིང་གྲུབ་ན་དོན་དབང་ལྟར་བདག་འཇུག་ཀྱང་ལེན་ནོ།། ༈ །།གསུམ་པ་ནི། ཆོས་འབྱུང་ལས། གསང་སྒྲུབ་གནམ་ལྕགས་ཡང་སྙིང་བུམ་པའི་རྒྱ༔ གོང་མ་གཉིས་པོ་རྫོགས་ནས་རྒྱུན་ཁྱེར་ཏེ༔ བསྙེན་སྒྲུབ་ལས་སྦྱོར་གཅིག་དྲིལ་ཁྱེར་བདེ་བཀོད༔ དཔག་བསམ་ཤིང་གི་འབྲས་བུར་ལོངས་སྤྱོད་འདྲ༔ རིག་སྔགས་རྣལ་འབྱོར་ཆེན་པོ་ཨ་ལ་ལ༔ ཞེས་གསུངས་པ་ལྟར་གསང་བ་བཅུད་དྲིལ་རྒྱུན་ཁྱེར་གྱི་རིམ་


LT32_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ལའང་སྒྲུབ་པ་དང་རྒྱུན་ཁྱེར་གཉིས་ལས་དང་པོ་ནི། ནང་སྒྲུབ་ཀྱི་དཀྱིལ་འཁོར་སོགས་བསྡུས་པའི་རྗེས་ཉིད་དུའམ། དུས་གཞན་ཏུའང་རུང་སྟེ། དཀྱིལ་འཁོར་སྒྲུབ་རྫས་གསང་སྒྲུབ་གནམ་ལྕགས་ཡང་སྙིང་དུ་གསལ་བ་ལྟར། འཛོམ་ན་རས་བྲིས་སོགས་དཀྱིལ་འཁོར་དང་མ་འཛོམ་ན་ལྷ་གྲངས་ཀྱི་ཚོམ་བུའི་ཁར་མཉྫི་རིམ་གཉིས་འོག་མར། ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱོར་ནང་དུ་འཁོར་ལོ་སྲོག་རྟེན་སོགས་ཡིག་ཆུང་གསེར་ལྡེའུ་དང་བླ་རྡོའི་ཡིག་ཆུང་ལྟར་བྱས་པ་དང་ཆགས་སྐྱེད་ཀྱི་རྫས་སྣ་བརྒྱད་པའང་མཉམ་དུ་བླུགས་ལ་དར་གྱིས་དྲིལ་ཏེ་བཞག །དེ་མཉམ་འཛོམ་ན་སྦ་ལྕག་ཚིགས་གསུམ་ནང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བླ་རྡོ་སྲོག་འཁོར་ལག་ལེན་ཡིག་ཆུང་ལྟར་བཅས་འཛོམ་གཞུག་ཅིང་དར་སྣས་བརྒྱན་པ་བཞག །རིམ་པ་སྟེང་མར་རྟེན་གཏོར་རང་གཞུང་ལྟར། གཡས་གཡོན་སྨན་རཀ །རྒྱུན་གཏོར་དཀར་དམར། ཕྱི་མཆོད་སོགས་ཕལ་ཆེར་ཕྱི་སྒྲུབ་སྐབས་ལྟར་བཅས་བཤམ་གྲུབ་ནས། ནང་སྒྲུབ་དང་སྦྲེལ་ཏེ་ཐོ་གྲོལ་སོགས་བྱས་པ་མེད་ནའང་སྐབས་འདིར་ཕྱི་གཡེན་སྐོང་ཞིང་རྒྱལ་ཐོ་ཁ་གསོ་སོགས་བྱ། དུས་གཞན་ཏུ་ཡིན་ན་ཐོ་གསར་འཛུག་གི་ཆོ་ག་དང་། བརྒྱུད་འདེབས་ནས་མཆོད་རླབས་ཡན་སྔོན་འགྲོའི་རིམ་པ། ལས་བྱང་ཆེ་ཆུང་གི་ཁོག་འབུབ་བཏང་ལུགས་


LT32_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་རྣམས་དང་འདྲ་བ་ལས། ལྷ་བསྐྱེད་སྐབས་གསང་སྒྲུབ་མངོན་རྟོགས་ལྟར་བདག་མདུན་དབྱེར་མེད་བསྒྲུབ། བཟླས་པའི་སྐབས་གབ་ཅུང་ཟད་ཡོད་དེ་གཞུང་གསལ་རྒྱུན་ཁྱེར་ཙམ་ལ་དགོངས་པ་ཡིན། སྒྲུབ་པའི་སྐབས་གནམ་ལྕགས་ཐོག་ཕྲེང་ལྟར། དྲག་པོའི་ཛབ་བསྐུལ་བརྗོད་པས་བདག་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་མདུན་བསྐྱེད་འཛབ་ཁང་དབྱེ་ཞིང་ཕན་ཡོན་བརྗོད། འདིར་ཡང་རྒྱུད་ལས། སྒྲུབ་པ་སྒྲུབ་ཅིང་ལས་སྒྲུབ་བོ༔ ཞེས་གསུངས་པ་ལྟར་སྒྲུབ་པ་ལས་སྒྲུབ་གཉིས་ཀྱི་བརྡར་བཞག་པའི་སྔ་མ་ལའང་བསྙེན་སྒྲུབ་གཉིས་ལས། དང་པོ་ནི། བདག་མདུན་གཉིས་ཀ་མཁའ་འགྲོ་བདུད་འདུལ་ནས། གཡོན་བསྐོར་དུ་འཁོར་བར་བསམ༔ བར་གྱིས་བཟླས་དམིགས་གསལ་གདབ་ནས་ཡི་གེ་བཅུ་བཞི་པ་ཞག་བདུན་ནས། གསུམ་ཙམ་ལ་བཟླ གཉིས་པ་ལའང་འཁོར་འདས་ཟིལ་གནོན་གྱི་བཟླས་པ་དང་། སྲོག་འཕྲོག་གི་བཟླས་པ་གཉིས་ལས་སྔ་མ་ནི། བསྙེན་བཟླས་སྔོན་དུ་འགྲོ་བས། སྔགས་ཀྱི་འོད་ཟེར་མེ་ལྕེའི་ཕྲེང་བ་སོགས་ནས། བཀའ་ཉན་ལས་བྱེད་དུ་གྱུར༔ ཡན་དང་། འདིར་ཅུང་མི་གསལ་བའི་དམིགས་པ་གསང་སྒྲུབ་རང་གཞུང་ནས་ཀྱང་བསྣན་ཏེ་ཐུན་གྱི་ཕྱེད་ཆ་ཙམ་བཟླ། གཉིས་


LT32_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སླར་ཡང་ལྕེ་རྡོ་རྗེ་རྭ་རྩེ་ནས། ནུས་པ་འབར་བར་བསམ༔ ཡན་གྱིས་ཐུན་གྱི་ཕྱེད་ཆ་དམིགས་བཟླས་བྱས་ཏེ་དེ་གཉིས་ལ་བདུན་ཕྲག་གཅིག་སོགས་ལས་དམིགས་པའི་གཙོ་བོར་བྱ། དེ་ནས་ལས་སྒྲུབ་བམ་གཞན་དུ་སྒྲུབ་པ་ཆེན་པོར་གྲགས་པ་བྱིན་རླབས་ཀྱི་བཟླས་པ་ནི། ཐུན་འགོར་བཟླས་དམིགས་སྔ་མ་རྣམས་གཞིར་བཞག །བདག་མདུན་གཙོ་མོའི་ནས། མྱུར་དུ་འགྲུབ་པར་བསམ༔ བར་ལ་དམིགས་པའི་མཐིལ་བྱས་ཏེ་འབྲུ་འབུམ་ལ་སོགས་ཅི་ནུས་བཟླ་ཞིང་། །དེའི་སྐབས་སུ་ཐུན་མཐར་ལས་བཞིའི་སྔགས་ཤམ་ཡང་ཅུང་ཟད་རེ་སྤྲེལ་ལོ། །དེ་དག་གི་ཚེ་ཐུན་མཚམས་ཀྱི་བྱ་བ་སྔགས་ཀྱི་ཕན་ཡོན་བརྗོད་པ་ཁ་སྐོང་སོགས་སྔར་དང་ཁྱད་མེད། གཏོར་འབུལ་ཕྱི་སྒྲུབ་ལྟར་རམ། ཡང་ན་གྲུབ་གཉིས་རོལ་མཚོ་བཏང་། གལ་ཏེ་འདི་ལ་ཡུན་རིང་དུ་བསྒྲུབས་ནས་ད་ཙམ་མི་འཁྱོངས་ན་དགོངས་ཐུན་མཐར་གཏོར་འབུལ་བཀའ་སྲུང་སོགས་རྒྱས་པ་རེ་དང་ཐུན་མཚམས་གཞན་གསུམ་པོར་སྤྱི་ལྟར་ཡེ་ཤེས་ལྷ་ཚོགས་ཙམ་ཀྱིས་ཀྱང་འཐུས། གང་ལྟར་མཆོད་བསྟོད་གཏོར་འབུལ་ལམ་སྟོང་ཚིགས་གྲུབ་ནས་གསང་སྒྲུབ་ལྟར། མཁའ་འགྲོ་ཐམས་ཅད་མདུན་གྱི་གཙོ་མོ་ནས། མེ་རེ་རེ་བྱུང་ནས་རང་ལ་ཐིམ༔ བར་གྱིས་བྱིན་རླབས་བསྡུ། བདག་བསྐྱེད་བསྡུ་ལྡང་


LT32_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང་མདུན་བསྐྱེད་བརྟན་བཞུགས་བྱའོ། །གྲོལ་ཁའི་ཞག་གསུམ་ཙམ་ལ་ལས་སྔགས་ཤམ་ཅན་ཁོ་ན་གུང་བསྐྱེད་ཅིང་ལས་བཞིའི་དམིགས་པའང་སྤྱི་མཐུན་བྱ། དངོས་གྲུབ་ཀྱི་རྫས་དང་ཚོགས་འཁོར་རྒྱས་པར་བཤམ་སྟེ་རྗེས་ཀྱི་ལས་རིམ་ནང་སྒྲུབ་ལྟར་མཐའ་རྒྱས་སུ་བྱ། བསྡུ་རིམ་སྐབས་མདུན་བསྐྱེད་གཙོ་མོ་ལ་བསྡུས་ཟིན་ནས་སྦ་ལྕག་སོགས་སྒྲུབ་རྟེན་ཡོད་ན། དེ་ལ་བརྟན་བཞུགས་དང་། །མེད་ན་རང་ལ་བསྡུའོ། །གཉིས་པ་རྒྱུན་ཁྱེར་ལྟར་སྒྲུབ་པ་ནི། ཐོག་མར་བདག་མདུན་གཉིས་ཆར་སྒྲུབ་པ་ཡུན་རིང་ཐུང་ཅི་རིགས་སྔོན་དུ་སོང་ནས་སྒྲུབ་རྟེན་དཀྱིལ་འཁོར་གཏོར་མ་ཐོད་པ་ཙམ་ལ་བརྟེན་ཅིང་ལས་བྱང་མྱུར་མགྱོགས་གློག་ཕྲེང་གིས་བཅིང་སྟེ་གསང་སྒྲུབ་གཞུང་གི་དངོས་བསྟན་ལྟར་བདག་བསྐྱེད་ཁོ་ན་ལ་བརྟེན་པའི་དམིགས་བཟླས་རྒྱུན་ཁྱེར་རམ་ལོ་ཟླ་ལ་སོགས་པར་བྱའོ།། ༈ །།བཞི་པ་ནི། བླ་མེད་མཆོག་སྒྲུབ་གསང་བའི་བཅུད་དྲིལ་འདི༔ གོང་མ་གསུམ་ཀའི་བོགས་འདོན་མྱུར་བའི་ལམ༔ མེ་ལ་སྦུད་པས་བསྣན་ནས་སྦར་བ་འདྲ༔ བརྩོན་ལྡན་རྣལ་འབྱོར་གྲུབ་པ་ལོ་ཟླ་ལས༔ མི་འགྱང་མྱུར་ཐོབ་དྲོད་རྟགས་ངེས་པར་འབྱུང་༔ བདུད་འདུལ་དྲག་མོའི་ཆོས་སྲོག་དྭངས་མའི་ཁྲག༔ ཅེས་གསུངས་པ་ལྟར་ཡང་གསང་མཆོག་སྒྲུབ་འདི་ལ་


LT32_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་ཅན་ཐེམ་མེད་གཉིས་སུ་བཞུགས་པ་ལས། སྐབས་འདིར་ཐེམ་ཅན་གསང་བ་བཅུད་དྲིལ་ལྟར་ཚོམ་བུའི་དཀྱིལ་འཁོར་དང་རྟེན་མདའ་ནས་སྣོད་དུ་གཟུག་པ། དཀར་གཏོར་དམར་གཏོར། སྨན་རཀ །ཕྱི་མཆོད་བཅས་ཚོགས་པར་བྱས། སྒྲུབ་པ་སྔ་ཕྱི་ཐམས་ཅད་སྦྲེལ་ན་ཕྱི་ཐོ་མ་བསྡུས་པའི་ཁོངས་སུ་བྱ། སྒེར་དུ་སྒྲུབ་ན་ཐོ་འཛུག་སོགས་མི་དགོས། ཐུན་ལ་ཐོག་མར་ཞུགས་སྐབས་དཀར་བགེགས་མཚམས་གཅོད་སོགས་བྱས་ཀྱང་རུང་ལ་འདི་རིགས་མ་བྱས་ཀྱང་ཆད་སྐྱོན་མེད། བརྒྱུད་འདེབས་ནས་བྱིན་རླབས་ཡན་ཕྱི་སྒྲུབ་སྐབས་ལྟར་སོང་མཚམས་ཐེམ་མེད་རང་གཞུང་གི་ལྷ་བསྐྱེད་ཀྱིས་བདག་མདུན་དབྱེར་མེད་དུ་བསྐྱེད་བསྟིམས་བྱ་ཞིང་ཕྱི་སྒྲུབ་སྐབས་ཀྱི་ཞི་བསྙེན་ཅི་འགྲུབ་བཟླ། སླར་ཛབ་ཁང་ཕྱེ་ཞིང་། བཟླས་དམིགས་གཞུང་གསལ་ལྟར་ལ་བདག་མདུན་ཐུགས་ཀར་ས་བོན་སྔགས་ཕྲེང་ཕྱི་སྒྲུབ་སྐབས་ལྟར་བཀོད་ནས་མདུན་བསྐྱེད་ལ་བརྟེན་ཏེ་དངོས་གྲུབ་བསྡུ་བ། བདག་བསྐྱེད་ལ་བརྟེན་ཏེ་དབང་བཞིའི་བཟླས་པ། གཉིས་ཀ་ལ་བརྟེན་ཏེ་སྣང་བ་དབང་སྡུད་ཀྱི་བཟླས་པ་བཅས་བསྙེན་མཚམས་ཡུན་རིང་བྱེད་ན་ཐོག་མར་ཞག་བདུན་ཕྲག་རེ་ཙམ་སོ་སོར་རིམ་ཅན་ཕུར་ཚུགས་སུ་བསྒོམ་ཞིང་། ཞག་གྲངས་ཐུབ་ནའང་ཞག་གསུམ་རེ་ཙམ་བྱས་ནས་དངོས་གཞིར་ཐུན་རེ་རེར་


LT32_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དམིགས་ཚན་གསུམ་པོ་ཚང་བ་རེ་དང་། འཁོར་ལོའི་བཟླས་པ་ལ་གཞུང་བསྲང་སྟེ་རྟགས་ཐོན་དུ་བསྒྲུབ་བོ། །ཐུན་མཚམས་ཀྱི་བྱ་བ་ཕྱི་སྒྲུབ་ལྟར་རམ། སྐབས་རེར་ལས་བྱང་ཆུང་བའི་སྤྱན་འདྲེན་ནས་བསྟོད་པ་རྫོགས་ཀྱི་བར་མཆོད་བསྟོད་གཏོར་འབུལ་རྒྱས་པར་བྱ་ཞིང་། དེ་ལྟ་ན་ལྷ་ལྔ་ཁོལ་འདོན་གྱི་ཚིག་རིས་འབྱིན་ཤེས་པར་བྱའོ། །བཟླ་བྱའི་སྔགས་ནི་རང་གཞུང་བསྙེན་སྒྲུབ་ལས་སྦྱོར་གཅིག་དྲིལ་ཉིད་ཡིན་ཞིང་སྤྲོས་མེད་ཀྱི་སྒྲུབ་པ་ཡིན་པས་སྔགས་དམིགས་ཁོ་ན་གཙོ་ཆེ་སྟབས་གཞུང་དང་ལས་བྱང་སྤྲད་པ་སོགས་མི་དགོས། རྗེས་ཀྱི་བྱ་བའང་ཕྱི་སྒྲུབ་དང་འདྲའོ། །འདི་ཉིད་རླུང་དང་སྦྱར་བའི་སྤྲོས་མེད་སྒྲུབ་པ་དང་། ཕྱི་ནང་ཡང་གསང་གཅིག་དྲིལ་དུ་བསྒྲུབ་པ་སོགས་ནི་གྲུབ་བརྙེས་རིག་འཛིན་ཆོས་རྗེ་གླིང་པའི་ཞལ་ལུང་ལས་ཤེས་པར་བྱ། འོན་ཀྱང་གཏེར་མ་སྤྱིའི་བབ་དང་འདི་ཉིད་ཀྱིའང་གཞུང་མཐུན་ཚད་ལྡན་ཞིག་བྱེད་ན་ཐོག་མར་འདིར་བཤད་ཀྱི་སྒྲུབ་པའི་མ་བཞི་རྒྱས་བསྡུས་གང་རུང་སྔོན་ཏུ་འགྲོ་བས་རྒྱུན་གྱི་ཉམས་ལེན་གཅིག་དྲིལ་ལྟར་བྱས་ན་ལེགས་ཀྱི་ཐོག་མ་ནས་གཅིག་དྲིལ་ཁོ་ནར་སླར་འཇུས་བྱས་ཚེ་ཅུང་ཟད་གཞུང་དོན་དང་འཛོལ་བར་སེམས་སོ། །དེ་ལྟར་སྒྲུབ་ཐབས་མ་བཞི་ལ་བུ་ལྔ་པོའང་ཅི་ལྟར་ནུས་པ་སྦྱར་ཞིང་བསྒྲུབས་ལ་དྲོད་རྟགས་ཀྱི་རྟགས་ཚད་


LT32_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྙིང་པོ་ལྟར་གཏན་ལ་དབབ། ལས་ཁ་ཚར་རྣམས་ནི་མ་བཞི་པོའི་བསྙེན་སྒྲུབ་ཐམས་ཅད་དམ་གང་རུང་རྫོགས་ནས་སྐབས་སུ་ཇི་ལྟར་འོས་པར་སྦྱར་ལ་ཁྱད་པར་འབྲེལ་མཚུངས་ཀྱི་དབང་དུ་བྱས་ན་ཞི་སྒྲུབ་མཐའ་ཚེ་གཡང་སྒྲུབ་པའི་སྐོར། ནང་སྒྲུབ་མཐར་སྣང་སྲིད་དབང་སྡུད་མེ་རླུང་ཞགས་པ། གསང་སྒྲུབ་ལ་སྲོག་རྟེན་ཕུར་པའི་སྒྲུབ་པའང་སྦྲེལ་ཞིང་མཐར་བསྲུང་བཟློག་བསད་གཟེར་དམིགས་བཟླས་ཟབ་མོ་བཞི་ཁྲིད་ཉིད་སྦྱར་ཏེ། དེའི་ཚུལ་ནི་ཆོས་བདག་བསམ་གཏན་བསྟན་འཛིན་གྱིས་མཛད་པའི་ལས་ཁྲིགས་གནམ་ལྕགས་ཐོག་ཆེན་ལས་ཤེས་པར་བྱའོ། །ཡང་གསང་སྒྲུབ་པ་ལ་བསྐྱེད་རྫོགས་གཉིས་མེད་ཐོད་རྒལ་དུ་སྒྲུབ་པ་དང་བཅུད་ལེན་བདུད་རྩིའི་ཐིགས་པ་སྤྲེལ་བས་མཆོག་སྒྲུབ་གཙོ་བོར་བྱ། དེ་བཞི་ཅི་རིགས་པའམ་ལས་གཞུང་རྒྱས་བསྡུས་སོགས་ལ་བརྟེན་ནས་མཁའ་སྤྱོད་བདུད་རྩིའི་བཅུད་ཐིག་ལྟར་མྱོང་གྲོལ་རིལ་བུའི་སྒྲུབ་པས་ཟང་ཟིང་མེད་པའི་ཆོས་སྦྱིན་སྤེལ་བ་སོགས་བྱས་ན། ཆོས་གཅིག་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྤེལ་ལ་མཁའ་སྤྱོད་གོ་འཕང་གདོན་མི་ཟ་བར་ཐོབ་པའི་མྱུར་ལམ་ཤིན་ཏུ་ཟབ་ལ་ཆ་ཚང་བར་ཡང་འགྱུར་རོ། །སྒྲུབ་པ་སོ་སོའི་བར་རམ་ཐམས་ཅད་རྫོགས་པའི་མཐར་ལས་བཞིའི་སྦྱིན་སྲེག་སོ་སོའི་ལས་མཐུན་ནམ་ཁ་སྐོང་སྤྱི་


LT32_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་ཞི་བའི་སྲེག་བླུགས་བསྙེན་སྒྲུབ་ཀྱི་བཅུ་ཆ་རང་གཞུང་ཕྲིན་ལས་ལྷུན་འགྲུབ་ལྟར་བྱ། སྤྱིར་གོང་དུ་སྨོས་པ་ལྟར་མཁའ་འགྲོ་བསྒྲུབ་པ་ལ་མེ་མཆོད་གཅེས་པས་ཐུན་མཚམས་རྣམས་སུ་མེ་མཆོད་བསྡུས་པ་ཅི་འགྲུབ་གལ་ཆེ་ཞིང་། ཁྱད་པར་འདི་ཉིད་དབང་གི་ལས་སྒྲུབ་གཙོ་བོར་བསྟན་པས་མེ་མཆོད་ཀྱང་དབང་ལྟར་བྱ་སྟེ། དེའི་ལག་ལེན་ཁྱེར་བདེ་ནི། བརྩིགས་ཐབས་ཚད་ལྡན་ཁྱེར་བདེ་སྤྱི་མཐུན་སྔར་ནས་བཅོས་པ་ཡོད་ན་རབ། །མེད་ན་སྟེགས་བུར་རྡུལ་ཚོན་གྱིས་ཆོས་འབྱུང་པདྨ་འདབ་བཞིས་མཚན་པའི་ཕྱི་རོལ་མུ་ཁྱུད་དུ་ཕྱག་རྒྱ་བཞིས་བརྒྱན་པ་བྲིས་ལ། རྒྱ་ཤུག་མཛོ་མོ་ཤིང་སེང་ལྡེང་སོགས་དབང་གི་ཤིང་དམར་པོས་ཐབ་ཁུང་ཟླ་གམ་བརྩེགས། ཟངས་སྣོད་དུ་མར་ཁུ། ཕྱེ་མར། རིན་ཆེན་འབྲུ་སྨན་དར་རས་དཀར་མངར་སོགས་བསྲེག་རྫས་གང་འཛོམ་དང་། ཁྱད་པར་མེ་ཏོག་དམར་པོ། འབྱོར་ན་བྱང་སེམས་དཀར་དམར། མ་འབྱོར་ཚེ་ཅུ་གང་དང་སིནྡྷཱུ་ར་དག་རྩ་བརྒྱད་སྟོང་སྦྱར་དང་ལྡན་པའི་མྱོས་བྱེད་ཀྱིས་སྦགས་པ་མདུན་ཏུ་བཤམས་ལ་བསངས་ཆུས་བྲན། རྃ་ཡྃ་ཁྃ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ ཨཱོཾ་ཨཱཿཧཱུྃ་ཞེས་དང་ནམ་མཁའ་མཛོད་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། ཛྭ་ལ་རཾ་རཾ། ཞེས་པས་མེ་སྦར། བསངས་སྦྱངས། སྟོང་པའི་


LT32_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས། དབང་གི་ཐབ་ཁུང་ཚང་དང་མཚན་ཉིད་ཡོངས་སུ་རྫོགས་ཤིང་དབང་གི་མེ་དམར་པོ་ལྕགས་ཀྱུ་ལྟར་འབར་བའི་དབུས་སུ༔ དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྐུ་མདོག་དམར་མོ་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་བསྣུམས་ལ་མདངས་ཆགས་པ༔ ཁྲོ་འཛུམ་དབང་གི་མདངས་དང་ལྡན་པས་ཕྱག་མཚན་ཐམས་ཅད་འགུགས་བྱེད་ལྕགས་ཀྱུ་དམར་པོ་བསྣམས་པར་གསལ། ཨོཾ་ཛྙཱ་ན་སི༚་ཧ་དྷཱ་ཀི་ཀྲོ་ཏི་ཧ་རི་ནཱི་ས་སརྦ་དྷཱ་ཀི་ནཱི་ས་མཱ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར། ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མར་ཁུ་ཕྱེ་མར་མཆོད་ལ། ཧཱུྃ༔ སོར་རྟོག་ཡེ་ཤེས་མེ་འབར་དབང་གི་མེཿ དབང་གི་མེ་དཔུང་འབར་བའི་གཞལ་ཡས་སུ༔ མཁའ་འགྲོའི་གཙོ་མོ་སེང་གདོང་དབང་གི་ལྷ༔ སྐུ་མདོག་དམར་མོ་ཕྱག་མཚན་ལྕགས་ཀྱུ་འཛིན༔ དབང་གི་ཕྲིན་ལས་བསྒྲུབ་ཕྱིར་ཐུགས་དམ་བསྐུལ༔ ཨཱོཾ་བྃ་སི༚་ཧ་དྷཱ་ཀི་ནཱི་ཨརྒྷཾ་ནས། ཤབྡ་སརྦ་གུ་ཧྱ་པཱུ་ཛ་ཨ་མྲྀ་ཏ་པ་ལི༚་ཏ་རཀྟ་ཛྭ་ལ་རཾ་ཁཱ་ཧིཿ ཞེས་སྔགས་རྒྱ་ཙམ་གྱིས་མཆོད། བསྙེན་སྒྲུབ་བཟླས་པ་གང་བྱེད་ཀྱི་གཤམ་དུ། མཆོག་ཐུན་དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་ཐམས་ཅད་པ་ཤཾ་ཀུ་རུ་ཧྲི༚་ཧྲི༚་ཛཿཛཿ དབང་དུ་སྡུས་ཤིག༔ ཅེས་པས་རྫས་སྤུངས་བརྒྱ་རྩ་


LT32_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཅི་འགྲུབ་ཕུལ། དམིགས་བསལ་ཟས་ནོོར་ལོངས་སྤྱོད་སོགས་དབང་དུ་བསྡུ་བར་འདོད་པའི་མིང་སྤེལ་སྤྲོན་བྱ། མཐར་རྩ་སྔགས་གཤམ་དུ། གུ་ཧྱེ་ཤཱུ་ཀྲཾ་པདྨ་རཀྟ་པཱུ་ཛ་རཾ་ཛྭ་ལ་ཁཱ་ཧི༔ ཞེས་བཏགས་པས་ཅུ་གང་དང་སིནྡྷཱུ་ར་ཕུལ། ཧོཿ མཁའ་འགྲོ་བདུད་འདུལ་དྲག་མོ་ཁྱོད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ རྣལ་འབྱོར་པ་བདག་ཅག་སྒྲུབ་པ་པོ་ཡིས༔ ལྷ་ཀླུ་འགྲོ་བ་ཕོ་མོའི་ལུས་ངག་ཡིད་གསུམ༔ ཚེ་དབང་ལོངས་སྤྱོད༔ དཔལ་འབྱོར་གྲགས་པ༔ སྟོབས་དང་མངའ་ཐང་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག༔ བ་ཤཾ་ཀུ་རུ་ཧཱུྃ་ཛཿ ཞེས་འདོད་གསོལ་བརྗོད། དེ་དག་གི་ཚེ་ལྷ་རྣམས་ཀྱི་གསང་གནས་ནས་མེའི་ལྕགས་ཀྱུ་ཛཿཡིག་གི་རྣམ་པ་ཅན་ཁམས་གསུམ་ཁྱབ་པར་འཕྲོས་པས་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ལ་སོགས་པ་དབང་དུ་བསྡུས་ཐམས་ཅད་འོད་དཀར་དམར་ཀྱི་ལི་ལི་གཡོན་ཏུ་འཁོར་ཏེ་རང་ལ་ཐིམ་པར་བསམ། སླར་སྔགས་རྒྱས་མཆོད། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སེང་གདོང་དབང་གི་ལྷ༔ སྐུ་མདོག་ཤིན་ཏུ་དམར་བའི་མདངས་དང་ལྡན༔ དབང་གི་ལས་བྱེད་དམར་མོ་འབུམ་དང་བཅས༔ རྒྱན་ལྡན་འགྱིང་བག་དབང་གི་ལྕགས་ཀྱུ་བསྣམས༔ དམར་མོ་དབང་སྡུད་ལས་མཛད་ལྷ་ལ་བསྟོད༔ རྣལ་འབྱོར་


LT32_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དབང་གི་དངོས་གྲུབ་སྩོལ༔ བྃ་སི༚་ཧ་དྷཱ་ཀི་ནི་ཧ་རི་ནི་ས་ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྡྷི་ཧཱུྃ༔ ཞེས་བསྟོད་ཅིང་དངོས་གྲུབ་བླང་། ཡིག་བརྒྱས་ནོངས་པ་བཤགས། མེ་ཐབ་ཀྱི་ལྷ་ཚོགས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཞུ་ནས་རང་གི་ཐུགས་ཀར་ཐིམ་པར་གྱུར། བསོད་ནམས་རི་བོ་སོགས་ཤིས་བརྗོད་བསྔོ་སྨོན་གང་འཐད་བྱས་པས་འགྲུབ་བོ། །དབང་གི་མེ་མཆོད་ཀྱི་ཐལ་བ་ཕྱོགས་གཅིག་བསྡུས་ཏེ་འགྲུབ་སྦྱོར་ལྡན་པའི་ཉིན་མོར་ཆུ་ཆེན་ཏུ་བསྐྱལ་བའམ། ཡང་ན་རླུང་ཆེན་དང་སྒྲགས་ཏེ་རི་མཐོན་གྱི་རྩེ་ལ་ཕྱར་བ་རྟེན་འབྲེལ་གནད་དུ་ཆེའོ།། ༈ །།ལྔ་པ་བསྙེན་སྒྲུབ་ཀྱི་ཡན་ལག་ཏུ་དམ་ཚིག་གི་རིམ་པ་རྣམས་དང་སྤྱོད་པའི་བརྟུལ་ཞུགས་ལ་བསླབ་པ་གལ་ཆེ་སྟེ། དེའང་སྤྱིར་སྐུའི་དམ་ཚིག་བླ་མ་སངས་རྒྱས་སུ་བལྟ་བའི་མོས་གུས། གསུང་གི་དམ་ཚིག་ཡི་དམ་གྱི་བསྐྱེད་བཟླས་ལ་སྤང་ལེན་མེད་པར་ཕུར་ཚུགས་སུ་བརྩོན་པ། ཐུགས་ཀྱི་དམ་ཚིག་གསང་བཅུ་སྲོག་ལ་བབ་ཀྱང་མི་བསྒྲག་པ། ཡོན་ཏན་གྱི་དམ་ཚིག་ལོ་ཟླ་དུས་ཀྱི་མཆོད་གཏོར་ལ་བརྩོན་པ། ཕྲིན་ལས་ཀྱི་དམ་ཚིག་རང་དོན་དུ་ལས་སྦྱོར་མི་བརྩམས་པ་སོགས་གསང་སྔགས་སྤྱིའི་དམ་ཚིག་གཞིར་བཞག །ཁྱད་པར་གཞུང་ལས། བྱེ་བྲག་མཁའ་འགྲོའི་དམ་ཚིག་ནི༔ མཁའ་


LT32_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གཙོ་མོའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་སྤྱི་བོར་ཁུར༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཏིང་འཛིན་ཡེངས་བ་མེད་པར་བསྐྱང་༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ ཚོགས་དང་གཏོར་མ་རྒྱུན་དུ་བྱ༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ མཚན་ལྡན་བདེ་བ་རྒྱུན་ཏུ་བརྟེན༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ དག་སྣང་ཕྱོགས་མེད་ལས་སྦྱོར་བརྩོན༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ དུས་སུ་ཚོགས་དང་གཏོར་མས་བསྐང་༔ བསྙེན་སྒྲུབ་བསྒོམ་བཟླས་གཅིག་ཏུ་དྲིལ༔ དེ་བྱས་དོན་གཉིས་འགྲུབ་པར་འོང་༔ ཞེས་ཁྱད་པར་གྱི་དམ་ཚིག་དངོས་དང་། དེ་བསྲུང་བའི་ཕན་ཡོན། མ་བསྲུངས་པའི་ཉེས་པ་དཔག་མེད་བཅས་གསུངས་ཤིང་། ལྷག་པར་བསྙེན་བསྒྲུབ་ཀྱི་སྐབས་སུ་ལྷ་དང་སྔགས་གསང་། ཐེ་ཚོམ་སྤང་ཞིང་རྩེ་གཅིག་བསྒྲུབ། དམ་ཉམས་སྡིག་ཅན་གྲིབ་ཅན་དང་གདོད་མི་སྤྲད་ཅིང་། དེ་དག་དང་ཁྱད་པར་ཡུགས་སའི་འགྲུལ་དང་ཟས་ལ་ཤིན་ཏུ་འཛེམ། དྲོད་རྟགས་བཟང་ངན་ལ་རེ་དོགས་སྤང་སྟེ་བཏང་སྙོམས་སུ་བསྒྱུར། ལུས་ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་ཏེ་ང་རྒྱལ་རྣམ་གསུམ་དང་མ་བྲལ་བར་བྱ། ལོངས་སྤྱོད་ཅི་བྱུང་ཚོགས་དང་མཆོད་རྫས་སུ་ཕུལ། གཞན་ཡང་བསྙེན་སྒྲུབ་སྤྱིའི་དམ་ཚིག་ཁོངས་སུ་


LT32_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པས་སྤང་བླང་བྱ་བ་ཤིན་ཏུ་གཅེས་སོ། །སྤྱོད་པ་ནི་དུས་ཚོད་དང་འབྲེལ་བར་དགོས་པས་རྣམ་པ་བཞི་དང་དྲུག་ལ་སོགས་པའི་རྣམ་བཞག་འབྱུང་ཡང་། སྐབས་འདིར་གཞུང་ལས། རིག་པ་གཟེར་བཏབ་སྣང་བ་ཟིལ་གྱིས་མནན༔ རི་ཁྲོད་འགྲིམ་ཞིང་ཟས་ཚོགས་སྐྲ་བསྲེག་བྱ༔ ཕྱེ་མར་ཤིང་ཏོག་སྦྱིན་སྲེག་བཏབ༔ རིག་པ་དྲི་མ་མེད་པར་བཞག༔ གང་ཤར་བཟོ་མེད་ཐོག་རྗེས་འགེལ༔ སྙིམས་ནི་གང་འདུག་སྟེང་དུ་གཅོད༔ ཅེས་གསུངས་པ་ལྟར་སྤྱོད་པའི་གཙོ་བོ་བླ་མ་མཁའ་འགྲོ་དབྱེར་མེད་ལ་ཟློག་མེད་མོས་གུས་འཁོར་ཡུག་གི་གཟེར་གདབ། སྣང་སེམས་ཆོས་སྐུའི་རོལ་པར་ལམ་དུ་བསླང་། ཕྱི་མི་བོད་པའི་ཡུལ། ནང་ནད་གདོན་རྐྱེན་ངན། གསང་བ་ཉོན་མོངས་རྣམ་རྟོག །དེ་ཁོ་ན་ཉིད་བདེ་གསལ་ཉམས་མྱོང་ལ་ཐོག་རྫིས་བཞི་བྱ། ཉོན་མོངས་ཡུལ་ཅན། དཔང་པོ་ཁ་ཡན། ཐེ་ཚོམ་ལེ་ལོ། ཨ་འཐས་ཆོས་བརྒྱད་དེ་དབང་དུ་མི་བཏང་བ་བཞི་ལ་བསླབ་ཅིང་། མདོར་ན་སྐྱིད་སྡུག་གང་བྱུང་ལམ་དུ་ཁྱེར་བས། སྡུག་བསྔལ་ཆོས་ཉིད། བར་ཆད་དངོས་གྲུབ། བདུད་བགེགས་ཡི་དམ། དགྲ་བགེགས་གྲོགས་སུ་ཤེས་པ་བཞི་དང་ངམ་ཤུགས་ལས་འབྱུང་སྟེ་རྡོ་རྗེ་རོལ་པའི་བརྟུལ་ཞུགས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ།། ༈ །།གསུམ་པ་དེ་ལྟར་


LT32_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའི་འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གཉིས་ཏེ། །དེའང་། བརྩོན་པ་དང་དབང་པོ་རབ་མཁའ་འགྲོ་གྲུབ་པའི་རྟགས་གནས་སྐབས་སུ་མི་དང་མཁའ་འགྲོ་ཟང་ཟིང་སྟེ་འདུ་བ་གསུམ། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་ཡེ་ཤེས་ཏེ་འབར་བ་གསུམ། ཕྱིའི་དགྲ་གདོན། ནང་གི་ཉོན་མོངས། གསང་བ་རྟོག་ཚོགས་ཏེ་ཞི་བ་གསུམ། སྣང་བ་འཁྲུལ་པ། རྐྱེན་ངན་དངོས་གྲུབ། རང་སེམས་སངས་རྒྱས་ཏེ་ཤེས་པ་གསུམ། ཕྱི་བསོད་ནམས་སྙན་གྲགས། ནང་ཚེ་དང་ཁམས། གསང་བ་ཉམས་དང་རྟོགས་པ་སྟེ་རྒྱས་པ་གསུམ། ཕྱིའི་ལེགས་ཉེས་རྟེན་འབྲེལ། ནང་གི་རང་སེམས་ཆོས་སྐུ། །གསང་བ་ཆོས་ཉིད་མངོན་སུམ་སྟེ་རྟོགས་པ་གསུམ་ཀློང་དུ་རྡོལ་ཞིང་ཚེ་གཅིག་ལ་དཀའ་བ་མེད་པར་རྡོ་རྗེ་བཙུན་མོའི་གོ་འཕང་བརྙེས་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཐམས་ཅད་ཀྱི་གདོད་མའི་སྟོང་གཞི་གང་ཡིན་པ་མངོན་ཏུ་གྱུར་ཏེ་མཁའ་ཁྱབ་ཀྱི་རོལ་པ་ཅན་གྱི་ཟུང་འཇུག་ཕུལ་དུ་དབྱུང་དུ་མེད་པ་ལ་གནས་པ་ནི་མཐར་ཐུག་གི་འབྲས་བུའོ། །དབང་བརྩོན་འབྲིང་དང་ཐ་མས་ཀྱང་དམ་ཚིག་ལ་གནས་ཤིང་བསྙེན་སྒྲུབ་གྲངས་དུས་རྫོགས་པ་ཙམ་བྱས་པའི་ཕན་ཡོན་ལྡན་འབྲས་ཀྱང་དཔག་ཏུ་མེད་པ་རང་གཞུང་སོ་སོ་ལས་གསལ་ཞིང་། ལྷ་སྔགས་འདི་ལ་འབྲེལ་


LT32_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཐོགས་པའི་ཕན་ཡོན་ཀྱང་གནམ་ལྕགས་ཐོག་རྒྱུད་ལས། དེ་ལྟར་ཡེ་ཤེས་མཁའ་འགྲོ་འདི་ཉིད་ནི༔ དྲན་པ་ཙམ་གྱིས་བྱད་ཀ་ཐམས་ཅད་བཟློག༔ གསལ་བ་ཙམ་གྱིས་ཁམས་གསུམ་དབང་དུ་འདུས༔ བསྒོམ་པ་ཙམ་གྱིས་མཆོག་ཐུན་དངོས་གྲུབ་ཐོབ༔ གསོལ་བ་བཏབ་ཙམ་གང་བཏབ་འཕྲལ་དུ་འགྲུབ༔ གཏོར་མཆོད་ཙམ་གྱིས་ཚོགས་གཉིས་མྱུར་དུ་རྫོགས༔ དབང་ཐོབ་ས་ཐོབ་དུས་གཅིག་འབྱུང་བ་ཡིན༔ ཞེས་དང་། བདག་གི་རིག་སྔགས་རྒྱལ་མོ་འདི༔ ཉམས་སུ་སྐྱེས་བུ་སུས་བླངས་པ༔ ཡིད་བཞིན་སྨོན་པ་ཐམས་ཅད་འགྲུབ༔ བྱིན་རླབས་ནུས་པ་བསམ་མི་ཁྱབ༔ སྡེ་བརྒྱད་ཐམས་ཅད་བྲན་དུ་ཁོལ༔ མཁའ་འགྲོ་རྣམས་ཀྱིས་བུ་ལྟར་སྐྱོང་༔ ཆོས་སྐྱོང་དམ་ཅན་ལས་ཀུན་བྱེད༔ འགྲོ་བ་ཐམས་ཅད་དབང་དུ་འདུས༔ ཚེ་དང་བསོད་ནམས་གོང་དུ་རྒྱས༔ ནད་གདོན་བར་ཆད་རྐྱེན་རྣམས་ཞི༔ བསམ་པ་ཙམ་གྱིས་དོན་རྣམས་འགྲུབ༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ༔ བཀྲ་ཤིས་བདེ་ལེགས་རིགས་རྒྱུད་འཕེལ༔ བྱད་ཁ་གཏད་ཁྲོམ་རྦོད་གཏོང་བཟློག༔ རྒྱལ་བསེན་འབྱུང་པོས་གནོད་མི་ནུས༔ སྙན་གྲགས་ལོངས་སྤྱོད་རྒྱས་པར་འགྱུར༔ ཞེས་སོགས་དང་༔ གསང་སྒྲུབ་ལས། བསྙེན་སྒྲུབ་ལས་སྦྱོར་གཅིག་འདུས་པ༔ དྲག་སྔགས་ཡི་གེ་བཅུ་བཞི་བཟླས༔


LT32_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་ཕྱི་མ་བདེ་བ་བརྙེས༔ མཁའ་སྤྱོད་ཨོ་རྒྱན་གནས་སུ་སྐྱེ༔ ཕྱིར་མི་ལྡོག་པའི་ས་ལ་འགྲོ༔ ཞེས་སོགས་རྒྱ་ཆེར་འབྱུང་ལ། མདོར་ན་ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་ལས་ཟབ་པའི་དྲག་སྔགས་རྒྱ་བོད་གཉིས་སུ་མ་བྱུང་བར་བསྔགས་པའི་དྲིལ་ཆེན་ལན་གཅིག་མིན་པར་བསྒྲགས་པར་མཛད་དོ། །འཕྲལ་རྐྱེན་ཟློག་དང་དབང་དུ་བྱེད་པ་ཙམ། །དོན་གཉེར་གྲངས་བསྙེན་ཙམ་ལ་གདིང་བཅས་ནས། །མི་ཚེར་ལས་ལ་སྦྱར་བ་ངལ་བའི་འབྲས། །རིན་ཐང་མེད་པའི་ཙན་དན་སོལ་བར་བསྒྲུབས། །སྣང་བ་རང་སེམས་དབང་དུ་འདུས་ཀྱི་བར། །ཚར་གཅོད་རྗེས་འཛིན་ཕྲིན་ལས་འགྲུབ་མིན་པས། །མཁའ་སྤྱོད་ཡེ་ཤེས་དྷཱ་ཀིའི་མཆོག་སྒྲུབ་ཀྱིས། །སྣོད་བཅུད་བདེ་ཆེན་འཁོར་ལོར་དག་པར་མཛོད། །འདི་བྲིས་ཉེས་ཚོགས་གནས་གསུམ་མཁའ་འགྲོ་མར། །སྙིང་ནས་བཤགས་སོ་འདི་ཕྱིར་མི་བསྒྲིབས་ཤིང་། །དགེ་བས་ཟུང་འཇུག་རྡོ་རྗེ་བཙུན་མོའི་མཁར། །འབྲེལ་བཅས་བརྟུལ་ཞུགས་གར་གྱིས་སྤྱོད་པར་ཤོག །ཅེས་པའང་མཚུངས་བྲལ་བསྟན་པའི་གསལ་བྱེད་རྗེ་དཔོན་འཆི་མེད་མཆོག་གི་སྤྲུལ་པའི་སྐུ་ལྷུན་གྲུབ་ངེས་དོན་དབང་པོས་རྩ་བ་གསུམ་གྱི་སྐུ་རྟེན་བཅས་དོན་གཉེར་ཆེན་པོའི་གསུང་བསྐུལ་གནང་བ་ལྟར། སངས་རྒྱས་གཉིས་པ་པདྨའི་རིག་སྔགས་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་ལམ། ཡོན་ཏན་རྒྱ་མཚོར་འབོད་པས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་བསྟན་འགྲོར་ཕན་པར་གྱུར་ཅིག་དགེ་ལེགས་འཕེལ། །

རྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས།


LT32_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཡོངས་རྫོགས་རྡོ་རྗེ་གྲོ་ལོད་ཀྱི་དབང་གི་ལག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་སོས་ཀའི་སྤྲིན་གྱི་རྔ་དབྱངས་ཞེས་བྱ་བ་བཞུགས་སོ། །


LT32_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཡཻ། བྱིན་རླབས་ཀུན་འབྱུང་གུ་རུ་ཐོད་ཕྲེང་རྩལ། །དངོས་གྲུབ་གཉིས་རྩོལ་ཡི་དམ་རིགས་ལྔའི་ལྷ། །ཕྲིན་ལས་བསྒྲུབ་མཛད་མཁའ་འགྲོ་ཆོས་གཏེར་སྲུང་། །རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་ལ་འདུད། །གཏེར་བྱོན་སྒྲུབ་ཐབས་རྒྱས་བསྡུས་གྲངས་མང་ལས། །བྱིན་རླབས་གཟི་བྱིན་འདྲན་གྱི་ཟླ་བྲལ་བ། །དྲག་པོ་ནུས་ལྡན་རྩལ་གྱི་བཀའ་སྲོལ་ཉིད། །སྨིན་བྱེད་བརྒྱུད་པའི་ཕྱག་བཞེས་འཆུག་མེད་བཀོད། །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་བྱོན་རྣམས་ནི་སྔོན་གྱི་ཕྱག་ལེན་རྙིང་པ་རང་སོར་བཞག་པ་ལས་གཞན་འགྲེས་བསྲེ་བསླད་བློ་གསལ་གྱི་རང་བཟོ་སོགས་ནམ་ཡང་བྱེད་སྲོལ་མེད་པས་བྱིན་རླབས་ཀྱང་མ་ཉམས་པ་ཡིན་པས་འདིར་ཡང་བླ་མའི་ཕྱག་བཞེས་སོར་བཞག་སྟེ་བཀོད་པ་ལ་གསུམ།


LT32_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་སྦྱོར་བ་དབང་རྫས་བཤམས་པ་ནི། བསྙེན་སྒྲུབ་སྔོན་ཏུ་སོང་བའི་སློབ་དཔོན་གྱིས་སློབ་མ་རྗེས་སུ་འཛིན་པར་སྐབས་སུ་བབ་པ་ན། དུས་ཡར་མར་གྱི་ཚེས་གྲངས་བཟང་པོ་ལ་གནས་ཁང་གཙང་མ་ཕྱག་དར་བྱས་ལ་རྒྱན་དང་རྩ་བ་གསུམ་གྱི་རྟེན། ཁྱད་པར་འདི་ཉིད་ཀྱི་བྲིས་སྐུ་སོགས་ཡོད་ན་བཀྲམ་པའི་མདུན་ཏུ་སྟེགས་བུ་ཁེབས་ལྡན་སྟེང་མཎྜལ་དྲི་བཟང་གིས་བྱུགས་པ་ལ་པདྨ་འདབ་བརྒྱད་དཀར་པོའི་ལྟེ་བར་རྡོ་རྗེ་དཀར་པོ་ལྟེ་བར་ཨོཾ་ཨཱཿཧཱུྃ་བརྩེགས་པ་བཞག །དེ་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་སྣོད་དུ་ཚེ་བུམ་ཁ་རྒྱན་པདྨ་ཤིང་ལོ་ཉི་ཟླ་རྡོ་རྗེ་ཐོད་པས་བརྒྱན་པ། ཕྱོགས་བཞིར་མཁའ་འགྲོ་སྡེ་ལྔའི་ཟླུམ་གཏོར་ལྔ་ཕྱག་མཚན་ལྔས་སྤྲས་པ་བཀོད། མདུན་དུ་གཞུང་བོད་པུ་སྟི་དར་དམར་གྱིས་དྲིལ་བ། རྡོ་རྗེ་དང་དྲིལ་བུ། གཡས་སུ་


LT32_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་སྣོད་དུ་དཔལ་བཤོས་དམར་པོ་པད་འདབ་ཅན་རྒྱན་ལྡན། རྒྱབ་ཏུ་གནམ་ལྕགས་ཀྱི་ཕུར་བུ་ཅོད་པན་ལྡན་པ། གཡོན་ཏུ་མདའ་དར་མེ་ལོང་རྒྱན་ལྡན་ལ་དར་རས་དཀར་པོའི་ངོས་སུ་སིནྡྷཱུ་རས་མཁའ་འགྲོའི་སྲོག་སྔགས་བྲིས་པ་དང་བྱ་རྒོད་ལྤགས་པའི་དུམ་བུ་བཏགས་པ་དང་། མདུད་དར་ནག་པོ་རྣམས་གཙུག །མདུན་ངོས་སུ་སྐོང་གཏོར་མདོར་བསྡུས་ཕྱག་ལེན་ལྟར་སྨན་རཀ་གཏོར་གསུམ། བམ་ཚོགས་ཤ་ཆང་སོགས་ཚོགས་རྫས་བཟའ་བཅའ་བཏུང་བ་གང་འབྱོར། བཀའ་སྲུང་གཏོར་འབུལ་རྣམས་བཀོད། ཆུ་གཉིས་ཉེར་སྤྱོད་བྲེང་ཚར་སྔོན་འགྲོ་དཀར་བགེགས། གཞན་ཡང་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་སྒྲུབ་མཆོད་བྱ་བ། དབང་བསྐུར་བའི་ཆོ་ག་དངོས་སོ། །དང་པོ་ནི། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བས་དཀར་བགེགས་བཏང་། ཡེ་ཤེས་གསང་བའི་བཀའ་བསྒོ་ནས་བརྩམས་ཏེ་ཕྲིན་ལས་ཚང་བར་བཏང་། བཟླས་པ་ཅི་འགྲུབ་བྱ། དེ་ནས་རིམ་པར་ཀུན་བཟང་། རིགས་ལྔ། རྡོ་རྗེ་གྲོ་ལོད། མཁའ་འགྲོ། ཏྲཀྴད་རྣམས་ཀྱི་ལས་བྱང་བཟླས་པ་ཙམ་བྱ། བམ་ཚོགས་དབང་གི་རྗེས་སུ་བཏང་ན་ལེགས་ཤིང་མགོན་པོའི་སྐོང་གཏོར་འབུལ་བའང་རྗེས་སུ་བཞག །ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་སྤྱི་འགྲེ་བྱ། ཨོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་སོགས་ཀྱིས་བདག་འཇུག་དབང་ལེན་བྱས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་


LT32_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ལའང་གཉིས། སྔོན་དུ་འགྲོ་བ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལས་རྡོར་གྱིས་སྒོ་དྲུང་དུ་ཆབ་བཏང་། སློབ་དཔོན་གྱིས་ཇི་ལྟར་བལྟམས་པ་སོགས་དང་ཡིག་བརྒྱ་བརྗོད། དཀར་བགེགས་བཏང་། ཡེ་གསང་ལྟར་བཀའ་བསྒོ་མཚམས་གཅོད་བྱས་ལ་སྲུང་འཁོར་བརྟན་པོ་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བླ་མེད་རྫོགས་པའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཁྱེད་དུ་རྩ་གསུམ་ཀུན་འདུས་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་དབང་བསྐུར་ནོད་ལ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཚུལ་བཞིན་ཏུ་གསལ་བཏབ་ནས་གསན་པར་ཞུ། དེའང་རྫོགས་པའི་སངས་རྒྱས་བཀའ་དྲིན་མཉམ་མེད་ཤཱཀྱའི་རྒྱལ་པོས་ལེགས་པར་གསུངས་པའི་ཆོས་འཁོར་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས་ད་ལམ་ཐེག་པ་ཆེན་པོའི་ཆོས་སྡེ་ཡིན་ཅིང་། དེ་ལས་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་དང་། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཀྱི་སྔ་མ་ལས་ཁྱད་པར་དུ་མས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལ་གངས་ཅན་གྱི་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་རིག་འཛིན་གྱི་སྡེ་སྣོད་ཡང་


LT32_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་གཉིས་སུ་གྲགས་པ་ལས་འདི་སྔ་འགྱུར་རྙིང་མ། དེ་ལ་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་མ། ཡང་ཟབ་དག་སྣང་གི་ཆོས་སྡེ་གསུམ་དུ་གྲགས་པ་ལས་འདི་ཟབ་མོ་གཏེར་གྱི་ཆོས་ཡིན། །གཏེར་གྱི་རིགས་མཐའ་ཡས་པ་མཆིས་པ་ལ་གཙོ་བོ་གཏེར་རིགས་བཅོ་བརྒྱད་དུ་དབྱེ་བའི་ནང་ཚན་ཐུགས་ཀྱི་གཏེར་ཡིན་ཅིང་དེ་ལའང་རྩ་གསུམ་ཆོས་སྐྱོང་དང་བཅས་སོ་སོར་སྒྲུབ་པ་དང་སྤྱིར་སྒྲུབ་པ་དང་ཀུན་འདུས་སུ་སྒྲུབ་པ་སོགས་མང་དུ་མཆིས་པ་ལས་འདིར་ཕྱི་མའི་ཆོས་སྐོར་ཏེ། དེའང་མཉམ་མེད་ཐུབ་པའི་དབང་པོ་དང་མགོན་པོ་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་རོལ་པ་གཅིག་ཏུ་བསྡུས་ནས་གསང་སྔགས་སྟོན་པ་འཆི་མེད་རིག་འཛིན་ཆེན་པོའི་སྐུར་བཞེངས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པས་ཐུགས་རྗེས་བསྐུལ་ཏེ་སྐུ་དངོས་སུ་བྱོན་ནས་བོད་ཁམས་ཀྱི་ཉིན་བྱེད་མཛད་པའི་སྐབས་སུ་སྐལ་ལྡན་རྗེ་འབངས་སོ་སོས་གསོལ་བ་བཏབ་པའི་ངོ་སྐལ་དུ་འོད་གསལ་རྡོ་རྗེ་ཐེག་པའི་ཆོས་སྒོ་མཐའ་ཡས་པ་བསྟན་པའི་ནང་ཚན་འདི་ནི་ལྷ་སྲས་ཆེ་བ་མུ་ཁྲི་བཙད་པོའི་ཆོས་སྐལ་དུ་གནང་བ་སྟེ། དེའང་རྩ་བ་རྡོ་རྗེའི་གསུངས་ལས། སྣང་སྲིད་འཁོར་འདས་ཀུན་ལ་ཁྱབ༔ སྐུ་གསུམ་ཡེ་རྫོགས་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་སྐྱེ་འཆི་མེད༔ འགག་མེད་འཕྲུལ་ལས་ལོངས་


LT32_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས༔ ཞི་དང་ཁྲོ་བོའི་གཟུགས་སུ་སྟོན༔ འཁྲུལ་མེད་གང་འདུལ་སྤྲུལ་པའི་སྐུ༔ གློག་ལྟར་འཁྱུག་ཅིང་གཞན་དོན་སྒྲུབ༔ བདེ་བ་ཅན་དུ་ཚེ་དཔག་མེད༔ པོ་ཏཱ་ལ་རུ་སྤྱན་རས་གཟིགས༔ རྡོ་རྗེ་གདན་དུ་བསྟན་པའི་གཙོ༔ དྷ་ན་ཀོ་ཤར་པདྨ་འབྱུང་༔ འཆི་མེད་རྡོ་རྗེ་དྲག་པོ་རྩལ༔ མ་རུངས་ཚར་གཅོད་རྟ་མཆོག་དཔལ༔ དྲེགས་པ་འཇོམས་མཛད་མེ་ཕྲེང་ཅན༔ སྐུ་ལྔ་མཚན་བརྒྱད་རིགས་དྲུག་དང་༔ རྗེ་འབངས་སྤྲུལ་དང་ཡང་སྤྲུལ་རྣམས༔ གང་ལ་གང་འདུལ་སྐུར་བསྟན་ཅིང་༔ རིགས་དྲུག་འཁོར་བ་དོང་ནས་སྤྲུགས༔ སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ འགྲོ་བའི་དོན་ལ་དུས་དྲུག་གཟིགས༔ མཐོང་ཐོས་དྲན་རེག་སྐྱེ་འགྲོ་རྣམས༔ སྐད་ཅིག་ཉིད་ལ་ལམ་སྣ་འདྲེན༔ འཇའ་ལུས་མཁའ་སྤྱོད་དངོས་གྲུབ་སྟེར༔ ཅེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྐུར་བཞེངས་པའི་སྒྲུབ་ཐབས་སྙིང་པོར་དྲིལ་ཏེ་ཕྱི་སྒྲུབ་ཀུན་བཟང་རིགས་ལྔ༔ ནང་སྒྲུབ་ཡེ་ཤེས་གསང་བ༔ གསང་སྒྲུབ་རྡོ་རྗེ་གྲོ་ལོད་ཡང་ཡུམ༔ ཡང་གསང་བདུད་མགོན་ཏྲཀྴད་རྣམས་ཀྱི་སྒྲུབ་ཐབས་ཆ་ལག་བཅས་ལྷ་སྲས་མུ་ཁྲིས་གཙོར་བྱས་སྐལ་ལྡན་རྗེ་འབངས་རྣམས་ལ་སྩལ་ཏེ་ཕྱི་རབས་བསྟན་འགྲོའི་དོན་ཏུ་ཟབ་མོའི་གཏེར་དུ་སྦ་བར་འོས་པའི་བཀས་གནང་བ་ལྟར་བཀའི་སྡུད་པ་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་


LT32_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀཱ་ལ་སིངྡྷིའི་སྤུར་རས་ངོས་སུ་རང་བྱུང་མཚལ་གྱིས་མཁའ་འགྲོའི་བརྡའི་ཡི་གེར་བཀོད་ནས་གནམ་ལྕགས་ཀྱི་སྒྲོམ་བུར་བཅུག༔ མདོ་ཁམས་ལྷ་ཐོག་གི་ཡུལ་ལྗོངས་སུ་རི་བོ་དུང་གི་རྨོག་ཞུ་འདྲ་བར་གབ་པའི་མཚོ་ཆེན་རྡོ་རྗེ་འབར་བ་ལ་སྦས་ཏེ། བདུད་མགོན་ཏྲཀྴད་ནག་པོ་ལ་གཉེར་དུ་གཏད་པ་ཉིད། ཕྱི་རབས་ཚེ་ལོ་ཉི་ཤུའི་ཁ་རལ་སྙིགས་མ་ལྔ་སོགས་དུས་ཀྱི་རྟགས་རྣམས་མངོན་དུ་གྱུར་པའི་ཚེ་ལྷ་སྲས་མུ་ཁྲིའི་སྐྱེ་མཐའ་གྲུབ་པའི་ཆོ་འཕྲུལ་མཐའ་ཡས་པ་ལ་མངའ་དབང་བསྒྱུར་བའི་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་གསང་གཏེར་དུ་སྤྱན་དྲངས་ཏེ་སྐལ་ལྡན་ཆོས་བདག་རྣམས་ལ་རིམ་པར་སྤེལ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཟབ་ཆོས་སྒོ་འབྱེད་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ། ཅེས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་རྒྱུད་རྣམ་པར་དག་པ་བྱ་བའི་སླད་དུ་སྐྱབས་སུ་འགྲོ་དགོས་པ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད་ཅིག །མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་སྤྲིན་གཏིབ་པ་བཞིན་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་


LT32_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྱབས་སུ་འགྲོ་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ལོངས་སྐུ་ནས་སྐྱབས་སུ་མཆི༔ བར་ཡེ་གསང་ལྟར་ལན་གསུམ། སྐྱབས་ཡུལ་དེ་དག་གི་སྤྱན་སྔར་བདག་གཞན་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་བཤགས་ཤིང་འཇའ་ལུས་མཁའ་སྤྱོད་ཀྱི་གོ་འཕང་བསྒྲུབ་པར་དམ་བཅའ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པར་འདོད་པའི་སྨོན་པ་དང་དེའི་ཆེད་དུ་ལམ་ཟབ་མོ་འདིར་འཇུག་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་དང་། ལུས་ཞིང་རྡུལ་གྲངས་སྙེད་ཀྱིས་ཕྱག་འཚལ་ཞིང་། རང་གི་ལུས་གདན་དུ་འབུལ་བ་དང་། རོ་བརྒྱ་ལྡན་པའི་བཟའ་བཏུང་ཚོགས་སུ་འབུལ་ཞིང་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད་པ་དང་། དེ་དག་གིས་མཚོན་པའི་བསོད་ནམས་མཐའ་དག་གནས་སྐབས་ལས་ཉོན་གྱི་སྡིག་སྒྲིབ་དག་ནས་མཐར་ཐུག་རང་རིག་ཆོས་སྐུའི་ཀློང་དུ་བྱང་ཆུབ་པར་བསྔོ་བ་རྣམས་ཡིད་ལ་རྩེ་གཅིག་བྱས་ཏེ་འདིའི་རྗེས་ཟློས། ཧོཿ སྐུ་གསུམ་བླ་མའི་སྤྱན་ལམ་དུ༔ ལས་ཉོན་སྡིག་སྒྲིབ་མཐོལ་ལོ་འཆགས༔ གནོང་ངོ་འགྱོད་དོ་དག་གྱུར་ཅིག༔ འཇའ་ལུས་སྒྲུབ་པར་དམ་བཅའོ༔ རིགས་སེམས་བསྐྱེད་དྲུག་འཁོར་བའི་སེམས་ཅན་རྣམས༔ སངས་རྒྱས་ཡན་ལག་བདུན་པ་ཐོབ་ཕྱིར་བཤགས་པ་སེམས་བསྐྱེད་དོ༔ དད་མོས་གདུང་ཕྱག་འཚལ་བས་དམ་བཅའ་


LT32_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ༔ རང་ལུས་བཞུགས་པའི་རྟེན་དུ་འབུལ༔ རང་རིག་ཆོས་སྐུ་མངོན་གྱུར་ཤོག༔ བཟའ་བ་ཞལ་ཟས་ཚོགས་སུ་འབུལ༔ གྲགས་སྟོང་བརྗོད་མེད་ངང་དུ་བསྟོད༔ ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་རྣམས་སྤྲིན་མེད་མཁའ་ལྟར་དག་གདན་འབུལ་གྱུར་ཅིག༔ ཅེས་ལན་གསུམ། དེ་ལ་སྨོན་ལམ་བཏབ་པ་ཐ་མལ་གྱི་འཛིན་མཆོད་པ་ཞེན་དང་བཅས་པ་ལ་བསྟོད་པ་དབང་གི་བཅུད་མི་ཆགས་པས་སྣོད་བཅུད་དག་པ་རབ་སེམས་རང་ཞལ་གཅེར་ཀྱི་བལྟ་བའོ། འབྱམས་ཀྱི་འཁོར་ལོར་བྱིན་གྱིས་རློབས་པའི་སླད་དུ་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འཇའ་འོད་ཟེར་ཐིག་གི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ཐིམ་པས་ཕྱི་སྣོད་དག་པ་རབ་འབྱམས་ཀྱི་ཞིང་ཁམས། ནང་བཅུད་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ཏུ་བྱིན་གྱིས་བརླབས་པར་མོས་ཤིག །དྲི་བཟང་གི་སྤོས་བརྡུལ། དབྱངས་རོལ་བཅས། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སོགས་ནས་སིངྡྷི་ཛཿཧཱུྃ༔ བར་བརྗོད་ལ་བྱིན་དབབ། དེ་ནས་དབང་གི་གཞི་དགོད་པ་ཡེ་


LT32_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་བར་སྒོམ་དོན་རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ། འབྲས་བུ་རྟེན་གཞལ་ཡས་ཁང་གདན་དང་བཅས་པའི་སྟེང་དུ་བརྟེན་པ་ལྷའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད། མཁའ་སྤྱོད་དག་པའི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཡེ་དབྱེར་མེད་དུ་བརྟན་བར་བྱ་བ་རྣམས་རིམ་པར་བསྒྲུབ་པ་ཡིན་པས་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་འདེབས་པའི་ཚིག་དོན་རྣམས་རྩེ་གཅིག་ཏུ་བསྒོམ་པར་མཛོད། ཨ་ཨ་ཨཿ ཡང་དག་དོན་ནི་སྐྱེ་འཆི་བྲལ༔ སོགས་ཡེ་གསང་གི་ལྷ་བསྐྱེད་ནས་སྤྱན་འདྲེན་རྫོགས་ཀྱི་བར་ཚང་བར་བཏང་། དབྱངས་རོལ་སྤོས་དུད་སོགས་ཀྱིས་གཟི་བྱིན་བསྐྱེད། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་རྡོ་རྗེ་དང་མེ་ཏོག་མགོར་བཞག་ལ་རབ་གནས་བྱ། དེ་རྣམས་ཀྱི་དབང་གི་སྔོན་ཏུ་འགྲོ་བའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། གཉིས་པ་དབང་བསྐུར་བ་དངོས་ལ་བཞི། བུམ་གསང་། ཤེར་ཡེ་དབང་བཞི་པ་རྣམས་བརྡ་དོན་རྟགས་གསུམ་གྱི་སྒོ་ནས་བསྐུར་བའོ། །དང་པོ་བུམ་པའི་དབང་ལ་གསུམ། རྩ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་། བཀའ་སྲུང་བཀའ་གཏད་རྣམས་འབྱུང་བ་ལས། ཐོག་མར་


LT32_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དབང་བསྐུར་བ་ལ་དམིགས་འདུན་འདི་བཞིན་མཛད་པར་ཞུ། ཚེ་བུམ་ཐོག་ལ། ཚེ་བུམ་རྒྱན་ལྡན་འདི་ཉིད་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བའི་རིག་འཛིན་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་སྐུ་གསུམ་བླ་མའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་ལས་སྐུ་དཔག་ཏུ་མེད་པ་འཕྲོས། ལུས་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུ་གསུམ་བླ་མའི་སྐུ་དང་དབྱེར་མེད་དུ་གྱུར་ནས་སྣང་སྟོང་སྤྲུལ་སྐུའི་གཟི་བརྗིད་འབར་བར་མོས་མཛོད། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་ཀུན་བཟང་འཁོར་དང་བཅས༔ སོགས་ཕྱི་སྒྲུབ་ཀུན་བཟང་གི་གཤམས་ལྟར། སྐུ་ཡི་དབང་ཐོབ་ཤོག༔ བར་བརྗོད་ལ་ཚེ་བུམ་མགོར་བཞག །རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཅེས་ཤིས་པ་བརྗོད། དེས་ནང་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གྱི་རིམ་གཉིས་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་གི་དབང་བསྐུར་བ་ལ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བའི་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསང་སྔགས་ཡིག་འབྲུའི་ཚོགས་ཆར་ལྟར་བབས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །སྐུ་གསུམ་བླ་མའི་གསུང་


LT32_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་དུ་གྱུར་ནས་གྲགས་སྟོང་ལོངས་སྐུའི་ནུས་མཐུ་འབར་བར་མོས་མཛོད། གླེགས་བམ་མགྲིན་པར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་སྩོལ་བའི་དབང་ཐོབ་ཤོག༔ རྒྱལ་བ་རབ་འབྱམས་རྒྱ་མཚོའི་གསུངས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྙིང་པོ་གསང་སྔགས་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བའི་དཔལ་ཆེན་ཧེ་རུ་ཀ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་ཚེ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མེ་འོད་ཟེར་ཐིག་གི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཡི་དམ་ལྷ་ཡི་ཐུགས་དང་དབྱེར་མེད་དུ་གྱུར་ནས་རིག་སྟོང་ཆོས་སྐུའི་རང་རྩལ་རྫོགས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་རྩད་གཅོད་དབང་ཐོབ་ཤོག༔ བར་གཏོར་མ་མགོར་བཞག །རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་གསང་བ་གསུམ་གྱི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །


LT32_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ལ། མདའ་དར་རྒྱན་ལྡན་འདི་ཉིད་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རང་རྩལ་ལས་ཤར་བ་ལ་ཕྱི་ལྟར་རྒྱལ་བ་རིགས་ལྔ། ནང་ལྟར་ཁྲག་འཐུང་རིགས་ལྔ། གསང་བར་མཁའ་འགྲོ་སྡེ་ལྔའི་སྐུར་གསལ་བ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་ཆར་རྒྱུན་གྱི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཕུང་པོ་ལྔ་དང་དུག་ལྔ་རྣམ་པར་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལ་དབང་ཐོབ་པར་མོས་ཤིག །མདའ་དར་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་གཞལ་དུ་མེད་པའི་དབང་ཐོབ་ཤོག༔ བར་བརྗོད་ལ་མདའ་དར་མགོར་བཞག །རྒྱལ་བ་རབ་འབྱོམས་རྒྱ་མཚོའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་རྩ་གསུམ་རིགས་རྣམས་ཀུན་གྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ༔ ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། ཕུར་བུ་ཐོགས་ལ། དྲག་པོའི་ཕུར་པ་འདི་ཉིད་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་རང་རྩལ་ལས་ཤར་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དངོས་སུ་གསལ་བ་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱང་རྡོ་རྗེ་གྲོ་བོ་ལོད་དང་དབྱེར་མེད་པའི་ནུས་སྟོབས་རྫོགས་ཏེ་ཕྲིན་ལས་བཞི་དང་ཁྱད་པར་མངོན་སྤྱོད་ཀྱི་ལས་རབ་འབྱམས་


LT32_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས། རྒྱ་མཚོའི་དབང་ཐོབ་ཤོག༔ བར་བརྗོད་ལ་ཕུར་བུ་མགོར་བཞག །རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེས་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་སྲུང་ཟློག་བསད་མནན་སོགས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་རྡོ་རྗེ་སློབ་དཔོན་ནུས་དབང་བསྐུར་བའི་སླད་དུ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོར་ཐབས་ཀྱི་རྡོ་རྗེ་རྩེ་ལྔ་པ་དང་། ཡུམ་རྡོ་རྗེ་སྙེམ་མའི་ངོ་བོ་ཤེས་རབ་ཀྱི་དྲིལ་བུའི་དབང་བསྐུར་བས། རྩ་བ་གསུམ་ལ་བརྟེན་ནས་རང་དོན་དུ་རིམ་གཉིས་ཉམས་སུ་ལེན་པ་དང་གཞན་དོན་ཏུ་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་བར་མོས་ཤིག །རྡོ་རྗེ་དྲིལ་བུ་མགོར་བཞག་ཅིང་ལག་ཏུ་གཏད་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་ཡོངས་རྫོགས་དབང་ཐོབ་ཤོག༔ བར་བརྗོད། རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེས་སློབ་མ་རྗེས་སུ་བཟུང་བ་དང་རབ་གནས་སྦྱིན་སྲེག་སོགས་རྡོ་རྗེ་སློབ་དཔོན་ཀྱི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་གཏེར་སྲུང་གི་བཀའ་གཏད་བགྱི་བ་ལ། དྲག་པོའི་རུ་མཚོན་མདུང་


LT32_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་འབར་བ་འདི་ཉིད་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་རང་རྩལ་ལས་ཤར་བ་འཁོར་འདས་སྲིད་པ་གསུམ་གྱི་བདག་པོ་བདུད་ཀྱི་མགོན་པོ་གཙོ་དང་འཁོར་དུ་བཅས་པ་དངོས་སུ་གསལ་བ། ཁྱེད་རང་རྡོ་རྗེ་དྲག་པོ་རྩལ་གྱི་བཀའ་སྡོད་དུ་གཏད་པས་དགྲ་བགེགས་དམ་སྲི་མ་རུང་པའི་ཕྱོགས་མཐའ་དག་ཟློག་གནན་གཟིར་བ་སོགས་བདུད་མགོན་ནག་པོ་ཆེན་པོའི་ཕྲིན་ལས་མངོན་སྤྱོད་དྲག་པོ་ཚར་གཅོད་པའི་དབང་ཐོབ་པར་མོས་ཤིག །མདུད་ཐུང་གཏད་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་ཀུན་བཟང་སོགས་ནས་འདུ་འབྲལ་མེད་པའི་དབང་ཐོབ་ཤོག །བར་བརྗོད། དེས་ཏྲ་ཀྴད་བདུད་ཀྱི་མགོན་པོའི་ཡས་ཟོར་དང་ལས་ལ་བགྱེད་པ་སོགས་ཕྲིན་ལས་སྒྲུབ་པའི་དབང་ཆེན་དམ་པ་ཐོབ་པ་ཡིན་ནོ། །ཤིས་བརྗོད་བྱ། དེ་རྣམས་ཀྱི་སྤྲོས་བཅས་བུམ་དབང་རྗེས་འབྲེལ་བཅས་ཐོབ། ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲིབ་པ་སྦྱང་། སྣང་བ་ལྷར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །མཐའ་རྟེན་མཆོད་རྫས་ཀྱི་བརྡ་ཐབས་ལ་བརྟེན། མཆོག་དབང་གསུམ་པོ་བརྡ་དོན་ཏུ་བསྐུར་བ་ཡིན་ཏེ་དེའང་དང་པོ་བུམ་པའི་དབང་མཐའ་རྟེན་བཅས་སྔོན་ཏུ་སོང་། གཉིས་པ་བདུད་རྩི་ལ་བརྟེན་ནས་གསང་དབང་བསྐུར་བ་ནི། བྷནྡྷ་མཚན་ལྡན་གྱི་སྣོད་དུ་བསྐྱིལ་བའི་རྩ་བརྒྱད་སྟོང་སྦྱར་གྱི་ཨ་མྲྀ་ཏ་འདི་ཉིད་རྒྱལ་བ་རབ་


LT32_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་རྒྱ་མཚོའི་བྱང་སེམས་ཐབས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་འདི་ཉིད་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་མྱང་བས། སྣང་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། ཐབས་དཔའ་བོའི་དབང་ཕྱུག་ཏུ་བྱིན་གྱིས་བརླབས་པར་སྒོམས་ཤིག །ཨོཾ། དམ་རྫས་མྱོང་བྱེད་སོགས་བརྗོད་ལ་ཐོད་པ་མགྲིན་པར་བཞག་ལ་བདུད་རྩི་མྱོང་དུ་གཞུག །དེས་སྤྲོས་མེད་གསང་བའི་དབང་ཐོབ། རྩ་རླུང་འཕོ་སྩོལ་གྱི་སྒྲིབ་པ་སྦྱང་། རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་རཀྟ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། པདྨ་བྷཉྫའི་སྣོད་དུ་འཁོར་བ་ཡོངས་སྒྲོལ་དམར་ཆེན་རཀྟས་བཀང་བ་འདི་ཉིད་རྒྱལ་བ་རབ་འབྱམས་རྒྱ་མཚོའི་ཤེས་རབ་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་འདི་ཉིད་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་མྱོང་བས། དགའ་བཞིའི་ཡེ་ཤེས་ཟག་མེད་ལྷན་སྐྱེས་མངོན་ཏུ་བྱས། ཤེས་རབ་མཁའ་འགྲོའི་དབང་ཕྱུག་ཏུ་བྱིན་གྱིས་བརླབས་པར་མོས་ཤིག །ཨཱཿ དམ་རྫས་དམར་ཆེན་སོགས་བརྗོད་ལ་རཀྟའི་སྣོད་མགྲིན་པར་བཞག་ཅིང་མྱང་དུ་གཞུག །དེས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་འཕོ་འཛག་གི་སྒྲིབ་པ་སྦྱང་། གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཞི་པ་


LT32_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལ་བརྟེན་ནས་རིག་པའི་རྩལ་དབང་བསྐུར་བ་ནི། དཔལ་གྱི་གཏོར་ཆེན་ཐབས་ཤེས་ཟུང་འཇུག་གི་རྫས་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་རྟེན་རྫས་སུ་འབྱུང་བ་འདི་ཉིད་རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྐུ་དང་ཞིང་ཁམས་ཀུན་འདུས་སུ་གྱུར་པ་ལས་བྱིན་རླབས་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་ཆར་ཆེན་པོ་བབས་པ་ཁྱེད་རང་རྣམས་ལ་ཐིམ་པས། གཉིས་འཛིན་གྱི་འཁྲུལ་སྣང་རང་སར་དག །རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་མོས་ལ་རང་སྣང་རིས་མེད་ཀ་དག་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །གཏོར་མ་མགོར་བཞག་ལ། ཧཱུྃ༔ དམ་རྫས་བ་ལི༚་སོགས་བརྗོད། དེས་རབ་ཏུ་སྤྲོས་མེད་དབང་བཞི་པ་ཐོབ། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་སྦྱང་། ཀ་དག་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་རྟེན་འབྲེལ་སྒྲིགས་པ་ཡིན་ནོ། །དེ་ནས་ཤིས་པར་བྱ་བའི་སླད་དུ། །བཀྲ་ཤིས་ཚེ་དབང་མཐའ་རྟེན་དུ་བསྐུར་བ་ལ། བརྟན་གཡོའི་ཆོས་བཅུ་བཞིའི་དྭངས་བཅུད་བསྡུས་པའི་ཚེ་རིལ་འདི་ཉིད་མྱང་བས་ས་དང་ལམ་གྱི་ཡོན་ཏན་རྫོགས། རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་སོགས་ནས་སངས་རྒྱས་དབང་ཐོབ་ཤོག༔ བར་བརྗོད། ཕྱག་རྒྱ་ལྔ་དངོས་སམ་ཙཀླའི་གནས་ལྔར་བཞག་ལ། རིགས་ལྔའི་ཕྱག་རྒྱ་ལྔས་ཁྱེད་རང་རྣམས་ཀྱི་གནས་ལྔར་རྒྱས་བཏབ་པས་དབང་དོན་གྱི་ཡེ་ཤེས་


LT32_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱང་ཆུབ་བར་དུ་འདུ་འགྲལ་འཕོ་འགྱུར་མི་མངའ་བར་གྱུར་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་སོགས་ནས་རཀྟ་ཧཱུྃ། བར་བརྗོད། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་ཤིས་བརྗོད་རྡོ་རྗེའི་དབྱངས་སུ་ལེན་ཅིང་མེ་ཏོག་སིལ་མའི་ཆར་ཕབས་པས་དགེ་ལེགས་རྟག་པ་དམ་པའི་སྣང་བས་ཁྱབ་ཅིང་ཡུན་དུ་བརྟེན་པར་མོས་ཤིག །མེ་ཏོག་འཐོར་ལ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་བཀྲ་ཤིས་ཚང་བར་བརྗོད་ལ་རོལ་མོ་འཁྲོལ་བ་སོགས་བྱའོ། །དེ་ལྟར་སྤྲུལ་པའི་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་ཟབ་གཏེར་ལས་བྱོན་པ་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩ་གསུམ་ཀུན་འདུས་ཀྱི་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་སྟེ། རྩ་བ་རྡོ་རྗེའི་གསུང་ལས། ཡེ་གསང་དུག་ལྔ་རྣམ་དག་གི༔ དམ་ཡེ་དབྱེར་མེད་གསང་སྒྲུབ་འདི༔ མི་ཟད་གཏེར་གྱི་བང་མཛོད་ཡིན༔ མཐོང་བས་མི་མཐུན་བར་ཆད་ཞི༔ བཀླགས་པ་ཙམ་གྱིས་རྐྱེན་ངན་བཟློག༔ བསྒོམས་པས་ཚེ་གཅིག་འཇའ་ལུས་འགྲུབ༔ ཉམས་སུ་སུས་བླངས་མི་གྲོལ་རེ༔ ཡེ་གསང་ཆོས་སྐུའི་སྒྲུབ་ཐབས་འདི༔ ཡང་གསང་ཐུགས་ཀྱི་གཏེར་ཁ་ཡིན༔ ཅེས་བསྔགས་པར་མཛད་པ་དོན་དང་ལྡན་པ། གཏར་ཆེན་འདི་ཉིད་ཀྱི་ཤོག་སེར་རྡོ་རྗེའི་ཚིག་རྐང་བཅོས་བསླད་མེད་པར་གཏེན་ལ་ཕན་པ་འདི་ཉིད་ད་ལྟའི་བར་དུ་བརྒྱུད་པའི་བླ་མ་སུས་ཀྱང་འཕྲི་བསྣན་བཅོས་བསྒྱུར་ཡིག་ཆའི་བསྲེ་བསླད་གཏན་ནས་མེད་པས་བྱིན་རླབས་


LT32_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟི་བྱིན་གཞན་ལས་ཁྱད་པར་དུ་འཕགས་པ་འགྱུར་མེད་གསེར་བཟང་གི་སྒྲམ་བུ་ལྟ་བུ་ལགས་པ་ཡིད་ཆེས་དད་གུས་རྩེ་གཅིག་པས་ཕྱིན་ཆད་ཡི་དམ་གྱི་རྩ་བར་བཟུང་ཞིང་བསྙེན་སྒྲུབ་ལ་བརྩོན་པ་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་དམ་ཚིག་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་གཏོང་རག་ཏུ་དམིགས་ནས་མཎྜལ་ཕུལ་མཛོད། ཅེས་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་སྤྲུལ་ནས་འབུལ་བའི་མོས་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བས་མཚོན་དུས་གསུམ་དུ་བསགས་པའི་རྣམ་དཀར་མཐའ་དག་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་བློས་འདི་ལྷན་ཅིག་གསུང་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་སྨོན་ལམ་རྒྱས་པར་བྱས་ལ། སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་ཡུམ་བཀའ་གཤམ་ལྟར་བམ་ལ་བརྟེན་པའི་ཚོགས་མཆོད་ལྷག་མའི་པར་དང་། གྲོ་ལོད་གཤམ་ལྟར། ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ཀྱིས༔ སོགས་ཀྱིས་བསྐུལ་ཟློག་བྱ། བདུད་མགོན་གཤམ་གྱི། ཧཱུྃ༔ བསྐུལ་ལོ་ཐུགས་དམ་སོགས་ཚང་བར་བརྗོད་ལ་སྐོང་གཏོར་འབུལ། རྟེན་འབྲེལ་དགེ་བའི་སླད་དུ་ཚེ་སྒྲུབ་འཁོར་འདས་རོ་གཅིག་བརྗོད་ལ་བསྙེན་བཟླས་ཅུང་ཟད་གྲུབ་ན་ལེགས། དེ་ནས་གསང་སྔགས་


LT32_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལྟར་མཆོད་བསྟོད་ནོངས་བཤགས་མདོར་བསྡུས་བྱས་ནའང་འགལ་བ་མེད། ལུགས་འདིའི་ཕྱག་སྲོལ་དུ་མི་འབྱུང་། དེ་ནས་ཡེ་གསང་གཤམ་གྱི། ཨོཾ་ཨཱཿཧཱུྃ༔ རྟེན་དང་གཏོར་མའི་སོགས་ཀྱིས་བསྡུ་ལྡང་བྱས་ལ་ཀུན་བཟང་གཤམ་ལྟར་ཤིས་བརྗོད་བྱས་པས་གྲུབ་བོ། །རྩ་གསུམ་རྒྱལ་བའི་བྱིན་རླབས་ཆར་རྒྱུན་གྱིས། །འགྲོ་བའི་རིགས་ཁམས་ས་བོན་གསོས་སུ་སད། །རིག་འཛིན་རྣམ་བཞིའི་ལོ་ཏོག་རིམ་རྒྱས་ཏེ། །སྐུ་བཞིའི་འབྲས་བཟང་རབ་ཏུ་སྨིན་བྱེད་ཤོག །ཅེས་པ་འདི་ནི་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅོ་ལྔ་པས་བཀའ་བསྐུལ་བ་ལྟར་མཁན་ཆེན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་ནན་བསྐྱར་མཛད་པ་ལ་བརྟེན། དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་རྗེས་འཇུག་རྟགས་ཙམ་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རང་ལོར་གྱ་བདུན་པར་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།

བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ།


LT32_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


LT32_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །མངའ་བདག་ཉིད་ཆེན་པོའི་གཏེར་བྱོན་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ལ་འཇུག་པ་ན། སྤྱིར་ཆོས་འདིའི་སྐད་དུ་ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པ་སྟེ་ལུགས་གཉིས། ཞི་བ་ལ་རིགས་གསུམ་ལས་གཞན་དོན་དབང་རབ་གནས་གཤིན་ཆོག་སོགས་གཙོ་བོར་བྱེད་ཚེ་རྡུལ་ཚོན་ནམ་རས་བྲིས་དང་འབྲེལ་བར་རྒྱས་པ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང་། བཟླས་སྔགས་ཨཱ་ལི་བཅོ་བརྒྱད་པ་སྤྱི་ཛབྲ། བཻ་རོ་ཙ་ན་སོགས་རིགས་བརྒྱའི་སྒོས་ཛབྲ་རྣམས་སོ། །རང་དོན་བསྙེན་པ་གཙོ་བོར་བྱེད་ཚེ་རས་བྲིས་སམ་ཚོམ་བུ་ལ་བརྟེན་པའི་འབྲིང་བོ་ཞི་བ་བཞི་བཅུ་རྩ་


LT32_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། སྔགས་བོ་དྷི་ཙིཏྟ། བསྡུས་པ་དེ་ཉིད་རིགས་ལྔ། སྔགས་དཔའ་བོ་འབྲུ་ལྔ། ཤིན་ཏུ་བསྡུས་པ་ལུས་དཀྱིལ་ལ་བརྟན་པའི་གསང་ཆེན་རིགས་གཅིག །སྔགས་ཡི་གེ་འབྲུ་གསུམ་མོ། །ཁྲོ་བོ་ལའང་སྤྲོས་བཅས་ཚོགས་སྒྲུབ་སོགས་དང་འབྲེལ་བའམ་མ་འབྲེལ་ཡང་རུང་སྤྲོས་པ་ལ་དགའ་བའི་ངོར་བསྐྱེད་རྫོགས་ཆེན་མོ་དགུ་ཉེར་གཅིག །ཕྱག་ཞེ་གཉིས་པ། ལྷ་གྲངས་བདུན་བརྒྱ་ཉེར་ལྔ། སྤྲོས་པ་འབྲིང་ལ་བསྐྱེད་རྫོགས་འབྲིང་པོ་དབུ་དགུ་ཕྱག་བཅོ་བརྒྱད་པ། ལྷ་གྲངས་སུམ་བརྒྱ་ང་ལྔ། རང་དོན་སྤྲོས་པ་ཆུང་ངུར་བསྐྱེད་རྫོགས་བསྡུས་པ་དབུ་གསུམ་ཕྱག་དྲུག །ལྷ་གྲངས་སུམ་བརྒྱ་ཐམ་པ། རྒྱུན་བཟླས་


LT32_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ནར་མ་དང་འབྲེལ་བར་ཤིན་ཏུ་བསྡུས་པ་ཕྱག་རྒྱ་རྐྱང་སྒྲུབ་སྟེ། དེ་རྣམས་ཀྱི་བཟླས་སྔགས་བོ་དྷི་ཙིཏྟ། ཁྲོ་བོའི་སྤྱི་སྔགས་བཛྲ་ཙཎྜ་འབྲུ་བཅུ་དགུ་པ། དཔལ་དགུའི་རང་སྔགས། བཀའ་སྡོད། དྲག་སྔགས་སོ་ལྔ་པ་བཅས་ཁྱད་པར་མེད་ལ་རྐྱང་སྐུབ་སྐབས་དྲག་སྔགས་ཚབ་ཏུ་འབྲུ་གསུམ་དང་ཧཱུྃ་བཟླ་བར་གསུང་། དེ་ཡང་གང་ཟག་ལས་དང་པོ་པ་འཇུག་བདེ་ཞིང་དཀྱིལ་འཁོར་སྤྲོ་བཞིའི་རྩ་བ་ཡིན་པས་མ་ཚང་བ་མེད་པའི་རྒྱུ་མཚན་གྱིས་གསང་ཆེན་རིགས་གཅིག་གིས་ཞི་བར་བསྟེན། བསྐྱེད་རྫོགས་ཆུང་དུས་དྲག་པོར་བསྒྲུབ་པ་ཉིད་སྨིན་གླིང་སྐུ་མཆེད་བཞེད་པ་ཡིན་ལ། དེའི་གོ་དོན་ལག་ལེན་བཅས་ལོ་ཆེན་རིན་པོ་ཆེའི་གསུང་བསྙེན་ཡིག་རིན་ཆེན་སྒྲོན་མ་ཉིད་ཞིབ་ཅིང་གསལ་ཡང་། འབྲེལ་འཇོག་ལྟ་བུའི་དུས་བསྙེན་བསྡུས་པ་ཟླ་གསུམ་མའི་དབང་དུ་ལག་ལེན་ཅུང་ཟད་བསྡུ་ན། ཚོགས་བསགས་དང་ཕྱི་མཚམས་སོགས་རྣལ་འབྱོར་གསར་པ་ཡིན་ན་ཇི་ཙམ་འགྲུབ་པ་དགོས། སྔོན་ནས་རྒྱུད་སྦྱངས་པ་ཡིན་ན་སྐབས་འདིར་མ་འགྲུབ་ཀྱང་མི་ལྟོ་བས། དུས་རབ་བཞིའི་ཚེས་བརྒྱད་རྒྱལ་འཛོམ་མམ། གཟའ་སྐར་འགྲུབ་སྦྱོར་དགེ་བའི་ཕྱི་དྲོའི་ཆར་ཞི་བསྙེན་གྱི་དབུ་བཙུག་སྟེ། བཞུགས་གནས་སྤོས་ཁྲུས་སོགས་བསྙེན་མཚམས་སྤྱི་ཆིངས་ཟིན་ནས། མདུན་ཁད་ཉེར་སྟེགས་བུ་ཁེབས་ལྡན་སྟེང་། དྲི་བཟང་བ་བྱུང་གིས་བྱུགས་པའི་


LT32_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ལ་ཐིག་ཚོན་བྱིན་རླབས་བཅེས་ཐིག་ཆེན་བརྒྱད་བཏབ། རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ཕྱོགས་མདོག་བྲི། མ་འཛོམ་ཚེ་རས་བྲིས་དེ་ལྟ་བུ་བཀྲམ། དེ་དབུས་ཧཱུྃ་དཀར་པོ་མཐོ་གང་བ་བྲིས་བའི་ཙཀ་ལི་བཀོད་པ་ནི་སྔོན་འགྲོ་སྦྱང་བའི་དམིགས་རྟེན་ཏེ་སྦྱང་བ་ཚད་ལྡན་མ་གྲུབ་སྐབས་དཀྱིལ་འཁོར་ཧཱུྃ་བཅས་མ་བཀོད་ཀྱང་རུང་། གང་ལྟར་མཉྫིའི་ཁར་ཞི་གཏོར་ཟླུམ་པོ་ཕྱོགས་བཞིར་པད་འདབ་གྱེན་ལངས་དང་མཚམས་སུ་ཐེབས་རིལ་ཅན་ཉི་ཟླས་མཚན་པ་གཏོར་གདུགས་དཀར་པོ་གཡས་གཡོན་སྨན་རཀ །མདུན་ཏུ་ཉེར་སྤྱོད་བྲེང་ཚར་དང་། གཏེར་བདག་སྤྱི་གཏོར་གྲུ་གསུམ་དམར་པོ་ཐེབ་ཀྱུ་ཅན་གང་བདེར་བཀོད། རང་མདུན་སྨན་ཐོད་རྡོར་དྲིལ་སོགས་བཀོད་ནས། ཚིག་བདུན། བསམ་ལྷུན་ནམ། སྤྲོས་བྲལ་བདེ་ཆེན། སངས་རྒྱས་བསྟན་པ་གང་རུང་གི་གསོལ་འདེབས། རང་རྡོར་སེམས་ང་རྒྱལ་བཅས་ཆ་གསུམ་ལས་ཕྱོགས་སྐྱོང་དང་། ཡུལ་གྲོང་གཏོར་མ་གཉིས་བཏང་། ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ལྟར། བཛྲ་མ་ཧཱ་སོགས་ཞེ་སྡང་རྡོ་རྗེའི་ང་རྒྱལ་བཟུང་། འབྱུང་གཏོར་བཏང་མཐར། ཧཱུྃ་བདེ་གཤེགས་འདུས་པའི་སོགས་བཀའ་བསྒོ། སྒོ་དྲུང་དུ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྲེས་པའི་ཐོ་ཞིག་བཙུག །དཀར་གཏོར་བཞི་བཤམ། ཆབ་བྲན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། རང་གི་ཐུགས་


LT32_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་ཆེན་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་ཌྷྀཥྚ་རཱཥྚྲ་ཧཱུྃ་ཛཿ ཨོཾ་བི་རུ་ཌྷ་ཀ་ཧཱུྃ་ཛཿ ཨོཾ་བི་རུ་པཱཀྵ་ཧཱུྃ་ཛཿ ཨོཾ་བཻ་ཤྲ་བ་་ཧཱུྃ་ཛཿ བདུན་མེ་ཙམ་བཟླས། ས་རྒྷཾ་སོགས། སྙིང་པོ་བཞིའི་མཐར། བ་ལིང་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་རི་རབ་སོགས་བསྙེན་ཡིག་ལྟར། མཐར་མཆོད་གཏོར་ཐོ་རྩར་ཕུལ། ཡེ་དྷར་བརྗོད་ཏིཥྛ་བཛྲས་བརྟན། དེ་ནས་དཔེ་འཛེམ་ན་ཞི་བའི་མཚམས་གཅོད་རྒྱས་ས་བཏོན། མ་རྙེད་པའམ་རྒྱུན་པར་སྟབས་བདེར་བདེ་རོལ་ལྟར། ཧཱུྃ་བདག་ཉིད་སོགས་ནང་མཚམས་ལྔ་དང་གསང་མཚམས། ས་མ་ཡ་ཨ་ཏི། ཡན་བརྗོད། རྙིང་མ་སྤྱིའི་སྔོན་འགྲོ་ལྟ་བུའི་སྐྱབས་སེམས་ལན་གསུམ། བདེ་རོལ་ལྟར་ཡིག་བརྒྱའི་བཟླས་བསྒོམ། རང་ཉིད་སྐད་ཅིག་གིས་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་གྱུར། རྡོ་རྗེ་སློབ་དཔོན་སོགས་ཡན་ལག་བརྒྱད་པ་ལན་གསུམ། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆེན་མོ་གཏེར་གཞུང་ངམ། མ་འཛོམ་ཚེ་ཁྱབ་བདག་སྟོན་པའི་མཐར་ཚོགས་ཞིང་རྣམས་རྩ་བའི་བླ་མར་བསྡུས། དབང་བཞི་བླང་། རང་ལ་བསྟིམ། དེ་ནས་བསྙེན་ཡིག་ལྟར། ཧཱུྃ་ལ་སེམས་བཟུང་། ཟིན་པ་ན། མདུན་གྱི་ཧཱུྃ་ཡིག་མི་དམིགས་པ་ལས་


LT32_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་སོགས་དང་པོ་མདུན་ཏུ་བསྒོམ། གསལ་ཐེབས་ནས་རང་ཡང་དེ་ལྟར་བསྒོམ། དེའང་གསལ་ནས་རྡོར་བཟླས་ངག་བཟླས་གང་འོས་ཐུན་གྱི་སུམ་ཆ་བྱས་ནས་མི་དམིགས་པར་བཞག །དེའང་རིམ་གཉིས་ཚད་ལྡན་གྱིས་རྒྱུད་སྨིན་ངེས་བྱེད་ན། བསྐྱེད་རིམ་གྱི་རྐང་པ་སྔོན་འགྲོ་སྦྱོང་བ་འདི་ལ་ཐུག །ཡིད་ཡུལ། སྣང་ཡུལ། ཞེན་པའི་ཡུལ་ཏེ་ཡུལ་གསུམ་གྱད་དུ་མ་གྱུར་པར་ནན་ཏན་དུ་བསྒོམས་ནས་གཟོད་དཀྱིལ་འཁོར་བསྒོམ་པ་ལ་འཇུག་དགོས་ཀྱང་། འདིར་ས་བཅད་མ་སྟོངས་ཙམ་མོས་སློབ་ཀྱི་དབང་དུ་བགྱིས་ཏེ། དེ་མཚམས་བསྙེན་ཡིག་ལྟར། མི་དམིགས་ཆོས་ཉིད་སོགས་ནས། བསྟོད་པ་ཡན་མཐར་ཆགས་བཏང་། བསྙེན་དམིགས་བཅས་ཐུན་གྱི་དངོས་གཞི་འབྲུ་གསུམ་ལ་བྱེད། སྤྱི་སྔགས་བོདྷ་ཙིཏྟའང་ཇི་ཙམ་འོས་པ་བཟླས། ཐུན་འཇོག་པ་ན་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ། གིས་བསྡུ། ཨོཾ་ཨཱཿཧཱུྃ་གིས་ལྡང་བ་སོགས་བསྙེན་ཡིག་ལྟར་བྱ། དགེ་བ་བསྔོ། དེ་ནས་ཕྱིར་ནང་ཐོར་ཐུན་ནས། ཚིག་བདུན་སོགས། བཛྲ་མ་ཧཱ་སོགས་ང་རྒྱལ་བཟུང་བ། བཀའ་བསྒོ། དཱུུྃྃ་བདེ་གཤེགས་འདུས་པའི་ནང་གསང་མཚམས། སྐྱབས་སེམས་ནས་བསྙེན་པ། བསྡུ་ལྡང་བར་གོང་བཤད་ལྟར་ལས་ཆ་གསུམ་དང་


LT32_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་ཐོ་འཛུགས་མ་གཏོགས་མཐར་ཆགས་བཏང་། ཐུན་གཞན་རྣམས་ལ་ལེའུ་བདུན་མ་ལྟ་བུའི་གསོལ་འདེབས་གང་འོས་མཚམས། ཧཱུྃ། མི་བཟད་ཁྲོ་གཏུམ། སོགས་ཁྲོ་བོ་རོལ་པའི་མཚམས་ཀྱིས་སྲུང་འཁོར་གྲས་ལ་འདེབས་བྱ། སྐྱབས་སེམས་ཉུང་བསྡུས། ཡན་ལག་བརྒྱད་པས་ཚོགས་བསགས། ཚོགས་ཞིང་བསྡུས། སྦྱང་བ་འོས་བསྟུན། མི་དམིགས་ཆོས་ཉིད་སོགས་སྔར་ལྟར་བྱ། སྲོད་ཐུན་ལ་གཏོར་འབུལ་ནི། ཧཱུྃ་ཧཱུྃ་ཧཱུྃ། གིས་བསྡུས་ཟིན་ནས། ཨོཾ་ཨཱཿཧཱུྃ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། འཕགས་པ་མཆེད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུྃ། ཡང་འོད་ཟེར་འཕྲོས། གཏོར་སྣོད་ལ་ཕོག་པས་ཕྱི་ལྟར་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་། ནང་ལྟར་ན་ཆོས་ཀྱི་དབྱིངས་མཐའ་དང་མུ་མེད་པ། གསང་བ་ལྟར་ན་ཡུམ་གྱི་མཁའ་ཀློང་ཡངས་པའི་བྱང་ཆུབ་སེམས་སུ་གྱུར། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས་གཏོར་མགྲོན་ལ་ཕོག །ཕྱི་ལྟར་ན་མགྲོན་རིགས་རྣམ་བཞི། ནང་ལྟར་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གནས་སུ་དག་པའི་ལྷ་དང་ལྷ་མོ། གསང་བ་ལྟར་ན་ཡི་དམ་གྱི་ལྷའི་སྐུར་གྱུར། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས་


LT32_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལ་ཕོག །ཕྱི་ལྟར་ན་ལྷ་ཡི་ཞལ་ཟས་སྣ་ཚོགས་པ། ནང་ལྟར་ན་འདོད་པའི་ཡོན་ཏན་ལྔས་གང་བ་ཕུལ་བས་མཉེས་ཤིང་། གསང་བ་ལྟར་ན་ལྷ་ཡབ་ལ་ཡུམ། ཡུམ་ལ་ཡབ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། གཏོར་མ་ལ་ཕོག །ཕྱི་ལྟར་ན་འབྲུ་སྣ་ཚོགས། ནང་ལྟར་ན་འདོད་ཡོན་གྱི་ལྷ་མོས་མཆོད་པས་མཉེས་ཤིང་། གསང་བ་ལྟར་ན་ལྷ་ལ་ལྷ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། གཏོར་མ་ལ་ཕོག །ཕྱི་ལྟར་ན་བདུད་རྩིའི་ཆུ་རྒྱུན་འོ་མ་ལྟ་བུ། ནང་ལྟར་ན་དྲིའི་ལྷ་མོ་སྣ་ཚོགས་པས་མཆོད་ཅིང་། གསང་བ་ལྟར་ན་བྱང་སེམས་ལ་བྱང་སེམས་རོལ་བས་དགྱེས་པའི་རོས་མྱོས་པར་གྱུར། ཨོཾ་ཨཱཿཧཱུྃ། བདུད་རྩིའི་གཏོར་མ་འཐུང་བ་རྣམས་འཆི་མེད་ཀྱི་དངོས་གྲུབ་ཐོབ་ཅིང་ཟོས་པ་རྣམས་སངས་རྒྱས་པར་གྱུར། ཨོཾ་ཨཱཿཧཱུྃ། འཁོར་གསུམ་མི་དམིགས་ཀ་དག་བསམ་བརྗོད་བྲལ་བའི་ངང་དུ་ཨཱཿ དེ་ནས་འགྲུབ་ན་དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་ཉུང་འདུས་ཙམ་བྱ། བཛྲ་མུཿས་གཤེགས། དགེ་བ་བསྔོ། ཡང་། ཐུན་གཞན་མའི་གཤམ་ལྟ་བུར་གཏོར་བསྔོས་ཉུང་བསྡུས་འདོད་ན། འོད་གསལ་དུ་བསྡུས་ནས། སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་


LT32_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ཨོཾ་ཨཱཿཧཱུྃ། ཚུར་འདུས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ལ་ཕོག །ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། ཨོཾ་ཨཱཿཧཱུྃ། ཡང་འོད་འཕྲོས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ། ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་མཉེས་ཤིང་ཚིམས་པར་གྱུར། ཨོཾ་ཨཱཿཧཱུྃ། འཁོར་གསུམ་མཉམ་ཉིད་ཆེན་པོར་ཨཱཿདགེ་བ་བསྔོ། དམིགས་གནད་གཞུང་གསལ་ལ་སྤྱིར་འདུ་ཡང་། ཕལ་ཆེར་འདི་ལྟར་ཡང་བསྒོམ་སྟེ། འབྲུ་གསུམ་བཟླས་པས་འོད་ཟེར་སྙིང་གནས་མགྲིན་པ། མགྲིན་པ་ནས་སྤྱི་བོར་ཕོག། བདག་ལུས་འོད་ཀྱིས་གང་། དུག་ལྔ་དུག་གསུམ་སོགས་བག་ཆགས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས། ཡང་སྤྱི་བོ་ནས་མས་རིམ་འཕྲོས། འོད་ཀྱིས་གང་། ཤེས་སྒྲིབ་བག་ཉལ་བཅས་སྦྱངས། འོད་ཕྱིར་འཕྲོས། རྒྱལ་བ་ལ་མཉེས་མཆོད་ཕུལ། སྣོད་བེམ་པོར་སྣང་བ་སྦྱངས། སྣང་ལ་རང་བཞིན་མེད་པར་གྱུར། བཅུད་སེམས་ཅན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ལྷ་སྐུ་ཕྱག་རྒྱ་ཆེན་པོར་གྱུར། ཚུར་འདུས་རང་གི་ཡུལ་གསུམ་དུ་འོད་ཟེར་གྱི་ལི་ལི་གནས་པར་བསྒོམ། གཞན་ཡང་འབྲུ་གསུམ་ལ་ཤེས་པ་དགུ་དང་། བཟླ་ཚུལ། ལས་མཐའ་རྒྱས། ཕན་ཡོན་བསམ་གྱིས་


LT32_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་བཅས་གསང་ཆེན་རིགས་གཅིག་ལེ་ཚན་གཉིས་ལས་བསྟན་ཏོ། །དེ་ལྟར་བསྙེན་ཡིག་ལས་འབྱུང་བའི་གྲངས་སུ་བསྙེན་པ་རྫོགས་ནས་གྲོལ་ཁར། ཐོར་ཐུན་ཞི་བ། གུང་ཐུན་རྒྱས་པ། དགོངས་ཐུན་དབང་། སྲོད་ཐུན་དྲག་པོའི་དམིགས་བཟླས་བཅས་ཡུན་ཐུང་ན་ཉིན་གཅིག །རིང་ན་ཞག་གསུམ་སོགས་བྱས་ཟིན་པའི་ཕྱིར་ནང་ཐོར་ཐུན་ལ། གཞུང་བཟླས་ལས་བཞི་བཅས་ཁྱུག་ཙམ་བཏང་སྟེ། དམ་ཡེ་ཕྱེས། དངོས་གྲུབ་ལེན་དམིགས་བྱ། གཏོར་འབུལ་དང་གཏེར་སྲུང་སྤྱི་གཏོར་སྒོར་ཕུལ། མཆོད་བསྟོད་ནོངས་བཤགས། ཡིག་བརྒྱ་ལན་གསུམ། ཡེ་ཤེས་པ་རང་ལ་བསྟིམས། མཆོད་བཤམས་བསྡུ། བདག་བསྐྱེད། བསྡུ་ལྡང་དང་། བསྔོ་སྨོན་ཤིས་བརྗོད་གང་འོས་བྱའོ། །དེ་ལྟར་ཞི་བསྙེན་རྫོགས་པའི་ཕྱི་ཐུན་ནས་ཁྲོ་སྒྲུབ་ལ་འཇུག་ལྟར་བྱ་སྟེ། དཀྱིལ་འཁོར་དང་། བུམ་གཅིག །མེ་གཅིག་སོགས་མཚན་མའི་སྒྲུབ་རྫས་མི་འབྱོར་བའི་དབང་དུ་བྱས་ཏེ་གཞི་སྟེང་མཎྜལ་ལ་ཚངས་ཟུར་གྱི་ཐིག་བཏབ། གླིང་དགུར་བཅད། ཚོམ་བུ་ལྷ་གྲངས་སམ། བསྡུ་ན་དགུ་བཀོད། དེ་སྟེང་དཔལ་དགུའི་ཐོད་སྐུའམ། ཆེ་མཆོག་ཐོད་སྐུ་ཁོ་ན་ཡང་རུང་སྟེ་སོ་སོའི་མདོག་མཚུངས་ན་བཟའ་བཅས་བཞུགས། གཙོ་ཐོད་རྒྱབ་ངོས་མཉྫིའི་ཁར་སྒྲུབ་གཏོར་དཔལ་བཤོས་དམར་པོ་གཙོ་འཁོར་


LT32_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་རྩེ་ཁྲོམ་གཏོར་གདུགས་མཐིང་གཅན་བཤམ། ཐོད་སྐུ་མ་འཛོམ་ཚེ་སྒྲུབ་གཏོར་ཁོ་ན་ལ་བརྟེན་ཀྱང་རུང་། དཀྱིལ་འཁོར་གྱི་གཡས་གཡོན་ཏུ་སྨན་རག །དྲག་མཆེད་རྣམ་བདུན་བསྐོར་བཤམས་སམ་བྲེང་ཚར་གང་བདེ། བཀའ་སྲུང་གཏོར་འབུལ་སྤྱི་དང་ཁྱད་པར་དྲེགས་པའི་སྡེ་དཔོན་ལ། ཟུར་གསུམ་ལྟོ་ཁྲ་ཅན། འཁོར་སུམ་ཅུས་བསྐོར་བ། ཐེབ་ཀྱུ། རྩེ་རྒྱན། གཏོར་གདུགས་མཐིང་ནག་བཅས་དང་ཆད་བརྟེན་རྒྱུན་བཞག་རྣམས་གང་བདེར་བཀོད། ཆ་གསུམ། རྒྱུན་གཏོར། ཚོགས་ཀྱི་ལོ་བྱང་སོགས་རྒྱུན་ལ་མཁོ་བ་རྣམས་ཀྱང་འདུ་བྱ། རང་དང་ཁད་ཉེ་བའི་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་གདབ་པར། རོ་རས་ལ་ཁྲག་ཆེན་ཐལ་ཆེན་བསྲེས་པའི་ཚོན་སྔོན་པོས་ཧཱུྃ་ཁྲུ་གང་བ་བྲིས་པ་ཞིག་ཀྱང་བཀོད་གྲུབ་ན་སྦྱང་བའི་རྟེན་ཏེ་ལེགས། དེ་ནས་ཚིག་བདུན་ནས་བཟུང་། ཆ་གསུམ། ཕྱི་ནང་མཚམས་གཅོད་ནས་དངང་བཞི་ལེན་པ་ཡན་ལས་བྱང་བདེ་རོལ་སོར་བཞག་གོང་གསལ་ཞི་བའི་སྐབས་ལྟར་བཏང་། །སྦྱང་བའང་རྡོར་སེམས་ཀྱི་ཚབ་ཏུ་ཧེ་རུ་ཀ་སྤོ་བ་མ་གཏོགས་བྱེད་ལུགས་གོང་དང་འདྲ་ཡང་ཉིན་དང་པོ་དང་ཐོར་ཐུན་ལྟ་བུར་བརྡ་མཚོན་མཛད་ན་མ་གཏོགས་ཚུལ་ལྡན་ནི་མི་འགྲུབ་སྟབས་བཟླས་གྲངས་ལ་གནོད་པས་ཐུན་གཞན་ལ་མི་དགོས། དེ་མཚམས་བརྡ་སྒོ་ཕྱག་ནས་བཟུང་། །ཏིང་འཛིན་རྣམ་གསུམ་སྐབས་ཆོ་གའི་འདོར་ལེན་བསྙན་


LT32_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལྟར་ལ། མཆོད་ཚིག་རྣམས་ལན་རེ་ཙམ་བཏོན་ན་མ་གཏོགས་རྒྱུན་པར། ཧཱུྃ། དྭངས་བསིལ་རྙོག་མེད་ནས། མ་ཧཱ་མུ་དྲ་པཱུ་ཛ་ཧོཿའི་བར་བསྐྱུར་བར་འཐུས། ཛབྲ་ཀྱི་སྐབས་སྐུ་ཕྱག་རྒྱ་ཆེན་པོར། གསུང་སྔགས་ཀྱི་སྒྲར། ཐུགས་ཡེ་ཤེས་ལྔར་གསལ་འདེབས་པ་ནི་ཤིན་ཏུ་གལ་ཆེ་བས་རྐང་བཟུང་ཞིང་དམིགས་པའི་དངོས་གཞི་བསྐྱེད་རྫོགས་ཆུང་ངུའི་ཛབྲ་དགོངས་དེ་ལ་བྱ། དེའང་ཐོག་མར་བོ་དྷི་ཙིཏྟ་ཁྲིའམ་དེ་ལས་ལྷག་ཙམ་གང་ཚར། ཆེ་མཆོག་ལ་འབུམ། དཔལ་བརྒྱད་པོར་ཁྲི་ཚོ་ལྔ་རེ། བཀའ་སྡོད་ཁྲི་བཅས་སོང་ནས། དྲིལ་བཟླས་ཕྱི་དཀྱིལ་ལྟར་སྒྲུབ་པའི་དམིགས་པ་དེ་སྦྱར་ནས། བཛྲ་ཙཎྜ་བཅུ་དགུ་མ་འབུམ་ཕྲག་བཞི་ཡན་གང་འགྲུབ། གྲོལ་ཉེ་ནས་དྲག་སྔགས་སོ་ལྔ་པའང་དམིགས་གནད་བཅས་ཁྲི་གཅིག་འགྲོ་ངེས་བྱ། འདི་བཀའ་བརྒྱད་གཞན་རྣམས་སུ་དཔལ་དགུའི་སྤྱི་བསྡུས་བསྙེན་པར་མཛད་ཅིང་། གཞུང་འདིར་ཡང་ཕན་ཡོན་ཆེས་ཆེ་བ་བཅས་སྒྲུབ་ཐབས་ཚུགས་ཐུབ་ལོགས་སུ་འབྱུང་བས་གྲངས་མང་ཡང་ལེགས་ཤིང་། དམིགས་གནད་ལས་སྤྱོར་གྱི་ལུགས་དེ་ཅུང་ཟད་ཙམ་ལས་མི་བྱ་བར་ཕལ་ཆེར་འདི་ལྟར། གནས་དབྱིངས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་མཐའ་དང་དབུས་མེད་པ། བདག་ཐ་མལ་པའི་སྤྱི་བོར་རཾ་ལས་མེ་འབར་ཏེ་ལས་དང་


LT32_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་སྒྲིབ་པ་རྣམ་སྨིན་གྱི་ལུས་དང་བཅས་པ་བསྲེགས་ནས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོར་གྱུར་བར་བསམ་ཞིང་སེམས་ཆོག་མེད་ལ་བཞག །དེའི་ངང་ལས་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་དགོངས་པར་བསམ་ཞིང་ལྷ་དང་སྔགས་ལ་སེམས་གཏད་ད་སྔགས་བཟླ། གདམས་ཟབ་འདི་ལྟ་བུ་གནང་བའི་བླ་མ་དྲིན་རེ་ཆེ་སྙམ་དུ་སྤྱི་བོའི་རིགས་བདག་ཏུ་བསྒོམས་ལ་མོས་གུས་བྱ་བ་བཅས་རྗེས་སུ་དྲན་པ་བཞིའི་བསྒོམ་བཟླས་བྱ་བ་དང་། སྒྲིབ་སྦྱང་གི་དོན་ཏུ། རང་གི་ལྟེ་བར་རཾ་ལས་ཡེ་ཤེས་ཀྱི་མེ་འབར། ལུས་ཐམས་ཅད་ཁྱབ། ཐོགས་མེད་ནས་སྒོ་གསུམ་གྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་བསྲེགས། ཡེ་ཤེས་ཀྱི་མེས་ཕྱི་སྣོད་ནང་བཅུད་ལ་ཁྱབ། གདོས་བཅས་ཀྱི་མཚན་འཛིན་བསྲེགས། །ཆོས་སྐུ་བདེ་བ་ཆེན་པོར་ལྷན་གྱིས་གནས་པར་བསྒོམ་མོ། །དེ་དག་གི་ཚེ་བསྙེན་པ་སྟོང་སྟོང་མཚམས་སུ་མཆོད་བསྟོད་འགྲུབ་ན་དགོས་ཤིང་། མ་འགྲུབ་ཀྱང་གྲོལ་ཁར་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་ལན་གསུམ། ཡེ་ཤེས་ལྷ་ཚོགས། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ། ཀྱིས་ལྷར་ལྡང་། བདེ་རོལ་ལྟར་ལུས་བསྲུང་། མི་གནས་ཡེ་ཤེས། བྱིན་རླབས་མཆོག་སྩོལ་བཅས་ཀྱིས་བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ནི་ཉིན་དང་པོའི་དགོངས་ཐུན་ལ་བྱ་བའི་ཚུལ་ལ་ཏེ། ཐུན་


LT32_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ལ་སྔོན་འགྲོའི་འདོར་ལེན་ཞི་བསྙེན་སྐབས་ལྟར་ལ། དངོས་གཞི་ཏིང་འཛིན་རྣམ་གསུམ་ནས་བརྩམས་ཏེ་བསྐྱར་བའོ། །སྲོད་ཐུན་ལ་ཚོགས་བསྐང་། དྲེགས་བའི་གསོལ་མཆོད། ལྷག་མ། ཆད་བརྟན་སོགས་བྱ། ཅིས་ཀྱང་མ་འབྱོར་ནའང་ཉ་སྟོང་དང་གྲོལ་ཁར་ནི་ངེས་པར་དགོས་པའོ། །གྲོལ་བའི་སྔ་ཉིན་གྱི་དགོངས་ཐུན་ལ་མཆོད་པ་གསོ། ཛབྲ་ཀྱི་བཟླས་པ་རྫོགས་མཚམས་དམ་ཡེ་ཕྱེས་ནས། དངོས་གྲུབ་བསྐུལ་བའི་དམིགས་གནད་དང་སྔགས་ཤམས་བཏགས། དམ་ཡེ་བསྲེ། སྟོང་ཚིགས་ཕུལ། སྲོད་ཐུན་ལའང་དེ་ལྟར་དང་ཚོགས་མཆོད་ངེས་པར་བྱ། ཕྱིར་ནང་ཐོར་ཐུན་ལ་བཟླས་པ་ཡན་ཉིན་ལྟར་ཆགས་ཚར་ནས་སྟོང་ཚིགས་ཕུལ། སླར་ཡང་བགེགས་བསྐྲད། བསྲུང་འཁོར། བཤགས་པ། དམ་བཅའ། བྱིན་འབེབས་བཅས་གྲུབ་འཕྲལ་དམ་ཡི་ཕྱེས། དངོས་གྲུབ་བསྐུལ་ཛཔྲ་སྔ་ཉིན་ལྟར་བཟླས་སྟོང་ཚིགས་ཕུལ། ལས་བྱང་ལྟར་དངོས་གྲུབ་བསྐུལ་ཆོག་བཏོན། སྐུ་བརྟེན་གྱི་དབང་ལེན། རྫས་ལ་རོལ། ཚོགས་བསྐང་རྒྱས་པར་བྱ། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་ཕུལ། གསོལ་ཁ་དང་ཆད་བརྟན་རྒྱུན་བཞག་ཀྱང་ཕྱི་རོལ་ཕུལ། གཏོང་རག་གི་མཆོད་བསྟོད། བཟོད་གསོལ།


LT32_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་རྟེན་ལ་བསྟིམས། དམ་ཚིག་པ་བསྲུང་འཁོར་བཅས་བསྡུ་ལྡང་། ལུས་བསྲུང་སྨོན་ལམ་ཤིས་བརྗོད་ལས་བྱང་དཀྱུས་ལྟར་བྱ། ཞི་བའི་སྦྱིན་བསྲེག་ཉང་ལུགས་རང་གཞུང་ངམ། དཀྱུས་འགྲོའི་རྒྱས་བསྡུས་གང་འགྲུབ་ཚར་མཚམས། དཀར་གཏོར་བྲན། བསངས་སྦྱངས། ཨོཾ་ཨཱཿཧཱུྃ། གསུམ། ཨོཾ་ངྷྲྀཥྚ་སོགས་རྒྱལ་ཆེན་ཐོ་འཛུག་སྐབས་གཏོར་མ་འབུལ། ཨརྒྷཾ་སོགས། ཟབ་ཅིང་རྒྱ་ཆེ། མཆོད་སྦྱིན་གཏོར་མ་སོགས་ཕྲིན་ལས་བཅོལ་ནས། བཛྲ་མུཿས་གཤེགས་པར་བྱའོ། །དེ་དག་ནི་ཞི་བ་ལ་ཟླ་གཅིག །ཁྲོ་བོ་ལ་ཟླ་བ་གསུམ་སྟེ་དུས་བསྙེན་ཐ་མའི་དབང་དུ་བྱས་ཏེ། དེ་ལས་རྒྱས་པའམ། དེ་ཙམ་ཡང་མི་ལྕོགས་པར་འབྲེལ་འཇོག་ལྟ་བུའི་ཡུན་ཐུང་ངུ་ལ་བསྙེན་གྲངས་མང་ཉུང་སོགས་རིགས་པས་དཔག་གོ། །འོན་ཀྱང་ཟླ་གཅིག་ཁོ་ན་ཙམ་གྱི་འབྲེལ་འཇོག་ལ་ནི་བསྙེན་ཡིག་གཤམ་གསལ་ཕྱག་རྒྱ་རྐྱང་པའི་དྲིལ་སྒྲུབ་ཁོ་ན་ལེགས་ལ། དེའི་ཚེ་སྤྲོས་བཅས་ཀྱི་བཅས་ཤོམས་ནི་ཅི་ཡང་མི་དགོས་ལ། ཞི་བསྙེན་ཀྱང་དཀྱུས་མཐུན་ལས་ཟུར་དུ་བྱེད་མི་དགོས་སོ། །ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་དཔེ་རྙེད་སླ་བའི་དབང་དུ་བྱས་ཀྱི། འདི་སྐབས་ཁྲོ་སྒྲུབ་ལ་བསྐྱེད་རྫོགས་ཆུང་བའི་ལས་བྱང་གཏེར་གཞུང་ལ། བདེ་རོལ་


LT32_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཟུར་འདེབས་བྱས་ནས་བཏང་ནའང་སྐབས་སུ་བབ་པ་ཉིད་དོ། །སྐབས་འདིའི་སྒྲུབ་རྫས་ནི་དམ་ཚིག་གི་རྟེན་ཙམ་དུ་ཟད་ཀྱི་གསར་མའི་གཞུང་སོགས་ལྟར་བདག་མདུན་ཆ་གཉིས་སུ་བསྒོམ་རྒྱུ་ནི་མ་ཡིན་ཏེ། སྦྱང་གཞི་རང་བཞིན་རྣམ་དག་དང་། སྦྱང་འབྲས་གློ་བུར་རྣམ་དག་གཉིས་ཡེ་ནས་དག་མཉམ་གཞི་ལུས་གནད་གསུམ་ལྷའི་འཁོར་ལོ་མ་བྱས་ལྷུན་གྲུབ་ཏུ་གནས་པ་ཉིད། དོན་ལ་གོས་པ་མེད་བཞིན་ཏུ་རྟོག་ངོ་ན་གཉིས་འཛིན་གྱི་ཆ་ཙམ་སྣང་བ་སེལ་བའི་ཐབས་ལ་བརྩོན་པ་ན་འབྲས་བུའི་རྣམ་པ་ལམ་བྱེད་ཀྱི་ལམ་ཞེས་བཏགས་པ་ཙམ་སྟེ། མུན་ཁུང་གི་སྐུ་གཟུགས་ལ་སྒྲོན་མེ་བཏེགས་པའི་དཔེ་དང་། །སྣང་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་མ་འདུས་པ་ནི་རྡུལ་ཙམ་མེད་པས་བདག་མདུན་སོགས་སྤྲོས་པའི་དབྱེ་བསྡུ་ཇི་སྙེད་པའང་རིག་པའི་རང་རྩལ་ལ་མ་འདས་པའི་ཡེ་ཤེས་ཆེན་པོའི་རྒྱས་ཐེབས་པ་ན་སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་ཉིད་ཀྱི་རིམ་པ་མངོན་ཏུ་གྱུར་པས། རྟོག་པས་བཏགས་པའི་རིམ་གཉིས་རྣམས་ཀྱིས་བསྒྲུབ་བྱའི་མཐིལ་སླེབ་པ་ལ་དགོངས་ནས། བསྐྱེད་རྫོགས་རྫོགས་པ་ཆེན་པོ་ལ་ཐག་བཅད་པ། ལ་དོར་བ། ས་བཟུང་བ་སྟེ་བསྐྱེད་


LT32_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་གུད་ཤིང་ཆེན་པོ་དགུས་སྲང་དུ་གཞུག །དེ་བཞིན་ཏུ་བསྙེན་སྒྲུབ་ཡན་ལག་རྣམ་བཞིའང་རྙིང་མ་གཞན་ལྟར་བཟླས་པ་ཁོ་ན་ལ་སྦྱོར་བ་མི་མཛད་དེ། སེམས་བསྐྱེད་ནས་སངས་མ་རྒྱས་པར་གྱི་རིམ་པ་ཐམས་ཅད་ལ་སྦྱོར་བ་དང་། ཆོ་ག་འདི་ལྟ་བུར་མཚོན་ན། ཚོགས་བསགས་པའི་སྦྱོར་བ་ཡན་ཆད་སྔོན་འགྲོ་རྣམས་བསྙེན་པ། སྤྱན་འདྲེན་སོགས་ལས་རྒྱལ་མཆོག་གི་རིམ་པ་ཉེ་བསྙེན། ལྷ་བསྒོམ་སྔགས་བཟླས་སྒྲུབ་པ། རྗེས་ཀྱི་རིམ་པ་སྒྲུབ་ཆེན་གྱི་བརྡར་བཞག་ཅིང་། གཞན་ཡང་བཀའ་བརྒྱད་མཁན་པོས་མི་ཤེས་སུ་མི་རུང་བའི་གསང་སྔགས་ཀྱི་གུང་ཤིང་། ཆེ་མཆོག་ཐམས་ཅད་བདུད་རྩི་རྣམ་དག་ཏུ་འདུ་བ། གཤིན་རྗེ་ཐམས་ཅད་འཁོར་ལོ་རྣམ་བཞིར་འདུ་བ། དབང་ཆེན་རྟ་སྐད་ཐེང་གསུམ། ཡང་དག་རུ་ལུ་རུ་ལུ་འབྲུ་བརྒྱད། །ཕུར་པ་ཐལ་འབྱིན། མ་མོ་རྩ་རླུང་ལ་སོགས་པའི་གོ་དོན་མ་ནོར་བའི་བརྡ་དོན་རྟགས་གསུམ་འཕྲོད་པ་ཞིག་མ་བྱུང་ཡང་རིག་པའི་རང་ཞལ་ནང་དུ་མཇལ་བས་དགག་སྒྲུབ་ཆོས་ཉིད་ཀྱི་རྒྱན་ཏུ་ཤར་བའི་གོ་བ་ཙམ་མ་ཡིན་པར་རྟོགས་པ་རྡོ་རུས་འཕྲོད་ཆོ་བཀའ་བརྒྱད་ཙམ་དུ་མ་ཟད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བྱན་ཚུད་པར་གསུངས་པས་དེ་ལྟ་བུའི་གནད་ལ་སྨོན་ལམ་དུ་བྱའོ།། །།


LT32_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་སྐྱབས་མཆོག་ཟླ་སྤྲུལ་རིན་པོ་ཆེའི་བཀའ་བསྩལ་མ་ལྡོག་ཙམ་དུ་ད་རི་དྲཱ་གུ་ས་དབེན་རི་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཕུལ་བ་མངྒ་ལཾ།། །།དགེ་ལེགས་འཕེལ།། །།

རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དབང་བསྐུར་བཀླགས་ཆོག་ཏུ་བཀོད་པ་གྲུབ་གཉིས་བདུད་རྩིའི་བཅུད་འབེབས།


LT32_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དབང་བསྐུར་བཀླགས་ཆོག་ཏུ་བཀོད་པ་གྲུབ་གཉིས་བདུད་རྩིའི་བཅུད་འབེབས་ཞེས་བྱ་བ་བཞུགས་སོ།། །།


LT32_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་དྷ་ཀི་ནཱི་ཡཻ། རྣམ་དག་དབྱིངས་ལས་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འདུལ་སྤྲུལ་པའི་དཀྱིལ་འཁོར་སྤྲིན་བཀོད་པས། །སྐལ་ལྡན་ཞིང་སར་གྲུར་གཉིས་ཆར་རྒྱུན་འབེབས། །སྐུ་བཞིའི་ལོ་ཏོག་སྨིན་པར་མཛད་ལ་འདུད། །རྩ་གསུམ་ཆོས་སྲུང་དགོངས་པ་ཀུན་འདུས་ཤིང་། །ཐུགས་སྒྲུབ་ཀུན་གྱི་རྒྱལ་པོར་བསྔགས་པ་ཡི། །སྨིན་གྲོལ་སྦྲེལ་མ་རྩ་གཞུང་དངོས་བསྟན་ཉིད། །མོས་སློབ་ཁྱེར་བདེར་འགོད་ལ་གནང་བ་རྩོལ། །དེ་ལ་རྩ་བའི་ཐུགས་སྒྲུབ་འདི་ཉིད་ཀྱི་དབང་བསྐུར་སྨིན་སློབ་ཏུ་བྱེད་པའི་སྐབས་སྒྲུབ་ཁོག་གི་རྩ་ཐོ་ལྟར་ཐོག་མར་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོར་ཤད། འདོན་བསྒོམ་ལག་ལེན་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལྟར་བྱས་ལ་གྲངས་རྟགས་ཐོན་པར་སྦྱང་། དེ་ནས་སྒྲུབ་ཁོག་གིས་ཆོག །ཕྱི་ནང་གསང་བའི་མཚམས་གཅོད། སྟ་གོན་རིམ་


LT32_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ། དཀྱིལ་འཁོར་བཞེངས་པ་སོགས་སྔོན་དུ་འགྲོ་བའི་དངོས་གཞི་ལས་བྱང་གི་གཞུང་བསྲངས་ཏེ་སྒྲུབ་ཆེན་ཞག་བདུན་ལ་སོགས་པ་བྱས་ལ། རྗེས་དངོས་གྲུབ་བླང་བའི་རྗེས་འབྲེལ་དུ་དབང་གི་འཇུག་པ་ནས་བརྩམས། བུམ་དབང་རྫོགས་པར་བསྐུར་ལ་བསྐྱེད་རིམ་གྱི་ཁྲིད་འབོག །སྒྲུབ་པའི་རྗེས་བསྡུ། སློབ་མས་ཐོག་མར་ཕྲ་རགས་ལ་སྦྱང་། དེ་འབྱོངས་ནས་བླ་མ་སྤྲུལ་སྐུའི་དཀྱིལ་འཁོར་བསྒོམ། བཟླས་པ་འབུམ་ཕྲག་བཞི་བྱ། དེ་ནས་གསང་དབང་བསྐུར། བླ་མ་ལོངས་སྐུའི་ལུས་དཀྱིལ་གྱི་ཁྲིད་ཕོག་ལ་དེ་ཉིད་སྦྱང་། དེ་ནས་ཤེར་དབང་བསྐུར། དཔེ་ལ་བརྟེན་ནས་ལྷན་སྐྱེས་ཡེ་ཤེས་ཀྱི་རྩལ་སྦྱང་། དེ་ནས་དབང་བཞི་པ་བསྐུར། སེམས་བཙལ་བ་དང་། རང་བཞིན་ཤེས་པ་དང་། གཏན་ལ་འབེབས་པ་རྣམས་ཚུལ་བཞིན་བྱས་ཏེ་རྫོགས་པ་ཆེན་པོ་རང་སྣང་རིས་


LT32_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དགོངས་པ་མཐར་དབྱུང་བར་བྱ་བ་ཡིན་ཀྱང་། འདིར་ཡིན་ལུགས་ཙམ་དུ་བཀོད་པ་ལས་དེང་སང་ཕྱག་ལེན་ཏུ་བྱེད་པ་དཀོན་པས། མོས་སློབ་ཀྱི་དབང་དུ་བྱས་ཏེ་དབང་རྐྱང་སྤྱི་འགྲོ་ཁྲིད་དང་སྦྲེལ་བའི་ལག་ལེན་འཆད་པ་ལ་གསུམ། སྔོན་འགྲོ་སྟ་གོན་གྱི་རིམ་པ། དངོས་གཞི་དབང་བཞི་སྟན་གཅིག་ཏུ་བསྐུར་བ། རྗེས་ཀྱི་བྱ་བས་མཐར་དབྱུང་བའོ། །དང་པོ་ནི། སྒྲུབ་གནས་རྙིང་པར་དཀྱིལ་འཁོར་རས་བྲིས་བཀྲམ་པའི་དབང་དུ་བྱས་ཏེ། ས་ཆོག་རྒྱས་པ་དང་ཐིག་ཚོན་གྱི་བྱ་བ་རྣམས་མི་དགོས་པས་ལག་ཏུ་ལེན་བྱ་དངོས་ལ་བཞི། ས་སློང་། བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དང་པོ་ནི། གོང་དུ་སྟེགས་གཙང་མར་སྨན་རཀ་གཏོར་གསུམ་དང་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། དཀྱིལ་འཁོར་གང་དུ་བྱ་བའི་གཞི་ལ་མཎྜལ་བ་བྱུང་གིས་བྱུགས་པ་ལ་འབྲུའི་ཚོམ་བུ་གཅིག །མདུན་ཏུ་མཆོད་གཏོར་དཀར་ཟླུམ་དང་གསེར་སྐྱེམས། ཆུ་གཉིས་ཉེར་སྤྱོད་གསས་བསྐོར་དུ་བཤམས་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་འབུལ་བ་ནི། ཧཱུྃ་ཧྲཱིཿ རང་བཞིན་དབྱིངས་ན་བཞུགས་པའི་སྐྱབས་ཀྱི་གནས༔ བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོའི་ཚོགས༔ སངས་རྒྱས་བྱང་སེམས་ཞིང་སྐྱོང་སྲུང་མ་རྣམས༔ མ་ལུས་འདིར་བྱོན་དགྱེས་པའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་སོགས་མཁའ་མཉམ་སེམས་ཅན་བསྐྱབ་ཏུ་གསོལ༔ འགྲོ་བའི་དོན་ཏུ་བདག་གིས་ཚེ་འདི་ལ༔ ཧེ་རུ་ཀ་དཔལ་བླ་མ་རིག་འཛིན་གྱི༔ གོ་འཕང་ཐོབ་ཕྱིར་སྒྲུབ་པའི་གཞུང་བསྲང་སྟེ༔ ས་


LT32_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྡོ་རྗེ་རྩེ་མོར་མཐར་ཕྱིན་བགྱིད༔ ཕྱི་ནང་གསང་བའི་མཆོད་པ་བླ་མེད་པ༔ ནམ་མཁའ་གང་བར་སྤྲུལ་ཏེ་འབུལ་བར་བགྱི༔ སྡིག་སྒྲིབ་ཉེས་ལྟུང་ཚོགས་རྣམས་མཐོལ་ལོ་བཤགས༔ བླ་མེད་བསོད་ནམས་བསགས་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས༔ མྱ་ངན་མི་འདའ་ཡུན་ཏུ་བཞུགས་པ་དང་༔ བདག་སོགས་འགྲོ་རྣམས་སྨིན་གྲོལ་མཛད་དུ་གསོལ༔ དུས་གསུམ་བསགས་པའི་དགེ་བ་གང་མཆིས་པ༔ མཁའ་མཉམ་འགྲོ་བ་རྣམས་ཀྱི་རྒྱུད་ལ་བསྔོ༔ སྒྲིབ་གཉིས་ཀུན་བྱང་ཚོགས་གཉིས་རབ་རྫོགས་ཏེ། བླ་མ་རིག་འཛིན་གོ་འཕང་ཐོབ་པར་ཤོག༔ ལན་གསུམ། བདག་བསྐྱེད་ནི། ཧཱུྃ་ཧྲཱིཿ རང་རིག་གདོད་མའི་དབྱིངས་ལས་སྐད་ཅིག་གིས༔ རིག་པའི་རང་མདངས་ལས་ཀྱི་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པའི་སྐུ༔ དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་ཀློང་༔ ཞབས་གཉིས་འདོར་ཐབས་པད་ཉིའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་འདུས་པའི༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ་རུ་གསལ༔ ཨོཾ་ཀརྨ་མ་ཧཱ་ཀྲོདྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོདྷཱི་ཤྭ་རི་སྟཾ༔ ཞེས་བཟླས་པ་བརྒྱ་རྩ་ཙམ་བྱ། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་ཀུན་བཟང་མཆོད་སྤྲིན་ཏུ་སྤེལ་ནས། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔


LT32_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི་འབུལ་གྱིས༔ དགྱེས་པར་བཞེས་ལ་སྟོང་གསུམ་རབ་འབྱམས་རྣམས༔ སྒྲུབ་པའི་ས་མཆོག་ཆེན་པོར་སྩལ་དུ་གསོལ༔ ཅེས་དཀོན་མཆོག་སྤྱིར་གནང་བཞུ། ས་ལྷའི་མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ནམཿསརྦ་ཏ་ཐཱ་ག་ཏེབྷྱོ་བིར་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྦ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་གང་བར་སྤེལ། པྲི་ཐཱི་དེ་བཱི་བྷཱུ་མི་པ་ཏི་ས་པ་རི་བ་ར་ཨཾ་ཀུ་ཤ་ཡ་ཛ༔ ཞེས་བཟླས་ཤིང་ལྕགས་ཀྱུའི་ཕྱག་རྒྱས། ལྷ་མོ་འཁོར་བཅས་སྤྱན་དྲངས༔ ཨོཾ་པྲི་ཐཱི་དེ་བཱི་བྷཱུ་མི་བ་ཏི་ལོ་ཀ་པཱ་ལ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་བྲ་ཏཱིཙྪ་ཧོ༔ ཨོཾ་པྲི་ཐཱི་དེ་བཱི་བྷཱུ་མི་པ་ཏི་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་ཕུལ། ཧཱུྃ༔ སྐྱོབ་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས༔ ས་ལམ་སྲུང་མར་དབང་བསྐུར་བརྟན་མ་དང་༔ སྟོང་གསུམ་མངའ་མཛད་ས་བདག་ཕོ་མོའི་ཚོགས༔ གནས་བདག་གཉུག་མར་གནས་པ་ཐམས་ཅད་ཀུན༔ གངས་རི་ལུ་མ་སྐྱེད་ཚལ་མཚོ་རྫིང་དང་༔ རྫ་སྤང་བྲག་རི་ནགས་ཁྲོད་ཆུ་ཀླུང་དང་༔ སྟོང་གསུམ་ལ་སོགས་སོ་སོའི་གནས་དག་ནས༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཤིག༔ རིན་ཆེན་ས་རིན་མཆོད་པ་འདི་བཞེས་ལ༔ གནས་འདིར་བཀྲ་


LT32_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བདེ་ལེགས་སྩལ་དུ་གསོལ༔ གནང་བ་བྱིན་ནས་གཙྪ་ཡ་རང་གནས་སུ་གཤེགས་པར་མོས་ལ་མཆོད་གཏོར་བསྡུ། གཞི་སྟེགས་ཀྱི་དབུས་སུ་མཎྜལ་བ་བྱུང་དང་དྲིས་བྱུགས་པ་ལ་དྲི་བཟང་གི་ཐིག་ལེ་གཙོ་འཁོར་དགུ་བྱས། བླ་མ་ཞི་ཁྲོའི་སྔགས་མཐར། ས་མ་ཡ་སྟཾྭ༔ ཞེས་བཏགས་པ་བརྗོད་ལ། དབུས་སུ་ཚོམ་བུ་ཆེ་བ་གཅིག །ཕྱོགས་མཚམས་བརྒྱད་དུ་ཆུང་བ་རེ་རེ་བཀོད་པ་བཞག། གཙོ་བུམ་མགུལ་ཆིངས་དམར་པོ། ལས་བུམ་ལྗང་གུ། ཁ་རྒྱན་དང་། བུམ་རྫས་དྲི་ཆབ་སོ་ལྔའི་རྫས་སོགས་འདུ་བྱས་ལ། གུ་གུལ་གྱིས་བདུག་ཅིང་ཡུངས་ཀར་གྱིས་བྲབ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ ཞེས་བགེགས་བསྐྲད༔ ཨོཾ་སྭ་བྷཱ་བ་ཤུངྡྷཿསརྦ་དྷརྨཿསྭ་བྷཱ་བ་བཻ་ཤུངྡྷོ྅ཧཾ༔ ཞེས་ཆུ་བླུགས། ཨོཾ་ཨཱཿཧཱུྃ་རཏྣ་པཉྩ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་ཤིང་རིན་པོ་ཆེ་ལྔ། ཨོཾ་ཨཱཿཧཱུྃ་ཧྲྀ་ད་ཡ་པཉྩ་ཧཱུྃ་ཧྲཱིཿཋཱ༔ སྙིང་པོ་ལྔ༔ ཨོཾ་ཨཱཿཧཱུྃ་གནྡྷེ་བྷ་དྲ་ཧཱུྃ་ཧྲཱིཿཋཱ༔ དྲི་བཟང་པོ་ལྔ་རྣམས་སྦྱར༔ ཨོཾ་ཨཱཿཧཱུྃ་ཤ་རཱི་རཾ་ཧཱུྃ་ཧྲཱིཿཋཱ༔ ཡུངས་ཀར་ལྷ་གྲངས་དང་མཉམ་པ་འབྲུ་ལྔ་དང་སྦྱར་ཏེ་དར་གྱི་ཐུམ་པོ་བྱས་ལ་བཅུག༔ ཨོཾ་ཨཱཿཧཱུྃ་ཨ་མྲྀ་ཏ་པཉྩ་ཧཱུྃ་ཧྲཱིཿཋཱ༔ སྨན་ལྔ་བླུག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ཤ་ལྔ་འདུད་རྩི་ལྔ་བླུག༔ ཨོཾ་ཨཱཿཧཱུྃ་པཉྩ་ལི་ཀཱ་ཧཱུྃ་ཧྲཱིཿཋཱ༔ མགུལ་ཆིངས་བཅིང་༔ ཨོཾ་ཨཱཿཧཱུྃ་བོ་དྷི་པྲྀ་ཀྵ་བི་ལྦ་མ་ཧཱ་མཱ་ལ་སཾ་བྷཱ་བ་ཧཱུྃ་ཧྲཱིཿཋཱ༔ མུ་ཀུ་ཊ་ཨ་བྷིཥིཉྩ་ས་མ་ཡ་སྟཾྭ༔ ཁ་རྒྱན་བཙུག༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མཱ་དྷི་བཛྲ་ཏནྟྲ་མཱ་ལེ་ས་མ་ཡ་ཡེ་ཧཱུྃ་ཧྲཱིཿཋཱ༔ ཞེས་གཟུངས་ཐག་སྤོས་ཀྱིས་བདུགས་ལ་མཎྜལ་གྱི་གཡས་གཡོན་དུ་བཤམ༔ རྟེན་


LT32_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་བཟླ། མེ་ཏོག་འཐོར། རོལ་མོ་བསྒྲགས་ལ་མངའ་གསོལ། དེ་དག་གི་མདུན་རྒྱབ་གང་བདེར་སྙན་གཏོར་རཀྟ། མཐའ་སྐོར་ཆུ་གཉིས་སྐོར་བཤམ་བྱའོ། །གཉིས་པ་ནི། ཧཱུྃ་ཧྲཱི༔ བྷྲཱུྃ་ལས་རིན་ཆེན་བུམ་པ་མཚན་ཉིད་ལྡན༔ རྒྱན་གྱིས་རབ་བརྒྱན་བདུད་རྩིའི་རྒྱ་མཚོའི་དབུས༔ འགྲོ་འདུལ་འཆི་མེད་ཞི་ཁྲོ་དོན་དམ་གྱི༔ དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་ཏུ་གསལ༔ ལས་ཀྱི་བུམ་པར་པད་ཉིར་ཧཱུྃ་ཡིག་ལས༔ བདུད་རྩི་འཁྱིལ་ལྗང་རྒྱ་གྲམ་དྲིལ་བུ་འཛིན༔ ཁྲོ་བོའི་ཆས་རྫོགས་མཐར་བྱེད་དྲིལ་འཁྲོལ་འཁྲིལ༔ སྐུ་གསུང་ཐུགས་བརྟན་ཡེ་ཤེས་མངའ་དབང་རྫོགས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དེ་ལ་ཐིམ༔ ཕྱག་འཚལ་ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཡེ་ཤེས་དབྱིངས་ནས་རོལ་ལ་ཕྱག་འཚལ་བསྟོད༔ རང་གི་ཐུགས་ལས་གཟུངས་སྔགས་ཕར་འཕྲོས་ཏེ༔ ལྷ་རྣམས་ཀུན་གྱི་ཐུགས་ཀར་ཕོག་པ་ལས༔ དགྱེས་པ་བསྐྱེད་དེ་བདེ་ཆེན་སྦྱོར་བ་ཡིས༔ བྱང་ཆུབ་སེམས་ཀྱིས་བུམ་པ་གང་བར་གྱུར༔ གཟུངས་ཐག་བླངས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀི་ལི་ཀི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥཉྩ་ཨཱ་བེར་ཤ་ཡ་ཨཱ་ཨཱ༔ ཞེས་བརྒྱ་རྩ་ལས་མི་ཉུང་བ་བཟླ། གཟུངས་ཐག་ལས་བུམ་དུ་སྦོས་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔


LT32_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཞེས་བཟླས་མཐར༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་ཕུལ་ལ༔ ལྷ་རྣམས་བདེ་བ་ཆེན་པོས་བྱང་ཆུབ་སེམས་ཀྱི་རང་བཞིན་ཏུ་ཞུ༔ ཡེ་ཤེས་སྐྱེད་པའི་ནུས་པ་དང་ལྡན་ཅིང་༔ ལས་ཐམས་ཅད་པའི་བུམ་ཆུས་དངོས་པོ་གང་ལ་རེག་པས་བགེགས་དང་མི་གཙང་བ་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམས་ལ་ལས་བུམ་ཆུ་ཡོ་བྱད་ཐམས་ཅད་ལ་འཐོར་རོ། གསུམ་པ་ནི། དཀྱིལ་འཁོར་གྱི་གཞི་སྟོང་པ་ཉིད་ཀྱི་ངང་ལས༔ ཡེ་ཤེས་ཀྱི་རང་བཞིན་གཞལ་ཡས་ཁང་༔ རང་སྣང་རིག་པའི་ལྷ་ཚོགས་དབུས་སུ་ཆེ་མཆོག་ཧེ་རུ་ཀ༔ ཕྱོགས་མཚམས་བརྒྱད་དུ་དཔལ་ཆེན་ཡང་དག་ལ་སོགས་པའི་གཙོ་བོ་བརྒྱད༔ གནས་ཡུལ་སྒོ་སྐྱོང་དབང་ཕྱུག་བཀའ་སྡོད་བསམ་མི་ཁྱབ་པ་དང་བཅས་པ༔ དེའི་སྟེང་དུ་བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས༔རྣམ་རོལ་སྤྲུལ་པའི་མཚན་བརྒྱད༔ གུ་རུ་རིགས་དྲུག༔ དེའི་སྤྱི་བོར་ལོངས་སྐུ་ཚེ་དཔག་མེད༔ ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ༔ བྱང་ཆུབ་སེམས་དཔའ་ལྕམ་དྲལ་བཅུ་དྲུག༔ ཐུབ་པ་རིགས་དྲུག༔ དེའི་སྟེང་དུ་བླ་མ་ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ཡབ་ཡུམ༔ རིགས་ལྔ་ཡུམ་ལྔ་དང་བཅས་པ༔ རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་གསལ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ གནས་གསུམ་བྱིན་གྱིས་བརླབ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་དབང་བསྐུར༔ རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་


LT32_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ ཧཱུྃ༔ མི་གཡོ་མཉམ་ཉིད་ཆོས་སྐུའི་མཁའ་དབྱིངས་ནས༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང་༔ སྤྲུལ་པ་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས་ཤིང་༔ ཛཿཧཱུྃ་བྃ་ཧོཿས་གཉིས་མེད་དུ་བསྟིམ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་གདན་ཏུ་བཞུགས་པར་བསམ༔ དེ་ནས་སྒྲུབ་ཁོག་རྩ་བར་དཔོན་སློབ་ཐུན་མོང་ནས་དཀྱིལ་འཁོར་ལྷ་ལ་ཕྱོགས་བཞི་རེ་རེ་བཞིན་མཆོད་བསྟོད་བཤགས་པ་གསོལ་གདབ་བྱས་ནས་ལྷན་མ་མཁར་བཏེགསཿ སློབ་དཔོན་ལ་སློབ་མ་རྣམས་ཀྱིས་དེ་ལྟར་བྱས་ལ་གནང་བ་སྦྱིན་པར་གསུངས་ཀྱང་། མགྱོགས་དབང་དཀྱུས་ཙམ་ལ་དེ་དག་འགྲུབ་དཀའ་ཞིང་སྤྱི་འགྲེལ་དོན་འཐུས་པས། ལས་བྱང་ལྟར། བྷྲཱུྃ་ལས་རིན་ཆེན་དུར་ཁྲོད་སོགས་ཀྱིས་མཆོད་པ་བྱིན་རླབས། ཕྱི་ནང་གསང་མཆོད་ཚིགས་བཅད་སྔགས་བཅས་དང་། སྨན་རག་གཏོར་གསུམ་སྔགས་ཙམ་གྱིས་མཆོད། ན་མོ་སྐྱེ་འགག་འགྱུར་མེད་སོགས་ཀྱིས་ཚིག་མཐའ་ཕྱག་འཚལ་བསྟོད༔ ཅེས་བསྒྱུར་བས་བསྟོད་པ་འབུལ། ཐལ་མོ་སྦྱར་ལ། ཧོཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་


LT32_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཁྱེད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ལས་ཀྱི་དངོས་གྲུབ་སྩོལ༔ ཅེས་བཤགས་པ་བྱ། རྡོར་དྲིལ་དང་སྤོས་ཐོགས་ལ། ཧོཿ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རིག་འཛིན་གཙོ་ལ་ཕྱག་འཚལ་ལོ༔ བདག་ནི་སྙིང་རྗེའི་དབང་གྱུར་ཏེ༔ ཁྱེད་རྣམས་མཆོད་དང་སློབ་མ་ལ༔ ཕན་ཕྱིར་དཀྱིལ་འཁོར་འབྲི་བར་འཚལ༔ ཐུགས་རྗེའི་བདག་ཉིད་མགོན་རྣམས་ཀྱིས༔ རྗེས་སུ་གནང་བ་མཛད་པར་རིགས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་མཆོག་ཀུན༔ འོད་གསལ་སྙིང་པོ་རྡོ་རྗེ་སེམས༔ རིགས་འདུས་བླ་མའི་འཁོར་ལོར་རྫོགས༔ འཁོར་ལོའི་དབང་ཕྱུག་ཁྱེད་མཆོད་ན༔ ཐུགས་རྗེས་མངོན་སུམ་འདིར་གཤེགས་ནས༔ བདག་དང་སློབ་མར་བཅས་པ་ལ༔ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་བཏབ་པས། དཀྱིལ་འཁོར་པ་རྣམས་དགྱེས་བཞིན་ཏུ༔ རྡོ་རྗེ་འཛིན་པ་སྙིང་རྗེ་ཆེ༔ ཁྱེད་ཀྱིས་འགྲོ་ལ་ཕན་དོན་ཏུ༔ དཀྱིལ་འཁོར་ལས་རྣམས་ཚུལ་བཞིན་སྒྲུབས༔ དངོས་གྲུབ་ཀུན་བདག་ཁྱོད་འགྱུར་རོ༔ ཅེས་སྒྲ་བརྙན་ལྟ་བུའི་གླུས། གནང་བ་བྱིན་བར་བསམ། རྡོ་རྗེ་འདེགས་པའི་ཕྱག་རྒྱས༔ བྷྲཱུྃ་བིར་ཤྭ་བི་ཤུངྡྷེ་ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧ་ཧེ་ཕཊ་ཛཿ ཞེས་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས༔ བཞི་པ་ནི། སློབ་མ་རྣམས་ལ་སྒོ་འཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ལས་སྔགས་ཡུངས་ཐུན་གུ་གུལ་


LT32_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱིས་ལ་འགོད་པའི་ཆེད་དུ་བླ་མ་སྐུ་གསུམ་ཞི་ཁྲོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་ལམ་གྱི་རིམ་པ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེའང་དལ་བ་བརྒྱད་འབྱོར་བ་བཅུ་ཁམས་དྲུག་དང་ལྡན་པ་འདི་རྙེད་པར་དཀའ་ལ་རྙེད་པ་དོན་ཆེན་པོ་དང་ལྡན་པས། ལུས་རྟེན་འདི་ལ་བརྟེན་ཏེ་ཚེ་གཅིག་ཏུ་སངས་རྒྱས་ཐོབ་པར་མ་བྱས་ན་ཚེ་ངེས་མེད་མི་རྟག་འཆི་བ་གློ་བུར་དུ་ནམ་འོང་ཆ་མེད་པས་བློ་སྣ་བསྟུངས་ལ་སྒོམ་སྒྲུབ་དྲན་མ་ཐག་པར་ཆོས་ཐོབ་མ་ཐག་ཏུ་བྱ་དགོས། དེ་མ་བྱས་ནས་ཕྱི་བཤོལ་གྱིས་ལེ་ལྷོད་དུ་གྱུར་ན་ཆོས་བྱེད་ལོངས་མེད་པར་འཆིབས་གཏུགས་ཏེ་ལས་འབྲས་བསླུ་བ་མེད་པས་དཀར་ནག་གི་ས་བོན་གང་བཏབ་པའི་འབྲས་བུ་དེ་དང་དེར་སྐྱེ་བ་ཐེ་ཚོམ་མེད་བཞིན་ཆོས་མ་བྱས་པའི་ཁར་སྡིག་པ་དུ་མ་བསགས་པས་འགྲོས་ངན་སོང་གསུམ་ལས་མེད་པས་དམྱལ་བ་ཡི་དྭགས་དུད་འགྲོའི་སྡུག་བསྔལ་མྱོང་ན་ལྟ་ཅི་སྨོས་ཏེ་དྲན་པ་ཙམ་གྱིས་ཀྱང་བཟོད་བླག་མེད་པས་སེམས་ལ་སྐྲག་ཅིང་སྡངས་པའི་དུཿཁ་རྒྱུན་ཆད་མེད་པ་བསྐལ་པ་དུ་མར་མྱོང་བ་དང་།


LT32_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ལྡོག་ཕྱིར་མི་ཆོས་གཙང་མ་བཅུ་དྲུག་ལ་སྤྱད་པས་མཐོ་རིས་ཀྱི་རྟེན་བཟང་འཐོབ་པར་འགྱུར། དེའང་གནས་སྐབས་ཀྱི་བདེ་བ་ཙམ་ལས་འགྱུར་བའི་སྡུག་བསྔལ་ཅན་ཡིན་པས་འཁོར་བ་ལས་མ་འཕགས། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཉ་སྟོང་ཚེས་བརྒྱད་བསྙེན་གནས་ཀྱི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་བླངས་ནས་ཇི་ལྟར་ནུས་པའི་བསྲུང་མཚམས་རྣམས་བྱ་ཞིང་། ལུས་ཀྱི་སྒོ་ནས་སྐུ་གསུང་ཐུགས་རྟེན་ལ་ཕྱག་དང་སྐོར་བ་སཱཙྪ་འདེབས་པ་དང་། ངག་གི་སྒོ་ནས་མདོ་ཀློག་པ་དང་གཟུངས་སྔགས་བཟླ་བ་དང་སངས་རྒྱས་ཀྱི་མཚན་བརྗོད་པ་སོགས་དང་། ཡིད་ཀྱི་སྒོ་ནས་སྡིག་པ་ལ་གནོང་འགྱོད་ཀྱི་སེམས་ཀྱིས་བཤགས་པ་དང་། མི་དགེ་བའི་སེམས་སྤང་བ་དང་། ཚོགས་བསག་པའི་ཕྱིར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་། ངན་སློང་ལ་སྦྱིན་པ་གཏོང་བ་དང་། མཁས་དང་བཙུན་པའི་མཁན་པོ་ལས་རབ་ཏུ་བྱུང་ཞིང་མཐའ་གཉིས་སུ་མ་ལྷུངས་པའི་ཚངས་སྤྱོད་བག་ཡོད་པས་ཀློག་པ་ཐོས་བསམ་བྱ་བ་དང་། ཉོན་མོངས་པ་སྤོང་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་གནས་པས་རང་ཉིད་ཞི་བདེའི་གནས་སུ་བགྲོད་བར་འགྱུར། འོན་ཀྱང་རང་ཉིད་གཅིག་བུའི་དོན་བསྒྲུབས་པས་སངས་རྒྱས་ལ་ལམ་ཐག་རིང་བར་འགྱུར་


LT32_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རང་ཉིད་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་བྱ་དགོས་ལ། མཁན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའམ། རྟེན་ཁྱད་པར་ཅན་གྱི་དྲུང་དུ་སེམས་བསྐྱེད་བླངས་ལ་སེམས་ཅན་གྱི་དོན་ཁོ་ན་བྱེད་པར་དམ་བཅའ་ཞིང་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་རེག་པའི་ནུས་པ་གང་ཡོད་ཀྱིས་སེམས་ཅན་ལ་ཕན་གདགས་པའི་བྱ་བ་རྒྱུན་མི་འཆད་པར་འབད་པར་བྱའོ། །དེ་ལྟར་ཐུན་མོང་གི་ཐེག་པ་འདིས་ནི་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་རིམ་པར་གོང་ནས་གོང་དུ་འཕགས་ཤིང་མཐར་སངས་རྒྱས་ཀྱིས་ལ་བགྲོད་པ་ལས་ཚེ་གཅིག་གིས་འཚང་རྒྱ་བའི་ནུས་པ་མེད་པས། དེ་ལས་ཁྱད་པར་འཕགས་པ་གསང་སྔགས་ཀྱི་ཐེག་པ་ཕྱི་ནང་གཉིས་ལས། དང་པོ་གསང་སྔགས་ཕྱི་བ་ཀྲི་ཡ་ཨུ་བྷ་ཡོ་ག་གསུམ་ནི་ལྷ་སྒོམ་པ་དང་སྔགས་བཟླ་བ་རྣམས་ཀྱིས་ཐུན་མོང་གི་ཐེག་པ་ལས་ཁྱད་པར་དུ་འཕགས་པས་སོ་སོའི་གཞུང་བཞིན་སྤྱད། གཉིས་པ་ནང་པ་ཐབས་ཀྱི་རྒྱུད་ཡོ་ག་རྣམ་པ་གསུམ་འདི་ནི་བརྩོན་འགྲུས་ལྡན་པས་ཉམས་སུ་བླངས་ན་ཚེ་གཅིག་ལ་རག་མ་ལུས་པར་སྟན་ཐོག་གཅིག་ལ་འཚང་རྒྱ་བའི་གདམས་པ་ཁྱད་པར་ཅན་འདི་ལ་འཇུག་པ་ནི། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ཅིང་དབང་བཞི་རྣམས་རིམ་པར་ནོད་པ་དང་། དེ་དང་ལྷན་ཅིག་གཉིས་པ་ཁྲིད་གདབ་ཅིང་བསྐྱེད་རྫོགས་ལ་གོམས་པར་བྱེད་པ་དང་། གསུམ་པ་ནུས་པ་ཐོབ་ནས་སྒྲུབ་པའི་གཞུང་


LT32_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཞིང་སྦྱོར་སྒྲོལ་གྱི་འབྲས་བུ་མཐར་ཕྱིན་པར་བྱེད་པ་རྣམས་སུ་གསུངས་པ་ལས། སྐབས་འདིར་དབང་ཁྲིད་སྦྲགས་མ་བགྱིད་པ་ལའང་སྔོན་འགྲོ་སྟ་གོན་དང་། དངོས་གཞི་དབང་བསྐུར་གཉིས་སུ་ཡོད་པ་ལས། ཐོག་མར་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་བགྱི་པ་ཡིན་པས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ འདྲེན་པ་སངས་རྒྱས་ཀུན་གྱི་གཙོ༔ ཐར་པ་ཆེན་པོ་བདག་འདོད་པས༔ གསང་སྔགས་སྐལ་པ་ལྡན་མི་ལྡན༔ བརྟག་ཕྱིར་སྟ་གོན་སྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་བརྟག་པའི་ཚིག་གིས་གནང་བ་སྩལ་བ་འདི་ལ་གསན་འཚལ། ཐར་ལམ་མྱུར་བགྲོད་གསང་སྔགས་ཀྱི༔ དཀྱིལ་འཁོར་ཆེན་པོར་འཇུག་པ་ལ༔ སྐལ་པར་ལྡན་པ་མ་གྱུར་ན༔ གསང་སྔགས་སྦྱིན་པའི་སྣོད་མ་ཡིན༔ དད་ཅིང་གུས་པར་མི་ལྡན་ན༔ གསང་སྔགས་སྦྱིན་པའི་སྣོད་མ་ཡིན༔ ལོག་ལྟ་སེར་སྣ་འཇུག་གེགས་ཅན༔ གསང་སྔགས་སྦྱིན་པའི་སྣོད་མ་ཡིན༔ བརྙས་འགྲོགས་བཀའ་ལ་མི་ཉན་པ༔ གསང་སྔགས་སྦྱིན་པའི་སྣོད་མ་ཡིན༔ གལ་ཏེ་ཚུལ་དང་མི་ལྡན་ཀྱང་༔ གསང་སྔགས་སྤྱད་ན་བརླག་པར་འགྱུར༔ དེ་ཕྱིར་སྐལ་པ་བརྟག་པའི་ཕྱིར༔


LT32_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་ལ་ནི་གནས་པར་བྱ༔ དེ་ལ་སྨིན་གྲོལ་ཐམས་ཅད་ཀྱི་སྔོན་འགྲོ་རྒྱུད་རྣམ་པར་དག་པར་བྱ་དགོས་པས། ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། མཆོག་གསུམ་དང་རྩ་བ་གསུམ་ལ་ཡན་ལག་བདུན་པ་འབུལ་ཞིང་རྟེན་ལ་བསྐོར་བ་བྱ༔ ལམ་གྱི་འགལ་རྐྱེན་རྣམས་ཞི་བའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་ཞིང་སྡིག་ལྟུང་བཤགས། མཐུན་རྐྱེན་ཚོགས་རྫོགས་པར་བྱ་བའི་ཕྱིར་རིན་པོ་ཆེ་དང་འབྲུ་དང་སྨན་གྱི་མཎྜལ་འབུལ་ཞིང་མཆོད་སྦྱིན་བྱ། རང་གི་རྒྱུད་ལ་བླ་མའི་བྱིན་རླབས་མ་ཞུགས་ན་ཉམས་ལེན་རྣལ་མ་མི་འབྱུང་བས་བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་ཡང་ཡང་བཏབ་ལ་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་རྣམས་ཚུལ་བཞིན་དུ་ཉམས་སུ་ལེན་དགོས་ལ། ཇི་ལྟར་བྱ་བའི་རིམ་པ་ཡན་ལག་གི་ཐུགས་སྒྲུབ་རྣམ་པ་གཉིས་ལས་འབྱུང་བ་ལྟར་རིམ་པར་འབད་དགོས་པ་ལགས། སྐབས་འདིར་མདུན་གྱི་ནམ་མཁར་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྡོམ་པ་དང་དམ་ཚིག་སྤྱི་དང་ཁྱད་པར་བ་རྣམས་བཟུང་བ་དང་། བསགས་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པའི་ཕྱག་མཆོད་སོགས་ཡན་ལག་བདུན་པ་


LT32_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧོཿ བླ་མ་དཔལ་ཆེན་ཧེ་རུ་ཀ༔ དེས་གསུངས་གསང་སྔགས་ཟབ་མོའི་ཆོས༔ སེམས་དཔའ་མཁའ་འགྲོ་རྣལ་འབྱོར་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བླ་ན་མེད་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཚུལ་ཁྲིམས་གྱི་ནི་བསླབ་པ་དང་༔ དགེ་བའི་ཆོས་ནི་སྡུད་པ་དང་༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ བདེ་གཤེགས་རིགས་ལྔའི་དམ་ཚིག་བཟུང་༔ སྐྱེ་འགག་གནས་གསུམ་འགྲོ་འོང་བྲལ༔ དམིགས་མེད་སྤྲོས་བྲལ་སྟོང་གསལ་བསྒོམ༔ མཆོད་པའི་ཚོགས་ཀྱིས་མ་ལུས་མཆོད༔ ལུས་ངག་ཡིད་ཀྱིས་ཕྱག་བགྱི་ཞིང་༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ འཁོར་འདས་དགེ་ལ་རྗེས་ཡི་རང་༔ དུས་གསུམ་རྟག་པར་བཞུགས་སུ་གསོལ༔ འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛོད༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཚོགས་རྫོགས་སྒྲིབ་པ་བྱང་བར་ཤོག༔ ལན་གསུམ། དེ་ནས་གཞི་ལུས་དང་བཅས་པའི་སྒོ་གསུམ་བྱིན་གྱིས་རློབ་པ་ཡིན་པས་དམིགས་པ་འདི་ལྟར་གསལ་ཐོབ་ཅིག །སློབ་མ་ལས་ཆུ་སྔགས་དང་བཅས་པས་བསང་༔ སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པ༔ དར་དང་རིན་པོ་ཆེས་བརྒྱན་པ༔ ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་


LT32_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་བཞུགས་པར་གྱུར༔ དྲིའི་ཆུས་སློབ་དཔོན་གྱི་སྲིན་ལག་གཡོན་པས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱས་ལ། སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ༔ མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ༔ །ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་གས་མཚན་པར་གྱུར་པར་བསམ། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེ་ཧཱུྃ་གིས་མཚན་པ་གྲངས་མེད་པ་འཕྲོས༔ སློབ་བུའི་ལུས་ལ་ཐིམ༔ ལུས་ཕྱི་ནང་ཐམས་ཅད་རྡོ་རྗེའི་རང་བཞིན་ཏུ་གྱུར་པར་བསམས་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྤྱི་བོར་བཞག་ཅིང་༔ ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧཾ༔ ཞེས་ལུས་བསྲུང་ངོ་༔ སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བ་ཉ་གང་བ༔ དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པར་གྱུར༔ སློབ་མ་རྣམས་ཀྱིས་འཁོར་བའི་སེམས་ཅན་བླ་ན་མེད་པའི་སར་བསྒྲལ་བར་བྱའོ་སྙམ་པ་ཀུན་རྫོབ་བྱང་ཆུབ་སེམས་དང་༔ ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་པ་དོན་དམ་སེམས་བསྐྱེད་ཟུང་དུ་འཇུག་པས་འདིའི་རྗེས་ཟློས་ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ལན་གསུམ། དེ་བརྟན་པར་བྱ་བའི་ཕྱིར་སློབ་དཔོན་གྱི་ཐུགས་ཀ་ནས་བྱང་ཆུབ་སེམས་གཉིས་ཀྱི་ངོ་བོ་ཟླ་བ་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་འཕྲོས༔ སློབ་མའི་སྙིང་གར་དེ་བཞིན་གསལ་བ་ལ་ཐིམ་པར་གྱུར་པ་བསམས་ལ༔ལག་གཡས་ཟླ་བ་ལྟར་བྱས་པས་རྡོ་རྗེ་འཛིན་པ་དང་བཅས་པས་སྙིང་གར་རེག༔ ཨོཾ་བོ་དྷི་ཙིཏྟུ་ས་མ་ཡ་ཏིཥཱ་ཧཱུྃ༔ དེ་ལྟར་སྒོ་གསུམ་རྡོ་རྗེ་


LT32_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རང་བཞིན་ཏུ་བྱས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་གཉིས་བསྐྱེད་པ་དེ་ལ་མཆོད་པའི་བྱེ་བྲག་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཞེས་མེ་ཏོག་གི་ཕྲེང་བ་མགོར་བཅིང་༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ སྤོས་སྣ་ཚོགས་ཀྱིས་བདུག༔ ཨོ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ མར་མེ་སྤྱན་ལམ་དུ་བསྐོར༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ དྲི་ཆབ་ཐུགས་ཀར་འཐོར༔ ཨོཾ་བཛྲ་ནཻ་བི་དྱཱ་ཨཱ་ཧཱུྃ༔ ཞལ་ཟས་སྣ་ཚོགས་སྦྱིན་ནོ༔ དེ་ནས་དངོས་གྲུབ་ཀྱི་སྐལ་པ་བརྟག་པ་ལ། ཐོག་མར་སོ་ཤིང་དོར་ཏེ་བརྟག་པ་ནི། མཎྜལ་པདྨ་འདབ་བརྒྱད་བྲིས་པ་མདུན་ཏུ་བཞག །སོ་ཤིང་གཏད་ལ། བདུད་རྩི་ཅན་གྱི་ཤིང་སོར་བརྒྱད་པ་རྩེ་མོ་མེ་ཏོག་དང་དར་དང་རིན་པོ་ཆེའི་ཆུན་པོས་བརྒྱན་པ་ཐལ་མོའི་བར་དུ་བཟུང་ཞིང་དཔྲལ་བ་ལ་གཏུགས་ཏེ་དཀོན་མཆོག་གསུམ་ཡིད་ལ་དྲན་པས། བདག་གསང་སྔགས་ཀྱི་སྒོར་ཞུགས་ན་དངོས་གྲུབ་ཐོབ་བམ་མི་ཐོབ་སོ་ཤིང་འདི་ལ་བརྟེན་ཏེ་མཐོང་བར་གྱུར་ཅིག་སྙམ་པས་རྩ་བས་སོ་བྲུས་པ་ལྟར་བྱས་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དུ་འདོར་བར་ཞུ། ཧ་ས་ཧ། ཞེས་འདོར་དུ་གཞུག །དེ་ལྟར་དོར་བས་སོ་ཤིང་གི་རྩེ་མོ་སྟེང་དུ་བསྟན་ན་མཁའ་སྤྱོད། འོག་ས་སྤྱོད། ཤར་ཞི་བ། ལྷོར་རྒྱས་པ། ནུབ་དབང་། བྱང་དྲག་པོ། མཚམས་བཞིར་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །གཉིས་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ་རྨི་ལམ་གསལ་བའི་ཕྱིར་ཁྱོར་ཆུ་བྱིན་པ་


LT32_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འཐུང་བ་དང་ཁྲུས་མཛོད་ཅིག །ཆུ་གཙང་ལ་ལས་སྔགས་བཟླ་ཞིང་བླུད་ཅིང་ཁྲུས་བྱ། རྨི་ལམ་བརྟག་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་སྲུང་བའི་གོ་བགོས་པར་མོས་ཤིག །སྐུད་པ་དམར་པོ་རྡོ་རྗེའི་མདུད་པ་བྱས་ལ་ལས་སྔགས་ཀྱིས་སྔགས་ཤིང་ཕོའི་དཔུང་པ་གཡས་དང་མོ་རི་གཡོན་ཏུ་མཆིང༔ ལས་ཆུས་བྲན་ཅིང་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ༔ རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤའི་སྔས་གདན་བྱིན་པར་མོས་ཤིག །མ་ཉམས་པའི་ཀུ་ཤའི་བོན་པོ་ཆེ་ཆུང་གཉིས་ལས་ཆུས་བྲན་ཅིང་༔ དྷཱི་དང་ཁཾ་ལས་སྐྱེས་པའི་ཀུ་ཤ་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ༔ དྷཱི་ཁཾ་བརྗོད་ཅིང་སློབ་མ་ལ་སྦྱིན། སློབ་མ་རྣམས་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་ཏུ་བྱས་ལ། དཀྱིལ་འཁོར་ལ་མགོ་ཕྱོགས་པས་གཞོགས་གཡས་སར་ཕབ་སྟེ་རྩ་བ་གསུམ་དང་། དཀོན་མཆོག་གསུམ་ཡིད་ལ་དྲན་པས་ཉོལ་ལ་རྨི་ལམ་བརྟགས་པས་བཟང་ན་སྐལ་པ་དང་ལྡན་ཅིང་། ངན་པའི་རྟགས་བྱུང་ན་སྐོང་བཤགས་སྡིག་སྦྱོང་ཚོགས་བསགས་སྦྱིན་སྲེག་ལ་འབད་ཅིང་། འཁྲུལ་སྣང་ཐམས་ཅད་དངོས་པོར་མ་གྲུབ་པར་བལྟའོ། །དེ་ནས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་འཚལ། འཇིག་རྟེན་ཏུ་ནི་ཀུན་མཁྱེན་རྣམས༔ ཨུ་དུམྦུ་རའི་མེ་ཏོག་བཞིན༔ བརྒྱ་ལ་མན་ནི་རེས་འགའ་ཞིག༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་༔ དེ་བས་ཀྱང་ནི་གསང་སྔགས་འདི༔ བསྐལ་པ་བརྒྱར་ཡང་རྙེད་མི་འགྱུར༔ ཚེ་གཅིག་སངས་རྒྱས་འདོད་པ་ཡིས༔ ཐེག་པ་ཆེ་ལ་དགའ་རྣམས་


LT32_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ གསང་སྔགས་འདི་ལ་འཇུག་པར་གྱིས༔ནུས་ན་དེའི་དོན་བཀྲོལ་ལ་བཤད། དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་པས་གྲུང་བོ། །གཉིས་པ་དངོས་གཞི་ལ་གསུམ། དབང་རྟེན་དཀྱིལ་འཁོར་བཞེངས་པ། དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་ཅིང་ཁྲིད་འབོགས་པའོ། །དང་པོ་ནི། གོང་དུ་སྟ་གོན་བྱས་པའི་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་སྔར་སྨོས་པ་ལྟར་ཚོམ་བུ་བཀོད་པའི་དབུས་སུ་ཁྲིའུའི་ཁར་སྔར་སྟ་གོན་བྱས་པའི་རྣམ་བུམ་བཀོད། དེའི་ཁར་བྷནྡྷ་མཚན་ལྡན་གྱི་ནང་དུ། ཚེ་རིང་པོའི་ལག་ནས་འོངས་པའི་འབྲུ་དཀར་གྱི་ཕྱེ་མ། ར་མོ་ཤག་དབང་ལག་ལུག་མུར་རྣམས་སྦྱར་བ་བ་དམར་པོའི་མར་དང་འོ་མས་དྲིལ་བའི་ཚེ་རིལ་དང་ཆང་བཟང་པོས་བཀང་བ་བཞག་པའི་ཁར། དངུལ་གྱི་མེ་ལོང་སིནྡྷཱུ་རས་བྱུགས་པའི་དབུས་སུ་ཧཱུྃ། ཕྱོགས་མཚམས་བརྒྱད་དུ་ཧཱུྃ་ཡིག་བརྒྱད་མགོ་ཕྱིར་བསྟན་ཏུ་བྲིས་པས་བཀབ། དེ་སྟེང་རང་བྱུང་ཤེལ་རྡོ་ལ་བླ་མ་ཆོས་སྐུའི་སྐུའམ་མཐུན་ན་ཧཱུྃ་མཐིང་ག་བྲིས་པ་བཀོད། ཆོས་ལོངས་སྤྲུལ་གསུམ་ཁྲོ་བོར་བཅས་པའི་ལྷ་ཙཀ་ཚང་མ་དཀྱིལ་འཁོར་དབུས་སམ་གང་བདེར་བཞག །རྒྱབ་ཕྱོགས་སུ་གུ་རུའི་སྐུ་རྟེན་གཞུང་གསལ་བྱུང་ན་རབ་མ་བྱུང་ན་བྲིས་འབུར་གང་རུང་རབ་གནས་ལྡན་པ་དང་། འཛོམ་ན་རྒྱུད་སྒྲུབ་ཐབས་ཀྱི་གླེགས་བམ། མཆོད་རྟེན་རིང་བསྲེལ་ལྡན་པ་རྣམས་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད། འཛོམ་ན་འཕན་གདུགས་རྒྱལ་མཚན་སོགས་རྒྱན་རྫས་བཀྲམ། གཞན་ཡང་སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པའི་མཆོད་གཏོར་རྣམས་དང་། གསང་


LT32_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད། རིག་མའི་གཟུགས་བརྙན། མི་གདར་གསེར་ཐུར་ཕྱག་ཤིང་། མཎྜལ་མེ་ཏོག་སོགས་མཁོ་བའི་རྫས་ཐམས་ཅད་ཚོགས་བར་བྱའོ། །སྒྲུབ་རྫས་སོ་སོར་རབ་གནས་བྱ་བར་གསུངས་ཀྱང་འགྲུབ་དཀའ་བས་མདོར་བསྡུས་སུ། ལས་སྔགས་བཟླ་བཞིན་གུ་གུལ་བདུགས་ལ་ཡུངས་ཀར་བྲབས་ཤིང་བགེགས་བསྐྲད། ལས་ཐམས་ཅད་པའི་ཆུས་ཁྲུས་བྱ། ཆོས་ཉིད་དག་པའི་སྔགས་ཀྱིས་བསང་སྦྱང་། རས་བྲིས་ཀྱི་དཀྱིལ་འཁོར་མི་དམིགས་པ་ལས་དམ་ཚིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བ་ལ། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་ཞུགས་པར་གྱུར། སྒྲུབ་རྫས་རྣམས་སྟོང་པའི་ངང་ལས༔ བླ་མ་རིག་འཛིན་ཞི་ཁྲོའི་དཀྱིལ་འཁོར་སྣོད་བཅུད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏུ་གསལ་བར་གྱུར་བར་བསམ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད་ལ་རོལ་མོ་བྱའོ། །གཉིས་པ་ནི། གུ་རུའི་ཚིག་བདུན་དང་བརྒྱུད་འདེབས། གནས་བདག་ལ་དཀར་གཏོར་སྦྱིན། ལས་བྱང་གི་སྐྱབས་སེམས་ནས་བརྩམས། སྔོན་འགྲོའི་ཆོས་རྣམས་དང་། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམས་པ་ནས་མཆོད་བསྟོད་རྫོགས་ཀྱི་བར་དུ་བཏང་། དེ་ནས་མདུན་རྟེན་གྱི་གོ་སར་ཛབ་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་དམིགས་ནས་ཞི་དྲག་གི་བཟླས་པ་ཅི་འགྲུབ་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་བླ་མ་འགྲོ་འདུལ་སྤྲུལ་པ་སྐུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དྭངས་སའི་མཆོལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་


LT32_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་བླངས་ལ་ཐོད་ཕྲེང་རྩལ་གྱི་བཟླས་པ་བརྒྱ་རྩ་ཙམ་བྱ། སྟོང་ཚིགས་མཆོད་བསྟོད་ཕུལ། བུམ་ནང་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ནས་བུམ་ལྷ་འོད་ཞུ་བྱ། དགོངས་པ་བསྐྱང་། བཀའ་གཏེར་སྲུང་མའི་གཏོར་ཆོག་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་། རིག་པའི་མེ་ཏོག་དོར། སློབ་མ་གཞུག་བའི་གནང་བ་ནོད། དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ། །གསུམ་པ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། སྒོ་དྲུང་དུ་འཁོད་ལ་ལས་སློབ་ཀྱིས། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་སྒོ་དྲུང་དུ་འཁོད་ནས་སྒོ་སྲུང་ཁྲོ་བོ་ཆེན་པོ་རྣམས་ལ་གསོལ་བ་བཏབ་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོཿ ཡེ་ཤེས་ཕོ་བྲང་ཆེན་པོ་ཡི༔ སྒོ་སྲུང་ཁྲོ་བོ་ཁྲོ་མོ་རྣམས༔ ཐར་པ་ཆེན་པོ་བདག་འདོད་པས༔ ཕོ་བྲང་ནང་དུ་འདྲེན་པར་མཛོད༔ ཞེས་གསོལ་བ་བཏབ་པས་སྒོ་སྲུང་རྣམས་ཀྱིས་ལན་འདི་ལྟར་སྩལ་བར་མོས་ཤིག །ཧོཿ དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་བརྒྱ་ལམ་དུ༔ རེས་འགའ་དམ་ཚིག་མཆོག་སྲུང་བ༔ རྣལ་འབྱོར་འགའ་ཞིག་འཇུག་པར་འཚལ༔ ཅེས་བརྗོད་ལ་སྒོ་ཕྱེས་ཏེ་ནང་དུ་ཁྲིད། ལས་བྱང་ལྟར་བགེགས་གཏོར་བཏང་ལ་གུ་གུལ་ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད།


LT32_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་དུ་འཁོད་ལ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ངོ་བོ་གཅིག་ཏུ་འདུས་པའི་བདག་ཉིད་ཆེན་པོ་རྒྱལ་དབང་པདྨཱ་ཀ་ར་ཉིད། གངས་ཅན་རྗེ་འབངས་ཐམས་ཅད་ལས་དང་སྐལ་པར་ལྡན་ཅིང་གདུལ་བྱའི་བསོད་ནམས་དགུང་ལ་རེག་པའི་སྐབས་སུ་སྐུ་དངོས་ཀྱིས་ལྗོངས་འདིར་ཕེབས་ནས་ཆོས་འཁོར་དཔལ་གྱི་བསམ་ཡས་བཞེངས། ལོ་པ་རྣམས་ཀྱིས་དམ་ཆོས་མདོ་རྒྱུད་ཐམས་ཅད་བསྒྱུར་ཏེ་གསུང་རྟེན་ལ་རབ་གནས་མངའ་གསོལ་མཛད་པའི་སྐབས་ཤིག །མངའ་བདག་ཡབ་སྲས་དང་ལོ་པ་མཁས་གྲུབ་མང་པོས་བུ་ཚབ་གསེར་ཁང་གླིང་དུ་སྤྱན་དྲངས་ཏེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཞལ་དུ་སྐྱེམས། རིན་པོ་ཆེའི་མཎྜལ་དང་གུས་ཕྱག་དགུ་ཕྲུག་ཏུ་ཕུལ་ནས། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སྒྲུབ་པའི་ལམ་མཆོག་ཏུ་ཟབ་པ་བླ་མ་སྒྲུབ་པ་ཉིད་ཆེས་བསྔགས་ཤིང་། སྐུ་གསུམ་གྱི་འཆར་གཞི་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་རིན་པོ་ཆེ་ཉིད་ལས་ལྷག་པའི་བླ་མ་ཡི་དམ་གཞན་ཏུ་མ་མཆིས་པས། དཀྱིལ་འཁོར་གཅིག་བསྒྲུབས་པས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ། སྔགས་གཅིག་བཟླས་པས་ཞི་ཁྲོ་མ་ལུས་པའི་སྲོག་སྙིང་འདུས་པ། ཏིང་ངེ་འཛིན་གཅིག་བསྒོམས་པས་ས་ལམ་གཅིག་ཆོད་དུ་འགྲོ་བའི་གདམས་པ་ཟབ་མོ་ཞིག་སྩོལ་བར་གསོལ་བ་བཏབ་པས། གུ་རུ་ཉིད་དཔལ་ཧེ་རུ་ཀ་རིག་


LT32_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞི་ཁྲོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དངོས་སུ་བསྟན། སླར་སྤྲུལ་པ་བསྡུས་ཏེ་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གཅིག་རྫོགས་སུ་བསྒོམས་པས་ས་ལམ་གཅིག་ཆོད་དུ་བགྲོད་པའི་གདམས་པ་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་ཆོས་བཀའ་སྩལ་བ་རྗེ་འབངས་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པས་དངོས་གྲུབ་གཉིས་མཐར་ཕྱིན། མ་འོང་པའི་དོན་ཏུ་ཤོག་སེར་ལ་བརྡའི་ཡི་གེར་བཏབ་ནས་སྐུ་རྟེན་རྣམ་གསུམ་དང་ལྷན་ཅིག་མདོ་ཁམས་ལྷོ་རྫ་སྒང་སྐུའི་ཕྲིན་ལས་ཀྱི་གནས་མཆོག་ཡེལ་བྲག་ནམ་མཁའ་མཛོད་ཀྱི་ཨོ་རྒྱན་གསང་ཕུག་ཏུ་གཏེར་རྒྱས་བཏབ་པ། དེང་སང་འདུལ་བའི་དུས་སུ་སོན་པ་ན་ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་ཏེ་རིམ་པར་གཏན་ལ་ཕབ་ཅིང་སྐལ་ལྡན་དུ་མ་སྨིན་ཅིང་གྲོལ་བར་མཛད་པ་རྩ་བའི་ཐུགས་སྒྲུབ་ཆེན་མོའི་སྨིན་གྲོལ་ཆབ་གཅིག་ཏུ་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་མཎྜལ་འབུལ་དུ་གཞུག །སྔོན་ཆད་དཀྱིལ་འཁོར་འདི་ཉིད་དུ་མ་ཞུགས་པའམ་མ་རིག་པའི་སྒྲིབ་གཡོགས་དང་ལྡན་པའི་མཚོན་བྱེད་དུ་


LT32_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དར་རས་དམར་པོ་ཁ་ཚར་མཉམས་པས་གདོང་བཀབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་དང་། སླད་མར་དཀྱིལ་འཁོར་དང་མཇལ་བའི་ཕྱག་རྟེན་ཏུ་མཆོག་གི་མེ་ཏོག་ཁ་དོག་སྣ་ལྔ་པའི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །འཐུ་གསུམ་བརྗོད་ལ་ཅོད་པན་སྦྱིན། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་ཅིང་གུས་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿསངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ རྡོ་རྗེ་སློབ་དཔོན་དེང་ཁྱོད་ཀྱིས༔ ཐུགས་རྗེས་བརྩེ་བར་དགོངས་ནས་ཀྱང་༔ དཀྱིལ་འཁོར་ཆེན་པོའི་ནང་དུ་དྲོངས༔ དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་ལ་སྐྱབས་སུ་འགྲོ་བའི་ཡིད་ཀྱིས་རྗེས་ཟློས། ན་མོ། བདག་སོགས་མར་གྱུར་སོགས་ལས་བྱང་ལྟར་ལན་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་སྐུ་གསུམ་སོགས་གསུམ། ཚོགས་བསགས་ཡན་ལག་བཅུ་པའི་ཏིང་ངེ་འཛིན་སོ་སོར་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་མཆོག་གསུམ་སོགས། རྡོ་རྗེ་ཐེག་པའི་གཞི་རྟེན་དབང་ལ་རག་ལས་ཀྱང་དབང་གི་སྲོག་དམ་ཚིག་བསྲུང་བ་ལ་རག་ལས་པས། སྤྱིའི་དམ་ཚིག་སོ་སོ་ཐར་པ་དང་བྱང་ཆུབ་སེམས་དཔའི་བསླབ་ཁྲིམས། ཁྱད་པར་གྱི་དམ་ཚིག་རྩ་


LT32_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། སྒྲུབ་པ་ལྷག་པའི་དམ་ཚིག་ཉེར་ལྔ་སོགས་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་རྣམས་ལས་ཇི་སྐད་དུ་གསུངས་པ་ཐམས་ཅད་དེང་ནས་བརྩམས་ཏེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་གཡར་དམ་དུ་བླངས་ཏེ་བསྲུང་དགོས་པས་དེ་ལྟར་བགྱི་སྙམ་དུ་འདིའི་རྗེས་ཟློས། ཧོཿ བདེ་གཤེགས་ཀུན་འདུས་བླ་མ་དགོངས་སུ་གསོལ༔ ཐུན་མོང་བསྟན་པ་སྤྱི་ཡི་འདུལ་ཁྲིམས་དང་༔ ཁྱད་པར་གསང་སྔགས་དམ་ཚིག་ཉི་ཤུ་བརྒྱད༔ ལྷག་པའི་དམ་ཚིག་ཉི་ཤུ་རྩ་ལྔ་རྣམས༔ འབྲས་བུའི་ཕྱིར་ན་སྲོག་བཞིན་བདག་གིས་བསྲུང་༔ དེ་ལྟར་ཁས་བླངས་པ་ལས་ནམ་ཡང་འདའ་བ་མེད་པའི་ཕྱིར་དམ་ཚིག་རྡོ་རྗེ་མགོར་བཞག་ཅིང་ཐ་ཚིག་གི་མནའ་ཆུ་སྦྱིན་པའི་དོན་གོ་བར་གྱིས་ཤིག །རྡོ་རྗེ་མགོར་བཞག །ནང་མཆོད་བདུད་རྩི་ལྕེ་ལ་བཞག་སྟེ། ཧོཿ དམ་པའི་སྲོག་རྩ་སྡོམ་པ་དམ་ཚིག་ཡིན༔ ཉམས་ན་འབྲས་བུ་མེད་ཅིང་དམྱལ་བར་ལྟུང་༔ སྡོམ་གཙང་དམ་ཚིག་ཚུལ་བཞིན་བསྲུང་བ་ལ༔ འབྲས་བུ་སངས་རྒྱས་འབད་མེད་ངང་གིས་འགྲུབ༔ ཅེས་བརྗོད། ཐ་ཚིག་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དཾ་ན་ར་ཀན། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིངས། སེམས་ཀྱི་གནད་གཞན་ཏུ་མ་ཡེངས་


LT32_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་དང་ལས་ཆུས་བསང་། སབྷཱ་བས་སྦྱང་། ཆོས་ཐམས་ཅད་ཀྱི་གནས་ལུགས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་ལས། ཁྱད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་གྱི་སྟེང་དུ། རང་རིག་རང་གསལ་རང་བྱུང་གི་ཚུལ་དུ་ཁྱེད་རང་རྣམས་སྐད་ཅིག་གིས་སྤྲུལ་སྐུ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་མཚན་དང་དཔེ་བྱད་བཟང་པོས་སྤྲས་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་གཡོན་པ་མཉམ་བཞག་གི་སྟེང་དུ་བདུད་རྩིས་བཀང་བའི་ཐོད་པའི་ནང་དུ་ཚེ་བུམ་བཅུད་ལྡན་ནོར་བུའི་ཁ་རྒྱན་ཅན་བསྣམས་པ། གྲུ་མོ་གཡོན་ཏུ་ཁ་ཊྭཱྃ་ག་བརྟེན་ཅིང་། དབུ་ལ་འདབ་ལྡན་པད་ཞྭ་རྒྱན་གྱིས་མཛེས་པ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་རྣམ་གསུམ་ཟ་འོག་བེར་ཆེན་རྣམས་བརྩེགས་མར་གསོལ་ཞིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་གཉིས་མཆིལ་ལྷྭམ་གསོལ་ཞིང་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནས་གུ་རུ་པདྨ་འབྱུང་གནས་ཀྱི་


LT32_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་འཇའ་ཟེར་ཐིག་ལེ་ཐིག་ཕྲན་དང་བཅས་པ་ནམ་མཁའ་ལས་ཆར་ཆེན་པོ་བབས་པ་བཞིན་ཏུ་བྱོན་ནས་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ་དད་གུས་དྲག་ཏུ་སྐྱེད་མཛོད། ཧཱུྃ་ཧྲཱི༔ བཞེངས་ཤིག་པདྨ་སོགས་དང་། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་དྲག་ཏུ་འབེབས་པའི་རྫས་བདུག །རོལ་མོ་བསྒྲགས་ལ་བྱིན་དབབ། མཐར་རྡོ་རྗེ་མགོར་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། མེ་ཏོག་འདོར་བའི་གཞི་ཕྱག་མཚན་རིགས་ལྔའམ་མཎྜལ་ཚོམ་བུ་ལྔ་པ་བཀོད་ལ། རིགས་བརྟག་པའི་སླད་དུ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་དཀྱིལ་འཁོར་དུ་འབུལ་བའི་མོས་པས་ཚིག་འདིའི་རྗེས་ཟློས་མཛོད་ལ་དངོས་སུ་མཎྜལ་དུ་འདོར་བཞུ། ཧཱུྃ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པ་དང་༔ ཡེ་ཤེས་ལྔ་ལ་བླང་དོར་མི་མངའ་ཡང་༔ བསྐལ་པ་སྔོན་ནས་ལས་ཀྱིས་འབྲེལ་བ་ཡི༔ ལྷ་མཆོག་དེ་ལ་རིག་པའི་མེ་ཏོག་འབུལ། ཨོཾ་པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་ཕུལ་བས་རིགས་གང་ལ་ཕོག་པའི་ལྷ་ངོ་སྤྲད་ཅིང་གསང་མཚན་གདགས་པ་སོགས་གསུངས་ཀྱང་ཇི་བཞིན་མི་འགྲུབ་ན་སྤྱི་ཙམ་དུ། མེ་ཏོག་ཕྱོགས་གང་དུ་ཕོག་ཀྱང་དཀྱིལ་འཁོར་གྱི་ལྷ་


LT32_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཙོ་མཆོག་ཉིད་ཀྱི་ཡེ་ཤེས་ཀྱི་རང་མདངས་གཅིག་ལས་དུ་མར་ཤར་བ་ཡིན་པས། ལྷག་པའི་ལྷ་དཀྱིལ་འཁོར་ཁྱབ་བདག་གུ་རུ་པདྨ་འབྱུང་གནས་ལ་བཟུང་བ་དང་། གསང་བའི་མཚན་ཡང་པདྨ་རིགས་འདུས་རྩལ་ཅེས་བྱ་བར་ཟུང་ཞིག །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །གསེར་ཐུར་གྱིས་མིག་དར་བསལ་ལ། ཧཱུྃཿ སྔོན་གྱི་རྒྱལ་བ་ཐབས་མཁས་ཐུགས་རྗེ་ཡིས༔ མ་རིག་རྨོངས་པའི་མིག་རྣམས་ཕྱེས་པ་བཞིན༔ དེ་རིང་སྐལ་ལྡན་སློབ་མའི་མ་རིག་མིག༔ ཡེ་ཤེས་རྡོ་རྗེའི་ཐུར་མས་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ལྟར་མིག་ཕྱེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་གྱུར་པར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །ཕྱག་ཤིང་གིས་མཚོན་ལ། འདི་ན་རྟེན་གྱི་དཀྱིལ་འཁོར་ཐར་པ་ཆེན་པོའི་གཞལ་མེད་ཁང་ནང་རིན་པོ་ཆེ་དང་ཕྱི་དུར་ཁྲོད་དྲག་པོའི་བཀོད་པ་ཅན་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་གྱི་རྣམ་པ་ཕུན་སུམ་ཚོགས་པས་སྤྲས་པའི་ནང་དུ། བརྟེན་པ་ལྷའི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད། གནས་ཡུལ་མ་མོ། སྒོ་སྐྱོང་དབང་ཕྱུག་མ་རྣམས་ཀྱིས་བསྐོར་བའི་དབུ་གཙུག་ཏུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་


LT32_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད་དང་རིགས་དྲུག་འདུལ་མཛད་གུ་རུ་དྲུག་རྣམས་ཀྱིས་བསྐོར་བ་འགྲོ་འདུལ་སྤྲུལ་སྐུའི་དཀྱིལ་འཁོར། དེའི་དབུ་གཙུག་ཏུ་བླ་མ་ལོངས་སྐུ་ཚེ་དཔག་མེད་ལ་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱིས་བསྐོར་བ། འཆི་མེད་རྡོ་རྗེའི་དཀྱིལ་འཁོར། དེའི་དབུ་གཙུག་ཏུ་བླ་མ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། རྒྱལ་བ་རིགས་ལྔ་ཡབ་ཡུམ། སེམས་དཔའ་ལྕམ་དྲལ་བཅུ་དྲུག་རིག་པའི་སྐྱེས་བུ་ཐུབ་པ་དྲུག་རྣམས་ཀྱིས་བསྐོར་བ་དོན་དམ་སྙིང་པོའི་དཀྱིལ་འཁོར་རྣམས་དང་། བར་ཁྱམས་མཐའ་སྐོར་རྣམས་སུ་བཀའ་སྡོད་ཕོ་ཉའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །དེའང་ཕྱི་སྣོད་དག་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་༔ ནང་བཅུད་དག་པ་འགྲོ་འདུལ་སྤྲུལ་སྐུའི་དཀྱིལ་འཁོར༔ མཚོན་བྱེད་དཔེའི་དཀྱིལ་འཁོར་གྱིས༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་ངོ་ཤེས་པར་གྱིས་ཤིག༔ དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དབང་བཞི་པ་རྣམས་སུ་ཡོད་པ་ལས་དང་པོ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། བདག་ཀྱང་བསྐྱབ་པའི་དོན་གྱི་


LT32_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས༔ རིགས་འདུས་མ་ཧཱ་གུ་རུས་དབང་བསྐུར་བའི་དགོངས་པ་མཛོད༔ གསང་བའི་ཡུམ་རྣམས་ཀྱིས་བུམ་པ་བཟུང་ནས་དབང་བསྐུར༔ སྤྲུལ་པའི་མཚན་བརྒྱད་ཞི་བ་རྣམས་ཀྱིས་ཤིས་པ་བརྗོད༔ ཁྲོ་བོ་གཉིས་སྤྲུལ་པ་དང་བཅས་པས་བགེགས་བསྐྲད་པར་གྱུར་པར་བསམས་ལ། རྣམ་བུམ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཕྱི་སྣོད་དག་པ་བུམ་པའི་གཞལ་ཡས་ཁང་༔ ནང་བཅུད་དག་པ་འགྲོ་འདུལ་སྤྲུལ་པའི་སྐུ༔ སྣོད་བཅུད་རྣམ་དག་བུམ་པའི་དབང་བསྐུར་བས༔ སྣང་སྲིད་ལྷ་རུ་འཆར་བའི་དབང་ཐོབ་ཤོག༔ སྔགས་ཀྱི་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པས་དབང་བསྐུར༔ ཆུས་སྤྱི་བོའི་གཙུག་ནས་ཁྲུས་བྱས་པས་མ་དག་པའི་སྣང་བ་སྦྱངས༔ དག་པ་ཡེ་ཤེས་ལྷའི་སྐུ་གུ་རུ་པདྨར་གྱུར་པ་ལ༔ འགྲོ་འདུལ་སྤྲུལ་སྐུའི་དཀྱིལ་འཁོར་པ་ལས་གཉིས་པ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་དེ་དང་དེའི་སྐུར་གྱུར་པར་མོས་ཤིག༔ བླ་མ་སྤྲུལ་སྐུ་གཙོ་འཁོར་གྱི་སྐུ་ཙཀ་རྣམས་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་གསལ་ལམ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ དཀྱིལ་འཁོར་གཙོ་བོ་རིགས་འདུས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྡྷི་ཧཱུྃ༔ ཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ་


LT32_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱི༔ ཆོས་སྐུ་སྐྱེ་མེད༴ ལོངས་སྐུ་གསལ༴ སྤྲུལ་སྐུ་གུ་རུ་པདྨ་འབྱུང་གནས་ཀྱི༔ མ་ཆགས་སྐྱོན་གྱིས་མ་གོས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིངྡྷི་ཧཱུྃ༔ ཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད༴ ལོངས་སྐུ་གསལ༴ སྤྲུལ་སྐུ་གུ་རུ་པདྨ་སམྦྷ་ཡི༔ ཡོན་ཏན་རབ་ཏུ་རྫོགས་པའི༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སམྦྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ་གསལ༴ སྤྲུལ་སྐུ་གུ་རུ་བློ་ལྡན་མཆོག་སྲེད་ཀྱི༔ ཤེས་བྱ་ཀུན་ལ་མ་རྨོངས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲ་ཛྙཱ་ཛྙཱ་ན་ཨ་བྷི༴ ཧཱུྃ་ཧྲཱིཿ ཆོས་སྐུ་སྐྱེ༴ ལོངས་སྐུ་གསལ༴ སྤྲུལ་སྐུ་གུ་རུ་པདྨ་རྒྱལ་པོ་ཡི༔ ཁམས་གསུམ་སྲིད་གསུམ་དབང་སྡུད་དབང་༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀཏྲི་ཛཿ ཨ་བྷི༴ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་གུ་རུ་ཉི་མ་འོད་ཟེར་གྱི༔ རྨོངས་པའི་མུན་སེལ་འགྲོ་འདུལ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཱུ་རྱ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་གུ་རུ་ཤཱཀྱ་སེང་གེ་ཡི༔ ལོག་འདྲེན་བདུད་བཞི་འདུལ་བའི༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཤཱཀྱ་སེང་ཧ་པྲ་མ་སརྦ་ཤ་ཏྲུན་ཨ་བྷི༴ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་གུ་རུ་སེང་གེ་སྒྲ་སྒྲོགས་ཀྱི༔ མུ་སྟེགས་དམ་སྲི་འདུལ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིང་ཧ་གྷཎྜེ་ཧཱུྃ་ཐ་ནི་ཧུར་ཐུམ༔ ཨ་བྷི་ཥིཉྩ་ཧཱུྃ༔


LT32_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི༔ དྲེགས་པ་དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་ཨ་བྷི༴ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་ལྷ་ཡི་གུ་རུ་སྲིད་ཐུབ་འཛིན༔ ལྷ་ཡི་འཇིག་རྟེན་དག་པའི༴ ཨོཾ་ཨཱཿཧཱུྃ་གུ་ཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་ལྷ་མིན་གུ་རུ་རྣམ་པར་རྒྱལ༔ ལྷ་མིན་འཇིག་རྟེན་དག་པའི་དབང་༴ ཨོམ་ཨཱཿཧཱུྃ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་མི་ཡི་གུ་རུ་པདྨ་འབྱུང་༔ མི་ཡི་འཇིག་རྟེན་དག་པའི༴ ཨོཾ་ཨཱཿཧཱུྃ་པདྨ་ཨབྷི༴ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་བྱོད་སོང་གུ་རུ་སེང་རབ་བརྟན༔ བྱོལ་འཇིག་རྟེན་དག༴ ཨོཾ་ཨཱཿཧཱུྃ་མ་ཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་སྐུ༴ ལོངས་སྐུ༴ སྤྲུལ་སྐུ་ཡི་དྭགས་གུ་རུ་རྣམ་སྣང་མཛད༔ ཡི་དྭགས་འཇིག་རྟེན་དག་པའི་དབང་༴ ཨོཾ་ཨཱཿཧཱུྃ་སིད་ཨབྷི༴ ཧཱུྃ་ཧྲཱིཿ ཆོས་སྐུ་༴ ལོངས་སྐུ༴ སྤྲུལ་སྐུ་དམྱལ་བའི་གུ་རུ་རྣམ་པར་གནོན༔ དམྱལ་བའི་འཇིག་རྟེན་དག་པའི༴ ཨོཾ་ཨཱ་ཧཱུྃངྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཡིས་བུམ་པའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དང་༔ མ་དག་པའི་སྣང་ཞེན་ཐམས་ཅད་སྦྱངས༔ བསྐྱེད་རིམ་བསྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བུམ་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་བུམ་དབང་ཐོབ་ནས་བསྐྱེད་རིམ་ལ་


LT32_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་དགོས་པ་ཡིན། འདི་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་བསྐྱེད་རིམ་བསྒོམ་པ་ལ། དང་པོ་ཕྲ་བ་དང་རགས་པ་གཉིས་ཀྱི་ཕྲ་བ་རོ་རས་ལ་ཧཱུྃ་ཡིག་དཀར་པོ་ཁྲུ་གང་བ་བྲིས་ལ་མ་ཡེངས་པར་མིག་ཆེར་གྱིས་དེ་ལ་གཏད་ལ་སེམས་བཟུང་༔ ཡུན་རིང་དུ་གྱུར་ནས་མིག་བཙུམས་ལ་བལྟས་པས་ཧཱུྃ་ཡིག་དཀར་པོ་ཡིད་ཡུལ་དུ་ཤར་བ་ན་དེ་ལ་མ་ཡེངས་པར་བལྟས་ཤིང་རང་གི་རིག་པ་ཧཱུྃ་ཡིག་དཀར་པོ་རུ་བསྒོམ༔ རེས་སྟོང་གསུམ་གང་བ་ཙམ༔ རེས་ཡུངས་འབྲུ་ཙམ་བསྒོམས་པས་གང་ཡང་སྒོམ་པར་ནུས་ཤིང་གསུང་ཡིག་འབྲུ་ལ་རྣལ་འབྱོར་ནས༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་ཡིག་གིས་མཚན་པ་སྔར་བཞིན་མ་གསལ་གྱི་བར་དུ་བསྒོམ༔ ཐུགས་ཕྱག་མཚན་ལ་རྣལ་འབྱོར་ནས་འོད་ཟེར་ལས་རྡོ་རྗེ་སྔོན་པོའི་གུར་ཁང་མེ་འབར་བ་དང་༔ འོག་ཏུ་པདྨ་དཀར་པོ་དང་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བ་ཉ་གང་བར་བསྒོམ༔ རྡོ་རྗེ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རིགས་པ་རང་ཉིད་བླ་མ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུལ་བརྟེན་པ༔ ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ་རིམ་པ་བཞིན་ཏུ་གསལ་བཏབ༔ དེ་ལའང་ཚུལ་གསུམ་གྱི་དད་


LT32_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམ་པ་གསལ་བ་ནི༔ སྔར་བཞིན་སྐུ་ཕྱག་རྒྱ་ཡོངས་སུ་རྫོགས་པ་ལ་རྣལ་འབྱོར་ནས་ཤིན་ཏུ་གསལ་བ་ཡིད་ཡུལ་དུ་འཆར་བ་ནི་གསལ་བའོ༔ གཉིས་པ་རྣམ་དག་དྲན་པ་ནི༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ལས་རང་བཞིན་གསལ་བའི་ཡེ་ཤེས་ཀྱི་རྣམ་རོལ་སྐུ་དང་ཞལ་ཕྱག་རྒྱན་དང་ཆ་ལུགས་རྣམ་པར་བསྟན་པ༔ རྟོག་ཚོགས་ཐམས་ཅད་ཡེ་ཤེས་སུ་རྣམ་པར་དག་པ་དྲན་པའོ༔ གསུམ་པ་ང་རྒྱལ་བརྟན་པ་ནི༔ རང་ཉིད་བླ་མ་རྡོ་རྗེ་སེམས་དཔའ་གཞི་འབྲས་གང་གི་ཆ་ནས་ཡིན་ལ་ཡིན་བཞིན་རྡོ་རྗེ་སེམས་དཔའ་ངའོ་སྙམ་པའི་ང་རྒྱལ་བརྟན་པ་དང་ཐ་མལ་གྱི་སྣང་ཞེན་འགག་སྟེ་རང་གི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་ལམ་ལ་མ་འཆར་བར་འགྱུར་རོ༔ གཉིས་པ་ཕུང་ཁམས་སྐྱེ་མཆེད་ཆོས་ཐམས་ཅད་ལྷར་བསྒོམ་པ་ནི༔ རང་ཉིད་བླ་མ་ལོངས་སྐུ་ཚེ་དཔག་མེད་ཀྱི་གནས་ལྔར་ཚེ་བདག་ཐོད་ཕྲེང་སྡེ་ལྔ་བསྒོམ་པ་དང་༔ གཞན་ཡང་བླ་མ་རིག་འཛིན་ཞི་ཁྲོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཕྲིན་ལས་བཞིན་ཏུ་གསལ་བར་བསྒོམས་པས༔ སྣང་བ་ཐམས་ཅད་ལྷ༔ གྲགས་པ་ཐམས་ཅད་སྔགས། དྲན་རྟོག་ཡེ་ཤེས་ཀྱི་རོལ་པར་འཆར་བའི་བར་དུ་བསླབ་པར་བྱའོ། །བྱེ་བྲག་སྐབས་འདིའི་དབང་དོན་གྱི་ཡེ་ཤེས་བསྐྱང་བ་ལ། ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས། ས་བོན་ཡིག་འབྲུ་ནས་ལྷ་སྐུ་ཡོངས་རྫོགས་ཀྱི་བར་རིམ་པ་བཞིན་དུ་གསལ་


LT32_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ༔ བླ་མ་སྤྲུལ་སྐུའི་དཀྱིལ་འཁོར་བསྒོམ་ཞིང་བཟླས་པ་འབུམ་ཕྲག་བཞི་བྱ༔ བསྐྱེད་རིམ་དེའང་དང་པོ་ཡིད་ཡུལ༔ བར་དུ་དབང་པོའི་ཡུལ༔ མཐར་ལུས་ཀྱི་མ་དག་པའི་སྣང་བ་ནུབ༔ དག་པ་ལྷའི་སྣང་བ་ཁོ་ནར་འཆར་བའི་བར་དུ་བསླབ་པར་བྱའོ༔ དེ་ནས་གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་དོན་ཏུ་བླ་མ་ལ་རིག་མ་རྒྱན་གྱིས་བརྒྱན་པ་ཕུལ་བའི་མོས་པ་དང་བཅས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ གསང་བ་རྨད་དུ་བྱུང་བ་ཡི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བ༔ དེ་རིང་བདག་ལ་སྩལ་ནས་ཀྱང་༔ བདེ་ཆེན་ཡེ་ཤེས་བསྐྱེད་དུ་གསོལ༔ ལན་གསུམ། གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད༔ འབྲུ་གསུམ། སློབ་དཔོན་ཡབ་ཡུམ་བླ་མ་ལོངས་སྐུ་ཚེ་དཔག་མེད་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་པར་གསལ། འབར་འཛག་གི་སྦྱོར་བས་དཀར་དམར་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུན་རབ་ཏུ་སྤེལ་བར་གྱུར། དེ་ནས་གསང་དབང་གི་བྱིན་རླབས་འབེབས་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་མཛོད། སློབ་མ་རྣམས་བླ་མ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་གནས་ལྔར་ཐོད་ཕྲེང་སྡེ་ལྔ་ཡུམ་དང་བཅས་པ་གསལ་བར་སྒོམས་ཤིག །སློབ་དཔོན་གྱི་གནས་ལྔ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་


LT32_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལྔའི་ཐོད་ཕྲེང་སྡེ་ལྔར་ཕོག་པས་ཐུགས་རྒྱུད་བསྐུལ། རིགས་ལྔ་ཡབ་ཡུམ་ལ་ཐིམ་པས་བདེ་བ་བཟོད་མེད་དུ་འབར་བར་གྱུར། ཅེས་སྤོས་རོལ་བཅས་བྱིན་ཕབ་པས་འཕར་བ་དང་འཁྲབས་པ་དང་། སཾ་ཀྲྀ་ཏའི་སྐད་སྨྲ་བ་སོགས་འབྱུང་ངོ་། །དེ་ནས་གསང་དབང་དངོས་གཞིའི་སླད་དུ་འདུན་པ་འདི་བཞིན་ཏུ་མཛོད། བླ་མ་ཡབ་ཡུམ་བླ་མ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་གནས་ལྔ་རུ་ཐོད་ཕྲེང་རིགས་ལྔ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་དང་པདྨ་ཨཾ་དང་ཨ་ཡིས་མཚན་པ༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱིས་ལུས་གནས་ཀྱི་ལྷ་ཚོགས་རྣམས་མཆོད༔ བདེ་བའི་སྒྲ་དང་འོད་ཟེར་གྱིས་སློབ་མ་ཡང་འོད་དུ་ཞུ༔ ཞལ་དུ་མིད༔ རིགས་ལྔ་ཡབ་ཡུམ་ཀྱི་སྐུའི་དབྱིབས་བརྒྱུད༔ མཁའ་གསང་ནས་ཐོན༔ བླ་མ་ལོངས་སྐུའི་བདག་ཉིད་ཅན༔ དབང་སྟེགས་རྨ་བྱ་དང་རིན་ཆེན་པདྨ་ཉི་ཟླས་བཏེགས་པའི་སྟེང་དུ་བཀོད་པར་སྒོམས་ཤིག༔ སླར་ཡང་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས༔ ཞལ་དུ་ཞུགས༔ ཐུགས་ཀར་ཆགས་པའི་མེས་འོད་དུ་ཞུ༔ བྱང་ཆུབ་སེམས་ཀྱི་རང་བཞིན་མཁའ་གསང་དུ་ཕབ༔ སློབ་མའི་ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་ནས་བདེ་བའི་ཡེ་ཤེས་བསྐྱེད་པར་བསམ༔ ཧཱུྃ༔ མ་བཅོས་སྤྲོས་མེད་བྱང་ཆུབ་སེམས༔ བདེ་བའི་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགའ་བཞི་


LT32_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་བྱང་ཆུབ་སེམས༔ འདི་ལ་ཁྱོད་ནི་རོལ་པར་གྱིས༔ ཞེས་བསྐུལ་ཞིང་། དགའ་བ་བཞི་ཡི་ཡེ་ཤེས་བསྒོམ། བྱང་སེམས་མཚོན་པའི་ཆང་ལ་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་བླུད་ལ། ཧཱུྃ་ཧྲཱི༔ ཁམས་ལྔ་དག་པའི་མཁའ་དབྱིངས་སུ༔ དྭངས་མ་ལྔ་ཡི་ལྷ་ཚོགས་ཞུ༔ འཆི་མེད་བདུད་རྩི་བྱང་ཆུབ་སེམས༔ རྩ་ཐིག་རླུང་དག་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ གུ་ཧྱ་བོདྷི་ཙིཏྟ་ཨབྷི་ཥིཉྩ་ཨཱཿ དེ་ནས་སམྦྷའི་ཚེ་རིལ་དང་ཛ་གང་སྦྱིན་ཅིང་༔ ཧཱུྃ། འཁོར་འདས་གཉིས་ཀྱི་དྭངས་མ་འདུས་པའི་བཅུད༔ རིགས་ལྔ་ཡབ་ཡུམ་ཞུ་བའི་འཆི་མེད་རྫས༔ ལུས་ཀྱི་ཁམས་ལྔའི་དྭངས་མ་རབ་རྒྱས་ཤིང་༔ འཆི་མེད་རྡོ་རྗེའི་སྐུ་མཆོག་འགྲུབ་པར་ཤོག༔ རྩ་བའི་སྔགས་དང་། ཨཱ་ཡུརྫྙཱ་ན་ཚེ་བྷྲུྃ་ཨབྷི་ཥིཉྩ་ཧཱུྃ༔ གསང་བའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ༔ འབྲུ་གསུམ། རིག་མའི་མཁའ་གསང་གི་དཀྱིལ་འཁོར་བསྟན་པས་བདེ་བའི་ཡེ་ཤེས་བསྐྱེད་པར་མོས་ཤིག །དེ་བརྟེན་པའི་ཕྱིར་བླ་མའི་སྐུའི་གནས་རྣམས་དང་། འཆི་མེད་ཞི་བའི་དཀྱིལ་འཁོར་པའི་ལྷ་རྣམས་ལས་གཉིས་པ་འཕྲོས༔ སློབ་མའི་གནས་ལྔར་ཞུགས་པས་བདེ་བའི་ཡེ་ཤེས་བརྟན་པར་མོས་ཤིག །བླ་མ་ལོངས་སྐུ་གཙོ་འཁོར་རྣམས་ཀྱི་ཙཀ་ལིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ལོངས་སྤྱོད་རྫོགས་སྐུ་བླ་མ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་པདྨ་དབྱིངས་ཕྱུག་མ༔ གཙོ་བོ་


LT32_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས༔ བདེ་ཆེན་ལྷུན་གྱིས་འགྲུབ་བའི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར༔ ཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ ནམ་མཁའི་དྭངས་མ་བུངྡྷ་ཐོད་ཕྲེང་རྩལ༔ ནམ་མཁའ་རྣམ་དག་བུངྡྷ་དབྱིངས་ཕྱུག་མ༔ རྩ་ཐིག་རླུང་གསུམ་དག་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བུངྡྷ་གུ་རུ་བུངྡྷ་ཌཱ་ཀི་ཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ མེ་ཡི་དྭངས་མ་པདྨ་ཐོད་ཕྲེང་རྩལ༔ མེ་ཁམས་རྣམ་དག་པདྨ་དབྱིངས་ཕྱུག་མ༔ རྩ་ཐིག་རླུང་གསུམ་དག་པའི༴ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་པདྨ་ཌཱ་ཀི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ སྐྱེ་མེད་ངང་ལས༔ ཆུ་ཡི་དྭངས་མ་བཛྲ་ཐོད་ཕྲེང་རྩལ༔ ཆུ་ཁམས་རྣམ་དག་རྡོ་རྗེ་དབྱིངས་ཕྱུག་མ༔ རྩ་ཐིག་རླུང་གསུམ་དག་པའི༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཌཱ་ཀི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ སྐྱེ་མེད་ངང་ལས༴ ས་ཡི་དྭངས་མ་རཏྣ་ཐོད་ཕྲེང་རྩལ༔ ས་ཁམས་རྣམ་དག་རིན་ཆེན་དབྱིངས་ཕྱུག་མ༔ རྩ་ཐིག་རླུང་གསུམ༴ ཨོཾ་ཨཱཿཧཱུྃ་རཏྣ་གུ་རུ་རཏྣ་ཌཱ་ཀི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ལས༴ རླུང་གི་དྭངས་མ་ཀརྨ་ཐོད་ཕྲེང་རྩལ༔ རླུང་ཁམས་རྣམ་དག་ཀརྨ་དབྱིངས་ཕྱུག་མ༔ རྩ་ཐིག༔ ཨོཾ་ཨཱཿཧཱུྃ། ཀརྨ་གུ་རུ་ཀརྨ་ཌཱ་ཀི་ཨ་བྷི༴ དེ་ལྟར་གསང་བའི་དཀྱིལ་འཁོར་དུ་ཞུགས༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དབང་ཐོབ༔ ངག་རྩ་རླུང་ཐིག་ལེའི་སྒྲིབ་པ་སྦྱངས༔ སྟོང་ར་དང་ཡེ་ཤེས་ཀྱི་རླུང་༔ ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་ལ་དབང་༔ འབྲས་བུ་


LT32_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ གསང་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་གསང་དབང་ཐོབ་ནས་རང་བྱིན་རླབས་ཀྱི་རྣལ་འབྱོར་ལ་བསླབ་དགོས་པ་ཡིན། འདི་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་རྫོགས་རིམ་རྩ་རླུང་བསྒོམ་པ་ལ༔ ལུས་ཀྱི་གནད་བདུན་གྱིས་བཅིངས་ལ་རྩ་གསུམ་འཁོར་ལོ་བཞི་མེ་རླུང་ཧཾ་ཡིག་དང་བཅས་པ་བསྒོམ་ཞིང་རླུང་བུམ་པ་ཅན་གྱི་སྦྱོར་བས་འཁྲུལ་འཁོར་བདུན་རྣམས་བྱ་ཞིང་ཐིག་ལེ་འབར་འཛག་གི་བདེ་བ་བསྒོམས་ཏེ་བདེ་སྟོང་ལ་སེམས་བཟུང་ཞིང་དབབ་བསྐྱིལ་བཟློག་དགྲམ་གནད་དུ་བསྣུན་པར་བྱ་དགོས། སྒོམ་ཚུལ་ཞིབ་པ་ཡན་ལག་གི་ཐུགས་སྒྲུབ་གཉིས་ལས་འབྱུང་བ་ལྟར་ལགས། བྱེ་བྲག་སྐབས་འདིའི་དབང་དོན་གྱི་ཡེ་ཤེས་པ་སྦྱང་བ་ལ། སློབ་མ་རང་རང་བླ་མ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ། གནས་ལྔར་ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་དང་བཅས་པ་བསྐྱེད༔ དེ་ཡང་གནས་ལྔར་རྩའི་འཁོར་ལོ་དག་པའི་པདྨ་དཀར་དམར་མཐིང་སེར་ལྗང་༔ རླུང་ལྔ་དག་པའི་ཡུམ་ལྔ༔ དྭངས་མའི་ཐིག་ལེ་ལྔ་དག་པའི་ཡབ་ལྔ༔ རླུང་གི་སྦྱོར་བས་བསྐུལ༔ ཆགས་པའི་མེས་ཐིག་ལེ་བྱང་ཆུབ་སེམས་ཞུ༔ ཡབ་ཡུམ་ཀྱི་སྦྱོར་མཚམས་ནས་བྱང་སེམས་བབས༔ པདྨ་རྣམས་གང་༔ དེ་ལས་ལུད་པས་སྤྱི་བོ་ནས་རྐང་མཐིལ་བར་ཐམས་ཅད་དཀར་དམར་བྱང་ཆུབ་སེམས་ཀྱིས་ཁེངས་


LT32_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ༔ རྩ་རྣམས་དག་པས་ལུས་འཕར༔ བཀྲག་མདངས་འཕེལ༔ རླུང་རྣམས་དག་པས་དབུགས་རྒྱུ་བ་མི་ཚོར༔ ཐིག་ལེ་དག་པས་འཕོ་མེད་བདེ་ཆེན་འབྱོངས་པའི་བར་དུ་བསླབ་པར་བྱ་དགོས་པ་ལགས་སོ༔ དེ་ནས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོ་ཕུལ་དུ་བྱུང་བས་སྤྲས་པ་ཕྱག་ཏུ་སྤྲད་པར་མོས་ཤིག །རིག་ཙཀ་སྦྱིན། སྔོན་ཆད་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། འབྲུ་གསུམ། དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་སློབ་མ་རྣམས་ཆེ་མཆོག་ཧེ་རུ་ཀ༔ ཡུམ་གནམ་ཞལ་དབྱིངས་ཕྱུག་མ༔ སྤྱི་བོར་བླ་མ་གུ་རུ་རྡོ་རྗེ་འཆང་ཡབ་ཡུམ༔ ཀླད་བདུད་ཁས་གི་ནང་དུ་འཇམ་དཔལ་སྐུ༔ མགྲིན་པར་དབང་ཆེན་པདྨ་གསུང་༔ ཐུགས་ཀར་ཡང་དག་ཐུགས༔ ལྟེ་བར་ཕུར་པ་ཕྲིན་ལས༔ གསང་བར་བླ་མེད་མ་མོ་རྦོད་གཏོང་༔ པུས་མོ་གཡས་སུ་འཇིག་རྟེན་མཆོད་བསྟོད༔ གཡོན་དུད་མོད་པ་དྲག་སྔགས༔ གཞན་ཡང་བ་སྤུའི་བུ་ག་ཚུན་ཆད་རིག་འཛིན་ཞི་ཁྲོའི་ལྷ་ཚོགས་ཏིལ་གྱི་སྒང་བུ་ཁ་ཕྱེས་པ་ལྟར་གསལ་བར་བསྒོམ༔ ཡབ་ཀྱི་གསང་བ་རྡོ་རྗེ་ཧཱུྃ་དང་༔ ཡུམ་གྱི་གསང་བ་པདྨ་མུཾ་གྱིས་མཚན་པ༔ མཁའ་གསང་ཟླ་གམ་དམར་པོའི་ནང་དུ་དཔལ་ཆེན་དགུ་པོ་ཀུན་ཀྱང་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས༔


LT32_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་འཁྱུད་པ་གསལ་བཏབ༔ ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་གཡོས༔ ལྷ་རྣམས་བསྐུལ༔ བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་བསྐུལ༔ ཆོས་སྐུ་ཞི་བའི་ངང་ལས་ལོངས་སྤྱོད་རྫོགས་སྐུའི་རིག་འཛིན་ཞི་ཁྲོའི་ལྷ་ཚོགས་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་ཨ་ཧཾ་གི་སྒྲ་སྒྲོགས་བཞིན་པར་བྱོན་ནས་སོ་སོའི་དམ་ཚིག་པ་ལ་ཐིམ་པས་བདེ་བའི་ཡེ་ཤེས་ནམ་མཁའ་གང་བ་བསྐྱེད་པར་བསམ༔ མེ་ལོང་སིནྡྷུ་ར་ཚོམ་བུ་དགུའི་དཀྱིལ་འཁོར་དམར་ཧྲམ་མེར་བྱོན་ནས་སློབ་མ་ཡབ་ཡུམ་ལ་ཐིམ་པས་བདེ་བའི་ཡེ་ཤེས་ཆེར་བསྐྱེད་པར་བསམ༔ སིནྡྷུ་རའི་མེ་ལོང་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱིཿ ཡེ་ནས་དག་པའི་སྟོང་ཉིད་ཡུམ་གྱི་མཁའ༔ བདེ་བ་ཆེན་པོ་དཔལ་ཆེན་རྣམ་པ་དགུ༔ བདེ་སྟོང་དབྱེར་མེད་ཡེ་ཤེས་ཆེན་པོ་ཡིས༔ གཉིས་འཛིན་ཞེན་སྣང་དག་པའི་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་བ་མགོ་གཡོས་པ་དགའ་བ༔ དེ་ལས་ཆེར་གཡོས་པས་ཁྱད་པར་གྱི་དགའ་བ༔ རྟོག་པ་རགས་པ་རྣམས་འགགས་པ་མཆོག་གི་དགའ་བ༔ རྟོག་པ་ཕྲའུའི་རྒྱུན་ཆད་པ་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་། བྱང་ཆུབ་སེམས་ཀྱི་འཕྲོ་འདུས་ལྷ་རྣམས་མཉེས༔ ཕྱེད་ཤོར་བས་ཡུམ་གྱི་མཁའ་དབྱིངས་ཀྱི་ལྷ་རྣམས་མཆོད༔ རྡོ་རྗེ་ནོར་བུ་བཀང་ཞིང་སླར་ཡང་གྱེན་དུ་འདྲེན༔ རྡོ་རྗེ་


LT32_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བཀང་བ་དགའ་བ༔ དེ་ལས་གྱེན་དུ་དྲངས་བ་ཁྱད་པར་གྱི་དགའ་བ༔ སྤྱི་བོར་འཁྱིལ་ཞིང་ལུས་ལ་ཁྱད་པར་བཀྲམ་པ་མཆོག་གི་དགའ་བ༔ དེ་ནས་ཀ་དག་གི་ངང་དུ་བཞག་པ་དགའ་བྲལ་གྱི་ཡེ་ཤེས་ཏེ་ངོ་འཕྲོད་པར་བྱའོ༔ བདེ་སྟོང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་མིག་དར་བཀྲོལ༔ བདེ་སྟོང་གི་ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་འཆི་མེད་ཁྲོ་བོའི་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་གཉིས་པ་འཕྲོས༔ སློབ་མའི་ལུས་གནས་ཀྱི་ལྷ་རྣམས་ལ་ཐིམ་པར་མོས་ཤིག༔ ཁྲོ་བོའི་ལྷ་ཙཀ་རྣམས་ཀྱིས་དབང་བསྐུར་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་བདེ་བ་ཆེན་པོའི་སྐུ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པའི་དབང་བསྐུར་བས༔ གཉིས་སྣང་ཡེ་ཤེས་ལྷ་རུ་སྦྱོར་ནས་ཀྱང་༔ མ་རིག་ཞེན་འཛིན་བསྒྲལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་དབྱིངས༴ བཅོམ་ལྡན་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་༴ གཉིས་སྣང་ཡེ་ཤེས༴ མ་རིག་ཞེན་འཛིན༴ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༴ ཧཱུྃ། ཆོས་ཀྱི༴ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་ཧེ་རུ་ཀ༔ ཡབ་ཡུམ༴ གཉིས་སྣང་ཡེ་ཤེས༴ མ་རིག་ཞེན་འཛིན༴ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫཱ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། ཆོས་ཀྱི༴ བཅོམ་ལྡན་དབང་ཆེན་རྟ་མགྲིན་ཧེ་རུ་ཀ༔ ཡབ་ཡུམ། གཉིས་


LT32_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་༴ མ་རིག་ཞེན་འཛིན༴ ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ༴ ཧཱུྃ། ཆོས་ཀྱི༴ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཧེ་རུ་ཀ༔ ཡབ་ཡུམ༴ གཉིས་སྣང་ཡེ་ཤེས༴ མ་རིག་ཞེན་འཛིན༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི།།།ན་བྃ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ༴ ཧཱུྃ། ཆོས་ཀྱི་དབྱིངས༴ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ ཡབ་ཡུམ༴ གཉིས་སྣང་༴ མ་རིག་ཞེན་འཛིན༴ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ༔ གུ་ཧྱ་ཛྙཱ་ན་ཀྲོ་ཏཱི་ཤར་རི་སྟཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། ཆོས་ཀྱི༴ བཅོམ་ལྡན་བླ་མ་རིག་འཛིན་ཧེ་རུ་ཀ༔ ཡབ་ཡུམ༴ གཉིས་སྣང་ཡེ་ཤེས༴ མ་རིག་ཞེན༴ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིངྡྷི་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ༴ ཧཱུྃ། ཆོས་ཀྱི་དབྱིངས༴ བཅོམ་ལྡན་དཔལ་ཆེན་དྲེགས་འདུལ་ཧེ་རུ་ཀ༔ ཡབ་ཡུམ༴ གཉིས་སྣང་༴ མ་རིག་ཞེན་འཛིན༴ ཨོཾ་བཛྲ་ཙནྜ་སརྦ་དུཥྚན་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེས་མཁའ་དབྱིངས་ཡུམ་གྱི་དཀྱིལ་འཁོར་དུ་ཞུགས༔ བདེ་ཆེན་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་དྲི་མ་དག༔ ལམ་བདེ་སྟོང་དགའ་བ་བཞི་བསྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤེར་དབང་


LT32_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་ཤེར་དབང་ཐོབ་ནས་གཞན་ལུས་ཕོ་ཉའི་ལམ་ལ་བརྟེན་ཏེ་དགའ་བ་བཞིའི་ཡེ་ཤེས་ཀྱི་རྩལ་སྦྱང་དགོས་པས༔ དེའི་ཚུལ་ནི་སློབ་མ་ཡབ་ཡུམ་ཟུང་དུ་འབྲེལ་བས་སྤྱིར་ཡན་ལག་གི་ཐུགས་སྒྲུབ་རྣམ་གཉིས་ལས་བཤད་པ་སོགས་གཞན་ལས་བཤད་པའི་ཐབས་ལམ་གྱི་རིམ་པ་རྣམས་དང་༔ ཁྱད་པར་སྔར་དབང་བསྐུར་བའི་དུས་སུ་ཇི་ལྟར་བསླབ་པའི་ལྟ་སྤྱོད་སྒོམ་པ་རྣམས་ཚུལ་བཞིན་དུ་ཉམས་སུ་བླངས༔ ལྷན་སྐྱེས་ཡེ་ཤེས་ངོ་འཕྲོད་པའི་དོན་དེ་ཤིན་ཏུ་བསྒོམས་པས་འཁྲུལ་རྟོག་ཐམས་ཅད་གནས་དག༔ སོ་སོར་རྟོག་པའི་ཡེ་ཤེས་རྒྱུན་ཆད་མེད་པར་བྱུང་གི་བར་དུ་བསླབ་དགོས་པ་ཡིན་ནོ། །དེ་ནས་བཞི་པ་རིག་པའི་རྩལ་དབང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། སྔོན་ཆད་དོན་དམ་པའི་ཡེ་ཤེས་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། འབྲུ་གསུམ། དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག །བླ་མ་ཆོས་སྐུ་རྡོ་རྗེ་འཆང་ཀུན་བཟང་ཡབ་ཡུམ་དུ་བསྒོམ༔ དེའི་ཐུགས་ཀར་ཡེ་ཤེས་ལྔའི་རང་འོད་ཀྱི་ཀློང་དུ་དུག་ལྔ་ཁམས་ལྔ་བུང་པོ་ལྔ་དག་པའི་རིགས་ལྔ་ཡབ་ཡུམ༔ རྣམ་ཤེས་ཚོགས་བརྒྱད་ཡུལ་བརྒྱད་གནས་སུ་དག་པའི་སེམས་དཔའ་ལྕམ་དྲལ་ཡབ་ཡུམ༔ མཐའ་བཞིའི་དྲི་མ་དང་བྲལ་བའི་སྒོ་བ་ཡབ་ཡུམ༔ རིགས་དྲུག་གི་རྟོག་པ་གནས་སུ་དག་པའི་ཐུབ་ལ་རིགས་དྲུག་བཅས་དྭངས་གསལ་སྒྲིབ་མེད་དུ་བསྒོམ༔ སློབ་


LT32_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ནཱ་དྷཱ་ཏུ་ཨཱ༔ ཞེས་བརྗོད་པའི་རྐྱེན་གྱིས་སྣང་སྲིད་ཐམས་ཅད་བདེ་གཤེགས་ཞི་བའི་ལྷ་ཚོགས་སུ་གྱུར། ཧཱུྃ། ཞེས་བརྗོད་པས་ཐམས་ཅད་འུག་ཀྱིས་འདུས་ནས་སློབ་མའི་སྙིང་གའི་ལྷ་རྣམས་ལ་ཐིམ་པར་བས༔ ཧཱུྃ། སློབ་མ་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བ་ཐུགས་ཀའི་ལྷ་དང་བཅས་པ་འོད་ཀྱི་ཕུང་པོར་གྱུར༔ དེ་ཉིད་འདུས་ཤིང་ཐིམ་པས་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་དུ་གྱུར་པར་དམིགས་མེད་ཀྱི་ངང་དུ་བཞག༔ ཅེས་དར་ཅིག་འཇོགབྱར་མེད་ཀྱི་ངང་དུ་སོང་ན་བྱིན་ཕེབས་པའི་རྟགས་ཡིན་ནོ། །དེ་ནས་སླར་ཡང་ཁྱེད་རང་རྣམས་རྡོ་རྗེ་འཆང་ཡབ་ཡུམ་དུ་གྱུར་པའི་སྙིང་གར་འོད་ལྔའི་ཚོམ་བུ་ནང་དུ་རིགས་ལྔ་ཡབ་ཡུམ༔ མིག༔ རྣ་བ༔ སྣ༔ ལྕེ་རྣམས་ལ་སེམས་དཔའ་ཡབ་ཡུམ་བཞི་བཞི༔ དཔྲལ་བ༔ ལྟག་པ༔ མགྲིན་པ༔ སྙིང་ག༔ ལྟེ་བ༔ གསང་གནས་རྣམས་སུ་ཐུབ་པ་དྲུག༔ ཡན་ལག་བཞི་རུ་སྒོབ་ཡབ་ཡུམ་ཐམས་ཅད་བསྐྱེད་ལ༔ དོན་དམ་པའི་དཀྱིལ་འཁོར་པའི་སྐུ་ལས་གཉིས་པ་འཕྲོས༔ གནས་རྣམས་ཀྱི་ལྷ་སོ་སོ་ལ་ཐིམ་པར་མོས་ཤིག༔ ཞི་བའི་ལྷ་ཙཀ་རྣམས་ཀྱིས་དབང་བསྐུར་ལ། ཧཱུྃ་ཧྲཱིཿ ཡིད་ཆོས་གནས་དག་ཀུན་བཟང་ཡབ་དང་ཡུམ༔ དུས་གསུམ་སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ རང་རིག་བླ་མ་པདྨ་རྡོ་རྗེ་འཆང་༔ བླ་མ་རང་སེམས་དབྱེར་མེད་དབང་


LT32_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་སིངྡྷི་ཕ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ རྣམ་ཤེས་གཏི་མུག་གནས་སུ་དག་པའི་སྐུ༔ བླ་མ་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་མ༔ རང་རིག་དབྱེར་མེད་སེམས་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷྀ་ཀ༔ མཱུྃ་དྷཱ་ཏཱི་ཤྭ་རི་སྟཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཕུང་པོ་ཞེ་སྡང་གནས་སུ་དག་པའི་སྐུ༔ བླ་མ་རྣམ་པར་སྣང་མཛད་སངས་རྒྱས་སྤྱན༔ རང་རིག་དབྱེར་མེད་སེམས༔ མེ་ལོང་ཡེ་ཤེས་རྟོགས༴ ཨོཾ་ཛི་ན་ཛཱི་ཀྲ༔ ལཱཾ་དཱེ་ཥ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཚེ་རབ་ང་རྒྱལ་གནས་སུ་དག་པ་ཡི༔ བླ་མ་རིན་ཆེན་འབྱུང་ལྡན་མཱ་མ་ཀཱི༔ རང་རིག༴ མཉམ་ཉིད་ཡེ་ཤེས༴ སྭཱ་རཏྣ་ངྷྲྀ་ཀ༔ མཾ་མོ་ཧ་ར་ཏི་ཨ་བྷི༴ ཧཱུྃ་ཧྲཱིཿ འདུ་ཤེས་འདོད་ཆགས་གནས་སུ་དག་པའི་སྐུ༔ བླ་མ་སྣང་བ་མཐའ་ཡས་གོས་དཀར་མོ༔ རང་རིག༴ སོར་རྟོགས་ཡེ་ཤེས་རྟོགས༴ ཨོཾ་ཨ་རོ་ལྀ་ཀ༔ པྱཾཱ་རཱ་ག་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ འདུ་བྱེད་ཕྲག་དོག་གནས་སུ་དག་པའི་སྐུ༔ བླ་མ་དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ༔ རང་རིག་དབྱེར་མེད༴ བྱ་གྲུབ་ཡེ་ཤེས་རྟོགས༴ ཧཱ་པྲཛྙཱདྷྲྀ་ཀ༔ ཏཱཾ་བཛྲ་ར་ཏི་ཨ་བྷི་ཥིཉྩ༴ ཧཱུྃ་ཧྲཱིཿ མཐོང་བའི་རྣམ་ཤེས་གཟུགས་ཡུལ་གནས་དག་པའི༔ བླ་མ་བྱང་སེམས་ས་སྙིང་ལཱ་སྱེ་ཡུམ༔ རང་རིག༴ རྟོག་ཚོགས་གནས་


LT32_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དག༴ ཧཱུྃ་ཀྵི་ཧི་རཱ་ཙ་ཡ༔ ཧཱུྃ་ལཱ་སེྱ་ས་མ་ཡ་སྟཾ་ཨ་བྷི༴ ཧཱུྃ་ཧྲཱིཿ ཐོས་བྱེད་རྣམ་ཤེས་སྒྲ་ཡུལ་གནས་དག་པའི༔ བླ་མ་བྱང་སེམས་ནམ་སྙིང་མཱ་ལེྱ་ཡུམ༔ རང་རིག༴ རྟོག་ཚོགས༴ ཏྲཱྃ་ཨཱ་གྷ་ཡ༔ ཏྲཱྃ་མ་ལེ་ས་མ་ཡ་ཧོཿ ཨ་བྷི༴ ཧཱུྃ་ཧྲཱིཿ སྣོམས་བྱེད་རྣམ་ཤེས་དྲི་ཡུལ་གནས་དག་པའི༔ བླ་མ་བྱང་སེམས་སྤྱན་གཟིགས་གྷི་རྟི་མ༔ རང་རིག༴ རྟོག་ཚོགས༴ ཧྲཱི་ཧ་ཧཱུྃ་པདྨ་པྲ་དམ༔ ཧྲཱིཿ གི་རྟིར་ཧོ་ཧཾ་ཨ་བྷི༔ ཧཱུྃ་ཧྲཱིཿ མྱོང་བྱེད་རྣམ་ཤེས་རོ་ཡུལ་གནས་དག་པའི༔ བླ་མ་བྱང་སེམས་ཕྱག་རྡོར་ནཱི་རྟིམ༔ རང་རིག༴ རྟོག་ཚོགས༴ ཛྷཱི༚་ཀུ་རུ་པ་༔ ཨཱཿནཱི་རྟི་རཱ་ག་ཡཱ་མི་ཨ་བྷི༴ ཧཱུྃ་ཧྲཱིཿ མིག་དབང་འདས་དུས་རྟོག་པ་གནས་དག་པའི༔ བླ་མ་བྱང་སེམས་བྱམས་པ་དྷཱུ་པེ་མ༔ རང་རིག༴ རྟོག་ཚོགས༴ མཻཿདྷཱ་ར་ནི༔ ཛཿདྷཱུ་པེ་པྲ་བེ་ཤ་ཡ་སྭཱ་ཧཱ་ཨ་བྷི༴ ཧཱུྃ་ཧྲཱིཿ རྣ་དབང་ད་ལྟའི་རྟོག་པ་གནས་དག་པའི༔ བླ་མ་བྱང་སེམས་སྒྲིབ་སེལ་པུཥྤེ་ཡུམ༔ རང་གི༴ རྟོག་ཚོགས༴ ཐི༚ླྷ་ས་ར་མཱ་ཡ༔ ཧཱུྃ་པུཥྤེ་ཨ་བེ་ཤ་ཡ་སྭཱ་ཧཱ༔ ཨ་བྷི༴ ཧཱུྃ་ཧྲཱིཿ སྣ་དབང་མ་འོངས་རྟོག་པ་གནས་དག་པའི༔ བླ་མ་བྱང་སེམས་ཀུན་བཟང་ཨ་ལོ་མ༔ རང་རིག༴ རྟོག་ཚོགས༴ ཧཱུྃ་སྭཱ་རཱ་ཛ་ཡ་སྭཱ་ཧཱ༔ བཾ་དི་པཾ་སུ་ཁི་ི་ཨ་བྷི༴ ཧཱུྃ་ཧྲཱིཿ ལྕེ་དབང་མ་ངེས་རྟོག་པ་གནས་དག་པའི༔ བླ་མ་བྱང་སེམས་འཇམ་དཔལ་གྷནྡྷེ་མ༔ རང་


LT32_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རིག༴ རྟོག་ཚོགས༴ མཱུྃ་ཧྲཱིཿཨྃ་རཱ་ག་ཡ་སྭཱ་ཧཱ༔ ཧོ་གྷནྡྷེ་ཙིཏྟ་ཨ་བྷི༴ ཧཱུྃ་ཧྲཱི༔ ལུས་ཀྱི་རྣམ་ཤེས་རྟག་ལྟ་གནས་དག་པའི༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་འགུགས་བྱེད་མ༔ རང་རིག༴ རྟོག་ཚོགས༴ ཧཱུྃ་ཡ་མཱནྟ་ཀྲི་ཏ་ཕཊ༔ ཨོཾ་མ་ཧཱ་བཛྲ་དྷཱ་རེ་མ་ཧཱ་བོ་དྷཱི་ཤྭ་རི་ཛྭ་ལཱི་ཧཱུྃ་ཕཊ༔ ཨ་བྷི༴ ཧྲཱུཾ་ཧྲཱིཿ ལུས་ཀྱི་དབང་པོ་ཆད་ལྟ་གནས་དག་པའི༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་འཆིངས་བྱེད་མ༔ རང་རིག༴ རྟོག་ཚོགས༴ ཧཱུྃ་པྲཛྙནྟ་ཀྲི་ཏ་ཕཊ༔ ཨོཾ་མ་ཧཱཏྣ་དྷཱ་རེ་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལཱི་ཧཱུྃ་ཕཊ༔ ཨ་བྷི༴ ཧཱུྃ་ཧྲཱིཿ ལུས་ཀྱི་རེག་ཡུལ་བདག་ལྟ་གནས་དག་པའི༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྡོམ་བྱེད་མ༔ རང་རིག༴ རྟོག་ཚོགས༴ ཧཱུྃ་པདྨནྟ་ཀྲི་ཏ་ཕཊ༔ ཨོཾ་མ་ཧཱ་པདྨ་དྷཱ་རེ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལཱི་ཧཱུྃ་ཕཊ༔ ཨ་བྷི༴ ཧཱུྃ་ཧྲཱིཿ ལུས་ཀྱི་རེག་ཤེས་མཚན་མ་གནས་དག་པའི༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་མཐར་བྱེད་ཡུམ༔ རང་རིག༴ རྟོག་ཚོགས༴ ཧཱུྃ་བིགྷཱནྟ་ཀྲི་ཏ་ཕཊ༔ ཨོཾ་མ་ཧཱ་ཀརྨ་དྷཱ་རེ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལཱི་ཧཱུྃ་ཕཊ༔ ཨ་བྷི༴ ཧཱུྃ་ཧྲཱིཿ ཉོན་མོངས་ང་རྒྱལ་རྟོག་པ་གནས་སུ་དག༔ ལྷ་རྣམས་འདུལ་མཛད་ཐུབ་ཆེན་བརྒྱ་བྱིན་གྱི༔ རང་རིག༴ རྟོག་ཚོགས༴ ཨོཾ་མུ་ནེ་ཀྲི༚་ཨ་བྷི༴ ཧཱུྃ་ཧྲཱིཿ ཉོན་མོངས་ཕྲག་དོག་རྟོག་པ༴ ལྷ་མིན་འདུལ་མཛད་ཐུབ་ཆེན་ཐག་བཟང་རིས༔ རང་གི༴ རྟོགས་ཚོགས༴ ཨོཾ་མུ་ནེ་ཧཱུྃ་ཏྲུཾ༔ ཨ་བྷི༴ ཧཱུྃ་ཧྲཱིཿ ཉོན་མོངས་འདོད་ཆགས་རྟོག་པ༴ མི་


LT32_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདུལ་མཛད་ཐུབ་ཆེན་ཤཱཀྱ་སེང་༔ རང་རིག༴ རྟོག་ཚོགས༴ ཨོཾ་མུ་ནེ་སྲུཾ་ཨ་བྷི༴ ཧཱུྃ་ཧྲཱིཿ ཉོན་མོངས་གཏི་མུག༴ བྱོལ་སོང་འདུལ་མཛད་ཐུབ་ཆེན་སེང་རབ་བརྟན༔ རང་རིག༴ རྟོག་ཚོགས༴ ཨོཾ་མུ་ནེ་བྲེ༚་ཨ་བྷི༴ ཧཱུྃ་ཧྲཱིཿ ཉོན་མོངས་སེར་སྣའི་རྟོག་པ༴ཡི་དྭགས་འདུལ་མཛད་ཐུབ་ཆེན་ཁ་འབར་མ༔ རང་རིག༴ རྟོག་ཚོགས༴ ཨོཾ་མུ་ནེ་ཀྵཾ་ཨ་བྷི༴ ཧཱུྃ་ཧྲཱི༔ ཉོན་མོངས་ཞེ་སྡང་རྟོག་པ༴ དམྱལ་བ་འདུལ་མཛད་།ཐུབ་ཆེན་ཆོས་ཀྱི་རྒྱལ༔ རང་རིག༴ རྟོག་ཚོགས༴ ཨོཾ་མུ་ནེ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྷ་རྟོག་དབྱེར་མེད་གནས་དག་ཡེ་ཤེས་ཀྱི་ངང་དུ་བསྒོམ༔ ངོ་བོ་སྟོང་པ་བླ་མ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ཡེ་ཤེས་ལྔའི་རིགས་ལྔ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་འཁོར༔ ཀུན་ཀྱང་ཆོས་ཉིད་ཀྱི་ཀློང་དུ་རོ་གཅིག་པ༔ མ་འདྲེས་ཡོངས་སུ་དག་པ་ལྷུན་གྲུབ༔ རང་རིག་འོད་གསལ་གྱི་དཀྱིལ་འཁོར་ཤེལ་དང་འཇའ་ཚོན་བཞིན་དུ་སུས་ཀྱང་མ་བྱས་དཔེ་ཡིས་མཚོན་དུ་མེད་པ་རང་བཞིན་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་མཉམ་པར་བཞག་པར་བྱའོ། །དོན་དམ་པའི་དཀྱིལ་འཁོར་མཐོང་བའི་བརྡར་མིག་དར་བཀྲོལ་ཅིག །ཤེལ་དོ་བསྟན་ཅིང་སྙིང་གར་བཞག་ལ། ཧཱུྃ་ཧྲཱིཿ ངོ་བོ་སྟོང་པ་ཡི་དག་རང་བྱུང་ཤེལ༔ རང་བཞིན་གསལ་བ་དྭངས་ཤིང་རྙོགས་པ་མེད༔ ཐུགས་རྗེ་སྣ་ཚོགས་མ་འདྲེས་འཇའ་


LT32_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གསལ༔ རང་རིག་བླ་མ་ཆོས་སྐུའི་དབང་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཙིཏྟ་ཨོཾ༔ ཨ་ཨ་ཨ༔ བཛྲ་བྷ་དྲ་ས་མནྟ་ཨ༔ ཨ་བྷི་ཥིཉྩ་ཧཱུྃ༔ དབྱིངས་ཀ་དག་གི་ངོ་བོ་ཤེལ་ལྟ་བུ་ལ། རིག་པའི་རང་བཞིན་དྭངས་གསལ་དྲི་མ་མེད་པ། དེ་ཉིད་ཀྱི་ཐུགས་རྗེའི་རྩལ་སྣང་འགག་པ་མེད་པ་སྣ་ཚོགས་སུ་ཤར་ཡང་། ཤར་བ་ཙམ་ནས་ཅིར་ཡང་མ་གྲུབ་ཅིང་དབྱིངས་ལས་གཡོས་བ་མེད་པའི་དོན་གོ་བར་གྱིས་ལ་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དཔོན་སློབ་ཐམས་ཅད་དར་ཅིག་མཉམ་པར་འཇོག །དེ་དག་གིས་དོན་དམ་གྱི་དཀྱིལ་འཁོར་དུ་ཞུགས༔ རིག་རྩལ་གྱི་དབང་ཐོབ༔ མ་རིག་པ་ག་ལ་ཉལ་བའི་རྟོག་པ་ཕྲའུ་རྣམས་དབྱིངས་སུ་དག༔ རྫོགས་པ་ཆེན་པོ་སྤྲོས་མེད་བྱ་བྲལ་བསྒོམས་པས་འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་འགྱུར་བ་ཡིན་ནོ། །དབང་བཞི་པ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེ་ལྟར་དབང་བཞི་པ་ཐོབ་ནས་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་དགོས་པས། འདི་ལ་སྤྱི་དང་བྱེ་བྲག་གཉིས། སྤྱིར་ཐོག་མར་ལྟ་བ་གཏན་ལ་འབེབས་དགོས་ཏེ། དེ་ལ་སེམས་བཙལ་བ་དང་༔ རང་བཞིན་ཤེས་པ་དང་༔ གཏན་ལ་འབེབས་པ་གསུམ་ལས༔ དང་པོ་ནི༔ དབེན་པའི་ས་རུ་འབོལ་བའི་གདན་ལ་སྐྱིལ་ཀྲུང་གིས་འདུག་ལ་ལུས་གནད་དྲང་པོར་བསྲང་༔ ངག་གནད་རླུང་རྒྱུ་བ་རང་སར་བཞག༔ ཡིད་ཀྱི་གནད་རང་རིག་དྲན་མཁན་འདི་དང་པོ་གང་ནས་བྱུང་བ་རྟགས་པས་སྐྱེ་བའི་ཡུལ་མེད༔ བར་དུ་གང་ན་གནས་པ་རྟགས་པ་


LT32_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྟེན་མེད་འཁོར་འདས་ཀུན་ལ་ཁྱབ་ཅིང་འགག་མེད་འཁོར་འདས་ཀུན་ལ་ཅིའང་འཆར༔ ཐ་མ་གང་དུ་འགྲོ་བར་བརྟགས་བས་འགྲོ་འོང་དང་བྲལ་བ་དེ་བཞིན་ཏུ༔ གཟུགས་དང་ཁ་དོག་དངོས་པོ་ཅིའང་མ་གྲུབ་པ་འདི་ཞེས་བརྗོད་ཚིག་དང་བྲལ་བ་འདི་ནི་རང་གི་རིག་པའོ༔ གཉིས་པ་རང་བཞིན་ཤེས་པ་ནི༔ རང་གི་རིག་པའམ་ཀུན་གཞི་གནས་ལུགས་ནི་བཟང་ངན་འཕོ་འགྱུར་བྲལ་ཞིང་༔ གཙང་ཞིང་དྲི་བྲལ་རྟག་པ༔ ངོ་བོ་སྟོང་པ་དེའི་མདངས་འོད་གསལ་ཞིང་བདེ་བའི་རང་བཞིན་མྱོང་བ་ཅན༔ ངོ་ཤེས་ན་ཡེ་ཤེས་དང་མ་ཤེས་ན་རྣམ་ཤེས་ཚོགས་བརྒྱད་དང་དུག་ལྔ་ཕུང་པོ་ལྔར་འཁྲུལ་ཞིང་༔ སྐྱེ་སྲིད་ཀྱི་དངོས་པོའི་གཟུགས་སུ་གྲུབ་སྟེ་དབང་པོའི་སྒོས་མཚམས་སྦྱར་ནས་ཕྱི་ཡུལ་འཇིག་རྟེན་གྱི་སྣང་བར་ཨ་འཐས་སུ་འཁྲུལ་ལོ༔ ངོ་ཤེས་པས་རང་བཞིན་གསལ་བའི་ཆ་ཡེ་ཤེས་སུ་རྟོགས་ནས་ཐུགས་རྗེ་སྣ་ཚོགས་སྣང་བ་ཡེ་ཤེས་ཀྱི་རོལ་པར་འཆར་བས༔ ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་གཉིས་ནི་ཟུང་འཇུག་ལྷན་སྐྱེས་གསེར་དང་འོད་བཞིན་གནས་སོ༔ གསུམ་པ་དེ་གཏན་ལ་འབེབས་པ་ནི༔ བླ་མའི་གདམས་ངག་ཚད་མ་དང་༔རྒྱལ་བའི་བཀའ་ཚད་མ་དང་༔ རང་གི་རིག་པ་ཚད་མས་གཏན་ལ་འབེབས་ཏེ་རང་གི་སེམས་ཉིད་མ་བཅོས་པར་བཞག་པས་ངོ་བོ་སྟོང་པ་ངོས་བཟུང་དང་བྲལ་བ༔ དེ་ལ་ལྷན་སྐྱེས་ཀྱི་ཚུལ་དུ་མདངས་འགག་མེད་རང་བཞིན་འོད་གསལ་བདེ་ཆེན་མྱོང་བ་ཅན་གསལ་ལེབ་ལས་མ་གཡོས་བཞིན་


LT32_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བཟང་ཐལ་དུ་སྣ་ཚོགས་སྣང་བའི་རྩལ་ཏ་ལེར་འཆར་བ༔གཉིས་བསྡུས་ཀྱི་ཆོས་རྣམས་རང་གི་སེམས་ཉིད་ལས་མ་འདས་ཤིང་མེད་པར་འཁྲུལ་བས་སྒྲོ་བཏགས་ཏེ་དངོས་པོར་གྲུབ་པ་ལྟར་སྣང་བ་རྣམས་ནི་ཡེ་ནས་རྡུལ་ཙམ་ཡང་མེད་པ་འཇའ་དང་ན་བུན་ལྟར་གློ་བུར་དུ་སྣང་ཡང་དངོས་པོར་མ་གྲུབ་བཞིན༔ ཆོས་ཐམས་ཅད་ངོ་བོ་སྟོང་པའི་དབྱིངས་ལས་རང་བཞིན་གསལ་བའི་རྩལ་ཐུགས་རྗེ་སྣ་ཚོགས་སྣང་བའི་སྐུ་དང་ཡེ་ཤེས་ལས་མ་འདས་པར་བློ་ཐག་བཅད་པའོ༔ དེ་ལྟར་ལྟ་བས་ཐག་ཆོད་པ་དེ་ཉིད་སྒོམ་པས་ཉམས་སུ་ལེན་པ་ན། ལྟ་བ་ལས་གཞན་པའི་བསྒོམ་བྱ་གུད་ན་མེད་པས་ཡེངས་པ་མེད་པས་དྲན་པས་བཟུང་སྟེ་དོན་དམ་སེམས་ཉིད་ཀ་དག་ངོས་བཟུང་དང་བྲལ་བར་རང་ཤར་རང་གྲོལ་གྱི་ངང་དུ་འཇོག་གོ། །བྱེ་བྲག་སྐབས་འདིའི་དབང་དོན་གྱི་ཡེ་ཤེས་བསྐྱང་བ་ལ་སློབ་མ་རང་རང་རྣམས་བླ་མ་ཆོས་སྐུའི་སྐུ༔ རྟོག་ཚོགས་ལྷར་དག་པ་དང་བཅས་པ་བསྒོམ༔ རེས་དེ་ཉིད་དམིགས་མེད་མ་བཅོས་པའི་ངང་དུ་བཞག༔ དུས་གསུམ་གྱི་སྤྲོས་པ་ལས་འདས་ཤིང་༔ མ་ཡེངས་པའི་གཟེར༔ མི་བསྒོམ་པའི་གདེང་༔ མ་མཐོང་བའི་ཡེ་ཤེས༔ བྱར་མེད་བློ་ལས་འདས་པའི་བར་བསླབ་པར་བྱ་དགོས་པ་ལགས་སོ། །དེ་ནས་མཚམས་སྦྱོར་སྤྱི་མཐུན་བྱས་ལ་ལས་བྱང་ནས་འབྱུང་བ་ལྟ་བུའི་ཤིས་བརྗོད་རྒྱས་པར་སྤེལ། དེ་དག་རྣམས་ཀྱིས་རྩ་བའི་ཐུགས་སྒྲུབ་ཆེན་མོ་དགོངས་པ་ཀུན་འདུས་ཀྱི་དབང་བཞི་དོན་ཁྲིད་དང་སྦྲགས་པ་ལེགས་པར་གྲུབ་པ་ཡིན་པས། རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་


LT32_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྡུས་པ་རྣམས་ཚུལ་བཞིན་ཏུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜལ། དེང་ནས་བརྩམས་ཏེ་སོགས་ལུས་འབུུལ། དགེ་བསྔོ་རྣམས་ཀྱིས་དབང་བསྐུར་གྲུབ། གསུམ་པ་རྗེས་ཀྱི་རིམ་པ་ནི། སློབ་དཔོན་གྱིས་ཚོགས་ལ་ལོངས་སྤྱོད་ནས་ལྷག་མ་བཏང་། ཐུགས་དམ་བསྐུལ་བའི་རིམ་པ་རྣམས་དང་བཀའ་སྲུང་གཏོར་མ་འབུལ། ཆད་མདོ་བཏབ་ཞིང་བརྟན་མ་བསྐྱངས་ལ་རྟ་བྲོ་བརྡུང་། གཏང་རག་མཆོད་བསྟོད་མདོར་བསྡུས་བྱ། སློབ་མ་དབང་བསྐུར་སྐབས་དངོས་གྲུབ་བླང་བ་མི་དགོས་ཀྱང་བྱས་པ་ལ་འགལ་བ་མེད། ནོངས་བ་བཤགས། རས་བྲིས་སོགས་རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་དང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་དཀྱིལ་འཁོར་བསྡུ་ལྡངས་བསྔོ་སྨོན་བཀྲ་ཤིས་ཀྱི་བར་ལས་བྱང་ལྟར་བྱའོ། །སྐུ་གསུམ་བླ་མ་ཡི་དམ་མཁའ་འགྲོར་བཅས། །གཅིག་དྲིལ་ཐུགས་སྒྲུབ་ཀུན་གྱི་རྩ་བ་ཉིད། །ཉམས་སུ་ལེན་ལ་ཐོག་མར་འཇུག་པའི་སྒོ། །སྨིན་གྲོལ་གཅིག་ཅར་གྲུབ་འདི་གཅེས་པར་ཟུང་། །དགེ་འདིས་སྲིད་ལམ་དུབ་བའི་སྐྱེ་བོ་ཀུན། །སྒྲིབ་གསུམ་འཆིང་བ་བདེ་བླག་བཀྲོལ་ནས་ཀྱང་། །བླ་མ་སྐུ་གསུམ་ཞིང་དུ་དབུགས་ཆེན་དབྱུང་། །མཐའ་གཉིས་རྣམ་གྲོལ་རྒྱལ་བའི་གདུང་འཛིན་ཤོག །ཅེས་པ་འདི་ནི་ཟུར་མེད་བདུད་རྩི་དིལ་དུ་གཏེར་སྟོན་རོལ་བ་རྡོ་རྗེའི་རྣམ་འཕྲུལ་བཞི་པ་ནས་སྒྲུབ་ཆེན་ལོ་བསྟར་བཙུགས་པར་མཛད་པ་ལ་ཉི་བར་མཁོ་ཞིང་ཟབ་ཆོས་འདི་ལ་མོས་པ་ཐོབ་པའི་སྒྲུབ་བརྩོན་བླ་མ་ཀརྨ་ཕུན་ཚོགས་དང་ཚེ་དབང་རབ་འཕེལ་ཟུང་གིས་བཞེད་བསྐུལ་ནན་ཏན་མཛད་ངོར། གཏེར་ཆེན་བླ་མ་དེ་ཉིད་ཀྱི་ཕྱག་བཞེས་ལྟར་རྒྱལ་དབང་པདྨཱ་ཀ་རའི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊི་རི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས།


LT32_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་སཏྭཱ་ཡ། སེམས་ཅན་རྣམས་འཁོར་བར་འཁྱམས་བའི་རྩ་བ་བདག་འཛིན་དང་སྡུག་བསྔལ་མྱོང་བའི་རྒྱུ་སྡིག་སྒྲིབ་ཁོ་ན་ཡིན་པས་ཐོག་མར་དེ་སྦྱོང་བའི་ཐབས་ལ་བརྩོན་དགོས་ཤིང་། །སྡིག་སྦྱོང་གི་གཉེན་པོའང་སྟོབས་བཞི་།།།གལ་ཆེ་བས་ཐོག་མར་རྟེན་གྱི་སྟོབས་སྐྱབས་འགྲོ་སེམས་བསྐྱེད་ནི། མཆོག་གསུམ་ཀུན་འདུས་བླ་མ་རྡོར་སེམས་ལ། །བདག་གཞན་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་རིགས་དྲུག་ཁྱབ་བདག་གོ་འཕང་ལ། །འགོད་ཕྱིར་ཟབ་མོའི་ལམ་ལ་འཇུག་པར་བགྱི། །ལན་གསུམ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རྡོར་སེམས་བསྒོམ་བཟླས་ནི། རང་ལུས་ཐ་མལ་སྤྱི་བོར་པད་ཟླའི་སྟེང་། །བླ་མ་རྡོར་སེམས་དཀར་གསལ་ཞི་ཞིང་འཛུམ། །མཚན་དཔེས་རབ་སྤྲས་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ། །འོད་ཟེར་ཀློང་བཞུགས་དགྱེས་པས་རང་ལ་དགོངས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོའི་མཐར། །ཡི་གེ་བརྒྱ་བའི་སྔགས་ཕྲེང་གཡས་སུ་བསྐོར། །དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྲུབ་གྱུར། །རྣམ་པར་སུན་འབྱིན་པའི་སྟོབས་སྔར་བྱས་ཀྱི་ཉེས་པ་ལ་ཁོང་ནས་འགྱོད་པ་དྲག་པོ་དང་བཅས་ཏེ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་


LT32_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཁྱེན། །བདག་གཞན་ནམ་མཁའི་མཐའ་མཉམ་སེམས་ཅན་གྱིས། །སྐྱེ་བ་ཐོག་མ་མེད་ནས་ད་ལྟའི་བར། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །མྱུར་དུ་བྱང་ཞིང་དག་པར་བྱིན་གྱིས་རློབས། །གསོལ་བ་བཏབ་པས་ཐུགས་སྲོག་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བབས་སྐུ་གང་ཞབས་མཐེབ་ལས། །ཐོན་ཏེ་རང་གི་ལུས་ཀྱི་ཕྱི་ནང་བཀྲུས། །སྡིག་སྒྲིབ་དུད་ཁུ་ནད་གདོན་རྣག་ཁྲག་དང་། །སྲོག་ཆགས་རྣམ་པར་ཕྱིར་ཐོན་ས་འོག་ཡལ། །སྒྲིབ་པ་ཀུན་བྱང་རང་ལུས་ཤེལ་ལྟར་གྱུར། །ཞེས་རྩེ་གཅིག་ཏུ་བསྒོམ་ཞིང་གསོལ་འདེབས་ཀྱིས་ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཡིག་བརྒྱ་ཅི་ནུས་བཟླས་ལ། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་བྱ་བའི་དམ་བཅའ་དྲག་པོ་ཉེས་པ་ལས་སླར་ལྡོག་པའི་སྟོབས་དང་བཅས། རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །སྐྱབས་གནས་ཀུན་འདུས་ཁྱེད་ལ་གསོལ་བ་འདེབས། །སྲོག་ལ་བབས་ཀྱང་ཕྱིན་ཆད་སྡིག་པའི་ལས། །མི་བགྱིད་སྐུ་གསུང་ཐུགས་ཀྱི་དམ་ཚིག་བཟུང་། །སྔར་བསགས་ལས་ངན་བྱང་བར་བྱིན་གྱིས་རློབས། །མོས་གུས་དྲག་པོའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ། །དགྱེས་པས་དབུགས་དབྱུང་སྩལ་ཏེ་རང་ལ་ཐིམ། །དེ་དག་ནི་ཕྱི་བྱ་རྒྱུད་དང་མཐུན་པའི་བསྒོམ་བཟླས་སོ། །རང་གི་སྤྱི་བོ་མགྲིན་པ་སྙིང་ག་རུ། །རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་མདོག་ཅན། །འཁོར་ལོ་པདྨ་


LT32_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲིལ་བུ་འཛིན། །ལོངས་སྤྱོད་རྒྱན་རྫོགས་པད་ཟླར་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་རང་མདོག་ས་བོན་སྔགས་ཕྲེང་ལས། །འོད་འཕྲོས་བདག་གཞན་སྒོ་གསུམ་སྒྲིབ་སྦྱོང་གྱུར། །ཅེས་མོས་ལ་ཡིག་བརྒྱ་བཟླས་མཐར། གནས་གསུམ་ལ་ཐིམ་སྐུ་གསུང་ཐུགས་རྡོ་རྗེའི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཐོབ་པར་གྱུར། །ཞེས་པ་ནི་ནང་སྤྱོད་རྒྱུད་དང་མཐུན་པའི་ཉམས་ལེན་ནོ། །རང་ཉིད་རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས། །རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་པད་ཟླར་བཞུགས། །དམ་ཚིག་སེམས་དཔའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །ཐུགས་ཀར་བཞུགས་པའི་དེ་ཐུགས་འོད་ཀྱི་ཀློང་། །ཏིང་འཛིན་སེམས་དཔའ་ཟླ་སྟེང་རྡོ་རྗེ་དཀར། །ལྟེ་བར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་བའི་རྒྱུད་བསྐུལ་ཁམས་གསུམ་གྱི། །དུག་ལྔའི་རྒྱུ་འབྲས་ཡེ་ཤེས་ངང་དུ་བཅོམ། །སངས་རྒྱས་མཛད་པ་མཐའ་དག་སྒྲུབ་པར་གྱུར། །ཅེས་པའི་ཏིང་ངེ་འཛིན་བསྒོམས་ལ་ཡིག་བརྒྱ་བཟླས་པ་ནི་གསང་བ་རྣལ་འབྱོར་དང་མཐུན་པའི་བསྐྱེད་བཟླས་སོ། །སྐད་ཅིག་རང་ཉིད་དཔལ་ལྡན་རྡོ་རྗེ་སེམས། །སྙེམས་མ་དཀར་གསལ་གྲི་ཐོད་འཛིན་དང་སྦྱོར། །འོད་ཟེར་བྱེ་བ་དྲུག་ཁྲིའི་ཀློང་དུ་བཞུགས། །ཕུང་པོ་རིགས་ལྔ་ཁམས་ལྔ་ཡུམ་མཆོག་ལྔ། །སྐྱེ་མཆེད་སེམས་


LT32_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ལྕམ་དྲལ་ལས་དབང་རྣམས། །སྒོ་སྲུང་ཡབ་ཡུམ་མ་བསྐྱེད་གདོད་ནས་རྫོགས། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་ཧཱུྃ་ཡིག་མཐར། །ཡིག་བརྒྱས་བསྐོར་ལས་འོད་འཕྲོས་སྣང་བ་ལྷ། །གྲགས་པ་སྔགས་དང་དྲན་རྟོག་ཡེ་ཤེས་ཆེ། །སྣོད་བཅུད་དག་པ་རབ་འབྱམས་འཁོར་ལོར་གྱུར། །ཅེས་མོས་ལ་ཡིག་བརྒྱའམ་ཡིག་དྲུག་བཟླ་བ་ཡང་གསང་བླ་མེད་ཀྱི་རྣལ་འབྱོར་རོ། །བཞི་ཀ་ལ་ཡང་སྙིང་ཡིག་དྲུག་ཁོ་ན་བཟླས་ཀྱང་རུང་། མཐར། ལྷར་སྣང་རང་སེམས་སེམས་ཉིད་ངོ་བོས་སྟོང་། །གཉུག་མ་འོད་གསལ་ལྷན་སྐྱེས་ཆོས་སྐུའོ། །ཞེས་བརྗོད་མེད་ངང་དུ་མཉམ་པར་བཞག །སླར་ཡང་རང་ཉིད་རང་བྱུང་རྡོ་རྗེ་སེམས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུའི་ངང་། །དགེ་འདིས་འགྲོ་ཀུན་མི་ཕྱེད་རྡོ་རྗེ་བཞི། །མྱུར་འགྲུབ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་རྒྱུན་སྤྱོད་དང་བསྔོ་སྨོན་བྱའོ། །འདི་བཞི་པོ་རེ་རེའི་འཕྲོས་སུ་རེ་རེ་སྟེ་མཐར་ཆགས་སུ་གྲུབ་ན་སྟན་ཐོག་གཅིག་ཏུ་རྒྱུད་སྡེ་བཞིའི་ཉམས་ལེན་ཚང་བས་མཆོག་ཡིན་ལ། གང་མོས་གང་ལྕོགས་ཁོལ་འདོན་ཏུ་བྱས་ཀྱང་ཆོག་གོ། །ཞེས་པ་འདིའང་དགེ་བ་ལ་ཡིད་གཞུང་བ་ཀརྨ་བྱང་ཆུབ་ཀྱིས་ཆེད་དུ་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དབེན་པའི་རི་ངོགས་སུ་བགྱིས་པ་འགྲོ་ཀུན་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འཁོད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ།


LT32_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། སྨེ་བ་བརྩེགས་བའི་སྒྲུབ་ཐབས་ཁྱེར་བདེ་བཞུགས་སོ། །


LT32_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨུ་ཙུཥྨ་ཀྲོ་དྷཱ་ཡ། ཉམས་གྲིབ་མི་གཙང་བསེལ་བ་ལ་མཆོག་ཏུ་ཟབ་པ་ཁྲོ་ཆེན་སྨེ་བ་བརྩེགས་པའི་བསྒོམ་བཟླས་བགྱིད་པ་ལ། ཐོག་མར་སྐྱབས་སེམས་ནི། ན་མོཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྨེ་བ་བརྩེགས་པའི་གོ་འཕང་བསྒྲུབ་པར་བགྱི༔ ཚོགས་བསགས་ནི། ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སྡོམ་པ་གསུམ་གྱི་འགལ་འཁྲུལ་ཉམས་ཆགས་བཤགས༔ འཕགས་སྐྱེའི་དགེ་སྤྱོད་ཀུན་ལ་རྗེས་ཡི་རང་༔ འགྲོ་ཕན་ཇི་ལྟར་འཚམས་པའི་ཆོས་འཁོར་སྐོར༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ དགེ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ ལྷ་བསྐྱེད་པ་ནི། ཨོཾ་སརྦ་དྷརྨཿསྭ་བྷཱ་བ་ཤུངྡོྷ྅ཧཾཿ འཁོར་འདས་ཆོས་ཀུན་ཀ་དག་ངང་༔ རིག་པའི་ཡེ་ཤེས་ཧཱུྃ་སྔོན་པོ༔ འགག་མེད་མཁའ་ལ་འཇའ་ལྟར་ཤར༔ ཟུང་འཇུག་ཐུགས་རྗེའི་ཆོ་འཕྲུལ་ལས༔ རྡོ་རྗེ་གསུམ་གྱི་ཡི་གེར་གྱུར༔ ཨོཾ་ལས་རྣམ་པར་སྣང་མཛད་ཀྱི༔ རང་བཞིན་གཞལ་མེད་ཁང་ཆེན་དབུས༔ ཨཱཿལས་སྣང་བ་མཐའ་ཡས་པའི༔ ཡེ་ཤེས་རིག་རྩལ་པད་ཉིའི་སྟེང་༔ ཧཱུྃ་


LT32_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཡོངས་གྱུར་སྐད་ཅིག་གིས༔ མི་བསྐྱོད་ཁྲོ་རྒྱལ་སྨེ་བ་བརྩེགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཤུལ་ཁྲོས་པའི་གཟི་བྱིན་འབར༔ ཞལ་གདངས་ལྗགས་འདྲིལ་མཆི་བ་གཙིགས༔ སྤྱན་གསུམ་འཇིགས་པའི་ལྟ་སྟངས་ཅན༔ རྡོ་རྗེའི་ཐོད་རིམ་གཉིས་བརྩེགས་བཅིངས༔ དྲག་པོའི་སྡིགས་མཛུབ་ཐུགས་ཀར་བསྣོལ༔ རིན་ཆེན་སྦྲུལ་དང་དུར་ཁྲོད་ཆས༔ རྡོ་རྗེའི་ཕྲེང་བའི་དོ་ཤལ་འཕྱང་༔ ཡེ་ཤེས་མེ་ཕུང་ཆེར་འཁྲུགས་ཀློང་༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང་༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཁྲོ་བོའི་རྒྱལ༔ སྨེ་བ་བརྩེགས་པ་དབྱིངས་ནས་བཞེངས༔ མི་གཙང་ཉམས་གྲིབ་སྦྱོང་བའི་ཕྱིར༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨུ་ཙུཥྨ་ས་པ་རི་བཱ་ར་ཨེ་ཧྱེ་ཧིཿ ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ བདེ་བ་ཆེན་པོའི་རྒྱན་ཏུ་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔


LT32_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཁྲོ་བོའི་རྒྱལ་པོ་འཆོལ་བ་ཆེ༔ སངས་རྒྱས་ཀུན་གྱི་བྱིན་རླབས་བདག༔ ཉམས་གྲིབ་འཇོམས་ལ་ཕྱག་འཚལ་བསྟོད༔ བསྙེན་པའི་དམིགས་བཟླས་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྔགས་ཕྲེང་སྒྲ་བཅས་འཁོར༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས༔ གྲིབ་དང་མི་གཙང་ཀུན་བསྲེགས་གྱུར༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ སྒྲུབ་པའི་དམིགས་བཟླས་ནི། སླར་ཡང་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་སྒྲིབ་སྦྱངས་རྩ་གསུམ་ལྷའི༔ བྱིན་རླབས་བསྡུས་ཏེ་རང་ལ་ཐིམ༔ ནུས་པ་མཆོག་ཏུ་བསྐྱེད་པར་གྱུར༔ ཨོཾ་བྷཱུར་ཀུར་མ་ཧཱ་པྲཱ་མ་ཱ་ཡེ་བྷཱུ་རྩི་བྷཱུ་རྐི་པི་མ་ལེ་ཨུ་ཙུཥྨ་ཀྲོ་དྷཱ་ཧཱུྃ་ཕཊ༔ ལས་སྦྱོར་ནི་སྒྲུབ་སྔགས་ཤམ་དུ་འདི་བཏགས་ལ་བཟླ། སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ འདིའི་བསྙེན་ཚད་ནི་བསྙེན་སྔགས་འབྲུ་དགུ་འབུམ་ཕྲག་གསུམ། སྒྲུབ་སྔགས་འབུམ་ཕྲག་གཅིག །ལས་སྦྱོར་ཁྲི་ཕྲག་གཅིག་གོ། །དེའང་བསྙེན་སྔགས་ཀྱི་སུམ་ཆ་གཅིག་སྒྲུབ་སྔགས། དེའི་བཅུ་ཆ་ལས་སྦྱོར་སྦྲེལ་མ་བཟླ་དགོས་པས་རྒྱུན་གྱི་རྣལ་འབྱོར་ལྟ་བུའི་ཚེ། བསྙེན་སྔགས་བརྒྱ་ཕྲག་གསུམ་བྱེད་ན། སྒྲུབ་སྔགས་བརྒྱ་ཕྲག་གཅིག །དེ་དང་ལས་སྦྱོར་སྦྲེལ་མཚར་བཅུ་བཟླ་དགོས་པས་མཚོན་ནོ། །ཐུན་མཐར། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔


LT32_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆགས་འགལ་འཁྲུལ་བཤགས༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལི༚་ཏ་ཁཱ་ཧིཿ ཞེས་སྟོང་ཚིགས་མཆོད་བསྟོད་བྱ། ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་འོད་གསལ་ཀ་དག་གི་དབྱིངས་སུ་བསྡུ༔ ཕཊ་ཕཊ་ཕཊ༔ སྐད་ཅིག་གི་སྨེ་བ་བརྩེགས་པའི་སྐུར་ལྡངས་ཤིང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་བལྟའོ། །རྫོགས་རིམ་བསྒོམ་པར་འདོད་ན་སྐབས་འདིའམ། ནམ་བདེར་ཡང་རུང་སྟེ། རང་ཐ་མལ་པའི་སྙིང་གར་ཧཱུྃ་ཡིག་མཐིང་ནག་འོད་ཟེར་མར་མེ་ལྟ་བུར་འབར་བ་ལ་སེམས་གཏད། དེ་ལ་གསལ་སྣང་སྐྱེས་པ་ན། ཧཱུྃ་ལས་མེ་འབར། ལུས་ཀྱི་ནང་གང་། ཐ་མ་པའི་ཤ་ཁྲག་གྲིབ་དང་མི་གཙང་བའི་དྲི་མ། དེར་འཛིན་གྱི་རྣམ་རྟོག་བཅས་རྩ་སྦུར་མེ་ལྕེས་རེག་པ་བཞིན་ལྷག་མ་མ་ལུས་པར་ཐུལ་གྱིས་བསྲེགས། རིམ་གྱིས་མཆེད་ཅིང་འབར། གདན་གོས་གནས་ཁང་ཕྱི་རོལ་གྱི་ཡུལ་ཁམས་སྟོང་གསུམ་གྱི་འཇིག་རྟེན་ཚུན་ཆད་བསྲེགས་ནས་ཡེ་ཤེས་ཀྱི་མེ་ཕུང་གཅིག་ཏུ་གྱུར་ཏེ་རང་ལུས་འབར་བའི་མེ་དང་འདྲེས། མེ་ལྕེའི་སྒྲ་གདངས་འབྲུག་སྒྲ་དྲག་པོ་སྒྲོག་པ་ལྟ་བུའི་ཧཱུྃ་གི་སྒྲ་ནམ་མཁའ་གང་བར་སྒྲོག་པས་ཉམས་གྲིབ་མི་གཙང་བ་མཐའ་དག་མིང་ཡང་མེད་པར་བསམ། མཐར་སྟོང་གསུམ་གང་བའི་མེ་ཐམས་ཅད་རིམ་པར་ཧཱུྃ་གི་བར་དུ་འདུས། དེའང་


LT32_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱུ་ནས་ནཱ་དའི་བར་དང་ནཱ་དའང་དམིགས་མེད་དུ་ཐིམ་པར་མོས་ལ། གདོད་ནས་བསྒྲིབ་བྱ་སྒྲིབ་བྱེད་མ་གྲུབ་པའི་གཉུག་མའི་རང་ངོ་ལ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡངས་པ་ན། སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་མེ་ཕུང་གི་དབུས་ན་བཞུགས་པར་མོས། བསྐྱེད་རྫོགས་གཉིས་ཀའི་མཇུག་ཏུ། ནམ་མཁའ་མེད་པར་གྱུར་ན་ཡང་༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ༔ ༔སྔགས་དང་རྟེན་འབྲེལ་མི་བསླུ་ཞིང་༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ ཉམས་གྲིབ་མི་གཙང་ཕྱོགས་ཀུན་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་པའི་བདེན་སྟོབས་ཀྱིས་ཤིས་པ་བརྗོད༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ཁྲོ་བོའི་རྒྱལ་པོ་འགྲུབ་གྱུར་ནས༔ སོགས་བསྔོ་སྨོན་བྱའོ། །སྙིགས་དུས་གྲིབ་དང་མི་གཙང་རྒོད། །ཁྱད་པར་དམ་གྲིབ་དགྲ་རུ་ལྡངས། །སོ་སོའི་གཉེན་པོ་མང་བསྟན་ཀྱང་། །ལྷ་སྔགས་འདི་ཉིད་འགྲན་ཟླ་བྲལ། །བཀའ་གཏེར་གདམས་ངག་ཟབ་


LT32_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡི། །བཅུད་འདུས་མཁའ་འགྲོའི་ཁ་རླངས་ཅན། །འདི་ཡིས་ཆོས་ལྡན་སྐྱེ་དགུ་རྣམས། །སྤྲིན་བྲལ་ཟླ་ལྟར་མཛེས་བྱེད་ཤོག །ཅེས་པའང་ས་དབང་ཆོས་ཀྱི་རྒྱལ་པོའི་ནང་བློན་ཀུན་དགའི་ཕན་བདེ་སྤེལ་ཞིང་དགེ་ལེགས་ཀྱི་ཡོན་ཏན་དུ་མས་མངོན་པར་བརྒྱན་པ་གང་གི་རྒྱུན་གྱི་ཉམས་བཞེས་ཆེད་དུ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་བསམ་གཏན་སྤྱིལ་བུར་བྲིས་པ་དགེ་ལེགས་འཕེལ།། །།

གཏེར་གསར་སྒྲོལ་མ་འཇིགས་པ་ཀུན་སེལ་ལས་ས་ཡི་འཇིགས་སྐྱོབ་བསྒོམ་བཟླས།


LT32_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གསར་སྒྲོལ་མ་འཇིགས་པ་ཀུན་སེལ་ལས་ས་ཡི་འཇིགས་སྐྱོབ་བསྒོམ་བཟླས་བྱ་བར་སྤྲོ་ན། སྐྱབས་སེམས་ནི། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོཿ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཨཱཿ སྟོང་གསལ་ཡེ་ཤེས་སྣང་ཆ་ལས༔ པད་དཀར་ཟླ་བ་རྒྱས་པའི་སྟེང་༔ ཏཱྃ་ཡིག་སྔོན་པོའི་འཕྲོ་འདུ་ལས༔ རང་ཉིད་རྡོ་རྗེ་སྒྲོལ་མ་མཐིང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔ རྡོ་རྗེ་རྩེ་ལྔས་མཚན་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་ཐིམ༔ ཨཱ་རྱཱ་ཏཱ་རེ་ཛཿ ཛཿཧཱུྃ་བྃ་ཧཱུྃཿ ནམ་མཁའ་གང་བའི་དབང་གི་ལྷས༔ དབང་བསྐུར་རིགས་བདག་དཔུང་བརྒྱན་གྱུར༔ ཨོཾ་ཨཱ་རྱཱ་ཏཱ་རེ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྗེ་བཙུན་མྱུར་མ་དཔའ་མོ་དང་༔ འཇིགས་པ་ཐམས་ཅད་སེལ་མཛད་མ༔ འཁོར་གྱི་ཚོགས་


LT32_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ལ་བསྟོད༔ ཐུགས་ཀར་ཟླ་སྟེང་ཏཱྃ་མཐིང་ག༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རྡོ་རྗེའི་རང་བཞིན་འཕྲོས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བྱས༔ ཁྱད་པར་ང་རྒྱལ་ལས་གྱུར་པའི༔ ས་ཡི་འཇིགས་པ་ཀུན་ཞི་གྱུར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ལྃ་ལྃ་བྷཱ་ཡ་ཤཱནྟི་ཾཀུ་རུ་སྭཱ་ཧཱ༔ ཞེས་དང་། ཤཱནྟི་ཾཚབ་ཏུ། རཀྵ་སྦྱར་བ་དང་ཅི་འགྲུབ་བཟླ། མཐར་སྤྲོ་ན་མཆོད་བསྟོད་གོང་བཞིན་བྱ། བསྡུ་ན་མི་དགོས། ཧཱུྃ་ཧཱུྃ་ཧཱུྃ་གིས་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ལྷར་ལྡངས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཤིས་བརྗོད་གང་རུང་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་གཏེར་གཞུང་ལས་བློ་གྲོས་མཐའ་ཡས་ཀྱིས་བཀོལ་བ་དགེ་ཞིང་བཀྲ་ཤིས། །སརྦ་མངྒ་ལཾ།། །།