cover

རྒྱ་ཆེན་བཀའ་མཛོད།

གླེགས་བམ་བཅུ་པ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


LT37_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད། ཐ། པར་ཞལ་གདམས་འཕྲོས་རྗེ་འཆི་མེད་པདྨ་སོགས་ལྡེབ། ༡ ན་མོ་གུ་ར་བེ། དལ་འབྱོར་ལན་གཅིག་སོགས་ལྡེབ། ༡ བརྡ་སྤྲོད་མཚན་གྱི་མངོན་བརྗོད་ལྡེབ། ༡༢ ལྷ་དབང་བཀྲ་ཤིས་ལ་གདམས་པ་ལྡེབ། ༤ ཉམས་མགུར་ལྡེབ། ༦ ཨ་ཧོ་སྔོན་ཆད་སོགས་ལྡེབ། ༣ ན་མོ་གུ་རུ་ཆོས་ཀུན་རྩ་བ་སོགས་ལྡེབ། ༥ ཡང་ཞལ་གདམས་ལྡེབ། ༡༢ ཧེ་ཨརྦྷུ་ཏཾ་དྲྀ་ཥྚ། དགའ་ལྡན་གནམ་དུ་སོགས་རྟོགས་བརྗོད་ལྡེབ། ༨ རྡོར་སློབ་ཀརྨ་རིན་ཆེན་ལ་གནང་བ་ལྡེབ། ༡ གཏེར་སྟོན་ཞིག་ལ་གནང་བ་ལྡེབ། ༡ བསླབ་བྱ་བཞི་པ་སུ་ཁྱཱ་ཞེས་པ་ལྡེབ་༡༢འབུལ་ཡིག་ལྡེབ། ༣༩ གསུང་ལེན་ཆབ་ཤོག་སྐོར་ལྡེབ། ༤༢ དགོན་ཆེན་ཇོ་བོའི་དཀར་ཆག་ལྡེབ། ༧༡ མཆོག་གླིང་གཏེར་དབོན་གདུང་རྟེན་དཀར་ཆག་ལྡེབ། ༡༠ ཤངས་ཆོས་ཡིག་རྙིང་དཀར་ཆག་ལྡེབ། ༢༦ དྲན་ཐང་པ་ཆེན་སྨྲྀ་ཏི་ཛྙཱ་ནའི་སྐུ་འབུམ་དཀར་ཆག་ལྡེབ། ༦ ཤངས་ཆོས་ཤེར་ཕྱིན་དཀར་ཆག་ལྡེབ། ༧ ཐུབ་དབང་སྐུ་མཐོང་བ་དོན་ལྡན་དཀར་ཆག་ལྡེབ། ༩ བཅས་ཐ་པར་བསྡོམ་ལྡེབ་གྲངས་ཉིས་བརྒྱ་བདུན་ཅུ་དོན་དྲུག་བཞུགས། །དགེའོ། །

འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་གྱི་ངོར་གནང་བ།


LT37_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆི་མེད་པདྨའི་མཛད་པ་དྲན། །སྐྱབས་ཨོ་རྒྱན་གུ་རུའི་བཀའ་དྲིན་དྲན། །སྤྱིར་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་དྲན། །སྒོས་སྒྲུབ་བརྒྱུད་གོང་མའི་ངོ་མཚར་དྲན། །བདག་སྙིང་ནས་གུས་པས་གསོལ་བ་འདེབས། །མགོན་ཐུགས་རྗེ་མ་ཆུང་བྱིན་གྱིས་རློབས། །གནས་གཡའ་གངས་བྲག་རི་ནགས་ཁྲོད་འགྲིམ། །ཟས་ཆགས་མེད་ཞེན་མེད་ཚོགས་སུ་རོལ། །གོས་དྲོ་འཁྱག་བཟོད་ཙམ་གང་བྱུང་གྱོན། །གྲོགས་དམ་ཚིག་གཙང་བ་སུ་རྙེད་འགྲོགས། །ལས་བླང་དོར་མེད་པར་ཐད་ཀར་སྤྱོད། །ཚུལ་འདི་འདྲ་བྱེད་པའི་མི་རེ་སྐྱིད། །དོན་འདི་མཐའ་འཁྱོལ་ན་དགའ་བ་ལ། །ཕ་གུ་རུའི་བཀའ་ལུང་མ་གཏོགས་པ། །གཞན་ཚུལ་འཆོས་བྱ་བཞག་བློ་ཡིས་བཏང་། །དུས་དེ་འདྲའི་སྐབས་སུ་སླེབ་ཙ་ན། །ཚིག་ཐ་སྙད་རྗེས་སུ་མ་འབྲང་ཡང་། །དོན་ཀུན་བཟང་དགོངས་པ་སྙིང་ལ་ཤར། །བློ་རེ་དོགས་མདུད་པ་ལོང་ནས་གྲོལ། །སེམས་གང་ཤར་ཆོས་སྐུའི་དབྱིངས་སུ་གནས། །གདིང་རང་བྱུང་རིག་པའི་ངང་དུ་འཆའ། །འཁྲུལ་རྟོག་ཚོགས་ཉོན་མོངས་སྤྲིན་གཏིབས་ཀྱང་། །དབྱིངས་ཀ་དག་མཁའ་ལས་གཡོས་པ་མེད། །ཕན་མ་བཏགས་གནོད་པ་མ་བསྐྱལ་ཞིང་། །ཀུན་མ་སྤངས་ཡེ་ཤེས་རོལ་པའི་རྒྱན། །ཕར་དགག་བྱའི་དོགས་པ་གཏིང་ནས་སངས། །ཚུར་བསྒྲུབ་བྱའི་རེ་བ་རྩད་ནས་ཟད། །ཤར་གྲོལ་ལ་ཡེ་


LT37_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རེ་བ་དང་། །འགྱུ་སྟོང་ལ་ཆོས་སྐུར་གདགས་པ་དང་། །འཛིན་སྟངས་ལ་རྟོགས་པར་རློམས་པ་སོགས། །འཕྲང་ཆེ་ཆུང་ལ་རྩལ་མཆངས་རྒྱས་ནས་སུ། །ཚིག་འདི་ཐོས་མེད་པར་དོན་རྩ་གོ། །ངོ་སུས་སྤྲད་མེད་པར་རང་ཞལ་མཇལ། །ལམ་འདིར་བགྲོད་མེད་པར་དགོས་སར་སླེབ། །བདག་རང་རྒྱུས་མེད་པ་དགོད་བག་བྲོ། །མཁའ་སྤྲིན་བྲལ་ལྟ་བུའི་ཀ་དག་དབྱིངས། །ཟང་ཐལ་གྱི་རིག་པ་འོད་གསལ་བ། །ཡེ་གདོད་ནས་འདུ་འབྲལ་མེད་པའི་གཤིས། །འཁྲུལ་བ་དང་གྲོལ་བ་མིང་དུ་ཟད། །འཁོར་བ་དང་མྱང་འདས་བཏགས་པ་ཙམ། །གཉིས་འཛིན་ཏུ་སྣང་བ་འཁྲུལ་པའི་སེམས། །སེམས་གདོད་མའི་གཤིས་སུ་གྲུབ་མ་མྱོང་། །གྲུབ་པའི་དབྱིངས་སུ་ལ་ཟློ་བ། །ང་སྤྲང་འཆལ་རྣལ་འབྱོར་ཁྱད་ཆོས་ཏེ། །གཞན་ཕལ་པའི་བློ་ལ་མ་ཤོང་ཡང་། །རྗེ་པདྨའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་ཀྱི་རིག་འཛིན་ཡིན་པའི་རྟགས། །དཔལ་ཨོ་རྒྱན་ཡབ་ཡུམ་བྱིན་བརླབ་པ། །གནས་ངོ་མཚར་དཀར་མོ་སྟག་ཚང་དུ། །ཉམས་སྣང་བ་དགའ་བའི་གླུ་རུ་བླངས། །ཚིག་འདི་ཡང་ཐོས་གྲོལ་དུས་མཉམ་ཤོག །གུ་ས་སོ། །


LT37_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བེ། །དལ་འབྱོར་ལན་གཅིག་ཐོབ་འདིར་དུད་འགྲོ་ལྟར། །ཡེངས་མ་ལམ་དུ་ཆུད་ཟོས་མི་བཏང་བར། །ཕྱི་མའི་དོན་བསྒྲུབས་དེ་ལ་གྲངས་མང་ཡང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཁོ་ནར་དྲིལ། །དེ་ཡི་སྲོག་རྩ་དྲན་དང་ཤེས་བཞིན་བསྟེན། །དེ་དོན་མཐར་ཐུག་ཕྱག་ཆེན་རྫོགས་ཆེན་ལགས། །བློ་སྣ་མི་མང་བརྩོན་འགྲུས་མཐར་ཕྱིན་ན། །ཚེ་གཅིག་ཐར་པའི་ལམ་བཟང་བགྲོད་པར་འགྱུར། ཅེས་འབྲས་ལྗོངས་བླ་མ་ཨོ་རྒྱན་བསྙན་འཛིན་གྱི་ཐུགས་བཞེས་ལྟར་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་དགེ། །འདིར་སྣང་སྒྱུ་མའི་ཆོས་ལ་བློ་གཏད་སྤངས། །གཉིས་འཛིན་འཁྲུལ་པའི་རྩ་བ་རྨིངས་ནས་ཤིགས། །ཉམས་ལམ་ཞེན་རྟོགས་པའི་གདིང་ཆེན་ཚོགས། །སྒོམ་མེད་རྟོགས་ཀྱང་ཡེངས་མེད་དྲན་པ་བསྟེན། །མོས་གུས་སྙིང་རྗེ་ཐང་ལྷོད་མ་ཤོར་འཚལ། །གདམས་ངག་ཉམས་ལེན་གནད་བསྡུས་དེ་ལ་མཛོད། གུ་ས་སོ། །

བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བ་བསྟར་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།


LT37_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བ་བསྟར་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


LT37_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་སྨྲ་བའི་སེང་གེ་རྡོ་རྗེ་དབྱངས་ཅན་བཞད་པ་གཙུག་ལག་ཉི་མ་ཚངས་པའི་སྒྲ་དབྱངས་དོན་ཐམས་ཅད་གྲུབ་པའི་དཔལ། །


LT37_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བརྟག་དཀའ་རྡོ་རྗེའི་ཚིག་ནི་རྣལ་འབྱོར་ས་ལ་བརླིང་། །མཚན་མའི་ཚིག་གི་ཆུ་གཏེར་ཟ་བ་སོ་སོར་རྟོག་པའི་མེ། །


LT37_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

། བྲི་གང་མེད་པར་ཡོན་ཏན་སྡུད་པའི་ངང་ཚུལ་ཟོལ་གྱིས་འདིར། །ཡེ་ཤེས་ཕུང་པོ་ཀརྨ་ཤོ་ཙེ་རྟག་ཏུ་རྒྱལ་གྱུར་ཅིག །


LT37_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་པར་རྒྱལ་བའི་བཀའ་ལུང་གི། །སྤྲིང་ཡིག་ཡོངས་སུ་གྲུབ་པས་བཏབ་པ་ཡི། །འཇིག་རྟེན་གསུམ་འདི་དྲི་མས་མི་མཇེད་ཀྱང་། །སྒྲོན་མེའི་ཞིང་ཞེས་དོན་དང་ལྡན་པར་བྱས། ༢ །ཆོས་ཉིད་གཟིགས་པའི་ཤེས་རབ་ཇི་ལྟ་བ། །ཆོས་དབྱིངས་མུ་མཐའ་མེད་པའི་རྗེས་འགྲོ་ཕྱིར། །ཤེས་སོགས་འཛིན་པའི་ཁམས་ཀྱིས་བསྙད་པའི་ཆོས། །ཐམས་ཅད་མཁྱེན་པ་གདོད་ནས་བརྙེས་ལགས་གྲངས། །ཕན་པས་སྐྱོང་བ་མཐོ་རིས་དགའ་ཚལ་ན། །འོད་ཀྱི་ཐུར་མས་ཕྱེས་པའི་པདྨོ་བཞིན། །བློ་གསལ་ཚོགས་ཀྱི་བློ་གྲོས་གསོ་བའི་སླད། །གཟུངས་དང་རིག་པ་ཉི་མའི་དཔལ་ཡོན་བཟུང་། ༤ །ནོར་བུའི་རྐང་བཏེག་བཀྲ་བའི་གསེར་གྱི་ཁྲི། །རིན་ཆེན་མྱུ་གུ་གསར་བའི་འདབ་ལྡན་ལ། །གཡོ་མེད་སྙིང་རྗེའི་སྤྱན་རས་དཀྱུས་རིང་བས། །གཞོན་ནུའི་རྫུ་བག་སྲིད་པའི་མཐོང་བ་སྒྲུབ། ༥ །ཁྱོད་ཀྱི་གཟིགས་བ་དུ་མ་རོ་གཅིག་སྟེ། །ཤེས་རབ་རྡུལ་དང་བྲལ་བའི་མཐར་འཛེགས་ཀྱང་། །ཐུབ་པའི་བསྟན་ལ་མཛད་པ་བགྱི་སླད་དུ། །རྟོག་དང་གོམས་པས་རིག་པའི་མཐར་གཤེགས་མཛོད། ༦ །ཇི་ལྟར་བཞིན་གྱི་སྣོད་དུ་པྲ་ཕབ་པའི། །གཞན་མཆོག་སྡོམ་པས་ཕྲ་རབ་རྡུལ་གྱི་ཆོས། །ཕྱི་ནང་ཀུན་རྫོབ་དྲྭ་བ་སྡོམ་པ་ཡི། །འཕོ་མེད་གསུང་གི་འཁོར་ལོས་སྒྱུར་མོད་ཀྱི། ༧ །སྙིགས་ལྔ་མུན་པའི་ཁྲོད་དུ་


LT37_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་གྱི། །སྒྲོན་མེ་གཅིག་བུ་དེ་ནི་ཁྱོད་མཆིས་པས། །གང་དེ་སྲིད་འདིར་ཡུན་རིང་བགྱི་བའི་སླད། །ད་དུང་གསུང་རབ་རྒྱ་མཚོས་ངོམས་མེད་མཛོད། ༨ །ཆོས་ལ་གོམས་དང་གཟུ་བོའི་བློར་གནས་པ། །མ་མཆིས་བརླང་པོར་སྤྱོད་པའི་སྦྲུལ་གདུག་གི། ཁ་རླངས་རབ་ཏུ་གཏིབ་པས་ཐུབ་བསྟན་གྱི། །སྒྲོན་མེ་མོག་པོར་གྱུར་པ་འདི་གཟིགས་ལ། ༩ །རྩོད་པའི་གནམ་ལྕགས་ལོག་ལྟའི་ཀླད་པར་ཕོབ། །འཆད་པ་ཉིན་མོར་བྱེད་པའི་སྣང་བ་སྦོར། །ལེགས་བཤད་རྩོམ་པའི་དབྱངས་ཀྱི་རྒྱུན་དག་གིས། །སྲིད་པའི་མཐའ་ཡི་བར་དུ་བསྐལ་བཟང་མཛོད། ༡༠ །མཆོག་བསྟན་རྩོད་པའི་དུག་ཅན་མར་བྱིང་བ། །ཉམ་ཆུང་སྲིན་བུའི་ནུས་པར་ཡིད་བརྟོན་ན། །ཐོགས་མེད་བླ་རུ་འདེགས་ལ་འགྲམ་སྐྱོང་གི། །ནུས་འཆང་ཁྱོད་ཀྱིས་བཏང་སྙོམས་མཛད་སྲིད་དམ། ༡༡ །སྙིང་སྟོབས་དཔག་པར་དཀའ་བའི་རྒྱལ་རྣམས་ཀྱི། །ཕྲིན་ལས་གོང་བུར་འདྲིལ་བ་པད་དཀར་འཆང་། །མཁྱེན་བརྩེས་གདུལ་དཀའ་འདུལ་བའི་ཐབས་མཁས་ཀྱིས། །བྱང་སེམས་གཞན་རྣམས་།ཐུགས་ཁྲལ་བསྐྱུང་བ་བཞིན། ༡༢ །གཞན་གྱིས་བསྟན་པ་གྲིས་པའི་མར་མེ་སྟེ། །ཁྱོད་གསུང་ལེགས་པའི་ལམ་སྟོན་མཆོག་ཡིན་ཕྱིར། །མཉམ་པར་བཞག་བཞིན་ཟབ་དང་རྒྱ་ཆེའི་ཆོས། །རྟག་ཏུ་འདོམས་ལ་ངལ་བ་མེད་པར་མཛོད། ༡༣ ཁ་བའི་ལྗོངས་


LT37_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཀུན་མཁྱེན་ཀརྨ་པ། །ཁྱོད་ཉིད་ཡོད་པས་རྒྱལ་བསྟན་གནས་པར་གྱུར། །དེས་ནི་དགེ་བཅུའི་སྣང་བ་དེ་ཡིས་ཀྱང་། །སྐྱེ་དགུའི་ཕན་དང་བདེ་བའི་པད་ཚལ་རྒྱས། ༡༤ །དེ་བས་བསྟན་འགྲོའི་རྒུད་པས་ཐུགས་དྲངས་ཏེ། །ཐུགས་བསྐྱེད་གོ་ཆ་རྒྱལ་རྣམས་གཡར་ལམ་དུ། །བཞེས་པ་གང་དེ་སྐྱོང་བས་ལྷོད་མིན་པར། །བྱང་ཆུབ་སྤྱོད་པའི་ཕྲིན་ལས་མི་བརྟུལ་མཛོད། ༡༥ །སྲིད་པའི་ཆུ་གཏེར་ཕ་མཐའ་བྲལ་བ་ལས། །འགྲོ་བ་འདོན་པའི་བློ་གྲོས་རབ་འཕགས་པས། །སྙིང་སྟོབས་དར་ལ་བབ་པ་ཁྱོད་ཁོ་ན། །དེ་ཕྱིར་གཞན་ཕན་ཕྱིར་དུ་འཚོ་གཞེས་གསོལ། ༡༦ །རྫོགས་སངས་ཉིད་ཀྱང་སར་གནས་བརྟུལ་ཞུགས་ཀྱིས། །མི་སྐྱེའི་ཆོས་ལ་བཟོད་པ་བརྙེས་པ་ཡིས། །ཞི་བསིལ་ཆོས་ཀྱི་བདུད་རྩི་སྦྱིན་པའི་ཕྱིར། །འཇིགས་མེད་སྨྲ་བའི་སེང་གེ་ཞབས་བརྟན་གསོལ། ༡༧ །བཟུང་འཛིན་རྒྱུ་བ་སྤྲོས་བྲལ་དབུ་མར་ཐིམ། །ཕྱི་ནང་དུས་སྦྱོར་བདེན་དོན་རྣམ་པར་དག །ཤིན་ཏུ་སྦྱངས་པའི་དགའ་བས་རབ་མྱོས་ཕྱིར། །རྡོ་རྗེ་དབྱངས་ཅན་བཞད་པ་འཚོ་གཞེས་གསོལ། ༡༨ །རྣམ་དཔྱོད་འོད་ཀྱི་ཐིགས་པས་ལུགས་གཉིས་ཀྱི། །བློ་གྲོས་པདྨའི་རྫིང་བུ་གསོ་བ་ལ། །སྤོབས་པ་རི་བོའི་ཁོངས་ན་མཐོ་བའི་ཕྱིར། །གཙུག་ལག་ཆོས་ཀྱི་ཉི་མ་ཞབས་བརྟན་གསོལ། ༡༩ །ཚར་གཅོད་


LT37_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བཟུང་རིག་པའི་ཏམ་བུ་ར། །མཁྱེན་རབ་འབར་བའི་ཕྱག་གིས་བརྡུངས་པ་ན། །ཕྱོགས་བསླད་གྲུབ་མཐའི་ཁེངས་པ་རབ་བསྟུང་ཕྱིར། །ཚངས་པའི་སྒྲ་དབྱངས་ལེན་བཞིན་འཚོ་གཞེས་གསོལ། ༢༠ །བདག་ལ་མཚན་མ་ཞི་བའི་རོས་སིམས་ནས། །གཞན་ལ་ཕན་པ་ནོར་བུའི་གཏེར་དང་མཚུངས། །མཐའ་གཉིས་སྤངས་པ་ལེགས་པའི་དོན་ཐམས་ཅད། །ཡོངས་སུ་གྲུབ་པའི་དཔལ་དུ་ཞབས་བརྟན་གསོལ། ༢༡ །གང་གིས་ཚོར་ན་ཕྱོགས་བསླད་སྐྱེ་བོའི་བཞིན་རས་པདྨའི་ནགས་ཟུམ་ཞིང་། །གཟུར་གནས་བློ་ཡི་ཀུ་མུད་འབྱེད་ལ་ཟླ་བ་གཞོན་ནུའི་རྗེས་འགྲོ་བ། །མཆོད་པའི་ཚུལ་དུ་ལེགས་སྦྱར་རིན་ཆེན་དད་པས་འབུལ་བའི་དོན་མཐུན་བདག །རྟེན་ཅིང་འབྲེལ་ཕྱིར་སྙིང་པོའི་བར་དུ་བཀའ་དྲིན་མཆོག་གིས་སྐྱོང་བར་མཛོད། ༢༢ །འདི་ཡི་དགེ་བ་དཔལ་གྱི་དུམ་བུས་འཇིག་རྟེན་གྱི། །རྨོངས་པའི་རིམ་འཕྲོག་མཁྱེན་རབ་གསར་པའི་ལང་ཚོ་རྒྱས། །ཡང་སྲིད་ཀུན་ཏུ་བདག་དང་གཞན་གྱིས་ཐམས་ཅད་མཁྱེན། །ཀརྨ་པ་ཡི་རྣམ་ཐར་རྒྱ་མཚོ་གྲུབ་གྱུར་ཅིག ༢༣ །ཅེས་ཐམས་ཅད་མཁྱེན་པ་ཞྭ་ནག་གི་ཅོད་པན་ཅན་དཔལ་ཀརྨ་པ་ཆེན་པོས་གདུལ་བྱའི་སྣང་ངོར་ལེགས་པར་སྦྱར་བ། ཀ་ལཱ་པ་དང་། མཚོ་ལྡན་མ་དག་གི་གཞུང་དང་དཀའ་གནད་བཅས་ལ་གསན་གཟིགས་མཐར་ཕྱིན་པའི་ཚུལ་སྟོན་པར་མཛད་ཚེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་ལྷག་བསམ་བདེན་པའི་


LT37_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་ཐུགས་རྗེ་བསྐུལ་བ་ཞབས་བརྟན་དང་བཅས་པ་འདི་ནི་ལྔ་རིག་ལ་ཅུང་ཟད་བློ་ཕྱོགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་དྲུག་པར་གུས་པས་བྲིས་ཏེ་གསོལ་བ་བཏབ་པའོ། །སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། ༈ །།སྡེབ་སྦྱོར་དག་པའི་སྣང་བའོ།། ༈ །།།འཇམ་དཔལ་དགྱེས་པའི་བློ་གྲོས་འོ་མའི་མཚོ། །བསྲུབས་སྐྱེས་མཁྱེན་རབ་བདུད་རྩིའི་ལང་ཚོ་བཅས། །སྒྲ་དབྱངས་བརྗོད་པའི་མཁའ་ལ་ཅི་དགར་རྩེན། །སྨྲ་བའི་ཟླ་བ་གང་དེ་རྒྱལ་གྱུར་ཅིག །ཁྱོད་ཐུགས་རིག་པའི་ནོར་བུའི་འབྱུང་ཁུངས་ལ། །གཏིང་དང་རྙོགས་དང་ཕ་རོལ་མེད་བརྟགས་ན། །སྲིད་འདིར་ཟབ་པར་གྲགས་པའི་རླབས་ཕྲེང་ཅན། །གནག་རྗེས་ཆུ་ཐིགས་ཙམ་གྱི་རྗེས་སུ་འཆིང་། །བདག་ཉིད་ལེགས་པར་སྤྱད་པས་སྐྱེ་ཀུན་དང་། །ཆོས་རྗེས་བསམ་ན་མི་མ་ལགས་པའང་དུལ། །གང་ཁྱོད་ལེགས་པར་མཛད་དང་རབ་དུལ་བ། །དེ་སླད་བསྟན་འགྲོའི་མགོན་ཏུ་གྲུབ་པ་དང་། །ཡོན་ཏན་ཁོ་


LT37_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་རྗེས་སུ་སོང་ཡང་ཡོན་ཏན་དེར་ཆགས་མིན། །མཁས་པའི་བླ་ན་མངོན་ཏུ་མཐོ་ཡང་མཁས་པར་བསྙེམས་པ་མིན། །བརྗོད་མེད་དེ་ཉིད་ཐུགས་སུ་ཆུད་ཀྱང་བརྗོད་པ་རབ་འབྱམས་ལ། །དབང་བསྒྱུར་མཚོ་བྱུང་མགྲིན་མཚོར་སྦས་པ་ཁོ་ན་ཡིན་མོད་ཀྱི། །ཆུ་ཀླུང་ཇི་སྙེད་རྒྱ་མཚོ་ཆར་འབབས་ཀྱང་། །བྲི་གང་མེད་ལས་ཟབ་པའི་རང་བཞིན་སྟོན། །འཕགས་རྣམས་ཤེར་བརྩོན་རྫོགས་ཀྱང་བསླབ་བྱ་ལ། །འཇུག་དེས་བྱང་ཆུབ་སེམས་དཔའི་གསང་བ་སྟོན། །དེ་ཕྱིར་གང་ཁྱོད་དབང་བསྒྱུར་ཆེན་པོ་ཡི། །སར་གནས་འཕགས་པ་ལགས་བཞིན་ཐོས་བསམ་དང་། །སྒོམ་པར་ཡང་འཇུག་བཟོད་དང་བརྩོན་པ་ཡི། །ཤིང་རྟས་རྒྱལ་བསྟན་ཉི་མ་འདྲེན་པར་རིགས། །མཁྱེན་པ་ཁོ་ནའི་གཏེར་དུ་གྱུར་ལགས་མོད། །ཉི་ཚེའི་སོམ་ཉིའི་ཆོམ་རྐུན་མདའ་ལྔ་པ། །རགས་པ་མ་ཡིན་ཕྲ་ཞིང་སྤྱོད་པའི་བློ། །རྣོ་ལྡན་མིག་གི་མེ་ལྕེས་གཞོམ་པ་དང་། །རིས་བྲལ་རྒྱལ་བསྟན་པུཎྜ་རཱི་ཀིའི་ཚལ། །རྒྱས་བྱེད་འཆད་རྩོད་རྩོམ་པའི་ཀོ་མུ་དཱི། །མཁྱེན་མཆོག་རལ་པའི་ཁྲོད་ནས་འགྱེད་པ་ལ། །ངལ་མེད་གཙུག་ན་ཟླ་བ་བཞིན་ཏུ་མཛོད། །བསོད་ནམས་བས་པར་བགྱིས་པ་སྙིགས་དུས་ཀྱི། །བརླང་པོར་སྤྱོད་ལ་སླར་ཡང་མཉེས་གཤིམས་པའི། །གསེར་དང་བོང་བར་མཉམ་པ་འཕགས་ཆེན་གྱི། །ཕན་པ་ལྷུར་མཛད་ཐུགས་


LT37_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འདའ་གསོལ། །ཆོ་ག་བཞིན་ཞུགས་གཙུག་ལག་རྒྱ་མཚོའི་བློ། །རེག་པ་གསར་པའི་བདུད་རྩིས་དོན་གཉེར་གྱི། །སྙིང་ལ་འཇིགས་པ་མེད་པའི་སྣང་བ་ཡི། །གོ་སྐབས་ཡངས་པོ་ཅི་དགར་སྦྱིན་པར་མཛོད། །སྐྱེ་འཇིག་མཚན་མ་དང་བྲལ་རྟག་བརྟན་ཆེའི། །རྡོ་རྗེའི་ཁྲི་འཕང་མཁའ་ལྟར་འཁྲིགས་པ་ན། །འགྱུར་མེད་གསང་གསུམ་ཐིག་ལེ་བདེ་ཆེན་ཏུ། །བསྡོམས་པའི་སྐྱིལ་ཀྲུང་གཅིག་ལས་འདའ་མ་གྱུར། །པདྨའི་མཚོ་ལ་ངང་པ་འདུ་བ་བཞིན། །མཁས་ཚུལ་ཉི་མ་འདྲེན་པ་བསྡུ་དངོས་ཀྱི། །འཆར་ཀའི་འོད་ལ་སྲིད་ཞིའི་ཕུན་ཚོགས་ཀུན། །མདུན་གྱིས་བལྟས་པའི་མཚར་སྡུག་རྫོགས་པར་གྱུར། །འདི་ནས་ཀུན་མཁྱེན་གཟིགས་པ་བརྙེས་ཀྱི་བར། །ཉི་དང་ཟེར་བཞིན་དམ་ཚིག་སྲད་བུས་འབྲེལ། །མདོར་ན་བཞེད་དོན་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་སྣང་བ་མཁའ་ཁྱབ་བདོ་གྱུར་ཅིག །ཅེས་པའང་ཐམས་ཅད་མཁྱེན་པ་ཀརྨ་ཏཱ་ཡི་སི་ཏུའི་ཕྲིན་ལས་ཕ་ཆེན་པོ། མཁྱེན་རབ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་རྗེ་དབོན་བསམ་གཏན་མཆོག་གི་སྤྲུལ་པའི་སྐུ་གང་ཉིད། སྒྲ་རིག་རྒྱ་མཚོར་ཤེར་བརྩོན་རྫོགས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་སྨོན་ཚིག་བཅས་རྗེ་ཏཱའི་སི་ཏུ་ཡབ་སྲས་ཀྱི་བཀའ་འབངས་ཐ་ཤལ་ཅུང་ཟད་ཐོས་པའི་ད་རི་དྲཱ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་གཅིག་པར་གུས་པས་ཕུལ་བ་སརྦ་ཐཱ་མངྒ་ལ་བྷ་བནྟུ། །


LT37_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་པདྨའི་ནགས་ཀླུང་དུ། །སྨྲ་བའི་ཉི་མའི་འོད་སྤྲོ་བ། །མཚོ་སྐྱེས་མགྲིན་པར་འཁྱུད་པ་ཡི། །གཞོན་ནུའི་ལང་ཚོ་ཅན་དེ་རྒྱལ། ༡ །རིང་ནས་གོམས་པའི་རྣམ་དཔྱོད་རིན་ཆེན་གྱི། །ལོགས་སུ་འཕོས་པ་གཙུག་ལག་གཟུགས་བརྙན་བརྒྱ། །སོ་སོར་རིག་པས་མཚོན་བྱའི་གཏིང་སླེབ་ཕྱིར། །སྲིད་པའི་ཁོངས་དུ་ཕུར་བུའི་སྙེམས་པ་འཆང་། ༢ །ཤིན་ཏུ་ཞི་བ་བདུད་རྩིའི་རླབས་འཐུང་སྟེ། །རྣམ་དག་ངག་གི་པདྨོ་རབ་དགོད་པས། །བརྗོད་ལ་འཇིགས་པ་མེད་པའི་སྤོབས་པ་གྲོལ། །ཤེས་བྱའི་གནས་ལ་སྨྲ་བའི་ཉི་མར་གྲུབ། ༣ །ཀུན་རྟོག་འཕོ་བ་འགག་པས་མགྲིན་པའི་རླུང་། །ནཱ་དའི་དབྱངས་སུ་བདག་བྱིན་བརླབས་གྱུར་གྲང་། །ཟླ་མེད་


LT37_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྒོ་གླེང་བའི་རྒྱལ་ཐབས་པར། །ངེས་པའི་ཆོ་ག་མཚོ་སྐྱེས་བླ་མས་བྱིན། ༤ །སྒྲིབ་གསུམ་སྤངས་པའི་དབེན་པས་མཐོང་ཕྱེ་ནས། །གཤིས་ཀྱི་མཁྱེན་པ་བརྒྱ་ཕྲག་སད་པའི་ཕྱིར། །འཇམ་དཔལ་གཞོན་ནུའི་ལང་ཚོ་རྫོགས་པར་ཡང་། །ངུར་སྨྲིག་བླ་གོས་གསར་པས་བསྒྲིབས་མིན་ནམ། ༥ །ཕྲ་བའི་གནད་ལ་ངེས་པས་བདེན་མཐོང་ཞིང་། །ཟབ་མོའི་ཆོས་ལ་མི་སྐྱེའི་བཟོད་ཐོབ་ཀྱང་། །ད་དུང་ཤེས་བྱར་རྟག་དང་གུས་པ་ཡིས། །འཇུག་དེ་རྒྱལ་སྲས་རྣམས་ཀྱི་ངང་ཚུལ་ལགས། ༦ །མཚན་ཉིད་དག་ཀྱང་མཚན་གཞིས་སྟོང་རྟོགས་ལ། །མཚོན་བྱ་ཉིད་ཀྱང་སྒྱུ་མའི་འཕྲུལ་འཁོར་ཙམ། །ཤེས་དང་ཤེས་བྱ་ཞི་བར་སིམས་པ་ཡི། །སྐྱེས་བུ་དེ་ལ་སྙེམས་པ་ག་ལ་ཡོད། ༧ །འཇིག་རྟེན་གྲགས་དོར་ན་ཡང་རྒྱུ་དང་འབྲས། །ལྟོས་ནས་གྲུབ་པས་བསྒོམ་ལ་ཐོས་པ་ཡང་། །དངོས་བརྒྱུད་དག་ལས་སྔོན་ཏུ་ཕྱིན་བགྱིད་པ། །སྲིད་ན་རྒྱལ་དང་མཚུངས་པའི་བཤེས་གཉེན་འགྱུར། ༨ །དེས་ན་ཕྱོགས་རེའི་གོ་བས་མཁས་པ་དང་། །ཅུང་ཟད་རྟོགས་པས་གྲུབ་པར་རློམས་པ་དང་། །ཟབ་མོའི་གནད་ལ་ཚད་མའི་ལུང་མེད་པར། །རྨོངས་བློས་ཤེས་པར་བཟོད་ཅེས་དེང་དུས་སྨྲ། ༩ །ལེགས་མཛད་ཤིང་རྟས་དྲངས་པའི་ཉིན་བྱེད་ཁྱོད། །བློ་ངན་རྫབ་བཞིན་དཀྲིག་པའི་མཁར་འཕགས་


LT37_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ལེགས་པར་སྤྱོད་དང་འཆད་པའི་འོད་སྣང་གིས། །མཐའ་ཡས་བློ་ཡི་པདྨོ་ཁ་འབྱེད་མཛོད། ༡༠ །བགྲུང་པར་འཚལ་ལོ་རྡུལ་གྱིས་རྙོགས་པའི་ཆབ། །རིན་ཆེན་རིགས་ལས་གཙང་བྱེད་དྭངས་པས་ཏེ། །ཐུབ་པའི་དམ་ཆོས་བླུན་པོས་བསླད་པ་ཡང་། །ཁྱོད་ཀྱི་ལུང་རྟོགས་མཁྱེན་པའི་དཔལ་གྱིས་སོ། ༡༡ །དངོས་ཀུན་འཇོ་བ་ནོར་བུའི་ཟ་མ་ཏོག །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཕྱིར། །ངེས་པའི་ཆོ་ག་རྒྱལ་མཚན་ལ་བཀོད་ན། །སྙིང་སྟོབས་གྲུབ་པས་དེ་ནི་གཟུང་བར་མཛོད། ༡༢ །རྣམ་དཔྱོད་གསེར་གྱི་ཡུ་བས་བཏེགས་པ་ཡི། །ལུང་དང་རིག་པའི་གདུགས་དཀར་ཡངས་པ་ན། །བློ་ལྡན་འཁོར་ལོ་གཉིས་པ་ངལ་གསོས་པས། །རྒྱལ་བསྟན་རྒྱལ་བའི་རྔ་ཆེན་བརྡུང་གྱུར་ཅིག ༡༣ །ཅེས་པའང་སྐྱེས་སྦྱང་ཕུན་སུམ་ཚོགས་པས་སྤོབས་པ་ཟད་མི་ཤེས་པ་ལ་དབང་བསྒྱུར་བ། མཆོག་གི་སྤྲུལ་པའི་སྐུ་འཇིགས་མེད་མཁྱེན་བརྩེ་གང་ནས་བརྡ་སྤྲོད་ཙཱནྡྲའི་གཞུང་སོགས་ལ་གསན་བསམ་མཛད་པའི་ཚེ་ཀུན་བཤད་ཀྱི་མཚན་དང་འབྲེལ་བའི་སྨོན་ཚིག་ཏུ། ཟེ་ཆེན་པཎྜི་ཏའི་བཀའ་དྲིན་ལས་ལྔ་རིག་ཆ་ཙམ་སྨྲ་བར་རློམས་པ་ཡོན་ཏན་རྒྱ་མཚོ་ཞེས་བགྱི་བའི་ད་རི་དྲཱ་ཞིག་གིས་རང་ལོ་ཉེར་བདུན་པར་ཕུལ་བ་དགེ་ལེགས་འཕེལ།། ༈ །།སྡེབ་སྦྱོར་ཡི་གེ་དགུ་པའི་བྱེ་བྲག་ར་ན་སས་འཁོར་ཞིང་རྒྱུ་བ་ཧ་ལ་མུ་ཁཱི་སྟེ་གཤོལ་གདོང་ཅན་ནོ།། །།


LT37_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་དཔལ་དང་ལྡན་པའི་ངག །གྲུབ་པའི་སྐྱེས་ཐོབ་བློ་གྲོས་ནི། །སྦྱོར་བྱུང་དབྱུངས་ཅན་ལྷ་དགྱེས་པའི། །རྣམ་དཔྱོད་ལང་ཚོ་གང་བ་རྒྱལ། ༡ །ཆུ་གཏེར་ཆེན་པོ་རིན་ཆེན་འབྱུང་བའི་གནས། །རྟག་ཏུ་ཆུ་བྲན་ངོམས་པ་མེད་པར་སྡུད། །དམ་ཆོས་རིན་ཆེན་དཔལ་འཛིན་མཁས་རྣམས་ཀྱང་། །ཐོས་བསམ་སྒོམ་ལ་དེ་བཞིན་གཅིག་ཏུ་འགྲུས། ༢ །མེ་ནི་ཤིང་ལ་རྟག་ཏུ་གནས་མོད་ཀྱང་། །སྐྱེས་བུས་མ་རྩོལ་འབར་བར་མི་བྱེད་ལྟར། །སྨོན་ལམ་མཐུ་ཅན་བློ་གྲོས་དག་གྱུར་ཀྱང་། །རྣམ་དཔྱོད་ཐོས་དང་བརྩོན་པ་ཉིད་ལ་རགས། ༣ །རྒྱལ་བསྟན་ནོར་བུ་བསླབ་པའི་རྒྱ་མཚོ་བརྟེན། །དེ་ཡང་ཐོས་པ་ཟླ་བ་བདུད་རྩིས་སྤེལ། །མ་ཐོས་བསླབ་པ་དག་པར་མི་འགྱུར་ཞིང་། །ཟབ་མོ་རྟོགས་པའི་ཤེས་རབ་མིག་ཀྱང་བརྟུལ། ༤ །ཇི་ལྟར་རྒྱལ་སྲིད་འཚོ་སྐྱོང་མི་ལྡན་པར། །ལྟོ་འགེངས་ཙམ་གྱི་སྐྱེ་བོ་ཕལ་པ་ལ། །ས་ཡི་དབང་ཕྱུག་སྒྲ་ཡིས་


LT37_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བོད་མིན་ལྟར། །བསླབ་པ་མི་ལྡན་བསྟན་འཛིན་མིང་ཙམ་ཟད། ༥ །བཻ་ཌཱུརྻ་བཞིན་སྟོན་པའི་བསྟན་པ་ལ། །བྱི་དོར་བྱེད་པ་དེད་དཔོན་ཆེན་པོ་སྟེ། །དོན་གཉིས་འདོད་རྒུ་འཇོ་བའི་གོ་འཕང་ལས། །གཞར་ཡང་མི་གཡོ་སྐྱེ་དགུའི་ཉེར་འཚོར་མཛོད། ༦ །རང་བཞིན་གྱིས་གྲུབ་སྤོབས་པའི་སྣོད་མཆིས་ན། །མང་ཐོས་བཅུད་མཆོག་སྡུད་པ་མི་དཀའ་བས། །རིག་ལམ་སྤྱི་དང་ཁྱད་པར་སྡེ་སྣོད་ཚུལ། །ཐོས་མང་ཚོལ་བས་ཆོས་སྤྱན་ལྡན་པར་མཛོད། ༧ །མ་ཐོས་སྒོམ་པ་དམུས་ལོང་ལམ་ཞུགས་བཞིན། །རང་ཉིད་མཆི་བའི་ཤུལ་ཡང་མི་མཚོན་ན། །གཞན་ལ་དེ་ཉིད་སྟོན་པ་ཚིག་ཏུ་ཟད། །སྒོམ་ཡང་ཐོས་ལས་བྱུང་བ་མཁྱེན་པར་མཛོད། ༨ །ཐོས་པས་རྒྱགས་ཏེ་སྒྲུབ་ལ་མི་བརྩོན་ན། །རིན་ཆེན་གཏེར་སྲུང་ཡི་དྭགས་ཆེན་པོ་བཞིན། །ངལ་བརྒྱས་འབོད་ཀྱང་དོན་དང་མི་ལྡན་པས། །ཐོས་བསམ་ཐ་མ་སྒྲུབ་ལ་རེག་པར་མཛོད། ༩ །ལྷག་བསམ་འབའ་ཞིག་བྱང་ཆུབ་ཆེན་པོའི་རྒྱུ། །དེ་ལས་ཐུན་མོང་མིན་པ་གཞན་མེད་པས། །གཞན་ཕན་ཐུགས་སུ་བཅང་ནས་མཁས་ཚུལ་དགུས། །བསྟན་དང་འགྲོ་ཀུན་སྣང་བའི་སྒྲོན་མེ་མཛོད། ༡༠ །ཀུན་གསལ་ཡངས་པའི་ཀློང་ན་ཅི་ཡང་ཤོང་། །བུམ་པ་ཆུང་ངུའི་ཁོང་དུ་དེ་ལྟ་མིན། །མཁས་རྣམས་གྲུབ་མཐའ་ཀུན་དང་མ་ལྟར་འཛའ། །ཕྱོགས་


LT37_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་བླུན་པོའི་ལས་སུ་མཁྱེན་པར་མཛོད། ༡༡ །དེ་ལྟར་གདམས་པའི་བདུད་རྩིས་སྙིང་གང་ནས། །དམ་པའི་ཚུལ་ལས་ནམ་ཡང་མི་གཡོ་ན། །རིས་མེད་བསྟན་འགྲོའི་མགོན་ཏུ་ཁྱོད་འགྱུར་བས། །སྲས་བཅས་རྒྱལ་བའི་དགོངས་པ་རྫོགས་པར་ངེས། ༡༢ །དེ་ཕྱིར་གསང་གསུམ་རྡོ་རྗེ་ལྟར་བརྟན་ཅིང་། །བཞེད་དགུའི་དོན་ཀུན་འབད་པ་མེད་པར་འགྲུབ། །ཕྲིན་ལས་ནམ་མཁའི་མཐར་ཡང་ཁྱབ་པ་ཡི། །བཀྲ་ཤིས་ཉི་ཟླ་འཁོར་ཡུག་འཆར་བ་ཤོག ༡༣ །ཅེས་པ་འདིའང་། སྔ་འགྱུར་བསྟན་པའི་སྲོག་ཤིང་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་སྔོན་སྦྱངས་བག་ཆགས་སད་པ་ལྟ་བུས། ཐུན་མོང་ཐུན་མིན་གྱི་རིག་གནས་གཞུང་ལུགས་ཀུན་ལ་ཐུགས་བརྩོན་ཆེ་ཞིང་མཁྱེན་པའི་ལང་ཚོ་རྫོགས་པར་གྱུར་པའི་ཚེ། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་འབྲེལ་བའི་བསླབ་བྱ་སྨོན་པའི་ཚིག་ཏུ་གསོལ་བ་བཅས། རིག་འཛིན་གྱི་བཙུན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། པཎྜི་ཏ་ཟེ་ཆེན་པའི་ལུང་གིས། བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་དུ་འབོད་པས། འོག་མིན་བླ་མའི་གདན་ས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཕུལ་བ་མངྒ་ལཾ།། ༈ །།སྡེབ་སྦྱོར་མཉམ་པའི་གྲྀཏྟའི་བྱེ་བྲག་ཡི་གེ་བརྒྱད་པ་ཁ་སྒོ་ལས་ཕན་པ་ཞེས་བྱའོ།། །།


LT37_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་བློ་གྲོས་བདུད་རྩིའི་གཏེར་འཆང་བ། །རྣམ་པ་ཀུན་ལྡན་ངག་གི་ཟླ་བ་ནི། །རྡོ་རྗེ་བཙུན་མོ་དབྱངས་ཅན་ལྷ་བཞད་པའི། །ལང་ཚོའི་འོད་ཀྱིས་འཇིག་རྟེན་མཛེས་གྱུར་ཅིག །བྱེད་པོ་ཁོ་ནས་འབྲས་བུ་མི་འབྱིན་ལ། །རྒྱུ་མེད་རྐྱེན་གྱིས་གྲུབ་པ་འགའ་ཡང་མེད། །དེ་བཞིན་ཚིག་གིས་གནས་ལུགས་མི་རྟོགས་ཀྱང་། །དེ་ཡིས་མ་མཚོན་ལྐུག་པའི་མཛུབ་བརྡ་བཞིན། །ཚིག་ཙམ་ལ་ནི་བྱང་ཆུབ་མེད་མོད་ཀྱི། །ཚིག་གིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སྣང་བ། །ཇི་ལྟར་སྣང་ལ་དམིག་བུ་མི་ལྡན་ཀྱང་། །མིག་གི་བྱ་བ་སྣང་ལ་རག་ལས་ཉིད། །དོན་སྤངས་ཚིག་ལ་ཞེན་པའི་མཁས་པ་དང་། །ཚིག་སྤངས་དོན་ལ་སྙིགས་རློམས་གྲུབ་པ་ཡང་། །བྱང་ཆུབ་སྤྱོད་པ་ཡོངས་སུ་མི་རྫོགས་པས། །མཐའ་གཉིས་སྤངས་འདིས་ཐམས་ཅད་མཁྱེན་པར་འགྱུར། །སྐྱེས་སྦྱངས་ཉི་མས་བཟུང་བའི་དགའ་ཚལ་ན། །བློ་ངན་བ་ཀུ་ལ་


LT37_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྒྱས་མིན་པས། །ཕྱི་ནང་ཟུང་དུ་འབྲེལ་བའི་ཐོས་བསམ་གྱིས། །ཡང་དག་ལྟ་ལ་ལེགས་པར་གོམས་པ་ཁྱོད། །དོན་གཉིས་ནོར་བུའི་བང་མཛོད་ཁ་ཕྱེ་བའི། །ལྷག་བསམ་གསེར་གྱི་ལྡེའུ་མིག་ཐོགས་བཞིན་ཏུ། །རིག་སྔགས་གྲུབ་པའི་བཅུད་མཆོག་འཐུང་བ་ཡིས། །ཆོས་ཀྱི་ཁྲི་ལ་ཡུན་རིང་འཚོ་གཞེས་གྱུར། །ཆོས་ལྟར་བཅོས་པ་རྡུལ་གྱི་ཚོགས་ཉམས་ཤིང་། །ལུང་རྟོགས་སྨན་གྱི་ལྗོང་པ་བདལ་བྱེད་པ། །ལེགས་བཤད་སྦྲང་ཆར་གསར་པའི་རྒྱུན་ཕོབ་ལ། །ཐུབ་བསྟན་དབྱར་གྱི་དཔལ་ནི་རྒྱས་པར་མཛོད། །དམ་ཆོས་འཛིན་ཅིང་འགྲོ་ཕན་སྒྲུབ་པ་ལས། །མི་ལྡོག་བཟང་པོ་སྤྱོད་པས་རྒྱལ་བ་ཀུན། །བདག་ལ་དགྱེས་པ་ཞལ་གྱི་འཛུམ་གཡོ་བས། །བསམ་དོན་ཡོངས་སུ་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པའང་ཤཱཀྱའི་དགེ་སློང་རྟགས་ཙམ་འཛིན་པ་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་ལྔ་པར། སྐྱེས་སྦྱངས་ཕུལ་བྱུང་མཆོག་གི་སྤྲུལ་སྐུ་ཀརྨ་ཆོས་ཀྱི་དབང་ཕྱུག་བརྡ་སྤྲོད་པ་ཙནྡྲ་པའི་གཞུང་ལུགས་གསན་པ་གྲུབ་པའི་ཚེ་ཀུན་བཤད་ཀྱི་མཚན་བྱང་དུ་ཕུལ་བ་དགེ། སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། ༈ །།སྡེབ་སྦྱོར་ཁ་སྒོ་ཕན་པའི་པྲསྟཱ་རའོ། འཇམ་དཔལ་


LT37_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དགྱེས་པའི་སློ། །ཟླ་བའི་ལང་ཚོ་སྤངས་རྟོགས་ཀྱི། །ཆ་ཤས་ཀུན་ཏུ་གང་བའི་འོད། །འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག ༡ །ཐར་པ་འདོད་པ་རྣམས་ཀྱི་བསྒྲུབ་བྱ་ནི། །རྣམ་པ་ཐམས་ཅད་མཁྱེན་པ་ཉག་གཅིག་སྟེ། །ཇི་ལྟ་ཇི་སྙེད་རྒྱུ་ཚོགས་མ་གྲུབ་བར། །ཕྱོགས་རེར་སྦྱངས་པས་སྐུ་གཉིས་འབྲས་མི་སྨིན། ༢ །དེ་ཕྱིར་ཤེས་བྱ་ཉུང་ངུས་མི་ཁེངས་པར། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་བསླབ་པའི་བློ། །དགོས་དགུ་འབྱུང་བ་གཏེར་གྱི་བུམ་པ་བཟང་། །གཞན་དོན་རླབས་ཆེན་སྒྲུབ་པའི་བཙས་སུ་འཆང་། ༣ །ཤེས་བྱའི་ཆོས་སུ་སྲིད་ཚད་སངས་རྒྱས་ཀྱི། །མཛད་པ་བགྱིད་པ་རྒྱལ་བའི་མཐུ་ཡིན་པས། །བསྟན་པའི་སེམས་ཁྲལ་ཐུགས་ལ་བརྣག་པ་ཡིས། །ཆོས་ལྡན་བྱ་བ་ཕྱོགས་རིས་མེད་པར་མཛོད། ༤ །དེ་ལྟ་ན་ཡང་ཚེ་གཅིག་གྲུབ་པའི་ནོར། །གྲུབ་མཐའི་འབད་རྩོལ་ཕལ་གྱིས་མི་སྦྱིན་པས། །བརྒྱུད་ལྡན་ཀླུ་དབང་གཙུག་ཏུ་སྦས་པའི་གཏེར། །དད་བརྩོན་བསོད་ནམས་རྒྱན་ཏུ་ལེན་ཀྱང་འཚལ། ༥ །ཆོས་བརྒྱད་སྤྲོས་པ་མི་གཡེང་ནང་གི་མཐའ། །ལེགས་པར་བཅད་ནས་སོ་སོ་རང་རིག་པའི། །ཡེ་ཤེས་མེ་ལྕེ་གཞན་དྲིང་མི་འཇོག་པས། །ཀུན་བརྟག་ཚང་ཚིང་མ་ལུས་ཟ་བར་མཛོད། ༦ །འདི་བཟུང་སྙིང་པོའི་བར་དུ་མི་འབྲལ་བར། །དགེ་བའི་བཤེས་དང་སློབ་མ་


LT37_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་གྱི། །བྱ་བ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་དཔལ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རབ་རྒྱས་ཤོག ༧ །ཅེས་པའང་། ཆོས་བརྒྱད་དང་མ་འདྲེས་པའི་བསླབ་གསུམ་གྱི་བརྟུལ་ཞུགས་ལས་མི་འདའ་བ་རང་སློབ་ཀརྨ་ཤེས་རབ་རྒྱ་མཚོ་རིག་ལམ་སྤྱི་དང་། ཁྱད་པར་བརྡ་སྤྲོད་གཞུང་ལུགས་སྨྲ་བའི་མཚན་བཏགས་བསླབ་བྱར་འབྲེལ་བ། ལྔ་རིག་པ་བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་དུ་འབོད་པས་དཔལ་སྤུངས་དབེན་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཆེད་དུ་སྤེལ་བ་དགེ་ལེགས་འཕེལ། །ཤུབྷཾ།། ༈ །།སྡེབ་སྦྱོར་ཡ་ཁ་སྒོས་མཛེས་པའོ།། །།།བསགས་དང་སྦྱངས་པའི་མཐར་ཐུག་པས། །རྟོགས་གྲོལ་མཁའ་ལྟར་རྒྱ་ཆེ་བ། །བསམ་དགུ་འཇོ་བའི་ཕྲིན་ལས་ཅན། །ཐུབ་དབང་དཔག་བསམ་ཤིང་དེས་སྐྱོངས། ༡ །གསུང་རབ་པདྨོའི་ཕྲེང་བ་ཡིས། །རྣམ་གྲོལ་ལུས་ཀྱི་དཔལ་


LT37_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་། །ཞི་བའི་བདུད་རྩིས་བྱང་ཆུབ་ཀྱི། །སྲོག་འཚོ་ཐེག་ཆེན་སྒྲ་དབྱངས་ལེན། ༢ །གང་སྔོན་རྣམ་དཀར་ལ་གོམས་པས། །འདིར་ནི་ཆོས་ཀྱི་རྒྱུ་ཚོགས་ཚང་། །བརྩོན་དང་བློ་གྲོས་མི་དམན་པས། །ཐར་མཆོག་བསྒྲུབ་པའི་ཡན་ལག་རྫོགས། ༣ །ཆོས་ཀྱི་རྩ་བ་ངེས་འབྱུང་སྟེ། །བྱང་ཆུབ་རྩ་བ་སེམས་བསྐྱེད་ལགས། །ཚོགས་བསགས་པ་ལ་ཤེས་རབ་སྟེ། །རྟོགས་པ་མོས་གུས་ཅན་ལ་སྐྱེ། ༤ །ཚེ་སྲོག་ཆུ་བུར་འདྲ་བས་ན། །ལས་འདི་ཟིན་ནས་བྱའོ་ཞེས། །ལེ་ལོ་དགེ་བའི་ཆོམ་པོ་གང་། །ལོང་མེད་མཚོན་ཆས་རྟག་ཏུ་གཞོམས། ༥ །རྒྱུད་དང་མ་འདྲེས་ཐོས་བསམ་གྱིས། ཁམས་གསུམ་དག་ཏུ་འཆིང་འགྱུར་ལ། །ཐོས་པས་དབེན་པའི་སྒོམ་པ་ཡང་། །ཕལ་ཆེར་རང་ཉིད་ཕལ་བའི་རྒྱུ། ༦ །དེ་ཕྱིར་ཐོས་པས་ངོམས་མེད་ཅིང་། །བསམ་སྒོམ་ཟུང་དུ་འཇུག་ནས་སུ། །དྲེགས་དང་ཕྱོགས་རིས་མེད་པ་ཡིས། །འཚོ་བ་དོན་དང་ལྡན་པར་མཛོད། ༧ །ཧ་ཅང་ཆོས་ཀྱི་ཕྱོགས་འཛིན་པ། །ཕལ་ཆེར་ཆོས་སྤངས་ཁུར་ལྕི་བས། །རྒྱལ་རྣམས་སྤྱོད་ཡུལ་བསམ་མི་ཁྱབ། །དག་སྣང་ཆོས་ཀྱི་མཐར་ཐུག་སྦྱོངས། ༨ །རིས་མེད་རློམས་ནས་འཆལ་བའི་ཆོས། །གསར་འགྲོགས་རང་ཕུང་རྒྱུ་ཡིན་པས། །མཁས་གྲུབ་མང་པོ་གཤེགས་པའི་ཤུལ། །ཡིད་ཆེས་མདོ་སྔགས་ཉམས་སུ་ལོངས། ༩ །སྤྱོད་ལམ་ཀུན་ཏུ་ཀུན་རྫོབ་དང་། །


LT37_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བྱང་ཆུབ་སེམས་གཉིས་ལ། །གོམས་འདྲིས་བརྟན་པ་ཐོབ་པ་ན། །སྒྲིབ་གསུམ་འཁོར་བའི་རྩ་བ་བཅད། ༡༠ །གང་ལ་དྲན་དང་ཤེས་བཞིན་མངའ། །དེ་ལ་ཆོས་ཀྱི་མདོ་ཡོད་པས། །ཆགས་སོགས་ཉོན་མོངས་མཐར་འབྱིན་ཏེ། །རྣམ་ཀུན་རང་སེམས་གཏན་ལ་ཕོབ། ༡༡ །དེས་ན་རིང་མིན་རྣམ་མཁྱེན་གྱི། །གོ་འཕང་ཉམས་འོག་ཆུད་པ་དང་། །དེ་སྲིད་ཆོས་མཐུན་ཚེ་བསོད་ཀྱི། །རྒྱལ་ཐབས་དབང་དུ་བྱེད་པར་ངེས། ༡༢ །འདའ་དཀའ་ཆོས་ཀྱིས་འབྲེལ་པས་ན། །འུ་ཅག་འདི་དང་གཏན་ཏུ་ཡང་། །བདེ་ནས་བདེ་བར་མི་འབྲལ་བས། །རྣམ་ཀུན་ལུང་རྟོགས་དཔལ་ལ་སྤྱོད། ༡༣ །ལས་ཀྱི་རྒྱུ་ཚོགས་སོང་བའི་འབྲས། །ཕྲ་ཡང་ཆུད་ཟོས་མི་སྲིད་པས། །ལྷག་བསམ་གྱིས་དྲངས་ཐོས་སོགས་ཀྱིས། །དོན་གཉིས་ཕ་རོལ་ཕྱིན་པར་འགྱུར། ༡༤ །དེ་ལྟར་བསམ་དགུའི་ས་བོན་ལེགས་བཏབ་པ། །མི་བསླུའི་རྟེན་འགྲོའི་དྲོད་དང་གཤེར་གྱི་རུམ། །མཆོག་གསུམ་བདེན་པ་བདུད་རྩིའི་ཆར་དབབ་པས། །ཀུན་ཕན་གསེར་གྱི་སྙེ་མ་བརྡལ་གྱུར་ཅིག ༡༥ །ཅེས་ཤེར་བརྩོན་ཕུལ་བྱུང་རང་སློབ་ཀརྨ་ངེས་དོན་ཀ་ཙཱནྲ་སོགས་སྒྲ་དང་། ཐུན་མོང་ཐུན་མིན་རིག་གཞུང་ལ་བློ་མིག་ཡངས་པར་གྱུར་པའི་ཚེ། གསུང་རབ་ཕྲེང་བ་བདུད་རྩིའི་སྒྲ་དབྱངས་ཞེས་པའི་མིང་དང་། བླ་མར་མངའ་གསོལ་རྟེན་འབྲེལ་ཆེད་དུ་རང་གི་གྱོན་པ་ཆོས་གོས་བཅས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གཏེར་རབ་དགའ་ཆངས་བྱུང་བ་སྙེམས་པའི་ལང་ཚོའི་ཟླ་སྣང་ཞེས་བགྱི་བས་དཔལ་སྤུངས་གྱི་གདན་ས་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།

ལྷ་དབང་བཀྲ་ཤིས་ལ་གནང་བའི་ཞལ་གདམས།


LT37_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དབང་བཀྲ་ཤིས་ལ་གནང་བའི་ཞལ་གདམས་བཞུགས་སོ། །


LT37_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨར་བདག་སྐྱབས་མཆི། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །དད་ལྡན་བློ་སྣ་ཆོས་ལ་སྒྱུར། །མི་ལྡོག་ཐར་པའི་ལམ་ཟིན་ཤོག །གངས་ཅན་མགོན་པོ་ཨ་ཏི་ཤས། །མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །ཅེས་པ་མདོར་བསྡུས་གཉིས་སུ་གསུངས། །ཡིད་ནི་ཉེས་པའི་རྩ་བ་སྟེ། ཁ་ནི་ཉེས་པ་འབྱུང་བའི་སྒོ། །དེ་ཕྱིར་འདི་གཉིས་རྟག་ཏུ་བསྲུང་། །འཁོར་འདས་ཐམས་ཅད་རང་གི་སེམས། །གཞན་ནས་རྡུལ་ཙམ་བྱུང་བ་མེད། །བདེ་སྡུག་བཟང་ངན་མཆོག་དམན་སོགས། །ཐམས་ཅད་སེམས་ཀྱི་རྟོག་པ་ཡིན། །རང་སེམས་དག་ན་སངས་རྒྱས་ཏེ། །གང་དུ་སྡོད་ཀྱང་དག་པའི་ཞིང་། །ཇི་ལྟར་བྱས་ཀྱང་


LT37_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དང་། །གང་སྣང་ཡེ་ཤེས་རོལ་པའི་རྒྱན། །རང་གི་སེམས་ཉིད་མ་དག་ན། །སངས་རྒྱས་ཡིན་ཀྱང་སྐྱོན་དུ་མཐོང་། །ཕ་མ་ལ་ཡང་ཁོང་ཁྲོ་སྐྱེ། །སྣང་བ་ཕལ་ཆེར་དགྲ་རུ་ལང་། །རེ་དོགས་ཆགས་སྡང་རྒྱུན་མི་ཆད། །མི་ལོ་མི་ཉན་མི་ཚེ་ཟད། །སུ་དང་འགྲོགས་ཀྱང་མི་མཐུན་ལ། །གང་དུ་བསྡད་ཀྱང་བདེ་བ་མེད། །ཇི་ཙམ་ཡོད་ཀྱང་ཆོག་མི་ཤེས། །རེ་རེ་འཛོམ་ཡང་རེ་རེ་དགོས། །ཚེ་འདིའི་སྣང་བས་གཡེང་གཡེང་ནས། །ཆོས་བྱ་སྙམ་ཡིད་ལ་དྲན་ན་ཡང་། །ད་བྱེད་ངང་དུ་མི་ཚེ་ཟད། །ངེས་འབྱུང་སོ་མ་སྐྱེ་བའི་སྐབས། །ཡོད་ཚད་ལིང་བོར་ཐུབ་ཐུབ་འདྲ། །འཁྲེབ་ནས་ཁབ་ལའང་སེར་སྣ་སྐྱེ། །མོས་གུས་གསར་པ་སྐྱེ་བའི་


LT37_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །བླ་མ་དེ་ལས་གཞན་མི་དྲན། །ཡུན་རིང་སོང་ནས་ལོག་ལྟ་སྐྱེ། །དད་པ་གསར་པའི་སྐབས་སུ་ནི། །དགེ་སྦྱོར་གཅིག་ཐོག་གཉིས་པ་བསྣུན། །རྒས་ནས་ཐམས་ཅད་དབྱིངས་སུ་ཡལ། །མཐུན་གྲོགས་གསར་པ་རྙེད་པའི་དུས། །རང་ལས་དེ་ཡི་ལུས་སྲོག་གཅེས། །ཨ་གསར་ཡལ་ནས་དགྲ་རུ་ལྡང་། །དེ་དག་ཐམས་ཅད་རྩ་བ་ནི། །རང་སེམས་ཚེ་མ་ཟིན་པས་ལེན། །རང་སེམས་བཀོལ་དུ་བཏུབ་པ་ན། །དབེན་གནས་གཞན་ཏུ་ཚོལ་མི་དགོས། །རྣམ་རྟོག་མེད་ན་དབེན་པ་ཡིན། །བླ་མ་ཕྱི་རུ་ཚོལ་མི་དགོས། །སེམས་ཉིད་བླ་མ་སངས་རྒྱས་ཡིན། །དགེ་སྦྱོར་ཐོན་ལུས་དོགས་མི་དགོས། །ཡེངས་མེད་དགེ་སྦྱོར་སྙིང་པོ་ཡིན། །གཡེང་བ་ཆེད་དུ་སྤང་མི་དགོས། །དྲན་ཤེས་བརྟེན་ན་རང་གྲོལ་ཡིན། །ཉོན་མོངས་སྐྱེ་དོགས་སྐྲག་མི་དགོས། །རང་ངོ་ཟིན་ན་ཡེ་ཤེས་ཡིན། །རང་སེམས་སྐད་ཅིག་མ་འདི་ལས། །འཁོར་འདས་གཞན་དུ་མ་གྲུབ་པས། །རྟག་ཏུ་སེམས་ལ་བྱ་ར་འཚལ། །རང་སེམས་ནང་དུ་མ་ཐུལ་ན། །ཕྱི་རོལ་དགྲ་ལ་ཟད་པ་མེད། །ནང་དུ་ཁོང་ཁྲོ་ཐུལ་བ་ན། །ས་སྟེང་དགྲ་བོ་ཐམས་ཅད་ཞི། །སེམས་ལ་ཆོག་ཤེས་མ་སྐྱེ་ན། །འདོད་རྒུ་འཛོམ་ཡང་སྤྲང་པོ་འདྲ། །ཞེན་ལོག་ཆོག་ཤེས་ཅན་གྱི་མི། །ཟང་ཟིང་མེད་ཀྱང་རྟག་ཏུ་ཕྱུག །འཇིག་རྟེན་བྱ་བ་ལེགས་པ་དང་། །ཆོས་དང་དགེ་བ་སྒྲུབ་པའི་ཚེ། །


LT37_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་དགའ་བ་སྐྱེ་བ་ཡི། །བག་ཆགས་དེ་ཡིས་མཐོ་རིས་སྐྱེ། །དེ་ཡང་མི་རྟག་འཁོར་བ་ཡིན། །དགའ་བའི་ངོ་བོར་བལྟས་པ་ན། །སྟོང་པར་མཐོང་དེ་ཐར་ལམ་རྒྱུ། །ཆོས་དང་འཇིག་རྟེན་བྱ་བ་རྣམས། །མ་ལེགས་སྡུག་བསྔལ་བྱུང་བ་དང་། །ཁོང་ཁྲོ་ཞེ་སྡང་འདོད་ཆགས་སོགས། །ཉོན་མོངས་རྟོག་པའི་རྗེས་འབྲང་ན། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ། །དེར་སྐྱེས་སྡུག་བསྔལ་བསམ་མི་ཁྱབ། །ཉོན་མོངས་སྡུག་བསྔལ་གང་སྐྱེས་ཀྱང་། །རང་ངོར་བལྟས་པས་སྟོང་པར་ཡལ། །དེ་ལས་ཡེ་ཤེས་ལོག་ན་མེད། །རང་སེམས་འདི་དང་མི་འབྲལ་བས། །རྟག་ཏུ་རང་སེམས་བསྲུང་བ་གཅེས། །སེམས་སྲུང་བ་ལ་ཆོས་ཀུན་འདུས། །སྲུང་ཚུལ་རྒྱལ་སྲས་ཞི་བ་ལྷས། །སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཅེས་གསུངས་བཞིན་དུ་ཉམས་ལེན་གཅེས། །དེ་ཕྱིར་ཚོགས་དྲུག་ཡུལ་སྣང་ཀུན། །སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཏེ། །སྤང་བླང་བྱེད་ན་བྱེད་མཁན་འཁྲུལ། །རོ་སྙོམས་ལམ་ཁྱེར་མཆོག་ཡིན་ཀྱང་། །ལས་དང་པོ་ཡི་གང་ཟག་གི། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ། །མི་ལུས་དལ་འབྱོར་རྙེད་དཀའ་ཞེས། །འཆི་བ་མི་རྟག་ཡང་ཡང་བསམ། །ལས་འབྲས་བསླུ་མེད་ངེས་ཤེས་བསྐྱེད། །


LT37_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཤི་བ་མཐོང་ཐོས་ཚེ། །རང་ལ་བརྡ་བསྟོན་ཤེས་པར་མཛོད། །དབྱར་དགུན་འགྱུར་བ་མཐོང་བའི་ཚེ། །ཐམས་ཅད་མི་རྟག་དྲན་པར་མཛོད། །སྦྲང་དང་སྦྲང་རྩི་མཐོང་བའི་ཚེ། །ནོར་རྫས་དགོས་མེད་ཤེས་པར་མཛོད། ཁང་ཞིག་གྲོང་སྟོང་མཐོང་བའི་ཚེ། །སྡོད་གནས་ཁང་ཁྱིམ་ཤེས་པར་མཛོད། །གཞན་དག་མཛའ་བ་བྲལ་མཐོང་ཚེ། །རང་གི་ཉེ་མཇའ་དྲན་པར་མཛོད། །གཞན་ལ་མི་འདོད་གློ་བུར་ཚེ། །རང་ལའང་འབྱུང་བ་དྲན་པར་མཛོད། །རང་གཞན་ཐམས་ཅད་རྨི་ལམ་ལྟར། །བདེན་པར་གྲུབ་པ་རྡུལ་ཙམ་མེད། །རང་སེམས་བཟོ་བཅོས་མ་བསླད་པར། །གཉུག་མའི་རང་ངོ་བསྐྱང་པའི་ཚེ། །ཕྱི་ནང་ཆོས་ཀུན་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་མཁའ་ལྟར་རྟོགས། །དེ་ནི་དོན་དམ་བྱང་སེམས་ཡིན། །དེ་ལྟར་མ་ཤེས་འགྲོ་བ་རྣམས། །གཟུང་འཛིན་དབང་གིས་འཁོར་བར་འཁྱམས། །སྡུག་བསྔལ་མྱོང་ལ་ཚད་མེད་པའི། །སྙིང་རྗེ་བཅོས་མིན་ཤུགས་ལ་སྐྱེ། །དེ་ནི་ཀུན་རྫོབ་བྱང་སེམས་ཡིན། །སྙིང་རྗེ་འཛིན་མེད་སྟོང་པར་རྟོགས། །སྟོང་པའི་རང་རྩལ་སྙིང་རྗེ་ཤར། །ཟུང་འཇུག་མདོ་སྔགས་ཆོས་ཀྱི་སྙིང་། །ཉམས་ལེན་ཕུག་པོ་འདི་ལ་མཛོད། །དེ་དག་རྒྱུད་ལ་སྐྱེ་བའི་ཐབས། །ཚོགས་བསགས་ལག་ཏུ་གང་ཐེབས་བྱ། །དཀོན་མཆོག་གསུམ་ལ་གསོལ་བ་གདབ། །བླ་མའི་མོས་གུས་གནད་དུ་བསྣུན། །རང་གཞན་སྡིག་ལས་ལྡོག་པ་དང་། །


LT37_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནུས་དགེ་བའི་ལས་ལ་བསྐུལ། །ཐེག་པ་ཆེན་པོའི་སེམས་བསྐྱེད་དང་། །རྣམ་དག་བསྔོ་བ་འབྲལ་མི་བྱ། །དགེ་བློ་ཡར་ཟླའི་དཔལ་ཡོན་ཅན། །དེ་བེནྡྲ་ཡི་གསལ་འདེབས་སུ། །དགེ་སྦྱོང་བློ་གྲོས་མཐའ་ཡས་ཞེས། །རྒན་པོ་འདུ་གསུམ་པ་ཡིས་བྲིས། །ཆེ་དང་ཆོས་སྒྲུབ་མཐར་ཕྱིན་ཅིང་། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །སརྦ་སིདྡྷི་རསྟུ་མངྒ་ལཾ།

ཉམས་མགུར།


LT37_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ །གངས་ཅན་བླ་མའི་སྐལ་པ་པདྨ་འབྱུང་། །ཁྱད་པར་ང་ཡི་སྐྱབས་གཅིག་མཚོ་སྐྱེས་རྗེ། །དབྱེར་མེད་དཔལ་ལྡན་བླ་མ་རིན་པོ་ཆེར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེས་འཇུག་རྣལ་འབྱོར་ཕྱི་ཞིག་ནང་སྟོང་ངས། །མགོན་ཁྱོད་སྐྱབས་སུ་བསྙེན་པའི་བཀའ་དྲིན་ལས། །སྐད་སྙན་མེད་ཀྱང་གླུ་ཞིག་ལེན་སྙིང་འདོད། །སྦོབས་པ་དམན་ཀྱང་འཕྱོར་ཅིག་སྒྲོགས་སྙིང་འདོད། །རྣལ་འབྱོར་ང་ལ་ང་གཅིག་མི་ཟེར་ཏེ། །ཅོལ་ཆུང་ང་ནི་མཚན་ལྡན་བླ་མའི་བུ། །གཅིག་ཤེས་ཀུན་ལ་གྲོལ་བས་ནམ་མཁའ་འདྲ། །ཡང་དག་གཏུགས་ན་ཁབ་མིག་བཞིན་དུ་དོགས། །རིག་འཛིན་ང་ལང་ཅིག་མི་ཟེར་ཏེ། །སྔགས་འཆང་ང་ནི་ཨོ་རྒྱན་པདྨའི་རིགས། །ཡིན་རྟགས་ཤུགས་འབྱུང་བསྟན་དུས་གྲུབ་ཐོབ་འདྲ། །ཡང་དག་གཏུགས་ན་ནུས་མེད་ཐ་མལ་པ། །འཁྲུལ་ཞིག་ང་ལ་ང་ཅིག་མི་ཟེར་ཏེ། །ཅོལ་ཆུང་ང་ནི་སྒྲུབ་བརྒྱུད་བརྒྱད་སྲོལ་སྐྱོང་། །གང་ཡང་གཟའ་གཏད་མེད་པས་སྨྱོན་པ་འདྲ། །ཡང་དག་གཏུགས་ན་ཕ་ཝཾ་ལས་ཀྱང་ལྗིག །རྟོགས་ལྡན་ང་ལང་ཅིག་མི་ཟེར་ཏེ། །བླུན་སྒོ་མང་ནི་དྭགས་ཤངས་བཀའ་བརྒྱུད་པ། །བཟོ་མེད་གཉུག་མ་སྐྱོང་བས་གླེན་པ་འདྲ། །ཡང་དག་གཏུགས་ན་སྒོམ་པ་དབྱིངས་སུ་སྟོར། །བླ་མ་ང་ལ་ང་ཅིག་མི་ཟེར་ཏེ། །སེར་གཟུགས་ང་ནི་མཁས་གྲུབ་མང་པོའི་སྲས། །


LT37_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཐོས་ལག་ལེན་བཏབ་པས་ཚོང་དཔོན་འདྲ། །ཡང་དག་གཏུགས་ན་བྱར་མེད་ནམ་མཁའི་ཀློང་། །དེ་རིང་ཁོག་ཏུ་མ་བསྐྱིལ་ཁ་ལ་གྱེར། ཁ་ལ་གྱེར་ཡང་གཏིང་ལ་ཅི་ཡང་མེད། །མེད་པའི་དབྱིངས་སུ་ཆོས་ཀུན་འུབ་ཀྱིས་རྫོགས། །འོད་གསལ་ཐིག་ལེ་ཆེན་པོར་ཕྱམ་བདལ་ལོ། །ཆོས་ཀུན་གདོད་ནས་མ་སྐྱེས་སྟོང་པ་ཉིད། །གར་ཡང་མི་འགག་ཅིར་ཡང་གནས་པ་མེད། །སྣང་ཙམ་མ་འགགས་རྟེན་ཅིང་འབྲེལ་འབྱུང་ཚུལ། །རྣལ་འབྱོར་ང་ཡི་ལྟ་བ་རང་སྟོང་ཡིན། །བརྗོད་དུ་མེད་ཀྱང་བརྗོད་པ་ཀུན་གྱི་གཞི། །འོད་གསལ་རང་བཞིན་འཁོར་འདས་ཀུན་ལ་ཁྱབ། །བརྟག་པས་མི་མཚོན་དཔྱད་པའི་བློས་མི་རེག །རྣལ་འབྱོར་ང་ཡི་སྒོམ་པ་གཞན་སྟོང་ཡིན། །རྟོག་པ་གློ་རྔེག་གང་དྲན་ཐད་ཀར་སྤྱོད། །འདོད་ཡོན་ལམ་ཁྱེར་རེ་དོགས་མཐའ་གཉིས་བཅད། །གཟུང་འཛིན་མདུད་པས་དབུ་མའི་དབྱིངས་སུ་གཞི་ལ། །རྣལ་འབྱོར་ང་ཡི་སྤྱོད་པ་ཞི་གཅོད་ཡིན། །མ་བཅོས་ཐ་མལ་ཤེས་པ་སྐད་ཅིག་མ། །རྟོགས་གྲོལ་དུས་མཉམ་གང་ཤར་ཆོས་ཀྱི་སྐུ། །ཡེངས་མེད་སྒོམ་མེད་རང་བབ་གཉུག་མའི་འགྲོས། །རྣལ་འབྱོར་ང་ཡི་ཉམས་ལེན་ཕྱག་ཆེན་ཡིན། །ཡེ་ནས་འཁྲུལ་མ་མྱོང་བས་གྲོལ་རྒྱུ་མེད། །སྟོང་གསལ་ཟུང་འཇུག་སྐུ་གསུམ་གཤིས་ལ་རྫོགས། །སེམས་ཀྱི་གོས་བྲལ་རིག་སྟོང་རྗེན་པའི་ངང་། །རྣལ་འབྱོར་ང་ཡི་སྙིང་ཐིག་རྫོགས་ཆེན་ཡིན། །


LT37_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་དབྱིངས་ཀྱི་རང་བཞིན་ཡངས་པ་ཆེ། །ཀློང་ཡངས་ནམ་མཁའ་གཞི་མེད་རྩ་བ་བྲལ། །ཕྱོགས་སུ་མ་ལྷུང་གར་ཡང་རྒྱ་མ་ཆད། །རྣལ་འབྱོར་ང་ནི་རང་སྣང་རིས་མེད་ངང་། །རང་བྱུང་རིག་པའི་རྒྱལ་པོ་བདལ་ས་ཆེ། །ཐིག་ལེ་བདལ་བས་མཐའ་དབུས་མེད་པར་ཁྱབ། །དགག་ཏུ་མེད་ཅིང་བསྒྲུབ་བྱར་ཙམ་མ་མཆིས། །རྣལ་འབྱོར་ང་ཡི་རིག་པ་རང་སར་གྲོལ། །གནས་ལུགས་གང་ཡང་དབྱིངས་ལས་གཡོས་པ་མེད། །སྣང་ལུགས་ཐམས་ཅད་རིག་པའི་རྩལ་དུ་ཤར། །ཡིན་ལུགས་ཤེས་ན་ཀུན་ཀྱང་དེ་བཞིན་ཉིད། །རྣལ་འབྱོར་རྟོགས་ཚོགས་དབྱིངས་ཀྱི་རྒྱན་དུ་རྫོགས། །འཁོར་འདས་སྣང་བ་མ་སྐྱེས་གཉུག་མའི་ངང་། །ཟང་ཐལ་རིག་པ་འགག་མེད་འོད་དུ་གསལ། །ཟུང་འཇུག་གང་ཡང་ཡིན་ལ་ཅིར་ཡང་མིན། །རྣལ་འབྱོར་གནས་ལུགས་ཅོག་བཞག་ཀློང་དུ་བདེ། །རང་རིག་ཡེ་ཤེས་ཀུན་ཁྱབ་འོད་དུ་གསལ། །ལེགས་པར་སྨིན་པས་རང་སྣང་ལྷ་སྐུར་ཤར། །གདོད་མའི་དབྱིངས་སུ་འཁྲུལ་པ་བཙན་ཐབས་སངས། །རྣལ་འབྱོར་གཅེར་མཐོང་ཀློང་དུ་གཏད་མེད་གྲོལ། །སུས་ཀྱང་མ་བཅིངས་ཅིས་ཀྱང་བཀྲོལ་བ་མེད། །སོར་བཞག་རྒྱལ་པོ་ཡེ་བབས་ལྷུན་འབྱམས་ངང་། །གཏད་མེད་ངང་དུ་བྱར་མེད་གཉིད་ལོག་པས། །རྣལ་འབྱོར་དྲན་པའི་བརྟོད་ཕུར་དབྱིངས་སུ་སྟོར། །འཇུར་བུའི་


LT37_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་རང་བབ་ངང་དུ་གྲོལ། །དྲན་པའི་དམིགས་གཏད་ཆོས་ཉིད་དབྱིངས་སུ་ཞིག །ཀློང་ཡངས་ཆེན་པོར་ཡེ་ཤེས་ཕྱམ་བདལ་བས། །རྣལ་འབྱོར་སེམས་ལ་རྩིས་གདབ་གང་ཡང་མེད། །ཡུལ་སྣང་འདོད་ཡོན་ལྔ་ཡི་དགའ་མ་ལ། །རང་གྲོལ་རིག་པའི་སྐྱེས་བུས་རྟག་ཏུ་འཁྱུད། །བླང་དོར་གཉིས་མེད་བདེ་བ་ཆེན་པོར་འབྱམས། །རྣལ་འབྱོར་ཐབས་ཀྱི་ལམ་ལས་རྣམ་པར་གྲོལ། །ལྟ་བས་མ་བསླད་སྒོམ་པའི་འཆིང་བ་བྲལ། །སྤྱོད་པས་མ་བཅོས་གནས་ལུགས་གདོད་མའི་གཤིས། །ནམ་མཁའི་ཀློང་དུ་རྟོག་པའི་སྤྲིན་རིས་ཡལ། །རྣལ་འབྱོར་གཉེར་ཁ་མེད་པས་ཅི་བྱས་བདེ། །གཞི་ལམ་འབྲས་བུའི་མཚན་འཛིན་རི་བོང་རྭ། །ཆོས་དང་ཆོས་ཅན་རྣམ་འབྱེད་མོ་གཤམ་བུ། །འཁྲུལ་གྲོལ་སྤང་གཉེན་ནམ་མཁའི་པདྨོ་བཞིན། །རྣལ་འབྱོར་ལྟ་བ་མེད་པའི་དབྱིངས་སུ་རྫོགས། །རིག་པའི་ཡེ་ཤེས་རྒྱར་ཆད་ཕྱོགས་ལྷུང་བྲལ། །བརྟན་གཡོ་འཁོར་འདས་ཀུན་ལ་མཁའ་ལྟར་ཁྱབ། །ལྷུན་འབྱམས་བདལ་ས་ཆོས་ཉིད་ཡངས་པ་ཆེ། །རྣལ་འབྱོར་སྒོམ་པ་ཕྱལ་པའི་དབྱིངས་སུ་རྫོགས། །དགག་སྒྲུབ་རྟོག་པ་ཀ་དག་ཆེན་པོའི་ངང་། །བྱ་རྩོལ་མཚན་མ་སྨྲ་བསམ་བརྗོད་བྲལ་ཀློང་། །འོད་གསལ་ཐིག་ལེ་ཉག་གཅིག་འུབ་ཆུབ་པས། །རྣལ་འབྱོར་སྤྱོད་པ་གཅིག་པུའི་དབྱིངས་སུ་རྫོགས། །འཁོར་བ་མ་སྤངས་ཅིར་སྣབ་རྒྱལ་བའི་ཞིང་། །མྱང་འདས་མ་བཙལ་ཐམས་ཅད་


LT37_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་རྫོགས། །རྩེ་མོ་བྱུང་རྒྱལ་གྲོལ་སར་ངང་གིས་སྙེགས། །རྣལ་འབྱོར་འབྲས་བུ་ལྷུན་གྲུབ་དབྱིངས་སུ་རྫོགས། །དང་པོ་འདུ་བྱེད་རྟོག་པས་ལྷ་སྐུ་བཅོས། །བར་དུ་རང་གསལ་མ་འགགས་ལྷག་གེར་ཤར། །ཐ་མ་ཅིར་སྣང་རང་བྱུང་ལྷ་རུ་ཤེས། །རྣལ་འབྱོར་སྤྲོས་བཅས་བསྐྱེད་པའི་རིམ་པ་ཡིན། །དང་པོ་གོ་བའི་སྟོང་ཉིད་བློ་ཕུག་གཏད། །བར་དུ་བྱིན་རླབས་ལས་འཕྲོས་རང་ཞལ་མཐོང་། །ཐ་མ་དབྱིངས་ལས་རིག་པའི་ཡེ་ཤེས་སད། །རྣལ་འབྱོར་སྤྲོས་མེད་རྫོགས་པའི་རིམ་པ་ཡིན། །སྣང་བའི་ངོ་བོ་གཤིས་ལུགས་བབས་ཀྱིས་སྟོང་། །སྟོང་པའི་རང་མདངས་མ་འགགས་ཅིར་ཡང་སྣང་། །རྒྱས་གདབ་མི་དགོས་གདོད་ནས་ལྷུན་གྱིས་གྲུབ། །རྣལ་འབྱོར་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡིན། །སོ་ཐར་སྤྱོད་དུས་མངོན་ལྐོག་ཁྱད་པར་ཆེ། །བྱང་སེམས་བསླབ་དུས་རང་ཉིད་ཉམས་ཀྱིས་དོགས། །སྔགས་དུས་ཕྱི་ནང་དཀྱིལ་འཁོར་གསུམ་དང་བྲལ། །རྣལ་འབྱོར་སྡོམ་གསུམ་ལྡན་པའི་རྣམ་ཐར་ཡིན། །རང་དོན་ཞེ་ལ་བཞག་ནས་ཆོས་གཟུགས་བྱས། །གཞན་དོན་མི་འགྲུབ་བཞིན་དུ་དཀོར་ནག་ཟོས། །ནམ་ཕུག་སྙིང་པོ་མེད་ཀྱང་བྱ་བྱེད་མང་། །རྣལ་འབྱོར་རང་མགོ་རང་གཡོགས་གྱ་མ་དོ། །བསླབ་ཤེས་མང་ཡང་མཁས་པའི་ལག་རྗེས་ཆུང་། །མཚམས་སྒྲུབ་བྱས་


LT37_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གྲུབ་པའི་རྩལ་མ་རྫོགས། །འཆད་ཉན་མང་ཡང་བརྒྱུད་འཛིན་སློབ་མ་དཀོན། །རྣལ་འབྱོར་ཅི་བྱས་ཅང་མེད་ཡུག་ས་རྐྱང་། །རྟོགས་པའི་གདིང་གིས་རྐྱེན་ངན་སྟོབས་མི་ཆོམས། །རིག་པའི་རྩལ་གྱིས་བརྟུལ་ཞུགས་སྤྱོད་མི་ནུས། །དགོངས་པའི་སྟོབས་ཀྱིས་འཁྲུལ་སྣང་ཟིལ་མི་ནོན། །རྣལ་འབྱོར་རྒྱལ་པོ་ལྟ་བ་ཁ་ཁྱེར་ལགས། །མཁས་པའི་ཁོག་པ་ཐ་སྙད་ཚྭ་ཆུས་སྦོས། །གྲུབ་པའི་སྤྱོད་པ་ཁྱི་ཕག་རྗེས་སུ་འབྲང་། །བཙུན་པ་ཚུལ་ཁྲིམས་མཆོག་འཛིན་ལམ་དུ་ཁྱེར། །སྙིགས་དུས་བདག་འདྲའི་ངང་ཚུལ་བཤད་ཅི་འཚལ། །བཤད་ལུགས་བལྟས་ན་སུ་ཡང་སངས་རྒྱས་དངོས། །བྱེད་ལུགས་བལྟས་ན་ཐམས་ཅད་སེམས་ཅན་ཉིད། །ང་དང་ང་འདྲ་རྣམས་ལ་ཅི་ཞིག་སྨོས། །བརྗོད་མེད་དབྱིངས་སུ་གྲོལ་བའི་བཀྲ་ཤིས་ཤོག །མིང་མ་ཡིན་དོན་གྱི་ཀུན་སྤོང་བ །དད་དམ་ལྡན་འཇམ་དབྱངས་དགེ་ལེགས་གང་། །འཕྲལ་འཁོར་བ་སྤངས་ནས་ཆོས་སྒོར་ཞུགས། །ཚིག་ཐ་སྙད་མ་སྦྱངས་སྒྲུབ་ལ་བརྩོན། །སེམས་བླུན་སྒོམ་མ་བྱས་སྒྲོ་འདོགས་བཅད། །རྒྱུ་བསགས་སྦྱངས་རིམ་པ་མཐའ་རུ་ཕྱིན། །རྐྱེན་བླ་མ་ཡི་དམ་བྱིན་རླབས་ཀྱིས། །དོན་རྟོགས་པའི་རང་ཞལ་མཇལ་བ་ཡི། །མགྲོན་དགའ་སྟོན་ཟང་ཟིང་མི་འདུག་ཀྱང་། །ཐུགས་བཞེད་བཞིན་པདྨ་གར་དབང་པས། །གནས་བདེ་གཤེགས་འདུས་པའི་རྫོང་ཤོང་དུ། །


LT37_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ངས་མེད་དོ་ཧས་རང་མཚངས་ཕུད། །གླུ་འབྲེལ་མེད་རང་བྱུང་སྨྲས་པ་ཡིས། །དེང་ཕྱིན་ཆད་རྟོགས་པའི་ཡེ་ཤེས་ནི། །དཔལ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ། །གཞི་ཐོག་ཏུ་དགོངས་པའི་རྩལ་རྫོགས་ཤོག །མངྒ་ལཾ།། ༈ །།གཞི་མེད་ཀློང་གྲོལ་བླ་མ་ཀུན་ཏུ་བཟང་། །རང་རིག་ངོ་བོར་འབྲལ་མེད་གསོལ་བ་འདེབས། །བདག་དང་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །གཞི་མེད་ཀློང་དུ་གྲོལ་བར་བྱིན་གྱིས་རློབས། །འཁོར་འདས་ལམ་གསུམ་ཀུན་ཏུ་བརྟགས་པའི་ཆོས། །སྟོང་པའི་དབྱིངས་ལས་གསལ་བའི་རིག་རྩལ་དུ། །ཤར་ཡང་མཁའ་ལ་འབྱུང་བཞིའི་འདུ་འགོད་ལྟར། །གདོད་མ་ཉིད་ནས་གཞི་མེད་ཀློང་གྲོལ་ལོ། །ཕུང་པོ་ལྔས་བསྡུས་འཁོར་བའི་ཆོས་རྣམས་དང་། །སྐུ་དང་ཞིང་ཁམས་མྱང་འདས་འཛིན་པ་ཡང་། །རྟོག་འཁྲུལ་སྔགས་ཀྱིས་བསླད་པའི་གཉིས་སྣང་སྟེ། །སྒྱུ་མ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །ཡེ་གཞིའི་གཤིས་ལ་ཅིར་ཡང་གྲུབ་པ་མེད། །བདག་ཏུ་རྟོག་ལས་རང་མདངས་གཞན་ཏུ་སྣང་། །སྣང་ཡང་བདེན་པར་མ་གྲུབ་དྲི་ཟ་ཡི། །གྲོང་ཁྱེར་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །དབྱིངས་ལས་རིག་རྩལ་གཡོས་པའི་སྐད་ཅིག་མར། །གཉིས་འཛིན་སེམས་ཀྱི་རྟེན་འབྲེལ་ལུ་གུ་བརྒྱུད། །འབྱུང་ལྡོག་སྤེལ་མ་འདི་ཡང་འཇའ་ཚོན་ནི། །ཆུ་ཟླ་ལྟ་བུར་གཞི་མེད་ཀློང་གྲོལ་


LT37_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་འཁོར་བ་པ། །དོན་གྱི་དབྱིངས་ལ་གསལ་འགྲིབ་མེད་བཞིན་ཏུ། །བདག་འཛིན་ནད་ཀྱིས་བསྒྲིབས་པས་ལོག་པར་མཐོང་། །མིག་གཡོར་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །བདག་དང་བདག་གིར་འཛིན་པའི་གཟུགས་ཕུང་རྣམས། །ཐོག་མེད་བག་ཆགས་རིང་དུ་གོམས་པའི་མཐུ། །དོན་ཏུ་མེད་པ་གསལ་བ་མེ་ལོང་གི། །གཟུགས་བརྙན་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །སྒྲ་སྐད་སྙན་དང་མི་སྙན་འཛིན་པ་ཡི། །བླང་དོར་འདིས་ཀྱང་ཅོལ་ཅུང་བྱིས་པ་སླུ། །གཅིག་ལ་གཅིག་བརྟེན་རང་བཞིན་མེད་པའི་ངག །བྲག་ཆ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །ཝལ་པོ་རྗེས་མེད་རྣམ་རྟོག་ཆུ་གཉེར་ལ། །ཟད་དུ་མེད་པས་བརྩི་བགྲང་བྱེད་པ་འཁྲུལ། །དགོན་པའི་རི་དྭགས་སྨིག་རྒྱུའི་མཚངས་རིག་ལྟར། །རང་མཚངས་རྟོགས་ན་གཞི་མེད་ཀློང་གྲོལ་ལོ། །དགའ་བས་སེམས་དང་སྡུག་བསྔལ་ཡིད་གདུང་བ། །བར་མ་བཏང་སྙོམས་གྱུར་པའི་ཚོར་བ་ཀུན། །ཡོད་པ་ལྟར་སྣང་མི་བརྟན་འཕོ་ཞིང་འགྱུར། །ཟིལ་པ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །མཚན་མེད་དབྱིངས་ཀྱི་རྒྱ་མཚོ་གཏིང་ཟབ་ལས། །མཚན་འཛིན་བློ་ཡི་ཆུ་བུར་རྐྱེན་གྱིས་བརྡོལ། །འདུ་ཤེས་ཡངས་དོགས་སྡུག་བསྔལ་ཉེར་ལེན་ཀྱང་། །རང་སར་བཞག་ན་གཞི་མེད་ཀློང་གྲོལ་ལོ། །ཆོས་ཉིད་འདུས་མ་བྱས་པའི་ནམ་མཁའ་ལས། །གཟུང་འཛིན་དབང་གིས་


LT37_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་སྤྲིན་ཚོགས་འཁྲིགས། །གཅིག་ལས་མང་འཕེལ་ལས་ཉོན་ཆར་པ་བབས། །རྩབ་ཆོད་ན་གཞི་མེད་ཀློང་གྲོལ་ལོ། །ཆགས་སྡང་རྨོངས་སོགས་གློ་བུར་ཉོན་མོངས་སེམས། །རྗེས་སུ་འབྲང་དང་སྤང་སྒྱུར་ཐབས་ཀྱང་འཁྲུལ། །སྐད་ཅིག་རྐྱེན་བྱུང་གློག་གི་གར་མཁན་འདྲ། །རང་ངོ་ཤེས་ན་གཞི་མེད་ཀློང་གྲོལ་ལོ། །གང་ནས་མ་འཕོས་ཅིར་ཡང་མི་དམིགས་ཀྱང་། །རྟོག་འཁྲུལ་དབང་གིས་བདེ་སྡུག་སྣ་ཚོགས་སྤྱོད། །ལས་དང་ལས་ཀྱི་འབྲས་བར་བཅས་པ་ཡང་། །རྨི་ལམ་ལྟ་བུར་གཞི་མེད་ཀློང་གྲོལ་ལོ། །རྟོག་པས་བྲིས་པའི་བཟང་ངན་རི་མོ་ཀུན། །བདེན་པར་བཟུང་ན་ཐོག་མཐའ་མེད་པར་འཁོར། །རྩ་བ་ཆོད་ན་མཁན་པོ་མི་རྙེད་པས། །གཉིས་སྣང་ཐམས་ཅད་གཞི་མེད་ཀློང་གྲོལ་ལོ། །རྣམ་རྟོག་ཇི་ལྟར་ཤང་ཡང་འཁྲུལ་པའི་སེམས། །དེ་ལ་བལྟས་པས་ཆོས་ཉིད་དོན་མི་མཐོང་། །གཤིས་ལུགས་ངང་དུ་ཙམ་གྱིས་བཞག་པ་ན། །རང་རིག་རྒྱལ་པོ་གཞི་མེད་ཀློང་གྲོལ་ལོ། །འོད་གསལ་གཤིས་ཀྱི་གནས་ལུགས་འགྱུར་བ་མེད། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །ལྟར་མེད་སྒོམ་མེད་བྱ་རྩོལ་ལས་འདས་པའི། །ཅོག་བཞག་ཆེན་པོར་གཞི་མེད་ཀློང་གྲོལ་ལོ། །རང་གྲོལ་ཉིད་མ་བསྐྱར་གྲོལ་མ་དགོས་པས། །ལྷུག་པར་གནས་པས་རང་རིག་གཞི་ལ་རྫོགས། །མ་བཙལ་ལྷུན་གྲུབ་འབྲས་བུ་


LT37_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་རྙེད། །གདོད་མའི་དབྱིངས་སུ་གཞི་མེད་ཀློང་གྲོལ་ལོ། །གནས་མཆོག་བདེ་གཤེགས་འདུས་པའི་རྫོང་ཤོད་དུ། །ལུགས་གཉིས་བྱ་བཞག་གཞི་མེད་ཀློང་གྲོལ་བ། །བློ་གྲོས་མཐའ་ཡས་སེམས་ལ་ཤར་ནས་སྨྲས། ཁམས་གསུམ་འཁོར་བ་གཞི་མེད་ཀློང་གྲོལ་ཤོག། ༈ །།རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་ལྟ་བ། །ལྟ་བའི་རྩེ་མོ་ནི་ཆོས་ཉིད་ལ་ཐུག་པས། །བློས་བྱས་ལྟ་བ་ཡིས་ཆ་ཙམ་ཡང་མི་ཕྱིན། །ཀ་དག་བྱུང་རྒྱལ་གྱིས་འཁོར་འདས་ཀུན་ཟང་ཐལ། །ཀློང་ཡངས་ཕྱམ་བདལ་གྱི་གཤིས་ལུགས་འདི་བདེའོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་སྒོམ་པ། །སྒོམ་པའི་རྩེ་མོ་ནི་དབྱིངས་རིག་ལ་ཐུག་པས། །ཡིད་དཔྱོད་སྒོམ་པ་ཡིས་ཆ་ཙམ་ཡང་མི་ཕྱིན། །ལྷུན་གྲུབ་བྱུང་རྒྱལ་གྱིས་ཅིར་སྣང་ཀུན་འོད་གསལ། །རང་སྣང་རིས་མེད་ཀྱི་ལྟད་མོ་འདི་མཚར་རོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་སྤྱོད་པ། །སྤྱོད་པའི་རྩེ་མོ་ནི་རང་བབ་ལ་ཐུག་པས། །མཚན་འཛིན་སྤྱོད་པ་ཡིས་ཆ་ཙམ་ཡང་མི་ཕྱིན། །མ་བཅོས་བྱུང་རྒྱལ་གྱིས་བླང་དོར་ཀུན་མཉམ་ཉིད། །རང་ཤར་རང་གྲོལ་གྱི་བློ་བདེ་འདི་སྐྱིད་དོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་འབྲས་བུ། །འབྲས་བུའི་རྩེ་མོ་ནི་ཡེ་གཞི་ལ་ཐུག་པས། །འཆི་གྲོལ་རྩོལ་སྒྲུབ་ཀྱིས་ཆ་ཙམ་ཡང་མི་ཕྱིན། །བཙལ་མེད་བྱུང་རྒྱལ་གྱིས་འཁོར་འདས་ཀུན་


LT37_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད། །ཡེ་ཤེས་རང་གསལ་གྱི་དགོངས་པ་འདི་མཐོའོ། །རྩེ་མོ་བྱུང་རྒྱལ་འདི་རྫོགས་ཆེན་གྱི་རྣལ་འབྱོར། །རྣལ་འབྱོར་རྩེ་མོ་ནི་བློ་བྲལ་ལ་ཐུག་པས། །ཡིན་སྙོམ་སྒོམ་ཆེན་གྱིས་ཆ་ཙམ་ཡང་མི་ཕྱིན། །རྩིས་མེད་བྱུང་རྒྱལ་གྱིས་སྣང་སེམས་ཀུན་ལ་ཟླ། །གུ་ཡངས་རྒྱ་ཡན་གྱི་ཉམས་ལེན་འདི་ཟབ་བོ། །རྫོགས་པ་ཆེན་པོ་ནི་ལྟ་སྒོམ་གྱི་ཡང་རྩེ། །རྣལ་འབྱོར་ང་རང་ནི་ཐ་མལ་གྱི་གྲལ་མཐའ། །སྐྱིད་སྡུག་མེད་ངང་ལ་མི་ཚེ་འཁྱམས་པས། །རྩ་རྩེ་གོ་ལོག་ཏུ་འབྱུང་ཉེན་འདུག་གོ། །རྫོགས་པ་ཆེན་པོ་ལ་ཐམས་ཅད་རྫོགས་ཀྱང་། །ཡིད་དཔྱོད་ལ་སྒོམ་ཅན་རྫོགས་དུས་མི་འདུག །ད་ནི་བློས་བྱས་ཀྱི་ཁུར་པོ་བོར་ལ། །བྱར་མེད་ཀློང་ཡངས་ཀྱི་མལ་དུ་ཉོལ་ཅིག །རེ་མེད་དོགས་མེད་ཀྱི་སྡོད་ཚུགས་ཟིན་ན། །རྩ་རྩེ་གཉིས་པོ་ཡང་གཞི་མེད་རྩ་བྲལ། །གང་སྣང་ཆོས་ཉིད་ཀྱི་ཡོ་ལངས་ཆེན་པོར། །མཉམ་རྫོགས་ཕྱལ་པ་ཡི་གྲུབ་མཐར་སྙེག་གོ། །བན་རྒན་སྨྱོ་ཚབ་ཅན་པདྨ་གར་དབང་། །ཐོལ་བྱུང་ཉམས་ཤར་གྱི་སྲིན་བུའི་སུག་རྗེས། །རྟོག་པའི་ཆུ་གཉེར་ལ་ཟད་མཐའ་མེད་ཀྱང་། །ཟེགས་མ་ཕྲ་མོ་འདི་འཐོར་ནས་ཐལ་ལོ།། །།སརྦ་མངྒ་ལཾ།། །།

ཉམས་མགུར།


LT37_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། །སྔོན་ཆད་མཐོང་མ་མྱོང་བའི་ཡ་མཚན་གྱི་ལྟད་མོ། །རྣ་བའི་བདུད་རྩིར་གྱུར་པའི་ངོ་མཚར་གྱི་ཆོས་སྒྲ། །ཡིད་ལ་སྔོན་མ་མྱོང་བའི་སྙིང་དབུས་ཀྱི་བདུད་རྩི། །གནས་མཆོག་གུ་རུ་གཙོ་འཁོར་གྱི་ཕོ་བྲང་དུ་ཚོགས་སོ། །ཕྱི་ནང་སྣོད་བཅུད་ཁྱད་འཕགས་གཏེར་ལྷུང་གི་ཡུལ་ལྗོངས། །དུས་ཚོད་ཁྱད་པར་འཕགས་པ་རང་བྱུང་གི་ཐོག་མར། །གུ་རུ་པདྨའི་རྒྱལ་ཚབ་རིག་འཛིན་གྱི་ཁྱུ་མཆོག །རྡོ་རྗེ་སེམས་དཔའ་དངོས་སྣང་ཉི་ཟླ་ནི་ཟུང་འབྲེལ། །ཞལ་རས་ལྷན་ཅིག་རྒྱས་པའི་དགའ་སྟོན་ལ་སྤྱོད་ཚེ། །འོག་མིན་པདྨ་དྲྭ་བའི་རིག་འཛིན་གྱི་ཚོགས་ཁང་། །ཐག་རིང་གཞན་ན་མི་འདུག་ཆུ་བུར་གྱི་ལྟད་མོ། །སྒྱུ་མའི་ཕུང་ཁམས་མ་དོར་ཚེ་འདིར་རང་མཐོང་སོང་། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོ་རུ་གཟིགས་ཚེ། །མ་དག་འཁྲུལ་སྣང་ལ་ཞེན་བར་ཆད་ཀྱི་བགེགས་ཚོགས། །ཐུགས་རྗེ་རྡོ་ཆར་ཤུགས་ཀྱིས་རྒྱང་རིང་དུ་བསྐྲད་ཚེ། །སྐལ་པ་ལྡན་པ་རྣམས་ཀྱི་ཐར་ལམ་ལ་གེགས་བྱེད། །མོ་གཏོལ་ཚབ་ཚུབ་མ་གོས་བྱིན་རླབས་སྐད་ཅིག་མས་དེང་སོང་། །མི་ཤིགས་རྡོ་རྗེ་ནཱ་དའི་གླུ་དབྱངས་ནི་ཟབ་མོས། །ནང་དང་གསང་བའི་རྣམ་ཐར་རྡོ་རྗེ་ཡི་རོལ་མོ། །འབྱུང་འགྱུར་ལུང་དུ་བསྟན་པ་ཐུན་མོང་དང་ཐུན་མིན། །སྐལ་ལྡན་སྤང་བླང་འབྱེད་པའི་སྒྲོན་མེ་ནི་སྦར་སོང་། །ངོ་མཚར་གཏེར་རྒྱ་བཀྲོལ་བ་མཐོང་བ་ཡི་སེམས་ལྡན། །རེ་དོགས་མདུད་པས་བཅིངས་པའི་སྐྱ་སེར་གྱི་ཁྲོམ་ཚོགས། །བདག་དང་བདག་འདྲའི་ཚོགས་རྣམས་ཁ་མིག་ནི་གདངས་ནས། །


LT37_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་གསུམ་དུ་བྲག་རྩར་དཀའ་བ་འདྲ་སྤྱད་ཀྱང་། །ཉིན་བྱེད་འཆར་བའི་ཚེ་ན་འབྱུང་བྱ་ཡི་མིག་བཞིན། །མངོན་སུམ་སྤྱོད་ཡུལ་ཉིད་ཀྱང་དབང་པོའི་ལྐོག་ན་མོར་གྱུར་སོང་། །ཁྲག་འཐུང་མངོན་པར་རོལ་པའི་ཚོགས་ཁང་ནི་ཆེན་མོར། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཨོ་རྒྱན་སངས་རྒྱས་ནི་གཉིས་པ། །དཔལ་ཆེན་དཀྱིལ་འཁོར་དགུ་ཡི་ཚོམ་བུ་མངོན་པ་རུ་སྣང་བས། །སྨིན་གྲོལ་གདམས་ཟབ་ཉིན་ཞག་ཕྲུག་གཅིག་ལ་སྩལ་ཚེ། །སྐལ་མེད་ཁོ་བོ་ཅག་ནི་གཏི་མུག་སྨག་རུམས་སུ་ཆུད་སོང་། །ངོ་མཚར་བྱུང་བ་རྒྱ་མཚོའི་ལེ་རྒྱུས་རྣ་བ་རུ་ཐོས་ཚེ། །མངོན་སུམ་བལྟས་ཀྱང་མ་མཐོང་ལོང་བ་ཡི་མཐར་ཐུག །རྒྱུ་མཚན་ཡིད་ལ་མགོ་གླེན་པ་བརྒྱ་ཕྲག་གི་གྲལ་མཐའ། །བདག་འདྲའི་གཟུགས་བརྙན་རྣམས་ལ་ཡི་མུག་ཁོང་ནས་རང་སྐྱེས་སོ། །བདེ་ཆེན་མཁའ་འགྲོས་བསྐུལ་བའི་གཏེར་སྟོན་གྲུབ་ཐོབ་ཀྱི་རྒྱལ་པོ། །རྡོ་རྗེ་ཐོད་ཕྲེང་བཞུགས་པའི་འོད་གསལ་ཤེལ་ཕུག་གི་གསང་སྒྲོ། །སྣང་གསལ་ཞུན་མར་ངོགས་སུ་དཀའ་བ་མེད་པ་རུ་ཕྱེས་ནས། །སྐལ་ལྡན་འདུས་པའི་ཚོམ་བུས་ག་་ཙཀྲ་ལ་སྤྱོད་ཚེ། །ཁྱབ་བདག་གྲུབ་མཆོག་རྣམ་གཉིས་ཡེ་ཤེས་དགོངས་པ་ཡི་བྱིན་གྱིས། །འབད་སྩོལ་དཀའ་ཚེགས་མེད་པར་མིག་འཕྲུལ་སྒྱུ་མ་དང་མཚུངས་པར། །རང་བྱུང་རྡོ་ཡི་སྒྲོམ་བུ་ལག་པའི་པདྨོ་རུ་སོན་ཚེ། །ཚོང་པ་ནོར་རྙེད་ལྟ་བུའི་བློ་བདེ་རང་མལ་དུ་ཆུད་སོང་། །ཕྱོགས་འདིར་སྔོན་ཆད་མེད་པའི་ཡ་མཚན་མངོན་དགའ་ཡི་བཀོད་པ། །དག་སྣང་མིག་


LT37_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡོད་ན་མོས་གུས་བཞིན་རས་ཀྱི་ལྟོས་དང་། །གསང་བདག་དཔའ་བོའི་ཆོ་འཕྲུལ་བསམ་མི་ཁྱབ་པ་རུ་མཐོང་འདུག །འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་བཙས་གསུམ་གྱི་ངོ་མཚར། །ཀློང་ཆེན་རབ་ཏུ་འབྱམས་པའི་དངོས་གྲུབ་ཞོ་ཤ་ལས་བྱོན་ནས། །ཡོངས་རྫོགས་དཔྱིད་དུ་བབས་པའི་སྐལ་བཟང་སྣོད་ལྡན་འདྲ་སྲིད་ཀྱིས། །འབྱུང་འགྱུར་རྗེས་སློབ་བྱུང་ན་ཡིད་ཆེས་རྩེ་གཅིག་ཏུ་མཛོད་ཅིག །རྗེ་བཙུན་བླ་མ་རྣམ་གཉིས་ཐུགས་རྗེའི་ཉི་འོད་ཀྱིས་ཁྱབ་པས། །སྔོན་མེད་ཟབ་མོའི་ཆོས་དང་མྱོང་གྲོལ་བདུད་རྩི་ཡི་ཐིག་ལེ། །ཐར་པའི་གསོས་སུ་མྱང་བའི་སྐལ་བཟང་འདི་འདྲ་ལ་བསམ་ན། །ཡིད་ལ་སྤྲོ་བའི་བ་མཚར་བླ་ན་མེད་པ་ཡི་དཔལ་གྱིས། །ཉིན་དང་མཚན་ཏུ་སྙིང་གི་དཔྱིད་བཅུད་ནི་རྒྱས་སོ། །དེ་ཚེ་ཁོང་ན་མེད་ཀྱང་ཁ་སྐད་སྟོང་པ་ཡི་འུར་སྒྲ། །མཁས་གྲུབ་ཕུལ་བྱུང་ཚོགས་རྣམས་ཡང་ཡང་བཞད་གད་ཀྱི་འབབས་སྟེགས། །སྐྱིད་སྡུག་ངོ་ཚ་མེད་པའི་ཅོལ་ཆུང་ཐོལ་གླུ་ནི་ཚིག་བཞི། །རྣམ་སྣང་རྣམ་པར་འཕྲུལ་པའི་མགྲིན་པ་དོགས་མོ་ལས་ཐོན་སོང་། །རང་བྱུང་ཡེ་ཤེས་སྤྲོས་བྲལ་ནམ་མཁའ་ཡི་དབྱིངས་སུ། །བདེ་ཆེན་འགྱུར་མེད་འོད་གསལ་ཉི་ཟླ་ཡི་སྣང་བས། །སྣང་སྲིད་དག་པ་རབ་འབྱམས་སྐུ་དང་ཞིང་ཁམས་ཀྱི་ཐིག་ལེར། །མ་དག་འཁྲུལ་པའི་སྣང་བ་གདོད་ནས་རང་སངས་སུ་དེངས་སོང་། །མ་བཅོས་ཐ་མལ་ཤེས་པ་བློ་འདས་ཆོས་སྐུ་ཡི་དབྱིངས་སུ། །གཉིས་སྣང་རྟོག་པ་མཐའ་དག་བྱ་ལམ་རྗེས་


LT37_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་སོང་བས། །དགའ་སྡུག་རེ་དོགས་མཐའ་དག་མཁའ་ལ་སྤྲིན་བཞིན་དུ་དེངས་ཚེ། །གྲུབ་ཐོབ་མཚན་སྙན་མེད་ཀྱང་འདི་ཀས་ཆོག་པ་ཡི་ཕོ་ཚོད། །དཔལ་ལྡན་བླ་མའི་དྲིན་གྱིས་བཅོས་མིན་རང་བྱུང་དུ་ཤར་རོ། །མཚན་ལྡན་བླ་མའི་མདུན་སར་དམ་ཚིག་རྣམ་དག་གི་ཚོགས་པ། །ལུང་ཐོབ་དཔའ་བོ་མཁའ་འགྲོས་གསང་བའི་བརྟུལ་ཞུགས་ལ་རོལ་ཚེ། །དཔལ་རི་པདྨ་འོད་ཀྱི་ཡེ་ཤེས་གཞལ་མེད་དུ་སླེབས་འདྲའི། །ཡེ་ཤེས་གཟི་བྱིན་ཆེན་པོ་རྣལ་འབྱོར་སྒོ་གསུམ་ལ་ཕེབས་པས། །བྱ་བྲལ་གཉུག་མའི་ངང་དུ་འཁོར་འདས་གཉིས་ཆོས་ཀུན་ནུབ་ནས། །མཉམ་གཞག་འཛིན་མེད་ངང་ལས་རྗེས་ཐོབ་བཅོས་མིན་གྱི་མོས་གུས། །བླ་མ་རང་རིག་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་སུ་ཤར་བས། །མཁའ་ཁྱབ་འགྲོ་བའི་སེམས་དང་ཆུ་ལ་ཆུ་བཞག་བཞིན་འདྲེས་པ། །གདོད་མའི་དབྱིངས་སུ་འཁོར་བ་དོང་ནས་རང་སྤྲུགས་པའི། །སྨོན་ལམ་བཀྲ་ཤིས་བཟང་པོས་དགེ་ལེགས་མཐའ་རྒྱས་སུ་བྱས་འདི། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་བཀའ་ཡི་གནང་བ་ནི་ལྕི་བས། །མི་ནུབ་བཞིན་དུ་མཁས་འདོད་སྙོམས་ལས་ཀྱི་མཁན་པོ། །རོང་ནག་ཡུལ་དུ་སྐྱེས་པས་མགོ་མ་རིག་ནི་མེད་པ། །གཏི་མུག་དངོས་གྲུབ་ཐོབ་པས་ལྟ་སྤྱོད་ཚོམ་འཇོག་གི་བདག་པོ། །བདེ་བའི་རྡོ་རྗེ་ཞེས་པས་ཁ་གླ་གོས་ཟད་དུ་རྒྱུ་སྐབས། །གཡར་ཁྲལ་ངག་འཁྱལ་དུ་བྲིས་པ་ཀུན་ལ་བཟོད་བར་གསོལ་ལོ། །ཞེས་རྫོང་ཤོད་བདེ་གཤེགས་


LT37_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཕོ་བྲང་གི་ལྷོ་ནུབ་སྒྲུབ་ཕུག་རྒྱལ་པོ་གནས་མཆོག་པདྨ་ཤེལ་རིའི་གནས་གཏེར་གྱི་སྒོ་ཁྱབ་བདག་གྲུབ་པའི་དབང་པོ་རྣམ་གཉིས་ཞལ་རྒྱས་པས་གསར་འབྱེད་སྐབས། ངོ་མཚར་བའི་རྣམ་ཐར་ཐ་མལ་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ལས་བརྩམས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་མགྲིན་ལམ་སྦུག་འཐོམ་ལས་གཡར་ཁྲལ་དུ་འཐོན་ཙམ་བྱུང་བའོ། མངྒ་ལཾ། དགེའོ།

ཞལ་གདམས་ཁ་བྱང་།


LT37_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །ཆོས་ཀུན་རྩ་བ་སེམས་ཡིན་པས། །རང་སེམས་ངོ་བོ་སྐྱོང་ནུས་ན། །བསློབ་གཉེར་གང་ཡང་བྱ་མི་དགོས། །བློ་གསལ་སྤྲོས་པ་ཕྱི་རུ་བཅད། །མི་ཚེར་བསླབ་སྦྱངས་བྱས་ན་ཡང་། །ཀུན་ཤེས་གཅིག་རྡུག་གྱུར་པ་མང་། །སྒོམ་ཆེན་སྤྲོས་པ་ནང་ནས་བཅད། །ནམ་ཞིག་གནས་ལུགས་རྟོགས་པའི་ཚེ། །གཅིག་ཤེས་ཀུན་གྲོལ་ཉིད་དུ་འགྱུར། །ངོ་བོ་ཡོད་པ་མ་ཡིན་ཏེ། །རྒྱལ་བས་ཀྱང་ནི་མ་གཟིགས་གསུངས། །ཡོད་དོ་སྙམ་ན་རྟག་པའི་མཐའ། །རང་བཞིན་མེད་པ་མ་ཡིན་ཏེ། །གསལ་ཆ་འཁོར་འདས་ཀུན་གྱི་གཞི། །མེད་དོ་སྙམས་ན་ཆད་པའི་མཐའ། །མཐར་འཛིན་མུ་སྟེགས་ལྟ་དང་མཚུང་། །ངོ་བོ་ཤེས་མཁན་དྲན་རིག་ཡིན། །དེ་ཉིད་ལས་དང་པོ་ལ་གཅེས། །དྲན་པ་རང་ཡལ་སོང་བའི་ཚེ། །གོམ་འདྲིས་བརྟན་པ་ཐོབ་བའི་ཚེ། །ཆོས་ཉིད་ངང་དུ་འབྱམས་པ་ལ། །དྲན་པ་ལོགས་སུ་ཚོལ་མི་དགོས། །བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །ཡེ་ནས་ཡེངས་མ་མྱོང་བ་ནི། །མཉམ་བཞག་རྗེས་ཐོབ་འདྲེས་མ་ཡིན། །དེ་ལ་ངེས་ཤེས་ཐག་ཆོད་དགོས། །སེམས་ལ་གཉིས་སྣང་མེད་ན་ཡང་། །ཡུལ་སྣང་དབྱིངས་དང་མ་ཁྲོལ་ན། །ད་རུང་སྤྲོས་བྲལ་ཁ་འབྱམས་རྟགས། །སྣང་བའི་སྟེང་དུ་འཕྲིག་ཚུད་ནས། །སྣང་སེམས་གཅིག་ཏུ་འདྲེས་པའི་ཚེ། །རོ་གཅིག་མངོན་དུ་གྱུར་པའི་རྟག །


LT37_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་ཆོས་ཉིད་དབྱིངས་སུ་སྟོང་། །བྱ་རྒྱུ་མེད་ཀྱང་བྱས་གོ་ཆོད། །བསྒོམ་རྒྱུ་མེད་ཀྱང་ཐེ་ཚོམ་ཟད། །བྱ་དང་མི་བྱའི་དགག་སྒྲུབ་མེད། །བསྒོམ་མེད་རྒྱལ་ས་ཟིན་ཉེའི་རྟགས། །བླུན་སྒོམ་ཨུ་ཚུགས་ཅན་འགའ་རེ། །མི་ཚེ་ཞི་གནས་ཙམ་པོ་དང་། །ལྷག་མཐོང་རྟོག་མེད་ངང་ལ་འབྱམས། །གནས་ལུགས་མངོན་དུ་གྱུར་དུས་མེད། །སྐལ་ལྡན་འགའ་ཞིག་ལོ་ཟླས་ཀྱང་། །ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ། །ཆོས་ཉིད་བདེན་པ་མངོན་དུ་གཟིགས། །སྔོན་གྱི་བསགས་རྒྱབ་ཆེ་ཆུང་དང་། །མོས་གུས་སྙིང་རྗེའི་ཁྱད་པར་གདའ། །ཁྱེད་ནི་སྐལ་ལྡན་བརྩོན་འགྲུས་ཆེ། །ཚེ་གཅིག་ཉམས་ལེན་བྱས་པའི་འབྲས། །རྟོགས་པ་ཀློང་དུ་གྱུར་ངེས་པས། །ང་རྒྱལ་མེད་པའི་ངེས་ཤེས་དང་། །མོས་གུས་སྙིང་རྗེས་བོགས་བཏོན་ནས། །ས་ལམ་མཐའ་རུ་དབྱུང་བར་མཛོད། །དེ་སྐད་ཕྱོགས་མེད་སྒྲུབ་པ་པོ། །རྟོགས་ལྡན་ཆོས་གྲགས་གསུང་ལན་དུ། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །ཙཱ་འདྲ་རིན་ཆེན་བྲག་གི་མདུན། །དབེན་ཁྲོད་ཀུན་བདེ་གླིང་ནས་ཕུལ། །མངྒ་ལཾ།། ༈ །།ན་མོ་གུ་རུ། །སེམས་ཀྱིས་སེམས་ལ་བལྟས་པའི་ཚེ། །ངོ་བོ་སྟོང་པ་མཁའ་འདྲ་ཡང་། །བེམ་སྟོང་ཅང་མེད་མ་ཡིན་པར། །རང་བཞིན་གསལ་ཆ་ལྷག་གེ་བ། །སྟོང་གསལ་རྩལ་ལས་བཟང་ངན་གྱི། །རྣམ་རྟོག་སྣང་ཚུལ་ཅི་ཡང་འཆར། །ཤར་ཡང་


LT37_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་གཡོས་པ་མེད། །དེ་ཡི་ངོ་བོ་རིག་ཙམ་ལས། །བཅོས་མེད་རང་སོར་བཞག་པའི་ཚེ། །རྣམ་རྟོག་མི་འཕྲོ་རང་བཞིན་གནས། །བདེ་གསལ་མི་རྟོག་ཉམས་འཆར་བ། །ཞི་གནས་ཞེས་བྱ་སྒོམ་གྱི་རྐང་། །དྲན་ཤེས་བརྟན་པས་གནས་སམ་འགྱུ། །རང་ངོ་རིག་ཐོག་དབྱིངས་སུ་གྲོལ། །ལྷག་མཐོང་ཞེས་བྱ་སྒོམ་གྱི་མིག། གནས་འགྱུ་འདོར་ལེན་མི་དགོས་པར། །གང་ཤར་དེ་ཀས་ཆོག་པ་ནི། །ཞི་ལྷག་དབྱེར་མེད་བསྒོམ་གྱི་མཐིལ། །དེ་ཙམ་ཤེས་ཤིང་སྐྱོང་བ་ཡི། །རྟོགས་ལྡན་མིང་ཐོགས་མང་ན་ཡང་། །མི་རྟག་རྒྱུད་ལ་མ་སྐྱེས་ཤིང་། །ཚེ་འདིའི་སྣང་བས་བློ་འཕྲོག་པས། །བརྟན་པ་ཐོབ་པའི་གང་ཟག་དཀོན། །ལོངས་མེད་རྒྱུད་ལ་སྐྱེས་པའི་མི། །བློ་སྣ་ཆོས་སུ་ཤུགས་ཀྱིས་འགྲོ། །ཉིན་མོ་གཡེང་བས་བར་མི་ཆོད། །རྒྱུ་དེས་མཚན་སྣང་རྩོལ་མེད་གྲོལ། །ཉིན་མཚན་འདྲེས་པའི་རྣལ་འབྱོར་དེ། །འཆི་བ་འོད་གསལ་ཆོས་སྐུར་གྲོལ། །བར་དོའི་འཕྲང་ལ་དེ་མི་བགྲོད། །ཆོས་སྐུའི་རྩལ་ལས་གཟུགས་སྐུར་ཤར། །སངས་རྒྱས་མཛད་པ་ལྷུན་འགྲུབ་འགྱུར། །འཁོར་འདས་གཉིས་ཀྱི་ས་མཚམས་ནི། །རིག་དང་མ་རིག་ཁོ་ན་ཡིན། །རིག་བྱ་ཆོས་དབྱིངས་དེ་བཞིན་ཉིད། །ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ལ་མཐོང་བྱའི་ཡུལ་དང་ནི། །མཐོང་བྱེད་ཡུལ་ཅན་མེད་མོད་ཀྱང་། །སེམས་ཀྱི་རང་རྩལ་འགགས་


LT37_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །འཕྲོ་འདུའི་རྣམ་རྟོག་ལྟ་བ་ཡིན། །འཁོར་འདས་སྣང་བ་ཇི་སྙེད་ཀུན། །རྣམ་རྟོག་སྐད་ཅིག་མ་ཡི་གཟུགས། །རྟོག་པའི་རྗེས་སུ་འབྲང་བ་ན། །འཁོར་བའི་འཁྲུལ་པ་ལུ་གུ་རྒྱུད། །ཐོག་མ་མེད་ནས་རྒྱུན་མ་ཆད། །ད་རུང་དེ་ལ་མཐའ་ཡོད་མིན། །རྟོག་པའི་རང་ངོར་བལྟས་པའི་ཚེ། །སྟོང་པ་ཉིད་ཀྱི་ངང་དུ་གྲོལ། །འཁྲུལ་སྣང་ཐམས་ཅད་དབྱིངས་སུ་འགག །དེ་ཉིད་ཞི་བ་མྱ་ངན་འདས། །བདེན་པ་མཐོང་བའི་རྣལ་འབྱོར་ལ། །རིག་དང་མ་རིག་ཁྱད་མེད་ཀྱང་། །ལས་དང་པོ་ཡི་གང་ཟག་རྣམས། །ཉམས་ལེན་ཡོད་མེད་འདིར་ཐུག་པས། །དུས་རྒྱུན་རང་ངོ་རིག་པར་གྱིས། །དེ་ལ་དྲན་ཤེས་གནད་དུ་ཟབ། །མཁར་མདོ་དགེ་སློང་དགེ་སྦྱོང་མཆོག །བྱམས་པ་ཏིང་འཛིན་ཐུགས་བཞེད་ལྟར། །བློ་གྲོས་མཐའ་ཡས་བློར་ཤར་བ། །གྲུ་གུ་གཏེར་རྫོང་གནས་སུ་བྲིས། །ཉིད་དང་གཞན་ལའང་ཕན་ཐོགས་ནས། །སྲིད་ཞི་མཉམ་ཉིད་ངང་གྲོལ་ཤོག །དགེ་ལེགས་འཕེལ། །ཨ་ཧོ། །གཏད་མེད་རྣལ་འབྱོར་ང་ནི་གང་ཤར་ཐུག་འཕྲད་དུ་སྤྱོད་པ། །བཙུན་གཟུགས་སྨྱོན་པ་ང་ནི་ངོ་ཚ་འཛེམ་བག་དང་བྲལ་བ། །རིག་འཛིན་སྔགས་འཆང་ང་ནི་རྟོག་མེད་ཟང་ཐལ་དུ་འབྱམས་ཀླས། །ཀུན་བཟང་རྒྱལ་བརྒྱུད་ང་ནི་འཁོར་འདས་བར་ལག་ནི་འགྱེལ་འདྲ། །རྒོད་ཚང་གྲུབ་ཐོབ་མིན་ཀྱང་ཚོགས་དྲུག་ཡེ་ཤེས་ཀྱི་དབྱིངས་གྲོལ། །འབྲུག་གཙང་


LT37_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་མིན་ཀྱང་ཐབས་ལམ་བདེ་ཆེན་གྱིས་རྟག་མྱོས། ཁམས་དབུས་སྨྱོན་པ་མིན་ཀྱང་སྙེམས་བྱེད་ངར་འཛིན་ནི་ཐོག་བརྫིས། །གླིང་པ་རྣམ་ལྔ་མིན་ཀྱང་ཟབ་གཏེར་བང་མཛོད་ལ་ལོངས་སྤྱོད། །རང་རིག་མངོན་དུ་གྱུར་ཚེ་ཅིར་སྣང་ཡེ་ཤེས་ཀྱི་འཁོར་ལོ། །འཁྲུལ་པའི་རྩ་བ་ཞིག་ཚེ་རྟོགས་པའི་རྩེ་མོ་ནི་རྣོ་ངར། །རེ་དོགས་འཆིང་བ་གྲོལ་ཚེ་རང་སྣང་དགུང་ལྟར་དུ་མཐོ་བ། །སྒྱུ་མའི་ཡུལ་སྣང་འགྲིབ་ཚེ་ཀུན་ལ་གཟའ་གཏད་དང་བྲལ་སོང་། །དགག་སྒྲུབ་མཐའ་དང་བྲལ་བའི་རིག་པ་དྲི་མེད་ཀྱི་ནམ་མཁའ། །གོད་བྲལ་གཅེར་བུ་བཞིན་དུ་མཚན་ཉིད་མངོན་སུམ་དུ་མཐོང་བས། །འཁྲུལ་སྣང་སེམས་ཀྱི་སྤྲིན་ཚོགས་འདུ་འགོད་སྣ་ཚོགས་སུ་སྣང་ཡང་། །ཕན་གནོད་ཅི་ཡང་མེད་པའི་ཡིད་ཆེས་གདིང་ཆེན་འདྲ་ཐོབ་བོ། །རང་རིག་འོད་གསལ་ཀློང་དུ་ཡུལ་སྣང་རྟོག་མེད་ཀྱི་གཟུགས་བརྙན། །གང་ཤར་བདེ་བ་ཆེན་པོའི་ཡོ་ལང་རྒྱུན་ཆད་ནི་མེད་པས། །རྩོལ་སྒྲུབ་ངལ་བར་མ་ལྟོས་ཆོས་ཉིད་བདེན་པའི་དོན་མཐོང་བ། །གུ་རུ་སངས་རྒྱས་གཉིས་པའི་བྱིན་རླབས་གཟི་བརྗིད་ཀྱིས་རེག་སྙམ། །ཡེ་ནས་བསལ་བཞག་མེད་པ་ཆོས་ཀུན་གདོད་མ་ཡི་གཤིས་ལུགས། །སངས་རྒྱས་སྒམ་པོས་མ་བཅོས་སེམས་ཅན་སྒྲིན་པོ་ཡིས་མ་བསླད། །རང་སྣང་རིས་མེད་ཆེན་པོ་ཀ་དག་ཟང་ཐལ་གྱི་ངང་གནས། །རྣལ་


LT37_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ང་ཡི་ལྟ་བ་དྲི་མེད་ནམ་མཁའ་དང་མཚུངས་སོ། །འཁྲུལ་རྟོག་སེམས་སུ་ཤར་ཡང་གདོད་ནས་གཤིས་ལུགས་ལ་མ་གོས། །སྐྱེ་འགག་གནས་གསུམ་བྲལ་བའི་རིག་པ་རང་སོ་རུ་བཞག་པས། །ཤང་གྲོལ་གཉིས་སུ་མེད་པའི་ཡེ་གྲོལ་ཅོག་བཞག་གི་དགོངས་པ། །རྣལ་འབྱོར་ང་ཡི་བསྒོམ་པ་འོད་གསལ་ཉི་ཟླ་དང་མཚུངས་སོ། །ཉོན་མོངས་བུད་ཤིང་མེད་ན་ཡེ་ཤེས་མེ་དཔུང་ཡང་མནལ་ནས། །དུག་ལྔའི་དམག་དཔུང་ནང་དུ་གཉེན་པོ་གདུང་ཁྱེར་དུ་ཞུགས་པས། །ཚོགས་དྲུག་ཡུལ་སྣང་ཀུན་ལ་སྤང་བླང་མཉམ་ཉིད་དུ་གདལ་བ། །རྣལ་འབྱོར་ང་ཡི་སྤྱོད་པ་བར་སྣང་རླུང་ཆེན་དང་མཚུངས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་སྙམ་པའི་སྒོ་ནས། ཐོག་མར་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྫོགས་པའི་སངས་རྒྱས་སུ་མཐོང་བའི་མོས་གུས་ཁ་ཞེ་མེད་པར་བྱས་ནས་སྤྱི་བོར་བསྒོམ། བདག་གི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱི་རློབས་ཤིག །ཅེས་ཉ་སོལ་བ་བཏབ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་འོད་དུ་ཞུ་ནས་རང་དང་གཉིས་སུ་མེད་པར་ཐིམ་པར་མོས་ནས་མཉམ་པར་བཞག་པ་ནི། འདས་པའི་རྗེས་མི་གཅོད། །མ་འོངས་པའི་མདུན་མི་བསུ། །


LT37_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་སྐད་ཅིག་མ་ལ་གང་ཤར་བ་དེ་ལ་རེ་དོགས་སྤང་བླང་དགག་སྒྲུབ་ཐེ་ཚོམ་སྤུ་ཙམ་མི་བྱ་བར། ལྷོད་དེ། ཤིག་གེ། མེ་རེ། ཧད་དེ། ཆེ་མ་མེར་མ་ཡེངས་པར་བཞག །མ་འཁྲུལ་བར་བཞག །དེ་ཚེ་འགྱུ་བ་ཕྲ་རགས་བཟང་ངན་གྱི་རྣམ་རྟོག་ཅི་བྱུང་ཡང་དགའ་སྡུག་སྤང་བླང་མེད་པར་འཛེན་མེད་དུ་བཞག །ཤར་གྲོལ་དུ་བཏང་། ཡང་གནས་ཚེ་དེའི་ངོ་བོ་ཡེངས་མེད་དུ་སྐྱོང་། ཡང་འཕྲོ་ན་འཕྲོ་མཁན་གྱི་རྣམ་རྟོག་གཅིག་འབྱམས་གཉིས་འབྱམས་སུ་མི་མཐུད་པར་དེའི་ངོ་བོར་བལྟ་ཞིང་ཡངས་སུ་མི་འཇུག་སྟེ། མ་ཡེངས་ཙམ་དུ་ངོ་བོ་སྐྱོང་། དེ་ལྟར་གནས་འགྱུ་གཉིས་གནས་པ་དང་འགྱུ་བ་རིག་མཁན་གྱི་རིག་པ་གསུམ་སོ་སོ་མ་ཡིན་ཐ་མི་དད་ཀྱང་དཔེར་ན་མེ་ལོང་དུ་ཤར་བའི་གཟུགས་བརྙན། རང་གི་གཟུགས་རིག་མཁན་གྱི་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །དེ་ལྟར་གནས་འགྱུ་རེས་མོས་ལ་དུས་རྒྱུན་དུ། ཟ་འགྲོ། ཉལ་འདུག །དལ་བྲེལ། ཤི་གསོན། དགྲ་གྱོད། འཁྱག་ལྟོག །བདེ་སྡུག་གང་བྱུང་དེའི་དབང་དུ་མི་བཏང་བར་དེ་རྣམས་འགྲོ་འོང་གནས་གསུམ་འདུག་གམ་མི་འདུག་བརྟགས་པས་སྐད་ཅིག་མའི་ཤེས་པ་མ་བཅོས་པ་དེའི་ངོ་བོར་གྲོལ་བ་ལས་མེད་གསུངས། དེ་ལྟར་ཤེས་པ་ངལ་དུབ་ཁམས་གསལ་རྙོགས་དང་བསྟུན་ནས་བླ་མའི་ཞལ་གྱི་བདུད་རྩི་ལྟར་ཡང་ཡང་གསལ་གདབ་


LT37_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། རྣམ་དཀར་དམ་པའི་ལྷ་ཆོས་ཆེ་ཕྲ་གང་བྱེད་ཀྱང་སེམས་བསྐྱེད་རྒྱ་ཆེན་དང་སྨོན་ལམ་གྱི་རྒྱས་འདེབས་ལ་མཁའ་ཁྱབ་མ་རྒན་ལ་བསྔོ། །དུས་རྒྱུན་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཡེངས་མེད་འཁྲུལ་མེད་ཚེ་འདིའི་བྱ་བཞག་བཟང་ངན་ཐམས་ཅད་མདང་ཞག་གི་རྨི་ལམ་དང་ཁྱད་པར་མེད་པར་བལྟ་ཞིང་བདེན་འཛིན་ཨ་འཐས་མི་བྱ། སྣང་སྲིད་ཐམས་ཅད་ལ་བདེན་འཛིན་ཞིག་པ་ཞིག་ངེས་པར་དགོས་གསུངས་པས། དེ་བཞིན་འདའ་ཀ་འཆི་བྲོད་མཛད་འཚལ།། །།ན་མོ་གུ་རུ། །མདོ་རྒྱུད་བསྟན་བཅོས་མན་ངག་ཐམས་ཅད་ནས། །རང་གི་སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར། །དེ་ཉིད་རྟོགས་ན་ཆོས་ཀུན་འདུས་པར་གསུངས། །ཡིན་པའི་རྒྱུ་མཚན་རང་སེམས་གདོད་མ་ནས། །རིག་སྟོང་འོད་གསལ་སྤྲོས་པའི་མཐའ་དང་བྲལ། །དེ་ཡི་རང་རྩལ་འཁོར་འདས་ཆོས་རྣམས་ཤར། །རྟོགས་ན་སངས་རྒྱས་མ་རྟོགས་འཁོར་བར་འཁྱམས། །དེ་ཕྱིར་སེམས་ཀྱི་རྩ་བ་གཅིག་ཆོད་ན། །ཆོས་རྣམས་ཀུན་གྱི་གནད་འགགས་ཁྲོལ་བ་ཡིན། །འདི་དོན་དང་པོར་ཐོས་ཤིང་བར་དུ་བསམ། །ཐ་མར་བསྒོམས་པས་གཏན་ལ་འབེབས་དགོས་ཀྱང་། །སྒྲུབ་བརྒྱུད་ཀུ་སཱ་ལི་པ་ཕལ་ཆེར་གྱིས། །སྤྲོས་པ་རང་གི་སེམས་ཐོག་བཅད་པ་ལས། །ཕྱི་ཡི་སྤྲོས་པ་རང་ཆོད་ཕྱག་ལེན་མཛད། །དེ་ལ་ཐོག་མར་


LT37_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཉམས་བརྟན་པོས་བསྒྲུབ། །འགྱུ་དྲན་བྱུང་གནས་འགྲོ་སོགས་རྩད་གདར་བཅད། །གནས་འགྱུ་དབྱེར་མེད་བརྗོད་བྲལ་བློ་འདས་ཀྱི། །གནས་ལུགས་ཕྱོགས་ཙམ་གོ་བས་ལམ་དུ་ཁྱེར། །བར་དུ་བཟོ་བཅོས་མེད་པར་གཉུག་མའི་ངང་། །རང་བབ་དྲན་དང་ཤེས་བཞིན་མི་འབྲལ་བར། །ཆུ་བོའི་རྒྱུན་བཞིན་བསྐྱངས་པས་ཉམས་མྱོང་སྐྱེ། །ཐ་མར་བླ་མའི་བྱིན་རླབས་ལམ་དུ་བསློང་། །དགེ་སྦྱོར་སྙིང་པོ་མོས་གུས་སྙིང་རྗེའི་མཐུ། །ཐ་མལ་ཤེས་པ་ཆོས་ཀྱི་སྐུ་རུ་ཤར། །རང་རིག་དྲི་མེད་སྙིང་གི་དབུས་སུ་སད། །དགག་སྒྲུབ་ཐེ་ཚོམ་སྤྲོས་པ་ནང་ནས་ཆོད། །བློ་འདས་ཕྱག་རྒྱ་ཆེན་པོ་མངོན་དུ་རྟོགས། །རང་སེམས་རང་ལ་ཡོད་པས་གཞན་དག་ནས། །ཚོལ་དུ་མེད་ཕྱིར་ཤེས་པར་སླ་མོང་ཀྱང་། །ཤེས་ཙམ་གྱིས་ནི་ཉམས་ལེན་གོ་མི་ཆོད། །རྟག་ཏུ་དྲན་ཤེས་འབྲལ་མེད་སྐྱོང་ནུས་དགོས། །དྲན་རྫི་མེད་ན་རྒྱལ་བུ་ད་སང་འཁྱམས་འདྲ། །ཡེངས་མེད་དྲན་པའི་རྩ་བ་བརྩོན་འགྲུས་ཡིན། །ཆོས་ཀྱི་ཕྱོགས་སུ་བརྩོན་འགྲུས་བྱེད་པ་ལ། །འཁོར་བའི་ཉེས་དམིགས་མཐོང་བའི་ཞེན་ལོག་དང་། །སྲིད་བདེར་ངེས་འབྱུང་དྲག་པོ་མེད་ཐབས་མེད། །དེ་ཕྱིར་བསྒོམ་གྱི་རྩ་བ་དེ་ཉིད་གཙོ། །ཆོས་བརྒྱད་སྙིང་ལ་ཞེན་པའི་རྟོགས་ལྡན་དང་། །ཞེན་ལོག་ངེས་འབྱུང་བྲལ་བའི་སྒོམ་ཆེན་དང་། །དག་སྣང་ཆུང་ཞིག་ལས་འབྲས་


LT37_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྩི་བའི། །ཆོས་པའི་གཟུགས་བརྙན་རྣམས་ཀྱིས་རང་གཞན་བསླུ། །ད་སླུ་མེད་རྒྱལ་བ་དགྱེས་པའི་ལམ་བཟང་པོར། །མཁས་གྲུབ་གོང་མའི་ཕྱག་བཞེས་མ་འཁྲུལ་བར། །ཚེ་རབ་ཀུན་ཏུ་སློབ་པའི་སྨོན་འདུན་དང་། །མི་འབྲལ་ཐར་བའི་རྒྱལ་སར་འཇུག་པར་མཛེད།། །།ཅེས་ཉམས་ལེན་གནད་བསྡུས་ཉུང་ངུ་འདིའང་འགྲོ་འདྲེན་གནས་མདོ་གཅོད་བླ་སྤྲུལ་པའི་སྐུ་ཀརྨ་ཐུབ་བསྟན་རབ་འཕེལ་དཔོན་སློབ་ཀྱི་བཞེད་ངོར། བློ་གྲོས་མཐའ་ཡས་པའི་སྡེས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ཕུལ་བ་དགེ་ལེགས་འཕེལ།། །།

ཞལ་གདམས།


LT37_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཐུགས་བསྐྱེད་བྱིན་རླབས་མཐུ་ཡིས་སྨིན་གྲོལ་སྩོལ། །ཁོ་བོ་ཤིན་ཏུ་དམན་པའི་སྦྲང་བུ་ལ། །རྒྱལ་མཆོག་བརྩེ་ཆེན་གཟིགས་པའི་བཀའ་ཡི་མཆིད། །སོས་ཀའི་རྩི་བཅུད་ལྟ་བུ་བསྩལ་བ་ཡིས། །དད་གུས་མོས་སྤྲོའི་ལུས་སྟོབས་ཆེར་རྒྱས་ནས། །ཟར་ཟིར་སྙན་པའི་དབྱངས་ཆུང་ཅུང་ཟད་འབུལ། །མགོན་ཁྱོད་གདོད་ནས་མངོན་སངས་རྒྱས་གྱུར་ཀྱང་། །མཐའ་མེད་འཁོར་བར་འཁྱམས་པའི་སེམས་ཅན་དོན། །སླར་ཡང་བྱང་ཆུབ་སྤྱོད་པའི་ཚུལ་བསྟན་ནས། །གདུལ་བྱའི་སྐལ་པ་དང་འཚམས་སྤྲུལ་བསྒྱུར་མཛད། །ཐམས་ཅད་སངས་རྒྱས་མཛད་པའི་རོལ་མོ་ལ། །སོ་སྐྱེའི་བློ་ཡིས་རྗེས་སུ་དཔོག་མི་ནུས། །རིམ་བགྲོད་ལམ་གྱི་ངལ་བར་མ་ལྟོས་ཀྱང་། །གདུལ་བྱ་འདུལ་སླད་ཐུབ་དབང་རྣམ་ཐར་བཞིན། །གདམས་ངག་རྣམ་པར་ཐར་པའི་སྒོ་ནས་སྟོན། །དལ་འབྱོར་ཉིན་མོའི་སྐར་ལྟར་རྙེད་དཀའ་ཞིང་། །འདུས་བྱས་ཆོས་རྣམས་སྐད་ཅིག་ཙམ་མི་རྟག །ལས་འབྲས་བསླུ་མེད་རྣམ་སྨིན་རྗེས་སུ་འབྲང་། །སྡུག་བསྔལ་རང་བཞིན་སྲིད་ལས་ངེས་འབྱུང་རྣམས། ཁ་བཤད་ཙམ་ལས་རང་རྒྱུད་འབྱོར་བ་དཀོན། །གང་གི་ཐུགས་ལ་ཇི་བཞིན་ངེས་པ་ནི། །དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ་གསུངས་ཕྱིར། །ཐུན་མོང་གདུལ་བྱ་འདུལ་བའི་སྟོན་པར་གྲུབ། །དྲང་


LT37_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆོས་འཁོར་བསྐོར་བར་གསོལ་བ་འདེབས། །མཐའ་མེད་འཁོར་བར་འཁྱམས་པའི་ལུས་ཅན་རྣམས། །མཚན་ཐོས་ཙམ་ཡང་སྲིད་པ་མཐའ་ཅན་ཕྱིར། །གསུམ་ལ་སྐྱབས་འགྲོས་ངན་སོང་གཡང་ལས་ལྡོག །སེམས་མཆོག་བསྐྱེད་པས་སངས་རྒྱས་ས་བོན་ཐེབས། །བྱང་ཆུབ་སྤྱད་པས་རང་གཞན་དོན་གཉིས་སྒྲུབ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ཕྲིན་ལས་ལགས། །བྱང་སེམས་མཛད་པས་མ་བསྒྲལ་སྒྲོལ་བར་གསོལ། །དེང་སང་སྐལ་དམན་རྣམས་ཀྱི་སྐལ་པ་དང་། །འཚམས་པའི་བརྡོལ་ཆོས་གསར་བྱུང་མ་ཡིན་པའི། །ཁུངས་དང་འབྲེལ་ཞིང་ཡིད་ཆེས་བརྒྱུད་ལྡན་པའི། །རྡོ་རྗེ་ཐེག་པའི་གསང་བ་ཐུན་མོང་དང་། །ཁྱད་པར་ལམ་གྱིས་བློ་ཆེན་སྐལ་བཟང་རྣམས། །སྨིན་ཅིང་གྲོལ་འདི་སངས་རྒྱས་གཞན་དག་གི། །བསྟན་ལ་མ་བྱོན་ཐུབ་པའི་ཐུགས་བསྐྱེད་དང་། །རླབས་ཆེན་ཕྲིན་ལས་ཁྱད་ཆོས་ཉིད་ཀྱི་ཕྱིར། །དད་གུས་དམ་ཚིག་ལྡན་པའི་སྐྱེ་བོ་ཀུན། །མྱུར་ལམ་ཟབ་མོས་སངས་རྒྱས་སར་འགོད་གསོལ། །ཐུན་མོང་རིག་གནས་ཁྱད་པར་མདོ་རྒྱུད་གཞུང་། །གང་ལའང་ཕྱོགས་རིས་མེད་པའི་ཐོས་པ་བཙལ། །གསན་བ་ཙམ་གྱིས་ཆོག་ཤེས་མི་མཛད་པར། །བསམ་པས་ངེས་ཤེས་རྙེད་པའི་སྒྲོ་འདོགས་བཅས། །དེ་དོན་རང་རྒྱུད་ལ་སྦྱོར་སྒོམ་པ་ཡང་། །ནམ་ཞིག་ཙ་ན་བྱ་སྙམ་མ་ཡིན་པར། །རྟག་ཏུ་དྲན་ཤེས་བསྟེན་པའི་


LT37_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་དང་། །སྔོན་སྦྱངས་ཅན་གྱི་དམ་པའི་རྣམ་པར་ཐར། །ལྷུན་གྱིས་གྲུབ་པ་དེ་ལས་མ་གཡོས་འཚལ། །སྒྲིབ་བྲལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །ཇི་ལྟའི་གནས་ལུགས་གདོད་ནས་གཟིགས་པའི་ཕྱིར། །རྒྱལ་བའི་དགོངས་པ་གྲུབ་པའི་ཉམས་མྱོང་དང་། །ཇི་བཞིན་མཚུངས་པའི་རྡོ་རྗེའི་གསུང་གསང་ཉིད། །ཐོས་པའི་སྐལ་བཟང་ཐོབ་སྙམ་དང་སྤྲོ་འཕལ། །སྤྱིར་ནི་ཚོགས་ལམ་གནས་པས་གོ་བ་ཙམ། །སྦྱོར་ལམ་ཉམས་སྐྱོང་མཐོང་ལམ་རྟོགས་པའི་སྣེ། །གསུངས་ཀྱང་དབང་པོ་རབ་ལ་གཅིག་ཅར་འགྲུབ། །གཞི་ཡི་གནས་ལུགས་རང་བཞིན་སྤྲོས་དང་བྲལ། །དཔྱད་སྒོམ་པ་རྣམས་ཐོས་པས་གཏན་ལ་དབབ། །དེ་ཡི་གྲོགས་སུ་ལུང་དང་རིགས་པ་དགོས། ཁ་ཕྱིར་བ་ལྟས་ན་གཟུང་འཛིན་སྒྲོག་གིས་འཆིངས། །འཇོག་སྒོམ་པ་རྣམས་སྒོམ་པས་ཉམས་སུ་མྱོང་། །དེ་དོན་རྟོགས་ལ་བླ་མའི་མན་ངག་གཅེས། །རྩད་གདར་མ་ཆོད་ལུང་མ་བསྟན་ཏུ་འབྱམས། །གང་ལའང་བདག་མེད་རྟོགས་པའི་གདིང་ཐོབ་དགོས། །དེ་ཡི་ཕོགས་འདོན་རོ་སྙོམས་གཅོད་ཡུལ་ཟབ། །ལྟ་བའི་མཐར་ཐུག་གང་ཡང་མ་གྲུབ་ལ། །ཅིར་ཡང་མི་འཛིན་བསམ་བརྗོད་བློ་ལས་འདས། ཁས་ལེན་བྲལ་ཡང་རང་ཐག་ཆོད་པ་ལགས། །དེ་དོན་ལམ་དུ་བྱེད་ནས་སྒོམ་པའི་ཚེ། །རྩོལ་མེད་རང་བབས་གནས་པའི་བསམ་གཏན་ནི། །


LT37_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་མི་རུང་ཞི་གནས་ཏིང་འཛིན་གཞི། །རང་ངོ་ཧྲིག་གེར་རིག་པ་ལྷག་མཐོང་སྟེ། །འགྱུ་བ་རང་སར་ཡལ་བ་གཉུག་མིའི་གཤིས། །དང་པོའི་ལས་ཅན་སྒོམ་ལ་འཇུག་པའི་ཚེ། །ཐོག་མར་འདུ་བྱེད་དྲན་བ་རྒྱུན་ཆགས་བསྟེན། །སྐད་ཅིག་མི་ཡེངས་ཁབ་མིག་སྐུད་འཛུད་བཞིན། །རྟོག་པ་རང་གི་ངོ་བོར་གློད་ལ་འཇོག །གོམས་ནས་རྣམ་རྟོག་ཁོ་རང་སྒོམ་དུ་ཤར། །དྲན་རིག་རང་ཚུག་མ་ཤོར་རྒྱུན་སྐྱོང་ན། །སྣང་སྲིད་ཆོས་སྐུ་ཕྱག་རྒྱ་ཆེན་པོར་འཆར། །འདི་དོན་ངོ་སྤྲོད་གནད་ཀྱི་མཐར་ཐུག་པ། །དཔལ་ལྡན་ཀརྨ་པ་ཡི་ཁྱད་ཆོས་ནི། །ཆོས་ཀུན་གནས་ལུགས་གདོད་ནས་སྤྲོས་བྲལ་དང་། །རང་སེམས་དབྱེར་མེད་ངོ་བོ་ཆོས་ཀྱི་སྐུ། །སྟོང་པའི་རང་བཞིན་གསལ་ལ་མ་འགགས་པ། །འཛིན་བྲལ་ལྷམ་མེར་སྣང་བ་ལོངས་སྤྱོད་རྫོགས། །རང་རྩལ་ཅིར་ཡང་མ་ཡིན་ཅིར་ཡང་སྣང་། །ཟུང་འཇུག་ཐུགས་རྗེ་སྤྲུལ་པའི་སྐུར་ཤེས་ན། །འཁོར་འདས་དབྱེར་མེད་སྐུ་གསུམ་གཤིས་ལ་རྫོགས། །སྤྱོད་པ་མང་ཡང་སྙིགས་དུས་མཆོག་དམན་ཀུན། །ཁེ་ཆེ་ཉེན་ཆུང་ཀུན་བཟང་བརྟུལ་ཞུགས་ཟབ། །སྲིད་ལ་ངེས་འབྱུང་འགྲོ་ལ་སྙིང་རྗེ་སྐྱེད། །བཅོས་མིན་མོས་གུས་རིས་མེད་དག་སྣང་སྦྱོང་། །རང་དོན་དོན་གཉེར་ཆོས་བརྒྱད་རྩྭ་ལྟར་འདོར། །དོན་དམ་སྟོང་ཉིད་མཁའ་འདྲ་རྟོགས་གྱུར་ཀྱང་། །ཀུན་རྫོབ་བདེན་པ་ཁྲོ་མོའང་ཁྱད་མི་གསོད། །འགྲོ་རྣམས་ཚོགས་


LT37_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་སྒྲིབ་སྦྱོང་ལམ་ལ་གཟུད། །བཅོས་མན་ཤུགས་འབྱུང་སྤྱོད་པས་འགྲོ་བ་འདུལ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་སྒྲུབ་གསོལ་འདེབས། །གནད་ཀྱི་སྙིང་པོ་རང་སེམས་གཉུག་མའི་གཤིས། །ཤེས་པ་ཕྱི་མས་ལྷན་པ་མི་གདབ་པར། །བཟོ་མེད་ལྷུག་པར་འཇོག་པའི་རྒྱུན་སྐྱོང་སྟེ། །མོས་གུས་སྟོབས་ཀྱིས་བླ་མའི་བྱིན་ཞུགས་ན། །ཐ་སྙད་ལས་འདས་དོན་དམ་བདེན་པ་མཐོང་། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །དངོས་ཀུན་ཁྱབ་བདག་དངོས་མེད་ནམ་མཁའི་ལུས། །ཐོབ་མེད་འབྲས་བུའི་ཕྱག་ཆེན་ཐོབ་པར་གསུངས། །སངས་རྒྱས་སྤྲུལ་པའི་སྐུ་མཆོག་ཉིད་ལྟ་བུར། །སོ་སྐྱེའི་ཚིག་གིས་གསལ་འདེབས་མི་འཚལ་ཡང་། །ཐུགས་བརྩེའི་དགོངས་པ་ཐུན་མིན་གཏད་ནས་ཀྱང་། །རྟོགས་བརྗོད་ལྷུག་བར་བསྩལ་པའི་བཀའ་ལེན་ཏུ། །མདོར་བསྡུས་གུས་པ་ཆེན་པོས་ཕུལ་བ་ལ། །ནོངས་པ་གང་མཆིས་ཡེ་ཤེས་ཀློང་དུ་བཤགས། །དགོངས་པ་དགྱེས་པའི་དགེ་བས་སྐྱེ་ཀུན་ཏུ། །སངས་རྒྱས་ཀརྨ་པ་ཡིས་རྗེས་བཟུང་སྟེ། །གསང་གསུམ་ཡོན་ཏན་ཕྲིན་ལས་བཅས་པ་དང་། །དབྱེར་མེད་མཁའ་ཁྱབ་འགྲོ་བའི་འདྲེན་པར་ཤོག །ཅེས་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་ནས་བཀའ་འབངས་རྒན་བུ་བློ་གྲོས་མཐའ་ཡས་ཀྱིས་དད་ཅིང་གུས་པའི་ཡིད་ཀྱིས་ཕུལ་བ་སརྦ་མངྒ་ལཾ།། །།


LT37_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདྲས་བླ་མ་རྗེས། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་ལན་གཅིག་ཐོབ་འདི་ལ། །ཕྱི་མར་ཕན་པའི་ཆོས་བསྒྲུབ་འཚལ། །མི་ཚེ་སྤྲིན་བར་ཉི་མ་འདྲ། །ཅི་བྱས་མེད་པར་ཡུད་ཙམ་འཛད། །འཆི་ཁར་འགྱོད་ཀྱང་བྱ་ཐབས་བྲལ། །དེ་ཕྱིར་མྱུར་དུ་བརྩོན་འགྲུས་བརྩམ། །ཆོས་ལ་རྒྱ་ཆེ་གྲངས་མང་ཡང་། །ཚེ་གཅིག་སངས་རྒྱས་འགྲུབ་པའི་ཆོས། །མཐར་ཐུག་ཕྱག་རྫོགས་གཉིས་པོ་ཡིན། །ཐབས་ལམ་བདེ་སྟོང་ཕྱག་ཆེན་ནི། །སྔགས་ཀྱི་ཉམས་ལེན་དངོས་ཡིན་ཀྱང་། །ལག་ཏུ་ལོན་པ་རེ་རེ་ཙམ། །གྲོལ་ལམ་ལྷན་སྐྱེས་ཕྱག་རྒྱ་ཆེ། །ཁེ་ཆེ་ཉེན་ཆུང་ཉམས་ལེན་བདེ། །དབང་པོ་མཆོག་དམན་ཀུན་ལ་ཕན། །འདི་ལ་ཐུགས་དམ་སྙིང་པོར་མཛོད། །མི་རྟག་འཆི་བས་རྒྱུད་བསྐུལ་ནས། །ཅིས་ཀྱང་དགོས་མེད་བློ་སྣ་བསྟུང་། ཁམས་གསུམ་འཁོར་བ་མཐའ་དག་ལ། །ཞེན་ལོག་ངེས་འབྱུང་སྙིང་ནས་བསྐྱེད། །ཐོག་མར་སྔོན་འགྲོས་རྒྱུད་དག་བྱ། །དངོས་གཞི་བླ་མའི་རྣལ་འབྱོར་བསྒོམ། །མོས་གུས་གོང་ནས་གོང་འཕེལ་བྱ། །ལུས་གནད་བཅས་ལ་རང་གི་སེམས། །གནས་སམ་འགྱུ་བའི་ངོ་བོར་བལྟ། །གནས་ཀྱང་རུང་ལ་འགྱུས་ཀྱང་རུང་། །རང་སེམས་ཉིད་ལས་གཞན་མེད་པས། །ངོ་བོའི་ངང་དུ་མ་བཅོས་བཞག །རྟག་ཏུ་དྲན་ཤེས་འབྲེལ་མེད་གཅེས། །སེམས་གནས་བརྟན་པོ་


LT37_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ན། །དེ་ལ་ཆེད་འཛིན་མི་བྱ་བར། །ཚོགས་དྲུག་རྟོག་པ་སྣ་ཚོགས་དང་། །བསྲེས་ལ་རྣམ་རྟོག་ལམ་དུ་བསླང་། །ད་ལྟའི་རྣམ་རྟོག་སྐད་ཅིག་མའི། །རང་ངོ་ཧྲིག་གིས་མཐོང་བའི་ཚེ། །རང་གྲོལ་ཆོས་སྐུར་འཆར་བ་ལས། །སེམས་ངོ་བྱ་བ་གཞན་མེད་པས། །ཤེས་པ་ཕྱི་མས་བཟོ་མི་བཅོས། །རྟོག་པའི་ལྷན་པོ་མི་གདབ་པར། །གནས་ལུགས་གཉུག་མའི་རང་བབ་ཏུ། །མ་ཡེངས་མི་སྒོམ་གློད་ཤེས་ན། །མྱུར་དུ་རྟོགས་པའི་དབང་ཕྱུག་འགྱུར། །དེ་སྐད་ཡོངས་འཛིན་བླ་མ་མཆོག །དྷརྨ་ཏཱ་རའི་གསུར་བསྐུལ་ངོར། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །མདོར་བསྡུས་ཙམ་དུ་ཕུལ་བ་དགེ། །མངྒ་ལཾ། ༈ན་མོ་གུ་རུ་བེ། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཅེས། །མདོ་སྔགས་རྟོགས་པ་བསྲེས་པའི་ཁྲིད། །མཉམ་མེད་དྭགས་པོའི་བཀའ་སྲོལ་འདིར། །མོས་གུས་ཉིད་ལ་གཞི་བཟུང་སྟེ། །ཞི་གནས་རྩ་བ་ཚུགས་པ་དང་། །ལྷག་མཐོང་རྟོགས་པ་ཐོབ་ངེས་དགོས། །གོམས་ནས་ཞི་ལྷག་ཟུང་འཇུག་གི། །ཉམས་ལེན་གནད་དང་མ་བྲལ་བར། །བདག་པོ་ཆོས་ཉིད་དྲན་པ་བཅས། །སྒོམ་ཡུན་ཤི་དང་མཉམ་ནུས་ན། །སྤྲོས་བྲལ་རྟོགས་པ་ཙམ་ནི་མང་། །ཉིད་ཀྱི་ཞི་ལྷག་འཇོག་ཚུལ་རྣམས། །དཔེ་བལྟས་གོ་བ་ཙམ་མིན་པ། །སེམས་ཐོག་གདར་ཤ་ཆོད་


LT37_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསུང་། །ཕྱིན་ཅི་མ་ལོག་གོ་བ་སྟེ། །འདྲིས་ཤིང་གོམས་ན་ཉམས་མྱོང་སྐྱེ། །ཚོགས་བསགས་མོས་གུས་སྟོབས་སོགས་ཀྱིས། །རྟོགས་པའི་ཡེ་ཤེས་ལྷག་གེང་མཐོང་། །ཐ་མལ་ཤེས་པ་སྙིང་དབུས་སད། །རྣམ་རྟོག་ཆོས་ཀྱི་སྐུ་རུ་ཤར། །སྣང་སྲིད་ཕྱག་རྒྱ་ཆེན་པོར་གྲོལ། །དེ་ལ་གེགས་བྱེད་རྣམ་རྟོག་གོ། །དགག་སྒྲུབ་ཐེ་ཚོམ་རྟག་ཏུ་སྡང་། །ཅིར་སྣང་ཐད་ཀར་ལམ་དུ་ཁྱེར། །རང་བབ་གཉུག་མ་བསྐྱང་བ་ལ། །གཉེན་པོའི་བཟོ་བཅོས་ཡལ་བ་ན། །གནས་ལུགས་ལྷུམ་སུ་ཚུད་པར་འགྱུར། །དོན་དམ་ཆོས་ཉིད་བདེན་མཐོང་ན། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་སྒྲུབ་བརྒྱུད་མཁན་པོ་བདེ་ལྡན་གྱིས་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ། །༈ན་མོ་གུ་རུ། །ལས་དང་པོ་པའི་ངོ་བོ་བསྐྱང་ཚུལ་ལ། །འཛིན་པས་གཏན་ནས་མ་བསླད་མི་འབྱུང་ཞིང་། །དྲན་པ་ཁོ་ན་གནད་དུ་ཟབ་པས་ན། །དང་ངོ་མི་ཡེངས་སྙམ་པའི་འཕན་པ་བཏང་། །ཡེངས་ན་དེ་དབང་མི་བཏང་དམ་བཅའ་བཟུང་། །དྲན་པ་ཤུགས་འབྱུང་བྱུང་ན་དེ་རྒྱུན་བསྐྱང་། །རང་བབ་གསལ་སྟོང་ངང་དུ་གནས་པའི་ཚེ། །རང་ངོ་ཤེས་པས་བཅོས་མེད་ས་ལེར་བཞག །འཕྲོ་ན་རྟོག་བ་ཚུར་ལ་མི་འགུགས་པར། །མ་ཡེངས་བལྟས་པས་གཉུག་མའི་ངང་དུ་གྲོལ། །ཚོགས་དྲུག་རྟོག་པ་ཇི་ལྟར་མང་ན་ཡང་། །སྤང་བླང་དགག་སྒྲུབ་མེད་པར་ལམ་


LT37_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྱེར། །དྲན་ཤེས་ཡོད་ན་ཅིས་ཀྱང་འཆིང་མི་འགྱུར། །དྲན་རྗི་མེད་ན་ཡེངས་འཁྲུལ་དབང་དུ་འགྲོ། །ཡེངས་དང་མ་ཡེངས་ཙམ་གྱི་ཁྱད་པར་ལས། །བསྒོམ་རྒྱུའི་སེམས་དེ་ཟར་བ་ཅི་ཡང་མེད། །རྟོགས་པའི་རྐྱེན་ནི་སེམས་བསྐྱོད་མོས་གུས་དང་། །ཚོགས་གསོག་གང་འགྲུབ་བརྩོན་འགྲུས་བསྐྱེད་པ་དང་། །འཇིག་རྟེན་གསུམ་གྱི་མགོན་པོའི་རྗེས་འཇུག་པ། །སྐལ་ལྡན་དཀོན་མཆོག་བསྟན་སྐྱོང་ཐུགས་བཞེད་ངོར། །སྒྲུབ་བརྒྱུད་རྟགས་འཛིན་གུ་འི་མིང་གིས་བྲིས། །ཉམས་ལེན་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ན་མོ་གུ་ར་བེ། །སོ་སོར་སྡུད་པའི་སྟོང་གཟུགས་དེ། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེ། །སེམས་ཉིད་ལྷན་ཅིག་སྐྱེས་པའི་གཤིས། །རང་བྱུང་རང་ཤར་རང་གྲོལ་ཡིན། །བརྟན་ཅིང་བསམ་གཏན་སྐྱེས་པ་ན། །ཞི་གནས་ལྷག་མཐོང་མཐར་ཐུག་འགྲུབ། །ཕྱག་རྫོགས་སྒོམ་པའི་གནད་དང་གཅིག །བློས་དཔྱད་མི་དགོས་ལྟ་བ་རྟོགས། །དེ་ནས་སྲོག་རྩོལ་རྣམ་འབྱོར་གྱིས། །ལས་རླུང་དབུ་མའི་དབྱིངས་སུ་སྡུད། །རྗེས་སུ་དྲན་པས་རྩ་མདུད་གྲོལ། །ཏིང་འཛིན་འཕོ་བ་རབ་བཀག་ནས། །དཱངས་མ་མི་ཤིགས་རྡོ་རྗེའི་སྐུ། །ཁྱབ་བདག་འགྱུར་མེད་བདེ་ལ་སྦྱོར། །དེ་བས་འདི་འདྲའི་གནད་ཟབ་མོ། །རྒྱུད་སྡེ་གཞན་ཏུ་གསུངས་པ་མེད། །ལམ་


LT37_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་དང་འཕྲད་པའི་བུ། །སྐལ་པ་བཟང་བ་ཤེས་པར་འཚལ། ཅེས་ཛཾ་ཐང་དགེ་སློང་དམ་ཆོས་ནས་བསྐུལ་ངོར་བློ་གྲོས་མཐའ་ཡས་ཀྱིས་མདོ་ཙམ་སྨྲས་པ་དགེ་ལེགས་འཕེལ།། ༈ །།གུ་རུ་པདྨར་བདག་ཕྱག་འཚལ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །དད་ལྡན་བློ་སྣ་ཆོས་ལ་བསྒྱུར། །མི་ལྡོག་ཐར་པའི་ལམ་ཟིན་ཤོག །གངས་ཅན་མགོན་པོ་ཨ་ཏི་ཤས། །མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །ཅེས་པ་མདོར་བསྡུས་གཉིས་སུ་གསུངས། །ཡིད་ནི་ཉེས་པའི་རྩ་བ་སྟེ། ཁ་ནི་ཉེས་པ་འབྱུང་བའི་སྒོ། །དེ་ཕྱིར་འདི་གཉིས་རྟག་ཏུ་བསྲུང་། །འཁོར་འདས་ཐམས་ཅད་རང་གི་སེམས། །གཞན་ནས་རྡུལ་ཙམ་བྱུང་བ་མེད། །བདེ་སྡུག་བཟང་ངན་མཆོག་དམན་སོགས། །ཐམས་ཅད་སེམས་ཀྱི་རྟོག་པ་ཡིན། །རང་སེམས་དག་ན་སངས་རྒྱས་ཏེ། །གང་དུ་སྡོད་ཀྱང་དག་པའི་ཞིང་། །ཇི་ལྟར་བྱས་ཀྱང་ཆོས་ཉིད་དང་། །དག་སྣང་ཡེ་ཤེས་རོལ་པའི་རྒྱན། །རང་གི་སེམས་ཉིད་མ་དག་ན། །སངས་རྒྱས་ཡིན་ཀྱང་སྐྱོན་དུ་མཐོང་། །ཕ་མ་ལ་ཡང་ཁོང་ཁྲོ་སྐྱེ། །སྣང་བ་ཕལ་ཆེར་དགྲ་རུ་ལང་། །རེ་དོགས་ཆགས་སྡང་རྒྱུན་མི་ཆད། །མི་ལོ་མི་ཉན་མི་ཚེ་ཟད། །སུ་དང་འགྲོགས་ཀྱང་ཡིད་མཐུན་ལ། །གང་དུ་བསྡད་ཀྱང་


LT37_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་མེད། །ཇི་ཙམ་ཡོད་ཀྱང་ཆོག་མི་ཤེས། །རེ་རེ་འཇོམ་ཡང་རེ་རེ་དགོས། །ཚེ་འདིའི་སྣང་བས་གཡེངས་གཡེངས་ནས། །ཆོས་བྱ་སྙམ་ཡིད་ལ་དྲན་ན་ཡང་། །ད་བྱེད་ངང་དུ་མི་ཚེ་ཟད། །ངེས་འབྱུང་སོ་མ་སྐྱེ་བའི་སྐབས། །ཡོད་ཚད་ལིང་བོར་ཐུབ་ཐུབ་འདྲ། །འཁྲེབ་ནས་ཁབ་ལའང་སེར་སྣ་སྐྱེ། །མོས་གུས་གསར་པ་སྐྱེ་བའི་ཚེ། །བླ་མ་དེ་ལས་གཞན་མི་དྲན། །ཡུན་རིང་སོང་ནས་ལོག་ལྟ་སྐྱེ། །དད་པ་གསར་པའི་སྐབས་སུ་ནི། །དགེ་སྦྱོར་གཅིག་བྱེད་གཅིག་མི་ཁོམས། །རྒས་ནས་ཐམས་ཅད་དབྱིངས་སུ་ཡལ། །སྲུང་ཚུལ་རྒྱལ་སྲས་ཞི་བ་ལྷས། །སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་གི་ཕྱིར་ཡང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཅེས་གསུངས་བཞིན་ཏུ་ཉམས་ལེན་འཚལ། །རང་སེམས་བཀོལ་དུ་བཏུབ་པ་ན། །དབེན་གནས་གཞན་ཏུ་ཚོལ་མི་དགོས། །རྣམ་རྟོག་མེད་ན་དབེན་པ་ཡིན། །བླ་མ་གཞན་ཏུ་ཆོལ་མི་དགོས། །སེམས་ཉིད་བླ་མ་སངས་རྒྱས་ཡིན། །དགེ་སྦྱོར་ཐོན་ལུས་དོགས་མི་དགོས། །ཡེངས་མེད་དགེ་སྦྱོར་སྙིང་པོ་ཡིན། །གཡེང་བ་ཆེད་དུ་སྤང་མི་དགོས། །དྲན་ཤེས་བརྟེན་ན་རང་གྲོལ་ཡིན། །ཉོན་མོངས་སྐྱེ་དོགས་སྐྲག་མི་དགོས། །རང་ངོ་རིག་ན་ཡེ་ཤེས་ཡིན། །རང་སེམས་སྐད་ཅིག་མ་འདི་ལས། །འཁོར་འདས་གཞན་ཏུ་མ་གྲུབ་པས། །


LT37_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་སེམས་ལ་བྱ་ར་འཚལ། །རང་སེམས་ནང་དུ་མ་ཐུལ་ན། །ཕྱི་ཡི་དགྲ་ལ་ཟད་པ་མེད། །ནང་དུ་ཁོང་ཁྲོ་ཐུལ་བ་ན། །ས་སྟེང་དགྲ་བོ་ཐམས་ཅད་ཞི། །སེམས་ལ་ཆོག་ཤེས་མ་སྐྱེས་ན། །འདོད་རྒུ་འཛོམ་ཡང་སྤྲང་པོ་འདྲ། །ཞེན་ལོག་ཆོག་ཤེས་ཅན་གྱི་མི། །ཟང་ཟིང་མེད་ཀྱང་རྟག་ཏུ་ཕྱུག །འཇིག་རྟེན་བྱ་བ་ལེགས་པ་དང་། །ཆོས་དང་དགེ་བ་གྲུབ་པའི་ཚེ། །སེམས་ལ་དགའ་བ་སྐྱེ་བ་ཡི། །བག་ཆགས་དེ་ཡིས་མཐོ་རིས་སྐྱེ། །དེ་ཡང་མི་རྟག་འཁོར་བ་ཡིན། །དགའ་བའི་ངོ་བོར་བལྟས་པ་ན། །སྟོང་པར་མཐོང་དེ་ཐར་ལས་རྒྱུ། །ཆོས་དང་འཇིག་རྟེན་བྱ་བ་རྣམས། །མ་ལེགས་སྡུག་བསྔལ་བྱུང་བ་དང་། །ཁོང་ཁྲོ་ཞེ་སྡང་འདོད་ཆགས་སོགས། །ཉོན་མོངས་རྟོག་པའི་རྗེས་འབྲང་ན། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ། །དེར་སྐྱེས་སྡུག་བསྔལ་བསམ་མི་ཁྱབ། །ཉོན་མོངས་སྡུག་བསྔལ་གང་སྐྱེས་ཀྱང་། །རང་ངོར་བལྟས་པས་སྟོང་བར་ཡལ། །དེ་ལས་ཡེ་ཤེས་ལོགས་ན་མེད། །རང་སེམས་རང་དང་མི་འབྲལ་བས། །རྟག་ཏུ་རང་སེམས་སྲུང་བ་གཅེས། །སེམས་སྲུང་བ་ལ་ཆོས་ཀུན་འདུས། །མཐུན་གྲོགས་གསར་བ་རྙད་པའི་དུས། །རང་ལས་དེ་ཡི་ལུས་སྲོག་གཅེས། །ཨ་གསར་ཡལ་ནས་དགྲ་རུ་ལྡང་། །དེ་ཕྱིར་ཚོགས་དྲུག་ཡུལ་སྣང་ཀུན། །སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཏེ། །སྤང་བླང་བྱེད་ན་ཁྱེད་མཁན་འཁྲུལ། །


LT37_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མཉམ་ལམ་ཁྱེར་མཆོག་ཡིན་ཀྱང་། །ལས་དང་པོ་ཡི་གང་ཟག་གི། །ལྟ་བ་མཐོ་ལ་སྤྱོད་བཞི་པ། །མི་ལུས་དལ་འབྱོར་རྙེད་དཀའ་ཞིང་། །འཆི་བ་མི་རྟག་ཡང་ཡང་བསམ། །ལས་འབྲས་བསླུ་མེད་ངེས་ཤེས་བསྐྱེད། །གཞན་དག་ཤི་བ་མཐོང་ཐོས་ཚེ། །རང་ལ་བརྡ་སྟོན་ཤེས་པར་མཛོད། །དབྱར་དགུན་འགྱུར་བ་མཐོང་བའི་ཚེ། །ཐམས་ཅད་མི་རྟག་ཤེས་པར་མཛོད། ཁང་ཞིག་གྲོང་སྟོང་མཐོང་བའི་ཚེ། །སྡོད་གནས་ཁང་ཁྱིམ་དྲན་པར་མཛོད། །གཞན་དག་མཛའ་བ་བྲལ་མཐོང་ཚེ། །རང་གི་ཉེ་མཛའ་དྲན་པར་མཛོད། །གཞན་ལ་མི་འདོད་གློ་བུར་ཚེ། །རང་ལའང་འབྱུང་བ་དྲན་པར་མཛོད། །རང་གཞན་ཐམས་ཅད་རྨི་ལམ་འདྲ། །བདེན་པར་གྲུབ་པ་རྡུལ་ཙམ་མེད། །རང་སེམས་བཟོ་བཅོས་མ་བསླད་པར། །གཉུག་མའི་རང་ངོ་བསྐྱང་བའི་ཚེ། །ཕྱི་ནང་ཆོས་ཀུན་སྟོང་པ་ཉིད། །གསལ་སྟོང་ཟུང་འཇུག་མཁའ་ལྟར་རྟོགས། །དེ་ནི་དོན་དམ་བྱང་སེམས་ཡིན། །དེ་ལྟར་མ་ཤེས་འགྲོ་བ་རྣམས། །གཟུང་འཛིན་དབང་གིས་འཁོར་བར་འཁྱམས། །སྡུག་བསྔལ་མྱོང་ལ་ཚད་མེད་པའི། །སྙིང་རྗེ་བཅོས་མིན་ཤུགས་ལ་སྐྱེ། །དེ་ནི་ཀུན་རྫོབ་བྱང་སེམས་ཡིན། །སྙིང་རྗེ་འཛིན་མེད་སྟོང་པར་རྟོགས། །སྟོང་པའི་རང་རྩལ་སྙིང་རྗེར་ཤར། །ཟུང་འཇུག་མདོ་སྔགས་ཆོས་ཀྱི་སྙིང་། །ཉམས་ལེན་ཕུགས་པོ་འདི་ལ་


LT37_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དེ་དག་རྒྱུད་ལ་སྐྱེ་བའི་ཐབས། །ཚོགས་བསགས་ལག་ཏུ་གང་ཐེབས་བྱ། །དཀོན་མཆོག་གསུམ་ལ་གསོལ་བ་གདབ། །བླ་མའི་མོས་གུས་གནད་དུ་བསྣུན། །རང་གཞན་སྡིག་ལས་ལྡོག་པ་དང་། །ཅི་ནུས་དགེ་བའི་ལས་ལ་བསྐུལ། །ཐེག་པ་ཆེན་པོའི་སེམས་བསྐྱེད་དང་། །རྣམ་དག་བསྔོ་བ་འབྲལ་མི་བྱ། །དགེ་བློ་ཡར་ཟླའི་དཔལ་ཡོན་ཅན། །དེ་བེནྡྲ་ཡི་གསལ་འདེབས་སུ། །དགེ་སྦྱོར་བློ་གྲོས་མཐའ་ཡས་ཞེས། །རྒན་པོ་འདུ་གསུམ་པ་ཡིས་ཐིས། །ཚེ་དང་ཆོས་སྒྲུབ་མཐར་ཕྱིན་ཅིང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག། ༈ །།རིགས་དྲུག་ཁྱབ་བདག་བླ་མའི་ཞབས་ལ་འདུད། །སེམས་ཀྱི་ངོ་བོ་རྟོགས་འདོད་སྐལ་པ་བཟང་། །འབད་པས་ཐོས་བསམ་ལོ་བརྒྱར་བྱས་པ་ལས། །རང་ངོ་ཡུད་ཙམ་སྐྱོང་ངས་ཆོད་ཆེ། །ངོ་བོ་དང་ནི་གནས་ལུགས་དོན་གཅིག་ཡིན། །གནས་ལུགས་ཞེས་པ་གཤིས་ཀྱི་བཞུགས་ཚུལ་ལགས། །གཤིས་ལུགས་མ་བཅོས་རང་བབ་སྐྱོང་ནུས་ན། །དགག་སྒྲུབ་སྤྲོས་པ་ཅི་ཡང་མི་དགོས་ཀྱང་། །ཐོག་མེད་འཁྲུལ་པ་འདི་དང་འགྲོགས་ཡུན་རིང་། །མ་རིག་བག་ཆགས་འཐུག་པོ་ཚན་ཆེ་བས། །གཟུང་འཛིན་འཁྲུལ་འཁོར་བཙན་ཐབས་བཟློག་པར་དཀའ། །དེས་ན་ཐབས་མཁས་རྒྱལ་བས་གསུངས་པའི་ལམ། །ཐོག་མར་འཁོར་བ་སྡུག་བསྔལ་རང་བཞིན་ལ། །བསམ་


LT37_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐག་པས་དེས་འབྱུང་དྲག་པོ་བསྐྱེད། །སྲིད་པའི་བདེ་ལ་ཞེན་པ་གཏེང་ནས་ལྡོག །བདག་ཏུ་འཛིན་པའི་རྣམ་རྟོག་མ་ཟད་པར། །དེ་སྲིད་ལས་དང་རྒྱུ་འབྲས་མི་བསླུ་ཕྱིར། །རྣམ་པ་ཀུན་ཏུ་ལས་ལ་ཡིད་ཆེས་པས། །སྒྲིབ་སྦྱོང་ཚོགས་གསོག་སྤང་བླང་མ་འཚོལ་བྱ། །ལྷ་དང་བླ་མ་དབྱེར་མེད་ངེས་ཤེས་ཀྱི། །མོས་གུས་དྲག་པོས་རྟག་ཏུ་གསོལ་བ་གདབ། །དགེ་སྦྱོར་དངོས་གཞི་བླ་མའི་རྣལ་འབྱོར་བརྩོན། །བུགས་ཡིད་བསྲེས་ལ་བཟོ་མེད་ངང་དུ་བཞག །ལས་དར་པོ་ལ་ལུས་གནད་སེམས་གནད་གཅེས། །གོམས་ནས་བཟོ་མེད་གཉུག་མར་འཇོག་པ་གཅེས། །ངོ་བོ་མཐོང་ནས་ཡིད་དཔྱོད་བློ་བྲལ་གཅེས། །རྟོགས་པ་ཐོབ་ནས་ཚོགས་དྲུག་ལམ་ཁྱེར་གཅེས། །ཀུན་ལ་ཡེངས་མེད་སྒོམ་མེད་དྲན་ཤེས་གཅེས། །དེ་འབྲས་རིང་པོར་མི་ཐོགས་སྐུ་གསུམ་པོ། །རང་གི་སེམས་ལས་གཞན་ཏུ་བཙལ་མེད་པར། །ཐག་ཆོད་བརྟན་ཐོབ་ཡོན་ཏན་གོང་འཕེལ་འགྱུར། །གནས་སྒོ་དྲུང་བ་སྤྲུལ་སྐུས་བཞེད་བསྐུལ་ངོར། །བློ་གྲོས་མཐའ་ཡས་ཞེས་བྱ་བྷུ་སུ་ཀུས། །གནས་ཆེན་དེ་པཱི་ཀོ་ཊིའི་སྙིང་པོར་བྲིས། །འབྲེལ་ཚད་རང་ངོ་མཐོང་ནས་བྱང་ཆུབ་ཤོག །དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ། བསྒོམ་པས་གནས་ལུགས་རྟོགས་འདོད་ན། །ཐོག་མར་ཞི་གནས་རྩ་བར་བརྟན། །བར་དུ་ལྷག་མཐོང་རང་ངོ་འཕྲོད། །ཐ་མ་ཟུང་འཇུག་མཐར་


LT37_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དགོས། །ཉམས་ལེན་སྙིང་ནས་བྱེད་པའི་མིས། །ཞར་བྱུང་སྒོམ་པར་དོན་མི་འགྲུབ། །སྐྱོ་ཤས་ངེས་འབྱུང་གཏིང་ནས་བསྐྱེད། །མི་རྟག་འཆི་བ་སྙིང་ལ་གཟེར། །ལུས་ངག་ཡིད་གསུམ་དབེན་པར་བསྟེན། །ལུས་གནད་གཅུན་པས་སེམས་གནས་འཆར། །ཡུགས་སས་དྭ་ཕྲུག་སྐྱོང་བ་བཞིན། །སྐྱོབ་ངལ་མེད་པའི་དྲན་ཤེས་བསྟེན། །གནས་འགྱུ་གདམ་ག་མི་བྱ་བར། །གང་ཤར་ངོ་བོ་མ་བཅོས་སྐྱོང་། །བྱུང་གནས་འགྲོ་གསུམ་རྩད་ཆོད་ནས། །གཞི་མེད་རྩ་བྲལ་མཐོང་བའི་ཚེ། །རེ་དོགས་དགག་སྒྲུབ་མེད་པ་ཡིས། །མ་བཅོས་གཉུག་མའི་ངང་ལ་བཞག །སྟོང་པ་གཤིས་ཀྱི་རང་བབ་སྟེ། །གསལ་བ་གཉུག་མའི་རྩལ་དུ་གྲུབ། །དབྱེར་མེད་གནས་ལུགས་དེ་བཞིན་ཉིད། །ངོ་ཤེས་ཙམ་གྱིས་ཆོག་པ་མིན། །རྟག་ཏུ་གོམས་ཤིང་འདྲིས་པ་ཡིས། །ཉམས་དང་རྟོགས་པའི་རྩལ་རྫོགས་ནས། །རྐྱེན་དང་འཕྲད་ཚེ་བརྟན་ཐོབ་པས། །འཆི་ཁར་གཏད་སོ་ཡོད་པ་དགོས། །མོས་ལྡན་འགའ་ཡི་གསལ་འདེབས་སུ། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །རྫོང་སར་བཀྲ་ཤིས་ལྷ་རྩེར་སྨྲས། མངྒ་ལཾ། ༈ན་མོ་གུ་རུ། །ཆོས་སྔོན་འགྲོ་མང་དུ་གསུངས་པ་ཡི། །དོན་བསྡུས་ཞེན་ལོག་ངེས་འགྱུར་ཡིན། །ཁྱད་པར་བླ་མའི་མོས་གུས་གཅེས། །ས་ལམ་ལོ་ཟླས་བགྲོད་པ་ཡིན། །དངོས་གཞིའི་གནད་མང་བཤད་ན་ཡང་། །སྟོང་


LT37_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྙིང་རྗེའི་སྙིང་པོ་ཅན། །དེ་ལས་ཟབ་པའི་ཆོས་གཞན་མེད། །རང་སེམས་སྟོང་གསལ་མ་འགགས་པ། །སྐུ་གསུམ་རང་བཞིན་ཚང་བ་ཉིད། །ངོ་ཤེས་དྲན་རྫི་བརྟེན་པ་ལས། །སྟོང་ཉིད་ལོགས་སུ་ཚོལ་མི་དཀོས། །གནས་ལུགས་མ་རྟོགས་འཁྲུལ་པ་ཡི། །མ་རྒན་འགྲོ་ལ་སྙིང་རྗེ་བསྒོམ། །རྗེས་ཀྱི་བྱ་བ་མང་བཤད་ཀྱང་། །སྡིག་པ་བྱས་ན་འཕྲལ་དུ་བཤགས། །དགེ་བ་གང་འགྲུབ་སེམས་ཅན་རྣམས། །སངས་རྒྱས་ཐོབ་ཕྱིར་བསྔོ་བར་བྱ། །ཐེག་པ་ཆེན་པོའི་སྨོན་ལམ་གདབ། །དེ་སྐད་རི་ནང་མཁའ་འགྲོ་མའི། །བཞེད་ངོར་བློ་གྲོས་མཐའ་ཡས་པས། །ཤུ་དམར་སྨྲས་འདིས་གཞན་ཕན་ཤོག །མངྒ་ལཾ། ༈ན་མོ་གུ་ར་བེ། །ལུང་དང་རིག་པས་འཁོར་འདས་ཆོས་ཀུན་གྱི། །སྤྲོས་གཅོད་གནས་ལུགས་གཞལ་བ་མཁས་པའི་ལུགས། །ཤེས་རབ་ཆེ་ཞིང་གནད་དུ་སོང་བ་ན། །ལྟ་བའི་རླབས་ཀྱིས་སྒོམ་པའི་ལམ་ཆོད་ཀྱང་། །ཤེས་རབ་དམན་པས་གོ་བའི་གཏིང་མ་ཕྱིན། །འཛིན་སྟངས་ལོག་པས་བདག་འཛིན་ཁ་བསྣོན་བཏབ། །སྨན་ཉིད་དུག་ཏུ་སོང་བའི་སྐབས་ཀྱང་མང་། །བློ་དམན་སྤྲོས་པ་སེམས་ཐོག་གཅོད་པ་ཉིད། །བཤད་ཉན་དུས་སུ་རྣམ་དཔྱོད་མི་ཆེ་ཡང་། །ཉམས་ལེན་སྒོམ་པའི་གནད་ལ་འདི་ཀ་ཟབ། །གོ་བ་ཆུང་ཡང་གནས་ལུགས་རང་ཞལ་མཇལ། །ཤེས་རབ་དམན་ཀྱང་སྤྲོས་པ་


LT37_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ནས་ཆོད། །འོན་ཀྱང་ཉམས་ལེན་གནད་དུ་མ་ཁེལ་ན། །བྱ་སླ་འདོད་ཆེན་ཙམ་གྱིས་དོན་མི་འགྲུབ། །དེ་བས་སྲིད་བདེར་ཞེན་པ་གཏིང་ནས་ལོག །འཁོར་བའི་གནས་ལས་ངེས་འབྱུང་ཤུགས་དྲག་པོས། །ཉིན་མཚན་འདའ་བའི་སྐྱོ་ཤས་བརྩོན་འགྲུས་ཀྱིས། །མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན། །དག་སྣང་སེམས་བསྐྱེད་སྙིང་རྗེ་ལམ་དུ་ཁྱེར། །དྲན་དང་ཤེས་བཞིན་གཉིས་ཀྱི་སོ་བ་བཙུགས། །ཆོས་ཀུན་རང་གི་སེམས་སུ་ཐག་ཆོད་ནས། །སེམས་ཀྱང་གཟུང་འཛིན་འཁྲུལ་པའི་གཞན་དབང་ལས། །དམ་པའི་དོན་ཏུ་གདོད་ནས་ཡོད་མ་མྱོང་། །གནས་ལུགས་དབྱིངས་ཀྱི་རང་བཞིན་མཁའ་ལྟ་བུ། །རང་བྱུང་རིག་པ་གདོད་ནས་འཁྲུལ་མ་མྱོང་། །གཤིས་ཐོག་བཅོས་མེད་རྗེན་པར་འཇོག་པ་ལས། །སྒོམ་པས་བཅོས་པ་གནས་ལུགས་དོན་ལས་གོལ། །གཤིས་ལ་བསལ་བཞག་མེད་པ་ལྟ་བའི་མཆོག །རིག་སྟོང་ངར་སོ་ཟིན་པ་སྒོམ་པའི་གནད། །ཤར་གྲོལ་དུས་མཉམ་མ་བཅོས་སྤྱོད་པའི་རྩེ། །དྲན་རྟོགས་ཆོས་སྐུར་ཐིམ་པ་འབྲས་བུ་དངོས། །ཉམས་ལེན་མཁན་པོ་སྟན་ལ་འཕོང་ཟུག་ཅིང་། །དབྱིངས་རིག་འབྲལ་མེད་ཀློང་དུ་བསྲན་ཐུབ་པ། །མྱུར་དུ་གདོད་མའི་གྲོལ་སར་སྙོག་པར་འགྱུར། །བསླབ་གསུམ་དབང་ཕྱུག་དྷྭ་ཛའི་མཚན་ཅན་གྱིས། །བཞེད་ངོར་བློ་གྲོས་མཐའ་ཡས་སྤང་འཆལ་པོས། །རྫོང་སར་བཀྲ་ཤིས་ལྷ་རྩེའི་


LT37_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭར་སྨྲས། ཤུ་བྷཾ།། ༈ །།བཀའ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །ཆོས་ཀུན་སྙིང་པོ་སྒོམ་ལ་བརྩོན་འདོད་ན། །ཐོག་མར་གནས་ཉམས་གཏན་ལ་ཕེབ་པ་གཅེས། །བར་དུ་སེམས་ཀྱི་རྩད་གདར་ཆོད་པ་གཅེས། །ཐ་མ་ལྷག་མཐོང་རང་ངོ་རིག་པ་གཅེས། །དོན་ལ་ད་ལྟའི་རྣམ་རྟོག་སྐད་ཅིག་མ། །འདི་ལས་གཞན་པའི་ཆོས་སྐུ་མ་མཆིས་ཀྱང་། །རང་ངོ་མ་ཤེས་མཐའ་མེད་འཁོར་བར་འཁྱམས། །རང་ངོ་ཤེས་ན་སྐད་ཅིག་གཅིག་ལ་གྲོལ། །རང་སེམས་གདོད་ནས་སྤྲོས་བྲལ་ཆོས་ཀྱི་སྐུ། །མཁའ་ལྟར་ཀུན་ཁྱབ་མཚན་མས་གོས་མ་མྱོང་། །རྟོག་པའི་སྤྲིན་རིས་བཟང་ངན་ཅི་ཤར་ཡང་། །ཆོས་དབྱིངས་དེ་བཞིན་ཉིད་ལས་མི་འདའ་བས། །སྒོམ་འདོད་བློ་ཡི་ལྷན་པ་མི་གདབ་པར། །མ་བཅོས་ལྷུག་པར་འཇོག་པ་གནས་ལུགས་གཉིས། །གོལ་ཤོར་བྲལ་བའི་ཉམས་ལེན་བསྲན་ཚུགས་ན། །གོམས་འདྲིས་བརྟན་པ་ཐོབ་ཚེ་རྩོལ་མེད་དུ། །ནང་གིས་དང་ལམ་གྱི་རིམ་པ་རྣམས། །གཅིག་ཆོད་གདོད་མའི་རྒྱལ་ས་ཟིན་པར་ངེས། །ཞེས་པའང་སྒྲུབ་བླ་མ་དགེ་ལེགས་རབ་རྒྱས་ཀྱི་ཉམས་བཞེས་གསལ་འདེབས་སུ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ནས་སྤེལ་བ་དགེ།། ༈ །།རྗེ་བཀའ་བརྒྱུད་བླ་མའི་ཞབས་ལ་འདུད། །ཁྱེད་སྔོན་བསགས་ལས་ཀྱི་འཕྲོ་ལྡན་པ། །


LT37_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་པ་རིན་ཆེན་ཆོས་སྒོར་ཞུགས། །ཆོས་སྙིང་པོ་སྒྲུབ་ལ་བློ་ཁ་ཕྱོགས། །རྗེ་མཚན་ལྡན་བླ་མ་རྣམས་དང་འཇལ། །དོན་བརྒྱུད་པ་མ་ཆད་བྱིན་རླབས་ཐོབ། །ཡིད་བསམ་ཚད་ལག་ཐོག་ཁེལ་བ་དེ། །དཔེ་ལོང་བས་ནོར་བུ་རྙེད་པ་འདྲ། །ད་ཆུད་ཟོས་བཏང་ན་རང་ཉིད་ཞན། །ལར་དང་པོའི་དད་པ་ན་བུན་འདྲ། །རྐྱེན་བསིར་བུ་ལངས་ན་ཡལ་ཉེན་ཡོད། །ལོ་ཉུང་ངུའི་བརྩོན་འགྲུས་ཤིང་སྐམ་མེ། །དེ་བསྣོན་ཁ་མ་བཏབ་རྒྱུན་མི་རྟག །ལས་དང་པོའི་ལྟ་སྒོམ་སོས་ཀའི་ཉི། །རེས་འཆར་བས་སེམས་རྩ་སྐྱིད་ན་ཡང་། །རྟག་མི་ཐུབ་སྒོམ་པ་བོར་སྙིང་འདོད། །དེ་ཀུན་ལ་མི་རྟག་ལྕག་འདེབས་ཟབ། །འཆི་ངེས་དང་ནམ་འཆི་ཆ་མེད་ལ། །ཡིད་གཏིང་ནས་ཆེས་པའི་བློ་སྐྱེས་ན། །ཆོས་བྱེད་པའི་སྐུལ་མ་གཞན་མི་དགོས། །མདོ་རྒྱུད་ཀྱི་ཆོས་ཟབ་གྲངས་མང་ཡང་། །དེ་ཀུན་གྱི་རྩ་བ་རང་སེམས་ཡིན། །སེམས་འདུལ་ལ་སངས་རྒྱས་ཆོས་རྣམས་འདུས། །དེ་འདུལ་ཐབས་ལུགས་སྲོལ་གྲངས་མང་ཡང་། ཁ་ནང་ལོག་ངོ་བོ་སྐྱོང་བ་འདི། །བཀའ་ཕྱག་རྒྱ་ཆེན་པོའི་མྱུར་ལམ་སྟེ། །དཔལ་གྲུབ་ཐོབ་རྒྱ་མཚོའི་གཤེགས་ཤུལ་ལགས། །སེམས་ད་ལྟའི་རྣམ་རྟོག་སྐད་ཅིག་མ། །སྟོང་བཞིན་ཏུ་སྣང་བ་སྣ་ཚོགས་ཤར། །སྣང་བཞིན་ཏུ་ངོ་བོ་མ་གྲུབ་སྟོང་། །དེ་རང་གིས་རང་ལ་རྩད་བཅད་ན། །གཟུགས་གང་ཡང་མ་གྲུབ་ཅིང་


LT37_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་། །སྟོང་ཕྱ་ལེ་གསལ་ལ་འཛིན་རྟོག་མེད། །བརྗོད་མི་ཤེས་རང་གི་མྱོང་བ་ཅན། །འདི་ཁོ་ན་ཉིད་ལས་གཞན་ཏུ་མེད། །སེམས་ཐོག་མ་གནས་དགོས་སྙམ་པའི་ཚེ། །སྐད་ཅིག་ཀྱང་མི་སྡོད་རྣམ་རྟོག་འཚུབས། །དེ་སེམས་ལ་བྱ་ར་བྱས་པའི་རྟགས། །སེམས་རེ་འགའ་དལ་ལ་རེ་འགའ་བྲེལ། །དེ་གནས་ཉམས་ཅུང་ཟད་སྐྱེས་པའི་རྟགས། །སེམས་ནམ་བཞག་དུས་སུ་ཀྱི་ལེར་གནས། །དེ་ཞི་གནས་རྩ་བ་ཚུགས་པའི་རྟགས། །དེ་མ་བྱུང་བར་དུ་གནས་པ་ཚོལ། །ཡེངས་མ་ཡེངས་བྱ་ར་རྩེ་གཅིག་བསྒྲིམ། །ལས་དང་པོ་པ་ལ་གནས་ཉམས་གཅེས། །སེམས་མི་གནས་ངོ་བལྟ་བསྡས་པ་ན། །རྟོགས་པ་ལ་བོགས་བསྐྱེད་ཐོན་དུས་མེད། །རྒྱུ་ཞི་གནས་མེད་པའི་ལྷག་མཐོང་འབྲས། །རླུང་དྲག་པོའི་གསེབ་ཀྱི་མར་མེ་འདྲ། །ཉམས་བརྟན་ནས་གནས་འགྱུའི་ངོ་བོར་བལྟ། །ཅང་མེད་པའི་སྟོང་པར་མཐོང་བ་དེ། །རྐྱང་འདེད་ཀྱི་ངོ་ལྟ་ཤེས་པའི་རྟགས། །བལྟ་བྱ་ལ་ཙིར་ཟིན་མི་བྱེད་པར། །ལྟ་མཁན་ཉིད་རང་ལ་རང་གིས་ལྟོས། །དེ་གཞི་མེད་རྩ་བྲལ་ངོ་བོས་སྟོང་། །གནས་འགྱུ་གཉིས་དབྱེར་མེད་གཅིག་ཏུ་ཤེས། །ལྟ་མཁན་གྱི་རང་ངོར་ལྷག་གེར་གནས། །དེ་ལྷག་མཐོང་གི་མགོ་བོ་ཟིན་པའི་རྟགས། །དེ་ཙམ་ནས་དྲན་པའི་བྱ་ར་ལས། །གནས་འགྱུ་ཡི་རྗེས་འདེད་བྱེད་པ་དང་། །ལྟ་མཁན་དང་བལྟ་ཡུལ་གཉིས་འཛིན་སོགས། །རེ་དོགས་ཀྱི་འཕྲང་ལ་མི་


LT37_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཤར་བར། །ནམ་དྲན་དྲན་མ་བཅོས་ལྷུག་པར་བཞག །དོན་རང་བབ་གཉུག་མ་མ་གཏོགས་པ། །བཟོ་བཅོས་དང་དགག་སྒྲུབ་མི་དགོས་ན། །ཕྱག་ཆེན་གྱི་སྒོམ་ལུགས་ཤེས་པའི་རྟགས། །སྒོམ་དེ་རྒྱུན་ཡུན་རིང་བསྐྱང་པ་ན། །རྟོགས་པ་དང་འདྲ་བའི་གོ་བ་ཤར། །དེ་རྗེས་སུ་འབྲངས་ན་སྒོམ་ཆེན་ལྡོག །བར་མང་བ་སྐྱེས་ནས་ཉམས་རྟགས་མང་། །དེར་འཛིན་ཞན་ཆེ་ན་བདུད་ཀྱིས་བསླུ། །མཐར་འགྱུར་མེད་རྟོགས་པ་བརྟན་པོ་ཐོབ། །དོན་རྟགས་མེད་རྟགས་ཀྱི་རྒྱལ་པོ་འགྲུབ། །སྒོམ་ཆེན་ལ་རྟག་ཏུ་གཅེས་པ་ནི། །མོས་གུས་ལ་ཐང་ལྷོད་མེད་པ་དང་། །བྱམས་སྙིང་རྗེའི་སེམས་དང་མི་འབྲལ་ཞིང་། །དག་སྣང་གི་བློ་རྒྱ་ཡངས་པོར་བསྐྱེད། །ཚོགས་བསགས་ཀྱི་རིམ་པ་རྒྱུན་ཏུ་བརྩོན། །རང་ཆེ་ཡི་ང་རྒྱལ་རྨངས་ནས་བཤིག །གཙོ་མཉམ་པར་བཞག་དང་མི་འབྲལ་བར། །སྒོམ་པའི་ཡུན་ཤི་དང་མཉམ་ནུས་པའི། །ཚེ་སྒྲུབ་པ་མཐར་ཕྱིན་གྱུར་པ་ན། །ཡིད་ཐེ་ཚོམ་མི་དགོས་ས་ལ་མཆོད། །དོན་རྟོགས་པའི་ཡེ་ཤེས་རང་ཞལ་འཇལ། །གཞན་འདྲི་བཤད་མི་དགོས་རང་ཡིད་ཆེས། །བློ་ཐེ་ཚོམ་མདུད་པ་རང་སར་ཞིག །ཐག་ཆོད་ཀྱི་ངེས་ཤེས་ནང་ནས་ཤར། །སྒོམ་ཆེན་གྱི་རྒྱལ་ས་ཟིན་པ་ལགས། །ཚིག་དེ་སྐད་སྐྱབས་ཆེའི་སྒྲུབ་པ་པོ། །རྣལ་འབྱོར་ལ་གཞོལ་བ་ཚེ་ཡི་མིང་། །ཡིད་རྩེ་གཅིག་མོས་པའི་གཡར་ངོ་རུ། །དཔལ་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ལས། །དོན་


LT37_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བྱིན་རླབས་ལེགས་ཐོབ་པ། །ཚུལ་འདུ་ཤེས་གསུམ་འཆང་སྤོང་བ་པ། །མིང་བློ་གྲོས་མཐའ་ཡས་གྲགས་པ་དེས། །གནས་ཙཱ་འདྲ་རིན་ཆེན་བྲག་ཁྲོད་དུ། །སྨྲས་པ་འདིས་ཁྱོད་ལ་སྨན་གྱུར་ཅིག །མངྒ་ལཾ། །

དབུས་གཙང་གི་གནས་བསྟོད་སྣ་ཚོགས།


LT37_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་ཨདྦྷུ་ཏཾ་དྲྀཥྚ། །དགའ་ལྡན་གནམ་དུ་ཡིད་དགའ་ཆོས་འཛིན་ཏེ། །རྩ་གསུམ་གྲོང་དབུས་རྣམ་རྒྱལ་ཁང་པ་བཟང་། །ལྷ་ལྡན་འཕྲུལ་སྣང་སྤྲུལ་པའི་གཞལ་མེད་ཁང་། །མཚུངས་པ་སྤངས་པའི་སྒྲ་འདི་གཅིག་ཏུ་འཛིན། །དབུ་རུ་སྐྱི་ཤོད་ཡུལ་དབུས་མ་ག་དྷར། །འཛམ་གླིང་བདེ་སྐྱིད་ལྷན་ཅིག་སྤུངས་པ་བཞིན། །གངས་ཅན་དཔལ་འབྱོར་མཐའ་དག་ཤེ་མང་གིས། །བསྡུས་པ་མིན་ནམ་མཐོ་རིས་དཔལ་ཀུན་འཚོགས། །ངུར་སྨྲིག་འཛིན་པས་ས་ཆེན་དོགས་པོར་བྱེད། །མཁས་དང་གྲུབ་པའི་སྐྱེས་བུ་མཐའ་དག་འཚོགས། །ས་སྐྱོང་རྒྱལ་བློན་ཆོས་ལྡན་ཁྲིམས་ཀྱིས་འཚོ། །སྐྱེ་བོ་རྣམས་ཀྱང་རྟག་ཏུ་དགའ་བདེར་སྤྱོད། །མཁའ་ངོས་ཉིན་བྱེད་ཛམྦུའི་ཆུ་གསེར་གྱི། །འོད་ཀྱིས་འགོག་བྱེད་རྒྱ་ཕིབ་གྲངས་མེད་དང་། །རིན་ཆེན་མར་མེའི་ཕྲེང་བས་མཛེས་པའི་ཁང་། །སུམ་རྩེན་ས་ལ་འཕོས་འདྲའི་གྲོང་ཁྱེར་དབུས། །སྲིད་གསུམ་དབང་ཕྱུག་རྣམས་ཀྱིས་གཅེས་པའི་དབྱིག །འཇིག་རྟེན་ཀུན་གྱིས་ཕྱག་འོས་མཆོད་འོས་པ། །རྒྱལ་རྣམས་གཟུགས་བརྙན་ཆོ་གས་སྦས་པའི་རྟེན། །ནོར་བུའི་གྲམ་པ་བརྡལ་འདྲས་མདུན་བལྟས་པར། །སྤྲུལ་པའི་རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་། །ཉི་ཟླའི་སྙིང་པོ་མཛེས་བྱེད་ཐུབ་དབང་མཆེད། །ས་སྟེང་མུན་པ་འཇོམས་པའི་སྣང་བ་ཅན། །མཐོང་བའི་ཡིད་ཀྱི་དགའ་བདེ་འབྲལ་མ་གྱུར། །ཡིད་བྱེད་ཙམ་ལ་སྐྱབས་སུ་འཆའ་དགོས་པའི། །བདག་གི་སྟོན་པ་


LT37_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་མངོན་སུམ་བཞིན། །མཐོང་བ་དོན་ལྡན་སྐྱེ་བོ་ཇི་སྙེད་པས། །རྟག་ཏུ་མཐོང་བས་དལ་འབྱོར་དོན་ཡོད་ཤོག །ཅེས་པའང་ལྷ་ལྡན་སྤྲུལ་པའི་གནས་ཀྱི་ངོ་མཚར་བ་མཐོང་ནས་ཆེད་དུ་བརྗོད་པ་འདིའང་ཀརྨ་ངག་དབང་ཡོན་ཏན་རྒྱལ་ཚོས་སོ། །ཨེ་མ། །གྲགས་པའི་འོད་དཀར་ནམ་མཁའི་མཐར་བསྙེགས་པས། །སྙིང་གི་ཀུ་མུད་གཟོད་ནས་བཞད་གྱུར་ཀྱང་། །ཡ་མཚན་རྫོགས་པའི་དཀྱིལ་འཁོར་འདྲེན་བྱེད་ཀྱིས། །དེ་རིང་མཐོང་འདི་དག་པའི་རྨི་ལམ་བཞིན། །དགེ་ལེགས་ཡོངས་སུ་འདུ་བའི་བྲག་དམར་ལྗོངས། །དམ་ཆོས་འབྱུང་གནས་བཀྲ་ཤིས་འོམ་པུའི་ཚལ། །བྱིན་རླབས་ཟིལ་ཆེ་རང་བཞིན་གྲུབ་པའི་ཞིང་། །ཛམྦུས་མཚན་པའི་གླིང་འདིར་སྲིད་པ་ཙམ། །རིན་ཆེན་རང་བཞིན་ལྷུན་པོ་དང་མཚུངས་ཀྱང་། །ལྟ་བས་མི་ངོམས་མཐོང་གྲོལ་རྟེན་རྣམས་དང་། །ཁྲིམས་ལྡན་འདུས་པའི་འཁོར་སས་བསྐོར་བ་ཡི། །དབུ་རྩེ་རིམ་གསུམ་རི་དབང་ལས་ཀྱང་འཕགས། །གླིང་བཞི་གླིང་ཕྲན་བརྒྱད་དང་ཉི་ཟླ་གཉིས། །སྲིད་པ་ལྡེག་གནོན་འཕྲུལ་གྱི་ཐུགས་རྟེན་བཞི། །ཁོར་ཡུག་མཆོད་སྡོང་སྟོང་གི་ཕྲེང་བ་ཅན། །བསམ་ཡས་སྣོད་བཅུད་དགེ་མཚན་གཅིག་ཏུ་རྫོགས། །མཁན་ཆེན་ཞི་འཚོ་རྣམ་སྣང་ལོ་ཙཱ་ཡི། །རིན་ཆེན་ཆོས་ཁྲི་ཆོས་སྐུའི་མཆོད་སྡོང་དང་། །ཇོ་མོ་བྱང་ཆུབ་སེམས་མའི་ཐུགས་དམ་གླིང་། །ངོ་མཚར་གཞལ་མེད་ཁང་པས་ཟུར་ནས་བརྒྱན། །བལྟས་ཀྱང་མི་ངོམས་སྒྱུ་མའི་ལྟད་མོ་དང་། །དད་པས་ཚིམས་མེད་ལྷ་ཡི་བདུད་


LT37_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བཞིན། །འབྲལ་དཀའ་ཡུན་རིང་འདྲིས་པའི་བཤེས་ལྟ་བུ། །གང་ཁྱོད་སེམས་ཀྱི་སྐྱེས་བུས་སྦྲུལ་ལམ་ཅི། །ཕྱོགས་མཚམས་གནས་མཆོག་དུ་མས་ཁྱུད་མོར་བསྐོར། །ཆོས་ནོར་རིན་ཆེན་གཏེར་ཁ་ཕྱུར་བུར་སྤུངས། །གྲུབ་བ་ལྷ་དང་ཌཱ་ཀི་སྤྲིན་བཞིན་འདུ། །གཉུག་མར་གནས་པའང་གྲུབ་པའི་ཁྱིམ་ལོངས་སྤྱོད། །ཧེ་རུ་ཀ་དཔལ་སངས་རྒྱས་གཉིས་པ་དང་། །བྱང་སེམས་ཆོས་རྒྱལ་ལོ་པ་བརྒྱ་རྩ་སོགས། །ཞལ་འཛོམ་བཤད་སྒྲུབ་ཉིན་མོར་མཛད་པའི་གླིང་། །དྲན་པས་གདུང་ཤུགས་འཆི་མའི་དོགས་བས་གཤེར། །ཕྱག་རྒྱའི་མཚན་མ་རབ་སྦས་མཁྱེན་པའི་གཏེར། །གངས་ཅན་ས་ཡི་བདག་དེས་མགྲིན་བཟང་དུ། །སྔོན་མེད་བློ་གྲོས་འཁྲུངས་པའི་ཕྱག་རིས་ནི། །ཚངས་ཆེན་བྱེ་བས་རྣམ་པར་འཕྲུལ་མི་ཤེས། །སྐྱེ་དགུའི་བསོད་ནམས་རླབས་ཕྲེང་དགུང་ལ་འཕྱུར། །དཀོན་མཆོག་ཐུགས་རྗེའི་ཆུ་འཛིན་དབྱར་ལྟར་འཁྲིགས། །ཐུབ་བསྟན་ཉི་མ་སྒྲིབ་མེད་གསལ་འཆར་བ། །དང་པོའི་དུས་དེ་ད་རུང་ཚེས་གྱུར་ཅིག །འཐུག་པོ་བཀོད་པའི་ཞིང་སྐུའི་སྤྲིན་རྒྱ་མཚོ། །ས་ལ་མངོན་སུམ་འཕོས་འདྲའི་གཙུག་ལག་ཁང་། །འཁྲུལ་སྣང་འབྱུང་བའི་སྒྲིབ་སོགས་མ་གོས་པར། །ཞིང་འདིར་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །ཡིད་ཅན་ཇི་སྙེད་གང་ལ་དད་ཐོབ་ནས། །ཉམས་པ་གསོ་ཞིང་བཀུར་སྟི་དཔག་མེད་བཅས། །རྟག་བརྟན་འགྱུར་བ་མེད་བཞུགས་བཀའ་དྲིན་གྱི། །སྣང་བས་འཛམ་གླིང་


LT37_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོན་ཀུན་བརྒྱན་གྱུར་ཅིག །པདྨའི་མགོན་པོ་ལ་རབ་ཏུ་དད་པའི་འབངས་ཡོན་ཏན་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་ཕྱག་རྗེས་ཁྱད་པར་ཅན་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དད་པའི་མིག་གིས་མཇལ་བའི་སྐལ་པ་བཟང་པོ་ཐོབ་པ་ན་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པའོ། ཨ་ཧོ། །རྒྱལ་སྲས་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་མཛོད། །ཤཱཀྱའི་གཙོ་བོས་ཐབས་ཀྱིས་བརྟོལ་བ་ལས། །དག་པའི་ཞིང་གི་དཔལ་ཡོན་བློས་བཏང་ནས། །རྙོགས་ལྡན་པྲེ་ཏའི་རྒྱལ་ཁམས་སྙེགས་པ་བཞིན། །བྱེ་རུའི་མདངས་འཛིན་ཨ་མི་ཏ་བྷའི་ཞལ། །ཀཱ་ཤིའི་ལ་ཐོད་གསར་པས་སྒྲིབ་བརྩོན་པ། །གངས་ཅན་མི་ཡི་ལྷ་གཅིག་སྲོང་བཙན་རྗེའི། །རྣམ་འཕྲུལ་ནམ་མཁའི་མཐའ་ནི་གཞལ་བར་དཀའ། །སྤྱོད་ལམ་བཞི་ལས་དོན་ཏུ་གཉེར་མེད་པ། །གདོང་དམར་ཡུལ་ལྗོངས་དགུན་དུས་ཕྱུགས་ཀྱི་ཁྱུར། །དཀོན་མཆོག་སྨན་གྱི་མྱུ་གུ་ཁ་འབུས་པའི། །དུས་ཀྱི་དང་པོ་གཡོ་རུའི་ལྗོངས་སུ་བྱུང་། །གཞན་དོན་ཐུགས་རྗེ་རྟག་ཏུ་སྐུལ་མཛད་པ། །འཕགས་པའི་ཞལ་ངོ་བསྐྱུང་བར་མ་བཟོད་པས། །རིགས་ལྔ་ཉེ་བའི་སྲས་བརྒྱད་རྗེ་བཙུན་མ། །གཟུགས་བརྙན་ཟོལ་གྱིས་གནས་མལ་འཆའ་བའི་གནས། །ཁྲ་འབྲུག་ཅེས་གྲགས་སྤྲུལ་པའི་གཙུག་ལག་ཁང་། །ནོར་བུའི་འོད་རྣོན་འཕྲོ་བའི་ལྷུན་པོ་བཞིན། །མཆོད་སྡོང་རྩེ་མོ་ལྔ་པས་ཟུར་ནས་བརྒྱན། །འོད་སྟོང་བདག་པོའི་རྣ་ཆས་


LT37_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་བཞིན། །གནའ་དུས་བཞེངས་པའི་རྟེན་མཆོག་དུ་མ་ཡིས། །ཕྱོགས་མཚམས་རབ་བསྐོར་གསེར་རིའི་ཕྲེང་བ་འདྲ། །དཔལ་འབྱོར་མུ་ཏིག་ལྦུ་བའི་འཛུམ་དཀར་ཅན། །ཁྱིམ་དང་ཁྱིམ་བདག་རོལ་མཚོར་ལྷུན་གྱིས་གྲུབ། །ཚོགས་བསྒྲུབས་པའི་རྟེན་གྱིས་མཐའ་དབུས་གང་། །རང་བྱུང་རྟེན་མཆོག་འདི་དང་མཚུངས་པ་མེད། །འབྲས་ལྡན་ལྗོན་པའི་སྐྱེད་ཚལ་འབད་པས་གྲུབ། །ཡོངས་འདུས་འཁྲི་ཤིང་བསོད་ནམས་ཤུགས་ལས་བྱུང་། །འདྲེན་བྱེད་སྟོང་གིས་བཙལ་ཀྱང་འདི་མཚུངས་རྟེན། །མ་རྙེད་བརྒྱ་བྱིན་ཉེ་དབང་གཡོག་དང་བཅས། །ཉིན་རེར་ལྷ་རྫས་དུ་མས་མཆོད་འདྲ་བ། །འདིར་ནི་སྐྱེ་དགུ་ཐམས་ཅད་འདུད་གྱུར་ཅིག །འབྱོར་ལྡན་ཁྱིམ་བདག་རྣམས་ཀྱིས་ཟང་ཟིང་དང་། །བློ་ལྡན་སྡེ་གཉིས་བཤད་དང་སྒྲུབ་པས་ཏེ། །བཀུར་སྟི་མཆོད་པའི་ཁྱད་པར་དཔག་མེད་བཅས། །བྱམས་ཆེན་འཚང་རྒྱའི་བར་དུ་རྟག་བཞུགས་གསོལ། །ཅེས་པའང་གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་དང་བརྟེན་པར་བཅས་པ་ལེགས་བྱས་ཀྱི་མིག་གིས་མཇལ་བའི་སྐབས་རྙེད་པ་ན་ཆེད་དུ་བརྗོད་པ་སྟེ། །ཡོན་ཏན་རྒྱ་མཚོས་ཞར་བྱུང་སུག་རྗེས་ཀྱི་སྲིན་རིས་སོ།། །།བསོད་ནམས་བྱེ་བ་ལས་བྱས་རིན་ཐང་ཅན། །གནག་སྣུམ་དབུ་སྐྲ་ལྕང་ལོ་པུང་པའི་མདོག །ལན་བུའི་རྩེ་ལ་དར་ཆེན་ཡུག་བཏགས་ཏེ། །སྡེ་གཉིས་ཞབས་ནས་བཀུར་བའི་ཁྲི་རལ་རྗེ། །རྣམ་པར་


LT37_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་སྙིང་སྟོབས་རྦ་རླབས་ནི། །སྲིད་རྩེར་འཆེལ་བའི་ཆོས་སྲུང་ཕྲིན་ལས་ཀྱིས། །གསང་བའི་བདག་པོ་མི་ཡི་བརྫུ་བག་གི། །ཟོལ་གྱིས་སྦེད་པའི་ཆོ་ག་སྒྲིབ་པར་བྱེད། །ཡིད་སྲུབ་དུག་གི་ཆུས་མྱོས་དར་མའི་མགོར། །དཔལ་གྱི་རྡོ་རྗེའི་མདའ་ཡི་ཐོག་ལྷུངས་ཏེ། །བསྟན་པའི་ཉི་མ་སྒྲིབ་བྲལ་གསལ་བ་ཡི། །ཕྲིན་ལས་རྒྱུན་འདི་ནམ་ཡང་མི་ཐུབ་ཤོག །ལྷ་སོགས་ཡིད་དབང་དབང་མེད་འགུགས་པའི་གླུ། །དམ་པ་རྣམས་ཀྱི་རྣམ་ཐར་འདྲ་བ་མེད། །དེ་ལས་མེས་དབོན་བྱུང་བ་དྲི་ཟའི་དབྱངས། །ས་གསུམ་རྣ་བར་ཡུན་རིང་བསྒྲག་གྱུར་ཅིག །ཅེས་པའང་ཆོས་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱི་ཕྱག་རྗེས་ནམ་མཁའི་ཁྱོན་ཁེབས་པའི་སྤྲིན་དབྱིངས་སུ་ཞི་བའི་ཆ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཉམས་པ་གསོས་པའི་རྟེན་གཙོ་གངས་ཅན་མཚོ་རྒྱལ་བྱིན་རླབས་ཀྱི་གཟི་འོད་འབར་བའི་ཁྲི་དྲུང་དུ། བློ་གྲོས་མཐའ་ཡས་པའི་སྡེས་ཆེད་དུ་བརྗོད་པ་ཤུབྷཾ། །ཟུར་མཁར་རྡོའི་མཆོད་རྟེན་གྱི་རྟོགས་པ་བརྗོད་པ་ངོ་མཚར་རླབས་ཕྲེང་ཞེས་བྱ་བ། ཨ་ཧོ། འཕགས་པའི་ཡུལ་ནས་སངས་རྒྱས་གཉིས་པ་བྱོན། །བོད་ཡུལ་འཇམ་དཔལ་སྤྲུལ་པའི་རྒྱལ་བས་བསུས། །མཆོད་ཡོན་ཉི་ཟླ་ཐོག་མར་ཞལ་འཛོམ་པ། །དབུས་ཀྱི་མཆོད་སྡོང་པདྨས་བརྒྱན་པ་ནི། །རྣམ་ཐར་སྒོ་མོ་གསུམ་གྱི་བང་རིམ་མཐོ། །གཞན་བཞི་ཐབས་དང་ཤེས་རབ་སྟེགས་བུ་ལ། །ཆོས་སྐུའི་ཕོ་བྲང་བུམ་པ་ཟླུམ་པོས་བརྒྱན། །ཐུགས་རྗེ་ཚད་མེད་


LT37_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྲེ་ཕུལ་གྱིས་བཏེགས་པོའི། །བྱང་ཆུབ་ཡན་ལག་བདུན་ལྡན་ཆོས་འཁོར་སྟེང་། །འཕགས་ལམ་ཡན་ལག་ཡངས་པའི་གདུགས་མཆོག་ཕུབ། །སྐུ་གཉིས་རང་གསལ་ཉི་ཟླ་བརྩེགས་པ་ལ། །ཆོས་སྐུ་ལྷུན་གྲུབ་ཡིད་བཞིན་ནོར་བུས་བརྒྱན། །ཕྱི་ལྟར་ངོ་མཚར་རྡོ་ཡི་མཆོད་རྟེན་ལྔ། །ནད་ལྟར་རྡོ་རྗེ་དབྱིངས་ཀྱི་གཞབ་མེད་ཁང་། །གསང་བ་རང་བྱུང་སྐུ་ལྔའི་ཕོ་བྲང་ཆེ། །ཆོས་ནོར་ཟབ་པའི་གཏེར་ཁ་དུ་མས་བརྒྱན། །མཐོང་བ་ཙམ་གྱིས་ངན་སོང་སྒོ་ཁེགས་ཤིང་། །དད་ཅིང་མོས་པས་དམ་ཚིག་ཉམས་ཆགས་འབྱངས། །འབྲེལ་ཚད་དོན་དང་ལྡན་པའི་རྟེན་མཆོག་ལ། །བདག་གིས་འགྲོ་ཀུན་དོན་ཏུ་ཕྱག་བགྱི་ཞིང་། །མཆོད་པས་རབ་མཆོད་ཉམས་ཆགས་སྡིག་ཀུན་བཤགས། །སེམས་ཅན་དོན་ཏུ་འཁོར་བ་མ་སྟོངས་བར། །འགྲོ་བ་འདྲེན་ཅིང་བཞུགས་པར་གསོལ་བ་འདེབས། །བདག་གིས་འདྲེལ་བཅས་སྡིག་ལྟུང་རབ་སྦྱངས་ནས། །མི་གནས་བྱང་ཆུབ་ཆེན་པོའི་གོ་འཕང་ལ། །བདེ་བླག་འདྲེན་པར་ནུས་པ་བྱིན་གྱིས་རློབས། །ཅེས་པ་འདི་ཟུང་མཁར་ངོ་མཚང་རྡོ་ཡི་མཆོད་རྟེན་དུ་ཡང་དག་ཐུགས་ཀྱི་ཐིག་ལེའི་ཚོགས་མཆོད་ཕུལ་བའི་རྗེས་འབྲེལ་དུ་བློ་གྲོས་མཐའ་ཡས་ཀྱིས་བྲིས་ལ་དགེ་ལེགས་འཕེལ། །གུང་ཐང་གཙུག་ལག་ཁང་གི་རྟོགས་པ་བརྗོད་པ་རྣམ་འཐུལ་ར་བསྙན་ཅེས་བྱ་བ། །མཁའ་ཁྱབ་འོད་གསལ་ཕྱག་རྒྱ་ཆེན་པོའི་ཞིང་། །རྡོ་རྗེ་འཆང་གི་རྒྱལ་ཚབ་གཅིག་གྱུར་པ། །འགྲོ་བའི་མགོན་པོ་བརྩོན་འགྲུས་


LT37_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པར་བདུད། །བུང་ཐང་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་ན། །གྲུབ་པའི་དབང་ཕྱུག་བདེ་བའི་རྡོ་རྗེ་སོགས། །སྐུ་གཅིག་མཚན་བརྒྱད་སྤྲུལ་པའི་ཆོ་འཕྲུལ་གྱིས། །སྲིད་གསུམ་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད། །གུ་རུ་མཚན་བརྒྱད་ཞང་གི་སྐུ་མཆོག་བརྒྱད། །ཀརྨ་རབས་བརྒྱད་དབྱིངས་གཅིག་མཁའ་འདྲ་ཡང་། །རྣམ་པ་ཐ་དད་མཛད་པའི་རོལ་མོ་ནི། །འཇིག་རྟེན་ཀུན་ཏུ་སྙན་པར་གྲགས་ལ་འདུད། །ཡེ་ཤེས་སེམས་དཔའ་མངོན་སུམ་བཞུགས་པའི་རྟེན། །བྱིན་རླབས་གཟི་ལྡན་གུང་ཐང་གཙུག་ལག་ཁང་། །མཐོང་ཐོས་དྲན་རེག་སྐལ་ལྡན་ཇི་སྙེད་པར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ལ་འདུད། །དྲི་གཙང་ཁང་དུ་བཀྲ་ཤིས་དཔལ་འབར་ཞེས། །འཛམ་གླིང་ཀུན་ཏུ་གྲགས་པའི་ཐུབ་ཆེན་སྐུ། །རྒྱལ་དང་བྱང་སེམས་རྟ་མགྲིན་མི་གཡོ་བས། །ཕྱག་བརྙན་བགེགས་ཚོགས་འདུལ་བའི་རིམ་གྲོ་མཛད། །གཡས་ཀྱི་དང་པོར་འགྲོ་མགོན་སྐྱེ་མེད་ཞང་། །མངོན་སུམ་བཞུགས་མཚུངས་སྣང་བརྙན་གཡས་གཡོན་ཏུ། །རྩ་བརྒྱུད་བླ་མ་ཐུགས་ཀྱི་སྲས་མཆེད་སོགས། །བཀའ་བརྒྱུད་གསེར་གྱི་ཕྲེང་བ་ཚར་དུ་དངར། །གཉིས་པར་མགོན་པོ་ཚེ་དཔག་མེད་པའི་འཁོར། །སངས་རྒྱས་ཚོགས་དང་རྒྱལ་བའི་བསྟན་པ་འཛིན། །བཀའ་བསྟན་གླེགས་བམ་ཟུར་ཤཱཀྱ་ཡེ་ཤེས། དང་མ་གཞོན་ནུ། ཆེན་ཆོས་དབྱིངས་རྗེའི། །ཆོས་སྐུའི་མཆོད་སྡོང་ལ་སོགས་རྨད་དུ་བྱུང་། །གསུམ་པར་རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེ། །


LT37_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དབུལ་ཕོངས་སྐྱོབ་བྱེད་གསེར་གྱི་མདོག །གདོང་ལྔའི་ཁྲི་སྟེང་ཤིན་ཏུ་བརྗིད་ཆགས་ཤིང་། །བཀའ་སྡོང་མདུང་དམར་འཛིན་པའང་མདུན་ན་འཁོད། །གཡོན་གྱི་དང་པོར་འགྲོ་བའི་མགོན་པོ་ཡི། །ཐུགས་ལྗགས་སྤྱན་གསུམ་བཞུགས་པའི་ཆོས་སྐུའི་རྟེན། །སྒྲོལ་མ་མེ་རྡུགས་འཇིགས་བརྒྱད་སྐྱོབ་པའི་འཁོར། །ལི་ལས་གྲུབ་པའི་རྟེན་རྙིང་བྱིན་རླབས་འབར། །གཉིས་པར་དགའ་ལྡན་ལྷ་བརྒྱའི་མགོན་པོ་ལ། །གསང་འདུས་བདེ་མཆོག་རྡོ་རྗེ་འཇིགས་པར་བྱེད། །ཆགས་བྲལ་ཐུབ་པའི་ཚོགས་དང་དེ་ལས་གཞན། །གཙོ་ལ་ལྟ་བའི་འཁོར་ཚོགས་སྐུ་བརྙན་མང་། །བཞི་པ་བསིལ་བའི་ཚལ་མཚུངས་ཕོ་བྲང་ཆེར། །ཕྱག་བཞིས་མཚན་པའི་དཔལ་ལྡན་ནག་པོ་ཆེ། །དྲེལ་ཞོན་ལྷ་མོ་ལ་སོགས་དམག་དང་མེ། །འཇིགས་པས་མ་ཚུགས་བདུད་ལས་རྒྱལ་བར་བཞུགས། །ཡེ་ཤེས་མགོན་པོས་གདོང་ལྔའི་རྟན་སྤྲུལ་ནས། །འགྲོ་མགོན་ཙཱ་རིར་བཏེགས་ཤིང་སླར་ཕེབ་དུས། །དངོས་ཐིམ་མ་འོངས་རྒྱ་གར་ཐེག་འགྱུར་ཞེས། །རིམ་པར་འགུལ་བའི་རྡོ་ཡི་སེང་གེ་དང་། །ཚད་མེད་བཞི་སྟེང་བུམ་པ་ཟླུམ་པོ་ལ། །བྲེ་ཡི་ལྷ་ཁང་ཆོས་འཁོར་གདུགས་ལ་སོགས། །ཛམྦུའི་གསེར་གྱིས་སྤྲས་པའི་འབུམ་མོ་ཆེ། །མཆོད་སྡོང་གདན་པས་མདུན་ནས་ཕྲེང་བར་བསྟར། །དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས་བཀའ་གནང་ཞིང་། །མ་གཅིག་དཔལ་གྱི་ལྷ་མོས་ལུང་བསྟན་ཏེ། །ལྷ་སའི་གཙུག་ལག་ཁང་གི་ཞབས་


LT37_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཏུ། །རྟེན་དང་བརྟེན་པར་བཅས་འདི་བསྐྲུན་པར་མཛད། །སྔོན་ཚེ་གྲུབ་པ་ཡོངས་ཀྱི་རྒྱལ་པོ་དེས། །གནས་མཆོག་འདི་རུ་ཆོ་འཕྲུལ་མཐའ་ཡས་བསྟན། །འགྲོ་ཀུན་ཆོས་དབྱིངས་ཕྱག་རྒྱ་ཆེན་པོར་བསྒྲལ། །གྲགས་པའི་བ་དན་སྲིད་པའི་རྩེ་མོར་བསྒྲེངས། །དེང་སང་རྟན་དང་གཏམ་གྱི་ཆ་ཤས་ཙམ། །ཡིད་ལ་གདུང་བསྐྱེད་བྱེད་འདི་མཐོང་བས། །དྲེད་པོ་ཆོས་རྡུགས་བློ་སྣ་བསྟུངས་བ་ཡི། །མི་རྟག་མཐའ་བཞིའི་ཆོ་འཕྲུལ་སྟོན་ཏམ་སྙམ། །ཁྱོད་ཀྱི་གསང་གསུམ་ཆོས་དབྱིངས་ནམ་མཁའ་དང་། །སྙོམས་ཞུགས་མཛད་པའི་ཕྲིན་ལས་རྒྱུན་གྱིས་རྟག །གདུལ་བྱའི་མཚན་འཛིན་དྲི་མས་མི་སྒྲིབ་པར། །བསྟན་པའི་མེ་རོ་དགུང་དུ་སྦར་དུ་གསོལ། །རྟོགས་གྲོལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །མཁའ་མཉམ་འགྲོ་བའི་སྐྱོབ་པ་མཆོག་གྱུར་པར། །གསོལ་བ་བཏབ་པའི་འབྲས་བུ་མི་བསླུ་བ། །མྱུར་དུ་ཐོབ་ནས་ཁྱོད་དང་མཚུངས་པར་ཤོག །ཅེས་པ་ནི་གུང་ཐང་གི་གཙུག་ལག་ཁང་དད་པས་མཇལ་བའི་སྐབས་རྙེད་པ་ན་དྲན་གསོས་དང་ཆབ་གཅིག་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཤར་མར་བྲིས་པ་དགེ། ཨ་ཧོ། །གང་དུ་བསོད་ནམས་དུས་ཀྱི་དབྱར་ཚེས་ནས། །བཀའ་བརྒྱུད་གྲུབ་པའི་ཆུ་ཀླུང་འབབ་རྩོམ་པ། །ངོ་ཚ་དགའ་བ་རྒྱས་པའི་མ་དྲོས་པ། །མཚུར་ཕུ་ཞེས་གྲགས་རིན་ཆེན་འབྱུང་གནས་འཁྱིལ། །བཅོམ་ལྡན་སེང་གེ་བྱང་ཆུབ་སྤྱོད་པའི་ཞིང་། །འཇིག་རྟེན་དབང་ཕྱུག་སྙིང་རྗེས་རྩེ་བའི་གནས། །


LT37_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་ལག་བྲེལ་སིང་གསུམ་སྐྱེ་དགུའི་མགྲོན། །འགུགས་བྱེད་པདྨའི་ལྕགས་ཀྱུ་གཉེན་ལྕུགས་ཅན། །ཞིང་སྔགས་ལྷན་ཅིག་སྐྱེས་གྲུབ་ཕོ་ཉ་མོས། །འདུ་བར་བོས་པའི་དཔའ་བོ་གྲུབ་རྣམས་ཀྱི། །འཁོར་ལོ་སྡོམ་མཛད་བཅོམ་ལྡན་རྟག་རོལ་པ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་སྙིང་པོའི་སྤོར། །གངས་ཅན་མགོན་པོ་རྒྱལ་བའི་སྲས་བཅས་ཀྱིས། །སྲིད་པའི་རྒྱ་མཚོ་དོང་ནས་སྤྲུགས་པ་དང་། །དྲི་མེད་འཁོར་ལོ་གསུམ་གྱིས་ཐུབ་བསྟན་ལ། །རླབས་ཆེན་སྲི་ཞུ་ཡུན་རིང་མཛད་པའི་གནས། །རྟག་ཆགས་གངས་རི་ག་བུར་དད་པས་བགོས། །ལྷུན་སྟུག་ས་འཛིན་སྤོས་ཀྱི་ནགས་ཚལ་འཁྲིགས། །སྔོ་སངས་བྲག་རི་རང་བྱུང་རྟེན་གྱིས་གཏམས། །སྐལ་དམན་སྐྱི་གཡའ་སྐལ་ལྡན་ཉམས་རྟོགས་སྤེལ། །ལྷར་བཅས་འཇིག་རྟེན་གསུམ་གྱི་རྣ་ལམ་དུ། །ཡོངས་སུ་གྲགས་པའི་མི་མཆོག་སེང་གེ་རྣམས། །མཆོག་གི་བདུད་རྩི་གསོལ་བའི་གཞལ་མེད་ཁང་། །མ་བཅོས་བྲག་གི་ཕུག་པ་ཡིད་དུ་འོང་། །མདའ་བསྣུན་གཉིས་པ་ཆོས་ཀྱི་བླ་མ་ཡིས། །ངོ་མཚར་རྫུ་འཕྲུལ་རྣམ་པར་རྩེ་བའི་གར། །མཐོང་གྲོལ་ཐུབ་ཆེན་འཛམ་གླིང་རྒྱན་གཅིག་སོགས། །རྟེན་གྱིས་གཏམས་པའི་གཙུག་ལག་ཁང་ཆེན་འཕགས། །དེ་ན་དུས་གསུམ་གཤེགས་པས་མངའ་གསོལ་ཞིང་། །རྒྱལ་སྲས་བྱེ་བའི་གཙུག་གི་ནོར་བུ་ནི། །འཇིག་རྟེན་གསུམ་གྱི་རྣམ་འདྲེན་ཀརྨ་པ། །གསང་གསུམ་ཉི་མའི་དཀྱིལ་འཁོར་


LT37_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་མེར་གསལ། །དེ་ཡི་སྣང་བས་བགོས་པའི་རྒྱུ་མི་རྒྱུ། །ཉིན་མོང་གྱུར་པའི་དངོས་པོའི་བྱེ་བྲག་བཞིན། །ལྟ་ན་མཛེས་ཤིང་བླང་དོར་ཕྱེད་པ་དང་། །བློ་གྲོས་གོམས་སྟབས་བསོད་ནམས་གནས་ལ་འཆོལ། །ཁྱོད་ཞལ་ལྟ་ལ་དད་པས་རིངས་པ་ཡི། །སྐད་རིགས་མི་གཅིག་སྐྱེ་བོ་གྲངས་མེད་པ། །སྐད་ཅིག་རེ་རེར་སྨིན་པར་མཛད་པའི་མཁའ། །བློ་ཆེན་རླབས་ཀྱིས་གཞལ་ཡང་མཐའ་མི་རྙེད། །རྒྱལ་བ་ཁྱོད་སྐུས་བཟུང་ན་གནས་འདི་ཙམ། །མ་ཟད་གངས་ཅན་གྲུ་འཛིན་དཔལ་ལ་སྙེགས། །དེ་བས་ཁྱོད་ཞབས་བསྐལ་བརྒྱར་བརྟན་པ་དང་། །བསྟན་པའི་ཉི་མས་གླིང་བཞིའི་མུན་སེལ་ཤོག །བཀའ་བརྒྱུད་ཆུ་ཀླུང་འབབས་པའི་གཞི། །འོག་མིན་མཚུར་ཕུའི་གནས་མཆོག་རྟེན་དང་བརྟེན་པར་བཅས་པ་ལ་ཆེད་དུ་བརྗོད་པ་འདིའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སོ། །ཨེ་མ། །བསིལ་ལྡན་འདུས་པའི་སྡེ་ཀུན་མཛེས་པའི་རྒྱན། །མདོ་སྔགས་བསྟན་པའི་སྙིང་པོ་གནས་པའི་གཞི། །གཟུང་གནས་བློ་ལྡན་ཡོངས་ཀྱིས་དཔེར་འོས་པ། །ཨོ་རྒྱན་སྨིན་གྲོལ་གླིང་ཞེས་སྲིད་ན་གྲགས། །གསང་བདག་ཆོས་ཀྱི་རྒྱལ་པོ་མཆེད་བཅས་ཀྱི། །རྣམ་དཔྱོད་གསེར་གྱི་པདྨོ་འཛུམ་པའི་དཔལ། །ངེས་དོན་ལྷ་ཡི་དགའ་ཚལ་རྒྱས་པ་འདིར། །དཔྱོད་ལྡན་ཡིད་ཀྱི་གདུང་བ་ངལ་སོས་སོ། །ལྟར་སྣང་འབྱོར་པ་རྒྱས་པའི་བསྟི་གནས་སུ། །རང་སྣང་འབྲིད་པའི་ཟང་ཟིང་བཀོད་ལེགས་བཅས། །ཆོས་བརྒྱད་


LT37_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བུན་ལོང་གཡོ་བའི་གྲོང་མོ་ཆེ། །དབེན་པའི་མིང་གིས་བསྔགས་ལས་ཁྱད་འཕགས་པ། །ཉེས་པར་སྤྱོད་དང་ཁྱིམ་པའི་རྟགས་འཆང་བའི། །རྭ་ཅན་ཕྱུགས་དང་ཡུད་ཙམ་འདྲེར་མེད་ཅིང་། །སྤང་དང་ཀློག་པའི་ལང་ཚོ་དར་བབ་པ། །ཚངས་སྤྱོད་ཅང་ཤེས་ཁྱུ་ཚོགས་གཡས་སུ་འདུ། །ཐུབ་མཆོག་མཚན་དཔེའི་ཉི་མས་བརྒྱན་པ་ཡི། །ཀུན་དགའ་ར་བ་རྒྱལ་བྱེད་ཚལ་གཉིས་པར། །དགེ་འདུན་དེ་དག་ལས་ཀྱི་ཆོ་གེ་ལ། །པདྨའི་རྫིང་བུར་ངང་པའི་ཁྱུ་བཞིན་རོལ། །གཡོན་ཕྱོགས་རྡོ་རྗེ་བཀོད་པའི་གཞལ་མེད་ཁང་། །ཆོས་འཁོར་ལྷུན་པོར་ཞེས་གྲགས་སེང་གེའི་ཁྲིར། །རིག་འཛིན་རྒྱལ་པོ་སྨྱོས་སྟོན་རྡོ་རྗེ་འཛིན། །གོས་དཀར་ལྕང་ལོའི་ཕྲེང་བས་སྒེག་པ་ཅན། །གྲུབ་པ་ལྷ་དང་ཌཱ་ཀིའི་ཁྲོམ་ཚོགས་ཤིང་། །རྡོ་རྗེའི་ཆོས་སྒྲས་ཞིང་བརྒྱ་མངོན་པར་གཡོ། །ཟག་མེད་བདེ་ཆེན་རོལ་པའི་ཏིང་འཛིན་གྱིས། །འཁོར་འདས་བརྟན་གཡོ་མ་ལུས་བྱིན་གྱིས་རློབ། །དེ་དབུས་ཨོ་རྒྱན་དྷརྨ་གཉྫ་གཞན། །གསང་སྔགས་འབྱུང་གནས་གསང་སྔགས་ཕོ་བྲང་དུ། །ཉིན་རེར་དུས་དྲུག་རྣལ་འབྱོར་འདུ་བ་དང་། །དུས་སུ་གསང་ཆེན་སྒྲུབ་པའི་རྒྱལ་མཚན་སྒྲེང་། །བཀའ་གཏེར་ཚོམ་བུའི་ཚོགས་སུ་འདུས་པ་དག །སྤྱོད་ལམ་མཐུན་པ་ལྷ་ཡི་གར་མཁན་བཞིན། །དགོངས་པ་གཡོ་མེད་རྒྱ་མཚོ་ཆེན་པོའི་མཇིངས། །བྱིན་རླབས་གཟི་བརྗིད་སྐལ་ལྡན་བློ་ངོར་ཆགས། །བོད་ཡུལ་མཐའ་དབུས་བདེ་སྐྱིད་སྤེལ་བའི་


LT37_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཙས། །འབྲེལ་ཚད་པདྨོ་ཅན་ཏུ་ལུང་བསྟན་པ། །རྣམ་པར་རྒྱལ་བའི་མཆོད་སྡོང་ལ་སོགས་པ། །ཕུན་ཚོགས་དཔལ་ཡོན་ནོར་བུའི་གླིང་བཞིན་ཚོགས། །གངས་ལྗོངས་རྣམ་གནོན་ཚུལ་གྱི་ཆོས་འཁོར་འདིར། །དུ་རུཥྐ་ཡི་སྣ་འདྲེན་སྡིག་ཏོ་ཅན། །ད་དུང་དེ་དག་མིང་ཡང་མི་གནས་ཤིང་། །སྤྲིན་བྲལ་ཉི་མས་འཇིག་རྟེན་སྣང་བྱེད་ཤོག །རིན་ཆེན་ཉི་མའི་སྙིང་པོ་འདི་ཇི་སྲིད། །སྔ་འགྱུར་ཆོས་ཀྱི་རྒྱ་མཚོ་མི་བསྐམས་པས། །གནས་མིན་འབྱོར་པའི་ཤེ་མོང་ལྡན་རྣམས་ཀྱང་། །གང་འདིའི་གཟི་བརྗིད་སྐྱེད་པའི་མཐུ་ཐོབ་ཤོག །འདི་བསྟན་སྲུང་དང་གོང་དུ་སྤེལ་དེ་དག །འཆི་མེད་སློབ་དཔོན་རྣམ་གསུམ་གཅེས་པའི་སྲས། །ཡེ་ཤེས་གཟིགས་པས་ནམ་ཡང་འདོར་མིན་ཕྱིར། །རིས་བྲལ་ཆེ་དགུས་འདི་བསྟན་འཛིན་གྱུར་ཅིག །གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར། ལས་འཕྲོ་བཟང་པོའི་གོམས་སྟབས་ཤུགས་འབྱུང་དུ་འཆེལ་ཏེ་སྟན་ཆགས་པ་ན། །དགའ་བ་དང་སྐྱོ་བའི་ཉམས་ཟུང་དུ་འབྲེལ་བ་ལས་སྐྱེས་པའི་ཆེད་དུ་བརྗོད་པ་འདིའང་ཡོན་ཏན་རྒྱ་མཚོར་བློ་གྲོས་མཐའ་ཡས་པའི་རླབས་གཡོས་པ་ལས་སོ། ཨ་ཧོ། །ཡར་རྒྱབ་ས་ཡི་དབང་ཕྱུག་དཔལ་འབྱོར་མཚོ། །བསོད་ནམས་རྣམ་གཉིས་བསོད་ནམས་བློ་གྲོས་ཀྱིས། །བསྲུབས་སྐྱེས་ནོར་བུའི་རང་བཞིན་མནྡཱ་ར། །དཔལ་ལྡན་འབྲས་སྤུངས་མཆོད་སྡོང་ས་འདིར་བྱུང་། །ངག་གི་དབང་ཕྱུག་བྱམས་པ་གླིང་བའི་སྡེ། །སྙིང་སྟོབས་ཉིན་བྱེད་མཁའ་མཐར་ཆས་པ་ན།


LT37_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཁང་ལོ་ཙཱའི་བློ་གྲོས་སྐྱ་རེངས་ཀྱིས། །ལེགས་པར་བསུས་ལག་ངོ་མཚར་སྣང་བ་བརྡལ། །ཕྱི་རུ་བདེ་གཤེགས་མཆོད་སྡོང་བཀོད་ལེགས་ཤིང་། །གསེར་གཡུ་སྤེལ་མའི་ཐོག་ཕུབ་ཏོག་འོད་འབར། །ནང་དུ་མདོ་སྔགས་ལྷ་བརྒྱའི་གཞལ་མེད་ཁང་། །རི་དབང་ལྷུན་པོའི་ཁོང་གསེང་བརྟོལ་བ་འདྲ། །འོག་ཁང་ཁྱམས་དབུས་བྱམས་ཆེན་མི་ཕམ་མགོན། །ད་ལྟ་དགའ་ལྡན་གནམ་ནས་བབ་འདྲའི་གཡོན། །རིན་ཆེན་ལས་གྲུབ་ནོར་བུ་དུ་མའི་རྒྱན། །འཛམ་གླིང་ཕྱེད་ཀྱི་རིན་ཐང་ལོངས་པ་ཅན། །རྡོ་རྗེ་འཆང་ཆེན་ཟག་མེད་དགའ་སྐྱེད་འཁོར། །གནས་བརྟན་གཡོག་བཅས་གྲུབ་ཆེན་བརྒྱད་ཅུ་སོགས། །སྐལ་བཟང་ཚེ་ལོ་བརྒྱ་པའི་ལུས་ཀྱི་ཚད། །ཛམྦུའི་ཆུ་གསེར་ཤས་མཐུག་འོད་འབར་བ། །ལས་སྣ་ཚོགས་པས་བསྐྲུན་འདྲའི་ཤ་ཚུགས་ཅན། །དཔལ་གྱི་མགུར་ནས་ཆོས་ཀྱི་སྒྲ་འབྱུང་ན། །མི་ལས་འདས་པའི་སྐྱེ་མཆེད་ལྟར་མི་ངོམས། །བར་གྱི་གཞལ་ཡས་ཚད་མེད་བཞི་བརྩེགས་ནང་། །རིགས་གསུམ་རྣམ་སྣང་མངོན་བྱང་རྡོར་དབྱིངས་སོགས། །བྱ་སྤྱོད་རྣལ་འབྱོར་ལྷ་ཚོགས་ནམ་མཁའི་སྐར། །འབུར་དང་རི་མོ་ཟ་འོག་གུར་ཁྱིམ་བཀྲ། །བུམ་ནང་མཁའ་འགྲོ་དྲྭ་བ་སྡོམ་པ་དང་། །འཇིགས་མཛད་རྡོ་རྗེ་གཙོར་གྱུར་བླ་མེད་རྒྱུད། །ཐབས་ཤེས་ཀྱིས་ཕྱེ་རྡོ་རྗེའི་དཀྱིལ་འཁོར་ལ། །དྭངས་པའི་མཁའ་ལ་དབང་པོའི་གཞུ་རིས་བཞིན། །བྲེ་མཆོག་རྡོ་རྗེ་སེང་གེའི་ཁྲིར་འཛེགས་པ། །ཆོས་འཁོར་འོད་གསལ་རྣམ་ཀུན་མཆོག་


LT37_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དབྱིངས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་འཁོར་ལོའི་དབུས། །དང་པོའི་སངས་རྒྱས་རིགས་བརྒྱའི་མགོན་ཏུ་བཞུགས། །ད་སྟེང་སྡོམ་གསུམ་སྤྱི་དང་ཁྱད་པར་གྱི། །བརྒྱུད་པའི་བླ་མ་ནོར་བུའི་ཕྲེང་བ་རྣམས། །དངོས་སམ་གཟུགས་བརྙན་རྣམ་པར་འབྱེད་དཀའ་བ། །ཡེ་ཤེས་ཀློང་ནས་མཆོག་གི་བྱིན་རླབས་འབེབས། །ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྲངས་མེད་དང་། །རྒྱལ་བ་མཆོག་དབྱངས་གདུང་གི་དྭངས་མ་སོགས། །རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་བ་ཡི། །ཕྱི་རོལ་མཆོད་པའི་འཁོར་ས་བཀོད་རེ་ལེགས། །གངས་ཅན་མཛེས་པའི་རྒྱན་གྱུར་རྟེན་མཆོག་འདིར། །སྐྱེ་དགུ་ཀུན་ཀྱང་སྲི་ཞུའི་གནས་ལ་འདུན། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བཞིན་ཏུ། །མི་ཉམས་རྡོ་རྗེ་ལྟ་བུར་འཚོ་གཞེས་གསོལ། །རིག་པའི་འབྱུང་གནས་གྲྭ་ནང་དགའ་བ་ཅན་ཏུ་ངག་གི་དབང་ཕྱུག་བྱམས་པ་གླིང་བ་བསོད་ནམས་རྣམ་པར་རྒྱལ་བའི་ཕྱག་རྗེས་ཁྱད་པར་ཅན་མཐོང་བ་ན། །དད་ཅིང་ངོ་མཚར་བའི་སེམས་ཀྱིས་མགྲིན་པའི་རྒྱུད་མངས་བཏེགས་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཆེད་དུ་བརྗོད་པའོ།། །དགེ་ལེགས་འཕེལ།། །།

རྡོར་སློབ་ཀརྨ་རིན་ཆེན་ལ་གནང་བ།


LT37_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། །རྟག་བརྟན་འགྱུར་མེད་ཡོངས་གྲུབ་བདེ་གཤེགས་སྙིང་། །དྲི་བྲལ་ཚེ་དཔག་མེད་དངོས་པདྨ་འབྱུང་། །ཡིད་བཞིན་འཁོར་ལོ་རྣམ་པར་རྒྱལ་མ་ཡི། །བདེན་མཐུས་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ། །སྒྲུབ་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ་བ་ཡི། །ཕྲིན་ལས་བྱེད་པོར་རྒྱལ་དབང་བཅུ་གཉིས་པས། །རྣམ་འཕྲུལ་གང་དེ་དབང་བཅུ་བརྙེས་པའི་མཐུས། །འཆི་མེད་ཚེ་དབང་རིག་འཛིན་སྐུར་བཞུགས་གསོལ། །ལང་གྲོ་ལོ་ཙཱ་སྨོན་ལམ་གྲུབ་པ་ཡི། །བདེན་པས་རྣམ་རོལ་ལུང་ཟིན་སྐྱེས་མཆོག་ཉིད། །བསྟན་འགྲོར་སྨན་པའི་བཞེད་དོན་མཐར་ཕྱིན་པར། །གེགས་དང་བར་ཆད་ནམ་ཡང་མི་འབྱུང་ཤོག །སྐུ་ཚེ་མཐར་ཕྱིན་ཕྲིན་ལས་ཀུན་ཁྱབ་པ། །རཏྣ་གླིང་དང་ཀློང་གསལ་སྙིང་པོ་ཡི། །རྟེན་འབྱུང་དགེ་བའི་ལས་འབྲོ་འདིར་སད་ནས། །དེ་མཚུངས་ཞབས་བརྟན་ཕྲིན་ལས་རབ་རྒྱས་གསོལ། །མོས་དགེ་རྣམ་པར་དཀར་བའི་རྒྱ་མཚོའི་བཅུད། །གང་གི་གསང་གསུམ་བསྐལ་བརྒྱར་འཚོ་གཞེས་པའི། །རེ་འབྲས་བདུད་རྩིའི་གོང་བུར་ལེགས་སྨིན་ཏེ། །ཕན་བདེའི་སྣང་བས་ས་གསུམ་ཀུན་ཁྱབ་ཤོག །ཅེས་པའང་བསླབ་པ་གསུམ་མཛོད་འཆང་རྡོར་སློབ་ཀརྨ་རིན་ཆེན་ནས་གསུང་བསྐུལ་ངོར་འདུ་གསུམ་པ་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བྲིས་ཏེ་གསོལ་བ་བཏབ་པ་ཡ་ཐཱ་སིདྡྷིནྟ་བནྟུ། །

གཏེར་སྟོན་ཞིག་ལ་གནང་བ།


LT37_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མ་ཧཱ་གུ་རུ་ར་འདུད། །དེང་སང་སྙིགས་དུས་མཐའ་ལ་ཐུང་། །བོད་ཁམས་བསྟན་འགྲོར་འཚེ་བ་མང་། །དེ་ལ་སྐྱོབ་བྱེད་སྐྱེས་བུ་ཡང་། །གསར་རྙིང་ཀུན་ལ་མང་དུ་བྱོན། །ཁྱད་པར་གཏེར་སྟོན་མང་འབྱུང་བ། །དྲི་མེད་ལྷུན་པོ་རཏྣ་གླིང་། །གཙོ་གྱུར་ཚད་མའི་ལུང་ལས་གསལ། །དེ་མཚུངས་ལྷ་མིན་ཆོ་འཕྲུལ་ཡང་། །བྱུང་དང་འབྱུང་འགྱུར་ཡོངས་སུ་གྲགས། །གང་ཟག་རྒྱུད་ཚོད་སངས་རྒྱས་ལས། །གཞན་གྱིས་རྟོགས་པར་མི་འགྱུར་ཕྱིར། །མཐའ་གཅིག་ཁ་ཚོན་གཅོད་དཀའ་ཡང་། །གཏེར་བདག་ཨི་འོང་གང་ཟག་ལ། །རགས་ལས་གུ་རུ་པདྨས་གསུངས། །བསྟན་འགྲོར་ཕན་ངེས་དམ་པ་ཡི། །རྣམ་ཐར་གཙང་ན་མིར་མ་ཟད། །མི་མིན་རྣམས་ཀྱང་བཀུར་བར་འགྱུར། །དེ་མིན་རྫུན་གྱི་འཁྲུལ་འཁོར་དང་། །ཕྱོགས་རིས་ཁེངས་པས་དྲེགས་ལ་སོགས། །ལྟར་སྣང་ཡོན་ཏན་ཅི་བཟང་ཡང་། །ནམ་ཕུག་བསྟན་འགྲོ་ཕུང་བའི་འདྲེ། །དེ་འདྲ་བྱུང་བའང་གྲངས་མང་ཕྱིར། །སོ་སྐྱེ་མངོན་ཤེས་མི་ལྡན་པ། །བདག་འདྲས་གང་ཟག་རིས་མེད་པ། །ཀུན་ལ་དག་སྣང་སྦྱོང་བ་ལས། །མཆོག་དམན་དབྱེ་བའི་ནུས་པས་དབེན། །འོན་ཀྱང་ཐོས་མང་ལེགས་བཤད་ནི། །གཏེར་ལ་རེ་དོགས་དོར་ནས་སུ། །རང་རྒྱུད་ལས་སུ་རུང་བར་འཚལ། །རེ་དོགས་བདུད་ཀྱི་གཡབ་མོ་ཡིན། །འབད་མེད་བྱུང་ན་དངོས་གྲུབ་སྟེ། །དེ་ཡང་གཟབ་ནས་འཚོ་ཤེས་དགོས། །


LT37_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རང་དོན་མ་གྲུབ་གཞན་དོན་ནི། །ཇི་ལྟར་བརྩམས་ཀྱང་འབྲས་བུས་དབེན། །དེས་ན་རང་ཉིད་བརྟན་ཐོབ་ནས། །འགྲོ་དོན་ཤུགས་འབྱུང་སྨོན་ལམ་ཞུ། །ཅེས་པ་འདི་ཕྱིས་བྱོན་གཏེར་སྟོན་ཞིག་གིས་ཁོང་ལ་གཏེར་ཆོས་ཡོད་པ་ཚད་ལྡན་ཡིན་མིན་དང་ད་ཕྱིན་འདོར་ལེན་ཅི་བྱེད་དྲི་བ་བྱུང་བའི་ལན་ཏུ་བརྗོད་པའོ།། །།མངྒ་ལཾ། །

བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།


LT37_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ་བཞུགས་སོ། །


LT37_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་གདམས་པའི་བདུད་རྩི་ནི། །སངས་རྒྱས་ཐམས་ཅད་མཁྱེན་ལས་བྱུང་། །དེས་གསུངས་རྣམ་པ་ཐམས་ཅད་དུ། །ཚད་མ་ཉིད་ཕྱིར་དང་པར་བྱོས། །དལ་འབྱོར་འདི་ནི་ཐོབ་པར་དཀའ། །དེ་བས་ཆོས་དང་མཇལ་བར་དཀའ། །དཀོན་མཆོག་གསུམ་གྱི་མཚན་ཙམ་ཡང་། །ཐོས་པས་འཁོར་བ་མཐའ་ཅན་བྱེད། །གསུམ་ལ་རྟག་ཏུ་སྐྱབས་འགྲོ་ཞིང་། །སྙིང་ནས་ཡིད་ཆེས་ལྡན་པར་འཚལ། །འདི་ནི་ཆོས་ཀྱི་རྩ་བ་ལགས། །སྐྱབས་འགྲོ་ཕལ་ཆེར་ཚིག་ཙམ་སྟེ། །གསུམ་ལ་ཡིད་ཆེས་ལྡན་པའང་དཀོན། །དེ་ལྟས་དགེ་བ་གང་བསྒྲུབས་ཀྱང་། །མངོན་མཐོའི་བདེ་འབྲས་ཙམ་དུ་ཟད། །རང་གི་ལས་ངན་སྨིན་པའི་ཚེ། །བློ་ཆུང་འགའ་ཞིག་ལོག་པར་


LT37_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །ཐོག་མེད་དགེ་རྩ་གཅོད་བྱེད་པའི། །ལས་དེ་དུག་བཞིན་སྤང་བར་རིགས། །སྐྱེས་ཚད་ཐམས་ཅད་འཆི་བ་སྟེ། །རང་ཉིད་མི་འཆི་བསམ་མི་འཚལ། །དེ་དབང་བདག་ལ་ཡོད་མ་ཡིན། །འཆི་ཡང་སྐྲག་པར་མི་འགྱུར་ན། །དེ་བློ་ཕྱུགས་དང་མཚུངས་པ་སྟེ། །དེ་ཡི་གདིང་ནི་ཅི་ཞིག་ཡོད། །ནམ་འཆིའི་དུས་བཏབ་མ་མཆིས་ཤིང་། །འཆི་བདག་ནམ་འོང་ཆ་མེད་ལ། །འཆི་དུས་ཆོས་ཀྱིས་ཕན་པས་ན། །མྱུར་དུ་ཆོས་ལ་འབད་པར་འཚལ། །དམ་ཆོས་རྒྱལ་བས་གསུངས་དེ་བསྒྲུབ། །མདོ་རྒྱུད་དག་དང་མི་མཐུན་པའི། །བྱས་ཆོས་མི་ཚེ་འཛད་པའི་རྒྱུ། །རྗེས་ཀྱི་ནང་ནས་གླང་པོ་དང་། །མེ་ཏོག་ནང་ནས་པདྨ་དཀར། །འདུ་ཤེས་ནང་ནས་མི་རྟག་པ། །མཆོག་ཅེས་


LT37_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གཉིས་གཙོ་བོས་གདམས། །སྙིགས་དུས་མི་ཚེ་ཤིན་ཏུ་ཐུང་། །དགུན་གྱི་ཉི་བཞིན་ཡད་ཡུད་འཛད། །བུ་ནོར་ཁང་ཁྱིམ་ཤུལ་དུ་ལུས། །གཅེར་བུ་ལག་པ་སྟོང་པ་རུ། །གཅིག་པུར་འཇིག་རྟེན་ཕ་རོལ་འགྲོ། །དེ་དག་དོན་དུ་སྡིག་སྤྱོད་པའི། །རྣམ་པར་སྨིན་པས་རང་ཉིད་བརླག །མི་རྟག་དྲན་ན་དགོས་མེད་དྲན། །དེ་ཡིས་ཚེ་འདིར་བློ་ལོག་པས། །གང་བྱས་ཆོས་དང་མཐུན་པར་འགྱུར། །ནད་མེད་ཚེ་དང་འབྱོར་པ་སོགས། །བསྒྲུབ་ཕྱིར་ལྟར་སྣང་ཆོས་སྤྱོད་པ། །ནོར་བུ་ཕྱེ་དང་བརྗེས་པ་བཞིན། །དགེ་རྩ་རྣམ་སྨིན་ཆུང་ངུར་འཛད། །སྟོབས་འབྱོར་མངའ་ཐང་སྙན་གྲགས་སོགས། །སྐྱེ་སྔོན་རྣམ་དཀར་བསགས་པའི་འབྲས། །བསོད་ནམས་ལྡན་ན་ཤུགས་ཀྱིས་འབྱུང་། །རྩོལ་བས་བསྒྲུབས་ཀྱང་འགྲུབ་པར་དཀའ། །དགེ་བའི་འཕེན་ཤུགས་ཟད་པ་ན། །དེ་དག་རྨི་ལམ་བཞིན་དུ་ཡལ། །འཇིག་རྟེན་ཕ་རོལ་ལྟ་ཅི་སྨོས། །ད་ལྟ་ཉིད་དུའང་ཕན་མི་འགྱུར། །དེ་བས་ཕུན་སུམ་ཚོགས་འདོད་ན། །ལོ་ཏོག་འདོད་པས་ས་བོན་བཞིན། །སྦྱིན་སོགས་དགེ་ལ་བརྩོན་པར་འཚལ། །དགེ་བས་ཕ་རོལ་ལྟ་ཅི་སྨོས། །སྐྱེ་འདིར་མངོན་སུམ་ཕན་གདགས་འགྱུར། །རང་བློ་ལྐོག་ཏུ་མ་གྱུར་པས། །རང་གི་རྒྱུད་ཚོད་རང་གིས་བཟུང་། །བདག་ནི་སྤྱན་ལྔ་མི་ལྡན་པས། །མི་ཤེས་སྙམ་དུ་ཁེངས་བསྐྱུངས་ལ། །གཞན་གྱི་རྒྱུད་ཚོད་བཟུང་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྣ་ཚོགས་


LT37_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཚུལ་སྟོན་པ། །སོ་སྐྱེའི་བློ་ཡིས་མི་རྟོགས་པས། །ཅུང་ཟད་ཁྲོས་སམ་བརྙེས་པས་ཀྱང་། །བསྐལ་པར་དམྱལ་བའི་གནས་སུ་སྐྱེ། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །མཐར་ནི་འཚང་རྒྱར་འགྱུར་བ་ཉིད། །ཀུན་ལ་དགའ་ཞིང་འདུན་པར་བྱ། །ང་ཉིད་བཟང་ཞེས་གཞན་བརྙེས་པ། །དེ་ཡིས་རང་ཉིད་ཚེ་འདིར་བརླག །ཕྱི་མར་ཡི་དྭགས་འགྲོ་བར་སྐྱེ། །མིར་སྐྱེས་ན་ཡང་བྲན་དུ་འགྱུར། །གཞན་སྐྱོན་བརྟག་ལ་མཁས་པ་རྣམས། །རང་གི་སྐྱོན་ནི་ཡོངས་མི་ཤེས། །གཞན་སྐྱོན་རྟོག་པའང་རང་གི་སྐྱོན། །རང་རྒྱུད་ལས་སུ་རུང་བའི་ཚེ། །སྐྱོན་ཀྱང་ཡོན་ཏན་ཉིད་དུ་འཆར། །གཞན་སྐྱོན་ཇི་ལྟར་ཆེ་ཡང་རུང་། །རང་ལ་གནོད་པ་བྱེད་མི་འགྱུར། །རང་གི་སྐྱོན་གྱིས་རང་ཉིད་བརླག །དེ་བས་རྣམ་ཀུན་རང་སྐྱོན་བརྟག །གཞན་གྱི་སྐྱོན་ནི་ཚོལ་མི་བྱ། །སྤྱིར་ཡང་སྐྱོན་ཡོན་འབྱེད་པར་དཀའ། །སྐྱོན་གྱི་ཕུང་པོ་ཆེན་པོ་ལ། །རྨོངས་པས་ངོ་མཚར་ཉིད་དུ་འཛིན། །སྐལ་ངན་ང་རྒྱལ་ལྡན་པ་དག །ཡོན་ཏན་ལ་ཡང་སྐྱོན་དུ་མཐོང་། །གང་ཟག་མཆོག་ལ་སྐྱོན་བརྗོད་ན། །རང་གི་བསོད་ནམས་ཕྱག་མས་འདེད། །དད་པ་སངས་རྒྱས་ཆོས་ཀྱི་མ། །ཡོན་ཏན་ཀུན་སྐྱེད་ས་གཞི་ཡིན། །དད་དང་གུས་པ་ཚོལ་བར་བྱ། །དེ་བཞིན་གཤེགས་པའི་སྐྱེས་རབས་དང་། །གོང་མའི་རྣམ་ཐར་རིས་མེད་མཇལ། །དེ་ལས་དང་བའི་དད་པ་སྐྱེ། །དགེ་དང་


LT37_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ལས་འབྲས་དང་། །ཆོས་ཀྱི་ཕན་ཡོན་རྟག་ཏུ་བསམ། །ཡིད་ཆེས་དང་སྐྱེ་དེ་དག་ལས། །བྱང་ཆུབ་འདོད་པའི་དད་པ་སྐྱེ། །དད་ལས་མོས་པ་སྐྱེ་འགྱུར་ཞིང་། །མོས་པས་དམ་ཆོས་ཚོལ་བར་བྱེད། །རྒྱལ་བའི་བཀའ་ལ་ཕྱོགས་རིས་མེད། །རིས་སུ་གཅོད་པ་བླུན་པོའི་ལུགས། །བོད་ཀྱི་ཆོས་ལུགས་ཐམས་ཅད་ཀྱང་། །བརྒྱུད་སྲོལ་སོ་སོའི་གང་ཟག་སྟེ། །འབྱུང་ཁུང་ཐུབ་པའི་བཀའ་རུ་གཅིག །བྱང་ཆུབ་ལམ་ནི་ཀུན་ལ་ཡོད། །བཤད་སྒྲུབ་ཕྱག་རྗེས་རེ་ཡང་མཆིས། །གང་ལ་བཟང་དང་ངན་མཐོང་བ། །དེ་བློ་ཕྱོགས་སུ་ལྷུང་བའི་རྟགས། །གཟུ་བོར་གནས་པའི་བློ་ལྡན་ནི། །ནམ་མཁའ་བཞིན་དུ་ཀུན་ལ་སྙོམས། །དེ་བས་དགེ་བའི་བཤེས་གཉེན་ཚོལ། །སྡིག་པའི་བཤེས་གྲོགས་རིང་དུ་སྤོང་། །དགེ་བའི་ལམ་སྟོན་དེ་ནི་བཤེས། །སྡིག་ལ་སྦྱོར་བ་གང་ཡིན་བདུད། །གང་ཞིག་ལྟར་སྣང་ཆོས་སྟོན་ཅིང་། །ཚུལ་འཆོས་ཚེ་འདིའི་ཆེ་ཐབས་བསྒྲུབས། །ཕྱོགས་རིས་ང་རྒྱལ་འདོད་སྲེད་ཆེ། །སྙིང་རྗེ་ཆུང་སོགས་མི་དགེའི་བཤེས། །དེང་སང་དུས་ཀྱི་དབང་གིས་མང་། །དེ་འདྲའི་རྗེས་སུ་ཞུགས་པ་ན། ཁ་ཟས་དུག་ཅན་ཟོས་པ་ལྟར། །འཕྲལ་ལ་བདེ་བ་ལྟར་སྣང་ཡང་། །ནམ་ཕུག་གནོད་པ་ཆེན་པོ་སྐྱེད། །དགེ་བའི་བཤེས་གཉེན་ཡིན་ཕྱིན་ཆད། །གསུང་དེ་ཆོས་དང་མཐུན་པ་དགོས། །སྤྱོད་ལམ་ཙམ་ལ་སྙིང་པོ་མེད། །རྩོད་དང་ཆགས་སྡང་ལྷུར་ལེན་པའི། །


LT37_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་དེ་ཡང་སྤང་བར་བྱ། །ཆགས་དང་སྡང་བས་བསླད་པ་ཡི། །སོ་སྐྱེའི་ཡིད་ལ་མི་འཐད་པ། །དེ་འདྲ་ཆོས་ལོག་ཡིན་ངེས་མེད། །སངས་རྒྱས་གསུང་དང་མི་མཐུན་པ། །སུ་ལ་འདུག་ཀྱང་ལོག་ཆོས་ཡིན། །མདོ་སྔགས་ལྟ་སྤྱོད་དང་འགལ་བ། །སྤྱོད་པ་དེ་དག་ལོག་པའི་བཤེས། ཁལ་བཀལ་དུད་འགྲོ་གསོད་པ་དང་། །སོ་ནམས་ཁེ་སྤོགས་རྔོན་ལ་སོགས། །སྲིད་པའི་ལས་ཡིན་འདི་ནི་འོས། །འདི་འདྲར་སྡིག་པ་མེད་སྨྲ་བ། །དེ་དག་བདུད་ཀྱི་ཕོ་ཉ་ཡིན། །སྡིག་ལ་སྡིག་ཏུ་མ་ཤེས་ན། །དེ་ཡི་སྡིག་པ་མུ་མཐའ་མེད། །སྡིག་ཏུ་ཤེས་ནས་གནོད་ཞིང་འགྱོད། །འབྲས་བུ་ཡང་བ་ཉིད་དུ་འགྱུར། །སྐྲ་དཀར་གཉེར་མ་ལྷགས་པ་དང་། །ནད་སོགས་ལུས་ཀྱི་ལང་ཚོ་ཉམས། །གཞན་དག་ཤི་བ་མཐོང་ཞིང་ཐོས། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་སྟོན། །འདི་དག་ལྷ་ཡི་ཕོ་ཉར་གསུངས། །གལ་ཏེ་མཐོ་རིས་འགྲོ་འདོད་ན། །དེ་རྒྱུ་མྱུར་དུ་སྒྲུབས་ཤིག་ཅེས། །ཡང་ཡང་བསྐུལ་བར་བྱེད་པ་བཞིན། །འདི་ཡང་རྒྱལ་བའི་ཕྲིན་ལས་ཡིན། །ཆོས་ལ་བསྐུལ་བའི་གཏམ་སྟེ་དང་པོའོ། །གལ་ཏེ་འཆི་ལ་མི་འཇིགས་ཀྱང་། །ལས་ཀྱི་འབྲས་བུར་འཇིགས་པར་བལྟ། །ལས་འབྲས་མངོན་སུམ་མྱོང་དུས་སུ། །གཞན་ལ་བགོ་བཤའ་བྱར་ཡོད་མིན། །མེད་དང་རླག་པར་བྱེད་མི་ནུས། །རང་གིས་བྱས་པ་རང་ལ་སྨིན། །ནམ་ཡང་ཆུད་ཟོས་འགྱུར་བ་མིན། །


LT37_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིའི་ལྟོ་རྒྱབ་ཙམ་གྱི་ཕྱིར། །ངལ་བ་དུ་མ་ཁྱད་བསད་ན། །འཇིག་རྟེན་ཕ་རོལ་བདེ་བའི་རྒྱུ། །མི་སྒྲུབ་གང་དེ་ཕྱུགས་ལས་བླུན། །ཚེ་འདིར་མི་བདེ་ཆུང་ངུ་ཡང་། །འབད་པ་དུ་མས་སྤོང་བྱེད་ན། །སྐྱེ་བ་གཏན་གྱི་སྡུག་བསྔལ་རྒྱུ། །ཤེས་ལྡན་སུ་ཞིག་སྒྲུབ་པར་ཕོད། །ཟང་ཟིང་ཆུ་ཡི་ལྦུ་བ་འདྲ། །བསག་པ་ཐམས་ཅད་སྡུག་བསྔལ་རྒྱུ། །གང་ལ་ཆོག་ཤེས་མངའ་བ་དེ། །ནོར་བུའི་གཏེར་མཛོད་འཆང་བ་འདྲ། །ཕྱུག་པོ་ཕལ་ཆེར་སེར་སྣས་བཅིངས། །དབུལ་པོ་ལས་ཀྱང་སེམས་ཁོང་དོགས། །དེ་ལྟའི་བསགས་པ་དགྲ་བོས་སྤྱོད། །བརྐམས་ཆགས་མེ་ལྟར་འབར་བའི་ཡིད། །མི་བདེའི་ཟུག་རྔུ་བཅས་ཏེ་འཆི། །ཕ་ཡིས་སྡིག་པས་བསགས་པའི་ནོར། །བུ་ཚ་སོགས་ལ་ཕོག་སྙམ་ཡང་། །སེམས་ཅན་རང་རང་ལས་འབྲས་ལ། །སྤྱོད་པ་ཉིད་ཕྱིར་ཕན་པ་དཀོན། །རང་ལ་སྦྱིན་འབྲས་ཡོད་པ་ན། །དབུལ་པོའི་བུ་ཡང་ཕྱུག་པོར་འགྲོ། །རང་ལ་སྦྱིན་པའི་འབྲས་མེད་ན། །རྒྱལ་རྒྱུད་སྤྲང་དུ་འཁྱམས་པ་མང་། །ཤིན་ཏུ་གཅེས་པའི་དངོས་པོ་དང་། །འབྲལ་མི་ཕོད་པའི་གྲོགས་དག་ཀྱང་། །ནམ་ཞིག་ངེས་པར་བོར་དགོས་ན། །ཐམས་ཅད་གཏོང་བ་མཉམ་པོ་ལ། །སྦྱིན་པས་བསོད་ནམས་ཆེན་པོ་བསྐྱེད། །ཆགས་དང་སེར་སྣས་བསྡོམས་པ་ཡི། །ལོངས་སྤྱོད་རྣམས་ནི་གསོག་ཅིང་འཛད། །ཆགས་མེད་སྦྱིན་ལ་དགའ་བ་རྣམས། །ཇི་ཙམ་གཏོང་བ་དེ་ཙམ་འཕེལ། །རྐུ་འཕྲོག་


LT37_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྣའི་དབང་གིས་ནི། །གསོག་པ་པོ་ལ་སྦྱིན་པོ་ཉུང་། །སྦྱིན་པ་པོ་ལ་སྟེར་བ་མང་། །འབྱོར་པ་སྒྲུབ་ལའང་འགལ་རྐྱེན་མང་། །དེས་ན་འཕྲལ་དང་ཡུན་དག་ཏུ། །བསགས་པ་ཟད་འགྱུར་སྦྱིན་པ་འཕེལ། །ལེགས་སྤྱོད་གཞན་པའང་དེ་དང་མཚུངས། །གཞན་ལ་ཕན་དང་ཕྱི་མར་བདེ། །ལས་དེ་དགེ་བ་ཁོ་ན་ཡིན། །གཞན་ལ་གནོད་ཅིང་ཕ་རོལ་ཏུ། །སྡུག་བསྔལ་རྒྱུར་འགྱུར་མི་དགེ་བ། །ཞིབ་པར་བརྟགས་ནས་བླང་དོར་བྱ། །འཕྲལ་སྣང་ཙམ་ལ་ཡིད་མི་རྟོན། །ཞིང་དང་བསམ་པ་རྣམ་དག་ན། །ནས་བྲེ་གང་གི་སྦྱིན་པས་ཀྱང་། །མཐོ་རིས་བདེ་སྐྱིད་ཚད་མེད་མྱོང་། །བསྙེན་གནས་ཉིན་གཅིག་བསྲུངས་པས་ཀྱང་། །སྲིད་པའི་རྒྱ་མཚོ་རྒལ་བར་བྱེད། །དེ་བཞིན་ལོག་ལྟ་ཡུད་ཅིག་གམ། །ཚིག་རྩུབ་ངག་འཁྱལ་ལན་གཅིག་གིས། །མནར་མེད་དམྱལ་སོགས་ངན་འགྲོར་འགྲོ། །སྲོག་གཅིག་བཅད་པས་སྲོག་གི་ལན། །དགུ་བརྒྱ་དགུ་བཅུ་རྩ་དགུར་འཁོར། །ངན་སོང་སྡུག་བསྔལ་བཟོད་དཀའ་མྱོང་། །དད་པས་རྒྱལ་ལ་དམིགས་པ་ཡི། །མེ་ཏོག་གཅིག་ཙམ་མཁར་ཕུལ་བས། །སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར། །ལས་ཀྱི་ཚུལ་ནི་བསམ་མི་ཁྱབ། །རྣམ་པར་སྨིན་པའང་ཚད་བཟུང་མེད། །དེ་བས་ལས་ལ་ཡིད་ཆེས་བྱོས། །དམག་གི་གཡུལ་ངོ་བཤམ་པ་དང་། །བྱ་དང་རི་དྭགས་རྔོན་པ་དང་། །རྒྱ་ཡིས་ཉ་རྣམས་བཤོར་བ་སྟེ། །


LT37_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་མཐུ་ཆེན་ལས་སུ་གསུངས། །ཚེ་ཐུང་བ་དང་ནད་མང་དང་། །དམྱལ་བར་སྐྱེ་བའི་རྒྱུ་ཆེན་པོ། །རིམས་སོགས་དུས་མིན་འཆི་བ་དང་། །མི་བཟད་སྡུག་བསྔལ་སྣ་ཚོགས་སྐྱེད། །སྲོག་གཅོད་མང་དང་ལོག་གཡེམ་དགའ། །སྐུ་གཟུགས་གླེགས་བམ་མཆོད་རྟེན་བཤིག །དགེ་འདུན་འཚོ་བ་འཕྲོག་བྱེད་པ། །འདི་བཞིས་འཕྲལ་དུ་ཚེ་ཐུང་ཞིང་། །ངན་སོང་གནས་སུ་རྟག་པར་འཁོར། །ངེས་པར་བསད་བྱ་གཏོང་བ་དང་། །དབུལ་པོ་རྣམས་ལ་ཟས་གོས་སྦྱིན། །དཔྱ་ཁྲལ་ཡང་བར་བྱེད་པ་དང་། །ཉ་དང་རི་དྭགས་འཚེ་སྤངས་པ། །འདི་བཞིས་འཆི་བདག་འཕྲལ་དུ་བཟློག །འཁོར་བའི་མཐར་ཐུག་བདེ་བ་འཐོབ། །སྤོང་དང་ཀློག་པའི་སྡེ་འཛུགས་ཤིང་། །རྒྱལ་བའི་གསུང་རབ་གླེགས་བམ་འདྲི། །སྔོན་མེད་གཙུག་ལག་ཁང་བྱེད་པ། །འདི་གསུམ་འདུས་བྱས་དགེ་བ་ནི། །ཀུན་ལས་འཕགས་པའི་བསོད་ནམས་ཡིན། །བླ་མ་དང་ནི་རྟེན་གསུམ་དང་། །དགེ་འདུན་རྣམས་ལ་ཡོན་འབུལ་ཞིང་། །ཕོངས་པའི་ལོངས་སྤྱོད་གཏོང་བར་བྱ། །དགེ་འདུན་ལ་བརྟེན་ཆོས་གནས་པས། །དགེ་དང་སྡིག་པ་གང་བསགས་ཀྱང་། །སྐུ་གཟུགས་མཆོད་རྟེན་སོགས་ལས་ཀྱང་། །རྣམ་སྨིན་དགེ་འདུན་ཁོ་ན་ཆེ། །གཏོང་དང་ཡོངས་སུ་སྤྱད་པ་ཡི། །རྣམ་སྨིན་གཉིས་འཐོབ་གཞན་དག་ལ། །གཏོང་བའི་བསོད་ནམས་འབའ་


LT37_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གོ། །རབ་བྱུང་ཁྱིམ་པར་བཟློག་པ་དང་། །ངུར་སྨྲིག་རྟགས་ཙམ་འཛིན་པ་ཡང་། །རྡེག་གསོད་འཆིང་སོགས་བྱེད་པ་ན། །སེམས་ཅན་དམྱལ་བ་ཆེན་པོར་འགྲོ། །ལྷ་ཁང་རྟེན་གསུམ་ཆོས་སྨྲ་དང་། །དགེ་འདུན་རྣམས་ཀྱི་ལོངས་སྤྱོད་དག། མ་བྱིན་པར་ནི་ལེན་བྱེད་ན། །ལས་འདི་ཤིན་ཏུ་སྦྱང་བར་དཀའ། །སྲོག་ཆགས་བྱེ་བ་གསོད་ཀྱང་སླའི། །དཀོན་མཆོག་གསུམ་ལ་སྡིག་བསགས་པ། །དེ་དག་སྦྱང་དུ་མེད་པར་གསུངས། །ཕ་མ་ནད་པ་མང་དུ་ཐོས། །ཏིང་འཛིན་སྒོམ་དང་ཆོས་སྨྲ་བ། །ཡེ་ཤེས་ལྡན་དང་ཚུལ་ཁྲིམས་ལྡན། །དབུལ་པོ་བླ་མ་དམ་པ་སྟེ། །འདི་དགུ་ཞིང་གི་དམ་པ་ཡིན། །གཟུངས་སྔགས་བཟླ་ཞིང་སཱཙྪ་འདེབས། །མདོ་ཀློག་སྐུ་གཟུགས་གླེགས་བམ་བྱེད། །སེམས་བསྐྱེད་སྟོང་པ་ཉིད་བསྒོམ་པ། །སྡིག་པ་སྦྱང་ལ་སྟོབས་ཆེ་བའི། །གཉེན་པོའི་སྒོ་ནི་དེ་དྲུག་ཡིན། །སྐྱབས་སུ་སོང་ཞིང་སེམས་བསྐྱེད་ལ། །སྔར་བྱས་སྡིག་ལ་གནོང་ཞིང་འགྱོད། །སྲོག་ལ་བབས་ཀྱང་ཕྱིན་ཆད་བསྡམ། །དགེ་བ་མང་པོའི་གྲོགས་དང་བཅས། །ཁྱད་པར་བཞི་ལྡན་བཤགས་པ་ཡིས། །སྡིག་པའི་རི་བོའང་འཇོམས་པར་ནུས། །ཟླ་རེར་བསྙེན་གནས་ལེན་པ་དང་། །དུས་སུ་འཚེ་བ་ཐམས་ཅད་སྤང་། །དད་པས་དཀོན་མཆོག་རྣམས་ལ་བཀུར། །རྟག་ཏུ་བསམ་པ་བཟང་པོ་བསྟེན། །བྱས་པ་དྲིན་དུ་བཟོ་བ་དེ། །ཁྱིམ་


LT37_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེགས་སྤྱོད་རྣམ་ལྔ་པོ། །གང་ཞིག་བདག་ཉིད་སྤྱོད་བྱེད་ཅིང་། །གཞན་ཡང་དེ་ལ་འགོད་པ་ན། །ཚེ་རིང་ནད་མེད་གྲགས་པ་འཐོབ། །འཆི་བ་ན་ཡང་མྱ་ངན་ཆུང་། །ཤི་ནས་མཐོ་རིས་གནས་སུ་འགྲོ། །ཆོས་ཀྱིས་ཚེ་འདིར་ཕུན་ཚོགས་འཐོབ། །སྐྱེ་བོ་ཀུན་ཀྱང་དེ་ལ་འདུན། །བདེ་བར་གཉིད་ལོག་བདེ་བར་སད། །འཆི་ཀར་འགྱོད་པ་མི་འབྱུང་ཞིང་། །འཇིག་རྟེན་གཞན་དུ་བདེ་རྒྱས་འགྱུར། །སེམས་ནི་མ་རིག་སྦུབས་སུ་འཐུམས། །ཆགས་སྡང་རྣམ་པར་རྟོག་པས་བཅིངས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །བྱས་ཚད་འཁོར་བ་ངན་སོང་རྒྱུ། །ཟག་བཅས་དགེ་བར་རློམ་རྣམས་ཀྱང་། །འཁོར་བར་འཁྱམས་པའི་རྒྱུ་བྱེད་ན། །ལས་གཞན་ལྟ་ཡང་སྨོས་ཅི་དགོས། །སྡུག་བསྔལ་རྩ་བ་རང་གི་སེམས། །སེམས་ཉིད་དྲི་མ་མེད་པར་འཚལ། །དུག་གི་རྩ་བ་མ་བཙུགས་ན། །སྡོང་པོ་རྒྱས་པར་ག་ལ་འགྱུར། །རྒྱུ་འབྲས་བླང་དོར་ཇི་བཞིན་ཉིད། །འཕགས་མིན་སོ་སྐྱེའི་སྤྱོད་ཡུལ་མིན། །རང་འདོད་གཡོ་ཟོལ་མ་འདྲེས་པའི། །ལྷག་བསམ་རྣམ་པར་དག་པ་ཡིས། །ཅི་བྱས་མཐོ་རིས་ཐར་པའི་རྒྱུ། །དགེ་བ་དེ་ལ་མདོ་རུ་ཟུངས། །ལས་འབྲས་བླང་དོར་གྱི་གཏམ་སྟེ་གཉིས་པའོ། །གང་ཞིག་ཁྱིམ་ན་གནས་པའམ། །རབ་ཏུ་བྱུང་བ་ཡིན་ཀྱང་རུང་། །དམ་པའི་ཆོས་ནི་ཐོས་པར་བྱ། །དམ་ཆོས་ཚིག་གཅིག་ཐོས་


LT37_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་། །ཐར་པའི་སྒོ་ཆེན་འབྱེད་པར་བྱེད། །ཡིད་ནི་དགེ་བས་འདུན་བྱེད་ཀྱང་། །ཆོས་མི་ཤེས་པ་དམུས་ལོང་འདྲ། །ཚད་མེད་སྙིང་རྗེ་ཆེན་པོ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སྟོང་པ་ཉིད་ལ་བློ་སྦྱོང་བ། །ཐེག་ཆེན་མཐའ་དག་འདིར་འདུས་སོ། །གང་བློ་འདུ་འཛིས་རྣམ་གཡེངས་པ། །དེ་བློ་ཕ་རོལ་ཕྱིན་ལ་སོགས། །དགེ་ཆོས་མང་པོ་སློབ་མི་ནུས། །ཆོས་གཅིག་ལ་ནི་གཡར་དམ་བྱ། །དེ་ནི་བྱང་ཆུབ་སེམས་མཆོག་གོ། །སེམས་བསྐྱེད་རྩ་བ་སྙིང་རྗེ་སྟེ། །དེ་ཡང་བྱམས་པའི་རྒྱུ་ལས་བྱུང་། །ཐོག་མར་དེ་ཉིད་གོམས་པའི་ཕྱིར། །ཉེ་རིང་བར་མའི་འགྲོ་ཀུན་ལ། །སྡང་དང་ཁོང་ཁྲོ་བསྐྱེད་མི་བྱ། །ཞེ་སྡང་སྐད་ཅིག་བསྐྱེད་པས་ཀྱང་། །བསྐལ་པ་མང་པོའི་དགེ་རྩ་གཅོད། །སྲོག་ཆགས་གྲོག་སྦུར་ཚུན་ཆད་རྣམས། །ཕ་མ་ཡིད་འོང་འབའ་ཞིག་བསྒོམ། །གནོད་བྱེད་ལ་ཡང་མི་ཁྲོ་ཞིང་། །གདོད་སོགས་ལ་ཡང་འདྲེར་མི་འཛིན། །རྟག་ཏུ་བྱམས་སེམས་ཁོ་ན་བསྐྱེད། །དེ་ནས་དེ་དག་སྡུག་བསྔལ་བའི། །རྒྱུ་དང་འབྲས་བུའི་ཚུལ་བསམས་པས། །བཟོད་མེད་སྙིང་རྗེ་ཤུགས་ཀྱིས་འབྱུང་། །སྡུག་བསྔལ་དེ་ལས་ཐར་འདོད་བློ། །བཅོས་མིན་སྐྱེས་ཚེ་བྱང་ཆུབ་ཀྱི། །སེམས་མཆོག་བླ་མེད་བསྐྱེད་པར་བགྱི། །དེ་བཞིན་གཤེགས་པས་རྒྱལ་པོ་ལ། །གདམས་པའི་མདོ་ལས་འདི་སྐད་


LT37_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །རྒྱལ་པོ་ཁྱོད་ནི་བྱ་བྱེད་མང་། །སྦྱིན་སོགས་རེ་རེར་སློབ་མི་ནུས། །འགྲོ་འདུག་ཉལ་དང་འགྲེང་ཡང་རུང་། །ཡང་དག་རྫོགས་པའི་བྱང་ཆུབ་ལ། །འདུན་དང་དད་པས་དོན་གཉེར་ཞིང་། །གཞན་གྱི་དགེ་ལ་ཡི་རང་ནས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །དགེ་རྩ་དེ་ཡང་འགྲོ་ཀུན་དང་། །ཐུན་མོང་ཉིད་དུ་བྱས་ནས་ནི། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི། །ཆོས་རྣམས་ཡོངས་སུ་རྫོགས་འགྱུར་བར། །དེ་ལྟར་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ལྟར་བྱས་ན་རྒྱལ་སྲིད་ཀྱི། །བྱ་བ་ལས་ཀྱང་མི་ཉམས་ལ། །བྱང་ཆུབ་ཚོགས་ཀྱང་རྫོགས་ཞེས་གདམས། །ཐེག་ཆེན་ཆོས་ཀྱི་སྙིང་པོ་སྟེ། །འདུན་པས་དོན་གཉེར་ཡོད་ཕྱིན་ཆད། །དེ་ཙམ་ཉམས་ལེན་དཀའ་བའང་མིན། །བྱམས་དང་སྙིང་རྗེ་མེད་པའི་མིས། །ཆོས་བྱས་པར་ཡང་གོལ་སར་ལྟུང་། །དེ་བས་སངས་རྒྱས་འདོད་ཕྱིན་ཆད། །སྙིང་རྗེ་ཆེན་པོ་མ་སྤོངས་ཤིག །མི་ནུས་སྙམ་དང་མི་ཁོམ་སྙམ། །གཞན་དབང་ཤོར་དང་ཕྱི་བཤོལ་གུས། །སྒྱིད་ལུག་པ་དང་རང་མཐོང་ཆེ། །མི་བདེན་སྙམ་དང་ལོང་ཡོད་བྱེད། །བརྒྱད་པོ་འདི་ནི་ཆོས་ཀྱི་གེགས། །འཕྲང་འདིར་རང་གཞན་ཐམས་ཅད་འགག །འཆི་ཁར་འགྱོད་མི་དགོས་པ་ཉུང་། །བཟའ་བཏུང་ཙམ་གྱི་ཕྱིར་ཡང་ནི། །གཞན་ལུས་དུམ་བུར་གཏུབ་ཕོད་ཅིང་། །སྲོག་གཅོད་པ་ལ་མཚར་དུ་བརྩི། །སྡིག་ཟས་ཤ་ཁྲག་


LT37_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་ཆད། །ཟུག་རྔུ་ཏིལ་གྱི་ཤུན་པ་ཙམ། །རང་གི་ལུས་སེམས་ཐོག་མི་བཟོད། །བྱང་སེམས་འདི་འདྲར་མཆི་མ་དཀུ། །ཆོས་པ་ཟེར་ཡང་ཚིག་ཙམ་ཡིན། །རྒྱལ་བས་ཡང་ནས་ཡང་བསྔགས་པའི། །ལག་ཏུ་ལོན་ངེས་རྒྱུ་འབྲས་ཀྱི། །སྤང་བླང་རྩ་བཞིན་དོར་ནས་སུ། །ལག་ཏུ་མི་ལོན་རྩ་ཐིག་རླུང་། །བསྐྱེད་རྫོགས་ཆོས་སྐད་མཐོན་པོ་དང་། །ལས་དང་དངོས་གྲུབ་སྒྲུབ་པ་དང་། །གྲུབ་འབྲས་མངོན་ཤེས་རྫུ་འཕྲུལ་སོགས། །དྲན་ཚད་སྨྱོན་པ་ལྟར་སྤྱོད་པའི། །སྙིགས་མའི་ཆོས་པར་ཡིད་བརྟན་མེད། །ཕལ་ཆེར་དེ་འདྲས་བསླུས་པ་མང་། །འོན་ཀྱང་ལོག་ལྟ་སྐུར་འདེབས་སྤང་། །རྗེས་སུ་མི་འཇུག་དག་སྣང་སྦྱོང་། །དེང་སང་སྙིགས་མའི་དུས་འདི་འདྲར། །ལས་འབྲས་ཚུལ་བཞིན་བརྩི་བ་དང་། །རང་འདོད་གཡོ་ཟོལ་མེད་པ་ཞིག། བྱུང་ན་ཀུན་ལས་དེ་ངོ་མཚར། །སྙིང་རྗེས་རང་ལ་བྱམས་པ་དང་། །སྦྱིན་པས་དབང་དུ་འདུ་བ་དང་། །བསྒོམ་བཟླས་དགྲ་གདོན་ཐུལ་བ་སོགས། །བློ་ཆུང་ཕལ་ཆེར་ཆོས་བྱས་པའི། །འབྲས་བུ་ཚེ་འདིའི་བདེ་སྐྱིད་འདོད། །རང་འདོད་ཐོག་ཏུ་མ་ཁེལ་ན། །དགེ་རྩ་བསྒྲུབས་ལ་ཡི་ཆད་བསྒོམ། །ཚེ་འདིའི་བདེ་སྡུག་སྔོན་གྱི་ལས། །ད་ལྟའི་ལས་རྣམས་ཕྱི་མར་སྨིན། །ནམ་ཕུགས་དགེ་འབྲས་མི་བསླུ་བས། །ཕྱི་མ་ཡོད་པར་ཡིད་ཆེས་འཚལ། །ད་རུང་སྤྱོད་མཆོག་


LT37_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུ་ན། །ཞི་གནག་གཡོ་སྒྱུ་སྤངས་པ་ཡི། །རྣམ་ཀུན་རང་སེམས་དྲི་མེད་པ། །ཕན་འདོད་ལྷག་བསམ་དང་ལྡན་པས། །ཕུང་པོ་གསུམ་པའི་མདོ་དང་ནི། །ཡན་ལག་བདུན་པ་ཅི་ནུས་བྱ། །ཟབ་མོའི་སྨོན་ལམ་མང་དུ་གདབ། །བློ་ཡིས་ཇི་ལྟར་ནུས་པ་བཞིན། །སྟོང་པ་ཉིད་དང་སྙིང་རྗེ་བསྒོམ། །ཐར་པར་བགྲོད་པའི་ཉམས་ལེན་ཚང་། །སྟོང་ཉིད་སྒོམ་ལུགས་མང་ཡོད་ཀྱང་། །རང་སེམས་སྟོང་ཉིད་ལེགས་རྟོགས་ན། །འཁོར་འདས་གཉིས་ཀྱི་བར་ལག་འགྱེལ། །འཁྲུལ་གྲོལ་མདུད་པ་རྨང་ནས་ཞིག །སེམས་འདི་གདོད་ནས་སྟོང་ཉིད་ཡིན། །བཅོས་ནས་གསར་དུ་བསྒོམ་པ་མིན། །འཁོར་འདས་སྣང་ཆ་ཅི་ཤར་ཡང་། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས། །གུད་ན་གཅིག་ཀྱང་ཡོད་པ་མིན། །དཔྱད་ནས་སྟོང་ཉིད་བསྒོམ་པ་ཀུན། ཁང་སྟོང་ཕྱི་ནས་བཤིགས་པ་འདྲ། །སེམས་ཐོག་འཇོག་ནས་སྒོམ་བྱེད་པ། ཁང་སྟོང་ནང་དུ་ཕྱིན་དང་མཚུངས། །སྟོང་ཉིད་རྟོགས་ལ་ཉེ་བ་ཡིན། །བདེ་སྡུག་ཀུན་གྱི་བྱེད་པ་པོ། །ད་ལྟའི་རྣམ་པར་རྟོག་འདི་ཡིན། །སྤྲོས་བྲལ་ཆོས་སྐུ་ཟེར་བ་ཡང་། །རིག་སྟོང་ཟང་ཐལ་ལས་གཞན་མེད། །རྣམ་རྟོག་དང་ནི་རང་རིག་ཀྱང་། །བཟང་ངན་ཡ་བྲལ་ཐ་དད་མིན། །རང་ངོ་རིག་དང་མ་རིག་ཁྱད། །གལ་ཏེ་བདག་གིས་ཅི་ནས་ཀྱང་། །རང་གི་སེམས་ཀྱི་གནས་ལུགས་འདི། །རྟོགས་


LT37_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞེས་དམ་འཆའ་ན། །ངེས་འབྱུང་བློ་དང་སྙིང་རྗེ་ཆེ། །མོས་གུས་བྱིན་རླབས་འཁུལ་ནུས་ཤིག །མ་སྐྱེས་བར་དུ་གནས་ལུགས་དོན། །ཇི་བཞིན་ཉིད་དུ་མི་རྟོགས་ཤིང་། །ཕྱོགས་ཙམ་མཐོང་བའང་ཡང་དག་མིན། །འཇོག་སྒོམ་པ་ལ་འདི་གལ་ཆེ། །འགྱུ་བྱེད་ཡིད་ཀྱི་ཤེས་པ་ཀུན། །ཕྱི་མ་མ་སྐྱེས་སྔ་མ་འགགས། །བར་དེར་ཅི་ཡང་མི་མནོ་ཡང་། །གསལ་རིག་འགག་པ་མེད་པའི་སེམས། །ཉམས་སུ་མྱོང་ཡང་བརྗོད་པ་བྲལ། །དེ་ལ་ངོས་བཟུང་མེད་པར་ཞོག །དགག་སྒྲུབ་བཟོ་བཅོས་བྱ་མི་འཚལ། །དེ་ལས་རྟོག་པ་ཅི་ཤར་ཡང་། །ངོས་བཟུང་རང་གྲོལ་ངང་དུ་བཞག །འབྱོངས་ན་གཉེན་པོ་མེད་པར་གྲོལ། །བདེ་སྡུག་ཆགས་སྡང་ཉོན་མོངས་སོགས། །མྱོང་མཁན་ངོ་བོ་རྩད་བཅད་ལ། །ཤེས་པས་ཡུལ་ཕྱིར་མི་འབྲང་བར། །གཤིས་ལུགས་སྟོང་པའི་ངང་དུ་གཞི་ལ། །གོམས་ནས་སྐྱོན་དུ་མི་བལྟ་བར། །ཐད་སོར་བཞག་པས་སྣང་བ་ཉིད། །རང་ལོག་ཡེ་ཤེས་ཆེན་པོར་འཆར། །རྣམ་རྟོག་བསྐྱར་གྲོལ་མེད་པའི་ཚེ། །ལས་དང་རྣམ་སྨིན་དབྱིངས་སུ་ཞི། །དེ་བར་སྟོང་ཉིད་ཕྱོགས་མཐོང་ཡང་། །ལས་དང་རྣམ་སྨིན་དག་ལ་འཛེམ། །འགྱུར་མེད་རིག་པ་སོ་ཟིན་ན། །ཆོས་སྐུ་ལྷུན་གྲུབ་ཆེན་པོར་འབྱམས། །དེ་བར་བསྒོམ་དུ་མེད་འདྲ་ཡང་། །མོས་གུས་དྲན་ཤེས་མི་འབྲལ་གཅེས། །རང་


LT37_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྒོམ་དུ་ཤར་བའི་ཚེ། །ཉམས་ལེན་གཞན་ནས་ཚོལ་མི་དགོས། །འཆར་སྒོ་ཐམས་ཅད་སྟོང་པའི་རྩལ། །ཤར་དུས་ཉིད་ནས་རང་གྲོལ་གྱི། །གནད་མཚངས་ཇི་བཞིན་རིག་པའི་ཚེ། །རྗེས་འདེད་བྱིས་པའི་ལས་སུ་གོ། །ངོ་ཤེས་ཙམ་གྱིས་ཆོག་གོ་ལོ། །རྣམ་རྟོག་ཁ་ཡན་སྨྱོན་པའི་ལས། །མ་བཅོས་སོ་མར་རློམ་ན་འཁྲུལ། །གང་ཤར་དེ་ཀས་ཆོག་པ་ནི། །མི་བསྒོམ་སྒོམ་པའི་མཆོག་ཡིན་ཀྱང་། །རང་རིག་ངོ་བོ་མ་འཁྲུལ་དགོས། །འཁྲུལ་ན་དོན་མེད་ལུང་མ་བསྟན། །འཁྲུལ་ཡང་ཆོག་པའི་ཐག་ཆོད་ཅན། །སྒོམ་ཆེན་ཚད་དུ་ཕྱིན་པ་ཡིན། །རང་སེམས་གནས་སམ་འགྱུ་ཡང་རུང་། །དྲན་པ་ཡེངས་མེད་ཐབས་ཀྱི་མཆོག །ཡེངས་ཀྱང་མ་འཁྲུལ་གདིང་རྙེད་ན། །གནས་པ་ལོགས་སུ་ཚོལ་མི་དགོས། །རྣམ་རྟོག་བྱེད་རྩོལ་ཅི་ཡང་རུང་། །ཤར་དང་བྱེད་ལས་ཐིམ་པ་ཀུན། །དབྱིངས་ལས་རྡུལ་ཙམ་མ་གཡོས་པར། །རྟོགས་ནས་བྱ་རྒྱུ་ཟད་པ་ན། །བསྒོམ་བྱ་སྒོམ་བྱེད་རང་སར་དག །མ་བཅོས་སོ་མའང་མིང་དུ་ཟད། །སྣང་བ་སྒོམ་དུ་འཆར་ཞེས་གྲགས། །འོན་ཀྱང་དེ་ལྟར་རྟོགས་པ་ལ། །སྒོམ་གྱི་མགོ་རྐང་ཚང་བ་ཡིས། །བྱེད་བློ་རང་སར་གྲོལ་གྲོལ་དུ། །བསྒོམ་སྐྱེས་བདག་མེད་མ་སོང་བར། །ཡུགས་ས་དྭ་ཕྲུག་འཚོ་བ་བཞིན། །སྐྱོང་བྲན་བརྩོན་མཐར་ཕྱིན་པ་དགོས། །སྒྲ་ཕྱིར་འབྲངས་པའི་གོ་ཡུལ་དང་། །རྟོག་དཔྱོད་བློ་ཡིས་དོན་མི་མཐོང་། །རང་སེམས་སྐྱོང་མ་ཐག་པ་


LT37_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གནས་ལུགས་ཇི་བཞིན་རྟོགས་མིན་ཀྱང་། །ཐོག་མར་དོན་སྤྱིའི་ཚུལ་དུ་གོ། །བར་དུ་ཕྱོགས་ཙམ་ཉམས་སུ་མྱོང་། །ཐ་མར་ཇི་བཞིན་རྟོགས་ནས་སུ། །ཚིག་དང་དཔེ་ལས་འདས་པ་ཡི། །སྟོང་ཉིད་དོན་གྱི་དམ་པ་རྟོགས། །རེ་དོགས་འཕྲང་ལས་ཐར་བར་འགྱུར། །བདེན་ཞེན་ཨ་འཐས་ཕྱིར་ཕྱིར་དམ། །གལ་ཆེན་བྱ་བ་ཉིན་བཞིན་འཕེལ། །ཆོས་བརྒྱད་ངལ་སྟེགས་བཅས་བཞིན་དུ། །གནས་ལུགས་རྟོགས་པར་རློམ་རྣམས་འཁྲུལ། །ཆོས་པ་རབ་མཐའ་འཇལ་བའི་སྲང་། །སྣང་བར་བདེན་འཛིན་ཆེ་ཆུང་ཡིན། །སྣང་བ་སྒྱུ་མས་བསླུས་ལྟར་སོང་། །གང་ལའང་ཆེད་དུ་མི་འཛིན་ཅིང་། །རློམས་སེམས་ང་རྒྱལ་དབྱིངས་སུ་ཟད། །སྒོམ་པ་གོམས་པའི་གྲུབ་རྟགས་སོ། །ཉམས་ལེན་སྙིང་པོ་བསྡུས་པའི་གཏམ་ཏེ་གསུམ་པའོ། །ལུགས་ཀྱི་བསྟན་བཅོས་ངོ་མཚར་བ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །ཆོས་རྒྱལ་མེས་དབོན་ལ་སོགས་པས། །བཀའ་ཡི་ཁྲིམས་ཡིག་རིམ་པར་མཛད། །དེང་སང་དུས་མཐའ་ཆེས་སྙིགས་པས། །ལུགས་བཞིན་སྤྱོད་པ་ཆེས་དཀོན་ཀྱང་། །ཆེན་པོ་ལུགས་བཞིན་མི་སྤྱོད་ན། །ཕལ་པ་རྣམས་ནི་དེ་བས་ཐུ། །ཐམས་ཅད་ལུགས་ལས་འགོང་བ་ན། །སུ་ལའང་བདེ་སྐྱིད་མི་འབྱུང་ངོ། །སྙིགས་དུས་ངན་པར་སྤྱོད་མང་བ། །སྤྱི་ཡི་ལས་ཡིན་ལྡོག་མེད་ཀྱང་། །སོ་སོས་ལེགས་པར་སྤྱད་པ་ན། །སོ་སོའི་ཐད་དུ་བདེ་སྐྱིད་འབྱུང་། །སྔོན་གྱི་སྲོག་ཆགས་


LT37_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་བཞིན། །དེ་བས་ཕྱག་ཏུ་བླང་འོས་ལ། །ལུགས་ཤེས་རྣམས་ཀྱི་བསྟན་བཅོས་ནི། །འབྲལ་མེད་བསྟེན་བྱ་དེ་དག་ཀྱང་། །གླེགས་བམ་ཀློག་པ་ཙམ་མིན་པར། །ཆེ་ཐང་ཉམས་སུ་བཞེས་པར་རིགས། །བློ་ཆུང་ང་རྒྱལ་ཅན་དག་ནི། །ཕན་དང་དྲང་པོར་སྨྲ་ལ་ཁྲོ། །གཡོན་ཅན་ངོ་བསྟོད་བྱེད་ལ་དགའ། །ནམ་ཕུགས་རང་གཞན་གཉིས་ཀ་བརླག །བློ་ལྡན་བདག་ལ་བྱམས་པ་ཡི། །ཚིག་རྣམས་ཁྱད་དུ་གསོད་མི་བྱ། །རང་ལ་དཔྱོད་པའི་བློ་མེད་ཅིང་། །ཕན་པར་སྨྲས་པའང་མི་ཉན་ན། །ནམ་ཡང་ལེགས་པར་མི་འབྱུང་ཞིང་། །གནོད་པའི་རྒྱུན་དག་འབབ་པར་འགྱུར། །རྒྱལ་སྲིད་ཆོས་བཞིན་སྐྱོང་འགྱུར་ན། །རང་གཞན་ཕན་པ་ཀུན་གྱི་གཏེར། །ཆོས་མི་ལྡན་པའི་རྒྱལ་སྲིད་ནི། །འཁོར་བཅས་དམྱལ་བར་འགྲོ་བའི་རྒྱུ། །ཆོས་ལྡན་རྒྱལ་པོའི་སྔོན་གྱི་སྲོལ། །ཕྲ་མོ་ཙམ་ཡང་བསྣུབ་མི་བྱ། །འབྲས་ལྡན་ལྗོན་ཤིང་བཅད་དང་མཚུངས། །མི་འོས་ལུགས་སྲོལ་གསར་པ་ནི། །དོ་གལ་ཆེ་ཡང་བཞག་མི་བྱ། །དུག་གི་ས་བོན་བཏབ་དང་མཚུངས། །རང་གི་འབྱོར་པས་ཆོག་མི་ཤེས། །གཞན་གྱི་དཔལ་ལ་ཤིན་ཏུ་སྡང་། །འཁོར་དང་འབངས་ལ་མི་བྱམས་ཤིང་། །ཡོན་པོའི་ཁྲིམས་ལ་དགའ་བ་ཡི། །རྒྱལ་སྲིད་སྟོན་ཀའི་སྤྲིན་ལྟར་གཡོ། །འབངས་རྣམས་ཉམ་ཐག་སྡུག་བསྔལ་ན། །རྗེ་བོ་ལ་ནི་གུས་མེད་འགྱུར། །མངའ་འབངས་གུས་པར་མི་བྱེད་ན། །གཙོ་བོའི་དཔལ་ཡང་རྨི་ལམ་འདྲ། །


LT37_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ན་གཞན་གྱི་ནོར་ལ་བརྐམ། །འབྱོར་དང་ལྡན་ནའང་དགྲ་ལ་དོགས། །ཇི་ལྟར་བྱས་ཀྱང་ཟུག་རྔུ་ཅན། །དེ་བློ་ནམ་ཡང་བདེ་མི་འབྱུང་། །བདག་ཉིད་ནོར་ལ་དགའ་བ་བཞིན། །འགྲོ་བ་རྣམས་ཀྱང་དེ་ལ་དགའ། །ཉེས་པ་ཕྲ་མོར་བསྙད་འདོགས་ནས། །གཞན་ནོར་འཕྲོག་པར་མི་བགྱིའོ། །མངའ་འབངས་ཤིན་ཏུ་ཕུན་ཚོགས་ན། །རྒྱལ་པོའི་ཕུན་ཚོགས་དེ་ཉིད་ཡིན། །འབངས་འཁོར་ཐམས་ཅད་དབུལ་གྱུར་ན། །རྒྱལ་སྲིད་མར་ངོའི་ཟླ་དང་མཚུངས། །སྤྱོད་ངན་འཕེལ་ན་ཀུན་ལ་གནོད། །དེ་ཡང་སྲོག་ལ་མི་གནོད་པར། །ཕྱི་མཐའ་ཁེགས་པའི་ཚར་གཅོད་བགྱིད། །སྲོག་ནི་བདག་ལ་གཅེས་པ་བཞིན། །གཞན་ཡང་ཤིན་ཏུ་གཅེས་པ་ལགས། །བྱ་བ་ཆེ་ཕྲ་གང་ཡིན་ཀྱང་། །ཐམས་ཅད་ཤིན་ཏུ་མ་བརྟགས་པར། །མོད་ལ་བརྩམ་པར་མི་བྱེད་ཅིང་། །བརྩམས་ནས་དེ་ཉིད་མཐའ་རུ་དབྱུང་། །དེ་བཞིན་ཉེ་རིང་སུ་ཡང་རུང་། །ལེགས་ཉེས་བར་མའི་ཚིག་སྨྲས་པ། །བརྟགས་ནས་ངེས་ཤེས་འདྲོངས་ཀྱི་བར། །བླང་དང་དོར་དང་བརྙས་མི་བགྱི། །མང་ཐོས་བློ་གྲོས་སྟོབས་ལ་སོགས། །ཡོན་ཏན་ལྡན་ན་ཀུན་གྱིས་བཀུར། །ཡོན་ཏན་མེད་ན་སུས་ཀྱང་བརྙས། །དེ་བས་རང་རྒྱུད་ཡོན་ཏན་སྤེལ། །ནོར་དང་ལྡན་ལ་སྐྱེ་བོ་དགའ། །དྲིན་དང་ལྡན་ལ་དེ་ལྟར་མིན། །ཡ་རབ་བློ་དང་ལྡན་པ་རྣམས། །ནོར་ལྡན་སྤངས་ནས་དྲིན་ལྡན་ཚོལ། །ཐ་ཤལ་བྱས་


LT37_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་བཟོ་བས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ། །གནོད་ལན་ཕན་པས་འཇལ་བ་ནི། །དམ་པའི་སྤྱོད་བཟང་བླ་ན་མེད། །རང་གིས་བྱ་བ་ཉེས་པ་ལ། །གཞན་གྱིས་གཤེ་ཡང་ཁྲོ་མི་བགྱིད། །དེ་ཉིད་གཞན་གྱི་སྐྱོན་མ་ཡིན། །རང་གི་བློ་གྲོས་ཉེས་པའི་སྐྱོན། །དེ་ལ་བརྟེན་ནས་བསམ་སྦྱོར་ནི། །ཕྱིན་ཆད་ཤིན་ཏུ་བག་ཡོད་བྱ། །ཚིག་རྩུབ་ཀྱིས་ནི་ཀུན་དང་འགྲས། །བདེན་པར་སྨྲས་པས་སྐྱོན་ཅན་འཁྲུགས། །ལྐོག་ལབ་མང་ན་མི་རྩིས་ཆུང་། །རྫུན་གྱིས་རང་གཞན་གཉིས་ཀ་བསླུ། །སྨ་མང་རང་གཞན་རྒྱུད་དཀྲུགས་པས། །མང་པོའི་ནང་དུ་ངག་བསྲུང་ལ། །གཅིག་པུར་སྡོད་ན་སྤྱོད་ལམ་བསྲུང་། །རྣམ་པ་ཀུན་ཏུ་རང་གི་སེམས། །ལེགས་པར་བསྲུང་བ་ཉིད་དུ་བྱ། །དེ་ཡིས་རང་ཉིད་མི་ཉམས་ལ། །མང་པོས་བཀུར་བའི་འོས་སུ་འགྱུར། །གཡོ་སྒྱུས་ཐོག་མར་གཞན་བསླུ་ལ། །མཐར་ནི་རང་ཉིད་སླུ་བར་བྱེད། །གཡོ་མེད་དྲང་པོར་སྤྱོད་པ་དེ། །རེ་ཞིག་ཕམ་ཡང་མཐའ་མར་རྒྱལ། །དེ་བས་གཡོ་སྒྱུ་སྤངས་ནས་ནི། །ཞི་དེས་གསང་པོའི་ཚུལ་དུ་སྤྱོད། །ཀུན་གྱི་བློ་གཏད་རུང་བར་འགྱུར། །སྔར་འདྲིས་སྤང་ཞིང་གསར་པ་ཚོལ། །ངོ་ཚ་མེད་ཅིང་ཕྱི་ཐག་ཐུང་། །བརྩམ་པ་གང་ཡང་མཐར་མི་འདོན། །གོ་ས་མཐོ་ལ་ཤེས་སྒོ་དམའ། །སྙན་གྲགས་ཆེ་ལ་ཡོན་ཏན་ཆུང་། །ཞེ་འདོད་རང་གི་ཕུག་ཏུ་བཅུག །གྱོད་ཁ་དོན་མེད་གཞན་ལ་བཀལ། །


LT37_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཕྱོགས་མིན་ལ་སྐུར་པ་འདེབས། །ལེགས་པར་བཤད་རྣམས་སུན་འབྱིན་བྱེད། །ཕན་པར་བསླབ་ན་དགྲ་རུ་འཛིན། །བློ་གཏད་བཅས་པའི་སྙིང་རྐུ་ཞིང་། །གསང་གཏམ་དགྲ་ཡི་གམ་དུ་འཆད། །ཀོ་ལོང་དམ་ལ་ཟུར་མགོ་རགས། །གཤིས་ངན་སུས་ཀྱང་འགྲོགས་པར་དཀའ། །བཅོལ་ན་མི་ཉན་བཞག་ན་སློང་། །བསྡུས་ན་འབྲོས་ལ་བཏང་ན་འདུ། །བྱས་ན་རུང་ཀུན་མི་བྱེད་པར། །མི་འོས་བྱ་བ་ཅི་ཡང་བྱེད། །ཀྱེ་མ་དུས་ངན་ཤུགས་བདོ་བས། །མ་རབས་རྣམས་ནི་དབུ་འཕང་མཐོ། །སྡུག་བསྔལ་ཐམས་ཅད་བདེ་བར་འཁྲུལ། །ངན་པར་སྤྱོད་རྣམས་བཟང་པོར་རློམ། །ཆོས་པ་ཆོས་བཞིན་སྤྱོད་པ་དང་། །སྐྱེ་བོ་ལུགས་བཞིན་བྱེད་པ་ནི། །ཉིན་མོའི་སྐར་མ་བཞིན་དུ་དཀོན། །འོན་ཀྱང་ཆོས་མཐུན་སྤྱོད་བྱེད་ན། །དུས་ཀྱི་འགྱུར་བས་གོ་མི་འགེགས། །ས་ཆེན་དབང་བའི་མི་དཔོན་དང་། །སྲོག་ཆགས་གྲོག་སྤུར་ཕྲ་མོ་གཉིས། །ཕྱི་མའི་གདིང་ལ་ཁྱད་མེད་ཅིང་། །སྣང་བ་འདི་དག་རྨི་ལམ་འདྲ། །ཡད་ཡུད་ཡིན་ཏེ་རྟག་པ་མེད། །གང་ལའང་ཡིད་བརྟན་མི་ཐུབ་པས། །ཞེན་མེད་ལེགས་སྤྱོད་ལམ་དུ་བྱ། །ལུགས་ཀྱི་བླང་དོར་ལས་འཕྲོས་པའི་གཏམ་སྟེ་བཞི་པའོ། །ཆོས་དང་སྲིད་ཀྱི་རིང་ལུགས་ལ། །གཟིགས་པ་བརྒྱ་ཡིས་སྤྲས་པའི་སྤྱན། །ཉི་ཚེའི་ཚིག་ལ་ལྟོས་མིན་ཀྱང་། །འདི་ཙམ་


LT37_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རུ་བསྡུས་པའི་ཚིག །གསུང་བཟད་མི་ལྡོག་ཕྱིར་དུ་སྨྲས། །ཁོ་བོ་དམ་པ་མ་ཡིན་ཞིང་། །ལུགས་ཤེས་མཁས་པར་ཆུད་པའང་མིན། །འོན་ཀྱང་དྲི་མེད་གཞུང་ལུགས་ནི། །མང་ཐོས་དཔང་པོར་བཞག་སྟེ་བྲིས། །མདོ་སྨད་ས་ཡི་ཐིག་ལེ་ནི། །སྡེ་བཞི་དགེ་བཅུས་སྐྱོང་མཛད་པའི། །ས་སྐྱོང་རྒྱལ་པོའི་འདུན་ན་འདོན། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་བཞིན་དུ། །དགེ་ལ་རྟག་ཏུ་ཐུགས་གཞོལ་བ། །གཉེར་ཆེན་བསོད་ནམས་གསུང་བསྐུལ་ངོར། །མང་དུ་ཐོས་པའི་དགེ་སྦྱོང་གཟུགས། །ངག་དབང་ཡོན་ཏན་རྒྱ་མཚོས་བྲིས། །ཀུན་ཀྱང་ལེགས་སྤྱོད་བརྟུལ་ཞུགས་ཀྱིས། །ཐར་པར་བགྲོད་པའི་རྐྱེན་དུ་ཤོག །དགེ་ལེགས་འཕེལ། །

ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ།


LT37_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ཞེས་བྱ་བ་བཞུགས་སོ།། །།


LT37_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བརྟན་ཡོངས་སུ་གྲུབ་པའི་ཡེ་ཤེས་དང་། །ཤིན་ཏུ་དག་པའི་གསང་བ་དབྱེར་མེད་པས། །


LT37_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

། ཁྱབ་བདག་གདོད་མ་ཉིད་ནས་ལྷུན་གྲུབ་པ། །ཟུང་འཇུག་རྡོ་རྗེ་འཆང་དབང་ཞབས་པདྨོར། །


LT37_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་གྲུབ་པའི་དེ་ཉིད་གཏིང་ཕྱིན་ཞིང་། །ཆོས་རྗེས་འབྲངས་སོགས་དབང་པོའི་སྐལ་པས་བསྐལ། །མོས་པ་ཁོ་ནའི་རྗེས་བྱེད་མེ་ཁྱེར་ཟུང་། །རང་ཉིད་ལྷག་བསམ་བགྲོད་པ་མཚོན་འདོད་ནས། ༢ །མཆོད་པའི་བཀོད་པ་བསྔགས་པའི་རོལ་མོ་དང་། །བསྐུལ་དང་གསོལ་བ་འཇམ་དཔལ་དཔའ་བོ་ཡི། །རྗེས་སློབ་ཕྲ་ལའང་ཆེན་པོར་འདུ་ཤེས་ཏེ། །སྤྲོ་བ་བརྟས་ཀྱི་ཐུགས་རྗེ་ཆེན་པོས་དགོངས། ༣ །བསམ་ལས་འདས་པའི་ཡེ་ཤེས་ཆུ་ཀླུང་སྙེད། །ཀུན་མཁྱེན་རྒྱ་མཚོར་མཉམ་པ་ཉིད་སྡུད་པས། །རྡོ་རྗེ་འཛིན་པའི་གསང་བའི་འདྲ་བ། །གསང་བའི་བདག་པོར་གྱུར་པས་གཏིང་མི་རྙེད། ༤ །མ་ཕམ་པ་དང་ཐོད་ཕྲེང་རྩལ་ལ་སོགས། །སྲིད་མཚོ་སྐེམ་པའི་བརྟུལ་ཞུགས་ཉི་མ་བརྒྱ། །འཁོར་བ་ཞི་བའི་ཀུན་གསལ་ཀུན་ཁྱབ་ཀྱང་། །མོས་པའི་བུ་གར་མགོན་པོའི་གསང་བ་གསལ། ༥ །སྐྱེ་བའི་རྩ་བ་བཅད་ཀྱང་ཡང་དག་རིགས་བརྒྱ་སྤྲོ། །ཏིང་འཛིན་རི་ལྟར་བརྟན་ཀྱང་ཐུགས་རྗེ་ཀུན་ཏུ་གཡོ། །ཤེས་བྱ་མ་འདྲེས་གཟིགས་ཀྱང་ཤེས་པ་དམིགས་པ་མེད། །ཡེ་ཤེས་གཅིག་གི་དངོས་ཀྱང་ཀུན་གྱི་སྲོག་ཏུ་ཞུགས། །ཐོས་པས་སྤྲོ་སྐྱེད་མཐོང་བས་དད་པར་མཛད། །བསྟེན་པས་རྣམ་གྲོལ་དད་པས་མི་འཇིགས་སྦྱིན། །མོས་པས་སྡིག་འཕྲོག་བསམ་པས་ཡེ་ཤེས་འབེབས། །རྒྱལ་བ་མགོན་པོའི་རྣམ་ཐར་རྣམ་པར་སྟོན། ༧ །མངའ་བདག་ལོ་ཙཱར་སྤྲུལ་ནས་གྲུབ་ཐོབ་ཀྱི། །ཆུ་རྒྱུན་གངས་རིའི་ལྗོངས་སུ་དྲངས་བྱས་ཏེ། །བསྟན་པ་ཇི་སྲིད་རང་བསྟན་རྒྱུན་སྐྱོང་ཕྱིར། །


LT37_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུའང་སྣ་ཚོགས་རོལ་པའི་གར་མཛད་དོ། །སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་ཕྲེང་བའི་གྲངས། །མཛེས་བྱེད་དོན་བརྒྱུད་ཡེ་ཤེས་ཟིལ་ཆེན་པོས། །སྐལ་བ་ལྡན་ལ་འདོད་རྒུ་སྩལ་བ་ཡི། །བཀའ་དྲན་ནམ་མཁའི་ཁྱོན་ལས་འདས་སམ་སྙམ། ༩ །གཞན་གྱི་དོན་ཕྱིར་སྐྱོ་དང་དུབ་མེད་པར། །དབང་བཅུའི་བདག་ཉིད་ཡིན་ལ་ཡིན་བཞིན་ཏུ། །ཚེ་དང་ཡོ་བྱད་ཕྲིན་ལས་མཐར་ཕྱིན་པས། །གདུལ་བྱ་རྣམས་ཀྱང་བསོད་ནམས་སྐལ་པ་སྦོམ། ༡༠ །མཛད་པའི་ཆ་ཤས་རེ་རེའི་སྣང་བས་ཀྱང་། །ས་གསུམ་སྐྱེ་དགུའི་ཐར་པའི་མིག་ཕྱེས་པས། །ལྷ་དང་བཅས་པའི་ལམ་མཁན་གཅིག་པུ་ཞེས། །གྲགས་པའི་རྔ་ཆེན་ཞིང་ཁམས་རྒྱ་མཚོར་སྙན། ༡༡ །ཨ་ཧོ་སྙིགས་མའི་མུན་པས་མི་བརྫི་བར། །སྤངས་རྟོགས་གཟི་བརྗིད་འབར་བའི་རྟ་ལྗང་བས། །སྣང་བ་རྣམས་ཀྱང་སྣང་བྱེད་དཔལ་སྟེར་བ། །གྲུབ་པས་བསྒྲུབ་པའི་གསེར་འགྱུར་རྩི་མཆོག་བཞིན། ༡༢། དེ་བས་ཐུགས་རྗེའི་ཉི་ཟེར་བདལ་བ་དང་། །མི་ཕྱེད་མོས་པའི་འདབ་བརྒྱ་བཞད་པ་དང་། །བསོད་ནམས་དམ་པའི་སྦྲང་རྩི་འཇོ་བ་ཡིས། །གཏན་འདུན་དཔྱིད་ཀྱི་དགའ་སྟོན་གཅིག་ཆར་བྱུང་། ༡༣། འདི་ལྟར་ཐུགས་རྗེ་ཆེན་པོའི་གཞན་དབང་ཅན་རྣམས་ནི་འགྲོ་ལ་ཕན་པ་འབའ་ཞིག་ལྷུར་མཛད་པ་ཆོས་ཉིད་ཡིན་པས། །མགོན་པོ་གང་ཉིད་གདོད་ནས་སྲིད་པའི་རྩ་བ་ནི་བཅད། །ལེན་པ་མེད་པར་ཐུགས་རྣམ་པར་ནི་གྲོལ། །སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་ནི་གཟིགས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྒྱས་


LT37_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཡོ་ཀུན་ལ་ནི་ཐེབས། །འགྱུར་བ་མི་མངའ་བ་བདེ་ཆེན་རྡོ་རྗེ་སེམས་དཔའི་གྲུབ་མཐར་ཡེ་གདོད་མ་ནས་བཞུགས་ཏེ། མ་རིག་པའི་རྒྱ་མཚོར་ཉོན་མོངས་པའི་རླབས་ཀྱིས་དུབ་པའི་འགྲོ་བ་མཐའ་དག་རང་ཉིད་ཀྱི་རྒྱལ་ཐབས་སུ་གདོན་པའི་ཕྲིན་ལས་ནམ་མཁའི་མཐའ། ཆོས་ཀྱི་དབྱིངས། འཁོར་བའི་མུ་མཐར་ཐུག་གི་བར་དུ་མི་ཟད་པ་རྒྱན་གྱི་འཁོར་ལོར་སྒྱུར་བ་ལས། དེང་ཡང་། བདག་ཅག་རྣམས་ཀྱིས་གསོལ་བའི་ཚིག་ཇི་ལྟར་བཏབ་པ་བཞིན། ཟུང་འཇུག་གི་གོ་འཕང་ཆེན་པོ་གྲུབ་པའི་རྡོ་རྗེའི་སློབ་དཔོན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་དོན་གྱི་ཡེ་ཤེས་འཕོ་བའི་དབང་བསྐུར་ཟབ་མོས་རྗེས་འཛིན་གྱིས་སྙིང་པོའི་བསྟན་པ་རིན་པོ་ཆེ་མཇལ་བ་དོན་ལྡན་ཏུ་གནང་གྲུབ་པའི་བཀའ་དྲིན་ནམ་མཁའི་ཁོངས་སུ་རིན་ཐང་མེད་པའི་རིན་ཆེན་གྱི་ཕུང་པོ་ཕྱུར་བུར་བརྩེགས་རུང་གཞལ་བར་མི་གཟོད་ཀྱང་དད་བློས་དྲངས་པའི་མཆོད་འབུལ་མཚོན་བྱེད་དང་། ལྷག་པར་ཡང་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་། སྒྲུབ་བརྒྱུད་ངེས་དོན་སྙིང་པོའི་རིང་ལུགས་ཀྱི་ཉིན་མོར་བྱེད་པ། སྙིགས་མའི་འགྲོ་བ་སྤྱི་དང་། བདག་ཅག་སྐྱབས་འོག་ཏུ་གྱུར་པ་རྣམས་ཀྱི་སྐྱབས་མགོན་དཔུང་གཉེན་གཅིག་པུ་པ་ཐུབ་པའི་བསྟན་འཛིན། མ་ཕམ་པའི་ཞལ་སྐྱིན། པདྨཱ་ཀ་རའི་རྒྱལ་ཚབ། རྡོ་རྗེ་འཆང་ཆེན་པོར་ལྷུན་གྱིས་གྲུབ་པ་གང་གི་གསང་བ་གསུམ་པོ་གདོད་ནས་རྟག་པ་དམ་པ་ལས་མ་གཡོས་ཀྱང་། ཚུར་མཐོང་གདུལ་བྱའི་ངོར་ཡང་ནམ་མཁའ་དང་ཉི་ཟླའི་བགྲོད་པ་ཇི་སྲིད་དེ་


LT37_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིང་ཁམས་དང་གདུལ་བྱ་གཞན་དུ་མི་གཡོ་བར་ཚེ་དང་ཡེ་ཤེས་འོད་དཔག་མེད་པའི་ངོ་བོར་རྟག་ཏུ་རབ་ཏུ་འཚོ་ཞིང་གཞེས་ལ་བཞུགས་པར་གསོལ་བ་གཅམ་བུ་མིན་པར་སྙིང་ནས་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ་ཐོག་མར་བཀྲ་ཤིས་པའི་ལྷ་རེག་ནང་མཛོད་སྲིད་དུ་རིང་བ། སྐུ་རྟེན་བླ་མ་དགོངས་འདུས་ལྷ་ཚོགས་ཉིས་བརྒྱ་ཉེར་ལྔ་བཀའ་སྲུང་ཆོས་སྲུང་གཏེར་སྲུང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག །བཟང་གོས་གོང་ཤམ་སྨན་རྙིང་ཞལ་ཁེབས་གསེར་དངུལ་བཀྲ་མའི་སྒྲིལ་ཏོག་སོགས་ཀྱི་རྒྱན་ལྡན་སྤུས་ལེགས། གསུང་རྟེན་དགོངས་འདུས་གསེར་ཆོས་པུ་སྟ་ཀ་བཅུ་གསུམ། ཨ་ག་རུའི་གླེགས་ཤིང་ལ་གཙོ་འཁོར་ཕྱག་མཚན་དང་སྙིང་པོ་གསེར་གྱིས་བྲིས་པ། ཏོང་སྐུད་གླེགས་ཐག །བཟང་གོས་གདོང་དར་དང་དྲིལ་ཚལ། ཁ་ཆེ་རས་ཀྱི་ཕྱི་གཡོགས་སོགས་ཆ་ཚང་དངོས་གཙང་། ཐུགས་རྟེན་ནང་གཞུག་ལྡན་པའི་སཱཙྪ་འབུམ་ཕྲག་གཅིག་ལིང་ཆེན་ཤ་རྐྱང་དམར་པོ་ཡུག །བཟང་གོས་སྔོན་པོ་ཡུག །རས་ཐག་གཡུང་དྲུང་རེ་ཁཱ་ཅན་ཡུག །ཝ། སྦྲེ། གཡི། གཟིག་བཅས་ཀྱི་པགས་པ་རེ། རྒྱ་དངུལ་ཐུར་སྲང་༡༔ རིན་ཆེན་དང་པོ་ཞོ་འཁོར་བཅུ་ཕྲག་བཅས་ཡོན་ཏན་དང་ཟླ་བའི་གྲངས་ཀྱིས་མཐར་ཕྱིན་གྱི་སའི་བགྲང་བྱ་མཚོན་པ་འབུལ་ལམ་ཞུན་བརྩེ་བ་ཆེན་པོས་དགོངས་ཤིང་བཞེས་ཏེ་ཉམ་ཆུང་མོས་པ་དང་ལྡན་པའི་ལྷག་བློ་དཔག་བསམ་གྱི་རྐང་འཐུང་ལ་རེ་འབྲས་གསེར་གྱི་སྙེམས་ཀུན་ནས་དུད་པར་བྱིན་གྱིས་བརླབ་


LT37_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །བྱང་ཆུབ་སེམས་ཀྱི་དམ་བཅའ་གཞལ་དུ་མེད་པའི་ནམ་མཁའ་ལ། །མཁྱེན་བརྩེ་ནུས་པའི་དྲ་བ་འབུམ་ལྡན་ཉི་མ་འོད་གསལ་བ། །སྲས་བཅས་རྒྱལ་བའི་བསྟན་པའི་པད་ཚལ་འབྱེད་ལ་རང་དབང་ཅན། །སྐྱེ་དགུའི་དབྱིང་དུ་མི་འགྲིབ་ལེགས་བྱས་དགུང་དུ་རྟག་འཆར་གསོལ། ༡ །སྐྱེ་མེད་ཆོས་ལ་དབང་བསྒྱུར་ཆེ་བརྙེས་པས། །འདུ་འཛིའི་ཆོས་ཀྱི་རང་མཚན་མི་འཛིན་པས། །འཕོ་མེད་རྡོ་རྗེ་བཞི་ཡི་ཆོས་ཉིད་དང་། །རོ་མཉམ་ཆོས་ཀྱི་རྒྱལ་པོ་འཚོ་གཞེས་གསོལ། ༢ །དགྱེས་མཛད་སྤྲུལ་པའི་ལོ་ཙཱས་སྙིང་པོའི་ལམ། །དཀའ་རྒུའི་ཕྱེས་པས་འགྲོ་མང་ཞི་བར་ཕྱིན། །དེང་སང་དགོན་པ་ལྟ་བུར་ཕྱོགས་བསླད་པས། །ལམ་མཁན་དེད་དཔོན་མཆོག་ཁྱོད་རྟག་བཞུགས་གསོལ། ༣ །ཐུབ་པའི་བསྟན་པ་ལུང་དང་རྟོགས་པ་ཡང་། །ཚིག་ལ་རྟོན་ཅིང་སྤྱོད་པ་འཆོལ་བས་ནོངས། །ཕལ་ཆེར་ཚིག་ཙམ་ལ་ཡང་སྐབས་མི་རྙེད། །དེ་བས་བསྟན་པའི་སྒྲོན་མེ་རབ་སྦར་གསོལ། ༤ །སྡོམ་གསུམ་གོས་ཀྱིས་གཅེར་ཡང་སྨྱོ་ཐབས་ཀྱི། །བརྟུལ་ཞུགས་སྤྱོད་ལ་པདྨའི་བསྟན་པར་རློམས། །རྙོགས་པའི་གཙང་ཆབ་ཐབས་མཁས་ཀེ་ཏ་ཀས། །བགྲུང་སྟེ་རྡོ་རྗེའི་ཆོས་སུ་རྟག་བཞུགས་གསོལ། ༥ །རྒྱལ་བསྟན་སྲུང་ཞིང་འགྲོ་མང་སྨིན་པ་སོགས། །མཁའ་ལྟར་རྒྱ་ཆེའི་ཐུགས་བསྐྱེད་མི་འདོར་བར། །ཚེ་དཔག་མེད་དང་རྣམ་པར་རྒྱལ་མ་དང་། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ་གཞེས་གསོལ། ༦ །བདག་གཞན་དུས་གསུམ་


LT37_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་དགེ་རྩ་སོགས། །བདོག་པ་ཅི་མཆིས་བླ་མ་སངས་རྒྱས་ལ། །འབུལ་གྱིས་ཚེ་རབས་བསགས་པའི་སྡིག་བྱང་ནས། །གསང་བ་གསུམ་དང་དབྱེར་མེད་བྱིན་རླབས་སྩོལ། ༧ །ཟབ་གསང་རྒྱ་ཆེའི་ཆོས་འཁོར་རྟག་བསྐོར་བས། །ལེན་པའི་རྡུལ་ཕྱིས་ཤེས་བྱའི་འཆིང་བཅད་དེ། །སྲས་བཅས་རྒྱལ་བའི་རྣམ་ཐར་ལ་འཇུག་པས། །བདག་ཅག་བསམ་དོན་ལྷུན་གྱིས་འགྲུབ་གྱུར་ཅིག༨། སརྦ་ཤུབྷ་མངྒ་ལཾ་སྭ་སྟི་པ་དཱ་སིདྡྷི་བྷ་བནྟུ།། །།དོན་དམ་བདེན་པ་མི་གཡོ་མི་འགྱུར་བ། །སྤྲོས་བྲལ་ཆོས་ཀྱི་སྐུ་དང་སེམས་ཅན་ཁམས། །རོ་མཉམ་ཀུན་ཁྱབ་ཀུན་ཏུ་འགྲོ་བ་ཡི། །དགེ་ལེགས་སྣང་བས་འཇིག་རྟེན་མཛེས་གྱུར་ཅིག༡། ཚོགས་གཉིས་གང་བའི་དཀྱིལ་འཁོར་སྒྲིབ་མེད་པ། །གྲགས་པའི་རི་མོ་ནམ་མཁའི་མཐར་བྲིས་པས། །ཐར་པའི་ལམ་སྲོལ་ཕྱེ་ལ་རང་དབང་ཅན། །བསྟན་འགྲོའི་ཉིན་མོར་བྱེད་པ་ག་ལ་བར། །དད་པ་རྒྱ་མཚོས་མངོན་པར་བཏུད་དེ་ཞུ་བ། །ཁྱབ་བདག་ཆོས་


LT37_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ནམ་མཁའི་ངོ་བོ་ཉིད། །ཁ་སྦྱོར་ཡེ་ཤེས་སྤྲིན་འཕྲོ་ལོངས་སྤྱོད་རྫོགས། །གང་འདུལ་རྣམ་པར་འཕྲུལ་བའི་གར་མཛད་པས། །སྲིད་པའི་ཉིང་མཚམས་ཞི་བའི་དབྱིངས་སུ་བརྟུལ། །ཟག་པ་སྤངས་ཤིང་དངོས་པོའི་མཐའ་བཅད་པས། །མི་སྣང་མཁའ་ཡི་དངོས་ལས་མི་གཡོ་བར། །མོས་པ་བཞིན་ཏུ་སྤྲུལ་པའི་སྣང་བ་ཅན། །མགོན་པོའི་སྐུ་ཡི་གསང་བ་བསམ་མི་ཁྱབ། །མིང་ཚིག་ཡི་གེའི་སྤྲོས་པའི་མཐའ་སྤངས་ཀྱང་། །འགྲོ་ཀུན་སྐད་ཀྱི་རྗེས་འགྲོ་ཆོས་ཀྱི་ཆར། །ངེས་དོན་བདུད་རྩིའི་རོ་ལྡན་རྟག་པར་དབབ། །དཔལ་ལྡན་གསུང་གི་གསང་བ་བསམ་མི་ཁྱབ། །རྣམ་པར་མི་རྟོག་ཡིད་བཞིན་ནོར་ལྟ་བུ། །མཁའ་མཉམ་འགྲོ་བའི་བསམ་པ་གཅིག་ཅར་དུ། །ཇི་བཞིན་མཁྱེན་པས་དབང་པོ་ཐམས་ཅད་པ། །རྣམ་དག་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། ༦ །རབ་རྒྱས་ཡོངས་འདུའི་ཤིང་དང་བུམ་པ་བཟང་། །ཡོངས་སུ་དག་པའི་བཻཌཱུརྻ་ཡིས་ཀྱང་། །བྲལ་སྨིན་ཡོན་ཏན་ཆར་ཡང་མི་བསྒྲུན་པས། །སྲིད་དང་ཞི་བའི་ཁོངས་ན་འདོད་འཇོར་གྱུར། ༧། ཇི་སྲིད་ནམ་མཁའི་མཐའ་དང་འགྲོ་བའི་ཁམས། །ཕྱི་མའི་མཐའ་ཡི་མུ་ལ་ཐུག་པར་ཡང་། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་པ་ནི། །རྒྱ་མཚོའི་རྡུལ་སྙེད་ཤིན་ཏུ་ཁྱབ་ཅིང་རྟག ༨ །རྣམ་ཐར་བསྔགས་པས་མི་དཔོག་པ། །སྐྱབས་ཁྱོད་དཀོན་མཆོག་ཀུན་གྱི་དངོས། །རྣམ་པ་ཀུན་ཏུ་ངེས་རྙེད་ནས། །མཁའ་ཁྱབ་ཆོས་སྐུ་རྟག་པར་ཡང་། ༩ །གཟུགས་


LT37_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་གདུལ་བྱའི་བློ་མཚོ་ལ། །གསལ་འགྲིབ་མེད་པར་རྟག་འཆར་བའི། །གསོལ་འདེབས་རྟེན་འབྱུང་ནམ་མཁའ་མཛོད། །མཚོན་བྱེད་དངོས་པོའི་མེ་ཏོག་འཐོར། ༡༠ །དང་གི་ཆར་ཡང་། །དུས་གསུམ་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་བསྡུས་ཤིང་། རྒྱལ་བ་ཡོངས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་བསྒྱུར་བས་རིས་སུ་མ་ཆད་པའི་བསྟན་འགྲོ་སྤྱི་དང་། ཁྱད་པར་དྭགས་བརྒྱུད་སྙིང་པོའི་བསྟན་པའི་ཉིན་མོར་བྱེད་པ་གཅིག་པུ་པ་གང་གི་ཞབས་པད་བྱམས་པའི་ཉི་མས་འཇིག་རྟེན་ཁྱབ་བརྡལ་དུ་སྣང་བ་དེ་སྲིད་དུ་རྟག་བརྟན་གཡོ་བ་མེད་པ་མི་ཤིགས་རྡོ་རྗེ་གཡུང་དྲུང་གིས་མཚན་པའི་ཆོས་ཀྱི་ཁྲི་ཆེན་པོར་འཚོ་ཞིང་གཞེས་པར་གསོལ་བ་གཅམ་བུ་མིན་པར་འདེབས་པའི་རྟེན་མཚོན་ཏུ་ཐོག་མར་བཀྲ་ཤིས་པའི་ལྷ་རེག་རབ་དཀར། །བཅས། གྲངས་ལྡན་འབུལ་ལམ་ཞུ་ན་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་འགྲོ་བ་ཀུན་གྱི་རེ་བ་སྐོང་བ་ཆོས་ཉིད་ལགས་པས་ཇི་ལྟར་གསོལ་ཞིང་སྨོན་པའི་རེ་བའི་ཤིང་རྟ་དོན་གྱི་དབྱིག་གིས་ལྕི་བར་མཛད་དུ་གསོལ་ཞེས་ཚིགས་སུ་བཅད་པའི་གང་བས་གསོལ་བ་འདེབས་པ། སྲིད་པའི་འདུ་བྱེད་རྣག་གི་རྐྱལ་བུལ། །བྱིས་པས་གཙང་དང་ཕལ་པས་མི་གཙང་ལྟ། །གཉིས་ཀའི་སྒྲིབ་སྤངས་གདོད་ནས་དག་པའི་སྐུ། །གཙང་བའི་ཕ་རོལ་ཕྱིན་པར་བཞུགས་སུ་གསོལ། ༡། བདག་ཏུ་


LT37_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་འགྲོ་ལྔ་འཁོར་བར་འཁོར། །མེད་པར་འཛིན་པས་གཤིས་ཀྱི་བཞུགས་ཚུལ་བསྒྲིབས། །བདག་དང་བདག་མེད་མཐའ་སྤངས་དམ་པ་ཡི། །བདག་གི་ཕ་རོལ་ཕྱིན་པ་བཞུགས་སུ་གསོལ། ༢ །ཕུང་ལྔའི་ཉེར་ལེན་བདེ་དང་སྡུག་བསྔལ་བར། །ཚུ་རོལ་མཐོང་དང་དམ་པའི་འདུ་ཤེས་དག །མཁའ་ལྟར་རྣམ་དག་སྙིང་རྗེའི་བརླན་བག་ཅན། །བདེ་བའི་ཕ་རོལ་ཕྱིན་པར་བཞུགས་སུ་གསོལ། ༣ །དངོས་པོ་གློག་བཞིན་གཡོ་ལ་རྟག་ལྟ་དང་། །མཐའ་བཞིས་སྐད་ཅིག་སྐྱེ་འགག་རྟོགས་ལ་ཡང་། །མི་གནས་གནས་པའི་ཚུལ་གྱིས་རྒྱུན་ཏུ་བ། །རྟག་པའི་ཕ་རོལ་ཕྱིན་པར་བཞུགས་སུ་གསོལ། ༤ །ཆོས་ལ་དབང་བསྒྱུར་བརྙེས་པའི་རྒྱལ་རྣམས་དང་། །ཟུང་འཇུག་ཡེ་ཤེས་ཅོར་པན་མཉམ་ཉིད་དུ། །ཐོབ་པས་ཕྲིན་ལས་སྲིད་པའི་མཐར་འགྲོ་བ། །ཆོས་ཀྱི་རྒྱལ་མཚན་ནུབ་མེད་བསྒྲེང་དུ་གསོལ། ༥ །ཚེ་འོད་དཔག་མེད་དབྱིངས་དང་དབྱེར་མེད་པར། །ཚེ་དབང་པདྨའི་ཕྲིན་ལས་སྐྱོང་བཞིན་ཏུ། །ཚེ་མཆོག་གྲུབ་པས་བདག་སོགས་གདུལ་བྱ་ལ། །ཚེ་སོགས་དབང་བཅུའི་གྲུབ་པ་སྩལ་དུ་གསོལ། ༦ །གདུལ་དཀའི་མུན་པ་མཁྱེན་བརྩེའི་ཉི་མས་བསལ། །ཕན་བདེའི་པད་ཚལ་ནུས་པའི་དཔྱིད་ཀྱིས་ཕྱེ། །རྣམ་གྲོལ་འབྲས་བུའི་ཁུར་གྱིས་འཇིག་རྟེན་ན། །རྫོགས་ལྡན་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག ༧ །ཡ་ཐཱ་སིདྡྷི་རསྟུ་ཤྲེ་


LT37_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ལ།།།སྭ་སྟི་བྷ་བན་ཏུ།།།ཇི་སྲིད་མཁའ་དང་སེམས་ཅན་ཁམས། །དེ་སྲིད་ཐུབ་དབང་མཚན་དཔེའི་སྐུ། །འཚོ་གཞེས་བདེན་གསུང་བཀྲ་ཤིས་པས། །དེང་འདིར་ལྷག་པར་སྐྱོང་གྱུར་ཅིག །བརྟན་གཡོའི་སྲོག་ཏུ་རྡོ་རྗེའི་རྒྱས་གདབ་སྟེ། །འཆི་མེད་དགོངས་པ་གདོད་ནས་གྲུབ་པ་ལས། །འགྲོ་ཁམས་རྒྱ་མཚོར་མི་འཇིགས་སྦྱིན་པ་ཡི། །པདྨའི་རྒྱལ་ཚབ་མཆོག་གི་ཞབས་པད་དུ། །བདེ་གཤེགས་སྙིང་པོ་རྒྱུན་གྱིས་རྟག་པ་ནི། །གློ་བུར་དྲི་མའི་ཆ་ཡིས་མི་འགྱུར་བ། །དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་ཅན། །བདེན་པའི་སྣང་བས་རྟག་བརྟན་དཔལ་འབར་ཤོག །ཟུང་འཇུག་ཡེ་ཤེས་རོལ་པའི་རྩེ་དགའ་ལ། །གསང་བ་བསམ་མི་ཁྱབ་པའི་མགྲོན་བཀུག་པས། །སྒྱུ་འཕྲུལ་དྲ་བ་སྡོམ་པའི་འདུ་འགོང་ཀྱིས། །སྲིད་ཞི་ཡོངས་ལ་མངའ་དབང་མཛད་དེའི་དྲུང་། །སྒོ་གསུམ་གུས་པ་ཆེན་པོས་བཏུད་དེ་ཞུ་གསོལ། །གང་གྱོད་རབ་འབྱམས་སྟོབས་བཅུ་མངའ་བ་ཡི། །གསང་བ་གསུམ་དང་གདོད་ནས་རོ་


LT37_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པས། །ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་ཇི་སྲིད། །དེ་སྲིད་རྣམ་ཐར་སྙོམས་པར་ཞུགས་པའི་ཕྱིར། ཁབ་ཀྱི་ཐུགས་ནམ་མཁའི་ཚད་འཇལ་བཞིན། །རྟག་ཆད་སྐྱེ་འགག་འགྲོ་འོང་ལ་སོགས་པ། །ཕྱོགས་རེའི་མཚན་མར་བཟུང་བ་བྱིས་པའི་བློས། །ཀུན་ཏུ་བརྟགས་པས་ཕྱོགས་སུ་ཕྱིན་པ་མིན། །མཛད་པའི་ཆོ་འཕྲུལ་དཔག་པར་དཀའ་བ་རྣམས། །ཀུན་ཀྱང་དོན་ཆེན་སྤྱོད་པ་འབའ་ཞིག་པས། །དྲང་ངེས་ལྡེམ་པོར་དགོངས་པའི་ཕྲིན་ལས་རྣམས། །ཀུན་བཟང་རོལ་པ་ཁོ་ནར་ངེས་པ་རྙེད། །འོན་ཀྱང་རིས་སུ་མ་ཆད་ནམ་མཁའ་ཡི། །དུམ་བུས་བུམ་སོགས་གོ་སྐབས་འབྱེད་པ་ལྟར། །འདྲེན་པ་གཞན་གྱིས་སྤངས་པའི་སྙིགས་འགྲོ་ལ། །ཐར་པའི་གོ་སྐབས་ཐུགས་རྗེའི་ཤས་ཀྱིས་ཕྱེས། །ད་དུང་དུ་ཡང་སྙིང་རྗེའི་རྒྱ་མཚོ་ནི། །མུ་དང་མཐའ་ཡིས་ཐུག་པ་མ་མཆིས་པས། །སྲིད་ཞིའི་དགེ་ལེགས་ནོར་བུའི་ཕུང་པོ་དང་། །ཕན་བདེའི་མེ་ཏོག་དོགས་པ་འཁྲིལ་བའི་རྟེན། །བརླངས་པོར་སྤྱོད་པའི་རླུང་གིས་མི་གཡོ་ཞིང་། །འཕོ་འགྱུར་དྲི་མའི་བསླད་དང་མི་འགྲོགས་པར། །སྐལ་ལྡན་ངང་མོའི་ཁྱུ་ཚོགས་སྡུད་བཞིན་ཏུ། །གྲངས་མེད་བསྐལ་པའི་མཐར་ཡང་འཁྱིལ་པའི་ཕྱིར། །ལུས་ཀྱིས་བདོག་པ་དགུ་ཡི་གཏོང་ཕོད་དང་། །ངག་གིས་རིག་སྔགས་སྨོན་པའི་བདེན་ཚིག་དང་། །ཡིད་ཀྱིས་ལྷག་བསམ་མོས་གུས་གདུང་ཤུགས་བཅས། །འབབ་སྟེགས་


LT37_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ནོར་འཛིན་ཅི་ཡང་བསྐྲུན། །དེ་དག་གིས་གསོལ་བར་བྱ་བའི་སྙིང་པོ། །འཁོར་ལོ་ཀུན་གྱི་དབང་ཕྱུག་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་དང་དབྱེར་མི་ཕྱེད་པ་གང་གི་མཚན་དཔེའི་སྣང་བ་ངོ་བོ་གདོད་ནས་སྤྲོས་པ་ལས་གྲོལ་ཡང་རྣམ་པ་སྐྱེ་འགག་མཚན་མའི་ཚུལ་མི་སྟོན་པར་བསྟན་འགྲོ་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་ཐུགས་ཀྱིས་དགོངས་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་ཚེ་མཛད་ཕྲིན་ཇི་ལྟ་བ་དེ་ལྟར་བདག་ཅག་མོས་ལྡན་ཡོངས་ཀྱི་སྣང་ངོར་འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་རྟེན་མཚོན་ཏུ། བཀྲ་ཤིས་པའི་ལྷ་རྫས་རབ་དཀར་སྲིད་དུ་རིང་བ་སོགས། །མཐའ་རྟེན་རས་དཀར་སྲིད་རིང་དང་བཅས་གུས་པ་ཆེན་པོས་འབུལ་ལམ་ཞུ་ན་རེ་བའི་ཤིང་རྟ་འདོད་རྒུའི་ནོར་གྱིས་གཏམས་པའི་བཀའ་དྲིན་སྩལ་བ་ཅི་གནང་། །ཉིན་མོར་བྱེད་ལ་ཕྱོགས་སུ་ལྷུང་མེད་ཀྱང་། །གླིང་བཞི་གང་དུ་སྣང་བའི་དཔལ་གྱུར་བཞིན། །ཀུན་སྙོམས་ཐུགས་རྗེ་མཁའ་ལྟར་ཡངས་པ་ལས། །གངས་ལྗོངས་དཔལ་དུ་མཚན་དཔེའི་ཉི་མ་ཤར། །འདི་དང་གཏན་གྱི་ཕུན་ཚོགས་པདྨོའི་ཚལ། །དེ་ཡི་རྗེས་སུ་འགྲོ་ལྡོག་བྱེད་པས་ན། །མི་འགྲིབ་བསོད་ནམས་རྟག་པ་དམ་པའི་མཁར། །ཀུན་གྱི་སླད་དུ་བདག་གིས་འཆར་གསོལ་འདེབས། །གདོད་མའི་ཐུགས་དམ་སྨོན་ལམ་ཆེན་པོས་ཀྱང་། །འགྲོ་བློའི་མོས་པ་སྐོང་བ་ཆོས་


LT37_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཕྱིར། །དམ་བཅའི་གོ་ཆ་ཕྲག་པར་ཐོགས་པ་ཡིས། །མི་སྲུན་བདུད་ཀྱི་གཡུལ་ལས་རྒྱལ་མཛད་གསོལ། །བསོད་ནམས་དམ་པའི་རྩ་བ་མི་བརྟན་པས། །དགེ་ལེགས་ཨུ་དུམ་ཝ་རའི་འཁྲི་ཤིང་ཡང་། །དུས་ཀྱི་མུན་པའི་རུམ་དུ་ཟུམ་ཉེ་བས། །བསྟན་འགྲོར་མཛེས་དགུའི་དཔལ་གྱིས་སྟོངས་འགྱུར་ན། །ཆོས་ལྡན་ལྗོངས་འདིར་རྒྱལ་བ་འཇིག་རྟེན་ཏུ། །བྱོན་དང་རྗེས་མཚུངས་བསྟན་པའི་ཉིན་བྱེད་ཀྱི། །བསྟན་པ་སྣང་ཞིང་སྐྱེ་དགུ་ཐར་པ་ལ། །འགོང་སླང་གསང་གསུམ་སྣང་བརྟག་བརྟན་གསོལ། །དབང་བཅུ་བརྙེས་པ་རྒྱལ་བའི་མྱུ་གུ་རྣམས། །གཞན་ཕན་འབའ་ཞིག་ཁུར་དུ་བསྣམས་པ་ལས། །རང་གི་བགྱི་བ་ཅི་ཡང་མ་མཆིས་པས། །འཁོར་བ་སྲིད་དུ་འཇིག་རྟེན་འབྱོར་སླད་རྟག །སེམས་ཀྱི་རྟོག་པའི་ཆུ་འཛིན་ཅི་གཡོས་ཀྱང་། །ཆོས་ཉིད་གཤིས་ཀྱི་མཁའ་ལ་མ་གོས་པས། །མཁའ་དང་འབྱུང་བ་བཞི་ཡི་འགྲོས་ཇི་སྲིད། །དེ་སྲིད་རྡོ་རྗེའི་སྐུ་མཆོད་འཚོ་གཞེས་གསོལ། །དགེ་བའི་ལམ་སྟོན་སྡིག་པའི་གཡང་ལས་ལྡོག །ཕྱིན་ལོག་ལྟ་བའི་འཇིགས་ལས་སྲུང་བྱེད་ཅིང་། །མ་རིག་འཐུག་པོའི་གཉིད་ལས་ཡང་སློང་བ། །ཟབ་རྒྱས་ཆོས་ཀྱི་རྔ་ཆེན་བརྡུང་དུ་གསོལ། །སུ་ཡང་འདའ་བ་མེད་པ་སྟོང་ཉིད་དང་། །བྱང་ཆུབ་སེམས་ཀྱི་བཙན་རྫོང་བརྟན་པོ་ལ། །བདག་ཅག་རྟག་ཏུ་འཁྲུ་བའི་སྐབས་ཐོབ་པས། །འགལ་རྐྱེན་ཉི་བའི་དཔུང་ལེས་བསྲུང་བར་མཛོད། །གཙང་


LT37_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བདེ་བའི་སྐུ་ཅན་རྫོགས་སངས་རྒྱས། །ཞི་བ་ཆགས་བྲལ་བདེན་གཅིག་དམ་པའི་ཆོས། །མི་ལྡོག་སྙིང་པོའི་དོན་གཟིགས་ཚོགས་མཆོག་གི། །བདེན་པའི་སྣང་བ་དེང་འདིར་གསལ་གྱུར་ཅིག །ཞེས་གཅམ་བུ་མིན་པར་སྙིང་ནས་གསོལ་འདེབས་སྤྲོ་བའི་བྱེད་པོ་རིས་མེད་བསྟན་ལ་གུས་པ་རྙེད་ཅིང་སཱ་ལ་ལྟ་བུའི་རྒྱལ་རིགས་སུ་བསྐྱེད་བསྲིངས་པ། ཨཱ་ཡུ་རིནྡྲ་བཛྲའི་མིང་གི་ཅོད་པན་འཆང་བ་སྟེ། །མཆོག་གསུམ་རྩ་གསུམ་བདེན་པས་དེ་དེ་བཞིན་ཏུ་འགྲུབ་པར་གྱུར་ཅིག །ཡ་ཐཱ་སིདྡྷིརྦྷ་བནྟུ།།།


LT37_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་བརླན་ཏུ་སྙིང་རྗེའི་རྩ་བ་ཟུག །དྲི་མེད་ཡོན་ཏན་ཆ་ཤས་ཡོངས་སུ་རྫོགས། །དཔལ་ལྡན་སངས་རྒྱས་ལྗོན་པའི་གྲིབ་བསིལ་གྱིས། །ཐར་དང་བདེ་བར་འགྲོ་འདི་སྐྱོང་གྱུར་ཅིག༡། ལུས་ཅན་ལུས་དང་དེ་བཞིན་ཡིད་ཀྱིས་སྲིད་པའི་རང་བཞིན་ནད་ཆེན་ཕྲོག་མཛད་པའི། །སྙིང་སྟོབས་དར་བ་རབ་ཏུ་འཕགས་པས་རྒྱལ་བའི་མྱུ་གུའི་ཟུར་ཕུད་ལ་ཆགས་ཏེ། །ཉིན་བྱེད་བཞིན་ཏུ་སྡིག་པའི་མུན་པར་ཕྲིན་ལས་སྣང་བ་རྒྱས་པས་རབ་གསལ་བ། །བཀྲ་ཤིས་རེ་ཁཱས་མཚན་པའི་འཇིག་རྟེན་དབང་ཕྱུག་ཞབས་སྟེགས་ནོར་བུའི་ཁྲི་དྲུང་དུ། ༢ །གསང་གསུམ་སྣང་བས་བྲན་པ་ལས། །དད་པས་བརླན་པའི་སོར་མོ་ཡི། །མེ་ཏོག་སྤྱི་བོར་ཟུམ་པ་དང་། །སྙན་ཆིག་མགྲིན་དབྱངས་ལྷན་ཅིག་འཁྲོལ། ༣ །བདེ་བ་དྲི་མེད་ཆུ་གང་ཞི་བ་ནི། ཁ་བའི་རླབས་ལྡན་རྒྱལ་བ་བསྟེན་པ་དག །ཐོབ་ནས་འཁོར་བ་མྱ་ངམ་ཐང་ལ་ནི། །ཡོངས་འཁྱམས་སྲིད་པའི་གདུང་བ་རིང་དུ་གཏོང་། ༤ །ཡང་སྲིད་ཀུན་ཏུ་བསགས་པའི་བསོད་ནམས་ཀྱི། །ངང་ཚུལ་གྱིས་ཀྱང་དགེ་བ་ཆེན་པོའི་སླད། །ནོར་བུའི་གསེར་གྱིས་རྣམ་བཀྲའི་གདུགས་བཀོད་པས། །ས་གསུམ་དག་ནི་ཀུན་དགའི་དཔལ་ཡོན་བཟུང་། ༥ །མཁྱེན་བརྩེའི་དོ་ཤལ་གོས་མཆོག་ཅོད་པན་དང་། །ཕྲིན་ལས་རྔ་ཡབ་དཀར་པོས་འཛུམ་པའི་དཔལ། །མཆོག་གི་ལོངས་སྤྱོད་སྐལ་བཟང་དགའ་སྟོན་


LT37_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བདག་ཉིད་ཆེན་པོའི་ལེགས་བྱས་གསལ་བར་བྱེད། །རང་དོན་ལ་འཇུག་ཆགས་པ་དང་བྲལ་ཞིང་། །གཞན་ལ་ཕན་པར་རྟག་ཏུ་བརྩོན་རྣམས་ཀྱིས། །གྲུབ་པ་ཉོན་མོངས་རྣམས་ལ་མི་འཇིགས་ཤིང་། །གདུང་དང་གེགས་བྲལ་གཟིར་བྱེད་མིན་པར་འགྱུར། ༧ །ལྷག་བསམ་དག་པ་འཇེབ་པའི་མཐུ་དང་ནི། །ཀུན་གྱི་ཉེར་འཚོ་འབྱོར་པ་ཆེན་པོ་སྟེ། །འབྲས་བུ་ཆར་འོས་འདི་དག་དགེ་རྣམས་ཀྱི། །བསོད་ནམས་མྱུ་གུའི་འབྲས་བུ་དང་པོ་ཡིན། ༨ །འབྲོག་དགོན་བགྲོད་དཀར་ཡོངས་ལྷུང་འཇིག་རྟེན་ནི། །ཕ་རོལ་ལམ་དུ་གདུང་བས་ཉེན་རྣམས་ལ། །ཡིད་འོང་རབ་རྒྱས་འབྲས་བུའི་རྫོགས་པའི་ཕྱོགས། །གྲིབ་བསིལ་ཆོས་དང་མཚུངས་པ་གཞན་ཡོད་མིན། ༩ །ཐོས་པའི་སྐྱོགས་སུ་དྲངས་པའི་ཆོས་ཀྱི་བདུད་རྩིའི་རོས་མྱོས་པས། །གྲགས་སྙན་ག་བུར་རྒྱུན་གྱིས་དྲི་མེད་ཐོས་པ་སིམས་བྱེད་པ། །བདེར་གཤེགས་གནས་བསྟེན་རིན་ཆེན་སྒྲོན་མའི་མཚན་མ་འཕྲོ་བ་དག །རབ་ཏུ་གསལ་བས་བསྒྲུབས་པ་བདེ་ལྡན་བྱང་ཆུབ་གོམས་པར་གྱུར། ༡༠ །འཇིགས་ཚོགས་འཛིན་པའི་དཀའ་ཐུབ་ཅི་སྟེ་རྣམ་པར་བསླད་ལ་ནགས་ཀྱིས་ཅི། །ཆགས་དང་བཅས་ལ་འབྱོར་པས་ཅི་སྟེ་སྤྱོད་ཚུལ་ངན་ལ་ཐོས་པས་ཅི། །སྲིན་བྱའི་མིག་ལ་ཉི་མས་ཉམས་པ་སྨན་གྱི་ནགས་ཚལ་སྨག་ཉིད་ཀྱིས། །མཛེས་པ་རབ་སྟེང་དམ་པ་རྣམས་ཀྱི་རྣམ་ཐར་དཔག་ཡས་


LT37_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་པས་མཚོན། ༡༡ །སྦྱིན་པ་ལ་བརྩོན་བརྩོན་འགྲུས་རྒྱ་ཆེའི་གནས། །དག་པའི་བདག་ཉིད་སྙིང་སྟོབས་རྒྱ་མཚོ་དང་། །སྤྲོ་བ་ཆེ་ལྡན་རྣམས་ནི་གཞན་དོན་ལ། །ཀྱེ་མ་བསམ་གྱིས་མི་ཁྱབ་བཞེད་པ་ཡིན། ༡༢ །གང་ཞིག་རི་བོའི་སུལ་བཅས་དག་ལ་རྩི་དགས་བ་གམ་ལ་འཛེགས་དང་། །གང་དག་ཆུ་ཚོགས་འཁྲུག་ཅིང་གྱེན་འཐོར་རྒྱ་མཚོ་དག་ལ་རོལ་པས་བ་ལང་རྗེས། །གང་ཡང་ནགས་ཚལ་སྟུག་པོ་ཡི་ཁྱོན་ལ་དགའ་བདེར་ཁང་པའི་ཐང་བཞིན་འགོད་བྱེད་པ། །དེ་ནི་བདག་ཉིད་ཆེ་རྣམས་སྙིང་སྟོབས་ཀྱིས་བསྒྲུབས་རྒྱས་པའི་བརྩོན་འགྲུས་རྣམ་རྩེན་ཡིན། ༡༣ །རྟག་ཏུ་གང་གི་གཟིགས་པ་བདུད་རྩིའི་ཆར་ཆེན་ཡིད་ནི་སྐྱེ་བོ་དམ་པའི་གྲོགས། །བཟོད་པ་ཁོང་ཁྲོའི་རྡུལ་རྣམས་རབ་སེལ་ཆུ་བོ་བློ་གྲོས་སྡུག་བསྔལ་གྱིས་གཟིར་མ། །དཔལ་འབྱོར་དྲི་མེད་སྦྱིན་པའི་ཆུ་ནི་མངོན་འཐོར་ཚིག་ནི་བདེན་ཞིང་རིགས་པར་ལྡན། །འགྲོ་བ་རྣམས་ཀྱི་གཉེན་ཏུ་སྐྱེས་པ་དེ་ནི་ཁྱོད་ཉིད་གཅིག་པུ་ཁོ་ན་ལགས། ༡༤ །འགའ་ཞིག་རྨི་ལམ་སྒྱུ་མའི་གནས་སྐབས་སུ་ཡང་ནམ་ཡང་མི་འཕྲོ་བའི། །རྣམ་རྟོག་ཕྲེང་བ་ཅུང་ཟད་འཁྲུགས་པས་གང་ལ་ཉེ་བར་རབ་སྦྱང་བ། །འདི་ནི་སྦྱིན་པའི་དཔག་བསམ་ཤིང་གི་མཚུངས་མེད་འབྲས་བུ་རབ་རྒྱས་ཚེ། །འབྱོར་པའི་ལོངས་སྤྱོད་སྤྱོད་པ་ཉིད་དུ་སྐལ་པས་ཡོངས་བརྟེན་རྣལ་འབྱོར་དག༡༥། རང་གི་སྐྱེ་བོ་སྙིང་སྡུག་དྲི་


LT37_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྣང་བའི་དུས་ནི་འདས་གྱུར་ཅིང་། །ལྷག་པར་མི་བསྲུན་སྡིག་པས་རྒྱས་པའི་རྨོངས་པ་ཡོངས་དག་འོངས་པ་ན། །ངལ་དུབ་ཡངས་བཏང་སྐྱེ་བོ་མེད་པའི་ནགས་ཀྱི་གནས་ལ་ཡོངས་འདྲིས་པས། །ཡིད་ནི་རབ་ཞིའི་ཆུས་བཀྲུས་སྐྱེས་བུ་རྣམས་ཀྱི་བདེ་བའི་དབུགས་འབྱིན་ཉིད། ༡༦ །སྲིད་པའི་ལམ་གྱི་སྡུག་བསྔལ་རྣམ་ཉམས་ཐམས་ཅད་མཁྱེན་པའི་བཀའ། །དྲི་མེད་ཉིད་ཀྱི་གནས་སུ་རབ་ཏུ་བྱུང་བས་རབ་ཏུ་ཞུགས། །ཞི་བ་ཉིད་ནི་ཐམས་ཅད་ཐོབ་ནས་མཉམ་མེད་རབ་གསལ་ཞིང་། །མཚོན་བྲལ་ཐར་པར་འགྲོ་བའི་སླད་དུ་ཐུབ་པར་དེ་གྱུར་ཏོ། ༡༧ །ལེན་བུ་ཐིག་ལེའི་རི་མོས་འཇོ་སྒེག་ལྡན་པར་རབ་སྤྲས་ཤིང་། །རབ་འཕྲོ་བདུག་པའི་དུ་བས་རིབ་རིབ་ཐུན་མཚམས་བཞིན་བཀྲ་བ། །རྩེ་དགའ་དར་བས་བསམ་གཏན་རྫོགས་པའི་ཡན་ལག་མི་མཚོན་ན། །ཡིད་སྐྱེས་རྒྱལ་བའི་གྲགས་པ་ཟླ་བའི་གཟུགས་ནི་དང་པོ་བཞིན། ༡༨ །རྒུད་པའི་གདུང་བ་ཞི་བྱེད་གཟིགས་པ་རབ་ཏུ་དང་བའི་རོ་དག་གིས། །སྐྱེས་བུ་རྣམས་ནི་ནད་དང་བྲལ་མཛད་སྲིད་པས་ཟིལ་མནན་འཁྲུགས་པའི་སྨན་པ་གང་། །ངེས་པར་དགེ་བ་མཐའ་དག་བསྐྱེད་པ་ནོར་འཛིན་གྲུབ་པའི་བདུད་རྩི་ནི། །རྫོགས་པའི་སྙིང་རྗེ་ནང་དུ་འཛིན་པས་རབ་རྒྱས་པདྨོའི་འཛུམ་རླབས་ངོམས། ༡༩ །ཤིན་ཏུ་རབ་གསལ་གྲགས་པའི་མཚོན་རིས་ཡོན་ཏན་རིན་ཆེན་རྒྱན། །མ་


LT37_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྦྱིན་པའི་མེ་ཏོག་དང་ལྡན་བདེན་པའི་སྨུག་རྩི་བཀོད། །གང་གི་དཔལ་ནི་ཚུལ་ཁྲིམས་གཙང་མའི་དུ་ཀཱུ་ལ་མཛེས་པ། །དེ་ཉིད་གཅིག་པུ་ལེགས་བྱས་ལ་འོས་ཆོས་ཀྱི་འཁོར་ལོས་སྒྱུར། ༢༠ །ཤ་བ་རི་ཡི་རྐེད་སྐབས་པས་འཕྲོ་རྨ་བྱའི་འདབ་ཕྲེང་རོལ་པས་བསྐྱོད་པ་ཡི། །རྩེད་འཇོའི་རྣམ་འཕྲུལ་ཆ་ཡི་འཆིང་བ་རྣམས་ལ་ཆས་པར་བྱུང་པ་འབིགས་བྱེད་རླུང་། །དྲི་མེད་ཆུ་ཀླུང་ནར་མ་དཱ་ངོགས་འཁྲི་ཤིང་གཡོ་ཞིང་རྣམ་པར་རྒྱས་པ་ཡི། །མེ་ཏོག་སྦྲང་རྩིའི་དགའ་སྟོན་རྒྱས་པས་དེ་འདིར་ཡ་མཚན་ཕུན་ཚོགས་དཔལ་ལ་འཕྱ། ༢༡། གང་གི་རྡོ་རྗེའི་རྒྱལ་ཐབས་ཟླ་བའི་གདུགས་དཀར་ལྡན་པ་ལ། །སྐྱེ་དགུའི་གདུང་བ་འཕྲོག་པའི་སྲས་དག་མངོན་པར་དབང་བསྐུར་ནས། །ཆོག་ཤེས་བསིལ་ལྡན་དབེན་པའི་བདུད་རྩིས་མངོན་པར་དགའ་བ་ཡི། །རབ་ཏུ་གྲོལ་བས་བྱུག་པའི་གྲིབ་བསིལ་རིགས་ཀྱི་བདག་པོས་བསྟེན། ༢༢ །གལ་ཏེ་གུས་བཅས་ཆོས་ལ་གནས་ན་དེ་ཉིད་འཚོ་བ་སྟེ། །གལ་ཏེ་སྐལ་བཟང་བདེན་པར་སྤྱོད་ན་དེ་ཉིད་སྨྲ་བ་ཡིན། །གལ་ཏེ་མཐར་ཐུག་སེམས་པར་བྱེད་ན་དེ་ཉིད་བློ་གྲོས་ཏེ། །གལ་ཏེ་སྦྱིན་སོགས་བྱ་བ་བྱེད་ན་དེ་ཉིད་དཔལ་འབྱོར་ཡིན། ༢༣ །སྐྱེ་བོ་འདོད་པའི་རྡུལ་གྱིས་མིག་ནི་ཡོངས་སུ་ཉམས་པ་ཀུན། །ཡུལ་ནི་གང་དག་ཉིད་ཀྱིས་མངོན་པར་འདོད་པའི་སར་གྱུར་བ། །དེ་ཉིད་ཀྱིས་ནི་བསོད་ནམས་ཡོངས་གཙང་དག་པར་བསྒྲུབས་


LT37_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །བྲལ་སྨིན་གུར་གུམ་གསང་བའི་དྲི་ཡི་ཐིག་ལེས་ཟུང་དུ་བགོས། ༢༤ །ཞི་བ་ལ་རེག་དྲི་མེད་ཚུལ་ཁྲིམས་རས་དཀར་རྩེ་དགའ་ཡིས། །མཛེས་པས་བསྟེན་ཅིང་ཡུལ་དང་ཆས་ལས་ཕྱི་རོལ་ཕྱོགས་པ་ལས། །དོར་གྱི་གོས་ཟུང་ཤཱ་ནའི་གོས་ཧྲུལ་དྲི་མ་ཅན་གྱིས་ཀྱང་། །ཁེངས་དང་རྒྱགས་པ་བསྐྱེད་མིན་དམན་པ་ཉིད་དུ་བསྒྲུབ་པ་མིན། ༢༥ །གཡོ་སྒྱུས་ཞི་དང་དུལ་བ་གོམས་པས་ལོངས་སྤྱོད་སྦྲང་རྩིར་ཆགས་མེད་ཅིང་། །མིག་ཡངས་མཆུ་ཡི་ཡལ་འདབ་རབ་མྱོང་དགའ་སྟོན་རྟག་ཏུ་སྤངས་པ་བཞིན། །ལི་ཁྲིས་མཚན་པའི་ནུ་འབུར་མཛེས་པས་སྙིང་ལ་ཆགས་པ་མི་འཛིན་གང་། །སྲིད་པའི་ནགས་སུ་ཕྲ་རྒྱས་དམན་པའི་འབྲས་བུ་ཟ་བའི་རྫུ་ལ་ཞུགས། ༢༦ །དགེ་བའི་པདྨོ་ཅན་ནི་རྩ་བ་བཙུགས་ནས་རབ་བསྐྱེད་དང་པོའི་རྒྱུ། །སྣ་ཚོགས་ཕུན་ཚོགས་གསར་པ་གསར་པའི་འཁྲི་ཤིང་རབ་སྐྱེད་སྐྱེད་ཚལ་པ། །སྲིད་པའི་གདུང་བ་རབ་ཏུ་ཞི་བྱེད་ཁ་བའི་འཛུམ་ལྡན་གངྒཱའི་རྒྱུན། །དམ་པའི་ལམ་མཆོག་གསལ་བར་བྱེད་མཁས་ལེགས་བཤད་ཟིལ་དངར་འབེབས་པ་ཁྱོད། ༢༧ །མཐའ་དག་འཇིག་རྟེན་སྣང་བ་སྤྲོ་སླང་ཕྱོགས་ཀྱི་མུ་ཁྱུད་སྣང་བ་བཀྱེ། །བདུད་རྩིའི་ཆར་པ་མཆོག་ཏུ་དབབ་སླང་ཟླ་བ་རྫོགས་པ་ཉིད་དུ་འགྲོ། །འགྲོ་བ་མ་ལུས་བསྒྲལ་བའི་སླད་དུ་དགེ་བའི་ཟམ་སྟེགས་ཆེན་པོ་ནི། །གང་གིས་འདི་སྙེད་རྣམས་སུ་བསྔགས་པར་འོས་པའི་


LT37_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་རབ་ཀྱང་འཛིན། ༢༨ །ལས་སྣ་ཚོགས་པས་ངལ་ལྕིའི་ཁུར་བུ་མངལ་གྱི་མལ་སྟན་དྲི་མས་མཚན། །བག་ཆགས་ལུས་ཀྱི་སྦྱང་མའི་ཚོགས་ནི་ཡུན་རིང་བཟུང་ནས་ངལ་ཞིང་འཁྱམས། །སྡུག་བསྔལ་ཅན་རྣམས་གདུང་ལ་སྙིང་རྗེའི་གཉེན་ཁྱོད་རབ་ཏུ་ཐོབ་གྱུར་ཏེ། །དྲི་མ་ཀུན་ཡིད་ཕྱིས་པའི་ངལ་གསོས་འདི་དེ་ཉེ་བར་བྱིན་ལགས་ཀྱི། ༢༩ །དར་བབ་རྒྱན་གྱི་ལོངས་སུ་སྤྱོད་པའི་རྦ་རླབས་རྩྭ་ཡི་རྩེ་དགའ་བཏང་བས་ནས། །གུས་བཅས་གང་དག་ཡིད་རབ་དང་བ་འོ་མའི་ཆུ་གཏེར་གྲུབ་རིགས་རྗེས་ཕྱོགས་པའི། །ལུས་མཆོག་སྤྲུལ་ལ་ཕྲ་རབ་རྡུལ་དག་གལ་ཏེ་འདོད་པས་རབ་ཏུ་བཀོད་པ་ན། །མཁའ་མཐར་ཆས་པའི་སྙན་ཚིག་པི་ཝཾ་ལྷན་ཅིག་འཐེན་པས་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། ༣༠ །ཞེས་བཀྲ་ཤིས་པ་དང་བསྔགས་པར་བརྗོད་པ་རྒྱན་གསུམ་ལམ་ནས་དྲངས་པའི་ཚིག་གིས་བརྗོད་པའི་ལམ་ཡངས་པར་བྱས་ཏེ། སོགས་སླར་ཡང་སྨྲས་པ། །གང་གིས་མཆོད་འོས་མཆོད་པར་བསྒྲུབ་ལ་མེ་ཏོག་ལ་སོགས་ཏེ། །སེམས་མེད་རྣམས་ཀྱང་འོས་པའི་སེམས་དང་ལྡན་པ་ཉིད་འགྱུར་བ། །རྒྱལ་ལ་གུས་པའི་ཁྱད་པར་བརྟན་པ་རྣམས་ལ་བསྔགས་འོས་ཤིང་། །དད་པ་རབ་རྒྱས་བདུད་རྩིའི་རྒྱུན་ཐིགས་གང་དེ་རྒྱལ་གྱུར་ཅིག༡། དགེ་བའི་སྨོན་ལམ་དག་པའི་གཟི་བརྗིད་དང་། །དབེན་པ་དྲི་མེད་སྣང་བའི་རྟོགས་བྱེད་ལྡན། །གང་ཞིག་ཡོངས་སུ་


LT37_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲགས་པ་ཙམ་ཉིད་ན། །སྲིད་པའི་རྨོངས་འཕྲོག་དེ་ཉིད་བསྔགས་པར་འོས། ༢ །བརྒྱ་བྱིན་རླུང་དང་ཆུ་སོགས་ལྷ་རྣམས་དང་། །ཐུབ་མཆོག་རྣམས་ཀྱང་གང་སླད་རྣམ་འགྱུར་དུ། །འགྱུར་བའི་དྲན་བདེ་རྩྭ་ལྟར་གཅོད་པའི་གནས། །ཡ་མཚན་ཅན་དེ་གང་སུ་རུང་བའི་མིན། ༣ །མི་བཟང་ཡུལ་གྱི་གནོད་པའི་ལུས་ནི་ཉོན་མོངས་ཕུང་པོ་དག་གི་གནས། །རྨོངས་པ་ལས་བྱུང་སྲིད་པ་རབ་རྩུབ་མྱ་ངམ་ཐང་གི་རྣམ་པར་གསལ། །མཐའ་དང་བྲལ་བའི་སྲིད་པའི་ལས་འདི་ཇི་ལྟར་རྣམ་པར་ལྡོག་འགྱུར་བ། །དེ་ལྟར་བྱ་དང་བྱ་མིན་ཕན་པའི་ས་ལ་རྣམ་དཔྱོད་ལྡན་པས་སྟོན། ༤ །ཡིད་ནི་བྱམས་པའི་སྣོད་གྱུར་གཞན་ལ་ཕན་པས་དགྱེས་ཤིང་ཆོས་ཀྱི་ནོར། །རྒྱགས་པའི་ཚོགས་རྣམས་རབ་བཟོད་གཅོད་ཅིང་རྣམ་པར་སྤྱོད་ལ་ཡོངས་སུ་འདྲིས། །འདི་ནི་ཡུལ་གྱི་བདེ་ལས་ཕྱིར་ཕྱོགས་བདེ་ལྡན་དེ་ཉིད་ཚོལ་རྣམས་ཀྱི། །སྙིང་པོ་མེད་པའི་འཁོར་བར་རྣམ་འགྱུར་དག་དང་བྲལ་བའི་ཡོ་བྱད་མིན། ༥ །ལེགས་བྱས་མཐོ་རིས་མཛེས་མའི་ལག་པད་ཀྱིས་གཏོར་བ། །མངོན་མཐོ་མནྡཱ་ར་བའི་ཕྲེང་བརྒྱ་གྲོལ་བ། །ཆོས་ཀྱིས་རྒྱས་པའི་གངྒའི་དབུ་བ་བརྩེགས་པ་ལ། །མཛེས་ཤིང་དགོད་པ་ཐར་མཆོག་ལྷ་ཡི་རི་བོ་བཞིན། ༦ །རྒྱ་ཆེ་ལེགས་བྱས་གོམས་པའི་སྦྱོར་བས་བསོད་ནམས་བསྟེན་པ་ཡི། །སྐྱེས་བུ་རྣམས་ནི་ཆོས་འདོད་དོན་ཡང་དགེ་བས་ཕུན་ཚོགས་


LT37_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ནས་དེ་འབྲས་མངོན་འདོད་སྤྱད་ནས་གུས་བཅས་དེ་དག་རྣམས། །སྤྲིན་བྲལ་མཁའ་ལྟར་མཛེས་པའི་ཞི་བ་མཇུག་ཏུ་སྟོན་པར་བྱེད། ༧ །བྱང་ཆུབ་ཏིང་འཛིན་གྲུབ་པའི་གནས་དེར་སྐྱིལ་མོ་ཀྲུང་དག་བཅས་ནས་གནས་པའི་ཚེ། །རྣམ་འགྱུར་རྣམ་པ་སྣ་ཚོགས་བྱེད་པ་དག་ལ་ར་བ་ཉིད་ནི་འཛིན་བྱེད་ཅིང་། །ཁྲོ་བ་བཟོད་པས་བཀྲུས་པའི་བཅོམ་ལྡན་ཕུལ་བྱུང་དག་པ་ཉིད་ཀྱི་བདག་ཉིད་ཅན། །བསམ་གཏན་མཆོག་ཏུ་སྐྱོང་བར་བྱེད་པ་དེ་ཡི་སྤྱན་ཡང་ཅུང་ཟད་ཕྱེ་མིན་ན། ༨ །མུན་འཇོམས་སྣང་བ་རྣོ་ལྡན་རིན་ཆེན་གང་ཁྱོད་བསོད་ནམས་བརྟེན་རྣམས་ཀྱིས། །རིང་འཚོ་ཞེས་བྱ་བརྟུལ་ཞུགས་ངེས་པའི་ཆོ་གས་རྒྱལ་མཚན་ལ་བཀོད་ན། །ཛམྦུའི་གླིང་དུ་མཐའ་དག་འགྲོ་ཚོགས་མངོན་འདོད་དོན་རྣམས་ཆར་འབེབས་པ། །གཞན་དོན་བརྟན་པར་གྱུར་པས་ཁྱབ་པར་བགྱི་སླད་དེ་ནི་བཟུང་བར་མཛོད། ༩ །མི་བསྲུན་སྐྱེ་བོ་ངན་པའི་གནོད་བྱ་བཟོད་དཀའ་ཆེན་པོ་ཡིས། །བསམ་པ་ཆེ་རྣམས་བསམ་པ་རྣམ་པར་འགྱུར་བ་ཉིད་མ་ཡིན། །སྦྲུལ་གྱིས་རབ་བསྐོར་ས་འཛིན་དག་གི་དཀུག་པར་གྱུར་མོད་ཀྱང་། །ཆུ་གཏེར་སྙིང་ལས་བདུད་རྩིའི་རང་བཞིན་རབ་ཏུ་གཏོང་བ་མིན། ༡༠ །ཁྱེད་ཀྱིས་འཁོར་བ་མཐའ་མེད་བཟློག་དཀའ་བློ་ཉམས་རྣམས་ཀྱི་རབ་ཞི་འཕྲོག །རྨོངས་པ་ཆེན་པོའི་ཁང་པ་རྒྱ་ཆེ་ལམ་དུ་གདུང་བའི་ཚོགས་ཀྱི་ཁུར། །རྒྱགས་དང་སྡང་བའི་གཞི་མ་ཡུལ་


LT37_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུག་གི་སྙིང་པོ་རྣམ་འགྱུར་ཅན། །རབ་རིབ་མཐུ་ཡིས་ཡོངས་སུ་བསྒྲིབས་པ་རྒྱལ་བའི་འོད་ཀྱིས་འཕྲོག་གྱུར་ཅིག ༡༡ །འཕྲལ་ལ་རི་བོ་བསྐྱོད་པས་བསྲུབས་པའི་ཉོན་མོངས་གཟེར་མ་དེ་དང་དེ། །ལྷ་བརྒྱའི་ཆེད་དུ་བདུད་རྩིའི་ཆུ་གཏེར་བསམ་པ་ཆེན་པོས་བཟོད་པར་བྱེད། །དྲི་མེད་ཡི་ལྡན་དག་ནི་གནོད་པ་དང་བཅས་ཚེ་ནའང་རྣམ་འགྱུར་མེད། །གཞན་ཕན་བསྒྲུབ་པར་ཆས་པའི་ལྷག་བསམ་དེས་ནི་ཡུན་ཏུ་སྐྱོང་བར་མཛོད། ༡༢ །སྐྱེ་བོ་རྣམས་ཀྱི་རྒུད་པ་མཐའ་དག་བསྲུང་བའི་རིན་ཆེན་ཚུལ་ཁྲིམས་ནི། །རབ་གསལ་བདུད་རྩིའི་རང་བཞིན་དྲི་མེད་གལ་ཏེ་ཆ་ཡང་མ་ཉམས་པས། །ཆོས་ཀྱི་ལམ་གྱི་མན་ངག་བསྒྲུབ་པས་འཇིག་རྟེན་སྣང་བར་མཛད་པ་ཡི། །སྨོན་ལམ་དག་པའི་ལྗོན་པ་ཉིད་ལས་རེ་བའི་འབྲས་བུ་རྫོགས་གྱུར་ཅིག ༡༣ །སརྦཱ་རྠ་ཡ་ཐཱ་སིདྡྷི་བྷ་བནྟུ།། ༈ །།།ཨོཾ་སྭ་སྟི།""ཤོག་ལྷེ་༡༦༢)སྲིད་པའི་རིམས་ནད་འཇོམས་བྱེད་སྨན་ཆེན་པོ། །དམ་ཆོས་བདུད་རྩིའི་ཕུང་པོ་སྤྲོ་བའི་སྤྲིན། །བྱིན་རླབས་ཐུགས་རྗེའི་གཏིང་མཐའ་གཞལ་དཀའ་བ། །རྣམ་འདྲེན་ཤཱཀྱའི་རྒྱལ་པོས་དགེ་ལེགས་སྩོལ། །བླ་མེད་རྒྱལ་བ་མཆོག་དེའི་བསྟན་པ་ལ། །སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་ཀྱིས། །དཔག་མེད་གདུལ་བྱ་འདུལ་བའི་ཐབས་མཁས་ཅན། །དཔལ་ལྡན་ཀརྨ་ཀ་ཡི་ཞབས་པད་དུ། །རིན་ཆེན་སེམས་ལས་བྱུང་བ་དད་པའི་གཏེར། །བསོད་ནམས་རྒྱ་ཆེའི་ཟོང་དུ་འདུ་བགྱིས་པས། །རབ་དགའི་སྤྱོད་ལ་ཞུགས་པའི་རྒྱལ་སྲས་ཀྱི། །རྣམ་ཐར་ཡིད་འོང་ཉིད་ལས་མཚོན་མ་ཡིན། །ཆོས་ཀྱི་སླད་དུ་གཏོང་དང་གཏོང་བ་ལ། །མ་འདྲིས་སེར་སྣས་བཅིངས་པའི་ལོངས་སྤྱོད་དང་། །སྦྲང་མས་བསགས་པའི་སྦྲང་རྩི་དག་ཀྱང་སྟེ། །གཞན་དབང་ཁོ་ནར་སོང་བའི་གནས་སྐབས་མཐོང་། །དེ་སླད་རྒྱུ་ལས་ཐོབ་པའི་འབྲས། །སྨོན་ལམ་ལུས་ཅན་དེ་བཞིན་གཤེགས། །བཟང་པོའི་མཚན་གྱི་དཔལ་འབར་བ། །ཞིང་ཡོངས་སྤྱོད་པའི་སྐབས་ཆུད་དང་། །འགྲོ་ཁམས་དག་པའི་རིན་ཆེན་ས་གཞིང་སྤྲུལ་པ་རྣམ་བཞིའི་གཟུགས་འཕོ་བ། །གནས་ཀྱང་ཐ་དད་མཚན་ཡང་ཐ་དད་རབ་འབྱམས་རྒྱ་མཚོའི་རྡུལ་ཇི་སྙེད། །དེ་སྙེད་རྒྱལ་བའི་ཆོས་ཀྱི་དབྱིངས་སུ་རོ་མཉམ་མངོན་པར་བྱང་ཆུབ་པའི། །ཟབ་མོའི་འདུ་ཤེས་སྐལ་པས་ཐོབ་དེས་རྣམ་དཀར་སྤྱོད་ཡུལ་དག་པར་བསྒྲུབས། །


LT37_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞིའི་འཇིག་རྟེན་བཅོམ་པ་དང་ལྡན་བྱང་ཕྱོགས་བོད་ཡུལ་རིགས་བཞིན། །འཇིག་རྟེན་དབང་ཕྱུག་སྙིང་རྗེའི་རོལ་པ་རྡོ་རྗེ་འཛིན་པའི་སྐུར་བཞེངས་ནས། །ཐེག་པ་ཆེ་ཆུང་ཆོས་ཀྱི་རྔ་ཆེན་བརྒྱ་ཕྲག་དུས་གཅིག་བརྡུང་བ་དང་། །འཁོར་བ་དོང་སྤྲུགས་འགྲོ་འདུལ་མཛད་པ་གཞན་ལས་ཁྱད་པར་འཕགས་པ་སྟོན། །དེ་བཞིན་ཕྱོགས་བཅུའི་ཞིང་ཁམས་གངྒཱའི་རྡུལ་སྙེད་རྣམ་པར་བཀོད་པ་དང་། །ལ་ལར་སྐྱེ་འཇིག་སད་དང་བག་ཉལ་ཁམས་ཀྱི་རིམ་པ་མཐར་ཐུག་པ། །དང་པོའི་རྒྱུན་ནས་སྙིང་པོའི་བར་ཡང་སྨིན་གྲོལ་བརྟུལ་བ་མེད་ཉིད་ན། །ཅི་སླད་ཐབས་མཁས་རིགས་མཐུན་ཟོལ་གྱིས་གནས་སྣང་མཐིལ་དུ་སྦེད་པར་གྱུར། །བསྐལ་མང་གོང་ནས་ཐུན་མིན་ལམ་གྱིས་རྒྱལ་ཀུན་ཡབ་ཏུ་གཤེགས་མོད་ཀྱི། །སྙིགས་མའི་དུས་འདིར་རྒྱལ་སྲས་གཞོན་ནུའི་སྤྱོད་པ་རླབས་པོ་ཆེར་ཞུགས་ནས། །གཞར་ཡང་མི་ཤིགས་སྙིང་སྟོབས་གོ་ཆ་དམ་བཅའི་ཡ་ལད་རབ་སྲ་བ། །བདེར་གཤེགས་རྣམ་དྲུང་ཡང་ཡང་བཞེས་པའི་ངོ་མཚར་ཟླ་རིས་དེང་འདིར་མཛེས། །འཛམ་གླིང་ས་ལ་རབ་ཏུ་འཕོས་པའི་འཇིག་རྟེན་རྣམ་འདྲེན་བླ་ན་མེད། །ཡེ་ཤེས་ལྔ་དང་མཁྱེན་པ་གཉིས་ཀྱི་གཏེར་ཆེན་གཟོད་ནས་བརྙེས་ལགས་གྲང་། །ཡོན་ཏན་ཆབ་ཀྱིས་ངོམ་པ་མེད་པར་རྒྱ་མཚོའི་རང་བཞིན་འཛིན་གྱུར་པས། །ཐམས་ཅད་མཁྱེན་ཅེས་མཚན་དོན་མཐུན་པར་བསྔགས་བརྗོད་ཕྱོགས་བཅུའི་ཞིང་ན་བྲེལ། །


LT37_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་སོགས་བདག་ལྟའི་གྲུབ་མཐའ་ངན་པར་ལོག་པའི་སེམས་ཀྱིས་ཞེན་གྱུར་པ། །ཆོག་རབ་རྣམ་འབྱེད་ཤེས་རབ་ཟབ་མོས་ལུང་རིག་མཚོན་རྣོན་འཕེན་བྱས་པས། །མཐར་ལྟའི་འཛིན་སྟངས་གཏན་ཚིགས་དུ་མས་དབུ་མའི་ས་ལ་བསྙིལ་བ་ན། །ཡེ་ཤེས་བདེན་གྲུབ་སེང་གེའི་སྒྲ་ལ་འཇིགས་པ་མེད་པའི་སྤོབས་པ་ཐོབ། །ཆུ་ཤིང་བཞིན་ཏུ་སྙིང་པོ་མེད་པ་སྡུག་བསྔལ་འབྱུང་གནས་འཁོར་བ་རུ། །སྤྲུལ་དང་སྒྱུ་བཞིན་དཔལ་འབྱོར་ཉི་ཚེའི་ཞོ་ཤས་འཚོ་བ་གང་ཡིན་པ། །ཆུ་ཟླ་ལྟ་བུར་དེ་ཉིད་མཁྱེན་པས་སྣང་ཤས་ལམ་ལས་བཟློག་པ་དང་། །འདམ་ལས་སྐྱེས་པའི་པདྨོ་ཇི་བཞིན་ལྷན་ཅིག་བྱུང་ཡང་དྲི་མས་དབེན། །སྒོ་གསུམ་གནད་ཀྱིས་ཟག་པ་བཅིངས་པ་མཆོག་ཏུ་མི་འགྱུར་ཙཎྜ་ལཱི། །ཞུ་བདེར་གྲུབ་པའི་དངུལ་ཆུའི་སྦྱོར་བས་ཕུང་ཁམས་ལྕགས་རིགས་ཟོས་གྱུར་པས། །དབེན་གསུམ་མཐར་ཐུག་དག་པའི་སྒྱུ་ལུས་ཞི་བའི་རོས་སིམས་རིན་ཆེན་ཁམས། །ཐ་མལ་དངོས་ཀུན་རིན་ཐང་མེད་པར་ཨེ་ཝཾ་ཕྱག་རྒྱས་བསྡོམས་པར་མཛད། །ལྷ་སྐུ་ཐིག་ལེའི་འཕྲོ་འདུ་ཡངས་པོར་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །འཁོར་འདས་གཞིར་བཞེངས་རང་བྱུང་སྒོ་བརྒྱ་རྨི་ལམ་ལྟ་བུར་རྫོགས་པ་དང་། །སྨིན་ཅིང་སྦྱོང་བའི་རིག་སྔགས་ཟབ་མོའི་ཕ་མཐར་བདེ་བར་སོན་པའི་ཕྱིར། །ཁྱབ་དང་རྟག་པའི་བདག་ཉིད་ཆེན་པོ་ཀུན་ཏུ་འཆང་ཞེས་མཚན་དོན་ལྕི། །དུས་གསུམ་སྤྲོས་བཅས་རྣམ་པར་རྟོག་པས་རྣམ་པར་


LT37_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཙམ་མིན་པ། །དེ་བཞིན་ཉིད་ལའང་མི་གནས་མི་འགྲོ་བདག་མེད་རྟོགས་པའི་ཤེས་རབ་དང་། །བྱིན་རླབས་ལམ་གྱིས་གདོད་མའི་ཡེ་ཤེས་སྟན་ཐོགས་གཅིག་ཏུ་མངོན་མཛད་པས། །སྐད་ཅིག་རེར་ཡང་ཏིང་འཛིན་དུ་མར་འཇུག་དང་ལྡང་བའི་རྣམ་དཔྱོད་ངོམས། །སྟོབས་བཅུའི་རང་བཞིན་མ་འདྲེས་ཆོས་ལྡན་མི་འཇིགས་བཞི་ཡིས་སྲིད་གསུམ་ཁོངས་འདིར་བསྙེངས་བྲལ་བ། །སངས་རྒྱས་ཀུན་དང་དབྱིངས་ཡེ་རོ་མཉམ་སྐྱོབ་པ་ཟླ་བྲལ་དུས་གསུམ་ཀུན་མཁྱེན་ཀརྨ་པ། །སྲིད་མཐའི་བར་ཡང་རི་མོར་བགྱིད་སླད་དད་གསུམ་ཀླུས་བསྐུལ་རྣམ་དཀར་བདུད་རྩིའི་ཆར་བཟུང་བ། །ཚོགས་གཉིས་ཟུང་འཇུག་སྤྲིན་གྱི་བླ་རེ་གཡར་ལམ་བྲེས་པས་ཕྱོགས་རེའི་བསོད་ནམས་བསགས་ལ་སྤྲོ། །ཞེས་ཤིས་པར་བརྗོད་ཅིང་ཅུང་ཟད་བསྔགས་པའི་ཚིག་གི་མེ་ཏོག་མནྡཱར་བའི་ཆར་ཕང་ཕུང་དུ་བསྙིལ་བས་དགེ་བར་བྱས་ནས། དེང་གི་ཆར་ཡང་། ལྷར་བཅས་སྲིད་པ་གསུམ་གྱི་བླ་མ་དཔལ་ལྡན་འཇིག་རྟེན་དབང་ཕྱུག་གང་ཉིད་འཛམ་གླིང་བསྟན་འགྲོའི་དཔལ་དུ་འཚོ་ཞིང་གཞེས་ཏེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མི་འཇིགས་ཆོས་ཀྱི་ཁྲི་ལ་མཚན་དཔེའི་སྐུ་མཆོག་ལྷམ་མེར་བཞུགས་པ་ནས། གྲོལ་བ་བཞི་ལྡན་གྱི་དབང་རྟགས་ཅོད་པན་རིན་པོ་ཆེ་ལྷ་མི་ཀུན་གྱི་སྤྱོད་ཡུལ་དུ་མངོན་སུམ་དུ་སྣང་བར་མཛད་དེ་འབྲེལ་ཚད་མངོན་མཐོ་དང་ངེས་


LT37_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱི་དཔལ་ལ་སྦྱོར་བའི་བཀའ་དྲིན་གྱི་མུ་མཐའ་བློ་ཡི་ར་བ་ལས་ཡོངས་སུ་འདས་པས་དངོས་པོའི་མཐའ་གཞལ་བ་ལྟ་ག་ལ་ཞིག་ཀྱང་ཅུང་ཟད་འདོག་པ་འདིས་མཚོན་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོར་དད་པས་སྤྲུལ་ཏེ་འབུལ་བའི་མཎྜལ་མཚོན་བྱེད། ཐོག་མར་བཀྲ་ཤིས་རེ་ཁཱས་མངོན་པར་འཁྱུད་པའི་ཁ་བཏགས་ཉིན་བདེ་མ་སྲིད་དུ་རིང་བ། བཅས་གྲངས་ལྡན་ཡེ་ཤེས་ཀྱི་སྤྱན་ཟུར་གཡོ་བའི་རྟེན་མཚོན་ཙམ་དུ་གུས་པ་ཆེན་པོས་འབུལ་ལམ་ཞུ། སླར་སྨྲས་པ། ཐ་སྙད་རིག་པར་སྨྲ་བའི་པཎྜི་ཏ། །ཟབ་མོ་ནང་གི་ལམ་སྟོན་དགེ་བའི་བཤེས། །མདོ་སྔགས་རྒྱ་མཚོར་ཞུགས་པའི་རྡོ་རྗེ་འཛིན། །ཀུན་མཁྱེན་རྒྱལ་བའི་དཔའ་བོ་ཞབས་བརྟན་གསོལ། །གང་ཁྱོད་མ་འདྲིས་སྐྱེ་དགུ་མཐའ་དག་གི། སྐྱབས་དང་ཡོངས་རྫོགས་བསྟན་པའི་དཔལ་གྱུར་བས། །སྲིད་ཞི་བདེ་ལེགས་ཀུན་གྱི་གཞི་ཡིན་ཕྱིར། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པ་དང་། །བདག་སོགས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་བསམ་དོན་ཆོས་བཞིན་འགྲུབ། །དོན་གཉིས་ལྷུན་གྱིས་རྫོགས་པའི་བྱིན་རླབས་ཀྱིས། །དགེ་མཚན་གྲིབ་བསིལ་སྡུམ་པོས་སྐྱོང་གྱུར་ཅིང་། །སརྦ་དཱཀ་ལྱ་ཾ་བྷ་བནྟུ། །ཡ་ཐཱ་སིདྡྷི་རྦྷ་བ་ཏུ།། ༈ །།དཔལ་ལྡན་


LT37_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ་ཆེན་པོའི་ཞབས་པད་དུ་ལེགས་འབུལ་གྱི་མཆོད་སྤྲིན་སྟོབས་པའི་ཐོ་ཡིག་དགེ་མཚན་ཀུནྡྷཱ་བཞད་པའི་ཟླ་གཞོན་ཞེས་བྱ་བ། པདྨའི་དབུས་ན་ཉི་མའི་ཐིགས་པ་བཞིན། །ཐུགས་རྗེའི་ཆ་ཤས་ལྷུང་བས་སྲིད་དང་ཞིའི། །དགེ་ལེགས་མ་ཚང་མེད་པའི་དཔལ་ཡོན་ཏུ། །གསལ་མཛད་ཤཱཀྱའི་རྒྱལ་པོས་འགྲོ་འདི་སྲུངས། །བྱང་ཆུབ་སེམས་ཀྱིས་སྲུང་བའི་འཇིག་རྟེན་ཁམས། །རབ་འབྱམས་རྣམ་པར་གང་བ་སྤྲུལ་པའི་སྐུ། །གཅིག་ཅར་སྤྲོ་དང་བསྡུ་བའི་བཀོད་པ་ཅན། །འཇིག་རྟེན་དབང་ཕྱུག་ཞབས་པད་སེང་གེའི་ཁྲིར། །དད་གསུམ་དཔལ་ཀུན་འཚོགས་པའི་ལྷག་མ་ཅན། །ལེགས་སྨོན་རྒྱུ་ཡི་བསོད་ནམས་གང་བཟོད་པས། །གཙོ་བོ་སྲས་བཅས་རིམ་གྲོར་དགྱེས་པའི་མཁར། །དངོས་འབྱོར་སྤྲིན་ལས་བསྔགས་པའི་སྒྲ་དེར་མཚོན། །འཛིན་མའི་ཁོང་འདིར་རྒྱལ་བའི་བསྟན་པ་


LT37_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྒྱལ་བ་གཉིས་པ་ལྟ་བུའི་ཕྲིན་ལས་ཀྱིས། །རྒྱལ་བའི་དབང་པོར་བསྔགས་པའི་མཚན་དོན་ལ། །ཕྱོགས་བཅུའི་རྒྱལ་བའི་ཞིང་ནས་བསྔགས་པ་བཞིན། །གཞི་གནས་རང་བྱུང་སེམས་ཀྱི་རྡོ་རྗེ་རུ། །བྲལ་དང་སྨིན་པའི་ཡོན་ཏན་མངོན་རྫོགས་པ། །བྱང་ཆུབ་གསུམ་གྱིས་གདོད་ནས་མཆོག་བརྙེས་པས། །ཀུན་ཏུ་འཆང་ཞེས་རྟག་ཅིང་ཁྱབ་པར་ལྡན། །ཕྱོགས་བཅུའི་ཁམས་སུ་འདྲེན་པ་གང་ཆེན་མཚོ། །སྐུ་དང་ཞིང་ཁམས་རོ་གཅིག་རྒྱ་ཆེ་བའི། །དུས་གསུམ་ཆགས་ཐོགས་མེད་པའི་གཟིགས་པ་ཡིས། །སྤྱན་རས་གཟིགས་དབང་མཚན་སྙན་ལེན་གྱུར་གྲང་། །གངས་རིའི་ལྗོངས་སུ་དགེ་བའི་བཤེས་གཉེན་སོགས། །ཐབས་རྣམས་དུ་མའི་ཆོ་འཕྲུལ་འདུ་མཛད་པས། །རྣམ་ཐར་ཉི་མའི་ཟེར་གྱིས་མ་བྲན་པའི། །མུན་པའི་གོ་འཕང་གནས་སྐབས་འགར་ཡོད་མིན། །བདག་ཉིད་ཆེན་པོའི་ལེགས་བྱས་ཀྱི། །སྣང་བས་བཟུང་བའི་དགའ་ཚལ་ན། །ཟབ་གསང་རྐང་པ་དྲུག་པའི་གླུ། །རྡོ་རྗེའི་རྣལ་འབྱོར་བཅུད་དུ་ལེན། །མཁས་གང་བསོད་ནམས་འབབ་སྟེགས་ལས། །རིམ་གྱིས་ཐེག་པའི་མཐར་གཞོལ་པས། །དག་སྣང་མངོན་རྫོགས་དཔལ་གང་དེ། །མགོན་ཁྱོད་ཐུགས་རྗེའི་འཇུག་པར་བས། །དེ་བཞིན་ཇི་སྙེད་བཀྲ་ཤིས་དང་། །སྣ་ཚོགས་ཚུལ་གྱི་ཆོས་སྒོ་དང་། །སྟེས་དབང་གིས་ནི་འཕྲད་གྱུར་པའི། །དགེ་ཀུན་དེ་ཡི་རྗེས་སུ་བྱེད། །


LT37_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་འདས་པའི་གཤིས་གང་ལ། །ཕུན་སུམ་ཚོགས་པ་ལྔས་བསྡུས་པ། །མཐར་གྱིས་འགྱུར་མེད་སྙིང་པོ་ཅན། །དེ་ཀུན་མཆོག་གི་མཛད་པར་དྲན། །དེས་ན་རྒྱལ་རྣམས་ཡི་རངས་མཛད་དང་དགོངས་པས་བསྡུས་པའི་ཤེས་བྱ་ལ། །རྣམ་འཕྲུལ་སྣ་ཚོགས་ཀུན་ཤོང་ཡངས་པའི་བསམ་གཏན་ཏིང་འཛིན་མཆོག་གི་མཁར། །འབྱུང་བ་ཆེ་སོགས་རྒྱུ་དང་མི་རྒྱུའི་འདུ་འགོད་རོལ་པ་ཇི་ལྟ་བར། །རྟོག་པ་མི་མངའ་ཀུན་ཏུ་འཇུག་པའི་ནུས་པའི་རང་བཞིན་གསལ་བར་སྟོན། །དག་པའི་ཞིང་ནི་སྙིང་རྗེས་རོལ་བ་རྒྱལ་དང་རྒྱལ་བའི་མྱུ་གུ་དག །ཁྱོད་ཀྱི་ཐུགས་བསྐྱེད་པད་དཀར་ལྟ་བུའི་དཔལ་གྱིས་མ་བགོས་ས་མིན་ན། །དུས་ཀྱི་ཆ་རེར་འཁོར་བ་དོང་སྤྲུགས་མཛད་པ་བླ་མེད་མཐར་སོན་པས། ཁམས་ལ་སྟངས་པའི་ཡེ་ཤེས་རྒྱ་མཚོ་སྐད་ཅིག་རྫོགས་པར་ཅིས་མི་འགྱུར། །གངས་ཅན་བསོད་ནམས་ཞིང་དུ་སྤྲུལ་པའི་སྐུ། །ངོ་མཚར་གཞལ་བར་དཀའ་བའི་རྒྱལ་ཐབས་ལས། །ཆོས་ཀྱི་རྒྱལ་པོར་གདོང་ནས་གྲུབ་པ་དེས། །གྲགས་པའི་དཔལ་རྣམས་རི་མོའི་མར་མེར་བྱས། །རྒྱལ་ལ་ཤེས་བྱའི་སྒྲིབ་པ་མི་མངའ་བས། །རྒྱུ་རྐྱེན་ཕྲ་མོའང་མ་འདྲེས་རྟོགས་མོད་ཀྱི། །སྐྱེ་ལ་ཐུགས་རྗེ་ཆེན་པོའི་རྒྱུན་བསྲིང་བས། །ཐ་སྙད་སྤྱི་དང་བྱེ་བྲག་མཁྱེན་པས་འཕགས། །རྒྱལ་བའི་ལུང་བརྙེས་འཚོ་བྱེད་ཆོས་ཚུལ་འདིར། །འདྲེན་པའི་བྱིན་རླབས་ལམ་གྱི་ཁྱད་


LT37_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་། །འཕུར་འགོའི་སློབ་དཔོན་དངོས་སུ་བསྙེན་བཟོད་པས། །མཆོག་དངོས་ཅིག་ཆར་བརྙེས་པར་མ་གྱུར་ཏམ། །རྟོགས་པའི་ཐོབ་ལས་བགྲོད་པ་འགག་གྱུར་པས། །དབེན་གསུམ་ངོ་བོ་ཉིད་ཀྱིས་མཐར་ཐུག་ཕྱིར། །སྲིད་པའི་སྙན་གྲགས་དག་ལ་མི་ཆགས་པར། །ནང་གི་རྣལ་འབྱོར་རྡོ་རྗེའི་སྲོག་ཏུ་གྲུབ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། །གསེར་མདོག་མཚན་དཔེ་འབར་བའི་སྐུ་དེ་དང་། །དབྱེར་མེད་ཅོད་པན་འཛིན་པའི་ཁྱད་པར་ལས། །ཀརྨ་ཀ་ཞེས་མཚན་གྱི་གྲགས་པ་གསལ། །བསྡུ་བཞིའི་རྒྱ་མཚོར་རོལ་པའི་ཐབས་མཁས་ཀྱི། །ཆུ་ཀླུང་ཇི་སྙེད་སྤྱོད་ཡུལ་ཐུན་མོང་པས། །དམན་པས་བཟུང་བའི་སའམ་འདི་ཅི་ཞེས། །ཐུགས་རྗེའི་ཁྱད་པར་ཉི་ཟླའི་ཚུལ་ལས་རྟོགས། །ཆོས་ཀུན་དག་པར་རྫོགས་པ་ཆོས་ཉིད་ཀྱང་། །གློ་བུར་ཀུན་ཏུ་བརྟགས་པ་འཁྲུལ་པའི་དྲི། །སྦྱངས་དང་སྨིན་པས་བཀྲུས་ཕྱིར་བྲལ་བའི་འབྲས། །རྣམ་གྲོལ་དཔག་པར་དཀའ་བའི་དགེ་མཚན་བཟུང་། །བརྟེན་གཞི་གྱུར་པའི་ས་སྟེ་རིན་ཆེན་འབྱུང་བའི་རྒྱ་མཚོ་ཆེ། །འབྲས་བུས་གང་བའི་དཔག་བསམ་གཏེར་གྱིས་གཏམས་པའི་བུམ་བཟང་ལགས་འཁོར་མཚོ་སྒྲོལ་བའི་དེད་དཔོན་འདོད་རྒུ་འཇོ་བ་ཡིད་བཞིན་ནོར། །བསམ་གྱིས་མི་ཁྱབ་ནམ་མཁའ་ཡོན་ཏན་མཆོག་གི་ཁྱད་པར་བཟུང་། །སྔོན་ཆད་ཐོས་པའི་ཡུལ་དུའང་ཐོབ་དཀའ་བའི། །རིན་ཆེན་


LT37_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཁྱད་པར་གསར་པ་འདིས། །ས་གསུམ་ཡིད་ལ་ཀུན་དགར་ཇི་སྩལ་བ། །ས་ཡི་རྟོགས་པ་འཕར་བས་མཚོན་ནུས་མིན། །དེ་བས་དགྱེས་དགུར་ཕྱོགས་པའི་སྤྲིན། །ཕྱོགས་རེ་དག་གི་བསོད་ནམས་སླད། །སྒོ་གསུམ་དུས་མཐའི་མོས་པ་ལ། །དྲང་བའི་ལེགས་བཤད་བརྩམས་འདིའོ། །ཞེས་ཤིས་བར་བརྗོད་པ་དང་། །ཅུང་ཟད་བསྔགས་པའི་ཚིག་གི་མེ་ཏོག་མནྡཱ་ར་བའི་ཆར་བསྙིལ་དུ་ཀུན་ཏུ་དགེ་བར་བྱས་ནས། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ་དཀྱིལ་འཁོར་རབ་འབྱམས་ཀྱི་དབང་ཕྱུག་མཆོག་གི་ཞབས་པད་འཁོར་ལོའི་རེ་ཁཱས་མངོན་པར་མཚན་པའི་ཉེ་དྲུང་དུ། གུས་པ་ཆེན་པོས་རབ་ཏུ་འདུད་པའི་ཕྱག་སྔོན་ཏུ་འགྲོ་བས་ཞུ་གསོལ། དེང་གི་ཆར། གནས་ཕུན་སུམ་ཚོགས་པ་བསྐལ་བཟང་གི་སྣང་བས་ས་གསུམ་ཉིན་མོར་མཛད་པ་འཛམ་གླིང་ཡུལ་ཆེན་དྲུག་གི་ནང་ཚན། འབགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས། བསིལ་ལྡན་གངས་ཀྱི་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ལྗོངས། དཀོན་མཆོག་གསུམ་གྱི་ཉིན་བྱེད་ཐོག་མར་འཆར་བའི་བོད་ཡུལ་དབུས་འགྱུར་འཆང་། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ། ས་ལ་སྤྱོད་པའི་འོག་མིན། སྒྲུབ་བརྒྱུད་བསྟན་པའི་ཆུ་ཀླུང་འཛམ་གླིང་ཁྱབ་པར་འགྱེད་པ་མ་དྲོས་པའི་མཚོ་ཆེན་གདན་ས་གོང་མར་ཡོངས་སུ་གྲགས་པ་སྟོད་ལུང་མཚུར་གྱི་ཕུ། རི་ངོ་


LT37_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་འཛིན་གྱི་གཞལ་མེད་ཁང་དང་ཐ་དད་ཡེ་ནས་མི་མངའ་བའི་གནས་སུ། དུས་ཕུན་སུམ་ཚོགས་པ། རྒྱལ་བ་གཉིས་པ་པདྨ་ཀཱ་ར་གདུལ་བྱ་གཞན་སྣང་དུ་སྒྱུ་རྩལ་དང་རིག་པའི་གནས་མཐའ་དག་མཁས་པར་ཐུགས་སུ་ཆུད་པས་བློ་ལྡན་མཆོག་སྲེད་དུ་གྲགས་ཤིང་། གངས་རིའི་ལྗོངས་ཀྱི་ངེས་དོན་བསྟན་པའི་བདག་པོ་ཀུན་མཁྱེན་དོལ་པོ་པ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་སྐུར་བཞེངས་ནས་སྲིད་པ་གསུམ་གྱི་འཕོ་བའི་འཇིགས་པ་བཅོམ་པ་དང་། པ་སངས་ནམ་གྲུར་རྩེ་བ་བྱང་ཆུབ་འགྲུབ་པའི་སྦྱོར་བ་སོགས་གཙུག་ལག་གི་གཞུང་ལས་ཇི་སྐད་བཤད་པའི་གཟའ་སྐར་སྦྱོར་བྱེད་རབ་ཏུ་དགེ་བའི་སྔ་གྲོའི་ཆར། སྟོན་པ་ཕུན་སུམ་ཚོགས་པ། རང་བཞིན་དང་གློ་བུར་གྱི་དྲི་མ་ལས་ངེས་པར་གྲོལ་བ་དག་པ་གཉིས་ལྡན་གྱི་ཆོས་སྐུ་གདོད་ནས་མངོན་ཏུ་མཛད་ནས། གནས་དུས་སྟོན་འཁོར་ཆོས་སྒོ་སྟེ་ངེས་པ་ལྔ་དང་ལྡན་པས་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་རྫོགས་པར་ལྷུན་གྱིས་གྲུབ་པའི་སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་བཀོད་པ་ལས། ཇི་ལྟ་བ་དང་ཇི་སྙེད་པ་སྟེ་མཁྱེན་པ་གཉིས་ལྡན་གྱི་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་དང་། སྐྱེ་བ་སོགས་གང་འདུལ་གྱི་རོལ་མོ་ཚད་ལས་འདས་པར་འཆར་བས་སྲིད་དང་ཞི་བའི་དབྱིངས་ནས་ཁྱབ་པ་དང་རྟག་པའི་ཕྲིན་


LT37_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་དབང་དུ་སྒྱུར་བའི་སྟོན་པ་གཉིས་སུ་མ་མཆིས་པར་སྙན་པར་གྲགས་པས་ཞིང་ཁམས་ཁྱབ་པར་འགེངས་པ། རྒྱལ་སྲས་མ་ལུས་པའི་སྐྱེད་བྱེད། གངས་ཅན་མགོན་པོ་སྙིང་རྗེའི་དབང་ཕྱུག་ཕྱག་ན་པདྨོའི་གཟུགས་སྐུ་མཐོང་ན་མི་མཐུན་པ་མེད་པར་ལྷམ་མེར་སྣང་བའི་ཞབས་ཀྱི་པདྨོར་བསྙེན་པའི། འཁོར་ཕུན་སུམ་ཚོགས་པ། སྐྱེས་པའི་རབས་རྒྱ་མཚོ་རྣམས་སུ་ལ་ལར་བླ་མ་དང་། ལ་ལར་སློབ་མའི་ཚུལ་གྱིས་རྒྱལ་བ་གང་གི་བསྟན་པ་ནམ་མཁའི་མཐར་སྤེལ་བའི་སྙིང་སྟོབས་ཀྱི་ཡ་ལད་ཐོགས་པ། ཕྲིན་ལས་ཀྱི་དབང་ཕྱུག་རྒྱལ་ཚབ་ལྷ་བརྒྱའི་མགོན་པོ་མཆོག་གི་སྤྲུལ་པའི་སྐུ་སོགས་འཕགས་པའི་ས་ལ་དབང་ཐོབ་ཀྱང་བསམ་བཞིན་སྲིད་པའི་རོལ་པར་སྟོན་པ་རྣམས་དང་། བསླབ་གསུམ་གྱི་རྒྱ་མཚོ་ལ་གནས་བཅས་ཤིང་ལུང་རྟོགས་ཀྱི་རྩལ་རྫོགས་པ་དགེ་འདུན་ངང་པའི་ཁྱུ་ཚོགས་རྣམས་དང་། དད་པའི་རྩ་བ་རབ་ཏུ་བརྟན་ཅིང་འབྱོར་པའི་འདབ་བརྒྱ་ཕྱོགས་མེད་དུ་གྲོལ་བ་གདུལ་བྱ་རིགས་ཅན་གསུམ་གྱི་པད་ཚལ་ཅི་ཡང་རྒྱས་པའི་དབུས་སུ། ཆོས་ཕུན་སུམ་ཚོགས་པ། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ཏུ་འབྲེལ་བ་ལུང་དང་རྟོགས་པའི་འཁོར་ལོ་ཉིད་དང་། ཚིག་ལས་འདས་པའི་དགོངས་པས་བྱིན་གྱིས་བརླབས་པ་དང་། དབང་པོ་དང་བསམ་པའི་རྗེས་སུ་ཞུགས་པའི་བརྡའམ་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་པས་བགྲོད་


LT37_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ལམ་ལས། འགྲོ་བ་མ་བསྒྲལ་བ་མཐའ་དག་ཡང་དག་པར་བསྒྲལ། ཡང་དག་པར་དབུགས་དབྱུང་བ་ལས། གདོད་ནས་སྐུ་བཞིའི་རྒྱལ་ཐབས་ལ་མངའ་དབང་སྒྱུར་བའི་ཟུང་འཇུག་རྡོ་རྗེའི་ཅོད་པན་གང་ཉིད། རང་རྟགས་རིགས་ཀྱི་ཅོད་པན་མཐོང་གྲོལ་དབང་སྔོན་གསེར་གྱི་མདངས་ཅན་གྱིས་མཚོན་ཏེ། དད་པའི་ཡིད་ཀྱིས་གོ་ཕྱེས་པའི་ཆུ་བུར་མིག་གི་སྤྱོད་ཡུལ་མངོན་སུམ་པར་འདུ་མཛད་པས། བསྐུར་ཐོབ་ཀྱི་སྒྲོས་པའི་ངལ་བ་བརྒྱ་ཕྲག་གིས་མཚོན་ཏུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་བསྩལ་བས་མི་ལུས་དོན་ལྡན་ཏུ་གྱུར་པ་དང་། ཁྱད་པར་བཀའ་བརྒྱུད་བསྟན་པའི་སྣང་བྱེད། རྒྱལ་བའི་ཕྲིན་ལས་ཀྱི་དབང་ཕྱུག །ཉི་མ་དང་འོད་ཟེར། ཙནྡན་དང་དྲི་བསུང་བཞིན་གདོད་ནས་འབྲལ་མེད་ཏུ་གྲུབ་པ། བྱམས་མགོན་སྤྲུལ་པའི་ཟླ་ཞལ་གསར་དུ་ཚེས་པའི་ངོས་འཛིན་དང་མངའ་གསོལ་ནས་བརྩམས། རྒྱལ་བའི་སྲས་སུ་བསྒྲུབས་ཤིང་རྒྱལ་ཚབ་ཆེན་པོའི་ས་ལ་དབང་བསྐུར་བར་མཛད་པའི་བཀའ་དྲིན་གྱི་ཁྱོན་ནི། སྙིང་པོའི་རང་བཞིན་ལ་བྱང་ཆུབ་ཀྱི་བར་དུ་གཞལ་བྱའི་མཐའ་ཅན་དུ་གྱུར་ནའང་། ཐོག་མའི་རྟེན་འབྱུང་སྐུ་དྲིན་གྱི་ལེགས་འབུལ་མཎྜལ་མཚོན་བྱེད་ཙམ་དུ། བཀྲ་ཤིས་པའི་ལྷ་རེག་རབ་དཀར་སྲིད་དུ་རིང་བ། སྟན་དཀར་མི་ཤིགས་རྡོ་རྗེའི་རི་མོ་ཅན། མཚན་དཔེའི་སྐུ་ཡོངས་རྫོགས་བསྟན་


LT37_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོར་ལྷུན་གྱིས་གྲུབ་པས་ཐུབ་པའི་དབང་པོའི་སྣང་བརྙན། ཚངས་དབྱངས་གསུང་མཆོག་ནཱ་དའི་རང་སྒྲས་བདུད་རྩིའི་བགོ་སྐལ་རིས་མེད་དུ་སྦྱིན་པས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྱི་གླེགས་བམ། ཟབ་གསལ་ཐུགས་མཆོག་མཁའ་ཁྱབ་ཀྱི་སྟོང་ཉིད་དང་གདུལ་བྱར་རྗེས་སུ་ཆགས་པའི་ཟུང་དུ་འཇུག་པས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ། ཚན་དང་པོར་ལྷ་རེག །ཕྱི་མཛོད། ལིང་ཡུག་དམར་གཉིས། ལྗང་གཅིག །རས་ཡུག་དམར་གཉིས། སེར་གཅིག །སྔོ་བཅུ་གཅིག །གོས་ཤིང་ཡན་སེར་པོ་ཡུག །བྷ་རས་བཅས་དགུ། ཚན་གཉིས་པར་ལྷ་རེག །ལིང་ཡུག་དམར་གཅིག །སེར་གཅིག །སྔོ་གཅིག །གོས་ཀོང་ཇུ་སེར་པོ་ཡུག །བྷ་རས་བཅས་བདུན། ཚན་གསུམ་པར། ལྷ་རེག །ལིང་སེར་གཅིག །ལྗང་གཅིག །རས་ཡུག་དམར་གཅིག །སྔོ་གཅིག །སེར་གཅིག །སྨུག་གཅིག །བྷ་རས་བཅས་བདུན། སྦྲེ། ཝ། སྤྱང་། སྲམ། གུང་། གཡི། གཟིག་བཅས་ཀྱི་པགས་པ་རེ། བཟང་ཇ་ཆུང་ཇུ་འཁོར་དྲུག་བཅོ་ལྔ། གླ་མགོ་སྟོད་གྲས་འཁོར་དྲུག་བཅོ་ལྔ། རྟ་ཆིབས་གཅིག །རོལ་གཅིག །རྒྱ་དྲེལ་ཨ་མདོ་གསུམ། དཀྱུས་དྲེལ་བཅུ་ཐམ་པ། ཟླ་བའི་མདངས་ཅན་གྱི་ཀཱ་ཤི་ཀཱའི་རས་ཡུག་གི་མཐའ་དཀར་དུ་མཚོན་པ་བཅས། དངོས་འབྱོར་ཀ་མ་ལའི་ཕྲེང་བ་ཅུང་ཟད་


LT37_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་བ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ། ལོངས་སྤྱོད་རྣམ་པ་བཞིས་བསྡུས་པ་ཐམས་ཅད་བཟང་པོ་སྤྱོད་པའི་མཆོད་སྤྲིན་ཆེན་པོར་དད་པའི་བློ་ཡིས་བླངས་ཏེ་འབུལ་བར་བགྱིས་པ་ལ། དམིགས་པ་མེད་པའི་ཐུགས་རྗེས་དུས་དང་རྣམ་པ་ཐམས་ཅད་དུ་དགོངས་ཏེ་གསོལ་བ་བཏབ་པའི་རེ་འབྲས་དོན་གྱི་སྙིང་པོས་ལྕི་བར་མཛད་དུ་གསོལ། ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་དང་པོའི་སངས་རྒྱས་འོད་མི་འགྱུར་ངེས་པ་ལྔ་ལྡན་རྣམ་སྣང་ཐུགས་རྗེའི་གཏེར། །རྡོ་རྗེའི་སྐུ་ཅན་དཔལ་ལྡན་པདྨ་སྐྱེས། །སྐུ་གསུམ་དབྱེར་མེད་ངོ་བོར་འཚོ་གཞེས་གསོལ། ༡ །སྲེད་ལེན་དྲི་མ་གདོད་ནས་སྤངས་པའི་སྐུ། །གཙང་བའི་ཕར་ཕྱིན་གཞིར་གནས་མཚན་དཔེ་ཅན། །གདུལ་བྱའི་ལུས་དང་འཚམས་པར་སྟོན་མཛད་པ། །འགྱུར་མེད་སྐུ་ཡི་རྡོ་རྗེར་འཚོ་གཞེས་གསོལ། ༢ །རྣམ་འགྱུར་དྲི་མ་གདོད་ནས་སྤངས་པའི་གསུང་། །རྟག་པའི་ཕར་ཕྱིན་གཞོམས་མེད་རང་བྱུང་སྒྲ། །འགྲོ་བའི་སྐད་དང་མཐུན་པའི་ཆོས་འཁོར་ནི། །འགག་མེད་གསུང་གི་རྡོ་རྗེར་འཚོ་གཞེས་གསོལ། ༣ །སྤྲོས་པའི་དྲི་མ་གདོད་ནས་སྤངས་པའི་ཐུགས་ནང་གི་ཕར་ཕྱིན་རྣམ་པ་ཀུན་མཆོག་ལྡན། །སེམས་ཅན་བསམ་པའི་རྗེས་འགྲོ་ཡེ་ཤེས་སྒོ། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེར་འཚོ་གཞེས་གསོལ། ༤ །འཕོ་བའི་དྲི་མ་གདོད་ནས་སྤངས་པའི་དབྱིངས་


LT37_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཕར་ཕྱིན་མི་འགྱུར་ཟླ་ཉིས་མཚན། །བསྟན་གཡོའི་སྲོག་ཏུ་ཞུགས་པའི་ཁྱབ་བདག་ཆེ། །ཟག་མེད་ཡེ་ཤེས་རྡོ་རྗེར་འཚོ་གཞེས་གསོལ། ༥ །རྒྱལ་བའི་དབང་ཕྱུག་བསྟན་པའི་ཉི་མ་ནི། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཟི་འོད་ཅན། །འཛམ་གླིང་ཐ་གྲུའི་གདུགས་གཅིག་འགེབས་པ་ཡིས། །སྒྲུབ་བརྒྱུད་རྫོགས་ལྡན་སྐྱེད་ཚལ་བཞད་པ་དང་། ༦ །བསིལ་ལྡན་འཛིན་མའི་ཁོངས་སུ་བདེ་སྐྱིད་ཀྱི། །ནོར་བུའི་རབ་གཏམས་མི་མཐུན་དབུལ་བ་ཞི། །བསམ་དོན་ལྷུན་གྲུབ་དགེ་ལེགས་རྒྱ་མཚོའི་རླབས། །དགུང་དུ་འཆོལ་བས་སྐྱེ་དགུ་འཚོ་བྱེད་ཤོག ༧ །ཅེས་བཀའ་འབངས་ཀྱི་ཐ་ཤལ་བ་རྨོངས་རྟུལ་དྲེད་པོ་བློ་གྲོས་མཐའ་ཡས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།སྡེབ་སྦྱོར་ཡི་གེ་བཅུ་བཞི་པ་ནུས་ལྡན་ལ་རྣམ་གྲངས་སྤྱིར་ཆིག་ཁྲུ་དྲུག་སྟོང་སུམ་བཅུ་བརྒྱ་གྱ་བཞི་མཆིས་པའི་ནང་གསེས། ཨུངྡིཥྚ་ཉིས་སྟོང་དགུ་བརྒྱ་སུམ་ཅུ་རྩ་གཉིས་ནས་ཟིན་པ་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་པྲསྟཱ་རས་མཛེས་


LT37_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བདེན་པའི་སྤྲིན་ལས་བྱིན་རླབས་ནོར་བུའི་གྲུ་ཆར་འབེབས། །སྲིད་དང་ཞི་བ་གཉིས་ཀ་མཚན་ཙམ་ཉིད་ཀྱི་དད་པས་སྲུངས། །འདོད་པའི་དངོས་ཀུན་འཇོ་བས་སྐྱེ་དགུ་འཚོ་མཛད་དཔག་བསམ་ཤིང་། །རིན་ཆེན་རྣམ་གསུམ་དགེ་ལེགས་གྲིབ་བསིལ་གཡོ་བ་མེད་གྱུར་ཅིག །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་བཟང་དཀྱིལ་འཁོར་ཤར་མ་ཐག །རྒུད་པའི་མུན་ཁང་བརྟོལ་ཏེ་ཆོས་ནོར་ཐར་པའི་གསེར་འོད་བརྡལ། །མངོན་པར་མཐོ་དང་ངེས་ལེགས་པདྨོའི་དགའ་ཚལ་ཁ་འབྱེད་པ། །འགྲོ་བའི་བླ་མ་བསྟན་པའི་ཉིན་མོར་བྱེད་པའི་ཞབས་ཀྱི་དྲུང་། །མི་ཕྱེད་གུས་པ་ཆེན་པོས་ཕྱག་གིས་བཏུད་དེ་ཞུ་ཞིང་གསོལ་བ། །རྒྱལ་བ་ཀུན་དང་རང་བཞིན་གཅིག་གྱུར་མི་རྟོག་ཆོས་སྐུ་མཁའ་འདྲ་བ། །རྟོགས་པའི་སྟོབས་ཀྱིས་གཟོད་ནས་བྱང་ཆུབ་རྒྱུན་མཐའི་འཕགས་པ་རྣམས་ཀྱི་ངོར། །ངེས་པ་ལྔ་ལྡན་ཞིང་དང་སྐུ་ཡི་ཆོས་ཆེན་རྒྱ་མཚོའི་སྤྲིན་བཀོད་དེ། །འགྲོ་དྲུག་གནས་སུ་མོས་པ་དང་མཐུན་འདུལ་བཞིའི་ཆོ་འཕྲུལ་ཁྱབ་པར་སྟོན། ༡ །སྤྲོས་པའི་མཐའ་ཀུན་དབྱིངས་སུ་བརྟུལ་ནས་ཞི་བའི་བདུད་རྩིས་སིམས་གྱུར་ཀྱང་། །སྲིད་ལ་རྗེས་སུ་ཆགས་པའི་ཐུགས་ནི་དམིགས་མེད་སྙིང་རྗེའི་གཞན་དབང་ཅན། །འགྲོ་བའི་ཁམས་དང་ནམ་མཁའི་ཕ་མཐར་མཉམ་པ་ཉིད་སོང་མཛད་པ་ཡི། །ཆོ་འཕྲུལ་གོ་སྐབས་ས་བཅུའི་རྒྱུན་མཐར་བློ་ཆེན་


LT37_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་གཞལ་བྱར་མིན། ༢ །ཆུ་སྣོད་རྣམས་སུ་རི་བོང་ཅན་གཟུགས་གཅིག་ལས་དུ་མར་ཐ་ལེར་གསལ། །གདུལ་བྱའི་ཡུལ་དང་བསམ་པའི་དབྱེ་བས་བཟོ་སྐྱེ་མཆོག་སོགས་སྤྲུལ་པའི་གར། །དངོས་གཅིག་ཉིད་ཀྱང་དུ་མའི་རང་བཞིན་སྤྱོད་ཡུལ་ཤིན་ཏུ་རྒྱ་ཆེ་བ། །སྐྱེས་པ་རབས་ཀྱི་ཕྲེང་བས་འཁྲུལ་ཡང་ད་རུང་རྣམ་ཐར་ཟད་མི་ཤེས། ༣ །སྲིད་པར་འཇིགས་ལྟའི་སྲེད་པ་དྲག་པོས་བསྐལ་པའི་མཐའ་རུ་འབར་བའི་མེ། །མཚན་གྱི་ཡི་གེ་བདུད་རྩིའི་ཆུ་ཡི་ཟེགས་མ་རེས་ཀྱང་བཅིལ་ནུས་པ། །པདྨའི་ཞལ་རས་ཡོངས་སུ་རྒྱས་ལས་ངེས་པར་ཕྱུང་བའི་ཀེ་ས་ར། །ཀུན་ཏུ་བཟང་པོའི་རྣམ་པར་བཞད་པ་འཇིག་རྟེན་གསུམ་པོ་འཚོ་བའི་དཔྱིད། ༤ །གྲགས་པའི་བ་དན་ཕྱོགས་བཅུར་གཡོ་བ་མཆོད་སྦྱིན་བརྒྱ་པ་གསེར་མངལ་ཅན། །མགྲིན་སྔོན་ཅན་སོགས་འཇིག་རྟེན་སྐྱོང་བའི་གཙུག་གི་ཕུད་བུས་རབ་མཆོད་པ། །ཡིད་དུ་འོང་བའི་ནོར་བུའི་ཚུལ་འཛིན་ལྷན་སྐྱེས་ཡོན་ཏན་རྫོགས་པའི་ཞབས། །འབངས་སུ་གྱུར་རྣམས་སྤྱི་བོའི་རྒྱལ་མཚན་བསོད་ནམས་མཐུ་ཡིས་དེང་འདིར་མཛེས། ༥ ཁ་བ་ཅན་ལྗོངས་སྙན་པའི་ཟེར་འཕྲོ་མཁས་པའི་སྐྱེ་བོ་རིག་པ་འཛིན། །བརྟུལ་ཞུགས་གྲུབ་པའི་སྡོམ་བརྩོན་དག་དང་ས་ཆེན་ལེགས་བྱས་དཔུང་པ་ཡིས། །སྣོད་བཞིན་བཟུང་བའི་ཆེ་དགུའི་ངང་མོ་ཀུན་ནས་འདུ་བ་མཁྱེན་བརྩེའི་རྫིང་། །ཡང་སྲིད་ཀུན་ཏུ་དྲི་མེད་


LT37_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་རིང་ཆུ་ཡི་ཕུང་པོས་སེར་མི་བཟོད། ༦ །ཉམ་ངར་གྱུར་ལ་བྱམས་པའི་ཆབ་ཀྱིས་ཁྱོད་ཐུགས་གཟོད་མ་ནས་བརླན་པས། །རྙོགས་པ་ཅན་གྱི་འཇིག་རྟེན་རྣམས་སུ་པད་མཚོར་འཇུག་པའི་ངང་པ་བཞིན། །བརྟན་ཅིང་མི་གཡོ་འཇིགས་པས་མི་འཕྲོག་གང་གི་སྙིང་སྟོབས་གོ་ཆ་ལ། །བདུད་སྡེ་རྣམས་ཀྱང་རང་བཞིན་འདར་ཞིང་བདག་གི་བྱ་བས་ཡི་གི་ལྡོག ༧ །ཡུན་རིང་འདྲེས་ཤིང་བཤེས་སུ་མཛད་ཀྱང་ད་དུང་འཁོར་བའི་གཅོང་ནད་ཅན། །ངན་འགྲོའི་ཁ་སྒོ་རབ་ཏུ་གདངས་པའི་མཆེ་དབྲག་བར་ན་འཇུག་པ་ལ། །ཐབས་མཁས་སྨན་ཆེན་བླང་དོར་ཕྱེད་པའི་མིག་བུ་ཡང་ནས་ཡང་བཅོལ་ཕྱིར། །སྐུལ་བ་མེད་ཀྱང་ཐུགས་རྗེ་ཆེན་པོ་སྨོན་ལམ་དབང་གིས་རྟག་ཏུ་སྐྱེ། ༨ །སྲིད་པའི་སྐྱེ་བ་སྙིང་པོར་བཅད་དང་བྱང་ཆུབ་རབ་ཞིར་གཤེགས་པ་ལས། །སྐྱེ་བ་གཞན་དང་ཞི་བ་ཡང་ནི་ཕྱོགས་སུ་ལྷུང་བའི་བློ་འཁྲུངས་པས། །ཐུབ་གསུང་ཆོས་ཆར་ཇི་སྙེད་པ་ཡང་ཐེག་ཆེན་རོ་ཡིས་ཡང་བགོས་ཏེ། །སྨིན་དང་མ་སྨིན་གདུལ་བྱའི་ཞིང་སར་བགྲོད་གཅིག་ཁོ་ནའི་བཅུད་དུ་དབབ། ༩ །ཆོས་ཀྱི་རྒྱལ་པོ་ལེགས་གསུང་འོད་ཟེར་དྲྭ་བ་སྟོང་གི་གཟི་ལྡན་པ། །རྩོད་པའི་ས་ལ་རྫོགས་ལྡན་བཞིན་ཏུ་ལྟ་བའི་སྙིགས་མ་སྤངས་པས་རྒྱུ། །ཕྱིར་མི་ལྡོག་པའི་གསེར་གྱི་འཁོར་ལོས་ངེས་དོན་གླིང་བཞི་དབང་དུ་སྒྱུར། །ཐུབ་པས་བཞག་པའི་དམ་པའི་ཆོས་


LT37_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྣལ་དུ་གནས་མཛད་ཆོས་ཀྱི་རྗེ། ༡༠ །སྙིང་རྗེའི་དབང་གིས་སྲིད་པའི་རྒྱ་མཚོར་ལམ་གྱི་རང་བཞིན་གཟིངས་བཅས་ཏེ། །སྲོག་ཆགས་བྱེ་བ་བརྒྱ་ཕྲག་ཐར་པ་ཞི་བ་ནོར་བུའི་གླིང་དུ་བསྐྱལ། །དེ་ཙམ་གྱིས་ཀྱང་བརྩོན་པ་མི་འདོར་བསྐལ་བཟང་ཚེ་ལོ་བརྒྱད་ཁྲིའི་བར། །འཁོར་བའི་གཡུལ་ངོར་སྙིང་སྟོབས་ཆེན་པོ་ཉི་ཟླའི་ཤིང་རྟས་རྟག་ཏུ་འགྲོ། ༡༡ །བརྒྱ་ལམ་རེས་འགའ་དཀོན་པའི་མཆོག་གྱུར་ཨུ་དུམྦ་རའི་མེ་ཏོག་བཞིན། །འཇིགས་མེད་གྲགས་པ་ཟླ་བའི་འོད་ཀྱིས་ས་སྟེང་མཐའ་དག་མཛེས་པར་བརྒྱན། །ཉི་ཟླ་ནོར་བུའི་སྣང་བ་ལས་འདས་བསོད་ནམས་བརྒྱ་ཡི་གཟི་བརྗིད་ཅན། །རྟོག་པའི་དྲྭ་བ་བདེ་བར་སྡོམ་མཛད་གདོད་ནས་ཡོངས་གྲུབ་རྡོ་རྗེ་འཆང་། ༡༢ །སྒྲིབ་པའི་འཆིང་བ་མཐའ་དག་བཀྲོལ་ནས་སྲིད་ལས་ཤིན་ཏུ་འདས་གྱུར་ཀྱང་། །ཐུགས་རྗེའི་གཞན་དབང་འགྲོ་ལ་ཆགས་པས་ཚུར་རོལ་པ་དང་རྗེས་སུ་མཐུན། །རྒྱལ་བ་ཀུན་གྱིས་བཀའ་དྲིན་མི་མཚོན་བདག་ཅག་ཐར་པའི་མིག་གཅིག་པུ། །རྟག་ཏུ་བསྟེན་འཚལ་ཕྱག་བཅས་དངོས་པོས་ཐོག་མར་དགེ་བའི་བསྙེན་བཀུར་བགྱི། ༡༣ །ཞེས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཕུལ་དུ་བྱུང་བའི་ལང་ཚོས་སྤྲས་པའི་སྙན་ཚིག་པདྨ་གཞོན་ནུའི་ཕྲེང་བས་མཆོད་པའི་གོ་ཕྱེས་ཏེ། ཆོས་ཐམས་ཅད་ཀྱི་དབང་ཕྱུག །འགྲོ་བ་ལྷ་དང་བཅས་པའི་གཙུག་རྒྱན། བདག་ཅག་


LT37_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ། རྒྱལ་ཚབ་བྱམས་མགོན་ཐུགས་རྗེའི་བདག་ཉིད་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། རིགས་ཐམས་ཅད་ཀྱི་ཁྱབ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་མགོན་པོ། ཀུན་མཁྱེན་ཏཱའི་སི་ཏུ་མཚན་བརྗོད་པར་དཀའ་བ་རྡོ་རྗེ་འཆང་ཆེན་པོ་པདྨ་ཉིན་བྱེད་དབང་པོ་དེ་ཉིད་སྐུ་ཚེ་དང་མཛད་པའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་ཏེ་རེ་ཞིག་གདུལ་བྱ་གཞན་གྱི་དོན་ལ་དགོངས་པ་གཏད་ཀྱང་། ཁར་སོང་གི་ཉི་མ་ད་ནང་འཆར་བ་བཞིན་ཏུ། རྗེས་འཇུག་བུ་སློབ་གདུལ་བྱ་ཡོངས་ལ་དམིགས་པ་མེད་པའི་ཐུགས་རྗེས་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མཆོག་གི་སྤྲུལ་པའི་སྐུའི་མཚན་དཔེའི་དཀྱིལ་འཁོར་ལྷམ་མེར་གསལ། གསུང་ཆོས་སྒོ་མཐའ་ཡས་པའི་བདག་ཉིད་ཅན་དུ་སྒྲོགས། ཐུགས་མཁྱེན་བརྩེ་ཡེ་ཤེས་ཆེན་པོས་སྐད་ཅིག་རེ་རེར་གདུལ་བྱ་ཚད་མེད་པ་སྨིན་ཅིང་གྲོལ་བའི་གནས་ལ་བཀོད། སྤང་རྟོགས་ཡོན་ཏན་མཐའ་དག་གདོད་ནས་རྫོགས་ཤིང་། རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པས་བསྟན་པ་དང་འགྲོ་བའི་དོན་ཆེན་མཛད་པ་གང་ཉིད། རྒྱལ་བ་ཀུན་གྱི་དབང་ཕྱུག །འཇིག་རྟེན་གསུམ་གྱི་མགོན་པོ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་མེད་ཐམས་ཅད་མཁྱེན་པ་དཔལ་ལྡན་ཀརྨ་པས་


LT37_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གསུམ་གྱིས་བྱིན་གྱིས་བརླབས། །ཕྱག་གི་པདྨོས་བཀྲ་ཤིས་པའི་མེ་ཏོག་འཐོར་བ་དང་བཅས་ཏེ། །མི་འཇིགས་སེང་གེས་བཏེགས་པའི་ཆོས་ཀྱི་ཁྲི་ཆེན་པོ་ས་གསུམ་ལས་རྣམ་པར་རྒྱལ་བའི་སྙན་པ་ཅན་ག་ལ་བར། ཚངས་དབང་གཙུག་གི་ཅོད་པན་གྱིས་ཡང་ཡང་ཕྱིས་པའི་ཞབས་སེན་ནོར་བུའི་རྒྱལ་པོ་ལེགས་པར་བཀོད་དེ། ཆོས་ཀྱི་རྒྱལ་ཚབ་ཆེན་པོར་གདོད་ནས་གྲུབ་པ་ཡིན་ལ་ཡིན་བཞིན་ཏུ་མངའ་ཆེན་གསོལ་ཞིང་། ཉེ་བའི་སྲས་ཆེན་པོར་དབང་ཆེན་བསྐུར། སྒྲུབ་བརྒྱུད་བསྟན་པའི་བདག་པོར་གཟེངས་བསྟོད་པའི་བཀའ་དྲིན་སྩལ་བས་འཇིག་རྟེན་གསུམ་འཁོར་ཡུག་ཏུ་བཀྲ་ཤིས་ཀྱི་སྣང་བ་ཆེན་པོས་ཁྱབ། གདུལ་བྱ་མཐའ་དག་རྫོགས་ལྡན་གྱི་དགའ་སྟོན་གསར་པ་ཉམས་སུ་མྱོང་། །རྗེས་འཇུག་ཡོངས་ལ་བཀའ་དྲིན་གྱི་ཕུང་པོ་ཚད་མ་མཆིས་པ་ཐོབ་པའི་སྐབས་འདིར། ཇི་ལྟར་ཤིན་ཏུ་དག་ཅིང་དྲི་མ་མེད་པའི་ནོར་བུའི་རྒྱལ་པོ་ནི་རྒྱལ་མཚན་གྱི་རྩེ་མོར་བཀོད་དེ་མཆོད་པ་ལས་འདོད་པའི་དངོས་པོ་མཐའ་དག་ཡིད་བཞིན་ཏུ་འཇོ་བ་ལྟར་ཡོངས་སུ་སྦྱངས་པའི་བཻཌཱུརྻ་དང་ཆོས་མཚུངས་པའི་སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་ཀྱི་པདྨོར་གུས་པས་བསྙེན་བཀུར་བ་དང་། བདག་ཅག་སྐྱབས་འོག་ཏུ་གྱུར་པ་ཀུན་སྒོ་ཐམས་ཅད་ནས་ཚོགས་ཡོངས་སུ་རྫོགས་པ་དང་། ཐུགས་


LT37_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གཟིགས་པས་གཞར་ཡང་མི་འདོར་བར་ཞབས་པད་བསྐལ་པ་བརྒྱ་ཕྲག་ཏུ་བརྟན་པ་དང་། བྱང་ཆུབ་སྙིང་པོ་ལ་འདུག་ཀྱང་གཞལ་བྱའི་མཐའ་ཅན་ཏུ་གྱུར་པའི་བཀའ་དྲིན་གྱི་ཆ་ཤས་ཙམ་ཅི་ནུས་སུ་གསོབ་ཕྱིར་ཐོག་མར་དགེ་བའི་མཎྜལ་མཚོན་བྱེད་དུ། བཀྲ་ཤིས་པའི་ལྷ་རེག་རབ་དཀར་སྲིད་དུ་རིང་ཞིང་བཀྲ་ཤིས་ཀྱི་རེ་ཁཱ་རྣམ་པར་བཀྲ་བ། སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོ་རབ་ཏུ་བརྟན་པས་བརྒྱན་པ། རིན་ཆེན་གཉིས་པ་ལས་གྲུབ་པའི་མཎྜལ་བཀོད་ལེགས་དར་དཔྱངས་སྣ་ལྔའི་ཆུན་པོ་ཅན་རི་གླིང་གི་ཚོམ་བུས་མཛེས་པ། སྐུ་འགྱུར་བ་མེད་པ་བདེ་སྟོང་ལང་ཚོ་གསར་པས་རྟག་ཏུ་གང་བའི་འཆི་མེད་རིག་འཛིན་གཞོན་ནུའི་ཚུལ་གྱིས་བསྐལ་ཆེན་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་གསོལ་བ་འདེབས་པའི་རྟེན། གསུང་འགགས་པ་མེད་པ་མི་ཤིགས་ནཱ་དའི་རང་སྒྲས་ཕྱིར་མི་ལྡོག་པའི་ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུང་བར་གསོལ་བ་འདེབས་པའི་རྟེན༴ ཐུགས་གཡོ་བར་མེད་པར་མཁྱེན་པས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་བའི་མཐའ་སྤངས་ཏེ་གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་ནམ་ཡང་མི་བརྟུལ་བར་གསོལ་བ་འདེབས་པའི་རྟེན༴ ཡོན་ཏན་འབད་པ་མེད་པར་གདུལ་བྱའི་རེ་བ་མཐའ་དག་ཡིད་བཞིན་ཏུ་སྐོང་ནུས་པའི་སྐྱེས་ཐོབ་རྒྱ་མཚོ་ལྟ་བུའི་མཐུ་བདེ་བླག་ཏུ་སད་པ་གསོལ་བ་འདེབས་པའི་རྟེན༴ རིན་


LT37_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བུམ་པ་བཅུད་ཀྱིས་གང་བ་སོགས་མཆོད་ཆ། ཕྱག་ཌ་དྲིལ། གོང་མའི་ཕྱག་པོད། ས་གཞོང་སོགས། བཟང་གོས་ཀྱི་སྐུ་ཆོས་སོགས་ན་བཟའི་སྐོར་བྲི༴ཕྲིན་ལས་རྩོལ་བར་མེད་པར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་གང་འདུལ་གྱི་མཛད་པ་ནོར་བུ་དཔག་བསམ་ཤིང་ལྟར་ལྷུན་གྱིས་གྲུབ་པར་གསོལ་བ་འདེབས་པའི་རྟེན༴གནམ་བརྐོས་གོང་མ་ཏཱ་མིང་ཆེན་པོས་ཕུལ་བའི་གསེར་ཐམ་དང་ཤེལ་ཐམ། གསེར་ཡིག །དུང་དཀར་པོ་དར་སྣས་བརྒྱན་པ་ཆ་སོགས་རོལ་མོའི་རིགས༴ཚན་དང་པོར་ལྷ་རེག་བསོད་ཐག་སོགས་ལྔ། ཚན་པ། ཚན་པ་དེ་མཚུངས། ཚན་བཞི་པ་ལྷ་རེག་ཕྱི་མཛོད་སོགས་བདུན། ཚན་པ། ཚན་པ། ཚན་པ་དེ་མཚུངས། ཚན་པ་བར་མཛོད་སོགས་དགུ། ཚན་པ། ཚན་པ། ཚན་པ། ཚན་པ་དེ་མཚུངས། ཚན་པ་ལྷ་རེག་ནང་མཛོད་སྲིད་རིང་སོགས་བཅུ་གསུམ། སྤུ་ཤུན་སོགས་བྲི། བགྲང་བྱ་ དུང་ལྟ། བརྒྱ་ཕྲག་དུ་་མར་ཞབས་པད་འགྱུར་བ་མེད དུང་ལྟ། དུང་ལྟ། དུང་ལྟ། གསེར། གསེར། པར་གསོལ་བ་ གསེར་དངུལ་ འདེབས་ཕྱིར་བཞུགས་འབོལ། བཞུགས་གདན་སྐོར་འདྲི། བཀྲ་ཤིས་པའི་ཁ་དོག་ཟླ་བའི་མདངས་ཅན་གྱི་ཀཱ་ཤི་ཀའི་རས་ཡུག་ཆེན་དང་། འབྱོར་དྲུག་དབྱར་མཚོ་ལྟར་རྒྱས་པར་མཚོན་པའི་བཟང་གོས་གསེར་གྱི་མདངས་


LT37_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡུག་རིང་བཅས་ཀྱིས་མཐའ་བརྟེན་ཏེ། འབྱོར་བའི་ཁྱད་པར་འདི་དག་གིས་མཚོན་བདག་ཅག་རྣམས་ཀྱིས་དུས་གསུམ་བསགས་པའི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་རྣམས་ཀྱང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོར་སྤྲོས་ཏེ། གུས་པ་ཆེན་པོས་འབུལ་ལམ་ཞུ་ན། བརྩེ་བ་ཆེན་པོས་དགྱེས་པར་བཞེས་ལ་དམིགས་པ་མེད་པའི་ཐུགས་རྗེས་རྗེས་སུ་འཛིན་པ་ཅི་གནང་། སླར་ཡང་གསོལ་བ་འདེབས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྗིད་པས་བལྟ་བར་འོས་པའི་རྡོ་རྗེའི་སྐུ། །རྣམ་དག་ཕུང་པོ་མཐོང་ན་མི་མཐུན་མེད་ཉིད་མཐོང་བས་ཉེས་པ་ཟད། །སྐྱེ་ཚུལ་སྟོན་ཀྱང་སྐྱེ་བ་མེད་པས་འགག་པའི་སྤྲོས་པ་བྲལ་པར་གཟིགས། །ཀུན་བརྟག་འཕོ་འགྱུར་བྲལ་བས་རྟག་པའི་འགྱུར་མེད་ཡོངས་སུ་གྲུབ་བཞུགས་གསོལ། ༡ །ཆུ་བོ་ཆེན་པོ་ངེས་པར་བརྒལ་ཞིང་འཇིགས་ཚོགས་རི་ཡི་རྩེ་མོ་བསྙིལ། །ཉོན་མོངས་ཟུག་རྔུ་དྲུང་ནས་འབྱིན་བྱེད་ཐེག་མཆོག་དམ་པའི་ཆོས་ཀྱི་དུང་། །ཤེས་བྱའི་ཕ་རོལ་ལེགས་པར་སོན་པའི་སྐྱེས་ཐོབ་ཤུགས་ཀྱིས་འབུད་བ་ལས། །འགྲོ་བ་རྒྱུད་ལྔའི་མ་རིག་གཉིད་སློང་མཁྱེན་གཉིས་ཡེ་ཤེས་སད་པར་མཛོད། ༢ །ཉེར་ལེན་མི་མངའ་ཆོས་ཀུན་དབྱིངས་སུ་ཡང་དག་འཇུག་དང་ལྡང་བ་ཡི། །ཏིང་འཛིན་སྒོ་མོ་སྐད་ཅིག་རེ་རེར་བསམ་མི་ཁྱབ་པ་དབྱེ་བཟོད་ཀྱང་། །རེ་བ་སྐོང་བའི་དམ་བཅའི་གོ་ཆ་གཞར་


LT37_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་སློད་གདུལ་བྱ་ལ། །སྙིང་རྗེའི་གཟིགས་པ་གཡོ་མེད་གསོལ་ཞེས་རེ་བའི་འབྲས་བུ་དོན་ལྡན་མཛོད། ༣ །ཀུན་དགའི་འཛུམ་གྱིས་སྐལ་བཟང་སྐྱེ་བོ་མགྲོན་ཏུ་འགུགས་ཤིང་ཡིད་འཕྲོག་པ། །ཟླ་བའི་མེ་ལོང་བདུད་རྩིས་བཀྲུས་འདྲ་འབྲི་གང་བྲལ་བས་དཔེར་མི་བཟོད། །གཏིང་མཐའ་མི་མངོན་ཡོན་ཏན་རྒྱ་མཚོར་རྣམ་དཔྱོད་མུ་ཏིག་རླབས་གཡོ་བས། །ས་སྟེང་བློ་ལྡན་གཞོན་མུའི་གཙུག་ཏུ་ལེགས་བཤད་དོགས་པ་འགོད་མཛད་གསོལ། ༤ །ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་ཕྲིན་ལས་ལྷ་ཡི་རྔ་བོ་ཆེ། །དུས་མ་ཡིན་ལ་རྩོལ་མི་མངའ་ཡང་དུས་སུ་བཏང་སྙོམས་མི་མཛད་པས། །ཆོས་ཀྱི་སྣོད་ལྡན་དད་པས་སྨིན་རྣམས་མཐའ་གཉིས་ལྟ་བ་སུན་འབྱིན་དབྱངས། །རྒྱུན་ཆད་མེད་སྒྲོག་འཁོར་ལོ་གསུམ་ཚུལ་འཁོར་བ་སྲིད་དུ་བསྐོར་མཛད་གསོལ། ༥ །རྡོ་རྗེའི་བཅུད་ཀྱིས་རབ་རྒྱས་སྐུ་ནི་འཆི་མེད་རྟག་པའི་ལང་ཚོས་སྒེག །དྲང་ངེས་དབྱངས་ཀྱི་ཡན་ལག་རྫོགས་པས་གཞོམ་མེད་སེང་གེའི་སྒྲ་ཆེན་སྒྲོག །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དབྱིངས་མི་འགྱུར་བདེ་དང་ཟུང་འཇུག་པ། །གསར་པ་གསུམ་གྱི་རྣམ་ཐར་ཕྱག་རྒྱ་རྟག་བརྟན་ཐེར་ཟུག་ཡོངས་གྲུབ་ཤོག ༦ །མཚན་གྱི་དབྱངས་སྙན་ཐོས་ན་སྤྲོ་སྐྱེད་མཐོང་བ་རྣམས་ནི་དོན་ཡོད་མཛད། །གང་ཞིག་བསྟེན་པས་འཇིགས་མེད་བློ་ཐོབ་བསྙེན་བཀུར་ཙམ་ཡང་


LT37_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དགྲོལ། །ཡོན་ཏན་རིན་ཆེན་དུ་མའི་འབྱུང་གནས་དྲི་མེད་ཡེ་ཤེས་རྒྱ་མཚོ་རུ། །བསོད་ནམས་ཆུ་ཀླུང་བྱེ་བ་སྙེད་ཀྱི་བསྟི་སྟང་སྡུད་པས་གང་གྱུར་ཅིག ༧ །ཆོས་ཀྱི་རྒྱལ་མཚན་སྲིད་རྩེར་སྐྲེངས་པས་ཡིད་སྲུབ་དགའ་བའི་བ་དན་བསྙལ། །རབ་བརྟན་རྡོ་རྗེ་མྱུ་གུའི་ཕྲེང་བར་ཆོས་དཀར་ཟིལ་དངར་འཛག་པའི་བཅུད། །ཕྱོགས་ཀྱི་བུ་མོའི་རྣ་བའི་སྙིམ་པས་བདུད་རྩིའི་རྒྱུན་བཞིན་འཐུངས་པ་ལས། །གུས་པས་མཆོད་པའི་གདུལ་བྱའི་འབྱོར་པ་ས་སྟེང་ཀུན་ཁྱབ་བཀྲ་ཤིས་ཤོག །སརྦ་དིཀྵུ་ཀཱ་ལ་དཱ་ཤྲཱི་སྭ་སྟི་ཀ་ལྱཱ་ཾ་སིདྡྷིརྦྷ་བནྟུ། །ཨོཾ་སྭ་སྟི་སིདྡྷི་ར་སྟུ།། ༈ །སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་པ་བ་་པ་ཞེས་བྱ་བའི་བྲསྟཱ་ངས་མཛེས་པར་སྤུང་བའོ། །ཨོཾ་སྭ་སྟི་སིངྦྷི་ར་སྲུ། བསོད་ནམས་བྱེ་བའི་རིན་ཆེན་རྒྱུད་ལ་སོགས། །ཤིན་ཏུ་ཚོགས་པ་མཚན་གྱི་ཏམྦུ་ར། །ཐོས་པ་ཁོ་ནས་འདོད་རྒུའི་མཆོག་སྦྱིན་པ། །ཚེ་མཐའ་ཡས་པའི་ཤིས་པ་དེང་འདིར་སྩོལ། །


LT37_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་གྲུབ་ཀུན་ཟུར་ཕུད་གསེར་གྱི་པདྨ་ཡིས། །རྣམ་པར་མཛེས་པ་ཁྱོད་ཞབས་ནོར་བུའི་རྡུལ་བཏབ་པས། །སྡིག་པ་རབ་འཕྲོག་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་ཚོགས་མཐའ་དག་ཡིད་བཞིན་འཇོ་བ་གང་དེ་རྒྱལ། །གང་གི་དཀྱིལ་འཁོར་འགྱུར་བ་མེད་པའི་བདེ། །བྱམས་པས་ཡོངས་བཟུང་ག་པུར་དོ་ཤལ་ཅན། །ཡང་དག་མཐའ་ལ་མངོན་པར་མི་ཞེན་པར། །འགྲོ་འདུལ་སྲིད་ལ་རོལ་པའི་ངོ་མཚར་བཀྱེ། །གཞན་ཏུ་སྨོན་ལམ་དག་པའི་སར་སྦས་པ། །ངེས་གསང་བསྟན་པའི་རྒྱལ་ཐབས་མཛེས་པའི་ནོར། །སྐལ་བཟང་མགྲོན་ཏུ་ཕྱུང་བའི་གཏམ་སྙན་གྱིས། །རིག་བྱེད་དྲན་པོའི་ཡིད་ཀྱང་བསླུ་བར་ངེས། །ཇི་ལྟར་རིན་ཆེན་རྩིག་ལོགས་གཟུགས་བརྙན་བརྒྱ། །མ་འདྲེས་འཕོས་ཀྱང་དངོས་པོ་དྭངས་པར་ཟད། །རྙོགས་ལྡན་བཞིན་གྱི་སྣོད་དུ་དབྱིབས་དག་གི། རང་བཞིན་གསལ་བ་མཆོག་ཏུ་གྲུབ་དེ་བཞིན། །དབང་རབ་ཁྲོད་ན་མཁའ་ཁྱབ་ཏིང་འཛིན་གྱིས། །ཟབ་གསང་ཆོ་འཕྲུལ་འདོད་རྒུར་སྒྱུར་བ་ལས། །སྙིགས་མའི་དུས་འདིར་བརྟུལ་ཞུགས་འཆང་བ་ཡི། །གྲུབ་པའི་དཔའ་བོ་གང་ཁྱོད་རྨད་དུ་བྱུང་། །དཔལ་ཀུན་རྫོགས་པའི་རྣམ་ཐར་རྒྱ་མཚོ་འཁྱིལ་པ་ལ། །པདྨ་ལྟར་མཛེས་སྙན་ཚིག་དོག་པས་བཅིངས་ན་ཡང་། །ཡོངས་སུ་མི་རྫོགས་ཕྱོགས་བློ་ཀུནྡའི་


LT37_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་ནི། །ཡ་མཚན་ཤེལ་གྱི་ཐུར་མས་ཅུང་ཟད་ཕྱེས་པ་བཞིན། །མཚན་དཔེའི་ངོ་མཚར་འགྲོ་བའི་དཔྱིད་དུ་ལྗོངས་འདིར་སྣང་བ་གང་ཡིན་པ། །སྐལ་བཟང་ཡི་ག་རངས་བྱེད་རྡོ་རྗེའི་རྐང་བཏེགས་བཀོད་ལས་མི་གཡོ་བར། །དད་གསུམ་བཻཌཱུའི་སྤྲིན་ལས་འཐོན་པའི་མཆོད་ཚོགས་པུཎྜ་རཱི་ཀའི་ཆར། །ཤིས་པའི་དབྱངས་དང་ལྷན་ཅིག་བསྙིལ་བས་ས་བླའི་ལམ་ཆེན་མཛེས་པར་བགྱི། །ཞེས་དགེ་ལེགས་ཀྱི་ཚིགས་སུ་བཅད་པ་ཀ་མ་ལ་གསར་དུ་བཞད་པ་ལྟ་བུའི་མདུན་བསུས་ཏེ། དེ་ཡང་། རིག་པ་འཛིན་པ་ཡོངས་ཀྱི་དབང་ཕྱུག །མཁྱེན་བརྩེ་ནུས་པའི་མངའ་བདག །གྲུབ་པའི་འཁོར་ལོས་སྒྱུར་བ་སྐྱབས་མཆོག་དཔའ་བོ་རིན་པོ་ཆེ་མཆོག་གི་ཞབས་པད་ཕན་བདེའི་འབྱུང་གནས་གང་ཉིད། མ་ཧཱ་བྷོ་ཊའི་ལྗོངས་ཀྱི་བསྟན་དང་འགྲོ་བའི་གླིང་དང་དཔུང་གཉེན་དམ་པར་བཀོད་ཅིང་། ཁྱད་པར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་ཆེན་པོར་ཡབ་སྲས་ཞལ་རྒྱས་གྲུབ་པའི་དབུ་ཐོན་ལེགས་འབུལ་དང་། ཞབས་པད་ཡུན་ཏུ་བརྟན་པའི་ཕྱིར་བདེན་ཚིག་གིས་ཐུགས་རྗེ་བསྐུལ་ཞིང་གསོལ་བ་འདེབས་པའི་རྟེན་མཎྜལ་མཚོན་བྱེད་དུ། ཐོག་མར། བཀྲ་ཤིས་པའི་ལྷ་རེག་སྲིད་དུ་རིང་བ༴བཅས་བརྩེ་བ་ཆེན་པོའི་སྤྱན་ཟུར་གཡོ་བའི་རྟེན་མཚོན་ཙམ་དུ་འབུལ་ལམ་ཞུ།


LT37_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། །དགེ་ལེགས་སྣང་བས་འཇིག་རྟེན་མཛེས་པ་དང་། །མི་དགེའི་མུན་པ་མཐའ་དག་ནུབ་པ་དང་། །རྣམ་གྲོལ་པདྨ་ལྷན་ཅིག་རྒྱས་པ་ཡིས། །ཁོར་ཡུག་བར་དུ་ཉི་མའི་དཔལ་ཡོན་བཟུང་། །ཤིན་ཏུ་སྦྱངས་པ་རབ་བརྟན་གསེར་གྱི་ཁྲིར། །བྱམས་པའི་གདུགས་དཀར་བསིལ་ལས་རྟག་ཁྱབ་ཀྱི། །ཕྲིན་ལས་རྔ་ཡབ་ནོར་བུའི་ཡུ་བ་ཅན། །མི་གནས་ཤེས་རབ་མཛེས་མས་གཡོ་བ་བཞིན་ཏུ། །བསྐལ་པའི་མཐར་ཡང་ཞབས་ཟུང་རྡོ་རྗེ་ཡི། །མདུད་པ་གཅིག་ཏུ་བསྣོལ་ལས་མི་གཡོ་བར། །ངེས་གསང་བླ་ན་མེད་པའི་ཆོས་ཆར་གྱིས། །འགྲོ་ཁམས་རྒྱ་མཚོ་སྨིན་ཅིང་གྲོལ་བར་མཛོད། །དུས་ཀྱི་འགྱུར་བ་གཟེངས་པ་ཡིད་སྲུབ་སྤྲིན། །མཐུ་སྟོབས་དྲི་གཞོན་ཤུགས་ཀྱིས་མིང་ཙམ་ཡང་། །རྣམ་པར་འཐག་པའི་གོ་ཆ་ཆེར་བཞེས་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་བསྒྲེངས། །སྒྱུ་འཕྲུལ་དྲྭ་བའི་ཆ་ཤས་རྫོགས་པའི་ཉིན་བྱེད་ཀྱིས། །འཇིག་རྟེན་གསུམ་གྱི་ར་རི་ཟོས་པས་བདེ་བ་ཆེར། །དག་པའི་རྒྱས་བཏབ་མཆོག་ཏུ་མི་འགྱུར་ཆུ་སྐྱེས་ན། །རྡོ་རྗེ་སྙིང་པོའི་འཁོར་ལོར་སྡོམ་པས་མཛེས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ི་བནྟུ།། ༈ །།སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཡི་གེ་བཅུ་པ་ཕྲེང་ལྡན་མའི་བྱི་བྲག་ལས། ཨུངྡི་༡༢༡ནས་ཟིན་པ་འཁར་རྔ་ཞེས་


LT37_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་པྲསྟཱ་རས་མཛེས་པའོ།། ༈ །།གེ་ལེགས་བྱེ་བའི་སྙིང་པོ་སྤུངས་པ་ལས། །ཕྲིན་ལས་འདི་རྒུར་བསྒྱུར་བའི་དཔའ་བོ་ཆེ། །འགྲོ་འདུལ་སྙིང་སྟོབས་དཔག་ཡས་རབ་འབར་བས། །ཕྱོགས་ལས་རྣམ་པར་རྒྱལ་བ་གང་དེའི་དྲུང་། །ཚོགས་གསུམ་འོད་སྟོང་རླབས་ཀྱིས་ཕྱེས་པ་ཡི། །གསང་གསུམ་ལུང་དང་རྟོགས་པའི་སྦྲང་རྩི་ཅན། །སྲིད་གསུམ་སྐྱེ་དགུའི་གཙུག་ཏུ་སྦ་བ་དེར། །དད་གསུམ་བུང་བ་གཞོན་ནུའི་དབྱངས་ཀྱིས་བཏུད། །སྙིགས་ལྔའི་མུན་པའི་ངད་ཀྱིས་སྦྱིན་ལ་སོགས། །སྤྱོད་དཀར་མོག་པོར་གྱུར་པ་བོད་ཆེན་དུ། །སྣང་བའི་སྒོ་འཕང་འབྱེད་པའི་ཟེར་ཙམ་ཡང་། །འདྲེན་བྱེད་རྒྱུ་སྐར་ཚོགས་ཀྱིས་བསྒྲུན་ཏུ་ཅི། །གང་ཐུགས་སྟོང་ཉིད་སྙིང་རྗེའི་མཛེས་མར་ཆགས། །བདེ་ཆེན་བདུད་རྩིས་མྱོས་པའི་ལང་ཚོ་ངོམས། །སྣང་སེམས་དབང་དུ་རོལ་པའི་སྒྱུ་ཐབས་ཀྱིས། །ཉི་འོག་སྐྱེ་དགུའི་ཁ་ལོ་གྱེན་ཏུ་


LT37_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། །དབྱར་གྱི་དགའ་སྟོན་རྒྱས་པས་སྨན་ལྗོངས་དང་། །པད་ཚལ་འབྲས་བུ་འབྱུང་བའི་ཤིང་ལ་སོགས། །སྐྱེ་བོའི་དགའ་བ་ཇི་སྙེད་འཕེལ་འགྱུར་བ། །མ་དྲོས་བདག་པོའི་བསོད་ནམས་སྟོབས་ལས་ཏེ། །མཁས་པའི་གླང་པོ་བཙུན་པའི་ཡུལ་འཁོར་འཛིན། །གྲུབ་པའི་ཅང་ཤེས་ཀུན་ཀྱང་སྨིན་གྲོལ་གྱི། །འོ་མཚོའི་ཀློང་ན་སྙིང་པོའི་བཅུད་ཟ་བ། །འདི་ཀུན་རྣམ་འདྲེན་ཀླུ་དབང་ཁྱོད་ཀྱི་མཐུ། །བདུད་སྡེ་ཕྱི་མར་འཐག་པའི་ནུས་སྟོབས་དང་། །སྐལ་ལྡན་ཀུན་དགར་བགྱིད་པའི་ཤུགས་ཕྱུང་ནས། །རིག་འཛིན་རྒྱལ་བའི་སྲས་ཀྱི་མཛད་བཟང་གི། །གྲིབ་བསིལ་མཆོག་ཏུ་འགྲོ་ཀུན་ངལ་འཚོས་པས། །རྫིང་གི་ཨུཏྤལ་ཉི་མས་མདངས་ཕྱུང་ཞིང་། །རྨ་བྱའི་དཔལ་ནི་འབྲུག་སྒྲས་བསྐྱེད་པ་ལྟར། །རྨད་བྱུང་ཡོན་ཏན་གྱིས་དྲངས་ཡིད་དང་བས། །མཆོད་ཅིང་བསྔགས་པར་མཚོན་པའི་རྣམ་དཀར་སྤྲོ། །ཞེས་བཀྲ་ཤིས་པའི་གྲངས་དང་ལྡན་པའི་ཚིགས་སུ་བཅད་པས་མདུན་བསུས་ནས། དེང་གི་ཆར་ཡང་། འགྲོ་བ་ཡོངས་ཀྱི་བླ་མ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་པ་དག །མཆོག་གི་རིག་པ་འཛིན་པ་ཆེན་པོ། གང་གི་ཞབས་པད་དགེ་མཚན་གྱི་རེ་ཁཱས་རྣམ་པར་མཛེས་པ་གདན་ས་ཆེན་པོ་འདིར་བཀོད་དེ། རིས་མེད་བསྟན་འགྲོའི་དོན་ལ་ཐུགས་གཞོལ་བའི། སྨིན་གྲོལ་ཆོས་ཀྱི་


LT37_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་དབབ་པ་གཙོས། ཇི་ལྟར་རེ་བའི་ཤིང་རྟ་ཕྱུར་བུར་འགེངས་པར་མཛད་པའི་སྐུ་དྲིན་ནམ་མཁའི་ཕ་མཐར་བརྒལ་བས་ཟང་ཟིང་གིས་ཕྱོགས་ཨ་ཆ་ཙམ་ཡང་ལན་ལྡོན་པར་མི་ནུས་མོད། བསོད་ནམས་ཀྱི་དངོས་པོ་འདུ་བྱ་བ་དང་། སླར་ཡང་བསྐལ་པ་རྒྱ་མཚོར་ཞབས་པད་རྡོ་རྗེའི་སྙིང་པོ་ཅན་ཏུ་བརྟན་ཅིང་། ཁྱབ་པ་དང་རྟག་པའི་མཛད་ཕྲིན་མི་ཟད་པ་རྒྱན་གྱི་འཁོར་ལོར་བསྒྱུར་བར་གསོལ་བ་འདེབས་རྟེན་མཎྜལ་མཚོན་བྱེད་དུ། ཐོག་མར། བཀྲ་ཤིས་པའི་ལྷ་རེག་རབ་དཀར་སྲིད་དུ་རིང་བ་སོགས། །སླད་དུ་གཞོམ་མེད་སྟོང་ཉིད་རྡོ་རྗེའི་ཁྲིར། །མཚན་བྲལ་ཟུང་དུ་འཇུག་པའི་ཞབས་བསྣོལ་ཏེ། །སྨོན་པ་མེད་པའི་ཏིང་འཛིན་སྒོ་བརྒྱལ། །འཇུག་དང་ལྡང་བས་སྲིད་ཞིའི་མཐའ་གཅོད་མཛོད། །ཁྱད་པར་མཚོ་སྐྱེས་རྒྱལ་བའི་བསྟན་མཆོག་དང་། །མཉམ་མེད་ཟླ་འོད་གཞོན་ནུའི་རིང་ལུགས་ཀྱི། །རྫོགས་ལྡན་དཔལ་ཡོན་གསར་དུ་འདྲེན་པའི་ཁུར། །སྤོས་གྱི་གླང་པོའི་སྟོབས་ལ་ཅོ་འདྲིར་གསོལ། །བཀྲ་ཤིས་རྣམ་དཀར་ཁོག་པ་གཡས་སུ་འཁྱིལ། །ཆོས་ནོར་འདོད་དང་ཐར་པའི་གསེར་གཤོག་བཀྲ། །ཕྱོགས་ལས་རྣམ་རྒྱལ་སྐྱེ་བ་ལྔ་པའི་དབྱངས། །ས་གསུམ་སྐྱེ་དགུའི་རྣ་བར་འབབ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། ༈ །།ཤྲཱི་སྭསྟི་ཀ་ལྱཱ་ཾ་བི་ཛ་ཡ་


LT37_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷནྟུ། རབ་འབྱམས་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་རང་གཟུགས། ལུང་རྟོགས་དམ་པའི་ཆོས་ཀྱི་གླེགས་བམ། འཕགས་པ་རྒྱལ་བའི་རྗེས་སྐྱེས་ཚོགས་མཆོག་མ་ལུས་པའི་འབྱུང་གནས། གསང་བ་ཟབ་མོའི་མཛོད་འཛིན་པའི་རྒྱལ་བའི་སྙན། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པའི་འཁོར་ལོའི་དབང་ཕྱུག །ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་པད་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་གང་གི་ཉེ་དྲུང་དུ། གུས་པ་ཆེན་པོ་དང་བཅས་ཏེ་ཚིག་གི་ལམ་ནས་ཅུང་ཟད་ཞུ་བའི་མཆིད། གང་ཞིག་མཁྱེན་གཉིས་འོད་ཀྱི་དྲ་བས་ཤེས་བྱ་ནམ་མཁའ་ཡངས་པའི་ཕ་མཐར་སྙོམས་པར་བཀབ། །དམིགས་པའི་སྤྲོས་བྲལ་ཆོས་ཀྱི་མཛོད་ནི་མཁྱེན་དང་བརྩེ་བའི་ནོར་བུ་བྱེ་བས་གཏམས་པ་བཞིན། །མི་རྟོག་ཏིང་འཛིན་རྒྱ་མཚོའི་རྡུལ་སྙེད་འཇུག་དང་ལྡང་བས་སྲིད་པའི་འཁྲུལ་འཁོར་རྣམ་པར་འཇིག །གང་ཐུགས་ཆོས་སྐུ་སྐྱོན་བྲལ་ཡོན་ཏན་རྫོགས་པའི་སངས་རྒྱས་ལྷར་བཅས་འགྲོ་བའི་སྒྲོན་མེད་གྲུབ། །ལུང་དང་རྟོགས་པའི་སྣང་བ་མ་ལུས་ཕྱོགས་གཅིག་བསྡུས་པའི་ཆོས་ཀྱི་ཉིན་བྱེད་མུན་པའི་གཉེན། །སྐམ་པ་རྣམས་ལ་བདུད་རྩི་བཞིན་ཏུ་ཟབ་རྒྱས་འདོད་རྒུ་ལྷུག་པར་གྲོལ་པའི་ཆོས་ཀྱི་གཏེར། །ཐུབ་པའི་དགོངས་པ་ངེས་པར་འགྲོལ་ནུས་


LT37_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་ཁྱོད་གསུང་ཆོས་ཀྱི་ཤིང་རྟ་རང་དབང་ཅན། །ཡོངས་རྫོགས་བསྟན་པའི་ཁང་བཟང་མཛེས་བྱེད་ཆོས་ཀྱི་རྒྱལ་མཚན་མཁས་མང་བྱེ་བའི་བླ་ན་བསྒྲེངས། །ཚངས་སྤྱོད་དཔལ་དང་ལྡན་པའི་མཚན་དཔེའི་དཀྱིལ་འཁོར་དྲི་བྲལ་ལྷ་མའི་དབུས་ན་ལྷམ་མེ་བ། །མ་ལུས་ཕྱོགས་ལས་རྣམ་པར་རྒྱལ་བའི་རང་དབང་ཆེན་པོས་སྐལ་བཟང་དག་ལ་དབུགས་འབྱིན་བསྩལ། །རིག་གྲོལ་མངོན་རྟོགས་ནམ་མཁའི་མངལ་ཁུར་ཐུབ་པའི་རྒྱལ་མཚན་ཐུན་མཚམས་གསར་པའི་གོས་ཀྱིས་བཀབ། །བསླབ་པ་གསུམ་ལས་བསོད་ནམས་ཞིང་བརྙེས་ཚོགས་མཆོག་པདྨོའི་ནགས་ཀླུང་རྒྱས་པའི་གོ་སྐབས་ཕྱེ། །དངོས་པོ་ཀུན་གྱི་སྲོག་ཏུ་ཞུགས་པའི་ཁྱབ་བདག་བདེ་ཆེན་སྒེག་པའི་ལང་ཚོས་བསྙེམས། །ཡི་གེ་སྤངས་པའི་རྡོ་རྗེའི་སྒྲ་ཡིས་གསང་བའི་གྲུབ་མཐའ་དབང་རབ་རྣ་བའི་བཅུད་དུ་བརྟོལ། །གཉུག་མའི་སྟོང་དང་སྙིང་རྗེ་ཁ་སྦྱོར་རྡོ་རྗེ་འཆང་ཞེས་དཀྱིལ་འཁོར་སྤྲིན་ཆེན་སྤྲོ་དེ་དང་། །འཇམ་པའི་དཔལ་སོགས་རྒྱད་ཀྱི་བདག་རྣམས་དཔལ་ལྡན་བླ་མའི་གསང་བ་གསུམ་གྱི་ཆོ་འཕྲུལ་ཉིད། །ཐུགས་བསྐྱེད་ཆེན་པོས་ཆོས་ཕྱིར་བཟོད་པའི་སྙིང་སྟོབས་ཁུར་ཆེན་ཕྲག་པར་བསྣམས་པ་གང་ཡིན་དང་། །ཐུགས་རྗེ་ཆེན་པོས་བརྩོན་པའི་གོ་མནབས་སྐྱོ་དུབ་སྤངས་པའི་ཆོས་འཁོར་བསྐོར་བ་གང་ཡིན་དང་། །བཀའ་དྲིན་


LT37_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཟབ་ཅིང་རྒྱ་ཆེའི་འདོད་རྒུའི་ཕ་ཕོག་རིན་ཐང་མེད་སྩོལ་གང་ཡིན་པ། །དེ་ཡི་ལན་ལྡོན་སྙིང་པོའི་བར་དུ་སླ་བ་མིན་ཀྱང་རང་གི་ཚོགས་རབ་སྦེལ་ལ་ཞུགས། །ཞེས་ཆེད་དུ་བརྗོད་པས་མདུན་བསུས་ཏེ། དེ་ཡང་གནས་ཕུན་སུམ་པ་རྡོ་རྗེ་སེམས་དཔའི་ཚལ། བཀྲ་ཤིས་པའི་མཛོད། ས་ལ་སྤྱོད་པའི་དགའ་ལྡན་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་ངོ་མཚར་གཞལ་དུ་མེད་པའི་མཆོད་སྡོང་རིན་པོ་ཆེ་དགོས་འདོད་ཀྱི་སྙིང་པོ་འབྱུང་བ་སོགས་ཁྱད་པར་དུ་འཕགས་པའི་རྟེན་དང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བཟང་པོ་སྤྱོད་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་བྱུང་ཞིང་འབྱུང་ལ་འབྱུང་བར་འགྱུར་བ་དང་། འཁོར་ལོ་གཉིས་ལྡན་གྱི་ཚོགས་མཆོག་ལྷ་མའི་བསོད་ནམས་ཀྱི་ཞིང་གི་སྤྲིན་ཕུང་རྒྱས་པར་འཁྲིགས་པ་འདིར། །སྟོན་པ་ཕུན་སུམ་ཚོགས་པ་གདོད་མ་ཉིད་ནས་སྤང་རྟོགས་མཐར་སོན་པས་རང་དོན་ཞི་བ་ཆེན་པོའི་རྒྱལ་སར་དེ་བཞིན་དུ་གཤེགས་ཀྱང་། འགྲོ་ངོར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་གཞན་དབང་གསང་གསུམ་ཆུ་ཟླའི་རོལ་རྩེད་ཅི་ཡང་སྣང་བ་ལས། ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན། བསླབ་པ་རྣམ་པ་གསུམ་གྱི་རྒྱ་མཚོ། ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་ནོར་བུས་གཏམས་པའི་བང་མཛོད། གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །རྗེ་བཙུན་བརྟན་པའི་འཁོར་ལོ་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་བཞེངས་པ་གང་ཉིད་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཁྲི་ཆེན་པོར་ཐུགས་བརྩེ་བ་དང་ལྡན་


LT37_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞབས་ཀྱི་ཆུ་སྐྱེས་མངོན་པར་བཀོད་དེ། འཁོར་ཕུན་སུམ་པ་ཚུལ་ལ་གནས་ཤིང་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་བློ་ཡོངས་སུ་གཞོལ་བའི་དད་པ་ཅན་གྱི་གང་ཟག་སྣོད་དུ་རུང་བར་འདུས་པ་རྣམས་ཀྱི་དབུས་སུ། དུས་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་མཆོག་གིས་ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུངས་ཤིང་ཕྱི་ནང་གི་འདུ་བ་ལ་ལོངས་སུ་སྤྱོད་པས་བྱིན་གྱིས་བརླབས་ཤིང་། ཁྱད་པར་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ལྷ་ལས་བབས་ཤིང་གསུང་རྡོ་རྗེ་པདྨཱ་ཀ་རས་མཛད་པ་ཁྱད་པར་ཅན་བསྟན་པས་རྣམ་དཀར་གྱི་ཡོན་ཏན་སཱ་ལ་ཆེན་པོའི་ས་བོན་བཞིན་ཏུ་འཕེལ་ཞིང་ཡངས་པར་འགྱུར་བའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་རྣམ་པ་གསུམ་གྱི་ལམ་རིམ། མཁས་དང་གྲུབ་པ་ཡོངས་ཀྱི་དགོངས་བཅུད། འཕགས་བོད་རིག་འཛིན་བྱེ་བའི་གཤེགས་ཤུལ། བསྐལ་པ་དུ་མར་ལེགས་པར་སྤྱད་པས་ཀྱང་མཚན་ཙམ་ཡང་ཐོས་པར་དཀའ་བའི་དམ་ཆོས་ཡིད་བཞིན་གྱི་ནོར་བུ་རིན་ཐང་མེད་པ་ལས་ཀྱང་ཆེས་ལྷག་པ། ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་ཁྲིད་བསྩལ། རྒྱབ་བརྟེན་གྱི་ལུང་ཕོག་སྟེ་རེ་བའི་ཤིང་རྟ་ཟབ་ཆོས་ནོར་བུའི་ཆར་གྱིས་དུས་ཐུང་ངུ་ཚེགས་མེད་པར་འགེངས་པར་མཛད་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོར་འདུག་ནའང་གཞལ་བྱའི་མཐའ་ཅན་དུ་གྱུར་པས་དངོས་


LT37_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མེ་ཏོག་ཕྲ་ཞིང་ཕྲ་བས་ཆ་ཙམ་ཡང་གསོབ་པར་ནུས་པ་མ་ཡིན་ཀྱང་། སྒོ་གསུམ་གྱིས་དངོས་དང་བརྒྱུད་ནས་བཟུང་བར་བྱ་བ་མཐའ་དག་ཀུན་བཟང་མཆོད་པའི་སྤྲིན་དང་རོ་གཅིག་ཏུ་འབུལ་བར་བགྱིད་པའི་མཎྜལ་རྟེན་མཚོན་བྱེད་དུ་བཀྲ་ཤིས་པའི་ལྷ་རེག་སོགས་གུས་པ་ཆེན་པོས་འབུལ་ལམ་ཞུས་ཏེ། སླད་ཀྱི་ཆར་གསོལ་བ་འདེབས་པའི་སྙིང་པོ། འདི་ལྟར་བདག་ཉིད་ཆེན་པོའི་མཚན་གྱིས་མངོན་པར་བརྗོད་པའི་སྐྱེས་བུ་ཉི་མ། སྐྱེས་བུ་སེང་གེ། སྐྱེས་བུ་ཅང་ཤེས་པ་རྣམས་ནི་རང་དོན་ཏུ་བགྱི་བ་ཅི་ཡང་མ་མཆིས་པར་འགྲོ་བའི་དོན་ཁོ་ན་ལ་ཐུགས་གཞོལ་བ་ཆོས་ཉིད་ལགས་པས། བསྟན་པ་དང་སེམས་ཅན་གྱི་དོན་ཏུ་བསྐལ་པ་རབ་འབྱམས་རྣམས་སུ་འཚོ་གཞེས་རྡོ་རྗེའི་ལྷུན་པོ་དང་། ཆོས་དབྱིངས་ཀྱི་རང་བཞིན་ལྟར་བརྟན་ཅིང་། སྔོན་ཆད་མ་བསྐོར་བའི་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རྒྱུན་མི་འཆད་པར་བསྐོར་བས་ངན་འགྲོའི་སྒོམ་ལུས་པ་བཅད། ཐར་པའི་སྒོ་རབ་ཏུ་ཡངས་པ་ཕྱེ། ཐམས་ཅད་མཁྱེན་པའི་ཆོས་ཀྱི་རྒྱལ་སྲིད་ཕྱོགས་ཐམས་ཅད་ནས་ཡོངས་སུ་རྒྱས་པར་མཛད་དུ་གསོལ་ཞེས་གསོལ་བ་ལན་བརྒྱ་ཕྲག་ཏུ་འདེབས་པ་ལགས།། །། ༈ །།།


LT37_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱ་ཏི་འཕགས་མ་སྤྱིའི་པྲ་སྟཱ་རས་ཀུན་ནས་མཛེས་པ་དགེ། དཔའ་འབྱོར་སྐྱེ་བས་པདྨ་སམྦྷ་འདི། །ཕྲིན་ལས་ཤིང་རྟ་རང་དབང་འདྲེན་པ་ལ། །མཆོག་གྱུར་རྩོད་པའི་མཐའ་འདིར་གླིང་པའི་མཚན། །སྲིད་པ་གསུམ་ན་སྙན་པར་སྒྲོགས་དེའི་དྲུང་། ༡ །དད་ལྡན་མི་རེའི་མདུན་ཏུ་པད་འབྱུང་ཞེས། །ཡིད་ཆེས་སྐྱེད་ཕྱིར་སྐལ་མཉམ་བརྫུ་ཐབས་ཀྱིས། །བརྩེ་བས་རྗེས་བཟུང་རིག་པ་འཛིན་དབང་ལ། །གཙུག་གིས་བཏུད་དེ་གུས་པའི་མཆིད་འདི་གསོལ། ༢ །གནས་མཆོག་ཕུན་ཚོགས་པདྨ་དབང་གི་དལ། །མཁས་པས་བསྟན་བསྐྱངས་གྲུབ་པས་མཆོག་ཐོབ་ཅིང་། །གོང་མས་བྱིན་བརླབས་ཌཱ་ཀི་འདུ་བའི་ཁྲོད། །དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་། ༣ །སྟོན་པ་ཕུན་ཚོགས་མཚོ་སྐྱེས་རྡོ་རྗེ་ཡིས། །སྙིགས་འགྲོའི་མགོན་ཏུ་སྐྱེ་བར་གཟེངས་བསྟོད་ཅིང་། །བདེ་སྟོང་མཐར་ཐུག་གྲུབ་པས་ཟབ་གསང་གི། །གཏེར་འབྱིན་འཁོར་ལོས་སྒྱུར་བ་མཆོག་གྱུར་གླིང་། ༤ །འདུས་འཁོར་ཕུན་ཚོགས་ཡང་སྲིད་ཕྲེང་བ་རུ། །རྣམ་དཀར་རྩ་བ་ལས་སྐྱེས་རྟེན་བཟང་སྣོད། །དད་བརྩོན་ཤེས་རབ་ངང་ཚུལ་ལྷན་སྐྱེས་ཅན། །གསེར་གྱི་ཡོལ་གོ་བཅུད་མཆོག་འཛིན་ནུས་པ། ༥ །དུས་ཚོད་ཕུན་ཚོགས་རྒྱལ་བའི་ཐུགས་རྗེ་དང་། །གདུལ་བྱའི་སྐལ་བཟང་འཛོམས་པས་རྫོགས་ལྡན་བཞིན། །རྫུ་


LT37_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]


LT37_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྣམ་པར་བརྩེ་བའི་ཆོ་འཕྲུལ་དང་། །ཟབ་གསང་རིན་ཆེན་གཏེར་སྒོ་འབྱེད་པའི་སྐབས། ༦ །དམ་ཆོས་ཕུན་ཚོགས་བརྒྱུད་པ་དགུ་ལྡན་གྱི། །བྱིན་རླབས་འོད་འབར་མཁའ་འགྲོའི་ཁ་རླངས་ཅན། །ལྗོན་ཤིང་སྨན་ཆེན་ནོར་བུས་མི་བསྒྲུན་པ། །ལས་སྐལ་དུས་དང་འཚམས་པའི་འདོད་འཇོ་ཉིད། ༧ །སྔོན་ཆད་ཐོས་པ་སྙིང་པོར་བཟུང་བྱ་བ། །དེང་འདིར་མངོན་སུམ་ཡུལ་དུ་འདུ་མཛད་ནས། །སྙིང་ལ་བདུད་རྩིར་བྱེད་པའི་ཟབ་གསང་བརྒྱ། །གཏན་གྱི་དབུལ་བ་འཕྲོག་པའི་དབྱིག་ཏུ་བསྩལ། ༨ །བཀའ་དྲིན་ཆེའོ་པདྨའི་ཞལ་སྐྱིན་མཆོག །ཡ་མཚན་ཆེའོ་ངོ་མཚར་ས་ཡི་གཏེར། །དུས་ལ་བབ་པོ་གསོལ་བ་རིང་ནས་བཏབ། །རབ་ཏུ་ཚིམ་མོ་རེ་བའི་ནོར་བུ་རྙེད། ༩ །ཚིགས་བཅད་གཅིག་ཕྱིར་ཞིང་ཀུན་རིན་པོ་ཆེས། །བཀངས་ནས་ཕུལ་བའང་ཡོན་ཏུ་ཆུང་གྱུར་ན། །དྲིན་ལན་འཕྲལ་དུ་ལྡོན་པར་རྔོ་མི་ཐོགས། །བྱང་ཆུབ་བར་དུ་གཞལ་བར་སྤྲོ་བ་ཉིད། ༡༠ །དད་སོགས་སྙིང་གི་ནོར་དུ་བཅང་བ་ཡི། །སྤོང་བའི་ཁང་པར་འབྱོར་པའི་མེ་ཏོག་ཕྲ། །ཚིག་གི་གཏོང་རག་ཙམ་ཡང་མཛེས་ཆོས་ཉིད། །སྒྲུབ་པ་སྙིང་པོར་བྱེད་ན་རྒྱལ་རྣམས་དགྱེས། ༡༡ །དེ་ཉིད་སྔོན་འགྲོའི་དངོས་པོའི་མཎྜལ་དུ། །མཚོན་བྱེད་དགེ་ལེགས་ཀུན་ཁྱབ་རྟེན་འབྲེལ་རྫས། །དྲི་མེད་ལྷ་རེག་ཟླ་


LT37_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལང་ཚོ་ཅན། །དར་བ་ཆེན་པོ་ཆོས་ཀྱི་ཏོག་ཏུ་འབུལ། ༡༢ །སྣ་ཚོགས་རྡོ་རྗེ་གཡུང་དྲུང་རེ་ཁཱ་ནི། །གདོང་ལྔ་ཟུང་གིས་བཏེགས་པའི་གདན་དཀར་པོ། །མི་འགྱུར་མི་ཤིགས་བསྐལ་བརྒྱར་ཞབས་བརྟན་ཏེ། །འཇིགས་བྲལ་ལས་བཞིའི་འཁོར་ལོས་སྒྱུར་ཕྱིར་འབུལ། ༡༣ །སྐུ་ལྔའི་རང་བཞིན་འཕོ་འགྱུར་ལས་འདས་ཀྱང་། །གཟུགས་སྐུའི་རྣམ་རོལ་སྐྱེ་འཆི་མི་མངའ་བར། །གདུལ་དཀའ་འདུལ་ཕྱིར་དུས་གསུམ་རྒྱལ་བའི་ཡུམ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྣང་བརྙན་འབུལ། ༡༤ །གསུང་ལྔའི་ཆོས་རྒྱུན་ཆད་པ་མི་མངའ་ཡང་། ཁམས་དབང་སྐལ་པ་དུས་དང་འཚམས་པ་ཡི། །སྔོན་མེད་ཆོས་སྒོ་བྱེ་བ་འབྱེད་པའི་སླད། །འཆི་མེད་སྐུ་གསུམ་རིགས་འདུས་གླེགས་བམ་འབུལ། ༡༥ །ཐུགས་ལྔ་འགྱུར་མེད་བདེ་ཆེན་རྡོ་རྗེ་ནི། །འོད་གསལ་སྟོང་ཉིད་གཉུག་མའི་དགའ་མ་དང་། །ཟུང་འཇུག་འགྲོ་ལ་རྟག་ཏུ་བརྩེ་བའི་མདངས། །འཆར་སླད་བཛྲ་གྷཎྜའི་ཕྱག་རྒྱ་འབུལ། ༡༦ །སྤངས་རྟོགས་ཆེན་པོས་བསྡུས་པའི་ཡོན་ཏན་ལྔ། །མ་སྦས་མ་བསྒྲིབས་ཐུན་མོང་གདུལ་བྱའི་ངོར། །འཆར་ནས་འཕྲལ་ཡུན་དཔལ་རྒྱས་འབྱོར་པའི་ཕྱིར། །བཟང་གོས་གསེར་གྱི་མདངས་ལྡན་སྟོད་གཡོགས་འབུལ། ༡༧ །ཕྲིན་ལས་རྣམ་ལྔས་རིས་མེད་གདུལ་བྱ་འདུལ། །ཆོས་བརྒྱུད་ཆུ་བོ་ལྟར་གནས་


LT37_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡང་། །བཀའ་བབ་བདག་གིར་བགྱི་བའི་རྟེན་འབྲེལ་དུ། །རབ་དཀར་རིན་ཆེན་ཕྲེང་བ་རྒྱན་ལྡན་འབུལ། ༡༨ །རིགས་ལྔ་གང་ཆེན་མཚོ་ཡི་ཞིང་རབ་འབྱམས། །ཀུན་བཟང་མཆོད་སྤྲིན་གྱིས་བཀང་འབུལ་མཚོན་སླད། །བཀྲ་ཤིས་རེ་ཁཱས་མཚན་པའི་མཎྜ་ལ། །རིན་ཆེན་དང་པོའི་ཚོམ་བུ་ལྔ་ལྡན་འབུལ། ༡༩ །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་རྒྱལ་པོ་རུ། །པདྨས་མངའ་གསོལ་དབང་བཞིའི་ཡེ་ཤེས་ཀྱིས། །སྐལ་ལྡན་སྨིན་གྲོལ་རྒྱལ་སར་དབུགས་དབྱུང་ཕྱིར། །མཐོང་གྲོལ་པད་ཞུ་སྣང་སྲིད་ཟིལ་གནོན་འབུལ། ༢༠ །གཏེར་ཆོས་འགྲོ་དོན་ཐུབ་བསྟན་ཇི་སྲིད་གནས། །གཏེར་སྟོན་ཆོས་བདག་སྙན་གྲགས་ཞིང་ཀུན་ཏུ། །སྒྲོགས་སླད་སིལ་སྙན་བཀྲ་ཤིས་དཔལ་འབར་དང་། །ཆ་ལང་རྙིང་མ་དབྱངས་སྙན་བརྒྱ་ལྡན་འབུལ། ༢༡ །རྩ་གསུམ་དགྱེས་སྐྱེད་སྣང་སྲིད་ལྷ་སྲིན་གྱི། །གཡར་དམ་བསྐངས་པས་བསྟན་འགྲོའི་བསོད་ནམས་མཁར། །བདེ་སྐྱིད་རྫོགས་ལྡན་སྤྲིན་ཕུང་འཁྲིགས་པའི་སླད། །རིན་ཆེན་གཉིས་པའི་སྐྱེམས་ཕོར་བཅུད་ལྡན་འབུལ། ༢༢ །ཡུལ་ཆོས་རང་ལ་བདོག་དགུའི་འབྱོར་པས་ཀྱང་། །བསོད་ནམས་ཕུལ་དུ་ཕྱིན་པ་བསྐྲུན་ནས་སུ། །དོན་གཉིས་བསྒྲུན་སླད་དར་རས་ལིང་ཡུག་སྦྲེལ། །ཝ་སྦྲེ་གཡི་དང་གཟིག་གི་ཤུན་པ་འབུལ། ༢༣ །སྐྱེ་བར་དམ་ཚིག་


LT37_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཉག་ཐག་འབྲེལ། །འབྱོར་དྲུག་དཔལ་དང་ཆོས་བསྟན་དབྱར་གྱི་མཚོ། །ཡར་ངོའི་ཟླ་སྟར་རབ་ཏུ་རྒྱས་མཚོན་ཕྱིར། །མཐའ་རྟེན་དྲི་མེད་རས་དཀར་ཡུག་རིང་འབུལ། ༢༤ །ད་དུང་ལོ་བརྒྱར་རྟག་ཏུ་ཞལ་འཛོམ་ཞིང་། །ཟབ་གསང་ཆོས་ཀྱི་བདུད་རྩི་མཐའ་ཡས་སྩལ། །མཉེས་པ་གསུམ་པོས་རབ་དགྱེས་སྒྲུབ་པ་ཡི། །རྟེན་འབྱུང་བཀྲ་ཤིས་སྒོ་འཕར་བྱེ་བ་དབྱེ། ༢༥ །རྡོ་རྗེའི་སྐུ་ཚེ་འཆི་མེད་མགོན་ལྟར་བརྟན། །གཞན་ཕན་ཕྲིན་ལས་པད་དཀར་འཆང་བཞིན་རྒྱས། །ཕྱོགས་ལས་རྣམ་རྒྱལ་སྙིགས་དུས་འགྲོ་བའི་མགོན། །པདྨ་ཐོད་ཕྲེང་རྩལ་དང་མཚུངས་པར་ཤོག ༢༦ །ཨོ་རྒྱན་ཡབ་ཡུམ་ཆོས་རྒྱལ་ཡབ་སྲས་དང་། །ལས་ཅན་འཁོར་བཅས་ཐུགས་བསྐྱེད་མི་བསླུ་བར། །ཆོས་ནོར་རྫས་གཏེར་རང་སྐལ་མཆིས་སོ་ཅོག །རྩོལ་མེད་ཐོན་ནས་རྟེན་འབྲེལ་ལེགས་འགྲིགས་ཤོག ༢༧ །མི་བཟང་སྙིགས་མའི་རྣམ་འགྱུར་མཐའ་དག་པ། །ཚད་མེད་ཐུགས་རྗེའི་སྟོབས་ཀྱིས་མྱུར་དུ་ཞི། །སུམ་རྩེན་སྣོད་བཅུད་དཔལ་དང་འབྱོར་པ་ཀུན། །བསིལ་ལྡན་སྨན་གྱི་ལྗོངས་སུ་འཕོ་བར་ཤོག༢༨། སྐྱེ་བར་བཟང་པོའི་ལས་ཀྱི་འཕྲོ་སད་ཅིང་། །སྨོན་ལམ་ས་བོན་དུས་སུ་སྨིན་པ་དང་། །ལེགས་དགུའི་རྟེན་འབྱུང་འགྲིགས་པས་འཕྲལ་ཡུན་ཏུ། །བདེ་སྐྱིད་ཉི་མ་འཁོར་ཡུག་འཆར་བར་ཤོག༢༩། བསྟན་པའི་ལང་ཚོ་


LT37_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་དཔལ་བཞིན་རྒྱས། །བསྟན་འཛིན་ཐུགས་མཐུན་ཞབས་པད་བསྐལ་བརྒྱར་བརྟན། །བཀྲ་ཤིས་ཉི་ཟླའི་གཟི་འོད་འབུམ་ཕྲག་གིས། །འཇིག་རྟེན་གསུམ་པོ་རྟག་ཏུ་སྣང་གྱུར་ཅིག ༣༠ །སརྦ་ཐཱ་ཡ་ཐཱ་མ་ནོ་ར་ཐ་སིདྡྷི་རྦྷ་བནྟུ།། ༈ །།གཏེར་ཆེན་མཆོག་གྱུར་གླིང་པ་རྗེས་ཕེབ་སྐབས་ཀྱི་འབུལ་ཡིག །ཨོཾ་སྭ་སྟི་སིདྡྷཾ། རྟག་བརྟན་ཡེ་ཤེས་སྣང་བས་སྲིད་དང་ཞི་བའི་མཁའ་དབྱིངས་ཁྱབ། །བདེ་ཆེན་འོད་གསལ་སྙིང་པོར་འགྲོ་བ་འཁྲུལ་པའི་ས་བོན་བསྟིམས། །ཕྱོགས་ལས་རྣམ་པར་རབ་རྒྱལ་གསང་ཆེན་ཆོས་ཀྱི་རྒྱལ་མཚན་སྒྲེང་། །དགེ་ལེགས་ཡོངས་འདུས་གྲིབ་མར་སྐྱེ་དགུ་ངལ་འཚོ་མཛད་དེ་རྒྱལ། །གྲུབ་པ་ཡོངས་ཀྱི་ཟུར་ཕུད་མཛེས་པའི་རྒྱན། །འཇིག་རྟེན་གསུམ་གྱིས་མཆོད་པའི་འོས་གྱུར་པ། །ཟབ་གསང་དབྱིག་གི་ཆར་འབེབས་ཕྱོགས་དུས་སུ། །དཔེ་བྲལ་དབང་གི་རྒྱལ་པོ་ག་ལ་བར། །ཐུགས་རྗེ་ཡོན་ཏན་བདུད་རྩིའི་ཟེར་ཕྲེང་གིས། །མངོན་པར་ཕྱེས་པའི་སྙིང་གི་ཀུ་མུ་ད། །དད་མོས་སྦྲང་རྩིའི་རླབས་ཕྲེང་འཕྱུར་བའི་ངག །དཔྱོད་ལྡན་ཡིད་ལ་དཔྱིད་ཀྱི་དཔལ་མོར་བཞད། །གདོད་ནས་རྡོ་རྗེ་བཞི་ཡི་རྒྱལ་ཐབས་ལ། །དབང་སྒྱུར་བརྙེས་པས་སྐུ་དང་ཞིང་ཁམས་ནི། །སྤྲིན་ཆེན་ཆོས་དབྱིངས་རྒྱས་པར་བཀང་


LT37_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐའ། །ས་བཅུའི་དབང་ཕྱུག་རྣམས་ཀྱིས་གཞལ་མི་རྙེད། །དག་པའི་དབྱིངས་ལས་ཡེ་ཤེས་རོལ་མོ་ནི། །མོས་དང་འཚམས་པའི་ཆོ་འཕྲུལ་བྱེ་བ་སྙེད། །ཡུལ་དང་ཡུལ་མིན་ཕྱོགས་སུ་མ་ལྷུང་བས། །མཁའ་མཉམ་འགྲོ་བའི་འདྲེན་པར་ལྷུན་གྱིས་གྲུབ། །མགོན་པོ་བདེ་བ་ཆེན་པོའི་གསང་གསུམ་ལས། །མི་གཞན་མཛད་པའང་མཉམ་པ་ཉིད་ཀྱི་ཕྱིར། །སྐུ་གསུམ་བླ་མའི་རྣམ་ཐར་རྒྱ་མཚོའི་སྒོར། །ཞུགས་པའི་ཡུལ་དེ་སོ་སྐྱེས་བརྟག་མི་བཟོད། །དེ་ལྟ་ནའང་ཕྱོགས་རེའི་བློ་མིག་ཏུ། །ངོ་མཚར་རྣམ་འཕྲུལ་ཆུ་ཟླའི་ཟློས་གར་གྱིས། །མངོན་མཐོ་ངེས་ལེགས་ཆོ་ག་བསྐྲུན་པ་ལ། །སྐྱེས་པ་རབས་ཀྱི་ཕྲེང་བར་མཚུངས་ཟླ་སྤངས། །ཁྱད་པར་ཀུན་བཟང་པདྨ་སཾ་བྷ་བའི། །ཕྲིན་ལས་ཤིང་རྟ་ཞིང་བརྒྱར་འདྲེན་པའི་སྟོབས། །ཤིན་ཏུ་བརླིང་བའི་མཆོག་གྲུབ་རིག་པ་འཛིན། །རྒྱ་མཚོའི་དབུས་ན་ལྷུན་པོ་བཞིན་ཏུ་འཕགས། །ལས་ཀྱི་ཞགས་པས་བསྐལ་ངན་བཙོན་ར་ན། །དམ་དུ་བཅིངས་རྣམས་བདེ་བར་འགྲོ་བའི་ཕྱག །རིང་པོར་བརྐྱང་བའི་སྙིང་སྟོབས་གོ་ཆ་ནི། །རྡོ་རྗེ་བཞིན་ཏུ་མི་ཕྱེད་གཅིག་ཏུ་མཁྲེགས། །སྣང་བྱེད་ཀུན་གྱི་ནུས་པས་མི་ཆོམས་པའི། །ལྟ་སོགས་སྙིགས་ལྔའི་མུན་པས་ཁེབས་པ་ལ། །འཕུར་འགྲོའི་སློབ་དཔོན་གཉིས་པའི་སྒྱུ་ཐབས་ཀྱིས། །ཐར་ལམ་གསལ་


LT37_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉིན་བྱེད་ཁོལ་བུར་ཤར། །ཡེ་ཤེས་མཁའ་ལ་དག་སྣང་དབང་གཞུ་བཀྲ། །ཕྱི་ནང་གནས་སུ་ཚོགས་ཀྱི་འདུ་བར་སྤྱོད། །སྲིད་ཞིར་དབང་མཛད་བརྟུལ་ཞུགས་གྲུབ་ཀུན་ཀྱང་། །མི་གཡོ་དགོངས་པ་རྩལ་རྫོགས་ཟིལ་གྱིས་མནན། །གསང་མཛོད་གྲོལ་བ་བཞི་ལྡན་ནོར་བུའི་རྒྱ། །ལས་འཕྲོའི་ཕྱག་རྒྱས་སྐལ་བཟང་ལེགས་བྱས་ཀྱི། །དཔྱིད་དུ་དབྱེ་བའི་འཁྲུལ་ཆེན་ཟླ་མེད་པ། །ཆོས་ཀྱི་རྒྱལ་པོའི་ཁྲི་ལ་ངང་གིས་འཛེགས། །མཁྱེན་པའི་སྟོབས་དང་ཐུགས་རྗེ་ནུས་པའི་རྩལ། །རྒྱལ་བའི་མྱུ་གུ་ཀུན་གྱི་བཅུད་འཕྲོག་ནས། །ཆེད་དུ་བྱོན་ཏམ་དུས་མཐའི་མུན་ཁང་ནི། །བདེ་བླག་འཇིག་པའི་སྣང་བྱེད་གཉིས་པས་དབེན། །བསིལ་ལྡན་མཐའ་དབུས་རིས་མེད་བསྟན་དང་འགྲོ། །བདེ་སྐྱིད་ཡུན་ཏུ་འཚོ་ཐབས་གཞན་གྱི་དྲིང་། །མི་འཇོག་རང་སྟོབས་ཁོ་ནར་ལྟོས་པ་མིན། །སྐྱེས་ཚལ་དབྱར་གྱི་དཔལ་མོས་དབང་བྱེད་འདྲ། །འཆི་མེད་བཏུང་བའི་ལང་ཚོས་དྲེགས་པ་ཡི། །རིན་ཆེན་མྱུ་གུ་གསར་པའི་རྐང་སྟེགས་ཅན། །ལྷ་དབང་ཉིད་ཀྱང་རྡོ་རྗེའི་འབྱོར་པ་ཡི། །འདུན་སར་རབ་སོང་བདག་པོ་བཞིན་ཏུ་དམན། །རྩོད་པའི་རྣམ་འགྱུར་མི་བཟད་ཚང་ཚིང་དུ། །སྨོན་ལམ་ཉི་མའི་རླབས་ཀྱིས་བརྟོལ་བའི་འགྲོར། །བསོད་ནམས་དུས་ཀྱི་དང་པོར་ཚེས་པ་ན། །སྔོན་མེད་དགའ་སྟོན་རྨི་ལམ་བཞིན་ཏུ་


LT37_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །ཡིད་བཞིན་ནོར་དང་གཏེར་བུམ་དཔག་བསམ་ཤིང་། །ཀུན་དགའི་འདོད་འཇོར་སྙན་པར་གྲགས་ལྡན་ཀྱང་། །གཏན་གྱི་དབུལ་པ་སེལ་བའི་མཐུ་དམན་ཕྱིར། །མཆོག་སྦྱིན་དབྱིག་གི་སྙིང་པོའི་དཔེར་མི་ནུས། །སངས་རྒྱས་གཉིས་པའི་གསང་ཆེན་རྒྱལ་སྲིད་དང་། །འགྲོ་འདུལ་ཕྲིན་ལས་བདག་པོར་དབང་ཐོབ་ནས། །རྨུ་རྒོད་བརྩེ་བས་བཟུང་བའི་བཀའ་དྲིན་མཐའ། །ཞིང་ཀུན་ནོར་བུས་བཀང་ཡང་གཞལ་བྱར་མིན། །དེ་ལྟ་ན་ཡང་མི་ཕྱེད་རྡོ་རྗེ་གསུམ། །མཉམ་པ་ཉིད་གྱུར་ད་སྲིད་ཚོགས་གཉིས་ཀྱི། །མཆོད་སྤྲིན་ནུས་དང་འཚམས་པར་སྤྲོ་བའི་བློ། །ཡང་སྲིད་ཀུན་ཏུ་དབྱར་གྱི་མཚོ་བཞིན་འཕེལ། །དེ་ལྟར་ཚིགས་སུ་བཅད་པའི་ངག་གིས་མདུན་བསུས་ནས། ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པའི་འགྲོ་འདུལ་ཕྲིན་ལས་ཀྱི་རྒྱལ་ཚབ། གསང་ཆེན་ངོ་མཚར་རྨད་དུ་བྱུང་བའི་རྡོ་རྗེའི་མཛོད་ལ་དབང་སྒྱུར་བའི་སྟོན་པ་བླ་ན་མེད་པ། བསིལ་ལྡན་གྱི་ལྗོངས་ན་གྲུབ་རིག་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་གང་ཉིད། རིས་སུ་མ་ཆད་པའི་གདུལ་བྱ་ལ་ཕྱོགས་སུ་མ་ལྷུང་བའི་ཐུགས་རྗེའི་གཟིགས་པ་འཇུག་བཞིན་ནའང་། འཕགས་པའི་ས་ལ་བཞུགས་པ་རྣམས་ནི་དམན་པའི་ཡུལ་ལ་ལྷག་པར་བརྩེ་བས་དགོངས་པ་ཆོས་ཉིད་ཀྱི་ཕྱིར། འདུ་ཤེས་གསུམ་གྱི་མལ་ན་ཐ་མལ་ཉོན་


LT37_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་རྒྱས་པས་མནལ་ཡུར་བའི་ཤིན་ཏུ་དམན་པ་བདག་ལྟ་བུ་ལའང་རྣམ་པ་ཀུན་ཏུ་བཏང་འབྲལ་མེད་པའི་ཐུགས་རྗེའི་ཕྱག་རིང་གིས་ཡོངས་སུ་བཟུང་ཞིང་། ཁྱད་པར་རིན་ཐང་བྲལ་བའི་ནོར་བུའི་གཏེར་ཁ་བྱེ་བར་སུག་པར་ཐོབ་པས་ཀྱང་ཆ་ཙམ་བསྒྲུན་པར་མི་བཟོད་པ། ཚེ་ལུས་གཅིག་ལ་གྲུབ་པ་གཉིས་བདེ་བླག་ཏུ་བྱེད་པའི་ཟབ་གསང་མཁའ་འགྲོའི་བརླང་ཐུ་ལེ་བ་རྣམས་ཀྱི་སྨིན་གྲོལ་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་དགྱེས་བཞིན་སྩལ་བ་དང་། ཕྱི་ནང་གི་རྟེན་བརྟེན་པར་བཅས་པ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ལྷག་པར་གནས་པའི་བྱིན་རླབས་སྩལ་བ་དང་། རང་ལ་ལྟོས་པའི་གདུལ་བྱ་དམན་པ་རྣམས་ལ་གྲོལ་བ་བཞི་ལྡན་གྱི་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བ་སོགས་མདོར་ན་ཇི་ལྟར་གསོལ་བ་བཏབ་པ་བཞིན། རེ་བའི་ཤིང་རྟ་གྱུར་བུར་འགེངས་པར་མཛད་པའི་བཀའ་དྲིན་ཚད་མ་མཆིས་པ་དག །བྱང་ཆུབ་སྙིང་པོའི་བར་དུ་གཞལ་བྱའི་མཐའ་ཅན་ཁོ་ན་ལ། ཟང་ཟིང་མེ་ཏོག་ཤིན་ཏུ་ཕྲ་བ་ལས་ལན་ལྡོན་བ་ནི་བྱིས་བློའི་རྣམ་པར་རྟོག་པའི་གཞན་དབང་དམ་པ་རྣམས་ཁྲེལ་བའི་རྒྱུ་ལས་མ་འདས་ཀྱང་། དད་པའི་མཎྜལ་མཚོན་བྱེད་ཙམ་དུ་ཐོག་མར་བཀྲ་ཤིས་པའི་ལྷ་རེག་ནང་མཛོད་སྲིད་དུ་རིང་བ། སྟན་དཀར་རྡོ་རྗེའི་རེ་ཁཱས་མཚན་པ། སྐུ་རྟེན་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་


LT37_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ། གསུང་རྟེན་པདྨ་ཚེ་དབང་རྒྱལ་པོའི་གཏེན་བྱོན་ཕག་མོ་ཟབ་རྒྱའི་པུ་སྟ་ཀ །ཐུགས་རྟེན་བཀའ་གདམས་ལུགས་ཀྱི་མཆོད་སྡོང་རྙིང་མ། དར་ཕྱི་མཛོད། ལིང་ལུག །རས་ཡུག །སྦྲེ། །ཝ། འོབ། སྤྱང་། སྲམ། གཡི། གཟིག་བཅས་ཀྱི་པགས་པ་རེ། རྟིབ་དཀར་ཤུབས་འབྱར། ཆིབས་ཁེབས་མེ་ཏོག་རིས་སྤུས་ལེགས། བཟང་ཇ་འཁོར་དྲུག ༣ །གསེར་རྡིལ་ཚད། མཐའ་དཀར་གཱ་རས་ཡུག་བཅས་གུས་པ་ཆེན་པོས་འབུལ་ལམ་ཞུ་ན་བརྩེ་བ་ཆེན་པོས་དགྱེས་པར་བཞེས་གྲུབ་པ་ཅི་ནས་མཁྱེན་ཅེས་སྔོན་ཏུ་གསོལ་ནས། སླར་ཡང་འདོད་པའི་དོན་ལ་གསོལ་བ་འདེབས་པ། ཤྲཱི་ཤྲཱི་ཤྲཱི། འཕོ་འགྱུར་སྐྱེ་འགག་ཀུན་བྲལ་རང་སྣང་རིས་མེད་དགོངས་པ་གཟོད་ནས་རྩལ་རྫོགས་པས། །སྐྱེ་འཆིའི་མཚན་མའི་མཐའ་གྲོལ་འགྱུར་མེད་མཁའ་ལ་འགྱུར་བའི་སྤྲིན་ཚོགས་ལེགས་བསྡམས་ཕྱེར། །བདེ་ཆེན་རྡོ་རྗེའི་ཕྱག་རྒྱའི་སྣང་བ་ཚུར་མཐོང་བློར་ཡང་རྡོ་རྗེ་ལྟར་བརྟན་ནས། །རྟག་ཅིང་ཁྱབ་པའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོས་བསྐལ་བརྒྱར་དབང་མཛད་གསོལ། །སངས་རྒྱས་གཉིས་པའི་ཐུགས་ཀྱི་སྤས་གཅིག་པུ། །མཁའ་སྤྱོད་ཌཱ་ཀིའི་དབང་ཕྱུག་ཆེ་བའི་མཆོག །གངས་ཅན་འགྲོ་འདུལ་ཤིང་རྟ་རབ་བསྔགས་པ། །གདུལ་བྱའི་མཁའ་ལ་ཉི་ལྟར་རྟག་འཆར་ཤོག །དགོས་འབྱུང་ནོར་བུའི་སྙིང་པོ་བརྗིད་


LT37_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ། །བསྟན་འགྲོའི་ལེགས་བྱས་རྒྱལ་བའི་མཚན་མའི་རྩེར། །ལོ་བརྒྱར་གཡོ་མེད་རྡོ་རྗེ་རིན་ཆེན་ཏོག །རབ་མཛེས་ཕན་བདེ་དབྱིག་གི་ཆར་འབེབས་གསོལ། །ཆོས་ཀུན་མཐར་ཐུགས་ངེས་པའི་ཐེག་པ་ཡི། །ཆོས་སྤྲིན་འགྲོ་ཁམས་རྗེས་འགྲོར་དཀྲིགས་པ་ལ། །སྔོན་མེད་མཐུ་ཐོབ་གདེངས་ཅན་བདག་པོ་ཡི། །གོ་འཕང་སྲིད་པ་ཇི་སྲིད་བཟུང་བར་མཛོད། །འོད་གསལ་སྟོང་ཉིད་མཛེས་མའི་ལང་ཚོ་ལ། །བདེ་ཆེན་སྙིང་རྗེས་ཆགས་པའི་ཟུང་འཇུག་རྒྱ། །སྙིགས་འགྲོའི་མཐར་ཐུག་གཞར་ཡང་མི་སློད་པར། །དུས་དྲུག་ཡེ་ཤེས་གཟིགས་པས་བཙའ་བར་གསོལ། །བྲལ་སྨིན་ཡོན་ཏན་བྱེ་བའི་གཏེར་བརྙེས་པས། །གཞན་ཕན་ཁོ་ནའི་དཔྱིད་དུ་ལྷུན་གྲུབ་ཀྱང་། །རྒྱུད་ལུང་མན་ངག་བཻཌཱུརྻ་ཡི་སྒྲོམ། །ཆོས་ཀྱིས་པོངས་ལ་ལྷག་པར་དབྱེ་བར་གསོལ། །མཉམ་ཉིད་དགོངས་པར་ཕྱོགས་དུས་མཚན་མའི་རིས། །ཆད་མིན་ཕྲིན་ལས་སྣང་བས་ཀུན་ཏུ་ཁྱབ། །འོན་ཀྱང་གངས་ཅན་བདེ་སྐྱིད་སྤེལ་བ་ལ། །ཐུགས་བསྐྱེད་གོ་ཆ་ཆེད་དུ་བརྟན་པར་གསོལ། །རྩ་གསུམ་ཡོངས་འདུས་འཆི་མེད་པདྨའི་བྱིན་རླབས་རྫོགས་ལྡན་སྤྲིན་གྱི་བླ་རེ་བྲེས་པ་ལས། །གཅིག་དང་ཐ་དད་ལས་གྲོལ་འགྲོ་འདུལ་རྣམ་པར་འཕྲུལ་པའི་ཐུགས་བསྐྱེད་ནོར་བུའི་གྲུ་ཆར་ནི། །བསོད་ནམས་སྣོད་མཆོག་འཚམས་པར་འཇོ་བས་དུས་


LT37_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕན་མཛད་བདེན་སྟོབས་བསླུ་བ་མ་མཆིས་ཕྱིར། །ཇི་ལྟར་སྨོན་པའི་འབྲས་བུའི་སྙེ་མས་རེ་བའི་ཤིང་རྟ་ཕྱུར་བུར་འགེངས་པའི་དགེ་ལེགས་ཤོག །སརྦ་ཐཱ་ཀཱ་མ་ཕ་ལ་སིདྡྷཱ་ནཱཾ་བྷཱ་སཻཿསྥོ་ཊ་བྷ་བནྟུ།། །།

རང་དང་གཞན་བསྐུལ་གྱིས་ངོར་བྲིས་པའི་ཡིག་བསྐུར་ཚིགས་སུ་བཅད་པའི་ཕྲེང་བ་མཚོ་བྱུང་མགྲིན་པའི་རོལ་རྩེད།


LT37_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་གཞན་བསྐུལ་གྱིས་ངོར་བྲིས་པའི་ཡིག་བསྐུར་ཚིགས་སུ་བཅད་པའི་ཕྲེང་བ་མཚོ་བྱུང་མགྲིན་པའི་རོལ་རྩེད་ཞེས་བྱ་བ་བཞུགས་སོ།། །།


LT37_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བྱེ་བའི་གཟི་བརྗིད་ལ་འཁྱུད་པའི། །ཡིད་ཅན་མུན་པ་ཞི་བའི་སྣང་བ་ཅན།། །།


LT37_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་བླ་བྲེ་དང་མཚུངས་མཆོག་གསུམ་གྱི། །ཐུགས་རྗེའི་སྣང་བ་འགྲིབ་པ་མེད་པས་སྲུངས།། །


LT37_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བྱེད་པོའི་གཙུག་ན་ཆགས་པའི་རྡུལ། །རྩིབས་སྟོང་རེ་ཁཱས་མཚན་པ་ལས་འོངས་པ། །དག་པའི་ནོར་བུ་ཆུ་ཤེལ་འཕོས་པ་བཞིན། །རེ་བ་ཡིད་བཞིན་འཇོ་བའི་དབྱིག་གི་དྲུང་། །མོས་པའི་སྙིང་ཆུས་བྲན་པའི་སོར་མོ་ཡིས། །པདྨོ་སོས་ཀའི་གཞི་ལ་འབུས་འདྲ་བས། །དཔྲལ་བར་བརྒྱན་ཏེ་ཞུ་མཆིད་བུང་བའི་གླུ། །དད་པའི་སྟོབས་ལས་ཤུགས་འབྱུང་དབྱངས་སུ་ལེན། །སྲིད་ལས་འདས་ཀྱང་སྲིད་པ་ཐམས་ཅད་པ། །ཞི་བ་ཉིད་ཀྱང་ཞི་དང་མི་འཛའ་བར། །མཐའ་ཡས་རྣམ་གྲོལ་ཆོས་ཀྱི་རྒྱལ་པོ་ནི། །ས་ལ་ཁ་ལོ་སྒྱུར་བའི་དབང་ཕྱུག་བཞིན། །ཐར་པའི་སྒྲས་བཏགས་ཤིན་ཏུ་ཟབ་ཞིའི་དབྱིངས། །གྲུབ་པ་རྣམས་ཀྱིས་ནོར་བཞིན་སྤྱོད་པའི་ཡུལ། །རང་དབང་ཆུབ་ནས་གཞན་ལ་འདོམས་པའི་ལུང་། །སྲས་ཀྱི་དབུས་བཞུགས་རྒྱལ་རྣམས་འགྲོས་ཏེ་བྱིན། །མཚན་ཙམ་གྱིས་ཀྱང་སྟོབས་བཅུ་མངའ་རྣམས་ཀྱི། །མཛད་པ་ཀུན་སྒྲུབ་དཔལ་ལྡན་འཇིག་རྟེན་མགོན། །གངས་ལྗོངས་གདུལ་བྱ་འདོར་བ་མ་བཟོད་པས། །ཐུབ་པའི་རྒྱལ་མཚན་བསྣམས་ཏེ་བྱོན་པ་རྨད། །ཐུབ་ཀུན་སྤངས་རྟོགས་གཅིག་ཏུ་བསྡུས་པ་ཡི། །ཉིན་བྱེད་མཁྱེན་བརྩེའི་ཟེར་ལ་མཚར་དུ་ཅི། །གངས་ཅན་གདུལ་དཀའི་འབྱུང་བྱས་རྣམ་ཐར་གྱི། །ཆ་ཤས་མཐོང་བའི་མིག་གི་སྐལ་ལྡན་མཚར། །ཐ་དད་ཀླུང་དུ་འབབས་པའི་ཆུ་བྱེ་བ། །ཆུ་གཏེར་ཆེན་


LT37_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཇིངས་ལས་སྡུད་ཅིང་སྤྲོ། །སྲིད་འདིར་རྒྱལ་བའི་ཕྲིན་ལས་གང་འཇུག་པ། །དེ་དག་རྒྱལ་དབང་ཕྱག་ན་པདྨོའི་འཕྲུལ། །ཡེ་ཤེས་ཡུལ་ལ་འཇུག་པའི་ཕྲིན་ལས་ནི། །གདུལ་བྱའི་ཁམས་དང་མཐུན་པའི་རོལ་མོ་བརྒྱ། །དུས་གསུམ་གཤེགས་པའི་འཕྲུལ་ཀུན་བསྒྲགས་པ་ལས། །སྐུ་དང་ཞིང་ཁམས་གཞན་ལ་གུས་པ་ལྷོད། །ཐུགས་རྗེ་པདྨ་དཀར་པོའི་གྲིབ་བསིལ་ལ། །སྐྱབས་སུ་འཆའ་བའི་སྲིན་བུ་དབྱར་བཞིན་ཏུ། །སྣང་བའི་ཡུལ་ལ་ཅི་བདེར་སྤྱད་པ་ཙམ། །རྣལ་འབྱོར་སྒྲོ་བཏགས་རི་ཡི་སྐྱིབས་སུ་བདོག །མཚམས་ཞུས། །ཇི་ལྟར་ས་ཡི་སྟེང་ན་ཉི་མ་དར། །མཚུངས་པའི་སྣང་བྱེད་དབང་པོ་གཞན་ཡོད་མིན། །ལུས་ཅན་ཀུན་ལ་འཇིག་རྟེན་དབང་ཕྱུག་གི། དཔེ་ཟླར་འོས་པའི་འདྲེན་པ་གཞན་མ་དམིགས། །དེས་ན་མི་ཤིགས་རྡོ་རྗེའི་སྐྱིལ་མོ་ཀྲུང་། །ལོ་བརྒྱའི་བར་དུ་ལྷོད་བར་མི་མཛད་པར། །ཞིང་འདིའི་གདུལ་བྱའི་མགོན་ཏུ་འཚོ་གཞེས་ཏེ། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་དུ་གསོལ། །འགྲོ་ཁམས་ཇི་སྙེད་སྒྲོལ་བའི་དམ་བཅའི་གོ། །རང་གིས་བགོས་པ་གང་དེ་མི་འདོར་བར། །སྙིང་རྗེའི་སྤྱན་རས་འགྲོ་ཁམས་བྱང་ཆུབ་ལ། །འཇུག་གི་བར་དུ་གཟིགས་པས་བསྲུང་བར་མཛོད། །དད་དང་ལྷག་བསམ་ལྟར་དཀར་པད་སྣལ་དང་། །ཆོས་མཚུངས་ལྷ་ཡི་རེག་བྱས་


LT37_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཀྱི། །རྟེན་ཏུ་མཚོན་ཏེ་བཀའ་འབངས་མུ་ཏོ་བས། །སྙོམ་ལས་མལ་ནས་གུས་ཕྱག་དང་བཅས་ཕུལ། །ཞེས་རྒྱལ་དབང་ཀརྨ་པའི་མདུན་ཕུལ་བའོ། །དགེ་ལེགས་འཕེལ།། །།།ཐུགས་རྗེ་ཟླ་བའི་འཛུམ་དཀར་ཡིད་འོང་བ། །རྣམ་འདྲེན་རྒྱུ་སྐར་བྱེ་བས་མི་བཟོད་པས། །འགྲོ་ཚོགས་སྙིང་གི་ཀུ་མུད་ཁ་འབྱེད་པའི། །འཇིག་རྟེན་དབང་པོས་ཤིས་པའི་སྣང་བ་སྩོལ། །ཚངས་སོགས་ཅོད་པན་ནོར་བུའི་ཕུད་བུ་ཡིས། །བྱི་དོར་བྱས་པའི་ཞབས་ཀྱི་ཆུ་སྐྱེས་ཟུང་། །དགེ་མཚན་བྱེ་བའི་རྡུལ་ཕྲེང་སྐྱུགས་པ་ཡིས། །ས་གསུམ་དག་བྱེད་གྱུར་པ་ག་ལ་བར། གུས་པས་ཞུ་གསོལ། །ངོ་མཚར་རླབས་ཕྲེང་ཕྱུར་བའི་རྣམ་ཐར་མཚོ། །བྱང་ཆུབ་སྤྱོད་པའི་ནོར་བུ་གང་བ་ལས། །ཆ་ཤས་གཏམ་གྱིས་ངལ་གསོས་དང་བའི་ཡིད། །མགྲོན་པ་རྣམས་ལ་རིན་ཆེན་གླིང་བཞིན་གྱུར། །དེ་ཡི་གྲགས་པ་ཀུ་ནའི་ཕོན་པོ་ནི། །


LT37_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་བུ་མོའི་རྣ་བར་བྱིན་ཙམ་ནས། །སྙིང་ལ་སྦྲང་རྩི་བཞིན་ཏུ་དཔལ་ཐོབ་སྟེ། །ཞུ་མཆིད་བུང་བའི་གླིང་བུ་སྒྱུར་ལ་བྲེལ། །འདྲེན་པའི་ཆུ་ཆར་ཁུར་བའི་རྒྱ་མཚོའི་སྤྲིན། །སྤྲོས་བྲལ་མཁའ་ལས་སྤྲོས་པ་བཞིན་འགོད་དེ། །གང་འདུལ་སྤྲུལ་པ་བྱེ་བའི་གར་མཁན་མས། །གདུལ་བྱའི་ཡིད་དབང་འགུགས་པའི་རོལ་རྩེད་མཛད། །སྤང་རྟོགས་རྒྱས་པའི་སྨན་གྱི་ནགས་ཚལ་དུ། །རྣམ་ཐར་ག་པུར་དྲི་གསུང་འབབ་པའི་གཞི། །གང་སྐུ་དཔག་བསམ་རྐང་འཐུང་གསར་པ་ཉིད། །འཁྲུངས་པ་ཙམ་ནས་སྲིད་གསུམ་འདོད་འཇོ་དང་། །འགྲོ་ཕན་ཁོ་ནར་དགྱེས་པས་སྲིད་པ་ལས། །འདས་ཀྱང་སྲིད་པ་བཞིན་ཏུ་རྣམ་རོལ་ཏེ། །ཆོས་ཀྱི་བཀའ་རྟགས་འཆང་བའི་ཆོས་ཀྱི་རྒྱལ། །སྐྱེས་པ་རབ་ཀྱི་ཕྲེང་བར་ལྷུན་གྱིས་གྲུབ། །དུས་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི། །མཐོང་བ་འཇུག་པས་ལོག་ཤེས་རྙོགས་པའི་བློ། །གཙང་བྱེད་སྒྱུ་འཕྲུལ་སྣང་བརྙན་ཀེ་ཏ་ཀ །སྨོན་ལམ་རྗེས་སུ་འབྲང་དེར་སུ་མི་གུས། །རྒྱལ་དང་འཕགས་པས་སྤངས་རྣམས་བདེ་བླག་ཏུ། །ཟུང་འཇུག་ས་ལ་བཅིངས་པ་བཀྲོལ་བའི་མཐུ། །སྲིད་པའི་ཁོངས་ན་དོ་ཟླ་གཞན་མེད་པས། །མཚན་གྱི་ཡི་གེ་དབྱར་རྔའི་རྗེས་སུ་སོང་། །ཡིད་ཀྱི་བུང་བ་རིག་པའི་གླུ་ལེན་ཅིང་། །འཕུར་འདོད་ལག་འབྲེལ་བའི་ཟ་ཟི་ཅན། །འདི་ན་ཚོགས་ཀྱི་


LT37_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོའི་ཉེ་གམ་དུ། །རིམ་གཉིས་སྦྲང་རྩིའི་ཟེགས་མ་གསོག་བཞིན་མཆིས། །མཚམས་ཞུས། མཁྱེན་རབ་ནམ་མཁའི་དགའ་མ་ལ་འཁྱུད་པ། །བརྩེ་ཆེན་ཟླ་བ་གཞོན་ནུའི་རོལ་སྒེག་ཅན། །ནུས་པའི་ཀུན་ཕན་འཆི་བདག་མུན་པ་ལས། །རབ་རྒྱལ་གདུལ་བྱའི་དཔྱིད་དུ་འཚོ་གཞེས་གསོལ། །སྒྱུ་འཕྲུལ་རོལ་མོར་འཆར་བའི་གསང་བ་གསུམ། །མི་ཤིགས་རིགས་སྔགས་རྡོ་རྗེའི་རྒྱས་ཐེབས་ནས། །རྟག་པ་དམ་པའི་མཁའ་ལས་ཆོས་ཀྱི་ཆར། །ཐེག་གསུམ་ཡུལ་དང་འཚམས་པར་དབབ་ཏུ་གསོལ། །བཀྲ་ཤིས་གང་ཞིག་ས་གསུམ་མཛེས་བྱེད་གསེར་གྱི་འོད། །ཁུབ་པར་བཀྱེ་བ་ཐུབ་པ་ཉི་མ་ལས་འོངས་པ། །ཆོས་དང་ཚོགས་ཏེ་རིན་ཆེན་གསུམ་གྱི་ཤིས་པས་འདིར། །བདེ་ལེགས་པདྨོའི་ནགས་ཀླུང་དར་ལ་བབ་གྱུར་ཅིག །མགོན་པོ་གང་གི་ཐུགས་རྗེ་བསྐུལ་བའི་སླད། །གསོལ་འདེབས་རྟེན་མཚོན་དང་བཅས་སྒྲུབ་བརྒྱུད་ཀྱི། །དགེ་སྦྱོང་རྟགས་འཛིན་ཀུན་གྱི་ཐ་ཤལ་བས། །དཔལ་སྤུངས་དབེན་རིའི་སྐྱིབས་ནས་ཕྱག་བཅས་ཕུལ། །འབྲུག་པ་ཐམས་ཅད་མཁྱེན་པར་ཕུལ་བའོ།། ༈ །།རྒྱལ་དབང་བཅོ་ལྔ་པ་ལ་ཕུལ་བ། འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྒྱལ་དབང་ཐུགས་རྗེའི་གཏེར་ཆེན་རིན་པོ་ཆེའི་ཞབས་པད་རྡོ་རྗེའི་ཁྲི་དྲུང་དུ། གུས་པ་ཆེན་


LT37_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཞུ་གསོལ། སྲིད་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་གནས་པ་ཆེན་པོས་གདོད་གནས་རྟག་པ་དམ་པའི་དབྱིངས་ལས་མ་གཡོས་བཞིན་ཏུ་སྲིད་པ་ཇི་སྲིད་དེ་སྲིད་དུ་དམིགས་མེད་སྙིང་རྗེའི་རོལ་པས་གང་འདུལ་རྣམ་པར་འཕྲུལ་པ་མོས་པའི་རྗེས་སུ་འགྲོ་བ་ལས། །དེ་ཡང་བདག་སོགས་གདུལ་བྱའི་བསོད་ནམས་ཀྱི་དགུང་དུ་ཚེས་པའི་གྲོལ་བ་བཞི་ལྡན་མཚན་དཔེའི་དཀྱིལ་འཁོར་རྙོགས་པ་དང་བྲལ་ཞིང་ཕྲིན་ལས་བདུད་རྩིའི་འོད་ཕྲེང་ཀུན་ཏུ་ཁྱབ་པ་ནས་རྗེས་བརྩེས་མ་དོར་བའི་གསུང་གླེགས་རིན་པོ་ཆེ་གཉིས་པའི་གནང་སྐྱེས་ཀྱིས་ལྕི་བ་སྤྱི་བོར་རྩོལ་གྲུབ་དད་གུས་མོས་སྤྲོ་བཀའ་དྲིན་ལྷག་པར་འཕེལ་སྐྱབས་འོག་པ་རྒན་བུའང་བགྲང་བྱ་རིམ་མཐོའི་ཁུར་གྱིས་ནོན་པའི་བབ་ལས་གསར་འཚེ་མེད་པར་སྔར་མཁོ་ལྟར་བདོག་ལགས། མཚམས་སུ་ཞུ་གསོལ། ཇི་ལྟར་འདོད་འབྱུང་དབང་གི་རྒྱལ་པོ་ལ་གསོལ་བ་བཏབ་པ་བཞིན་དད་ལྡན་གདུལ་བྱ་རིས་སུ་མ་ཆད་པའི་རེ་སྐོང་ཡིད་བཞིན་དུ་སྩལ་དང་སྩོལ་བཞིན་པ་རྣམས་བཀའ་དྲིན་ཆེ། གདན་ས་བར་པར་ཟབ་བདུན་ཐུགས་ཀྱི་ཕུར་གཅིག་གི་སྒྲུབ་ཆེན་དབུ་འཛུག་དང་རྒྱུན་བཞག་གནང་བཞེད་དེ་བཞིན་སྙིགས་དུས་དམ་སྲི་བགེགས་རིགས་ཀྱི་གཉེན་པོར་འདི་ལས་ལྷག་པའི་ལྷ་མཆོག་མ་མཆིས་ཕྱིར་བསྟན་པ་སྤྱི་དང་བྱེ་བྲག་གི་སྨན་ཡོན་ཏུ་འགྱུར་བར་ངེས་པས་གུས་པ་ནས་


LT37_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ལྟར་འགྱུར་བའི་སྨོན་འདུན་ཅི་ནས་ཞུ་བ་ལགས། གཏེར་གསར་ཕུར་པ་དེ་སྤྲོས་བཅས་ཆེ་བ་ཙམ་ལས་དགོས་དོན་བསྙེན་སྒྲུབ་ལས་སྦྱོར་སོགས་ཀྱི་གནད་གསང་གལ་ཆེན་བྲིན་བྲིས་མཛད་རྒྱུ་མ་བྱུང་སྟབས་སྔ་གཞུང་རིགས་ཤེས་དགོས་འདུག་པ་དང་། གར་དགོན་དུའང་རིམ་པར་བསྙེན་སོང་རྡོར་སློབ་ཚད་ལྡན་འཇོག་རྒྱུ་ངེས་པར་གལ་ཆེ་བ་ལས་བྱས་ལ་མ་བསགས་པར་འགྱུར་ཉེན་སྣང་། སྐྱབས་མགོན་ཉིད་སྐྱེས་ཐོབ་ཀྱི་མཁྱེན་རབ་སད་པས་སྦྱང་རྩོལ་རིགས་བརྡ་སྟོན་ཙམ་ལས་ཆེར་དགོས་མ་འདྲའང་། རྗེ་གོང་མ་རྣམས་ཀྱང་མཁས་པའི་སློབ་དཔོན་བསྟེན་ནས་སྦྱང་བརྩོན་གྱི་ཚུལ་གནང་བའི་རྣམ་ཐར་གྱི་རྗེས་སྐྱོང་གྲུབ་པ་ནི་ངོ་མཚར་ཤིན་ཏུ་ཆེ། དེའང་རིག་གནས། མདོ་ཕྱོགས་བཀའ་བོད་སོགས་རེ་རེ་བཞིན་མཐར་ཕྱིན་གྱི་མཛད་རྒྱུན། འཁྱོར་དཀའ་ཡང་ཐམས་ཅད་ཀྱི་ཕྱོགས་མགོ་གཟིགས་པ་ཙམ་བྱུང་ན་གལ་ཆེ། གཙོ་བོར་བཀའ་རྙིང་གཉིས་སྒྲུབ་བརྒྱུད་དང་། ས་དགེ་གཉིས་བཤད་རྒྱུད་ཀྱི་བཀའ་བབས་སུ་སྣང་བས་སོ་སོའི་ལུགས་སྲོལ་དེ་སྐྱོང་དགོས་པ་གཞིར་བཅས་ཀྱང་། དེང་སང་རྙིང་ཕྱོགས་སོགས་ཕལ་ཆེར་དགེ་ཕྱོགས་ཀྱི་ལྟ་གྲུབ་དང་བཤད་སྲོལ་ལད་མོ་ཅི་འཁྱོལ་བྱེད། རང་ལུགས་ཀྱི་གཞུང་བཟང་པོ་གལ་ཆུང་ངུ་བཞག །གོང་མ་རྣམས་ཀྱི་ལྟ་གྲུབ་མི་སྐྱོང་བ་ཞིག་སྣང་བ་ནི་རང་བསྟན་བཤིགས་པའི་སྔ་ལྟས་སུ་


LT37_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། དགེ་ཕྱོགས་དེའང་ངོ་མཚར་ཆེ་རུང་དེ་སྔ་ཕན་གོ་ཆོད་པའི་རང་ལུགས་བོར་ནས་གཞན་ལུགས་ལ་འཇུག་དགོས་པ་དེ་རང་རང་ནས་རང་ལུགས་གནད་གསང་ཇི་བཞིན་མ་ཤེས་པའི་ཁྲེལ་མཚང་ལས་ཡ་མཚན་མི་སྣང་། དེས་ན་རང་ཚང་རང་ལུགས་ལའང་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱི་གཞུང་དང་བཞེད་སྲོལ་ལ་གཞིར་བྱེད་པའི་ནང་བརྟགས་རྒྱུད་གསུམ་འདི་ལ་འཆད་ཉན་གོ་ཆོད་པ་རེ་བྱུང་ན་སྲོག་རྩ་ལྟ་བུ་ཡིན་འདུག །ཕྲན་བུས་ཤེས་བྱ་ཀུན་ཁྱབ་ཏུ་མིང་བཞག་པ་འདིའང་དེ་དག་གི་ཡན་ལག་ལྟ་བུར་དམིགས་ནས་ཆེད་དུ་བྱས་པ་ལགས། གསན་སྦྱོང་གཞན་དོན་གང་གི་སྐབས་སུའང་ད་ལྟའི་རིག་པ་སྐད་ཅིག་མ་གཉུག་མ་ཕྱག་རྒྱ་ཆེན་པོ་ཆོས་སྐུ་རང་ཤར་འདི་ཉིད་རང་ངོ་ཤེས་ཙམ་པའི་བཟོ་མེད་ངང་དུ་ཡེངས་མེད་དུ་སྐྱོང་བའི་ཐུགས་དགོངས་མཉམ་པར་བཞག་པ་ལས་མ་གཡོས་པ་ཞིག་གནང་ན་གནས་སྐབས་བར་དུ་གཅོད་པ་ཅིས་ཀྱང་བརྫི་བར་མི་ནུས་ཤིང་མཐར་ཐུག་ཐོས་སྒོམ་ཆབ་གཅིག་ཏུ་འགྲོ་བས། རྗེ་བརྒྱད་པས་ཁོང་ཐོས་བསམ་གྱི་སྟེང་ནས་གྲུབ་པ་ཐོབ་པ་ཡིན་ཅེས་ཞལ་ངོམས་གནང་བ་ལྟར་འབྱུང་བ་མ་གཏོགས་ནང་ནས་མྱོང་རྟོགས་ཅུང་ཟད་མ་ཤར་བའི་ཁ་ཕྱིར་བལྟས་ཀྱི་ཐོས་བསམ་ཁོ་ནས་གནས་ལུགས་ཀྱི་ཕྱོགས་སུའང་མི་ཕྱིན་འདུག་པ་སོགས། སྐྱབས་མགོན་ཉིད་ཐམས་ཅད་མཁྱེན་པར་གདོད་ །


LT37_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲུབ་པ་ལ་ཐ་མལ་རྨོངས་པས་ཉི་མ་ལ་མེ་ཁྱེར་གྱི་སྒྲོན་འདེགས་ཞུ་བའི་ཡུལ་ག་ལ་ཡིན་ཀྱང་ཤིན་ཏུ་དམན་པ་བདག་ལྟ་བུ་ལའང་ཡེ་ཤེས་ཀྱི་གཟིགས་པ་ཐུན་མིན་བཙའ་བའི་དོན་གྱིས་བན་རྒན་མང་དུ་ཐོས་ཤིང་ཆོས་རྒྱུས་ཆེ། མདོ་རྒྱུད་རིག་གནས་དང་བཅས་པ་ལ་མྱོང་བ་ཅུང་ཟད་རེ་ཡོད་པའི་རྒྱུས་ཤེས་དང་ཉམས་ཞུས་ལྟ་བུར་གསོལ་བ་ཡེ་ཤེས་དབྱིངས་སུ་གཅགས་པ་མཁྱེན་མཁྱེན་ཞུ། ཕྲན་ཅག་གིས་མཎྜལ་ཚུལ་དུ་ཕུལ་བའི་གསར་རྙིང་བཀའ་གཏེར་གྱི་ཆོས་སྐོར་རྣམས་འཛིན་སྐྱོང་སྤེལ་བའི་ཞལ་བཞེས་གནད་གྲུབ་པ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཆེ་བས་ཚུར་མཐོང་གདུལ་བྱ་རྗེས་སུ་འཛིན་པའི་སླད་དུ་གཙོ་བོ་གལ་ཆེན་རིགས་ལ་བསྙེན་སྒྲུབ་དང་བསྐྱེད་རྫོགས་ཀྱི་ཉམས་བཞེས་ཁྱུགས་ཙམ་རེ་གནང་བ་དང་། དེ་ཡང་དཀོར་སྡུད་ཀྱི་ལག་ཆ་ཕྲན་ཚེགས་མ་གཏོགས་སྙིང་ནས་ཟབ་ཆོས་དོན་གཉེར་ཤིན་ཏུ་དཀོན་ཀྱང་དད་མོས་ཅན་རིས་མེད་ལ་སྨིན་གྲོལ་གདམས་པས་རྗེས་སུ་འཛིན་ཅིང་ཆོས་རྒྱུན་ཆད་མེད་དུ་འཕེལ་བའི་ཐུགས་བསྐྱེད་མི་འདོར་བ་ཅི་ནས་གསོལ་བ་འདེབས་པ་ལགས། སླད་ཀྱི་ཆར་ཡང་གྲོལ་བ་བཞི་ལྡན་གྱི་རྡོ་རྗེའི་གསང་གསུམ་འདི་ཉིད་ཁོ་ནས་ནམ་ཡང་གཞོམ་གཞིག་འཕོ་འགྱུར་མཚན་མའི་ཆོས་ཀྱིས་མ་གོས་པར་པདྨ་ཚེ་དཔག་ཏུ་མེད་པའི་རང་བཞིན་ཏུ་རྟག་ཅིང་བརྟན་ལ། རླབས་ཆེན་ཕྲིན་ལས་ཀྱི་


LT37_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བརྡལ་བ་ནས། སྐྱབས་འོག་པ་ལྟོས་པར་བཅས་པའང་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་ནམ་ཡང་མི་འདོར་བ་ཐུགས་རྗེའི་སྐྱབས་རོལ་དུ་བཙའ་བ་དང་ཕེབ་པར་འོས་པའི་བདུད་རྩིའི་ཀླུང་རྒྱུན་ཁོར་ཡུག་ཏུ་སྩོལ་གྲུབ་པའི་གསོལ་བ་ལན་བརྒྱར་འདེབས་པ་ལགས། ཞུ་གསོལ་འདེབས་མཚོན་བཀྲ་ཤིས་པའི་ལྷ་རྫས་བཅས་དཔལ་སྤུངས་ཡང་ཁྲོད་སྒྲུབ་སྡེ་ནས་རྒན་བུ་གུ་འི་མིང་གིས་གུས་ཕྱག་བཅས་ཕུལ་བའི་ཞུ་ཡིག། ༈ །།ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེར་གསུང་ལན་སྔར་ཞིག་ཕུལ་བ། ཙནྡོ་ཡ་བཀྟྲཾ་མུ་ཁཱ་ནཱཾ་པྲ་སྟཱ་རེ། །སྭ་བྷཱ་བ་རཏྣ་ཀཱ་མྲྀཏྱཾ། ཀཱིརྟྟི་ལུནྡ་སྱ་ར་སྨཱིནཱ། ཨཱ་ནནྤཱདྨ་ཀ་ལོ་ཀེཥུ། སྱཱངྐཱ་ཤ་ཙནྡྲ་ཡོ་རྨཱུ་ལེ། །རང་བཞིན་རིན་ཆེན་བདུད་རྩི་དང་། །གྲགས་པ་ཀུནྡའི་འོད་ལྡན་པ། །ཀུན་དགའི་བདག་ཉིད་འཇིག་རྟེན་ན། །གསལ་བྱེད་ནམ་མཁའི་ཐིག་ལེའི་དྲུང་། ༡ །ལྷན་སྐྱེས་ཆ་བ་ནགས་ཀྱི་ག་པུར་གྱིས། །ཉེར་འཚོ་འབྱུང་བ་དག་གི་ལྷན་སྐྱེས་ཏེ། །ཁྱོད་གསུང་བདུད་རྩིར་བཅས་པས་དུས་ཐུང་ངུར། །བདག་བློ་རྫོགས་པར་གསོས་པའི་དྲིན་དྲན་ནས། ༢ །མང་དུ་སྤྲོས་པའི་གོ་སྐབས་མ་མཆིས་ལ། །ཉུང་ངུར་


LT37_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཀྱང་དགོས་པ་མ་རྫོགས་པ། །འཕེལ་དང་འབྲི་བ་མེད་པར་རྟ་གདོང་གི། རྣམ་གཡེངས་མེ་ལྕེས་བློ་གྲོས་ཆུ་གཏེར་བསུབས། ༣ །དོག་པ་ཙནྡན་ཆབ་ཀྱིས་ལུས་གཤེར་བའི། །བསིལ་བའི་ཡིད་ཅན་དེ་ལ་མངོན་ཕྱོགས་ནས། །བྲལ་བས་ཉེན་ཀྱང་བརྟན་པ་མ་བྲལ་བ། །ལེགས་བཤད་སྦྲང་རྩིས་མྱོས་པའི་ཚོགས་པས་བསམ། ༤ །རྟག་ཏུ་གང་བའི་ཟླ་བ་འཇིག་རྟེན་འདིར། །བདུད་རྩིའི་ཟེར་བརྒྱས་ལྷར་བཅས་དགར་མཛད་པ། །ལྷུན་པོའི་རྣ་རྒྱན་ཅན་གྱི་ཁོར་ཡུག་ན། །གཟུགས་བརྙན་ཙམ་ཡང་དེང་སང་གང་དུ་འཆར། ༥ །རིགས་ཀྱི་སྲེག་ཟར་འབར་བའི་གོ་སྐལ་ལ། །སྲིད་ཞིའི་དཔལ་ཀུན་ཟོས་ཀྱང་མ་ཚིམས་ཏེ། །མ་འདུས་ཆུ་གཏེར་འཐུང་བས་རིན་ཆེན་མཛོད། །ངོམས་པའི་གནས་སྐབས་དེ་ནི་སུ་ཡིས་མཐོང་། ༦ །ལྗོངས་སུ་རྒྱས་པའི་ཙནྡན་རྐང་འཐུང་དང་། །རྫིང་བུར་གསོས་པའི་དཀར་མིན་ཨུཏྤལ། །བློ་གྲོས་ཡོངས་རྫོགས་མཁས་པའི་སྐྱེ་བོ་རྣམས། །དྲི་ཙམ་གྱིས་ཀྱང་འཇིག་རྟེན་དགའ་བསྐྱེད་བྱེད། ༧ །འདི་ན་གཟུགས་དང་ལང་ཚོ་ཁྲིམས་དང་ནི། །འབྱོར་པས་འབྱོར་པ་དག་ནི་མང་མོད་ཀྱི། །ཕ་རོལ་དུ་ཡང་བསོད་ནམས་ཚོང་ཟོང་གིས། །བློ་གྲོས་ནོར་བཙལ་བདེ་བར་གནས་པ་སུ། ༨ །ཡང་སྲིད་དམ་པའི་སྤྱོད་ཚུལ་ཁོ་ན་ཡིས། །བརྒྱུད་མར་རྒྱས་པས་སྐྱེ་དགུ་སྲུང་མཛད་


LT37_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྲིད་འདིར་དྲི་མས་མ་ནོངས་དགའ་སྟོན་ལ། །བདེ་བར་བཙའ་བ་དེ་དག་སྐལ་བཟང་ཡིན། ༩ །བྲང་འགྲོའི་གཙོ་བོ་གཙུག་གི་རིན་ཆེན་གྱིས། །ས་སྟེང་དབུལ་བ་མཐར་བྱེད་གཞན་ཡིན་ཏེ། །མ་བསླང་ལས་ཀྱིས་རྙེད་པའི་རིན་ཆེན་གྱིས། །བློ་གྲོས་ནོར་གྱི་ཁེངས་པ་དུད་པར་དྲན། ༡༠ །རྒྱུ་དང་འབྲས་བུ་འགོག་པའི་རྣམ་བརྟག་མེད། །མ་བྱས་བདག་ལ་སྨིན་པ་འགའ་མེད་ཀྱང་། །བདའ་ཕྱིར་པད་རྩ་ཕྱུང་ནས་བླུན་པོས་ཟ། །འབད་པས་ཕན་པར་བྱས་པ་སྲིད་འདིར་མེད། ༡༡ །མཁས་པའི་སྤོ་ལ་གྲུབ་པའི་གཟི་འབར་བ། །གདེངས་ཅན་རི་དབང་ལ་བསྟེན་གཉིས་སྐྱེས་ཀྱིས། །གྲགས་པའི་རྔ་ཡབ་ཐ་གྲུར་སྟེགས་པ་ཡི། །ཞེ་སའི་དག་བྱེད་ཟེག་མ་འཐོར་བ་བཞིན། ༡༢ །སྲེད་པས་ཐུབ་ཆོད་ས་ཡི་རྡུལ་བཟུང་སྟེ། །དགོན་པར་ཡུན་རིང་འཁྱམས་ནས་འཕྱན་པ་ལ། །གདུང་བ་འགོག་སླད་སྤྲིན་གྱི་གྲིབ་མ་དང་། །འདྲེན་བྱེད་ཉི་མའི་བརྟུལ་ཞུགས་ལྷན་ཅིག་བཟུང་། ༡༣ །རྡོ་རྗེའི་སྔགས་ཀྱིས་མཚན་མའི་བརྟན་པ་བཅིལ། །དག་པའི་ངག་ལས་ངག་གི་ཆུ་གཏེར་འཇོ། །ཡིད་ཀྱི་སྦྲང་ཆང་བརྩེ་ལྡན་པདྨོས་འཐུད། །དཔལ་འདིས་ཆེ་བ་བྱིན་པར་མ་གྱུར་གྲང་། ༡༤ །ཕྱག་གི་སྙིམས་པའི་པདྨོ་ནས། །གཙང་བྱེད་རྡུལ་གྱིས་བུང་བ་མོ། །མངོན་འདོད་བྱེད་ལ་ཆས་པ་བཞིན། །


LT37_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དུས་ཀྱི་རྒྱས་བཏབ་གྱུར། །ཨེ་མ་གཏམ་གྱི་སྦྲང་རྩི་ཡི། །གཟུགས་བརྙན་མཐར་གྱིས་མྱོང་ལ་ལྟོས། །འདི་ཡི་སྤྲིན་སྒྲ་མ་བླང་བར། །རྗེས་དཔག་མདངས་ཐ་སྔར་ཉིད་རྒོད། ༡༥ །ཡ་མཚན་ཉིད་དོ་ཉི་མས་ཁ། །མཚར་སྡུག་ཕྱེས་པའི་ཨུཏྤལ་དང་། །མཁས་པས་བློ་ལྡན་བློ་ཕྱེས་པས། །ལུང་གི་དགའ་སྟོན་ཕན་ཚུན་ཆགས། ༡༦ །དུས་ཀྱི་དང་པོར་འདི་ནི་རིག །མུན་པའི་རུམ་ན་འོད་སྟོང་པ། །འབད་པས་སྤྲོས་ཀྱང་མ་ཤར་ཞེས། །བྱེད་པོ་མི་སྣང་མཁའ་སྟེགས་ཉུལ། ༡༧ །འཁོར་བའི་ཆོས་ཀྱི་རི་བྲག་ཏུ། །ཞི་བསིལ་སྨན་ལྗོངས་མ་བདལ་བར། །འབད་ཀྱང་ཉེས་པའི་ཚང་ཚིང་ལ། །འདའ་བར་མ་ནུས་དགེ་སློང་ངམ། ༡༨ །དགེ་སྦྱོང་སྡེ་སྣོད་གསུམ་པའི་གཟུགས། །འདི་ན་བྲིས་པའི་མར་མེ་བདག །ཁྱད་པར་འགའ་ཡང་མ་བྱས་པར། །མཐའ་གཉིས་བསྙོན་འདོར་ཚུལ་གྱིས་ཞུགས། ༡༩ །ནོར་གྱི་འབྱོར་པ་འབྱོར་ལྡན་མིན། །གང་ལ་གསུང་རབ་ལས་བྱུང་དབྱིག །འབྱོར་ལྡན་དེ་ནི་དབུལ་པོའང་རུང་། །གནས་སྐབས་ཀུན་ཏུ་འབྱོར་ལྡན་ཡིན། ༢༠ །དེ་སླད་ཕན་བདེའི་དབྱིག་ལྡན་བྱང་ཆུབ་ཀྱི། །ཆུ་ཀླུང་གདེངས་ཀ་རབ་འབར་ལྷག་མ་ཅན། །རྡོ་རྗེའི་བཅུད་ལེན་ནམ་མཁའི་སྲོག་པ་རྩར། །མི་ཤིགས་ཕྱག་རྒྱས་དམ་དུ་སྡོམས་ཤིག་ཀྱེ། ༢༡ །གང་འདིར་བརྣལ་དུ་གནས་པ་དང་། །


LT37_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་བདེ་བ་ཚོལ་བ་མེད། །ཆོས་བཞིན་སྤྱོད་པ་དེང་ཚེ་སུ། །དེ་འདྲས་བློ་ལྡན་སྨོད་ཅིང་གཤེ། ༢༢ །འཇིགས་ལ་འཇིགས་པ་དམན་པ་སྟེ། །མཁས་རྣམས་དེ་ལ་རྟོག་མི་བྱེད། །བཀྲུས་ཀྱང་དྲི་ལྡན་ཙནྡན་གྱི། །རང་བཞིན་གཞན་ཏུ་ཇི་ལྟར་བསྒྱུར། ༢༣ །རེ་བས་འདར་ལྡན་སེམས་ཀྱི་ནི། །རི་དབང་རྣམ་པར་མི་འགྱུར་བ། །དེ་སྲིད་སྙིང་རྗེའི་ཉི་ཟླ་ཡི། །རྣ་ཆ་ཅི་དགར་བྱིན་ཅེས་སྨྲེང་། ༢༤ །བདག་ལ་རྣམ་འགྱུར་བྱིས་པའི་མཚན་ཉིད་ཏེ། །ཁྱོད་ནི་མ་མྱོས་གཟུ་བོ་གཞན་སེལ་ཡིན། །དེ་བས་ནོངས་ན་ཚངས་མཛོད་དྲྭ་མ་ཡིས། །མ་བཏང་དངོས་ལྡེམ་གཉིས་ཀས་བདག་སྐྱོང་མཛོད། ༢༥ །མཐོ་སར་མ་ཕྱིན་བུབ་ཁར་མ་བཏང་ཞིང་། །བར་མ་ཡིས་ཀྱང་ཀུན་དགའི་མཐུ་དམན་པར། །རང་གི་ཕེར་ཤ་རང་གིས་བསྙད་བརྩོན་དེས། །བྱང་ཆུབ་དགའ་བ་རྒྱས་པའི་ཚལ་ནས་ཕུལ། ༢༦ །ཨ་མུ་ནཱ་ཀཱ་བྱཱ་སཾ་ཏྲྀ་པྟ་བྲྀདྡྷི་རསྟུ་ཨི་ཏི་བྷིཀྵུ་ཀརྨ་ཝཱ་གཱི་ཤཱ་ར་གུ་་སཱ་ག་རེ་། ས་མརྤི་ཏཾ།། ༈ །།ཏེར་སྟོན་མཆོག་གླིང་མདུན་ཕུལ་བའི་ཆབ་ཤོག། ༈ །།བསྟན་འགྲོའི་བདེ་སྐྱིད་པད་ཚལ་བཞད་པ་ཡི། །བཀའ་གཏེར་བསྟན་པའི་ཉི་མ་འདྲེན་པ་ལ། །རྩོད་པའི་མཐར་ཡང་ཤིང་རྟ་མཆོག་གྱུར་པ། །སྐྱེ་དགུའི་སྐྱབས་གཅིག་གང་གི་ཞབས་སྟེགས་སུ། །


LT37_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འོད་སྣང་མུ་མཐའ་མེད་པ་ལ། །ཉིན་རེ་བཞིན་ཏུ་དད་ཅིང་མོས་པ་ཡི། །འདབ་སྟོང་རྣམ་པར་བཞད་ལས་ཞུ་བའི་ཕྲིན། །ཚིག་དོན་རབ་ལྡན་སྦྲང་རྩིའི་ཟེགས་མ་འབུལ། །གཞི་ལ་འཁྲུལ་པ་བཅོམ་པ་དང་པོའི་མགོན། །རིགས་ཀྱི་ཁམས་ལ་ཐུགས་རྗེའི་རྩལ་གཡོས་པས། །མཁའ་ཁྱབ་རྣམ་པར་སྣང་བའི་སྤྲིན་བཀོད་དེ། །སྡུད་དང་སྤྲོ་སོགས་དུས་གསུམ་ཟད་མི་ཤེས། །ཀུན་གསལ་གཉིས་སྐྱེས་བགྲོད་པས་མཐའ་མི་དཔོགས། །འཕགས་རྣམས་རྣམ་ཐར་བྱིས་བློའི་དཔྱད་པས་མིན། །ཕྱོགས་རེའི་ཚུལ་ཡང་གཏིང་དཔག་དཀའ་བས་ན། །འགལ་འདུའི་ཕྲེང་བས་དམན་ལ་འཇིགས་པ་སྟེར། །ས་བཅུའི་དབང་ཕྱུག་འཕྲུལ་ཆེན་ཚད་མེད་དེ། །སྒྲིབ་པ་ཅན་ངོར་བརྗོད་པའི་ཐ་སྙད་ཙམ། །ཚུལ་དེ་དེང་སང་ཀུན་ལ་སྟོན་པས་ན། །མཆིང་བུའི་དབུས་སུ་ནོར་བུའི་རྒྱལ་པོ་བཞིན། །གཅིག་དང་དུ་མར་སྣ་ཚོགས་རྣམ་འཕྲུལ་ཅིང་། །གང་འདུལ་དེར་སྟོན་མཛད་པའི་རོལ་མོ་ཡིས། །གངས་ཅན་གདུལ་བྱ་ཤིན་ཏུ་གདུལ་དཀའ་རྣམས། །སྐྱེས་པ་རབས་ཀྱིས་མི་བསྙེལ་རྗེས་སུ་ཟུང་། །རྩོད་པའི་མཐར་ཐུག་མུན་གླིང་སྟུག་པོ་འདིར། །རྒྱལ་བ་ཟླ་བ་ཀུན་ཀྱང་བཏང་སྙོམ་ཚེ། །ཐུགས་རྗེའི་འོད་སྟོང་འབར་བས་གཞན་ཕན་མཁར། །གཅིག་པུར་རྒྱུ་ཡང་སྐྱོ་མེད་གོ་ཆ་འཁྲེགས། །འཚོ་


LT37_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྲས་དང་བཅས་པས་མ་ཚོམས་པ། །ཉོན་མོངས་རྨ་སྲོལ་སྡུག་བསྔལ་ཟུག་རྔུ་ཅན། །ལེགས་པར་གསོ་བའི་ཐབས་མཁས་སྙན་པའི་རྔ། །ཕྱོགས་བཅུའི་རྒྱལ་རྣམས་དཔལ་གྱི་མགྲིན་པས་བརྡུངས། །ཕྲིན་ལས་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་པར། །པདྨཱ་ཀ་རས་ཟོལ་གྱིས་བསྒྲགས་མོད་ཀྱང་། །དེ་ཡི་རྣམ་ཐར་མངོན་སུམ་སྟོན་པའི་ཞབས། །གྲུབ་པ་རིག་འཛིན་བྱེ་བའི་གཙུག་གིས་བསྟེན། །ཡ་མཚན་སྒྱུ་འཕྲུལ་དྲྭ་བའི་ངོ་མཚར་ལ། །བདེ་ཆེན་གར་མཁན་དཔལ་ལྡན་པདྨ་སྐྱེས། །དགྱེས་པའི་འཛུམ་ཞལ་དཀར་པོས་ས་གསུམ་གྱི། །བརྟན་གཡོ་ཀུན་ཀྱང་དགེ་ལེགས་གཟི་བྱིན་བསྐྱེད། །ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་ལུང་གསེར་སྦྱངས་རྩིབས་སྟོང་རྣམ་པར་བཀྲ་བས་མདུན་བདར་ཉིང་། །འཕགས་ནོར་རིན་ཆེན་འབྱོར་པའི་དཔུང་བཅས་ཡངས་པའི་ས་ལ་ཆོས་ཀྱི་འཁོར་ལོས་སྒྱུར་བ་ན། །རྩོད་ལྡན་གྲང་ངད་རིམ་གྱིས་ལྷགས་པས་མཐར་བྱེད་སྙིགས་དུས་དགུན་གྱི་ནུས་སྟོབས་ཉམས་པ་དང་། །བདེ་ལེགས་རྫོགས་ལྡན་དཔྱིད་ཀྱི་ལང་ཚོ་གསར་དུ་བཞད་པས་བསྟན་དང་སྐྱེ་དགུའི་མགོན་ཏུ་གྲུབ། །བྱིས་པའི་སྣང་ངོར་ཕྱོགས་རེའི་ཡ་མཚན་གྱི། །མཛད་པའི་ཟློས་གར་སྒྱུར་ལ་མཚར་དུ་ཅི། །གང་གི་ཡེ་ཤེས་ཡངས་པའི་གར་མཛད་ན། །


LT37_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞིང་ཀུན་ཆོ་འཕྲུལ་ཆེན་པོས་གཡོ། །སྐྱེས་ཐོབ་རྣམ་དཔྱོད་རླབས་ཀྱི་སོར་མོ་ཡིས། །བྲིས་པའི་རེ་ཁཱ་ནམ་ཡང་མི་ཟུབ་པས། །ངལ་བརྒྱས་འབད་ལ་ཆ་ཙམ་མི་འཆར་བའི། །ལུང་རྟོགས་ཀུན་གསལ་ཆོས་ཀྱི་སྤྱན་དེ་མཚར། །སྐལ་བཟང་ཉིད་དོ་མཁན་སློབ་ཆོས་གསུམ་གྱི། །སྣང་བས་བསྲུངས་པའི་གངས་ཅན་འབངས་རྣམས་ཏེ། །པདྨའི་རྒྱལ་ཚབ་མཆོག་གི་གྲུབ་པ་ཡི། །གདུལ་བྱའི་སྣོད་གྱུར་དུས་འདིའི་འགྲོ་རྣམས་ཀྱང་། །ལྷོ་རླུང་མ་ལ་ཡ་ནས་འོངས་པའི་ངད། །དུས་ཀྱིས་བསྐུལ་བའི་ཁུ་བྱུག་མགྲིན་པའི་གླུ། །འཁྲུལ་མེད་དམ་པའི་སྐྱེས་བུའི་མཛད་པ་རྣམས། །ཆ་ཙམ་ཚོར་བས་སྔོན་མེད་དགའ་བ་སྐྱེད། །འདི་ན་དམ་པའི་ཕྱག་གིས་རབ་བཟུང་ཡང་། །ཆགས་སྡང་རྨོངས་པའི་འདམ་ལས་མ་བརྒལ་བར། །དམར་སེར་ཁ་དོག་འཆང་བའི་ངུར་པ་ཡང་། །སྙན་སྙན་སྒྲ་འབྱིན་རྩིས་གདབ་བྲལ་བར་མཆིས། །སྲིད་པའི་བདེ་འབྱོར་ལས་ཀྱིས་མ་འབྲེལ་བས། །ངེས་འབྱུང་མ་དགོས་ཀུན་སྤངས་གདོད་ནས་གྲུབ། །དེ་ཉིད་མཐར་ཕྱིན་གྱུར་ན་དགའ་བ་ཡང་། །བསམ་གཏན་དངོས་གཞི་གྲུབ་པའི་ཡིད་བདེ་བཞིན། །ན་ཚོད་སྟོབས་ཀྱིས་དབང་པོའི་རིམ་གུད་ཀྱང་། །སྲོག་གི་ཀ་བ་རྩ་གསུམ་ཐུགས་རྗེས་བརྟན། །ཐོས་བསམ་སྒོམ་པའི་གཟུགས་བརྙན་རང་བཞིན་


LT37_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །ཡལ་བའི་མཐའ་མ་ཡིད་བྱེད་སྤངས་ཏེ་བདོག །མཚམས་ཀྱི་ཞུ་འབྲས། །དགོས་འདོད་ཀུན་འབྱུང་གཏེར་གྱི་བུམ་པ་བཟང་། །ཕོངས་པ་ཀུན་སེལ་དྲི་མེད་བཻ་ཌཱུརྻ། །སྙིགས་མའི་མུན་སེལ་ཉི་ཟླའི་དཀྱིལ་འཁོར་བཞིན། །དེང་སང་སྐྱེ་དགུའི་མགོན་ཏུ་སྐྱེས་མཆོག་ཁྱོད། །ཁོ་ན་སྨོན་ལམ་མཐུ་དང་ལྡན་གཟིགས་ནས། །གངས་ཅན་མགོན་པོ་མཚོ་སྐྱེས་རྒྱལ་བ་ཡིས། །འགྲོ་འདུལ་བཀའ་ཡི་རྟགས་དང་ངེས་པའི་ལུང་། །རིག་འཛིན་རིགས་ཀྱི་ཚོགས་རྗེར་མངའ་གསོལ་ཏེ། །བུ་གཅིག་བཞིན་ཏུ་ཐུགས་རྗེས་བསྐྱེད་བསྲིངས་པའི། །བདེན་པའི་སྟོབས་དང་བདག་གཞན་ལེགས་བྱས་མཐུས། །བགྲང་བྱ་བརྒྱ་ཕྲག་སྙེད་དུ་རྡོ་རྗེའི་སྐུ། །འདི་ཉིད་ཁོ་ནས་གདུལ་བྱ་ཀུན་འདུལ་ཞིང་། །ཟབ་རྒྱས་ཆོས་ཀྱི་རྔ་ཆེན་རྟག་ཏུ་བརྡུང་། །ཆོས་ཀྱི་དུང་འབུད་ཆོས་ཀྱི་རྒྱལ་མཚན་སྒྲེང་། །སྡིག་ཏོའི་ཕྱོགས་གྱུར་མིང་ཡང་མི་གནས་ཤིང་། །བསྟན་འགྲོའི་བདེ་སྐྱིད་མངའ་ཐང་དགུང་ལ་རེག །དེ་སྲིད་བདག་ཀྱང་བརྩེ་ཆེན་ཡེ་ཤེས་ཀྱི། །གཟིགས་པས་ནམ་ཡང་མི་འདོར་ཐུན་མོངས་དང་། །ཁྱད་པར་ཐུན་མིན་ཟབ་གསང་བདུད་རྩིའི་ཀླུང་། །ཐེ་ཚོམ་སྐྱོན་སྤངས་མོས་གུས་ཚུགས་བརྟན་པའི། །སྙིང་གི་བུམ་པ་བཟང་པོར་ལེགས་སྩལ་ནས། །འཕྲལ་ཡུན་ལེགས་པའི་བཅུད་ཀྱིས་རྒྱས་པ་དང་། །


LT37_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གསང་གསུམ་དངོས་སུ་བསྙེན་པ་ཡི། །སྐལ་བཟང་ལོངས་སུ་སྤྱད་པར་རྩེ་གཅིག་ཏུ། །གསོལ་བ་འདེབས་རྟེན་ལྷ་གོས་སྟོན་ཟླའི་མདངས། །བཟང་ཇའི་བམ་པོ་བཀྲ་ཤིས་གྲངས་ལྡན་བཅས། །དེ་བཱི་ཀོ་ཊིའི་ཆར་བརྟེན་སྒྲུབ་པའི་གནས། །ཙཱ་འདྲ་རིན་ཆེན་བྲག་ནས་ཕྱག་བཅས་ཕུལ།། ༈ །།གང་གི་མཁྱེན་དཔྱོད་དོ་ར་ན། །དགེ་ལེགས་སྐྱེད་ཚལ་ཅི་ཡང་འཁྲུངས། །ལེགས་བཤད་ཟིལ་དངར་འཛགས་པ་ལ། །ངལ་མེད་ལྗོན་པའི་དབང་པོའི་དྲུང་། །ཚིགས་སུ་བཅད་པའི་ཕྲེང་མཛེས་ནི། །དོན་བཟང་ནོར་བུའི་སྒེག་པ་ཅན། །ཡིད་གཅུགས་སྐྱེས་སུ་བསྲིངས་པ་ལས། །དགའ་བ་དུས་ཀྱི་དང་པོ་བཞིན། །ཐོས་བསམ་གསེར་གྱི་དྲྭ་བས་གཡོགས། །ངེས་འབྱུང་ཁྲིམས་ཀྱི་ཤ་ཚུགས་བརླིང་། །སྲི་ཞུའི་ཁུར་ཆེན་རིང་བཏེགས་ནས། །དེང་སང་དབེན་པའི་དགའ་ཚལ་ན། །བསམ་གཏན་པད་རྩའི་བཅུད་མྱང་ཞིང་། །ཐར་པའི་གྲོང་དུ་སྙེགས་བརྩོན་པ། །དམ་པ་རྣམས་ཀྱི་རྣམ་ཐར་ཏེ། །བདག་གིར་མཛད་ལ་རྗེས་ཡི་རང་། །འདི་ན་རྣམ་དཀར་ལྟར་སྣང་གིས། །བྲེལ་བའི་དགེ་སྦྱོང་ཤིན་ཏེ་མ། །ཁྱད་པར་མངོན་དུ་མ་བྱས་ཀྱང་། །དེ་རྒྱུར་འབད་བཞིན་འཚོ་བར་མཆིས། །གསུང་མཆིད་ཇི་ལྟར་འབྱོར་པ་བཞིན། །དེང་སང་སྙིགས་


LT37_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤིན་དུ་བདོ། །རྒྱལ་བསྟན་རྟགས་ཙམ་འཛིན་ལ་ཉེ། །མི་ཁ་ལྔ་པོས་བདེ་སྐྱིད་བཅོམ། །ཐོས་བསམ་སྒོམ་པ་ལིང་གིས་བོར། །བསྟན་རྩ་བསླབ་གསུམ་རྨངས་ནས་ཞིག །བླ་མས་སྡེ་དཔོན་ལད་མོ་བྱེད། །དགེ་འདུན་ཁྱིམ་གྱི་འདུ་འཛི་སྒྲུབ། །སྐྱེ་བོས་ཁྲེལ་དང་ངོ་ཚ་ཤོར། །བསམ་སྤྱོད་ལོ་རེ་བཞིན་ཏུ་འགྱུར། །ཀུན་ཀྱང་མི་དགེའི་ཡོ་ལངས་ལ། །སྤྱོད་འདི་དུས་ངན་མཐར་ཐུག་པ། །རིགས་པས་གྲུབ་པའི་ལུང་བསྟན་ཏེ། །ལྐོག་གྱུར་ཡིག་ཆུང་ཚོལ་མ་དགོས། །སྔོན་གྱི་གཏེར་ལུང་མང་མཐོང་ཞིང་། །རྡོ་རྗེའི་གསུང་ལ་འཁྲུལ་མེད་ཀྱང་། །གཏེར་ལུང་ཕལ་ཆེར་དགོངས་པ་ཅན། །གནས་དུས་རྟེན་འབྲེལ་དབང་གིས་བསྒྱུར། །བཟང་ངན་ལྡོག་གམ་རྒྱུ་དང་རྐྱེན། །ཅུང་ཟད་ཙམ་ལ་བརྟེན་པ་མང་། །ཕལ་ཆེན་མཐུན་པ་དུས་ངན་ཀྱི། །ལ་ཚེགས་བཅུ་གཅིག་གསུངས་པ་ལས། །ད་ལྟ་དུས་ཁུགས་དགུ་བར་སླེབ། །འདི་ལ་སྐྱེས་བུ་དམ་པ་རྣམས། །ད་ཁྱོད་རིས་སུ་མི་བཅད་པར། །བསྟན་འགྲོ་སྤྱི་ལ་སྨན་པ་ཡི། །ཐུགས་བསྐྱེད་གོ་ཆ་བགོ་བ་དང་། །དམ་སྐང་དོང་སྤྲུགས་ཐབས་ཀྱི་མཆོག །ཁོ་ན་གནད་དུ་ཟབ་པ་ལགས། །དེས་ན་རྒྱལ་དང་འཕགས་པའི་ལུང་། །བསླུ་མེད་གཟོད་ནས་གྲགས་དེ་གཙོ། །དེ་ཡང་བཞེད་སྲོལ་ཐ་


LT37_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དད་ཀྱང་། །ཡོངས་གྲགས་ལུང་གི་བསྟན་པའི་མཇུག །རིགས་ལྡན་ད་རུང་གཉིས་སམ་གསུམ། །འབྱོན་པར་བཞེད་པས་དེ་ལྟར་ན། །བསྟན་པ་ཚུལ་ལྡན་འབྱུང་དཀའ་ཡང་། །གཟུགས་བརྙན་རྒྱུན་འདི་རེ་ཞིག་ཙམ། །འཇིག་རྟེན་ཁམས་སུ་བཞུགས་སམ་སྙམ། །ཁྱད་པར་སྙིགས་དུས་སྐྱོབས་པའི་མགོན། །ཨོ་རྒྱན་གུ་རུའི་ཕྲིན་ལས་ནི། །དེང་སང་དུས་ཀྱང་ཉི་ཟླ་ལྟར། །མངོན་སུམ་བདལ་བ་འདི་ལྟར་ན། །ད་དུང་ངལ་གསོ་འབྱུང་ལ་རེ། །ཁྲིམས་གནས་མང་ཐོས་ནགས་ཀྱི་ནང་། །ལང་ཚོ་ཡོལ་བས་གནས་པ་ནི། །འདི་དང་གཏན་ཏུ་བདེ་བར་གསུངས། །འོན་ཀྱང་དེང་སང་དགེ་སྦྱོང་ནི། །ཕལ་ཆེར་ཆོས་བརྒྱད་ལོག་འཚོས་བསླུས། །དལ་འབྱོར་ནོར་བུ་རྣམ་གཡེང་གི། འདམ་དུ་ཆུད་ཟོས་གྱུར་པ་མང་། །ཤེས་ཀྱང་ལག་ཏུ་མ་བླངས་ན། །དགོས་དུས་ཅུང་ཟད་སྟོངས་མི་འགྱུར། །ཚུལ་བཞིན་ཉམས་སུ་བླངས་བ་ན། །ཡིག་དྲུག་ཁོ་ནས་སངས་རྒྱས་འཐོབ། །དེང་སང་ཚེ་ཐུང་ཤེར་བརྩོན་དམན། །སྤྲོས་པའི་ལོངས་སྐབས་མི་སྣང་བས། །སྤྲོས་མེད་གནས་ལུགས་ཕྱག་ཆེན་སྒོམས། །བཟླས་པ་ཡི་གེ་དྲུག་མར་དྲིལ། །རྟག་ཏུ་ཀུན་རྫོབ་བྱང་སེམས་སྦྱོངས། །དང་པོ་རང་སེམས་ངོ་བོར་བལྟ། །བསྒོམ་དུ་མེད་དེ་རྩིས་གདབ་བྲལ། །ཡེངས་སུ་མེད་དེ་དྲན་རིག་གསལ། །ཤེས་པ་ཕྱི་


LT37_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མས་སླད་མི་གཞུག །འགྱུ་བ་རང་གྲོལ་གཉེན་པོ་མེད། །ཡིན་པ་དེ་ཡི་མ་ཚིམས་པར། །མིན་ལ་མཆོག་ཏུ་འཛིན་པས་གོལ། །མ་བཅོས་ཐ་མལ་ཤེས་པ་བསྐྱང་། །བོགས་འདོན་བླ་མའི་མོས་གུས་བསྒོམ། །གཉིས་པ་བཟླས་བསྒོམ་བྱ་བླ་ཞིང་། །ཕན་ཡོན་བྱིན་ཆེ་དངོས་གྲུབ་མྱུར། །འོན་ཀྱང་བསྐྱེད་རྫོགས་ཏིང་འཛིན་དང་། །མ་འབྲེལ་ནེ་ཙོའི་ཁ་ཏོན་འདྲ། །བསྐྱེད་རིམ་སྒོ་མཁན་རང་གི་སེམས། །སྣང་དུས་ཉིད་ནས་ངོ་བོས་སྟོང་། །སྟོང་པའི་རང་རྩལ་ལྷ་ཡི་སྐུ། །རང་ཤར་གསལ་ལ་འཛིན་མེད་ངང་། །བཟླས་པས་ལས་ཀྱི་སྒྲིབ་པ་འདག། གསུམ་པ་སངས་རྒྱས་བསྒྲུབ་ཕྱིན་ཆད། །མེད་ཐབས་མེད་པའི་བྱང་ཆུབ་རྒྱུ། །ཕྱོགས་རིས་མེད་པའི་སྙིང་རྗེ་ཡིས། །བྱས་ཚད་མཁའ་མཉམ་སེམས་ཅན་དོན། །རྫོགས་པའི་སངས་རྒྱས་བསྒྲུབ་པའི་བློ། །རྨི་ལམ་དུ་ཡང་འབྲལ་མི་བྱེད། །བོགས་འདོན་བཏང་ལེན་དམིགས་པ་སྐྱོང་། །བསྔོ་བས་སྤེལ་ཞིང་སྨོན་ལམ་ཀྱང་། །ཚད་མེད་བཟང་པོ་སྤྱོད་ལ་སློབ། །དེ་གསུམ་ནང་དུ་མདོ་སྔགས་ཀྱི། །དོན་རྩ་འདུས་ཤིང་ཉམས་ལེན་བདེ། །འདི་ཙམ་དྲན་ཤེས་བརྟན་ཕྱིན་ཆད། །ནམ་དགོས་དུས་སུ་སླེབ་པའི་ཆོས། །མཐོ་མཐོ་ཟབ་ཟབ་མང་ན་ཡང་། །ལེགས་སྙམ་ངང་ནས་མི་ཚེ་འཛད། །གང་བློར་


LT37_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱར་ཀུན་ཆུབ་པས། །འདི་ཙམ་གདམས་རིན་མི་ཆོག་ཀྱང་། །ཇི་སྐད་གསུངས་པའི་མཆིད་ལན་ཏུ། །ཕུལ་ནས་ཆོས་ལྡན་འཚོ་བ་ཡིས། །ལོ་བརྒྱ་ཏུ་ཡང་འཚོ་བཞིན་པར། །གཉུག་མའི་གཏན་སྲིད་ཟིན་པ་དང་། །དེ་སྲིད་མཉེས་གཤིམ་མཆིད་འོས་པ། །ཡང་ཡང་སྤྲོ་ལ་གཅིག་ཏུ་འདུན། །ཟ་ཟིང་སྒྲ་འབྱིན་བུང་བ་མོ། །སྙན་གྱི་ཨུཏྤལ་རྒྱས་པའི་དབུས། །དེངས་པའི་རྟེན་གྱི་འདབ་ཟུང་བཅས། །དེ་བཱ་ཀོ་ཊིའི་ཚལ་ནས་སོང་། །ཤུ་བྷ་ས་མརྤི་ཏཾ། །མཁས་དབང་སྒྲུབ་པ་པོ་ཞིག་གི་མཆིད་ལན་ཏེ་མིང་མ་ཤེས།། །།།བླ་མ་པདྨ་ཉིན་བྱེད་ཞལ་སྔ་ནས་ལྕང་སྐྱ་སྤྲུལ་སྐུར་གནང་བའི་གསུང་ཚལ་ལོ། །ཆེ་དགུའི་གཙུག་གི་ནོར་བུའི་གདེང་ཀ་ལ། །ཕྱག་རྒྱས་འདེབས་པ་ཞབས་ཀྱི་པདྨའི་རྡུལ། །འཕོས་པ་ཁོ་ནས་སྲིད་དང་ཞི་བའི་དཔལ། །སྟེར་མཛད་འགྲོ་བའི་བླ་མ་ག་ལ་བར། །ཤེར་བརྩོན་ལང་ཚོ་དར་ལ་བབ་མིན་ཀྱང་། །ལྷག་བསམ་


LT37_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་གཟི་མདངས་མ་ཉམས་པའི། །སྒྲུབ་བརྒྱུད་རིགས་ཀྱི་དགེ་སྦྱོང་སྙོམས་ལས་པས། །དད་གསུམ་ཐལ་མོས་མཚོན་ཏེ་མཆིད་འདི་གསོལ། །ཚངས་སོགས་ཆེ་རྣམས་བསྙེན་པའི་གསེར་གྱི་ཁྲིར། །རིན་ཆེན་མྱུ་གུ་གསར་པའི་འདབ་ལྡན་ལ། །རིན་ཐང་མེད་པའི་བསྔགས་པ་བརྒྱས་སྤྲས་པས། །ཐ་ཤལ་ཚིག་གི་འཆིང་བུས་མཛེས་མིན་ཀྱང་། །སྔོན་ཏུ་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱི། །མེ་ལོང་ངོགས་སུ་བརྩེ་བས་ཁ་དྲངས་ཏེ། །རིག་པའི་གཟི་འབར་ཆོས་ཀྱི་སྣང་བ་གང་། །བཀའ་དྲིན་ཆེན་པོས་བཟུང་བ་ཡིན་ཅེས་ཐོས། །དེ་ཕྱིར་ཤིན་ཏུ་གུས་པའི་རྒྱུན་དེ་ནི། །ད་དུང་ལྷོད་པ་མིན་ཀྱང་ཡུལ་དུས་ཀྱིས། །བསྐལ་པས་ཞལ་གྱི་དཀྱིལ་འཁོར་བལྟ་བ་དང་། །གསུང་གི་གླིང་བུ་ཐོས་པའི་སྐབས་མ་ཕྱེད། །དེང་དུས་སྒྲོ་སྐུར་ཡུལ་ལས་རབ་འདས་པའི། །ཆོས་ཀྱི་དེ་ཉིད་ཆགས་ཐོགས་མེད་གཟིགས་པས། །བསྟན་པའི་བདག་པོ་ཆེན་པོའི་རྒྱལ་ཐབས་པར། །འཚོ་ཞིང་གཞས་པའི་རྣམ་ཐར་དབྱར་གྱི་རྔ། །ཐོས་པའི་མོད་ལ་སྤྲིན་སྒྲས་སྒེག་པ་བཞིན། །དགའ་བས་བྲེལ་ཏེ་རྨོངས་ཚིག་བཅད་པའི་ཕྲེང་། །རྒྱལ་བའི་སྲས་རྣམས་མཁའ་དང་ལག་མཐིལ་ཡང་། །མཉམ་པོར་གཟིགས་སླད་སྤྱི་བརྟོལ་བསྐྱེད་དེ་ཕུལ། །འདི་ན་རང་ལུགས་རྒྱ་མཚོར་གནས་བཅས་ཀྱང་། །རིས་


LT37_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྟན་ལ་གུས་པའི་གཤོག་དཀར་བསྐྱོད། །ཆོས་བཞིན་སྨྲ་བས་རིག་མཐུན་སྤྲོ་བསྲིང་བ། །སྟོན་གྱི་དབྱངས་སྙན་དག་ལ་ཅོ་འདྲིར་མཆིས། །མཚམས་སུ་ཞུ་འབུལ། གང་གི་རང་བཞིན་འཆར་བ་ཙམ་ཉིད་ནས། །མུན་པའི་བརྟན་པ་འཕྲོག་ཅིང་འཇིག་རྟེན་ལ། །སྣང་བ་རབ་སྟེར་ཉི་མའི་དཔལ་མངའ་བ། །ཁྱོད་ཞབས་བསྐལ་པ་རྒྱ་མཚོར་བརྟན་པ་ནས། །རིང་ན་གནས་ཀྱང་ཐུགས་རྗེའི་སྤྱན་རས་ཀྱིས། །གཟིགས་པ་མི་ལྷོད་ལེགས་པར་གསུངས་པའི་སྐྱེས། །མཐོང་ན་དགའ་བ་པདྨ་ལྟ་བུ་ཡིས། །རེ་བའི་ཤིང་རྟ་ཡང་ཡང་འགེངས་པ་ཞུ། །ཞེས་ཞུ་འདེགས་རྟེན་ལྷ་རྫས་རབ་དཀར། །འགུ་ལོག་གི་ལང་སྤྲུལ་སྐུ་ཐུགས་རྡོར་ལ་ཕུལ་བའི་ཆབ་ཤོག། ༈ །།བརྟག་པར་དཀའ་བའི་བློ་གྲོས་དང་། །ཏིང་འཛིན་རྒྱ་མཚོ་ཟབ་མོ་ནི། །རྙོག་པའི་དྲི་མས་མ་བསླད་པ། །རྣམ་དཔྱོད་རླབས་ཕྲེང་གཡོ་བ་དེར། །གུས་པས་ཞུ་གསོལ། །འབྲེལ་བའི་སྙིང་པོ་ཆོས་ཀྱི་འདབ། །འཛུམ་ལྡན་ཚིག་གི་མེ་ཏོག་ནི། །ཤིན་ཏུ་གུས་པའི་སྙིམས་


LT37_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །དགྱེས་བསྐྱེད་དོགས་པའི་བསྟི་སྟང་དབུལ། །དཔལ་གྱི་དུམ་བུས་མ་ལ་ཡའི། །རྐང་འཐུང་ཀུན་ལ་དཔལ་སྟེར་བྱེད། །དམ་པའི་ཡོན་ཏན་དྲིས་བགོས་པས། །སྐྱེ་བོ་ཕལ་ཆེར་དམ་པར་མཚོན། །སྙེམས་པ་མེད་པར་ཀུན་དགའི་རོ། །སྣང་དང་ལྷན་ཅིག་འཇིག་རྟེན་ན། །ཕན་མཛད་ཟླ་བ་རིན་ཆེན་དང་། །དམ་པའི་སྐྱེས་བུའི་ངེས་པ་ཡིན། །མཁྱེན་སྟོབས་རྐང་པ་བརྒྱད་ལྡན་ཞིང་། །རིག་སྔགས་གྲུབ་པའི་ཤུགས་འཆང་བར། །གྲགས་ལྡན་མཁའ་ལ་བསྐྱོད་པ་ན། །ཟོལ་གྱིས་ཁེངས་པའི་རི་དྭགས་འདར། །བདག་ཉིད་ཆེ་རྣམས་ལུས་དང་སེམས། །སྐྱོན་མེད་དགེ་བའི་རང་བཞིན་ཕྱིར། །རང་གཞན་ཕན་པ་ཁོ་ནའི་གཏེར། །ཆོས་ཀྱི་སྲིད་ལ་མངའ་མཛད་པས། །རྩྭ་རྩེས་གཞལ་བའི་རྒྱ་མཚོ་ལྟེར། །ཚིག་གིས་ཡོན་ཏན་མི་དཔོག་པས། །མཆོག་གི་བདག་ཉིད་ཆེན་པོ་ཞེས། །ཕྱག་འོས་ཉིད་ཀྱིས་དེ་ཉིད་མཚོན། །དེས་ན་གྲགས་སོགས་སྣང་ཤས་ཀྱི། །ཕྱིར་མིན་དམ་པ་ལ་དགའ་བ། །པདྨར་ཕྱོགས་པའི་བུད་བ་བཞིན། །ཞུ་ཚིག་དར་དིར་བསྒྲགས་པ་ལགས། །འདི་ན་དབེན་གསུམ་གདུང་བར་ཡང་། །འདོད་ལས་ཕྱིར་ཕྱོགས་ཀློག་པའི་གྲྭར། །མི་མཁས་བཞིན་ཏུ་སྨྲ་བའི་ཁུར། །ནད་ཀྱི་ལྕིད་དུང་ལྷན་ཅིག་མཆིས། །མཚམས་ཞུས། །གང་


LT37_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཐུན་མོང་ཐུན་མིན་གྱི། །རིག་དང་མདོ་སྔགས་བྱང་ཆུབ་པས། །ཆར་ལ་དབང་བའི་གདེངས་ཅན་བཞིན། །རྒྱལ་བསྟན་འཚོ་བའི་ནུས་པ་རྫོགས། །དེ་ཕྱིར་མཆོག་བསྟན་བཟང་པོའི་གོས། །རྩོད་འཆད་རྩོམ་པའི་ཡུ་བས་བཏེགས། །ལྷག་པར་སྔ་འགྱུར་ནོར་བུའི་ཏོག །འཇིག་རྟེན་མཛེས་པའི་རྒྱན་ཏུ་ངོམས། །གཞན་ཕན་སྙིང་སྟོབས་བག་བརྐྱང་བས། །རྟག་ཅིང་ཁྱབ་པའི་ཕྲིན་ལས་བརྡལ། །འགྱུར་མེད་སྐུ་ཚེའི་འདུ་བྱེད་ཀྱང་། །མཁའ་དང་རྡོ་རྗེའི་སྙིང་པོར་གྱུར། །མཁས་པའི་ཉི་མ་ནུབ་ནས་རིང་ཞིག་ན། །དོགས་པས་དབེན་པའི་བརྒལ་བརྟགས་ཀུ་ཅོ་ཅན། །མུན་པར་བཙུད་པའི་སྣང་བ་གསར་པ་ཞིག །རྣམ་དཔྱོད་མཁའ་ཡི་རུམ་ནས་སྤྲོ་བར་འོས། །འདིར་ཡང་རྣམ་ཀུན་བརྩེ་ཆེན་དགྱེས་པ་ཡིས། །མི་འདོར་དགེ་མཚན་ཟེག་མ་སྤྲོ་བ་དང་། །དངོས་སུ་མཇལ་བའི་དགའ་སྟོན་དཔྱིད་ཀྱི་དཔལ། །ལྷག་བསམ་དུས་ཀྱི་དང་པོས་དྲངས་པར་སྨོན། །ལྷ་རྫས་ཞུ་ཆུང་གཟིགས་པའི་རྟེན། །ཕྲ་ཡང་པད་རྩ་ལྟར་དཀར་བ། །སྲིད་ཞིའི་དཔལ་སྤུངས་ཆོས་ཀྱི་སྡེར། །འདུ་ཤེས་གསུམ་གྱིས་བསྟི་དེས་ཕུལ།། །།༈རྗེ་བླ་མ་པདྨ་ཉིན་བྱེད་ཞལ་སྔ་ནས་འབྲུག་པ་རྒྱལ་དབང་ཆོས་རྗེར་གནང་བའི་གསུང་ཚབ་བྲིས་པ། །སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་བྱེ་བྲག་བྷ་བྷ་ག་ག་


LT37_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཙི་ཏྲ་པ་དཱ་ཞེས་བྱ་བའི་པྲ་སྟཱ་རས་མཛེས་པའོ། །ཚོགས་གཉིས་ཕྱོགས་ཀྱི་འཕེལ་བ་རྫོགས། །སྣ་ཚོགས་ཡོན་ཏན་འོད་སྣང་ཅན། །ཆོས་ཀྱི་བདུད་རྩིས་སིམས་བྱེད་པ། །ཐུབ་དབང་ཟླ་བས་ཁྱེད་ལ་སྲུངས། །ཤིན་ཏུ་གཙང་ཞིང་རྣམ་དཔྱོད་རིན་ཆེན་གྱི། །མཐའ་བྲལ་མཁྱེན་བརྩེའི་ངོགས་སུ་མཁས་རྣམས་ཀྱིས། །བསྔགས་པའི་མེ་ཏོག་དོགས་པས་རབ་ལྕི་བ། །གཞུང་ལུགས་ཆུ་བཞིའི་བདག་པོ་ག་ལ་བར། །དོན་བཟང་ལང་ཚོས་སྒེག་པའི་ཉམས་དེ་དང་། །ཚིག་གི་འགྱུར་བག་མེ་ན་ཀཱ་ཡི་གླུ། །དུས་ཀྱིས་བསྐུལ་བའི་གཏམ་གྱི་མདོངས་གསོལ་དུ། །གྲགས་པ་རྣམ་གསལ་དགེ་སྦྱོང་རྒན་པོས་ལེན། །གྲུབ་རིགས་གདེངས་ཀ་དག་ལས་ཆས་གྱུར་པ། །མང་ཐོས་རིན་ཐང་མེད་པའི་རིན་ཆེན་སྒྲོམ། །གཅིག་ཏུ་གནས་བཅས་མཁས་པའི་འདུ་ས་སྟེ། །གཞན་ཏུ་མཆིས་ན་དེ་ཡི་དབུལ་བ་འཕྲོགས། །སྐྱེས་ཐོབ་སྤྲིན་གྱི་རུམ་ནས་གཞུང་མང་གི། །མཁྱེན་པའི་རྔ་སྒྲ་དྲག་ཏུ་དགོད་པ་དང་། །


LT37_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མའི་རྣོ་ལྡན་ཁྱུ་མཆོག་རླབས་པོ་ཆེའི། །གཏན་ཚིག་གློག་གི་ཐག་པས་དྲངས་པའི་ལྕེ། །ཆོས་ཀྱི་འདུན་སར་འཕངས་པའི་ཟིལ་དང་བརྗིད། །མ་བཟོད་ཀ་ན་ཀ་ཡི་ཅོད་པན་གྱིས། །ཀུན་ནས་དུད་པ་ཡེ་ཤེས་མེ་ལོང་ནི། །དོན་བརྒྱུད་མཛེས་པའི་རྒྱན་ཏུ་ངོམས་པ་བཞིན། །བདེ་འབྱུང་གཙུག་གི་ནོར་བུས་མི་ཟུམ་ཞིང་། །རྡུལ་གྱི་ཟེག་མ་སྐྱུག་མིན་རི་བོའི་ཁོངས། །གྲགས་པའི་པདྨོ་རབ་རྒྱས་དགའ་ཚལ་ན། །ས་དང་མཐོ་རིས་གྲུབ་པ་དག་ཀྱང་རྩིས། །ལུང་གི་དུས་ན་གཙོ་ཆེར་བཤད་པ་དང་། །མཁོན་ལ་རྒྱུ་འབྲས་སྐུད་པས་ཚེམ་པ་སྒྲུབ། །རྒྱལ་བའི་མྱུ་གུའི་ཐབས་སུ་རྐང་བཀོད་པ། །དེ་ལྟའི་བསོད་ནམས་བསགས་པ་ཕལ་གྱིས་མིན། །གཞན་དོན་མེད་པར་རྟོགས་པའི་བཅུད་མྱོང་ནས། །བྱང་ཆུབ་གོ་སྐབས་ཕྱེད་པར་དཀའ་བ་ཉིད། །འདོད་ཅན་ནགས་སུ་ཉལ་བའི་རླུང་ཟ་དང་། །སྨྲ་བ་ལྡན་མིན་ཙམ་ལས་ཁྱད་པར་གང་། །རྣམ་པར་མ་ཞི་ཕྲ་རྒྱས་གཟིངས་པ་ཡི། །མི་མཐུན་བརྟུལ་ཞུགས་རབ་བརྟན་མཁོན་པའི་རྩེ། །གདུལ་དཀའ་འདུལ་བ་རྒྱལ་བའི་སྲས་དག་གི། །ཐབས་མཁས་ལྷུར་ལེན་མཛད་པ་དེ་རྨད་བྱུང་། །སྔོན་ཆད་སྤྲིན་སྒྲས་མཚན་པ་རྒྱལ་བ་ཡི། །བྱིན་རླབས་སྲད་བུས་ལྷན་ཅིག་སྦྲེལ་བའི་སྙིང་། །ཆོས་མཐུན་མཛའ་ལྕུག་རེ་ཁཱས་བཏབ་པར་ཡང་། །ད་ཀོ་


LT37_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་སྙན་པས་སད་པར་གྱུར། །ཇི་ལྟར་མཐོང་ངམ་ཐོས་པ་ཁོ་ནས་ཀྱང་། །སྤྲོ་བས་སིམས་པ་རྨ་བྱས་འབྲུག་སྒྲ་དང་། །ངང་པས་སྟོན་གྱི་བཞིན་ཏུ་དཔལ་འཛིན་པ། །མཚན་བཟང་དོ་ཤལ་དཔྱངས་པའི་རྒན་བུས་མཆིད། །བདག་ཀྱང་བློ་གྲོས་གོམས་སྟབས་ཁྱར་ཁྱོར་གྱིས། །བསྟན་པའི་ཁུར་ཆེན་འདེགས་ལ་སྤྲོ་མིན་གྱི། །ལྷག་བསམ་དར་བས་རྒྱལ་བཀའ་འགྱུར་རོ་ཅོག །བཀླག་ལུང་སྤེལ་སོགས་བསྟན་འགྲོའི་དོན་བསྒྲུབ་མོད། །རིག་པའི་སྐྱེས་བུས་བཟོད་ཀྱང་ལུས་ཀྱི་རྟ། །འདི་ལ་བདག་ནི་བརྣག་པའི་ཡུལ་མིན་ཞེས། །དུབ་པ་བཞིན་ཏུ་དབེན་གསུམ་མལ་ས་ན། །གཉུག་མའི་འགོག་བཟླས་ཟོལ་གྱིས་ཡིབས་པར་བརྩམས། །མཚམས་ཞུས། །ཁོར་ཡུག་བར་དུ་ཉི་ཟླའི་སྣང་བ་ཡིས། །མ་གཏམས་བྱ་བ་དག་ལ་ཇི་ལྟར་འཇུག །དམ་པའི་དཔལ་གྱིས་མ་བཟུང་གལ་ཏེ་ན། །འཇིག་རྟེན་ལས་ཀྱི་རྒྱ་ལས་འདའ་ནུས་སམ། །རྐང་འཐུང་ཕལ་པའི་ཁྲོད་ན་ས་མཆོག་དང་། །ས་ལས་གསེར་ཡང་རྙེད་པ་ཙམ་ཡིན་གྱི། །དེང་སང་སྐྱེ་བོའི་ཁྲོད་ན་བློ་གྲོས་ཀྱི། །ནོར་གྱིས་འབྱོར་པ་དེ་བས་ཆེས་ཆེར་དཀོན། །སྙེངས་པ་མེད་པའི་རྣམ་དཔྱོད་ལྡན་ན་ཡང་། །རང་རྒྱུད་དུལ་བས་ཤིན་ཏུ་མ་བསྡམས་པ། །དུག་ཅན་རྐང་པ་སྦས་པས་བཟུང་བའི་ནོར། །རེ་བ་འཚལ་ཡང་སུ་ཞིག་ལེན་


LT37_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས། །མཁས་ཀྱང་མ་དྲེགས་གྲགས་ཀྱང་མ་བསྙེམས་པ། །ཡོངས་རྫོགས་བསྟན་པ་གསལ་བའི་མཁའ་ལྡིང་གི། །མཆོད་སྡོང་གང་ཁྱོད་རིང་དུ་འཚོ་གཞེས་པ། །ཁོ་ནས་སྲིད་ན་དོན་ཆེན་འགྱུར་བའི་ཕྱིར། །ཏིང་འཛིན་གཏན་པས་བཅད་པ་སྲོག་རྩོལ་གྱི། །སྒོ་གླེགས་འཕོ་བྲལ་དྭངས་པའི་ཏི་ལ་ཀ །ནཱ་དར་སྙོམས་འཇུག་མི་ཤིགས་བདེ་བ་ལས། །ཕྱིར་མི་ལྡོག་པའི་སྒྲ་དབྱངས་ལེན་པར་འཚལ། །ལྟར་སྣང་མཛའ་བས་ཡུན་རིང་བཅིངས་པ་ཡང་། །རྣམ་འགྱུར་རེ་རེས་ཐལ་བ་ལྟར་བགྱིད་མོད། །འུ་ཅག་འདའ་ཀ་ཆོས་ཀྱི་འབྲེལ་པའི་མཆེད། །རྣམ་ཀུན་ཟབ་གསལ་ཐུགས་སུ་གཅག་པ་ནས། །ཀུན་དགའི་རོ་ལྡན་དོན་གྱི་འཛུམ་རླབས་ཅན། །གཟུར་གནས་ཡིད་དབང་འགུགས་པའི་བཀའ་མཆིད་ཀྱི། །པདྨོའི་སྦྲང་ཆར་རྟག་ཏུ་འབེབས་པ་ཡིས། །རེ་བའི་ཤིང་རྟ་ཡང་ཡང་འགེང་བར་མཛོད། །ཅེས་ཞུ་འདེགས་སྤྱན་ཟུར་གཡོ་བའི་རྟེན་མཚོན་ལྷ་རེག་མདངས་ལྡན། །སྙོན་པའི་སྐུ་བརྙན། ལིང་ཆེན་ཡུག །བཟང་གོས་ཡུག །དྭཱི་པེ་ནྲ་གྱི་ལྤགས་ཤུན་བཅས་དཔལ་སྤུངས་ཡང་དབེན་ནས་ཁྲུམས་ཟླའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་ཕུལ།། ༈ །།ཨ་མཆོག་དགེ་བཤེས་ཆེན་པོར་རྗེ་པདྨའི་གསུང་ཚག་ཏུ་བྲིས་པའོ། །སྡེབ་སྦྱོར་ཁ་སྒོའི་བྱེ་བྲག་ལས་ལན་པ་ཞེས་བྱ་བའི་བྲསྟཱ་


LT37_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རས་མཛེས་པའོ། །སྲིད་དང་ཞི་བ་གཅིག་པའི་ངག །མཐའ་གཉིས་རྣམ་གྲོལ་མཚན་རྟོག་གིས། །མི་ཕྱེད་ཆགས་དང་བྲལ་བའི་འོད། །སྤྲོ་མཛད་ཉི་མའི་གཉེན་དེས་སྐྱོངས། །ལུང་གི་སྣང་བས་བྲན་པའི་འགོག་པ་དང་། །ཤེས་བྱ་ལམ་གྱི་པདྨོའི་རྒྱ་གྲོལ་བས། །ཐེག་ཆེན་བསྟན་པའི་དཔྱིད་དཔལ་དར་བྱེད་པ། །བཤེས་གཉེན་སྨྲ་བའི་ཉི་མ་གང་དེའི་དྲུང་། །མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་རིམ་གྲོ་ཡི། །སྙིང་སྟོབས་ཁུར་ཆེན་ཐོགས་པའི་མདུན་ས་ནས། །མཐོང་ན་དགའ་བ་པདྨ་ལྟ་བུའི་ངག །མང་ཐོས་རྣ་བའི་རྒྱན་ཏུ་བྱིན་ལ་སྤྲོ། །དེ་ན་ཆོས་རབ་རྣམ་པར་འབྱེད་པའི་བློ། །སྐྱེ་བ་རྣམ་དཀར་ཟོང་གིས་བསྒྲུབས་བྱས་པ། །སྙེངས་བྲལ་རྣམ་དཔྱོད་དཔལ་གྱིས་སྒེག་འཆང་བས། །བསྟན་འཛིན་འདུས་པའི་བླ་ན་ཅིས་མི་མཛེས། །ཇི་ལྟར་མྱོས་པའི་གླང་པོ་མི་འཇིགས་པར། །ས་ལས་རྣམ་རྒྱལ་བྱ་བ་བཟོད་ལགས་གྲང་། །རིག་པའི་ཆང་གིས་


LT37_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་ཀྱང་དྲེགས་པ་ཡིས། །མ་བསླད་ཅད་ཤེས་དེ་ནི་སུ་ཡིས་བསྐྲུན། །སྙིགས་དུས་དབུལ་པོའི་ཁྲོད་ན་ཟང་ཟིང་གི། །འབྱོར་པ་རྒྱས་པ་ད་དུང་ཡོད་མོད་ཀྱི། །ཐོས་དང་དད་སོགས་འཕགས་ནོར་གྱིས་གཏམས་པ། །སྲིད་ན་འགྲོ་བའི་མཆོད་སྡོང་གཅིག་ཏུ་བས། །སྤངས་དང་རྟོགས་པའི་རི་ཡི་ལྡེང་ཀ་ནས། །ལེགས་བཤད་ཁྱད་ཆོས་འབར་བའི་གཞུང་ལུགས་ཀྱི། །མཁྱེན་རབ་ཉི་ཟླའི་རྔ་ཡབ་གང་འཛིན་པ། །བློ་གཏེར་དབྱིག་གི་སྙིང་ལས་གཞན་ཏུ་མེད། །ཆོས་ཀྱི་དགའ་ཚལ་རྒྱས་པའི་དོ་ར་ན། །མང་ཐོས་གཞོན་ཤ་ཆགས་པའི་ལང་ཚོ་དང་། །སྡེབ་ལེགས་ཚིག་གི་སྦྱར་བའི་ཟུར་མིག་གིས། །གཟུང་གནས་དཀའ་ཐུབ་ཅན་གྱི་ཡིད་དབང་དྲངས། །ལྷག་བསམ་ངད་ཀྱིས་རབ་བགོས་སྐྱེས་སྦྱངས་ཅན། །དམ་པའི་དྲི་ཡིས་འཇིག་རྟེན་དགའ་བསྐྱེད་པ། །མ་ལ་ཡ་ནས་འོང་བའི་རླུང་དག་དང་། །རྫིང་གི་ཨུཏྤལ་གསར་པའི་ཚུལ་ལས་རྟོགས། །དེ་ལྟ་མོད་ཀྱི་རྒྱུ་ལམ་འབྲས་བུ་ཡིས། །ལེགས་པར་འབྱོར་བ་དཔལ་དང་གྲགས་པའི་མཐའ། །མ་རྙེད་སྔོ་སངས་ནམ་མཁའི་བུ་མོ་ཡིས། །སྣང་བྱེད་སྒྲོན་མ་བཏེགས་ནས་ཚོལ་མིན་ནམ། །འཁོར་ལོ་གཉིས་ཀྱི་གཤོག་དཀར་ཟུང་བསྐྱོད་པའི། །རིག་གྲོལ་སྤོབས་པ་མཆོག་ལྡན་ངང་པའི་ཁྱུ། །ཀུན་ནས་སྡུད་པ་ཆོས་འཁོར་པདྨའི་མཚོ། །སྐྱེད་དུ་བསྲིང་བ་


LT37_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་གདེངས་ལྡན་བདག །དུས་ཀྱི་མོག་པོར་གྱུར་པ་རིན་ཆེན་བསྟན། །ཤིན་ཏུ་སྤེལ་བའི་རྣམ་དཔྱོད་མི་ལྡན་ཀྱང་། །ལྷག་བསམ་ཁོ་ནས་སྙིང་པོའི་ཆོས་ཚུལ་དང་། །འགྲོ་ཕན་དམ་བཅའི་གོ་ཆ་ཐོགས་ཏེ་མཆིས། །མཚམས་ཞུས། །གང་ལ་མང་ཐོས་བསླབ་ལ་བརྩོན་པ་ཡོད། །དེ་ན་དྲི་མེད་རྒྱལ་བའི་བསྟན་པ་གནས། །དེ་ཡིས་འཕྲལ་དང་ཡུན་གྱི་མཐར་ཐུག་པའི། །དགེ་ཆོས་ཡིད་བཞིན་འཇོ་བའི་དཔྱིད་གྱུར་པས། །ཁྱོད་སྐུ་རིང་དུ་འཚོ་བའི་རྟེན་འབྲེལ་གྱི། །ཐབས་ཚུལ་ནམ་ཡང་ལྷོད་པ་མི་མཛད་པར། །གནས་སྐབས་རིགས་དང་མཚམས་པའི་ཆོས་ཀྱི་ཆར། །ཐེག་མཆོག་དབུ་མའི་རྒྱ་མཚོར་འདྲེས་པར་ཕོབ། །གྲགས་དང་རྙེད་པས་མ་ཡིན་བྱང་ཆུབ་སྤྱད། །སྙིང་ནས་སྤྱོད་ལ་བདག་ཀྱང་རབ་དད་པས། །ཆོས་མཐུན་འགྲུབ་པའི་བདེན་ཚིག་མེ་ཏོག་གིས། །ཁྱོད་ཐུགས་གསེར་གྱི་ཡོལ་གོ་འགེངས་འཚལ་ལོ། །ཞེས་པའི་ཡི་གེ་གཟིགས་རྟེན་ལྷ་གོས་པུཎྜ་རཱི་ཀའི་མདངས་ལྡན་བཅས་ཁྲུམས་ཟླའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་དཔལ་སྤུངས་ཡང་དབེན་ནས་ཕུལ་བ་དགེ། །འཕེལ་ཚེ་བླ་མ་བསོད་ནམས་རྣམ་རྒྱལ་ལ་རང་ལོ་ཉེར་དྲུག་པར་ཕུལ་བ།། ༈ །།སྡེབ་སྦྱོར་ཡ་ཁ་སྒོའི་བྲསྟཱ་རའོ། །།།


LT37_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་དྭངས་མ་ཡོངས་གྲུབ་སྐུ། །དུས་སྦྱོར་རྣམ་གྲོལ་རྡོ་རྗེའི་གསུང་། །བདེ་ཆེན་ཐུགས་ལྔ་ཚེ་དང་འོད། །མཐའ་ཡས་པདྨཱ་ཀ་རས་སྐྱོངས། །མཁྱེན་པས་ཤེས་བྱ་ཀུན་གཟིགས་ཤིང་། །བརྩེ་བས་གདུལ་བྱ་རྗེས་སུ་འཛིན། །ནུས་པས་རྣམ་གྲོལ་ལམ་སྟོན་པ། །འགྲོ་བའི་འདྲེན་པ་མཆོག་དེའི་དྲུང་། །ཞུ་མཆིད། །འདི་ན་མཆིས་པའི་ལང་ཚོ་གཞོན་ནུ་བདག །སྔ་འགྱུར་བསྟན་པ་ནམ་མཁའི་ནོར་བུ་ལ། །ཡིད་ཀྱི་པདྨ་དབང་མེད་གྲོལ་གྱུར་པས། །དེ་ཡི་བསྟན་འཛིན་ཁྱོད་ལ་བདག་དད་ཕྱིར། །མ་བརྡུངས་པར་ཡང་སྙན་ཚིག་ཕངས་པར་འགྲོ། །དབྱངས་ཅན་རྒྱུད་མངས་དག་ལས་བརྐུས་འདྲ་བས། །ཁྱོད་ཐུགས་མཁའ་ལྟར་དག་པའི་མེ་ན་ཀཱ། །དགྱེས་བསྐྱེད་ལྷ་ཡི་གླུ་མཁན་གཉིས་པར་དོགས། །གང་ཁྱོད་རིག་པའི་རྩལ་ཆེན་རྫོགས་ནས་ནི། །འབོ་ཆེན་གྲུབ་མཐའ་གདོད་ནས་སྙོགས་བཞིན་ཏུ། །སྙིང་རྗེའི་དཔལ་ནི་ཟད་པ་མ་


LT37_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པས། །རྣམ་རོལ་མི་ཟད་རྒྱན་གྱི་འཁོར་ལོར་སྟོན། །ཁྱད་པར་གྲོལ་བ་བཞི་ཡིས་སྲིད་པའི་ཁམས། །གདོད་མའི་ས་ལ་སྐད་ཅིག་དེངས་བྱེད་པ། །གསང་ཆེན་རྫོགས་པ་ཆེན་པོའི་རིང་ལུགས་ལ། །ཡང་སྲིད་ཀུན་ཏུ་མཛད་པ་བགྱིས་ལགས་གྲང་། །དུས་འདིར་ནུས་ལྡན་རྡོ་རྗེའི་ཟབ་གསང་གི། བསྟན་ལ་སྟོན་པར་གྲུབ་པའི་རྒྱལ་ཐབས་ཀྱི། །དབང་བསྐུར་པདྨའི་མཐུ་ཡིས་གང་སྩལ་བ། །དེ་ནི་སྨོན་ལམ་སྟོབས་ཀྱིས་བརྙེས་རྟོགས་ནས། །རིང་ན་གནས་ཀྱང་གཏམ་གྱི་བདུད་རྩི་ཡིས། །ཐོས་པའི་རྣ་བར་རིན་ཐང་མེད་བྱས་པ། །བདག་ཅག་རང་གི་མལ་ན་མཆིས་བཞིན་ཏུ། །མཛའ་བའི་མཆིད་ཚིག་རིང་མོའི་གནས་སུ་རྒྱུ། །དེང་སང་གྲགས་པ་ཙམ་ལ་མཆོག་འཛིན་ནས། །ཆོས་བརྒྱད་འདམ་དུ་རང་བཞིན་བྱིང་བ་དང་། ཁ་ཅིག་ཐོས་པའི་མིག་དང་མི་ལྡན་པས། །ཕྱོགས་ལྷུང་མུན་པའི་སྦུབས་སུ་ཆུད་པར་མཐོང་། །བདག་ནི་སྟོན་པའི་བསྟན་ལ་ཡིད་གུས་ཤིང་། །དེ་ཡི་ཡང་སྙིང་ཐེག་དགུའི་རྩེ་རྒྱལ་གྱི། །གསང་བའི་མཛོད་འཛིན་འཕུར་འགྲོའི་སློབ་དཔོན་ལ། །རྒྱུ་མཚན་ཤེས་པས་མི་ལྡོག་དད་པ་མངའ། །གང་གི་ཕྲིན་ལས་འཆང་བའི་རིག་པ་འཛིན། །ཡོངས་ཀྱི་འཁོར་ལོས་སྒྱུར་བ་སྟག་ཤམ་པ། །སྣང་བ་རྣམས་ལས་ཉིན་མོའི་དཔལ་ཇི་བཞིན། །རྣམ་ཐར་དུ་མས་ཁྱད་


LT37_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་ཤེས། །དེ་ཡི་བསྟན་འཛིན་ཕལ་ཆེར་མི་སྣང་ཞིང་། །ཡོད་པ་དག་ཀྱང་གྱི་ནའི་ངང་ཚུལ་གྱིས། །སྙིང་སྟོབས་གོ་ཆ་སྦྲང་མའི་རྗེས་སོང་བས། །ཟབ་གསང་བསྟན་པའི་མཁོས་ཀ་ཆུང་ངུར་གྱུར། །མཆོག་ཁྱོད་རྒྱུ་སྐར་རྣམས་ལས་ཟླ་བ་ལྟར། །བསྟན་འཛིན་རྣམས་ལས་བསྟན་པའི་རིམ་གྲོ་ཡིས། །ཆོ་ག་ནུས་པ་ཡོན་ཏན་བཻ་ཌཱུརྻའི། །ནོར་འཆང་ཀླུ་དབང་གཉིས་པ་ཡིན་ཞེས་ཐོས། །དེ་ཕྱིར་དད་དང་སྐལ་པའི་ཞིང་ས་རུ། །རེ་བའི་ས་བོན་ཐེབས་པར་བཏབ་ལགས་ན། །གདམས་ངག་ཆར་གྱི་རྒྱུན་གྱིས་ཇི་ལྟར་སྨིན། །ཁྱེད་ཀྱི་ཐུགས་རྗེའི་འཇུག་པས་རྟོགས་པར་འོས། །ཇི་སྲིད་ཉི་མའི་སྙིང་པོ་རབ་འབར་བ། །དེ་སྲིད་ཟླ་བའི་འོད་ཀྱང་བག་ལ་ཞ། །གང་ཚེ་མུན་པའི་ཁྲོད་དུ་སྐར་ཆེན་གྱི། །སྣང་བས་ཀྱང་ནི་མིག་ལ་དཔལ་སྟེར་བྱེད། །རྒྱལ་བསྟན་མཁས་དང་གྲུབ་པས་བཟུང་བ་ན། །བདག་ལྟའི་སོ་སྐྱེ་ཆུ་ཤིང་སྡོང་པོ་ལྟར། །སྨྲ་མཁས་སེང་གེའི་སྒྲ་ཆེན་ཡོལ་བ་ན། །རྨོངས་པའི་ནོར་སྲུང་གངས་རིའི་འདབ་འདིར་འཁྲས། །འོན་ཀྱང་ལྷག་བསམ་ཤུགས་ཀྱིས་མ་དག་པའི། །སྤྱོད་ལམ་དག་ཀྱང་བྱང་ཆུབ་ལམ་ཁྱེར་ནས། །དྭགས་རྙིང་ཟུང་དུ་འབྲེལ་བའི་བསྟན་མཆོག་ལ། །བགྱི་བ་ཕྲ་མོའི་ཁུར་ཡང་ཐོགས་ནས་མཆིས། །མཚམས་ཞུས། །གང་ན་ལུང་གི་འོད་མཆིས་པ། །དེ་ན་རྟོགས་པའི་དཀྱིལ་


LT37_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱས། །དེ་ཡིས་ཐར་དང་བདེ་བ་ཡི། །པད་ཚལ་ཅི་ཡང་བཞད་པར་འགྱུར། །ཤིང་ནི་ས་ལ་བསྟེན་པ་ལྟར། །ལུང་རྟོགས་དམ་པའི་ཆོས་དེ་ཡང་། །གང་ཟག་རྒྱུད་ལ་གནས་པའི་ཕྱིར། །བསྟན་འཛིན་སྒྲ་ཡིས་ལེགས་པར་བདོ། །འབྱོར་བའི་དཔལ་གྱིས་འབྱོར་པ་དང་། །སྙན་གྲགས་ཤིན་ཏུ་འཕྱུར་ན་ཡང་། །བདག་རྒྱུད་ཆོས་དང་མི་མཐུན་པའི། །གཟུགས་བརྙན་དེ་ཀས་ཅི་ཞིག་བྱ། །སོ་ཐར་སྡོམ་པ་ལེགས་བསྡམས་ཤིང་། །བྱང་ཆུབ་སེམས་ཀྱི་རྒྱུད་བརླན་ཏེ། །ཟབ་གསང་ཉམས་རྟོགས་ཀྱིས་བརྒྱན་པ། །དེ་ནི་བསྟན་ལ་སྟོན་བར་མཚུངས། །རང་གི་དོན་གྱི་འཁྲིས་མེད་ཀྱང་། །ཐབས་མཁས་བྱ་བ་སྣ་ཚོགས་ཀྱིས། །བསྟན་དང་འགྲོ་ཕན་སྒྲུབ་བྱེད་པ། །སྐྱེས་བུ་དམ་པའི་མཚན་ཉིད་དེ། །གང་ཁྱོད་དེ་ལྟའི་ངང་ཚུལ་ལས། །མི་འདའ་སྐྱེས་བུའི་ཁྱུ་མཆོག་གི། །བརྟུལ་ཞུགས་ལྡན་པ་ཡིན་ཐོས་ཕྱིར། །སྲིད་ཞིའི་མགོན་ཏུ་གྲུབ་ལགས་པས། །ཤིན་ཏུ་མི་འགྱུར་ཆུ་སྐྱེས་ན། །རྡོ་རྗེ་བདེ་བའི་ཞབས་བཀོད་དེ། །ཨེ་ཝྃ་གཉིས་སུ་མི་ཕྱེད་པ། །གསང་བ་དགྱེས་པར་འཚོ་གཞེས་ཤིང་། །བསྟན་ལས་ཟབ་པའི་མཐར་ཐུག་པ། །ཕྱིར་མི་ལྡོག་པའི་དབུ་མ་དང་། །ནང་རྒྱུད་ཐབས་ཀྱི་ཐེག་གསུམ་གྱི། །ཆོས་ཀྱི་འཁོར་ལོ་བསྐོར་བར་འཚལ། །


LT37_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ཆོས་ཀྱི་འཛའ་གཅུག་གིས། །ལགས་པར་བཅིངས་པའི་ཐུགས་བརྩེའི་ངག །གཟུར་གནས་ཚངས་པའི་རལ་ཀླུང་དུ། །གངྒཱའི་རྒྱུན་བཞིན་འཁོར་བར་མཛོད། །སྟོང་དང་སྙིང་རྗེ་མི་ཕྱེད་པའི། །སྲུང་བའི་ཕྱག་རྒྱས་བཏབ་འཚལ་ཞིང་། །དེ་སྲིད་ཀུན་ཏུ་དགེ་བ་ཡི། །སྨོན་ལམ་བདག་གིས་ཀྱང་ནི་གསོལ། །དམ་པ་རྣམས་ནི་ཟང་ཟིང་ནོར་ལས་ཀྱང་། །དད་པའི་ནོར་ལ་དགྱེས་ཕྱིར་ཚད་མ་ཡི། །སྐྱེས་ཆེན་ཁྱོད་ལ་སྙན་ཚིག་སྐྱེས་བཟང་འདི། །བདག་བློ་ཡོངས་སུ་སད་པའི་མཛོད་ལས་སོང་། །ཞེས་པའི་ཞུ་ཡིག་གཟིགས་རྟེན་མཚོན་བྱེད་ཙམ་དུ་བཀྲ་ཤིས་པའི་ལྷའི་རེག་བྱ་སོགས། བཅས་དཔལ་སྤུངས་ཀྱི་གདན་ས་མཁས་གྲུབ་རྒྱ་མཚོའི་བསྟི་གནས་གང་ནས་ཕྲན་བཙུན་གཟུགས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་བགྱི་བའི་སྙོམ་ལས་པ་ནས་གུས་པས་ཕུལ། །།།བློ་གསལ་བཛྲ་པྲ་ཏིཥྛ་ལ་སྤྲིངས་པ་སྙན་པའི་ཨུཏྤལ་ཞེས་བྱ་བ། །ཤིན་ཏུ་


LT37_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བའི་ཡེ་ཤེས་ཀྱིས། །སྣང་གསུམ་མཉམ་པ་ཉིད་གཟིགས་ནས། །ཆོས་ཀུན་དབྱིངས་སུ་བྱང་ཆུབ་པ། །ཤཱཀྱའི་སྲས་ཀྱིས་ཁྱོད་ལ་སྲུངས། ༡ །ཚོགས་གཉིས་རླན་ལ་ཆགས་པའི་ཨུཏྤལ། །རིག་པའི་སྦྲང་རྩིའི་ཁུར་གྱིས་ལྕི་བའི་ཕྱིར། །ཚིག་གི་ཟེར་གྱིས་བློ་ལྡན་བྷྲ་མ་ར། །དགའ་བསྐྱེད་ལྔ་རིག་སྨྲ་བ་གང་དེའི་དྲུང་། ༢ །རིག་ལ་གོམས་པའི་གནས་ཅན་གྱིས། །མཐོང་ན་ཚིམས་པ་སྐྱེད་པའི་ཚིག །པདྨ་ལྟ་བུ་ལག་པ་ཡི། །པདྨོ་ཉིད་དུ་སོན་པར་གྱུར། ༣ །དེ་ཚེ་ཡིད་ཀྱི་རབ་དགའ་དང་། །ཡོན་ཏན་དཔལ་ལ་རྗེས་དྲན་དང་། །བསྔགས་འདོད་ངག་གིས་སྒེག་པ་སྟེ། །གསུམ་པོ་འདི་ནི་མཉམ་དུ་བྱུང་། ༤ །བདག་ནི་ཤཱཀྱའི་རྗེས་སློབ་སྟེ། །ཟང་ཟིང་སྐྱེས་ཀྱིས་བདག་དགའ་མིན། །ཁྱོད་ཐུགས་ཆོས་ཀྱི་རྗེས་སོང་བས། །དོན་མཐུན་ཉིད་ཕྱིར་བདག་རབ་མགུ། ༥ །ལང་ཚོ་དང་ནི་ཡོ་བྱད་ཀྱི། །འབྱོར་བའི་གཏམ་གྱིས་མི་མཛེས་པ། །གཟུ་བོར་གནས་པའི་མདུན་ས་ན། །ཁྱོད་ཀྱི་སྙན་པའི་གཏམ་འདི་མཛེས། ༦། རྡོ་ཐལ་ཁང་པ་དཀར་བ་ལ། །བདུད་རྩིའི་འོད་ཀྱིས་ཆེས་དཀར་བཞིན། །ཁྱོད་ཀྱི་རྒྱུ་ཚོགས་གྲུབ་པའི་བློ། །དགེ་བའི་བཤེས་དེས་སད་པར་བྱས། ༧ །ཡུན་རིང་ངལ་ལ་མ་ལྟོས་པར། །འབད་པ་ཆུང་ངུས་གཞུང་བརྒྱ་རྟོགས། །གང་ཞིག་མི་ཡིས་


LT37_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་དཀའ་བ། །དེ་ལ་གཉིས་སྐྱེས་ཡུད་ཙམ་མོ། ༨ །རྗེས་དཔག་ཡི་གེས་རབ་མྱོང་བ། །ཡོན་ཏན་དྲི་ཡིས་དགའ་བསྐྱེད་པ། །མ་ལ་ཡ་ནས་འོང་བ་ཡི། །རླུང་གི་ངད་ཀྱིས་མཚོན་མ་ཡིན། ༩ །བིཥྞུ་ཞུ་བའི་ཧཾ་ཡིག་གིས། །རྣམ་དཔྱོད་ལྟོ་བ་ཡོངས་ཁེངས་པས། །དངོས་སྨྲའི་ན་ཚོད་གཞོན་ནུ་ཡང་། །སྙིང་པོའི་གཏམ་གྱིས་རྒན་པོར་བྱས། ༡༠ །སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་ཆོས། །དམན་ལ་ཇི་ལྟར་འཇིགས་བྱེད་པ། །རང་བཞིན་ཤེས་པའི་མཁས་པ་ལ། །དགའ་བསྐྱེད་དེ་འདྲ་གཞན་ན་མེད། ༡༡ །རིན་ཆེན་མཛེས་པའི་གླིང་དང་ནི། །ནགས་ན་གནས་པ་པདྨའི་རྫིང་། །དམ་པའི་རྗེས་སུ་སྐྱེས་པ་ཡི། །ཡིད་ལ་མི་དགའ་ཡོད་པ་མིན། ༡༢ །སྲིད་ན་ཚངས་པའི་དཔལ་ཐོབ་ཀྱང་། །སྒྱུ་མ་དེ་ཡིན་རྨི་ལམའང་དེ། །འོན་ཀྱང་ཁེ་གྲགས་ངན་ངོན་ལ། །བླུན་པོ་རྩི་ལྟར་ཞེན་པར་མཐོང་། ༡༣ །ཁྱོད་ཀྱིས་རྩར་ཡང་མི་སེམས་པར། །ཟབ་མོའི་གནས་ལ་བློ་ཕྱོགས་ན། །དེ་ཡིས་ཤཱཀྱའི་དབང་པོ་ཡིས། །བསྟན་ལ་བྱ་བ་བྱས་པར་འགྱུར། ༡༤ །སྐྱབས་གནས་རྣམས་ཀྱི་ཐུགས་རྗེའི་གྲིབ་མས་ངལ་འཚོ་རྨོངས་པ་བདག །ཆོས་བཞིན་སྤྱོད་པར་དཀའ་རུང་ཆོས་མ་ཡིན་ཀྱང་བློས་བཏང་སྟེ། །གཞན་ཕན་ཟོལ་གྱིས་རང་ཉིད་གཡེང་བའི་ཁུར་གྱིས་དུབ་པར་ཡང་། །ཤེས་


LT37_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་མི་རྫུན་ཤེས་པ་རྫུ་རྟོགས་གནས་ལུགས་མལ་ན་བདེ། ༡༥ །མཚམས་ཞུས། སླད་ཀྱི་ཆར་ཡང་། གཤིས་ལ་སྐྱེ་དང་འགག་མེད་པས། །དེ་ལ་མཚན་མས་གོས་པ་མིན། །མཚན་མ་ཙམ་ཡང་དུས་གསུམ་དུ། །སོང་དང་འོང་མིན་བགམ་པའང་མེད། ༡༦ །རྒྱུན་གྱིས་གཉེན་པོ་མ་མཆིས་པར། །རྟག་པའི་བདུད་རྩི་རབ་འཐུང་བས། །ཇི་སྲིད་མོས་པ་མ་བརྟུལ་བ། །དེ་སྲིད་རིང་འཚོའི་སྟོབས་སྐྱེད་ཅིག ༡༧ །གཞན་ཡང་འདི་སྐད་དུ་བྱ་སྟེ། །ཡོན་ཏན་རྒྱ་མཚོའི་མཇིང་འདྲ་བའི། །དགེ་བའི་བཤེས་གཉེན་ཟེ་ཆེན་པ། །ཁྱོད་ཀྱི་དཔལ་དུ་ཐོབ་ལགས་ན། །སྙིང་པོའི་ནོར་བུ་ལོན་པར་མཛོད། ༡༨ །གང་གིས་ཐོས་ལ་མ་གོམས་པ། །དེ་ཡིས་སྒོམ་པ་ག་ལ་ཤེས། །དད་པའི་རྩ་བའང་མི་བརྟན་ན། །གནས་ལུགས་འབྲས་བུ་འབྱིན་མི་སྲིད། ༡༤ །ཐོས་བརྩོན་དད་དང་ཤེས་རབ་སྟེ། །འཕགས་པའི་ནོར་གྱིས་ཕྱུག་པ་ཁྱོད། །རང་སེམས་ནོར་བུ་སྦྱངས་བྱས་ནས། །གཞན་གྱི་དབུལ་བ་སེལ་བར་མཛོད། ༢༠ །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པ། །གསུང་རབ་མཛོད་ཀྱི་ཁ་ཕྱེ་ནས། །སྙིང་པོའི་ཆོས་ཀྱི་རིན་ཆེན་ཏོག །བཤད་སྒྲུབ་གོས་ཀྱིས་བཀླུབས་པར་རིགས། ༢༡ །བདག་ཅག་ཤིན་ཏུ་ཉེ་བའི་མཆེད། །ཕན་ཚུན་ཆོས་ཀྱི་


LT37_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་སེམས་ཀྱིས། །འདི་ནས་སློབ་པ་མིན་པའི་བར། །བཟང་པོ་སྤྱོད་པས་འགྲོགས་པར་སྨོན། ༢༢ །བདག་ནི་དམ་པའི་ངང་ཚུལ་མི་ལྡན་པས། །ལེགས་བཤད་གཏམ་གྱི་འབྱུང་ཁུངས་མ་ལགས་ཀྱང་། །ཁྱོད་།ཐུགས་དགའ་བསྐྱེད་སྙན་ཚིག་ངང་པ་མོ། །དཔལ་སྤུངས་མཁས་པའི་རྒྱ་མཚོ་ཆེ་ནས་སོང་། ༢༣ །ཞེས་པའི་ཡི་གེ་རྟེན་དང་བཅས་ས་ཟླའི་ཡར་ངོའི་གྲལ་ཚེས་བཟང་པོར་ཐུབ་བསྟན་ཆོས་འཁོར་གླིང་ནས་ཆོས་སྨྲ་བའི་བཙུན་གཟུགས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་ཏེ་ཕུལ།། ༈ །།མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་དགེ་བའི་བཤེས་གཉེན་ཨ་མཆོག་སྤྲུལ་པའི་སྐུ་ལ་ཕུལ་བའི་ཆབ་ཤོག །ཤྲཱི་ཤྲཱི་ཤྲཱི། ཨཱཡུཤྩིིརཾཛཱིབཏུ། དྷརྨཱཱཾརཱཛྱཱནྲསྥོྷནྟུ། ཡསྨིནྲམཧཱབྷོདྷཛནཔདཱནཱཾབཱདཱིནཱམྲྀཥབྷེ། སཱུརྻཙནྡྲཡོརཡནཾརཧཽཤུདྡྷསྱབལེནཤྩྱོཧཾནིརུདྡྷེནཡཱབདྭཱཙྱམདྷིསཏྻུརྦཙསཱཾསུདྷཱཡཧྲྀདཡྻ་ཧརྵེ། ཉི་ཟླའི་རྒྱུ་བ་སྒྲ་གཅན་ཏུ་ཐིམ་པའི་སྟོབས་ཀྱིས་འཕོ་བ་འགག་པས་བརྗོད་པ་ཇི་སྙེད་པ་ལ་དབང་བསྒྱུར་བའི་ཚིག་གི་བདུད་རྩིས་སྙིང་ག་རངས་པ་བོད་ཆེན་པོའི་ལྗོངས་ཀྱི་སྨྲ་བ་རྣམས་ཀྱི་ཁྱུ་མཆོག་ལ། གུ་སམུདྲཀིཉྩིཙྪུཏདརིདྲཱདྲྀཧིབྷིཿ སནཡཿ ཡཱབདྡྷབེཥུསཽཁཱསྟི། ཏེ྅བྷབཱམཧིསདྡྷརྨཱཏྲ། ཡབཏྦྷབྷཡཱཤྩདུཿཁསྟེ། སརྦེ྅ཀུརྦནྟནནྱཱཡིཿ


LT37_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཐོས་པའི་ད་རི་པྲཱ་ཡོན་ཏན་རྒྱ་མཚོས་གུས་པས་ཞུ་བ། །སྲིད་ན་བདེ་བ་ཇི་ཡོད་པ། །དེ་ཀུན་དམ་པའི་ཆོས་ལས་བྱུང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་ཚུལ་མིན་སྤྱོད་ལས་སོ། ཡེཥྭཱགམཱབྫསཾཕུལླ། ཏེཥུབུདྡྷམདྷུདྡྷེནུཿ ཨབཱིཏིབྷྲམརེབཾ། ཛནཏབཤབསྟུལྱཾཿ རཱཛྱཤསྟྲབིདྷིབྷྱཾཱདྷྲྀ། གཱགམཱར།།།ཥི་གང་ན་ལུང་གི་པད་ཚལ་རྒྱས། །དེ་ན་རྟོགས་པའི་སྦྲང་རྩི་འབོ། །བུང་བས་བཞིན་ཏུ་མི་འཐུང་བ། །སྐྱེ་བོ་དེ་ནི་ཕྱུགས་དང་མཚུངས། །རྒྱལ་སྲིད་ཁྲིམས་ཀྱི་ཆོ་གས་ཏེ། །ལུང་ནི་འཆད་དང་རྩོམ་ཧྱེ། ཏེ྅པིབྷཱུམིཔཏིརྦུ།།།ནུགཏཾཛནྟུཤིཀྵཱཡཱཿ བཧུཤྲུཏཱ་ནི་ཙཔྲཛྙ། བཱིརྻཱེབིནྡཱཡཙྪེཏྶྱཏ། ཤིཀྵཱཡཻབྲྀཏཡུཔཱབྷྱཱ། པས་འཛིན། །དེ་ཡང་ས་བདག་བློ་གྲོས་དང་། །གང་ཟག་བསླབ་པའི་རྗེས་སུ་ཞུགས། །མང་དུ་ཐོས་དང་ཤེས་རབ་དང་། །བརྩོན་པས་མ་བཟུང་གལ་ཏེ་ན། །བསླབ་ལ་གུས་པའི་མཆོད་སྡོང་དག་མསྷྱསྱཔཱུརྞ།།།གརྦྷེ། སུདྷོཏཏཔསཻནྡྲིཡ། པརོ྅ཀྵཱཧིཔརོ྅ཀྵཱཱཾ། ཏིབིཏྟཥུདྡྷམཏྱབྷིཿ ཤྲུཏཱནསྟཱིཏྱནཙྪཱམྲྀཀྲ། ནིརྨྨཱདནཀ


LT37_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་སྙིང་པོས་ལྕི་བ་མིན། །ཤིན་ཏུ་སྦྱངས་པའི་དཀའ་ཐུབ་ཀྱིས། །མངོན་ལྐོག་དང་ནི་ཤིན་ལྐོག་གི། དཔྱད་གསུམ་དག་པ་བློ་ཡི་ཆུས། །རྙོག་པ་མ་བགྲུང་མེད་ཅེས་ཐོས། །བྱི་དོར་བྱས་པའི་བཻཌཱུརྻ།།། །ཡཏྣཾཀྲྀཏྭཱཛནུཾཔཱལུ། གུ་སཾ་པཱུ།།།ཏཱབིདྭ། དྡྷིརནྱཱཡཏུསཱ།།།ཉྫྫ། ཡཐཱཔགཏཡོཤྩེཏཾ། དཀྵཱིབཱཡུནཱཏུཤྱྚིིཿབཻ་ཌཱུརྻ། །འབད་ནས་འཁྲུངས་པ་ས་ལུ་སྟེ། །ཡོན་ཏན་ཡོངས་རྫོགས་མཁས་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་ཉིད། །ཇི་ལྟར་བྲལ་བ་རྣམས་ཀྱི་ཡིད། །ལྷོ་ཡི་རླུང་གིས་དགའ་ ཧཐཱགཐཱབྷིརནྭ་རྞཱ པྱ།།།ཏེབཾབུདྷཤྩཀྲེ། རཱུབྷེདམནདྲཱཀྵཱི། ཧྨཡཱུརམཏྟགྷོཥེ། སྱཱཏྶདཱཾཔྲཀྲྀཏཤྲུཏཱ། བསྐྱེད་པ། །དེ་ལྟར་གཏམ་གྱིས་དོན་མཐུན་ཡང་། །བསླང་བ་བཞིན་ཏུ་སད་པར་བྱས། །གཟུགས་ཀྱི་བྱེ་བྲག་མ་མཐོང་ཡང་། །རྨ་བྱ་སྒྲ་ཡིས་མྱོས་ལགས་ན། །དམ་པའི་རང་བཞིན་ཐོས་པ་ཡི། དཀབྷྲྀཤཱཡཏེསྣེཧཿ མཱུཌྷཱབྷྱཱཾདྲབཾཾགོཔྟ། །བྷཱུཏིབྷིཿསུཏགོཔྟཱརཿ བིདྭཱཀྵིཀྵཱབྷྱཡཱབརེ། ཤྴཱསནསྭམནོགོབྟཱ།


LT37_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བ་མཆོག་ཏུ་ཅིས་མི་འགྱུར། །རྨོངས་པ་དག་ནི་ནོར་སྲུང་སྟེ། །འབྱོར་ལྡན་རྣམས་ཀྱིས་ཁྱེའུ་སྲུང་། །མཁས་རྣམས་བསླབ་ལ་རབ་གུས་པས། །བསྟན་དང་རང་སེམས་པྲཱཀཱརེཤཱསནཱཤྴཾབྷྭ། ནཏིཀྲམམ་ནཱིཥིབྷྱཾཱ། པྲྀཥཱཱཾབྷགནདྭཡྻཽ། བོདྷིཙཱཡ་སཾསྟབྱཿ ཏསྨཱཡཏྲལཔཾསཱནྟ་སྲུང་བར་བྱེད། །བདེ་འབྱུང་བསྟན་པའི་ར་བ་ན། །གཟུར་གནས་རྣམས་ནི་འདའ་མིན་པས། །སྲིད་ཀྱི་གྲས་ཁ་གཅིག་པ་དག །བྱང་ཆུབ་སྤྱོད་ལ་མཛའ་བར་ཟད། །དེ་ཕྱིར་འདི་ནི་སྙན་པའི་མཆིད། པྲཐམོཏཱལིཀཱཡཻརྤྲྀཏྲ། པཤྩིམཱབྷེདྷདྷརྨཱཱཾ། མུ་དྲེབྱཀྲྀཥྚྚི་ཀུ།།།ཏྲ། ཡཐཱལོཀེཥུནཱགཱནཱཾབྷོགོྀགྲིཧྱསྟམྦཀམཉྫརིཕལཱཿཔྲསྥུརཻཉྫནྻཱུ། །དང་པོར་ཐུགས་ལ་གཅག་ཕྱིར་ཏེ། །སླད་ནས་ཆོས་ཀྱིས་མི་ཕྱེད་པའི། །ཕྱག་རྒྱས་ཀུན་ཏུ་བཏབ་པར་མཛོད། །ཇི་ལྟར་འཇིག་རྟེན་ན་ཀླུ་དག་གི་ལུས་ཀྱིས་བཟུང་བས་ལྗོང་པ་དང་། སྙེ་མ་དང་། འབྲས་ ནབརིབུཥྚ ཏཐཱམཧེཤབཱིབུདྡྷབྷགབཱནྲཔྲསཱདེརྡྷརྨབྲྀཥྚིསཾབེཤེཿ སཾབཐཱཾབྷཱུཏིཔུཥྐལཽཙ། །


LT37_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རབ་ཏུ་རྒྱས་པས་སྲོག་ཆགས་ཡོངས་སུ་འཚོ་བ་དེ་བཞིན་ཏུ། །དབང་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་དྲིན་ཆེན་པོས་ཆོས་ཀྱི་ཆར་པ་ཕབ་པས། ཡང་དག་པའི་ལམ་གྱི་ཀལྱཱཾམིཏྲབཧིཤྲུཏཻཿ ཤིཀྵཱཡཻཀྲྀཏཻཿ ཨཱམིཥཱབྷིསནྟུཥྚཻརྦཧེཥུསནྡིཤྲིཏཱནཱཾཤཀྟིཏཱཡཱཾཤྲཡཧོ། བ།།།མཱནཏུ འབྱོར་པ་རྒྱས་པ་དག་ཀྱང་། དགེ་བའི་བཤེས་གཉེན་མང་དུ་ཐོས་པ། བསླབ་པ་ལ་གོམས་ཤིང་ཟང་ཟིང་གིས་ཆོག་ཤེས་པས་ནགས་སུ་གནས་པ་དག་གི་མཐུ་ཁོ་ན་ལ་བསྟེན་པ་ལགས་ཀྱི། ད་ལྟ་ནི་སྦྱིན་པ་དང་དཱནཤཱིལཱནཀྲྀཏཛནྟུབིརྨརཱིཙིབདཱཀཱིརྞ།།།མབྷབནྲ། ཀིཉྩིདྡྷཱིབནཱིཙནཱིཔེཥྭཊཱཌྱཱཡཿ སཱརྛབདབེགཻཿ ཚུལ་ཁྲིམས་ལ་མ་གོམས་པའི་སྐྱེ་བོ་རྣམས་ཀྱིས་སྨིག་རྒྱུ་ལྟར་ཟང་ཟིང་གྱུར་པས། ཅུང་ཟད་བློ་དང་ལྡན་པ་དག་ཀྱང་དགོན་དུང་ན་འཁྱམས་པའི་མགྲོན་པོ་ལྟར་ཤུགས་མེད་པར། ཧེསཁཱཡཽ ཨདྷརྨེམཽཏུཧོ། ཨཤཱསྟཱཤཱསནེམཽཏུཧོཨི།།།རྡིཥྚཱནྱཔི། བཤབཿཔརིདེབཱནཱཾཔྲཏིཤྲུཏྲཱབདནིསྲརཀཱརྻཻཿམེ་རོཿཔ་རི


LT37_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་གྲོག་དག །འདི་ནི་ཆོས་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ཞེས་སྨྲེང་བ་ན་ཡང་། ཕྱུགས་སྨྲེང་བའི་བྲག་ཆ་ལྟར་འབྲས་བུ་འབྱིན་པར་མི་ནུས་པས། རི་ཡི་ཁོངས་ན་སམནྟཀེསནྡྷརྨཱཧསྐརེབཀཱཤཾཀྲྀཏྲསོབ།།།མུཀུཊདྷརསྱདྭིཏཱིཡཛིནསྱ ཤྲབནཱནཱཾཨཉྫསཱཤྲུཏདྷྲྀཏཿ པརམཏུཏྭམིཏིསྟུཏཱིརྠབཱནཽ། དམ་པའི་ཆོས་ཉི་མ་ལྟར་སྣང་བར་མཛད་པ་གསེར་མདོག་ཅོད་པན་འཆང་བའི་རྒྱལ་བ་གཉིས་པའི་ཉན་ཐོས་རྣམས་ཀྱི་ནང་ནས། །ཐོས་པ་འཛིན་པའི་མཆོག་ནི་ཁྱོད་ཁོ་ནའོ། །ཞེས་བསྔགས་པ་དོན་དང་ནིཤྩཡཻཿ ཨཱཏྨཀཱནཱིཤཱསྟཱཤཱཀྱམུནིནཱསུབྷཱཥིཏབིནཡདྷརྨཱདིགམྦྷཱིརཤྩ། བིཔུལཱནིསྥུཊཾཀྲྀཏྭཱ། ཨཱཙིཧྞདྷརིསྱཱདྷྭསྨིནཔིཤཱསནཀྲྀཏ་ཡུག ལྡན་པར་ངེས་པས་རང་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་སོགས་ཟབ་པ་དང་རྒྱ་ཆེ་རྣམས་རྒྱས་པར་མཛད་ནས། རྟགས་ཙམ་འཛིན་པའི་དུས་འདིར་ཡང་བསྟན་ པྲཏྱཀྵམཱཀརྵཡཀདེཧྱཔི་བ།།།ཀཱནཱམསཾབཏྶརེ། པྲཽཥྟཔདམསེསིཏཱཔཀྵེདཤཏིཐཽཤུབྷཾ། ལེཁཱབྷྱཿདྲྀཥྚིཤྲཡཾཔཊམསྟི། ཤུ་བྷཾ། པའི་རྫོགས་ལྡན་


LT37_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་འདྲེན་པ་ཅི་གནང་། ཀུསཱལིཀརྨཝཱགཱིཤྭརེདཏྟུཾ། ཤུབྷཾ།། ༈ །།ཨ་མཆོག་དགེ་བཤེས་གསུང་ལན། །མི་མཉམ་མཉམ་པ་མེད་པའི་བྱང་ཆུབ་སེམས། །འཇིག་རྟེན་གསུམ་ན་གྲགས་པའི་བ་དན་ཅན། །དགེ་བའི་རྒྱ་མཚོ་དུས་ཀྱིས་མི་འཛད་པ། །གཏེར་ཆེན་དེ་ཡིས་སྐྱེ་དགུ་སྲུང་གྱུར་ཅིག །བློ་གསལ་མཁས་པའི་རྨ་བྱ་གར་བགྱིད་པ། །ལུང་རྟོགས་སྤྲིན་གྱི་རོལ་མོ་བརྡུངས་པའི་དཔལ། །བསླབ་དང་གྲོལ་བའི་གདེངས་ཀ་ལ་ཆགས་པས། །ཕན་བདེའི་ཆུ་བོའི་འཇུག་ངོགས་གྱུར་པ་དེར། །ཕྱག་བཅས་ཞུ་གསོལ། །མཁས་པའི་དཔལ་ཏེ་ཆོས་ཀྱི་དེ་ཉིད་གཟིགས། །བཙུན་པའི་མཐར་ཐུག་ལས་ལ་ངེས་པར་འཁྲུངས། །བཟང་པོ་བླ་ན་མེད་པ་རང་རྒྱུད་ཀྱི། །ཉོན་མོངས་ཕྲུ་མ་བསྙིལ་བ་དགེ་བའི་བཤེས། །མང་ཐོས་ནོར་བུའི་ཁྲི་ལ་རིན་ཆེན་གྱི། །རྐང་གདུབ་སྦྱིན་སོགས་རྫོགས་པའི་ཞབས་བཀོད་པས། །གྲགས་ལྡན་གཙུག་གིས་ཤིན་ཏུ་བཏུད་གྱུར་པ། །ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་འཛིན་པ་དང་། །སྐལ་ལྡན་ཡི་གར་འབྱོར་པ་ཆོས་ཀྱི་སྨན། །ལྟ་བའི་ཟུག་རྔུ་བཅིལ་ལ་ངེས་དོན་གྱི། །ལམ་མཚུངས་ཤེས་བྱའི་ཁོང་ན་གཞན་མེད་པ། །ཐེག་མཆོག་བསྟན་པའི་སྟོན་པར་བཞུགས་པ་ནས། །ཐོས་པའི་ལམ་དུ་དང་པོར་འོང་བ་ཡི། །དཔྱིད་ཀྱི་ཕོ་ཉས་ཆར་ཡང་མི་མཚོན་པ། །ཚིག་གི་གླིང་བུ་དོན་གྱི་འགྱུར་ཁུག་ཅན། །བསམ་གཏན་


LT37_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྲངས་ས་ཡི་དཔལ་དུ་ཐོབ། །འདུ་ཤེས་གསུམ་དཀྲིས་ཟག་པའི་ཕུང་པོ་ཡིས། །ཉོན་མོངས་ལོངས་སུ་སྤྱོད་པ་གཟུགས་བརྙན་གྱི། །མར་མེ་བདག་ཀྱང་དགོན་པའི་རྩྭ་བཞིན་ཏུ། །འབྱུང་འཁྲུགས་ལས་ཀྱི་བསེར་བུས་གཙུབ་པར་མཆིས། མཚམས་ཞུ། ཇི་ཕེབས་རྣམས་རང་ཉིད་སྐྱེས་བུ་དམ་པར་མཚོན་ཞིང་། གཞན་ལ་དགེ་བའི་བཤེས་ཀྱི་བྱ་བ་མཛད་པའི་བདུད་རྩིའི་རླབས་ཕྲེང་མྱོང་བར་འོས་པ་ལགས་མོད། །སྤྱིར་དུས་ཀྱི་དབང་གིས་རྣམ་དཀར་གྱི་བྱ་བ་ཆེ་ཕྲ་གང་ལའང་འགལ་རྐྱེན་མང་ཞིང་མཐུན་རྐྱེན་ཉུང་ཤས་སུ་གྱུར་པ་དང་། ལྷག་པར་ཕྲན་བུ་ནི་བླུན་ཞིང་མ་སྦྱངས་པའི་ངང་ཚུལ་ཅན། རིག་པའི་ཆ་ཤས་ཕྲ་མོ་ཙམ་ལ་མོས་པ་ཁོ་ན་ལྷུར་བགྱིད་པའང་སྙིགས་དུས་ཀྱི་མཁས་དང་གྲུབ་པར་གྲགས་པའི་གཟུགས་བརྙན་སྤྱི་འགྲེ་དེ་ཙམ་ལས་གནའ་བོའི་དུས་ལྟར་གནད་དུ་ཕིག་པའི་རྣམ་དཔྱོད་ཀྱི་སྟངས་ཞན་པས་ལེགས་བཤད་གསར་དུ་སྤྲོ་བ་སོགས་རྔོ་མི་ཐོགས་པ་མ་ཟད། ཚོགས་ཤིང་དུས་ལ་བབ་པའི་ལས་ཀྱི་འབྲས་བུས་རིང་པོར་འཚོ་བའི་མཚན་མ་དང་ཡང་བྲལ་ཞིང་ཉེས་གསུམ་འཁྲུགས་པས་རྒྱུན་གཙོར་ནད་བུ་ཅན་ཏུ་ལགས་པས་དོན་དམ་གྱི་གནས་ལ་ངེས་པ་ཅུང་ཟད་རྙེད་དུ་རེ་བ་ལས་ཟང་ཟིང་རྣམ་གཡེངས་སྣང་ཤས་ཕྲ་རགས་རྩྭ་ལྟར་འདོར་བ་ལ་ཡི་དམ་དུ་


LT37_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མོད་ཀྱི། དལ་རྟེན་འདི་ཉིད་རྐྱེན་ལས་རྒྱལ་ཏེ་རེ་ཞིག་འཚོ་བ་དགེ་བ་སྐྱབས་གསུམ་ཐུགས་རྗེས་བྱུང་སྲིད་ཚེ་དམ་པའི་བཀའ་གཅོག་ཏུ་མི་རུང་བས་རང་གི་ནུས་པས་གང་ལྕོག་བསྒྲུབ་འདུན་རྟེན་འབྲེལ་ཞུ་བ་ལགས་ཤིང་། པྲ་དང་ཧྲ་ལྟ་བུའི་ར་ཡིག་བརྩེགས་པའི་སྔོན་མ་སྐབས་འགར་མི་ལྕི་བའི་སྒྲོས་རྒྱ་འགྲེལ་ཆེན་པོ་རྣམས་སུ་བཞུགས་འདུག་པ། རྒྱ་གཞུང་རྣམས་ལ་དེ་འདྲ་བྱུང་ཚེ་ཡོན་ཏན་ལས་སྐྱོན་མིན་པའི་མཆོག་གི་སྦྱོར་བའི་རྗེས་འབྲངས་ཀྱི་རྣམ་གྲངས་ཡིན་པར་རྟོགས་པའི་ལུང་ཁུངས་སྦྱོར་རྒྱུ་ཙམ་ལས། ད་ལྟའི་སྒྲ་གཞུང་རྣམས་སུ་དེ་ལྟའི་ཆོ་གའི་ཁུངས་མེད་པས་དེ་འདྲའི་སྔ་མ་སྤྱིར་བཏང་ལྕི་བའི་གྲངས་ལས་ཡང་བར་བརྩི་སྲོལ་མེད་འདུག་ལགས། ཆོས་ཀྱི་སྡོང་པོ་མཆོག་གི་གསེར་ཞལ་ཡང་རིང་མིན་མཇལ་འདུན་ཅི་ནས་ཞུ་སྤྲོ། སླད་ཀྱི་དུས་ན་འཁོར་མཚོ་སྒྲོལ་བ་ཡི། །སྙིང་སྟོབས་དཔག་པར་དཀའ་བའི་གཞན་དབང་བཅས། །དབུ་མའི་རིག་པས་རྡོ་རྗེའི་སྲོག་གྲུབ་སྟེ། །དཀོན་མཆོག་དགྱེས་པའི་གཉེན་ཏུ་ཡུན་བརྟན་གསོལ། །གང་གི་མཁྱེན་རྟོགས་ནུས་པའི་རྩལ་ངོམས་ནས། །བསྟན་དང་འགྲོ་བའི་སྲོག་ཟུང་བག་བརྐྱང་བ། །ཆབ་ཀྱིས་བྲན་བ་པདྨའི་དགའ་ཚལ་བཞིན། །ལུས་ཅན་ཀུན་དགའི་རྫོགས་ལྡན་སྤེལ་བར་མཛོད། །འདིར་ཡང་བྱང་ཆུབ་བར་དུ་ཆོས་མཐུན་གྱི། །མཛའ་


LT37_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ལྷོད་ཡེ་ཤེས་གཟིགས་པའི་སྤྱན། །དཀྱུས་རིང་རོལ་པས་ཡུན་ཏུ་བཙའ་བ་ཡི། །ཐུགས་རྗེའི་འཇུག་པ་ཅི་ཡང་སྩོལ་ཅིག་གུ །ཞེས་ཞུ་ཡིག་གཟིགས་རྟེན་ལྷ་རྫས་བཅས་དཔལ་སྤུངས་ཀྱི་གདན་ས་ནས་ཕྲན་སྤྲུལ་མིང་ཡོན་ཏན་རྒྱ་མཚོས་གུས་པས་ཕུལ།། ༈ །།ཞི་བའི་གཟིགས་པས་འཁོར་བ་པ། །ལྟ་བ་ངན་པའི་འཇིགས་ལས་སྲུང་། །རྣམ་དག་ཕུང་པོ་གསུམ་མཐར་ཕྱིན། །དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །ཚོགས་གཉིས་ཆུ་གཏེར་ཆེ་ལས་ལེགས་འཁྲུངས་ཤིང་། །བདེན་གཉིས་དམ་ཆོས་འོད་ཀྱི་དྲ་བ་འགྱེད། །སྐུ་གཉིས་ཆ་ཤས་རྫོགས་ལ་ཕྱོགས་པ་ཡི། །དོན་གཉིས་པད་ཚལ་བཞད་དེའི་ཞབས་དྲུང་དུ། །ལུགས་གཉིས་འབྱོར་པ་པད་རྩ་ལྟར་ཕྲ་ཡང་། །ལུང་རྟོགས་བསྟན་པ་སྙིང་ལ་རབ་བཞག་སྟེ། །དགེ་


LT37_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གསོབ་ཏུ་ཞུགས་པའི་རྒྱལ་ཁམས་པས། །དད་གསུམ་ལས་སྐྱེས་ཞུ་བའི་མཆིད་འདི་ཕུལ། །ཚེ་རབས་དུ་མར་རྒྱལ་དང་རྒྱལ་སྲས་ལ། །མཉེས་པ་བསྒྲུབས་པས་སྐུ་ཚེ་འདི་ཉིད་དུ། །བསླབ་གསུམ་རྣམ་དག་ཕུང་པོ་མཐར་སོན་ཅིང་། །ཐོས་སོགས་འཕགས་ནོར་ཤིན་ཏུ་ཕྱུག་ཅེས་ཐོས། །རྒྱལ་བས་ལུང་བསྟན་འཕགས་པ་ཡབ་སྲས་ཀྱི། །བཞེད་གཞུང་རྒྱལ་བ་གཉིས་པས་གང་བཀྲལ་ང་། །དབུ་མའི་ལྟ་ལ་ལུང་རིག་དཔྱད་པ་ཡང་། །ཁྱོད་འདྲ་རྫོགས་པའི་དོ་ཟླས་དབེན་པ་སྙམ། །གཟུགས་སོགས་དེ་བཞིན་ཉིད་ལ་རབ་ཞུགས་པས། །ཆོས་ཀུན་རོ་མཉམ་གཟིགས་པའི་ཆོས་ཀྱི་སྤྱན། །འཇམ་དཔལ་དཔའ་བོའི་མཁྱེན་པར་ཅོ་འདྲི་བས། །བསྟན་པ་ཐམས་ཅད་འགལ་མེད་གཟིགས་པ་དང་། །ལྷག་པར་དམ་པའི་ཆོས་དང་སེམས་ཅན་དོན། །ཕྲ་མོའི་ཕྱིར་ཡང་སྲོག་ལུས་འདོར་ཕོད་པའི། །རྒྱལ་སྲས་མཛད་པ་དཔག་པར་དཀའ་བ་དེ། །བདེ་བླག་ཉིད་དུ་ཁུར་དུ་བསྣམས་པར་གྲགས། །རིག་པའི་གནས་དང་ཟབ་རྒྱས་ཆོས་ཚུལ་གྱིས། །སྐལ་བཟང་ཡིད་དགའ་སྟེར་བའི་སྐྱེད་ཚལ་ནས། །ཆ་ཤས་ཡིས་ཀྱང་རང་བཞིན་མཚོན་པ་ཡི། །གསུང་གི་མེ་ཏོག་སྤྱི་བོའི་རྒྱན་ཏུ་ལྷུང་། །དེ་ཚེ་ལྷོ་ཡི་རླུང་གིས་སྐྱེ་བོ་དང་། །པདྨའི་དྲི་ཡིས་བུང་བ་དགའ་སྐྱེད་ལྟར། །དམ་པའི་དྲི་ཡིས་བདག་ཡིད་


LT37_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་དྲུག་པ། །སྔར་མེད་དགའ་བའི་ཅ་ཅོས་བྲེལ་བར་བྱས། །ཁོ་བོ་དམ་པའི་ངང་ཚུལ་མི་ལྡན་ཞིང་། །རིག་གནས་གཞུང་ལུགས་ཀུན་ལ་བག་ཆགས་ཙམ། །བཞག་ཀྱང་རིག་པ་གླེགས་བམ་ནང་གནས་པས། །མཁས་པའི་མདུན་སར་སྤོབས་པའི་གཟེངས་དམན་ཀྱང་། །རྒྱལ་བའི་བསྟན་ལ་དཔྱད་བཟོད་ཤེས་རབ་ཀྱི། །ཆ་ཤས་ཐོབ་པས་རིས་བྲལ་བསྟན་པ་དང་། །བསྟན་འཛིན་ཀུན་ལ་ཤིན་ཏུ་གུས་པ་ཡིས། །ཐོས་བསམ་སྒྲུབ་ལ་ཅི་ནུས་བརྩོན་པ་ལགས། མཚམས་ཞུས། །འགྲོ་འདིའི་བདེ་སྐྱིད་རྒྱལ་བའི་བསྟན་ལ་རགས། །དེ་ནི་གང་ཟག་རྒྱུད་ལ་གནས་པས་ན། །ལུང་རྟོགས་ནོར་བུའི་ཕུང་པོ་ཁྱོད་ཀྱི་སྐུ། །ཉེ་ཞོའི་དྲི་མས་ནམ་ཡང་མ་གོས་པར། །ཐུབ་བསྟན་ཁང་བཟང་མཛེས་པའི་རྒྱན་གཅིག་པུར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་བཀོད་དེ། །གདུལ་བྱའི་ཁམས་དང་དབང་པོར་འཚམས་པའི་ཆོས། །འདོད་རྒུའི་སྦྲང་ཆར་ཟད་མི་ཤེས་པ་ཕོབ། །དུས་ཀྱིས་བསླད་པས་བཤེས་གཉེན་ཚད་ལྡན་དཀོན། །བསྟན་འཛིན་དག་ཀྱང་གཞན་གྱིས་བཀུར་བ་ཉུང་། །རྙེད་པས་གཡེངས་རྣམས་བསྟན་ལ་སེམས་ཁྲལ་ཆུང་། །ལྟར་སྣང་གྲུབ་མཐས་ཆོས་སྤངས་འཁྲུགས་ལོང་བསྐྱེད། །མང་དུ་གསན་ལ་མང་དུ་གསོལ་བས་ཅི། །གཟུགས་


LT37_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཆོས་ཀྱང་ནུབ་རིར་ཕྱོགས་པ་ལ། །སྙིང་སྟོབས་ཆེན་པོས་ལྷག་པར་གོ་བགོས་ཏེ། །རིས་མེད་རྒྱལ་བསྟན་ཡུན་རིང་སྐྱོང་བར་འཚལ། །རིས་སུ་མ་ལྷུང་ཆོས་ཀྱི་སྤྱན་ལྡན་པ། །གང་ན་མཆིས་ཀྱང་བདག་གི་མགོན་ཡིན་པས། །ཁྱོད་ཀྱིས་འདི་དང་གཏན་ཏུ་མགོན་མཛོད་ལ། །གསུང་གསང་བདུད་རྩིའི་དགའ་སྟོན་ལྷུག་པར་སྩོལ། །ཞེས་པའི་ཞུ་ཡིག་གཟིགས་མཚོན་ལྷ་རེག་བཅས་དཔལ་སྤུངས་རི་ཁྲོད་ནས་འདུ་གསུམ་པ་ཀོང་སྤྲུལ་མིང་གིས་གུས་ཕུལ། ཧོར་དགོན་སར་ཆོས་རྗེ་ལ་ཕུལ་བའོ།། ༈ །།ནང་ཆེན་རྒྱལ་སྲས་སྤྲུལ་སྐུ་དལ་བདེ་ལ་ཕུལ་བ། །ཤེས་བྱའི་ཕ་མཐའ་ནམ་མཁའ་ཡངས་པའི་རྒྱ། །མཁྱེན་གཉིས་ཉི་ཟླ་འབར་བའི་འོད་སྟོང་གིས། །སྣང་བའི་གོ་སྐབས་གཅིག་ཏུ་སྔོན་བྱད་པ། །རྒྱལ་སྲས་བསྟན་འགྲོའི་མགོན་པོ་ག་ལ་བར། །བློ་གྲོས་འདབ་མ་ཕྱོགས་སུ་རྒྱས་མིན་ཀྱང་། །ལྷག་བསམ་རྩེ་བ་དཀར་བའི་ཀུ་མུ་དའི། །དད་པའི་མགོ་ལྕོག་ཕྱོགས་དེར་ལྡེམ་ནས་ཀྱང་། །སྦྲང་རྩི་ལྟ་བུར་སྙན་པའི་ངག་འདི་འབུལ། །གང་ཁྱོད་གདོད་ནས་གཉིས་ཆོས་མ་ལུས་པར། །མི་ཕྱེད་ཕྱག་རྒྱས་བཏབ་པའི་རིགས་ཀུན་གྱི། །འཁོར་ལོས་སྒྱུར་བ་མཆོག་གི་རྒྱལ་ཐབས་པར། །སྤྱི་རླུགས་དབང་བསྐུར་ངོ་བོ་ཉིད་ཀྱིས་བྱིན། །དེ་ལྟ་ན་ཡང་ཤིང་དང་གཏེར་


LT37_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་དང་། །ནོར་ལས་འདོད་པ་འབད་མེད་འཇོ་བ་བཞིན། །སྨོན་ལམ་དང་ནི་སྙིང་རྗེའི་གཞན་དབང་ལས། །ད་དུང་རྒྱལ་སྲས་གཞོན་ནུའི་རྣམ་ཐར་བཟུང་། །ཚོགས་གསུམ་གསེར་གྱི་བྱེ་མ་འདྲེན་པ་ཡི། །ཐོས་བརྩོན་ཤེས་རབ་དག་པ་གངྒཱའི་ཆུས། །འགྲོ་ཁམས་ཉེས་པ་དྲུག་ཁྲི་སྐད་ཅིག་ལ། །བཀྲུ་བའི་ཆོ་ག་མེས་པོས་བྱིན་ལགས་གྲང་། །དགེ་ཆོས་མ་ལུས་སྡུད་པའི་ངང་ཚུལ་ནི། །བྱང་ཆུབ་སེམས་དཔའི་གསང་བ་ཟབ་མོ་སྟེ། །ཆུ་བཞི་སྡུད་པ་རིན་ཆེན་མཛོད་དེ་ཡང་། །འགྱུར་མེད་རྟ་གདོང་ཞུགས་ཀྱིས་ཇི་ལྟར་བསུབ། །དབྱངས་གཅིག་ལ་ཡང་ཉམས་འགྱུར་འབུམ་ཕྲག་གི། སྒེག་པ་འཆང་བ་དག་གི་འཕང་འགྲོ་ནི། །མ་བསྐུལ་བར་ཡང་ཙངས་སྲས་རང་ཉིད་ཀྱིས། །མགྲིན་པའི་བ་གམ་དག་ནས་ལེགས་པར་བརྡུང་། །སྐྱེས་ཐོབ་མཐོ་རིས་དགའ་ཚལ་ཡངས་པ་ན། །རྣམ་དཔྱོད་མེ་ཏོག་ཕྲ་མོའི་འཛུམ་རླབས་ཀྱིས། །བཅུ་ཕྲག་རིག་པར་རློམས་པའི་ཆུ་སྐྱེས་གཞན། །རང་དབང་མེད་པར་བེམ་པོའི་བརྟུལ་ཞུགས་འཆང་། །གང་གི་ལུང་དང་རིག་པའི་ཐོག་འཕེན་པ། །དེ་ཡི་གཏན་ཚིག་ཤུགས་ནི་དབང་པོས་ཀྱང་། །བཟློག་པར་དཀའ་བའི་སྤོབ་པ་མི་བསྙེངས་པས། །ཆོས་གྲགས་ཞི་བའི་དབྱིངས་སུ་མནལ་གྱི་དོགས། །དོན་ཀུན་གྲུབ་


LT37_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱལ་པོའི་ཁབ་དག་ཏུ། །སྣང་ནས་ཤཀྱའི་དབང་པོ་རྒྱལ་བ་ལྟར། །མི་མཆོག་ཁྱོད་ཀྱི་མཚན་དཔེའི་སྐུ་སྣང་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་གསལ། །རྒྱལ་རིགས་དགོན་པར་གཤེགས་པ་རཱ་ཧུ་ལ། །རྒྱལ་བས་བསབ་ལ་གུས་པའི་མཆོག་བསྔགས་ལྟར། །རྒྱལ་སྲས་གཞོན་ནུ་ངུར་སྨྲིག་བླ་གོས་ཅན། །རྒྱལ་བའི་ཡབ་གྱུར་མིག་འཕྲུལ་སྟོན་མིན་ནམ། །རིས་མེད་བསྟན་པའི་ཁང་བཟང་ལ་ཆགས་ཀྱང་། །དོན་བརྒྱུད་སྤྲིན་སྒྲས་འབོད་པའི་རྒྱལ་མཚན་ནི། །སྲིད་རྩེའི་བླ་ན་བཏེགས་པའི་སྙིང་སྟོབས་ཀྱིས། །ནོར་བུའི་ཡུ་བ་མདོ་ཁམས་ལྗོངས་སུ་བརླིངས། །ཉི་མའི་སྣང་བས་བདའ་བའི་དཔལ་གྱི་གོས། །བུང་བ་དག་ལ་གཅིག་ཏུ་གཤིམ་པ་མིན། །གང་གི་བཀའ་དྲིན་གྱིས་ཁྱབ་དགེ་བཅུ་ཡི། །སྣང་བས་སྐྱེ་དགུ་མི་བདེ་མེད་པར་སྲུང་། །དབུལ་པོ་དག་ལ་ཆོག་ཤེས་སྐྱེ་སྲིད་ཀྱི། །ནོར་བུའི་འདོད་པའི་དཔལ་ནི་ཟད་མི་ཤེས། །ངག་གི་རྒྱན་ནི་ཐུང་ངུས་གཏུགས་པར་ཡང་། །གང་གི་ཡོན་ཏན་ལུས་མཆོག་ཟད་མི་ཤེས། །རྨོངས་བདག་ཟ་ཉལ་འཆག་པའི་འདུ་ཤེས་ཀྱི། །ཤ་ཚུགས་ལྡན་ཡང་བྱང་ཆུབ་སྤྱོད་པའི་ཁུར། །མི་ཐེག་དམ་པ་རྣམས་ཀྱི་གྲལ་མཐའ་ན། །འབད་ཀྱང་གནས་པ་ནོར་སྲུང་ཚུལ་དུ་བདོག །མཚམས་ཞུས། །གང་གི་བསྐལ་བ་རྒྱ་མཚོར་རྒྱལ་རྣམས་ཀྱི། །


LT37_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་སར་གཡར་དམ་མཛད་པ་གདུལ་དཀའ་བའི། །འགྲོ་རྣམས་སྒྲོལ་བའི་སྙིང་སྟོབས་དེ་ལགས་ན། །དེ་ནི་རྒྱུ་ཡི་སྟོབས་ལས་བརྙེས་པའི་ཕྱིར། །ཞི་བའི་སྒྲ་ཡིས་སྲིད་པའི་གཉིད་སློང་ཞིང་། །སྲིད་པ་ཡིས་ཀྱང་ཞི་བ་ཕྱོགས་གཅིག་པའི། །ནགས་ལས་བསྐུལ་བ་ཚད་མའི་སྐྱེས་མཆོག་ཁྱོད། །ད་དུང་སྲིད་པའི་གྲོང་ཁྱེར་ཉམ་ང་འདིར། །ཇི་ལྟར་པདྨའི་མཚོ་ལ་ངང་པ་མོ། །དགའ་བས་འཇུག་པ་དེ་ལྟར་སྙིང་བརྩེའི་རླབས། །འཐུང་བས་རྒྱས་པའི་བཞིན་གྱི་འཛུམ་ཕྱུང་ནས། །མ་འདྲིས་སྐྱེ་དགུ་མགྲོན་ཏུ་བསུ་བ་དང་། །ཤིན་ཏུ་ཟབ་པ་ཕྱིར་མི་ལྡོག་པའི་གཏམ། །ཉི་མའི་དཔལ་ལྟར་བྱེ་བ་ཆོས་ཀྱི་ཁྲིར། །རྒྱ་མཚོའི་རྡུལ་གྱི་བསྐལ་པ་ཇི་སྙེད་པ། །དེ་སྙེད་རྡོ་རྗེའི་སྐྱིལ་ཀྲུང་མི་གཡོ་བར། །རིགས་མཐུན་ཕྱིར་ན་མཐོ་བའི་སར་གནས་ཀྱང་། །དམའ་བ་ལ་ཆགས་ཉི་དང་པདྨོ་བཞིན། །དམན་པར་གནས་པ་ལ་ཡང་ཐུགས་བརྩེ་ཡིས། །པདྨ་རྒྱས་པའི་སྤྱན་གྱིས་བཙའ་བར་གསོལ། །ཞུ་ཡིག་གཟིགས་རྟེན་ལྷ་ཡི་རེག་བྱ་ཡི། །གོས་ཀྱིས་བཀླུབས་པའི་སྙན་ཚིག་མེ་ན་ཀཱ། །ལྷ་དབང་བཞིན་ཏུ་བརྗིད་པའི་མདུན་ས་ན། །གུས་པའི་ཉམས་འགྱུར་བརྒྱ་ཕྲག་བཅས་ཏེ་ཐེག །ཞེས་སྨྲོན་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོ་ལ་ཤར་དཔལ་སྤུངས་དགོན་གྱི་ཆོས་


LT37_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ཆེན་པོ་ནས་ད་རི་དྲཱ་ཡོན་ཏན་རྒྱ་མཚོ་ནས་ཕུལ།། ༈ །།སྦྱངས་ཡོན་བློ་གྲོས་ཟླ་ཚེས་གསར་པ་ནི། །སྐྱེས་ཐོབ་ཤེས་རབ་ཟབ་མོའི་ཆ་གང་བས། །ཕན་བདེའི་ཆུ་གཏེར་ངེས་པར་སྤེལ་ནུས་པའི། །མཆོག་སྤྲུལ་ཤར་གྱི་ཐིག་ལེ་ག་ལ་བར། །ཁྱོད་ཀྱི་སྔོན་གོམས་ཡོན་ཏན་ཚུལ། །རིང་ནས་ཐོས་པའི་སིམས་བྱེད་ཀྱིས། །དགའ་བའི་འདབ་བརྒྱ་རབ་གྲོལ་བའི། །ཀུ་མུད་གཞོན་ནུས་འདི་སྐད་མཆིད། །དེང་དུས་ཁྱོད་སྐུ་མཚན་དཔེའི་ལང་ཚོ་ནི། །ཉི་མ་འབུམ་གྱི་དཀྱིལ་འཁོར་ལས་བྱུང་ཞིང་། །མཛེས་སྡུག་བླ་གོས་གསར་པས་སྤྲས་པ་ཡང་། །མཚམས་སྤྲིན་དྭངས་པའི་དབུས་ནས་བླངས་བཞིན་གྱི། །གེགས་མེད་ངོ་མཚར་དུ་མ་ཡི། །རྩེ་དགའ་རྣལ་བར་དགོད་བཞིན་པར། །རགས་པ་ལས་འདས་ཕྲ་བའི་གཞུང་། །ངེས་དོན་བསྟན་སྲོལ་འཛིན་པ་དང་། །ཐུགས་ཀྱང་བསྟན་འགྲོའི་བསྒྲུབ་བྱ་ལ། །ལྷག་བསམ་པདྨའི་སྐུད་པ་ལས། །ཆེས་དཀར་ཡོན་ཏན་ཕྲིན་ལས་ཀྱི། །འཇུག་པའང་གཞན་དྲིང་མི་འཇོག་རྨད། །འདི་ན་རྒྱ་ཆེན་སྤྱོད་འདོད་ལྷག་བསམ་སྙིང་། །ཤེར་བརྩོན་དྲུང་དུའི་གཉིད་དུ་ཡུར་མོད་ཀྱི། །འདུ་ཤེས་གསུམ་གྱི་མལ་ན་ཉལ་མིན་བར། །སྒྱུ་མའི་ཟོ་བདོག་ཉིད་ཀྱང་བདེ་བར་མཆིས། །མཚམས་ཞུས། །སྙིགས་


LT37_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་འདིར་བསྟན་འགྲོར་སྨན་པའི་བློ། །འཛིན་གྱུར་ཉི་སྐར་ལྟར་དཀོན་དེ་ལས་ཀྱང་། །སྙིང་པོའི་ཟབ་གཏམ་སྨྲ་བ་དཀོན་པའི་ཕྱིར། །གང་ཁྱོད་མ་ཧཱ་བྷོ་ཊའི་དཔལ་དུ་བྱས། །དེ་ལྟ་ན་ཡང་རྡོ་ཐལ་གཞལ་མེད་ཁང་། །དགུང་ཟླའི་འོད་ཀྱི་ཐིགས་པས་བྲན་དེ་འགྲོགས། །དཀར་བའི་དགེ་མཚན་སླར་ཡང་ཟླ་མེད་ལྟར། །ལྷག་བསམ་རེག་བྱས་བྱི་དོར་ཅུང་ཟད་བགྱིད། །སྤྱིར་དུ་རྒྱལ་བསྟན་ཐ་དག་ཐར་པའི་ལམ། །ཁོ་ནར་འཆད་པ་མཐུན་མོང་ཀཾ་ཚང་གི། །ལྟ་བ་ཀུན་མཁྱེན་དོལ་པོའི་བཞེད་སྲོལ་དུ། །ཆུ་བོ་གཅིག་འདྲེས་གྱུར་པས་ཁྱད་པར་མཐུན། །སྙིང་པོའི་བསྟན་ཀུན་ངེས་པའི་དོན། །མཐར་ཐུག་ལགས་མོད་དྭགས་བརྒྱུད་དལ། །དོལ་པོ་ཡབ་སྲས་བཞེད་པའི་སྲོལ། །ལྷག་པར་ཟབ་པ་མཁྱེན་བཞིན་ཕྱིར། །ཟབ་བསྟན་འདི་དག་གི་ནི་རྒྱུ་མཆན་དག །མཁྱེན་ནས་འཛིན་སྐྱོང་སྤེལ་བས་བསྟན་འགྲོའི་དོན། །རླབས་ཆེན་སྒྲུབས་མཛོད་དེ་ཡི་སྔ་ལོགས་སུ། །བསྟན་པའི་གཞི་མ་སོ་ཐར་ཡིན་པས་ན། །དེ་ལ་བསླབ་དགོས་དེ་ཡང་གང་ཟག་ལ། །བརྟེན་ནས་སྡོམ་པ་སྐྱེ་ཕྱིར་བརྒྱུད་པ་ཡང་། །དག་གཙང་ཤཱཀྱ་ཤྲཱི་ནས་ད་ལྟའི་བར། །བསླད་མེད་མཁས་དང་གྲུབ་པ་རིམ་བྱོན་ལས། །བླངས་མཛོད་དེ་ཡང་རྒྱལ་དབང་ཀརྨ་པ། །ཡབ་སྲས་


LT37_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ད་ལྟ་བཙུན་པའི་ཕྱིར། །གང་རུང་མགུལ་བར་མཛེས་པའི་གསེར་རྒྱན་གྱིས། །སྤ་བས་བསླབ་གསུམ་གཉིས་འཐུང་འགྲན་མེད་འགྱུར། །གཞན་ཡང་འཆད་རྩོད་རྩོམ་པ་ཡི། །འདུལ་མངོན་མདོ་སྡེ་གསང་སྔགས་ཀྱི། །བསྟན་པ་གསལ་མཛོད་དེ་ཡི་རྒྱུ། །ཐོས་པ་ཕྱོགས་མེད་སྦྱང་བ་གཅེས། །སླད་མར་དགེ་ལེགས་སྐུ་མཚོ་གསེར་གྱི་རྡུལ། །འགྲོ་འདིའི་བསོད་ནམས་ཞུན་ཆུས་ལེགས་བསྡོམས་པས། །ངེས་དོན་བསྟན་པའི་རྡོ་རྗེའི་ཁང་བཟང་རུ། །མཆོད་སྡོང་ཉིད་དུ་བསྐལ་བརྒྱར་བསྟན་པ་ནས། །འདིར་ཡང་འཕྲོས་པར་འོས་པ་ཡི། །གསུང་ཚོགས་འདབ་མ་བརྒྱ་པའི་སྤྲིན། །མི་འཆད་ཛ་ཧྣུའི་བུ་མོ་བཞིན། །མཛའ་གཅུགས་ཕྱག་གིས་འཐོར་བར་གྱིས། །ཞེས་ཞུ་འདེགས་ལྷ་རྫས་རབ་དཀར་བཅས་དབོ་ཟླའི་ཡར་ཚེས་དགེ་བར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནས་སྤྲུལ་མིང་པ་ཀརྨ་ཐེག་མཆོག་ངེས་དོན་བསྟན་འཕེལ་གྱིས་ཕུལ། །སྙིང་པོའི་རིང་ལུགས་རྒྱ་མཚོར་གནས་བཅས་ཀྱང་། །ཤེར་བརྩོན་རྣམ་དཔྱོད་ཡངས་པའི་གཤོག་རླབས་ཀྱིས། །རིས་བྲལ་གཞུང་བརྒྱའི་མཁའ་མཐར་སྤྱོད་པ་ལ། །ངལ་མེད་མཁས་དབང་ངང་པའི་རྒྱལ་པོའི་དྲུང་། །དགའ་


LT37_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདུད་རྩིས་མྱོས་པའི་སྙིང་ཞིག་ནི། །བློ་གྲོས་ཤ་ཚུགས་བརྟས་པར་མ་གྱུར་ཀྱང་། །ཅུང་ཟད་སྦྱངས་པའི་ལང་ཚོ་བདོ་བ་ཡི། །མཁས་ཁྱོད་སིམ་པ་བསྐྱེད་ཕྱིར་འདི་སྐད་མཆིད། །རིང་ནས་ལེགས་བྱས་འོ་མཚོ་བསྲུབས་པ་ལས། །རྒྱལ་བསྟན་པད་ཚལ་ཕྱེ་བའི་མཁས་བཙུན་གྱི། །འོད་ཕྲེང་བརྒྱ་ཕྲག་འབར་བའི་ཉི་མ་ཞིག །སྐྱེ་དགུའི་བསོད་ནམས་མཁའ་ལ་དེང་འདིར་འཆར། །འཁྲིད་པ་མེད་པར་ལོག་པའི་ལམ་འཕྱན་ཞིང་། །མ་བཀུག་པར་ཡང་སྡུག་བསྔལ་དུ་མ་བདོ། །མ་བྲིས་ཉེས་བརྒྱའི་གཟུགས་བརྙན་འཆར་པ་ཡི། །སྙིགས་ལྔའི་སྣང་ཚུལ་མི་བཟད་བདོ་དུས་འདིར། །སྐྱེས་ཐོབ་ཀླུ་ཡི་དབང་པོས་ལེགས་བྱིན་ཞིང་། །མཁས་བཙུན་བཟང་པོའི་ཁ་དོག་འགྱུར་མེད་ཀྱིས། །བརླངས་སྤྱོད་རྙོགས་མ་བསྒྲུང་ནུས་མཁས་དབང་གི། ཀེ་ཏ་ཀ་ཞིག་མདོ་སྨད་ལྗོངས་སུ་བྱུང་། །བསླང་བར་བྱས་སོ་སུམ་རྩེན་རྔ་ཡི་སྒྲས། །ལེ་ལོའི་གཉིད་ལས་མིག་མི་འཛུམ་རྣམས་ཏེ། །ཟུབ་ཏུ་ཉེ་བ་ངེས་དོན་བསྟན་པ་ཡི། །མེ་རོ་མདོ་ཁམས་སྨད་དུ་ཁྱོད་ཀྱིས་སོ། །ཟབ་པར་ངེས་པ་ཕྱིར་མི་ལྡོག་པའི་གཏམ། །སེང་གེའི་སྒྲས་བསྒྲགས་རྟག་བརྟན་སྙིང་པོའི་ཚུལ། །འཆད་རྩོད་རྩོམ་ལ་བློ་གྲོས་ཐོགས་མེད་ཀྱི། །མཁས་ཁྱོད་ངོ་མཚར་ཀུན་


LT37_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངོ་མཚར་གྱུར། །འདི་ན་ཀུན་ངས་འཆིང་ལྡན་འདུ་གསུམ་པའང་། །ཉེ་ཚེའི་སྒྱུ་ལུས་བདེ་ཞིང་བསྟན་དང་འགྲོར། །ལྷག་བསམ་ལྡན་གྱི་འཇུག་པའི་སྟོབས་ཕྲ་བས། །མེ་ཏོག་རྣམས་ཀྱང་ཁྲེལ་ནས་དགོད་དམ་སྙམ། །མཚམས་ཞུས། །སླད་དུ་བསྐལ་བརྒྱར་མི་ཤིགས་རྡོ་རྗེ་བཞིན། །འཚོ་ཞིང་གཞེས་ནས་མཐར་ཐུག་ངེས་དོན་གྱི། །བསྟན་དང་འགྲོ་ལ་སྨན་པའི་ཁུར་ཆེན་པོ། །ངལ་མེད་དམ་བཅའ་བཅས་ཏེ་ཐོགས་པར་རིགས། །དེ་སྲིད་འཕྲོས་འོས་བརྩེ་བས་མི་བསྐྱུད་པ། །སྙིང་ནས་མོལ་ཞེས་ཞུ་མཆིད་བྱ་མ་ཏ། །ལྷ་རྫས་ཕྱག་རྟེན་བཅས་ཏེ་དཔལ་སྤུངས་ནས། །དབོ་ཟླའི་ཚེས་ལ་སྤྲུལ་མིང་གྱི་ན་པས། ཕུལ།། ༈ །།རྣམ་ཐར་བཞིར་འཇུག་གདོང་པ་དང་། །ངེས་དོན་ལྟ་བའི་རལ་ཀླུངས་འཐུག། བསླབ་གསུམ་ངང་པའི་བཞོན་པས་མཛེས། །འདྲེན་མཆོག་གསེར་མངལ་ཅན་དེའི་དྲུང་། །དེ་དེར་དགའ་བའི་ཡུལ་འཁོར་འཛིན། །བློ་གྲོས་ལུས་རྩལ་མ་རྫོགས་ཀྱང་། །སྙན་ཚིག་མགྲིན་པའི་རྫ་རྔ་ནི། །ཅི་དགར་ཉིད་དུ་བརྡུངས་ལ་སྤྲོ། །ཁྱོད་སྐུ་ལྷུན་པོའི་རྗེས་འགྲོ་ངུར་སྨྲིག་མཚམས་སྤྲིན་གསར་པས་བླ་ན་མཛེས། །ཁྱོད་གསུང་ཕངས་འགྲོའི་མཐུན་ཕྱོགས་དབྱངས་ཀྱི་ཡན་ལག་ཀུན་རྫོགས་ངེས་དོན་སྟོན། །


LT37_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཐུགས་ཀུན་གསལ་རྗེས་འགྲོ་སྟོང་དང་སྙིང་རྗེའི་བདུད་རྩིའི་རྣམ་པར་བརླན། །ཁྱོད་ཚུལ་དམ་པར་གྱུར་པས་ཉེས་པའི་དྲི་མ་གཞར་ཡང་འཛིན་མི་སྲིད། །བདེ་ཆེན་ཆུ་ཡིས་བྲན་གྱུར་པའི། །ཞི་བ་རྟག་བརྟན་དགོངས་པའི་མཐིལ། །མཐའ་བྲལ་མཐའ་ལ་འཁུ་བའི་སྙིང་། །རྣམ་པ་ལྷ་སྔགས་འཁོར་ལོས་བཅིངས། །རང་གིས་རྟོགས་པའི་དབྱིངས་ཉིད་དུ། །འགྲོ་མང་འཁྲིད་སླད་སེང་གེའི་སྒྲས། །ཀུན་ཏུ་འདོམས་ལ་དགའ་བ་ཡང་། །བསྙེངས་བྲལ་དམ་པའི་ཚུལ་དེ་རྨད། །འདི་ན་བསྟན་འགྲོར་སྨོན་འདུན་བློ། །འཆང་བདག་གནས་སྐབས་འབྱུང་འདུས་ལ། །འཚེ་མེད་གཏན་ཏུ་བདེ་བའི་སླད། །ཐོས་བསམ་སྒོམ་ལ་བརྩོན་ཁུལ་འདོག །མཚམས་ཞུས། །སླད་མར་སྐུ་མཚོ་བསྐལ་བརྒྱའི་བར། །འཚོ་གཞེས་སྙིང་པོའི་བསྟན་སྤེལ་བཞིན། །འདིར་ཡང་ཐུགས་གཤིས་འཕྲོས་འོས་ཚིག། ཆད་མེད་གངྒཱའི་བགྲོད་པར་འགྲན། །ཞེས་པའི་ཞུ་རིས་ལྷ་རྫས་ཀྱི། །རྟེན་བཅས་དབོ་ཟླའི་ཡར་ཚེས་སུ། །ངེས་དོན་ཆོས་གྲྭ་དཔལ་སྤུངས་ནས། །སྤྲུལ་མིང་འདུ་གསུམ་པ་ཡིས་ཕུལ། ཡིག་བསྐུར་གསུམ་པོ་འདི་ཀུན་གཟིགས་དབོན་རྒན་མཆོག་སྤྲུལ་རིན་པོ་ཆེའི་གསུང་ཚབ་ཏུ་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་གཅིག་པར་བྲིས་པ་སྟེ་དགོས་གལ་ཆུང་བའི་བྲལ་ལོ།། ༈ །།


LT37_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་གྲྭ་སྦྱིན་པ་མཐར་ཕྱིན་མཆིད་ལན། །མཁྱེན་པའི་དཀྱིལ་འཁོར་རབ་རྫོགས་ཤིང་། །རྣམ་དཔྱོད་རི་དྭགས་རྟགས་ཀྱིས་སྤ། །ཡིད་ཀྱིས་གདུང་བ་སེལ་བྱེད་པའི། །བློ་ལྡན་ཟླ་བ་གཞོན་ནུའི་དྲུང་། །མཉན་འོས་པདྨ་ལྟ་བུའི་ངག །ལག་པའི་རྩེ་མོར་ཕྱིན་པ་ལས། །དགའ་བ་ཇི་ལྟར་འཕེལ་གྱུར་པ། །དབྱར་གྱི་དཔལ་མོས་མཚོན་ནུས་མིན། །རྣམ་དཀར་ལས་ཀྱི་འབྲས་བུ་ནི། །མཐོ་རིས་འབྱོར་པས་མི་བསྐྲུན་པ། །ཆོས་བློ་སད་པའི་དལ་རྟེན་གྱིས། །ཁྱོད་ཀྱི་སྐྱེ་བ་དོན་ཡོད་བྱས། །འོན་ཀྱང་ཆོས་བཞིན་མི་སྤྱོད་ན། །མཐོ་རིས་ཐོབ་ཀྱང་དོན་མེད་ལ། །བློ་དང་ལྡན་ཡང་བེམ་པོ་ཉིད། །ནོར་གྱིས་འབྱོར་ཡང་དབུལ་པོ་ལགས། །གང་ལ་དད་པ་མེད་པའི་མིས། །རྒྱལ་ལ་ཡིད་ཆེས་མི་སྐྱེ་ཞིང་། །ལས་འབྲས་དག་ཀྱང་ཆུད་གསན་པས། །རང་རྒྱུད་ཐལ་བ་བཞིན་ཏུ་བརླག །ཐར་པའི་དཔལ་ལ་མི་སེམས་ན། །མངོན་མཐོའང་ཡུད་ཙམ་བདེ་བ་སྟེ། །དེ་དག་དགུན་གྱི་མེ་ཏོག་བཞིན། །འཁོར་བའི་སད་ཀྱིས་བཅོམ་པར་འགྱུར། །བདག་ལ་ཆགས་པ་དམན་པ་སྟེ། །གཞན་ཕན་བགྱི་བ་དམ་པ་ལགས། །ད་ལྟ་དེ་འདྲའི་ནུས་མེད་པས། །བློ་གྲོས་རིམ་གྱིས་བསྒྲུབ་པར་བྱ། །དེ་ལ་ཐོས་པའི་རྨང་བཏིང་ཞིང་། །


LT37_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་ཞིབ་གོ་བས་གནད་ལ་དཔྱད། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་ལའང་། །མཉམ་པར་བཞག་ཅིང་གོམས་བྱས་པས། །དེ་ནས་དེ་ཡི་སྤོབས་པ་ཡང་། །རྒྱལ་སྲས་གཞོན་ནུའི་རྗེས་འགྲོ་བས། །ཁྱེད་སྔོན་དེ་ལྟའི་བློ་སྐྱེས་པ། །ཐེག་ཆེན་རིགས་ཀྱི་ནུས་པ་སྟེ། །ད་དུང་དུ་ཡང་གཞན་རྐྱེན་གྱིས། །རང་བློ་རྣམ་པར་མི་འགྱུར་བར། །ཇི་སྐད་བཤད་ལ་ནན་ཏན་ཏུ། །མཛོད་དང་བདག་ཡིད་ཚིམས་པར་འགྱུར། །ཐབས་མཁས་གོ་ཆ་མི་ལྡན་པ། །བདག་ནི་སྣང་ཤས་འདིས་སྐྱོ་ནས། །བས་མཐའི་ཚལ་ན་བསྙེགས་བརྩམས་ཏེ། །སྲིད་འབྱོར་ཀུན་སྤོང་ཚུལ་དུ་གནས། །སླད་དུ་འཚོ་ཁམས་ཡུན་བརྟན་ཞིང་། །བདག་གིས་ཆོས་བཞིན་སྨྲ་བ་ཡིས། །དངོས་དང་བརྒྱུད་ནས་གང་བསྒོ་བ། །དེ་ལ་འབད་པས་གཡར་དམ་མཛོད། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་གིས། །རྗེས་སུ་བཟུང་བའི་དམ་པ་ཁྱོད། །ཆོས་བཞིན་སྤྱོད་པས་བདེར་འཚོ་བའི། །ཤིས་པ་དག་ཀྱང་བརྗོད་པར་བགྱི། །ཞེས་འདེགས་རྟེན་བཅས་དཔལ་སྤུངས་ཀྱི་གདན་ས་ནས་ཕྲན་ཆུང་ཆོས་སྨྲ་བ་ཡོན་ཏན་རྒྱ་མཚོས་སྣྲོན་ཟླའི་ཚེས་དགེ་བར་ཕུལ།། ༈ །།ལྷུན་པོ་ནོར་བུའི་འོད་ཀྱིས་གོ་སྐབས་དང་། །དཀའ་ཐུབ་གྲུབ་པ་གྲུབ་པའི་བསྙེམས་པས་ཀྱང་། །རིག་གྲོལ་


LT37_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པའི་ཆ་ལ་མི་འགོང་བས། །གྲགས་པ་མཁའ་ཡི་ལམ་དུ་བྲིས་པ་དེར། །བཀའ་མཆིད་གྱི་མེ་ཏོག་ཐལ་མོའི་མཛེས་རྒྱན་ཏུ་ཕེབས་པས་ཡིད་ཀྱི་བུང་བ་དད་སྤྲོས་གཡོས་ཏེ་ཞུ་མཆིད་དར་དིར་དུ་སྒྲོགས་པ། །མཁྱེན་རྟོགས་གཟི་བྱིན་བཟོད་པར་དཀའ་བ་ཡང་། །མཁས་མ་འབྱེ་བས་དམིགས་བུ་ཁོ་ནར་བསྙེན། །དེས་ན་སྐྱེ་དགུ་གསོ་བའི་དབྱར་གྱི་མ། །བསྔགས་པ་ཚིག་གི་ལམ་ནས་འདས་པས་དཔག། གངས་ཀྱི་སེང་གེ་གཉིས་པས་དབེན་པ་ནི། །སྐལ་པ་ཅན་ལ་སྦྱིན་སྐྱེས་སྒྲ་བཞིན་ཏུ། །མཁས་པའི་མིག་སྟོང་གྲུབ་པའི་རྡོ་རྗེ་དང་། །གྲོལ་གསུམ་བདུད་རྩིའི་ཟས་ཀྱི་སྐབས་དབྱེ་བས། །སྐྱེད་ཚལ་ཆུ་སྐྱེས་མཛེས་པའི་ཕྲེང་བ་ལས། །ཨུཏྤལ་རྣ་རྒྱན་བསྟེར་བ་མཛངས་པའི་ལུགས། །དམ་པའི་ཁྲོད་ན་རིག་ལ་དགའ་བའི་ཡིད། །ཚིག་གིས་གསོ་བས་དམ་པའི་དེ་ཉིད་མཚོན། །སྦྲང་རྩིའི་དགའ་སྟོན་སྐལ་གས་ཉུང་བ་བདག །ཉི་ཟླའི་བགྲོད་པར་མཛའ་བས་འཁྱུད་ན་ཡང་། །རྩྭ་ཡི་མར་མེའི་རྣམ་དཔྱོད་ཉམ་ཆུང་བས། །དོན་གཉིས་རེ་བ་སྒྲ་རྩེས་བོས་པའི་མགྲོན། །མ་བགོས་འགྲམ་པའི་ཚོན་གྱི་ཐིག་ལེ་ནི། །ཡོན་ཏན་རྒྱ་མཚོའི་ཟེག་མ་འཕོས་པ་ན། །ལང་ཚོ་གསར་པའི་རོ་ཡིས་སྒེག་པ་ཡང་། །སྒྲ་མེད་ཞི་བའི་ངོགས་སུ་འཁྱིལ་པས་བསྲིངས། །དེ་ལྟ་ན་ཡང་དུས་


LT37_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རིང་སྐོམ་བའི་སྨན། །འཐུང་ནས་སྐྱུགས་པའི་དག་བྱེད་ཚད་མ་ཞིག །འགྲོ་ཕན་སྙིང་དུ་ཞུགས་པས་དྲང་སྲོང་གི། བརྟུལ་ཞུགས་འཕྲུལ་འཁོར་སྤྱོད་ལ་བརྣག་པར་མཆིས། །མཚམས་ཞུས། །ས་འདི་གདེངས་ཅན་དབང་པོའི་ལུས་ཀྱིས་བཟུང་། །རྒྱལ་བསྟན་ལུང་དང་རྟོགས་པའི་ས་ལ་བརྟེན། །སློབ་པའི་ཆོས་རྣམས་གོང་དུ་བྱར་མེད་པ། །ཁྱོད་ཀྱིས་བསྟན་འགྲོའི་དཔལ་ཡོན་རིང་དུ་མཛོད། །རང་བཞིན་གཙང་གྱུར་འོད་གསལ་རྡོ་རྗེ་ཐེག །མུར་འདུག་རིག་པས་རྙོགས་པ་འོག་མིན་གྱི། །དེང་སང་དེ་ན་ནོར་བུ་ཆུ་དྭངས་ཀྱི། །ཡན་ལག་རྫོགས་པས་མྱུར་དུ་མི་བགྲུང་ངམ། །ལྷག་བསམ་རིན་ཐང་མེད་པར་མཚོན་པའི་གོས། །སྟོན་གྱི་དབྱངས་སྙན་ཆས་ལ་འོས་པས་ཏེ། །ཆུ་གཏེར་ངོགས་སུ་སྙེགས་སོ་བགོ་སྐལ་དུ། །རིགས་པའི་རིན་ཆེན་རྡུལ་ཡང་སྤྲོ་འཚལ་ལོ། །ཞེས་དཔལ་སྤུངས་ཀྱི་གདན་ས་ཆེན་པོ་ནས་དབོན་འཆི་མེད་སྤྲུལ་མིང་པས་གུས་ཕུལ། །མཁས་གྲུབ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོའི་དྲུང་དུ་ཕུལ་བའི་ཆབ་ཤོག་སྤྲུལ་མཆོག་གང་དེའི་བཞེད་ལྟར་ཡོན་ཏན་རྒྱ་མཚོས་བྲིས།། ༈ །།སྨན་གྱི་ནགས་ཚལ་མུན་པས་མཛེས་སྟེར་ཞིང་། །སྙིང་སྟོབས་ཆེན་པོའི་ཡིད་ཀྱི་སྙིགས་མ་ཡི། །དྲི་མས་རབ་བཀྲུས་ཤེས་བྱ་ནམ་མཁའི་


LT37_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྫིང་། །མཚོན་སླད་འཆར་ཀས་འོང་བ་གང་དེའི་དྲུང་། །དགེ་བ་ལ་འཛེགས་གོང་ན་མེད་པའི་བློ། །བློ་ལྡན་ཚངས་པའི་བུ་དང་འདྲིས་གྱུར་པས། །མ་བརྡུངས་པར་ཡང་སྙན་ཚིག་འགྲམ་པའི་རྔ། །གཞན་གསོས་བཅུད་ཀྱིས་རྒྱས་པའི་མགྲིན་ལས་སོང་། །ཐོས་དང་བརྩོན་འགྲུས་དྲི་མེད་སྦྱིན་པའི་ཆུ། །དམ་པའི་མཛོད་ན་སློང་བ་སྡུད་པའི་གནས། །རེ་བས་ཡོངས་བཀོད་ཕོངས་པའི་རབ་རིབ་ནི། །གྲགས་པ་ཁོ་ནའི་སྣང་བས་བཅོམ་པ་བཞིན། །བདེན་པ་སེམས་ཀྱིས་བྲིས་པའི་རི་མོ་ནི། །སྲིད་ལ་དུག་དང་མཚུངས་པའི་འཇིགས་པ་ཉིད། །རང་བཞིན་ཤེས་པས་བཅུད་དུ་ལྡོག་གྱུར་ཏེ། །ཐར་བའི་སྲོག་རྩ་དཀའ་ཐུབ་ནགས་སུ་བཟུང་། །ཆུ་སྐྱེས་གསར་པའི་བཞིན་རས་རིག་པ་དང་། །བུང་བའི་ལན་བུ་རབ་འཛིན་སྦྲང་རྩི་ཡང་། །གོམས་པའི་མཐུ་ལས་རྣམ་དཔྱོད་ཉིད་གྱུར་པ། །བློ་ལྡན་དགའ་བསྐྱེད་བློ་གྲོས་ལང་ཚོ་ཅན། །དག་པའི་མེ་ཤེལ་ལས་ནི་རིགས་རྙེད་དེ། །རྨི་ལམ་དུ་ཡང་དྲི་མའི་ཚང་ཚིང་ཟ། །ཐུན་མོང་ལྷག་པར་ལྷན་ཅིག་སྤྱོད་མཚུངས་ཀྱང་། །རྒྱུ་ཡི་སྟོབས་ལས་རབ་གསལ་རིག་པས་འཕགས། །ཇི་ལྟར་ཟླ་བ་སེང་གེའི་གྲོང་བཞིན་ཏུ། །མ་སྤྲུལ་ནམ་མཁའི་ཁང་པ་ལས་སྐྱེས་པ། །འཇིག་རྟེན་ཀུན་ཏུ་བརྟགས་པའི་གྱི་ན་ཡང་། །ཡོངས་གྲུབ་མིག་ཏུ་


LT37_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་བྲལ་བར་གཟིགས། །གཞུང་ལུགས་ཉམས་པའི་བསྟན་བཅོས་ཚིག་གི་ཆུ། །མ་འཐུངས་བདུད་རྩིའི་ཟས་ལ་བདུད་རྩི་ཅན། །མཐའ་དང་ཚུལ་གྱི་གནད་དུ་ཞུགས་པ་ལས། །འདུ་འགོད་དུ་མ་ཆུ་བྲལ་སྤྲིན་ཏུ་བྱས། །ཡིད་ཀྱི་ཕུག་ན་རང་བཞིན་ཉལ་བ་ཡི། །མུན་ལ་མེའམ་གྲོང་ཁྱེར་ཆེན་པོའི་ལམ། །ཞུགས་བརྩམས་ལྷས་སྐྱོང་རིགས་ཀྱི་གཞོན་ནུ་ཡང་། །ལེགས་བྱས་གྲིབ་མའི་འབབས་སྟེགས་ཡངས་པར་མཆིས། །མཚམས་ཞུས། །ཡོན་ཏན་ཕྱོགས་ཀྱི་འཕེལ་བས་ཆོས་རྒྱས་ཤིང་། །དེས་ཀྱང་སྙིང་སྟོབས་རྡུལ་གྱི་མུན་པ་བཅོམ། །འདུན་བས་འགྲོ་བའི་གཡར་དམ་ཁུར་བཞེས་པ། །ཟླ་བ་བཞིན་ཏུ་སྐྱེ་དགུའི་ཡི་གར་འོངས། །རྣམ་ཐར་གསུམ་ལ་རིག་དང་རྐང་བཀོད་པ། །དེ་ཡིས་རེ་བའི་འབྲས་བུ་ལྕི་སླད་དུ། །ཡུན་འཚོ་དཔག་བསམ་ཡལ་གའི་ལག་པ་ཡིས། །སྐལ་བཟང་མགྲོན་ཏུ་ཡུན་རིང་འབད་པར་གསོལ། །དམ་པའི་མཛད་པས་སྒྲོན་མེར་བྱེད་པའི་སྒྲ། །བདུད་ཡིད་ཟུག་རྔུ་སྦྱིན་པའི་དག་གསལ་དང་། །གཉེན་ལ་གནས་སོ་བསླབ་དང་མཛའ་བ་ལ། །མངོན་སུམ་ཉིད་ན་བགོ་བཤའང་སྦྱིན་པར་གསོལ། །ཀུན་གཟིགས་དཀྱུས་རིང་སྤྱན་གྱི་འབབ་སྟེགས་སུ། །སྟོན་ཀའི་ཆུས་བཀྲུས་གོས་ལ་ཚོན་བཀོད་ལྟར། །སྣ་ཚོགས་


LT37_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཏུ་སྣང་ངའི་གཟུགས་བརྒྱ་པ། །ཚིག་གི་རོ་ཡང་དངར་བས་རྒྱས་ཏེ་སོང་། །མཁས་གྲུབ་འཇམ་དབྱངས་མཁྱེན་བརྩེའི་མདུན་ཕུལ་བའི་ཆབ་ཤོག་སྡེ་དགེ་ལྷ་སྲས་རིན་པོ་ཆེའི་བཞེད་ལྟར་བྲིས།། ༈ །།གང་ལ་ཡོངས་འདྲིས་སྔོན་ཆད་མེད་པའི་སེམས། །རྟོག་པས་མི་རྒྱུ་རྒྱུ་མེད་འཕེལ་དང་ལྡན། །འཇིག་རྟེན་གསུམ་གྱི་སྣང་བྱེད་རིན་ཆེན་དེས། །ཁྱོད་ལ་རྟག་ཏུ་དགེ་ལེགས་སྦྱིན་གྱུར་ཅིག །རྣམ་དཀར་པིར་གྱིས་བྲིས་པའི་རི་མོ་ནི། །བྱེད་པོས་མ་བྱས་ཟླ་བའི་མཛེས་པ་ཅན། །མི་དམན་གནས་ཀྱི་ཡན་ལག་བཅུས་ཕྱེས་པའི། །ཀུན་དའི་ཕྲེང་བས་མཛེས་པ་ག་ལ་བར། །དཔྱོད་པའི་རྗེས་འབྲེལ་ངག་དང་ལུས་ལས་ཀྱང་། །ཉམས་ཀྱིས་སྒེག་པའི་པདྨའི་ཞགས་པ་ཡིས། །དྲངས་ལས་སྲེད་པ་གཞན་པ་མེ་ཏོག་ནི། །རྙིང་པ་བཞིན་ཏུ་བླང་དང་དོར་བར་བྱས། །ཆོ་ག་བརྒྱ་ཕྲག་བརྟེན་ཀྱང་རིག་པ་ཡི། །དོན་མཐུན་ཚོགས་ཀྱི་གྲུ་ལ་མ་ཞེན་པར། །རིན་ཐང་མེད་པའི་རྣམ་དཔྱོད་མི་རྙེད་ན། །རིང་ནས་འགྲོགས་པའི་དཔལ་གྱིས་ལྕི་བར་ཤེས། ཁམས་དང་རྟེན་ཅིང་འབྲེལ་ལ་མི་མོངས་པས། །རྣམ་གྲོལ་དགའ་བ་རྣམས་ཀྱི་ལུས་མཛེས་པ། །སྐལ་པས་ཡིན་གྱི་ཙནྡན་དོགས་པས་མིན། །དེ་སླད་ཐར་པའི་ཐང་ལ་རྒྱུ་བ་ཡོད། །གང་གི་ལྕེ་ཡི་གཡོ་བ་སྟོང་ཕྲག་


LT37_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །སྙིང་གི་པདྨོ་ཕྱེ་བའི་ཐིག་ཕྲེང་ཅན། །གཞོན་ནུའི་ནང་དུ་རིགས་པར་སྨྲ་བ་ཡི། །འོད་ལྡན་ལྕེ་དེ་གཉིས་པས་དབེན་ནམ་ཅི། །ཟོལ་མེད་ཀུན་དགའི་ས་གཞིར་ཉིན་མོའི་དཔལ། །ཁེངས་པ་སྤྲིན་གྱི་དུམ་བུ་ཡལ་བ་ལས། །ངེས་འབྱེད་གཟུགས་སུ་ལྷགས་པ་དཔྱིད་ཀྱི་གླུ། །སྙིང་ལ་འབབ་པས་བུང་བ་གཞོན་ནུར་འཁྲུལ། །འདོད་པ་དངུལ་ཆུའི་ཐིགས་པ་ཁུ་ཚུར་གྱིས། །བསྡམས་དང་སྙན་གྲགས་ལྷན་ཅིག་གུད་མིན་པར། །ཐོས་དང་གོམས་ལས་ཅི་བདེར་ངལ་གསོས་པས། །དད་སོགས་བདག་པོས་ཕོག་པའི་བང་མཛོད་བཞིན། །འདི་ན་རྨོངས་པའི་འཕྲང་དང་མེ་དཱི་ནཱི། །མེ་ལ་ཚེ་ལ་བརྩོན་ཛམ་བུའི་བསྟེན་པ་ན། །ཡི་གེའི་སྒྲས་མཚོན་སཱ་ལའི་རིགས་ཀྱི་ཤིང་། །རྩ་བརྟན་ལོ་མའི་ཕྲེང་བས་དུད་བཞིན་མཆིས། །མཚམས་འབྲས། །ཆོས་ལྔ་ལས་ནི་བྱང་ཆུབ་འཕེལ་བ་ཡང་། །ཡོན་ཏན་བདུན་བརྟེན་དེ་ཡང་འཚོ་བ་ཉིད། །གཙོ་ཕྱིར་རྒྱགས་དང་ཞུམ་པ་བཟོད་པ་ཡི། །རྣམ་གྲངས་དེ་ལས་དེ་ནི་དོན་ལྡན་འགྱུར། །རང་བཞིན་གྱིས་ཟབ་སྒྱུ་མའི་འཕྲུལ་འཁོར་ཅན། །དུག་ཅན་བདེ་བླག་འགོངས་པར་སུ་ཞིག་ནུས། །ཐོག་མར་འཇུག་པའི་ཁུངས་དེ་སོར་རྟོགས་ཀྱིས། །ཡོངས་སུ་བརྟོལ་བ་དམ་པ་རྣམས་ཀྱི་ལུགས། །བསོད་ནམས་བདེ་བར་བརྒྱུད་པའི་


LT37_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་ཉིད། །རྐུན་པོས་མི་འཕྲོག་ཆུད་མི་ཟ་བའི་ནོར། །རྣ་བ་ལས་འཕྱང་འགྲམ་བ་མཛེས་པའི་རྒྱན། །ད་དུང་བཀྲེན་པའི་ཉེར་འཚོ་བསྟེན་འཚལ་ལོ། །ཞེན་པས་འཆིང་དང་བེམ་པོའི་རྣམ་འགྱུར་ཅན། །ཐོས་མང་དག་ལ་གསེར་གྱི་སྐྱེས་ཀྱིས་ཅི། །རྣ་བའི་བཅུད་དུ་འོས་ཤིང་འཐད་བའི་ཚིག །སྤོབས་པའི་ཁ་སྒོའི་ཟེག་མ་འཚལ་ལས་སོ། །ཞེས་ངུར་ཆེན་མཁས་པའི་དབང་པོ་རིག་འཛིན་རྡོ་རྗེའི་མདུན་ཕུལ་བའི་ཚབ་ཤོག་ལྷ་སྲས་རིན་པོ་ཆེའི་བཞེད་ལྟར་བྲིས།། ༈ །།སྡེ་དགེ་ལྷ་སྲས་རིན་པོ་ཆེའི་གསུང་ལན། དགེ་ལེགས་ཡོན་ཏན་དུ་མའི་འབྱུང་གནས་ཏེ། །འཇིག་རྟེན་གསུམ་སྲུང་སྙན་པའི་བ་དན་ཅན། །མཆོག་གསུམ་བྱིན་རླབས་གདུགས་དཀར་གྲིབ་བསིལ་གྱིས། །མི་དབང་གང་དེ་ཡུན་རིང་སྐྱོང་གྱུར་ཅིག །མང་བཀུར་གཉིས་པའི་རིགས་སུ་ལྷས་བཀོས་ཤིང་། །བསོད་ནམས་ར་བ་མཁའ་ལྟར་རྒྱ་ཆེ་བ། །ཆོས་ཀྱིས་དག་པོའི་བློ་གྲོས་གསེར་བཟང་གི། །རྩིབས་སྟོང་རྣམ་པར་བཀྲ་བའི་མདུན་ས་རུ། །གུས་པས་ཞུ་གསོལ། །གང་ཞིག་འོ་མའི་མཚོ་ལས་བདུད་རྩི་བཞིན། །མཁས་རྣམས་མངོན་འདོད་རྣམ་དཔྱོད་གཡས་འཁྱིལ་དུ། །ཕྱོགས་ཀྱི་བུ་མོའི་རྣ་བར་བསྒྲག་པ་ལས། །གྲགས་པ་རབ་གསལ་དགེ་དབང་གཉིས་པ་བཞིན། །རིན་ཆེན་རིགས་ལས་འདོད་འབྱུང་


LT37_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་རྡུརྻ། །བྱི་དོར་བྱས་པས་དགོས་འདོད་དཔལ་སྟེར་བྱེད། །ས་གཞི་སྐྱོང་བ་གནས་ཅན་ལ་གོམས་ན། །སྐྱེ་དགུའི་ཉེར་འཚོ་འགྱུར་བ་དངོས་པོའི་གཤིས། །སྡེ་བཞི་རྒྱ་མཚོ་ཆེ་ལ་གནས་བཅས་ཤིང་། །དགེ་བཅུའི་གསེར་མིག་འཁྱིལ་བའི་ལྟོང་དཀར་ཉ། །གཙུག་ལག་གཉིས་ཀྱི་གཤོག་ཟུང་བསྐྱོད་པ་ལས། །ཚོགས་རབ་ཆུ་བདག་ཕུལ་དུ་བྱུང་བར་རྟོགས། །ཐུན་མོང་ཐུན་མིན་རིག་པའི་ཀླུང་བརྒྱ་ཕྲག །ལྷག་མེད་ཐུགས་ཀྱི་དཔལ་བེའུར་འཁྱིལ་པས་ན། །བོང་བ་གསེར་དུ་གཟིགས་པའི་ཚངས་སྲས་གླུ། །བསྩལ་བའི་གུས་སྤྲོ་རབ་དགའི་དཔལ་ལ་འགྲན། །ཀུན་རྨོངས་སྙིང་ལ་ཞུགས་པའི་ད་རི་དྲྭ། །མཁས་གྲུབ་དམ་པའི་རྗེས་སུ་མ་སྙོགས་པས། །བས་མཐའི་ནགས་སུ་འཕྱི་སྒོམ་བརྟུལ་ཞུགས་ཀྱིས། །འདུ་ཤེས་གསུམ་གྱི་སྒྲུབ་ལ་བརྩོན་བཞིན་མཆིས། །མཚམས་ཞུས། །མཐོ་རིས་མཛེས་མའི་ལག་པས་ལེགས་བརྟན་པ། །སྐུ་ཚེའི་རྒྱལ་མཚན་ནུབ་པ་མེད་པ་དང་། །གྲགས་པའི་རྔ་ཡབ་ཕྱོགས་མཐར་བསྐྱོད་པ་ཡིས། །ས་ལས་རྣམ་པར་རྒྱལ་བ་ཉིད་དུ་གསོལ། །ཕན་བདེའི་བུམ་བཟང་བདུད་རྩིའི་ཆར་འབེབས་པ། །ས་ཡི་བདག་པོ་ཆོས་བཞིན་འཚོ་བ་ན། །སྐྱེ་བོ་ཐམས་ཅད་འཚོ་བ་ཉིད་འགྱུར་བས། །བཞེད་དགུ་འགྲུབ་པར་


LT37_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་སྨོས་ཅི་དགོས། །དོན་བཟང་སྦྲང་རྩིའི་དོགས་པས་དཔྱངས་པ་ཡི། །སྙན་ཚིག་པདྨ་གསར་པའི་ཆུན་པོ་ནི། །མཉེས་གཤིམས་གཟིགས་པས་ནམ་ཡང་མི་བསྐྱུད་པར། །མགུལ་དང་རྣ་བའི་རྒྱན་ཏུ་བསྩོལ་བར་ཞུ། །ཞེས་ཞུ་འདེགས་སྤྱན་ཟུར་གཡོ་བའི་རྟེན་མཚོན་བཅས་ད་རི་དྲཱ་བཾ་སྟེང་སྤྲུལ་མིང་ནས་གུས་པས་ཕུལ་བའི་ཞུ་ཡིག། ༈ །།སྡེ་དྲུང་ཕྲིན་ལས་རྒྱ་མཚོར་གསུང་ལན། །རིང་ནས་རིགས་ཀྱི་ཁམས་བཟང་པོ། །བསགས་སྦྱང་རླན་གྱིས་བསྐྱེད་བསྲིངས་པས། །མཁས་ཚུལ་གསུམ་གྱི་འདོད་འཇོའི་ཤིང་། །ཆེ་དགུའི་དཔལ་དུ་འཁྲུངས་དེ་རྒྱལ། །འདི་ན་ནགས་ཀྱི་བུང་བ་ནི། །པདྨོར་རང་བཞིན་ཆགས་པས་ན། །ཚིག་གི་སྦྲང་རྩིའི་བཅུད་སྩལ་བས། །མ་བསྐུལ་མགྲིན་རྔ་དར་དིར་བརྡུང་། །མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བ་ཅན། །གཉིས་འཐུང་དེས་ནི་མི་བདག་དཔལ་བྱེད་ཅིང་། །གང་གི་གྲགས་པ་རབ་གསལ་ག་པུར་རྡུལ། །ས་སྐྱོང་དར་བའི་ཆ་ཤས་རྫོགས་ལས་བཀྱེ། །དེ་ཡི་དགེ་མཚན་ཀུ་མུད་ཁ་བྱེ་ཞིང་། །དེས་ཀྱང་ཁོར་ཡུག་མཛེས་པའི་རྒྱན་བྱེད་པས། །དུས་ཀྱིས་མ་གུད་དག་བྱེད་གསར་བའི་རྒྱུན། །ལེགས་བྱས་དཀའ་ཐུབ་ཅན་གྱིས་སྐྱུགས་མིན་ནམ། །འདུ་ཤེས་གསུམ་ལ་ཆོས་སུ་རློམས་པ་ཡི། །རྨོངས་པ་རི་


LT37_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སུ་ལ་ན་ཡིབས་པ་ཡང་། །གླིང་བུ་ཐོས་པའི་རི་དྭགས་བཞིན་ཏུ་དེར། །སྤྲོ་བས་དྲངས་ཏེ་གསང་པོར་གསོལ་གྱིས་དགོངས། །དེང་སང་བསྟན་པའི་མཐའ་ལ་ཐུག །བསླབ་པ་གསུམ་ལ་རྒྱལ་བསྟན་ཏུ། །མི་རྩི་མདོ་རྒྱུད་འགལ་བའི་ལས། །གང་དྲན་སྤྱོད་ལ་བསྟན་པར་བཏགས། །སྔོན་བྱོན་མཁས་དང་གྲུབ་པ་ཡི། །བསགས་སྦྱངས་རྣམ་ཐར་ཐོས་ཙམ་ཡང་། །མ་མྱོང་སོ་སྐྱེ་ཟ་ཐང་ཅན། །བསྟན་དང་འགྲོ་བའི་མགོན་པོར་བརྫུ། །བླ་མ་གྲུབ་ཐོབ་སློབ་མ་ཡང་། །དབང་རབ་སྣོད་བཅུད་འཛོམ་རྣམས་ཀྱང་། །དཀའ་སྤྱད་བརྩོན་འགྲུས་ཇི་ཙམ་མཛད། །རང་བྱུང་ཉིད་ན་སངས་རྒྱས་ཡིན། །འདོད་ན་ཕྱི་རྟགས་ནང་རྟགས་དགོས། །སྟབས་ལེགས་ཙམ་གྱི་མངོན་ཤེས་དང་། །མིག་འཕྲུལ་ཕྲ་མོས་ག་ལ་ཆོག །ཆོས་ནས་བཤད་པའི་ཡོན་ཏན་དགོས། །བསོད་ནམས་དམན་པའི་གདུལ་བྱ་ལ། །ལོག་པར་སྟོན་པའི་འདུལ་བྱེད་ཀྱིས། །རྒྱལ་བསྟན་འཇིག་འགྱུར་ཀྲྀ་ཀཱི་ཡི། །རྨི་ལམ་དེང་སང་ཐོག་ཏུ་བབ། །རིགས་དང་མི་རིགས་གོ་ལྡོག་པ། །འགྲོ་བློ་བདུད་ཀྱིས་བསྒྱུར་བ་ཡང་། །ཕལ་ཆེར་སྙིགས་མའི་རང་མཚངས་ཉིད། །མདོ་དང་འདུལ་བའི་ལུང་དུ་གསལ། །ཆོས་དང་གང་ཟག་ཚད་འཛིན་པ། །ཐམས་ཅད་མཁྱེན་པའི་ཡུལ་ཡིན་ཀྱང་། །ལྟ་སྤྱོད་


LT37_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལ་འཇལ་བའི་སྲང་། །རྒྱལ་བའི་བཀའ་ལས་ལྕི་ཡང་ཤེས། །ཆོས་རྒྱུན་ཏིང་འཛིན་ཐོབ་པ་ན། །ཆོས་གཏེར་འབད་པ་མེད་འབྱུང་ཞིང་། །སྦྱོར་ལམ་ཆོས་མཆོག་འབྲས་གདས་པས། །དགོས་དགུའི་གཏེར་ལ་སྤྱོད་པར་གསུངས། །ས་ལམ་མ་བགྲོད་ལམ་རྟགས་ནི། །སྨོན་ལམ་སྟོབས་ཀྱིས་བྱུང་ཞེས་དང་། །རིག་འཛིན་རྣམ་བཞིའི་གོ་བ་ཡང་། །མ་ཆགས་རིག་པ་འཛིན་པ་ནི། །སྔོན་དུས་སུ་ཡང་མང་ཞིག་བྱུང་། །སྐལ་མཉམ་སྐྱེ་བོ་འགའ་ཡང་བསླུས། །འོན་ཀྱང་རང་གི་ལས་ཀྱི་མཐའ། །རིང་མིན་ཁོ་ནར་མངོན་ཏུ་གྱུར། །བདེ་དགྱེས་གསང་གདན་དུས་འཁོར་སོགས། །མདོ་རྒྱུད་སེམས་གསུམ་སྙིང་ཐིག་བཞི། །བཀའ་དགོངས་རིམ་གཉིས་ཐང་མར་བརྡལ། །དེང་སང་ཆོས་ཀྱི་མུ་གེ་མེད། །བཀའ་བསྟན་གླེགས་བམ་ཐལ་བས་གཡོགས། །ཁྲིད་ཆེན་པོད་རྣམས་དད་རྟེན་ཙམ། །བཤད་སྒྲུབ་ཉིན་སྐར་རྗེས་འགྲོ་ན། །གསར་ཆོས་བྱུང་ཡང་ངོ་མཚར་ཆུང་། །འོན་ཀྱང་དུས་བབ་ཡིན་ནོ་ལོ། །དུས་ཀྱི་རྒུད་པ་གསོར་ཡོད་ན། །རན་པ་ལས་ཀྱང་ཕྱིས་པ་ཙམ། །འགལ་འདུ་ཅན་ལ་སུ་ཡིད་ཆེས། །མཁས་རྣམས་འབད་པ་བརྒྱས་བཙལ་ཞིང་། །གྲུབ་རྣམས་མཆོག་ཐོབ་པ་ཡི་བསྟན། །རྡུལ་ཁྲོད་མི་གཙང་བཞིན་ཏུ་དོར། །སྤྱོད་ངན་ནོམ་པར་ངོམས་པའི་དུས། །དོན་ཆེན་བཏང་


LT37_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་བོར་བ་ལ། །དགོས་པ་ཅན་ཞེས་བླུན་པོས་སྨྲ། །དྭ་ཕྲུག་གླེས་ལ་བོར་བའི་མ། །མོ་སྒོ་མཚར་ཡང་འཕྱོན་མ་ཡིན། །མདོར་ན་བཀའ་དང་བསྟན་བཅོས་དང་། །མི་མཐུན་གྱི་ནའི་གཙུག་ལག་གིས། །རང་དང་གཞན་རྒྱུད་སྲེག་པ་ལ། །ཅལ་སྒྲོག་ཙམ་གྱིས་མཚར་ཅི་ཡོད། །བདག་རྒྱུད་ཤིན་ཏུ་མ་དག་པས། །རང་སྣང་འཁྲུལ་ལ་འཕྱར་མེད་ཀྱང་། །དམ་པས་གསང་པོར་བསྩལ་བའི་ལན། །གང་དྲན་འཛེམ་མེད་ཚུལ་དུ་འབུལ། །སྐུ་ཚེ་རིང་དུ་མི་གཡོ་ཞིང་། །ཆོས་ལྡན་ཕྲིན་ལས་རླབས་འཆེལ་བས། །གདུང་སེལ་རིན་ཆེན་འབྱུང་བའི་གནས། །སྐྱེ་དགུའི་དཔལ་དུ་འབར་གྱུར་ཅིག །ཞུ་འདེགས་མཚོན་བཅས་དབེན་རི་ནས་འདུ་གསུམ་རྨོངས་བརྟུལ་ད་རི་དྲྭས་ཕུལ་བའི་ཞུ་ཡིག། ༈ །།སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲྀཏྟ་ལས་ཡི་གེ་བརྒྱད་པ་ལ་ཁ་སྒོའི་པྲསྟཱ་རས་མཛེས་པའོ། །ལ།།།གུམིཿཔཱུརྟཾ། ཀལྟཱཀོཊིནཱདཱིད། ཐིརཏྣཱདྷི་ཥྛི་ཏཱ་པྡྷིབྷིཿ ཛཱིབནྟུ་བྱནྟ་པཱུརྦེཥུ། །ཕུན་ཚོགས་ཡོན་ཏན་ནོར་བུའི་གཏམས། །དགེ་ལེགས་ཆུ་ཀླུང་བྱེ་བ་འགྱེད། །མཆོག་གསུམ་རྒྱ་མཚོའི་བྱིན་རླབས་ཀྱིས། །ཐོག་མཐའ་མེད་པར་འཚོ་མཛད་ཤོག །ཚོགས་རབ་རིན་ཆེན་ཆུ་གཏེར་འཁྱིལ་བའི་བཅུད། །བསོད་ནམས་གསེར་གྱི་པདྨོ་འཛུམ་པ་ཡིས། །ལེགས་བྱས་


LT37_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་དགུ་མགྲོན་ཏུ་འགུགས་པ་པོ། །ས་ཡི་ཚངས་པ་མཆད་ཟུང་ག་ལ་བར། །ཐུགས་བརྩེས་བསྐུལ་བའི་བཀའ་མཆིད་དྲི་ཟའི་གླུ། །ཐོས་འཛིན་བཅུད་དུ་འཕོས་པའི་མོད་ཉིད་ནས། །དགེ་སྦྱོང་རྒན་པོའི་སྙིང་གི་པདྨོའི་འདབ། །མྱོངས་གྲོལ་སྦྲང་རྩི་ལྟ་བུའི་མཆིད་འདི་གསོལ། །དུས་རིང་ཐོག་མཐའ་མེད་པ་འཁོར་བའི་མཚོར། །ཕ་རྒྱས་རླབས་ཀྱིས་འགྲོ་རྣམས་གཡེང་པ་ལས། །རིགས་ཁམས་སད་པ་འགའ་ཞིག་བརྒྱ་ལམ་ན། །དཀར་པོའི་ལས་འཕྲོ་སད་པ་ཆོས་ཉིད་མཐུ། །རྙེད་པ་དཀའ་ཞིང་རྙེད་ན་དོན་ཆེ་བ། །ལྷ་དང་ཡིད་བཞིན་ནོར་ལས་ཆེས་ལྷག་པ། །འཛམ་གླིང་ཁམས་དྲུག་ལྡན་པ་དལ་འབྱོར་རྟེན། །སྟེས་དབང་ཙམ་མིན་ཚོགས་ཆེན་སྔོན་སོང་མཐུ། །དེ་ལས་ས་ཆེན་དབང་སྒྱུར་མི་ཡི་ལྷ། །སྐྱེས་རབས་དུ་མར་ལེགས་བྱས་མུ་མེད་པའི། །འབྲས་བུས་རྒྱུ་དཔག་བསྔགས་འོས་དམ་པའི་ཚུལ། །ཙནྡན་དྲི་བཞིན་འགྲོགས་པ་དངོས་པོའི་གཤིས། །རིང་ན་གནས་ཀྱང་ཉི་དང་པདྨོ་བཞིན། །མཉེས་གཤིམས་གཟིགས་པས་འཁྱུད་པའི་རེ་ཁཱ་ལ། །དབང་མདོག་ཕྱག་རྒྱས་ལེགས་བཏབ་བྱ་མ་ཏས། །སྙན་པའི་ངག་དང་ལྷན་ཅིག་བསྲིངས་བའི་མོད། །དཔྱིད་ཀྱི་དབྱངས་སྙན་རྣ་བར་སིམས་པ་ཡི། །སྐྱེས་བུའི་སྙིང་གི་དགའ་བ་ཇི་ལྟ་བར། །སྤྲོ་དགས་མྱོས་པའི་དགེ་སྦྱོང་རྒན་བུ་ཡང་།


LT37_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་འཁོར་ལོ་གཉིས་དང་འགྲོགས་བཞིན་མཆིས། །མཚམས་ཞུས། གང་གིས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་དང་། །སྔོན་རབས་དམ་པའི་སྲོལ་ལས་མི་འདའ་བའི། །ས་སྐྱོང་དེ་ནི་གོ་འཕང་མཆོག་ཉིད་ལས། །ནམ་ཡང་མི་གཡོ་རྒྱལ་ཁམས་བདེ་བར་འགྱུར། །རྒྱལ་བསྟན་རིས་སུ་བཅད་ནས་ཁ་འཛིན་པ། །མཐའ་འཁོབ་རྒྱལ་ཕྲན་བླུན་པོའི་མཚན་ཉིད་དེ། །ཡུལ་དབུས་སྐྱོང་བའི་ཆོས་རྒྱལ་མཁས་པ་རྣམས། །བསྟན་འགྲོ་ཀུན་ལ་བུ་གཅིག་མ་བཞིན་བརྩེ། །བསོད་ནམས་ལྡན་པ་ཡ་རབས་རྗེས་སུ་འབྲང་། །དེ་ཡིས་འདི་དང་གཏན་ཏུ་བདེ་ལེགས་འབྱུང་། །དམན་པ་རྣམས་ཀྱིས་དམན་པའི་སྤྱོད་ངན་བསླབ། །དེ་ཡིས་འཕྲལ་ཡུན་ཀུན་ཏུ་ཕུང་ཁྲོལ་སྐྱེད། །གང་ཉིད་ཆོས་སྐྱོང་རྒྱལ་རིགས་མི་འགྱུར་བའི། །མངོན་རྟགས་སྔར་སྲོལ་ཇི་བཞིན་བསྟན་པ་དང་། །དེ་འཛིན་སྐྱོང་བའི་བཀའ་མཆིད་ཟླ་བའི་ཟེར། །མཐོང་བས་སྤྲོ་བའི་ཆུ་གཏེར་ཅི་ཡང་འཕེལ། །རྒྱལ་པོས་སྨྲ་བ་ཚིག་གཅིག་ཡོངས་སུ་གྲགས། །དམ་པས་ཞལ་བཞེས་འགྱུར་བ་མི་སྲིད་པས། །ཆོས་འབྱུང་ཞབས་ལ་པདྨ་ནོར་བུས་དང་། །བདག་ལ་ཡབ་རྗེས་བཀའ་དམ་མི་བསླུ་མཛོད། །ཤུ་བྷཾ་ཆོས་འཁོར་གཟིགས་པ་མི་གཡེལ་ཞིང་། །གྲ་སར་སྡོད་མཁན་ཆད་མེད་བཏང་བ་སོགས། །མཛད་ན་སྐུ་ཚེ་ཆབ་སྲིད་ཡར་ཟླ་ལྟར། །རྒྱས་པའི་སྐྱབས་འཇུག་སྨོན་ལམ་


LT37_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཏུ་སྤེལ། །གཞན་དབང་གྱུར་རྣམས་རྟག་ཏུ་སྡུག་བསྔལ་རྒྱུ། །ཁྱད་པར་རྒྱལ་པོ་འཁོར་ངན་དབང་གྱུར་ན། །རང་སྲོག་ཉེན་པ་མངོན་སུམ་དཔེ་གཟིགས་ལ། །ཕྱོགས་ཞེན་བློན་འབངས་དབང་དུ་མི་བཏད་འཚལ། །བགྲང་བྱ་བརྒྱར་འཚོ་མངའ་ཐང་གོང་དུ་འཕེལ། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་མཚན་དང་། །ལྷན་ཅིག་འདིར་ཡང་ཐུགས་བརྩེས་འཁྱུད་པ་ཡིས། །མི་འདོར་ཕེབས་འོས་གངྒཱའི་རྒྱུན་བཞིན་སྩོལ། །ཞེས་པའི་ཞུ་ཡིག་གཟིགས་མཚོན་བཀྲ་ཤིས་པའི་ལྷ་རེག །ཁྱད་པར་འཕགས་པའི་དམ་རྫས་ལེ་ཚན། །མགུལ་སྲུང་ཐུང་བཅས་མདོ་སྨད་སྡེ་བཞི་དགེ་བ་བཅུ་ལྡན་གྱི་རྒྱལ་ཁབ་ཆེན་པོ་ནས་བླ་མ་སངས་རྒྱས་ཀྱིས་ལུང་བསྟན་པའི་མིང་ཡོངས་སུ་གྲགས་པ་བློ་གྲོས་མཐའ་ཡས་པའི་སྡེས་ཕུལ།། །།

ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་ཛམ་གླིང་བཀྲ་ཤིས་འོད་འབར་གྱི་དཀར་ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན།


LT37_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་ཛམ་གླིང་བཀྲ་ཤིས་འོད་འབར་གྱི་དཀར་ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །


LT37_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟར་ཀུན་ཁྱབ་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་ཡུལ་འདས་དོན་དམ་བདེན་གཅིག་པུ།


LT37_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་དགེ་ལེགས་ཀུན་གྱི་འབྱུང་གནས་དེས། །བཀྲ་ཤིས་འཇིག་རྟེན་གསུམ་ན་རྟག་ཁྱབ་ཤོག །


LT37_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཤེས་བྱའི་དེ་ཉིད་ཐུགས་སུ་ཆུད་ནས་ཆོས་ཀུན་དབྱིངས་སུ་མངོན་པར་རྫོགས་པའི་སངས་རྒྱས་དང་། །འགོག་པའི་བདེན་པ་རྡུལ་དང་བྲལ་བ་སྟོན་བྱེད་རྣམ་བྱང་དགེ་བ་སུམ་ལྡན་དཀར་པོའི་ཆོས་ཀྱི་མཆོག །མཐོང་སྒོམ་ལམ་གྱིས་ཟག་པ་སྤངས་པས་འཕགས་པའི་སར་གནས་ཚོགས་ཀྱི་མཆོག་གྱུར་རིན་ཆེན་རྣམ་པ་གསུམ། །མཚན་གྱི་སྣང་བས་སྐྱེ་དགུ་མཐའ་དག་ཐར་པའི་ལམ་དུ་སྦྱོར་མཛད་དེ་ལ་སྒོ་གསུམ་གུས་པས་འདུད། །བསྔགས་འོས་ཡོན་ཏན་བརྒྱ་ཡིས་ལེགས་བརྒྱན་སྲིད་པའི་ཁམས་ན་ཆེ་དགུ་རྣམས་ཀྱང་དམན་པ་བཞིན། །ཁྱོད་ཞབས་རྡུལ་ཆ་ཕྲ་བས་ཟིལ་མནན་དུས་གསུམ་གཤེགས་རྣམས་དབྱངས་གཅིག་ཉིད་དུ་རབ་བསྔགས་པ། །འདབ་རྒྱས་ཚལ་དུ་པདྨ་དཀར་བཞིན་སྙིང་སྟོབས་ངོ་མཚར་མཚུངས་ཟླ་སྤངས་པའི་ཐུགས་རྗེ་ཅན། །ལྷ་ཡི་ལྷར་གྱུར་ཤཱཀྱའི་སྐྱེས་མཆོག་ཞབས་ཀྱི་པདྨོར་རྡུལ་སྙེད་ལུས་ཀྱིས་དད་ཕྱག་བརྩེགས། །ཡེ་ཤེས་རང་བཞིན་འོད་ཀྱི་ལུས་ཅན་འཆི་མེད་རྡོ་རྗེར་གདོད་ནས་གྲུབ་པའི་དཔལ་ཆེན་པོ། །ཞིང་འདིར་སློབ་དཔོན་གཟུགས་ཀྱིས་རྣམ་རོལ་སྒྱུ་འཕྲུལ་དྲྭ་བའི་གར་མཁན་ཉིད་དེ་གཤིས་ལུགས་དངོས། །ནམ་མཁའི་རང་བཞིན་སྲིད་ཞི་ཀུན་ཁྱབ་འདི་དང་གཞན་ཏུ་བརྗོད་པས་མི་མཚོན་དམ་པའི་བདག །བརྗོད་པའི་ངག་ཚིག་པདྨའི་འབྱུང་གནས་མགོན་པོ་


LT37_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་སྙིང་གི་ཟེའུ་འབྲུར་རྟག་བཞུགས་གསོལ། །ལྷག་པའི་བསམ་པ་འགྲོ་ཁམས་མཐར་ཐུག་གསེར་བཟང་ལྟ་བུར་མི་འགྱུར་བས། །བཟང་པོ་སྤྱོད་པས་ནམ་ཡང་མི་ངལ་རྣམ་ཐར་བསམ་ཡས་རིན་ཆེན་རྡུལ། །འཇིག་རྟེན་གསུམ་གྱི་མཆོད་སྡོང་ཆེན་པོར་བསྐལ་པ་རྒྱ་མཚོར་བརྩེགས་མཛད་པ། །རྒྱལ་བའི་སྲས་པོ་དུས་གསུམ་བྱོན་ལ་རབ་གུས་ཡིད་ཀྱི་པདྨོ་བཞད། །རྣམ་དག་ཚུལ་ཁྲིམས་ཕུང་པོས་ལྷར་བཅས་ཀུན་དགར་བྱེད། །ཉོན་མོངས་ཐ་བ་བཅོམ་པས་འཇིག་རྟེན་མཆོད་འོས་གྱུར། །བསྟན་སྐྱོང་འཕགས་པ་གནས་བརྟན་ཚོགས་དང་འཁོར་བཞི་ཡི། །ཉན་ཐོས་བཙུན་པ་སྡེར་བཅས་ལ་ཡང་གུས་ཕྱག་འཚལ། །མཚན་དཔེ་རྗེས་མཐུན་དབྱིབས་ལེགས་དཔལ་གྱིས་དང་བ་འདྲེན། །ངེས་པའི་དོན་རྣམས་ཚིག་ཏུ་སྟོན་པས་ཐར་ལམ་འབྱེད། །ལམ་དང་འབྲས་བུའི་ཆོས་རྣམས་མཚོན་པས་མོས་གུས་སྐྱེད། །སྐུ་གསུང་ཐུགས་རྟེན་ལྷར་བཅས་འགྲོ་བའི་བསོད་ནམས་ཞིང་། །བསླབ་པ་གསུམ་གྱི་ཤ་ཚུགས་རབ་ཏུ་བརླིང་། །རྣམ་དག་ལུང་དང་རིག་པའི་གཡུ་རལ་རྒྱས། །ལོག་རྟོག་ཝ་སྐྱེས་འཆད་རྩོད་ཁ་ལྔས་འཇོམས། །འཕགས་བོད་ལོ་པ་སྐྱེས་མཆོག་རྒྱལ་གྱུར་ཅིག །གསང་བ་གྲུབ་པས་བརྟུལ་ཞུགས་མི་གཡོ་ཞིང་། །ཟུང་འཇུག་དབྱིངས་སུ་གཉིས་རྟོག་མཚན་མ་ཟད། །


LT37_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཚད་ཐར་པར་དཀྲི་བའི་ནུས་མཐུ་ཅན། །གྲུབ་མཆོག་དཔའ་བོའི་ཚོགས་ཀྱིས་བདག་སྐྱོངས་ཤིག །རྨོངས་པའི་མུན་འཇོམས་ཐེ་ཚོམ་མདུད་པ་འགྲོལ། །ཤེས་དང་ཤེས་བྱར་བློ་ཡི་མཆོག་སྦྱིན་པ། །རྡོ་རྗེ་རྣོན་པོ་ཡིད་ཀྱི་མཚོར་བྱུང་མ། །ཆོས་དང་ལོངས་སྤྱོད་འཁོར་ལོར་རྟག་ཏུ་རོལ། །ཞི་ཆགས་འབར་བ་ཆེན་པོའི་ཡེ་ཤེས་ཀྱི། །ལོངས་སྤྱོད་དགྱེས་རོལ་གང་གི་མཆོག་སྒྲུབ་པ། །དེ་ལ་དེ་ཉིད་སྩོལ་མཛད་ལྷག་པའི་ལྷས། །དངོས་གྲུབ་བཅུད་དུ་སྨིན་པའི་བཀའ་དྲིན་སྩོལ། །རྡོ་རྗེའི་དམ་ཚིག་མི་ལྷོད་བསྟན་པ་དང་། །བསྟན་འཛིན་རྗེས་འབྲང་ནག་པོ་ལྕམ་དང་དྲལ། །སྡེ་རིས་དཔུང་བཅས་ཆོས་མཛད་བུ་བཞིན་ཏུ། །སྐྱོང་བའི་གཡར་དམ་གཉན་པོ་རྗེས་སུ་དགོངས། །གང་ན་རྟེན་མཆོག་དཔག་བསམ་མྱུ་གུ་འཁྲུངས། །དེ་ན་ཐུབ་བསྟན་ཛམ་བུའི་སྙེ་མ་བཞད། །དེར་བརྟེན་ལུས་ཅན་མཐའ་དག་འཕྲལ་ཡུན་ཏུ། །མངོན་མཐོ་ངེས་ལེགས་ལོངས་སྤྱོད་རབ་རྫོགས་བྱེད། །རྒྱལ་བས་རབ་བསྔགས་རྣམ་དཀར་ལམ་པོ་ཆེར། །འཕགས་བོད་རྣམ་དཔྱོད་མིག་ལྡན་རྟག་ཏུ་གཤེགས། །དེ་ཤུལ་མཐོང་བའི་བློ་ཅན་རྩོད་དུས་འདིར། །བྱུང་བ་བརྗོད་པའི་ལྕེ་ཡང་བསྔགས་འོས་ཉིད། །སྙིགས་མཐར་སྐྱེ་བོའི་བློ་ངན་ཚང་ཚིང་དུ། །རྣམ་དཀར་བློ་གྲོས་ཨུ་དུམྦ་ར་བཞིན། །མི་སྲིད་སྲིད་པའི་ཆོས་ཅན་མངོན་


LT37_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ། །སྐྱེས་པ་འདི་འདྲ་སངས་རྒྱས་ཉིད་ཀྱི་མཐུ། །སྔོན་གོམས་བསོད་ནམས་མཐུ་ལས་འབྱོར་པའི་དཔལ། །བསོད་ནམས་ཞིང་དུ་བསྔོས་ལས་ཐབས་མཁས་པ། །མ་མཆིས་རྒྱུ་འབྲས་ཚུལ་འདི་མུར་འདུག་དང་། །ཐུན་མིན་ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །འཛུམ་དཀར་རྩེ་དགས་བྲིད་ཀྱང་ཆུ་བུར་ནི། །སྙིང་པོས་སྟོང་མཚུངས་སྒྱུ་མའི་ཟང་ཟིང་ལས། ཁ་ན་མ་ཐོ་བྲལ་བའི་སྙིང་པོའི་ལྕིང་། །ཕྲག་པར་ངོམས་འདི་དམ་པ་རྣམས་ཀྱི་གཤིས། །གནས་མིན་སེམས་བསྐྱེད་ནག་པོ་བརྩེགས་པའི་རོས། །རྣམ་དཀར་ཆུ་གཏེར་སྒྱུར་བྱེད་ལྟར་སྣང་བའི། །ཡིད་དང་མི་མཛའ་བྱང་ཆུབ་ཆེ་སྤྱོད་པ། །གང་འདི་དམ་པའི་མགོན་གྱིས་ཟིན་པའི་མཐུ། །དད་གསུམ་ཤིང་རྟ་ཆེར་ཞུགས་སྦྱིན་པ་ཡི། །མི་མཐུན་ཕྱོགས་སྤངས་ཕོངས་པ་མེད་པའི་ཕྱག །རིང་པོར་བརྐྱངས་ནས་ཚུལ་བཞིན་བསྒྲུབས་པའི་རྟན། །ཡེ་ཤེས་ཕུང་པོ་སྲིད་མཐའི་བར་དུ་ཞུགས། །དེ་ཡིས་སྣོད་བཅུད་མཐའ་དག་བྱིན་རློབ་ཅིང་། །དེ་ལས་ཕན་བདེའི་དགེ་མཚན་ནུབ་མེད་རྒྱས། །དེས་ཀྱང་བསྟན་འགྲོའི་སྲོག་ཟུང་ཡུན་རིང་པོར། །འཚོ་བྱེད་རྫོགས་ལྡན་ནོར་བུའི་མཛོད་འདི་གྲུབ། །རྣམ་དཀར་དཔག་བསམ་ལྕུག་མར་མངོན་མཐོ་གསེར་གྱི་པདྨོ་འཛུམ་པ་ལས། །ངེས་ལེགས་བདུད་རྩིའི་


LT37_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་དངར་འཛག་པས་སྐྱེ་བོ་རྣམས་ནི་ཀུན་དགར་བྱེད། །སྔོན་མེད་དུས་ཀྱི་དང་པོའི་དཔྱིད་འདི་སྔོན་རབས་ལེགས་སྤྱད་ས་བོན་ཏུ། །འབྲས་བུས་རྗེས་དཔག་རྒྱུ་ལ་དཔྱོད་དང་བསོད་ནམས་གནས་ལའང་ཡི་རང་བྱོས། །དེ་ལྟར་དགེ་ལེགས་ཀྱི་ཚིགས་སུ་བཅད་པ་ཀ་མ་ལ་གསར་པའི་ཕྲེང་བ་ཅུང་ཟད་བསྟར་བས་མདུན་བསུས་ཏེ། །དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་སུམ་རྩེན་རྣམ་པར་རྒྱལ་བའི་རྫོང་ཆེན་པོའི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་ཛཾ་གླིང་བཀྲ་ཤིས་འོད་འབར་གྱི་བཞུགས་བྱང་དཀར་ཆག་མདོ་ཙམ་བརྗོད་པ་ལ་བརྒྱད། །གང་ཞིག་བཞེངས་པའི་རྟེན་གྱི་ངོ་བོ། །གང་དུ་བཞེངས་ཡུལ་གནས་ཀྱི་མཚན་ཉིད། །གང་གིས་བཞེངས་བྱེད་བདག་པོའི་ཁྱད་པར། །གང་ཕྱིར་བཞེངས་པའི་དོན་དང་དགོས་ཆེད། །ཇི་ལྟར་བཞེངས་པའི་བྱ་བའི་ཚུལ། །རྟེན་གྱི་བཞུགས་བྱང་དཀར་ཆག་དངོས། །དེ་ལ་རབ་ཏུ་གནས་པའི་ཚུལ། །དེ་ལྟར་བཞེངས་པའི་ཕན་ཡོན་འབྲས་བུ་སྟེ་བཀྲ་ཤིས་པའི་གྲངས་དང་ལྡན་པའོ། །དེའི་དང་པོ་ལ་གསུམ། །བཞེངས་བྱ་སྟོན་པའི་རྣམ་ཐར། །རྟེན་གསུམ་གྱི་བྱུང་ཁུངས། །དེ་ལས་ཁྱད་པར་དུ་བྱ་བ་བཤད་པའོ། །དང་པོ་ནི། །རྒྱལ་བ་ཐམས་ཅད་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་ཅན་ཤ་སྟག་


LT37_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེ་དག་ལ་ཐ་དད་དུ་དབྱེ་ཞིང་རྣམ་པར་གཞག་པའི་སྤྲོས་མཚན་མ་དམིགས་པས། གང་དང་གང་དུ་གདུལ་བྱའི་རྒྱུད་རྣམ་པར་དག་པ་དེ་དང་དེར་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་གཅིག་ཏུ་འདུས་པའི་ངོ་བོ་ཅན་གྱི་མཛད་པ་རྒྱ་མཚོ་ཅིག་ཅར་དང་རིམ་གྱིས་ལ་སོགས་པར་སྣང་བ་ཡིན་མོད། འདིར་གདུལ་བྱའི་སྣང་ངོ་དང་བསྟུན་ཏེ་སོ་སོར་བཤད་ན་གཉིས། བདག་ཅག་གི་སྟོན་པ་དང་། དེ་དང་མི་གཉིས་པ་སློབ་དཔོན་ཆེན་པོའི་རྣམ་ཐར་ཕྱོགས་ཙམ་བཤད་པའོ། །དང་པོ་ནི། བདག་ཅག་གི་སྟོན་པ་འདི་ངེས་པ་དོན་གྱི་དབང་དུ་བྱས་ན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་བཟུང་། སངས་རྒྱས་རྒྱ་མཚོའི་རྣམ་པར་སངས་རྒྱས་པའི་ཚུལ་བསྟན་ཅིང་། སླར་ཡང་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་ནས་མངོན་པར་སངས་རྒྱས་པར་སྟོན་པའང་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། །དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པ་ལ་སོགས་པ་འབྱུང་བས་སོ། །དྲང་བའི་དོན་གྱི་


LT37_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ན་དང་པོར་ཐུགས་བསྐྱེད། བར་དུ་སྤྱོད་པ་སྤྱད། ཐ་མ་འཚང་རྒྱ་བ་རྣམ་པ་གསུམ་སྟེ། ཐུགས་བསྐྱེད་པ་དེའང་ཐེག་པ་ཆེ་ཆུང་གི་བཞེད་པ་གཉིས་ལས། ཐེག་དམན་པ་རྣམས་ཀྱིས་ནི། སྟོན་པ་འདི་སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པ་ན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཡངས་པའི་གྲོང་ཁྱེར་དུ་རྫ་མཁན་ཡངས་པའི་འོད་ཅེས་བྱ་བར་གྱུར་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་གྱི་དྲུང་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། ལྷག་པའི་ལྷ་ཞེས་བྱ་བའི་རྒྱལ་པོར་གྱུར་པ་ན་དེ་བཞིན་གཤེགས་པ་ཚངས་པའི་ལྷ་མཐོང་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལ་སོགས་པ་འདོད་དོ། །ཐེག་ཆེན་གྱི་ལུགས་སུ། སྔོན་སྟོན་པ་འདི་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་པ་ན། རང་ཉིད་ཀྱི་སྲས་རིན་ཆེན་སྙིང་པོ་ཞེས་བྱ་བ་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་དེས་སྲོག་ཆགས་རྣམས་ལ་ཆོས་སྟོན་པའི་ཚེ། རྒྱ་མཚོའི་རྡུལ་གྱིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འབུམ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས། མཐར་རང་ཉིད་ཀྱིས་རྩོད་པའི་དུས་སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་གྱི་དོན་མཛད་པར་གཡར་དམ་ཆེན་པོ་བཞེས་ནས་སྨོན་ལམ་ལྔ་བརྒྱ་བཏབ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་བཤད་


LT37_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཞན་ཡང་དམྱལ་སྲུང་ཨ་ཝང་གི་མེའི་ཤིང་རྟ་འདྲེན་མཁན་གྱི་གྱད་དུ་གྱུར་པ་ན་གྲོགས་ལ་ཨ་ཝང་གིས་མདུང་རྩེ་གསུམ་པ་བསྣུན་ཅིང་། ལྕགས་ཐོས་བརྡེག་པ་ལ་སྙིང་རྗེ་བསྐྱེད་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། ཚོང་དཔོན་གྱི་བུ་མངོན་དགར་གྱུར་པ་ན། དེ་བཞིན་གཤེགས་པ་མཛེས་ཆེན་ལ་བརྟེན་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་དོན་ཡོད་མཐོང་གི་དྲུང་དུ་ཐུགས་བསྐྱེད་པ་ལ་སོགས་པ་བཞེད་དོ། །བར་དུ་སྤྱོད་པ་སྤྱད་པའི་ཚུལ་ལ། ཉན་ཐོས་པ་རྣམས་སངས་རྒྱས་ཤཱཀྱ་ཐུབ་པ་ནས་བཟུང་། རིན་ཆེན་གཙུག་ཕུད་ཅན་གྱི་བར་མཆོད་པས་གྲངས་མེད་དང་པོ་དེ་ནས་མར་མེ་མཛད་ཀྱི་བར་གཉིས་པ། དེ་ནས་རྣམ་གཟིགས་ཀྱི་བར་གསུམ་པ་འདས་ཏེ། དེ་བཞིན་གཤེགས་པ་སྐར་རྒྱལ་ལ་བསྟོད་པས་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཚོགས་བཟླུམས་ཤིང་མཚན་དཔེའི་རྒྱུ་བསྒྲུབས་ནས་དགའ་ལྡན་དུ་དེ་ཉིད་ཀྱི་ཚེ་ཚད་དང་མཉམ་པར་བཞུགས་པ་སོགས་གྲུབ་མཐའ་དང་སྡེ་པའི་ཁྱད་པར་གྱི་འདོད་པ་དུ་མ་ཡོད་དོ། །ཐེག་ཆེན་གྱི་ལུགས་སུ་ནི། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་ནས་བསྐལ་པ་གྲངས་མེད་པ་དང་པོས་ཚོགས་ལམ་ནས་ས་དང་པོའི་བར་དང་། གཉིས་པས་དྲི་མ་མེད་པ་ལ་སོགས་


LT37_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་དང་། གསུམ་པས་མི་གཡོ་བ་ནས་སངས་རྒྱས་ཀྱི་སའི་བར་ཏེ་དེ་ལྟར་གྲངས་མེད་གསུམ་དང་། གཞན་ཡང་གྲངས་མེད་པ་སུམ་ཅུ་རྩ་གསུམ་དང་། གྲངས་མེད་པ་དུ་མས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་ལ་སོགས་པ་བཞེད་དོ། །ཐ་མ་འཚང་རྒྱ་བ་ན། ཐེག་པ་ཉི་ཚེ་བའི་ལུགས་སུ་ནི། གོང་དུ་བཤད་པ་ལྟར་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་བསྟོད་པའི་མཐར་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས་ཤིང་། དེ་ནས་འཕོས་ཏེ་རྒྱལ་བུ་དོན་གྲུབ་ཏུ་སྐྱེས་པ་སོགས་མཛད་པ་བཅུ་གཉིས་སྟོན་པར་འདོད་ལ། ཐེག་ཆེན་པ་རྣམས་ནི། འོག་མིན་སྟུག་པོ་བཀོད་པར་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱས་ནས། སྤྲུལ་པའི་སྐུ་ཞིག་ཞིང་འདིར་འཚང་རྒྱ་བའི་ཚུལ་སྟོན་པ་ལ་སོགས་པ་མདོ་སྔགས་ཀྱི་བཞེད་པ་དུ་མ་ཡོད་དེ། ལང་ཀར་གཤེགས་པ་ལས། གཙང་མའི་རིས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་པ་ལ་སོགས་པ་གསུངས་སོ། །འོ་ན་བཅོམ་ལྡན་འདས་དེ་སྤྲུལ་པའི་སྐུར་འཚང་རྒྱ་བའི་ཚུལ་བསྟན་པའི་མཛད་པ་དེ་གང་ཞེ་ན། ཐེག་པ་ཆེ་ཆུང་དང་། མདོ་སྔགས་ཀྱི་ཁྱད་པར་ལ་སོགས་


LT37_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཅན་ཡིན་པས་གཅིག་ཏུ་རྣམ་གཞག་བྱར་མེད་ཀྱང་། ཐུན་མོང་ལ་ཡོངས་སུ་གྲགས་པ་ནི་མཛད་པ་བཅུ་གཉིས་ཏེ། རྒྱུད་བླ་མ་ལས། །ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར། དགའ་ལྡན་གྱི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་པོས་ཆོས་ཀྱི་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་བསྟན་ནས་ཛཾ་བུའི་གླིང་དུ་འཕོ་བར་བརྩམས་པ་ན། ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་གླིང་དང་། ཡུལ་དང་། དུས་དང་། ཡབ་དང་། ཡུམ་སྟེ་རྣམ་པ་ལྔ་ལ་གཟིགས་ནས་ཛམྦུའི་གླིང་དུ་དབུས་འགྱུར་འཆང་སེར་སྐྱའི་ཡུལ་དེར་ཚེ་ལོ་


LT37_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པའི་དུས་ན་ཡབ་རྒྱལ་པོ་ཟས་གཙང་མའི་ཡུམ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པའི་གཟུགས་ཀྱིས་འཕོས་ཏེ་གང་གི་ཚེ་ལྷུམས་སུ་ཟླ་བ་བཅུ་རྫོགས་པ་དང་། ལུམྦི་ནཱིའི་ཚལ་ལྷ་དང་མི་ཡི་འབྱོར་པ་ཕུན་སུམ་ཚོགས་པས་བརྒྱན་པ་ག་ལ་བར། ངོ་མཚར་བའི་ལྟས་ཀྱི་མཚན་མ་རྒྱ་མཚོ་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་མངོན་པར་བཙས་ཏེ། དོན་ཐམས་ཅད་གྲུབ་པ། ཤཱཀྱ་ཐུབ་པ། ལྷའི་ཡང་ལྷ་ཞེས་བྱ་བའི་མཚན་རྣམས་ཀྱི་ཡི་གེ་ཡང་བརྗིད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུས་ཡི་གེ་དང་། རྩིས་དང་། འཕོང་ལ་སོགས་པ་བསྐལ་པ་རྒྱ་མཚོར་སྦྱངས་པའི་སྟོབས་ཀྱི་རྩལ་ཇི་སྙེད་པ་བསྟན་ཅིང་། གདུལ་བྱ་སྨིན་པའི་དགོས་པས་ས་འཚོ་དང་། གྲགས་འཛིན་ལ་སོགས་པའི་བཙུན་མོ་དྲུག་ཁྲི་དང་རྩེ་ཞིང་རོལ་པ་ལ་སོགས་པས་བྱང་ཆུབ་ཏུ་སྨིན་པར་མཛད་ནས། རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་པར་སྤྱོད་པ་རྣམས་གཟིགས་པས་རྒྱལ་སྲིད་སྤངས་ཏེ་བདག་ཉིད་ཀྱིས་བདག་ཉིད་རབ་ཏུ་འབྱིན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་པའི་བསམ་གཏན་བླ་དང་བཅས་པ་གང་ཇི་སྙེད་པ་བསྒྲུབས་ཤིང་། ཆུ་བོ་ནེ་རཉྫ་ནའི་ངོགས་སུ་ལོ་དྲུག་ཏུ་དཀའ་བ་སྤྱད་ཅིང་། བསམ་གཏན་


LT37_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་། བརྟུལ་ཞུགས་དེས་མི་གྲོལ་བར་མཁྱེན་ནས་དེ་དག་སུན་དབྱུང་བའི་ཕྱིར་ཁ་ཟས་རགས་པ་གསོལ་ཏེ། གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་བཞེས་ནས། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བླངས་ཏེ་བྱང་ཆུབ་སྙིང་པོ་ལྷ་དང་མིའི་འབྱོར་པ་ལས་འདས་པའི་རྒྱན་བཀོད་པ་ག་ལ་བ་དེར་གཤེགས་ཏེ་དགོངས་པ་མི་གཡོ་བར་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བདུད་རྩི་འཐོབ་པ་ལ་ཕྲག་དོག་ཅན་བདུད་ཀྱི་སྡེ་གང་ཇི་སྙེད་པའི་དམག་དཔུང་དེ་སྙེད་རྣམས་བྱམས་པའི་མཐུས་བཅོམ་སྟེ། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་བརྡུང་བའི་དུས་སུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཡུལ་ཝཱ་རཱ་་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་ནས་ཚངས་པ་གཙུག་ཕུད་ཅན་ལ་སོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ངོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞི་ལན་གསུམ་བཟླས་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་གཞན་ཡང་རྒྱལ་པོའི་ཁབ་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པར་བཀའ་བར་པ་དང་། ཐ་མ་སོགས་དྲང་ངེས་ཆོས་ཀྱི་འཁོར་ལོ་དང་། དཔལ་ལྡན་


LT37_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་སྟེ། སྔོན་ལྷའམ་མར་གྱུར་པ་སུས་ཀྱང་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་དག་འཇིག་རྟེན་དུ་བསྐོར་ཞིང་བསྟན་ནས། །ཇི་སྐད་དུ། རྒྱལ་བ་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ལ་ཕན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །ཞེས་གསུངས་པ་ལྟར་དོན་དམ་པར་སངས་རྒྱས་མྱ་ངན་ལས་མི་འདའ་ཡང་། སངས་རྒྱས་འབྱུང་བ་དཀོན་པ་ལ་སོགས་པ་བསྟན་པའི་དགོས་པ་དང་ལྡན་པས་གྲོང་ཁྱེར་རྩྭ་ཅན་གྱད་རྣམས་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་བར་དུ་རྒྱལ་བ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ། རིང་བསྲེལ་འཇིག་རྟེན་དུ་རྒྱས་པར་མཛད་པ་ཡིན་ནོ། །གཉིས་པ་ནི། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་པ་ལ་སོགས་པས་ལུང་དུ་བསྟན་པའི་སངས་རྒྱས་གཉིས་པ་པདྨ་སཾ་བྷ་བ་ནི། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་བདག་པོའི་རྐྱེན་འབའ་ཞིག་ལས་ཛམ་གླིང་འདིར་སྣང་བ་ཡིན་ཏེ། སློབ་


LT37_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཉིད་ཀྱི་ཞལ་ནས། ཆོས་སྐུའི་སངས་རྒྱས་རྣམས་ཀྱིས་དགོངས་པ་གཏད༔ ལོངས་སྐུའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཅིང་༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས༔ པདྨ་བདག་ཉིད་ཛཾ་བུའི་གླིང་དུ་འོང་༔ ཞེས་གསུངས་པ་ལྟར་རོ། །དེ་ཡང་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་འབུལ་བྱེད་སྟོན་པ་དང་འདུལ་ཐབས་ཆོས་ཀྱི་སྒོའང་དེའི་རྗེས་སུ་འགྲོ་བས་རྣམ་པར་ཐར་པ་ལ་ཚད་བཟུང་ཞིང་མཐའ་གཅིག་ཏུ་བཤད་པར་ནུས་པ་མ་ཡིན་ཏེ། རྡོ་རྗེའི་གསུང་ལས། ཐུབ་དབང་འདས་ནས་ཉི་ཤུ་རྩ་བཞིའི་ཚེ༔ འོད་དཔག་མེད་ནི་བྱང་སེམས་ཚུལ་བཟུང་བའི༔ འཕགས་པ་རྡོ་རྗེ་ཆེན་པོའི་ཐུགས་ཀ་ནས༔ པདྨ་བདག་ཉིད་ཧྲཱིཿཡིག་ཚུལ་དུ་སྤྲུལ༔དེ་ཡང་བྱེ་བ་ས་ཡ་གྲངས་མེད་པ༔ འཇིག་རྟེན་ཀུན་ཏུ་ཆར་བབ་ཚུལ་དུ་འོང་༔ རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པ༔ ཚད་བཟུང་རིས་སུ་བཅད་པ་སུ་ཡིས་ནུས༔ ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་འཕགས་བོད་གཉིས་སུ་བརྫུས་སྐྱེས་དང་། མངལ་སྐྱེས་གཉིས་སུ་རྣམ་པར་གཞག་པ་བྱུང་ལ། དེ་དང་མཐུན་པར་སློབ་དཔོན་ཉིད་ཀྱི་ཞལ་ནས་ཀྱང་། དེ་ཡང་ཁ་ཅིག་སྣང་ངོར་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཥར་པད་སྡོང་རྩེ་ལས་སྤྲུལ༔ཁ་ཅིག་སྣང་ངོར་ཨོ་


LT37_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རྒྱལ་པོའི་སྲས༔ ཁ་ཅིག་སྣང་ངོར་གནམ་ལྕགས་ཡོད་པའི་རྩེར༔ ཐོག་བབས་ཚུལ་དུ་བྱུང་ཞེས་ཐ་དད་ཀྱང་༔ ཞེས་གསུངས་སོ། །དེ་ལས་ཀྱང་གྲགས་ཆེ་བ་ནི་བརྫུས་སྐྱེས་ཡིན་ཏེ། །དེ་ནི་མ་ག་དྷཱ་རྡོ་རྗེའི་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། སྟེང་འགྲོའི་རྒྱལ་ཁམས་ཀྱི་ཤར་ལྷོ་དྷ་ན་ཀོ་ཥའི་མཚོ་ལས་པདྨའི་གེ་སར་ལས་སྐུ་འཁྲུངས་ཏེ་ཨོ་རྒྱན་གྱི་རྒྱལ་པོའི་བུ་སྐལ་མཛད། རྡོ་རྗེ་སེམས་དཔའི་ལུང་གིས་བསྐུལ་ཏེ་རྒྱལ་སྲིད་སྤང་ནས་ཡུལ་གཞན་དང་གཞན་དུ་གཤེགས་ཤིང་། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། གུ་རུ་མཚན་བརྒྱད་དང་། འཕྲུལ་མཚན་བཞི་བཅུ་ལ་སོགས་པ་སྐུའི་བཀོད་པ་དུ་མ་བསྟན་ནས་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་པའི་ཚུལ་མཛད། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་ནས་ཚེ་ལ་དབང་བའི་རིག་འཛིན་གྱིས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད་པ་དེས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་རྒོལ་བ་བཟློག །བདུད་དང་བདུད་ཀྱི་རིས་སུ་གྱུར་པ་ཐམས་ཅད་རྫུ་འཕྲུལ་གྱིས་བཅོམ་ནས་ཕྱག་རྒྱ་གཉན་པོའི་དམ་འོག་ཏུ་བསྡུས། ཤར་ཕྱོགས་བྷདྒ་ལ་སོགས་པའི་ཡུལ་ཁམས་དུ་མར་འགྲོ་བ་བསམ་གྱིས་མི་ཁྱབ་པའི་དོན་མཛད། འགྲོ་ལྡིང་གི་ཡུལ་དུ་གནོད་སྦྱིན་དང་ཕྲ་མེན་


LT37_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀླུ་གདུག་པ་ཅན་སོགས་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་ཤིང་། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་རྒྱས་པར་མཛད། ཁྱད་པར་དུ་སྐལ་བ་དང་ལྡན་པ་དྲུག་ལ་གསང་སྔགས་ཀྱི་བསྟན་པ་གཏད། དེར་ལོ་བཅུ་གཉིས་བཞུགས་ནས་ལྷོ་ནུབ་རྔ་ཡབ་གླིང་དུ་བཞུད་པར་འདོད་དོ། །དེ་ནས་བོད་ཡུལ་འདིར། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་ཕྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་དང་། །ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས་སངས་རྒྱས་ཀྱི་བསྟན་པ་དར་བར་ལུང་བསྟན་པ་ལྟར། འཇམ་དཔལ་དབྱངས་མིའི་བདག་པོའི་ཟོལ་ཅན་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡབ་མེས་ཀྱིས་བསྟན་པ་དར་བའི་སྲོལ་བཏོད་པའི་རྣམ་ཐར་མཐོང་བ་དང་། བདག་ཉིད་ཀྱི་སྨོན་ལམ་སད་པ་དུས་མཚུངས་པས་རྒྱལ་བསྟན་སྤེལ་བར་བཞེད་ནས། ཟ་ཧོར་གྱི་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཏེ་ཆོས་བསྟན་པས་བོད་ཀྱི་ལྷ་སྲིན་ཁྲོས་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་མཁན་པོས་མ་ཐུལ་བའི་ཚུལ་མཛད་དེ། སློབ་དཔོན་ཆེན་པོ་སྤྱན་དྲངས་དགོས་པར་ལུང་བསྟན་པ་ལྟར། རྒྱལ་པོས་སློབ་དཔོན་འདི་སྤྱན་དྲངས་ནས་ལྷ་སྲིན་མི་སྲུན་པ་ཐམས་ཅད་རྫུ་འཕྲུལ་གྱིས་སྤ་བཀོང་སྟེ་དམ་ལ་བཏགས། བསམ་ཡས་མི་


LT37_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་རབ་གནས་མཛད། དེ་ནས་སློབ་དཔོན་ཆེན་པོ་འདིའི་བཀའ་དྲིན་གྱིས་སྦ་ཁྲི་གཞེང་སོགས་སད་མི་མི་བདུན་རབ་ཏུ་བྱུང་། རྒྱ་བལ་གྱི་པཎྜི་ཏ་མང་པོ་འོད་དུ་སྤྱན་དྲངས་ནས་མདོ་སྔགས་ཀྱི་ཆོས་ཐམས་ཅད་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ། བཤད་གྲྭ་དང་སྒོམ་གྲྭ་མང་དུ་བཙུགས། ཆོས་སྐྱོང་བའི་རྒྱལ་པོ་ཉིད་དང་། ལྷ་སྲས་སྐུ་མཆེད། རྗེ་འབངས་ཉི་ཤུ་རྩ་ལྔ། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས་སྐལ་ལྡན་ཕོ་མོ་མང་པོ་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང་བས་གྲུབ་པ་ཐོབ་པ་སའི་རྡུལ་གྱི་འགྲན་ཟླར་བྱུང་། ཤིན་ཏུ་ཟབ་ཅིང་གནས་སྐབས་དེང་ཁྱབ་གདལ་དུ་སྤེལ་བར་མི་འོས་པ་རྣམས་ཟབ་མོའི་གཏེར་དུ་བཙས་ནས་དམ་ཅན་རྒྱ་མཚོ་ལ་གཉེར་དུ་གཏད། ཕྱི་རབས་སྐལ་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱོད་པར་དགོངས་པ་གཏད་པས། ཇི་སྐད་དུ་དཀོན་མཆོག་ཏ་ལའི་མདོ་ལས། ཕྱོགས་རྣམས་གང་ན་ཆོས་ཀྱང་མེད་གྱུར་པ། །ཕྱོགས་དེར་ཆོས་ཀྱི་གཏེར་ནི་སྟོན་པར་བྱེད། །ཅེས་གསུངས་པ་ལྟར་གཏེར་འབྱིན་སྐྱེས་བུ་དམ་པ་རྣམས་ཀྱིས་རིམ་གྱིས་བཏོན་ནས་དུས་སྐལ་དང་འཚམས་པར་འགྲོ་དོན་མཛད་བཞིན་པ་འདི་ཉིད་དོ། །གཞན་ཡང་བོད་ཡུལ་འདིར་སངས་རྒྱས་ཀྱི་


LT37_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནམ་གནས་ཀྱི་བར་དུ་མུ་སྟེགས་འོང་བར་མི་དབང་བའི་བཀའ་ནན་རབ་བརྫིད་བརྟན་མ་བཅུ་གཉིས་ལ་སྩལ་བ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་པ་ཐམས་ཅད་སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་ལ་སོགས་པས་བསྟན་ནས། ལྷོ་ནུབ་རྔ་ཡབ་གླིང་དུ་ངོ་མཚར་བའི་བཀོད་པ་རྒྱ་མཚོ་དང་བཅས་ཏེ་གཤེགས་ནས་ད་ལྟའང་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། ལྷག་པར་བོད་ཡུལ་ལའང་ཉིན་མཚན་དུས་དྲུག་ཏུ་ཐུགས་རྗེ་ཆེན་པོས་རྗེས་སུ་གཟིགས་པ་ནི་རྡོ་རྗེའི་གཡང་ངམ་བཞེས་པ་ཡིན་ནོ། །འོ་ན་འགྲོ་ལྡིང་ནས་རྔ་ཡབ་ཏུ་གཤེགས་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། གདུལ་བྱའི་བློ་དང་བསྟུན་པའི་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་པ་སྟོན་པའི་བདག་ཉིད་ཅན་ཡིན་གྱི། སྐྱེ་བོ་རང་རྒྱུད་ཀྱིས་བསྡུས་པའི་རྣམ་ཐར་མ་ཡིན་པའི་ཕྱིར་རོ། །དེས་ན་སློབ་དཔོན་ཆེན་པོ་འདི་ནི་ཛཾ་གླིང་སྤྱི་དང་། ཁྱད་པར་བོད་ལ་བཀའ་དྲིན་ཆེ་ཞིང་། མདོ་སྔགས་གཉིས་ལས་ཀྱང་སྔགས་ཀྱི་བསྟན་པའི་བདག་པོ་ཡིན་པས་མདོ་དང་སྔགས་ཀྱི་སྟོན་པར་བཤད་པའང་དོན་ལ་མི་འགལ་བར་ཤེས་པར་བྱའོ། །གཉིས་པ་ལ་གསུམ་ལས། ཐུགས་ཀྱི་རྟེན་ནི། བདག་ཅག་གི་སྟོན་པ་རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་འདི་ལ་རྟེན་གསུམ་གྱི་ཐོག་མར་ཐུགས་


LT37_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་རྟེན་བྱུང་སྟེ། སྟོན་པ་དེ་ཉིད་ལུམྦི་ནཱིའི་ཚལ་དུ་ངོ་མཚར་བའི་ལྟས་རྒྱ་མཚོས་ས་གསུམ་དགེ་བར་བྱས་པ་དང་ལྷན་ཅིག་བལྟམས་པའི་ཚེ། ཡབ་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་པདྨ་སྤུངས་པའི་མཆོད་རྟེན་བརྩིགས། དེ་ནས་བྱང་ཆུབ་མཆོད་རྟེན་སོགས་ཆ་བརྒྱད་མཆོད་རྟེན་དུ་གྲགས་པ་རྣམས་རིམ་པར་བྱུང་བ་དང་། གཞན་ཡང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་སོགས་སངས་རྒྱས་ཀྱི་རྟེན་དང་། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་མཆོད་རྟེན་མང་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་དད་པ་དང་ལྡན་ཅིང་སྐལ་པ་དགེ་བ་ཅན་རྣམས་ཀྱིས་རིམ་པར་བརྩིགས་པའོ། །སྐུ་རྟེན་ནི། བྲིས་འབུར་གཉིས་ལས་བྲིས་སྐུ་ནི་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་དྲྭཾ་ཡཾ་ནས་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རིན་ཐང་མེད་པའི་ནོར་བུའི་ཁྲབ་སྐྱེས་སུ་བསྐུར་བའི་ལན་དུ། སྟོན་པའི་སྐུ་རས་ལ་བྲིས་ཏེ་བསྐུར་བར་བརྩམས་པ་ན། རི་མོ་མཁན་གྱིས་སྟོན་པའི་གཟི་བྱིན་མ་བཟོད་པས་བྲི་བར་མ་ནུས་པའི་ཚེ། བདེ་བར་གཤེགས་པ་ཐུགས་རྗེ་ཅན་དེ་ཉིད་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་བཞུགས་པས་གཟུགས་བརྙན་ཆུ་ནང་དུ་ཤར་བ་བཞིན་རས་ལ་བྲིས་ཏེ། སྒྲ་སྒྲོགས་ཀྱི་རྒྱལ་པོ་ལ་སྐྱེས་ལན་བསྐུར་བ་ལ་ཐུབ་པ་ཆུ་ལོན་མར་གྲགས། ཤཱཀྱ་མིང་ཆེན་གྱི་འབངས་མོ་རོ་ཧི་ཏ་སངས་རྒྱས་ལ་དད་དེ་ཤི་བ་སིངྒ་ལའི་རྒྱལ་


LT37_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྲས་མོར་སྐྱེས་པ་ན། མུ་ཏིག་གི་ཆར་བབས་པས་བུ་མོ་མུ་ཏིག་འཁྲི་ཤིང་དུ་གྲགས་པ་དེས་ཡུལ་དབུས་ཀྱི་ཚོང་པ་ལས་སངས་རྒྱས་ཀྱི་མཚན་ཐོས་ནས་དད་པས་ཕྲིན་ཡིག་བསྐུར་བའི་ལན་དུ། སྟོན་པས་རས་ཀྱི་ངོས་ལ་འོད་ཟེར་བཀྱེ་བ་བཞིན་རི་མོ་མཁན་གྱིས་བྲིས་ནས་བསྐུར་བ་ལ་ཐུབ་པ་འོད་ཟེར་མར་གྲགས་པ་ལ་སོགས་པའོ། །འབུར་སྐུ་ནི། ཁྱིམ་བདག་དད་སྦྱིན་གྱིས་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་ན། སྟོན་པ་མ་གཤེགས་པས་གྲལ་གྱི་ཐོག་མ་མི་བརྗིད་པར་མཐོང་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཀྱིས་གནང་ན་བདེ་བར་གཤེགས་པའི་སྐུ་བགྱིད་དེ་གྲལ་མགོར་བཞུགས་པར་གསོལ་ཞེས་ཞུས་པས་སྟོན་པས་གནང་ནས་རིན་པོ་ཆེ་ལས་བྱས་པའི་སྐུ་གཟུགས་མང་དུ་བྱུང་བ་དང་། སྟོན་པ་ལྷ་ཡུལ་དུ་གཤེགས་ཤུལ་གྲོང་ཁྱེར་གསལ་ལྡན་གྱི་རྒྱལ་པོས་མཆོད་ཡུལ་དུ་ཙནྡན་གྱི་སྐུ་འདྲ་བཞེངས་པ། ཕྱིས་སུ་རྒྱ་ནག་ཏུ་ཕེབས་པ་ལ་ཙནྡན་ཇོ་བོ་ཞེས་གྲགས་པ་ལ་སོགས་པའོ། །གསུང་རྟེན་ནི། གསུང་རབ་ཀྱི་ཚོགས་ཡི་གེ་འདུས་པ་ལས་བྱུང་སྟེ། ཡི་གེའང་སྤྱིར་སྒྲ་དང་སྐད་ཇི་སྙེད་པ་དེ་སྙེད་དུ་སྣང་བས་མཐའ་གཅིག་ཏུ་བཤད་པར་ནུས་པ་མ་ཡིན་མོད། མུ་སྟེགས་བྱེད་རྣམས་ཀྱི་གཞུང་ལས་བྱེད་པོ་


LT37_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ལྔ་བསྟན་པའི་ནང་གསེས་ཡི་གེའི་བྱེད་པོ་ལྷ་རྟག་ཏུ་ཞི་བ་སྟེ་དབང་ཕྱུག་ཆེན་པོར་བཤད་ཅིང་། ཡི་གེའི་གཟུགས་ནི་ཡུལ་ཁམས་སོ་སོར་དར་བའི་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་ལས་ཁྱད་པར་དུ་འཕགས་པ་ནི་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་ལཉྩ་ན་དང་ཝ་རྟུ་ལ་ན་གར་ཡིག་ལ་སོགས་པའོ། །གསུང་རབ་གླེགས་བམ་དུ་བྲི་བའི་རྒྱུན་ནི། ཤེར་ཕྱིན་བརྒྱ་བྱིན་གྱིས་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྻ་ཞུན་མས་བྲིས་པ་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གླེགས་བམ་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་པས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་པར་བཤད་པ་ལ་སོགས་པའོ། །གསུམ་པ་ནི། དེ་ལྟར་རྒྱལ་བ་རྒྱལ་ཚབ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལས། སྤྱིར་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ་དེ་དག་གི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ནི་བརྟན་གཡོ་ཇི་སྙེད་ལ་ཁྱབ་ཅིང་། །གང་དང་གང་གིས་དད་པར་བྱེད་པ་དེ་དང་དེ་ལ་བྱིན་གྱིས་རློབ་པ་མཛད་པས་ན། དད་པའི་ཡུལ་དུ་གྱུར་པ་ཐམས་ཅད་ནི་རྟེན་དམ་པ་ཡིན་ཀྱང་། མཆོག་ཏུ་གྱུར་པ་སྐུ་བསོད་ནམས་ཆེན་པོའི་བྱིན་རླབས་འཇུག་པའི་རྟེན་བྲིས་འབུར་ལ་སོགས་པའི་སྐུ་བརྙན། གསུང་རྣམ་པ་ཐམས་ཅད་པའི་བྱིན་རླབས་འཇུག་པའི་རྟེན་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བ་


LT37_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་གླེགས་བམ། །ཐུགས་མཁྱེན་པ་གཉིས་ཀྱི་བྱིན་རླབས་འཇུག་པའི་རྟེན་ཆ་བརྒྱད་མཆོད་རྟེན་ལ་སོགས་པ་སྟེ། དེ་རྣམས་ལ་རྟེན་གསུམ་རིན་པོ་ཆེ་ཞེས་ཁོར་ཡུག་རི་བོའི་ཁོང་ན་ཉི་ཟླ་ལྟར་གྲགས་པ་གང་ཡིན་པའོ། །དེ་ལས་ཐོག་མར་ཆོས་སྐུའི་རྟེན་མཆོད་རྟེན་ནི། །སྤྱིར་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་སོགས་པ་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཆོས་སྐུའི་རྣམ་པ་དང་། རྟགས་དང་། མཚན་ཉིད་ཅན་གྱི་སྐུ་གདུང་མཆོད་རྟེན་ནི་ཆ་བརྒྱད་མཆོད་རྟེན་ལ་སོགས་པ་སྟེ། དེ་ལའང་དབྱིབས་དང་། རྒྱ་ཚད་ལ་སོགས་པ་གཞན་དང་གཞན་དུ་གྱུར་མོད་ཀྱི། །སྤྱི་ཙམ་དུ་འདུལ་བའི་མཆོད་རྟེན་གྱི་ཆ་དབྱེ་བ་ལས། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་གཞག་པ་སོགས་ནས་སྙིང་རྗེ་ཆེན་པོའི་བར་གྱི་ཡོན་ཏན་རྣམས་ཡུན་རིང་པོ་ནས་ཐབས་ཀྱི་བྱེ་བྲག་གིས་བསགས་པ་དང་། སྔོན་ཡང་དག་པར་མ་བསྒོམས་ཀྱང་དོན་གྱི་སྐབས་དག་ཏུ་འདུལ་བ་རྣམས་ཀྱིས་དྲན་པར་བྱ་བའི་ཕྱིར་ན་བསགས་པ་ཞེས་བྱ་བའམ། དྲན་པ་ཞེས་བྱ་སྟེ། དེ་དག་གི་གཟུགས་བརྙན་ལ་མཆོད་རྟེན་ཞེས་བྱའོ། །ཆོས་ཀྱི་སྐུའི་གཟུགས་བརྙན་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ལས་སའི་དབང་མོས་མངོན་པར་འདུ་མཛད་པ་ནི། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་


LT37_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་མཁྱེན་བརྩེའི་དབང་པོའི་མདུན་རྟེན་གསུམ་པོ་འདི་རྣམས་ལས་གང་ཞིག་བཞེངས་ན་ལེགས་ཞེས་བཀའ་འདྲི་ཞུས་པའི་ལན་དུ་བསླབ་སྟོན་ཇི་ལྟར་ཕེབས་པ་བཞིན། བདག་ཅག་གི་སྟོན་པས་ཀླུང་ནཻ་རཉྫ་ནའི་འགྲམ་དུ་འཇིག་རྟེན་ན་སུས་ཀྱང་མི་ནུས་པའི་དཀའ་བ་ཆེན་པོ་ལོ་དྲུག་ཏུ་སྤྱད་ནས། དེ་ལས་བཞེངས་ཏེ་མ་གངྷཱ་རྡོ་རྗེའི་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ་བྱུང་བ་སྟེ། སློབ་དཔོན་ཀླུས། མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །ཆུ་བོ་ནཻ་རཉྫ་ན་ཞེས་བྱ་བའི། །འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བ། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་གྱི་བྱང་ཆུབ་མཆོད་རྟེན་ནོ། །སྐུ་རྟེན་ལ་གཉིས་ལས། །དང་པོ་ནི། བདག་ཅག་གི་སྟོན་པ་ཉིད་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་སྐལ་པ་དང་མཐུན་པར་གཟུགས་སྐུ་དེ་སྙེད་དུ་སྟོན་པའི་ཕྱིར་གཅིག་ཏུ་ངེས་པ་མ་མཆིས་ཀྱང་། ལྷའི་དབང་པོས་ནོར་བུ་སྣ་ཚོགས་ལས་སྟོན་པའི་སྐུ་བཞེངས་པ། བི་ཤྭ་ཀརྨས་དགུང་ལོ་བརྒྱད་དང་བཅུ་གཉིས་ཀྱི་ཚད་དུ་བསྐྲུན་པ་རྒྱ་བལ་གྱི་ཡུལ་ནས་བོད་དུ་ཕེབས་པ་ལ་ཤཱཀྱ་མུ་ནི་དང་། མི་བསྐྱོད་རྡོ་རྗེ་ཞེས་ད་ལྟ་འཕྲུལ་སྣང་དང་ར་མོ་ཆེར་བཞུགས་པ་ལ། འདུལ་ལུང་ལས། །


LT37_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པ་བསོད་ནམས་བསགས་པའི་ཆེད་རིན་པོ་ཆེའི་རྒྱན་རུང་བར་གསུངས་པ་དང་། སྤྲུལ་སྐུ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་ཞལ་བསྒྱུར་བས་བོད་ཡུལ་གདུལ་བྱའི་མགོན་པོར་ཡུན་རིང་དུ་བཞུགས་པ་ལ་སོགས་པའི་རྟེན་འབྲེལ་དུ་དགོངས་ནས་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས་རིན་ཆེན་རིན་ཐང་མེད་པའི་དབུ་བརྒྱན་སྙན་རྒྱན་མགུལ་རྒྱན་རྣམས་ཕུལ་བ་ལ་ཇོ་བོ་རིན་པོ་ཆེ་གྲགས་པའི་བཟོ་རྒྱུན་ལྟར་ཕྱིན་དྲུག་དག་པའི་རྒྱབ་ཡོལ་རྒྱན་དྲུག་བཅས། རྣམ་དཔྱོད་དང་ལྡན་པའི་བཟོ་བོ་དུ་མས་འདུ་བགྱིས་པ་དང་། བདེ་བར་གཤེགས་པས་སློབ་པ་ལམ་གྱི་གནས་སྐབས་སུ་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་སྦྱོང་བ་དང་། སེམས་ཅན་རྒྱ་མཚོ་སྨིན་པ་དང་། སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པའི་ཕྱིར་དུ་སྐྱེས་པ་རང་ས་ཀྱི་ཕྲེང་བ་བཟུང་བ་ལས་ཤས་ཙམ་ཞིག་ངོ་མཚར་བའི་མཛད་པ་རྒྱ་མཚོ་དང་བཅས་ཏེ། བདེ་བར་གཤེགས་པ་དེ་ཉིད་ཀྱིས་བསྟོད་པ་བྱེད་པར་ལུང་གིས་བསྟན་པའི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དགེ་དབང་ཡབ་སྲས་ཀྱིས་ཉམས་འགྱུར་ཕུལ་དུ་བྱུང་བའི་སྙན་ངག་གི་ལུས་དང་རྒྱན་ལ་སྦྱར་ཏེ། འདོད་རྒུ་འབྱུང་བའི་ལེགས་བཤད་དཔག་བསམ་འཁྲི་ཤིང་དུ་གྱུར་པའི་བརྗོད་བྱ་རི་མོར་འབྲི་བའི་རྒྱུན་ཇི་སྙེད་ཅིག་བྱུང་བ་ལས། གནའ་བོའི་མཁས་


LT37_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཀྱི་སྤྱན་དང་ལྡན་ཅིང་། རི་མོའི་ཆགས་ཚད་དང་ལྡན་པ་དག་གིས་བྲིས་པའི་ཕྱི་མོ་ཁུངས་དང་ལྡན་པ་ལ་བརྟེན་ཏེ། རི་མོའི་ལས་ལ་རྣམ་དཔྱོད་འགྲན་ཟླ་དང་བྲལ་ཞིང་། བཟོ་བོའི་སྐྱོན་དུ་བཤད་པ་ཐམས་ཅད་སྤངས་པའི་ལྷ་རིས་པ་དུ་མས་འདུ་བགྱིས་པའོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་རྡོ་རྗེའི་སློབ་དཔོན་པདྨཱ་ཀ་ར་ནི། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་ཅིང་། གནས་དང་། ཞིང་དང་། ཡུལ་ལ་སོགས་པ་མ་ངེས་པར་སྣ་ཚོགས་པའི་ཆ་ལུགས་དང་བརྟུལ་ཞུགས་ཀྱི་རོལ་པས་ཞིང་ཁམས་རྒྱ་མཚོ་འགེངས་པར་བྱེད་པ་ཉིད་ན་དེའི་སྐུ་ནི་འདི་ལྟ་བུའོ་ཞེས་གཅིག་ཏུ་ཁ་ཚོན་གཅོད་པར་མི་རིགས་ཤིང་། ཡོངས་སུ་གྲགས་པ་ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད། འཕྲུལ་མཚན་བཞི་བཅུ་ལ་སོགས་པ་བྱུང་བ་ལས། འདིར་ནི་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་ཡབ་སྲས་རྗེས་སུ་བཟུང་བའི་ཕྱིར་ཕེབས་ཏེ། སྲས་མོ་མནྡཱ་ར་བ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱལ་པོས་ཐོས་ནས་ཁྲོས་ཏེ་ཏིལ་མར་གྱི་མེ་ལ་སློབ་དཔོན་བསྲེགས་ཀྱང་མ་ཚིག་པར། ཏིལ་མར་རྒྱ་མཚོ་འཁྱིལ་པའི་དབུས་སུ། པདྨའི་སྡོང་བོའི་རྩེར་ཁྱེའུ་ལོ་བརྒྱད་ཙམ་བལྟ་བས་ཆོག་མི་ཤེས་པར་སྤྲུལ་པ་ལ། རྒྱལ་པོས་མཇལ་བས་གནོང་ཞིང་འགྱོད་དེ་བཤགས་པ་བྱས། སྐུ་


LT37_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་ཞྭ་གོས་སོགས་མ་ལུས་པར་ཕུལ་བ་དེའི་དུས་ཀྱི་སྐུའི་ཆ་ལུགས་དང་སྐུ་ཆས་བཞེས་པ་ལ་གུ་རུ་ཟ་ཧོར་མར་གྲགས་པ་ཉིད་འདུ་བགྱིས་པའོ། །གསུང་རྟེན་ལ། ཇི་སྐད་དུ། གསུང་གཅིག་ཉིད་དུ་གསུངས་མེད་ཀྱང་། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་གསུངས་པ་ལྟར། རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་ནི་བསམ་གྱིས་མི་ཁྱབ་པས་ཆོས་ཀྱི་སྒོ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་མོད། འོ་སྐོལ་ཛམྦུའི་གླིང་དུ་བདེ་བར་གཤེགས་པ་ཐུགས་རྗེ་ཅན་དེས་བསྟན་པ་ལས་ཆ་ཤས་ཙམ་རྒྱ་གར་འཕགས་པའི་ཡུལ་ལ་སོགས་པར་བཞུགས་པ་ལས། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ལོ་པ་རྣམས་དང་བཅས་པའི་བཀའ་དྲིན་གྱིས་གངས་ཅན་གྱི་གསོས་སུ་ཕེབས་པ་རྣམས། བསྟན་པ་སྔ་དར་གྱི་སྐབས་དཔལ་བརྩེགས་རཀྵི་ཏ་སོགས་དང་། ཕྱི་དར་ལ་བཅོམ་ལྡན་རལ་གྲི། ཐམས་ཅད་མཁྱེན་པ་བུ་སོགས་མཁས་གྲུབ་མང་པོས་ཕྱོགས་གཅིག་ཏུ་བསྡོམས་པ་ལ་བཀའ་འགྱུར་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་པ་གང་ཡིན་པ་དེའང་ཡི་གེའི་ཕྱི་མོའི་སྤར་ཆ་ཤས་བྱུང་བའི་ནང་གསེས་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཆེན་པོ་འགྲན་ཟླ་ཐམས་ཅད་དང་བྲལ་བ་བསྟན་པ་ཚེ་རིང་ནས་སྤང་དུ་བསྒྲུབས་ཤིང་། །རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གཙུག་ལག་ཆོས་ཀྱི་སྣང་


LT37_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཞུས་ཆེན་མཛད་པའི་སྤར་མ་དང་། སྔ་འགྱུར་རྡོ་རྗེ་ཐེག་པའི་རྒྱུད་ཇི་སྙེད་པ་བཙུན་མོ་ཚེ་དབང་ལྷ་མོས་སྤར་དུ་བསྒྲུབས་པ་མཁས་དབང་དགེ་རྩེ་རིན་པོ་ཆེས་ཞུས་དག་མཛད་པ་དང་། བསྟན་འགྱུར་རིན་པོ་ཆེ་ས་སྐྱོང་ཕུན་ཚོགས་བསྟན་པས་སྤར་དུ་བསྒྲུབས་པ་ལ་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱིས་ཞུས་དག་མཛད་པ་བཅས་ཀྱི་སྤར་མ་རྣམས་དང་། སླར་ཡང་སའི་དབང་མོ་མཆོག་ནས་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་གཏོང་བ་ཆེན་པོས་གསེར་དངུལ་བཀྲ་མའི་བཀའ་འགྱུར་རིན་པོ་ཆེ་པུསྟི་བརྒྱ་ཕྲག་ལ་གསུམ་གྱིས་ལྷག་པ་བཅས་གླེགས་ཤིང་ཐག་དབུ་གདོང་དར་སོགས་དབུས་ལེགས་བཞེངས་པའང་བཞུགས་སུ་གསོལ་བ་ཡིན་ནོ། །ཉི་མས་མ་ཕྱེས་རྣམ་དཔྱོད་པདྨོའི་འཛུམ། །ལེགས་པའི་ཕྱོགས་ཀུན་རྫོགས་དང་ལྷན་ཅིག་པར། །བསོད་ནམས་བཅུད་དུ་སྨིན་པའི་བདག་རྐྱེན་ལས། །སྐྱེ་རྒུ་བུང་བ་ཉེར་འཚོའི་ལེགས་བྱས་བྱུང་། །རྟེན་གསུམ་ནོར་བུའི་ལྷུན་པོ་བསྐྲུན་པའི་ཤུགས། །སྲེད་མེད་བུ་ཡི་དཔུང་པ་བརྙན་པའམ། །ལྷག་མ་ཅན་ལ་འགྲན་ཟླར་ཆས་པ་བཞིན། །སྙིང་སྟོབས་མ་སྨད་ཀུན་དགའི་དཔལ་དུ་དར། །ལྷར་བཅས་ནོར་འཛིན་རྒྱན་ཆ་སྔོན་མེད་པ། །རྟ་ལྗང་ཅན་གྱིས་སྣང་བའི་གསེར་རི་ལྟར། །རྣམ་དཀར་མེས་པོས་སྤྲུལ་པའི་ངོ་མཚར་ཕུལ། །


LT37_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཀྲག་པའི་རྫོགས་ལྡན་འདི་ཁོ་ན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གང་དུ་བཞེངས་ཡུལ་གནས་ཀྱི་མཚན་ཉིད་ལ་གཉིས། སྤྱི་དང་། ཁྱད་པར་རོ། །དང་པོ་ནི། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ལས་རྒྱ་མཚོས་རྣམ་པར་བསྐྱེད་པའི་རྟེན་སྣོད་ཀྱི་འཇིག་རྟེན་རབ་འབྱམས་ནམ་མཁའི་མཐའ་ཀླས་པར་བརྡལ་བ་ལས། ལོངས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོས་ལོངས་སྤྱོད་པའི་གནས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ན་བཞུགས་པའི་རྒྱལ་བ་དེའི་བ་སྤུའི་ཁུང་བུ་རེར་ཡང་རྡུལ་སྙེད་ཀྱི་ཞིང་ཁམས་རྒྱ་མཚོ་སྣང་མོད། ཕྱག་མཐིལ་སྦོས་ཆུའི་རྒྱ་མཚོར་བརྟེན་པའི་པདྨ་རྣམས་ལས་འཇིག་རྟེན་གྱི་ཁམས་ཉེར་ལྔ་བརྩེགས་མར་གནས་པའི་ནང་གསེས། བཅུ་གསུམ་པ་མི་མཇེད་ཀྱི་འཇིག་རྟེན་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ། གླིང་བཞི་རེ་རེ་ཡང་གླིང་ཕྲན་བཞི་རེ་སྟེ་བརྒྱད་རེ་ཡོད་པའི་ནང་ནས། གང་དུ་མཆོག་གི་སྤྲུལ་སྐུ་འཚང་རྒྱ་བའི་གནས་རྡོ་རྗེ་ལས་གྲུབ་པའི་གདན་དང་ཤིང་ཛམྦུ་བྲི་ཀྵའི་ལྗོན་པས་མཚན་པ་ལྷོ་ཕྱོགས་ཛམྦུའི་གླིང་། །གླིང་གཞན་ལོངས་སྤྱོད་ཀྱི་ས་ཡིན་པ་ལས་འདི་ནི་ལས་ཀྱི་ས། གཞན་དུ་སངས་རྒྱས་མི་བྱོན་


LT37_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདིར་ནི་སངས་རྒྱས་བྱོན་པའི་གནས་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། ཛམྦུའི་གླིང་གི་ཡུལ་དབུས་མ་ག་དྷཱ་རྡོ་རྗེའི་གདན་ལས་ཤར་ཕྱོགས་སུ་མ་ཧཱ་ཙི་ན་སོགས་ཕྱོགས་དང་ཕྱོགས་མཚམས་སུ་ཡུལ་ཆེན་ཉི་ཤུ་རྩ་བཞི་ལ་སོགས་པ་ཡོད་པ་ལས། བོད་ཡུལ་དུ་ནི་ལྷན་ཅིག་སྐྱེས། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཞེས་སོགས་ཀྱིས་ལུང་དུ་བསྟན་པའི་བྱང་ཕྱོགས་བོད་ཁ་བ་ཅན་གྱི་ལྗོངས། སཱ་ལའི་སྨན་ལྗོངས་ཆེན་པོ་ཞེས་ཡོངས་སུ་གྲགས་ཤིང་། །འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཕྱག་མཚན་དུ་བཞེས་པ། གངས་རིའི་ལྗོངས་འདི་ལའང་སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་རྣམས་སུ་ཡོད་པ་ལས་སྨད་མདོ་ཁམས་སྒང་། དེ་ལའང་ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས་འབྲི་ཀླུང་གསེར་ལྡན་འཁྱིལ་བ་སྒེག་པའི་འགྲོས་ཀྱིས་འབབས་ཤིང་རྟག་ཆགས་གངས་ཀྱི་རྩེ་མོས་གནམ་སྔོན་འབིགས་པའི་ར་བས་བསྐོར་བ་ཟལ་མོ་སྒང་། ལྷ་ཆེན་རྡོ་རྗེ་བློ་གྲོས་ལ་སོགས་པ་དཀར་ཕྱོགས་ཀྱི་དགེ་བསྙེན་སྤུན་དགུ་སོགས་མཐུ་བོ་ཆེ་མང་པོ་གཉུག་མར་གནས་ཤིང་བསྲུངས་པས་ཡུལ་གྱི་དགེ་བཅུ་ཕུན་སུམ་ཚོགས་པ། རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོས་བྱིན་གྱིས་བརླབས་


LT37_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྡོ་རྗེའི་གནས་ཆེན་དུ་མ་དང་འདབ་འབྲེལ་བ། སའི་དཔྱད་ལེགས་རྒུ་སྤྱི་དང་ཁྱད་པར་ཐམས་ཅད་ཚང་བས་ཆོས་སྐྱོང་བའི་ལྷ་བཙན་པོ་ཇི་སྙེད་པའི་བཀའ་ལུང་གི་སྤྲིང་ཡིག་ཕྱོགས་ཀྱི་ཆེན་པོ་རྣམས་ཀྱི་ཟུར་ཕུད་ཀྱི་རྩེ་མོར་བཀོད་པ། མཁས་པ་དང་གྲུབ་པའི་སྐྱེས་བུ་བརྒྱ་ཕྲག་དུ་མ་འབྱུང་བས་རིས་མེད་རྒྱལ་བསྟན་པདྨའི་འབྱུང་གནས་ཀྱིས་ཡོངས་སུ་གང་བ་ལས་བྱེ་བྲག་ཏུ་གྲུབ་ཐོབ་རྒྱ་མཚོའི་སྤྱི་དཔལ་ཐང་སྟོང་རྒྱལ་པོས་ལྷ་སྲིན་ཀླུ་སོགས་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཤིང་ཡེ་ཤེས་ཆེན་པོས་བརྟན་གཡོ་བྱིན་གྱིས་བརླབས་པའི་གནས། འཇམ་དབྱངས་ས་སྐྱ་པ་ཡབ་སྲས་ཀྱི་བརྒྱུད་པ་རིན་པོ་ཆེའི་ལུང་རྟོགས་བསྟན་པའི་མཚོ་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁབ་སུམ་རྩེན་རྣམ་རྒྱལ་རྗོད་ཆེན་པོ་ཉིད་དུའོ། །ཚངས་པས་མ་ཡིན་ལེགས་རྒུ་བསོད་ནམས་ཀྱི། །དཔུང་པའི་ཤུགས་ཀྱིས་དྲངས་པའི་ནོར་ལྡན་མའི། །ལུས་ལ་རྟེན་གསུམ་ནོར་བུའི་རྒྱན་མཛེས་པ། །མཐོ་རིས་དབང་པོ་རྣམས་ཀྱི་ཡི་གར་འོང་། །པདྨོའི་ལང་ཚོ་བཀྲག་པས་ཉི་ཟེར་བཞིན། །ལེགས་བྱས་དབང་པོའི་མངོན་སུམ་འདི་ཡིས་ཀྱང་། །གང་ཞིག་ཕན་བདེའི་དངོས་པོ་དམ་པ་ནི། །ཕྲག་པར་ལྷུང་ཞེས་


LT37_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་རྣམས་ཅིས་མི་ཤེས། །དེ་སླད་ཁེངས་པ་བརྟུལ་ནས་དད་པའི་ཕྱག །ཡིད་འོང་པདྨའི་འདབ་མ་ཁ་འབུས་ཏེ། །གང་དག་ཡི་རངས་དབྱངས་ཀྱི་སྙན་འགྱུར་ནི། །སྒྲོགས་པ་ངེས་ཀྱང་འབྲས་བུའི་ཆ་ཤས་ལེན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་གང་གིས་བཞེངས་བྱེད་བདག་པོའི་ཁྱད་པར་ལ་གསུམ། སྡེ་དགེ་ཆོས་རྒྱལ་ཆེན་པོའི་གདུང་རིགས་དང་ཕྱག་རྗེས་ཀྱི་ཆེ་བ། ལེགས་བྱས་རྩོམ་པ་པོ་སའི་དབང་མོའི་ཡབ་མེས་ཀྱི་ཆེ་བ། སའི་དབང་མོ་ཉིད་ཀྱི་ངང་ཚུལ་ངོ་བསྟོད་མེད་པར་ཕྱོགས་ཙམ་བརྗོད་པའོ། །དང་པོ་ལ། ས་ལས་རྣམ་པར་རྒྱལ་བ་མིའི་དབང་པོ་སྡེ་དགེ་ཆོས་རྒྱལ་ཆེན་པོ་འདིའི་གདུང་རིགས་ནི། །མདོ་ཁམས་སམ་བོད་ཆེན་པོའི་ལྗོངས་ཞེས་གྲགས་པ་འདིར། སྤྱིར་སྒ་འབྲུ་སྦྲ་གདོང་སྟེ་རུས་ཆེན་སྡེ་བཞི་དང་། སྒོ་ལྷ་སྡེ་དཀར་པོ་ལྔར་བྱུང་བར་གྲགས་པ་ལས་ཕྱི་མ་སྒོ་ལྷ་སྡེ་དཀར་པོ། རྔུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་ལས་མགར་གྱི་རིགས། དེ་ལས་མགར་ཆེན་ཡེ་ཤེས་བཟང་པོས་སྨད་མདོ་དྲུག་གི་ས་ལ་དབང་བསྐྱུར། གཅུང་དམ་པ་ཆོས་སྡིངས་པ་འབྲི་གུང་འཇིག་རྟེན་གསུམ་མགོན་གྱི་སློབ་མར་གྱུར་ཏེ་གྲུབ་པ་ཆེན་པོ་བརྙེས། ཡེ་ཤེས་བཟང་པོའི་སྲས་བསོད་ནམས་རིན་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསོལ་དཔོན་


LT37_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་སེ་ཆེན་རྒྱལ་པོས་འཇའ་ས་བྱིན། དེའི་དབོན་རྡུ་རྒུ་རུའི་སྲས་ཟླ་བ་བཟང་པོར་གོང་མ་མཆོད་ཡོན་གྱིས་ས་དམར་སྟོང་དཔོན་གྱི་གོ་ས་གནང་། དེའི་སྲས་རྔུ་རྒྱལ་བ་བཟང་པོ། དེའི་སྲས་པདྨ་བསྟན་སྲུང་། དེའི་སྲས་དཀར་ཆེན་བྱང་ཆུབ་འབུམ། དེའི་སྲས་རྔུ་ཆོས་ཀྱི་རྡོ་རྗེ་ཀཿཐོག་པའི་རིང་ལུགས་བཟུང་བས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། དེའི་མཆེད་ཡ་བདེ་ཆེན་བསོད་ནམས་བཟང་པོ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། རྔུ་ཆོས་རྡོང་གྱི་ལུང་བསྟན་ལྟར་འབྲི་རྒྱུད་གྱེན་དེད་དུ་ཕེབས་པས་གླིང་བདག་དྲུང་གི་སྤྱན་སྔར་སླེབས། སྡེ་དགེ་ཞེས་པའི་མཚན་ཐོབ། དེ་ལ་སྲས་བཞི་བྱུང་བའི་ནང་ནས་བོ་ཐར་རམ་བཀྲ་ཤིས་སེང་གེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྤྱན་དྲངས། རྒྱལ་ཐབས་ཀྱི་མངའ་དབང་དང་པོར་ཐོབ། ལྷུན་གྲུབ་སྟེང་གི་ཆོས་སྡེ་ཐོག་མར་བཙུགས། དེའི་སྲས་བླ་མ་དཔལ་ལྡན་སེང་གེ་དང་། རྒྱལ་མཚན་འབུམ་གཉིས་ལས་རྒྱལ་མཚན་འབུམ་གྱི་སྲས་ཨ་སྔ་ལ་སྲས་བདུན་བྱུང་བའི་ནང་ནས་རྒྱལ་འཕེལ་གྱི་སྲས་ནམ་མཁའ་རྡོ་རྗེ། དེའི་སྲས་ལྷུན་གྲུབ། དེ་ཡི་སྲས་དྲུག་ནང་ནས་ཆེ་བ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་གཏེར་ཆེན་འཇའ་ཚོན་སྙིང་པོའི་ཆོས་བདག་ཏུ་ལུང་གིས་ཟིན། གཉིས་པ་དཔོན་ཀླུ་འཕེལ།


LT37_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བླ་མ་བྱམས་པ་ཕུན་ཚོགས་བསོད་ནམས་དང་སྟོབས་ཀྱི་དབང་ཕྱུག་ཆེན་པོར་གྱུར། ལྔ་པ་བླ་མ་ལྷ་སྲུང་དང་། དྲུག་པ་བླ་མ་ཀརྨ་བསམ་འགྲུབ་གཉིས་ཐུགས་དམ་དང་ཆོས་ཀྱི་བྱ་བ་ལ་བརྩོན་ཞིང་། ཀརྨ་བསམ་འགྲུབ་ཀྱིས་ཀཾ་ཚང་གི་གྲུབ་མཐའ་བཟུང་། དབོན་ཀླུ་འཕེལ་གྱི་སྲས་རྣམས་ལས་དཔོན་ཆེན་ཀུན་དགའ་ཕུན་ཚོགས་ཀྱི་སྲས་ཁྲི་ཆེན་སངས་རྒྱས་བསྟན་པ་ནི་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བར་གཏེར་ལུང་མང་པོ་ནས་ཟིན། དེའི་རྗེས་སུ་གཅེན་པོ་ཨོ་རྒྱན་བཀྲ་ཤིས་ཀྱི་སྲས་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་ཁྲི་བསྐྱངས། དེའི་མཆེད་ཡ་དབང་ཆེན་མགོན་པོའི་སྲས་ཆོས་རྒྱལ་བསྟན་པ་ཚེ་རིང་སྟེ། འདི་ཡི་མཛད་པ་ཕྱག་རྗེས་ནི་འགྲན་ཟླ་ཐམས་ཅད་དང་བྲལ་བར་ད་ལྟའང་མིག་དང་། རྣ་བའི་བདུད་རྩིར་གྱུར་ཅིང་། རིས་སུ་མ་ཆད་པའི་མཁས་པ་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར་བཞིན་པས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་པར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་འབྱུང་བ་ལྟར་གྱུར་པ་འདི་ཉིད་དོ། །དེའི་སྲས་གསུམ་ལས་བསོད་ནམས་མགོན་པོ་གཞིས་ཀར་བཞུགས། བླ་མ་ཕུན་ཚོགས་བསྟན་པས་ཁྲི་བསྐྱངས་


LT37_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཡབ་ཆོས་ཀྱི་རྒྱལ་པོའི་ཞལ་ཆེམས་ལྟར་བསྟན་འགྱུར་རིན་པོ་ཆེ་སྤར་དུ་བསྒྲུབས་པ་སོགས་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ། དེའི་རྗེས་སུ་ས་སྐྱོང་བློ་གྲོས་རྒྱལ་མཚན། དེའི་སྲས་ས་སྐྱོང་ས་དབང་བཟང་པོ། དེའི་སྲས་ཚེ་དབང་རྡོ་རྗེ་རིག་འཛིན་ནི་ཆོས་སྐྱོང་བྲན་དུ་ཁོལ་བ་ལ་སོགས་པ་ཆོས་སྲིད་ཀྱི་ཕྲིན་ལས་རྒྱ་ཆེ། དེའི་སྲས་ས་དབང་དམ་ཚིག་རྡོ་རྗེ་དང་། སྲས་བླ་མ། སྲས་གཅུང་བཅས་གསུམ་པོ་སོ་སོར་ཆོས་སྐྱོང་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རྣམ་ཐར་ཐུན་མོང་མ་ཡིན་པ་མངའ་བ་དང་། དམ་ཚིག་རྡོ་རྗེ་དང་ལེགས་བྱས་རྩོམ་པའི་བྱེད་པོ་སའི་དབང་མོ་འདི་གཉིས་ཀྱི་སྲས་སྐུ་མཆེད་གཉིས་ལས། དང་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་ད་ལྟ་གསེར་ཁྲིར་ཕེབས་ནས་ཆོས་སྲིད་བསྐྱང་བཞིན་པ་སྟེ། འདི་ནི་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལུང་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། ལྷ་སྲས་མུ་ཏིག་བཙད་པོ་སད་ན་ལེགས་མཇིང་ཡོན་གྱི་རྣམ་འཕྲུལ་དུ་ལུང་བསྟན། ཐུགས་སྒྲུབ་བར་ཆད་ཀུན་སེལ་གཙོས་གཏེར་ཆོས་དུ་མའི་རྩ་བའི་ཆོས་བདག་ཏུ་གྱུར་ཅིང་། གཞན་ཡང་པདྨའི་ཞལ་ཚབ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའམ། འཇམ་དབྱངས་མཁྱེན་


LT37_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་པོས་ཀྱང་ལུང་ཟིན་གྱི་ཆོས་ཀྱི་བདག་པོར་མངའ་གསོལ་ཞིང་གཟེངས་བསྟོད་པ་ལྟར། ཚུར་མཐོང་རྣམ་ཐར་ལའང་། སྐུ་ན་ཕྲ་བའི་དུས་ནས་བླ་མ་དང་དཀོན་མཆོག་སོགས་མཆོད་འོས་ལ་གུས་པ། རིགས་དང་གོ་སའི་ཁེངས་པ་མ་མཆིས་པས་ཤེས་བྱ་སྤྱི་དང་བྱེ་བྲག་གསན་བསམ་སྒྲུབ་པའི་ལས་ལ་བརྩོན་པ། བྱམས་པ་དང་སྙིང་རྗེས་མ་ནུས་པ་མཐའ་ནས་སྐྱོང་བ། ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པ་ལ་སྲི་ཞུ་དང་ཞབས་འདེགས་ཆེ་བ། ཐུགས་སྒམ་པས་དགོངས་པའི་གཏིང་བརྟག་པར་དཀའ་བ། གཟུ་བོར་གནས་པས་ཉེ་རིང་བར་མའི་ཕྱོགས་སུ་མ་ལྷུང་བ་སོགས་མདོར་ན་དམ་པའི་རྣམ་ཐར་མ་སྦས་མངོན་སུམ་དུ་གསལ་བ་དང་། གཉིས་པ་གཅུང་བླ་མ་ཡང་ཤེས་བྱ་ལ་མཁྱེན་རབ་ཆེ་ཞིང་། རྒྱལ་བ་གཉིས་པ་ངོར་ཨེ་ཝཾ་ཆོས་ལྡན་གྱི་རིང་ལུགས་ལྟར་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོས་དུས་འདའ་ཞིང་། ཞི་བ་དང་། དུལ་བ་དང་། ཐུགས་རྗེ་དང་བྱམས་པ་ཆེ་བ་སོགས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པར་བསྔགས་འོས་པ་ལགས་ལ། མདོར་ན་མིའི་དབང་པོ་འདིའི་གདུང་རབས་རྣམས་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པ་མཆོད་པས་ཡོངས་རྫོགས་བསྟན་པའི་སྦྱིན་བདག་དང་། ཉི་འོག་གི་སྐྱེ་རྒུ་


LT37_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལུགས་དང་མཐུན་པའི་བཀའ་ཁྲིམས་ཀྱིས་བསྐྱངས་པའི་ཕྲིན་ལས་དང་ཕྱག་རྗེས་ཅན་ཁོ་ན་བྱུང་བའི་ནང་གསེས། ཆོས་རྒྱལ་བསྟན་པ་ཚེ་རིང་སྐབས་ནས་གནམ་གྱི་ལྷ་གོང་མཆེན་པོས་ས་སྐྱོང་བའི་བྱེད་པོར་དབང་བསྐུར་ཞིང་། ལུང་ལས་འཇའ་ས་སྩལ་བས་ཐུ་སི་སྡེ་དགེ་གསན་ཡུ་སི་ཞེས་པའི་མཚན་གྱིས་ཤར་ཕྱོགས་ཆུ་གཏེར་ཆེན་པོ་ནས། ནུབ་ཕྱོགས་ཛཱ་ཏིའི་རྐང་པས་དག་བྱེད་འཐུང་བའི་བར་དུ་གྲགས་པ་མངོན་པར་གསལ་བ་འདི་ཉིད་དོ། །གཉིས་པ་ལ། བསོད་ནམས་ཀྱི་སྟོབས་དང་ལྡན་པ་རྣམས་ནི་དེའི་དབང་གིས་འཇིག་རྟེན་ན་ཀུན་གྱི་མཆོག་དང་གཙོ་བོར་འགྱུར་བ་ཆོས་ཉིད་ཡིན་པས། མདོ་སྨད་ཤར་དར་རྩེ་མདོ་ཞེས་པའི་སའི་ཐིག་ལེར་གྱུར་པ་ག་ལ་བར། དཔལ་མིའི་དབང་པོ་ལྕགས་ལ་མིང་ཆེན་རྒྱལ་པོ་ཞེས་མཚན་གྱིས་གྲགས་པ་མངོན་པར་གསལ་ཞིང་། ལས་དབང་སྟོབས་ཀྱི་དཔུང་པ་དར་ལ་དྲག་པས་ཡངས་པའི་ནོར་འཛིན་ལ་དབང་སྒྱུར་བ་མཛད་པ་ལས། དུས་རིང་མོ་ཉིད་ནས་རྒྱལ་རབས་དང་སྐུ་ངོ་གསེར་རིའི་ཕྲེང་བ་རིགས་དང་། བློ་དང་། གཟུ་བོར་གནས་པ་དང་། མངའ་ཐང་ལ་སོགས་པ་རྒྱལ་རིགས་དྲ་མ་ཆེན་པོའི་ཡོན་ཏན་དང་ལྡན་པ་ད་ལྟ་དཔལ་སའི་དབང་པོ་བཞུགས་བཞིན་པ་


LT37_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་དྲལ་རྣམས་ཀྱི་བར་དུ་བྱུང་བ་ཐམས་ཅད་ཀྱིས། རིས་སུ་མ་ཆད་པའི་སྐྱེ་རྒུ་མཐའ་དག་ལུགས་གཉིས་བཀའ་ཁྲིམས་ཀྱིས་བསྐྱངས་པ་དང་བསྟན། འཇམ་དབྱངས་གོང་མ་ཆེན་པོའི་ལུང་ལས་ཀྱིས་མངོན་པར་གཟེངས་བསྟོད་དེ་བཀའ་ལུང་ཤིང་རྟའི་ཁ་ལོ་བོད་ཤིང་སྒོ་ཅན་ལ་སྒྱུར་བའི་བྱེད་པོར་བསྔགས་པ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བརྒྱུད་འཛིན་སྐྱེས་ཆེན་དམ་པ་མང་པོ་དབུའི་མཆོད་གནས་སུ་བཀུར་ཏེ། སྨིན་གྲོལ་གྱི་གདམས་པ་ཟབ་མོ་གསན་ཅིང་ཐུགས་ཉམས་སུ་བཞེས་པའི་ཆོས་སྐྱོང་བའི་རྒྱལ་པོའི་རྣམ་པར་ཐར་པ་ཅན་ཤ་སྟག་བྱུང་བ་ཡིན་ནོ། །གསུམ་པ་ལ། བྱེ་བྲག་སྐབས་སུ་བབས་པ་རྣམ་དཀར་རྒྱ་མཚོའི་སྤྲིན་གྱིས་ཕྱོགས་ཀྱི་དཀྱིལ་འཁོར་དོག་པོར་བྱེད་པའི་ལེགས་བྱས་རྩོམ་པ་པོ་དཔལ་སའི་དབང་མོ་འདི་ནི། གོང་དུ་བཤད་པའི་ཆོས་རྒྱལ་ལྕགས་ལ་མཆོག་གི་སྲས་མོར་སྐུ་འཁྲུངས་ཤིང་། སྡེ་དགེ་ས་སྐྱོང་རིན་པོ་ཆེའི་ཆབ་སྲིད་འདོད་རྒུ་འབྱུང་བའི་བུམ་པ་བཟང་པོར་མགྲོན་དུ་ཁུག་པ་སྟེ། དེ་ཡང་རྒྱ་ཆེར་རོལ་པ་ལས། རྒྱགས་པ་མ་མཆིས་མི་གཡེང་ཟུང་ཐུབ་ཚུལ་འཆང་ཞིང་། །ང་རྒྱལ་མ་མཆིས་འགྱིང་དང་བྲལ་བས་བྲན་མོ་བཞིན། །སྒྲ་དྲི་རོ་ལ་མ་ཆགས་ཆང་ལ་མ་ཆགས་ཏེ། འདོད་བྲལ་བརྣབ་སེམས་མ་


LT37_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་རང་གི་ནོར་གྱིས་འཚལ། །བདེན་ལ་གནས་ཤིང་མི་འཕྱར་གཡེང་བ་མ་ལགས་པ། །ངོ་ཚའི་གོས་འཆལ་རྒོད་དང་ཁེངས་པ་མ་མཆིས་གནས། །རྟ་དང་བཀྲ་ཤིས་མ་ཆགས་རྟག་ཏུ་ཆོས་ལ་བརྩོན། །ཞེས་གསུངས་པ་ལྟར་རྒྱགས་པ་ལ་སོགས་པ་མེད་པས་མཆོད་འོས་ལ་གུས་པ། སྙིང་རྗེ་ཆེན་པོས་མངའ་འབངས་བྱམས་པས་སྐྱོང་བ། ནད་ལ་དཔྱད་གཏོང་བ་ལྟ་བུའི་ལེགས་སྤེལ་ཉེས་བསུབས་ཅུང་ཟད་ལས་གཞན་གྱི་སྲོག་གཅོད་པ་ལ་སོགས་པའི་ཁྲིམས་དྲག་པོ་མི་འབེབས་པ། རིས་མེད་པའི་བསྟན་པ་དེ་འཛིན་དང་བཅས་པ་ལ་དད་པ་དང་དག་པའི་སྣང་བ་རྒྱ་ཆེ་བ། བསོད་ནམས་ཀྱིས་ཐོབ་པའི་ནོར་གྱི་དངོས་པོ་ཇི་སྙེད་པ་ལ་ཆགས་པ་མེད་པས་བླ་མ་དང་དཀོན་མཆོག་གི་ཞིང་དུ་འབུལ་བ། ཕོངས་པ་དང་དམན་པ་ལ་ཐུགས་བརྩེ་བས་ཟས་སོགས་ཀྱིས་སྟོབ་པ། རྒྱུད་རང་བཞིན་གྱིས་འཇམ་ཞིང་བདེན་པ་ལ་གནས་པ། བློ་བརྟན་པས་འགྱུར་ལྡོག་མེད་པ། ཁ་ཏོན་དང་རྣལ་འབྱོར་སོགས་ཟབ་མོའི་ཐུགས་དམ་ལ་གཞོལ་བ་སོགས་བུད་མེད་དམ་པའི་རྣམ་པར་ཐར་པ་དང་ལྡན་པ་ཡིན་ཏེ། རྣམ་དཀར་གྱི་མཛད་པ་ནི་ལེགས་བྱས་འདིའི་ཤུགས་ལས་ཀྱང་ཅུང་ཟད་ཤེས་པར་འགྱུར་རོ། །ས་ལས་རྣམ་པར་རྒྱལ་བའི་


LT37_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་གྱི། །བརྒྱུད་པས་ལེགས་ཚོགས་རྒྱ་མཚོའི་སྙིང་པོ་ནི། །ལྷག་བསམ་ཉི་མ་འབར་བའི་འོད་ཟེར་གྱིས། །རྣམ་པར་དཀར་བའི་པདྨོའི་ནགས་ཀླུང་བྱེ། །དམན་པ་ཐོབ་དང་ནོར་རྣམས་འབྱོར་བ་ན། །སཱ་ལ་ཤ་སྐམ་སྡོང་བུ་བཞིན་ཏུ་རེངས། །དམ་པས་གང་ཚེ་དེ་དག་ཐོབ་པ་ན། །དཔག་བསམ་བཟང་པོའི་འདབ་མ་ལྟ་བུར་དུད། །འབྱོར་པས་བ་གམ་བཀངས་ནས་ཡོན་པོའི་མིག །གཏོང་ལ་ལྟ་བྱེད་ཁུ་ཚུར་དངུལ་ཆུ་ཅན། །དེ་དག་ལེགས་བྱས་འདི་མཐོང་ངོ་ཚའི་གདོང་། །ཟླ་བས་པདྨ་བཞིན་ཏུ་ཟུམ་པར་འགྱུར། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་གང་ཕྱིར་བཞེངས་པའི་དོན་དང་དགོས་ཆེད་ནི། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པར། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར། །ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྒྱ་མཚོ་གནས་སྐབས་སུ་ཕན་པ་དང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་བླ་ན་མེད་པ་འཐོབ་པའི་ཕྱིར་དང་། །བྱད་པར་ཛམྦུ་བྲྀཀྵ་ས་མཚན་པའི་ཞིང་སྤྱི་དང་། བྱེ་བྲག་གངས་ཅན་གྱི་ལྗོངས་འདིར་ཐུབ་པ་ཉི་མའི་གཉེན་


LT37_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བསྟན་པ་མདོ་སྔགས་གཉིས་ཀྱི་བདག་ཉིད་ཅན་སྐྱེ་རྒུ་ལྷ་དང་བཅས་པའི་སྐྱབས་དང་། མགོན་དང་། དཔུང་གཉེན་གཅིག་པུར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཕྱིར་དང་། དེ་ལྟར་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་ལ་ཕྲག་པར་དོག་པའི་ལྷ་མ་ཡིན་གྱི་ཆོས་ལུགས་འཛིན་པ་ཀླ་ཀློ་དང་། དེ་བཞིན་ཏུ་མུ་སྟེགས་བྱེད་དང་། བདུད་དང་། བདུད་ཀྱི་རིས་སུ་གྱུར་པ་གང་ཇི་སྙེད་པའི་མཐུ་སྟོབས་དང་ནུས་པ་ཉམས་ཤིང་། རྒྱལ་བསྟན་དེ་ཉིད་འཛིན་པའི་སྐྱེས་བུ་དམ་པ་ཐམས་ཅད་ཞབས་པད་བརྟན་ཅིང་། འཆད་རྩོད་རྩོམ་པ་ལ་སོགས་པ་བསྟན་པ་ལ་བྱ་བ་བྱེད་པའི་སྒོ་ནས་ཡུན་རིང་དུ་འཚོ་ཞིང་གཞེས་པའི་ཕྱིར་དང་། དེ་དག་གི་མཐུས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་ཡམས་དང་། མུ་གེ་དང་། དམག་འཁྲུགས་དང་། སད་སེར་ལ་སོགས་པ་མིང་ཡང་མི་གྲགས་ཤིང་། དཀར་ཕྱོགས་ཀྱི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་པས་ལོ་ཏོག་ཕུན་སུམ་ཚོགས་པ་ལ་སོགས་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པ་ནས། ཚེ་རིང་ཞིང་ནད་མེད་པ་སོགས་འཇིག་རྟེན་གྱི་བདེ་བས་མངོན་པར་འཚོ་སྟེ། དགེ་བའི་བཤེས་གཉེན་ཚད་མ་དང་མཇལ་བས་བསམ་པ་དཀར་པོའི་ཕྱོགས་སུ་འགྲོ་ཞིང་ཐེག་པ་གསུམ་གྱི་འབྲས་


LT37_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཐར་ཐུག་པ་འཐོབ་པའི་ཕྱིར་དང་། ཁྱད་པར་དུ་མིའི་དབང་པོའི་རྒྱལ་ཁབ་ཕོ་བྲང་ཆེན་པོ་སུམ་རྩེན་རྣམ་རྒྱལ་རྫོང་ཉིད་གསར་དུ་བསྐྲུན་པའི་ནང་ག་ལ་བར། ཛཾ་གླིང་ནོར་འཛིན་གྱི་ཁོང་ན་ཆེས་དཀོན་པའི་རྟེན་གསུམ་རིན་པོ་ཆེའི་ཕུང་པོ་ཇི་སྲིད་རྒྱལ་བསྟན་རིན་པོ་ཆེ་ནས་གནས་ཀྱི་བར་དུ་རིམ་གྱིས་བཞེངས་ཤིང་ཕྱུར་བུར་བཀང་བའི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་བརྒྱུད་མར་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཐོག་མ་དང་། དེ་དག་གིས་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་དེ་འཛིན་དང་བཅས་པ་སྲི་ཞུ་གུས་འདུད་ཀྱི་ཕྲག་པར་ཁྱེར་བས་ས་ཕྱོགས་འདི་ཆོས་ཚིགས་ཀྱི་ཡུལ་དབུས་ཞེས་པའི་མིང་ཡང་ཇི་སྲིད་དུས་ཀྱི་ཞུགས་དང་། ཤིང་རྟའི་འཕང་ལོ་ཙམ་གྱི་ཆུས་འབྱུང་པོ་འཛིན་མའི་དཀྱིལ་འཁོར་བག་ལ་ཞ་བར་མ་གྱུར་པ་དེ་སྲིད་དུ་གྲགས་པ་རྣམ་པར་གསལ་བའི་ཕྱིར་དང་། ཁྱད་པར་དུ་མིའི་དབང་མོ་ཉིད་ཀྱི་ཡབ་ཡུམ་དང་། དྲལ་པོ་དང་། མཆེད་ལ་སོགས་པ་བཞུགས་པ་རྣམས་སྐུ་ཚེ་རིང་ཞིང་ཆོས་མཐུན་གྱི་མངའ་ཐང་རྒྱས་པ་དང་། འདས་པ་རྣམས་ཀྱང་བདེ་བ་ནས་བདེ་བར་འགྲོ་བའི་ལུས་དང་། དམ་པ་ཆོས་ཀྱི་ལོངས་སྤྱོད་ཁྱད་པར་ཅན་ཐོབ་ནས། མཐར་ཐུག་རྒྱལ་བ་ཉི་མ་ཆེན་པོའི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཕྱིར་དང་། མདོ་


LT37_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནོར་འཛིན་གྱི་དབང་ཕྱུག་དཔལ་མིའི་ལྷ་རིགས་ཀྱི་སྲས་མཆེད་ཞལ་དང་། འབྱུང་འགྱུར་གྱི་རྒྱལ་རབས་ནོར་བུའི་ཕྲེང་བ་ཇི་སྙེད་པ་དང་བཅས་པའི་ཆོས་དང་སྲིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་རིས་མེད་རྒྱལ་བསྟན་རིན་པོ་ཆེར་སྲི་ཞུ་དང་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་དུ་རྒྱས་ཤིང་རྟག་ལ། བསྟན་པ་མཆོད་པའི་བཞེད་དོན་ལྷུན་གྱིས་གྲུབ་ཅིང་། བསྙུན་མི་མངར་བ་དང་། སྐུ་ཚེ་མཐར་ཕྱིན་པར་འཚོ་ཞིང་གཞེས་པ་ལ་སོགས་ཆོས་སྐྱོང་བའི་མཚན་གྱི་གྲགས་པ་དཀར་པོ་སྤྲིན་དང་བྲལ་བའི་ཉི་མའི་འོད་ཟེར་བཞིན་འབར་ཞིང་ནུབ་པ་མེད་པས་དེ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། སའི་དབང་མོ་ཉིད་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར་གྱི་སྲིད་པ་རྒྱ་མཚོར་དཀོན་མཆོག་བླ་མར་བཅས་པ་ལ་བཀུར་སྟི་དང་། བསྟི་སྟང་དང་། ཕུ་དུད་བྱེད་པའི་ལུས་ཁྱད་པར་ཅན་དང་། དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་རྗེས་སུ་བཟུང་བས་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཁྱད་པར་ཅན་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་མཐར་གྱིས་ཡོངས་སུ་ཞུགས་པའི་སྤྱོད་པ་ཁྱད་པར་ཅན་ཏེ། ཁྱད་པར་དུ་འཕགས་པ་དེ་དག་འཐོབ་པའི་ཕྱིར་དང་། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བའི་གོ་འཕང་རིན་པོ་ཆེ་ཐོབ་ནས། མགོན་པོ་


LT37_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་གཟིགས་ལ་སོགས་པ་དང་འཇིག་རྟེན་ཉི་མ་མཚུངས་པ་མེད་པ་གཞན་བརྒྱ་ཕྲག་བཅུའི་ཕྲིན་ལས་དང་། ཞིང་དང་། སྐུ་ཚེ་དང་། འགྲོ་བ་སྨིན་པར་མཛད་པའི་རྣམ་པར་ཐར་པ་འགྲུབ་པའི་ཆེད་དུ་ལྷག་པའི་བསམ་པ་གཡོ་མེད་པས་ཀུན་ནས་བསླངས་ཏེ་རྣམ་པར་དཀར་བའི་ལེགས་བྱས་ཀྱི་ཕུང་པོ་འདི་དག་མངོན་པར་འདུ་མཛད་པའོ། །མི་འཕེལ་ཉུང་བ་རང་དོན་མི་འཛད་པར། །འཕེལ་བ་གཞན་གྱི་དོན་ལ་སེམས་པས་ཏེ། །བསམ་པའི་ཁྱད་པར་འདི་ཡིས་ལེགས་བྱས་ནི། །ནམ་མཁའ་མཉམ་པའི་འབྲས་བུའི་འབྱུང་གནས་ཡིན། །ནོར་བུའི་ཁམས་ལས་རྒྱུ་སྐར་རྒྱ་མཚོ་ནི། །མཉམ་དང་མི་མཉམ་སྣ་ཚོགས་གཟུགས་འཛིན་བཞིན། །ལེགས་བྱས་མཉམ་ཡང་འབྲས་བུ་ཆུང་བ་རྣམས། །ཐབས་ལ་མཁས་པ་འདི་དང་བྲལ་བས་ལགས། །ཐེག་པ་མཆོག་གི་སེམས་ཀྱི་རྒྱ་མཚོ་ལས། །ལྷག་བསམ་ལྷུན་པོ་སྲིད་དང་ཞི་བའི་དབྱིངས། །ཕན་བདེའི་འོད་ཚོགས་འབར་ཞིང་མཐོ་བ་ནི། །སྲས་བཅས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཉིད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་པ་ཇི་ལྟར་བཞེངས་པའི་བྱ་བའི་ཚུལ་ནི། དེ་ལྟ་བུའི་བསམ་པ་དྲི་མ་མེད་པས་ལེགས་བྱས་རྒྱ་མཚོ་འདུ་མཛད་པའི་དངོས་གཞི་ལ་ཞུགས་ནས། འཛད་པ་


LT37_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གཏོང་བའི་སྒོ་འཕར་བརྒྱ་ཕྲག་དུ་མ་ཕྱེས་པ་དང་ལྷན་ཅིག་གྲུབ་པར་བགྱིས་པ་སྟེ། གནམ་ལོའི་རྒྱལ་པོ་ཆུ་སྤྲེལ་ཟླ་བ་དྲུག་པའི་ཚེས་བཞི་བདག་ཅག་གི་སྟོན་པས་ཞིང་འདིར་བདུད་རྩིའི་སྒོ་ཐོག་མར་དབྱེ་བར་མཛད་ཅིང་འཕྲོད་སྦྱོར་སོགས་བཀྲ་ཤིས་པའི་དུས་ཕུན་སུམ་ཚོགས་པ་ལ་ཐོག་མར་དབུ་འཛུགས་པའི་དགའ་སྟོན་གྱ་ནོམ་པ་དང་བཅས། གཞུང་ནས་བཤད་པའི་ཐིགས་དང་ཆགས་ཚད་ཇི་བཞིན་མ་འཁྲུལ་བར་གཏན་ལ་ཕབ་སྟེ། ལྷ་མགར་དབུ་མཛད་པ་བཟོ་རིག་ལ་གངས་ཅན་ཙམ་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་ཆེན་པོ་ཆབ་མདོ་བ་པདྨ་དབང་ཕྱུག་དང་། བཟོ་གནས་ལ་མངའ་བརྙེས་པ་དབུ་མཆན་ངག་དབང་བརྩོན་འགྲུས་སོགས་མི་ལྔ། མང་འགར་དྲུག་བཅས་བཅུ་གཉིས་ཀྱིས་ཟླ་བ་བཞིའི་ཁོངས་སུ་ཇོ་བོ་དང་། སློབ་དཔོན་སྐུ། མཆོད་རྟེན་བཅས་དངོས་གཞི་ཡོངས་རྫོགས་དང་། ཇོ་བོའི་བཞུགས་ཁྲི་པ་ཏྲ་དང་གསེར་བཅས་གྲུབ། ལོ་རྗེས་མའི་ཟླ་བ་ལྔ་པའི་ནང་ནས་ཟླ་བ་གཉིས་ཀྱི་ཁོངས་སུ་བཞུགས་ཁྲི་མཐའ་ཕུད་རྒྱུ་དང་། རྒྱབ་ཡོལ་རྒྱན་དྲུག་གསེར་དང་ཕྲ་རྒྱན་བཅས་ལེགས་པར་གྲུབ་བོ། །བྲིས་སྐུ་སྐྱེས་རབས་ཞལ་ཐང་ནི། ལྷ་རིས་པའི་དབུ་མཛད་སྒར་སྨན་གཉིས་ཀྱི་བྲི་རྒྱུན་ལ་འགྲན་ཟླ་མེད་པའི་རྣམ་


LT37_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ཅན་ཀརྨ་དགོན་པ་ཕུན་ཚོགས་དར་རྒྱས་དང་། དབུ་མཆན་བཀྲ་ནོར་དང་། བསམ་གཏན་གཉིས། དཀྱུས་གྲས་བཞི་བཅས་མི་བདུན་གྱིས་ཤིང་ཕོ་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་ཉེར་བདུན་ཤིན་ཏུ་དགེ་བར་དབུ་བཙུགས་ཏེ། ཟླ་བ་ལྔ་དང་ཞག་བཅུའི་ཁོངས་སུ་ལེགས་པར་གྲུབ་བོ། །སྐུ་རྒྱུ་ནི། ཇོ་བོའི་སྐུ། སློབ་དཔོན་སྐུ། མཆོད་རྟེན། གཉྫི་ར། སྤེན་རྒྱན་བཅས་ལ་ཟངས་རྒྱ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ཉི་ཤུ་ལ་འཁོར་དྲུག་ཉིས་བརྒྱ་ལྷག །ཚ་ལ་རྒྱུ་དངུལ་སྲང་བཅུ་གཉིས། སྔོ་འཁྱོག་སྲང་བཞི་བརྒྱ་བཞི་བཅུ་ལ་འཁོར་དྲུག་བཅོ་བརྒྱད། ཇོ་བོའི་སྐུ་རྐྱང་པར་གསེར་སྲང་བཅུ་བདུན་དང་ཞོ་བཞི་སྐར་ལྔ། བཞུགས་ཁྲི་རྒྱབ་ཡོལ་རྒྱན་དྲུག་བཅས་ལ་གསེར་སྲང་སུམ་ཅུ་སོ་གཉིས་དང་ཞོ་དོ་སྐར་དགུ་ལི་ལྔ། སློབ་དཔོན་ལ་གསེར་སྲང་བརྒྱད་དང་ཞོ་དོ། །མཆོད་རྟེན་ལ་གསེར་སྲང་དགུ་དང་ཞོ་དོ་སྐར་བཞི། གསེར་འཕྲུ་ལ་གསེར་སྲང་བཅོ་ལྔ་དང་ཞོ་གཅིག་སྐར་ལྔ། སྒོ་སྦུབས་ལ་གསེར་སྲང་གཅིག་དང་ཞོ་ལྔ་སྐར་ལྔ། འདི་ཡན་གསེར་ཐམས་ཅད་འབོར་བསྡོམས་སྲང་བརྒྱད་ཅུ་གྱ་བཞི་དང་ཞོ་དོ་སྐར་བཞི་ལི་ལྔ་སོང་། སྒྲོལ་མ་ཉེར་གཅིག་ཆ་གཉིས་སོགས་སྐུ་འཐོར་རྣམས་ལ་གསེར་སྲང་བཅུ་གཉིས་དང་ཞོ་གཅིག། ཐམས་ཅད་ལ་དངུལ་ཆུ་སྲང་བཞི་བརྒྱ་དང་བདུན་ཅུ་


LT37_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཅིག་ལ་དངུལ་སྲང་བཞི་བཅུ་ཞེ་གཉིས་དང་ཞོ་བརྒྱད་བབས་སོང་། ཇོ་བོ་ལ། བྱེར་ཕྲ་ཤིན་ཏུ་ཆེ་བ་གཉིས་ལ་དངུལ་རྡིལ་ཚད་གཅིག །དེ་མཆན་བརྒྱད་ལ་དངུལ་སྲང་བརྒྱ་དང་ཉི་ཤུ། བྱེར་ཕྲེང་ཕྱེད་གཉིས་ལ་དངུལ་སྲང་བཅུ་གཅིག །གསེར་གྭ་ལ་དངུལ་སྲང་སུམ་ཅུ། མུ་ཏིག་ཐམས་ཅད་འབོར་བསྡམས་དངུལ་སྲང་བརྒྱ་དང་ལྔ་བཅུ། སྤོས་ཤེལ་གཉིས་ལ་དངུལ་སྲང་ལྔ་བཅུ། ཡང་བྱེ་རུ་གཅིག་ལ་དངུལ་སྲང་བཅོ་ལྔ། དུང་དཀར་གཡས་འཁྱིལ་ལ་དངུལ་སྲང་བདུན་ཅུ་དོན་ལྔ། ཡང་སྤོས་ཤེལ་ཆེ་གཅིག་ལ་དངུལ་སྲང་དྲུག་ཅུ། ཁྲི་ལ་བྱེ་རུ་ཆེ་བདུན་ལ་དངུལ་སྲང་དྲུག་ཅུ། ཡང་དེ་ལས་ཅུང་ཆུང་བ་བཅུ་གཉིས་ལ་དངུལ་སྲང་བརྒྱད་ཅུ་གྱ་བཞི། སྤོས་ཤེལ་ཆེ་ཆུང་དྲུག་ལ་དངུལ་སྲང་དགུ། ཤེལ་ཕྲ་ཉི་ཤུ་ལ་དངུལ་སྲང་ལྔ། སློབ་དཔོན་ལ་བྱེ་རུ་ཆེ་གཉིས་ལ་དངུལ་སྲང་བཅུ་བདུན། ཡང་གཉིས་ལ་དངུལ་སྲང་བཅུ་བཞི། ཡང་གཅིག་ལ་དངུལ་སྲང་བཅུ། གསེར་གྭ་ལ་དངུལ་སྲང་ཉི་ཤུ། མཆོད་རྟེན་ལ་བྱེ་རུ་རྡོག་ཉེར་བཞི་ལ་དངུལ་སྲང་ལྔ་བཅུ། ཡང་རྡོག་དགུ་ལ་སྲང་བདུན། ཡང་བྱེ་རུ་དགུ་ལ་སྲང་སུམ་ཅུ། གཡུ་གྲུ་དཀར་བཞི་ལ་དངུལ་སྲང་ལྔ་བཅུ། གཡུ་ཕྲེང་ཕྱེད་གཉིས་ལ་དངུལ་སྲང་སུམ་ཅུ། དེ་འཕྲོས་གཡུ་ཕྲ་ཡོད་རིགས་ལ་དངུལ་སྲང་བདུན་ཅུ། བྱེ་རུའི་པད་ཀོར་ལ་དངུལ་སྲང་བདུན་བཅས་འབོར་བསྡོམས་རྡིལ་ཚད་ཉི་ཤུ་དང་སྲང་སུམ་ཅུ་ཐམ་པ་སོང་། སྐྱེས་རབས་ཞལ་ཐང་


LT37_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ལྔ་ལ། ཚོན་རས་གཞི་གཉིས་ལ་འཁོར་དྲུག་དགུ་དང་བག་གཅིག །གསེར་སྲང་གང་ཞོ་དོ་སྐར་ལྔ། གང་ཤམ་དྲིལ་ཏོག་སོགས་ལ་འཁོར་དྲུག་བཞི་བརྒྱ་དང་བཅུ་དགུ་འོག་ནས་འབྱུང་བ་བཟོ་བོའི་ཡོན་བཅས་བསྡམས་པས་འཁོར་དྲུག་དྲུག་བརྒྱ་དང་སུམ་ཅུ་སོ་གཉིས་སོང་། བཀའ་འགྱུར་རིན་པོ་ཆེ་ལ་བསླུ་ཡོན་དངུལ་སྲང་སུམ་བརྒྱ་དང་ལྔ་བཅུ། བསྟན་འགྱུར་ལ་བསླུ་ཡོན་དངུལ་སྲང་དྲུག་བརྒྱ་དང་ལྔ་བཅུ། རྙིང་རྒྱུད་ལ་བསླུ་ཡོན་དངུལ་སྲང་བརྒྱ་ཐམ་པ། བཀའ་འགྱུར་དང་རྙིང་རྒྱུད་གཉིས་ཀྱི་དཔེ་ཐག་ཏང་སྐུད་རྒྱ་རེར་དངུལ་སྲང་ལྔ་རེ་བརྩིས་པའི་རྒྱ་མ་བཅུ་བཞི་དང་སྲང་བདུན་ལ་འཁོར་དྲུག་བདུན་ཅུ་དོན་གཉིས་དང་བག་གཉིས། དཔེ་ལེབ་ཆ་གསུམ་རེ་ལ་རྒྱ་མཚལ་སྲང་རེས་འདོང་རྩིས་མཚལ་སྲང་ཞེ་ལྔ་ལ་འཁོར་དྲུག་བཞི། གསེར་སྐར་རེས་དཔེ་ལེབ་ཆ་རེར་འདོང་རྩིས་གསེར་འདུར་སྲང་གང་ཞོ་གསུམ་སྐར་གསུམ་ལ་འཁོར་དྲུག་ཉེར་བཞི། གདོང་དར་ཕྱི་ཁ་ཐི་ཁ་ལྔ་ལ་འཁོར་དྲུག་ལྔ་བཅུ། ནང་ཁ་དོག་བཞི་ལ་ཁ་ཉི་ཤུ་དང་། ཏད་སྐུད་རྒྱ་དོ། ནང་ཤ་རས་བཅས་ལ་འཁོར་དྲུག་ལྔ་བཅུ་དང་བག་གསུམ་བཅས་དང་བཀའ་འགྱུར་རྙིང་རྒྱུད་གཉིས་ཀྱི་བསླུ་ཡོན་རྣམས་འབོར་བསྡོམས་འཁོར་དྲུག་དྲུག་བརྒྱ་དང་དྲུག་ཅུ་རེ་བདུན་བག་གཉིས་སོང་། བསྟན་འགྱུར་གྱི་དཔེ་ལེབ།


LT37_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་ཐག་སོགས་ཀྱང་གོང་དང་ཕྱོགས་མཚུངས་ཀྱི་རིན་ཐང་དང་། རྒྱུ་རྩ་ཡང་སོང་བ་ཡིན་ནོ། །དེ་ནས་བཟོ་བོའི་གླ་ཆས་སྐོར་ལ། ཆུ་སྤྲེལ་ལོར་ཆབ་མདོའི་མགར་བ་དཔོན་གཡོག་བཅུ་གཉིས་ལ་ཟླ་བ་བཞི་ཡི་ཕོག་ཇ་ཐོག་ཕབ་པས་འཁོར་དྲུག་དྲུག་ཅུ་རེ་བཞི་དང་བག་གསུམ། གཞུང་འགར་ལྷུ་མགོན་གཙོས་མི་བཅུ་བཞི། ཁྲ་བ་དར་གཉིས། གཟི་རྒྱབ་བཞི། རྐོས་པ་གཅིག་བཅས་ལ་ཕོག་འཁོར་དྲུག་སོ་དགུ་དང་བག་གཅིག །ཆབ་མགར་རྣམས་ལ་ཐོག་མའི་སྟོན་ཆས་སྟོན་གདན་བཅས་འབོར་བསྡོམས་འཁོར་དྲུག་བཅུ་བདུན་དང་བག་ཕྱེད་གསུམ། བར་སྟོན་ལ་འཁོར་དྲུག་བཅོ་བརྒྱད་དང་བག་གཉིས། སྤྲོ་སངས་ཆོས་འཁོར་དྲུག་བཞི། སྤྱན་སྟོན་འཁོར་དྲུག་གསུམ་དང་བག་ཕྱེད་གསུམ། གསེར་སྟོན་འཁོར་དྲུག་བཅུ་བཞི་དང་བག་ཕྱེད་གསུམ། གྲུབ་སྟོན་ཆས་འཁོར་དྲུག་བཅུ་གཉིས་དང་བག་གསུམ། དབུ་ཆེན་ལ་རྟ་གོས་འཁོར་དྲུག་བདུན་ཅུ་དོན་ལྔ། དབུ་ཆུང་ལྔ་ལ་འཁོར་དྲུག་ལྔ་བཅུ་ང་བཞི་དང་བག་གཉིས། མགར་མང་དྲུག་ལ་འཁོར་དྲུག་བརྒྱད་དང་བག་གཉིས། སྟོན་ཆས་སྐོར་འབོར་བསྡོམས་འཁོར་དྲུག་ཉིས་བརྒྱ་དང་ང་དགུ་བག་ཕྱེད་གསུམ་སོང་། ཡོན་དབུ་ཆེན་ཉིན་རེ་ཇ་བག །དབུ་མཆན་ཉིན་གཉིས་རེ་དང་། མགར་མང་སུམ་ཁག་


LT37_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཁག །ལྔ་ཁག་བཅས་འབོར་བསྡོམས་འཁོར་དྲུག་བརྒྱ་དང་སོ་བརྒྱད། ལམ་ཆས་དང་སྦ་དར་བཅས་འབོར་འཁོར་དྲུག་དགུ་དང་བག་གསུམ། གསེར་རྒྱེབ་ཆས་ལ་འབོར་འཁོར་དྲུག་བརྒྱད་དང་བག་གཅིག །གཞུང་འགར་རིགས་ལ་སྟོན་ཆས་གནང་སྦྱིན་སོགས་འབོར་འཁོར་དྲུག་སོ་ལྔ་དང་བག་གཅིག་བཅས་ཐམས་ཅད་བསྡོམས་པས་འཁོར་དྲུག་ལྔ་བརྒྱ་དང་གསུམ་བག་གསུམ་སོང་། ཆུ་བྱ་ལོ་ལྷ་མགར་དབུ་དམངས་བཅུ་བཞི་ལ་ཕོག་ཟླ་བ་གཉིས་དང་། ཐོག་མཐའ་བར་གྱི་སྟོན་ཆས། དབུ་རྟ་གོས་སོགས་འབོར་འཁོར་དྲུག་བརྒྱ་དང་ཞེ་བརྒྱད་བག་གཅིག །ཡོན་འཁོར་དྲུག་དྲུག་ཅུ་རེ་བདུན་དང་བག་གསུམ། གཞུང་མགར་ལྷུ་མགོན་ཟླ་བ་བདུན། གཞན་མི་བཅུ་ཟླ་བ་བཞི་རེ། བཀྲ་བསམ་ཟླ་བ་ཕྱེད་གཉིས། བུ་འདོས་ཞག་ཉི་ཤུ། སྒོ་ལྕགས་བརྡུང་མཁན་མི་བདུན། ཞག་སུམ་ཅུ་རེ་བཅས་ཀྱི་གྲ་ཆས་ཕྱོགས་བསྡམས་འཁོར་དྲུག་བརྒྱད་ཅུ་གྱ་གཉིས་དང་བག་གཉིས། གཟི་རྐྱེབ་ཆོས་སྲུང་དང་རོགས་གཅིག་བཅས་ཟླ་བ་གསུམ་དང་། ཡང་མི་གསུམ་ཟླ་བ་གཉིས་བཅས་ལ་ཕོག་ཡོན་འཁོར་དྲུག་བཅུ་བདུན་དང་བག་ཕྱེད་གསུམ། མི་ལག་ཆབ་མགར། ལྷུ་མགོན་སོགས་ལ་འཁོར་དྲུག་བཅུ། ཐམས་ཅད་འབོར་བསྡམས་འཁོར་དྲུག་སུམ་བརྒྱ་དང་བཅུ་དྲུག་


LT37_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གཅིག་སོང་། སྐྱེས་རབས་བྲིས་ཡོན་ལྷ་བཟོ་དབུ་དམངས་བདུན་གཡོག་གཉིས་བཅས་ཟླ་བ་ལྔ་དང་ཞག་བཅུ་ལ་ཕོག་ཡོན། ཐོག་མཐའ་བར་གྱི་སྟོན་ཆས་དབུ་རྟ་གོས་གནང་སྦྱིན་བཅས་འབོར་འཁོར་དྲུག་ཉིས་བརྒྱ་དང་སོ་གཉིས། གསུང་རབ་ཀྱི་གླེགས་ཤིང་བཟོ་མཁན་ལ་གླ་ཆས་འཁོར་དྲུག་བཅུ་བཞི་བཅས་སོང་། རྟེན་བཞེངས་སྣ་སེལ་རིམ་གྲོར་འཁོར་དྲུག་བརྒྱ་དང་དགུ་བཅུ་གོ་གཉིས། གཟུངས་ཤོག་རྒྱ་ཤོག་ཁ་ཆིག་ཁྲི་ལྔ་བརྒྱར་དངུལ་སྲང་ཉེར་གཅིག །རྒྱ་མཚལ་སྲང་བརྒྱ་དང་ལྔ་ལ་དངུལ་སྲང་བཅུ་དང་ཞོ་ལྔ། གནོད་སྦྱིན་འཁོར་ལོ་སྒྲུབ་རྒྱུ་དང་། བུམ་གཏེར་སྒྲུབ་རྒྱུ། རབ་གནས་ཡོན་བཅས་འཁོར་དྲུག་ཉིས་བརྒྱ་དང་གྱ་བརྒྱད། ལྷ་མགར་རྣམས་ལ་ལོན་ཕོག་བཅས་འཁོར་དྲུག་བཅུ། དེ་དག་བསྡམས་པས་འཁོར་དྲུག་ལྔ་བརྒྱ་དང་བཅུ་དྲུག་གཞན་ཡང་སྒྲོལ་དཀར་ཉེར་གཅིག །སྒྲོལ་ལྗང་ཉེར་གཅིག །ཚེ་ལྷ་རྣམ་གསུམ། མཚན་བརྒྱད། གནས་བཅུ་སྐོར་བསླུ་ཡོན་འཁོར་དྲུག་ཉིས་བརྒྱ་དང་བདུན་ཅུ་དོན་དགུ་བག་གསུམ་བཅས་སོང་ངོ་། །རྟེན་དེ་དག་དང་རྗེས་འབྲེལ་མཆོད་ཆས་སྐོར་ལ། བཟང་གོས་རྒྱན་བཞི་ཡུགས་གཉིས་ཀྱིས་གཞི་བྱས་ཤིང་། གོས་འདྲ་ཡམ་བུའི་དམར་སྨུག་ཁ་བཅུ་དྲུག་དང་། འཇམ་སྔོ་ནག་ཁ་བཅུ་གཅིག་བཅས་


LT37_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཇའ་ཁྲིད་བྱས་པའི་ཀ་སར་གསུམ། ཀ་འཕེན་བཅུ་གཉིས་ནང་སྐྱིན་ཁབ་དང་གསེར་སྐུད་ཐག་དྲུབ་བྱས་པའི་རྒྱ་མཐོང་ཀ་འཕེན་གཉིས། གཞན་ཡང་ཀ་འཕེན་གསེར་ལས་བྱས་པ་ཊཾ་དྲུག་ལ། དམར་པོ་གཉིས། དམར་སྨུག་གཉིས། སྔོ་ནག་གཉིས་བཅས་ཆ་གསུམ། ཇོ་བོའི་མདུན་ཀ་བཞི་ལ་གོས་ཆེན་ཐག་དྲུབ་ཅན་འཕེན་བཞི་སྟེ་རེ་རེ་ལ་དངུལ་སྲང་བཞི་བཅུ་རེ་རི་བ། དུང་དཀར་རག་གསེར་གཤོག་པ་ཅན་དཔུས་ལེགས་ཆ་གཅིག །དངུལ་གྱི་མཚན་ཀོང་གཅིག་ལ་དངུལ་སྲང་ལྔ་བཅུ་ཡོད་པ། བདུན་ཚར་ཆ་གཅིག་ལ་དངུལ་སྲང་ལྔ་བཅུ། མཁར་བའི་མཚན་ཀོང་གཅིག་སྒྲོས་ལྡན། བརྒྱ་ཀོང་གཅིག །ཟངས་ཀྱི་ཆུ་སྐྱེས་གཅིག་ནང་གསེར་དངུལ་གྱི་མེ་ཏོག་གཡུ་བྱེར་གྱི་ཕྲ་རྒྱན་ཅན། རོལ་མོ་ཧོར་སྦུབས་སྤུས་ལེགས་གཅིག་ལ་དངུལ་སྲང་བཅུ་རི་བ། ཟངས་ཀྱི་མཆོད་གཏིབ་ཆེ་ལེགས་གཅིག །གསེར་རྔ་ཆ་གཅིག །གོས་ཆེན་གྱི་ནོར་ཕྲེང་བཅས་ཡོད་དོ། །གཞན་ཡང་སྤྱན་གཟིགས་མཆོད་པའི་རྫས་ལ། ལྕོག་ཁེབ་དང་ལྕི་ཁབ་སོགས་བཟང་གོས་སྣ་ཚོགས་འདྲེས་པའི་ཀ་འཕེན་ཆ་ལ་དངུལ་སྲང་བཞི་བཅུ། གསེར་ཊཾ་ཅན་དམར་སྨུག་ཆ། སྔོ་ནག་ཆ། དམར་སེར་ཆ་བཅས་ལ་དངུལ་སྲང་བདུན་ཅུ། ཚེམ་དྲུབ་ཅན་རྒྱན་བཞི་ཆ་གཉིས་ལ་དངུལ་


LT37_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་བདུན་ཅུ་རེ། གནམ་ཡོལ་རྒྱན་བཞི་དམར་ཁྲ་ཡུགས། ཧུ་ཙུ་དམར་པོས་མཐའ་བསྐོར། འཇའ་འགྲིགས་བཅས་ལ་དངུལ་སྲང་ཉེར་ལྔ་བཅས་འབོར་བསྡམས་རྡོ་ཚད་ཕྱེད་དྲུག་གི་རྒྱུ་རྩ་སོང་བས་མཚོན་སྤུས་དག་ཅིང་ནོམ་པ་ཆེ་བའི་བཀོད་པའི་བྱེ་བྲག་རྣམས་ཀྱང་འདུ་མཛད་པའོ། །དེ་ནས་འཇམ་དབྱངས་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་མདུན་ནས་སའི་དབང་མོ་མཆོག་ལ་ལེགས་འབུལ་དང་། མགར་རིགས་སྐོར་ལ་གནང་སྦྱིན་དགའ་སྟོན་བཅས་པའི་འཕྲོས་སུ་བདག་པོ་གཞུང་ནས་ཀྱང་ལེགས་འབུལ་དང་། མགར་རིགས་ལ་གནང་སྦྱིན་སོགས་སྤུས་ནམ་དག་ཅིང་རྒྱ་ཆེ་བ་དགའ་སྟོན་བཅས་སྩལ་བར་མཛད་པའང་ཞར་བྱུང་དུ་སྨོས་པའོ། །དེ་དག་གི་ཐོག་མཐའ་བར་གསུམ་དུ་ལས་ཀྱི་ཚགས་འཛིན་དོ་དམ་པ་ནི། མདུན་ན་འདོན་ཤིང་སཱ་ལ་ལྟ་བུའི་རྒྱུད་དུ་སྐྱེས་ཤིང་། ཤེས་རབ། དད་པ། བརྩོན་འགྲུས་སོགས་སྐྱེས་བུ་དྲ་མ་ཆེན་པོའི་ཡོན་ཏན་དང་ལྡན་པ་བཀྲ་ཤིས་ཚེ་འཕེལ་ནས་བགྱིས་པའོ། །གཏོང་བའི་རྐང་པས་སེར་སྣ་སྟོབས་ལྡན་ནི། །རྣམ་པར་བཅོམ་ནས་རྟེན་གསུམ་གླིང་བཞིའི་དཔལ། །སྐྱེ་རྒུའི་མགོན་དུ་ལེན་པའི་ཕྲིན་ལས་ཅན། །ཁྱབ་མཇུག་སྙིང་གི་ཆུ་སྐྱེས་ལས་ཐོན་བཞིན། །དངོས་པོ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ནི། །


LT37_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་མུ་ཁྱུད་དོག་པོར་བཀོད་པ་ལས། །འགྲོ་ལ་ཕན་བདེ་སྟེར་བའི་ཆོས་ཉིད་ཅན། །ནོར་བུའི་གྲུ་ཆར་སྐྱེ་རྒུ་སྨན་སླད་བསྙིལ། །ཡོངས་འདུ་ཉམས་དགའི་མཚལ་ན་མཐོ་རིས་ཀྱི། །བདེ་བས་རྩེ་རྣམས་དེ་བཏང་འདིར་ལྷག་སྟེ། །རྟེན་གསུམ་བསྐྲུན་པའི་ལས་ལ་ཡི་རངས་ན། །སྐལ་བཟང་རྣམས་ནི་དགྱེས་པར་མཛད་པར་རིགས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དྲུག་པ་རྟེན་གྱི་བཞུགས་བྱང་དཀར་ཆག་དངོས་ནི། དེ་ལྟར་རྟེན་གསུམ་རིན་པོ་ཆེ་བསྐྲུན་པ་མཐར་ཕྱིན་པའི་ཚེ་གཟུངས་འབུལ་གྱི་རིམ་པའི་སྐབས་སུ་སོན་པ་ན། སའི་དབང་མོ་མཆོག་གིས་རང་ཅག་ལ་མཐར་ཕྱིན་དགོས་པའི་གསུང་བསྐུལ་མཛད་པས། གཙོ་བོོར་ཀུན་མཁྱེན་བླ་མ་རིན་པོ་ཆེར་བསླབ་སྟོན་ཞུས་ཏེ་གཟུངས་འབུལ་རབ་གནས་ཀྱི་བར་དུ་ཇི་ལྟར་འོས་པའི་བཀའ་སྩལ་གནང་བ་ཉིད་གཞིར་བྱས། ཕྱག་བཞེས་ཚད་མ་དང་མཐོང་གོམས་ཀྱི་རྒྱུན་ལ་རང་རྟོག་གིས་མ་བསླད་པར། རྣམ་པར་དཀར་བའི་བསོད་ནམས་ཀྱི་ཕུང་པོ་སླར་ཡང་སྤེལ་བའི་ཕྱིར་ཆར་པ་ཆུ་གྲོགས་སུ་སྨིན་པའི་ལྷག་བསམ་གྱིས་ཞབས་འདེགས་ཞུས་པ་དང་། ཡོངས་འཛིན་མཁན་པོ་དཀོན་མཆོག་འོད་ཟེར། རྡོར་བྲག་སྤྲུལ་པའི་སྐུ་རིན་པོ་ཆེ། ཆོས་རྗེ་རྒྱལ་མཚན་བླ་མ། གྲ་སྒང་དགོན་དཔོན་བླ་མ་


LT37_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ར་བླ་མ་དཔལ་ལྡན་ཡེ་ཤེས། མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར། དགེ་བའི་བཤེས་གཉེན་ཕན་བདེ་བཟང་པོ་སོགས་མཁས་བཙུན་བཟང་གསུམ་དང་། མཁྱེན་བརྩེ་ནུས་གསུམ་གྱི་དབང་ཕྱུག་བཅུ་ཕྲག་གསུམ་ཙམ་འཛོམ་པས། ཐོག་མར་ས་གཞི་ལས་སུ་རུང་བའི་ཕྱིར། རྡོར་བྲག་སྤྲུལ་པའི་སྐུས་འཇམ་དཔལ་ཚེ་བདག་གི་སྒོ་ནས་དམ་སྲི་མནན་པ་དང་། ཕུར་པ་བླ་མས་ས་ལུགས་ཕུར་པའི་དགྲ་དུར་ཕུང་གསུམ་གྱི་མནན་པ། ཞི་བའི་སྦྱིན་སྲེག་ཚད་དང་ལྡན་པ་རྣམས་སྔོན་དུ་འགྲོ་བས་གཟུངས་འབུལ་གྱི་བྱ་བ་ལ་ཞུགས་པ་སྟེ། དེ་ལ་གཉིས། གཟུངས་སྒྲུབ་ཇི་ལྟར་བགྱིས་པ་དང་། གཞུག་ཚུལ་དངོས་སོ། །དང་པོ་ནི། ནང་གཞུག་གི་གཙོ་བོ་སྲོག་ཤིང་ཡིན་པས། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོང་ཀྱིས་བྱིན་གྱིས་བརླབས་པའི་ཁམས་བོད་སྟག་ཚང་མིང་ཅན་བཅུ་གསུམ་གྱི་ཡ་གྱལ་རོང་རྨེ་དཀར་མོ་སྟག་ཚང་ནས་བཏུས་པའི་ཤུག་པ་ལ་རྩེ་མོར་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པར་བཅོས་པ་ལ་གསེར་ཞུན་བྱུགས། དངོས་གཞི་གྲུ་བཞི་རྩ་རྩེ་ལྡན་པར་རྒྱ་མཚལ་བྱུགས་ཤིང་དགེ་སློང་ཚད་དང་ལྡན་པས་གནས་ལྔའི་ཡི་གེ་དང་གཟུངས་ཆེན་སྡེ་ལྔ་སོགས་འབྲི་བྱ་རྣམས་གསེར་ཞུན་གྱིས་དབུ་ཅན་བར་མཚམས་མེད་པར་བྲིས། གཡས་གཡོན་


LT37_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྩྭ་དུརྦ་དང་སྐུ་ཤའང་བཅིངས་ཤིང་བཟང་གོས་དང་དར་སེར་པོས་ལེགས་པར་དཀྲིས་པ་སྐུ་བརྟན་གཉིས་ལ་གསང་གནས་ནས་གཙུག་ཏོར་གྱི་བར་དང་། མཆོད་རྟེན་ལ་བུམ་གདན་ནས་ཆོས་འཁོར་གྱི་བར་དུ་སླེབས་པ་འདུ་བྱས། དེའང་བོད་སྔ་མ་ཕལ་ཆེར་གྱིས་རྩ་དབུ་རྐྱང་རོ་གསུམ་མཚོན་བྱེད་དུ་བཞེད་པའི་ཕྱག་བཞེས་སོར་བཞག་བྱས་ཏེ་དཱུརྦ་དང་ཀུ་ཤ་བཅིངས་པ་ཡིན་ལ། རྒྱ་བལ་གྱི་ཕྱག་རྒྱུན་ལྡན་པའི་མཁས་པ་ཚད་མ་འགའ་ཞིག་མཚོན་དོན་དེ་ཉིད་ཁུངས་མེད་རང་བཟོ་སྦྱར་བས་མི་འཐད་པར་བཞེད་ཅིང་། དཱུརྦ་དང་ཀུ་ཤ་འབུལ་བར་མི་མཛད་པའང་འཐད་དེ། སྤྱིར་སྲོག་ཤིང་དགེ་བཅུའི་དག་པར་བཤད་པ་ལས་རྩ་དབུ་མར་འཆད་པའི་གཞུང་མེད་པ་དང་། མཆོད་རྟེན་ཆོས་སྐུའི་རྟེན་ལ་རྩ་གསུམ་གྱི་མཚོན་བྱེད་མི་འཐད་པ་དང་། སྐུ་གཟུགས་ལ་མིའི་རིགས་འདྲར་སྦྱོར་རུང་། སངས་རྒྱས་ལྟ་བུའི་སྐུ་བརྙན་ལ་གཟུང་འཛིན་རྣམ་པར་དག་པས་རོ་རྐྱང་དབུ་མར་ཐམ་དགོས་པ་དང་། བླ་སྐུ་ལྟ་བུར་ཡང་དག་བྱ་དང་སྦྱར་དགོས་པའི་ངེས་པ་མེད་པ་མ་ཟད། སྤྱིར་སྐུ་བརྙན་ལ་སྲོག་ཤིང་ཆེད་དུ་བསྔགས་པ་མེད་པའི་ལུངས་མེད་པའི་ཕྱིར་རོ། །དེ་ནས་གཏེར་གསར་བཀྲ་ཤིས་གཏེར་བུམ་གཙོ་འཁོར་དགུ་ཟངས་ལས་བཅོས། སོ་སོའི་ཙཀྲ། འབྱུང་


LT37_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཉེས་སེལ་ཁ་བསྒྱུར་བཅས་དར་ཤོག་ཁ་དོག་གཞུང་མཐུན་ལ་གསེར་དངུལ་གྱི་ཁུ་བས་བྲིས། སྤྱི་དང་བྱེ་བྲག་པའི་རྫས་གཙང་ཞིང་དག་པས་གཏམས་ཏེ་གཞུང་མཐུན་ཚད་ལྡན་བསྒྲུབས། བླ་མ་ནོར་ལྷ་ཟངས་བུམ་དུ་དར་དམར་ལ་གསེར་གྱིས་བྲིས་པའི་གླང་འཁོར་རྫས་སྣ་ཆ་ཚང་བ་ནོར་བུར་བསླབས་པའི་རིལ་བུ་དང་བཅས་པ་རང་གཞུང་གིས་བསྒྲུབས། གནོད་སྦྱིན་ཕོ་དགུ་མོ་དགུའི་འཁྲུལ་འཁོར་རྗེ་བཙུན་གྲགས་པའི་བཞེད་པ་ལྟར་གསེར་ཟངས་ལ་གཟོང་་རིས་བྱས་པ་ཆ་གསུམ། དགེ་བའི་འདོད་འཇོའི་དགོངས་པ་ཡབ་རྐྱང་། ཡུམ་རྐྱང་། ཡབ་ཡུམ་སྦྲགས་པའི་འཁྲུལ་འཁོར་རྒྱས་བསྡུས་རིགས་བཟང་ཤིང་གི་བྱང་བུ་དང་རྒྱ་ཤོག་ལ་སྤར་བཏབ་པ་ཆ་གྲངས་སུམ་བརྒྱ་བརྒལ་བ་དང་། མགོན་པོ་ཡིད་བཞིན་ནོར་བུའི་གཏེར་བུམ་ཟངས་ལས་བཅོས་པ་གསུམ་དང་། རྫ་བུམ་དུ་མར་སྐུ་བརྙན་གསེར་དངུལ་གྱི་ཞུན་མས་བྱུགས་པ། གཟུངས་སྔགས། འདོད་གསོལ། གཡང་རྫས་ཀྱིས་གཏམས་པ་རྣམས་ངོས་དང་རྫོགས་ཆེན་མཁན་པོ་སོགས་དཔོན་སློབ་བཅུ་ལྷག་གིས་ཞག་བདུན་ཕྲག་གི་ཁོངས་སུ་རྟགས་ཐོན་བསྒྲུབས། གཏེར་གསར་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་ལས་ཚོགས་ཡིད་མཐུན་པ། ཚེ་རིང་བ།


LT37_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ནད་སེལ་བ། ནོར་རྒྱས་པ། ཆོས་འཕེལ་ཞིང་གྲོལ་བ་བཞི་ལྡན་དུ་འབྱུང་བའི་བུམ་པ་ལྔ་པོའང་སོ་སོའི་སྐུ་གཟུགས་སྔགས་བྱང་འདོད་གསོལ་བཟང་ཤིང་ལ་བྲིས་པ་དང་། གཞུང་མཐུན་བྱེ་བྲག་ཁྱད་པར་བའི་རྫས་སྣས་བཀངས་ཏེ་ཚུལ་བཞིན་བསྒྲུབས། ས་ལུགས་སེང་གེ་སྒྲའི་ལས་ཚོགས་ཀླུ་བུམ་གཙོ་བོ་ཟངས་དང་འཁོར་བརྒྱད་རྫ་བུམ་དང་། ཀླུ་དབང་རྒྱལ་པོའི་བུམ་པ་བཅས་སྐུ་དང་སྔགས་བྱང་འདོད་གསོལ་ཀླུ་སྨན་སོགས་བུམ་རྫས་གཙང་དག་གིས་བཀངས་ནས་བསྙེན་སོང་རྣམས་ཀྱིས་ཞག་བདུན་ཤ་ཆང་སྤངས་པའི་གཙང་སྦྲ་བཅས་བསྒྲུབས། རང་གླིང་ཕུར་པ་ལས་འབྱུང་བའི་ཀླུ་ནོར་རྒྱས་བུམ་པ། སྟག་ཤམ་བདུད་འདུལ་དྲག་མོའི་ལས་ཚོགས་ས་ལྷའི་གཏེར་བུམ་དང་། སྐྱི་གྲོང་ཐུགས་རྡོར་བའི་རྩ་གསུམ་དབང་ཆེན་འདུས་པའི་ལས་ཚོགས་བཀྲ་ཤིས་གཏེར་བུམ་རྣམས་ཀྱང་སོ་སོའི་རང་གཞུང་ལྟར་སྐུ་གཟུགས། རིང་བསྲེལ། རྫས་ཀྱི་ཁྱད་པར་རྣམས་གཙང་ཞིང་དག་པས་བཀངས་ནས་སོ་སོའི་གཞུང་དང་ཕྱག་ལེན་གྱི་ངེས་པས་བསྒྲུབས། ཛཾ་དཀར་རིགས་ལྔའི་གྭའུ་ཟངས་ལས་བཅོས་པར་གཙོ་འཁོར་གྱི་སྐུ་གཟུགས་སྔགས་བྱང་འབྲང་རྒྱས་གཡང་རྫས་ཀྱིས་གཏམས་པ་དང་། ཐོད་པ་མཚན་ལྡན་དུ་ཛཾ་དམར་སྲོག་འཁོར་ཐོད་རྫས་


LT37_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་གནད་ཀྱི་རྫས་ལྡན། རཏྣའི་རྟ་གསང་ལས་ཚོགས་ཛིན་ག་ཙིཏྟ་སྲོག་གི་འཁོར་ལོ་སུམ་སྦྲགས་གཞུང་མཐུན་རྫས་ཀྱིས་གཏམས་པའི་ཐོད་པ་རྣམས་ཀྱང་སོ་སོའི་གཞུང་མཐུན་གྱིས་སྒྲུབ་པ་ཞག་བདུན་ཕྲག་རེ་མཛད། རིག་བྱེད་མ། འདོད་རྒྱལ། ཚོགས་བདག་སྟེ་དམར་པོ་སྐོར་གསུམ་གྱི་སྐུ་རྟེན་སྲོག་འཁོར་དང་བཅས་པའང་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་མཛད་པའི་ཕྱག་བཞེས་ལྟར་བདུན་ཕྲག་གཅིག་ཏུ་བསྒྲུབས། གཏེར་རྙིང་ལུགས་སྲོལ་གསམ་འདུས། གླང་ཆེན་བཅས་ཆོག་སྨད་ཆར་མཚོན་ཆ་སྣེ་ཚང་དང་། སྟོད་ཆ་རྒྱུ་སྐར་རྒྱལ་ལ་ཕྱུག་པོ་དགུའི་ལག་ནས་བླངས་པའི་འབྲུ་ནོར་སོགས་གཡང་རྫས་ནོར་གཟུངས་རྣམས་ཀྱིས་བཀངས་ནས་བསྐྱེད་བསྟིམས་ནན་ཏུ་བགྱིས། ཀློང་གསལ་གཏེར་བྱོན་ཡེ་འབར་ལས་ཚོགས། རི་དབང་སྤྱི་བཅོས། ནཱ་ག་སྤྱི་བཅོས། ཉེས་པ་ཀུན་སེལ་དབང་གི་བུམ་པ་སོགས་གཞུང་དང་བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར་ཚད་ལྡན་དམིགས་སུ་བསལ་བ་བཅའ་སྒྲུབ་བྱས། ཛཾ་སེར་ནག །དཔལ་ཆེན་མ་སོགས་སོ་སོའི་སྐུ་དང་། སྔགས་བྱང་། འདོད་གསོལ། བུམ་རྫས་བཅས་པ་ལ་སོ་སོར་བསྐྱེད་རྫས་བརྟན་བཞུགས་དང་། ས་སྙིང་བུམ་པར་གནམ་ཆོས་དང་འབྱུང་རྩིས་ལུགས་སྦྲགས་པ་ཆགས་མེད་ཞབས་ཀྱི་ལུགས་ལྟར་བཅའ་སྒྲུབ་བྱས། གནས་བརྟན་བཅུ་དྲུག་གི་སྒོ་ནས་དགེ་འདུན་འདུ་བ་དང་མཐུན་པའི་འཁོར་ལོ་གནམ་ཆོས་ཐེམས་མེད་ལས་འབྱུང་བ་སྡོམ་ལྡན་གྱིས་བྲིས་


LT37_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལུགས་དེ་ཉིད་ཀྱི་སྒོ་ནས་བསྒྲུབས། ཆོས་དབང་གཏེར་བྱོན་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་ཀཱ་ཤི་ངུར་སྨྲིག་ལ་བྲིས་པ་ཕྱག་རྒྱ་བཞི་ལྡན་གྱིས་རབ་ཏུ་གནས། དགོངས་འདུས་རྒྱུད་དགུ་དང་མཐོང་གྲོལ། གཏེར་ཁ་གསར་རྙིང་གི་བཏགས་གྲོལ་མཐོང་གྲོལ་གྱི་གླེགས་བམ་རྣམས་སོ་སོར་བཤད་པའི་རྫས་དང་དྲི་བཟང་སྦྱར་བའི་མཚལ་གྱིས་བཏབ་ཅིང་ལས་གཞུང་སོ་སོ་བསྲངས་ཤིང་བསྐྱེད་བསྟིམས་དང་། རྒྱུད་དང་བཏགས་གྲོལ་སྔགས་རྣམས་ཚར་གྲངས་བཟླ་ཞིང་ཚོགས་མཆོད་རྟེན་བཞུགས་སོགས་གཞུང་མཐུན་བཅས་གྲོལ་བ་བཞི་ལྡན་གྱི་དངོས་པོར་བསྒྲུབས། གཙུག་ཏོར་གདུགས་དཀར་འཁོར་ལོ་ཁ་དོག་བྱུག་རྫས་མན་ངག་ལྟར་ཆད་ལྷག་མེད་པ་ལ་བསྐྱེད་བསྟིམས་སྒྲུབ་པ་ཚད་ལྡན་ཅན་ཆ་གྲངས་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཡབ་བཀའི་བཏགས་སྲོལ། ཡུམ་བཀའི་མཐོང་གྲོལ། མཁའ་འགྲོ་བཞིའི་ཙཀྲས་སོའི་རྫས་རི་ལ་བཅས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་བྱིན་རླབས་ཀྱི་ཕུང་པོར་བསྒྲུབས་ནས་སྩལ། ཐུར་མཁར་ཨ་ཇོ་བལ་པོའི་གཏེར་མ་བསོད་ནམས་གླང་པོ་སྟོབས་སྐྱེད་ཙཀྲ་ཆ་མང་པོ་ལྔ་པ་རིན་པོ་ཆེའི་ཕྱག་བཞེས་ལྟར་མཁའ་འགྲོ་ལྔ་བསྐྱེད་བསྟིམས་དང་རང་སྔགས་བཟླས་པ་བཅས་བགྱིས། བླ་མ་གོང་མ་ཁ་ཅིག་གི་ཕྱག་སྲོལ་ལྟར་ཡུལ་ཕྱོགས་སྲུང་བའི་དོན་དུ་རྡོར་འབུམ་ཆོས་གྲགས་ཀྱི་གཏེར་མ་བདུད་རྩི་བུམ་


LT37_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ལ་གནང་རིམས་སྲུང་བའི་ཙཀྲ་རྡོ་རྗེ་ཁྲབ་རིང་། སྐལ་ལྡན་བྱིས་པའི་ཟབ་གཏེར་གཉན་གག་ལྷོག་གཟེར་གསུམ་གྱི་གཙུན་འཁོར་ནག་པོ་དག་ཀྱང་རྫས་དང་ལྟེ་བས་དྲིལ་མན་ངག་ཕྱག་བཞེས་རྒྱུན་མ་འཆུག་པར་རིག་འཛིན་གོང་མའི་ཕྱག་ལེན་ལྟར་སོ་སོར་བསྒྲུབས། གོང་སྨོས་སྒྲུབ་པ་པོ་དམིགས་སུ་མ་བསལ་བ་དགོངས་འདུས། སྟག་ཤམ། གཏེར་གསར་སྐོར་རྣམས་རང་ནས་ཞག་གྲངས་ཅི་འགྲུབ་རེ་དང་། ས་ལུགས་རྣམས་དགོན་ཆེན་རྒྱལ་མཚན་བླ་མ་དང་། གྲྭ་སྒང་སྒྲུབ་སྡེའི་བླ་མ། དགེ་འདུན་འདུ་འཁོར་དང་། ཛཾ་དཀར་གྭའུ། གཏེར་བུམ་ཙཀྲ་ཕྲན་ཚོགས་ཕལ་མོ་ཆེ་མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར། སྙིང་ཐིག་སོགས་རྒྱུད་དང་བཏགས་གྲོལ་འགའ་ཞིག་མཁན་བླ་མ་དཀོན་མཆོག་འོད་ཟེར། ཛཾ་དམར་ཐོད་པ། ཐུགས་རྡོར་བཀྲ་ཤིས་གཏེར་བུམ། རིམས་སྲུང་སོགས་རྡོར་བྲག་མཆོག་སྤྲུལ་རིན་པོ་ཆེས་བསྒྲུབས་པར་མཛད་པ་སྟེ། མདོར་ན་བུམ་གཏེར། འཁོར་ལོ། རྒྱུད་དང་མཐོང་གྲོལ་རིགས་ཐམས་ཅད་དར་རས་ཀྱི་ན་བཟའ་སོ་སོར་འོས་པའི་ཁ་དོག་ཅན་གྱིས་བཏུམས། གཟུངས་ཐམས་ཅད་ལ་དྲི་བཟང་བྱུགས་ཤིང་རས་སེར་སྤོས་དཀྲིས་ནས། སྦྱོང་ཁྲུས་སྔོན་དུ་འགྲོ་བས་སོ་སོའི་གཞུང་མཐུན་བསྒྲུབས། མཐར་འདོད་དོན་ནན་དུ་གསོལ་ཞིང་བརྟན་བཞུགས་ཤིས་བརྗོད་ཀྱིས་མངའ་གསོལ་བ་ཤ་སྟག་ལས་


LT37_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དང་སྒྲུབ་པ་ལག་ལེན་ཇི་བཞིན་མ་གྲུབ་པའི་སླ་ཆོས་དང་གཟུགས་བརྙན་ཙམ་ལ་རྣམ་གྲངས་སུ་བགྲང་བ་ནི་གཅིག་ཀྱང་མ་མཆིས་སོ། །དེ་ནས་ནང་གཞུག་རིགས་ཐམས་ཅད་ལྷན་ཅིག་ཚོགས་པར་བྱས་ནས་སྦྱོང་བ་དང་། རྣམ་འཇོམས་དང་སྨེ་བརྩེགས་ཀྱིས་བསྒྲུབས་པའི་བུམ་ཁྲུས་སྔོན་དུ་འགྲོ་བས། ཐར་རྩེ་ཞབས་དྲུང་རིན་པོ་ཆེས་ཚེ་དཔག་ལྷ་དགུ་དང་། ཁོ་བོས་རྒྱུད་སྡེ་ལྔ་གཙོ་བསྡུས་ལ་བརྟེན་པའི་རབ་གནས་ལེགས་པར་བགྱིས། བྱེ་བྲག་གཟུངས་སྔགས་ཀྱི་རིགས་ལ་གཟུངས་སྒྲུབ་བྱ་ཚུལ་དརྤ་ཨཱ་ཙརྻའི་བྱ་བཏུས་ཀྱི་ཁུངས་ཀྱིས་ཟིན་པ་ལྟར་དགེ་ཕྱོགས་སྐོར་ནས་ཟབ་རྒྱས་ནན་ཏན་མཛད་པའི་ཕྱག་སྲོལ་ལྟར། བདག་བསྐྱེད་སྔོན་དུ་འགྲོ་བས་སྔགས་ཀྱི་ཚོགས་རྣམས་ཕྱོགས་བཞི་དབུས་ལྔར་པད་ཟླ་སོགས་ཀྱི་ཁྲིར་རིགས་ལྔར་ཕྱེ་བའི་ཡིག་འབྲུ་ལ། ཡེ་ཤེས་པའི་སྔགས་འབྲུ་བསྟིམས་ཏེ་གཟུངས་སྤར་དུ་གང་བཞུགས་ཚར་གྲངས་བཟླས་མཐར་བརྟན་བཞུགས་བྱ་བའི་གཟུངས་སྒྲུབ་ཀྱང་ཁོ་བོས་ཉིན་གཅིག་དང་། ཐར་བརྩེ་རིན་པོ་ཆེས་ཉིན་ཁ་ཤས་ལ་མཛད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་གཟུངས་སྒྲུབ་ཚད་དང་ལྡན་པ་གྲུབ་ནས་གཟའ་ཚེས་བཟང་པོར་བཀྲ་ཤིས་ཤིང་གནས་ཁང་བྱིན་དབབ་པའི་ཕྱིར་དུ། ལྷུན་གྲུབ་སྟེང་གི་རྡོ་རྗེ་འཛིན་པ་


LT37_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སོང་དང་། དགེ་འདུན་ལུང་རྟོགས་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོ་དང་། རྡོ་རྗེ་གུར་གྱིས་ཆོག་གར་གྱི་སྦྱོར་བ་བཅས་རྒྱས་པར་མཛད། རྟེན་རྣམས་ཀྱི་ནང་དུ་དྲི་བཟང་པོའི་སྨན་སྤོས་ཀྱི་འདམ་པ་བྱུགས་ཤིང་། ཇོ་བོ་རིན་པོ་ཆེའི་སྐུ་རྟེན་ལ་དུས་ཀྱི་འཁོར་ལོ་དང་བདེ་དགྱེས་སོགས་རྒྱུད་སྡེ་གོང་འོག་ནས་གསུངས་པའི་སྐྱེ་མཆེད་བྱིན་རླབས་དང་། གུ་རུ་རིན་པོ་ཆེ་ལ་མདོ་སྒྱུ་དོང་སྤྲུགས་རྣམས་ཀྱི་ལུས་དཀྱིལ་སྙིང་པོ་དག །ཁྱད་པར་སྟག་ཤམ་གཏེར་བྱོན་བླ་མ་ཡིད་བཞིན་ནོར་བུའི་སྐུ་རྟེན་མཐོང་གྲོལ་གྱི་བརྡ་ཡིག་དང་། བདུད་འདུལ་པད་འོད་ཀྱི་ལུགས་རྣམས་མཐིང་ཤོག་ལ་གསེར་ཞུན་གྱིས་བྲིས་པ་གནས་སོ་སོར་སྦྱར་ནས། རྟེན་རྣམས་གོང་འོག་མ་འཆོལ་བར་བཞུགས་སུ་གསོལ་བ་སྟེ།། ༈ །།ཐོག་མར་རྟེན་གཙོ་ཇོ་བོ་རིན་པོ་ཆེ་ལ། གདན་ཁྲིའི་འོག་ཏུ། རྒྱལ་བསྟན་དེ་འཛིན་དང་བཅས་པ་ལ་ལོག་པར་འཁུ་ཞིང་། འགྲོ་བའི་བདེ་སྐྱིད་འཇོམས་པར་བྱེད་པའི་ཡིད་སྲུབས་སྡེ་དང་བཅས་པ་ཐམས་ཅད་ཞི་བ་དང་། མེད་པ་དང་། བརླག་པར་འགྱུར་བའི་རྟེན་འབྱུང་དུ་མེའི་འཕྲུལ་འཁོར་གཅིག །རལ་གྲི་གཅིག །མདའ་གཅིག་རྣམས་མནན་ཏེ་གཡོ་མེད་ཏིང་ངེ་འཛིན་གྱིས་རྒྱས་


LT37_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། དེ་སྟེང་ས་འཛིན་གྱི་ནང་དུ་སྐྱེ་རྒུ་མཐའ་དག་ཕན་བདེའི་འབྱོར་པས་འཚོ་ཞིང་། བསྟན་པ་རིན་པོ་ཆེ་རྙེད་པ་དང་བཀུར་སྟིའི་སྒོ་ནས་འཇིག་རྟེན་ན་ཡུན་རིང་གནས་པའི་སླད་དུ་སེང་གེའི་སྒྲའི་ཀླུ་བུམ་དགུ། ཀླུ་དབང་རྒྱལ་པོའི་ཀླུ་བུམ་གཉིས། གཏེར་གསར་ཀླུ་བུམ་གཅིག །ས་སྙིང་གཏེར་བུམ་གཅིག །ས་ལྷའི་བུམ་གཏེར་གཙོ་འཁོར་ལྔ། ས་བདག་སྙིང་གཏེར་གཅིག་སེང་ཁྲིའི་ནང་། གླང་ཆེན་བཅས་ཆོག །ཐུགས་རྡོར་བཀྲ་ཤིས་གཏེར་བུམ། སྨད་ཕྱོགས་ལ། ཁྲབ་གཅིག །རྨོག་གཅིག །མེ་སྦོར་གཅིག །མདུང་གཅིག །མདའ་གཞུ་སག་ཇས་མ་བཅས་ཆ་གཅིག །རལ་གྲི་གསེར་ཤུབས་ཅན་གཅིག །རྔ་གཅིག་རྔ་ལྕག་བཅས། སྦུབས་ཆལ་ཆ་གཅིག །སིལ་སྙན་ཆ་གཅིག །མཁར་རྔ་གཅིག །དུང་དམར་ཆ་གཅིག་དུང་དཀར་ཡ་གཅིག །རྒྱ་གླིང་གཅིག །ཇ་འབྲུ་དང་པོ་བག་གཉིས། འགོ་ཁག་རས་སྒྱེ་གཉིས། འབྲུ་དང་འཁོར་དྲུག་གསུམ། སྤོབས་རྩེ་འཁོར་དྲུག་བཅུ་གཅིག །མར་དོ་གཅིག །འབྲུ་སྣ་དང་ཤིང་ཐོག་སྣ་ཚོགས་རས་སྒྱེ་གསུམ། བཟང་ཇ་བག་གཉིས། ཤིས་བརྗོད་དང་འདོད་གསོལ་གྱི་སྐོར་ལ། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། ཚེ་དཔག་མེད་ཀྱི་མདོ་ལས་བྱུང་བའི་ཕ་


LT37_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དྲུག་གི་སྨོན་ལམ་སཾ་སྐྲྀ་ཏའི་སྐད་དུ་བསྒྱུར་བ། ཕུན་སུམ་ཚོགས་འཛིན་སོགས་ཀྱི་བཀྲ་ཤིས། བསྟན་པའི་བདག་པོ་སོགས་ཀྱི་བཀྲ་ཤིས། བསྟན་པའི་དཔལ་གྱུར་སོགས་ཀྱི་བཀྲ་ཤིས། འབྱུང་པོ་གང་དག་སོགས་ཀྱི་བཀྲ་ཤིས། ཉིན་མོ་བདེ་ལེགས་སོགས་ཀྱི་བཀྲ་ཤིས་ཏེ་དེ་རྣམས་ཤློ་ཀ་རེ་རེ་སཾ་སྐྲྀ་ཏའི་སྐད་དུ་བསྒྱུར་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ངེས་པ་ལ་གསུངས་པའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས། གཞན་ཡང་བཀྲ་ཤིས་ཐོར་བུའི་རིགས་རྣམས་ཀྱི་མཐར་རིག་པ་ཕུག་རོན་གྱི་གཟུངས་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒྲུབ་པ་དང་འཆད་པའི་སྒོ་ནས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། དེ་འཛིན་གྱི་སྡེ་རྣམས་བསླབ་པ་གསུམ་དང་ཆོས་སྤྱོད་བཅུ་མཁས་ཚུལ་གསུམ་ལ་སོགས་པ་དམ་པའི་སྤྱོད་པ་འཕེལ་ཞིང་། སྐྱེ་རྒུ་སྤྱི་དང་བྱེ་བྲག་སྦྱིན་པའི་བདག་པོ་མངའ་རིས་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་སོགས་ལེགས་ཚོགས་གང་ཇི་སྙེད་པ་རྒྱས་ཤིང་རྟག་ལ་འགྱུར་བ་མི་དམིགས་པའི་འདོད་གསོལ་གྱི་རིམ་པ་རྣམས་བཞུགས། པད་གདན་ནང་དུ། ཟངས་དཀར་བཀྲ་ཤིས་པའི་རི་མོ་ཅན་མར་ཁུས་གཏམས་པ། དེའི་སྟེང་དུ་གནོད་སྦྱིན་འཁོར་ལོ་རྣམས་དང་། གཏེར་གསར་བཀྲ་


LT37_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་གཏེར་བུམ་གཙོ་འཁོར་དགུ། ཛཾ་སེང་སྐུ་བརྙན། ཛཾ་དཀར་གྭའུ། ཛཾ་ནག །ཛཾ་ལྗང་། ནོར་རྒྱུན་མ། དཔལ་ཆེན་མ། ཚོགས་བདག་དཀར་པོ་རྣམས་ཀྱི་བུམ་གཏེར་རེ་རེ། དམར་པོ་སྒོར་གསུམ་བུམ་གཏེར་གསུམ། མགོན་དཀར་བུམ་པ་བཞུགས་སྣོད་སྒམ་ཆུང་བཅས། བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོ། གུ་གེ་ཆིག་དྲིལ། སྲུང་བ་རྡོ་རྗེ་ཁྲབ་རིང་། བསོད་ཐག་ཉིན་མོ་བདེ་ལེགས། གསེར་སྲང་གང་། དངུལ་རྟ་རྨིག་མ། བྱེ་རུ་རྒྱན་ལག །ཡང་བྱེ་རུ་དཀྲུགས་མ་རྡོག་གསུམ། མུ་ཏིག་བརྒྱ་ཞགས། ནལ་རྡོག་གཅིག །སྤོས་ཤེལ་རྡོག་གསུམ། གཡུ་གྲུ་དཀར་རྡོག་གཅིག །རྒྱ་གཡུ་རྡོག་གཅིག །མུ་མེན་རྡོག་གཅིག །དུང་རྡོག་གཅིག །འཆང་རྡོག་གཅིག །ཤེལ་རྡོག་གསུམ། གཟི་ལེབ་གཅིག །རྒྱལ་རོང་གི་གསེར་འགུ་ཕྲ་རྒྱན་ཅན་གཅིག །གཡང་ཊིའི་ཛཾ་ལྷའི་སྐུ། གཡང་ཊིའི་མཐེ་སྐོར་གཅིག །གཡང་ཊིའི་སྒྲོ་ཤུབས་གཅིག །གཡང་ཊིའི་ཆིགས་རྒྱན་གཅིག །བད་རག་ཚིགས་རྒྱན་གཅིག །གསེར་སྤུག་ཚིགས་རྒྱན་གཅིག །སྤུར་ལེན་ཚིགས་རྒྱན་གཅིག །གསེར་གྭ་གཡུ་ཕྲ་ཚེ་བུམ་ཅན། ཚཾ་ནའི་འཕྲུལ་བཟོས་གསེར་གྱི་མི་ཚེ་རིང་གཟུགས། བསེ་ཁ་སྒོའི་རྭ། བར་ལིང་ཁ་དོག་སྣ་


LT37_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། རྒྱ་རས་ཡུགས་ལྔ། མཛོད་གོས་དམར་སེར་ཡུགས། ན་བཟའ་སྒམ་བཅས་དང་། ཆོས་སྐྱོང་གཙོ་བོ་རྡོ་རྗེ་གུར་གྱི་མགོན་པོའི་སྐུ་རྟེན་ལི་མ་གཉིས། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེས་གནང་བའི་རྗེ་བཙུན་ཨ་ནེ་དྲུང་འཆི་མེད་བསྟན་པའི་ཉི་མའི་ཐུགས་དམ་རྟེན་ཁའུའི་རྡོ་ནག་ལ་བྲིས་པའི་དཔལ་མགོན་ཞལ་བྲམ་གཟུགས་ཅན་ཁྱད་འཕགས། གསུང་རྟེན་མགོན་པོད་མེ་འབར་མ། འཇམ་དབྱངས་མཁྱེན་བརྩེས་གནང་བའི་ཤཱ་ས་ན་གསེར་བྲིས་དང་། ཐུགས་རྟེན་ཁྱབ་བདག་གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་ཕྱག་མཚན་གཡབ་དར་གྱི་གནམ་ལྕགས་རྡོ་རྗེ། གུར་གྱི་སྲོག་འཁོར་བཅས་དང་། གཞན་ཡང་གནམ་ལྕགས་རྡོ་རྗེ་ལྕགས་ཀྱི་གྲི་གུག །གསང་བར་ཉི་མ་གྲགས་པའི་གཏེར་ཕུར། རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་སྦྱིན་བཏང་དུས་ཀྱི་ན་བཟའ་འགེལ་ཤིང་ཁྱད་འཕགས། ཐུགས་ཀར་དགེ་འདུན་འདུ་བ་དང་མཐུན་པའི་འཁོར་ལོ། ལྟེ་བར་གཏེར་གསར་ཡིད་བཞིན་འཁོར་ལོའི་བུམ་པ་ལྔ། སོ་སོར་འབྲང་མ། གྲོང་ཁྱེར་སྒྲོལ་འཁོར། ཐུགས་རྗེ་ཆེན་པོའི་མཐོང་གྲོལ་འཁོར་ལོ་བཅས་ཆ་བདུན་རེ། སྲོག་ཤིང་མཉམ་དུ་ཆོས་དབང་བཅས་ཆོག་ཙཀྲ། རྩ་བར་མཆོག་གི་རིན་ཆེན་ལྔ་དང་། རིན་ཆེན་རིལ་བུ་དང་བཅས་པ་ལེགས་པར་བཙུགས་ཤིང་། བར་མཚམས་རྣམས་སུ་སྨན་སྤོས་འབྲུ་སྣའི་ཕུང་པོས་བྱུར་བུར་གཏམས་པའོ། །གཏེར་


LT37_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཙཀྲ་རྟེན་རྫས་རྣམས་སོ་སོར་འཇོག་པའི་སྐབས་སུ་གསར་རྙིང་གཏེར་ཁ་རང་རང་གི་གཞུང་ལས་ཇི་སྐད་བཤད་པའི་བསྐྱེད་བསྟིམས་བརྟན་བཞུགས་སྨོན་ལམ་གྱི་རིམ་པ་རྣམས་ཀྱང་ཐར་རྩེ་རིན་པོ་ཆེ་སོགས་དང་རང་ནས་ཞིབ་རྒྱས་སུ་བགྱིས་སོ། །དེ་ནས་ནད་གཞུག་གི་གཙོ་བོ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་དབུལ། །གདུགས་དང་རྒྱལ་མཚན་པ་དན་རོལ་མོ་དང་། །མཆོག་ཏུ་དད་པ་ཡིས་ནི་མཆོད་པར་བྱ། །ཞེས་གསུངས་པ་ལྟར་རིང་བསྲེལ་ཡིན་ལ། དེའང་སཱཙྪ་མཆོད་རྟེན་སོགས་ཆོས་སྐུའི་རིང་བསྲེལ། གཟུངས་སྔགས་གླེགས་བམ་སོགས་ཆོས་ཀྱི་རིང་བསྲེལ། གདུང་རུས་དབུ་ཀླད་སྐུ་ཤ་སོགས་སྐུ་གདུང་རིང་བསྲེལ། དབུ་ལོ་ན་བཟའ་སོགས་སྐུ་བ་ལ་རིང་བསྲེལ། ཤཱ་རཱི་རཾ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཏེ། དེ་ལྟར་རིང་བསྲེལ་རྣམ་པ་ལྔའམ། ཡུངས་འབྲུ་ལྟ་བུ་དང་། ཆོས་ཀྱི་རིང་བསྲེལ་གང་རུང་བཞུགས་པ་ལའང་རིང་བསྲེལ་གྱི་སྙིང་པོ་ཅན་ཞེས་གསུངས་པ་ལས། འདིར་རིང་བསྲེལ་རྣམ་པ་ལྔ་ཀ་བཞུགས་པའི། ཐོག་མར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི། དབུ་ནང་དུ། ལྷ་སྲས་མུ་ནེའི་རྣམ་འཕྲུལ་


LT37_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རིན་སྤུངས་པ་ཆོས་རྒྱལ་ནོར་བུ་བཟང་པོའི་རྟེན་སྒམ་ནས་བྱུང་བའི་སྟོན་མཆོག་ཤཱཀྱ་ཐུབ་པའི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གཙོས་རིང་བསྲེལ་རྣམ་བཞི་སེལ་མེད་ཁུངས་བཙུན་གྱི་རྣམ་གྲངས་སུམ་བརྒྱ་ལྔ་བཅུ། རང་གིས་ཕུལ་པ་སྒར་ཆེན་རྟེན་ཁྲོད་དུ་གང་བཞུགས་ཀྱི་འཕེལ་གདུང་། ཨ་ལོ་བླ་མ་ཁུ་དབོན་གསུམ་དུས་བཞུགས་པའི་རིང་བསྲེལ་ཁྱད་འཕགས། ཐར་རྩེ་ཞབས་དྲུང་རིན་པོ་ཆེས་གནང་བའི་སངས་རྒྱས་ཀྱི་རིང་བསྲེལ་རྡོག་བཅུ། རྫོགས་ཆེན་ནས་གནང་བ་དེ་བཞིན་གཤེགས་པའི་རིང་བསྲེལ། ར་སྟོན་སྟོབས་ལྡན་རྡོ་རྗེས་སྦྲག་ཡོངས་རྫོང་ནས་སྤྱན་དྲངས་པའི་སངས་རྒྱས་གསེར་ཐུབ་རིང་བསྲེལ་བཅས་བཞུགས། ཆོས་ཀྱི་རིང་བསྲེལ་སྐོར་ལ། སྐྱིལ་ཀྲུང་གི་དཀྱིལ་དུ་འདུལ་བ་པུསྟི་བཅུ་གསུམ། འདུལ་བ་མདོ་རྩ། མངོན་པ་མཛོད། བྱམས་ཆོས་སྡེ་ལྔ། བསྟོང་ཚོགས་པོད་གཅིག །དབུ་མ་རིག་ཚོགས་དྲུག །སྤྱོད་འཇུག །བཻ་དཀར་པོད་གཉིས། སྨན་ཡིག་རྒྱུད་བཞི། སྒྲ་མདོ་པོད་གཅིག །སྐུའི་སྨད་ཆར། དཔང་སྐོང་ཕྱག་བརྒྱ་པ། ཚེ་མདོ། ཤེས་རབ་སྙིང་པོ། ཤེས་ཕྱིན་སྡུད་པ། ཤེས་ཕྱིན་བརྒྱད་སྟོང་པ། ལངྐར་གཤེགས་པ། བྱམས་སྨོན། བཟང་སྤྱོད་རྣམས་ཆ་མང་བ་རེ། ཐུགས་ཀའི་སྟོད་སྨད་དུ།


LT37_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་འདུས་པོད་གཉིས། གསང་འདུས། དམར་ནག་འཇིགས་གསུམ། གུར། སམྚ། རྡོ་རྗེ་གདན་བཞི། མ་ཧཱ་མཱ་ཡཱ། ཀྱཻ་རྡོ་རྗེ། འཁོར་ལོ་བདེ་མཆོག་རྣམས་ཀྱི་རྒྱུད། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་མཚན་ཡང་དག་པར་བརྗོད་པ། དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་རྣམས་དང་། དབུ་ནང་མཐོང་གྲོལ་འཁོར་ལོ་ཆ་བཅུ། མཁྱེན་བརྩེའི་བཏགས་གྲོལ་སོགས་བཏགས་གྲོལ་རིགས་ཐམས་ཅད་དང་བཏགས་གྲོལ་རྒྱུད་རྣམས་ཆ་གསུམ་རེ། ཐུགས་ཀར་ཡེ་ཤེས་རབ་འབར་རྩ་བའི་རྒྱུད་བཅས་བཞུགས།། ༈ །།གཟུངས་ཀྱི་སྐོར་ལ། དབུ་ནང་དུ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བརྒྱུད་པ། ཀྱཻ་རྡོར་མན་ངག་ལུགས། འགྲེལ་པ་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་རྣམས་ཀྱི་དབང་གི་བརྒྱུད་པ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། སམྦུ་ཊི་རྡོ་རྗེ་དབྱིངས། དུས་ཀྱི་འཁོར་ལོ་ས་ལུགས། འཁོར་ལོ་བདེ་མཆོག་ལཱུ་ཡི་པའི་ལུགས། དྲིལ་བུ་པའི་ལུགས། ནག་པོ་པའི་ལུགས་རྣམས་ཀྱི་དབང་གི་བརྒྱུད་པ། དཔལ་མཁའ་འགྲོ་རྒྱ་མཚོ། །རྡོ་རྗེ་ཕུར་པ་ས་ལུགས། གསང་འདུས་མི་བསྐྱོད་པ། རྡོ་རྗེ་འཇིགས་མཛད་ས་ལུགས།


LT37_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་ལུགས་རོ་ལངས་བརྒྱད་སྐོར། ཀུན་རིག །སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ། ཚེ་དཔག་མེད་ལྷ་དགུ་ཛེ་ཏཱ་རིའི་ལུགས་རྣམས་ཀྱི་དབང་བརྒྱུད། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང་ལུང་གི་བརྒྱུད་པ། སེམས་བསྐྱེད་དབུ་མ་ལུགས། སོ་ཐར་སྡོམ་རྒྱུན། གུར་གྱི་མགོན་པོ་ལྷ་བརྒྱད། དཔལ་མགོན་ཞལ་བཞི་པ་རྣམས་ཀྱི་བརྒྱུད་པ། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་། དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་གནང་། གནོད་སྦྱིན་བེག་ཙོ་ཅན་གྱི་རྗེས་གནང་རྣམས་ཀྱི་བརྒྱུད་པ། ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས། རྣམ་སྲས་ཞི་བ་བདེ་བྱེད་ལྷ་དགུ་སྦྲགས་སྒྲུབ་ཀྱི་བརྒྱུད་པ། དེ་རྣམས་འབྲུ་གསུམ་དང་སྤེལ་བ། སྤེལ་ཚིག་རིག་པ་ཕུག་རོན་དང་བཅས་པ་བཞུགས། མགྲིན་པའི་ནང་དུ་གསུང་རྡོ་རྗེའི་ངོ་བོ་ཅན་གྱི་ཨཱ་ལི་ཀཱ་ལི་གྲངས་མང་། ༈མགྲིན་པ་ནས་ཐུགས་ཀའི་སྟོད་ཡན་བླ་མེད་རྒྱུད་ཀྱི་གཟུངས་ལ། ཀྱཻ་རྡོ་རྗེ་ཡབ་ཀྱི་རྩ་སྔགས་སྙིང་པོ། ཉེ་སྙིང་། རྣལ་འབྱོར་མ་རྣམས་དང་ཡུམ་གྱི་སྔགས། ལྷ་མོ་བརྒྱད། ཀྱཻ་རྡོར་ཕྱག་གཉིས་པ། ཕྱག་བཞི་པ། ཕྱག་དྲུག་པ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས་གཙོ་འཁོར་གྱི་ཡབ་ལྔ། ཡུམ་


LT37_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། རྡོ་རྗེ་ཅན་གྱི་ལྷ་མོ། ཕན་པའི་ལྷ་མོ། རྡོ་རྗེ་ཉི་མའི་ལྷ་མོ། པདྨ་གར་དབང་ལྷ་མོ། རྟ་རྒྱལ་ལྷ་མོ། སྒོ་མ་བཞི། སམྚ་རྡོ་རྗེ་དབྱིངས་གཙོ་འཁོར་རྣམས་ཀྱི་སྙིང་པོ། ཉེ་སྙིང་། བརྟག་གཉིས་ལས་བྱུང་བའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས། ཀུ་རུ་ཀུལླེ། གུར་ནས་འབྱུང་བའི་ལས་རྒྱས་པའི་ལྷ་འབྱུང་འདུལ། ཁྲོ་བཅུའི་གཤིན་རྗེ་མཐར་བྱེད། ཤེས་རབ་མཐར་བྱེད། པདྨ་མཐར་བྱེད། བགེགས་མཐར་བྱེད། མི་གཡོ་བ། འདོད་རྒྱལ། དབྱུག་སྔོན། སྟོབས་པོ་ཆེ། གཙུག་ཏོར་འཁོར་ལོས་སྒྱུར་བ། གནོད་མཛེས་ཏེ་བཅུ། རྡོ་རྗེ་སྒྲོལ་མ། ཤེར་ཕྱིན་མ། འཇིག་རྟེན་མགོན་པོ། འཇམ་དབྱངས། གཤིན་རྗེ་གཤེད། ཧཱུྃ་མཛད། སྒྲོལ་མ། འོད་ཟེར་ཅན་མ། ཙུནྡ། ནོར་རྒྱུན་མ། རྨུགས་འཛིན། སོ་འབྲང་མ། སམྦུ་ཊི་དྲག་པོ་གདན་ཅན། སམྦུ་ཊི་ནས་བྱུང་བའི་རྒྱས་པའི་ལྷ་སྒྲོལ་མ། རིག་བྱེད་མ། ཤེར་ཕྱིན་དཀར་མོ། འོད་ཟེར་ཅན་མ། རི་ཁྲོད་ལོ་མ་ཅན། གཤིན་རྗེ་གཤེད། །དཔལ་མཆོག །སོ་འབྲང་མ་རྣམས་ཀྱི་སྙིང་པོ་ཉེ་སྙིང་། རྡོ་རྗེ་གུར་ནས་འབྱུང་བའི་ཡིག་བརྒྱ། དུས་ཀྱི་འཁོར་ལོའི་སྙིང་པོ། ཉེ་སྙིང་། རྩ་སྔགས་རྐང་པ་བཅུ་


LT37_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ། བདུན་ཅུ་རྩ་གཉིས་པ། མཆོད་སྔགས་ལས། ཐུགས་དཀྱིལ། གསུང་དཀྱིལ། སྐུ་དཀྱིལ། འཇིག་རྟེན་པ། དུར་ཁྲོད། ཕུར་པ་གཙོ་འཁོར་རྣམས་ཀྱི་སྔགས། བདེ་མཆོག་གཙོ་འཁོར་ལས་ཡབ་ཡུམ་གྱི་རྩ་སྔགས། སྙིང་པོ། ཉེ་སྙིང་། འཁོར་ལོ་གསུམ་གྱི་ལྷ། སྒོ་མཚམས་མ་བརྒྱད། གོ་ཆ། ནཱ་རོ་མཁའ་སྤྱོད། མཁའ་འགྲོ་རྒྱ་མཚོ་ཡབ་ཀྱི་སྙིང་པོ། ཉེ་སྙིང་། རྩ་སྔགས་རྐང་པ་བརྒྱད་པ། ཞེ་བརྒྱད་པ། བདེ་མཆོག་རིགས་དྲུག་འཁོར་ལོས་སྒྱུར་བ་དྲུག །ཐོད་པ། མ་ཧཱ་མཱ་ཡཱ། གདན་བཞིའི་ཡུམ་ཡེ་ཤེས་དབང་ཕྱུག་མ། གདན་བཞིའི་ཡབ། གསང་འདུས་མི་བསྐྱོད་པ་གཙོ་འཁོར། འཇམ་པའི་རྡོ་རྗེ་གཙོ་འཁོར། གསང་འདུས་སྤྱན་རས་གཟིགས་གཙོ་འཁོར། གསང་འདུས་སུ་གསུངས་པའི་ཁྲོ་བོ་དགུ་ལས་གཤིན་རྗེ་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩི་འཁྱིལ་བ། མི་གཡོ་བ། འཆིང་བའི་རྒྱལ་པོ། དབྱུག་སྔོན། སྟོབས་པོ་ཆེ། གནོད་མཛེས་དགུ་སྟེ་དེ་རྣམས་ཀྱི་སྙིང་པོ། ཉེ་སྙིང་། གཤེད་དམར་ལྷ་ལྔ་གཙོ་འཁོར་ལས་ཡབ་ཀྱི་སྙིང་པོ། ཕྲེང་སྔགས། ཡུམ་དང་འཁོར། གཤིན་རྗེ་དགྲ་ནག །འཇིགས་བྱེད་རྣམས་ཀྱི་རྩ་སྔགས།


LT37_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། ཉེ་སྙིང་། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་གཙོ་འཁོར་གྱི་སྔགས། དེ་ཉིད་ལས་གསུངས་པའི་ཁྲོ་བོ་དགུ་ལས། གཤིན་རྗེ་གཤེད། བདུད་རྩི་འཁྱིལ་བ། གཞན་གྱིས་མི་ཐུབ་པ། རྟ་མགྲིན། དབྱུག་སྔོན། སྟོབས་པོ་ཆེ། འཆིང་བའི་རྒྱལ་པོ། མི་གཡོ་བ། གནོད་མཛེས་ཏེ་དགུ །ཕྱག་ན་རྡོ་རྗེ་འཁོར་ཅན། ཕྱག་རྡོར་གཏུམ་པོ། མངོན་སྦྱོང་ཕྱིར་ཟློག །ཧེ་རུ་ཀའི་ཡི་གེ་བརྒྱ་པ། དབྱངས་གསལ་རྟེན་འབྲེལ་སྙིང་པོ་རིག་པ་ཆེན་མོ། སྲོག་ཤིང་བསྟན་པའི་བརྟན་བཞུགས་ཀྱི་སྔགས། ལས་བཞི་དང་འབྲེལ་བའི་སྤེལ་ཚིག །རིག་པ་ཕུག་རོན་གྱི་སྔགས་བཅས་བཞུགས། ཐུགས་ཀའི་སྨད་ནས་སྐྱིལ་ཀྲུང་ཡན་ལ་རྣལ་འབྱོར་རྒྱུད་ཀྱི་གཟུངས། རྡོ་རྗེ་དབྱིངས། གཙོ་འཁོར། ཀུན་རིག་གཙོ་འཁོར། ཤཱཀ་ཐུབ་སྐུ། ཚེ་དཔག་གསུང་། ཕྱག་རྡོར་ཐུགས། དེ་གསུམ་ཐུན་མོང་། འཁོར་ལོས་སྒྱུར་བ་ཡོན་ཏན། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྔགས། ཆོས་དབྱིངས་གསུང་དབང་། ཁམས་གསུམ་རྣམ་རྒྱལ་གཙོ་བོ། དཔལ་མཆོག་གཙོ་བོ། དཔལ་མཆོག་རྡོ་རྗེ་སེམས་དཔའ་གཙོ་བོ། གཙུག་དགུ་གཙོ་འཁོར་རྣམས་ཀྱི་སྔགས། ༈སྤྱོད་རྒྱུད་སྐོར་ལ། རྣམ་སྣང་མངོན་བྱང་གི་


LT37_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་རྣམ་སྣང་། ཐུགས་ཆོས་འབྱུང་གྲུ་གསུམ། ནམ་མཁའི་སྤྱན་མ། སྤྱན་རས་གཟིགས། སྒྲོལ་མ། ཁྲོ་གཉེར་ཅན། མཐུ་ཆེན་ཐོབ། གྲགས་ལྡན་མ། གོས་དཀར་མོ། རྟ་མགྲིན། ཕྱག་རྒྱ་ཡིད་བཞིན་ནོར་བུ། ཕྱག་ན་རྡོ་རྗེ། རྡོ་རྗེ་ལུ་གུ་རྒྱུད། ཁྲོ་ཟླ་གཙོ་བོ། རྡོ་རྗེ་འཛིན་པ་བཅུ་གཉིས། རྡོ་རྗེ་རྩེ་མོ་མི་གཡོ་བ། འཇིག་རྟེན་གསུམ་རྒྱལ། གདུལ་དཀའ། མངོན་ཕྱོགས་དཀྱིལ་འཁོར་གཉིས་པ་ལ། ཤཱཀྱ་ཐུབ་པ། སངས་རྒྱས་སྤྱན་མ། ལྷ་མོ་མཛོད་སྤུ། གཙུག་ཏོར་སྤྱི། གདུགས་དཀར། རྒྱལ་བའི་གཙུག་ཏོར། རྣམ་རྒྱལ། རྣམ་པར་འཐོར་བ། གཟི་བརྗིད་ཕུང་པོ། གནས་གཙང་མའི་ལྷ་ལྔ། གཙུག་ཏོར་ཆེར་འབྱུང་། གྱེན་འབྱུང་སྒྲ་དབྱངས་མཐའ་ཡས། མེ་ལྷ་དྲང་སྲོང་དྲུག །གཤིན་རྗེ་འཆི་བདག །དུས་མཚན་མ། གཞོན་ནུ་མ་ཚོགས་བཞི། བདེན་བྲལ་ལྷའི་དབང་པོ། ཆུ་ལྷ། ཉི་མ། ཚངས་པ། སའི་ལྷ་མོ། དབྱངས་ཅན་མ། ཁྱབ་འཇུག །སྐེམ་བྱེད། རླུང་ལྷ། བདེ་བྱེད། ཨུ་མ། ཟླ་བ། ཁྲོ་བོ་དང་ཁྲོ་མོ་གཞན་གྱིས་མི་ཐུབ་པ། ས་བདག །དགའ་བོ། ཉེ་དགའ། དཀྱིལ་འཁོར་གསུམ་པ་ལ། རྡོ་རྗེ་དམ་པ་སྦྱིན་པ། དྲྭ་བ་ཅན་གྱི་


LT37_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འོད། དྲི་མ་མེད་པའི་འོད། སྒྲ་ཅན་མ། ཉེ་བའི་སྒྲ་ཅན་མ། སྣ་ཚོགས་མ། ནོར་ལྡན་མ། འཕགས་མ། ཕྱག་བརྙན་མ། སྒྲིབ་པ་རྣམ་སེལ། ངོ་མཚར་ཅན། མི་འཇིགས་སྦྱིན། ངན་སོང་སྤོང་། སྐྱོད་སེམས་བློ་གྲོས། བྱམས་པ་མངོན་འབྱུང་། བློ་ཆེན། གདུང་བ་ཐམས་ཅད་ཞི་བྱེད། བློ་གྲོས་བསམ་མི་ཁྱབ་པའི་སྙིང་པོ། རིན་ཆེན་འབྱུང་གནས། རིན་ཆེན་ལག །ས་འཛིན། ཕྱག་ན་རིན་ཆེན། བསམ་པ་བརྟན་པ། ནམ་མཁའི་སྙིང་པོ། ནམ་མཁའི་བློ་གྲོས། རྣམ་དག་བློ་གྲོས། སྤྱོད་པའི་བློ་གྲོས། ནམ་མཁའ་དྲི་མེད། བརྟན་པའི་བློ་གྲོས། གདུལ་དཀའ། མངོན་ཕྱོགས་རྣམས་ཀྱི་སྔགས། དེ་ཁོ་ན་ཉིད་འདུས་པར་གསུངས་པའི་ཡིག་བརྒྱ། རྟེན་འབྲེལ་སྙིང་པོ། བརྟན་བཞུགས་སྔགས་བཅས་བཞུགས།། ༈ །།བྱ་རྒྱུད་སྐོར་ལ། དོན་ཡོད་ཞགས་པའི་གཟུངས། དམ་ཚིག་གསུམ་བཀོད་ཀྱི་སྔགས། གཙུག་ཏོར་གདུགས་དཀར། སྤྱན་རས་གཟིགས་མགྲིན་སྔོན་ཅན། བཅུ་གཅིག་ཞལ་དཔལ་མོ་ལུགས། །སེང་གེ་སྒྲ་རྣམས་ཀྱི་གཟུངས། སྨན་བླའི་མདོའི་སྔགས། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། དེའི་སྔགས། སྒྲོལ་མ་རང་གིས་དམ་བཅས་པ། འཇིགས་པ་བརྒྱད་སྐྱོབ།


LT37_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་བརྒྱད་ལས་སྒྲོལ་བ། འོད་ཟེར་ཅན། ལོ་མ་གྱོན་མ། རྡོ་རྗེ་རྣམ་འཇོམས། འཇམ་དཔལ་གྱི་ཞལ་ནས་གསུངས་པ། དམོད་བཙུགས་པ། དམ་བཅས་པ། ཤེས་རབ་བློ་འཕེལ་རྣམས་ཀྱི་གཟུངས། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ། ཨ་ར་པ་ཙ་ལྷ་ལྔ། དཔའ་བོ་གཅིག་གྲུབ། དེའི་ཉེ་སྙིང་། རྒྱལ་པོ་རོལ་པ། ཡན་ལག་མེད་པ། འཇམ་དཔལ་ངག་གི་རྒྱབ་པོ། ཤེས་རབ་འཁོར་ལོ། །དཔའ་བོ་གཅིག་གྲུབ་ནས་བཤད་པའི་ཚེ་སྒྲུབ་རྣམས་ཀྱི་གཟུངས། ས་བཅུ་པའི་གཟུངས། བྱང་སེམས་གཟི་བརྗིད་ཆེན་པོ། སྟོབས་པོ་ཆེ། ཕྱག་ན་རྡོ་རྗེ་རྣམས་ཀྱི་གཟུངས། ཁྲོ་བོ་སྨེ་བརྩེགས་ཀྱི་བསྟོད་པ་དང་། བདུད་སྐྲག་པར་བྱེད་པའི་གཟུངས། སྲུང་བ་ལྔའི་སྙིང་པོ། རིག་པ་ཆེན་མོའི་སྔགས། སྤེལ་ཚིག་རིག་པ་ཕུག་རོན་བཅས་བཞུགས། ༈གཟུངས་ཆེན་སྐོར་ལ། གཙུག་ཏོར་རྣམ་རྒྱལ་གཟུངས་རིང་། །གཙུག་ཏོར་དྲི་མེད་ཀྱི་གཟུངས་རིང་ཐུང་། གསང་བ་རིང་བསྲེལ། རྟེན་འབྲེལ་སྙིང་པོ། རབ་གནས་རྒྱུད་གཟུངས། ཚུལ་ཁྲིམས་རྣམ་དག་གི་གཟུངས། རབ་གནས་གཟུངས། སྲོག་ཤིང་བརྟན་པའི་གཟུངས་སྔགས། རྡོ་རྗེ་དབྱིངས་ཀྱི་སྙིང་པོ། ཆོས་དབྱིངས་སྙིང་པོ། སྔགས་དབྱིངས་སྙིང་པོ། བརྟན་བཞུགས་བྱང་ཆུབ་


LT37_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་འབུམ་གྱི་གཟུངས། ཚེ་དཔག་མེད་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས། བྱམས་པས་དམ་བཅས་པའི་གཟུངས། བསྐལ་བཟང་སངས་རྒྱས་སྟོང་གི་སྙིང་པོ། རྟེན་འབྲེལ་སྙིང་པོ། མཛོད་སྤུ་ནོར་བུ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། མཚམས་མེད་པའི་སྒྲིབ་པ་སྦྱོང་བ། དོན་ཡོད་གྲུབ་བ། ཤེར་ཕྱིན་མ། ཤེར་སྙིང་། ནམ་མཁའ་མཛོད་ཀྱི་སྔགས། ཤཱཀྱ་ཐུབ་པའི་སྙིང་པོ་མུ་ནི་འབུམ་ཕྲག་གསུམ། སྤེལ་ཚིག་རིག་པ་ཕུག་རོན་བཅས་བཞུགས། ༈མདོ་གཟུངས་སྐོར་ལ། བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སྤྱན་རས་གཟིགས། བྱམས་པ། ནམ་སྙིང་། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས། ཡོན་སྦྱོང་བའི་གཟུངས། གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པའི་སྔགས། །སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཀྱི་སྔགས། སངས་རྒྱས་བཅུ་གཉིས་པའི་མདོའི་གཟུངས། སངས་རྒྱས་བདུན་པའི་མདོའི་སྔགས། རིན་པོ་ཆེ་ཁང་བུ་བརྩེགས་པ་དང་ནོར་བུ་བརྩེགས་པའི་གཞལ་མེད་ཁང་དང་མཐོང་བ་དོན་ཡོད་ཅེས་བྱ་བའི་གཟུངས། མཛོད་སྤུ་ནོར་བུའི་གཟུངས། ཡེ་ཤེས་


LT37_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལའི་སྔགས། ཆོས་ཐམས་ཅད་ཀྱི་ཡུམ་གྱི་སྔགས། སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉི་ཤུ་ལྔ་པ། བརྒྱད་སྟོང་པ། ཤེས་རབ་སྙིང་པོ། ཕར་ཕྱིན་དྲུག་གི་སྙིང་པོ་རྣམས་ཀྱི་གཟུངས་ཕལ་པོ་ཆེ་དང་། ཏིང་འཛིན་རྒྱལ་པོ་གཟུང་བར་འགྱུར་བ། ཤེས་རབ་སྐྱེད་པ། ཡི་གེ་ཉུང་ངུ། ཕར་ཕྱིན་བཅུ་ཐོབ་པ། སྟོང་འགྱུར། རིག་པ་ཆེན་མོ། རིན་པོ་ཆེ་ཏོག་གི་སྔགས། སྒོ་མཐའ་ཡས་པའི་སྔགས། སྒོ་དྲུག་པའི་སྔགས། སྤེལ་ཚིག་རིག་པ་ཕུག་རོན་གྱི་གཟུངས་བཅས་བཞུགས། པད་གདན་དང་སྐུའི་མཚམས་ལ། རྡོ་རྗེ་གུར་གྱི་མགོན་པོའི་ཉེ་སྙིང་། རྩ་སྔགས། སྙིང་པོ། ནག་པོ་གནོད་སྦྱིན། ནག་པོ་གནོད་སྦྱིན། པུ་ཊ། བྷ་ཊ། སྲིང་མོ། གུར་གྱི་མགོན་པོ་ལྕམ་དྲལ་གྱི་བོད་རྦད་བསད་པ། ལས་མགོན་གྱི་བོད་རྦད་བསད་པ། སྦྱིན་སྲེག་སྤོག་ཆོག་གི་སྔགས། དཔལ་མགོན་ཞལ་གྱི་སྔགས་རིང་ཐུང་། དུར་ཁྲོད་བདག་པོ། དཀར་བདུད། བྲན་བདུད། བེར་ནག་ཟངས་གྲི་ཅན། གཅེར་བུ་ཟངས་གྲི་ཅན་རྣམས་ཀྱི་སྔགས། བརྟན་བཞུགས་ཀྱི་སྔགས། ཕྱག་བཞི་པ་གཙོ་འཁོར་གྱི་སྔགས། ཕྱག་དྲུག་པ་གཙོ་འཁོར་གྱི་སྔགས། ལེགས་ལྡན་མཆེད་གསུམ་གྱི་དབུས་མ། གཡས་


LT37_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡོན་པ། ཏྲག་ཤད་ཡབ་ཡུམ་འབོད་རྦད་བསད་གསུམ། གཞན་ལ་མི་འཁུ་བ། སྟ་གཞོན། ལྷ་མོ། བེག་རྩེ། ལྕམ་དྲལ། ལས་གཤིན་ནག་པོ་ཡབ་ཡུམ། མེ་རུ་རྩེ་བཞི་སྐོར། ཁྲག་མདོག་ཡབ་ཡུམ་རྣམས་ཀྱི་སྔགས། རྣམ་སྲས། ནོར་བུ་བཟང་པོ། རྣམ་སྲས་ལྗང་སེར་བེ་ཅོན་ཅན། གར་མཁན་མཆོག་དམར་སྨུག །ཡང་གསང་སྲིན་པོ་བཞི་བསྐོར། རྟ་སྔོན་བདུད་མོ་བཞི་བསྐོར། ཡང་གསང་མདུང་དམར་ཅན་རྣམས་ཀྱི་སྔགས། མདུང་དམར་ཅན་ལས་མཁན་དང་བཅས་པ། དཀར་པོ་ཚེ་འཕེལ། ནོར་རྒྱུན་མ་ལྷ་ལྔ། ཛཾ་ནག །ཛཾ་སེར། ཛཾ་ལྷ་ཕྱག་དྲུག་པ། ཛཾ་སེར་ལྷ་དགུ། ནོད་གནས་གཙོ་འཁོར། གནོད་སྦྱིན་ཕོ་དགུ། མོ་དགུ། ཛཾ་བྷ་ལ་ནག་པོ། མགོན་དཀར་ཡིད་བཞིན་ནོར་བུ་རྣམས་ཀྱི་སྔགས། ཚོགས་བདག་དམར་པོའི་ཉེ་སྙིང་། སྙིང་པོ། མིང་གི་སྙིང་པོ། ཚངས་པ། བརྒྱ་བྱིན། དབང་ཕྱུག་ཆེན་པོ། ཁྱབ་འཇུག །ལྷ་མོ་བརྒྱད་རྣམས་ཀྱི་སྔགས། དཔལ་མགོན་བདུན་ཅུ་དོན་ལྔ་ལ། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། ལྷ་བརྒྱད། ཀླུ་བརྒྱད། གཟའ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་དགུ་རྣམས་ཀྱི་སྔགས། མཆོད་པའི་


LT37_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་གཟུངས། མཆོག་ཐོབ་པ། ལས་གྲུབ་པ། དོན་ཐམས་ཅད་གྲུབ་པ། རྟེན་འབྲེལ་སྙིང་པོ། དེ་དག་སོ་སོར་འདོད་གསོལ་རིག་པ་ཕུག་རོན་བཅས་གོང་འཁོད་ཀྱི་གཟུངས་ཇི་སྙེད་པ་ཆ་བརྒྱ་དང་བརྒྱད་རེ་བཞུགས་ཤིང་། འདོད་གསོལ་རིག་པ་ཕུག་རོན་གྱི་གཟུངས་འདི་ནི་གཟུངས་ཀྱི་གོ་རིམ་འཁྲུགས་པའི་ཉེས་པ་སེལ་བ་ལ་སོགས་པ་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། འཇམ་དཔལ་རྩ་རྒྱུད་ལས། རིག་པ་ཕུག་རོན་ཞེས་བྱ་བ། །ལས་རྣམས་ཀུན་ལ་རབ་ཏུ་བསྔགས། །ཞེས་གསུངས་སོ། །སྟོད་སྨད་སྤྱིར་གཟུངས་ཆེན་སྡེ་ལྔ་ཚར་གྲངས་དུ་མ་དང་། གཞན་ཡང་ཨོ་རྒྱན་རིན་པོ་ཆེའི་སྣང་བརྙན་དང་། མཆོད་རྟེན་གྱི་ནང་གཞུག་སྐབས་སུ་འཆད་པར་འགྱུར་བ་ལྟར། སྔ་འགྱུར་བཀའ་གཏེར་གྱི་ལུགས་རྫོགས་ཆེན་དང་ཟེ་ཆེན་གཉིས་ཀྱི་གཟུངས་སྤར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས་ཀྱི་སྙིང་པོ་ཆ་བདུན་རེ་དང་། དཔལ་སྤུངས་སྤར་མ་སྒྲུབ་བརྒྱུད་སྤྱི་དང་བྱེ་བྲག་གི་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྙིང་པོ་རྣམས་ཀྱང་ཆ་འདུན་རེ་བཅས་གནས་སོ་སོར་མ་འཆོལ་བ་དང་། གནས་ལྔར་དགོངས་འདུས་རྒྱུད་ཆ་དགུ། མགྲིན་པར་རང་གིས་ཕུལ་བའི་གཏེར་གསར་ཤོག་སེར་ཀུན་འདུས་རིལ་བུ། ཤོག་སེར་ཕྱག་བྲིས་ཆོས་ཀྱི་རིང་བསྲེལ་ཀུན་འདུས་རིལ་བུ་དམ་རྫས་


LT37_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཞུན་ཆེན་མོ། ཀཿཐོག་ཞིང་སྐྱོང་ནས་གནང་བ་རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ཀྱི་ཤོག་སེར་རིགས་བཞི། པདྨ་རོལ་པ་རྩལ་གྱིས་བསམ་ཡས་ནས་སྤྱན་དྲངས་པའི་བཻ་རོའི་རྒྱ་དཔེ་བཅས་བཞུགས་སོ། །ཆོས་སྐུའི་རིང་བསྲེལ་ནི། ཐུགས་ཀར་བཀའ་གདམས་མཆོད་རྟེན་བྱིན་ཅན། དྲི་མེད་རྣམ་གཉིས་ཀྱི་སྒོ་ནས་བསྒྲུབས་པའི་སཱཙྪ་ཉིས་བརྒྱ་དང་བདུན། གཞན་ཡང་འདིའི་ཕྱོགས་གཏོགས། དཔྲལ་བར་འཇམ་དཔལ་ལི་མ། མགྲིན་པར་སྤྱན་རས་གཟིགས་ལི་མ། ཐུགས་ཀར་ལྷ་སྲས་མུ་ཁྲིའི་ཐུགས་དམ་རྟེན་འཁྲུལ་མེད་གཏེར་ཆེན་མཆོག་གྱུར་གླིང་པས་ཆོས་རྒྱལ་ལྷ་སྲས་རིན་པོ་ཆེ་ལ་གནང་བའི་ཐུབ་སྐུ་ལི་མ་བྱིན་རླབས་ཀྱི་གཟི་འོད་འབར་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་སུ་གསོལ་ཞིང་། གཞན་ཡང་ཐུབ་དབང་ལི་མ་ཆེ་ཆུང་གཉིས། སྨྲྀ་ཏི་ཛྙྭ་ནའི་ཕྱག་ཚའི་ཐུང་སྐུ། ཕྱག་རྡོར་སྐུ་རྙིང་མ་བྱིན་ཅན། ལྟེ་བར་ཀཿཐོག་ནས་བྱུང་བའི་སྨན་བླ་ལི་མ། གསང་གནས་སུ་སྒྲོལ་ལྡང་ལི་མ། རྟེན་འདམ་གྱི་རྗེ་བཙུན་མི་ལའི་སྐུ། ལྷ་ལྡན་ཇོ་བོ་རིན་པོ་ཆེའི་ཕྱག་སྦར། ཝ་ར་བླ་མ་དཔལ་ལྡན་ཡེ་ཤེས་ཀྱི་ཕྱག་ནས་བྱུང་བ་ངོར་ཆེན་རྡོ་རྗེ་འཆང་གི་གདུང་ཚ། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གདུང་ཚ་ཀྱཻ་རྡོར་དང་གདུགས་དགར་གྱི་སྐུ་བཅས་མཁན་


LT37_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསྟན་པའི་རྒྱལ་མཚན་གྱིས་རབ་གནས་བརྒྱ་རྩ་མཛད་པ། མཁན་ཆེན་དཀོན་མཆོག་དཔལ་ལྡན་གདུང་ཚྭ་འཇམ་དབྱངས་སྐུ། མཁན་ཆེན་དཀོན་མཆོག་འཕེལ་བའི་གདུང་ཚ་བིརྦ་པ། རྒྱལ་བ་ལྷ་མཆོག་སེངྒེའི་གདུང་ཚྭ་བཅས་བཞུགས། སྐུ་གདུང་རིང་བསྲེལ་ནི། མགྲིན་པར། རྫོགས་ཆེན་ནས་གནང་བ་འཕགས་པ་ཆོས་འཕགས་ཀྱི་ཚེམས། དཔྲལ་བར་རང་གིས་ཕུལ་བ་ཙཱ་འདྲ་རིན་ཆེན་བྲག་ནས་གཏེར་ཚན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གདུང་རིང་བསྲེལ་འདུས་པ་དམ་རྫས་རིན་པོ་ཆེའི་ཏོག་རྩ་བའི་གཏའ་སྤེལ། སྐུ་ཤ་ཕྱོགས་བསྡུས་རིལ་བུ་ས་ལེ་སྦྲམ། དབུ་ཀླད་གདུང་རུས་ཕྱོགས་བསྡུས་སྐུ་གདུང་རིང་བསྲེལ་དོན་གྲུབ་རིལ་བུ། བྱང་སེམས་ཤངས་མཚལ་ཕྱོགས་བསྡུས་རིལ་བུ་དམ་རྫས་པདྨ་རཱ་ག །གཞུང་གི་རྟེན་སྒམ་ནས་བྱུང་བའི་དབུ་ཐོད་བྱིན་ཅན། ཡང་དབུ་ཐོད་ཨོཾ་ཡིག་དང་རྡོ་རྗེ་ཕག་མོའི་སྐུ་རང་བྱོན་ཅན་ཁྱད་འཕགས། བྲམ་ཟེ་སྐྱེ་བདུན་དབུ་ཐོད། བསོ་དབང་དྲག་རྒྱ་མཚོའི་སྐུ་མཆིན། གྲུབ་དབང་ཀརྨ་ཆགས་མེད་ཀྱི་སྐུ་གདུང་རིལ་བུ། པདྨ་ཉིན་བྱེད་དབང་པོའི་གདུང་ལས་བྱོན་པའི་རིང་བསྲེལ། ལྟེ་བར་རྗེ་བཙུན་མ་སྐལ་བཟང་ཕྲིན་ལས་དབང་མོས་གནང་བ་བསྟན་སྲུང་ཀུན་གྱི་གཙོ་བོ་བསེ་མགོན་ཡིད་བཞིན་ནོར་བུའི་ཞལ་ནང་གི་བདུད་རྩི་


LT37_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཞུགས། སྐུ་བལ་རིང་བསྲེལ་ནི། དཔལ་བར། རང་གིས་ཕུལ་བ་མཆོག་གྱུར་གླིང་པས་ཁ་ལ་རོང་སྒོ་ནས་སྤྱན་དྲངས་པའི་སངས་རྒྱས་འོད་སྲུང་སྐུ་ཆོས་དང་། སེང་བྲག་ནས་སྤྱན་དྲངས་པའི་ཐུབ་པའི་སྐུ་ཆོས་བཅས་ཀྱི་རིལ་བུ་དམ་རྫས་མཐོང་གྲོལ་ཆེན་མོ་སྲིད་ན་ཟླ་བྲལ། སྐུ་བལ་རིང་བསྲེལ་ཀུན་འདུས་དམ་རྫས་ཛཾ་བུ་ཆུ་གསེར། གཞུང་གི་རྟེན་ཁྲོད་ནས་བྱུང་བ་ཐུགས་ཀའི་སྟོད་དུ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་སྐུ་ཆོས། གཡས་ངོས་སུ། པ་པདྨ་བདུད་འདུལ་དབང་ཕྱུག་མན་བསྟོད། རྒྱབ་ངོས་སུ་ས་སྐྱ་པ་མགོན་པོ་དངོས་གྲུབ་དཔལ་འབར་མན་བསྟོད། གཡོན་ངོས་སུ་ས་སྐྱ་པ་རྡོ་རྗེ་རིན་ཆེན་མན་བསྟོད། དཔྲལ་བར་ཐར་རྩེའི་ཕྱག་ནས་གནང་བ་འགྲོ་མགོན་དབང་སྡུད་སྙིང་པོའི་དབུ་ལོ། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དབུ་ལོ། མགྲིན་པར་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་ན་བཟའ་སྐུ་འགགས་དཀར་པོ། ཐར་རྩེ་ནམ་མཁའ་འཆི་མེད་ཀྱི་ན་བཟའ་གདུང་དཀྲིས་དམར་པོ། ཀླུ་སྡིང་མི་འགྱུར་རྒྱལ་མཚན་ན་བཟའ། ལྟེ་བར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་ཆགས། དྲིའུ་ས་རིན་པོ་ཆེའི་ན་བཟའ། ཚལ་པ་དབང་ཕྱུག་རབ་བརྟན་ན་བཟའ། རྗེ་བཙུན་མ་སྐལ་བཟང་ཕྲིན་ལས་དབང་མོའི་མདུན་ནས་གནང་


LT37_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དཔྲལ་བར་བླ་མ་གོང་མའི་དབུ་སྐྲ་བྱིན་ཅན། མགྲིན་པར་བླ་མ་གོང་མའི་ན་བཟའ་བྱིན་ཅན། ཐུགས་ཀར་ཚར་ཆེན་རྡོ་རྗེ་འཆང་གི་ན་བཟའ། མགོན་པོ་བསོད་ནམས་མཆོག་ལྡན་སྐུ་ཆོས། གོང་མ་རིན་པོ་ཆེ་ཕྱོགས་ཀྱི་གླང་པོའི་ཕྱག་ཕྲེང་། རྒྱལ་དབང་ལྔ་པ་ཆེན་པོའི་ན་བཟའ། ལྟེ་བར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞབས་ཆགས། སྐུ་ཞབས་སི་ཏུའི་ཕྱག་ནས་གནང་བ། མགྲིན་པར་མཉམ་མེད་དྭགས་པོ་རིན་པོ་ཆེའི་སྐུ་ཆོས། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་སྐུ་རེག་དང་རུས་རྒྱན། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་ན་བཟའ། ཀརྨ་པ་ཡེ་ཤེས་རྡོ་རྗེའི་སྐུ་འགགས། ཞྭ་དམར་ཡེ་ཤེས་སྙིང་པོའི་སྐུ་ཆོས། སི་ཏུ་ཆོས་ཀྱི་འབྱུང་གནས་དབུ་སྐྲ་དང་ན་བཟའ། དཔའ་བོ་གཙུག་ལག་དགའ་བའི་ན་བཟའ། པདྨ་ཉིན་བྱེད་དབང་པོའི་ན་བཟའ། ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེའི་དབུ་སྐྲ་རྣམས་བཞུགས་སོ། །དམ་རྫས་རྟེན་འདུས་ཀྱི་སྐོར་ནི། དཔྲལ་བར་རྗེ་བཙུན་མ་སྐལ་བཟང་ཕྲིན་ལས་དབང་མོའི་ཕྱག་ནས་གནང་བ་དཔལ་ས་སྐྱའི་རྟེན་སྒམ་ནང་བཞུགས་རིགས་ཀྱི་བྱིན་རྟེན་ཀུན་འདུས་རིལ་བུ་དང་། རྟེན་ཁྲུས་དང་གྲིབ་སེལ་ཁྲུས་ཆུ་ཀུན་འདུས་རིལ་བུ། རྗེ་བཙུན་གོང་མ་རྣམ་ལྔའི་སྐུ་དུས་ཀྱི་བདུད་རྩི་རིལ་བུ་དང་དྷཱིཿཡིག་རིལ་བུ། ལྟེ་བར་གོང་མ་


LT37_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་རྣམ་གསུམ་དང་། ས་པ། འཕགས་པ་རྣམས་ཀྱི་བདུད་རྩི་རིལ་བུ། ཐར་རྩེ་རིན་པོ་ཆེའི་མདུན་ནས་གནང་བ། ཐར་རྩེ་རང་གི་དམ་རྫས་བརྒྱ་དོ་བྱིན་ཅན། ཁང་སར་མཁན་རིན་པོ་ཆེའི་མདུན་ནས་གནང་བ་རྟེན་འདུས་བདུད་རྩི་རིལ་བུ། རྒྱལ་དབང་ཀརྨ་པའི་དམ་རྫས་རིལ་ནག་ཆེན་མོ། འབྲུག་པའི་རིལ་བུ་འཇའ་ཟུག་མ་རྟེན་ཐམས་ཅད་ཀྱི་རྒྱལ་པོ། ཐུགས་ཀར་ཀཿཐོག་ནས་གནང་བ་རིག་འཛིན་འཇིགས་མེད་གླིང་པའི་དོན་ཀུན་གྲུབ་པའི་རིལ་བུ། ལྟེ་བར་རྫོགས་ཆེན་ནས་གནང་བ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ། དཔལ་ཡུལ་ནས་གནང་བ་རིག་འཛིན་ཀུན་བཟང་ཤེས་རབ་ནས་བཟུང་རྒྱུན་མ་ཆད་པར་ལོ་ནར་མར་བསྒྲུབས་པའི་བུམ་སྒྲུབ་རིལ་བུ། རང་གིས་བུལ་བ་སྐྱེ་བདུན་མྱང་གྲོལ་ཨ་དམ་ཧྲཱིཿརྒྱ་མ་སོགས་ཡོད་དོ་ཅོག་གཅིག་ཏུ་བསྡུས་པའི་དམ་རྫས་ཀུན་འདུས་ཡིད་བཞིན་ནོར་བུ། པ་ཆེན་ནཱ་རོ་པའི་བུམ་ཆུ་རིལ་བུ། བུམ་ཆུ་ཁྲུས་ཆབ་ཀུན་འདུས་རིལ་བུ་སྡིག་སྒྲིབ་ཀུན་འཇོམས། སྟག་ལུང་སངས་རྒྱས་གསུམ་པ་ཆོས་སྐུ་ཨོ་རྒྱན་མགོན་པོའི་རྒུ་འཕྲུལ་གྱི་བྱག་ཚ་ཆུ་ཁྲུས་རིལ་བུ་གང་དུ་བཞུགས་པའི་ས་ཕྱོགས་སུ་མེ་དགྲ་ཐུབ་ངེས། ཐུགས་ཀར་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་


LT37_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ནས་གནང་བ་རིང་བསྲེལ་རྣམ་བཞི་ཡོད་དོ་ཅོག་གཅིག་ཏུ་འདུས་པའི་ཕུར་མ་ཤིན་ཏུ་ཕོན་ཆེ་བརྟེན་གྱི་གན་མཛོད་ཆེན་པོ་དང་། ལྟེ་བར་གཞུང་གི་རྟེན་ཁྲོད་ནས་བྱུང་བ་གཏེར་ཆེན་ཆོས་རྗེ་གླིང་པ། ཨོ་རྒྱན་འགྲོ་འདུལ་གླིང་པ། ཉི་གྲགས་རྒྱལ་སྲས་བདེ་ཆེན་གླིང་པ་རྣམ་གསུམ་གྱིས་སྦས་གནས་པདྨ་བུདྡྷ་ཚེ་ཕུག་ནས་སྤྱན་དྲངས་པའི་ཚེ་ཆུ་རིལ་བུ་འཆི་མིད་ཚེ་དང་ཡེ་ཤེས་འབར་བ་བཅས་བཞུགས་སོ། ༈སངས་རྒྱས་གཉིས་པ་པདྨཱ་ཀ་རའི་སྣང་བརྙན་གྱི་གདན་ཁྲིའི་འོག་ཏུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པ་ལ་སྡང་བར་བྱེད་པ་ཇི་སྙེད་པ་ཆོས་ཉིད་ཀྱི་ཀློང་དུ་ཞི་བའི་རྟེན་འབྱུང་དུ་མཚོན་ཆ་རྣམས་མནན་ཏེ་དམིགས་རྣམས་ཟབ་མོས་རྒྱས་བཏབ། དེ་སྟེང་ས་འཛིན་ནང་། སེང་གེ་སྒྲ། ཀླུ་དབང་རྒྱལ་པོ། ས་ལྷ་རྣམས་ཀྱི་བུམ་པ་དང་། གཏེར་གསར་ས་ཀླུའི་བུམ་པ་རེ་རེ། ཀླུ་ནོར་རྒྱས་བུམ་པ། སེང་ཁྲིའི་ནང་། བསོད་ཐག་ཉིན་མོ་བདེ་ལེགས། རང་བྱུང་གསར་ཞོ་འཁོར། དངུལ་བཅུ་པ། གཟི་ཆུ་མིག་གསུམ་པ། བྱེ་རུ་དཀྲུགས་མཆེ་ལེགས་རྡོག་གཅིག །གཡུ་རྡོག་གཅིག །མུ་ཏིག་རྡོག་གསུམ། ཤེལ་རྡོག་གཅིག །དུང་རྡོག་གཅིག །མུ་མེན་རྡོག་གཅིག །སྤོས་ཤེལ་རྡོག་གཅིག །འཆང་


LT37_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྡོག་གཅིག །ལིང་ཡུག་སྣ་ལྔ། རྒྱ་རས་ཡུགས་ལྔ་སོགས་ནོར་སྣས་གཏམས། ཐུགས་རྡོར་བཀྲ་ཤིས་གཏེར་བུམ། ཇོ་བོའི་སྐབས་སུ་བཤད་པ་ལྟར་ཤིས་བརྗོད་དང་འདོད་གསོལ་རིགས། པད་གདན་ནང་ཟངས་དཀར་བཀྲ་ཤིས་པའི་རྟགས་ཀྱིས་སྤྲས་པ་མར་ཁུས་གཏམས། དེ་སྟེང་གནོད་སྦྱིན་འཁོར་ལོ་ཇོ་བོའི་ནང་ལྟར་བཞུགས་ཤིང་། གཞན་ཡང་ཛཾ་དམར་ཐོད་པ། རྣམ་སྲས། ཛཾ་སེར། ཛཾ་ལྗང་། ཛཾ་ནག །ནོར་རྒྱུན་མ། དཔལ་ཆེན་མ་རྣམས་ཀྱི་བུམ་པ་རེ་རེ། ནོར་སྣ་དང་གོས་སྣ། དམར་པོ་སྐོར་གསུམ་གྱི་འཁོར་ལོ། རྙིང་མའི་ཆོས་སྐྱོང་སྤྱིའི་སྲོག་འཁོར་དང་བླ་རྡོ་ཚད་ལྡན་བྱས་པ། ནོར་ལྷ་དང་ཆོས་སྐྱོང་རྣམས་ཀྱི་གཟུངས་སྔགས་རྫོགས་ཆེན་སྤར་མ་ལ། མགོན་པོ་ལེགས་ལྡན་རྒྱུད་སྔགས། ཉང་གཏེར་མགོན་དཀར། གཉན་གྱི་ལྷ་མོ། མགོན་པོ་ཕྱག་བཞི། མགོན་པོ་སྡེ་ལྔ། སྔགས་སྲུང་མ། སྲོག་སྒྲུབ། གཟའ། གནོད་སྦྱིན། རྡོར་ལེགས། རྣམ་སྲས་སྤྲིན་གསེབ་མ། རྟ་སྔོན་ཅན། ཕྱག་མཚན་བཞི་པ། ཞང་བློན། ཛཾ་དམར། ལྷ་ཆེན་རླུང་ཞགས་མ། མགོན་པོ་སྤྱིའི་སྔགས། ཞིང་སྐྱོང་། ཤ་འུག་གཏེར་བྱོན་ལྷ་ཆེན། ལས་གཤན། ཕུར་སྲུང་། བྲག་བཙན། གནོད་སྦྱིན་བདུད་བཙན་ཀླུ་


LT37_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སོགས་ཀྱི་སྔགས། འདོད་གསོལ་རིག་པ་ཕུག་རོན་བཅས། གནམ་ལྕགས་རྡོ་རྗེ། མགོན་དཀར་བུམ་པ། བསོད་ནམས་གླང་འཁོར། གུ་གེ་ཆིག་དྲིལ། སྲུང་བ་རྡོ་རྗེ་ཁྲབ་རིང་རྣམས་དང་། སྲོག་ཤིང་རྩ་བར་རིན་ཆེན་རིལ་བུ་དང་བཅས་ལེགས་པར་བཙུགས། ལྟེ་བར་བླ་མ་ནོར་ལྷའི་བུམ་པ། གསང་བར་བཟང་པོ་རྡོ་རྗེའི་གཏེར་ཕུར་བཅས་བཞུགས། དེ་ནས་རིང་བསྲེལ་རྣམ་བཞི་ལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི། དཔུལ་བར་སངས་རྒྱས་ཀྱི་འཕེལ་གདུང་འཁྲུལ་མེད་ཀྱི་རྣམ་གྲངས་ཇོ་བོའི་ནང་ལྟར་དང་། རང་གིས་ཕུལ་བ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་ཏོག་གི་བློ་གྲོས་བཅས་བཞུགས། ཆོས་ཀྱི་རིང་བསྲེལ་ནི། དབུའི་སྟོད་སྨད་དུ། སྙིང་ཐིག་བཀའ་གཏེར་གཙོ་བོར་གྱུར་པའི་བསྟན་པ་བུ་གཅིག་གི་རྒྱུད་དང་བཏགས་གྲོལ་ཙཀྲ་ཆེ་ཆུང་། གླེགས་བམ་མའི་རིགས་ཤིན་ཏུ་མང་བ་དང་། རྫོགས་ཆེན་སྤར་མ་ཐུགས་ཐིག །པད་གླིང་བླ་སྒྲུབ། གཏེར་ཁ་གོང་འོག་གི་བླ་སྒྲུབ་རྣམས་ཀྱི་བརྒྱུད་པ། རྒྱ་གར་གྱི་རིག་འཛིན་བརྒྱད་དང་། མཁན་སློབ་ཆོས་གསུམ་གྱི་མཚན་སྔགས། རྫོགས་ཆེན་སྙིང་ཐིག་ཆེན་མོ་དང་མཁའ་འགྲོ་སྙིང་ཐིག །ཨ་ཏི་ཟབ་དོན། ཀློང་སྡེ་རྡོ་རྗེ་ཟམ་པ། སེམས་སྡེ་


LT37_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་བླ་བརྒྱུད་དང་། རྗེ་འབངས་ཉེར་ལྔའི་མཚན་སྔགས། མདོ་དབང་གི་ཨ་ཏི་དང་ཨ་ནུ་གཉིས། མ་ཧཱ་དང་ཆུ་བོ་གཅིག་འདུས། ཟུར་ཁམས་ཀྱི་ཁྱད་པར་བཅས་པའི་བླ་མ་བརྒྱུད་པ། སྒྱུ་འཕྲུལ་ཞི་ཁྲོ། བཤད་རྒྱུད། ན་རཀ་དོང་སྤྲུགས་ཀྱི་བླ་བརྒྱུད་སོགས་ཀྱི་མཚན་སྔགས། སངས་རྒྱས་མཉམ་སྦྱོར་དང་། བཀའ་བརྒྱུད་བདེར་འདུས། ཡང་དག་བཀའ་མ་དང་ཆོས་དབང་གི་ཡང་དག་སྙིང་པོའི་བླ་བརྒྱུད། གཤེད་དམར། ཚེ་བདག །དྲེགས་འཇོམས། རྟ་མགྲིན་ཡང་གསང་། ཕུར་པ་ལྷ་ནག་ཞལ་གཟིགས་མ། ཕུར་པ་སྤུ་གྲི་རྣམས་ཀྱི་བླ་བརྒྱུད་མཚན་སྔགས། ཤིང་རྟ་ཆེན་པོ་གསུམ་གྱི་རྗེས་སུ་འབྲངས་པའི་སེམས་བསྐྱེད་ལུགས་གསུམ་དང་། ལུགས་གསུམ་ཆུ་བོ་གཅིག་འདུས། སོ་ཐར་སྡོམ་བརྒྱུད། བོད་ཀྱི་པཎྜི་ཏ་རྣམས་ཀྱི་མཚན་སྔགས། ལོ་ཙཱ་བ་རྣམས་དང་། གཏེར་སྟོན་གཙོ་ཆེ་བ། སྟོན་པ་ཉན་ཐོས་མཆོག་རྣམས། དགྲ་བཅོམ་བདུན་སོགས་ཀྱི་མཚན་སྔགས། ཐུགས་ཏིག །གསང་འདུས། གཏེར་ཁ་གོང་འོག་གི་བླ་སྒྲུབ་ཕྱི་ནང་གསང་གསུམ། དགོངས་འདུས་སྤྱི་དྲིལ་ཆེན་མོ། སྨིན་གླིང་དང་འོ་བྲན་གྱི་གུར་དྲག །ཉང་གི་བདེར་འདུས། མེ་ཡི་སྤུ་གྲི། པད་གླིང་དྲག་པོ་སྟེ་བླ་མ་


LT37_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དྲག་གི་སྐོར། རིག་པ་ཕུག་རོན་དང་བཅས་པ། སྐུའི་སྟོད་ཆ་ནས་ལྟེ་བའི་བར་ཇི་ལྟར་རིགས་པར། བཏགས་གྲོལ་རྒྱུད་དྲུག་དང་། ཡང་ཏིག་བཏགས་གྲོལ། ཀུན་འདུས་རིག་པའི་མདོ་རྣམས་ཀྱི་སྔགས། ན་རག་དོང་སྤྲུགས་ཀྱི་སྒྲུབ་ཐབས་ནས་བྱུང་བའི་སྔགས། སྨིན་གླིང་གཏེར་གསར་རྡོར་སེམས་ཀྱི་ཡིག་བརྒྱ། གསང་སྙིང་རྒྱུད་སྔགས། མཉམ་སྦྱོར་དང་ཧེ་རུ་ཀ་གལ་པོའི་རྒྱུད་སྔགས། བཀའ་བརྒྱད་བདེར་འདུས་ཀྱི་ཞི་བ་རིགས་བརྒྱ། ཞེ་གཉིས། རིགས་ལྔ། རིགས་གཅིག་རྣམས་ཀྱི་སྔགས། ཁྲོ་བོ་ཆེ་མཆོག །ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། མ་མོ། རིག་འཛིན། མཆོད་བསྟོད། དྲག་སྔགས་རྣམས་དང་། བདེར་འདུས་བཀའ་སྤྱི་འདུས་ཀྱི་སྔགས། བཀའ་བརྒྱད་གསང་རྫོགས་ཀྱི་སྔགས་སྤེལ་ཚིག་དང་བཅས་པ། ཆོས་དབང་ཡང་དག་སྙིང་པོའི་སྔགས་རྣམས། གཤིན་རྗེ་རུ་མཚོན་དམར་པོ། ཚེ་བདག །དྲེགས་འཇོམས། ཁྲོ་ཆུ། ཡང་ཟློག་མེ་ཡི་སྤུ་གྲི་རྣམས་ཀྱི་སྔགས། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། སངས་རྒྱས་གསང་བའི་ཚེ་སྒྲུབ། མཁའ་འགྲོ་ཆེན་མོ། ཕག་མོ་རིགས་འདུས། ཁྲོས་ནག །རྟ་མགྲིན་ཡང་གསང་ཁྲོས་པ། གཏེར་ཁ་གོང་འོག་གི་རྟ་ནག །རྟ་


LT37_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གསང་སྒྲུབ་རྣམས་ཀྱི་སྔགས། རྟ་མགྲིན་ནཱ་ག་ཀླུ་འདུལ་དང་ཕུར་པ་ཡང་གསང་སྤུ་གྲིའི་སྔགས། ཕྱག་རྡོར་དྲེགས་འདུལ། བྱང་ཆུབ་གླིང་པའི་ཕྱག་རྡོར་དང་ཁང་བརྩེགས། ཡང་ཟློག་རྡོ་རྗེ་ཕ་ལམ། ལོཀྟྲི། འཁོར་ལོ་འབར་བ་རྣམས་ཀྱི་སྔགས། བད་གདན་དུ། མཆོད་པའི་སྤྲིན། མཆོད་པ་འབྱུང་བ་ནམ་མཁའ་མཛོད། གལྤོ་ནས་གསུངས་པའི་སྐུ་གསུམ་དུ་བྱིན་གྱིས་རློབ་པའི་སྔགས་རྣམས་དང་། ཆོས་སྲུང་རྣམས་ཀྱི་སྔགས་གོང་དུ་སོང་བ་ལྟར་བཞུགས། ཐུགས་ཀའི་སྟོད་སྨད་དུ་གསར་མའི་སྐོར་ལ། བདེ་མཆོག །ཀྱཻ་རྡོར། གུར་ནས་གསུངས་པའི་ཁྲོ་བཅུ། གསང་འདུས། སམྦུ་ཊི་རྡོར་དབྱིངས། སངས་རྒྱས་ཐོད་པ། གདན་བཞི། འཁོར་ལོས་སྒྱུར་དྲུག །རྡོ་རྗེ་བདུད་རྩི། གསང་འདུས་ནས་གསུངས་པའི་ཁྲོ་བོ་དགུའི་སྔགས་བཅས། སྒྱུ་འཕྲུལ་འཇམ་རྡོར། གཤིན་རྗེ་གཤེད། གསང་འདུས་ཇོ་ལུགས། སམྦུ་ཊ་ཕྱག་གཉིས་མ། གུར་གྱི་ཡིག་བརྒྱ། དུས་འཁོར། མཚན་བརྗོད། མ་ཧཱ་མཱ་ཡཱ། དགྲ་ནག་གདོང་དྲུག་རྣམས་ཀྱི་སྔགས། སྟོད་སྨད་ཐམས་ཅད་དུ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་སྙིང་སྟེ་གཟུངས་སྡེ་ལྔར་གྲགས་


LT37_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚར་གྲངས་དུ་མ། དྲི་མེད་འོད་ཀྱི་མཆོད་རྟེན་གྱི་སྔགས་སོགས་དང་། ལྟེ་བར་རྟ་མགྲིན་ཇོ་ལུགས། ཕྱག་རྡོར་གོས་སྔོན་ཅན། སོ་འབྲང་། འོད་ཟེར་ཅན་སོགས་གཙོ་བོར་གྱུར་པའི་གཟུངས་ཕྲན་སྣ་ཚོགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའི་གཟུངས་སོགས། མཆོད་རྟེན་བསྐོར་བའི་གཟུངས་སོགས། སྒོ་མཐའ་ཡས་པའི་གཟུངས་སོགས། དོན་ཞགས་དང་། སྤྱན་རས་གཟིགས་མགྲིན་སྔོན་གྱི་གཟུངས་སོགས་གསང་སྔགས་སྤྱིའི་རྒྱུད་སྡེ་རྣམས་ཀྱི་གཟུངས་གཙོ་ཆེ་བ་རྣམས། ཤེར་སྙིང་སཾ་སྐྲྀ་ཏའི་སྐད། བཅུ་གཅིག་ཞལ་ཀྱི་གཟུངས་སོགས། ལྟེ་འོག་ལ་ཚངས་པ་བརྒྱ་བྱིན་སོགས་ལྷ་ཆེན་རྣམས་ཀྱི་སྔགས་རྒྱུད་སྡེ་ནས་བྱུང་བ་རྣམས། མགྲིན་པར་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མ་ཡུམ་ཉིད་ལ་དད་པའི་རྟེན་སྐལ་དུ་གནང་བའི་གུ་རུ་བདེ་བ་ཆེན་པོའི་སྒོས་སྒྲུབ་ཤོག་སེར་བུབས་ཚང་ཙནྡན་དཀར་པོོའི་གླེགས་ཤིང་དང་བཅས་པ། དབྱངས་གསལ་རྟེན་འབྲེལ་སྙིང་པོ་གྲངས་མང་། གསང་གནས་སུ་མདོ་སྡེའི་གཟུངས་སྔགས་ཀྱི་སྡེ་ཚན་དང་། དེ་བཞིན་གཤེགས་པ་བདུན་གྱི་གསོ་སྦྱོང་སོགས་ཆ་ཉི་ཤུ་རེ་བཞུགས། གཞན་ཡང་འོག་ནས་མཆོད་རྟེན་སྐབས་སུ་འབྱུང་བའི་ཟེ་ཆེན་སྤར་མ་བླ་མ་ཡི་དམ་ཆོས་སྲུང་


LT37_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་སྙིང་པོ་རྣམས་ཀྱང་ཆ་ཉི་ཤུ་རེ། ལྷུན་གྲུབ་སྟེང་སྤར་ཁང་ཆེན་མོའི་སྤར་མ་ཇོ་བོའི་སྐབས་སུ་བཤད་ཟིན་པ་ལྟར་ཆ་བདུན་རེ། དཔལ་སྤུངས་སྤར་མ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྙིང་པོ་རྣམས་ཀྱང་ཆ་བདུན་རེ་བཅས་གོ་རིམ་མ་འཆོལ་བར་བཞུགས། ཡང་དབུ་ནང་དུ་གཏེར་གསར་གཟི་བརྗིད་སྐྱེད་པ་སྐུའི་རིལ་བུ་དང་། ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་སྙིང་པོ་ཨ་མི་བྷེ་ལ། །མགྲིན་པར་ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ་དང་། ཡོངས་སྐུ་ཐུགས་རྗེ་ཆེན་པོའི་སྙིང་པོ་ཡིག་དྲུག །ཐུགས་ཀར་བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ་དང་། སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་སྙིང་པོ་བཛྲར་གུ་རུ་རྣམས་གྲངས་མང་། ལྟེ་བ་ཡན་ལ། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་བཀའ་ཐང་རིགས། ལེའུ་བདུན་མ། བསམ་ལྷུན། སྨོན་ལམ་དང་མདོ་སྡེ་སྐོར་ཆ་བདུན་རེ། ཐུགས་ཀར་གཏེར་གསར་མཐོང་གྲོལ་འཁོར་ལོ་དང་པདྨའི་སྙིང་པོའི་རྒྱུད། ཡེ་ཤེས་རབ་འབར་རྩ་རྒྱུད། དཔྲལ་བར་བླ་མ་དགོངས་འདུས་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་དང་བླ་མའི་གསང་རྒྱུད་བཀའི་བང་མཛོད། མགྲིན་པར་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་དང་ཡི་དམ་གསང་རྒྱུད་བཀའི་ཐ་རམ། ཐུགས་ཀར་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་དང་མཁའ་འགྲོའི་གསང་


LT37_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བཀའི་ལྡེའུ་མིག །སྐུ་སྟོད་སྐོར་དུ། རྙིང་རྒྱུད་རིགས་དང་དྲི་མེད་བཤགས་རྒྱུད། དགོངས་འདུས་མཐོང་གྲོལ་ཆ་ལྔ། ལྟེ་བར་ཡོན་ཏན་རྒྱུད་བསྟན་པའི་སྲོག་ཤིང་དང་། གྲོང་ཁྱེར་སྒྲོལ་འཁོར་སོ་འབྲང་ཐུགས་རྗེ་ཆེན་པོའི་མཐོང་གྲོལ་ཙཀྲ། གསང་བར་ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་དེ་རྒྱུད་དགུ་ཐམས་ཅད་ཆ་བདུན་རེ། མགྲིན་པར་རང་གིས་ཕུལ་བ་གཏེར་གསར་ཤོག་སེར་ཀུན་འདུས་རིལ་བུ། ཤོག་སེར་ཕྱག་བྲིས་ཀུན་འདུས་རིལ་བུ་བཅས་དང་། མཁྱེན་བརྩེ་སྤྲུལ་སྐུ་ཁྲག་འཐུང་བདེ་བའི་རྡོ་རྗེའི་ཕྱག་དཔེ་ཀློང་ཆེན་སྙིང་ཐིག་སྔོན་འགྲོའི་ཆོས་ཚན་རྣམས་བཞུགས་སོ། །ཆོས་སྐུའི་རིང་བསྲེལ་ནི། ཐུགས་ཀར་དྲི་མེད་རྣམ་གཉིས་སྒོ་ནས་བསྒྲུབས་པའི་སཱཙྪ་ཉིས་བརྒྱ་ལྷག །འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་ནས་གནང་བ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཐུགས་དམ་རྟེན་ཨོ་རྒྱན་རིན་པོ་ཆེའི་སྐུ་ལི་མ་བྱིན་རླབས་ཅན་ཡེ་ཤེས་སེམས་དཔའི་ཚུལ་དུ་འདིར་བཞུགས་སུ་གསོལ་བ་དང་། ཨོ་རྒྱན་སྐུ་ར་སྟོན་གཏེར་བྱོན། ཧཱུྃ་ནག་མེ་འབར་སྐུ་བྱིན་ཅན་རྣམས་བཞུགས་སོ། །སྐུ་གདུང་རིང་བསྲེལ་ནི། དཔྲལ་བར་རང་གིས་ཕུལ་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན།


LT37_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་སི༚་ཧ། མི་མ་མི་ཏྲ་བཅས་རིག་འཛིན་བཞིའི་སྐུ་གདུང་རིང་བསྲེལ་གཅིག་བསྡུས་བསྟན་པའི་བཙས། མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་རིག་འཛིན་དགའ་རབ་རྡོ་རྗེའི་འོད་གསལ་ཐུགས་ཀྱི་རིལ་བུ། ཡེལ་ཕུག་གཏེར་བྱོན་ཧེ་རུ་ཀ་ཡབ་ཡུམ་གྱི་བྱང་སེམས་དམ་རྫས་མཁའ་ཀློང་འཁྱིལ་པ། འབུམ་རྫོང་གཏེར་བྱོན་པྲ་བྷཱ་ཧ་སྟིའི་གདུང་ག་རིལ་བུ་དམ་རྫས་མྱང་གྲོལ་ཆེན་མོ། ཡང་དེ་ཉིད་ནས་སྤྱན་དྲངས་པ་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དམ་རྫས་རོལ་པ་ཆེན་པོ་རྩ་བའི་གཏའ་སྤེལ། ན་བུན་རྫོང་གི་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་ཤངས་མཚལ་རིལ་བུ། ཡང་དེ་ཉིད་ནས་སྤྱན་དྲངས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གདུང་རུས་རིལ་བུ། སེང་བྲག་གཏེར་བྱོན་སྐྱེ་བདུན་སྐུ་ཤ་རིལ་བུ་རྩ་བའི་གཏའ་སྤེལ། ཀཿཐོག་ནས་གེ་ནང་བ་གཏེར་ཆེན་བདུད་འདུལ་རྡོ་རྗེའི་དབུ་ཐོད། ཀརྨ་ཆགས་མེད་ཀྱི་སྐུ་གདུང་རིལ་བུ། རིག་འཛིན་ཀློང་གསལ་སྙིང་པོའི་དབུ་ཐོད། ཀུན་མཁྱེན་ཡེ་ཤེས་རྡོ་རྗེའི་གདུང་རུས། གསང་གནས་སུ་འདིའི་ཕྱོགས་གཏོགས། རང་གིས་ཕུལ་བ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟིལ་ཕྲམ་རྡོ་རྗེ་གཡུང་དྲུང་ནས་སྤྱན་དྲངས་པ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེའི་རང་བྱུང་གསང་བའི་བདུད་རྩི། མཆོག་


LT37_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གཏེར་མ་པྲ་བྷཱ་ཧ་སྟིའི་རྣམ་སྣང་རིལ་བུ་དམ་རྫས་བཅུད་ཀྱི་ཉིད་ཁུ་དང་། གསང་ཆབ་ཀུན་འདུས་མི་བསྐྱོད་རིལ་བུ་དམ་རྫས་བཻ་ཌཱུརྻའི་སྙིང་པོ། དམ་རྫས་དཔལ་གྱི་སྙིང་པོ་རྣམ་སྣང་རིལ་བུ། འབུར་མོ་གནས་ཀྱི་གཏེར་བྱོན་ཡེ་ཤེས་མཚོ་རྒྱལ་གྱི་གསང་ཆབ་རིལ་བུ་དམ་རྫས་རིན་ཆེན་སྙིང་པོ། བྱང་སེམས་ཟླ་ཐིག་རིལ་བུ་དམ་རྫས་ཟླ་ཤེལ་གཞོན་ནུ། ཀཿཐོག་ནས་གནང་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཅོང་ཞི་བཅུད་ལེན་མཛད་པའི་གསང་ཆབ། དྲུང་ནམ་མཁའ་རྒྱ་མཚོ་དང་། འགྱུར་མེད་རྡོ་རྗེ་སོགས་ཀྱི་གསང་ཆབ་བཅས་བཞུགས་སོ། །སྐུ་བལ་རིང་བསྲེལ་ནི། དཔྲལ་བར་རང་གིས་ཕུལ་བ་མཆོག་གྱུར་གླིང་པས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པ་ཨོ་རྒྱན་རིན་པོ་ཆེའི་ཟབ་བེར། འཛི་ལུང་མཁའ་འགྲོ་ཤེལ་ཕུག་གཏེར་བྱོན་མཁན་ཆེན་བོ་དྷི་སཏྭའི་སྐུ་ཆོས། སེང་བྲག་གཏེར་བྱོན་ལྷ་ལྕམ་མནྡཱ་ར་བའི་ན་བཟའ། ཡང་དེ་ཉིད་ནས་སྤྱན་དྲངས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ན་བཟའ་དང་གསང་གོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ན་བཟའ། མགྲིན་པར། ཀཿཐོག་ནས་གནང་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ན་བཟའ། བྱང་བདག་རིག་འཛིན་ངག་གི་དབང་པོའི་ནང་གོས། གཏེར་ཆེན་འགྱུར་མེད་རྡོ་


LT37_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གསང་གོས་དང་ཕུར་དང་། རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་སྐུ་འགགས། གནམ་ཆོས་མི་འགྱུར་རྡོ་རྗེའི་ན་བཟའ། རིག་འཛིན་ཀློང་གསལ་སྙིང་པོའི་དབུ་སྤ། རིག་འཛིན་ཚེ་དབང་ནོར་བུའི་སྐུ་ཤམ། སྟག་བླ་པདྨ་མ་ཏིའི་ཕྱག་རྡོར་དྲིལ། ཀུན་མཁྱེན་འཇིགས་མེད་གླིང་པའི་དབུ་སྐྲ། པདྨ་ཉིན་བྱེད་དབང་པོའི་ན་བཟའ། མཆོག་གྱུར་བདེ་ཆེན་གླིང་པའི་དབུ་སྐྲ། རྫོགས་ཆེན་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ན་བཟའ། ཀཿཐོག་སི་ཏུ་རིན་པོ་ཆེའི་དབུ་ཞྭ་བཅས་བཞུགས་སོ། །དམ་རྫས་རྟེན་འདུས་ཀྱི་སྐོར་ལ། མགྲིན་པར་རང་གིས་ཕུལ་བ་མཆོག་གྱུར་གླིང་པས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བསྒྲུབས་པའི་འཇམ་དབྱངས་རིལ་བུ་ཡེ་ཤེས་སེམས་དཔའི་དྭངས་བཅུད། ག་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་སིདྡྷི་རིལ་བུ་དམ་རྫས་ཕྲིན་ལས་རོལ་པའི་ཕབ་གཏའ་གཞན་ཕན་མཁའ་ཁྱབ། ཡེ་རྒྱལ་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་འཆི་མེད་གྲུབ་པ་རྣམས་ཀྱི་ཚེ་བཅུད་ཀུན་འདུས་གུ་རུ་ཡབ་ཡུམ་གྱིས་བསྒྲུབས་པའི་ཚེ་རིལ་ནམ་མཁའི་སྙིང་པོའི་ཕྱག་བསྒྲིལ་ཐབས་ཤེས་རྡོ་རྗེ་རྫས་མཆོག་སྲོག་མཐུད་བདུད་རྩིའི་ཞུན་མ། སྒྲོལ་དཀར་རིལ་བུ་བདུད་རྩིའི་


LT37_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་ཐིག །ལྟེ་བར་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་དང་ལྷན་ཅིག་སྤྱན་དྲངས་པའི་ཤྲཱི་སི༚་ཧའི་བདུད་རྩི་ཆོས་སྨན་འཆི་མེད་དྭངས་མའི་བཅུད་ལེན་གྱི་གཏའ་སྤེལ། གནམ་བྲག་གཏེར་བྱོན་རིག་འཛིན་བརྒྱད་ཀྱི་ཆོས་སྨན་ཡེ་ཤེས་ཀློང་དགུའི་བཅུད་ལེན་གཏའ་སྤེལ། ཡང་དེ་ཉིད་ནས་སྤྱན་དྲངས་པའི་རིག་འཛིན་བརྒྱད་ཀྱི་ཆོས་སྨན་ལ་གཞི་བྱས། ཨོ་རྒྱན་རྗེ་འབངས་ཉེར་ལྔས་དཔལ་གྱི་བསམ་ཡས་མཆིམས་ཕུ་དབང་ཆེན་རོལ་བའི་ཕོ་བྲང་དུ་བསྒྲུབས་པའི་བདུད་རྩི་ཆོས་སྨན་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་བཅུད་ལེན་གྱི་གཏའ་སྤེལ། ན་བུན་རྫོང་གི་གཏེར་བྱོན་བི་མ་མི་ཏྲའི་ཆོས་སྨན་བདུད་རྩིའི་བཅུད་ལེན་གྱི་གཏའ་སྤེལ། གསང་གནས་བཙའ་འདྲ་རིན་ཆེན་བྲག་གི་གཏེར་བྱོན་ཡུལ་ཆེན་དྲུག་ཅུ་རྩ་བཞི་དང་། གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་དུར་ཁྲོད་བརྒྱད་ཀྱིས་སྣ་རིལ་བུ་དང་ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་བཅས། ལྟེ་བར་ས་ངོར་གྱི་བདུད་རྩི་རིལ་བུ། དཔལ་ཡུལ་བླ་རབས་རིམ་བྱོན་གྱི་བདུད་རྩི་ཆོས་སྨན། རྫོགས་ཆེན་པས་འདུས་མདོའི་སྒོ་ནས་ལན་གྲངས་དུ་མར་བསྒྲུབས་པའི་བདུད་རྩི་ཆོས་སྨན། ཐུགས་ཀར་ཀུན་གཟིགས་འཇམ་དབྱངས་མཁྱེན་


LT37_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེས་གནང་བ་རིང་བསྲེལ་རྣམ་བཞི་གཅིག་འདུས་ཀྱི་ཕུར་མ་ཁྱད་འཕགས། གྲུབ་ཆེན་བརྒྱད་ཅུ། གོང་མ་རྣམ་ལྔ། བླ་མ་བསོད་ནམས་རྒྱལ་མཚན། རྗེ་བཙུན་བསྟན་པའི་ཉི་མ་རྣམས་ཀྱི་ཚེ་རྫས་གཏའ་སྤེལ་འཆི་མེད་བཀྲ་ཤིས་དཔལ་འབར་བཅས་བཞུགས་སོ། །སྐུའི་གཡས་ཟུར་དུ་གནས་ཆེན་བྱིན་འབེབས་ཀྱི་རྟེན་རྣམས་ཚད་དང་ལྡན་པར་བགྱིས་པའང་བཞུགས་པ་ཞར་བྱུང་དུ་སྨོས་པའོ། །བྱང་ཆུབ་མཆོད་རྟེན་ཆེན་པོ་ལ་གཙུག་ཏོར་དྲི་མེད་ཀྱི་ས་ཆོག་སྔོན་དུ་འགྲོ་བས། སེང་ཁྲིའི་འོག་ཏུ་སྙིང་པོའི་རྣལ་འབྱོར་ཟབ་མོ་སྒྲུབ་པ་རྣམས་ལ་འཚེ་བའི་ནག་ཕྱོགས་ཀྱི་སྡེ་དཔུང་དབྱིངས་སུ་ཞི་བའི་རྟེན་འབྱུང་དུ་མཚོན་ཆ་མནན་ཏེ་ཆོས་ཉིད་ཀྱི་བདེན་པས་རྒྱས་བཏབ། ས་འཛིན་ནང་སེང་གེ་སྒྲ། ཀླུ་དབང་རྒྱལ་པོ། ས་ལྷའི་བུམ་པ། གཏེར་གསར་ས་ཀླུའི་བུམ་པ་རྣམས་རེ་རེ། བཀྲ་ཤིས་དང་འདོད་གསོལ་རིགས་ཇོ་བོའི་སྐབས་ལྟར་དང་། སེང་ཁྲིའི་ནང་ཐུགས་རྡོར་བཀྲ་ཤིས་གཏེར་བུམ། བསོད་ཐག་ཉིན་མོ་བདེ་ལེགས། རང་བྱུང་གསེར་ཞོ་འཁོར། དངུལ་བཅུ་པ། གཟི་ཆུ་མིག་དྲུག་པ། བྱ་རུ་ཆེ་ལེགས་རྡོག་གཅིག །གཡུ་རྡོག་གཅིག །མུ་ཏིག་རྡོག་གསུམ། ཤེལ་རྡོག་གཅིག །དུང་རྡོག་གཅིག །མུ་མེན་རྡོག་གཅིག །སྤོས་ཤེལ་རྡོག་


LT37_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །འཆང་རྡོག་གཅིག །ལིང་སྣ་ལྔ། རྒྱ་རས་ཡུགས་ལྔ་སོགས་ནོར་སྣ་དུ་མས་གཏམས། དེ་ནས་ཟངས་དཀར་མར་ཞུན་གྱིས་བཀང་བའི་སྟེང་གནོད་སྦྱིན་ནོར་ལྷའི་འཁྲུལ་འཁོར་རྣམས་དང་ལྷན་ཅིག །ཛཾ་ནག་ཐོད་པ་དང་འཁོར་ལོ་སྐུ་བརྙན་ལི་མ་བཅས། བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོ། ཚད་མེད་ནང་བླ་མ་ནོར་ལྷའི་བུམ་པ། མགོན་དཀར་བུམ་པ། དམར་པོ་སྐོར་གསུམ། ཆོས་སྐྱོང་ནོར་ལྷ་སྤྱིའི་གཟུངས་སྔགས་ཆ་ཉེར་བདུན་རེ། གུ་གེ་ཆིག་དྲིལ། སྲུང་བ་རྡོ་རྗེ་ཁྲབ་རིང་། བུམ་པའི་ནང་དྲི་མེད་རྣམ་གཉིས་ཀྱི་གཞུང་ལས་ཇི་སྐད་གསུངས་པའི་སྲོག་ཤིང་རྩེ་མོར་གསེར་གྱིས་བྲིས་པའི་འོད་ཟེར་དྲི་མེད་ཀྱི་གཟུངས་མདོའི་གླེགས་བམ། སྨད་ཆའི་ཕྱོགས་བཞིར་སྲོག་ཤིང་གི་སྔགས་དང་སྒྲིབ་སེལ་སྔགས་དགུ་བཅུ་རྩ་དགུ་རེ་དང་། རྩ་བར་འོད་ཟེར་དྲི་མེད་སྙིང་པོ་དང་རྟེན་སྙིང་རྣམས་གཟུངས་ཁུངས་བྲུས་པ་ལ་བཅུག་པའི་ཕྱི་ནས་མཚལ་གྱི་ན་བཟའ་དང་གསེར་བྲིས་སོགས་གོང་སྨོས་ལྟར་བྱས་པ་ཉེ་བར་བསྔོགས་ནས། ཐོག་མར་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་རས་བྲིས་བུམ་རྟེན་དུ་བཀོད་པ་ལ་སྒྲུབ་མཆོད་བྱས་ནས་རས་བྲིས་ཞལ་ཁེབས་རྒྱབ། དེ་སྟེང་འོད་ཟེར་དྲི་མེད་དཀྱིལ་


LT37_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རས་བྲིས་ཀྱི་ལྟེ་བར་སྲོག་ཤིང་མ་ཡོ་བར་བཙུགས་ནས་སྒྲུབ་མཆོད་ཚུལ་བཞིན་བྱས། མཆོད་པའི་ཡོ་བྱད་སོགས་ཀྱང་གཞུང་དང་མཐོང་རྒྱུད་ཀྱི་ལག་ལེན་ལས་ཇི་ལྟར་འབྱུང་བ་བཞིན་གཙང་དག་མ་ཚང་བ་མེད་པར་བཀོད། དེ་སྟེང་གཙུག་ཏོར་དྲི་མེད་ཀྱི་སཱཙྪ་དཀར་པོ་བརྒྱ་རྩ་བརྒྱད་དང་། འོད་ཟེར་དྲི་མེད་ཀྱི་སཱཙྪ་སེར་པོ་དགུ་བཅུ་རྩ་དགུ་རྣམས་སོ་སོའི་ཆོ་གས་ཚུལ་བཞིན་སྔོན་ནས་བསྒྲུབས་ཟིན་པ་བཀོད་པའི་བར་མཚམས་སྤོས་སྨན་གྱི་ཕུར་མས་བཅེར་བ་བཞུགས་སོ། །དེ་ནས་རིང་བསྲེལ་རྣམ་ལྔ་ལས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི། ཏོག་གི་ནང་དུ་བདེ་བར་གཤེགས་པའི་འཕེལ་གདུང་འཁྲུལ་མེད་ཀྱི་རྣམ་གྲངས་ཇོ་བོའི་སྐབས་ལྟར་དང་། རང་གིས་ཕུལ་བ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཀུན་འདུས་དམ་རྫས་ཏོག་གི་བློ་གྲོས་དང་། གཏེར་གསར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རིལ་བུ་དམ་རྫས་མྱང་གྲོལ་ཡིད་བཞིན་ནོར་བུ་བཅས་བཞུགས་སོ། །ཆོས་ཀྱི་རིང་བསྲེལ་ནི། ལྷུན་གྲུབ་སྟེང་སྤར་མ་ཇོ་བོའི་སྐབས་སུ་སོང་བ་ལྟར་ཆ་བདུན་རེ་གནས་སོ་སོར་མ་འཆོལ་བར་བཞུགས་ཤིང་། ཟེ་ཆེན་སྤར་མ་ལ། ཆོས་འཁོར་གྱི་ནང་དུ། བླ་སླུབ་ཐུགས་ཏིག །པད་གླིང་བླ་སྒྲུབ། གཏེར་ཁ་གོང་འོག་ཐུན་


LT37_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་བླ་སྒྲུབ། རྫོགས་ཆེན་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །ཨ་ཏི་ཟབ་དོན་སྙིང་པོ་རྣམས་ཀྱི་བླ་མ་བརྒྱུད་པ། སེམས་སྡེ་དང་། ཀློང་སྡེ་རྡོ་རྗེ་ཟམ་པའི་བརྒྱུད་པ། རྒྱ་གར་རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ། མཁན་སློབ་ཆོས་གསུམ་གྱི་མཚན་སྔགས། འདུས་པ་མདོའི་ཨ་ཏི། ཨ་ནུ། མ་ཧཱ་རྣམས་ཀྱི་བརྒྱུད་པ། ཟུར་ལུགས་གྲགས་པ་གོང་ར་དང་། ཟུར་བྱམས་སེང་ནས་བརྒྱུད་པ། སྒྲོལ་མ་བསམ་འགྲུབ་རྡོ་རྗེའི་རྗེས་སུ་ཀཿཐོག་པའི་བརྒྱུད་པ། བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གཅིག་འདྲེས་ཀྱི་བརྒྱུད་པ། ན་ར་ཀ་དོང་སྤྲུགས་དང་། སྒྱུ་འཕྲུལ་ཞི་ཁྲོའི་བརྒྱུད་པ། སྙིང་པོའི་བཤད་བཀའི་བརྒྱུད་པ། སངས་རྒྱས་མཉམ་སྦྱོར། ཡང་དག །ཆོས་དབང་ཡང་དག །ཕུར་པ་ལྷ་ནག །བཀའ་བརྒྱད་བདེར་འདུས། གཤིན་རྗེ་དམར་པོ། ཚེ་བདག །དྲེགས་འཇོམས། ཕུར་པ་ཡང་གསང་སྤུ་གྲི། རྟ་མགྲིན། ཡང་གསང་ཁྲོས་པ་རྣམས་ཀྱི་བརྒྱུད་པ། སེམས་བསྐྱེད་ཀླུ་སྒྲུབ་ལུགས། ཐོགས་མེད་ལུགས། ཞི་བ་ལྷའི་ལུགས། སེམས་བསྐྱེད་ཀྱི་ལུགས་ཆུ་བོ་གཅིག་འདྲེས་རྣམས་ཀྱི་བརྒྱུད་པ། བོད་ལ་བཀའ་དྲིན་ཆེ་བའི་པཎྜི་ཏ་རྣམས་དང་། ལོ་ཙཱ་བ་རྣམས་ཀྱི་མཚན་སྔགས།


LT37_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་གཙོ་ཆེ་བ་འགའི་མཚན་སྔགས། དགྲ་བཅོམ་པ་བདུན་གྱི་མཚན་སྔགས། བུམ་པ་སྟོད་ཀྱི་ཆ་ནས་བཟུང་། གཏེར་གསར་ཐུགས་ཐིག །གཏེར་ཁ་གོང་འོག་གི་ཕྱི་ནང་གསང་བའི་བླ་སྒྲུབ། བླ་མ་གསང་འདུས་ཀྱི་སྐུ་གསུམ་སྒྲུབ་པ། གུར་དྲག་འོ་བྲན་ལུགས། པད་གླིང་དྲག་པོ། མ་ཧཱ་གུ་རུ་དྲག་པོ། ཉང་གི་དྲག་པོ་བདེར་འདུས། འདུས་པ་སྤྱི་དྲིལ་ཆེན་མོ། བླ་མ་དགོངས་འདུས་རྣམས་ཀྱི་སྔགས། ཀུན་འདུས་རིག་པ། ན་རཀ་དོང་སྤྲུགས། སྒྱུ་འཕྲུལ་གསང་སྙིང་། སངས་རྒྱས་མཉམ་སྦྱོར། གལྤོ་རྣམས་ཀྱི་རྒྱུད་སྔགས། བདེར་འདུས་ཞི་བ་རིགས་བརྒྱ། ཞེ་གཉིས། རིགས་ལྔ་རྣམས་ཀྱི་སྔགས། བདེར་འདུས་ཁྲོ་བོ་དཔལ་དགུ། བཀའ་བརྒྱད་གསང་རྫོགས་ཞི་བ་དང་ཁྲོ་བོ། བདེར་འདུས་ཞི་ཁྲོ་བཀའ་བརྒྱད་རྣམས་ཀྱི་སྙིང་པོ། ཆོས་དབང་ཡང་དག་སྙིང་པོ། སངས་རྒྱས་གསང་བའི་ཚེ་སྒྲུབ། ཉང་ལུགས་རྡོ་རྗེ་རྣལ་འབྱོར་མ་མཁའ་འགྲོ་ཆེན་མོ། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། ཕག་མོ་རིགས་འདུས། ཕུར་པ་ཡང་གསང་སྤུ་གྲི་རྣམས་ཀྱི་སྔགས། ལྕགས་སྡིག་ནས་བྱུང་བའི་ཨོ་རྒྱན་ཐུགས་སྔགས། གཤིན་རྗེ་དྲེགས་འཇོམས། ཁྲོ་ཆུ། ཡང་ཟློག་མེའི་སྤུ་


LT37_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གྲི། གཤིན་རྗེ་དུ་མཚོན་དམར་པོ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། གཏེར་ཁ་གོང་འོག་གི་རྟ་ནག །རྟ་མགྲིན་ཡང་གསང་ཁྲོས་པ། ནཱ་ག་ཀླུ་འདུལ། ཉང་ལུགས་ཁྲོས་ནག་རྣམས་ཀྱི་སྔགས། ཕྱག་རྡོར་དྲེགས་འདུལ། བྱང་ཆུབ་གླིང་པའི་ཕྱག་རྡོར། ལོཀྟྲི། ཡང་ཟློག་རྡོ་རྗེ་ཕ་ལམ། འཁོར་ལོ་འབར་བ་རྣམས་ཀྱི་སྔགས། མཆོད་པའི་སྤྲིན་གྱི་གཟུངས། སྐུ་གསུམ་བྱིན་གྱིས་རློབ་པའི་གཟུངས། བུམ་སྨད་དུ། བདེ་མཆོག་དང་། ཀྱཻ་རྡོར་སྙིང་པོ། ཀྱཻ་རྡོར་ཕྱག་གཉིས་པ། ཕྱག་བཞི་པ། ཕྱག་དྲུག་པ། ཕྱག་བཅུ་དྲུག་པ། ཀྱཻ་རྡོར་རིགས་ལྔ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་རྣམས་ཀྱི་སྔགས། གསང་འདུས་སུ་གསུངས་པའི་ཁྲོ་བོ་དགུ། གུར་ལས་གསུངས་པའི་ཁྲོ་བོ་བཅུ་རྣམས་ཀྱི་སྔགས། དུས་ཀྱི་འཁོར་ལོའི་རྐང་པ་བཅུ་དྲུག་པའི་སྔགས། རྡོ་རྗེ་ཕག་མོའི་སྙིང་པོ། བཅོམ་ལྡན་འདས་མའི་ཕྲེང་སྔགས། གསང་འདུས་ཇོ་བོ་ལུགས་དང་། གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས། ཚད་མེད་སོགས་སུ་གཟུངས་ཆེན་སྡེ་ལྔ། ཇོ་བོའི་ཐུགས་དམ་ལྷ་བཞིའི་སྙིང་པོ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྙིང་པོ། རྟ་མགྲིན་ཇོ་བོ་ལུགས། ཕྱག་རྡོར་གོས་སྔོན་ཅན། རྡོ་རྗེ་


LT37_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཇོམས་པ། གཙུག་ཏོར་གདུགས་དཀར། གྲ་ལྔའི་ལྷ་མོ་ལྔ། ལོ་གྱོན་མ། འོད་ཟེར་ཅན་རྣམས་ཀྱི་གཟུངས། བྱམས་པས་དམ་བཅས་པ། འཇམ་དཔལ་གྱིས་དམ་བཅས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། སྐུལ་བྱེད་མ་རྣམས་ཀྱི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའི་གཟུངས། དྲི་མེད་འོད་ཀྱི་མཆོད་རྟེན་རབ་གནས་གཟུངས་དང་། མཆོད་རྟེན་བསྐོར་བའི་གཟུངས། མཆོད་པ་དང་བསྐོར་བའི་གཟུངས། ཀུན་རིག །རིན་འབྱུང་། འོད་དཔག་མེད། དོན་གྲུབ་རྣམས་ཀྱི་གཟུངས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། སངས་རྒྱས་དྲི་མེད་འོད་ཀྱི་སྙིང་པོ། གཙུག་ཏོར་གདུགས་དཀར་གྱི་གཟུངས། ཕྱག་ན་རྡོ་རྗེའི་གཟུངས་རིང་། དོན་ཞགས་ཀྱི་གཟུངས། སྤྱན་རས་གཟིགས་མགྲིན་པ་སྔོན་པོའི་གཟུངས། ཚད་མེད་སྨད་དུ། ཤེར་སྙིང་སཾ་སྐྲྀ་ཏའི་སྐད། ཤེར་ཕྱིན་ཡི་གེ་ཉུང་ངུ། སྟོང་ཕྲག་བརྒྱ་པའི་གཟུངས། སྔགས་དབྱིངས་སྙིང་པོ། ཆོས་དབྱིངས་གསུང་དབང་གི་ལས་སྔགས། ངན་འགྲོ་སྦྱོང་བའི་སྙིང་པོ། འཇམ་དཔལ་ཤེས་རབ་བློ་འཕེལ། དཔའ་བོ་གཅིག་པ། སྤྱན་རས་གཟིགས་བཅུ་གཅིག་ཞལ། སྒོ་


LT37_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མཐའ་ཡས་པ་རྣམས་ཀྱི་གཟུངས། དེ་ཉིད་འདུས་པ་ནས་གསུངས་པའི་ཡི་གེ་བརྒྱ་པ། ལོ་གྱོན་དང་འོད་ཟེར་ཅན་གྱི་སྙིང་པོ་དང་ལས་སྔགས། རྣམ་རྒྱལ་ཚངས་པ། དབང་ཕྱུག་ཆེན་པོ། ཁྱབ་འཇུག་རྣམས་ཀྱི་སྔགས། ཚེས་གྲངས་རྒྱུ་སྐར་གཟའི་སྙིང་པོ། བགེགས་བསྐྲད་པའི་སྔགས། ཆོས་ཐམས་ཅད་ཀྱི་ཡུམ་གྱི་གཟུངས། ཏིང་འཛིན་རྒྱལ་པོའི་གཟུངས། ཕར་ཕྱིན་དྲུག་དང་། བརྒྱད་སྟོང་པའི་སྙིང་པོ། སྟོང་ཕྲག་ཉི་ཤུ་པ་གཟུང་བར་འགྱུར་བ། ཏོག་ནས་ཆོས་འཁོར་གྱི་བར་དུ་ཡང་ཟབ་རྫོགས་པ་ཆེན་པོའི་བཏགས་གྲོལ་གྱི་སྐོར་ཐམས་ཅད། སེང་ཁྲིའི་ནང་དུ་དཔལ་མགོན་ལེགས་ལྡན། ཕྱག་བཞི། མ་ནིང་། ཞལ་བཞི། མགོན་པོ་སྡེ་ལྔ། སྟ་གཞོན། སྔགས་སྲུང་མ། ཉང་གཏེར་མགོན་དཀར། གཉོས་ལུགས་ཏྲཀྵད་ལྕམ་དྲལ། ཤ་འུག་གཏེར་བྱོན་ལྷ་ཆེན། ལས་གཤིན་གཉན་གྱི་མ་མོ། དམ་ཅན། བྲག་བཙན། རྣམ་སྲས་སྤྲིན་གསེབ་མ། རྟ་སྔོན་ཅན། དྲག་པོ་རྟ་སྔོན་ཅན། ཕྱག་མཚན་བཞི་པ། ཞང་བློན་རྡོ་རྗེ་བདུད་འདུལ། གནོད་སྦྱིན་ཤན་པ་དམར་ནག །ཞིང་སྐྱོང་སེང་གདོང་། ཕུར་སྲུང་རྣམས་ཀྱི་སྔགས། མགོན་པོ་སྤྱིའི་སྔགས་བཅས་ཚར་བདུན་རེ་བཞུགས། དཔལ་སྤུངས་


LT37_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་མ་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྙིང་པོ་རྣམས་ཚར་བདུན་རེ། ཨོ་རྒྱན་རིན་པོ་ཆེའི་སྣང་བརྙན་གྱི་སྐབས་སུ་བཤད་པ་ལྟར་རྫོགས་ཆེན་སྤར་མ་རིགས་ཀྱང་ཆ་བདུན་རེ་བཞུགས། གཞན་ཡང་སྲོག་ཤིང་གི་གནས་ལྔར་དགོངས་འདུས་རྒྱུད་དགུ་ཆ་གཅིག །རྩ་བར་སངས་རྒྱས་རབ་བདུན་གསོ་སྦྱོང་གི་ཚིགས་བཅད་དང་རིན་ཆེན་རིལ་བུ། བུམ་པའི་ནང་ཡེ་ཤེས་རབ་འབར་རྩ་རྒྱུད། བྲེ་ནང་གཏེར་གསར་སེམས་ཉིད་ངལ་བསོའི་མཐོང་གྲོལ་ཙཀྲ། སེང་ཁྲི་ནས་ཆོས་འཁོར་མན་ལ་རྣམ་རྒྱལ་གཟུངས་རིང་སྟོང་ཕྲག །གཟུངས་ཆེན་སྡེ་ལྔ་ཆ་བརྒྱ་དང་ལྔ་བཅུ། ཚད་མེད་སོགས་སུ་སོ་འབྲང་། གྲོང་ཁྱེར་སྒྲོལ་འཁོར། ཐུགས་རྗེ་ཆེན་པོའི་ཙཀྲ་སོགས་ཆ་རེ་བཞུགས་སོ། །ཆོས་སྐུའི་རིང་བསྲེལ་ནི། བཀའ་གདམས་མཆོད་རྟེན་བྱིན་ཅན། དྲི་མེད་རྣམ་གཉིས་ཀྱི་སྒོ་ནས་བསྒྲུབས་པའི་སཙྪ་གོང་སྨོས། ཚེ་དཔག་མེད་ཀྱི་སྐུ་རྙིང་མ་བྱིན་ཅན། བྱམས་པའི་སྐུ་ལི་མ། རྟེན་འདམ་གྱི་ཚེ་ལྷ་རྣམ་གསུམ་སྐུ། ངོར་ཆེན་རྡོ་རྗེ་འཆང་གི་གདུང་ཚ། མཁན་ཆེན་སངས་རྒྱས་སེང་གེའི་གདུང་ཚ་རྣམ་རྒྱལ་མའི་སྐུ། ཐར་རྩེ་པ་ཆེན་ནམ་མཁའ་དཔལ་བཟང་གདུང་ཚ་ཐར་རྩེའི་རྟེན་སྒམ་ནས་བྱུང་བ། སྨིན་གླིང་གཏེར་ཆེན། གྲུབ་ཐོབ་པདྨ་


LT37_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན། སྐུ་ཞབས་དགེ་མང་གཞན་ཕན་མཐའ་ཡས། གླིང་སྤྲུལ་ཐུབ་བསྟན་རྒྱ་མཚོ་རྣམས་ཀྱི་གདུང་ཚ་བྱིན་སྐུ་བཅས་བཞུགས་སོ། །སྐུ་གདུང་རིང་བསྲེལ་ནི། ཆོས་འཁོར་ནང་དུ། རང་གིས་ཕུལ་བ་མཆོག་གྱུར་གླིང་པས་འབུར་མོ་བྲག་ནས་སྤྱན་དྲངས་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱང་སེམས་གཅིག་བསྡུས་དམ་རྫས་རོལ་པ་ཆེན་པོ་རྩ་བའི་གཏའ་སྤེལ། གཏེར་གསར་སྐུ་གདུང་རིང་བསྲེལ་ཀུན་འདུས་ཕབ་གཏའ་དམ་རྫས་འབྲེལ་གྲོལ་ཡིད་བཞིན་སྙིང་པོ། སྐྱེ་བདུན་སྐུ་ཤ་རིལ་བུ་མཁའ་སྤྱོད་བདེ་ལམ། ཀཿཐོག་ནས་གནང་བ་བསོ་དབང་དྲག་རྒྱ་མཚོའི་སྐུ་མཆིན། རིག་འཛིན་ཀློང་གསལ་སྙིང་པོའི་ཐུགས། རྗེས་མཐུན་པ་བུམ་པའི་སྨད་དུ། རིག་འཛིན་འཇིགས་མེད་གླིང་པའི་རྣམ་སྣང་རིལ་བུ། འབྲི་གུང་པ། ཐེག་མཆོག་གླིང་པ། འཇིགས་མེད་གོ་ཆ་རྣམས་ཀྱི་རྣམ་སྣང་རིལ་བུ་བཅས་བཞུགས་སོ། །སྐུ་བལ་རིང་བསྲེལ་ནི། བུམ་པའི་སྟོད་སྨད་དུ་ཐར་རྩེའི་མདུན་ནས་གནང་བ། གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དབུ་ཞྭ། རྡོར་བྲག་པདྨ་ཐེག་མཆོག་ན་བཟའ། རིག་འཛིན་ཀུན་བཟང་འགྱུར་མེད་ལྷུན་གྲུབ་རྡོ་རྗེའི་སྐུ་གཟན། རྡོར་བྲག་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་ན་བཟའ།


LT37_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་བྲག་གསང་སྔགས་བསྟན་པ་རྒྱལ་མཚན་དབུ་ལྗོན། གཏེར་ཆེན་ཆོས་རྗེ་གླིང་པའི་ན་བཟའ། ཀཿཐོག་ནས་གནང་བ་རིག་འཛིན་ཀློང་གསལ་སྙིང་པོའི་ཕྱག་ཕྲེང་དང་ན་བཟའ། རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ཕྱག་ཕྲེང་དང་དབུ་སྐྲ། དྲི་མེད་ཞིང་སྐྱོང་མགོན་པོའི་དབུ་སྐྲ་དང་ཕྱག་ཕྲེང་། མཁན་ཆེན་བཟང་པོ་རྒྱལ་མཚན་གདུང་རས། རྨོག་སྟོན་རིན་པོ་ཆེའི་དབུ་སྐྲ། ཀུན་བཟང་ངེས་དོན་དབང་པོའི་སྐུ་ཆིངས། རིག་འཛིན་འཇིགས་མེད་གླིང་པའི་ན་བཟའ་དང་སྤུར་ཚྭ། རྫོགས་ཆེན་ནས་གནང་བ། གྲུབ་དབང་པདྨ་རིག་འཛིན་ཕྱག་ཕྲེང་། དཔོན་སློབ་ནམ་མཁའ་འོད་གསལ་གནབས་ཤམ། གཏེར་ཆེན་ཉི་མ་གྲགས་པའི་དབུ་སྐྲ། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ན་བཟའ། གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་དབུ་སྐྲ། བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་དབུ་སྐྲ། རྡོ་རྗེ་ཀུན་བཟང་དབང་པོའི་ན་བཟའ། རྗེ་དབོན་པདྨ་ཕུན་གྲོལ་རྣམ་རྒྱལ་ན་བཟའ། དཔལ་ཡུལ་བའི་ཕྱག་ནས་བྱུང་བ། རིག་འཛིན་ཀུན་བཟང་ཤེས་རབ་དབུ་ལྗོན་དང་ན་བཟའ། པདྨ་ལྷུན་གྲུབ་རྒྱ་མཚོའི་དབུ་སྐྲ་དང་ན་བཟའ། གྲུབ་དབང་པདྨ་ནོར་བུའི་དབུ་སྐྲ་དང་ན་བཟའ། ཀརྨ་ཆོས་དཔལ་བཟང་པོའི་དབུ་ལྗོན་


LT37_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དང་ན་བཟའ། ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་དབང་པོའི་དབུ་སྐྲ་དང་སྐུ་ཆིངས། འཇིགས་མེད་ཡེ་ཤེས་རྡོ་རྗེའི་དབུ་སྐྲ་བཅས་བཞུགས་སོ། །དམ་རྫས་སྐོར་ནི། བུམ་པའི་སྟོད་དུ། རང་གིས་ཕུལ་བ་གཏེར་ཆེན་མཆོག་གྱུར་གླིང་པས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་དུ་བསྒྲུབས་པའི་རྡོར་སེམས་རིལ་བུ་བདེ་བ་ཆེན་པོའི་ཐིག་ལེ་ཉམས་ཆགས་དོང་སྤྲུགས། འབུམ་རྫོང་ཨོ་རྒྱན་སྒྲུབ་ཕུག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་རིལ་བུ་རྩ་བའི་གཏའ་སྤེལ། སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོའི་མ་ི་རིལ་བུ་འགྲོ་འདུལ་འཕགས་པའི་ཐིག་ལེ་རིགས་དྲུག་དོང་སྤྲུགས། གསར་རྙིང་སྔོན་བྱོན་གྱི་རིང་བསྲེལ་རྣམ་བཞི་ཕྱོགས་བསྡུས་རིལ་བུ། བུམ་སྐེད་དུ། གནས་མཆོག་ཁྱམ་མཐའི་བྲག་ནས་སྤྱན་དྲངས་པའི་མ་གཅིག་གྲུབ་པའི་རྒྱལ་མོའི་ཚེ་རིལ་ཐོག་མའི་གཏའ་སྤེལ། ཀེ་རོང་རྡོ་རྗེ་ཅོད་ཕུག་ནས་སྤྱན་དྲངས་པའི་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རིལ་རྩ་བའི་གཏའ་སྤེལ། མནྡ་ར་བའི་ཚེ་རིལ་རྩ་བའི་གཏའ་སྤེལ། བུམ་སྨད་དུ། སེང་བྲག་ནས་སྤྱན་དྲངས་པའི་དྲང་སྲོང་རིག་པའི་ཡེ་


LT37_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་འཆི་མེད་བདུད་རྩི་སྨན་གྱི་རིལ་བུ་སྲིད་ཞིའི་ཐིག་ལེ། བུམ་གདན་མཚམས་སུ། ནམ་མཁའ་མཛོད་ཀྱི་གཏེར་བྱོན་རི་བོ་པོ་ཏ་ལའི་ས་རྡོ་མྱང་གྲོལ་རིལ་བུ་དམ་རྫས་སྡུག་བསྔལ་ཞི་བྱེད་ཉོན་མོངས་རང་གྲོལ། ཤེལ་ཕུག་གཏེར་ལྕིབས་སིན་དྷུ་ར། གནམ་བྲག་གཏེར་ལྕིབས་ག་བུར་ཅུ་གང་སོགས་ཕྱོགས་བསྡུས་རིལ་བུ་ཤེས་རབ་དཔྱིད་ཐིག །སེང་བྲག་གཏེར་བྱོན་རི་བོ་པོ་ཏ་ལའི་འབྲུ་སྨན་རིལ་བུ་བརྟན་གཡོའི་དྭངས་བཅུད། རྩི་རྐེ་ནོར་བུ་སྤུན་གསུམ་གྱི་གཏེར་མ་གི་ཝཾ་རིལ་བུ་དོན་ཀུན་གྲུབ་པའི་ཐིག་ལེ། སྤྱི་འབྱམས་ནས་སྤྱན་དྲངས་པའི་གནུབས་སྟོན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྲུབས་པའི་བྱད་ཁྲོལ་རིལ་བུ་ཐོག་མའི་གཏའ་སྤེལ། བུམ་པའི་དབུས་སུ་ས་ངོར་གྱི་རྟེན་འདུས། རྫོགས་ཆེན་ནས་གནང་བ་འཇིགས་མེད་གླིང་པའི་སྨན་སྒྲུབ། ཉི་གྲགས་གསུམ་པས་བསྒྲུབས་པའི་བདེ་མཆོག་ཆོས་སྨན། དཔལ་ཡུལ་ནས་གནང་བ། རིང་བསྲེལ་ཀུན་འདུས་སུ་གྲགས་པ། སྐུ་ཡི་ཞུན་ཐིགས་ཟླ་ཤེལ་རིལ་བུ། དམ་རྫས་རོལ་པ་ཆེན་པོ། གྲུབ་དབང་པདྨ་ནོར་བུས་བསྒྲུབས་པའི་བདུད་རྩི་ཆོས་སྨན། འཇིགས་མེད་ཡེ་ཤེས་རྡོ་རྗེའི་སྨན་སྒྲུབ། རྟེན་འདམ་ཁྲི་དར་ལུང་མ། ས་སྐྱ་གོང་མ་རིན་པོ་ཆེས་གསེར་ཆོས་གནང་སྐབས་ཀྱི་ཕྱག་ནས།


LT37_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ཆེན་གོང་མ་རིམ་བྱོན་གྱི་ཕྱག་ནས། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གནང་བའི་རིང་བསྲེལ་རྣམ་བཞིའི་གན་མཛོད་ཀྱི་ཕུར་མ་ཤིན་ཏུ་ཁྱད་འཕགས། རང་གིས་ཕུལ་བ་ཚེ་གསང་བཅུད་ལེན་འཆི་མེད་སྲོག་མཐུད་ཀྱི་ཕབ་གཏའ་རིལ་བུ་ཚེ་རིང་དོན་ཀུན་གྲུབ་པ་བཅས་བཞུགས་སོ། །དེ་ལྟར་རྟེན་གསུམ་སོ་སོར་བཀོད་པའི་རིང་བསྲེལ་རྣམ་བཞིའི་ཚོགས་རྣམས་སྐབས་ཐོབ་འཐད་ལྡན་དུ་སྨོས་པ་ཡིན་གྱི། དོན་དུ་གཅིག་ལ་གང་བཞུགས་ཐམས་ཅད་གསུམ་པོ་ལ་ཁྱབ་མཉམ་དུ་བཞུགས་པ་ཡིན་པའང་ཤེས་པར་བྱའོ། །ལྷ་ཁང་གི་རྩེ་མོར་གསེར་གྱི་གཉྫི་རའང་། གཟའ་སྐར་བཟང་པོར་བཀྲ་ཤིས་པའི་ལྷ་བསང་རྒྱགས་བརྔན་བཅས་བཏང་བས་མགྲོན་བཞི་ཚིམ་པར་བྱས་ཏེ། མཆོད་རྟེན་ལྟར་སྲོག་ཤིང་འཛུགས་ཆོག་དང་བཅས་ལེགས་པར་བཙུགས། གདུགས་དཀར་འཁོར་ལོ་བརྒྱ་རྩ་བརྒྱད། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཆ་གྲངས། གཏེར་གསར་ལུགས་ལྟར་གནས་ཆེན་བྱིན་འབེབས་ཀྱི་ཆས་རྣམས་དང་། དགོངས་འདུས་མཐོང་གྲོལ་འཁོར་ལོ་ཡེ་འབར་རྩ་རྒྱུད། སྲུང་བ་རྡོ་རྗེ་ཁྲབ་རིང་། གུ་གེ་ཆིག་དྲིལ་རྣམས་ཆ་གྲངས་ཁྱད་པར་དུ་བཞུགས་ཤིང་། སྤྱིར་དགོན་ཆེན་སྤར་མའི་


LT37_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་གཞུག་རྣམས་དང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་རིན་པོ་ཆེའི་ཏོག །སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས། སྐུ་བལ་རིང་བསྲེལ་ཕྱོགས་བསྡུས། ཆོས་ཀྱི་རིང་བསྲེལ་ཕྱོགས་བསྡུས། སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་བཅས་ཀྱི་རིལ་བུ་ལ་སོགས་པ་རིང་བསྲེལ་རྣམ་བཞིའི་ཚོགས་དུ་མ་དང་བཅས་བཞུགས་སུ་གསོལ་ཞིང་། གཙུག་ཏོར་གདུགས་དཀར་པོའི་རྒྱལ་མཚན་འཛུག་ཆོ་ག་ལེགས་ལྡན་གཏོར་འབུལ་དང་བཅས་པ། མཐོང་གྲོལ་རིགས་དང་གནས་ཆེན་བྱིན་འབེབས་ཀྱི་ཆོ་ག་སོ་སོའི་གཞུང་ལས་འབྱུང་བ་ལྟར་བྱས་ཤིང་། རབ་ཏུ་གནས་པ་དང་། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་མངའ་དབུལ་ཞིང་མེ་ཏོག་སིལ་མར་བསྙིལ་པས་དགེ་བར་བྱས་པའོ། །སྲིད་ན་དཀོན་པའི་ཡོན་ཏན་རིན་ཆེན་གཏེར། །འབྱམས་སུ་ཀླས་པས་བྱུར་བུར་གཏམས་པ་ཡི། །མཐོང་གྲོལ་བྱིན་གྱིས་རློབས་པའི་ཆོས་ཉིད་ཅན། །ས་གསུམ་དགེ་བའི་དཔལ་དང་ལྷན་ཅིག་གྲུབ། །པདྨོའི་འབྱུང་གནས་ནོར་བུས་གང་བ་ཡིས། །མི་མཚོན་ཞི་བའི་དཔལ་སྟེར་རྟེན་གསུམ་གྱི། །གང་ཆེན་མཚོ་འདི་དད་པས་མཆོད་བྱེད་པའི། །


LT37_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐུན་དེ་དག་རྒྱལ་བའི་རིན་ཆེན་བརྙེས། །རིགས་གཟུགས་ཐོས་དང་འབྱོར་པའི་ཁེངས་བརྟུལ་ནས། །རྒྱལ་ཀུན་རིང་བསྲེལ་འདུས་པའི་ནོར་བུའི་ཏོག །རང་གཞན་ཆོས་ཀྱི་རྒྱལ་པོའི་ཁྲི་བཞེད་པའི། །སྐལ་བཟང་རྣམས་ཀྱིས་ཚངས་པའི་རྒྱན་དུ་ལོངས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བདུན་པ་དེ་ལ་རབ་ཏུ་གནས་པའི་ཚུལ་ནི། རྟེན་གསུམ་རིན་པོ་ཆེ་ཚར་དུ་དངར་བའི་དགེ་ལེགས་ཀྱི་བྱ་བ་དེ་དག་གྲུབ་ཟིན་ནས་བགྱི་བར་འོས་པ་ནི་རབ་ཏུ་གནས་པ་ཉིད་ཡིན་པས། དེའང་པཎྜི་ཏ་རོང་ཟོམ་ཆོས་ཀྱི་བཟང་པོས་མི་ལ་དབང་བསྐུར་བ་དང་། ལྷ་ལ་རབ་ཏུ་གནས་པ་གཉིས་དོན་གཅིག་པར་བཞེད་པས། དཔེར་ན་ཁམས་དྲུག་ལྡན་པའི་མིའི་ལུས་ཉིད་ལྷའི་ངོ་བོར་ཡེ་གདོད་མ་ནས་གནས་པ་ཡིན་མོད་ཀྱི། སྦྱོང་བྱེད་སྨིན་གྲོལ་གྱི་གདམས་པ་ཟབ་མོ་མ་ནོད་ཀྱི་བར་དུ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་སྒོམ་དུ་མི་རུང་ཞིང་། དེ་ཐོབ་ནས་འབྲས་བུ་མངོན་སུམ་བྱེད་ནུས་ཀྱི་སྐལ་བ་རྒྱུའི་དུས་སུ་བཞག་པ་ལྟར། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་རྟེན་དེ་དག་ཀྱང་དོན་དུ་རྣམ་པ་དང་། རྟགས་ཙམ་གྱིས་ཀྱང་བྱིན་རླབས་འཇུག་པ་ཡིན་མོད་ཀྱི། རྟེན་དམ་ཚིག་སེམས་དཔའ་དེ་ལ་ཡེ་ཤེས་པ་བསྟིམས་པའི་ཚུལ་


LT37_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སུ་པྲ་ཏིཥྛའི་སྒྲ་ལས་ལེགས་པར་རབ་ཏུ་གནས་པ་ཡིན་པས། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ཆོ་ག་ཚད་དང་ལྡན་པའི་སྒོ་ནས་རབ་ཏུ་གནས་པར་མ་མཛད་པ་དེ་སྲིད་དུ་ནི་དེ་ཙམ་གྱི་བྱིན་རླབས་འཇུག་པ་མ་ཡིན་ཏེ། སློབ་དཔོན་ཀུན་སྙིང་གི་རྒྱ་གཞུང་ལས། སྐུ་གཟུགས་ལ་སོགས་ཐམས་ཅད་ལ་ནི་རབ་ཏུ་གནས་པ་མེད་པར་ནི་ཞག་འགའ་ཡང་བཞག་པར་མི་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས། །གང་དུ་སྐུ་གཟུགས་ཟིན་ནས་ནི། །ཡུན་རིང་གནས་ཀྱང་མ་མཆོད་ན། །ཇི་སྲིད་རབ་ཏུ་མ་གནས་བར། །དེ་ལ་ཡེ་ཤེས་སྐྱེ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སའི་དབང་མོ་མཆོག་གིས་བསྟན་པའི་བདག་པོ་ཐར་རྩེ་ཞབས་དྲུང་རིན་པོ་ཆེར་དགོངས་པ་ནན་ཏན་དུ་བསྐུལ་ཞིང་། བདག་ཅག་ལའང་བཀའ་ཕེབས་པས་ངོས་ལ་རབ་ཏུ་གནས་པའི་སློབ་དཔོན་གྱི་མཚན་ཉིད་མི་ལྡན་མོད། ཆོས་ཐམས་ཅད་སྟོང་ཉིད་ཡིན་པའི་ཕྱིར་ཅི་ཡང་རུང་བར་གསུངས་པ་ལ་དྲན་པ་ཉེ་བར་བཞག་ནས་རབ་ཏུ་གནས་པའི་བྱ་བ་ལ་ཡང་ཞུགས་པ་ཡིན་ནོ། །དེ་ཡང་ཐོག་མར་བརྟན་མཁས་ཡོན་ཏན་ཀུན་ལྡན་མཁན་པོ་བླ་མ་དཀོན་མཆོག་འོད་ཟེར་དང་། མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་སོགས་ཕུན་སུམ་ཚོགས་པའི་དགེ་འདུན་གྱིས་བཀྲ་


LT37_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་གསོ་སྦྱོང་དང་། གནས་བརྟན་ཆོ་ག་མཛད་པའི་ཞར་བྱུང་དུ་བཙུན་མོ་མཆོག་དང་བློན་པོའི་གཙོ་བོ་སྔར་སྡོམ་པ་དང་མི་ལྡན་པ་འགའ་ཞིག་སྣ་འགའ་སྤྱོད་པའི་དགེ་བསྙེན་གྱི་སྡོམ་ལྡན་ཏུ་བསྒྲུབས། དེ་ནས་སེམས་བསྐྱེད་མཆོད་པའི་ཕྲེང་བ་ཚར་དུ་དངར་བ་བཤམས་ཏེ་རང་ཉིད་ཆོག་གྲོགས་དང་བཅས་པས་ཐུབ་དབང་ཉེ་སྲས་བརྒྱད་མཆོད་གསར་དུ་སྦྱར་བ་ལྟར་བསགས་སྦྱོང་སྤེལ་གསུམ་སྔོན་ཏུ་འགྲོ་བས། དགེ་བའི་བཤེས་གཉེན་དུ་མ་དང་། ཆོས་སྐྱོང་བའི་རྒྱལ་པོ་ལྷ་སྲས་སྐུ་མཆེད། སའི་དབང་མོ་མ་ཡུམ་དང་། བཙུན་མོ། མདུན་ན་འདོན་ཆེན་པོ་རྣམས་དང་བཅས་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་ལུགས་ཀྱི་སེམས་བསྐྱེད་ཕུལ། དེ་ནས་དཀར་ཕྱོགས་ཀྱི་དུས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོར། བསྟན་པའི་བདག་པོ་ཤྲཱི་ཨེ་ཝཾ་པ་ཆེན་པོ་བྲང་ཏི་མཁས་པའི་རིགས་འཁྲུངས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་དབུ་མཛད། བསྙེན་སོང་གི་དགེ་འདུན་བཟང་ལ་གྲངས་མང་བས་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ། བཟང་པོ་དྲུག་དང་ལྡན་པས་དངོས་ལྟེ་ཉིན་གསུམ་ལ་ཀུན་རྫོབ་བརྡའི་རབ་ཏུ་གནས་པའི་ཆོ་


LT37_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ག་གཞུང་དང་མཐུན་པར་མཛད་ཅིང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏུ། །འདུན་པའི་རྩ་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟར། རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་དང་། རྟགས་དང་། ཡོན་ཏན་ལ་སོགས་པ་སྒོ་དུ་མ་ནས་རྗེས་སུ་དྲན་པའི་མོས་པ་དང་འདུན་པའི་དགོངས་པ་མི་ཕྱེད་པས་རྟེན་དམ་ཚིག་སེམས་དཔའ་ལ་བརྟེན་པ་ཡེ་ཤེས་པ་འབེབས་པའི་དམིགས་རྣམ་གྱིས་རྒྱས་གདབ་པར་མཛད་ཅིང་། གོང་རབ་ཏུ་གནས་པར་བྱ་བའི་ཡུལ་དང་། རབ་ཏུ་གནས་པར་བྱེད་པའི་བདག་པོ་དང་། རྒྱལ་བ་རྣམས་ཀྱི་དོན་དམ་པའི་སྐུ་གསུང་ཐུགས་བསམ་བརྗོད་མཚན་མའི་སྤྲོས་པ་དང་། འགྲོ་འོང་། སྐྱེ་འགགས་རྟག་ཆད་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་རྣམས་དབྱེར་མེད་པའི་གནས་ལུགས་ལ་མཉམ་པར་བཞག་སྟེ་དོན་དམ་པའི་རབ་ཏུ་གནས་པ་བཅས་ཀྱི་རྗེས་འབྲེལ་དུ་བཀྲ་ཤིས་པའི་མེ་ཏོག་སིལ་མར་བསྙིལ་བས་དགེ་བར་བྱས་པ་དང་། རྗེས་ཆོག་གི་རིམ་པ་ཡང་། སྡོམ་འབྱུང་ལས། །སྟོན་མོ་དང་ནི་ཡོན་ཕུལ་བས། །སྐྱེ་བོ་ཚིམས་ཤིང་རྒྱས་པར་བྱ། །རྒྱས་པའི་སྐྱེ་བོ་སྐལ་བ་


LT37_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །བཀྲ་ཤིས་ཞི་བར་བཅས་འགྱུར་ཏེ། །ཞེས་གསུངས་པ་ལྟར་གྱ་ནོམ་པའི་བཟའ་བཏུང་སོགས་འབྱོར་པའི་ཁྱད་པར་གྱི་དགའ་སྟོན་ཕུན་སུམ་ཚོགས་པས་སློབ་དཔོན་མཆོད་ཅིང་། བཟོ་བོ་ལ་སོགས་ཚིམས་པར་མཛད། དེ་ནས། རྒྱུད་ལས། དེ་རྗེས་བུ་སློབ་ཡོན་བདག་ལ། །བུམ་བཟང་བཀྲ་ཤིས་རྫས་བཞི་དང་། །སྣ་བདུན་རྫས་བརྒྱད་དབང་བསྐུར་བྱ། །ཚོགས་འཁོར་བཟང་པོའི་ཞལ་ཡང་བསྲོ། །བཀྲ་ཤིས་སྐྱིད་ཀྱི་ལྷ་བྲོ་བྱ། །ཞེས་འབྱུང་བ་ལྟར་བགྱིས་ཤིང་། མེ་ཏོག་ལ་སོགས་པ་མཆོད་པའི་ཁྱད་པར་སྣ་ཚོགས་པས་ཇི་སྲིད་རྒྱལ་བསྟན་རིན་པོ་ཆེ་གནས་པ་དེ་སྲིད་དུ་མཆོད་ཅིང་། བཀུར་སྟི་དང་། བསྟི་སྟང་དང་། རིམ་གྲོ་དང་། རྗེད་པ་ལ་སོགས་པ་མཛད་པའི་དབུ་ཡང་ཚུགས་སོ། །དེ་ནས་བདག་གིས་ཀྱང་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་སྒོ་ནས་ཉིན་གཉིས་ལ་རབ་ཏུ་གནས་པ་ཞི་བ་རྒྱས་སུ་བགྱིས་པ་དང་། ཁྱད་པར་གུ་རུ་རིན་པོ་ཆེའི་སྣང་བརྙན་ལ་གཏེར་ཁ་གསར་རྙིང་ལུགས་ཀྱི་མཐོང་གྲོལ་གྱིས་མཚོན་པའི་ཆོ་གར་འོས་པ་རྣམས་སོ་སོར་བྱས་ཏེ་གྲོལ་བ་བཞི་ལྡན་ཏུ་བསྒྲུབས། དེ་རྗེས་སུ་འཇམ་དབྱངས་ས་སྐྱ་གོང་མ་རིན་པོ་ཆེའི་གདུང་རིགས་རྗེ་བཙུན་མ་སྐལ་བཟང་ཕྲིན་ལས་དབང་མོས་ས་ལུགས་ཕུར་པའི་དཀྱིལ་


LT37_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞལ་ཕྱེས་ནས་རབ་ཏུ་གནས་པར་མཛད་པ་བཅས་ཀྱིས་བྱིན་རླབས་ཀྱི་གཟི་བརྗིད་སྲིད་པ་གསུམ་ན་ཉི་མ་བརྒྱ་ཕྲག་སྟོང་གི་འོད་ཟེར་ལས་ལྷག་པར་འབར་ཞིང་། མཐོང་ཐོས་དྲན་རེག་གི་ལུས་ཅན་རྒྱ་མཚོ་བྱང་ཆུབ་མཆོག་ཏུ་སྨིན་པར་མཛད་པའི་བདག་ཉིད་ཅན་དུ་གྲུབ་པ་སྟེ། དེ་ལྟ་བུའི་ལེགས་བྱས་ཀྱང་དང་པོར་དབུ་ཚུགས་ནས་ཐ་མ་རབ་ཏུ་གནས་པའི་བྱ་བས་སའི་སྟེང་ན་འགྲན་ཟླ་མེད་པ་ལྟ་བུའི་རྟེན་གསུམ་རིན་པོ་ཆེའི་ཕུང་པོ་མ་གྲུབ་པའི་བར་དུ། སའི་དབང་མོ་ཉིད་ཀྱི་སྔོན་བསགས་བསོད་ནམས་དཀར་པོའི་མཐུ་དང་། དཀོན་མཆོག་བླ་མར་བཅས་པའི་བྱིན་རླབས་དང་། དཀར་ཕྱོགས་ཀྱི་ཆོས་སྲུང་རྒྱ་མཚོ་རྣམས་ཀྱིས་མཐུས། བདུད་དང་། བདུད་ཀྱི་རིས་ཀྱི་མིའམ་མི་མ་ཡིན་པ་སུས་ཀྱང་བར་དུ་མ་གཅོད་པས་མཐར་ཕྱིན་ཅིང་། ཡིད་སྲུབས་ཀྱི་དཔུང་ཚོགས་ཇི་སྙེད་པ་ངོ་ཚའི་བཞིན་རས་སྟོན་པའི་ངང་ཚུལ་ཅན་དུ་གྱུར་ཏོ། །ཐབས་མཁས་རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ནི། །བྱིན་རླབས་མཚུངས་པ་མེད་དང་ལྷན་ཅིག་ཏུ། །བེམ་པོར་གྱུར་པའི་དངོས་ལའང་ཞུགས་ནས་ཀྱང་། །འགྲོ་རྣམས་སྨིན་པར་མཛད་པ་ཆོས་ཉིད་ཡིན། །ནོར་བུའི་སྒྲོན་མེ་མ་བཏེགས་ཏིང་ངེ་འཛིན། །དུ་མའི་འཇུག་ལྡང་བསམ་ཡས་ལ་བརྟེན་ནས། །ཐུབ་བསྟན་རིན་ཆེན་


LT37_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཙས་སུ་རྟེན་གསུམ་གྱི། །གཟི་འོད་ཕྱོགས་ཀྱི་ར་བའི་མཐར་ཐུག་འཕྲོ། །བསལ་བཞག་མེད་པའི་ཆོས་ཉིད་དེ་ཁོ་ནར། །ཏིང་འཛིན་སྒོ་བརྒྱས་སྙོམས་ཞུགས་བེམ་པོ་ཡང་། །རྒྱལ་བའི་ཆོས་སྐུར་བསྒྲུབས་པས་བྱིན་རླབས་ནི། །ནམ་མཁའ་ཇི་སྲིད་འབྱུང་བའི་ཐབས་མཁས་ཡིན། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བརྒྱད་པ་དེ་ལྟར་བཞེངས་པའི་ཕན་ཡོན་འབྲས་བུ་ལ་གསུམ། ཐུགས་རྟེན། གསུང་རྟེན། སྐུ་རྟེན་གྱི་འབྲས་བུའོ། །དང་པོ་ནི། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་མཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་


LT37_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གིས་ལོ་མ་ཙམ་གྱི་གདུགས་བྱས་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེས་ཆེའོ་ཞེས་པ་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་དཔག་ཏུ་མེད་པ། དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཚད་མེད་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་གཞག་པ་མ་འདྲེས་པ་གསུམ་དང་སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང་། དམ་ཆོས་པད་དཀར་ལས། རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང་། །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །སོགས་ནས། གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། གང་གིས་ཨ་ག་རུ་དང་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མར་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི།


LT37_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་བདག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས་ལས། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཞག་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་སྙེད་དགུ་བཅུ་རྩ་དགུའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་ཆོ་ག་ཞིབ་མོ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་གཟུངས་འདི་གྲོག་ལ་བྲིས་ཏེ། ཕྱག་མཚན་གྱི་རྡོ་རྗེའི་ནང་དུ་བཅུག་པའམ། སྐུ་གཟུགས་ཀྱི་ནང་བཅུག་པའམ། ཁོག་པར་བྲིས་པའམ། ལྷ་ཁང་


LT37_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནྡྷོ་ལའི་ནང་བཅུག་པའམ། མཆོད་རྟེན་གྱི་ནང་བཅུག་ན། དེས་མཆོད་རྟེན་གཅིག་བྱས་པས་འབུམ་བྱས་པར་འགྱུར་རོ། །མཆོད་རྟེན་དེ་སྙེད་བཞེངས་པའི་བསོད་ནམས་འཐོབ་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ངས་སྔར་དཔེ་དྲངས་ཏེ་བསྟན་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་སྐུའི་རིང་བསྲེལ་དང་། ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང་། རུས་པའི་རིང་བསྲེལ་དང་། ཤའི་རིང་བསྲེལ་དེ་དག་ཐམས་ཅད་ལ་མཆོད་རྟེན་བྱས་པའི་བསོད་ནམས་འཐོབ་པར་འགྱུར་རོ། །ཞེས་སོགས་དང་། འོད་ཟེར་དྲི་མེད་ཀྱི་གཟུངས་ལས། ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲི་བ་གཞན་གྱི་མིང་ནས་སྨོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན་ཤི་བ་གང་ཡིན་པ་དེང་ན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་


LT37_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱིན་གྱིས་རླབས་ཀྱི་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཞེས་སོགས་དང་། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེའི་གྲིབ་མས་ཕོག་ན་ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་རྗེས་སུ་དགོངས་པར་མཛད་དོ། །བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར་རོ། །གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ། སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པར་མཛད་དེ། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་རོ། །ཞེས་སོགས་ཤིན་ཏུ་རྒྱ་ཆེར་འབྱུང་ངོ་། །གཉིས་པ་ནི། སྡུད་པ་ཚིགས་སུ་བཅད་པ་ལས། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །


LT37_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་པ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་དུ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །ཅེས་དང་། འཕགས་པ་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཛམྦུའི་གླིང་གི་སེམས་ཅན་དེ་དག་འཕགས་པའི་ལམ་ཡན་ལག་


LT37_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ལ་འཇོག་ཅིང་། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་རྗེད་ཅིང་མཆོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཉན་པ་དང་། འཆང་བ་དང་། འབྲི་བ་དང་། འབྲིར་བཅུག་པ་དང་། གཞན་ལ་རྒྱས་པར་བྱེད་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་བས། །གང་གིས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་ན་གང་གིས་སོམ་ཉི་མེད་པར་ཐོས་པ་ལྟ་ཅི་སྨོས། གང་གིས་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། འཆང་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་ཅི་སྨོས། ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ་བདག་


LT37_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། དེ་ནི་ཇི་ལྟར་ད་ལྟར་ང་བཞིན་ཏུ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་དང་། མཆོད་པའི་འོས་ཡིན་ནོ། །ཞེས་གསུངས་སོ། །ནམ་མཁའ་དང་མཉམ་པའི་རྒྱུད་ལས་ཀྱང་། །རིན་ཆེན་སྣ་བདུན་ལ་སོགས་པ། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་སོགས་མདོ་རྒྱུད་རྣམས་ལས་ཤིན་ཏུ་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཌཱུརྻའམ། ཤེལ་ལམ། མུཀྟི་ཀ་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱ། རལ་བ་གསོ་བར་བྱ་བ་དང་། གྲུབ་པ་བཅོས་པར་བྱས་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་རིགས་དམའ་བ་ཐམས་ཅད་


LT37_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་ལས་དེས་སེམས་ཅན་དམྱལ་བ་མྱང་བ་ཆུང་ངུ་མྱང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་སོགས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། །ལ་ལས་དེར་ནི་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ལ་ལས་དེང་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །བལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་


LT37_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང་། །གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་སྙེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །ཅེས་སོགས་མདོ་རྒྱུད་རྣམས་ལས་མཐའ་ཡས་པར་འབྱུང་བ་དང་། ཨོ་རྒྱན་རིན་པོ་ཆེའི་སྣང་བརྙན་བཞེངས་པ་དང་མཆོད་པ་ལ་སོགས་པའི་ཕན་ཡོན་ཀྱང་། མནྡཱ་ར་བའི་ཞུས་ལན་དུ། ཉོན་ཅིག་ལྷ་མོ་གཟུགས་ཅན་ཡིད་འོང་མ༔ མ་


LT37_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མུན་སེལ་སྒྲོན་མེ་སྐུ་འདྲས་བྱེད༔ པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེངས་པ༔ སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགས༔ དེ་ལ་འདུན་ཞིང་མོས་གུས་སུས་བྱེད་པ༔ འདོད་པ་ཀུན་ཚོགས་རིན་ཆེན་ཕུང་པོ་འདྲ༔ སྙིང་པོ་རྒྱུན་དུ་བཟླས་པ་གང་བྱེད་པ༔ མི་རྣམས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན༔ ལེགས་པ་ཀུན་འབྱུང་ཨེ་མ་ངོ་མཚར་ཆེ༔ པད་འབྱུང་སྐུ་འདྲར་སྐུ་གཉེར་སུས་བྱེད་པ༔ ངན་སོང་གསུམ་ལས་རྟག་ཏུ་ཐར་པ་དང་༔ ཕུན་སུམ་ཚོགས་པའི་ཡོན་ཏན་འཐོབ་པར་འགྱུར༔ པད་འབྱུང་སྐུ་ཚབ་གཞལ་ཡས་ཁང་བཞེངས་པ༔ ལྷ་མི་དྲང་སྲོང་ནང་དུ་སྐྱེ་བར་འགྱུར༔ པད་འབྱུང་སྐུ་འདྲར་ན་བཟའ་སུས་འབུལ་བ༔ ཡེ་ཤེས་རྒྱན་ལྡན་རང་ཆས་འཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་རྡུལ་ཕྱིས་སུས་བྱས་པ༔ གཟུགས་བཟང་ཆས་ལེགས་མདོག་སྡུག་འཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་མཆོད་པ་སུས་ཕུལ་བ༔ རྫུ་འཕྲུལ་རྐང་པའི་མྱུར་འགྱོགས་འཐོབ་པར་འགྱུར༔ པད་འབྱུང་སྐུ་འདྲར་མར་མེ་སུས་ཕུལ་བ༔ མུན་པ་མེད་ཅིང་བློ་རིག་གསལ་བར་འགྱུར༔ པད་འབྱུང་སྐུ་འདྲར་སྤྱན་གཟིགས་སུས་ཕུལ་བ༔ བསོད་ནམས་ལོངས་སྤྱོད་ཡོ་བྱད་འཕེལ་བར་འགྱུར༔ པད་འབྱུང་སྐུ་འདྲར་གསེར་


LT37_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་སུས་གསོལ་བ༔ རྒྱལ་པོ་རིན་ཆེན་ལྟ་བུ་འཐོབ་པར་འགྱུར༔ ཞེས་སོགས་གཏེར་ཁ་དུ་མ་ནས་རྒྱས་པར་འབྱུང་ངོ་། །རྟེན་གསུམ་རིན་པོ་ཆེ་དེ་དག་ལ་མཆོད་པ་དང་བཀུར་སྟི་ལ་སོགས་པ་བགྱིས་པའི་ཕན་ཡོན་ནི་གསུང་རབ་རིན་པོ་ཆེ་རྣམས་ལས་མཐའ་ཡས་པར་གསུངས་པ་ལྟར་ཤེས་དགོས་མོད། འདིར་ཕྱོགས་ཙམ་ནི། དམ་ཆོས་པད་དཀར་ལས། བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུག་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའི་ཐལ་མོ་ཡ་ཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལུས་ཀྱང་ལན་ཅིག་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་པ་ལ་སོགས་པ་གསུངས་སོ། །ཛམྦུའི་གསེར་གྱི་ལྷུན་པོ་དངར་བ་ནི། །བྱིན་


LT37_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་འོད་ཀྱིས་ཉི་མ་སྟོང་ཕྲག་ལྷག །ཟིལ་གྱིས་གནོན་པའི་ངོ་མཚར་ས་སྟེང་དང་། །མཐོ་རིས་སུ་ཡང་གྲགས་པའི་དཔལ་དུ་ཤེས། །མཆོད་པའི་བསོད་ནམས་གཅི་གཅིག་ལོངས་སྤྱོད་པའི། །སྐལ་བཟང་དེ་ཡང་ཡིད་སྤུབས་འབུམ་ཕྲག་ལ། །ཡེ་ཤེས་མཚོན་ཆས་བསྣུན་ནས་ཞི་བའི་དཔལ། །རང་གིས་ལེན་ལ་ཅིས་ཀྱང་རིངས་པ་བཞིན། །རྟེན་གསུམ་རྣམ་པར་རྒྱལ་བའི་སྨན་ཆེན་པོ། །འབྱོར་པའི་ནགས་ཀླུང་སྟུག་པོ་ལས་སྐྱེས་པ། །ཉོན་མོངས་ནད་རྣམས་འཇོམས་པའི་ཆོས་ཉིད་ཅན། །སྡུག་བསྔལ་མལ་དུ་དུབ་རྣམས་བསྟེན་པར་གྱིས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་ལེགས་བྱས་དེ་དག་མཐར་ཕྱིན་པའི་བྱ་བ་དགེ་བའི་རྩ་བ་དུང་དང་པད་རྩ་ལྟར་དཀར་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་དང་། རང་དང་གཞན་ལ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་བདེ་འབྱུང་བའི་སྨོན་ལམ་གྱི་ཚིགས་སུ་བཅད་པའི་ཕྲེང་བ་ཅུང་ཟད་བསྟར་བ་ནི་འདི་ལྟ་སྟེ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། ཡ་ཐཱ་པྲ་ི་དྷི་སིདྡྷི་བྷ་བནྟུ། རིགས་ཀྱི་མཐུ་ལས་ཐོག་མཐའ་མེད་པའི་འཁོར་བའི་སྐྱེ་བ་རྣམས་སུ་ཡང་། །རྣམ་བྱང་ཕྱོགས་སུ་དངོས་དང་བརྒྱུད་ནས་བསླན་པར་འོས་པ་དཀར་པོའི་


LT37_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས། །གང་མཆིས་རྣམས་དང་འབད་པས་བསྒྲུབས་འདིའི་བསོད་ནམས་དྲི་མེད་ཇི་སྙེད་པ། །སྐྱེ་དགུའི་རྣམ་དཀར་ཆུ་རྒྱུན་དེ་སྙེད་ལྷན་ཅིག་བྱང་ཆུབ་རྒྱ་མཚོར་བསྔོ། །མི་ཡི་སེང་གེ་སྲས་ཀྱིས་ཡོངས་བསྐོར་དུས་གསུམ་གཤེགས་པ་ཐམས་ཅད་ཀྱིས། །དཔལ་གྱི་མགུར་ནས་བསྔགས་པའི་གླིང་བུ་མགྲིན་གཅིག་བསྒྱུར་བའི་སྨོན་ལམ་དང་། །ཡོངས་བསྔོ་རྣམ་དག་ཐབས་ལ་མཁས་པས་མཚན་བཅས་མཚན་མེད་ལེགས་སྤྱད་ཀུན། །དཔག་གིས་མི་དབོག་གཏིང་མཐའ་བྲལ་བའི་བཟང་པོ་སྤྱོད་པར་འཇུག་གྱུར་ཅིག །ཁམས་ཀྱི་རིགས་སད་ཐེག་གསུམ་ལམ་ཞུགས་རང་འབྲས་མཐར་ཕྱིན་མཐར་ཐུག་པར། །བགྲོད་གཅིག་ལམ་ལས་སྲིད་ཞིར་མི་གནས་ཆོས་ཀུན་དབྱིངས་སུ་མངོན་བྱང་བརྙེས། །ཞི་བསིལ་བདུད་རྩི་ཁམས་དབང་འཚམས་པར་བགོ་བཤའ་འགྱེད་པས་མཁའ་མཉམ་གྱི། །ཡིད་ཅན་མཐའ་དག་རྣམ་གྲོལ་ལམ་དུ་ངལ་བསོའི་དབུགས་ཆེན་འབྱིན་གྱུར་ཅིག །གང་ཞིག་མངོན་རྟོགས་ཕ་མཐར་ཕྱིན་ནས་འགྲོ་མང་སྒྲོལ་མཛད་སྟོབས་བཅུ་པ། །གང་ཕྱིར་ས་དང་ལམ་ལ་མཐོར་གཤགས་སྐྱེ་རྒུའི་གཉེན་ཏུ་འཐམ་པ་ཡི། །དཔའ་བོ་དེ་ཀུན་གང་ལ་བསླབས་ཤིང་གང་དག་སྤྱད་པ་སྤྱོད་མཛད་པ། །མཐའ་དག་སློབ་ཅིང་རྗེས་སུ་སྤྱོད་པས་རྒྱལ་


LT37_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགོངས་པ་སྐོང་བྱེད་ཤོག །མཁའ་ཁྱབ་ལུས་ཅན་རྣམ་པར་འགྲོལ་མཛད་རང་བདེའི་ཞི་བ་སྤངས་རྣམས་དང་། །གཞན་ལ་ཕན་ཕྱིར་བྱང་ཆུབ་དོན་གཉེར་སེམས་མཆོག་ཉི་ཤུ་གཉིས་དང་ལྡན། །བདག་གཞན་མཉམ་རྫོགས་འཚང་རྒྱའི་བློ་མངའ་ཆེན་པོ་དམན་དང་འབྲིང་དག་གི། །སྙིང་སྟོབས་མཆོག་ལྡན་རྒྱལ་བའི་མྱུ་གུའི་རྣམ་ཐར་ཇི་བཞིན་འཛིན་ནུས་ཤོག །གཏིང་མཐའ་དགེ་མེད་འཁོར་བའི་རྒྱ་མཚོར་དུག་ཅན་རྦལ་བྱིང་བ་རྣམས། །སྙིང་རྗེའི་གྲུ་བོ་ལེགས་པར་བཅུག་སྟེ་ཤེས་རབ་གདོས་པས་ཕ་རོལ་དུ། །བདེ་བར་རབ་བསྒྲལ་ཐར་མཆོག་ནོར་གླིང་ཡིད་འོང་འདོད་རྒུའི་མཛོད་སྦྱིན་ནས། །བསམ་བཞིན་འཇུག་པའི་སྲིད་པ་ལས་གཞན་སྲིད་པའི་མིང་ཙམ་མཐར་འབྱིན་ཤོག །བདག་འཛིན་རྟོག་པས་ཐོག་མར་དབྱེ་ན་བརྩེ་བྲལ་ཉོན་མོངས་ཕྲུ་མ་ཡིས། །ངན་འགྲོའི་བཙོན་རར་བཟོད་དཀའི་དུཿཁས་བསྟིར་མེད་མནར་བའི་མ་རྒན་རྣམས། །ཆོས་ཉིད་བདེན་པས་ཉིང་འཁྲུལ་སད་བཞིན་རྩ་བྲལ་རྫུན་གྱི་འཁྲུལ་འཁོར་བརྟོལ། །འགྲོ་འོང་གནས་བྲལ་ཞི་བདེ་ཐར་པའི་ཁང་བཟང་དམ་པར་བདེར་གནས་ཤོག །བྱིས་བློ་ཉི་ཚེས་གཞལ་པར་མི་བཟོད་རྣམ་པ་ཀུན་མཁྱེན་སྤྱོད་ཡུལ་བ། །ཕྱོགས་སུ་མ་ལྷུང་དོན་དམ་བདེན་པ་ཇི་བཞིན་


LT37_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པས་རང་རྒྱུད་གྲོལ། །འཁྲུལ་ངོར་མི་བསླུ་ཀུན་རྫོབ་ཚུལ་ལ་སྲེད་ལེན་བྲལ་ཡང་སངས་རྒྱས་ཀྱིས། །ལགས་གསུང་འཇུག་ལྡོག་ཚུལ་བཞིན་ནུས་པས་མཐའ་གཉིས་རབ་ཏུ་སྤང་བར་ཤོག །ལུས་གཙང་ཐུབ་པའི་བརྟུལ་ཞུགས་ལགས་འཛིན་བརྩེ་སེམས་འགྲོ་བའི་མཛའ་མོར་འཁྱུད། །བདེ་སྟོད་རྡོ་རྗེའི་གོ་ཆ་མཁྲེགས་པས་འཕོ་བའི་འཇིགས་བཅོམ་སྲིད་པ་གསུམ། །རྣམ་དག་གཅིག་སྦྱོར་མཆོག་གི་ས་བརྙེས་སྙིང་སྟོབས་ཆེན་པོས་འཁོར་བ་ཡི། །གཡུལ་ངོར་རབ་ཞུགས་སྲིད་པའི་དཔུང་ཚོགས་རྩད་ནས་བཅོམ་པའི་དཔའ་བོར་ཤོག །སྐྱེ་བ་ཀུན་ཏུ་སྦྱིན་ལ་རབ་བརྩོན་དེ་ཡི་མི་མཐུན་ཕྱོགས་རྣམས་སྤངས། །དེ་བཞིན་ཁྲིམས་སོགས་ཚོགས་ཆེན་གཉིས་བསྡུས་ཕ་རོལ་ཕྱིན་རྣམས་ཡོངས་སུ་རྫོགས། །ཀུན་ཀྱང་དྲི་མེད་ཤེས་རབ་མིག་ལྡན་བྱང་ཆུབ་ཕྱོགས་ཆོས་གོམ་སྟབས་ཀྱིས། །ས་བཅུ་ལམ་ལྔའི་རྩེ་མོར་རབ་འཛེགས་ཆོས་ཀྱི་རྒྱལ་པོའི་དཔལ་མཉེས་ཤོག །ཕལ་པས་བརྣག་དཀའ་དཀྱེལ་ཆེན་བློ་ཡིས་ལེགས་སྤྱད་སྲང་སྒོ་ཆེན་པོ་དབྱེ། །མཐོང་ཐོས་སྐྱེ་བོ་དད་པའི་གནས་བཀོད་དེར་སྨོན་དེ་ཡི་རྗེས་སུ་ཕྱོགས། །ཞིང་འདིའི་མཆོད་སྡོང་འདི་ཁོ་ན་ཞེས་ལྷར་བཅས་འཇིག་རྟེན་མཆོད་པའི་ཡུལ། །མི་མཉམ་མཉམ་པ་བྱ་བ་ལས་ཀྱི་འཁོར་ལོ་བརྒྱ་ཕྲག་


LT37_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་གྱུར་ཅིག །ཐ་སྙད་ཚིག་དང་སྟོན་པ་རྣམ་བཞིས་དོན་མཁས་ལུང་གི་ཆོས་སྐྱོང་ཞིང་། །མངོན་རྟོགས་བདུད་རྩིས་བདག་རྒྱུད་ངོམས་པས་སྐྱེ་དགུ་མ་གྲོལ་དགྲོལ་བར་ནུས། །དམ་པའི་ཚུལ་དགུས་རྒྱལ་བསྟན་འཛིན་མཛད་སྐྱེས་བུ་ཁྱུ་མཆོག་གང་བཞུགས་དང་། །ཁྱབ་བདག་བླ་མའི་གསང་གསུམ་ལྷུན་པོ་སྲིད་པ་ཇི་སྲིད་རྟག་བརྟན་གསོལ། །ཕན་བདེའི་ལམ་སྟོན་འཇིག་རྟེན་སྣང་བྱེད་མཚུངས་ཟླས་དབེན་པ་སངས་རྒྱས་ཀྱི། །རིང་ལུགས་སྤྱི་དང་དུས་གསུམ་ཀུན་ཏུ་མཚན་ཙམ་འབྱོན་དཀའ་མཚན་གྱིས་ཀྱང་། །རྒྱལ་བའི་མཛད་པ་བདེ་བླག་སྒྲུབ་ནུས་གསང་ཆེན་རྡོ་རྗེ་སྙིང་པོ་ཡི། །ཆོས་ཚུལ་མཐའ་དག་མ་བྱོན་རྒྱལ་བ་ཞིང་འདིར་འབྱོན་པར་ནུབ་མེད་ཤོག །འགྲོ་བའི་ཉེར་འཚོ་འཇིག་རྟེན་སྤྱི་དང་ཁྱད་པར་རྒྱལ་བསྟན་འཚོ་བཞེས་གནས། །ཉེ་རིང་ཀུན་ཏུ་ཕོངས་ཤིང་རྒུད་པ་དགུན་གྱི་གྲང་རེག་རྟག་ཏུ་ཟད། །སྣོད་བཅུད་དཔལ་འབྱོར་དུས་ཀྱི་དང་པོའི་དགའ་སྟོན་ལང་ཚོ་གོང་འཕེལ་ཏེ། །ཆོས་བཞིན་སྤྱོད་པའི་སྐྱེ་རྒུའི་བདེ་སྐྱིད་ལྷ་ལས་ལྷག་པར་བདོ་གྱུར་ཅིག །ལུས་སྲོག་འཕྲོག་བྱེད་ནད་ཀྱི་རྡུལ་ཕྲེང་ལེགས་བྱས་བདུད་རྩིའི་ཆར་བས་གཞིལ། །ཟས་གོས་ཕོངས་པའི་མུ་གེའི་དགོོན་དུང་འཛད་མེད་ནོར་བུའི་གཏེར་ཁ་


LT37_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ། །འཐབ་རྩོད་མཚོན་ཆའི་སྦྱོར་བ་བཤམས་ཀྱང་ཕན་ཚུན་མཛའ་ཞིང་བྱམས་པས་སྤྲེལ། །དེ་རྒྱུ་དུག་གསུམ་དབྱིངས་སུ་ཞི་ལས་མི་བཟད་འབྲས་བུ་མི་འབྱིན་ཤོག །རྨ་བྱ་གཞོན་ནུའི་མགྲིན་པའི་དཔལ་འཕྲོག་སྤྲིན་གྱི་བླ་བྲེ་བྲེས་པ་ལས། །སྦྲང་ཆར་ཐིགས་ཕྲེང་དུས་སུ་འཇོ་བས་ལོ་ཏོག་རྩི་ཤིང་རྣམ་པར་རྒྱས། །དུས་མིན་གྲང་དང་སད་སེར་བཙའ་ཐན་ཉེ་ཞོ་ས་འོག་བཅིང་བ་ཡི། །བསོད་ནམས་སྟོབས་ལྡན་སྐྱེ་དགུ་ཀུན་ཀྱང་འབྱོར་པའི་འདུ་འཛིས་བྲེལ་བར་ཤོག །ཆོས་ནོར་འདོད་ཐར་སྡེ་བཞིའི་ལྷུན་པོ་དགེ་བཅུའི་བང་རིམ་ཡངས་པས་བཏེགས། །ལུགས་ཟུང་ཉི་ཟླའི་གཟི་འོད་འབར་བས་ཕྱོགས་མཐའི་སྐྱེ་བོ་མགྲོན་དུ་འགུགས། །བསོད་ནམས་མིན་ལས་རྟག་ཏུ་ཕྱིར་ཕྱོགས་འབངས་འཁོར་ཆུ་གཏེར་མུ་ཁྱུད་ཅན། །གང་འདིར་རྐུད་པའི་མིང་ཡང་མི་གྲགས་དཔལ་འབྱོར་སུམ་རྩེན་ལྟར་རྒྱས་ཤོག །ལྷ་རིགས་ཐིག་ལེའི་དྭངས་མར་སྨིན་ཀྱང་མ་འདྲིས་མི་ཡི་འགྲོ་བ་ཀུན། །ཆོས་བཞིན་སྐྱོང་མཛད་ཆོས་ཀྱི་རྒྱལ་པོ་མཆེད་ཞལ་སྐྱེད་ཡུམ་བཙུན་མོར་བཅས། །འཆི་མེད་བདུད་རྩིའི་བཅུད་ལེན་གྲུབ་པས་ནམ་ཡང་མི་ནུབ་སྐུ་ཚེ་ཡི། །རྒྱལ་མཚན་རབ་བརྟན་ཆབ་འོག་བདོག་རྒུའི་ལེགས་བྱས་དཔུང་པས་བཟུང་གྱུར་ཅིག །དཔལ་འབྱོར་ལྗོན་པར་དམ་


LT37_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཅའི་འབྲས་སྨིན་ངོ་མཚར་མིག་གི་བདུད་རྩི་ཅན། །གང་ཞིག་འབྲེལ་བས་ཐར་པའི་དཔྱིད་སྟེར་ཡིད་དགའ་ཆོས་འཛིན་འདུན་ས་བཞིན། །མཐོང་གྲོར་ལྷ་ཁང་ཛམ་བུའི་གླིང་ན་བཀྲ་ཤིས་འོད་དུ་འབར་འདི་ཡང་། །མཆོད་པའི་སྤྲིན་ཕུང་སྟུག་པོས་དཀྲིགས་ཏེ་ཉམས་མེད་ཡུན་རིང་བཞུགས་གྱུར་ཅིག །སྙིགས་མའི་རྣམ་འགྱུར་སྣ་ཚོགས་རེ་ཁང་ཉིན་བཞིན་འཕེལ་བའི་རྒྱུན་ཆད་ཅིང་། །གཟུགས་ཅན་གཟུགས་མེད་ཀུན་གྱི་རྒྱུད་ལ་སེམས་ཀྱི་དམ་པ་རིན་ཆེན་འཁྲུངས། །འཕྲལ་ཡུན་བདེ་འབྱོར་དཔག་བསམ་རྐང་འཐུང་ཡོངས་སུ་དཀྲིགས་པའི་གྲིབ་བསིལ་དུ། །དབུགས་མ་ཕྱིན་པའི་ལུས་ཅན་མཐའ་དག་དབུགས་འབྱིན་ངལ་འཚོ་ཐོབ་གྱུར་ཅིག །འཇིག་རྟེན་གསུམ་ན་གྲགས་པའི་བ་དན་མངོན་པར་མཐོ་བ་མཆོག་གསུམ་བདེན་པའི་བྱིན་བརླབས་དང་། །སྲིད་ཞིའི་ཁམས་ན་ངོ་མཚར་ཕུལ་གྱུར་རྩ་གསུམ་ཆོས་སྲུང་དཀར་ཕྱོགས་སྐྱོང་རྣམས་མཐུ་སྟོབས་ཀྱིས། །ལྷག་པའི་བསམ་པས་ཇི་ལྟར་སྨོན་པའི་རེ་བའི་ཤིང་རྟ་མངོན་འདོད་ནོར་བུའི་ཕྱུར་བུར་གཏམས། །འདི་དང་གཏན་གྱི་དབུལ་བ་འཕྲོག་པས་བསམ་དོན་ལྷུན་གྲུབ་མཁའ་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་རྒྱལ་ཁབ་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་ཕོ་བྲང་གི་རྟེན་གཙོ་


LT37_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་མཐོང་གྲོལ་ལྷ་ཁང་དུ་བཞུགས་པའི་རྟེན་གསུམ་དཀར་ཆག་ཉུང་ངུར་བསྡུས་པ་འདིའང་། རྣམ་དཀར་འདིའི་ཕྱག་རིས་མཛད་པ་སའི་དབང་མོ་མ་ཡུམ་མཆོག་ཉིད་ཀྱིས་གསུང་བསྐུལ་ཡང་བསྐྱར་ཕེབས་བ་ལྟར། ཐུབ་བསྟན་རིས་མེད་ཀྱི་རྗེས་སུ་སློབ་པའི་དགེ་སྦྱོང་གི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། མིང་གཞན་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པའི་ཡི་གེ་པ་ནི་རིག་པའི་གནས་ལ་རྣམ་པར་དཔྱོད་པའི་བློ་གྲོས་ཡངས་པ་ཀརྨ་ལྷ་བསམ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།

རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད།


LT37_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད་ཅེས་བྱ་བ་བཞུགས་སོ། །


LT37_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་གྱི་ས་མཁན་རྫོགས་སངས་རྒྱས། །ཧེ་རུ་ཀ་དཔལ་གུ་རུ་པདྨའི་ཞབས། །དབྱེར་མེད་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །དོན་གཉིས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ་གང་གི་རིགས་ཀྱི་གཅུང་དང་ཆོས་ཀྱི་སྲས་སུ་གྱུར་པ་བླ་མ་དམ་པ་ངག་དབང་འོད་ཟེར་མཆོག་གི་དགོངས་རྫོགས་རྟེན་གསུམ་གྱི་བྱུང་བ་མདོ་ཙམ་བརྗོད་པ་ལ་གསུམ། རྣམ་ཐར་ཡོན་ཏན་གྱི་ས་བོན། རྟེན་གསུམ་བཞུགས་ཚུལ་དངོས། དེ་དག་བསྒྲུབས་པའི་དགོས་པའོ། །དང་པོ་ནི། ཐུན་མོང་ཙམ་གྱི་དབང་དུ་བྱས་ན། བླ་མ་དམ་པ་འདི་ཉིད་མདོ་


LT37_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལྷོ་སྟོད་སྒོམ་སྡེ་ནང་ཆེན་ཆིང་ཧུའི་ནང་བློན་ཆེན་པོ་རིགས་དང་ཆོ་འབྲང་གིས་མངོན་པར་མཐོ་བའི་བརྒྱུད་དུ། གཏེར་ཆེན་རིན་པོ་ཆེའི་སྐུའི་མཆེད་ཟླར་བལྟམས། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་དང་ལྡན། གཏེར་ཆེན་བླ་མ་ཉིད་ཀྱིས་བརྩེ་བས་རྗེས་སུ་བཟུང་ཞིང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་སྒོར་ཞུགས། ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་ཤིང་སྡོམ་པ་གསུམ་དང་ལྡན་པས་ལྷག་པའི་བསླབ་པ་རིན་པོ་ཆེ་གཅེས་སྤྲས་ཀྱི་བརྟུལ་ཞུགས་བཟུང་། མཁས་གྲུབ་ཀྱི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་གདམས་པ་ནོས་ཤིང་གཞུང་ལུགས་དང་སྔགས་ཆོག་ལ་གསན་སྦྱང་ཅི་རིགས་པ་མཛད། ཐུགས་རྒྱུད་ཤིན་ཏུ་དུལ་བས་རིགས་ཀྱི་ང་རྒྱལ་སོགས་


LT37_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ནས་མི་མངའ་བར་རྟག་ཏུ་དམན་པ་འབའ་ཞིག་ལྷུར་ལེན་ཅིང་སྒར་གྱི་བྱང་འདྲེན་གྱིས་མཚོན་གཏེང་ཆེན་ཡབ་སྲས་ཀྱི་བཞེད་པ་དང་མཐུན་པའི་སྲི་ཞུ་ངལ་མེད་དུ་བསྒྲུབས་པས་དཔྱོད་ལྡན་ཐམས་ཅད་མངོན་པར་དད་ཅིང་བསྔགས་པའི་འོས་སུ་གྱུར། གཡོ་སྒྱུ་ཟོལ་ཟོག་རང་འདོད་ཀྱི་འཁྲི་བ་མེད་པས་ཨེ་ཝཾ་ཆོས་སྒར་གྱི་གྲྭ་ཚང་མཆོག་དམན་རྣམས་ཀྱིས་རེ་ལྟོས་ཀྱི་སྙིང་པོར་བཟུང་། འབྱུང་འགྱུར་གཏེར་གསར་གྱི་བསྟན་པ་དང་ཕྲིན་ལས་ཉིན་མོར་བྱེད་པ་ཞིག་འབྱུང་ངེས་ཡོད་ཀྱང་། སྐུ་རྟེན་སྔགས་འཆང་རྣལ་འབྱོར་སྤྱོད་པར་དགོས་པ་ལ་རབ་བྱུང་དུ་སོང་བ་དང་། རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཉམས་བཞེས་དུས་ལས་ཡོལ་བ་སོགས་རྐྱེན་དབང་འགའ་ཞིག་གིས་སྐུ་ཁམས་བལྟེམས་ཤིང་། ཁྱད་པར་སྐབས་དེར་བོད་ཁམས་སྤྱི་དང་བྱེ་བྲག་བསྟན་པ་དང་བསྟན་འཛིན་རྣམས་ཀྱི་བར་ཆད་སེལ་ཞིང་ཕན་པ་རླབས་སུ་ཆེ་བའི་ཕྲིན་ལས་ཕྱོགས་མེད་དུ་རྒྱས་པ་དང་། དུས་གསུམ་དུ་འགྲན་ཟླ་དང་བྲལ་བའི་ཟབ་གཏེར་གྱི་སྒོ་ཆེན་པོ་རྣམས་འབྱེད་དང་འབྱེད་པར་འགྱུར་བའི་འཚུབས་སློང་གིས་གཏེར་ཆེན་རིན་པོ་ཆེར་སྐུ་རྐྱེན་བདོ་བ་ལ་ཐུགས་ཁྲལ་མཛད་དེ། ཉིད་ཀྱི་སྐུ་རིམ་བསྒྲུབས་པ་རྣམས་ལའང་ངེད་ལ་རིམ་གྲོ་གཏན་ནས་མི་དགོས། གཏེར་ཆེན་ཡབ་སྲས་ཞབས་བརྟན་སྒྲུབ་པ་གལ་ཆེ་ཡང་ཡང་གསུང་ཞིང་གཞན་རྐྱེན་རང་


LT37_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཀྱི་ཐུགས་འདུན་བསྒྱུར་བའི་སྟོབས་ཀྱིས་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་ཉེ་ཞོལ་ཁྲོ་མཎྜལ་སྣང་དུ་ཞི་བར་མནལ་བས། གཏེར་ཆེན་རིན་པོ་ཆེ་ཉིད་ནས་ངོ་སྤྲོད་གསལ་འདེབས་སྒྲིབ་སྦྱོང་གནས་ལུང་ཐུགས་སྨོན་ཟབ་ལ་རྒྱ་ཆེ་བས་མཚམས་སྦྱར། །སྐུ་གདུང་ཞུགས་སུ་ཕུལ་ནས་སྐུ་གསུང་ཐུགས་རྟེན་ཁྱད་པར་འཕགས་པ་བཞེངས་པ་དང་། མདོ་ཁམས་དབུས་གཙང་ཀུན་ཏུ་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་བསྒྲུབས་པར་མཛད་དོ། །ཐུན་མོང་མིན་པའི་ཚུལ་ཡང་། གཏེར་གསར་ཆོས་བདག་གི་ལུང་བྱང་ལས། མཆིམས་རྡོ་རྗེ་སྤྲེལ་ཆུང་གི་སྐྱེ་བར་ལུང་བསྟན་ཅིང་། སྐབས་རེར་གཏེར་ཆེན་ཉིད་དང་ཐུགས་རྒྱུད་གཅིག་པར་སྣང་བ་དང་། ལམ་མ་སྦྱངས་ན་སྐྱེ་བ་བཞི་དང་། སྦྱངས་བ་མཐར་ཕྱིན་ན་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན་པར་ཡང་གཟིགས་པ་དང་། བླ་མའི་ཆེད་དུ་རང་ཉིད་བློས་བཏང་བ་དེས་བསྐལ་པ་མང་པོའི་ཆོགས་བཟླུམས་ཏེ། ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་གཟིགས་སྣང་ཆ་མཐུན་པར། སྐུ་སྐྱེ་བ་ཕྱི་མར་གྲུབ་པ་ཐོབ་པའི་སྔགས་ཀྱི་རྣལ་འབྱོར་པ་ཞིག་ཏུ་སྐྱེས་ནས་ལམ་གྱི་སྦྱངས་པ་མངོན་ཏུ་འགྱུར། དེ་ནས་པདྨ་བཀོད་པའི་ཞིང་དུ་སྐྱེས་ཏེ་བྱང་ཆུབ་སྤྱོད་པ་རྒྱ་མཚོས་ལམ་གྱི་


LT37_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བགྲོད་དེ། འོག་མིན་དུར་ཁྲོད་མེ་རི་འབར་བར་གདོད་མའི་མགོན་པོ་ཆེ་མཆོག་ཧེ་རུ་ཀ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་པར་འགྱུར་བ་དང་། དེ་སྲིད་དུ་བསྟན་འགྲོའི་དོན་ཏུ་བསམས་བཞིན་སྲིད་པར་རྣམ་པར་འཕྲུལ་པས་ཀྱང་དོན་མཛད་པར་ངེས་པ་སྟེ། གནས་ལུགས་ཇི་ལྟ་བའི་རྣམ་པར་ཐར་པ་ན་འཕགས་པ་ཉག་གཅིག་གིས་སྤྱོད་ཡུལ་ལས། ཚུར་མཐོང་སོ་སྐྱེའི་བློས་དཔག་པར་དཀའ་བས་མོས་པ་སྙིང་པོར་བཟུང་བར་བྱ་བ་ཡིན་ནོ། །གཉིས་པ་ནི། དགོངས་རྫོགས་ཀྱི་གཙོ་བོ་དགོངས་གཞི་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་དབང་གིས། སྐུ་རྟེན་བདེ་བ་ཅན་གྱི་ཞིང་ཁམས་ངོ་མཚར་བཀོད་པའི་ཞལ་ཐང་། གསུང་རྟེན་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་དང་བཏགས་གྲོལ་ཕུང་པོ་རང་གྲོལ་མཐིང་ཤོག་ལ་གསེར་སྦྱངས་བཙོ་མར་གདུང་རུས་བསྲེས་པས་བྲིས་པ། ཐུགས་རྟེན་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་མདའ་ཚད་མ་ཕྲ་རྒྱན་བཀོད་པས་ཚར་དུ་དངར་བ་རྣམས་བཞེངས་པར་མཛད་པ་ལས། ཐུགས་རྟེན་གྱི་ནང་གཞུག་གཙོ་བོ། བླ་མ་དམ་པ་དེ་ཉིད་ཀྱི་གདུང་རུས་རྣམས་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་འབྲེལ་བའི་ཡི་གེ་བརྒྱ་པའི་བུམ་ཆུས་རུས་སྦྱོང་ཚུལ་བཞིན་


LT37_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བགྱིས་ཤིང་སྔགས་ཐེམས་བྱེ་མས་བྲབས་ནས་དྲི་བཟང་དམ་རྫས་དང་སྦྱར་བའི་འཇིམ་པ་དང་བསྲེས་ཏེ་རྒྱུ་བྱིན་གྱིས་བརླབས་པ་ལ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་དང་ནམ་སྙིང་རྣམ་འཕྲུལ་རྒྱལ་སྲས་ཚེ་དབང་གྲགས་པ། ཌཱ་ཀིའི་དབང་ཕྱུག་བདེ་ཆེན་ཆོས་སྒྲོན། ཁོ་བོ་བཅས་ནས་གཟུངས་སྔགས་ཀྱི་ཆོ་ག་ཚད་ལྡན་ཏུ་སྦྱར་ཅིང་། ཡིག་བརྒྱ་ཡིག་དྲུག་སོགས་ཀྱི་ནང་གཞུག་དང་ལྡན་པའི་སཱཙྪ་ལེགས་པར་བཏབ་པ་ལ་གསེར་ཆུ་དང་ཚོན་གྱི་ན་བཟའ་གསོལ། གཏེར་ཆེན་ཉིད་ཀྱིས་ཐུགས་རྗེ་ཆེན་པོའི་ཆོ་ག་སྦྱོར་དངོས་རྗེས་ཚང་དང་། ཀུན་མཁྱེན་བླ་མས་རིགས་གསུམ་མགོན་པོའི་ཆོ་གས་ཡེ་ཤེས་པ་ལྷག་པར་གནས་པར་མཛད། ཁྱད་པར་དུ་གདུང་རུས་ཀྱི་ཆ་ཤས་ལས་ཀུན་མཁྱེན་བླ་མ་རིན་པོ་ཆེས་གསང་བ་གསུམ་གྱི་རྟེན་ཕྱག་བསྟར་དུ་མཛད་པའི་དཀར་ཆག་རྗེ་ཉིད་ཀྱི་ཕྱག་བྲིས་ཞལ་བཤུས་པའང་འདི་ལྟ་སྟེ། ཨོཾ་སྭ་སྟི་སིདྡྷི་ར་སྟུ། རྡོ་རྗེ་འཛིན་དབང་པཱ་གིནྡྲའི་གདུང་རུས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་རུས་སྦྱོང་ཚུལ་བཞིན་དུ་བགྱིས། དྲི་མེད་གཟུངས་སྔགས་འབུམ་ཕྲག་བཟླས་པའི་བྱེ་མས་བྲབས། བྱིན་རྟེན་སེལ་མེད་རིགས་ཤིན་ཏུ་མང་པོ་དང་། རིན་


LT37_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྨན་སྤོས་སྣ་ཚོགས་བཅས་ལྷན་གཅིག་ཏུ་ཞིབ་པར་བརྡུང་། དྲི་བཟང་པོའི་ཆུ་དང་། རིག་འཛིན་དགའ་རབ་རྡོ་རྗེའི་གདུང་རྟེན་ཕོན་མང་། གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་ས་སྣ་གཏེར་བྱོན་དང་། འཕགས་བལ་བོད་ལྗོངས་མ་ཧཱ་ཙཱི་ན་ཚུན་གྱི་ས་སྣ་ཆུ་སྣ། ཁྱད་པར་གཏེར་བྱོན་ཅུ་གང་དང་། པྲེ་ཏ་པུ་རིའི་ཅུ་གང་སོགས་བསྲེས་ཏེ་སྐུ་རྟེན་དུ་རྡོ་རྗེ་སེམས་དཔའི་སྣང་བརྙན་སོར་ལྔ་པ་འབུར་སྐུ་དང་། ལེབ་སྐུ་བཅས་སྤར། །དེ་དག་གི་སྐབས་སུ་སོ་སོའི་རྒྱུ་བྱིན་རླབས་སོགས་གཞུང་བཞིན་བསྒྲུབ། འབུར་སྐུའི་ནང་དུ། སངས་རྒྱས་ཀྱི་འཕེལ་གདུང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་རིལ། དགའ་རབ་གདུང་རྟེན་རིལ་བུ། ཐུགས་རྗེ་ཆེན་པོའི་ཤོག་སེར། མཁན་སློབ་ཆོས་གསུམ་ན་བཟའ། ཨོ་རྒྱན་དབུ་སྐྲ་དང་ཤངས་མཚལ། བྱིན་རྟེན་ཀུན་འདུས་ཕུར་མ། རྡོ་རྗེ་སེམས་དཔའི་རྩ་སྔགས་དང་སྙིང་པོ་རྟེན་འབྲེལ་སྙིང་པོ་བཅས་གསེར་གྱིས་བྲིས་པ་རྣམས་ལེགས་པར་བཞུགས་ཏེ་རབ་ཏུ་གནས་པ་ཚུལ་བཞིན་དུ་བགྱིས་ཤིང་རྡོ་རྗེ་སེམས་དཔའ་རི་བོར་བསྒྲུབ་པ་དང་མཆོད་པས་མངའ་དབུལ། གདུང་རུས་དང་བྱིན་རྟེན་འཕུར་མ་བཅས་རིན་ཆེན་དང་པོའི་ཁུ་བར་བསྲེས་ཤིང་སངས་རྒྱས་སྲས་གཅིག་ས་བོན་གྱི་རྒྱུད་གསེར་བྲིས་རབ་ཏུ་གནས་པ་དང་། གོང་གི་རྒྱུར་གཏེར་བྱོན་


LT37_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུ་ར་དང་། ཙཱ་རི་ཏྲ་སོགས་གནས་ཆེན་མང་པོའི་སིནྡྷུ་ར་སྦྱར་བས་སཱཙྪ་ཆོ་ག་བཞིན་བཏབ་པ་གསེར་ཆུས་བྱུགས་པའི་ཆེ་བའི་ནང་དུ་རིང་བསྲེལ་བཞི་གཞན་གོང་བཞིན་ལ། ཆོས་ཀྱི་རིང་བསྲེལ་རྡོར་སེམས་ཀྱི་རྩ་སྔགས་དང་སྙིང་པོའི་སྟེང་དྲི་མེད་རྣམ་གཉིས་ཀྱི་གསུངས་དང་རྟེན་འབྲེལ་སྙིང་པོ་གསེར་བྲིས་བཅས་བཞུགས། ཆུང་བའི་རྒྱུར་གོང་གསལ་རྟེན་གྱི་རིགས་བསྲེས་ཤིང་། རྟེན་སྙིང་ཙམ་སྙིང་པོར་བཞག་སྟེ་ཚུལ་བཞིན་རབ་ཏུ་གནས་པ་དང་། རྡོ་རྗེ་སེམས་དཔའི་སྒོ་ནས་སཱཙྪ་བསྒྲུབ་པ་དང་། གཙུག་ཏོར་དྲི་མེད་ཀྱི་ཆོ་གས་ཀྱང་མངའ་དབུལ་བ་བཅས། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྟེན་ཆུང་ངུ་སྦྱོར་དངོས་རྗེས་གཙང་གི་སྒོ་ནས་ལེགས་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བརྟེན་ནས། རྡོ་རྗེ་འཛིན་དབང་གང་དེའི་སྦྱོང་སྨིན་མཐུ། །མིག་འཕྲུལ་ལྟ་བུར་མྱུར་བ་ཉིད་རྫོགས་ཏེ། །གསང་མཆོག་མེ་རི་འབར་བའི་ཕོ་བྲང་ཆེ། །འབྲེལ་ཚད་ཕྱམས་གཅིག་རྣམ་གྲོལ་མཐར་ཕྱིན་ཤོག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ཞེས་པ་དང་། འོག་ཏུ་གསལ་བའི་སྐུ་རྟེན་རྒྱུད་ཀྱི་གླེགས་བམ་སོགས་ཚོམ་བུ་ཚོགས་སྒྲུབ་ཀྱིས་མཚོན་པའི་སྤྱི་དང་བྱེ་བྲག་བསྒྲུབ་པ་ཚད་ལྡན་ཡང་ཡང་སོང་བ་རྣམས་དང་། སྲོག་ཤིང་ལ་གནས་ཡིག་གསེར་གྱིས་བྲིས་པ་རིང་བསྲེལ་རྣམ་བཞི་འབྲུ་སྨན་ལ་


LT37_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འདུ་བགྱིས། སྦྱོང་བ་ཁྲུས་གསོལ་ནན་ཏན་དང་། རབ་གནས་མདོར་བསྡུས་སྔོན་ཏུ་འགྲོ་བའི་གཞུག་ཚུལ་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་བཞེས་མ་འཁྲུལ་བར་རང་གིས་ལག་བསྟར་དུ་བགྱིས་པ་ལ། མཆོད་རྟེན་གྱི་ནང་ཀུན་དྲི་བཟང་གི་ལྡེ་གུས་ཁྱབ་པར་བྱུགས་པའི་དབུས་སུ་ཚོན་སྣ་ལྔའི་ན་བཟའ་གསོལ་བའི་སྲོག་ཤིང་ཉིད་མདུན་རྒྱབ་མ་ལོག་པར་བརྟན་བྱེད་ཀྱི་སྔགས་དང་སྨོན་ལམ་བཅས་བཙུག་རྩེ་མོར་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྡོག་གཅིག །རྩ་བར་སེང་བྲག་གཏེར་བྱོན་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ་ཕབ་གཏར་སྦྱར་བའི་རིན་ཆེན་རིལ་ནག་ཆེན་མོ་ཁྱད་འཕགས་རྡོག་གཅིག་བཅས་བཞུགས། ཆོས་སྐུའི་རིང་བསྲེལ་གོང་དུ་སྨོས་པའི་སཱཙྪ་རྣམས་འབྲུ་སྣ་དང་བཟང་ཤིང་གི་ཕུར་མས་ལྕིབས་ཏེ་བུམ་པ་དང་ཚད་མེད་ཀྱི་ནང་དུ་བཞུགས་སུ་གསོལ། སྐུ་རྟེན་བུམ་པའི་སྟོད་ཆར་རྡོར་སེམས་ཀྱི་སྐུ་བརྙན་ན་བཟའ་དཀར་པོས་བཀླུབས་པ་དང་། སྐུ་ཚབ་ཀྱི་རྒྱུ་ལས་ཕྱག་བསྟར་དུ་མཛད་ཅིང་རིང་བསྲེལ་རྣམ་བཞི་གཏེར་རྫས་ཀྱིས་བལྟམས་པའི་གུ་རུ་བདེ་བ་ཆེན་པོ། གྲུབ་ཆེན་པཀྵི། རིག་འཛིན་འཇའ་ཚོན་སྙིང་པོ་རྣམས་ཀྱི་སྐུ་བརྙན་རེ་རེ། ཐུབ་དབང་བྱིན་སྐུ་གཅིག །པདྨ་སཾ་བྷ་བ་ལྔ། དགྱེས་པ་རྡོ་རྗེ་དང་། སྒྲོལ་མ་དཀར་མོའི་བྱིན་སྐུ་གསུམ་རེ་རྣམས་


LT37_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ཆོས་ཀྱི་རིང་བསྲེལ་སྐོར་ལ། གཙུག་ཏོར་སྡེ་ལྔ་དང་མཛོད་སྤུ་ནོར་བུའི་གཟུངས། གཟུངས་ཆེན་སྡེ་ལྔ་ཆ་བདུན་རེ། སྙིང་པོ་རྣམས་ཚར་བཅུ་ཕྲག་རེ། འོད་ཟེར་དྲི་མེད་ཀྱི་གཟུངས་རིང་ཐུང་ཚར་བཅུ་རེ། རྒྱལ་བ་རིགས་ལྔ། ཕྱོགས་བཅུའི་སངས་རྒྱས། ཉེ་སྲས་བརྒྱད། གཏད་རབས་བདུན། གྲུབ་ཆེན་བརྒྱད། གནས་བརྟན་བཅུ་དྲུག །འཛམ་གླིང་རྒྱན་དྲུག་རྣམས་ཀྱི་མཚན་སྔགས་དང་། བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །ཀློང་སྡེ། སེམས་སྡེ། འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། བཀའ་བརྒྱད་ལུགས་གསུམ། བླ་མ་དགོངས་འདུས། ཕུར་པ་བཀའ་གཏེར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཟུང་འཇུག་བརྒྱུད་པ། ཕྱག་ཆེན་བརྒྱུད་པ། བཀའ་བཞི་སྤྱི་བརྒྱུད། བྱང་སྡོམ་དང་སོ་ཐར་སྡོམ་པ་རྣམས་ཀྱི་བརྒྱུད་པ་དང་། ཀཿཐོག་བླ་རབས་བཅུ་གསུམ། ཇོ་ནང་རྗེ་བཙུན་དང་རིག་འཛིན་ཚེ་དབང་ནོར་བུ་རྣམས་ཀྱི་སྐྱེས་རབས་མཚན་སྔགས། ཆོས་ལོངས་སྤྲུལ་གསུམ་གྱི་སྙིང་པོ་དང་རྡོར་སེམས་ཡིག་བརྒྱ་ཡིག་དྲུག་སོགས་བརྒྱ་རྩ་ལྷག་རེ། འདུས་མདོ། སྒྱུ་འཕྲུལ་སྒྲུབ་པ་སྡེ་བརྒྱད་སོགས་སྔ་འགྱུར་བཀའ་གཏེར་ལས་བྱོན་པའི་ཡི་དམ། མཁའ་འགྲོ། ནོར་ལྷ། ཆོས་སྐྱོང་རྣམས་དང་། གསང་སྔགས་གསར་མ་ལ་གྲགས་པའི་བླ་མེད་མ་རྒྱུད་རིགས་དྲུག །ཕ་


LT37_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རིགས་གསུམ། རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་ལས་བྱུང་བའི་གསང་སྔགས། མདོ་དང་རྟོག་པ་ལས་འབྱུང་བའི་གཟུངས། ཆོས་སྲུང་ནོར་ལྷ། ཕྱོགས་སྐྱོང་དཔལ་མགོན་ལ་སོགས་པ་རྣམས་ཀྱི་རྩ་སྔགས་སྙིང་པོ་ཉེ་སྙིང་། ཞལ་ནས་གསུངས་པའི་ཤིས་བརྗོད་ཀྱི་རིགས། སྒྲུབ་བརྒྱུད་སྨོན་ལམ་བདེན་འགྲུབ་མ། ངེས་དོན་བསྟན་པ་རྒྱས་པའི་སྨོན་ལམ་ཕུན་ཚོགས་ཐར་ལམ། བསྟན་པ་སྤྱི་སྨོན་རྡོ་རྗེ་ཚེ་དབང་ནོར་བུས་མཛད་པ་སོགས་སྟོད་སྨད་རང་གནས་དང་མཐུན་པའི་གོ་རིམ་མ་ལོག་པར་དྲི་བཟང་གི་ཆུས་བྱུགས་ཤིང་ན་བཟའ་སྣ་ལྔས་བཀླུབས་པ་རྣམས་དང་། སངས་རྒྱས་ཀྱི་འདས་རྗེས་གསུམ། བླ་མ་ཡང་ཏིག་གི་བཏགས་གྲོལ་འཁོར་ལོ། མཁའ་འགྲོ་སྙིང་ཐིག་ལས་འབྱུང་བའི་སྙིང་པོའི་རྒྱུད་དྲུག །བླ་མ་དགོངས་འདུས་ལས་འབྱུང་བའི་སངས་རྒྱས་སྲས་གཅིག་གསང་བ་ཅོད་པན་ས་བོན་གྱི་རྒྱུད། རཏྣའི་ཀློང་གསལ་སྙིང་ཐིག་གི་རང་བྱུང་རིག་པའི་ཏནྟྲ་སོགས་རྒྱུད་ཚན་བཞི། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཏགས་གྲོལ་ཕུང་པོ་རང་གྲོལ། ཞི་ཁྲོ་ངེས་དོན་སྙིང་པོའི་བསྟན་པ་བུ་གཅིག་པའི་རྒྱུད། གཞན་ཡང་གནམ་ཆོས་སོགས་ལས་བྱུང་བའི་བཏགས་གྲོལ་རིགས་ངང་། ཡེ་ཤེས་རབ་འབར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་བཅས་གླེགས་བམ་


LT37_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཞིར་བསྒྲུབས་པ་དང་། གདུགས་དཀར་དང་སོར་འབྲང་འཁོར་ལོ། ཐུགས་རྗེ་ཆེན་པོ་བཀའ་གཏེར་སྤྱི་ཁྱབ་ཀྱི་མཐོང་གྲོལ་ཙཀྲ། ཁྱད་པར་བླ་མ་དགོངས་པ་འདུས་པའི་རྩ་བའི་ཆོས་སྡེ། རྩ་རྒྱུད་པད་སྡོང་བརྩེགས་པ། སྐུ་རྒྱུད་ཤེལ་གྱི་རི་བོ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་། ཕྲིན་ལས་ཀྱི་རྒྱུད་སྤྲུ་གྲི་རེག་ཆོད། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གསང་བརྒྱུད། མཐོང་གྲོལ་འཁོར་ལོ་ཆེན་པོ་རྣམས་དང་། རྩ་གསུམ་ཕྲིན་ལས་སྙིང་པོའི་ཤོག་སེར་བུབ། ཕྱག་བྲིས་ཤོག་སེར་ཆོས་ཀྱི་རིང་བསྲེལ་ཀུན་འདུས་དམ་རྫས་གསེར་ཞུན་ཆེན་མོ་བདུན་ཕྲག་གཅིག་བཅས་ལེགས་པར་བཞུགས་པའོ། །སྐུ་བལ་དང་སྐུ་གདུང་རིང་བསྲེལ་གྱི་སྐོར་ལ། འོད་སྲུངས། ཐུབ་པ། མཁན་པོ་རྣམས་ཀྱི་སྐུ་ཆོས། པྲ་བྷ་ཧ་སྟིའི་གདུང་། ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན་རིགས་གསུམ་ཤངས་མཚལ། གསང་གོས། སྐུ་རིག །ཟབ་བེར། ཞབས་ཆགས། ལྷ་ལྕམ་དང་མཚོ་རྒྱལ་ན་བཟའ། མཚོ་རྒྱལ་གྱི་དབུ་སྐྲ་དང་གསང་གོས། གསང་གསེར། ཆོས་རྒྱལ་ན་བཟའ་དང་གདུང་རུས། བཻ་རོའི་དབུ་སྐྲ་དང་སྐུ་ཆོས། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་སྙིང་དབུ་ལྗོན། མངའ་བདག་


LT37_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་དང་གུ་རུ་ཆོས་དབང་རིག་འཛིན་རྒོད་ལྡེམས། མངའ་རི་པ་ཆེན་སྐུ་མཆེད། འཇའ་ཚོན་བདུད་འདུལ་སྨིན་གླིང་གནམ་ཆོས་སོགས་གཏེར་སྟོན་རྣམས་དང་། ཀློང་ཆེན་རབ་འབྱམས། ཀཿདམ་གཙང་བྱམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་རྙིང་མའི་མཁས་གྲུབ་རྣམས་དང་། མར་མི་དྭགས་གསུམ། ཕག་མོ་གྲུ་པ། དཔལ་དུས་གསུམ་མཁྱེན་པ་ནས་བདུད་འདུལ་རྡོ་རྗེའི་བར་དུ་བྱོན་པའི་ཀར་རབས་བཅུ་གསུམ། ཞྭ་དམར་སི་ཏུ་དཔའ་བོ་ཏྲེ་ཧོ། འགྲོ་མགོན་གཙང་པ་རྒྱ་རས། ལོ་རྒོད་རྣམ་གཉིས། སྟག་ལུང་ཐང་པ་རིན་པོ་ཆེ། སངས་རྒྱས་རྣམ་གསུམ། ཟུར་མང་མ་སེ་རྟོགས་ལྡན། ཀརྨ་ཆགས་མེད་སོགས་སྒྲུབ་བརྒྱུད་རིན་པོ་ཆེའི་མཁས་གྲུབ་སྐྱེས་ཆེན་ཕལ་མོ་ཆེའི་དབུ་ལོ། ན་བཟའ། གདུང་རུས། ཤངས་མཚལ། བྱང་སེམས་མི་བསྐྱོད་དང་རྣམ་སྣང་སོགས་རེ་རེ་ནས་བཞུགས་ཤིང་། དམ་རྫས་ཀྱི་སྐོར་ལ་འཆི་མེད་པདྨ་ཤེལ་རིའི་གཏེར་བྱོན་རིལ་བུ་བསྟན་པའི་བཙས་འབྲེལ་ཚད་དོན་ལྡན་རྡོག་གཅིག །སངས་རྒྱས་བྱང་སེམས་ཀྱི་གདུང་གི་རིང་བསྲེལ་འདུས་པ་དམ་རྫས་རིན་པོ་ཆེའི་ཏོག །རོལ་པ་ཆེན་པོའི་རིགས་གཉིས། དགའ་རབ་གདུང་རྟེན་དམ་རྫས་སྡུག་བསྔལ་ཞི་བྱེད། མཁའ་ཀློང་འཁྱིལ་པ། བདུད་


LT37_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྔའི་རིལ་བུ། །འཁོར་བ་དོང་སྤྲུགས། སྐྱེ་བདུན་དང་མ་ི་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། རིག་པའི་ཡེ་ཤེས་སྨན་རི་ལ། སིདྡྷི་རིལ་བུ། དགའ་རབ་ཤྲཱི་སིང་བི་མ་ལ་རིག་འཛིན་བརྒྱད་ཨོ་རྒྱན་རྗེ་འབངས་ཉེར་ལྔ་དང་རྗེ་འབངས་སྟོང་ཕྲག་བཅས་ཀྱིས་བསྒྲུབས་པ་སོགས་བདུད་རྩི་ཆོས་སྨན་གྱི་རིགས་གཏེར་གསར་ལས་བྱོན་པ་རྣམས་དང་། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་དམ་རྫས་ཟླ་ཤེལ་ཆེན་མོ། ས་ལེ་སྦྲམ། པདྨ་རཱ་ག །གཏེར་སྟོན་བརྒྱ་རྩའི་དམ་རྫས་བྱིན་རྟེན་གཅིག་བསྡུས་ཨ་དོ་མ་རྣམས་རྡོག་རེ་རེ། སྨིན་གླིང་ཐབས་ཤེས་མྱང་གྲོལ་རིལ་བུ། པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་བྱོན་རྒྱལ་པོ་ཛཿའི་བདུད་རྩི་ཆོས་སྨན། མཁའ་འགྲོ་ལས་ཀྱི་དབང་མོའི་རང་བྱུང་གསང་བའི་བདུད་རྩི་སོགས་རྩ་བའི་གཏའ་སྤེལ་དུ་སྦྱར་བ་རྣམས་དང་། རྒྱལ་དབང་ཀརྨ་པའི་དམ་རྫས་རིལ་ནག་ཆེན་མོ་ཕྱག་བསྒྲིལ་བཅས་གདན་ས་འདི་གར་བུམ་སྒྲུབ་ཆེན་མོའི་སྐབས་ཕྱིས་འབྱུང་བསྟན་པའི་བཅས་སུ་འབད་པ་ཆེན་པོས་བསྡུས་ནས་དཀར་ཆག་ཟུར་དུ་གསལ་བའི་དམ་རྫས་ཨུ་དུམྤར་བློ་གཏད་གཅིག་ཆོག །ཡིད་བཞིན་ནོར་བུ་མྱང་བ་རང་གྲོལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཀུན་འདུས་དམ་རྫས་ཏོག་གི་བློ་གྲོས། སྐྱེ་བདུན་རིལ་


LT37_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཁའ་སྤྱོད་བདེ་ལམ། སྐུ་བལ་རིང་བསྲེལ་ཀུན་འདུས་དམ་རྫས་འཇའ་འོད་འཁྱིལ་པ། དབུ་ཀླད་གདུང་རུས་སྐུ་གདུང་རིང་བསྲེལ་ཀུན་འདུས་དམ་རྫས་གཡུ་ཞུན་འཁྱིལ་པ། སྐུ་ཤ་རིལ་བུ་དམ་རྫས་ས་ལེ་སྦྲམ། ཤངས་མཚལ་བྱང་སེམས་དམར་པོ་གཅིག་བསྡུས་དམ་རྫས་པདྨ་རཱ་ག །བྱང་སེམས་དཀར་པོ་གཅིག་བསྡུས་དམ་རྫས་ཟླ་བའི་ཐིག་ལེ། གསང་ཆབ་ཕྱོགས་བསྡུས་དམ་རྫས་བཻ་ཌཱུརྻ། གསང་ཆེན་གཅིག་བསྡུས་དམ་རྫས་རྣམས་དང་འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་བསྐྱེད་མཁྱེན་བརྩེའི་དབང་པོས་བསྒྲུབས་པ། བདུད་རྩི་ཆོས་སྨན་སྔ་ཕྱི་དུ་མར་བསྒྲུབས་པའི་རིགས། རཏྣ་པད་གླིང་གཏེར་བདག་གླིང་པ་སོགས་ཀྱི་གཏེར་བྱོན་དང་ཐང་རྒྱལ་ཚེ་རིལ། གཏེར་གསལ་ཚེ་རིལ་དང་ཚེ་རྫས། སྒྲོལ་དཀར་རིལ་བུ་བདུད་རྩིའི་ཟིལ་ཐིགས། ཚེ་བཅུད་ཀུན་འདུས་ཀྱི་རིལ་བུ་བདུད་རྩིའི་བུམ་པ་སོགས་ཚེ་རྫས་ཀྱི་རིགས་རྣམས་དང་། བུམ་རྫས་ཉེར་ལྔ་ཚད་ལྡན་ཏུ་སྦྱར་བ་རྣམས་ཀྱིས་གདོང་ཆེན་ཡན་ཆད་ཕྱུར་བུར་བཀང་ནས་མཚམས་དར་བཏང་། སེང་ཁྲིའི་ནང་དུ་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁྲུལ་འཁོར་དར་ཟབ་ཀྱིས་བཀླུབས་པ། ཛམ་ལའི་བུམ་གཏེར་ཚད་ལྡན་ཏུ་བཅའ་བསྒྲུབ་བགྱིས་པ་གཅིག །བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་ཙཀྲ་ཟླ་བཟང་རིན་པོ་ཆེས་བསྒྲུབས་


LT37_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། གཡང་རྫས་ཀུན་འདུས་དཔལ་ཆེན་རིལ་བུ། གཏེར་གསར་པོ་ཏཱ་ལའི་འབྲུ་སྨན་བརྟན་གཡོའི་དྭངས་བཅུད་གཙོ་བོར་གྱུར་པའི་ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་བདུད་རྩིའི་ལྗོན་ཤིང་། གནས་ཡུལ་དྲུག་ཅུ་རྩ་བཞིའི་ས་སྣ། སྨན་སྣ་རིན་ཆེན་ཕྱེ་མ་སོགས་འབྲུ་སྣ་དང་བདུད་རྩི་ཅན་གྱི་ཤིང་གི་ཕུར་མ་རྣམས་ཀྱིས་ལེགས་པར་བཀང་། དེ་འཕྲལ་ཉིད་དུ་ཁོ་བོ་དང་འདིར་བཞུགས་སྒྲུབ་བླ་རྣམས་ཀྱིས་བླ་མ་དགོངས་པ་འདུས་པའི་ཕྲིན་ལས་གཞུང་བསྲངས་ཏེ། སྦྱོང་ཁྲུས་རྟེན་བསྐྱེད་འགུགས་བསྟིམས་དབང་བསྐུར་སྤྱན་དབྱེ་ཞལ་བསྒྱུར་མངའ་དབུལ་སོགས་རབ་ཏུ་གནས་པའི་ཆོ་ག་ཡོངས་སུ་རྫོགས་པ་བགྱིས་ཤིང་། སླར་ཡང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ཞལ་དབྱེ་བའི་མདུན་བསྐྱེད་རྟེན་ཏུ་བཞུགས་ནས་བསྐྱེད་བཟླས་མཆོད་འབུལ་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་མཐའ་རྒྱས་སུ་བསྒྲུབས་པ་དང་། ཡེ་འབར་ལས་འབྱུང་བའི་ཐུགས་རྟེན་མཐོང་གྲོལ་གྱི་སྒོ་ནས་འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་བཟང་པོ་ནན་ཏན་དུ་ཞུས་པ་ལགས་སོ། །གསུམ་པ་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། དེ་ལ་ཕྱག་མཆོད་སོགས་བསྙེན་བཀུར་བགྱིས་པའི་ཕན་ཡོན་གནས་སྐབས་མཐར་ཐུག་ཀུན་ཏུ་བསམ་གྱིས་མི་ཁྱབ་པར་འབྱུང་བར་གསུངས་ཤིང་། སྦྱོང་རྒྱུད་


LT37_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་ཤི་བའི་ཕུང་པོ་བསྲེག་སྦྱོང་། རུས་བུའི་ཆོ་ག །དེ་ལས་མཆོད་རྟེན་བྱ་ཞིང་དེ་ཉིད་སྒྲུབ་པའི་ཕན་ཡོན་ཤིན་ཏུ་རྒྱ་ཆེར་གསུངས་པ་དང་། བྱེ་བྲག་ཏུ། བླ་མ་དམ་པ་དེ་ཉིད་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་སུ་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་མཐར་འབྱིན་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་སླད་དུ་ཞིང་བཀོད་ཀྱི་ཞལ་ཐང་དང་། གསང་ཆེན་དུར་ཁྲོད་མེ་རི་འབར་བར་བླ་མེད་རྡོ་རྗེ་སྙིང་པོའི་གསང་རྒྱུད་རབ་འབྱམས་ཀྱི་བདག་པོའི་གནས་ལ་འཁོད་ཅིང་གཞོམ་མེད་ནཱ་དའི་རང་སྒྲས་མཁའ་ཁྱབ་ཆོས་ཀྱི་འཁོར་ལོ་དུས་གསུམ་རྒྱུན་ཆད་མེད་པར་བསྐོར་བའི་སླད་དུ་རྒྱུད་རྒྱལ་གསེར་བྲིས་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་ནས་མི་སློབ་པའི་ཟུང་འཇུག་གདོད་མའི་ཀུན་བཟང་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་རང་མདངས་རྟག་ཅིང་ཁྱབ་པར་འཇུག་པའི་ཕྱིར་དུ་ཆོས་སྐུའི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་འདི་དག་བཞེངས་པ་ལས། ཆེད་སུ་དམིགས་པ་དེ་ཉིད་སྐུ་གསུང་ཐུགས་མི་ཕྱེད་པ་གསུམ་གྱི་གོ་འཕང་མྱུར་དུ་བརྙེས་པ་དང་། འབྲེལ་བར་བཅས་པ་ཀུན་གྱི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ལ་ཉལ་བ་བཅས་བྱང་ཞིང་། རྟེན་གང་དུ་བཞུགས་པའི་ཡུལ་ཕྱོགས་རྗེས་འཇུག་དང་བཅས་པ་ལ་གསང་བ་གསུམ་གྱི་བྱིན་རླབས་འཇུག་ཅིང་འཕྲལ་ཡུན་


LT37_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་འབྱོར་ཟད་མི་ཤེས་པ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ནི་ཚད་མ་གསུམ་གྱིས་གྲུབ་པའོ། །རྒྱལ་བ་ཉིད་ཀྱིས་ཚད་མའི་གསུང་རང་ལས། །ཡོངས་སུ་བསྔགས་པའི་དགེ་རྩ་བླ་མེད་འདིས། །འདྲེན་མཆོག་དམ་པ་གང་དེའི་ཐུགས་རྒྱུད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཤོག །བསྐལ་པ་གྲངས་མེད་བསགས་པར་འོས་པའི་ཚོགས། །ཐུགས་བསྐྱེད་ཟབ་མོས་སྐད་ཅིག་ཉིད་ལ་བཟླུམས། །སྐུ་བཞི་ཡེ་ཤེས་ལྔ་པོ་མཐར་ཕྱིན་ནས། །སྤྲུལ་པས་བསྟན་འགྲོའི་དོན་ཆེན་མཛད་གྱུར་ཅིག །སྔགས་ཀྱི་རྟེན་ལ་བརྟུལ་ཞུགས་ཕྱོགས་མེད་གྲུབ། །པདྨོ་བཀོད་པར་རྒྱལ་བས་ལུང་བསྟན་བརྙེས། །མེ་རི་འབར་བ་མངོན་རྫོགས་རྒྱལ་པོ་དང་། །དབྱེར་མེད་ཡེ་ཤེས་ཡངས་པའི་གར་མཛད་ཤོག །བདག་ཉིད་དབང་ཕྱུག་ཆེན་པོའི་གནས་ཐོབ་སྟེ། །གང་འདུལ་རྣམ་པར་རོལ་པས་མཆོག་གཏེར་གྱི། །བསྟན་པ་སྐྱོང་ཞིང་ཕྲིན་ལས་སྤེལ་བ་ལ། །འགྲན་ཟླ་མེད་པའི་ཤིང་རྟ་ཉིད་གྱུར་ཅིག །རྩ་བ་གསུམ་གྱི་བདེན་པའི་བྱིན་རླབས་དང་། །བདག་གི་མོས་དགེ་རྣམ་པར་དཀར་བའི་མཐུས། །བསམ་པའི་ལྗོན་བཟང་སྨོན་པའི་འབྲས་བུས་ལྕི། །ལུས་ཅན་འཚོ་བའི་དཔྱིད་དཔལ་ཉིད་དུ་ཤོག །ཅེས་པའང་མོས་ལྡན་དད་སྤྲོ་སྐྱེད་པའི་ཆ་རྐྱེན་ཏུ། ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་བཀའ་


LT37_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དང་མཐུན་པར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རིན་པོ་ཆེའི་མཛོད་ཡོངས་སུ་ཕྱེ་བའི་དཀར་ཆག་བཻ་ཌཱུརྻའི་ལྡེའུ་མིག


LT37_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རིན་པོ་ཆེའི་མཛོད་ཡོངས་སུ་ཕྱེ་བའི་དཀར་ཆག་བཻ་ཌཱུརྻའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །


LT37_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཆོག་སྣང་བའི་དྲྭ་བ་བདེ་བ་ཆེ། །ཤེས་རབ་སྟོང་ཉིད་ཕྱག་རྒྱར་སྡོམ་མཛད་པ། །བརྟན་གཡོ་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་ལྡན་བླ་མས་བྱང་ཆུབ་བར་དུ་སྐྱོངས། །རྡོ་རྗེ་བཙུན་མོ་མི་ཡི་ལང་ཚོ་ཅན། །མཁའ་སྤྱོད་ཡེ་ཤེས་དབང་མོ་རྣམ་པ་གཉིས། །འཕགས་བོད་མཁས་གྲུབ་གཉིས་སྐྱེས་བྱེ་བའི་ཁྲོད། །མཚན་དོན་རབ་བརྗིད་ཁྱུང་པོ་ལོ་ཙཱར་འདུད། །ཟུང་འཇུག་རྒྱལ་སར་སྐུ་ཚེ་གཅིག་ལ་གཤེགས། །གཟུང་འཛིན་མདུད་པ་གཉུག་མའི་དབྱིངས་སུ་བཀྲོལ། །རྒྱུད་མཆོག་རྣམས་ཀྱི་བདག་པོའི་གནས་ཐོབ་པ། །རིན་ཆེན་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། །སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་མཁའ་ལྟར་ཡངས། །ཁྱུང་པོའི་གསེར་


LT37_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉི་ཟླ་བཞིན་ཏུ་དཀོན། །གང་ལ་སྣང་དེར་སྙིང་གི་མུན་ཁང་བརྟོལ། །རྣམ་པར་གྲོལ་བའི་ནམ་མཁའ་ལངས་པར་མཛད། །རྡོ་རྗེའི་རྒྱ་ཡིས་བཏབ་པའི་ཚིག་གི་མཛོད། །ཡེ་ཤེས་ཌཱ་ཀིའི་ཁ་རླངས་ངད་ཆགས་པས། །སྒྲ་བཞིན་ལོངས་སུ་སྤྱོད་པའི་སྐལ་ལྡན་འབྲས། །དུས་ཀྱི་མཐར་ཡང་མི་ཆུང་ཡོངས་འདུའི་གཉེན། །སྙིགས་མའི་བསྐལ་པས་བཅིངས་པའི་པྲེ་ཏ་ཀ །མགྲིན་པར་བདུད་རྩིའི་ཟས་མཆོག་ཐོབ་མིན་པས། །ཀྱེ་མ་ཟབ་དོན་འོ་མའི་མཚོ་འགྲམ་དུ། །ལྟོག་སྐམ་ངལ་བ་ཆེད་དུ་བསྟེན་པ་མང་། །དེ་ལྟས་གྲགས་ལྡན་ཆེན་པོར་རློམས་པ་དག །རང་ནོར་ཕྱི་སའི་ཕུང་པོར་འཛིན་མཐོང་ན། །འདི་དོན་གཉེར་བའི་བསོད་ནམས་བློ་གྲོས་


LT37_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །གཅིག་ཏུ་ལས་འཕྲོའི་ཉག་ཐག་ཕྲ་བར་ཟད། །སྐྱེ་བ་སྐྱེ་བར་སྨོན་ལམ་ཡོངས་བཟུང་བས། །ནོར་བུའི་མཛོད་ལ་དོན་གཉེར་བློ་མཆིས་པ། །སླར་འབྱུང་དེ་དག་ཐེ་ཚོམ་སྒྲོག་བརྡལ་ཞིང་། །གྲུབ་པའི་གཞུང་ལམ་གསལ་བའི་བཙས་འདི་བ་སྐྲུན། །དེ་ལ་གངས་ཅན་ལྗོངས་འདིར་ཐུབ་བསྟན་ཉིན་མོར་མཛད་པ་བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ་དང་། རྡོ་རྗེ་འཆང་གི་མྱུར་ལམ་ཚང་ལ་མ་ནོར་བ་སྟོན་པ་སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་ཆེན་པོ་བརྒྱད་དུ་གྲགས་པ་ལས། ཕྱི་མའི་ཡ་གྱལ་ཉི་ཟླའི་དཀྱིལ་འཁོར་དང་གྲགས་པ་མཚུངས་པར་ལྡན་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་དང་། དེ་འཛིན་པའི་སྐྱེས་ཆེན་གྲུབ་ཐོབ་ཀྱི་ཕྲེང་བས་བསིལ་ལྡན་གྱི་སྨན་ལྗོངས་གཏམས་པ་ལྟར་གྱུར་མོད། དེང་གི་དུས། ཐུབ་བསྟན་ལུང་གི་གཤམ་ཅུང་ཟད་ཅིག་བཞུགས་ཤིང་རྟགས་ཙམ་འཛིན་པའི་སྔ་ལྟས་སྟོན་མཇུག་གི་སིར་བུ་ལྟར་བརྡོ་བས། མདོ་སྔགས་བཤད་སྒྲུབ་ཀྱི་གྲ་ཕལ་ཆེར་ཟད་སར་འཁྱོལ། །ཆོས་ལྟར་བཅོས་པའི་རྡུལ་ཕྲེང་ཀུན་ནས་འཁྲིགས་ཏེ་ཁྱིམ་པ་དག་ལྟ་ཅི་སྨོས། བསྟན་པ་འཛིན་པར་རློམས་པ་རྣམས་ཀྱང་ལྟར་སྣང་ཆོས་བརྒྱད་ཀྱི་འཁོར་ལོས་སྒྱུར་ཅིང་འཇིག་རྟེན་གྱི་བགྱི་བ་ལྷུར་བཞེས་ཏེ་དམ་པའི་ཆོས་དང་འབབ་པའི་ཆུ་གཉིས་ཉེ་བར་མཁོ་བ་ན་ལོངས་སྤྱད་པ་ཙམ་ལས་


LT37_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཁ་མཛད་པ་དཀོན་ཅིང་། ཅི་སྟེ་མཛད་དུ་སྲིད་ན་ཐུབ་བསྟན་གྱི་རྒྱལ་སྲིད་ལ་ང་ཁྱོད་ཀྱི་རིས་སུ་བཅད་པའི་གཉེར་ཁས་མདོ་སྔགས་ནོར་བུའི་བང་མཛོད་དུ་མ་ཆུང་གསན་པ་ལས་དང་། ཕལ་ཆེར་སྐལ་པ་ཤིན་ཏུ་དམན་པའི་དགུན་གྱི་ནམ་ཟླར་ཟབ་གསང་སྦྲང་རྩིའི་ཆར་སྤྲིན་བགས་ཀྱིས་ཡལ་བས། །ཤངས་པའི་གསེར་ཆོས་ཕལ་མོ་ཆེ་མཁའ་ལ་སྤྱོད་པའི་རྟེན་གྱི་གཙོ་བོར་ཕེབ་ཟིན་པས་དཔེ་ལུང་གཉིས་ཀའི་རྒྱུན་ཆད་པ་མང་ཞིང་། འགའ་ཞིག་དཔེ་བཞུགས་ཀྱང་དབང་ལུང་གི་རྒྱུན་མི་བཞུགས་པ་དང་། གང་བཞུགས་དག་ལའང་ཡུན་རིང་གནས་པར་གྱུར་ན་ཅི་མ་རུང་སྙམ་པའི་སེམས་ཁྲལ་བྱེད་པ་ཆེས་ཉུང་བས། འགྲོན་པོའི་ལམ་རྒྱགས་བཞིན་མཐར་གྱིས་འཛད་པར་འགྱུར་བར་དོགས་ནས། གཙོ་བོར་བསྟན་པ་ཡུན་རིང་དུ་གནས་པ་དང་། དབང་ལུང་ཡོད་མེད་ཤན་ཕྱེད་པ་དང་། རྩ་བ་ཡན་ལག་གི་ཁྱད་པར་དང་། ཕྱིས་བྱུང་གི་ཡི་གེའི་ཕུང་པོ་རྣམས་ལས་མེད་དུ་མི་རུང་བ་དག་ཀྱང་ངེས་པར་བྱ་བའི་སླད་དུ་དཀར་ཆག་འདི་བཏབ་པ་ལའང་དོན་ཡོད་པ་ཡིན་ནོ། །འདི་ལ་གསུམ། ཆོས་ཀྱི་བྱུང་ཚུལ་སྐོར་སྨོས་པ། གདམས་ངག་གི་རྐང་གྲངས་བྱེ་བྲག་ཏུ་བསྡམ་པ། གླེགས་བམ་གྱི་བཞུགས་བྱང་དམིགས་སུ་བཤད་པའོ། །དང་པོ་ལ་བཞི། རིང་བརྒྱུད། ཉེ་བརྒྱུད།


LT37_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཉེ་བརྒྱུད། བརྒྱུད་པ་ཕྱི་མ་རྣམས་ལས་བྱུང་ཚུལ་ལོ། །དང་པོ་ནི། མཁས་གྲུབ་ཀྱི་རྒྱལ་པོ་མཐར་ཐུག་ལྔ་ལྡན་ཁྱུང་པོ་རྣལ་འབྱོར་དེ་ཉིད་བོན་དང་རྙིང་མ་ལ་རིམ་གྱིས་མཁས་ཤིང་གྲུབ་པ་ཐོབ་ཀྱང་། སྔོན་གྱི་ལས་འཕྲོ་དང་། བྱང་ཆུབ་སྤྱོད་པའི་སྨོན་ལམ་དུས་སུ་སོན་པས་དགུང་ལོ་ལྔ་བཅུ་བཞེས་པ་ན་འཕགས་ཡུལ་དུ་ཕེབ་སྟེ། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུ་ལས་མདོ་སྔགས་ཀྱི་ཆོས་མ་ལུས་པ་གསན། ཁྱད་པར་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་བའི་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས་ལས་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་སྟེར་བའི་གདམས་ཟབ་ཐུན་མོང་མ་ཡིན་པར་རྫོགས་པར་ནོས་ཏེ། གཡས་རུ་ཤངས་ཀྱི་ཞང་ཞོང་རྡོ་རྗེ་གདན་ཏུ་གདན་ས་མཛད་པས་བླ་མ་ཤངས་པ་དང་། བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས། འཁོར་ལོ་ལྔ་རྒྱུད་སྡེ་ལྔར་གྲུབ་པས་གཞན་ལ་དངོས་སུ་སྟོན་པས་མཚོན་པདྨ་བཛྲར་སོགས་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྣམས་དང་མི་གཉིས་པའི་གྲུབ་པའི་ཆོ་འཕྲུལ་རྒྱུན་མི་ཆད་པ་ཤུགས་ལས་བརྡོལ། དགུང་ལོ་བརྒྱ་དང་ལྔ་བཅུའི་བར་དུ་མདོ་སྔགས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བས་ས་ཆེན་པོའི་རྡུལ་དང་མཉམ་པའི་འགྲོ་བ་སྨིན་པར་མཛད་པ་ལས། བཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་ཀྱིས་བཤད་སྒྲུབ་


LT37_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པ་སྤེལ་ཞིང་། ཁྱད་པར་སྲས་ཀྱི་ཐུ་བོ་རྣམ་པ་དྲུག་གིས་བརྒྱུད་པའི་རྐང་བཟུང་བ་ལས་མཆོག་ཏུ་གྱུར་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་གཅིག་བརྒྱུད་ཀྱི་བཀའ་བབས་ཏེ། འགྲོ་མགོན་སངས་རྒྱས་སྟོན་པའི་བར་དུ་སྙན་དུ་བརྒྱུད་པ་ལ་རིན་ཆེན་རྣམ་བདུན་སྔ་མར་གྲགས། དེའི་སློབ་མ་མཁས་གྲུབ་རྣམ་གསུམ་ནས་བཀའ་རྒྱ་གྲོལ་ཏེ་སྙན་བརྒྱུད་ཡི་གེར་བཀོད། ལུང་བསྟན་ལྟར་ཆོས་ཀྱི་ཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ་སྟེ་བརྒྱུད་སྲོལ་མཐའ་ཡས་པ་གྱེས། མཁས་གྲུབ་ཤངས་སྟོན་ནས་རྒྱ་སྒོམ་ལེགས་རྒྱལ་བར་དུ་བརྒྱུད་པ་འདི་ལ་རིན་ཆེན་རྣམ་བདུན་ཕྱི་མའི་མཚན་ཏུ་ཆགས་ཤིང་དོན་ལའང་གྲུབ་པའི་གོ་འཕང་སྔ་མ་རྣམས་དང་མཉམ་ངེས་པ་ཡིན་ཅིང་། སྨད་བརྒྱུད་དུ་གྲགས་པ་འདི་ཁྱུང་པོ་ལན་གསུམ། རྨོག་ལྕོག་པ་ལན་གཉིས་སུ་བཟླས་པ་ཚང་བས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་གསུངས། བརྒྱུད་སྲོལ་དེ་དག་ལས་བྱུང་བའི་ཆོས་ཀྱི་རྣམ་གྲངས་དེང་སང་བཞུགས་པ་འདི་དག་ལས། སྙན་བརྒྱུད་དང་མགོན་པོ་སོགས་ཉམས་ལེན་ཚུལ་བཞིན་བྱེད་པ་ཐོ་རེ་བ་མཆིས་ཤིང་། བཤད་པའི་རྣམ་གྲངས་ཙམ་མ་ཡིན་པར་གཞན་ལས་ཁྱད་པར་དུ་འཕགས་པའི་མྱོང་རྟགས་ཡིད་ཆེས་ཀྱིས་བརྒྱན་པའི་རྒྱུན་ཀྱང་བཞུགས་བཞིན་པའོ། །གཉིས་པ་ནི། ཀུན་མཁྱེན་དོལ་པོ་


LT37_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཕྱི་མ་གྲུབ་ཆེན་བརྩོན་འགྲུས་བཟང་པོའམ། ཐང་སྟོང་རྒྱལ་པོ་སོགས་སྐུ་གཅིག་མཚན་ལྔ་ལྡན་པ་དེ་ཉིད་ཀྱིས། རིང་བརྒྱུད་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས་རི་གོང་སྟོད་རྒྱུད་དུ་གྲགས་པའི་སྙན་བརྒྱུད་རྣམས་བྱང་སེམས་སྦྱིན་པ་བཟང་པོ་ལས་གསན་ནས་ཐུགས་ཉམས་སུ་བཞེས་པས། ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་སྟེ། དང་པོ། གཙང་གི་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ཏེ། ཆོས་དྲུག །ཕྱག་ཆེན། ལམ་ཁྱེར། འཆི་མེད། བླ་མ་མགོན་པོ་དབྱེར་མེད་རྣམས་ཀྱི་ཁྲིད། གཉིས་པ་མདོག་སྨད་སྲིན་རྫོང་ཤུག་སྡོང་གི་རྩ་བར་དེ་དག་སོ་སོའི་དབང་གསུམ་པ། མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་མང་མཁར་བ་བློ་གྲོས་རྒྱལ་མཚན་དང་། རྒྱ་སྒོམ་ལེགས་པ་རྒྱལ་མཚན་སོགས་ལས་སོ་སོར་བརྒྱུད་དེ་ད་ལྟའི་བར་བཀའ་བརྒྱུད་ཟམ་མ་ཆད་པར་བཞུགས་སོ། །གསུམ་པ་ནི། ནག་པོ་སྤྱོད་པའི་རྣམ་པར་འཕྲུལ་པ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ཀྱི་རིང་བརྒྱུད་འཇག་བསམ་གཉིས་ལས་བྱུང་བའི་བརྒྱུད་པའི་རྣམ་གྲངས་ཉེར་བཞི་དང་། ཁྲིད་ཐེངས་ལན་གྲངས་བརྒྱ་ལྷག་གསན་ཅིང་ཕྱིས་སུ་དག་པའི་སྣང་བར་ཟུང་འཇུག་གི་སྐུ་ཅན་རྡོ་རྗེ་བཙུན་མོ་ནི་


LT37_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གུཔྟས་སྙན་བརྒྱུད་ཀྱི་གདམས་ངག་སྔ་མ་ལས་ཀྱང་ཁྱད་པར་དུ་གྱུར་པས་ཟུར་བརྒྱན་ཏེ་སྩལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁྲིད་ཚུལ་འདི་ཁོ་ན་ལན་གྲངས་བརྒྱ་ལྷག་མཛད་ཅིང་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་རྒྱལ་སར་བཀོད་པ་ལས་ཐུགས་སྲས་ཀྱི་གཙོ་བོ་ཆོས་སྐུ་ལྷ་དབང་གྲགས་པ་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ལ་བརྒྱུད་དེ་ཡིག་ཆ་ཟུར་དུ་མ་འཁོད་ཀྱང་གདམས་ངག་གི་ངོ་བོ་བཞུགས་བཞིན་པ་ཉིད་དོ། །གཞན་ཡང་བྱང་སེམས་ཆུ་སྒོམ་པ་ལ་ནི་གུ་མས་དངོས་སུ་སྩལ་བ་སོགས་གདམས་ངག་ཡི་གེར་མ་འཁོད་པའི་རིགས་དང་། འཁོད་ཀྱང་ཡོངས་སུ་མ་གྲགས་པའི་རིགས། ཐོར་བུ་ནི་མང་བར་ངེས་ཏེ། བརྒྱུད་པ་ནས་བརྒྱུད་པར་ཞལ་གཟིགས་དང་ཆོས་ཀྱི་སྣང་བ་བར་མ་ཆད་པ་ལ་སྤྱོད་པའི་ཕྱིར་རོ། །བོ་དོང་འཇིགས་བྲལ་ཆེན་པོ་ལ་ནི་དྷི་གཉིས་ཀྱིས་དངོས་སུ་བསྩལ་བའི་ཚེ་དབང་དང་སྒྲུབ་ཐབས། རས་ཆེན་དཔལ་འབྱོར་བཟང་པོ་ལ་གནང་བའི་གཏུམ་མོ་དང་འཕོ་བ་ཞག་བདུན་མ་སོགས་ཀྱང་ཤངས་ཆོས་མ་ཡིན་ཀྱང་བྱུང་ཁུངས་དང་གདམས་ངག་གི་རྐང་གཅིག་པས་འདིའི་ཕྱོགས་སུ་བསླན་ནོ། །བཞི་པ་ནི། དབོན་སྟོན་སྐྱེར་སྒང་པ་ལ་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་གསང་སྒྲུབ་ཀྱི་བཀའ་བབས་པ་དང་། སངས་རྒྱས་གཉན་


LT37_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ལ་བླ་མ་དུར་ཁྲོད་པའམ་ལ་སྟོད་པ་ཤེས་རབ་མགོན་པོས་གནང་བའི་འཆི་མེད་ཀྱི་གདམས་བསྐོར་རྣམས་ནི་དེ་དག་ལས་རིམ་པར་བརྒྱུད་པའི་སྨིན་གྲོལ་ཕལ་ཆེར་ཚང་བར་བཞུགས་ཤིང་བྱུང་ཁུངས་མི་གཅིག་ལ། དབོན་སྟོན་གྱི་ཟབ་ཆོས་གདམས་ངག་གི་རྐང་ཡང་ཐ་དད་རུང་ཤངས་ཆོས་ཀྱི་བསྡེབས་སུ་ཆུག་ཅིང་། གཉན་སྟོན་གྱིས་ཁུ་སྒོམ་ཆོས་སེང་དང་། སངས་རྒྱས་སྟོན་པས་སུམ་རས་ལས་གཅོད་ཡུལ་གྱི་གདམས་ངག་གསན་ཏེ་བརྒྱུད་པ་ད་ལྟའི་བར་མཆིས་པ་སོགས་ཤངས་པ་བཀའ་བརྒྱུད་ཕྱི་མ་རྣམས་ལ་གདམས་ངག་གི་ཆུ་བོ་ནི་མང་དུ་འདུས་པ་ཞིག་སྟེ་འདིར་བགྲང་བྱ་མ་ཡིན་ནོ། །གཉིས་པ་གདམས་ངག་གི་རྐང་གྲངས་བྱེ་བྲག་ཏུ་བསྡམ་པ་ལ་བཞི། ཐོག་མ་གང་ཞིག་བྱུང་། ད་ལྟ་ཇི་ཙམ་བཞུགས། བཤད་སྒྲུབ་གང་ལ་དྲིལ། ཡིག་ཆའི་ཁྱད་པར་བཤད་པའོ། །དང་པོ་ནི། མཁས་གྲུབ་ཐམས་ཅད་ཀྱི་རྒྱལ་པོ་ཁྱུང་པོ་རྣལ་འབྱོར་དེ་ཉིད་ཀྱིས་རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ལོངས་པས། མདོ་སྔགས་བཤད་སྒྲུབ་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་པ་དེ་ཐམས་ཅད་ཀྱང་བསྡུ་ན། བཤད་པ། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་འདུ་བ་སྟེ། བཤད་པའི་ལམ་རིམ་ལ། མདོ་དང་དེའི་


LT37_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ཀྱི་རྒྱུད་རྒྱུད་འགྲེལ་དང་བཅས་པ། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་ཆེན་པོ་བཞི། རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞི་ཚུལ་བཞིན་དུ་བཤད་པ་དང་། རྩོད་པའི་ལམ་རིམ་ལ་ཚད་མ་སྡེ་བདུན་སོགས་རྟོག་གེ་ཕྱི་རབས་པའི་ལུགས་ཀྱང་གསན་མོད། གཙོ་བོར་ཚད་མ་སྔ་རབས་པ་ལ་གྲགས་པ་ལྟར་གཏན་ཚིགས་ཆེན་པོ་བཞིས་མཚན་ཉིད་གསུམ་གཏན་ལ་འབེབ་ཅིང་ཚད་མ་ཡང་མངོན་སུམ་རྗེས་དཔག་ཡིད་ཆེས་ཚད་མ་དང་གསུམ་ཕྱེ་ནས། བརྒལ་ལན་རྣམ་པར་ངེས་པར་བྱེད་པ་དང་། སྒྲུབ་པའི་ལམ་རིམ་ལ་རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཀྱི་ཉམ་ལེན་མཐའ་དག །བྱང་ཕྱོགས་སོ་བདུན་ཐུན་མོང་དང་ཁྱད་པར་ལམ་གྱི་གནད་ཀྱིས་ཉམས་སུ་ལེན་ཚུལ་མན་ངག་ཏུ་དྲིལ་ནས་སྟོན་པས་གངས་ཅན་དུ་བྱོན་པའི་སྟོན་པ་ཞིག་ལ་ཆོས་ཀྱི་སྒོ་མཐའ་ཡས་པ་དང་། འགྲན་ཟླ་མེད་པའི་ཕྲིན་ལས་ཅན་ཡིན་པས་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ནི། དེ་དག་ལས་དེང་སང་ཇི་ཙམ་བཞུགས་ཞེ་ན། ལམ་རིམ་གསུམ་ལས་སྒྲུབ་པའི་ལམ་རིམ་རྩ་བ་ཙམ་ཞིག་བཞུགས་པར་ཟད་དེ་དེ་ལའང་། ནི་གུ། སུ་ཁ། རྡོ་རྗེ་གདན་པ། མཻ་ཏྲི་པ། རཱ་ཧུ་ལའི་ཆོས་སྐོར་ལྔ། མན་ངག་ཐོར་བུ་དང་བཅས་པ་བཞུགས་ཤིང་། དེ་རྣམས་སྡེ་ཚན་ཏུ་བསྡམས་


LT37_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྡར་བཞག་པ་ལས་ཁྱུང་པོ་ཉིད་ཀྱིས་ཇི་ལྟར་གསན་པའི་ཆོས་སྐོར་ཚང་བ་ནི་མ་ཡིན་ཏེ་ཐོག་མ་ནས་ཀྱང་བརྒྱུད་སྲོལ་གཅིག་ལ་ཚང་བར་འབྱོན་ཏུ་མ་བཏུབ་ན། ད་ལྟ་ལྟ་སྨོས་ཀྱང་ཅི་དགོས་པས་སོ། །གསུམ་པ་ནི། ད་ལྟ་བཞུགས་པ་དེ་དག་འཆད་ཚུལ་དང་ཉམ་ལེན་གང་དུ་དྲིལ་ཞེ་ན། དེའང་དབང་པོ་དང་བློ་གྲོས་དད་བརྩོན་གྱི་བྱེ་བྲག་གིས་རྣམ་པ་བཞིར་མཛད་དེ། ཆོས་ཀྱི་སྒོ་མ་ཚང་བ་མེད་པའི་རྒྱས་པ། སྤྱིར་ཉེ་བར་བསྡུས་པའི་འབྲིང་པོ། གནད་ཉེ་བར་དྲིལ་བའི་བསྡུས་པ། དོན་མཐིལ་དུ་བསྟན་པའི་ཤིན་ཏུ་བསྡུས་པ་སྟེ་བཞིར་ཕྱེ་ནས་སྟོན་ཞིང་། དང་པོ་ལ་དེང་སང་གི་ཤངས་ཆོས་ཡོད་དོ་འཚལ་དང་། གཉིས་པ་ལ་གཞུང་བཀའ་ཉེར་ལྔ། རྩ་བ་ཆོས་དྲུག་སྡོང་པོ་གའུ་མ། ཡལ་ག་ལམ་ཁྱེར་མེ་ཏོག་མཁའ་སྤྱོད་གཉིས། །འབྲས་བུ་ལུས་སེམས་འཆི་མེད་གྱུར་པ་སྟེ། །བཀའ་བརྒྱུད་ཤངས་པའི་ཉམས་ལེན་གཙོ་བོ་ཡིན། །ཞེས་པ་ལྟར་གསེར་ཆོས་བཞི། མཁའ་སྤྱོད་དཀར་དམར་དང་བཅས་པ་ཆ་ལག་ཚང་བར་སྟོན་པ་ཡིན་ཅིང་། གསུམ་པ་ལ་སྨིན་བྱེད་སྒྱུ་ལུས་དབང་མོ་ཆེ་དང་། སྒོས་བཀའ་དྲུག །ནི་གུའི་ཆོས་དྲུག་དམིགས་པ་མཐའ་དག་གིས་བརྒྱན་པ། བཞི་པ་ནི། སྒྱུ་ལུས་དབང་མོ་ཆེ་གཅིག་ཉིད་ལ། སྤྱི་དང་བྱེ་བྲག་ཆོས་དྲུག་གི་བཀའ་དྲུག་ཀྱང་ཚང་བའི་


LT37_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་བསྐྱེད་ནས། དམིགས་ཆེན་བྱང་ཆུབ་སྒྲུབ་ལམ་དང་། དམིགས་ཕྲན་ལམ་གྱི་ཉེར་མཁོ་སོ་སོར་ཕྱེ་ནས་དམིགས་ཆེན་གཟེར་མགོ་བཅུ་བདུན་ཏུ་བསྡམ། དེ་དག་ཀྱང་ཆོས་ཚན་ལྷག་མ་བཞིའི་ཉམས་ལེན་གྱི་གནད་དུ་དྲིལ་ནས་འདུས་ཚུལ་གྱི་སངས་རྒྱས་ལག་བཅང་དུ་སྤྲོད་པར་མཛད་ཅིང་། ཧྲིལ་གྱིས་དྲིལ་བས། སྨིན་བྱེད་དབང་གི་སྐོར། གྲོལ་བྱེད་ལམ་གྱི་སྐོར། རྒྱབ་བརྟེན་ལུང་གི་སྐོར། བཀའ་སྲུང་མགོན་པོའི་སྐོར་བཞིར་བསྡུས་ཏེ་བཤད་སྒྲུབ་ཏུ་དྲིལ་བ་ཡིན་ནོ། །བཞི་པ་ནི། ལམ་རིམ་གསུམ་གྱི་ཆོས་སྤྱིར་ཡོངས་སུ་གྲགས་པའི་ཡིག་ཆ་ཟུར་པ་ཆེར་མ་བྱོན་ཅིང་། ཤངས་ཆོས་བྱེ་བྲག་པའི་སྐོར་རྣམས་ལས་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས་ཀྱི་ཞལ་ལུང་སོགས་རྩ་བའི་སྙན་བརྒྱུད་རྣམས་འགྲོ་མགོན་སངས་རྒྱས་སྟོན་པའི་བར་ཡི་གེར་འཁོད་པ་མེད་ཅིང་། སངས་རྒྱས་སྟོན་པ་ནས་བཀའ་རྒྱ་གྲོལ་ཏེ་ཐུགས་སྲས་ཐུ་བོ་མཁས་གྲུབ་རྣམ་པ་གསུམ་ལས། བསམ་སྡིངས་པ་གཞོན་ནུ་གྲུབ་དངོས་ཀྱིས་ཁྲིད་ཡིག་མཛད་པ་དང་། གཙང་མ་ཤངས་སྟོན་ཚུལ་ཁྲིམས་མགོན་གྱི་གསུང་རྣམས་འཇག་ཆེན་རྒྱལ་མཚན་འབུམ་གྱིས་ཡི་གེར་བཏབ་ནས་སྤྱན་སྔར་ཞུ་ཏིག་མཛད། སྤྱིར་མཁས་གྲུབ་རྣམ་པ་གསུམ་ལས་ཀྱང་སྙན་བརྒྱུད་ཡི་གེར་འགོད་པའི་བཀའ་དྲིན་ཆེ་


LT37_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མཁས་བཙུན་རྒྱལ་མཚན་འབུམ་ཉིད་ཡིན། སངས་རྒྱས་སྟོན་པའི་ཞལ་སློབ་སློབ་དཔོན་གནས་རྙིང་པ་ཨའི་སེང་གེ་དང་སྤྲུལ་སྐུ་རིན་ཆེན་བློ་གྲོས་ཀྱི་གསུང་ལས་བྱོན་པ་གསེར་གླིང་པ་བཀྲ་ཤིས་དཔལ་བས་ཡི་གེར་མཛད་པ་རྣམས་ཀྱང་རྩ་བའི་ཡིག་ཆ་ཡིན། དེས་ན་གྲུབ་ཆེན་ཁྱུང་པོ་དངོས་ཀྱི་སྐབས་སུ་བྱོན་པའི་རྒྱ་གཞུང་དང་གསུང་སྒྲོས། རྨོག་ལྕོག་པའི་རིན་ཆེན་འོད་ཕྲེང་། སྐྱེར་སྒང་པའི་གསང་སྒྲུབ་སྐོར་གཉིས། འགྲོ་མགོན་ཆོས་རྗེའི་དྲི་མེད་འོད་ཕྲེང་དང་ཉམས་མྱོང་ཞུས་ལན་གཙོ་བོར་གྱུར་པའི་རིན་ཆེན་བདུན་བརྒྱུད་ཀྱི་གསུང་རབ་ཡོད་དོ་ཅོག་ནི་རྩ་བ་ཡིན་པ་སྨོས་མ་དགོས། མཁས་གྲུབ་རྣམ་གསུམ་གནས་རྙིང་པ་བཅས་ཀྱི་གསུང་རྣམས་ཀྱང་རྩ་བ་དང་མཚུངས་པས་ཅིས་ཀྱང་བསྡུ་བར་འོས་པ་ཡིན། མཁས་གྲུབ་རྣམ་གསུམ་ལས་གྱེས་པའི་བརྒྱུད་པ་སོ་སོའི་ཡིག་ཆ་མཐའ་ཡས་པ་ནི་བསྡུ་བར་མི་ནུས་ཤིང་དེང་སང་བརྒྱུད་སྲོལ་རྐང་ཚུགས་ལོགས་སུ་མེད་པས་དོ་གལ་ཡང་མི་ཆེ། རིན་ཆེན་རྣམ་བདུན་ཕྱི་མ་ནས་རྗེ་གྲོལ་མཆོག་ཞབས་ལ་བརྒྱུད་པ་དང་། མུས་ཆེན་རྒྱལ་མཚན་བཟང་པོ་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་བརྒྱུད་པ་གཉིས་ཀྱི་ཡིག་ཆ་ནི་འདིར་བསྡུ་བྱའི་སྙིང་པོ་ཡིན་རུང་རྗེས་འབྲང་སོ་སོས་ཡིག་ཚོགས་དུ་མ་སྤེལ་བ་ནི་སྡུད་པར་དཀའ་ཞིང་དགོས་གནད་ཆུང་བས་སྔ་མའི་དོན་འདྲིལ་གྲོལ་བྱེད་ལ་ཇོ་ནང་རྗེ་བཙུན་རིན་པོ་ཆེ་དང་།


LT37_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ་གྲུབ་ཆེན་ཉིད་ཀྱི་ཡིག་ཆ། གཉིས་ཀའི་སྨིན་བྱེད་རྗེ་ཞྭ་ལུ་པ་དང་། དེ་དག་གི་ཁ་འགེངས་འཇམ་དབྱངས་བླ་མས་མཛད་པ་སོགས་མེད་དུ་མི་རུང་བ་རྣམས་སྙིང་པོར་བཟུང་། མགོན་པོའི་སྐོར་ལ་སྨད་ལུགས་པའི་ཡིག་ཆ་ཉུང་ཞིང་། སྟོད་ལུགས་པའི་ཡིག་ཚོགས་རྒྱ་ཆེ་བ་ལས་ད་ལྟ་མགོན་མཐིང་ལ་གནས་རྙིང་བེ་བུམ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བསྒྲིགས་པའི་གཞུང་པོད། མགོན་དཀར་ལ་རྒྱ་གཞུང་གསལ་བྱེད་དང་བཅས་པ་ཙམ་ཞིག་གཙོ་བོར་བཟུང་བར་བྱ་བ་ཡིན་ནོ། །གསུམ་པ་གླེགས་བམ་གྱི་བཞུགས་བྱང་དམིགས་སུ་བཤད་པ་ལ་གསུམ། སྨིན་གྲོལ་གྱི་རྒྱུན་བཞུགས་པའི་སྐོར། མི་བཞུགས་པའི་སྐོར། ཡེ་ཤེས་མགོན་པོའི་སྐོར་རོ། །དང་པོ་ལ་གཉིས། གང་ལས་བྱུང་བ་བརྒྱུད་པའི་རྣམ་ཐར་དང་། བརྒྱུད་པ་དེ་ལྡན་གྱི་གདམས་ངག་དངོས་སོ། །དང་པོ་ནི། སངས་རྒྱས་རྡོ་རྗེ་འཆང་དང་། ཡེ་ཤེས་མཁའ་འགྲོ་ནི་གུ་མ་བཅས་ཀྱི་རྣམ་ཐར་རྨོག་ལྕོག་པ་ཕྱི་མ་ཀུན་དགའ་འོད་ཀྱིས་མཛད་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། དབོན་སྟོན་སྐྱེར་སྒང་པ་བཅས་ཀྱི་རྣམ་ཐར། སྐྱེར་སྒང་པའི་རྣམ་ཐར་བཀའ་རྒྱ་མ། རི་གོང་པ་སངས་རྒྱས་གཉན་སྟོན་དང་། འགྲོ་མགོན་སངས་རྒྱས་སྟོན་པའི་རྣམ་ཐར། དེའི་རྣམ་ཐར་མྱ་ངན་འདས་ཆུང་མ། ནང་གི་


LT37_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་བཅས། དེ་དག་གི་རྩ་བ་རྣམས་ཁྱུང་པོ་སོགས་སོ་སོའི་ཞལ་གསུང་མ་ཡིན་ཅིང་། འཕྲོས་མྱ་ངན་ལས་འདས་བྱུང་དང་གཞན་རྣམས་སློབ་མས་ལྷན་ཐབས་སུ་སྦྱར་བ་ཡིན་ནོ། །དེ་དག་ནི་བཀའ་བབས་ཤིང་རྟའི་ལམ་སྲོལ་དང་པོ་ལས་རིན་ཆེན་རྣམ་བདུན་གྱི་རྣམ་ཐར་ལོ་རྒྱུས་ཁོ་ན་ཙམ་སྟེ། གཞན་རིན་པོ་ཆེ་རྣམ་བདུན་གསར་མར་གྲགས་པ་གཙང་མར་ཤངས་སྟོན་སོགས་དང་། བཀའ་བབས་བར་པ་གྲུབ་ཆེན་རིན་པོ་ཆེ་ལྕགས་ཟམ་པའི་རྣམ་ཐར་ལ་སོགས་པ་དང་། བཀའ་བབས་ཕྱི་མ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྣམ་པར་ཐར་པ་རང་གི་མྱོང་བ། རྒྱན་གྱི་མེ་ཏོག་ལ་སོགས་པ་རྣམས་ནི་ལུང་རྒྱུན་མ་ཆད་བར་བཞུགས་ཀྱང་ཡན་ལག་གི་ཡི་གེའི་ཚོགས་ཧ་ཅང་ཆེ་ན། རྩ་བ་དངོས་ཀྱང་འབྲི་བ་དང་འཆད་པའི་རྩོལ་བ་ལ་རེ་བ་དང་བྲལ་བ་དེང་དུས་ཀྱི་གཤིས་ཡིན་པས། སྐབས་འདིར་དེ་དག་གི་སྙིང་པོ་བསྡུས་པ། ཤངས་པ་བཀའ་བརྒྱུད་ཕྱི་མ་རྣམས་ཀྱི་རྣམ་ཐར་སྙིང་པོ་བཻ་ཌཱུརྻའི་ཕྲེང་བ། རྗེ་བཙུན་སྒྲོལ་བའི་མགོན་པོའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང་ཙམ་བཞུགས་སོ། །གཉིས་པ་གདམས་སྐོར་དངོས་ལ་གཉིས། རྒྱ་གཞུང་གཙོ་བོར་གྱུར་པའི་རྩ་བའི་ཡིག་རྙིང་དང་། གསལ་བྱེད་ཉེར་མཁོའི་ལྷན་ཐབས་ཕྱིས་སུ་བྱུང་བའོ། །དང་པོ་ལ་གསུམ། ནི་གུ་མའི་སྐོར། སུ་ཁའི་


LT37_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར། ཐོར་བུའི་སྐོར་རོ། །དང་པོ་ལ་ལྔ། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད། དེ་རེ་རེ་ལ་སྨིན་གྲོལ་གྱི་ཆོས་སྡེ་གཉིས་གཉིས་སུ་བཞུགས་པ་ལས། དང་པོ་ཆོས་དྲུག་གི་སྨིན་བྱེད་དབང་གི་ཆོས་སྡེར་གཏོགས་པའི་སྐོར་ལ། ཁྱུང་པོ་རྣལ་འབྱོར་པའི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་ཞེས་པ་མགོར། ན་མོ་གུ་རུ། བླ་མ་དམ་པའི་ནས། ཡེ་ཤེས་ཀྱི་ཌཱ་ཀི་མའི་གསུང་ཇི་ལྟ་བ་བཞིན་བཀོད་པ་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ་ཞེས་པའི་མཐའ་ཅན། བདེ་མཆོག་ལྷ་ལྔའི་མཆོད་འགྲིགས། བླ་མ་དང་དཔལ་འཁོར་ལོ་སྡོམ་པ། ནས། ཚུལ་ཁྲིམས་མགོན་པོས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན། འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། བླ་མ་དམ་པའི་ཞབས་བཏུད་སོགས་ནས། སྔགས་འཆང་རྒྱལ་མཚན་འབུམ་གྱིས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན། འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་གྱི་དབང་བསྐུར་མགོར་རྒྱ་སྐད་ཅན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་སྡོམ་པ་རྒྱ་མཚོའི་རྒྱུད་ལས་ཕྱུང་ཞིང་ཁྱུང་པོ་རྣལ་འབྱོར་གྱིས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ། བདེ་མཆོག་


LT37_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྔའི་དབང་བཞིའི་འགྲིགས་མགོར། བླ་མ་ཡི་དམ་དབྱེར་མེད། ནས། དྷྭ་ཛ་ལཀྵས་བཀོད། དགེ་བས་བདེ་མཆོག་སོགས་ཀྱི་མཐའ་ཅན། དཔལ་རྒྱུད་སྡེ་ལྔའི་རྒྱ་གཞུང་མགོར་རྒྱ་སྐད་ཅན། པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང་ལོ་ཙཱ་བ་གླན་དར་བློས་བསྒྱུར་ཅིང་། སླད་ནས་ལོ་ཆེན་རིན་ཆེན་བཟང་པོས་གཏན་ལ་ཕབ་པ། རྒྱུད་སྡེ་ལྔའི་མངོན་རྟོགས་གཏོར་མ་དང་བཅས་པ་མགོར་བླ་མ་དམ་པ་རྣམས་ལ། ནས་ཁྱུང་པོ་རྣལ་འབྱོར་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། རྒྱུད་སྡེ་ལྔའི་མངོན་རྟོགས་བླ་མ་དམ་པའི་ཞབས་སོགས། རྒྱལ་བ་ལོངས་སྐུ་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །ཨིྀྠ། བླ་མ་རིན་པོ་ཆེའི། ནས། ཐོབ་པར་གྱུར་ཅིག་གི་མཐའ་ཅན། རྒྱུད་སྡེ་ལྔའི་སྐོར་འདི་རྣམས་རྡོ་རྗེ་གདན་པའི་ཆོས་སྐོར་ཡིན་ཀྱང་། དེའི་ཆོས་སྐོར་དེང་སང་འདི་ཙམ་ལས་མི་བཞུགས་པས་བྱིན་རླབས་ཁོག་དབུབ་ཀྱི་བཀའ་དང་འབྲེལ་ཆགས་སུ་བགྲང་བའོ། །འགྲོ་མགོན་ཆོས་རྗེ་སྟོན་པས་མཛད་པའི་དབང་བསྐུར་སྔོན་འགྲོ། བླ་མ་དམ་པའི་ཞབས་བཏུད་སོགས་ནས། བརྩོན་འགྲུས་སེང་གེས་གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། འཇུག་སྒོ་ཡོན་ཏན་ཀུན་འབྱུང་སྒྱུ་ལུས་ཀྱི་བཙུན་པ་གངས་པས་སྦྱར་བྱང་གི་ཚིག་ཡོད་པ། འདིའི་


LT37_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ། མཆོད་གཏོར་སྐབས་སུ་མཁོ་བའི་བསྟོད་ཐུང་ཡོད། སྒྱུ་ལུས་དབང་མོ་ཆེན་མོ་གུ་རུ་ཙཀྲ་སམྦ་ར་སོགས་ནས། ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ་སོགས་དང་ཉམས་སུ་མྱོང་བར་བྱས་སོའི་མཐའ་ཅན། ཆོས་དྲུག་སྒོས། བཀའ་ཚན་དྲུག་མགོར་བླ་མ་སོགས་ནས། མཐར། རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། ཨིྀྠ། །ཞེས་པ་ཐམས་ཅད་ལ་ཡོད་པ། འཕོ་བ་དང་བར་དོ་སྤྱིའི་བཀའ། ན་མོ་གུ་རུ་ནས། རྗེས་ཀྱི་ཆོས་རྣམས་བྱའོ་ཞེས་པའི་མཐའ་ཅན། གཉིས་པ་གྲོལ་བྱེད་གདམས་པའི་སྐོར་ལ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཕྱིས་རིན་ཆེན་བཟང་པོས་གཏན་ལ་ཕབ་པ། །བྱུང་པོའི་མཆན་དཀྱུས་ཤོར་ཅན་དང་། ཡང་བུདྡྷ་ཤྲཱིས་གཞུང་མཆན་སོ་སོར་ཕྱེས་ནས་མཆན་ཅུང་ཟད་བཏབ་པ་ལ་སླར་ཡང་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་ཞིབ་ཏུ་དཔྱད་པ་བཅས་འདྲ་མིན་གཉིས། ཆོས་དྲུག་གི་ཚིག་གསལ་མཆན་ཅན་ཁྱུང་པོས་མཛད་པ། བླ་མ་དམ་པའི། ནས། ཅུང་ཞིག་གསལ་བར་བྱས་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། ཆོས་དྲུག །ཐེམ་ཡིག །རྡོ་རྗེ་འཆང་གིས་ནས། ཌཱ་ཀི་ནི་གུ་མས་ཇི་ལྟར་གསུངས་པ་བཞིན་ཏུ་བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་


LT37_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་རྫོགས་སོའི་མཐའ་ཅན། གཞི་ལམ་འབྲས་བུའི་རྣམ་བཞག་བཞི། མཆན་ཅན། ལམ་སོགས་ནས། ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོའི་མཐའ་ཅན། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ན་མོ་གུ་རུ་ནས། མཆན་ཅན། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའོའི་མཐའ་ཅན། སྒྱུ་ལུས་དྲུག་ལྡན་ན་མོ་གུ་རུ། མཆན་ཅན། དོན་དམ་མ་གཏོགས་པའི། ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོའི་མཐའ་ཅན། ཆོས་དྲུག་གི་ས་བཅད་རྒྱས་པ་ན་མོ་གུ་རུ་དེ་བ་ནས། དྷཱརྨ་མ་ཏིས་རང་གིས་དྲན་པ་གསོ་ཕྱིར་བྲིས་པ། འགྲུབ་པར་མཛད་དུ་གསོལ་གྱི་མཐའ་ཅན། ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ། བླ་མ་དམ་པའི་ཞབས་ལ་ནས། སྔགས་འཆང་པྲཛྙཱ་ཤཱི་ལ་དྷྭ་ཛས་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན། ཆོས་དྲུག་གི་ཞལ་ཤེས་གནད་ཀྱི་ལྡེའུ་མིག་བླ་མ་དང་འཇམ་པའི་དབྱངས་ནས། ཤཱཀྱའི་སྤྲང་པོ་རི་ཁྲོད་པས་བྲིས་པའོའི་མཐའ་ཅན། རྗེ་བཙུན་མུ་ཏིག་ཕྲེང་བའི་ཞལ་གདམས་ཀྱི་རིམ་པ། བླ་མ་དམ་པ་ནས། ཞལ་གདམས་བཀའ་རྒྱ་མའོ་དཔེ་འདི་གཞན་ལ་མི་བསྟན། ཨིྀྠའི་མཐའ་ཅན། །གཏུམ་མོ་སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱི་སྐོར། ན་མོ་གུ་རུ་དངོས་གཞི་ལ་སོགས་ནས། བདེ་དྲོད་ཀྱི་ཞལ་སྦྱོར་རོ། །བོགས་འདོན་གྱི་སྐབས་


LT37_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནས། དེ་ནི་གེགས་སེལ་ཡིན་ནོ་ཞེས་པའི་མཐའ་ཅན། གཏུམ་མོའི་ལྷན་ཐབས། ཐབས་ལམ་དངོས་གཞིའི་སྐབས་སུ་ནས། གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་གསུངས་སོ། །བླ་མ་གྲུབ་ཐོབ་ནས། ལྷན་ཐབས་ཀྱི་གདམས་པ་དགེའོའི་མཐའ་ཅན། སྒྱུ་ལུས་གདན་ཐོག་གཅིག་མ། བླ་མ་དམ་པ་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན། སྒྱུ་ལུས་ཀྱི་སྦྱང་བ་རྣམ་གཉིས། འགྲོ་སྐྱོབ་རྡོ་རྗེ་ཕག་མོའི་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན། ཞལ་ཤེས་བླ་མའི་གཏུམ་མོ་འདིར་ཞལ་ལས་བྱུང་བ་ནས། གསང་ངོ་། ཨིྀྠའི་མཐའ་ཅན། སྒྱུ་མ་རབ་ཏུ་གསལ་བར་བྱེད་པའི་སྙིང་པོ་རིན་པོ་ཆེ་འོད་ཀྱི་ཕྲེང་བ་མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ། ན་མོ་རཏྣ་ནས་རྫོགས་སོའི་མཐའ་ཅན། ལམ་མཆོག་དྲི་མེད་འོད་ཕྲེང་རི་གོང་དུ་མཛད་པ་ན་མོ་གུ་རུ། ལེགས་པའི་ཡོན་ཏན་ནས། ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན། ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར་རི་གོང་དུ་བཀོད་པ་ན་མོ་རཏྣ་གུ་རུ་སྣང་ཞིང་སྲིད་པ་ནས། རྫོགས་སོའི་མཐའ་ཅན། སངས་རྒྱས་གཉན་སྟོན་ལ་འགྲོ་མགོན་སྟོན་པས་ཞུས་ལེན་ཟླ་བའི་དཀྱིལ་འཁོར་ཉོན་


LT37_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་གདུང་སེལ་བླ་མ་དམ་པ་ནས། ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན་དང་། ཞུས་ལེན་རིན་ཆེན་སྒྲོན་མེ་དུས་གསུམ་ཤེས་བྱའི་ནས་རྫོགས་སོའི་མཐའ་ཅན། སྒྱུ་ལུས་འཛིན་པ་རང་གྲོལ་ཆོས་རྗེ་སྟོན་པས་མཛད་པ་མཆན་ཅན་ན་མོ་གུ་རུ་ཡེ་ཤེས་ཀྱི་མཁའ་འགྲོ་ནས་རྫོགས་སོའི་མཐའ་ཅན། ནི་གུ་ཆོས་དྲུག་གི་ཞལ་ཤེས་དང་གཏམ་རྒྱུད་ལྷན་ཐབས་མཁས་གྲུབ་ཆོས་རྗེ་དང་ཤངས་སྟོན་ལ་སངས་རྒྱས་སྟོན་པས་གསུངས་པ་རྣམས་མཁས་གྲུབ་པ་དང་མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཟིན་བྲིས་མཛད་པ་ཕྱོགས་གཅིག་ཏུ་བསྡེབས་པ། བླ་མ་དམ་པའི་ནས་རྫོགས་སོའི་མཐའ་ཅན། ནི་གུ་མའི་དམིགས་པ་གསུམ་སྐོང་། བླ་མ་དམ་པ་ནས་གདམས་པ་ཡིན་ནོ་ཞེས་པའི་མཐའ་ཅན། དམིགས་པ་ལྔ་བསྐོར་སྐྱབས་འགྲོ་སེམས་བསྐྱེད་སོགས་ནས། ཞལ་གདམས་ཡིན་ནོའི་མཐའ་ཅན། ཉམས་མྱོང་ཡོན་ཏན་རྒྱ་མཚོ་ན་མོ་རཏྣ་གུ་རུ། མཁའ་ལྟར་དག་པ་ནས། སངས་རྒྱས་སྟོན་པའི་གསུང་བཞིན་ཏུ་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན། སྒྱུ་མ་ལམ་རིམ་དྲི་མེད་སྙིང་པོ་མཁའ་འགྲོ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་བློས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོའི་མཐའ་


LT37_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྒྱུ་མ་ལམ་རིམ་གྱིས་ས་བཅད་བླ་མ་དམ་པའི་ནས། །བྱུང་པོ་རྣལ་འབྱོར་པས་བཀོད་པ་རྫོགས་སོའི་མཐའ་ཅན། སྒྱུ་མ་ལམ་རིམ་གྱི་འགྲེལ་པ་ཡེ་ཤེས་མཁའ་འགྲོ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། གླན་ལོ་ཙཱ་བས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་ནས་དག་པར་བྱས་པོའོའི་མཐའ་ཅན། སྒྱུ་ལུས་དྲུག་ལྡན་ན་མོ་གུ་རུ་དོན་དམ་རྟོགས་པའི་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ་ཞེས་པའི་མཐའ་ཅན། སྒྱུ་ལུས་ཀྱི་འབྱམས་གཅོག་རྩ་འགྲེལ། མཆན་ཅན། བླ་མ་རྣམས་ལ་ཕྱག་འཚལ་ལོ་སྤྱིར་སྒྱུ་ལུས་ནས། ཉམས་སུ་བླང་བར་ཞུ། ཨིྠྀ། མཚན་མའི་རྟོག་པ་ནས། མཆན་ཅན། འབྱམས་གཅོད་རྫོགས་སོ་ཨིྀྠའི་མཐའ་ཅན། འབྱམས་གཅོད་ཀྱི་བསྡུས་དོན་སྒྱུ་ལུས་ཀྱི་འབྱམས་གཅོད་ལ་བཞི་སྟེ་སོགས་ནས། བསྡུས་དོན་ནོའི་མཐའ། ཆོས་དྲུག་གི་གསུང་སྒྲོས་སྒྱུ་ལུས་གནད་ལ་དབབ་པ་ཞེས་བྱ་བ། བླ་མ་དམ་པའི་ནས། བཙུན་པ་རྒྱལ་མཚན་འབུམ་མཆན་ཅན། གྱིས་ལྷག་ཆད་མེད་པར་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན། བླ་མའི་ཞལ་ཤེས་འོད་གསལ་འཆར་སྒོ་ངོས་འཛིན། བླ་མ་ཡི་དམ་ནས། གཞན་དོན་ལྷུན་གྲུབ་ཤོག་གི་མཐའ་ཅན། ཁྱད་འཕགས་འཆར་སྒོ་ངོས་འཛིན་སངས་རྒྱས་སྟོན་པས་མཛད་པ། སངས་རྒྱས་ཐམས་ཅད་ནས། རེ་ཞིག་རྫོགས་སོའི་མཐའ་


LT37_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། འཆུག་མེད་པར་དོ་གསུམ་གྱི་གདམས་པ། མཆན་ཅན། བླ་མ་དམ་པའི་ཞབས་པད་ལ་སོགས་ནས། མི་རབས་བདུན་ཏུ་ཚིག་བརྒྱུད་ལས་མ་སྤེལ་ཅིག་གི་མཐའ་ཅན་བཅས་སོ། །གཉིས་པ་སྡོང་པོ་ཕྱག་ཆེན་གྱི་སྐོར་ལ། ཕྱག་རྒྱ་ཆེན་པོ་གའུ་མའི་བཀའ། བླ་མ་རྣམས་ལ་ནས། ཟབ་ལམ་ཡིན་གསུངས་སོའི་མཐའ་ཅན། ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་མཆན་དང་བཅས་པ། ཁྲིད་ཡིག་བླ་མ་ཌཱ་ཀི་ནས། ལོ་ཟླས་སངས་རྒྱས་མངོན་དུ་བྱེད་ཅེས་པའི་བར། ན་མོ་གུ་རུ་རྗེས་ཀྱི་ཆོས་ལ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ་འི་མཐའ་ཅན། སྙན་བརྒྱུད་ན་མོ་གུ་རུ་དང་པོ་ནི་རང་ལུས་ནས། མར་བཞིན་ནོ། །ཨིྀྠ། སྔོན་འགྲོའི་ཚད་ལས་རྗེས་ཀྱི་མན་ངག་དམ་པའོ། །ཨིྀྠའི་བར། རང་གྲོལ་ཕྱག་རྒྱ་ཆེན་པོ་ནི་གུ་མས་མཛད་པ། ཡིད་བཞིན་ནོར་བུ་ནས། མཆན་ཅན། བདག་ ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ་ཞེས་པའང་སྣང་། ཁྱུང་པོ་རྣལ་འབྱོར་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ནས་ཞུས་སོའི་མཐའ་ཅན། ཕྱག་ཆེན་གའུ་མའི་ཁྲིད་ཡིག་མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། བླ་མ་ཡི་དམ་ནས་འགྲུབ་པར་གྱུར་ཅིག་གི་མཐའ་ཅན། སྙན་བརྒྱུད་ཀྱི་གདམས་པ་སྣང་བ་རང་སེམས་ཀྱི་ཁྲིད། བླ་མ་དམ་པའི་ཞབས་


LT37_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། མཛད་པར་ཞུ་ཞེས་པའི་མཐའ་ཅན་བཅས། གསུམ་པ་ཡལ་ག་ལམ་ཁྱེར་རྣམ་གསུམ་སྐོར་ལ། བླ་མ་ལམ་ཁྱེར་གྱི་བཀའ་བླ་མ་དམ་པའི་ནས། བླ་མ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོའི་མཐའ་ཅན། ཡི་དམ་ལམ་ཁྱེར་གྱི་བཀའ་ན་མོ་ཙཀྲ་སཾ་བ་ར་ནས། ཡི་དམ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོའི་མཐའ་ཅན། སྒྱུ་མ་ལམ་ཁྱེར་གྱི་བཀའ་ན་མོ་གུ་རུ་དེ་བ་ནས་རྫོགས་སོའི་མཐའ་ཅན། འཆུག་མེད་ལམ་ཁྱེར་གསུམ་གྱི་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན་གླན་ལོ་ཙཱས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན། ལམ་ཁྱེར་གསུམ་གྱི་ཞལ་གདམས། དེ་ལ་ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་ལས། ངང་ལ་བཞག་གོའི་མཐའ། འཆུག་མེད་ལམ་ཁྱེར་གསུམ་གྱི་ཁྲིད་ཡིག་ཚིག་དོན་གསལ་བ་མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། བླ་མ་དམ་པ་དུས་གསུམ་སངས་རྒྱས་ནས། ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན་བཅས། བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་སྐོར་ནི། མཁའ་སྤྱོད་དཀར་མོའི་དབང་ཆོག་ན་མོ་གུ་རུ་མཁའ་སྤྱོད་མའི་དབང་སོགས་ནས། རྗེས་ཀྱི་ཆོས་རྣམས་བྱའོའི་མཐའ་ཅན། མཁའ་སྤྱོད་མའི་བཀའ་བྱེད་ལུགས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། བྱང་ཆུབ་ཏུ་བསྔོའོ་སོགས་ཀྱི་མཐའ་ཅན། མཁའ་སྤྱོད་དམར་


LT37_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་བཀའ། ན་མོ་གུ་རུ། རྗེ་བཙུན་མ་འདིའི་བྱིན་རླབས་སོགས་ནས། མཁའ་སྤྱོད་མའི་དབང་བསྐུར་རྫོགས་སོའི་མཐའ་ཅན། མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་མཆན་ཅན། རྒྱ་སྐད་ཅན། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོའི་མཐའ་ཅན། བླ་མ་དམ་པ༴ རྟེན་གྱི་གང་ཟག་སོགས་ནས། དཔལ་ལྡན་ཨ་ཏི་ཤའི་ལུགས་སོའི་མཐའ་ཅན། ན་མོ་གུ་རུ་ཡང་ལུགས་གཅིག་ལ་ནས། ཁྱུང་པོ་རྣལ་འབྱོར་པའི་ལུགས་སོའི་མཐའ་ཅན། ལུས་གསང་བྱིན་རླབས་ན་མོ་གུ་རུ་འདི་ལ་གསུམ་དུ་ནས། སྦྱོར་རྗེས་གཉིས་སྔར་དང་འདྲའོའི་མཐའ། དམ་ཚིག་གསོ་ཐབས་ན་མོ་ནས་བྱང་ཆུབ་ཏུ་བསྔོའོའི་བར། གཏོར་ཆོག་ན་མོ་ནས། སྦྱིན་ཏུ་མི་རུང་ངོའི་བར། མཁའ་སྤྱོད་རིལ་བུ་སྒྲུབ་ཐབས་ན་མོ་ནས། མ་ཆད་པར་བྱའོ་སོགས་ཀྱི་བར། འཕོ་བ་ན་མོ་ནས་ཡིན་ནོ་གསུངས་སོ། །མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་སོའི་མཐའ་ཅན། བསྟོད་པ་རྒྱ་སྐད་ཅན། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་སྟོང་ཉིད་སྙིང་རྗེ་ནས། བླ་མ་རཱ་ཧུ་ལའི་གདམས་པ་རྫོགས་སོའི་བར། ལག་མཆོད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནས། དེ་སྐད་གསུངས། ཨིྠྀའི་བར་དང་། གཞན་གྱི་གྲིབ་སེལ་


LT37_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ན་སོགས་ནས། ལོགས་སུ་གསལ་ལོའི་མཐའ་ཅན། འཕོ་བ་ཡེ་ཤེས་སྐར་ཁུང་གི་ཕྱག་ལེན་འཕོ་བ་ཡེ་ཤེས་ནས། ནུས་ཚད་དུ་བསྒོམ་པར་བྱའོའི་མཐའ། མཁའ་སྤྱོད་དམར་མོའི་འཕོ་བ་ན་མོ་གུ་རུ་མཁའ་སྤྱོད་ནས། ངེས་ཤེས་བསྐྱེད་གསུངས་སོའི་མཐའ་ཅན་མཁའ་སྤྱོད་སུམ་ཕྲུག་མཆན་ཅན། གི་གདམས་པ། བླ་མ་ཡི་དམ་ནས། དྲན་འདུན་བཏང་ངོ། །མཁའ་སྤྱོད་སུམ་ཕྲུག་རྫོགས་སོའི་མཐའ་ཅན་བཅས། ལྔ་པ་འབྲས་བུ་འཆི་མེད་འཆུག་མེད་ཀྱི་སྐོར་ལ། ལུས་འཆི་མེད་ཀྱི་དབང་གི་རྒྱ་གཞུང་རྒྱ་སྐད་ཅན་པཎྜི་ཏ་ཨེ་ཏེ་པ་དང་རྨ་ལོ་ཙཱ་བས་བསྒྱུར་བ། དབང་ཆོག་ན་མོ་གུ་རུ་མཎྜལ་དཔེའུ་ཆུང་ནས། བཤད་པ་ཞིབ་རྒྱས་གསུངས་སོའི་བར། སེམས་འཆི་མེད་རང་གྲོལ་གྱི་དབང་ཆོག་བླ་མ་དམ་པའི་ཞབས་བཏུད་སོགས་ནས། འཆི་མེད་རང་གྲོལ་གྱི་དབང་བཞི་རྫོགས་སོའི་མཐའ་ཅན། ལུས་འཆི་མེད་ཀྱི་རྩ་བ་འཆི་མེད་གྲུབ་པ་ཞེས་བྱ་བ་དཔལ་བི།།།པས་མཛད་པ་རྒྱ་སྐད་ཅན། དཔལ་དུར་ཁྲོད་པ་དང་རྨ་ལོ་ཙཱ་བས་ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བའོའི་མཐའ་ཅན་འཆི་མེད་གྲུབ་པའི་འགྲེལ་པ་རྒྱ་སྐད་ཅན་རྒྱ་གར་ལྷོ་ཕྱོགས་པ་དུར་ཁྲོད་པ་ཀཱ་མ་རཱུ་པའམ་ཨེ་ཏེ་པའམ་རྒྱ་འགྲེས་པ་ཞེས་ཀྱང་གྲགས་པའི་པཎྜི་ཏ་དང་རྨ་ལོ་ཙཱ་བས་ཏེ་ཏེའི་དུར་ཁྲོད་དུ་བསྒྱུར་བ། འཆི་མེད་


LT37_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་མཆན་ཅན། ཉི་མ་བླ་མ་དམ་པའི༴ བདེ་ཆེན་རྒྱལ་པོ་སོགས་ནས། བཱིརྻ་སི༚་ཧས་ལྷག་ཆད་མེད་པ་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན། སེམས་འཆི་མེད་ཀྱི་རྒྱ་གཞུང་རྒྱ་སྐད་ཅན་གླན་ལོས་བསྒྱུར་ཞིང་ལོ་ཆེན་རིན་བཟང་གིས་གཏན་ལ་ཕབ་པ། འཆི་མེད་ཚིག་རྐང་རྫོགས་སོའི་མཐའ་ཅན། མདོ་རྒྱུད་མན་ངག་ནས་རྗེ་བཙུན་རཏྣ་བཱིརྻས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ༴ མཆན་ཅན། ན་མོ་གུ་རུ་ཉིན་པར་སྣང་སྟོང་ནས། རྗེ་བཙུན་དྷརྨ་སི༚་ཧས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། རང་གྲོལ་བདེ་ཆེན་ནས། རྗེ་བཙུན་དྷརྨ་པྲཛྙཱས་མཛད་པ་རྫོགས་སོ་སོགས་ནས། བླ་མ་རྣམ་གསུམ་གྱིས་མཛད་པའི་རང་སེམས་འཆི་མེད་རང་གྲོལ་གྱི་མན་ངག་ཟབ་མོ་ཡང་དག་པ་ཨིྀྠའི་མཐའ་ཅན། རྒྱལ་བ་དུས་གསུམ་ནས། རྗེ་བཙུན་བཱིརྻ་སི༚་ཧས་བུ་དམ་པ་སློབ་མའི་ཡང་རབ་ཀྱི་དོན་དུ་བཀོད་པ་འདི་རྫོགས་སོགས་ཀྱི་མཐའ། མཁས་གྲུབ་ཆོས་རྗེའི་དྲུང་དུ་ནས། འདི་ཆེ་བ་ལགས་གསུངས་སོ་བར། རྡོ་སྟོན་འཆི་མེད། ན་མོ་གུ་རུ་འཁྲུལ་སྣང་འདི་ལ་ནས། ཉམས་སུ་མྱོང་བར་བྱས་པའོ། ཨིྀྠའི་མཐའ་ཅན། རང་སེམས་འཆི་མེད་རང་གྲོལ་གྱི་ཁྲིད་ཡིག །བླ་མ་དང་ཡི་དམ་སོགས་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ། །


LT37_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན་བཅས་སོ། །གཉིས་པ་ཡེ་ཤེས་མཁའ་འགྲོ་སུ་ཁ་སིངྡྷིའི་ཆོས་སྐོར་ལ། སུ་ཁ་སིངྡྷིའི་ལོ་རྒྱུས་རྒྱ་སྐད་ཅན། གསང་ལ་སྒྲུབ་ཅིག་གསུངས་སོའི་མཐའ་ཅན། སུ་ཁའི་གསང་སྒྲུབ་རྒྱ་གཞུང་རྒྱ་སྐད་ཅན། གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། ཐུགས་ནི་འོད་གསལ་ནས། གནད་ཀྱི་གསང་སྒྲུབ་རྫོགས་སོའི་མཐའ་ཅན་སངས་རྒྱས་གཉན་སྟོན་གྱིས་མཛད་པ། སུ་ཁའི་དབང་ཆོག་ན་མོ་གུ་རུ། གཞན་ལ་བྱིན་རླབས་ནས། དབང་གི་ཟིན་བྲིས་རྫོགས་སོའི་མཐའ་ཅན། ན་མོ་གུ་རུ་ལྟེ་བའི་འོག་ཏུ་ཆོས་འབྱུང་ནས། གསང་ངོ་ཨིྠྀ་རང་ངོ་བོ་བདེ་མཆོག་ནས། ཕྱག་རྒྱ་ཆེན་པོ་བསྒོམ། ཨིྀྠ། ན་མོ་གུ་རུ་རང་སྐད་ཅིག་གིས་བདེ་མཆོག་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོའི་མཐའ་ཅན། ཞལ་གདམས་ཀྱི་སྐོར་ལས་ཐོག་མར་དབང་བཞིའི་ཞལ་གདམས་ན་མོ་གུ་རུ་གསང་སྒྲུབ་ལྟེ་བ་ནས། མངོན་འཚང་རྒྱ། ཨིྀྠ། ངོ་སྤྲོད་ཞལ་གདམས་མཆན་ཅན། བླ་མ་དམ་པ་ནས། སྣང་བ་དབང་དུ་འདུའོ། །གསང་སྒྲུབ་ཞལ་གདམས་རྫོགས་སོའི་བར། སྒྲུབ་པའི་ཞལ་གདམས་བླ་མ་དམ་པའི་ནས། སུ་ཁ་སིངྡྷི་ནས། བརྒྱུད་པའོ་བར། ལྟེ་


LT37_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྲུལ་འཁོར་བླ་མ་དམ་པའི་ནས། མི་འབྱུང་མི་སྲིད་པའི་ཞལ་གདམས་སོ། ཉེར་སྒྲུབ་ཀྱི་སྐབས་སུ་ནས། བདེ་བ་དེ་རང་ལ་བསྡུའོ། །ཨིྀྠའི་བར། མཁའ་འགྲོ་སུ་ཁ་སིངྡྷིས་གཉན་སྟོན་དྷརྨ་པྲཛྙཱ་ལ་གདམས་པ་གཟེར་གསུམ་གྱི་མཆན་ཅན། མན་ངག་གུ་རུ་རཏྣ་ཙཀྲ་ནས། བཀའ་རྒྱ་ཡོད་ཨིྀྠའི་མཐའ་ཅན། སུ་ཁ་སིངྡྷིའི་ཆོས་དྲུག་གུ་རུ་བཛྲ་ཡོ་གི་ནཱི་ནས་བཟོད་པར་གསོལ་གྱི་མཐའ་ཅན་བཅས། གསུམ་པ་ཞར་བྱུང་ཐོར་བུའི་སྐོར་ལ། ལྷ་བཞིའི་ལོ་རྒྱུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཨེ་ལ་ནས། འཕུར་ནས་བཞུད་དོའི་མཐའ་ཅན་ཙམ་ལས་དཔེ་ལུང་གཉིས་ཀ་མ་འབྱོར་པ། ལྷ་བཞིའི་སྐོར་ལ་ཆོས་ཚན་ཉི་ཤུ་ཙམ་བཞུགས་པར་སྣང་བས། ལུང་རྒྱུན་རྙེད་དཀའ་ཡང་དཔེ་རྒྱུན་རྙེད་ན་འདིར་འགོད་པར་འོས་སོ། །གསང་སྒྲུབ་སྐོར་གསུམ་དུ་གྲགས་པ། བདེ་མཆོག་གསང་སྒྲུབ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། གའུར་བཅངས་ཏེ་ལུས་དང་མ་བྲལ་བར་བྱས་སེའི་མཐའ་ཅན། རྣམ་འཇོམས་གསང་སྒྲུབ་གུ་རུ་དེ་བ་ཌཱ་ཀི་ནས། ཆོས་རྗེ་སངས་རྒྱས་སྟོན་པའི་གསུང་བཞིན་བྲིས་པའོ། །ན་མོ་གུ་རུ་རྗེའི་ཞལ་ནས་སོགས་ནས། ཁྲུས་ཆུའི་གདམས་པ་ཤིན་ཏུ་ཟབ་པ་ཡིན། ཨིྀྠའི་བར། ཕྱག་རྡོར་གསང་སྒྲུབ། ན་མོ་གུ་རུ་ནས། ཤིན་ཏུ་ཟབ། ཨིྀྠའི་བར། གཞན་ཡང་ཤངས་


LT37_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སྒྲུབ་ན་མོ་གུ་རུ་མགོན་པོ་ཚེ་དཔག་མེད་བསྒྲུབ་པར་འདོད་པས་ནས། སྦུབས་སུ་ནུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདེ་ཆེན་ནས། འོད་རིག་ལ་སྦྱར་བར་བྱའོ་སོགས་ཀྱི་མཐའ་ཅན། དུག་ལྔ་ལམ་ཁྱེར་གྱི་བཀའ། ན་མོ་གུ་རུ་བླ་མ་དམ་པའི་ནས་སྤྱི་འགྲོ་ལྟར་ཤེས་པར་བྱའོའི་མཐའ་ཅན། བདེ་མཆོག་དབུ་མ་ཡིག་བདུན་གྱི་མན་ངག་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྤྱི་བོ་རུ་ནི་སོགས་ནས་བཤུས་པ་ཡིན་གསུངས་སོ། །ཡང་། ན་མོ་གུ་རུ་བདེ་མཆོག་བདེ་བ་ལས་སོགས་ནས། མི་རབས་བདུན་ཏུ་ཆིག་བརྒྱུད་ལས་མ་སྤེལ་ཅིག་གི་མཐའ་ཅན། བླ་མ་ཤངས་པའི་རླུང་གི་སྐོར་ལས། ཞང་ཞུང་པའི་རླུང་ཤིང་རྟ་ཅན། བླ་མ་དམ་པ། དང་པོ་རྗེ་བཙུན་མཆན་ཅན། བྷི་ཏ་སོགས་ནས། ཤངས་པ་སྡུ་གུ་པའི་གདམས་པ་རྫོགས་སོའི་མཐའ་ཅན། ཡང་ཞང་ཞུང་པའི་རླུང་ཤིང་རྟ་ཅན། བླ་མ་དམ་པའི། མན་ངག་རིམ་པ་སོགས་ནས། ལེགས་པར་བྲིས་པའོ་རྫོགས་སོ། །ལྟ་བ་མ་བཅོས་ནས། མ་ཡེངས་པའོའི་མཐའ་ཅན། ཞང་ཞུང་པའི་རླུང་བུམ་པ་ཅན། བླ་མ་དམ་པ། ཐབས་ལམ་ཟབ་དོན་སོགས་ནས། གདམས་པ་རྫོགས་སོའི་མཐའ་ཅན། ན་མོ་གུ་རུ་དམིགས་རྟེན་བུམ་པ་ནས། བུམ་པ་ཅན་གྱི་ཞལ་གདམས་


LT37_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་མཐའ་ཅན། ན་མོ་གུ་རུ་སེམས་བསྐྱེད་ནས། ཁོང་སྟོང་གི་སྦྱོར་བ་ཞེས་བྱའོའི་མཐའ་ཅན། ན་མོ་གུ་རུ་སྔོན་འགྲོ་ནས། བླ་མ་རཱ་ཧུ་ལའི་གདམས་ངག་ཨིྀྠའི་མཐའ་ཅན། བླ་མ་ཞང་ཞུང་པའི་རླུང་ཕྱག་རྒྱ་བཅིངས་གྲོལ། འཁོར་ལོ་བཅིངས་གྲོལ་གྱི་གདམས་ངག་སོགས་ནས་མི་འཆོར་གསུངས་སོ། །ཨིྀྠ། གསང་སྔགས་ཐབས་སོགས་ཀྱི་མཐའ་ཅན། དམིགས་པ་རིན་ཆེན་སྒྲོམ་བུའི་བཀའ་ན་མོ་གུ་རུ་རྗེས་སུ་ཡི་རང་བའི་དབང་ནས། ཨའི་སེང་གེའི་བཀོད་པའོའི་བཀའ་ཅན། རིན་ཆེན་སྒྲོམ་བུ་ན་མོ་གུ་རུ། ཉེས་པའི་དགྲ་བཅོམ་ནས། རིན་ཆེན་སྒྲོམ་བུའི་རྫོགས་སོའི་མཐའ་ཅན། བླ་མ་དམ་པ༴ བདག་ཉིད་ཀྱིས་དུས་གསུམ་དུ་ནས། བླ་མ་སྐྱེར་སྒང་པའི་གསུང་སྒྲོས་ཇི་ལྟ་བ་བཞིན་ཡི་གེར་བཀོད་པ་སོགས་ཀྱི་མཐའ་ཅན། སྐུ་གསུམ་ལམ་ཁྱེར་རྒྱ་སྐད་ཅན། བདེ་ཆེན་ལྷུན་གྲུབ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཟླ་བ་གསུམ་གྱི་བར་དུ་ཉམས་སུ་མྱོང་བར་བྱས་པའོ། །ཨིྠྀའི་མཐའ་ཅན། སྐུ་གསུམ་གནས་ལུགས་བདེ་ཆེན་ལྷུན་གྲུབ་ནས། སངས་མི་རྒྱ་མི་མི་སྲིད་དོ་ཞེས་པའི་མཐའ་ཅན། ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས་ན་མོ་གུ་རུ། ཐབས་མཁས་ཐུགས་རྗེ་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན། མཁས་བཙུན་


LT37_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་གྲུབ་ཀྱིས། རྣམ་རྟོག་དང་ཆོས་སྐུའི་བར་ན་སོགས་ནས། རིང་བའི་འདུ་ཤེས་མི་བྱ་ཞེས་གསུངས་སོའི་མཐའ་ཅན། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་རྒྱུན་གྱི་ཉམས་ལེན་དྲུག་པ། མཆན་ཅན། ཡོན་ཏན་རབ་རྫོགས་ནས། སངས་རྒྱས་སྟོན་པའི་གསུང་བཞིན་ཏུ་བཀོད་པའོ་ཨིྀྠའི་མཆན་ཅན། ཁྱུང་པོའི་མགུར་བརྒྱད་རྩ་བ་ན་མོ་གུ་རུ། གྲུབ་ཐོབ་ཆེན་པོ་རཱ་ཧུ་ལའི་གདམས་པ་སོགས་ནས། ཚོགས་གྲལ་དུ་གསུངས་པའོའི་བར། འགྲེལ་པ་དེ་ལ་དང་པོ་ཐིམ་པ་རྣམ་གསུམ་ནས། མགུར་བརྒྱད་གདམས་པ་རྫོགས་སོའི་མཐའ་ཅན། གཞན་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ། བླ་མ་དམ་པ་ནས། གཞན་དོན་མི་འབྱུང་མི་སྲིད་དོ་གསུངས་སོ་སོགས་ཀྱི་མཐའ་ཅན། །རབ་གནས་བཀའ་རྒྱ་མ་སངས་རྒྱས་ལ་ཕྱག་འཚལ་ལོ་ནས། ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ་སོགས་ཀྱི་མཐའ་ཅན། རབ་གནས་བཀའ་རྒྱ་མའི་ཞལ་གདམས། ན་མོ་གུ་རུ་བཛྲ་ཏཱ་རཱ་ནས། ཟབ་པས་གསང་བར་བྱའོ་སོགས་ཀྱི་མཐའ་ཅན། མཎྜལ་བཀའ་རྒྱ་མ་བཀོད་པ་ཤིན་ཏུ་ནས། སྩལ་དུ་གསོལ་བར་སྨོན་ལམ་བཀའ་རྒྱ་མ་རྒྱ་སྐད་ཅན། ཕྱོགས་བཅུ་དུས་གསུམ་ནས། འཕགས་པ་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོའི་མཐའ་ཅན། བཀྲ་ཤིས་བཀའ་རྒྱ་མ་ཨོཾ་ཡོན་ཏན་རབ་རྫོགས་ནས། མཆོག་གི་བཀྲ་


LT37_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཤོག་གི་མཐའ་ཅན་བཅས་ཀྱིས་རེ་ཞིག་རྫོགས་ཏེ་རྩ་བའི་སྐོར་རོ། །ཕྱིས་འཕེལ་བའི་ཆོས་ཀྱི་རྣམ་གྲངས་ལས། དབོན་སྟོན་སྐྱེར་སྒང་པ་ལ་བཀའ་བབ་པའི་ཐུགས་རྗེ་ཆེན་པོའི་སྐོར་ལ། རིག་གཏད་ཀྱི་ཆོ་ག །ལོ་རྒྱུས་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། སྤྱོད་ལམ་གྱི་རྣལ་འབྱོར། ཁྲུས་ཆོག །ཟས་དང་གོས་ཀྱི་རྣལ་འབྱོར། ལུས་འབུལ་བ། བསོད་ནམས་བསོག་པ། གཟུངས་ཆུ་བྱེད་ཚུལ། སྲུང་སྐུད་བྱ་བ། སྙིང་རྗེའི་སྲུང་བ། བགེགས་སྲུང་བ། དྲག་པོའི་སྲུང་བ། རྒྱལ་པོ་ས་བདག་སྲུང་བ། ས་གཉན་ཏུ་སྡོད་ན་བསྲུང་ཚུལ། གཏོར་མ་བརྒྱ་རྩ། བྲུལ་གཏོར་ཚན་པ་གསུམ། སྡིག་སྦྱོང་ཚན་པ་གཉིས། ཚ་ཚ་ཆུ་སྦྱིན་མར་མེའི་སྦྱིན་སྲེག །སྡིག་སྦྱོང་གི་སྦྱིན་སྲེག །སྦྱིན་སྲེག་ཆེན་མོ། བསྙེན་པ་བྱེད་ཚུལ། ཝ་རུ་་ལ་གཏོར་མ་འབུལ་ཚུལ། ཝ་རུ་འི་ཆར་འབེབས་ནོར་སྒྲུབ། གསང་སྒྲུབ་རྒྱལ་བ་རྒྱ་མཚོའི་རིག་གཏད། སྒྲུབ་ཐབས་གཏོར་མ་སོགས་ལས་ཕྲན་དང་བཅས། རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་ཚན་པ་གཉིས། དབང་ཆོག་བསྟོད་པ། གཏོར་བཟློག །དགྲ་བགེགས་གནད་ལ་དབབ་པ། རྒྱལ་པོ་ཤི་ས་བསྟན་པ། འཁོར་ལོ་དཔེ་རིས་གཉིས། སྨྱག་ཤད་དམ་དབྱུག་པའི་ལས་སྦྱོར། བསྲུང་བ་བྱ་ཚུལ་རྣམས་སྨིན་


LT37_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྱི་རྒྱུན་ཚང་བར་བཞུགས་པ་མ་ཟད་གསང་སྒུབ་སྐོར་ལྔའི་གྲངས་ངེས་མཛད་པའི་སྐབས་འདི་གཉིས་སྔོན་མ་གསུམ་ལ་བསྣན་དགོས་པ་དང་། ཉེ་བར་མཁོ་བས་འདིར་བཞུགས་སུ་གསོལ་བའོ། །གཉིས་པ་གསལ་བྱེད་ལྷན་ཐབས་སུ་སྦྱར་བའི་སྐོར་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་གནས་སྦྱར་མར་གྲགས་པ་ཐང་རྒྱལ་ནས་བརྒྱུད་པ་ཚར་ལུགས་ཀྱི་ཁ་འགེངས་ཅན་སྟོད་ཆ་རྩ་བ་རྨོག་ལྕོག་པས་མཛད་པར་གྲགས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞིང་སྦྱར་མ་ཇོ་ལུགས་ཀྱི་ཁ་བསྐངས་ཅན། བརྒྱུད་པའི་གསོལ་འདེབས་ཨེ་ཡིག་ཆོས་འབྱུང་གནས་རྙིང་པ་ཨའི་སེང་གེས་མཛད་པ་རྒྱ་སྒོམ་ཡན་ཆད་ཁ་བསྐངས་ཅན། བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བདེ་ཆེན་ལྷུན་གྲུབ་ཚར་ཆེན་རིན་པོ་ཆེས་མཛད་པ། བརྒྱུད་འདེབས་བྱིན་རླབས་ཆར་འབེབས་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པ། ནི་གུའི་གསོལ་འདེབས་དེས་མཛད་པ། ཤངས་ཆོས་བརྒྱུད་པ་གསུམ་འདུས་ཀྱི་གསོལ་འདེབས་བྱ་བྲལ་བ་ངག་དབང་བསོད་ནམས་ཀྱིས་མཛད་པ་བཅས་སོ། །གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་སྐོར་ལ། ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས། ཕྱག་ཆེན་གའུ་མ། ལམ་ཁྱེར་རྣམ་གསུམ། ལུས་སེམས་


LT37_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད། ཕྱག་དྲུག་ཡེ་ཤེས་མགོན་པོ་རྣམས་ཀྱི་ཁྲིད་ཡིག །རྡོ་རྗེ་འཆང་ལས་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར་བཅས། རྗེ་ཀུན་དགའ་གྲོལ་མཆོག་གི་གསུང་ལས་ནི་གུའི་རྒྱབ་ཆོས་གླུ་ཕྲེང་། ཆོས་དྲུག་ཕྱག་ཆེན་ལམ་ཁྱེར་འཆི་མེད། སུ་ཁའི་ཆོས་དྲུག །བདག་མེད་མའི་ནང་ཁྲིད་བཅས་ཁྲིད་བརྒྱ་ལས་ཁོལ་དུ་ཕྱུང་བ་སོ་སོའི་བརྒྱུད་འདེབས་བཅས། ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་གྲོལ་བའི་དཔལ་སྟེར་དང་། མཁའ་སྤྱོད་དཀར་མོའི་འཕོ་ཁྲིད། ཞར་བྱུང་མཁའ་སྤྱོད་དམར་མོའི་འཕོ་ཁྲིད་བཅས། སྙིགས་དུས་ཀྱི་གསང་བའི་བདག་པོ་རྗེ་བཙུན་ཏྭ་ར་ནཱ་ཐའི་གསུང་རབ་ལས། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་ག། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད། རྒྱུད་སྡེ་ལྔའི་སྒྲུབ་ཐབས་ལེའུ་ལྔ་པ། དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད། ཞར་བྱུང་གི་དེ་དག་གི་ཚོགས་མཆོད་གྲོལ་མཆོག་ཞལ་ལུང་རྨོག་ལྕོག་པ་ཀུན་དགའ་ལྷུན་གྲུབ་ཀྱིས་བསྒྲིགས་པ། རྒྱུད་སྡེ་ལྔ་གཙོ་བོར་བསྡུས་པའི་མན་ངག་བླ་མ་གོང་མའི་ཕྱག་བཞེས། ཆོས་དྲུག་གི་ཁྲིད་ཡིག་རྒྱས་པ་ཟབ་དོན་ཐང་མར་བརྡལ་བ། གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་ནང་གསེས་དང་བཅས་པ། འབྲིང་པོ་དམིགས་རྐང་བཅུ་བདུན་མ། བསྡུས་པ་


LT37_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ཐོག་གཅིག་མ། ནི་གུའི་འཕྲུལ་འཁོར་རྩ་འགྲེལ། ཕྱག་ཆེན་གའུ་མའམ་རང་བབ་རྣམ་གསུམ་ཁྲིད་ཡིག །ཟབ་དོན་སྟན་ཐོག་གཅིག་མའི་སྐོར། ནི་གུའི་རྩ་བའི་ཆོས་བཞིའི་སྙིང་པོ། གསེར་ཆོས་ཕྱི་མ་བཞིའི་སྙིང་པོ། ཞར་བྱུང་ཉེར་མཁོའི་དབང་གིས་བཞག་པ། ཁྲོ་རྒྱལ་རྟ་མཆོག་རོལ་པའི་ལས་བྱང་དྲེགས་པ་ཀུན་འདུལ། ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་ཕྲིན་ལས་གཏེར་མཛོད་རྣམས་སོ། །ཆོས་དྲུག་སྟན་ཐོག་གཅིག་མའི་ཁྲིད་ཡིག་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ཆོས་སྤྱོད་ངག་འདོན་གྱི་རིམ་པ་ངེས་གསང་སྙིང་པོའི་སྒོ་འབྱེད་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། ཆོས་དྲུག་བཀའ་བཅུའི་ཕྱག་ལེན་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་མྱུ་གུའི་ཕྲེང་བ་དང་། གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་གཉིས་ཞྭ་ལུ་མཆོག་གི་སྤྲུལ་སྐུ་རིན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པ། ཡེ་ཤེས་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིངྡྷི་ལ་བརྟེན་པའི་ཉེ་བརྒྱུད་ཚེ་སྒྲུབ་ཟབ་མོ་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་མྱུར་ལམ་འཇམ་མགོན་བླ་མས་མཛད་པ། ནི་གུ་ཆོས་དྲུག་གི་བརྒྱུད་འདེབས་ཉུང་བསྡུས་བདེ་ཆེན་འབེབས་པ། སྟན་ཐོག་གཅིག་མའི་


LT37_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ། ཤངས་པའི་གསེར་ཆོས་ཁྲིད་ཆེན་རྣམ་ལྔའི་སྔོན་འགྲོ་གསུང་རྒྱུན་མ་ཕྱོགས་སུ་བསྡེབས་པ་རྡོ་རྗེའི་གསང་ཚིག་སུ་ཁ་ཆོས་དྲུག་གི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས། སུ་ཁ་སིངྡྷིའི་བསྐྱེད་པའི་ལམ་ཟབ་དང་། ཆོས་དྲུག་གི་ཁྲིད་ཡིག་ཟུང་འཇུག་མྱུར་ལམ་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ། ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ། རྟ་མགྲིན་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཟུར་འདེབས་པདྨ་རཱ་གའི་ཕྲེང་བ་བཅས་ཁོ་བོས་བྱས་པ་སྟེ་རེ་ཞིག་དེ་ཙམ་མོ། །གཉིས་པ་ལུང་རྒྱུན་མི་བཞུགས་པའི་སྐོར་ལ། བླ་མའི་དབང་བཞི་དང་དབང་བཞི་བླ་མའི་སྒྲུབ་ཐབས་ལམ་ཁྱེར་གསུམ་གྱི་གསལ་བྱེད། ཌཱ་ཀིའི་ཞལ་གདམས། རྗེ་བཙུན་མུ་ཏིག་ཕྲེང་བ། རྩ་གསུམ་གདམས་པ། དག་སྦྱོང་ཆོ་ག། རྩ་མདུད་འགྲོལ་བ། རྩ་སྒོ་རླུང་འདོན། རྩ་བརྐྱང་བསྐུམ། རྩ་ཁ་འབྱེད་པ། ཐབས་ལམ་གཏུམ་མོ། རྩིབས་བརྒྱད་འཁོར་ལོ། ཐབས་ལམ་རྣལ་འབྱོར། བར་ཆད་སྲུང་བ། ཀླུ་ལ་དངོས་གྲུབ་བླང་བ། ནི་གུའི་དམིགས་ཕྲན་རྣམས་ཀྱི་བྱིན་རླབས་བྱེད་ཚུལ་ཞལ་ཤེས་དང་། མན་ངག་ཉེར་མཁོའི་རིགས། བདེ་མཆོག་མཁའ་སྤྱོད་རིག་འཛིན།


LT37_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་ལྔའི་དབང་བསྐུར་ལྷན་ཐབས། འཁོར་ལོ་སྡོམ་པ་བདེ་ཆེན་མྱུར་སྒྲུབ། རླུང་བུམ་པ་ཅན་གྱི་གདམས་ངག་ཚན་བཞི། ཞལ་གཟིགས་ཀྱི་ཆོས་སྐོར་ལས། སྐྱེ་མེད་རྣམ་གསུམ། བདུད་རྩི་བུམ་པའི་ཚེ་སྒྲུབ། སྙིང་རྗེ་མཁའ་ཁྱབ། གནོད་སྦྱིན་ཤིང་རྟའི་གདམས་ངག །གནོད་སྦྱིན་སྲོག་གི་སྙིང་པོ་དང་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། མ་ཧཱ་མུ་དྲ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་རང་བབ་རྣམ་གསུམ་གྱི་བསྙེལ་ཐོ་ཁྲིད་ཡིག་རང་བབ་རྣམ་གསུམ་གྱི་ཁྲིད་ཚུལ་རྣམ་དག་ལམ་ལ་འཇུག་པ་མཁས་གྲུབ་བསམ་སྡིངས་པས་མཛད་པ། ཕྱག་ཆེན་གའུ་མའི་ཁྲིད་ཡིག་རྡོ་རྗེའི་ཚིག་གི་མདུད་འགྲོལ་ལྐུགས་ལུང་པ་སངས་རྒྱས་དཔལ་བས་མཛད་པ། གའུ་མའི་གསལ་བྱེད་གྲགས་པ་རྒྱལ་མཚན་གྱིས་མཛད་པ། ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ། སྣང་སེམས་གཅིག་ཏུ་བསྲེ་བ་རྣམས་ཕྱག་ཆེན་སྐོར་གྱི་ཡིག་རྙིང་གལ་ཆེ་གྲས་སོ། །ཕྱིས་འཕེལ་བའི་ཆོས་སྐོར་ལས་སངས་རྒྱས་གཉན་སྟོན་ལ་དུར་ཁྲོད་པས་གནང་བ། འཆི་མེད་འཕྲུལ་འཁོར་དང་དེའི་དམིགས་པའི་གནད་ལག་ལེན་བཅས་བཞུགས། འདིའི་རྒྱ་གཞུང་རྩ་འགྲེལ། དབང་ཆོག་རྒྱ་གཞུང་། འཁྲུལ་འཁོར་གསལ་བྱེད་ཉི་མ་རྣམས་གལ་གནད་ཆེ་རུང་ད་ལམ་དཔེ་མ་རྙེད་དོ། །ཐབས་ལམ་འཁྲུལ་


LT37_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་འཆི་མེད་འཁྲུལ་འཁོར། འཁྲུལ་འཁོར་སུམ་ཅུ་པ། བཅུ་གསུམ་པ། བརྒྱད་པ། རང་སེམས་འཆི་མེད་རང་གྲོལ་དང་། འཆི་མེད་རང་གྲོལ་གྱི་གདམས་པ། དེའི་ཞལ་གདམས་དང་ལུང་སྦྱོར་ཡིད་བཞིན་ནོར་བུ། སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་མཉམ་མེད་སངས་རྒྱས་དཔལ་བཟང་གིས་མཛད་པ། གེགས་སེལ་རིན་ཆེན་སྒྲོན་མེ། སྨིན་ཀ་འཚོལ་བའི་ཡིག་ཆུང་། གསང་སྔགས་འཁོར་ལོ་ལྔ་ལྡན། ཕྱག་མཆོད་བཀའ་རྒྱ་མ། རབ་གནས་བཀའ་རྒྱ་མ་དང་དེའི་ཞལ་གདམས་རིགས་གཉིས། རྗེས་སུ་ཡི་རང་གི་དབང་བསྐུར། དེའི་ཞལ་གདམས་ངང་གདམས་ངག །རྗེས་སུ་ཡི་རང་བའི་ཕྱིའི་བཀའ། སྨོན་ལམ་བཀའ་རྒྱ་མའི་བྱིན་རླབས། བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས། སྐྱེ་འགྲོའི་ངག་འགྲོལ། རྡོ་རྗེ་རྣལ་འབྱོར་མ་ཐོད་པ་རྒྱ་མཚོའི་སྒྲུབ་ཐབས། བླ་མ་ཤངས་སྟོན་གྱིས་རྒྱལ་མཚན་འབུམ་ལ་གདམས་པའི་གསུང་མགུར། གྲོལ་མཆོག་ཞབས་ཀྱིས་མཛད་པའི་བླ་མ་ལམ་ཁྱེར་ཁྲིད། ནི་གུ་ཆོས་དྲུག་ཁྲིད་ཡིག་གསལ་བའི་སྒྲོན་མེ། ཆོས་དྲུག་དམིགས་རིམ་བསྙེལ་ཐོ། ནི་གུའི་ཁྲིད་བཤད་ཐབས་འཆུག་མེད་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་ཤངས་ཆོས་ཀྱི་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་བཅས་


LT37_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེང་སང་འདི་དང་འདི་རིགས་ལ་ལུང་རྒྱུན་མི་བཞུགས་ཤིང་དཔེ་རྒྱུན་ཀྱང་འདི་ཙམ་ལས་མ་རྙེད་མོད། སྤྱིར་རིན་ཆེན་བདུན་བརྒྱུད། མཁས་གྲུབ་རྣམ་གསུམ་དང་བཅས་པའི་གསུང་དངོས་དང་གསུང་སྒྲོས་ཡིན་ངེས་རྣམས་ཤངས་ཆོས་ཀྱི་རྩ་བ་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་སྤྲས་སུ་བྱ་བ་ཡིན་པས། སླད་ནས་བསབ་པར་འོས་པ་རྙེད་ན་འདི་དག་ཅི་རིགས་པར་བཞུགས་སུ་གསོལ་བར་བྱའོ། །སངས་རྒྱས་དཔལ་བ་དང་གྲོལ་མཆོག་ཞབས་སོགས་ཀྱི་གསུང་རྣམས་ལུང་མེད་རུང་བརྒྱུད་པ་སྔ་མའི་ཡི་གེ་དོན་ཆེན་ཏུ་སྣང་བས་དཀྱུས་སུ་བཀོད་ལ། མཁས་གྲུབ་ཤངས་སྟོན་ནས་བརྩམས་བརྒྱུད་པའི་རྣམ་ཐར་ཕལ་ཆེར་དཔེ་དང་། འགའ་ཞིག་ལུང་རྒྱུན་ཀྱང་བཞུགས་རུང་མ་བཀོད་པའི་རྒྱུ་མཚན་གང་སྨོས་ལྟར། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བྱིན་རླབས་ཡིག་སྣ་གལ་དུ་ཆེ་རུང་ཡིག་ཆ་གསར་བསྒྲིགས་ཡོད་པས་ཚར་གཉིས་འབྲི་བ་ལ་དགོས་པ་མེད་པ་དང་། མཁྱེན་རབ་ཆོས་རྗེས་མཛད་པའི་སུ་ཁའི་ཁྲིད་ཡིག །འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ནི་གུའི་ཁྲིད་སྐོར་གྱིས་མཚོན་ལེགས་བཤད་ཕལ་ཆེར་ལུང་རྒྱུན་ཞི་བར་ཐིམ་པས་འབྲི་བས་ངལ་བ་ཙམ་ལས་འཆད་ཉན་རྟོགས་པའི་དགོས་པ་མི་འབྱུང་བར་བསམ་ནས་འདིར་


LT37_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པར་མ་ནུས་པས་རེ་ཞིག་དེ་ཙམ་མོ། །གསུམ་པ་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐོར་ནི། གྲུབ་ཆེན་ཁྱུང་པོས་མངའ་བདག་མཻ་ཏྲི་པ། རཱ་ཧུ་ལ་གུཔྟ། པཎྜི་ཏ་རོལ་པའི་རྡོ་རྗེ་སོགས་ལས་མཐའ་ཡས་པ་གསན་ཅིང་། སློབ་དཔོན་ཆོས་ཀྱི་ཤེས་རབ་སོགས་སློབ་མ་ཕལ་མོ་ཆེ་ལ་ཅི་རིགས་པ་སྩལ་བས་ཤངས་པའི་བརྒྱུད་འཛིན་ཀུན་གྱི་ཆོས་སྐྱོང་གཅིག་པུ་པར་སོང་སྟབས་བཀའ་སྲོལ་མཐའ་ཡས་པ་མཆིས་མོད། གཙོ་ཆེ་བ་ལ་སྟོད་པ་དཀོན་མཆོག་མཁར་ནས་བརྒྱུད་པ་སྟོད་ལུགས་སམ་གནས་རྙིང་ལུགས་དང་། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་དང་། ཞང་སྒོམ་ཆོས་སེང་གཉིས་ཀ་ལ་དབོན་སྟོན་སྐྱེར་སྒང་པས་གསན་ནས་བརྒྱུད་པ་སྨད་ལུགས་སམ་རི་གོང་ལུགས་སུ་གྲགས་པ་གཉིས་ཕྱི་མ་ལའང་གདན་ས་པ་སློབ་དཔོན་ཨའི་སེང་གེ་ནས་བརྒྱུད་པ་ཕག་གྲུ་སོགས་ལ་དར་བ་དང་། མཁས་གྲུབ་འཇག་པ་ལས་སྟོད་སྨད་བར་གསུམ་གྱི་བརྒྱུད་སྲོལ་ཁྱད་པར་དགེ་ལུགས་པ་ལ་དར་བ་སོགས་དང་། མཁས་གྲུབ་བསམ་སྡིངས་བ་ལས་ལྷོ་གཅོད་ཀྱི་བརྒྱུད་པ་གཉིས་ལ་སོགས་པ་མཐའ་ཡས་མུ་མེད་ཀྱི་ལུགས་སྲོལ་ཅན་དུ་མཆིས་ཤིང་། ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་རུང་གཙོ་བོར་བསྡུ་ན་གཉིས། དྲག་པོ་མཐུ་སྒྲུབ་


LT37_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཞི་བ་ནོར་སྒྲུབ་བོ། །དང་པོ་ལ། སྟོད་སྨད་ཀྱི་ལུགས་གཉིས་ལས་སྨད་ལུགས་བེ་བུམ་མཁས་གྲུབ་དགེ་ལེགས་དཔལ་བས་བསྒྲིགས་པ་དར་སྲོལ་ཆེ་བས་འདིར་སྨོས་མ་དགོས། སྟོད་ལུགས་བེ་བུམ་འདི་ལུང་རྒྱུན་མ་ཆད་ཙམ་བཞུགས་ཤིང་རྒྱུན་དཀོན་པས་འདིར་འགོད་པ་ལ། ཀུ་བེ་བུམ་གྱི་དཀར་ཆག །ཁུ་མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས། རྒྱ་གཞུང་ཤ་བ་རི་བས་མཛད་པ། མཆན་ཡོད། ཕྱིར་ཟློག །གཏོར་དབང་། མཁོན་གྲིབ་སྦྱོང་བ། རྨི་ལམ་བཟློག་པ། མཚན་དོན་བརྒྱ་རྩའི་བསྟོད་པ་ཤ་བ་རི་པས་མཛད་པ། མཁའ་འགྲོ་འབུམ་བསྐུལ་དྷ་ན་སཾ་སྐྲྀ་ཏས་མཛད་པ། ཞིང་སྐྱོང་ནག་པོ་ཆེན་པོ་སྒྲུབ་ཡིག་རཱ་ཧུ་ལའི་གདམས་སྐོར། སྐུ་ཡི་སྒོ་ནས་གཟི་མདངས་བསྐྱེད་པ། གཏོར་ཆེན་གྱི་ཞལ་གདམས། མཚོན་ཆ་འཁོར་ལོའི་བྱིན་རླབས། སྤོས་སྦྱར་མན་ངག །མགོན་པོ་མངོན་འབྱུང་གི་རྒྱུད་རྒྱས་པ་ནས་འབྱུང་བ་ཕྱོགས་བཅུ་མགོན་པོའི་བསྐུལ། གཙང་རིས་མགོན་པོའི་བསྐུལ། གཏོར་ཆུང་བསྟབ་པའི་མན་ངག །ཕྱག་བཤགས་རྡོ་རྗེ་གསལ་བའི་སྒྲོན་མེའམ་ཉི་མའི་སྙིང་པོ། ནག་པོ་ཆེན་པོའི་མངའ་གསོལ་ཤ་བ་རི་པས་མཛད་པ། བླ་མ་རཱ་ཧུ་ལའི་གདམས་པ་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ། ཕྱི་ནང་གསང་རྟེན་གྱི་


LT37_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག །དབང་བཞི་ལུས་བསྒྲིགས། ཞི་བའི་སྦྱིན་སྲེག་ཇོ་སྲས་མར་གྲགས་པ་བླ་མ་དམ་པ་རིན་ཆེན་རྒྱལ་མཚན་གྱི་གསུང་བཞིན་བྲིས་པ་རྫོགས་སོའི་མཐའ་ཅན། དྲག་པོའི་སྦྱིན་སྲེག་མཆན་ཅན། ནང་གསེས་ཚན་གསུམ། གསང་བ་ལས་དྲུག་གི་སྒྲུབ་ཐབས། གསང་བ་ལས་དྲུག་གི་ཞལ་གདམས། བསྐང་མདོས་ཤ་བ་རི་པས་མཛད་པ། དེའི་བརྗེད་བྱང་རབ་ལྡན་རིན་ཆེན་གྱིས་མཛད་པ། འཁོར་བཀའ་ཉན་གསུང་སྒྲུབ་བཞིའི་སྒྲུབ་ཐབས། ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་རི་ཁྲོད་དབང་ཕྱུག་གིས་མཛད་པ། བླ་མ་མཻ་ཏྲི་པའི་ལུགས་ཀྱི་ལྷ་མོའི་སྲོག་སྒྲུབ། འཁོར་སྤྱིའི་བཀའ་ཡིག །བསད་མཆན་ཅན། གསོ་གཉིས་ཀྱི་བཀའ་ཡིག་ཁོག་འབུབ། ལག་ལེན་མཐར་ཐུག་གནད་བདུན་ཞལ་གདམས། སྨྱོ་འབོག་བྱད་ཟོར་ཟློག་པ་ཆོམ་རྐུན་ཇག་ཆིངས་སོགས་ཀྱི་ཞལ་གདམས། ཤ་བ་རི་དབང་ཕྱུག་གིས་མཛད་པའི་བྱིན་རླབས་ནག་པོ་ཆེན་པོའི་སྒྲུབ་ཐབས་གསོ་བའི་ལས་མཐའ་ཅན། དབང་གི་རྒྱལ་པོ་དམར་པོའི་སྒྲུབ་ཐབས། བྱིན་རླབས་རྗེས་གནང་བཀའ་ཡིག །བྲིས་སྐུའི་བཞེངས་ཐབས། ཕྱག་དྲུག་མགོན་པོ་མཆིན་ཁའི་སྒྲུབ་ཐབས། སིནྡྷཱུ་རའི་དབང་སྡུད་ཀྱི་གནད་ཡིག །གནད་དབབ། ལྟ་སྒོམ་སྤྱོད་གསུམ། མཆན་ཅན། བསྟོད་པ་དཔལ་ལྡན་མགོན་པོ།


LT37_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་དྲུག་གི་གནད་ཡིག །སྲུང་འཁོར་བཀའ་རྒྱ་མ། རབ་གནས་བཀའ་རྒྱ་མ། བཀྲ་ཤིས་བཀའ་རྒྱ་མ། རབ་གནས་ཀྱི་ཞལ་གདམས་བཀའ་རྒྱ་མ། མཆན་ཅན། གུ་མགོན་པོའི་གནད་ཡིག་རང་རྒྱུད་སྦྱོང་ཐབས། ངུ་། སྒྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་པའི་ལེགས་ལྡན་ཕྱག་དྲུག་པའི་སྒྲུབ་མཆོད་རིན་ཆེན་ཕྲེང་བ། ཅུ། ཐུན་མོང་མ་ཡིན་པ་སྣ་ཚོགས་མཁའ་འགྲོའི་ཕྲིན་ལས་སྒྲུབ་ཐབས། ཆུ། སྣ་ཚོགས་མཁའ་འགྲོའི་སྒོ་ནས་ཚེ་དབང་བསྐུར་བ། ཇུ། དུར་ཁྲོད་གསང་བ་མཆོག་གི་སྒྲུབ་ཐབས། ཉུ། རྡོ་རྗེ་ནག་པོ་ཆེན་པོའི་དབང་གི་ཆོག །ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི་དབང་བསྐུར་རྗེས་གནང་། ཏུ་རྡོ་རྗེ་ནག་པོ་ཆེན་པོའི་ཞལ་སྔ་ནས་གསུངས་པའི་འོད་ཟེར་ཆེན་པོའི་དབང་གི་ཆོ་ག ཐུ། རྒྱན་ཅན་མགོན་པོའི་ཕྱི་དུར་ཁྲོད་ལམ་ཁྱེར་གྱི་མན་ངག །དུ་རྒྱན་ཅན་གྱི་ནང་དུར་ཁྲོད་ལམ་ཁྱེར་གྱི་མན་ངག །ནུ་དུར་ཁྲོད་གསང་བ་མཆོག་གི་སྒྲུབ་ཐབས། པུ་རྒྱན་ཅན་མགོན་པོའི་འཁྲུལ་འཁོར་གྱི་དཀའ་འགྲེལ། ཕུ་བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་རྒྱན་སྒྲུབ་ཀྱི་མན་ངག་བཅས་ཏེ། དེ་དག་ལས། ཀའི་རྟགས་ཅན་རྣམས་ནི་དཀར་ཆག་ཏུ་མི་གསལ་ཡང་དཀྱུས་ལ་ཆུག་པས་ལུང་རྒྱུན་བར་མ་ཆད་པར་བཀླག་པའི་སྲོལ་ཡོད་འདུག་གོ། །


LT37_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལའང་། མགོན་པོ་གཟི་ལྡན། མཆིན་ཁ །མགོན་སེར་སོགས་མང་དུ་མཆིས་པ་ལས་གཙོ་བོར་གྱུར་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར་ལ། གྲུབ་ཆེན་ཁྱུང་པོས་མཛད་པའི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་གི་རྒྱལ་པོ། བསྟོད་པ་དགོས་འདོད་འབྱུང་བ་ཞེས་བྱ་བ་བྱིན་རླབས་ཁྱུང་པོས་མཛད་པ། ཡིད་བཞིན་ནོར་བུའི་ལོ་རྒྱུས་གཏོར་མའི་ཆོ་ག །མཆོད་མཆན་ཅན། འབུལ། བསྐང་བ། རྗེས་གནང་གི་ཡི་གེ། ཕྱོགས་བཅུ་དུས་གསུམ་མ། མཎྜལ་གཏོར་མའི་ཞལ་གདམས་ཅུང་ཟད་དང་བཅས་པ། ལས་ཚོགས་ཐུན་མོང་མ་ཡིན་པ། གཏེར་བུམ་བཅའ་ཐབས། དབང་སྡུད་འཁོར་ལོའི་མན་ངག །སྦྱིན་སྲེག །ཡང་གཏེར་བུམ་བཅའ་བའི་གདམས་ཟབ་རྒྱས་པ། བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་རྨོག་ལྕོག་པ་ཀུན་དགའ་འོད་ཀྱིས་མཛད་པ། རབ་གནས་ཀྱི་ཞལ་གདམས་ནམ་མཁའ་སྟོབས་རྒྱལ་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བཅས། ཡི་གེ་ཕྱི་མའི་སྐོར་ལ། ཚར་ཆེན་བློ་གསལ་རྒྱ་མཚོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། ཡང་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འཇམ་མགོན་ཀུན་དགའ་གྲོལ་མཆོག་གིས་མཛད་པ། གཉིས་ཀ་ལ་ཉེ་བར་མཁོ་བའི་


LT37_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་བཀའ་ཆེན་བཅུ་གསུམ་དུ་གྲགས་པའི་བྱིན་རླབས་བྱེད་ཐབས་ཀྱི་ཡི་གེ། མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་དང་ཁྲིད་ཡིག །ཀྵེ་ཏྲ་པཱ་ལའི་རྗེས་གནང་། བརྒྱུད་པ་འདིའི་ལུགས་ཀྱི་བྱིན་རླབས་ཆེ་ཤོས་ཀྱི་གསོལ་འདེབས་ན་མོ་བུདྡྷ་བཅས་ཀྱིས་རེ་ཞིག་ལེགས་པར་གྲུབ་བོ། །མགོན་པོ་དཀར་མཐིང་གཉིས་ཀ་ལ་ཕྱིས་ཀྱི་བླ་མ་རྣམས་ཀྱི་ཡིག་ཆ་ཇི་སྙེད་ཅིག་འདུག་པ་མཐའ་དག་འབྲི་བར་དཀའ་བས་དེ་དག་གི་སྙིང་པོ་བསྡུས་པ་ཙམ་རེ་བྱུང་ན་གལ་གནད་ཆེ་བར་སྣང་། ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ཇི་སྙེད་པའང་བསྡུ་ན། ཁྱུང་པོ་རྣལ་འབྱོར་ཉིད་ནས་བརྒྱུད་པ་དང་། ཕྱིས་འཕེལ་བའི་ཆོས་ཀྱི་རྣམ་གྲངས་གཉིས་སུ་འདུ། སྔ་མ་ལ་ཡེ་ཤེས་མཁའ་འགྲོ་ཞལ་གཉིས་ལས་གསན་པ་དང་། གྲུབ་ཐོབ་གཞན་ལས་བརྒྱུད་པ་གཉིས་ལས། རྩ་བ་སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ་ལྔའི་སྐོར་ཇི་སྙེད་པ་དང་། བདེ་མཆོག་གི་སྐོར་ཕལ་མོ་ཆེ། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་རིགས། བླ་མའི་དབང་བཞི། དུག་ལྔ་དང་སྐུ་གསུམ་ལམ་ཁྱེར། མུ་ཏིག་ཕྲེང་བ་སོགས་ཞལ་གདམས་ཉེར་ལྔ། ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། བར་ཆད་བསལ་ཐབས། གཞན་དོན་མི་འགྲུབ་མི་སྲིད་པ། རྣམ་འཇོམས་དང་བདེ་


LT37_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསང་སྒྲུབ། བཀྲ་ཤིས་སོགས་བཀའ་རྒྱའི་སྐོར་རྣམས་ནི་གུ་མས་བརྒྱུད་པའི་ཟབ་ཆོས་ཡིན། སུ་ཁའི་སྐོར་རྣམས་སུ་ཁ་སིངྡྷི་དངོས་ལས་གསན་པ་དང་། རྡོ་རྗེ་གདན་པ་ལས་བདེ་མཆོག །མཁའ་སྤྱོད་སྐོར་སོགས་མང་དུ་གསན་ཀྱང་ད་ལྟ་ཟུར་དུ་བཞུགས་པ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོ། རྗེས་སུ་ཡི་རང་གི་གདམས་སྐོར། དམིགས་པ་རིན་ཆེན་སྒྲོམ་བུ་ཙམ་མོ། །ཕྱི་མ་འདི་འཇམ་དཔལ་གྱིས་ཤངས་པ་ལ་ཉེ་བརྒྱུད་དུ་གནང་བའང་ཡིན། ལྷ་བཞིའི་སྐོར། འཁོར་ལོ་བཅིངས་གྲོལ། ཤིང་རྟ་དང་བུམ་པ་ཅན་གྱི་རླུང་སྐོར། ཕྱག་རྡོར་གསང་སྒྲུབ། མགོན་པོའི་སྐོར་རྣམས་རཱ་ཧུ་ལ་ལས་བརྒྱུད་པ་དང་། མཁའ་སྤྱོད་དཀར་དམར་ཡང་དེ་ཉིད་དང་། སྦས་པའི་རྣལ་འབྱོར་པ་ལས་རྫོགས་པར་གསན་ཀྱང་ཡིག་ཆ་ཟུར་པ་མི་བཞུགས། མཻ་ཏྲི་པ་ལ་ཕྱག་ཆེན་དག་པ་ཡེ་ཤེས། སྐུ་གསུམ་ལམ་ཁྱེར་སོགས་གསན་ཀྱང་ཡིག་ཆ་སྔ་མ་རྣམས་སུ་འདུ་ཞིང་། མགོན་པོའི་སྐོར་གྱི་རྩ་བའི་བརྒྱུད་པའང་འདི་ལ་འདེད་དགོས་སོ། །ཞལ་གཟིགས་ཀྱི་ཆོས་དང་གསུང་མགུར། ཕྱིས་བྱུང་རང་རང་ལ་བཀའ་བབས་པའི་ཆོས་རྣམས་ནི་སྡེ་ཚན་གྱི་བསྡེབ་སོགས་རྟོགས་སླ་བར་ཟད་ལ། མདོར་ན་དེང་སང་དཔེ་རྒྱུན་དང་ལུང་


LT37_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བཞུགས་པའི་ཤངས་ཆོས་ཁུངས་མ་ནི་འདི་ཙམ་དུ་སྣང་བས། ཐར་པ་དོན་ཏུ་གཉེར་བའི་བློ་ཅན་དག་གིས་འབྲི་བ་དང་། ཉམས་སུ་ལེན་པ་དང་། འཆད་པ་ལ་སོགས་པ་ཅུང་ཟད་རེ་ནུས་ནའང་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཟབ་མོའི་མཛོད་བཟུང་བ་ཡིན་པས་རང་དང་གཞན་གྱི་དོན་རླབས་པོ་ཆེ་འགྲུབ་པར་འགྱུར་བར་མ་ཟད། བསྟན་པའི་ཉག་ཐག་གང་ཕྲ་བ་དེ་ཉིད་འཛིན་པ་ལ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཉིན་རེ་བཞིན་བསྔགས་པའི་ལྗགས་ཟད་མི་ཤེས་པ་རྐྱོང་བར་མཛད་དོ། །རིན་ཆེན་གསེར་གྱི་ཁུར་པོ་ཐེག་ཚད་དང་། །ལུས་སྲོག་ཐེད་དུ་བོར་བའི་དཀའ་སྤྱད་ཀྱིས། །མཁས་གྲུབ་ཕྱེད་དང་ཉིས་བརྒྱ་ཁྱད་པར་དུ། །ཡེ་ཤེས་མཁའ་འགྲོའི་གཅེས་པའི་དབྱིག་བསྡུས་པ། །མི་མཆོག་མཐར་ལམ་པ་ཡིས་ཕྲེང་བ་ཡིས། །གངས་ཅན་སྐྱེ་དགུ་གྲུབ་པའི་ཁང་བཟང་དུ། །རྡོ་རྗེའི་ལོངས་སྤྱོད་སྩལ་དང་སྩོལ་འདི་ལ། །གཏན་གྱི་དབུལ་སེལ་འདོད་རྣམས་དོན་གཉེར་འོས། །རྒྱལ་བའི་གསང་མཛོད་ཌཱ་ཀིའི་ཐུགས་ཀྱི་ཁྲག །གྲུབ་མཆོག་བྱེ་བ་འབུམ་སྡེས་ཕྱག་བྱས་པ། །སྙིགས་འགྲོ་དབུལ་པོའི་སྐལ་པར་ཤོང་བ་ཡིས། །བསོད་ནམས་དུས་དེ་ནམ་


LT37_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཚེས་པར་འགྱུར། །ཆོ་འཕྲུལ་མངོན་པར་འབྱུང་བའི་ཐེག་པ་ནི། །ལྷ་མིའི་བསོད་ནམས་ལས་གྲུབ་མཆོད་པའི་སྡོང་། །མཁའ་ལྡིང་མཐུ་ཡིས་ཆར་ཡང་མི་བརྫི་བ། །བྱི་དོར་བྱས་པས་འདི་བསྟན་རབ་འབར་ཤོག །ཡང་སྲིད་ཀུན་ཏུ་གསང་བའི་ཐེག་ཆེན་འདི། །ཡོངས་སུ་ཆུབ་ཅིང་སྲོག་ལས་གཅེས་པར་འཛིན། །མཁའ་མཉམ་སྐྱེ་དགུའི་གསོས་སྦྱིན་དེ་ཀུན་ཀྱང་། །བསྟན་པ་འདི་ལས་གསང་བ་མཆོག་འགྲུབ་ཤོག །བརྟན་གཡོའི་སྲོག་ཏུ་ཀུན་ཁྱབ་བཀྲ་ཤིས་ཀྱི། །དཔལ་འབར་རྡོ་རྗེ་འཆང་ཆེན་གར་གྱི་ཕྲེང་། །ཐོག་མཐའ་བར་དུ་དགེ་བའི་རྫོགས་ལྡན་སྤྲིན། །སྙིགས་མའི་མཐར་ཡང་སྲིད་པ་གསུམ་འགེངས་ཤོག །ཅེས་པ་འདིའང་རང་ཉིད་ཀྱི་དད་པའི་རྟེན་ཏུ་གླེགས་བམ་གྲ་ཚར་བཞེངས་པའི་རྒྱུ་དང་། ཀུན་མཁྱེན་བླ་མས་བཀའི་གནང་བ་སྩལ་བའི་རྐྱེན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། མི་ཕྱེད་དད་པའི་བློས་བཀའ་བརྒྱུད་རིན་པོ་ཆེ་སྙིང་གི་ཐིག་ལེར་བཅངས་པའི་སྤོང་བ་པ་འདུ་ཤེས་གསུམ་གྱི་རྣལ་འབྱོར་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། རྒྱལ་བའི་སྲས་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊཱི་གསུམ་པ་དཔལ་སྤུངས་གདན་སའི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་མགུལ། ཀུན་


LT37_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་བསྟན་པ་རིན་པོ་ཆེ་འདི་ཉིད་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

པ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ།


LT37_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ་ཞེས་བྱ་བ་བཞུགས་སོ། །


LT37_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བྱམས་པའི་ཟླ་ཟེར་གྱིས། །ཕྲ་རྒྱས་མུན་པ་ཀུན་བཀྲུས་ནས། །སྙིང་པོའི་ལམ་མཆོག་གསལ་མཛད་པ། །རྒྱལ་ཚབ་མ་ཕམ་མགོན་དེས་སྐྱོངས།


LT37_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སྤངས་རྟོགས་ཡོངས་སུ་རྫོགས་པའི་རྒྱལ་བ་ཡང་། །ཐབས་མཁས་སྲིད་པའི་རོལ་རྩེད་སྣ་ཚོགས་པས། །གཞན་ཕན་འདོད་དགུར་བསྒྱུར་བའི་གར་མཛད་པ། །པ་ཆེན་སྨྲྀ་ཏི་ཛྙཱ་ནར་ཕྱག་བགྱིའོ། །དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གསུམ་གྱི་མཆོད་སྡོང་འཕགས་ཡུལ་གྱི་མཁས་གྲུབ་མཚན་ཡོངས་སུ་གྲགས་པ་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་མཐོང་གྲོལ་ཆེན་མོ་འདིའི་ལོ་རྒྱུས་ཟུར་ཙམ་སྨོས་ན། སྔོན་འདས་པའི་དུས་སུ་རྒྱལ་བ་བདེ་བའི་གླུ། ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པའི་ཞིང་ན་དེ་བཞིན་གཤེགས་པའི་སྒྱུ་འཕྲུལ། མ་འོངས་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ་བཅོམ་ལྡན་འདས་བྱམས་པ་མགོན་པོ་ཞེས་བྱ་བར་འཚང་རྒྱ་བའི་ཚུལ་


LT37_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅིང་། སྟོན་པ་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ལ་མང་སྐྱེ་འཕགས་ཀྱི་རྣམ་པར་རོལ་པ་སྣ་ཚོགས་པས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་ལས། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟི་ཞེས་སུ་གྲགས་པ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྲས་སུ་སྐྱེ་བ་བཟུང་བའི་ཚུལ་བསྟན། རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་། སྒྲ་ཚད་སོགས་རིག་པའི་གནས་དང་། འདུལ་མངོན་གཙོ་བོར་གྱུར་པའི་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་སོན་པས་མ་ཧཱ་པཎྜི་ཏའི་མཚན་ཡོངས་སུ་གྲགས་ཏེ་སློབ་མའང་གདུགས་ཐོགས་ལྔ་བརྒྱ་ཙམ་འདུས་ཤིང་བསྟན་པ་ལ་བྱ་བ་ཆེར་མཛད། དཔལ་ནཱ་རོ་པ་ཆེན་པོ་ལས་གདམས་ངག་གསན་ཏེ་སྒྲུབ་པ་མཐར་ཕྱིན་པ་མཛད་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཀུ་སཱ་ལིའི་སྤྱོད་པས་ཡུལ་ཐ་དད་དུ་གཤེགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། བོད་ཡུལ་དབུས་གཙང་དུ་ཕེབས་ནས་མདོ་རྒྱུད་འགའ་ཞིག་ལོ་ཙཱ་མ་དགོས་པར་རང་འགྱུར་དུ་མཛད་པ་སོགས་འགྲོ་དོན་མཐའ་ཡས། རི་བོ་རྩེ་ལྔར་ཞབས་ཀྱིས་བཅག་ནས་མ་ཧཱ་ཙི་ནའི་རྒྱལ་ཁམས་ཆོས་ལ་བསྒྱུར། སླར་ཡང་མདོ་ཁམས་སུ་ཕེབ་ནས་གདུལ་བྱ་འདུལ་བའི་ཐབས་སུ་གསེར་ལྡན་འབྲི་ཀླུང་གི་འགྲམས་ངོགས་གསེར་འོག་ཅེས་པའི་གྲོང་ཁྱེར་དུ་ཕལ་པའི་


LT37_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པས་ར་ལུག་སྐྱོང་སྟེ་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པའི་སྐབས་ཤིག་གྲོང་ཁྱེར་ལ་ས་གཡོས་ཀྱི་གནོད་པ་འབྱུང་བར་མཁྱེན་ནས་རེ་ཞིག་རྒྱབ་རི་འུར་རྡོས་བཅིངས། དེ་ལྟར་བྱས་ཡོད་པས་ཐམས་ཅད་བྲོས་ཤིག་གསུངས་པ་ན་ཕལ་ཆེར་གྱིས་རྫུན་པར་གོ་སྟེ་མ་བྲོས་པའི་གྲོང་ལྔ་བརྒྱ་ཙམ་ས་འོག་ཏུ་སོང་བའི་ཤུལ་ད་ལྟ་གསེར་འོག་རི་ཤུལ་གྱི་ས་དམར་འདི་ཡིན། རྒན་མོ་གཅིག་གིས་སྔར་ནས་ཆེ་བའི་ཡོན་ཏན་ཕྱོགས་ཙམ་མཐོང་བས་བདེན་པར་བཟུང་སྟེ་བྲོས་ནས་ཐར་བའི་རིགས་རྒྱུད་ད་ལྟ་གསེར་འོག་གི་གྲོང་ཁྱེར་འདི་ཡིན་སྐད། དེ་སྐབས་བདུད་རྒྱལ་གླང་དར་གྱིས་བསྟན་པ་མཐའ་དབུས་མེད་པར་བཤིགས་ནས་མིང་གི་ལྷག་མར་བྱས་པའི་ཚེ། གླང་ཐང་སྒྲོལ་མའི་གཙུག་ལག་ཁང་དུ་མངོན་པ་མཛོད་ཀྱི་བཤད་པ་མཛད་པས་གཡས་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་མང་དུ་འདུས་ཤིང་དེ་རྣམས་ཀྱིས་དབུས་གཙང་ཁམས་གསུམ་དུ་སྤེལ་བས་མངོན་པ་འོག་མའི་བསྟན་པ་གཞི་བཞེངས་སུ་བཏང་། ཕྱི་དར་གྱི་བསྟན་པའི་རྩ་བ་བཙུགས། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་། མདོར་ན་བདག་ཉིད་ཆེན་པོ་འདི་ནི་དུས་དབང་གི་འགྲོ་དོན་རྒྱ་ཆེ་ཆུང་ཙམ་ལས་མཁས་པའི་ངོས་ནས་སློབ་དཔོན་དབྱིག་གཉེན་


LT37_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲན་ཞིང་། གྲུབ་པའི་ངོས་ནས་སློབ་དཔོན་ནག་པོ་སྤྱོད་པ་སོགས་དང་དབྱེ་བ་མེད་དེ། པ་ཆེན་དཱ་ན་ཤཱི་ལ་སྐུ་གཤེགས་ལ་ཉེ་བ་ན་ཁོ་བོ་བོད་མ་དག་པའི་ས་ཆར་འཆི་དགོས་པར་གསུངས་ནས་ཐུག་མུག་གི་ཚུལ་བསྟན་པའི་ཚེ། གཞན་དག་གིས་སྔར་ཡང་རྒྱ་གར་གྱི་པ་ཆེན་མང་པོ་བོད་དུ་འདས་པས་སྐྱོན་མེད། ཇོ་བོ་རྗེ་ཨ་ཏི་ཤ་ཡང་འདས་ས་བོད་ཡིན་ཞུས་པས། ཨ་ཙ་ར་བཙུན་ཚུགས་བཟང་བ་ལས་ངའི་ཡོན་ཏན་བརྒྱ་ཆ་ཡང་མེད་གསུངས། འོ་ན་ཕ་དམ་པ་ཡང་འདས་ཞུས་པས། ཛོ་ཀི་གདམས་ངག་མང་བ་ལས་ངའི་ཡོན་ཏན་བཅུ་ཆ་ཡང་མེད་གསུངས། སྨྲྀ་ཏི་ཛྙཱ་ན་ཡང་འདས་ཞུས་པས་ཕྱག་ཐལ་མོ་སྦྱར་ནས། འོ་ན་དེའི་ཡོན་ཏན་བརྒྱ་ཆ་ཙམ་ཡང་ང་ལ་མེད་པས་འདས་ཆོག་པར་གདའ་གསུངས་ནས་ཐུགས་ངལ་སངས་པའི་ལོ་རྒྱུས་འབྱུང་བ་ལྟར་ལགས། དེ་ལྟར་མཁས་གྲུབ་ཆེན་པོ་དེའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་ཉེ་བའི་ཚེ། གསེར་འོག་ཏུ་ཕེབས་ཏེ་རྡོ་ནག་ལུག་ཐང་ཙམ་ཞིག་འུར་རྡོའི་སྟེང་ལ་བཞག་ནས། ངའི་འགྲོ་དོན་འབྱུང་བའི་གནས་ཞིག་ཏུ་བོབ་ཅིག་གསུངས་ནས་འཕངས་པ་གནས་འདིར་བབ། དེ་ནས་བརྩམས་དྲན་ཐང་ཞེས་པའི་མིང་ཆགས། དེའི་ཚེ་འཇའ་འོད་མེ་ཏོག་གི་ཆར་དང་། ལྷའི་རྔ་སྒྲ། དྲི་བཟང་པོའི་ངད་པ་སོགས་ངོ་མཚར་བའི་


LT37_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན། ཞལ་ཆེམས་ལྟར་སྐུ་གདུང་ཧྲིལ་པོ་གནས་མཆོག་འདི་ཉིད་དུ་བཞུགས་པའི་ཚེ་དབྱར་ཟླ་ར་བའི་ཚེས་བཅོ་ལྔར་འབྲི་ཆུ་ལ་དར་ཆགས། དེང་སང་དྲན་ཐང་ལྷ་དར་ཟེར་བའི་རྒྱུན་དེ་ལས་བྱུང་། མཚན་མོར་ལྷ་འདྲེ་དུ་མས་བསྐོར་བ་དང་མར་མེ་འབུལ་བ་སོགས་དེ་ནས་བརྩམས་ད་ལྟའི་བར་མཐོང་སྣང་དུ་གྲུབ། བཞུགས་ཁང་རྙིང་པ་ཅུང་ཟད་གོག་པའི་རྣམ་པ་བྱུང་བའི་སྐབས། འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལུང་གིས་ཟིན་པའི་གངས་ཅན་ལྷ་གཅིག་སྲོང་བཙན་སྒམ་པོའི་སྣང་བརྙན་གཉིས་པ་ཆོས་ཀྱི་རྒྱལ་པོ་ས་སྐྱོང་སྡེ་དགེ་བསྟན་པ་ཚེ་རིང་མཆོག་ནས་འདན་ཡུལ་སྟོད་སྨད་དུ་དགོན་སྡེ་བཅོ་བརྒྱད་གསར་འདེབས་མཛད་པའི་སྐབས་སུ་གཙུག་ལག་ཁང་འདིའང་བསྐྲུན་པར་མཛད་ཅིང་། མཐིང་དམར་ཅོད་པན་འཆང་བའི་རྒྱལ་མཆོག་ཟུང་གི་གཙོས་རིས་མེད་ཀྱི་སྐྱེས་ཆེན་དུ་མས་ཚད་མར་འཛིན་ཏེ་ཞབས་ཀྱིས་བཅགས། ཁྱད་པར་བྱམས་མགོན་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་དེ་ཉིད་ཀྱི་ཕྲིན་ལས་གདུགས་དཀར་སྲིད་རྩེར་བསྒྲེང་བའི་སྐབས་སུ། འདིར་ཡང་དད་ལྡན་གྱི་ཡོན་སྦྱངས་ཞིང་སར་ཕུལ་བའི་ལྷ་འབངས་མཆོད་གཞིས་ལ་བརྟེན། ཕྱི་གཙུག་ལག་ཁང་གི་ལགས་གསོ། ནང་ཀརྨ་


LT37_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཀྱི་དགེ་འདུན་འདུས་པར་དར་རྒྱས་བཙུན་གསུམ་གྱི་ཕྱག་རྗེས་འགྲན་ཟླ་བྲལ་བར་མཛད། དེ་ཉིད་བསམས་བཞིན་ཏུ་སྐྱེ་བ་བཞེས་པ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོའི་ཞབས་ཀྱིས་ཀྱང་སྐུ་འབུམ་རིན་པོ་ཆེར་གྲང་གསེར་ལྗིབ་བྱུགས་ཀྱི་སྲི་ཞུ་སོགས་སྔོན་གྱི་ཕྲིན་ལས་རྗེས་སྐྱོང་གི་བསྟན་ཕན་མཛད་བཟང་རླབས་ཆེན་གནང་ཞིང་མདོར་ན་དབུས་གཙང་ཁམས་གསུམ་གྱི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་ཕྱག་མཆོད་བསྐོར་བའི་ཡུལ་དུ་གྱུར་པ་འབྲེལ་ཚད་དོན་ལྡན་གྱི་གནས་མཆོག་འདིའི་དྲི་གཙང་ཁང་གི་དབུས་ན། རྟེན་གྱི་གཙོ་བོ་མཁས་གྲུབ་སྨྲྀ་ཏི་ཛྙཱ་ནའི་སྐུ་འབུམ་རིན་པོ་ཆེ་བདུད་ལས་རྣམ་པར་རྒྱལ་ཏེ་མངོན་པར་བྱང་ཆུབ་པའི་མཆོད་སྡོང་གི་བཀོད་པ། བུམ་སྐུ་ཇོ་བོ་ཁ་སརྤ་ི། རིག་བྱེད་པ་རྒྱ་སྟོན་ཆེན་པོའི་ཕྱག་བཟོ་པ་ཆེན་ཉིད་ཀྱི་འདྲ་ཞལ་བྱིན་ཆེན། མཐིང་དམར་ཅོད་པན་འཆང་བ་ཟུང་གི་སྐུ། སངས་རྒྱས་གཉིས་པ་པདྨཱ་ཀ་རའི་སྐུ་བརྙན། སངས་རྒྱས་འོད་དཔག་མེད་པའི་སྐུ། ཤཱཀ་ཐུབ་དང་བྱམས་མགོན། འཕགས་པའི་གནས་བརྟན་བཅུ་དྲུག་གི་སྐུ། གྱང་ལོགས་སུ་ཚེ་དཔག་མེད་དང་རྡོར་སེམས་ཀྱི་སྐུ་བརྙན་སྟོང་རྩ། ཞལ་ཐང་གྲས་གསེར་བྲིས་སངས་རྒྱས་སྟོང་སྐུ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་ཐང་སྐུ་སྣ་ཚོགས་


LT37_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་། འདུ་ཁང་གི་ལོགས་བྲིས་སུ་སངས་རྒྱས་སྐྱེས་རབས་དཔག་བསམ་འཁྲི་ཤིང་། བདེ་ཆེན་ཞིང་གི་བཀོད་པ། ལྕང་ལོ་ཅན་གྱི་བཀོད་པ། མགོན་པོ་བེར་ཅན་འཁོར་ལྔ། གུར་ལྷ་བརྒྱད། རྒྱ་མཐོང་གི་ལོགས་བྲིས་སུ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་གཙོ་འཁོར་ལྔ། ཐོན་མཐིང་ཅོད་པན་འཆང་བ་ཡབ་སྲས། སོ་ཐར་སྡོམ་བརྒྱུད། གཡུ་ལོ་བཀོད་པ་དང་། ཟངས་མདོག་དཔལ་རིའི་ཞིང་བཀོད་སོགས་བཞུགས། སྒོ་ཁང་དུ་སྟོན་པའི་དམ་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་རྒྱལ་པོ་ཆེན་པོ་སྡེ་བཞིའི་བཞེངས་སྐུ། ལོགས་བྲིས་སུ་དམ་ཅན་རྡོར་ལེགས། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་གཙོ་འཁོར། ལྷ་སྨན་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ་སོགས་ཀྱི་བྲིས་སྐུ་རྣམས་བཞུགས་པ་ཡིན་ཅིང་། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་གྱི་པུསྟ་ཀ་སྟོང་ཕྲག་གསུམ་གྱི་གྲངས་ལྡན། བསྐོར་ཁང་དུ་འཁོར་ལོ་བདུན་བརྒྱ་ལྷག་ཙམ་ལ་ཡིག་དྲུག་དུང་ཕྱུར་ལྔ། བྱེ་བ་བརྒྱད། ས་ཡ་ཕྲག་གསུམ་ཡོད་པ་འཁྲུལ་མེད་སྐར་རྩིས་རི་མོས་གཏན་ལ་ཕབ་པ་ལགས། དེ་ལྟར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་མཆོད་བསྐོར་བ་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། དམ་ཆོས་


LT37_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོ་ལས། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དད། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགར་བརྗོད་པར་བྱས་པས་ཀྱང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོགས་ལུང་མཐའ་ཡས་པར་གསུངས་པས་གནས་སྐབས་སུ་ནད་མེད་པ་དང་། །གདོན་ཞི་བ་དང་། ཚེ་རིང་བ་དང་། བསོད་ནམས་དབང་ཐང་འཕེལ་བ་སོགས་དང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཀྱི་ཡོན་ཏན་ཁྱད་པར་ཅན་བརྒྱུད་དེ་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་ཏུ་བྱེད་པའི་རྒྱུར་འགྱུར་བ་གདོན་མི་ཟ་བས་དད་མོས་རྩེ་གཅིག་གི་སྒོ་ནས་གསོལ་འདེབས་སྨོན་ལམ། ཕྱག་བསྐོར་བ། སྤོས་འབྲུ་མར་མེ་ཕུལ་བ་སོགས་དགེ་བའི་


LT37_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་རླབས་སུ་སྐྱེད་ནས་ཐར་པའི་ས་བོན་རེ་བཞག་པར་ཞུ། ངོ་མཚར་པ་གྲུབ་མཐའ་ཡས་ཀྱང་། །ཕྱོགས་འདིར་འགྲོ་དོན་རླབས་ཆེ་བ། །དྲན་པའི་གདུང་རྟེན་ལས་འཕྲོས་པའི། །གཏམ་འདིས་ཐར་པའི་སྒོ་འབྱེད་ཤོག །རྟེན་མཆོག་མཐོང་ཐོས་དྲན་རེག་དགེ་བའི་འབྲས། །རྣམ་དཀར་ཆབ་ཀྱི་ཐིགས་པ་བྱང་ཆུབ་ཏུ། །ཡོངས་བསྔོ་དག་པའི་རྒྱ་མཚོ་ཆེར་འདྲེས་ཏེ། །ཀུན་ཏུ་བཟང་པོའི་རྣམ་ཐར་འཛིན་གྱུར་ཅིག །ཅེས་པ་འདིའང་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུང་གི་གནང་བ་བསྩལ་ལྟར། བྱམས་མགོན་ཏཱའི་སི་ཏུའི་བཀའ་འབངས་པ་ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གནས་དེ་ཉིད་དུ་གྲིས་པ་དགེ། སརྦ་ཐཱ་མངྒ་ལཾ།། །།

ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ།


LT37_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


LT37_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ས་གསུམ་ཀུན་ཏུ་ཁྱབ་པ་དགེ་ལེགས་བྱེ་བའི་སྣང་བ་ཆེ། །དྲི་མེད་ཡོན་ཏན་མཐའ་ཡས་དཀྱིལ་འཁོར་རྒྱས་པ་ལས་འཕྲོ་བས། །སྲིད་ཞི་ཉེས་པའི་མཐའ་ལས་དུས་གསུམ་རྟག་ཏུ་སྲུང་མཛད་པ། །རིན་ཆེན་རྣམ་གསུམ་བཀྲ་ཤིས་དཔལ་གྱིས་འཇིག་རྟེན་མཛེས་བྱེད་ཤོག༡། གདོད་ནས་རབ་ཞི་ཟབ་གསལ་གཉིས་མེད་མཁའ་ལྟར་ཀུན་ཁྱབ་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཀུན་ཏུ་སྣང་བའི་མཚན་དཔེ་རྒྱ་ཆེན་ཞིང་དང་སྐུ་སོགས་ཡེ་ཤེས་ལོངས་སྤྱོད་ཡོངས་སུ་རྫོགས། །སྣ་ཚོགས་ཅིར་ཡང་སྤྲུལ་པའི་རྣམ་ཐར་སྤྲིན་གྱི་བླ་བྲེ་འགྲོ་ཁམས་མཐར་ཐུག་ཡོངས་སུ་བཀོད། །བསྐལ་བཟང་འདྲེན་མཆོག་ཤཱཀྱའི་གཙོ་བོའི་ཞབས་ཀྱི་པདྨོར་ཡན་ལག་མཆོག་


LT37_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདུད་པར་བགྱི། ༢ །སྒྲིབ་གཉིས་འཆིང་བ་བྲལ་མཛད་ཡེ་ཤེས་མཚོན་ཆའི་གཟི་འབར་ཞིང་། །མཁྱེན་གཉིས་བློ་ཡི་མཆོག་སྦྱིན་གླེགས་བམ་ཕྱག་རྒྱའི་ཁུར་གྱིས་དུད། །དབྱངས་ཅན་མགྲིན་པའི་གླིང་བུར་རྟག་ཏུ་བརྩེ་དགར་རོལ་པ་དེས། །མི་འཇིགས་སྤོབས་པའི་གཏེར་ཆེན་རིང་པོར་མི་ཐོགས་གྲོལ་བར་མཛོད། ༣ །དམ་པའི་རྣམ་ཐར་དྲི་མ་མེད་པ་ཡིས། །ཐུབ་བསྟན་འཛིན་མཛད་འཕགས་དང་བོད་ཡུལ་ན། །དུས་གསུམ་གཤེགས་པའི་མཁས་གྲུབ་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་ཐལ་མོ་སྙིང་གར་ཟུམ། ༤ །ཁྱད་པར་གདོང་དམར་མུན་པའི་གླིང་རུམ་དུ། །ཐུབ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་བ། །སྤྲུལ་པའི་ཆོས་རྒྱལ་ལོ་པ་ཚོགས་རྣམས་ལ། །


LT37_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་རྗེས་དྲན་བསྔགས་པའི་བསྟི་སྟང་འབུལ། ༥ །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་རུ། །མུན་པས་ལྡོངས་པའི་འགྲོ་ཁམས་མཐའ་ཡས་པ། །འཁྲུལ་པའི་དབང་གྱུར་སྡུག་བསྔལ་རྦ་ལ་གཡེངས། །ལས་རླུང་དྲག་པོས་རྟག་ཏུ་བསྐྱོད་པ་ལ། ༦ །ཐུགས་རྗེའི་སྟོབས་མངའ་སྐྱེས་བུ་དཔའ་བོ་རྣམས། །བརྩོན་པའི་ཤུགས་ཀྱིས་སྨོན་ལམ་གྲུ་བཟུང་སྟེ། །འཁོར་བཞི་པའི་གྲོང་དུ་སྒྲོལ་བ་ལ། །སྐྱོ་ངལ་སྤངས་པའི་སྙིང་སྟོབས་ལྷག་པར་འབར། ༧ །རྩོད་པའི་དུས་ཀྱི་ཁྲི་མུན་ཉམ་ང་བར། །ལས་ཉོན་ཞགས་པས་དམ་དུ་འཆིངས་གྱུར་ཀྱང་། །དགྲོལ་བའི་ཐུགས་རྗེའི་ཕྱག་རིང་མ་བརྐྱང་བར། །དུས་གསུམ་འདྲེན་པ་ཡོངས་ཀྱིས་བཏང་སྙོམས་མཛད། ༨ །སྙིང་རྗེ་མཐའ་ཡས་བརྩོན་འགྲུས་ཕུལ་ཕྱིན་ཅིང་། །མགོན་མེད་བཤེས་སུ་གྱུར་པའི་ཐུགས་རྗེ་ཅན། །བདག་ཅག་སྟོན་པ་ཤཱཀྱའི་རྒྱལ་པོ་དེས། །མི་མཇེད་རྩོད་པའི་ཞིང་འདི་ཕྱག་མཚན་བཞེས། ༩ །ནམ་མཁའ་ཇི་སྲིད་འགྲོ་ཁམས་ཟད་མེད་ཅིང་། །དེ་སྲིད་རྒྱལ་བའི་ཐུགས་རྗེ་མི་ཟད་པས། །ཕྱོགས་བཅུའི་ཞིང་ན་དུས་གསུམ་གཤེགས་པ་ཡི། །མི་ཡི་སེང་གེ་དཔེ་དང་གྲངས་འདས་ཀྱང་། ༡༠ །ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་མངའ་བ། །སྟོན་པ་འདི་མཚུངས་ནམ་ཡང་མ་མཆིས་པས། །སྟོབས་བཅུ་མངའ་བ་སྲས་དང་བཅས་རྣམས་ཀྱིས། །བསྔགས་པའི་དྲིལ་ཆེན་ཞིང་ཁམས་རྒྱ་


LT37_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་སྒྲོག ༡༡ །རྒྱལ་བའི་རྣམ་ཐར་མཁའ་དང་སྙོམས་པར་ཞུགས། །སྐད་ཅིག་རེ་རེར་སྲིད་ལས་སྒྲོལ་བ་ཡི། །ཆོ་འཕྲུལ་འཕགས་པའི་བློས་ཀྱང་བརྟག་མི་བཟོད། །བཅུ་གཉིས་ལ་སོགས་ཕྱོགས་རེར་བརྗོད་པ་ཉིད། ༡༢ །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཡི། །མཛད་པའི་ཕུལ་གྱུར་ཆོས་འཁོར་བསྐོར་བ་ནི། །ལྷ་དང་བདུད་དང་ཚངས་པར་བཅས་པས་ཀྱང་། །བསྐོར་བར་མི་ནུས་ངོ་མཚར་ཆོ་འཕྲུལ་མཆོག ༡༣ །བསམ་ཡས་བརྗོད་ལས་འདས་པའི་སངས་རྒྱས་མཐུས། །འགྲོ་འདྲེན་མཐར་ཐུག་བསྟན་པ་གཅིག་པ་ནི། །ཆོས་ཉིད་བདེན་པ་ཇི་བཞིན་སྟོན་པ་སྟེ། །འཁོར་ལོ་ཀུན་གྱི་ངེས་དོན་ཐེག་པ་ཆེ། ༡༤ །ལྷ་ཀླུ་མི་དང་གནོད་སྦྱིན་དྲི་ཟ་སོགས། །འགྲོ་ཀུན་སྐད་དང་དབང་པོར་མཚུངས་སྣང་ཞིང་། །ཆོས་སྤྲིན་སར་བཞུགས་འཕགས་པའི་མཆོག་རྣམས་ཀྱིས། །སྐལ་པའི་སྤྱོད་ཡུལ་འཚམས་པར་བསྡུས་པ་ལས། ༡༥། ཆོས་ཀུན་རང་མཚན་མེད་སྟོན་སྤྲོས་བྲལ་གྱི། །འཁོར་ལོ་མཆོག་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པའི་གཞུང་། །གསེར་གྱི་གླེགས་བུར་བཻ་ཌཱུའི་ཡི་གེར་བྱོན། ༡༦ །དེ་ཉིད་རྣམ་སད་དྲི་ཟ་གདེངས་ཅན་གྱི། །བསོད་ནམས་མགྲོན་ཏུ་རིམ་པར་ཕེབ་པ་ལས། །སངས་རྒྱས་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྐྱེ་དགུའི་དཔལ་དུ་སྤྱན་དྲངས་ཏེ། །


LT37_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༡༧ །དངོས་བསྟན་སྟོང་ཉིད་རིག་པའི་ཚོགས་ཀྱིས་བཤད། །སྦས་དོན་མངོན་རྟོགས་རྒྱལ་ཚབ་ཆེས་བཀྲོལ་སོགས། །ཤིང་རྟ་བཞི་ཡི་ལམ་སྲོལ་ཆེན་པོ་ལས། །སྐྱེ་དགུ་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། ༡༨ །འབྲི་ཀློག་འཛིན་འཆང་བསྙེན་བཀུར་བགྱིད་པ་སོགས། །གླེགས་བམ་ཙམ་གྱི་འགྲོ་དོན་མཐའ་ཡས་པས། །བསྟན་ལ་སངས་རྒྱས་མཛད་པ་སྒྲུབ་པའི་ཆོས། །འདི་མཚུངས་འཕགས་བོད་ལྗོངས་སུ་ཡོངས་མ་བྱུང་། ༡༩ །གངས་ཅན་གདོང་དམར་མུན་པའི་གླིང་རུམ་དུ། །ཁྲི་ལྡེའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས་བསུས་ཏེ། །ཐུབ་བསྟན་ཉིན་བྱེད་ཐོག་མར་འཆར་བའི་ཚེ། ཁམས་པ་གོ་ཆ་རྣམ་སྣང་སྲུང་སོགས་ཀྱིས། ༢༠ །བསྒྱུར་ཅིང་ཞུས་ཏེ་གཏན་ལ་དབབས་མཛད་ནས། །རེག་ཟིག་སྔོ་དམར་བླ་འབུམ་སྐྱ་བོ་སོགས། །རྗེ་ཡི་ཐུགས་དམ་ལས་འཕྲོས་བློན་འབངས་ཀྱིས། །བཞེངས་པའི་གླེགས་བམ་ཕྲང་བས་གངས་ཅན་གཏམས། ༢༡ །བྱང་སེམས་ཁྱིམ་པའི་ཚུལ་འཛིན་འགའ་ཞིག་གིས། །འཕྲུལ་ཆེན་སྤར་གྱི་གླེགས་བུར་བསྐྲུན་ལས་ཀྱང་། །དབྱར་དུས་ཆུ་བོ་ཆུ་བྲན་ཇི་བཞིན་ཏུ། །བོད་ཁམས་ཀུན་ཏུ་ཕྲིན་ལས་ཉིན་བཞིན་འཕེལ། ༢༢ །མཆོག་གསུམ་རྟེན་མཆོག་གང་དུ་བཞུགས་པ་དེར། །ཐུབ་བསྟན་ཉམས་པ་མེད་པར་བཞུགས་པའི་ཕྱིར། །རྟེན་གསུམ་སྤྱི་དང་བྱེ་བྲག་གསུང་རྟེན་ཉིད། །དམ་ཆོས་འཕེལ་རྒྱས་གནས་པའི་བཙས་སུ་གྲུབ། །


LT37_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༢༣ །གསེར་དངུལ་མཚལ་དང་སྣག་ཚ་ཡན་ཆད་ཀྱིས། །རྒྱལ་བའི་གསུང་རབ་སྤྱི་དང་ཁྱད་པར་དུ། །ཤེར་ཕྱིན་གླེགས་བམ་བཞེངས་འདི་གནའ་བོ་ཡིས། །ཡ་རབས་འབྱོར་ལྡན་རྣམས་ཀྱི་ལུགས་བཟང་ཡིན། ༢༤ །བསྟན་སྐྱོང་མཁས་པའི་ཕྱག་རིས་གསུང་གི་རྒྱུན། །གྲྭ་ཟུར་མ་ཉམས་ལམ་མེར་གནས་པའི་དུས། །བློ་ཆེ་བློ་གཟེངས་བློ་གྲོས་བརྟན་རྣམས་ཀྱིས། །དོ་གལ་བྱས་དེ་དགོས་པ་ཆེན་པོ་ལྡན། ༢༥ །མཁས་དང་དམ་པའི་རྗེས་ཞུགས་ཚད་མ་ཡི། །ལུགས་བཟང་སྤྱོད་པ་སྙིགས་མའི་དུས་འདིར་དཀོན། །སྲོལ་ངན་དབྱར་གྱི་ཆུ་བྲན་ཤུགས་བདོ་བས། །བསོད་ནམས་དམན་དག་ལོག་པའི་ལམ་དུ་ཁྱེར། ༢༦ །དེ་མཐུས་སྣོད་བཅུད་དཔལ་འབྱོར་ཉམས་པ་ཡིས། །བློ་གྲོས་རྩལ་དང་འབྱོར་བའི་སྟོབས་མངའ་བ། །ནོར་བུའི་མཆོག་བཞིན་དཀོན་ཅིང་བརྒྱ་ལམ་ན། །མཆིས་པ་ཕལ་ཆེར་གཉིས་ཕུར་རྒྱུ་རུ་སྦྱོར། ༢༧ །གང་བློ་ལེགས་པའི་ལམ་དུ་ཞུགས་པ་དང་། །འབྱོར་པ་ཆོས་ཀྱི་ཕྱོགས་སུ་གཏོང་བ་ཡིས། །གཏན་བདེའི་འདུན་མ་སྒྲུབ་པའི་མཁས་པ་དེ། །ངོ་མཚར་ཨུ་དུམྦ་རའི་རྗེས་སུ་འགྲོ། ༢༨ །གངས་ཅན་ཐུབ་བསྟན་ཡོངས་ལ་མངའ་མཛད་པ། །ཕྱོགས་ལས་རྣམ་རྒྱལ་དགའ་ལྡན་ཕོ་བྲང་ཆེའི། །ཕྲིན་ལས་འཁོར་ལོས་སྒྱུར་བ་པྲཱ་སམྦད། །མདོ་ཁམས་ལྗོངས་སུ་གྲགས་པའི་མུ་ཁྱུད་གསལ། ༢༩ །


LT37_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེའི་མཛོད་འཛིན་ཆོས་སྲིད་ལུགས་ཟུང་ལ། །རྣམ་དཔྱོད་ཤེས་རབ་ཕུལ་དུ་བྱུང་བ་དེ། །རྣམ་དཀར་ལས་འཕྲོའི་ཤུགས་ཀྱིས་བསྐུལ་བ་ལས། །བློ་གྲོས་གོམས་སྟབས་དགེ་བའི་ལམ་དུ་འཚེལ། ༣༠ །ཛམྦུ་ནཱ་དའི་རི་བོར་གནས་བཅས་པའི། །གཉིས་སྐྱེས་ཐམས་ཅད་གསེར་གྱི་མདོག་ཏུ་སྣང་། །དམ་པས་བཟུང་བའི་སྐྱེ་བོ་དཔྱོད་ལྡན་ཀྱང་། །དམ་པ་བཞིན་ཏུ་བསྔགས་འོས་ཡོན་ཏན་ལྕི། ༣༡ །དཔལ་འབྱོར་ཆུ་ཤིང་བཞིན་ཏུ་སྙིང་པོས་དབེན། །ཟང་ཟིང་ཕལ་ཆེར་དགྲ་བོའི་གཡབ་མོ་ཉིད། །མི་ཚེ་གློག་གི་གར་མཁན་ཇི་བཞིན་ཏུ། །མི་བརྟན་གཡོ་བའི་ཆོས་ཅན་ལེགས་རྟོགས་ནས། ༣༢ །སྒྱུ་མའི་ནོར་ལས་སྙིང་པོ་ལེན་པ་དང་། །སྒྲིབ་གཉིས་སྦྱོང་ཞིང་ཚོགས་གཉིས་སྤེལ་ལ་སོགས། །ལྷག་པའི་བསམ་པ་སྟོན་ཟླའི་འཛུམ་ཟེར་གྱིས། །དགེ་མཆོག་ཀུནྡའི་དགའ་ཚལ་འདི་བཞད་དོ། ༣༣ །དངོས་འབྱོར་གཏོས་སུ་ཆེ་བའི་རྒྱུ་ཚོགས་དང་། །སྒོ་གསུམ་འབད་རྩོལ་ཆེན་པོས་རྐྱེན་སྦྱར་ཏེ། །ཡི་གེའི་རིས་བྱེད་མཁས་པའི་ཚོགས་རྣམས་ཀྱིས། །རྒྱལ་བའི་ཡུམ་གྱི་གླེགས་བམ་འདི་ཉིད་བསྐྲུན། ༣༤ །རིན་ཆེན་བཻ་ཌཱུའི་མདངས་འཛིན་གླེགས་བུ་ལ། །གསེར་སྦྱངས་ཞུན་མས་འཕྲུལ་ཆེན་ཡི་གེའི་གཟུགས། །གནམ་སྔོན་གསེར་གྱི་པ་ཏྲ་འཁྲུགས་པ་བཞིན། །རྒྱལ་གསུང་རྣམ་པ་ཐམས་ཅད་པ་རུ་བྱོན། ༣༥ །ཕར་ཕྱིན་བཅུ་ལ་ཐབས་དང་


LT37_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི། །གྲངས་ལྷག་གླེགས་བམ་ཉེར་སྤྱོད་ཡོ་བྱད་བཅས། །རིན་ཐང་ཆེ་ཞིང་སྤུས་ནམ་དག་པ་ཉིད། །བསོད་ནམས་ལྡན་པས་བསོད་ནམས་ཞིང་དུ་བསྒྲུབས། ༣༦ །དམན་པ་འགའ་ཞིག་འབྱོར་པས་མི་ཕོངས་ཀྱང་། །དགེ་བའི་བློ་གྲོས་ནམ་ཡང་སྐྱེ་བར་དཀའ། །ཕལ་ཆེར་ཆགས་དང་སེར་སྣའི་གཞན་དབང་གྱུར། །འདི་དང་གཏན་ཏུ་པྲེ་ཏའི་རྒྱུ་འབྲས་སྤྱོད། ༣༧ །དམ་པ་རྣམས་ནི་ནོར་གྱིས་ཆོག་ཤེས་ཤིང་། །དགེ་བའི་ཕྱོགས་སུ་འབྱོར་པའི་རྩལ་སྤྲུགས་པས། །ལྷར་བཅས་འཇིག་རྟེན་ཀུན་གྱིས་བསྔགས་འོས་ཤིང་། །བདེ་ནས་བདེ་བར་འགྲོ་བའི་འདུན་མ་གྲུབ། ༣༨ །བསམ་དང་སྦྱོར་བ་དངོས་པོའི་ཁྱད་པར་ཏེ། །རྣམ་དག་དམ་པ་གསུམ་ལས་སྐྱེས་པ་ཡི། །རྣམ་དཀར་རླབས་སུ་ཆེ་བ་འདི་བསྒྲུབས་པའི། །ཕན་ཡོན་བསྐལ་བརྒྱར་བརྗོད་ཀྱང་ཟད་མི་ཤེས། ༣༩ །རིན་ཆེན་ལས་བྱས་རྒྱལ་བའི་སྐུ་གཟུགས་དང་། །མཆོད་རྟེན་རྡུལ་སྙེད་བཞེངས་པའི་བསོད་ནམས་ནི། །ཤེས་རབ་ཕར་ཕྱིན་ཚིགས་སུ་བཅད་པ་གཅིག །བྲིས་ཤིང་ཀློག་པའི་དགེ་རྩས་ཟིལ་གྱིས་གནོན། ༤༠ །སྐུ་གཟུགས་མཆོད་རྟེན་རྒྱལ་བའི་ཞལ་ཚབ་སྟེ། །དམ་པའི་ཆོས་ནི་རྒྱལ་ཀུན་འབྱུང་བའི་གནས། །ཆོས་མཆོག་ཤེས་རབ་ཕར་ཕྱིན་རྒྱལ་བའི་ཡུམ། །སྲས་བཅས་རྒྱལ་བ་ཀུན་ཀྱང་བསྟི་སྟང་མཛད། ༤༡ །


LT37_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ལེགས་སྤྱད་རྒྱ་མཚོ་ཆེན་པོ་འདིར། །སྲིད་ཞིའི་ཡོན་ཏན་ཆུ་ཀླུང་ཀུན་སྡུད་པས། །མངོན་མཐོ་ངེས་པར་ལེགས་པའི་ནོར་བུའི་ཆར། །འཕྲལ་དང་ཡུན་ཏུ་ཟད་མི་ཤེས་པ་འཛེ། ༤༢ །བྱང་ཆུབ་གཏེར་དུ་ཆུད་པའི་རྣམ་དཀར་གང་། །མི་འཛད་གོང་དུ་འཕེལ་བ་ཆོས་ཉིད་ཕྱིར། །ལེགས་བྱས་འདི་ཡང་སངས་རྒྱས་སྲས་བཅས་ཀྱིས། །ཇི་ལྟར་བསྔོས་བཞིན་ཡོངས་སུ་བསྔོ་བར་བགྱི། ༤༣ །ལས་འདི་ཐོག་མར་རྩོམ་འདོད་བློ་སྐྱེས་པས། །ཐེག་ཆེན་རིགས་སད་བྱང་ཆུབ་ས་བོན་ཐེབས། །སྨོན་འཇུག་སེམས་སྐྱེས་མཁྱེན་གསུམ་ཐོས་བསམ་གྱི། །སྣོད་ལྡན་སྐྱེས་བུ་ཆེན་པོ་ཉིད་གྱུར་ཅིག ༤༤ །བར་དུ་རྟག་གུས་སྦྱོར་བས་བསྒྲུབས་པའི་མཐུས། །ཕ་རོལ་ཕྱིན་དང་བསྡུ་དངོས་བཞི་ལ་སོགས། །བཟང་པོ་སྤྱོད་པའི་མཐར་སོན་སྦྱོར་བཞི་ཡི། །ལམ་གྱི་མངོན་རྟོགས་ཡོངས་སུ་རྫོགས་གྱུར་ཅིག ༤༥ །དགེ་རྩ་མཐའ་རུ་ཕྱིན་པའི་འབྲས་བུ་ཡིས། །རང་དོན་སྤྲོས་བྲལ་ཆོས་ཀྱི་སྐུ་བརྙེས་ནས། །གཞན་དོན་གཟུགས་སྐུ་རྣམ་པ་གཉིས་པོ་ཡིས། །འཁོར་བ་མ་སྟོང་བར་དུ་དོན་བྱེད་ཤོག ༤༦ །རྒྱུ་སྦྱོར་རྐྱེན་བྱེད་ཆེ་ཆུང་འབྲེལ་ཐོགས་རྣམས། །བདེན་གཉིས་དོན་རྟོགས་ཚོགས་གཉིས་ཡོངས་སུ་རྫོགས། །སྐུ་གཉིས་མངོན་གྱུར་ཐེག་མཆོག་ཆོས་ཀྱི་སྒྲས། །འགྲོ་ཀུན་མ་རིག་གཉིད་ལས་སློང་བྱེད་ཤོག །


LT37_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༤༧ །གནས་སྐབས་འཇིགས་པ་བརྒྱད་དང་བཅུ་དྲུག་དང་། །ལས་ཉོན་སྒྲིབ་པའི་མུན་པ་ཀུན་སངས་ཏེ། །ཚེ་བསོད་འབྱོར་པའི་པདྨོའི་དགའ་ཚལ་དུ། །ལུང་རྟོགས་ཡེ་ཤེས་སྦྲང་རྩིའི་བཅུད་རྒྱས་ཤོག ༤༨ །རྟེན་མཆོག་འདི་ཡང་བསྐལ་མཐར་ཉམས་མེད་པར། །འཚོ་གཞེས་འགྲོ་དོན་དཔག་མེད་འབྱུང་བ་དང་། །གང་དུ་བཞུགས་པའི་ས་ཕྱོགས་བྱིན་ཆགས་ཤིང་། །བཀྲ་ཤིས་བདེ་ལེགས་སྣང་བས་ཁྱབ་པར་ཤོག ༤༩ །འདི་ལ་མཆོད་ཅིང་སྲི་ཞུ་བྱེད་པ་རྣམས། །འཇིག་རྟེན་ཀུན་གྱིས་མཆོད་པའི་གནས་ཐོབ་ཅིང་། །དད་པས་འཛིན་འཆང་ཀློག་པར་བྱེད་པ་རྣམས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནུས་ཤོག ༥༠ །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །བསྟན་འཛིན་ཐམས་ཅད་བསྐལ་བརྒྱར་ཞབས་བརྟན་ཅིང་། །འཇིག་རྟེན་ཀུན་ཏུ་རྫོགས་ལྡན་དཔལ་གྱིས་འབྱོར། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག ༥༡ །འཆི་མེད་བུམ་བཟང་རིང་འཚོའི་བཅུད་གཏམས་ནད་མེད་པད་མོའི་ལང་ཚོ་རྒྱས། །བསོད་ནམས་གདུགས་དཀར་ཉམས་པ་མེད་འཁོར་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་བརྟན། །བློ་གྲོས་དཔལ་བེའུའི་རེ་ཁཱ་རབ་


LT37_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་རྣམ་དཔྱོད་གསེར་གྱི་ཉ་མོ་འཁྱུག །མངའ་ཐང་འཁོར་ལོས་རང་དབང་སྒྱུར་ཅིང་སྙན་གྲགས་དུང་དཀར་སྒྲོག་གྱུར་ཅིག ༥༢ །གཟུགས་སོགས་དངོས་པོས་གདོད་ནས་སྟོང་ཞིང་སྤྲོས་པ་ཀུན་བྲལ་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རྣམ་པར་རྟོག་པའི་མཚན་མ་མེད་ཀྱང་སྒྲ་རྟོག་རྗེས་ཞུགས་བྱང་ཆུབ་ཕྱོགས་ཆོས་ཁོང་དུ་ཆུད། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་སྨོན་པ་མེད་པའི་འབྲས་བུ་མཆོག་ལ་མངའ་དབང་སྒྱུར། །དོན་གཉིས་མཐར་ཕྱིན་ཆོས་ཀྱི་རྒྱལ་པོའི་མཛད་པའི་སྣང་བས་ཞིང་ཁམས་ཀུན་ཁྱབ་བཀྲ་ཤིས་ཤོག ༥༣ །ཅེས་གནམ་བརྐོས་དགའ་ལྡན་ཕོ་བྲང་གི་བཀའ་ཡི་ཕྲིན་བློན་མདོ་ཁམས་སྤྱི་ཁྱབ་ཆེན་མོའི་ལུགས་ཟུང་གི་མཛོད་གཉེར་པ། བསོད་ནམས་རྣམ་དཔྱོད་དགེ་བློ་ཕུལ་དུ་བྱུང་བ་པྲཛྙཱའི་མཚན་ཅན་ནས། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་རིན་ཆེན་དང་པོ་ལས་བཞེངས་པའི་དཀར་ཆག་སྨོན་ཚིག་དང་འབྲེལ་མར་གང་གི་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་དགོན་གྱི་དབྱར་གནས་ཁང་བཤད་


LT37_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྟག་བརྟན་དར་རྒྱས་གླིང་དུ་བྲིས་པ་དགེ་ལེགས་འཕེལ། སརྦ་དཱ་ཀ་ལྱཱ་ཾ་བྷ་བན་ཏུ།། །།

ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག


LT37_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག་བཞུགས་སོ།། །།


LT37_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །འཇིག་རྟེན་ལྷ་དང་བཅས་པའི་འདྲེན་མཆོག་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཐུགས་རྗེ་དང་བཀའ་དྲིན་ཚད་མེད་པ་དེ་ཉིད་ཀྱི་སྐུ་བརྙན་མཐོང་བ་དོན་ལྡན་འདིའི་ལོ་རྒྱུས་ཟུར་ཙམ་བརྗོད་ན། ཡུལ་དབུས་མ་ག་དྷ་རྡོ་རྗེ་གདན་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་གནྡྷོ་ལ་བཀོད་པ་བསམ་གྱིས་མི་ཁྱབ་པ་བཞེངས་པའི་སྐབས། སྟོན་པས་ཆོས་འཁོར་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས་པའི་གནས་བྱ་རྒོད་ཕུང་པོའི་རི་བོའི་རྡོ་ལ་ཀླུ་སྒྲུབ་ཉིད་ཀྱིས་ཕྱག་བརྐོས་མཛད་ནས་ཐུབ་དབང་སྐུ་བརྙན་བརྒྱ་རྩ་ལ་སོགས་པ་དང་། བསིལ་ཚལ་གྱི་རྡོ་ནག་ལ་བསྟན་སྲུང་གཙོ་བོ་ཕྱག་བཞི་ཕྱག་དྲུག་ལ་སོགས་པ་མང་དུ་བཞེངས་ནས་རབ་ཏུ་གནས་པར་མཛད།


LT37_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ཁ་ཆེ་པ་ཆེན་ཤཱཀྱ་ཤྲཱིའི་དུས་ཀླ་ཀློའི་དམག་གིས་རྒྱ་གར་གྱི་གཙུག་ལག་ཁང་རྣམས་བཤིགས། བསྟན་པ་རྗེས་མེད་དུ་བྱས་སྐབས་ཁྱིམ་བདག་དད་ཅན་ཞིག་གི་ལག་ཏུ་སྐུ་འདི་བྱུང་བས་ཁང་ཚང་ཚེ་བསོད་དབང་ཐང་འཕེལ་བས་ལྐོག་ཏུ་ཉར་ཚགས་བྱས་པ་ཡིན་འདུག །སྙིགས་མའི་དུས་ཁུག་བཅོ་བརྒྱད་གསུངས་པ་ལས་དེང་སང་བཅུ་པའི་སྨད་དུ་སླེབ་ངེས་པའི་རྟགས་ཕྱི་ནང་ཀུན་གྱིས་ཤེས་མཐོང་མང་། མངོན་རྟགས་ཕི་ལིང་པས་བོད་ལ་མངོན་ལྐོག་འཚེ་བས་གཙེས། གངས་ཅན་བསྟན་པའི་བདག་པོ་གཞུང་ས་དགའ་ལྡན་ཕོ་བྲང་གི་རྫོང་ཆེན་བརྒྱ་དང་བཅོ་བརྒྱད་ནང་ཚན་རྒྱ་གར་དང་འདབ་འབྲེལ་བའི་ཕག་རི་རྫོང་དུ་མཐའ་དམག་སླེབ་པ་ཕྱིར་ཟློག་པའི་ཆེད་དུ་གཞུང་


LT37_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ནང་བློན་ཕྱི་བློན་དམག་མི་མང་པོ་སོང་ནས་ལོ་ཁ་ཤས་ལ་དམག་སྒར་སྡོད་སྐབས། རྩེའི་མགྲོན་གཉེར་ཆེན་མོ་གུང་ཐང་བ་ལ་རྒྱ་གར་ཡུལ་དབུས་སུ་སོང་བའི་ཚོང་བ་ཞིག་གིས་ཁྱེར་ནས་གཟིགས་ཕུལ་བ། །ཐུབ་སྐུའི་བསླུ་ཡོན་དང་གླ་རྔན་དགའ་སྟོན་ཆེན་པོ་གནང་། ལྷ་ལྡན་ཏུ་སྤྱན་དྲངས། ལྷ་སར་ཇོ་ཤཱཀཱ་མཆེད་གཙོས་རྟེན་ཁྱད་པར་ཅན་མང་པོ་བཞུགས་པས་ཁམས་སུ་འགྲོ་དོན་ཆེ་བར་དགོངས་ནས། སྡེ་དགེའི་ཚོང་དཔོན་ཞིག་གདོང་འདིར་ཆེད་བསྐུར་མཛད་བྱུང་བ། རང་ལོ་གྱ་དྲུག་པས་ཁྱི་དབོ་ཟླའི་དཀར་ཕྱོགས་རྫོགས་པ་དང་པོའི་ཚེས་ལ་གནས་དུས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉིན་སྒྲུབ་གནས་འདིར་ཕེབ་པ་མཉམ་མེད་ཐུབ་པའི་དབང་པོ་དངོས་མཇལ་བ་ལྟ་བུའི་བསོད་ནམས་སྐལ་པ་མི་དམན་པའི་སྤྲོ་དགའ་ཐོབ། དེ་ལ་འཁྲུལ་པ་མེད་པའི་རྟགས་སུ་སྐུའི་པད་གདན་མན་ཆད་རྡོ་རྒོད་འཁར་སེ་དཀར་པོ་མགར་བླུགས་སུས་ཀྱང་ཅི་བྱར་མེད་ཅིང་ལྕགས་ཆ་ཚད་ན་ཆག་འགྲོ་བ་དེ་རིགས་ཡིན་འདུག །བྱ་རྒོད་ཕུང་པོའི་རི་ལ་སྟོན་པས་ཆོས་འཁོར་བསྐོར་བའི་སྐབས་བྱང་སེམས་ཉན་ཐོས་འཕགས་པ་རྣམས་དང་སོ་སྐྱེའི་འཁོར་གྲངས་ལས་འདས་པ། ལྷ་ཀླུ་གནོད་སྦྱིན་སོགས་མི་མ་ཡིན་བསམ་གྱིས་མི་ཁྱབ་པའི་འདུ་བའི་གནས་སུ་བཤད་པ་ནི་དེ་སྐབས་སངས་རྒྱས་ཉིད་ཀྱི་བྱིན་རླབས་མ་གཏོགས་དངོས་གནས་ཐུན་མོང་གི་མཐོང་ངོར་


LT37_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་ཡུལ་ཤིན་ཏུ་རྒྱ་ཆེ་བ་ཐམས་ཅད་ཐང་ཡངས་པ་ཁོ་ན་ལ་རི་བོ་ཕྲན་བུ་ཡོད་རིགས་ལ་མིང་ཆེན་པོ་བཏགས་པ་ཡིན་འདུག་པས། བྱ་རྒོད་སྤུངས་པའི་རི་ཡང་ཐང་ཆེན་མིག་མི་བཟོད་པའི་དབུས་སུ་སྤང་རི་འབུར་དིས་ལ་རྡོ་འཁར་སེའི་ཕ་ཝཾ་མང་པོ་བྱ་རྒོད་བབས་པ་འདྲ་བ་ཡོད་པས་དེ་དོན་གྱིས་བཏགས་པ་རེད་ཚུལ་ཆགས་ལོའི་ལམ་ཡིག་སོགས་ལས་གསལ་ཞིང་ཞྭ་དམར་དཀོན་མཆོག་ཡན་ལག་ནས་ཀྱང་དེ་ཉིད་འབྲི་བར་མཛད་འདུག་པ་དང་། དེང་སང་མོན་ལ་ཚོང་པ་འགྲོ་མཁན་ཕལ་ཆེར་དེར་སླེབས་པས་མཇལ་ཚུལ་བཤད་པ་དང་འགྲིགས་འདུག །རང་ལའང་བྱིན་རླབས་ཀྱི་རྟགས་མཚན་ཡིད་ཆེས་བ་བྱུང་། འདིའི་སྔོན་རོལ་དུ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ལྷ་ས་བྱོན་སྐབས་ཁུངས་ལྡན་ནས་ཕྱག་ཏུ་སོན་པའི་བྱང་ཆུབ་ལྗོན་ཤིང་གི་ལོ་འདབ་མ་ཉམས་པ་ཞིག་གནང་བྱུང་བའང་རྟེན་འབྲེལ་གྱི་སྒོ་འབྱེད་དུ་མངོན། སྐུ་བརྙན་རིན་པོ་ཆེ་འདི་ཉིད་ཀྱི་བཞུགས་གདན་སེང་ཁྲི། རྒྱབ་ཡོལ་རྒྱན་དྲུག །དབུ་གདུགས་བཅས། མདུན་མཆོད་མཎྜལ་རི་རབ་གླིང་བཞིའི་བཀོད་པ་ཅན་རྣམས་གསེར་དངུལ་ལས་བཅོས་ཤིང་རང་ལག་གང་ཡོད་ཀྱི་རིན་པོ་ཆེ་རྡོ་རྗེ་ཕ་ལམ། ཨིནྡྲ་ནཱི་ལ། པདྨ་རཱ་ག །མ་རྐེ་ཏ། མུ་ཏིག་གཡུ་བྱེར་སོགས་བཀོད་པ་ཕུན་སུམ་ཚོགས་པའི་ཞབས་ཏོག་ཞུས། མདོ་སྨད་རྒྱལ་ཁམས་


LT37_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་བྱེ་བྲག་གི་ས་བཅུད་ཡུལ་རྒྱན་དུ་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་འོད་གསལ་གླིང་གི་ནང་རྟེན་ཏུ་བཞུགས་སུ་གསོལ་བ་ལགས། སྔར་དུས་རང་ལོ་བཞི་བཅུ་ནང་སླེབས་སྐབས་རྫོང་སར་དགོན་ནས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཁྱོད་ནས་ཐུབ་པའི་མཛད་པ་རྒྱ་ཆེར་རོལ་པའི་བཀོད་ཡིག་ཚང་བ་དང་དེའི་ཐང་སྐུ། མདོ་སྡེ་དངོས་གསེར་དངུལ་ལས་བྲིས་པ་ཞིག་ཅི་ནས་བཞེངས་དགོས་པར་འདུག་གསུངས་པ་ལྟར་བཀོད་ཡིག་ལ་མཛད་པ་བཅུ་གཉིས་ཚང་བ་མདོ་སྡེ་གཞན་ནས་ཁ་བསྐངས་པ་བྲིས། སྐྱེས་རབས་ཞལ་ཐང་ཀུན་མཁྱེན་དྷརྨཱ་ཀ་རའི་ཕྱག་བྲིས་བྱིན་རླབས་ཅན་ལ་དཔེ་བྱས་ནས། ཀར་ཤོད་ལྷ་བཟོ་ཤིན་ཏུ་མཁས་པའི་དགེ་སློང་སྡོམ་གཙང་ཞིག་ལ་ཞལ་ཐང་ལྔ་ཚར་དུ་བྱས་ནས་བྲི་བཅོལ། མདོ་སྡེ་ཤོག་ནག་གསེར་བྲིས་པོད་དེ་འཕྲལ་དུ་གྲུབ་པར་བྱས་པ་དེ་ཉིད་ཀྱང་འབྱུང་འགྱུར་ལུང་བསྟན་གྱི་ཚུལ་ཐུབ་སྐུ་སངས་རྒྱས་དངོས་མཚུངས་འདི་ཉིད་ཐོབ་པའི་ལུང་བསྟན་དང་བྱིན་རླབས་འཇུག་པའི་གཞི་ལ་དགོངས་པར་ཡིན་པར་སྣང་། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་


LT37_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་འཆར། །ཞེས་དང་། ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རིལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབས། །ཞེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུའི་སྣང་བ་དང་། ཕྲིན་ལས་ཀྱི་འཇུག་པ་ནི་ཉེ་རིང་མི་མངའ་བར་འཇིག་རྟེན་ཀུན་ལ་ཁྱབ་ཀྱང་སེམས་ཅན་རང་རང་གི་སྐལ་པ་དང་བསམ་པའི་ཁྱད་པར་དང་། དད་མོས་ཀྱི་ཉེར་ལེན་ལས་གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་ཉིད་ཡུལ་དད་འཚམས་པར་སྣང་བར་ལུང་གིས་གྲུབ་ཅིང་། གསུང་རབ་དྲི་མ་མེད་པ་རྣམས་ལས་སངས་རྒྱས་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་པོ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་ཞིང་ཡོན་ཏན་གྱི་གནས་དམ་པ་མཆོག་རབ་ཕུལ་དུ་བྱུང་བ་ཡིན་པའི་རྒྱུ་མཚན་གྱིས་དེ་དག་གི་རྟེན་གསུམ་ཡང་དེ་དང་མཚུངས་པར་དེ་དག་ལ་བྱ་བ་བྱས་པའི་ཕན་ཡོན་རྒྱ་ཆེན་དཔག་ཏུ་མེད་པར་གསུངས་པ་ཐམས་ཅད་འདིར་འབྲི་བར་མ་ནུས་ཀྱང་མདོ་སྡེ་རྣམས་སུ་གསལ་བ་ལྟར་ལ། མདོར་ན་སངས་རྒྱས་དང་དཀོན་མཆོག་ཅེས་པའི་སྒྲ་ཐོས་པ་ཙམ་ཡང་འཁོར་བ་མཐའ་ཅན་དུ་འགྱུར་བ་དང་། ཤཱཀྱ་ཐུབ་པའི་ཐུགས་བསྐྱེད་ཆེན་པོའི་སྟོབས་ཀྱིས་ཐུབ་པའི་དབང་པོའི་བསྟན་པ་འདི་ལ་ལུས་བླངས་ཚད་སངས་རྒྱས་མོས་པ་སྣང་


LT37_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བྱོན་པ་ཚུན་ཆད་དུ་གྲོལ་བར་འབྱུང་བ་དང་། ཤིན་ཏུ་གདུལ་བར་དཀའ་བའི་གླིང་གཞན་དང་སངས་རྒྱས་མ་བྱོན་པའི་ཞིང་གཞན་པའི་འགྲོ་བ་དག་ཀྱང་རྩོད་དུས་ཀྱི་སྙིགས་མར་ཞིང་འདིར་སྐྱེས་ཏེ་དཀོན་མཆོག་གི་མཚན་ཐོས་པས་ཐར་པའི་ས་བོན་ཐེབས་པར་གསུངས་པ་དང་ཀུན་རིག་རྣམ་པར་སྣང་མཛད། འོད་དཔག་མེད། མི་འཁྲུགས་པ། སྨན་གྱི་བླ་མ། སངས་རྒྱས་སོ་ལྔ་སོགས་ཀྱི་མཚན་ཐོས་པའི་ཕན་ཡོན་དང་ཞིང་གི་བཀོད་པ་ཐོས་པ་རྣམས་ཀྱང་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་འདི་ཁོ་ནའི་ཐུགས་རྗེ་ལས་བྱུང་བ་དང་། སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་བསྐལ་པ་བརྒྱད་ཁྲིའི་སྡིག་པ་བྱང་ཞིང་འཁོར་བ་ལས་ཕྱིར་བསྙིལ་བར་གསུངས་པ་དང་། དམ་བཅའ་ཆེན་པོ་ལྔ་བརྒྱ་བཞེས་པའི་ནང་ཚན་ལས། གང་དག་བདག་ལ་སྟོན་པའི་འདུ་ཤེས་སམ་གུས་པའི་སེམས་བསྐྱེད་པར་འགྱུར་བ་དེ་དག་ལས་བདག་གིས་ཐན་སེམས་ཅན་འགའ་ཞིག་ཙམ་སྤངས་ཏེ་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པར་ལུང་སྟོན་པར་མ་བགྱིས་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་བར་འགྱུར་བས་བདག་འཚང་མི་རྒྱ་བར་གྱུར་ཅིག །ཅེས་སྔོན་གྱི་སངས་རྒྱས་རྣམས་དབང་དུ་བཀོད་ནས་དམ་བཅའ་མཛད་པ་གྲུབ་ནས་སངས་རྒྱས་ཟིན་པས། སྟོན་པ་དེའི་གདུལ་


LT37_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་གྱུར་པ་བདག་ཅག་རྣམས་ཀྱི་སྟོན་པ་དེའི་ཡོན་ཏན་དང་བཀའ་དྲིན་དྲན་པས་དད་མོས་ཆེན་པོ་དང་བདག་ཅག་རྣམས་ཀྱི་སྟོན་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱས་ན་འཆི་ཁའམ་བར་དོའི་སྐྱེ་བ་ཕྱི་མ་ཚུན་ཆད་དུ་དབང་པོ་རབ་རྣམས་བྱང་སེམས། འབྲིང་རང་རྒྱལ། ཐ་མ་ཉན་ཐོས་དགྲ་བཅོམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་བ་ལ་བསླུ་བ་མེད་པ་དང་། སྙིང་པོ་མུ་ནི་འདིའང་མདོ་རྒྱུད་གཉིས་ཀ་ལས་ལན་གཅིག་བཟླས་པས་བསྐལ་པ་བརྒྱད་ཁྲིའི་སྡིག་པ་འབྱང་བ་སོགས་ཕན་ཡོན་ཚད་མེད་པ་གསུངས་ཤིང་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་བྱ་བའང་འདི་ཉིད་ཡིན་པས་བཟླས་པ་ཙམ་གྱིས་སྒྲིབ་གཉིས་བྱང་ཞིང་མྱུར་དུ་སངས་རྒྱས་འཐོབ་པའི་གདམས་པ་ཁྱད་པ་ཅན་ཏུ་གསུངས་པ་དང་། རྣམ་པ་ཀུན་ཏུ་རང་གི་ཐུབ་པའི་དབང་པོའི་སྐུའི་རྣམ་པ་དྲན་ཅིང་གསལ་གདབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་ཏིང་འཛིན་རྒྱལ་པོ་ལས་གསུངས་པས་དེའི་དམིགས་རྐྱེན་ཀྱང་སྐུ་བརྙན་མཐོང་གྲོལ་འདི་ལྟ་བུ་མཇལ་ཞིང་ཡིད་ལ་གོམས་པར་བྱས་པ་ལས་འབྱུང་བ་དང་། ཚུལ་ཁྲིམས་ཉམས་པ་དག་གིས་ཀྱང་ཐུབ་པའི་དབང་པོ་ལ་སྙིང་ནས་སྐྱབས་འགྲོ་བྱས་ན་ངན་འགྲོ་ལས་ཐར་ཞིང་རིམ་གྱིས་ཐར་པ་ཐོབ་པ་མདོ་ཉི་མའི་སྙིང་པོ་ལས་གསུངས་པ་སོགས་དྲན་པར་བྱ་བ་གལ་ཆེ། དད་མོས་ཀྱི་ཉེར་ལེན་ཡོད་ན་སངས་རྒྱས་རྣམས་ལ་ཉེ་རིང་མི་མངའ་བས་རང་གི་


LT37_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཏུ་མངོན་སུམ་དུ་བཞུགས་པ་ཡིན་ཏེ་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ནི་མདུན་ན་ཐུབ་པ་རྟག་ཏུ་བཞུགས། །ཞེས་གསུངས་པས་སྐུ་བརྙན་འདིའང་དངོས་སུ་ངེས་ཤེས་སྐྱེས་ན་ཐུབ་དབང་དངོས་ཞལ་མཇལ་བ་དང་ཁྱད་པར་མེད་ཅིང་། མདོ་གཞན་ལས་ཀྱང་སངས་རྒྱས་ཉིད་ཡིད་ལ་བྱེད་པ་དང་ཞག་བདུན་ཏུ་མ་བྲལ་ན་སྒྲིབ་པ་ཟད་ཅིང་སངས་རྒྱས་མངོན་སུམ་དུ་མཐོང་བར་འགྱུར་བ་སྔོན་རབས་ཀྱི་ལོ་རྒྱུས་དང་བཅས་ཏེ་རྒྱ་ཆེར་གསུངས་པ་ལ་ཡིད་ཆེས་པར་བྱའོ། །དེ་ལྟ་བུའི་སངས་རྒྱས་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་དངོས་དང་དེ་དག་གི་རྟེན་ལ་ཕྱག་འཚལ་བ་དང་བསྐོར་བ་བྱས་པ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་པ་གསུང་རབ་རྣམས་ལས་རྒྱ་ཆེར་འབྱུང་ཞིང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས། །དེ་ཕྱིར་བདེ་ཞིང་སྐྱིད་བར་འདོད་རྣམས། །དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་གསུངས་པ་སོགས་མཐའ་ཡས་སོ། །བྱེ་བྲག་སྐུ་བརྙན་ལ་མཆོད་པའི་ཕན་ཡོན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་སོགས་མདོ་སྡེ་རྣམས་ལས་རྒྱ་ཆེར་འབྱུང་བ་སོ་སོར་འབྲིར་མ་ལོངས། མདོར་བསྡུས་དམ་ཆོས་པདྨ་དཀར་


LT37_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། །རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང་། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་རབ་ཏུ་རྡུང་བྱེད་ཅིང་། །པི་ཝང་དང་ནི་ཕོག་དང་འཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། །ཨེ་ཀོ་ན་དང་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་རྡུང་བཅུག་དང་། །ཆུ་ལ་བརྡབས་དང་ཐལ་མོ་བརྡབས་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་བླངས་དང་། །རིང་བསྲེལ་དེ་དག་རྣམས་ལ་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དད། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡིས་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །


LT37_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཤེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་གསུངས་པ་དང་། དེ་ལ་མཆོད་པ་ཞེས་སྤྱི་སྒྲ་ཡིན་ཏེ། བྱེ་བྲག་ཏུ་ཕྱག་འཚལ་བ་སོགས་ཡན་ལག་བདུན་གཙོ་བོར་གྱུར་པའི་བཀུར་སྟི་རེ་རེའི་ཕན་ཡོན་ཀྱང་ཚད་མེད་པ་མདོ་སྡེ་ལས་རྣམ་འབྱེད་སོགས་གསུང་རབ་རྣམས་ལས་རྣམ་གྲངས་དུ་མར་གསུངས་ཤིང་། དེ་རྣམས་ལས་ཁྱད་པར་མཎྜལ་ཕུལ་བའི་ཕན་ཡོན་ཀྱང་ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་གང་ལ་ལ་སེམས་དྭངས་བས་དེ་བཞིན་གཤེགས་པའི་ཆེད་དུ་གྲུ་བཞིའམ། ཟླ་གམ་མམ། ཟླུམ་པོའམ། སོག་ཀར་མཎྜལ་བྱས་ན། དེ་རིམ་པ་ཇི་ལྟ་བར་བྱང་གི་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལོངས་སྤྱོད་དང་། ལྷོའི་འཛམ་བུ་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། རིམ་པ་ཇི་ལྟ་བར་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགར་སྐྱེ་བར་འགྱུར་བ་ང་སྨྲའོ། །ཞེས་གསུངས་པས་མཚོན་མཐའ་ཡས་ཤིང་། ཡང་། ཀུན་


LT37_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱེད་པའི་སེམས་ཅན་དེ་རྣམས་ཡོངས་སུ་བཟུང་ཞིང་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་སོགས་གོང་དུ་དྲངས་པའི་ལུང་དང་། གཞན་ཡང་སྤྱན་རས་གཟིགས་ཀྱིས་ཞུས་མདོ་དང་། གསལ་རྒྱལ་གྱིས་ཚིགས་སུ་བཅད་པ་ལ་སོགས་པ་ལས་རྒྱ་ཆེར་གསུངས་པ་མང་པོའི་དོན་བསྡུས་འཕགས་པ་ཐོགས་མེད་ཀྱི་བྱང་ས་ལས། བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་ལ་མཆོད་པ་ནི་མདོར་བསྡུ་ན་རྣམ་པ་བཅུ་སྟེ། སྐུ་ལ་མཆོད་པ་དང་། མཆོད་རྟེན་ལ་དང་། མངོན་སུམ་དང་མངོན་སུམ་དུ་མ་ཡིན་པར་དང་། བདག་གིས་བྱས་པའི་དང་། གཞན་བྱེད་དུ་གཅུག་པའི་དང་། རྙེད་པ་དང་། བཀུར་སྟིའི་མཆོད་པ་དང་། རྒྱ་ཆེན་པོའི་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་དང་། སྒྲུབ་པའི་མཆོད་པའོ། །དང་པོ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཉིད་ལ་དངོས་སུ་མཆོད་པ་བྱེད་པའོ། །གཉིས་པ་ནི་དེའི་མཆོད་རྟེན་ནམ་གཙང་ཁང་ཕྱུར་བུའམ་གཙང་ཁང་ངམ། མཆོད་རྟེན་རྙིང་པའམ་གསར་པ་ལ་མཆོད་པ་བྱེད་པའོ། །གསུམ་པ་ནི་དེ་དག་དབང་པོ་ལ་སྣང་བར་མངོན་སུམ་ཉིད་དུ་མཆོད་པ་སྟེ། ལྷག་པའི་བསམ་པ་དང་དགའ་བའི་སེམས་ཀྱིས་སངས་རྒྱས་གཅིག་དང་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་


LT37_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དུས་གསུམ་པ་ཐམས་ཅད་ཀྱིའང་ཡིན་པས་བདག་གིས་སངས་རྒྱས་དང་མཆོད་རྟེན་ལ་སོགས་པ་མངོན་སུམ་པ་འདི་ལའང་མཆོད་དོ། །དུས་གསུམ་དུ་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལའང་མཆོད་པ་བྱའོ་སྙམ་པ་ནི་དེ་གཉིས་ཀའི་ཐུན་མོང་གི་མཆོད་པའོ། །བཞི་པ་ནི། དེ་གཉིས་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་དང་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་སྔ་མ་བཞིན་ཏུ་བསམས་ནས་མཆོད་པ་བྱེད་པའོ། །ལྔ་པ་ནི་དེ་དག་ལ་མཆོད་པ་བྱ་བར་འདོད་པས་རང་ཉིད་ཀྱིས་ལག་གིས་མཆོད་པ་བྱེད་ཀྱི། ལེ་ལོ་དང་སྙོམ་ལས་དང་བག་མེད་པས་བྲན་འཁོར་ལ་སོགས་པ་ལ་བྱེད་དུ་མི་འཇུག་པའོ། །དྲུག་པ་ནི་རང་འབའ་ཞིག་མི་བྱེད་པ་ཕ་མ་དང་བུ་ཚ་ནས་རིགས་ངན་ཡན་ཆད་ཀྱང་བྱེད་དུ་འཇུག་པ་དང་། མཁན་པོ་དང་སློབ་དཔོན་ནས་ཕྱི་རོལ་པའི་རབ་ཏུ་བྱུང་བ་ཡན་ཆད་ཀྱང་བྱེད་དུ་འཇུག་པའོ། །བདུན་པ་ནི་དེ་དག་ལ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་སྨན་དང་། གུས་པར་སྨྲ་བ་དང་ཡན་ལག་ལྔས་ཕྱག་འཚལ་བ་ལ་སོགས་པ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་གྱི་རྣམ་པ་དང་། ཐ་ན་དྲིལ་བུ་དཀྲོལ་བ་དང་ཀརྴ་པ་ི་གཏོར་བ་དང་སྲད་བུས་བྲེ་བ་ཡན་ཆད་དོ། །བརྒྱད་པ་ནི་བསྙེན་བཀུར་དེ་དག་ཉིད་ཀྱིས་ཡུན་རིང་པོ་དང་། དངོས་པོ་མང་པོ་དང་བཟང་པོ་དང་།


LT37_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དང་མངོན་སུམ་མ་ཡིན་པ་དང་། རང་དང་གཞན་གྱིས་དང་། སྙིང་ཐག་པ་ནས་དགའ་བ་དང་མོས་པ་དྲག་པོས་བྱེད་ལ་བྱང་ཆུབ་ཆེན་པོར་སྔོ་བའང་བྱེད་པའོ། །དགུ་པ་ནི་རང་གི་ལག་གིས་བྱེད་ཀྱི་ལེ་ལོ་ལ་སོགས་པས་གཞན་ལ་མི་འཆོལ་བ་དང་། གུས་པ་དང་མི་གཡེངས་བ་དང་། རྒྱལ་པོ་ལ་སོགས་པ་ལས་རྙེད་བཀུར་འདོད་པས་ཚུལ་འཆོས་པས་མ་ཡིན་པ་དང་། རུང་བའི་དངོས་པོ་མཆོད་ཀྱི་བ་བླ་བྱུག་པ་དང་མར་ཁུས་བཀྲུ་བ་དང་། གུ་གུལ་གྱིས་བདུག་པ་དང་། ཨ་རྒའི་མེ་ཏོག་ལ་སོགས་པ་རུང་བ་མ་ཡིན་པས་མི་བྱེད་པའོ། །བཅུ་པ་ནི་ཅུང་ཟད་ཅུང་ཟད་དང་ཡུད་ཙམ་ཡུད་ཙམ་ཐ་ན་བ་འཇོས་ཙམ་གྱི་བར་དུའང་སེམས་ཅན་ཐམས་ཅད་ལ་བྱམས་པ་ལ་སོགས་པ་བསྒོམ་པ་དང་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ལ་སོགས་པ་དང་། དཀོན་མཆོག་གསུམ་དང་ཕ་རོལ་དུ་ཕྱིན་པ་རྗེས་སུ་དྲན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མོས་པ་བསྒོམས་པས་གནས་པར་བྱེད་པ་སྟེ། དེའི་གོང་དང་དེ་ལས་ལྷག་པ་ལྟ་ཅི་སྨོས། གཞན་ཡང་ཚུལ་ཁྲིམས་བསྲུང་བ་དང་ཞི་གནས་དང་ལྷག་མཐོང་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་བརྩོན་པ་དང་། ཕ་རོལ་དུ་ཕྱིན་པ་དང་བསྡུ་བའི་དངོས་པོ་ལ་བརྩོན་པ་ནི་མཆོད་པ་མཆོག་དམ་པ་གོང་ན་མེད་པ་སྟེ། སྔ་མ་དེ་ཇི་ཙམ་བྱས་པས་ཀྱང་ཆ་ཙམ་དུའང་


LT37_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕོད་པའོ། །སངས་རྒྱས་ལ་མཆོད་པ་དེ་ཇི་ལྟ་བར་ཆོས་དང་དགེ་འདུན་ལ་མཆོད་པའང་དེ་དང་ཆ་མཐུན་ནོ། །མཆོད་པ་བཅུ་པོ་དེའང་ལྷག་པའི་བསམ་པ་དྲུག་གིས་རྒྱུ་དགོས་ཏེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང་། ཕན་འདོགས་པ་བླ་ན་མེད་པ་དང་། རྐང་མེད་དང་རྐང་གཉིས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། ཨུ་དུམྦ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པ་དང་། སྟོང་གསུམ་གཅིག་ཏུ་གཅིག་པུ་འབྱུང་བས་འབའ་ཞིག་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་རྟོགས་པའི་ལྷག་པའི་བསམ་པས་སོ། །དེ་དག་གིས་དཀོན་མཆོག་གསུམ་ལ་མཆོད་པ་བྱས་པ་ནི་ཆུང་ཡང་འབྲས་བུ་དཔག་ཏུ་མེད་པར་འགྱུར་ན་མང་དུ་འགྲུབ་ན་ལྟ་ཅི་སྨོས་ཏེ་ཐུབ་པའི་དབང་པོའི་རྗེས་འཇུག་རྣམས་ཀྱིས་སྡེ་སྣོད་ཤེས་པ་མ་བྱུང་ཡང་གསུང་རབ་བཀའ་འགྱུར་རིན་པོ་ཆེ་ཕྱོགས་གར་ལའང་བཞུགས་པས་དེ་ནང་ནས་ཕྱོགས་ཙམ་མི་མཐོང་མི་ཤེས་ཐབས་གལ་ཡོད་པས་འབྲིར་མ་དགོས། ཐུབ་དབང་མངོན་སུམ་བཞུགས་སྐབས་མཆོད་པ་དང་གཟུགས་བརྙན་ལ་མཆོད་པ་ཁྱད་པར་མེད་པའང་མེ་ཏོག་བརྩེགས་པའི་མདོ་ལས། །ང་ཡི་འཁོར་ནི་རྣམ་བཞི་ཡིས། །རྒྱལ་བ་དངོས་སུ་མཆོད་པ་དང་། །ད་ལྟ་ང་ལ་མཆོད་བྱས་


LT37_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པས་སྐུ་བརྙན་སྟོན་པ་དངོས་མཚུངས་འདིར་མ་ཟད་ཐུབ་དབང་གི་སྐུ་བརྙན་བྲིས་འབུར་ཅི་འདྲ་ཞིག་ཡིན་ཀྱང་བསོད་ནམས་དང་ཕན་ཡོན་འབྱུང་བ་སྤྱིར་གོ་དགོས་པའང་འཕགས་པ་ཀླུས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས་པ་ལྟར་བསོད་ནམས་ཀྱི་སྐལ་པ་དང་ལྡན་པ་རྣམས་ལ་སྔར་ནས་ཡོངས་སུ་གྲགས་པས་ད་རུང་ཡང་བསོད་ནམས་བསགས་པའི་རྒྱུན་རྒྱ་ཆེར་ཡུལ་དབུས་ལྷ་ལྡན་ཏུ་དངོས་སུ་དར་བཞིན་པ་ལྟར་རོ། །ཞེས་པའང་སྟོན་པ་ཐུབ་པའི་དབང་པོའི་རྗེས་འཇུག་རྟགས་ཙམ་འཛིན་པའི་དགེ་སྦྱོང་བློ་གྲོས་མཐའ་ཡས་ཀྱིས་རང་གནས་སྒྲུབ་སྡེར་རང་ལྟོས་རྣམས་དགེ་བ་ལ་བསྐུལ་བའི་ཆེད་དུ་གང་དྲན་མདོར་བསྡུས་སུ་བྲིས་པ་དགེ་ལེགས་འཕེལ།། །