(༡)རྗེ་བཙུན་ཆེན་པོ་མིད་ལ་རས་པའི་རྣམ་ཐར་ཟབ་མོ་བཞུགས་སོ། །བདེ་ལེགས་སུ་གྱུར་ཅིག །
(༢)ན་མོ་གུ་རུ། གངས་ཅན་ཁྲོད་དུ་སྐུ་འཁྲུངས་ཀྱང་། །འཇིག་རྟེན་ཆོས་ཀྱིས་མ་གོས་ཤིང་། །ན་རོའི་རྒྱུད་པས་བྱིན་བརླབ་པའི། །དཀའ་པ་སྤྱད་པའི་ངོ་མཚར་ཅན། །འགྲོ་པའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས་མིད་ལ་ཞེས་བྱར་ཡོངས་ཟགས་པའི། །རས་པ་དེ་ལ་ཕྱག་འཚལ་བསྟོད། །འཁོར་བ་སྙིང་པོ་མེད་པར་ཐུགས་ལ་ཤར། །ཟས་གོས་འདུན་པ་བྲལ་པའི་རི་ཁྲོད་འགྲིམ། །བདེ་དྲོད་ངོ་འཕྲོད་སྲོག་རྩལ་གནད་དུ་ཆུད། །རྗེ་བཙུན་མིད་ལའི་སྐུ་ལ་ཕྱག་འཚལ་བསྟོད། །
(༣)རྒྱལ་པ་མ་ལུས་པའི་ཁྱབ་བདག་རྡོ་རྗེ་ཐེག་པའི། གསང་པ་ལེགས་པར་གྲུབ་པ། འཕགས་པའི་ཡུལ་ཉིད་ཀྱི་བདག་ཉིད་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ན། འགྲན་ཟླ་ཐམས་ཅད་དང་བྲལ་བ། རྗེ་བཙུན་མིད་ལ་རས་པ་ཆེན་པོ་དེ་ཉིད་ལ་ཡོན་ཏན་གཉིས་ཏེ། རིགས་དང་འབྲེལ་བ་དཀའ་བ་སྤྱད་པའི་ཡོན་ཏན་དང་། ཏིང་ངེ་འཛིན་འབྲེལ་པ་ཉམས་སུ་མྱོང་པའི་ཡོན་ཏན་གཉིས་སོ། །དེ་ལ་དཀའ་བ་སྤྱད་པའི་ཡོན་ཏན་ནི། །སྐུ་འཁྲུངས་པའི་ཡུལ་ནི། གུང་ཐང་། རུས་ནི་ཁྱུང་པོ། ཡབ་ནི་མིད་ལ་ཤེས་རབ་རྒྱལ་མཚན། ཡུམ་ནི་ཉང་ཟ་དཀར་རྒྱན་བྱ་བ་ལ། སྲས་མིང་སྲིང་གཉིས་ཡོད་པ་ལ། རྗེ་བཙུན་ཆེན་པོའི་མཚན་ནི་ཐོས་པ་དགའ་ཞེས་བྱའོ། །རྗེ་བཙུན་དགོང་ལོ་བདུན་བཞེས་པའི་དུས་སུ་ཡབ་འདས་ན། ཕ་སྤུན་རྣམས་གྲོས་བྱས་ནས་ཞིང་ཁང་ནོར་རྫས་ཐམས་ཅད་ཕྲོགས་ཏེ། མ་དེས་བུ་ཕྲུག་འདི་གཉིས་ཁྱེད་རྣམ་པས་ཤ་ནས་ཆད་པས་ལྡོག་དྲིར་མ་ཤི་བ་ཙམ་རེ་བྱིན་བྱས་པས། ཧ་ཧ། ཁྱོད་བསད་པས་མི་ཆོག་པ་ཨེ་ཡིན་ཟེར་ནས། འཇིགས་དེངས་གི་བཏང་ངོ་། །དེར་བུའི་རྙིང་མ་ཅིག་ལ་ཡི་གེ་བསླབས། མ་སྤྲང་དུ་སོང་བ་ལ། ཉིན་ཅིག་མ་སྨད་གཉིས་མི་འཆིངས་ཅིག་ན་འཕྲད་པས། མ་ན་རེ་ཁོང་ཆོས་འོ་སྐོལ་མ་སྨད་ལ་འདི་
(༤)བྱས་ཟེར་ཞིང་དུས་པ་ལ། བུ་ན་རེ་ངས་ནི་མི་ཐུབ་ཐབས་མེད། ད་མ་དུ་ཟེར་པ་དང་། མ་ན་རེ། ཁྱོད་ཀྱི་ཡི་གེ་ཤེས་ཙ་མཐུ་ཅིག་བསླབ་ན་ཟེར་པས། ངས་མཐུ་སུ་ལ་སློབ། ཅུག་བྱེད་ཟེར་བས། མ་ན་རེ། ངས་རྫོངས་ཀྱི་གཟི་དེ་ཕྱི་ཁུངས་ཅིག་ཏུ་བསྐྱངས་ནས་ཡོད་པས། དེ་ལ་བརྒྱག་བྱེད་ནས་གཡུང་སྟོན་པ་མཐུ་ཆེ་བས་དེར་འགྲོ་དགོས་ཟེར་ཏེ། རྫོངས་རྣམས་ཀྱིས་རྟ་ཕོ་སེར་པོ་རྟེལ་གྲགས་བྱ་བ་ཉོས་ནས། དེ་ལ་ཆོས་དང་བཞི་བཀལ་ནས་མཐུ་སློབ་པའི་མི་དྲུག་དང་འགྲོགས་ནས་སོང་བ་ལ། དབུས་རྩང་གཉིས་ན་གཡུང་སྟོན་པས་མཐུ་ཆེ་བ་མེད་ཟེར་ཏེ། དེའི་ལམ་བརྒྱ་ཡོད་ཟེར་བའི་གཡེར་ཆེན་པོ་འདུག་པ་དང་། གཡུང་སྟོན་པ་སྔགས་པ་སེ་འབའ་ལེ་བ་ཅིག་འདུག་པ་ལ་རྟ་དང་ཆོས་བཅས་པ་ཕུལ་ནས། རོགས་རྣམས་དང་བཅས་པས་ལོ་གཅིག་ལ་མཐུ་བསླབ་ཏེ། དེར་རོགས་རྣམས་ཀྱི་མཐུ་ལོབས་ནི་ཡར་ལ་འགྲོ་ཟེར་བས། ཐོས་པ་དགའ་ང་ནི་གྲོས་ཏིག་པོ་ཅིག་ཡང་མེད་ལགས་ཞུས་པས། ཁྱོད་སྙིང་རྗེ་བས་མི་རིགས་མཐུ་དགོས་པས་ལུགས་སུ་འདུག་པས། ད་རུང་སྡོད་དང་དྲགས་པ་།།།གཟའ་གདོང་དམར་ནག་བྱ་བ། གཅིག་རྒྱུད་རང་ཡིན་པས་གདམས་ངག་ཅིག །ངས་ཀྱང་བོན་བོ་རྟ་ནག་པོ་བྱ་བ་ཅིག་ལ་བྱིན་ཡོད་པས། མཐུ་གྲགས་ཐལ་པ་ཅིག་སློབ་ན་དེར་འགྲོ་དགོས་གསུངས་པས། ད་ལ་འབུལ་པ་མེད་པར་ཨའུ་གནང་ཆས་པས། འབུལ་བ་ཁྱོད་ཀྱིས་རྟ་འདི་འདྲ་པོ་ཁྱེར་བས་མི་སྟེར། ངའི་རྟ་དཀར་པོ་སྟོང་ལ་གྲགས་བྱ་བ་འདི་ཁྱེར་གསུངས་ཏེ། རྟ་དཀར་པོ་དང་། ཁོང་རང་གི་བུ་ལ་སྣ་ཁྲིད་ཅོལ་ནས་བཏང་བས། གཡུང་སྟོན་སྲས་པོ་དེས་རྒྱུ་མཚན་ཞིབ་ཏུ་བཤད་པས།
(༥)རྟ་ནག་གིས་བོན་པོ་ལྷ་རྗེ་སཱུབ་ཆུང་བྱ་བ་དེ། ན་རེ་ཁོ་ན་ལ་མཐུ་དགོས་པར་འདུག་ཟེར་ཏེ། དེར་བོན་པོས་བུ་གཅིག་དང་ཐོས་པ་དགའ་གཉིས་མཐུ་བསླབས་ནས་འཚམས་བྱས་པས། ལོ་གསུམ་འགྲུབ་རྒྱུ་ལ། མིད་ལ་སྙིང་རུས་ཆེ་བས་ཟླ་བ་གསུམ་ནས་འགྲུབ་པས། །སེང་ལྡིང་གི་ཕུར་བ་ཅིག་ཡོད་པ་དེ་རྐང་མགྱོགས་པ་གཉིས་ལ་བསྐུར་ནས། འདི་དེའི་མའི་ལག་ཏུ་གཏོད་ལ་ངའི་ཕ་སྤུན་རྣམས་ཀྱི་མཁར་དེ་ལ་ཚད་ཚད་གྱིས་ལ་ཡང་མགྱོག་པར་བསྐུར་བྱས་པ་ལ། མ་སྙིང་ན་ཟས་མཁར་ལ་རྒྱག་སྟངས་མངས་ཏུ་བྱས་པས། ཁོལ་མོ་ཅིག་གི་མཐོང་ཙ། སྡིག་པ་གླང་ཤད་ཙམ་ཅིག་གི་མཁར་གྱི་རྐང་པ་ན་འཐེན་པ་མཐོང་ཙ། མི་ལས་ཁུ་བོས་མནའ་མ་བླངས་པའི་ས་ན། མས་མཁར་ལ་ཡང་ཕུར་རྒྱག་སྤངས་མང་དུ་བྱས་པས་ཕྱི་མི་གྱེས། ནང་མ་གྱེས་པ་ལ། ཀ་བ་ཆགས་པས་མཁར་འགྱེལ་སྟེ། ཕོ་མོ་ཉི་ཤུ་རྩ་ལྔ་ཤི། ཨ་ནེ་མོ་ཅིག་ལུས་སོ། །དེར་མས་བརྒྱགས་ལ་གསེར་སྲང་གང་བཙལ་ནས། མི་བང་ཆེན་པས་ཅིག་གི་ཕྱར་པ་དུག་པོའི་རྒྱབ་ཏུ་མ་མཐོང་བར་བཙེམ་ཏེ། དེའི་སྟེང་དུ་ལྷན་ཐིག་ནག་པོ་ཅིག་བྱས་ནས། ཡི་གེའི་ནང་དུ་བུ་ཁྱོད་ལ་མཐུ་ཆེན་པོ་བྱུང་ཡོད་པས། ལོ་ཁ་ཡར་ལ་ཡུལ་ཏུ་མ་ཡོང་། བརྒྱག་མེད་ན། རིན་པོ་ཆེའི་ནུབ་ཕྱོགས། སྤྲིན་ནག་པོའི་འོག་ཏུ་ཞིབ་བུར་ལྷོས་དང་བརྒྱག་ཡོད་ཟེར་ནས། བ་ཅིག་འདུག་པ་ལ། ཡེ་ན་མ་ཤེས་པས། བོན་པོས་ཇོ་མོས་ཤེས་ཏེ། ཁྱོད་ལ་མ་དྲུང་མོ་ཅིག་ཡོད་པར་འདུག་ཟེར་རོ། །དེར་ཡུལ་མི་རྣམས་ཀྱི་འདི་འདྲ་བས་མཐུ་བྱུང་པས།
(༦)བསད་ན་མིན་པ་ཡོ་འཕུར་ཟེར་པ་དང་། ཡང་ཡི་གེ་བསྐུར་པ་ནས། ད་ང་ལ་བསམ་ངན་ཙམ་འཛིན་པ་བྱུང་ན། ཡང་ངའི་འདུག་བྱེད་པ་ཡིན་ཟེར་ནས་བོན་པོའི་བུ་གཉིས་ཀྱི་སེར་པ་བསྒྲུབ་ནས་ཕབ་པས། ཁོང་ངན་པ་ལབ་མཁན་རྣམས་ལ་སེར་པོ་སྒོ་འགྲིམས་བྱས་པས་ངན་ཡང་ལབ་མི་ནུས་པ་རེད་དོ། །དེར་སེར་པ་ངན་ལད་ལས་སོང་པ་ནས། ཡུལ་ཐམས་ཅད་དུ་སེར་པ་བབ་པས། དོན་མེད་པས་ཞིང་དང་ཁང་པ་ཐམས་ཅད་ཁྱེར་སྟེ། བྲག་གི་བྱེལ་མང་པོ་ཤི་བས། ཡུལ་མི་རྣམས་སྙིང་ན་སྟེ་སེར་པ་འབེབ་མཁན་ཚོལ་ཏུ་ཡོང་ཙ། གཡུང་སྟོན་གྱིས་གཡོག་པོ་སྟོབས་ཀྱང་ལས་ཆེ་བ། པང་རྟ་ལས་མགྱོགས་པ་གཉིས་ཡོད་པ་དེས་རལ་གྲི་བཏོན་ནས། ང་མིད་ལ་ཡིན། ད་ཤོག་བཟླས་ཤིང་དད་པས། གཅིག་གིས་ཡང་འཇུ་མ་ནུས་པར་བྲོས་སོང་སྟེ། དེའི་ཤུལ་ཏུ་གཡུང་སྟོན་བུ་དང་བཅས་པ་མིད་ལ་གཉིས་རྐོག་ཏུ་བྲོས་ཡོང་པས། གཡུང་སྟོན་དྲུང་དུ་སླེབ་ཙ། སེར་པ་ལྟ་ཕེབ་སྟེ། སེམས་ཅན་མང་པོ་ཤི། མ་བཟང་གསུང་། དེར་ཨ་ཁུ་མཐུ་ཆེན་ཟེར་པའི་གཡེར་ཆེན་པོ་བྱུང་སྟེ། རང་རྩིས་ཆེན་པོ་ཡང་སྐྱེས་ནས་ཡོད་པ་ལ། ཉིན་ཅིག་གཡུང་སྟོན་དྲུང་དུ་མཇལ་དུ་སོང་ཙ། གཡུང་སྟོན་པ་གཡུང་སྟོན་པ་གསུང་ཡིན་བཞུམ་ཡིན་འདུག་པས། སློབ་དཔོན་ཅི་ལགས་ཞུས་པས། ཁོ་དེ་བཟང་པོ་མ་བྱས་ཕུན་ཡང་མི་མང་པོ་ཤི་ཟེར། མདོ་ན་ཡབ་མི་མང་པོ་ཤི་ཟེར། བར་འདི་ན་ཡང་མི་མང་པོ་ཤི་ཡིན་འདུག་གསུངས་སོ། །མི་ཤི་བ་བཟོད། བཞུམ་དུ་མི་རུང་ཞུས་པས། ཁོ་ད་དེ་རང་གཉིས་ཀྱང་འཆི་བ་ཡིན་པས། ངས་ང་རང་སྡིག་པ་ཆེན་པོ་ཡོད་པའི་ཁ་ན་
(༧)ཁྱོད་ལ་ཡང་སྡིག་པ་རྔམ་པོ་ཆེ་བྱེད་དུ་བཅུག་པས། ད་འོ་སྐོལ་གཉིས་ལ་འགྲོ་ས་དམྱལ་བ་མིན་པས་མེད་པས། ད་ཤིན་ཏུ་འཇིགས་ཤིང་འགྱོད་པས་དུས་པ་ཡིན། ཟེར་བས། སྙིང་མི་དགའ་ཕྱོད་ཀྱིས་བཏང་བས། སློབ་དཔོན་ངེས་པར་བདེན་ལགས་སམ་ཞུས་པས། དེ་ཁྱོ་རང་བོན་པོ་ལ་ཡང་དྲིས་དང་གསུངས་པས། བོན་པོའི་རྩར་སོང་ཙ་བོན་པོ་ཡང་དུ་ཡིན་འདུག་པས། ཅི་ལགས་ཞུས་པས། གཡུང་སྟོན་སྐད་ཟེར་པས། བླ་མ་བདེ་ནས། གཡུང་སྟོན་གྱིས་དྲུང་དུ་ཡོངས་ཏེ་ད་ཅུག་དྲག་ལགས་ཞུས་པས། ཁྱོད་སྙིང་རུས་ཆེན་ཅིག་འདུག་པས་ཆོས་ཅིག་ཨེ་ནུས་རེམ་ཟེར་པས། ཆོས་ལ་སུ་དྲག་ཅུག་བྱེད་ཞུས་པས། རོང་སྟོན་ལྷ་དགའ་རྫོགས་པ་ཆེན་པོ་ལ་མཁས་པས། དེར་སོང་དང་བརྒྱག་ཅིག་ངས་བསྐུར་གསུངས་པས། རོང་སྟོན་དྲུང་དུ་སོང་ཙ། རོང་སྟོན་གྱི་ཞལ་ནས། ཁྱོད་འོང་པ་ལེགས། ང་མ་ནོར་པའི་གདམ་ངག །སྡིག་པ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་རྫོགས་པ་ཆེན་པོ་བྱ་བ། རྩ་པ་ཨོ་ཐོ་ལོག །རྩེ་མོ་བྱང་རྒྱལ། སྡོང་པོ་འདབ་རྒྱས། ནང་ཐོས་ན་ནང་སངས་རྒྱས། ནུབ་ཐོས་ན་ནུབ་སངས་རྒྱས་པའི་ཆོས་ང་ལ་ཡོད་གསུངས་པས་བློ་བདེ་བ་ཅིག་བྱུང་ནས། རྫོགས་པ་ཆེན་པོ་ཞུས་ནས། སྒོམ་ཡིན་ཡོད་ཙ། ཉིན་མཚན་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་སྙིང་རུས་ཆེན་པོ་བྱེད་པ་བླ་མས་གཟིགས་པས། བླ་མ་འཇིགས་ཆུམ་གྱིས་སོང་སྟེ། ག་རེ་འདི་སྙིང་རུས་འདི་འདྲ་བ་ཅིག་འདུག་པས། གེགས་འདྲ་བྱུང་ན་ཐབས་མེད། ལར་ཡང་དད་པ་ཅན་ཅིག་འདུག་དགོངས་ཏེ། ཉིན་ཅིག་
(༨)ཡིད་ལ་མེད་པར་ཁོ་དེ་འདིར་ཤོག་དང་གསུངས་པ། ངས་ཆོས་རྫོགས་པ་ཆེན་པོ་འདི་ཡང་ལྟ་བ་མཐོ་པ་ནམ་མཁའ་དང་འདྲ་སྟེ། སྒོམ་པ་ཉམས་མྱོང་གིས་རྩིས་མ་ཟིན། སྤྱོད་པ་ལ་ཐབས་ནག་གུ་རྡུགས་པ་ཅིག་འདུག །ང་རང་ཡང་ཡིད་ཆེས་རྒྱུ་མེད་པར་ཇོ་མོ་ཁྲོ་གཉེར་མའི་བཟླས་པ་འདི་ལ་འབད་ཡིན་ཡོད་པ་ཡིན། །ལྷོ་ཆུར་ཁྱེར་གྱི་ཕུ་ན། ལྷོ་བྲག་མར་པ་བྱ་བ་ལ་ཐབས་ལམ་ཟབ་མོའི་ཆོས་ཁྱོད་ཡིད་ཆེས་ཤིང་བློ་ལེགས་ཁེལ་པ་ཅིག་ཡོད་ཟེར་བས་དེར་སོང་ན་གསུངས་པས། ཡིད་མི་ཆེས་དིངས་ཀྱིས་སོང་སྟེ། ཨ་ཐོ་སློབ་དཔོན་ཁོང་རང་ཡིད་མ་ཆེས་པའི་ཆོས་ལ་ངས་ཉམས་ལེན་བྱས་ཀྱང་ཅི་ཕན། བསམ་པ་ཅིག་བྱུང་པ་དང་། མར་པ་ཁོང་རྟེན་འབྲེལ་ལུས་ལ་བསྒྲིགས་པས། རྟོགས་པ་སེམས་ལ་འཆར་པ་ཅིག་ཡོད། ཁྱོད་ཐེ་ཙམ་མ་སྐྱེ་བར་སོང་གསུངས། འོ་ན་ཅུག་བྱེད་ལགས་ཞུས་པས། ངས་དྲོ་ཕྱེ་བསྐུར་ཙ་སོང་དྲག་གསུངས། དེར་ཕྱེ་ཡ་གང་གིས་སྟང་དུ་རྫོགས་པ་ཆེན་པོའི་པི་ཏི་བཞག་ནས་སོང་སྟེ། ཆུ་ཁ་ཅིག་ཏུ་ལྷམ་ཕུད་ན་ཡིད་ལ་མེད་པར་པོ་ཏིའི་སྟིང་དུ་བཞག་ནས་འགྲོ་ཡིན་ཡོད་ཙ། ལམ་དུ་བུ་ཙ་འགའ་དང་འཕྲད་ཙ། ཁྱོད་ཆོས་ཀྱི་སྟིང་དུ་ལྷམ་ཁུར་ནས་ཅི་ཡིན་ཟེར་པས། སྙིང་དེངས་ཀྱིས་བྱུང་བས། ང་ཐག་རིང་པོ་ནས་འོངས་པས་དབང་པོ་མེད་པ་ལན། གསུངས་པས། ད་གར་འགྲོ་ཟེར་བས། ལྷོ་བྲག་མར་པའི་དྲུང་དུ་ཆོས་ཞུ་རུ་འགྲོ་བས། གར་བཞུགས་ཨི་ཤེས་ཞེས་དྲིས་པས། མི་ཤེས་ཟེར། གཅིག་ན་རེ་ངས་ཤེས་ཟེར་བ། ཧ་ཧ་སུ་ཡིན་ཟེར་ཡིན་འདུག་ཙ། ཨ་ཁུ་བློ་གྲོས་ལ་ཟེར་བ་ཡིན་ཟེར་སྐད་དོ། །དེ་ནས་བུ་ཙ་རྣམས་ཀྱིས་བསླབ་པའི་ལམ་ཅིག་ལ་སོང་ཡིན་
(༩)ཡོད་ཙ། ས་སྐྱེགས་ཅིག་གིས་སྟེང་ཏུ་སྔགས་པ་རྒན་པོ་སི་ལི་བ་ཅིག་འཕྲུ་རྐོ་ཡིན་འདུག་པས། དེ་ལ་མར་པ་གར་ཡོད་དྲིས་པས། ཁྱོད་ད་རུང་འཕྲད་ས་མེད། ཅི་དོན་ཡོད་པ་ཟེར། ང་ཆོས་ཞུ་བ་ཡིན་བྱས་པས། ཨེ་ཨེ་ཆོས་ཁྱོད་འདྲ་བས་ཐོབ་པ་ཅིག་མེད། འབུལ་པ་མང་པོ་དགོས་པས་དཀའ་ཟེར། འོ་ན་ཅུག་བྱེད་གར་བཞུགས་ཅེས་དྲིས་པས། གར་བཞུགས་ང་མིན་པས་གཅིག་གི་ཀྱང་མི་ཤེས། ད་ཁྱོད་རང་ངའི་སའི་རྐོ་འཕྲོ་འདི་རྐོས་དང་ངས་བལྟ་ན་འོང་གསུངས་ནས། ས་ལ་རི་མོ་ཅིག་བྱས་ནས་འདི་ཚུན་རྐོས་ཟེར་ནས་སོང་ངོ་། །དེ་ནུབ་ཙ་ན་ཐོན་ནས་བྱུང་སྟེ། ད་ཁྱོད་རང་གི་རྩམ་པ་དེ་ལ་དགོངས་གྱིས་དང་ངས་སྐྱིན་སྟེར་ཟེར་ཏེ། ད་ཁྱོད་རེམ་པ་ཅིག་འདུག་པས་ངའི་ས་རྐོས་དང་། དས་གླ་ལ་གསེར་དུམ་པ་ཅིག་སྟེར་བ་དེ་ལ་ཡོད་པ་དེ་དུམ་པ་ཅིག་བསྒུགས་ན་བྱས་ཙ། ནམ་ཡིན་ནམ་ཡིན་བླ་མ་དང་མཇལ་ས་མེད། མཇལ་ན་འདོང་ཟེར་བས་སོང་སྟེ། ཁོང་དང་ལྷན་ཅིག་འགྲོགས་པའི་སྔགས་པ་དེ་ལ་མི་རྣམས་ཕྱག་འཚལ་ཡིན་འདུག་པས། ཁོང་སྙིངས་པ་ཅིག་བྱུང་བས་ཚོམ་མེ་ལུས་ཙ། བླ་མའི་ཞལ་ནས་ངས་འཇིག་རྟེན་གྱིས་བྱ་བ་མ་ཐེངས་པ་ཐམས་ཅད་འདུག་རེད་པ་ཡིན། ཁྱོད་ཀྱི་བླ་མ་དགོས་ལེ་ང་ཡིན། ཐེ་ཙམ་མ་ཟ་བར་ཕྱག་ཀྱིས་གསུངས་པ། དེར་ཕྱག་ཕུལ་ཏེ་ཞབ་ལ་འཇུས་ཏེ། བླ་མ་དམ་པ་
(༡༠)ལ་ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཞུ་ཞུས་པས། གསུམ་ཀ་མི་འོང་། གང་ཡིན་པ་ཅིག་སྟེར་བས་ཁྱོད་རང་འདོམས་གསུངས་པས། ཁོང་གི་བསམ་བློ་བཏང་བས། འོ་ན་ཆོས་རང་ཅིག་ཐུགས་ལ་ཐོགས་ཞུས་པས། དེ་བཞིན་བྱ། ཁྱོད་ཀྱི་ལུས་ངག་ཡིད་གསུམ་ང་དབང་པ་ཡིན། པོ་ཏི་ད་ངའི་ལྷ་ཁང་དུ་མ་ཁྱེར། ངའི་ལྷ་ལ་ཆམ་པ་ཡོང་གསུངས་པས། འདི་ལ་རྩིས་ཆུང་ཟིན་བསམ་ནས་འགོལ་སར་བཞག་གོ །དེ་ནས་བསོད་སྙོམས་བྱས་ན་ཆོས་ཞུ་བསམ་ཙ། ཐོགས་འཇོམ་པ་རེད་གསུངས་ནས་བཀྱོན་ཏེ། ད་ཆོས་ཨེ་ཡོངས་བསམ་ཙ། མཁར་ལན་བྱེད་གསུངས་ཏེ། མཁར་ལན་དང་། འཕྲུ་རྐོ་བ་དང་། ཇོ་མོའི་མེ་ཆུ་ཤིང་གསུམ་ལ་སོགས་པའི་གཡོག་རང་བྱེད་ལ་ཐུགས་སྟེ། ཇོ་མོའི་ཐུགས་ཟིན་པར་བྱུང་སྟེ། བླ་མ་མཉེས་པའི་ཚུལ་མ་རིག་ཅིང་། མཁར་ལན་གྱིས་ས་རྡོ་བསྐྱས་བསྐྱས་པས། རྒྱབ་ཏུ་སྒལ་བ་ཆེན་པོ་བྱུང་བས། ཇོ་མོའི་འདིས་ཞག་འགའ་ལ་ངལ་བསོར་བཅུག་ན་མི་ལ་སྒལ་པ་ཆེན་པོ་ཡོངས་པ་ཚར་མ་མྱོང་ཞུས་པས། ཁྱོད་མ་ཚར་བའི་ལས་ལ་འཚམས་པ་མེད། སྒལ་ཁང་ཅིག་བྱས་པས་ཆོག་གསུངས་སྟེ། ཆོས་མ་གནང་བར་ཉིན་མཚན་མེད་པར་རྡོ་ཁུར་ཁུར་བས་དབང་པོ་མེད་པར་འགྱེལ་ལ་ཁང་དུ་སོང་བསལ་ལན་ཅིག་མི་མང་པོས་དབང་བསྐུར་ཞུ་ཟེར་ཡིན་འཚགས་པར་འདུག་པས། བདག་ལ་ཡང་འདི་རྣམས་ཀྱི་ཟླ་ལ་དབང་ཅིག་ཐུགས་ལ་ཐོགས་ཞུས་པས། ཁྱོད་ལ་དབང་ཁྲལ་ཨེ་ཡོད་གསུངས་པས། ཇོ་མོའི་རྩར་སོང་བས་མར་ཚུད་ཅིག་བསྐུར་བ་དེ་ཁྱེར་ནས་
(༡༡)བདག་གིས་དབང་ཁྲལ་འདི་ལགས་ཞུས་པས། འདི་ཁྱོད་ལ་གང་ནས་བྱུང་གསུངས་པ་དང་། འདི་ཇོ་མོའི་ང་ལ་གནང་བ་ཡིན་ཞུས་པས། འདི་ང་རང་གི་མར་དུ་འདུག་པས། ཁྱོད་ཀྱི་དབང་ཁྲལ་མི་འོང་བར་གསུངས་ནས། མ་གནང་པ་དང་། ཡི་ལྟིངས་པ་ཅིག་བྱུང་། ཇོ་མོའི་རྩར་སོང་པས། སློབ་དཔོན་ཅི་དགོངས་མི་ཤེས་པས། ཁྱོད་ཡི་མ་འཆད་གསུང་བ་བདེན་བསམ་པས། ཡང་མཁར་ལན་གྱི་ས་རྡོ་བསྐྱས་བསྐྱས་པ། དུབ་ཅིང་ངལ་བསོ་ཙ་དབང་པོ་ཤོར་ལ་ཁང་པ་བྱུང་སྟེ། དང་པོ་མཁར་ཟླ་གམ་ཅིག་བརྩེགས། ང་འཕྲུལ་ཟིན་ཤིག་གསུངས། དེ་ནས་ལྷོ་ཕྱོགས་སུ་མཁར་སོགས་ཀ་ཅིག་བརྩེགས། ཡང་ང་འཁྲུལ་ཟིན་ཤིག་གསུངས་ཏེ། ས་ཚ་སའི་མལ་རྡོ་ཚ་རྡོའི་མལ་ཏུ་ཕར་སྐྱེལ་ཏུ་བཅུག་གོ །དེ་ནས་ནུབ་ཕྱོགས་སུ་མཁར་ཟླུམ་པོ་ཅིག་བརྩེགས་སྟེ། འདི་ཡང་ཁྱི་ཚངས་འདྲ་བ་ཅིག་བྱུང་། སྔགས་པའི་མཁར་དེ་གྲུ་གསུམ་པ་ཅིག་དགོས་པ་ཡིན་གསུངས་སོ། །བྱང་ཕྱོགས་སུ་མཁར་གྲུ་གསུམ་པ་ཅིག་བརྩགས་སྟེ། །དེའི་དུས་སུ་བདག་མེད་པ་དང་། དགྱེས་པ་རྡོ་རྗེ་དང་ཡབ་ཡུམ་གྱི་དབང་ཟབ་མོ་འོང་བར་ཡོད་ཟེར་ཡིན་མི་མང་པོ་འཚགས་ཡིན་འདུག་པས། ད་རེས་དེ་ང་ལ་ཡང་གནང་བར་ཞུ་ཞུས་པས། ཁྱོད་ལ་འབུལ་བ་ཨེ་ཡོད། འབུལ་བ་མེད་པར་སྟེར་ཐབས་མེད། གསུངས་པས། ཇོ་མོ་ལ་ཞུས་པས། གཡུ་བཟང་པོ་ཅིག་བྱིན་པ་ཁྱེར་སོང་སྟེ། འདི་ཁྱོད་ལ་གང་ནས་བྱུང་གསུངས་པས། ང་ལ་ཇོ་མོས་ལས་བྱས་པའི་གླ་ལ་བྱིན་པ་ཡིན་ཞུས་པས། ཇོ་མོས་གཡུ་ལས། ཇོ་མོ་རང་ཡང་ང་དབང་། ང་རང་གི་ནོར་གྱི་ངའི་འབུལ་བ་མི་འོང་། ལར་
(༡༢)ཡང་ཁྱོད་ཀྱིས་ལུས་ངག་ཡིད་གསུམ་ང་ལ་ཕུལ་ནས་གླ་སྟེར་ཐབས་མེད། གསུངས་པས་ཡི་ཆད་དེ། འགྲོ་དགོས་པར་འདུག་བསམ་པ་བྱུང་བས། ཇོ་མོ་ལ་ཞུས་པས། ཇོ་མོ་ལྷན་ཅིག་སྐྱེས་སྦྱོར་པ་གནང་བས། སེམས་ལ་ཕན་ཙམ་བྱུང་། དེ་ནས་མཁར་ལན་བྱེད་ཡིན་ཡོད་པ་ལ་ཇག་པ་ཡོངས་ནས་བླ་མའི་འབུལ་སྐྱེལ་བཅོམ་པས། ཁྱོད་ཀྱི་འདི་ལ་སེར་པ་ཅིག་ཕོབ་དང་། ངའི་གདམ་ངག་སྟེར་གསུངས་པས། སེར་པ་ཕབ་པའི་ཇག་པའི་ཡུལ་ཁང་ཚོ་བཤིག །ཇག་པ་ཤི་བས། ད་གནང་པར་ཞུ་ཞུས་པས། མི་བསད་པའི་རྔན་ལ་གདམ་ངག་སྟེར་ཏུ་མི་རུང་གསུངས་པས། འོ་ན་ང་འགྲོ་ཞུས་པས། དེ་སོང་གསུངས། ཇོ་མོ་ལ་ཡང་ང་འགྲོ་ཞུས་པས། ཇོ་མོས་བླ་མ་ལ་ཞུས་པས། འདིའི་ལས་དང་མཐུ་དང་འོ་སྐོལ་ལ་ཕན་འདི་ཙམ་བཏགས་ཙ་ན། འདི་ལ་གདམ་ངག་མི་སྟེར་བར་གཏོང་བ་སློབ་དཔོན་ཁྲེལ་མེད་བྱེད་པ་ཨེ་ལགས་ཞུས་པ། ཁོས་ལུས་ངག་ཡིད་གསུམ་ང་ལ་ཕུལ་ནས་ཡོད་པས། སོང་ཡང་སྐྱིད་མོར་ཨའུ་ཡོངས་གསུངས་པས། ཇོ་མོའི་སློབ་དཔོན་ཁྲེལ་མེད་བྱས་པ་རེད་ཟེར་བས། གྲོ་ཕྱེ་གྲོ་མིག་དང་བཅས་པས་བཏང་ཙ། དེ་ནུབ་ཟག་ཅིག་གིས་རྩར་བསྡད་ནས་ཉལ་ཙ། ཁ་བ་འདོམ་པ་གང་བབ་ནས་འདུག་པས། ཚ་བ་ཅིག་བྱེད་པའི་མེ་ཤིང་དང་སྒྱེད་རྡོ་ཚལ་པ་དང་། ཀ་རེ་ཀོ་རེ་མང་པོ་ཅིག་བྱེད་པ་ལ་ཐུགས་པས་ཚ་བ་ཚར་ཙ་རྗེས་གྱི་གང་འདུག་པས། བསམ་བློ་མང་དུ་སྐྱེས་ཏེ། ང་གཅིག་ཡིན་ཙམ་པ་བཏགས་བཏག་ཡོད་པ་ལ། ད་ནང་ཚ་བ་ཅིག་བྱེད་པ་ལ་རྗེས་འདི་ཙམ་ཅིག་བྱུང་བས། དེ་སྔ་མའི་ལས་དེ་རྣམས་ཡང་ཕྱེད་བླ་མའི་ཡིན་ཡང་ཕྱེད་ང་རང་གི་ཟ་མའི་གཡོག་རེད། བླ་མས་ཐུགས་ལ་མ་བཏགས་ཡང་ཇོ་མོའི་དེས་ཐང་ཆད་པའི་དུས་སུ་
(༡༣)བཟའ་བྱ་ན་ཅན་འགྲངས་པ་རེ་དང་། སྐོམ་ངོ་བཟི་བ་རེ་འཕྲོད་པ་བྱས་པ་དྲིན་ཆེ། འགྲོ་ས་ཏིག་པོ་ཅིག་ཡང་མེད། བླ་མ་ཡང་འདི་འདྲ་བའི་གདམ་ངག་ཡོད་པ་ལ་ཚར་པ་བསམ་པ་བྱུང་བས། ཁ་བ་ལ་མ་ཐོན་པ་དང་ལོགས་ནས་འོངས་ཏེ། ཇོ་མོ་རིན་དུ་དགའ་བར་བྱུང་བས་ཁྱོད་ཡོངས་པ་ལེགས། བླ་མས་ཡང་ཡུན་རེད་ན་གདམ་ངག་ཨེ་གནང་ཟེར་ཏེ། ཇོ་མོའི་བླ་མ་ལ་མཐུ་ཆེན་ཨོ་སྐོལ་བློས་མ་ཐོངས་ནས་ལོགས་ནས་ཡོངས་འདུག་པས། གདམ་ངག་གནང་བར་ཞུ་ཞུས་པས། ཨོ་སྐོལ་བློའི་མཐོང་བ་མིན་ཁོ་རང་བློས་མ་ཐོང་པ་ཡིན། ད་ངའི་མཁར་རྩེགས་རོགས་ཀྱིས་དང་། གདམ་ངག་ལ་སླ་ནས་འོང་གསུངས་པས། དེ་མཁར་ཅི་འདྲ་པ་ཅིག་བརྩེགས་ཞུས་པས། མཁར་གྲུ་གསུམ་པ་ཧོམ་ཁུང་དང་འདྲ་བ་ཅིག་བྱུང་བས་མི་འཐད་པར་གདའ་བས། ང་ཟུར་བཞི་ལོག་བརྒྱད་རྩེ་མོ་རིན་ཆེན་འབར་བ་འདྲ་བ་ཅིག་བརྩེགས་གསུངས་པས། དེ་འདྲ་བ་བརྩེགས་པའི་རྡོ་སྐྱེད་ཡིན་ཡོད་ཙ། མཉལ་བའི་འབུལ་སྐྱེལ་ལྷོ་སྨད་པས་ཇག་པའི་བཅོམ་པས། ད་འདི་ལ་སེར་བ་ཅིག་ཕོ་བ་དང་སྡིག་པའི་མི་གོད་བས་གདམ་ངག་པ་ལ་ཡོད་པས་མྱུར་ཏུ་སྟེར་གསུངས་པས། དེ་མི་གསུང་བར་ཞུ། ང་སྡིག་པ་ལ་ཨི་ཕན་གྱི་ཆོས་ཅིག་ཞུར་འོངས་པ་ལགས་ཞུས་ཙ། ཇོ་མོ་ན་རེ། ད་རེས་གཞན་དང་མི་འདྲ་ཁག་ཆེ་བས་སེར་བ་ཅིག་ཕོབ་ཟེར་བས། ཇོ་མོའི་ངོ་མ་ཆོག་ནས་སེར་བ་ཕབ་པས། ཆོས་གནང་དུ་མ་ཉན་པས། མཐུ་ཆེན་དུས་ཏེ། ང་སྡིག་པ་ཆེ་བས་ཆོས་ཅིག་ཨེ་འཐོབ་ལ་ཡོངས་ཙ། དམྱལ་བར་འགྲོ་བ་ལ་གཏིངས་ཨེ་ཟབ་ལྟ་བ་འདྲ་བ་ཅིག་བྱུང་བས། ང་ལས་ངན་ཆེན་པོ་ཅིག་ཏུ་ཟིན་པས། གཞན་གཅིག་ཏུ་སྡིགས་སྦྱོང་ལ་འགྲོ་ཞུས་
(༡༤)པས། གཞན་ཏུ་སོང་བས་མི་འདག །སྡིག་པ་ཨེ་འདག་བསམ་ན་ངའི་མཁར་ཆེ་བ་འདི་བརྩེགས་རོགས་གྱིས། གཞན་ཏུ་ཡང་འགྲོ་ས་མེད། སོང་བ་ཡང་མི་དགའ་གསུངས་པས། ཇོ་མོ་ན་རེ། སློབ་དཔོན་གྱི་ཁྱོད་ལ་ཁྲེལ་མེད་ཅིག་བྱེད་པར་འདུག་པས་འགྲོ་ས་བཟང་པོ་ཅིག་ཡོད་ཟེར་ནས། ན་རོ་བས་ཕྱག་འཕྲེང་དབུ་སྐྲ་ན་བཟའ་རྣམས་སྙིང་རྗེ་བར་བྱུང་བས་བསྐུར་ཏེ། བླ་མ་ལ་ཆང་དཀར་སེངས་ཅིག་ལ་བརྒྱབ་ནས་དྲངས་ཏེ། པད་པ་དང་མ་ཚོར་བར་རྔོག་སྟོན་པའི་ཅན་ཏུ་བསླབས་ནས་བཏང་ངོ་། །དེ་ནས་བླ་མ་དངངས་པ་དང་ངའི་བུ་མཐུ་ཆེན་འདི་གར་སོང་གསུངས་པས། འོ་སྐོལ་གྱི་ཁྲེལ་མེད་བྱས་པས་ཚེ་མ་ཕྱིན་ཏེ་སྤྲང་དུ་སོང་ཞུས་པས། ཨེ་ཨེ་གསུངས་ཏེ། སྤྱན་ཟིམ་མེ་ཨེ་ཅིག་བཞུགས་ནས། ད་རེས་ཙ་ངའི་བུ་དེ་ཀར་མ་སོང་ཟིན་བོང་བུའི་རྣ་བ་བཞིན་ང་རང་ལ་འཁོར་ས་ཅིག་ཏུ་སོང་ཟིན་ཏེ། ལར་ཇོ་མོ་ཁྱོད་རང་། ང་ཅི་བསམ་མི་ཤེས་པས་ཙམ་པ་ལས་བྱེད་པ་ཅིག་འདུག་གསུངས་སོ། །མཁར་ཆེ་བ་དེ་བརྟེགས་ནས་ཐོས་གྲོལ་ཏུ་འགྲོ་སྟེ། མ་དགོངས་སོ། །མཁར་དེ་རྣམས་མིད་ལའི་དིག་སྒྲིབ་ཨེ་འདག་དང་། དབུས་རྩང་གྱི་བརྩེགས་ས་དེ་ན་ཕ་སྤུན་ཆོས་རྩེགས་ཏུ་མ་བཅུག་པས་ཕ་སྤུན་རྣམས་མགོ་སྐོར་བས་ཐབས་དང་། མིད་ལ་ལ་ཞི་རྒྱས་དབང་དྲག་གིས་ལས་སྣ་ཚོགས་འགྲུབ་པའི་རྟེན་འབྲེལ་ཏུ་བརྩེགས་པའོ། །མིད་ལ་རས་པ་མར་བའི་དྲུང་ཏུ་དཀའ་བ་སྤྱད་པ་ལ་བསམ་གྱིས་མི་ཁྱབ་སྟེ། ཐ་ན་ཇོ་མོས་བཞོན་སྐྱེགས་ཡན་ཆད་བྱས་པས། བླ་མ་ཡང་མ་མཉེས་བྱས་ཀྱང་མཉེས་པ་ལ་ཡང་བསམ་གྱི་མི་ཁྱབ་སྟེ། སྡིག་པ་དག་པ་ཡང་བསམ་གྱི་མི་ཁྱབ་སྟེ། ཐོས་གྲོལ་ཉིད་དུ་འགྲོ་བ་ཅིག་དགོངས་ཏེ། བག་མ་བྱུང་བར་
(༡༥)འདུག་གོ །དེ་ནས་རྔོག་སྟོན་གྱི་དྲུང་དུ་སོང་ཙ། རྔོག་སྟོན་གྱིས་ཁྱེད་མཐུ་ཆེན་འབོད་མ་དགོས་པར་འོང་བ་ལེགས། དེར་བླ་མའི་བཀའ་དྲིན་རེད་གསུངས་སོ། །དེ་ནས་བདག་མེད་མས་བསྐུར་བས། ཏེ་ལོ་ན་རོའི་དབུ་སྐྲ་དང་། ཕྱག་འཕྲེང་ན་བཟའ་རྣམས་ཕྱག་ཏུ་ཕུལ་ནས། བདག་སྡིག་པ་ཆེ་བས་ཆོས་ཅིག་ཐུགས་ལ་འདོག་པར་ཞུ་ཞུས་པས། རྔོག་སྟོན་པས་ཆོས་འཆད་ཡིན་འདུག་པའི་ཞལ་ན། ད་ནང་ངའི་གྲ་བ་ཚོ་འདུས་པ་བཅོམ་པས། ཁྱེད་ཀྱིས་དེ་ལ་སེར་པ་ཅིག་པོ་བ་དང་། གདམ་དག་ངས་ཤེས་པ་ཡིན་གསུངས་པས། བླ་མའི་ངོས་མ་ཆོག་པས་སེར་པ་ཕབ་པའི་རེད་ལ། ཡུལ་གྱི་ལོ་ཏོག་ཐམས་ཅད་ཁྱེར། གནམ་གྱི་བྱ་དང་སའི་བྱི་བ་ཡན་ཆད་ཀྱི་སེམས་ཅན་མང་པོ་ཤི། ཇག་པ་རྣམས་ལ་སེར་བ་སྒོ་འགྲིམ་བྱབས་།།།ཕུང་དུ་ཐམས་ཅད་སོང་། མཐུ་ཆེན་སྙིང་རླུང་ལངས་ཏེ། སྒང་ཅིག་ལ་ཕར་བྱོན་ཙ་ཤིང་ཕུང་གི་འོག་ཏུ་ཡང་བྱེལ་རོ་མཐུ་བ་གང་རྙེད་པ་དེ་ཁྱེར་ནས་བླ་མ་རྔོག་སྟོན་པས་དྲུང་ཏུ་བྱོན་ནས། ང་སངས་རྒྱས་པའི་ཆོས་ཅིག་ཞུ་རུ་ཡོང་ཙ། དམྱལ་པར་།།།བ་ལ་བེང་ཨེ་མྱུར་དང་། གཏིང་ཨེ་ཟབ་ཀྱི་སྡིག་པ་རྔམ་པོ་ཆེ་བྱེད་ལས་ཐུག་པས། ད་ང་གར་འགྲོ་ལགས་ཞུས་པས། ཨའུ་ཙ་ཧ་ལས་ཅིག །བྱེལ་རོ་ཚ་མེ་འདིའི་ནང་དུ་ཐོབ་ཅིག །གསུངས་པས། མདུན་ཏུ་མེ་བོད་།།།པའི་ནང་དུ་བྱེལ་རོ་མཐུ་བ་རྣམས་བཏབ་པས། བླ་མས་སེ་གོལ་ཅིག་བརྡབ་ཙ། ནམ་མཁའ་ལ་ཏི་རི་འཕུར་སོང་བ་དང་། སྣང་བ་ལ་ཕན་པ་ཅིག་བྱུང་སྐད་དོ། །དེ་ནས་བདག་མེད་མས་བྱིན་བརླབ་དང་གཏུམ་མོས་ཁྲིད་གནང་ནས། བསྒོམ་།།།
(༡༦)སྟེ། རྡོག་གི་ཇོ་མོ་ན་རེ། མཐུ་ཆེན་རང་འཚམས་གྱིས། བླ་མས་ཡང་ཆོས་བུག་སྒོར་བྱོན་ལ་ཤོད། ངས་ཞབས་ཏོགས་དང་འཚ་བ་སྐྱེལ་པས། འབུངས་ལ་བསྒོམ་དགོས་ཟེར་བས། བསྒོམས་ཀྱང་ཡོན་ཏན་ཆེ་བར་མ་སྐྱེས་ཤིང་སྐྱེད་མེད་པས། ཉིན་ཅིག་བླ་མ་རྔོག་གིས་ཁོ་དེ་མཐུ་ཆེན། ངའི་རྒྱུད་པ་འདི་ལ་དམ་ཟེལ་བྱུང་བ་མིན་པས་དགེ་སྦྱོར་མི་སྐྱེ་བའི་དཔེ་མེད་པ་ཡིན། ཁྱོད་འདིར་འོང་བ་ལ་བླ་མའི་གསུངས་ཨི་ཡོད་གསུངས་པས། བླ་མའི་གསུངས་མེད། ཇོ་མོའི་གསུངས་ཡོད་ཞུས་པས། ཨེ་ཨེ་དེ་ན་མི་འོང་བར་འདུག་འོ་སྐོལ་གཉིས་ཁྲིད་བསྒོམ་ཡང་སྟོང་ལས་ཡིན། ད་བླ་མ་མར་བའི་སྐུ་མཁར་ཡང་ཚར་ཟེར། སྐུ་མཁར་གྱི་དགའ་སྟོན་བྱེད་པ་ལ་སློབ་མ་རྣམས་ལ་ཁྲལ་བརྒྱབ་ཡོད་ཟེར། ངེད་ལ་ཡང་ལུག་ཚེར་མོ་བརྒྱ་དང་། སྣམ་འཕྲུག་བརྒྱ། ནས་ཡ་བརྒྱ། མར་ཐུང་བརྒྱ་ལ་སོགས་པ་ཁྱེར་ལ་ཤོག་ཟེར་བས། དེ་རང་གཉིས་ཀ་འགྲོ་དགོས་གསུངས་པ་ལ། ང་ལ་འབུལ་བ་མེད་པས་ངོ་ཚ་ཞུས་ཙ། ཁྱོད་ལ་འབུལ་བ་ཆེད་པོ་མི་རེ། ཕྱག་རྟེན་ཅིག་གི་རྒྱུ་ངས་སྦྱིན་གསུངས་པ། ཟང་ཀར་ལུང་བཞི་མ་ཆུང་ཆུང་ཅིག་གནང་བ་དེ་ཁྱེར་ནས། དཔོན་སློབ་གཉིས་ཀ་འབུལ་པ་མང་པོ་དེད་ནས་བྱོན་པས། ཡར་ལ་ཉེ་བ་དང་མཐུ་ཆེན་མདུན་ལ་བཏང་བས། ཇོ་མོ་བདག་མེད་མ་དང་མཇལ་བས་མཉེས་མཉེས་མཛད་དེ། གཞན་འབུལ་པ་ཡོད་པ་རྣམས་ཡོངས་ཀྱང་། ཁྱོད་འོང་པ་དགའ། ད་ཁྱོད་རང་བླ་མའི་དྲུང་དུ་སོང་ལ་ཞུ་བ་གྱིས། མི་ཆེ་བས་འོ་སྐོལ་གྱི་བསུ་བ་དགོས་མོད། ཟེར་བས། བླ་མའི་དྲུང་དུ་སོང་ནས་ཕྱག་ཕུལ་ཙ། བླ་མ་ཞལ་ཡེར་འགྱུ་ནས་སོང་བས། བླ་མ་ལགས་བཀའ་བཀྱོན་མཛད་ཡང་། བླ་མ་རྔོག་གིས་འབུལ་བ་མང་པོའི་ཕྱུག་རྟ་དེད་ཡོངས་པས།
(༡༧)བསུ་བ་ཅིག་ཨེ་མི་དགོས་ལགས་ཞུས་པས་བླ་མའི་ཞལ་ན། ངས་རྒྱ་གར་ནས་ཚེ་གཅིག་ལ་སངས་རྒྱས་པའི་གདམ་ངག་རྒྱུད་སྡེ་གདན་དྲངས་ནས་འོངས་པའི་དུས་སུ་བསུ་བ་མི་མི་དགོས་ཁྱི་ཅིག་ཀྱང་མ་འོངས། ད་རྔོག་གིས་དུད་འགྲོ་དེད་ནས་འོད་པ་ལས་བསུ་བ་དགོས་ན་ཕྱིར་ལ་དེད་ལ་སོང་གིས་གསུངས་པས། ཇོ་མོ་ལ་ཞུས་པ། སློབ་དཔོན་ཐུགས་གཏུམ་པ་ཡིན། རྔོག་ལ་བསུ་བ་དོགས་ཟེར་བས། ཇོ་མོས་བསུ་བ་མཛད་དེ། བླ་མས་ཡང་རྔོག་དང་བུ་ཆེན་རྣམས་འབྱོན་པའི་སྣ་ལེན་ལ། གསང་སྔགས་ཀྱི་དཀྱིལ་འཁོར་བཞེངས། མཆོད་པ་དཔག་ཏུ་མེད་པ་བཀྲམ་ནས་བཞུགས་ཏེ། རྔོག་དང་། མེས་དང་། དོལ་དང་། མིད་ལ་ལ་སོགས་པའི་བུ་ཆེན་རྣམས་དང་། སློབ་མ་ཐམས་ཅད་བསྡུས་ནས། ཚོགས་འཁོར་རྒྱ་ཆེན་པོ་མཛད་བླ་མ་མར་པའི་དྲུང་དུ་རྔོག་ལ། ངའི་བུ་མཐུ་ཆེན་ཁྱོད་ཅན་ཏུ་སོང་བ་ལ་གདམས་ངག་ཨེ་བྱིན་གསུངས་པས། དེ་ལོ་ན་རོའི་དབུ་སྐྲ་ཕྱག་ཕྲེང་ན་བཟའ་ཚོ་བསྐུར་བྱུང་བས་བྱིན་ལགས་ཞུས་པས། ཇོ་མོ་ལ་བེར་མ་ལྕག་གཅིག་གིས་བརྒྱབ་སྟེ། ངའི་བླ་མ་ལ་འདི་ཚེས་མ་བྱས་ཟིན་གསུངས་པས། ཇོ་མོ་ལ་སྤྱན་ཆབ་ཤོར་ཏེ། ད་ཨའུ་ཙི། ཕུད་མིག་ཚོགས་ལ་ཁྱེར་ལ་ཤོག་གསུངས་ཏེ། དེ་ནས་བྱིན་པོ་གཟིམས་པ་དང་། བླ་མ་ཡབ་ཡུམ་གཉིས་རྔོག་དང་། །།།ལ་གཉིས་དང་བཞི་མིན་མེད་པ་ལ། དབང་ཟབ་མོ་བརྡའ་བཞི་དང་། གདམ་ངག་གཏུམ་མོའི་ངོ་སྤྲོད་དང་། རྒྱུད་སྡེ་ཟབ་མོའི་བཀའ་ལུང་ཐམས་ཅད་གནང་པས། མིད་ལས་ཡང་བླ་མ་གཉིས་ཀ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཁ་ཞེ་།།།
(༡༨)པར་སྐྱེས་སོ། །ཕྱི་ནང་སྟོན་མོ་ཆེན་མོའི་དགའ་སྟོན་མཛད་དེ། དེའི་ཚོགས་གྲལ་ཏུ་མར་བས་མགུར་འདི་གསུངས་སོ། །ན་མོ༔ བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ངའི་རྒྱུད་པ་རིན་ཆེན་ལ། །ཉེས་ལྟུང་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །གདམ་ངག་ཟབ་མོའི་ཉེ་ལམ་ལ། །ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ང་རང་མར་པ་ལོཙྪ་ལ། །ཟབ་མོ་གནད་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱིན་བརླབས་དངོས་གྲུབ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་ཆེན་སློབ་མའི་འཁོར་ཚོགས་ལ། །དད་པ་དམ་ཚིག་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཡོན་བདག་ཡུལ་མི་ཉེ་རིང་ལ། །མཐུན་རྐྱེན་ཚོགས་བསོགས་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ལས་དང་བྱ་བ་ཐམས་ཅད་ལ། །རོགས་ལྡན་བྱང་ཆུབ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །སྣང་ཞིང་སྲིད་པའི་ལྷ་འདྲ་ལ། །ཆད་མདོ་བརྩན་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །འདིར་འཚོགས་ཁྲོམ་གྱི་ལྷ་མི་ལ། །བདེ་སྐྱིད་སྨོན་ལམ་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཅེས་གསུངས་ཏེ། བླ་མ་རྔོག་གི་གཞིས་མ་དང་མཐུན་རྐྱེན་ལན་ཅིག་རྡོག་གི་ཇོ་མོ་ཤོག་ཟེར་བས། ལན་ཅིག་འགྲོ་ཞུས་པས། འོ་ན་མགྱོགས་པར་སླེབ་པར་གྱིས། ད་མང་པོའི་ལུང་མེད་པས་ཁྲིད་ཟབ་མོ་ཅིག་འཛུགས་གསུངས་པས་དགའ་སྟེ། མྱུར་ཏུ་སླེབ་པར་
(༡༩)བྱས་ཙ། རྔོག་གིས་སྙན་དྲིལ་ཡིད་བཞིན་ནོར་བུ་ཞུ་ཞུས་པས། ང་ལ་སྙན་དྲིལ་ཞུ་ན་འབུལ་བ་དགོས་གསུངས་པ་ལ། འབུལ་བ་ནོར་ལུག་ཐམས་ཅད་དེད་ནས་འོད་བས་ཕུལ་བ་ལ་འབུལ་བ་ཆུང་གསུངས་པ་ལ། བླ་མ་ལགས་ངའི་ཞོལ་མོ་རྒན་མོ་དེ་ནི་ནོར་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མཐོན་ཞུས་པས། འོ་ན་ངའི་སྙན་དྲིལ་ཡང་ཆོས་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་ཐེབས་ཅིག་ལ་མི་ཐོན་གསུངས་པས། ཞོལ་མོ་ཐག་ཁྲིད་བྱས་ནས་འོང་སྟེ། འོ་ང་འོངས་པ་རང་གི་ཆོག །ང་ལ་ཞོལ་མོ་འདི་བྱེད་མེད་སྟེ། ཆོས་ཀྱི་ཆེ་བ་མེད་ན་ཆོས་ཞུ་བ་ཡིན་པས་གོ་བར་མཛོད། ལར་ངའི་གདམ་ངག་འདི་རྣམས་འཇིག་རྟེན་བློས་བཏང་བའི་མི་ལ་འབུལ་བ་ལེན་ཏུ་མི་རུང་། བསྒོམ་ནུས་ན་འབུལ་བ་ཐམས་ཅད་ཞོར་ལ་འོང་བ་ཡིན། ཚེ་འདིས་མིག་ཁྲིད་པས་སྐྱེ་བོ་ལ་བསྟན་ཏུ་མི་རུང་། ཁྱེད་རྔོག་ལྟ་བུ་རེ་རེ་ནི་སྐལ་པ་དུ་མར་ཚོགས་བསགས་བསགས་པའི་སྐལ་ལྡན་ཡིན་པས། གཞན་ལ་དེ་བཞིན་དུ་མི་བཏབ་གསུངས་ཏེ། སྙན་ནས་སྙན་དྲིལ་བཏོན་ནས་གནང་སྟེ། མཉེས་པར་མཛད་དོ། །མི་ལས་མིའི་འབུལ་པ་ཆེ་ལུགས། །ངའི་ཟངས་འདི་པུ་ལ་ཡང་ཨའུ་གནང་བསམ་སྟེ། ཟངས་དེ་ཕུལ་པས་ཤིན་ཏུ་མཉེས་པས། སྦ་བེར་གྱིས་ཟངས་ལ་བརྒྱབ་ཡིན་ཕྱི་ནང་མེད་པར་གཟིགས་སོ། །བཟང་བཟང་འབུལ་བ་འདི་རང་བཟང་། །ཟངས་འདི་ཆེ་རྒྱུ་མེད་པས་རང་ལ་མནོག །ལུང་བཞི་ཡོད་པའི་ཕྱིར་བཞིར་ཁྱབ། །སྐད་འདི་བཟང་པའི་སྙན་པ་ཆེ། །ཕྱི་ནས་དྲག་པ་མེད་པས་དམ་ཚིག་གཙང་། །ནང་དམར་བས་མཁའ་འགྲོ་འདུ། །རྒྱུ་བཟང་བས་རྒྱུད་པ་ཇེ་བཟང་ཇེ་བཟང་འགྲོ། ད་རེས་ཁྱོད་ཀྱི་ང་ལ་འབུལ་བཏུས་འབྲུ་གསུམ་ནང་དུ་མ་
(༢༠)བཏང་བས་ཆོས་བརྒྱག་དཀོན་པོ་ཡོངས་ཏེ། ལྟོག་དྲིར་ནི་ཅི་བྱུང་ཡང་མི་འཆི། གསུངས། འོ་ན་ནས་ཀྱི་འགེངས་ནས་འབུལ་ཞུས་པས། ད་ཕན་གནོད་མེད། ལར་ཇོ་མོ་ཁྱེད་གཉིས་སེམས་ཆུང་བས། ངའི་མཁར་བརྩེགས་པ་ལ་གཉུག་ཐུང་བ་མིན་ན་སླ་སྟེ། དེ་ཆོས་ལ་སྙིང་རུས་ཅིག་དགོས་ཏེ་སླང་ནས་འོང་གསུངས། དེ་ནས་མེས་ཚོན་པོ་དང་། ཚུར་སྟོན་དབང་ངེ་དང་། གཞུང་གི་རྔོག་སྟོན་ཆོས་དོར་དང་། གུང་ཐང་གི་མིང་ལ་རས་པ་བཞི་བུ་ཆེ་བ་བཞི་ཡིན་པ་ལ། གཞན་དང་མི་འདྲ་བའི་གདམ་ངག་དང་། དབང་བསྲུར་ཟབ་མོ་མཛད་དེ། ནམ་སྟོད་ལ་དབང་མཛད། ནམ་སྨད་ལ་བསྒོམ་མཛད། སྔ་དྲོ་ཆོས་བཤད། དགོངས་མོ་བསྒོམ་མཛད་ཡིན་བཞུགས་པ་ལ། ནུབ་ཅིག་བདག་མེད་མའི་ཟབ་དབང་མཛད་པའི་ཐོ་རངས་ཁ་ཅིག་བུ་ཆེན་རྣམས་ཅི་མཛད་གཟིགས་པས། རྩང་རོངས་གི་མེས་ཚོན་པོས་འོད་གསལ་བསྒོམ་ཡིན། བདག་ལ་འོད་གསལ་བུམ་ནང་གི་མར་མེ་འདྲ་བ་ཅིག་ཡོད་པ་དེ། འདིས་ཁྱེར་བར་འདུག་དགོངས། དོལ་གྱི་ཚུར་སྟོན་དབང་ངེས་དེས་འཕོ་བ་བསྒོམ་ཡིན་འདུག་པས། བདག་ལ་འཕོ་བ་སྐར་ཁུང་ལ་མདའ་འཕངས་པ་ཅིག་ཡོད་པ་དེ་འདིས་ཁྱེར་འདུག་དགོངས། གཟུང་གིས་རྔོག་སྟོན་ཆོས་རྡོར་དེ་དཔེ་ལ་གཟིགས་ཡིན་འདུག་པས། བདག་ལ་བཤད་རྒྱུད་ཆུ་བོས་གཞུང་དང་འདྲ་བ་ཅིག་ཡོད་པ་དེ་འདིས་ཁྱེར་པར་འདུག་དགོངས། མིད་ལ་རས་པ་ལ་གཟིགས་པས་རླུང་འཛིན་འདུག་པས། བདག་ལ་གཏུམ་མོ་སྡོང་སྐམ་ལ་མེ་འབར་བ་ཅིག་ཡོད་པ་དེས་འཁྱེར་བར་འདུག་སྟེ། གྲུབ་ཐོབ་ཅིག་འདི་ལ་ཡོངས་བར་འདུག་དགོངས་སོ། །དེ་ནས་མིད་
(༢༡)ལ་གོལ་སར། ཇོ་མོ་ལ་ཕུད་དང་ཚོགས་འཁོར་ཤོམ་ཅིག་གསུངས་པས། སྙན་རྒྱུད་བརྡའི་དབང་བཞི་དང་། གཏུམ་མོ་གནད་ཀྱིས་གདམ་ངག་དང་། སྲོག་རྩོལ། བསྲེ་འཕྲོ། སྙན་རྒྱུད་ཀྱི་མན་ངག །རིམ་ལྔ་དམར་ཁྲིད་ལ་སོགས་པ་རྣམས་ལེགས་པར་ངོ་སྤྲོད་དེ། སྦ་བསྲེ་དང་། ཁ་ཞེ་མེད་པར་གནང་ནས་མགུར་འདི་གསུངས་སོ། །ན་མོ༔ བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བསམ་པ་གདམ་ངག་དེ་ག་ཉིད། །མང་པོ་ཐོབ་འདོད་གཡེང་བའི་རྒྱུ། །གནད་ཀྱི་གསུང་ངག་སེམས་ལ་ཆོངས། །དེ་དེ་མང་ཡང་འདི་ཉིད་མེད། །སྟོང་ཏུ་མང་ཡང་འབྲས་བུ་མེད། །ཡོན་ཏན་མང་ཡང་དོན་བསྟན་མེད། །དེ་སང་བསླབ་ཡང་འདི་མཐོང་མེད། །བཤད་རྒྱུད་མང་ཡང་ཕན་པ་མེད། །ཕན་པ་སྙིང་ལ་ཐོགས་པ་དམ་པའི་ནོར། །ནོར་ཕྱུག་པོ་འདོད་ན་འདི་ལ་དྲིལ། །ཆོས་ཉོན་མོངས་འདུལ་བ་ཐབས་ཀྱི་ལམ། །ལམ་བརྩན་ས་འཛིན་ན་འདི་ལ་དྲིལ། །སེམས་ཁོ་ཐག་ཆོད་པ་ཆོག་ཤེས་དཔོན། །དཔོན་བཟང་པོ་འདོད་ན་འདི་ལ་དྲིལ། །འཁོར་བ་དུ་བྲོའི་སྒྱིག་ལུགས་སྐྱུག །མི་མེད་ཀྱི་རྫ་བྲག་པའི་མཁར། །གྲོགས་མེད་གཅིག་བུ་ལྷའི་ཡུལ། །སེམས་ལ་སེམས་ཞོན་འཆད་མེད་ལྟ། །རང་ལུས་དགོན་པ་ལྷའི་ཁང་། །ཡེངས་མེད་ཀྱི་དགེ་སྦྱོར་སྨན་གྱི་མཆོག །དོན་དང་ལྡན་པས་སྐྱེས་བུ་ལ། །དོན་ལ་འཐོགས་མེད་ཀྱི་གདམ་ངག་སྦྱིན། །ང་དང་གདམ་ངག་ཁྱོད་དང་གསུམ། །མ་རུལ་མ་སད་མ་སྐམ་པར། །བུའི་ལག་ཏུ་བཞག་པ་འདིས། །འབྲས་བུ་ལོ་འདབ་རྒྱས་པར་ཤོག །ཅེས་གསུངས་ཏེ། ངའི་གདམ་ངག་འདི་ཇོ་སྲས་མདོ་སྡེ་འདྲ་བ་རེ་རེ་མིན་པ་ལ་སྦྱིན་ཏུ་མི་རུང་བས། གང་ཡིན་པ་
(༢༢)ལ་མ་སྦྱིན་གསུངས་ནས་བཀའ་རྒྱས་བཏབ་པོ། དེ་ནས་ད་དེ་ང་ཡང་ཡུལ་ཏུ་འགྲོ་འདོད་པས་འགྲོ་ལགས་ཞུས་པས། ད་རུང་ཞག་འགའ་ཡར་ལ་མ་འགྲོ་དང་། ངས་རྟེན་འབྲེལ་ཟབ་མོ་སྒྲིགས་རྒྱུ་ཡོད་གསུངས་ཏེ། དེ་ནས་ཉིན་ཅིག་བླ་མའི་དྲུང་དུ། ད་ཁྱོད་འགྲོ་ན་སོང་ལ་སྒོམས། རྒྱ་གར་དུ་ལུས་མེད་མཁའ་འགྲོའི་ཆོས་དགུ་ཡོད་པ་ལ། བཞི་ངས་བླངས་པ་ཡིན། ལྔ་ད་རུང་ཡོད་པས་ན་རོའི་བུ་རྒྱུད་ཅིག་སོང་ནས་ལོན་པར་ཡོད་པར་ཁྱོད་འགྲོ་ནུས་ན། སེམས་ཅན་རྣམས་ལ་ཕན་ལ་ཕན་པས་སོ། །བསྒྲུབས་ནུས་ན་བླ་མའི་ཞབས་ཏོགས་དང་། ཕ་མའི་དྲིན་ལན་དང་། སེམས་ཅན་གྱི་འགྲོ་དོན་ཐམས་ཅད་དུས་གཅིག་ལ་འགྲུབ་པ་ཡིན། བསྒྲུབ་པ་མ་ནུས་ན་ཚེ་རིང་པོ་བསྡད་ཀྱང་དོགས་པ་མེད། ཚེ་ངན་རེངས་དང་ལས་ངན་མང་ལ་མ་སོང་བ་ལ་རེམ། རེས་ཅིག་སྡུག་ཐུགས་པ་ཅིག་འོང་བས་དུས་སུ། །ཤོག་དྲིལ་འདི་ཤིག་ལ་ལྟོས། དེ་ཚུན་ལ་མ་ལྟ། ཡང་ཡང་རུང་དྲན་པ་ཅིག་གིས་ཡིན་འབུངས་དང་། ངས་ཀྱང་ཡང་ཡང་ཏུ་ཁྱོད་དྲན་པར་བྱེད། དྲན་རིགས་མ་འཛོལ་ན་དེ་རང་གཉིས་འཛོལ་བའི་ཐབས་མེད་པ་ཡིན་གསུངས་པ་རྣམས་ཀྱི་སེམས་ལ་ཕན་ཏེ། སྙིང་ལ་བཅགས། ཤ་ལ་བྲག་པ་ཅིག་བྱུང་བའི། ཕྱིས་བསྒྲུབ་པ་ལ་སྙིང་རུས་ཡང་གསུང་རེ་རེ་ཡིན་ཤེད་ཅེ་ཆེ་ཅེ་ཆེར་སོང་སྐད་དོ། །དྲེ་ནས་མི་ལ་འགྲོ་ཟེར་བས་བདག་མེད་མས། མི་རྟག་པའི་ཉམས་མང་པོ་མཛད་དེ། མཐུ་ཆེན་ལ་འདི་སྐད་ཅེས་གསུངས་སོ། །ཁྱོད་སྙིང་རུས་ཅན་གྱི་སྡུག་སྲན་ཅན། །ཕྱི་ཐག་རིང་ཞིང་ངང་རིང་པོ། །སྐལ་པ་ཅན་གྱི་བུ་ཁྱོད་ཀྱིས། །བླ་མས་བདུད་རྩི་ཡེ་ཤེས་ཆང་། །ངོམ་པར་འཐུང་ལ་བཞུད་པར་
(༢༣)ཞུ། །ཕ་དང་མ་གཉིས་མ་བརྗེད་པར། །གསོལ་པ་ཡང་ཡང་འོ་དོད་བོས། །སྙིང་ལ་ཕན་ཕན་པའི་གདམ་ངག་ལ། །འགྲངས་པར་ཟོ་ཡིན་བཞུད་པར་ཞུ། །དྲིན་དང་ཕ་མ་མ་བརྗེད་པར། །བཀའ་དྲིན་སོམ་ཡིན་སྙིང་རུས་མཛོད། །མཁའ་འགྲོའི་ཁ་བརླངས་ཟབ་མོས་གོས། །གྲོ་བར་གྱོན་ཅིང་བཞུད་པར་ཞུ། །མ་ནུས་སེམས་ཅན་མ་བརྗེད་པར། །རང་སེམས་བྱང་ཆུབ་ལམ་ལ་ཆུག །སྐལ་བ་བཟང་པོའི་བདག་མེད་མས། །བུ་ལ་སྙིང་གཏམ་བསྐུལ་བསྐུལ་བ། །བུས་ཡང་མ་བརྗེད་སྙིང་ལ་ཟུང་། །མས་ཡང་ཡི་དམ་མགོན་དུ་སྐྱོབ། །སེམས་ཡིད་མཐུན་པའི་མའུ་གཉིས། །ཨུ་རྒྱན་ཡུལ་ཏུ་མཇལ་བར་ཤོག །དྲིན་ལན་ཆོས་ཀྱི་འཁོར་བར་ཤོག །ཅེས་གསུངས་པས། མིད་ལ་དགའ་སྟེ། ངས་ད་རུང་ཆོས་ཅིག་མི་བྱེད་ཨང་བསམ་བ་འབྱུང་ངོ་། །དེ་ནས་བླ་མས་ཇོ་མོས་ཐུགས་ལ་བཏགས་གདམ་ངག་ཐམས་ཅད་རྫོགས་པས། ད་ང་ཡར་ལ་འགྲོ་ཞུས་པ་སྟེ། མིད་ལས་འགུར་ལ་སྔ་བ་རྩང་ཡར་འགྲོའི་མགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ལན་ཅིག་ཡུལ་ཏུ་འགྲོ་བར་ཞུ། །ང་ཡིས་ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་ཞིག་གམ་མ་ཞིག་བལྟ། །སྲིང་མོ་པེ་ཏེའི་དཔལ་འདྲེན་དེ། །དུས་ད་ལྟ་ཤིའམ་མ་ཤི་བལྟ། །ཁྱིམ་ཚེས་ཨ་ཁུ་གཡུང་དཔལ་དེ། །དུས་ད་ལྟ་ཤིའམ་མ་ཤི་བལྟ། །ཨ་ནེ་ཁྱུང་ཟའི་དཔལ་འདྲེན་དེ། །དུས་ད་ལྟ་སྐྱིད་དམ་མི་སྐྱིད་བལྟ། །ཁང་པ་ག་བཞི་གདུང་དྲུག་དེ། །དུས་ད་ལྟ་འགྱེལ་ལམ་མ་འགྱེལ་བལྟ། །བརྩན་མཁར་ཟུར་བཞི་ལོག་བརྒྱད་དེ། །དུས་ད་ལྟ་ཞིག་གམ་ཞིག་བལྟ། །གཤོར་ཞིང་འུར་མོ་གྲུ་གསུམ་ལ། །
(༢༤)འཇགས་མཆུར་རམ་མཇུར་བལྟ། །དམ་ཆོས་གླེགས་བམ་རྒྱས་པ་དེ། །དུས་ད་ལྟ་བཞུགས་སམ་མི་བཞུགས་བལྟ། །བླ་མཆོད་དཀོན་གཉེར་ལྷ་འབུམ་དེ། །དུས་ད་ལྟ་སྐུ་ཁམས་བཟང་སམ་མི་བཟང་བལྟ། །རྗེ་མི་བསྐྱོད་ངོ་བོ་ཐུགས་རྗེ་ཅན། །སང་ལན་ཅིག་ཡུལ་ཏུ་འགྲོ་བ་ལ། །སྐྱེལ་མ་དང་སུན་མའི་ཐུགས་དམ་མཛད། །པར་ཆོད་དང་རྐྱེན་གྱི་བཟློག་པ་མཛོད། །ལུས་ངག་བསམ་པའི་བསྲུང་བ་མཛོད། །སྨོན་ལམ་དང་ཐུགས་ཁུར་རྟེན་འབྲེལ་མཛོད། །ཐུགས་རྗེ་དང་ནུས་པའི་དབང་བསྐུར་མཛོད། །རྒྱུད་ལུང་དང་མན་ངག་གི་རྒྱབ་རྟེན་མཛོད། །ཚེ་རིང་ནད་མེད་བཀྲ་ཤིས་མཛོད། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །རི་ཁྲོད་ཐུབ་བར་བྱིན་གྱི་བརློབས། །ཅེས་ཞུས་པས། ཨ་བོ་མཐུ་ཆེན་ཡིད་གཉིས་དང་ཐེ་ཙོམ་མི་དགོས། ཁྱོད་ལ་ཡང་ང་ཤེས་ང་ལ་ཡང་ཁྱོད་ཤེས། །ཆོས་ནུས་ན་ང་ཡང་གང་ན་དགའ་དང་། འདི་ནུས་དགའ་ལ་ངེས་པ་མེད་པར་དགའ། ཁྱོད་ལ་ཡང་གང་ན་སྐྱིད་དང་འདི་ནས་སྐྱིད་མེད་པས་སྐྱིད་པས། རེམ་ཅིག་རེམ་ཅིག་གསུངས་ཏེ། མགུར་མ་འདི་མར་བས་གསུངས་སོ། །རྗེ་བླ་མ་དེ་ལ་གསོལ་བ་འདེབས། །ལས་བྱས་པ་ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་སུ་འགྲུབ་པར་ཤོག །ངག་དང་བཟླས་པ་བདུད་རྩིའི་རོས། །རྟེན་འབྲེལ་ལོང་སྐུར་འགྲུབ་བར་ཤོག །ཆོས་སྐྱོངས་སྲུངས་མས་རྒྱབ་རྟེན་དེ། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། །མྱུར་བ་ཉིད་ཏུ་འགྲུབ་པར་ཤོག །ཆོས་མཛད་ཀུན་གྱི་ཐུགས་རྗེ་དེ། །
(༢༥)དུས་རྣམས་ཀུན་ཏུ་འཛིན་པར་ཤོག ཁྱོད་རྩང་སིལ་མ་ལའི་ལ་ཐོག་ཏུ། །བརྟན་མ་བཅུ་གཉིས་ཀྱི་སུན་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཁ་ན། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་འཁོར་ཤིང་ན། །མི་རྟག་སྒྱུ་མའི་དམ་ཆོས་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ན། །སྒྱུ་བ་ཞིག་པའི་གདམ་ངག་ཡོད། །མི་མེད་ལུང་བའི་བྲག་ཕུག་ཏུ། །འཁོར་འདས་རྗེ་བའི་ཚོང་དུས་ཡོད། །སྙིང་རུས་ལུས་ཀྱིས་དགོན་པ་ན། །ལྷ་བདེར་གཤེགས་འདུས་པའི་མཆོད་ཁང་ཡོད། །ན་མེད་ཟའི་འཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཁྲུལ་འཁོར་ལུས་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམས་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །འཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་འཐོན་པའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པས་རང་ཟས་ལ། །བདེ་བ་ལྷའི་ཕ་འབབ་ཡོད། །གྲིབ་དང་བ་ལྷའི་གཞལ་ཡས་ནས། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །མདོན་རྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་འཕྲིན་ལས་ཡོད། །བཀའ་བཞིན་བསྒྲུབ་པའི་སོ་ནམས་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་བ་ལོཙྪའི་བུ་རྒྱུད་ལ། །གཏམ་སྙན་མང་པོའི་ཡོངས་སྒོ་ཡོད། །མིང་ལ་རས་པས་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །ཅེས་གསུངས་ཏེ། དབུ་ཀུན་འགྲོ་ན་ངས་ཡར་ལ་སྐྱེས་གསུངས་པས། ཇོ་མོས་ཕུང་བཟང་པོ་དང་ཚོགས་འཁོར་བཤོམས། ལམ་
(༢༦)ཆས་གང་འདོད་པའི་དྲོ་བརྒྱག་སྤྲད་དེ། ཇོ་མོ་ལ་ཡང་ཉམས་འཕར་བ་དང་། སྤྱན་ཆབས་མང་པོ་ཡོངས་ཏེ། ཡབ་ཡུམ་སྐུ་འཁོར་སུམ་བཅུ་ཙམ་ཅིག་གི་བར་ཏུ་སྐྱེལ་མ་མཛད་དེ། ཡིད་འཕྲེང་བས་སྐྱོ་ཤས། ངག་འཕྲེང་བས་སྙིང་གཏམ་ལུས་འཕྲེང་བས་ཕྱག་རྒྱ་མང་ཏུ་མཛད་ཅིང་ཚོགས་འཁོར་ཅིག་ཤར་ནུབ་གསལ་བའི་ལ་ཁར་མཛད་ནས། མར་བས་མིད་ལས་ཕྱག་ནས་བཟུང་ནས་ངའི་རྒྱུད་པ་འདི་ཁྱོས་འཛིན་པས་རྨི་ལྟས་འདི་ལྟ་བུ་གསུངས་ཏེ། ཀ་ཆེན་བཞིའི་མགུར་ཏུ་གསུངས་པ་འདི་ཡིན་ནོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉི་མ་ཤར་དུ་ཀ་ཆེན་ཅིག་འཛུགས་པ་རྨིས། །ཀ་ཐོག་ཏུ་སེང་གེ་འགྱེད་པ་རྨིས། །སེང་གཡུ་རལ་གྲྭ་རུ་རྒྱས་པར་རྨིས། །སེང་གངས་ཀར་གྱིས་ལྟོངས་སུ་འཕྱོ་པ་རྨིས། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ལྷོ་རུ་ཀ་ཆེན་ཅིག་བཙུག་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ཅིག་ངར་བ་རྨིས། །སྟག་གྲྭ་འཛུམ་མཐའ་ནས་རྒྱས་པ་རྨིས། ཁོང་འཛུམ་ཐེབ་གསུམ་བྱས་པ་རྨིས། །ནགས་མའི་གསེབ་ཏུ་འཕྱོ་པ་རྨིས། །ཐང་ཤིང་གི་རྒྱུད་ལ་འབྲེལ་བ་རྨིས། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་ཅིག་བཙུགས་པ་རྨིས། །ག་ཐོག་ཏུ་ཁྱུང་ཆེན་འབབ་པ་རྨིས། ཁྱུང་རྩེ་སྒོ་གྲྭ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་ཏུ་གཟིངས་པ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་བྱང་དུ་ཀ་ཆེན་ཅིག་བཙུག་པ་རྨིས། །ཀ་ཐོག་ཏུ་རྒོད་ཅིག་འབབ་པ་རྨིས། །རྒོད་རྩེ་སྒྲོ་གྲྭ་རུ་རྒྱས་པ་རྨིས། །བྱ་ཚངས་བྲག་ལ་བཅས་པ་རྨིས། །བྱ་དེ་ལ་བུ་ཅིག་སྐྱེས་པ་རྨིས། །བྱ་བྲན་གྱི་ནམ་མཁའ་གང་བ་རྨིས། །བྱང་རྨི་ལམ་
(༢༧)མི་ངན་རྨི་ལམ་བཟང་། །ངས་སྔན་དབྱིངས་ལ་བསྐྱར་མ་མྱོང་། །ད་རེས་ཚིགས་ལ་གསལ་ཅིག་འདེབས། །ཉི་མ་ཤར་ཏུ་ཀ་ཆེན་བཙུག་པ་དེ། །དོལ་གྱི་ཚུལ་སྟོན་དབང་དེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱེང་བ་དེ། ཁོང་མི་གཞི་སེང་དང་འདྲ་བ་ཡིན། །གཡུ་རལ་གྲྭ་རུ་རྒྱས་པ་དེ། །བླ་མའི་གདམ་ངག་གོ་བ་ལགས། །སེང་ཀང་ལྟོངས་སུ་འཕྱོ་བ་དེ། །གདམ་ངག་གི་རྒྱུད་པ་ཟིན་པས་རྟགས། །ཤར་རྨི་ལམ་བཟང་བ་དེ་ལྟར་ལེགས། །ཉི་མ་ལྷོ་རུ་ཀ་ཆེན་བཙུག་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ལེགས། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། ཁོང་མི་གཞི་སྟག་དང་འདྲ་བ་ལགས། །སྟག་གྲྭ་འཛུམ་མཐའ་ནས་རྒྱས་པ་དེ། །བླ་མའི་གདམ་ངག་གོ་བ་ལགས། ཁོང་འཛུམ་ཐེབ་གསུམ་བྱས་པ་དེ། །བཤད་རྒྱུད་ཀྱི་བསྟན་པ་དར་བའི་རྟགས། །སྟག་ནག་མའི་གསེབ་ཏུ་འཕྱོ་པ་དེ། །ཚེ་གཅིག་གིས་བསྒྲུབ་པ་རྙེད་པའི་རྟགས། །ཐང་ཤིང་གི་རྒྱུད་ལ་འབྲེལ་བ་དེ། །བུ་ཚ་བོ་རྒྱུད་པས་འཛིན་པས་རྟགས། །ལྷོ་རྨི་ལམ་བཟང་བ་དེ་ལྟར་ལེགས། །ཉི་མ་ནུབ་ཏུ་ཀ་ཆེན་ཅིག་བཙུག་པ་དེ། །རྩང་རོང་གི་མས་སྟོན་ཚན་པོ་ལགས། །ཀ་ཐོག་ཏུ་ཁྱུང་ཆེན་འབབ་པ་དེ། ཁོང་མི་གཞི་ཁྱུང་དང་འདྲ་བ་ཡིན། ཁྱུང་རྩེ་སྒོ་གྲྭ་རུ་རྒྱས་པ་དེ། །བླ་མའི་གདམ་ངག་གོ་བ་ལགས། །བྱ་སྤུ་གནམ་ཏུ་གཟིངས་པ་དེ། །གདམ་ངག་རྒྱུད་པ་ཟིན་པའི་རྟགས། །བྱ་མིག་ཀྱེན་ཏུ་བལྟས་པ་དེ། །འཁོར་པ་ལ་ཕྱི་ཕྱག་འཚལ་བའི་རྟགས། །ནུབ་རྨི་ལམ་བཟང་པོ་དེ་ལྟར་ལེགས། །ཉི་མ་བྱང་དུ་ཀ་ཆེན་ཅིག་བཙུག་པ་དེ། ཁྱོད་ཀུང་ཐང་གི་
(༢༨)གི་མིད་ལ་རས་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་འབབ་པ་དེ། ཁྱོད་མི་གཞི་རྒོད་དང་འདྲ་བ་ལགས། །རྒོད་རྩེ་སྒྲོ་གྲྭ་ར་རྒྱས་པ་དེ། །བླ་མས་གདམ་ངག་གོ་པ་ལགས། །བྱ་ཚངས་བྲག་ལ་བཅའ་བ་དེ། །ཚེ་སྲོག་བྲག་ལས་སྲ་བས་རྟགས། །བྱ་དེ་ལ་བུ་ཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་ཅིག་འབྱོན་པའི་རྟགས། །བྱ་བྲན་གྱི་ནམ་མཁའ་གང་བ་དེ། །བཀའ་རྒྱུད་ཀྱི་བསྟན་པ་དར་པའི་རྟགས། །བྱང་རྨི་ལམ་བཟང་བ་དེ་ལྟར་ལགས། །ང་མི་རྒན་གྱི་ཁ་ན་གཏད་ཡོད་ན། །ཆོས་བསྒྲུབ་རྒྱུད་ཀྱི་བསྟན་པ་དར་ཏེ་མཆིས། །ཅེས་གསུངས་པས། སེམས་དཔའ་དིངས་ཀྱིས་སོང་སྟེ། ངས་སྙིང་རུས་ཅིག་མ་ནུས་ན། དགོས་པ་མེད་པར་འདུག་བསམ་པའི་སྣང་པ་མཐོ་དེང་ངེ་ཅིག་རྒྱུན་ཏུ་བྱུང་ངོ་། །དེ་ནས་བླ་མ་མར་བ་དང་། རྔོག་གཉིས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་པའི་དད་པ་བརྟན་པ་ཐོབ་ཅིང་། བླ་མའི་ཞབས་ལ་འཇུས་ཏེ། སྨོན་ལམ་བཟང་པོ་བཏབ། བླ་མས་ཡང་ཕྱག་འཛུབ་སྙིང་ལ་གཏད་ནས་སྨོན་ལམ་བཟང་པོ་བཏབ་གསུངས་ཏེ། དཔོན་སློབ་གཉིས་འབྲལ་མི་ཕོད་པའི་གདུངས་དབྱངས་མང་པོ་མཛད་པས། །ས་ཕག་མ་ཕུང་ཀྱི་བར་ཏུ་ཡིད་འཕྲེང་བས་ཕྱི་མིག་ཡང་ཡང་བལྟས་ཙ། བླ་མ་དཔོན་སློབ་རྣམས་ལྷོ་བྲག་གོས་དཀར་ཀྱིལ་ཁར་དེ་རུང་སྨུག་བུང་དེ་འདུག་པ། ཡིད་ལ་བཅང་སྟོང་ཆེན་པོ་ཡོད་པ་མིན་པས། དེ་ལ་ལོ་ཅིག་བྱས་ཅེས་གསུངས་སོ། །ཕྱི་མིག་མང་པོ་ཡང་ཡང་དུ་བལྟས་ཏེ། བླ་མ་མར་པའི་ཞལ་ནས། ཁོ་ཕྱི་མིག་ཡང་ཡང་དུ་བལྟ་བ་དེ་ང་ལ་འཕྲིང་བ་ལོག་ཚད་དེ། སྙིང་ལ་རུས་པ་ཅིག་ཡོད་དེ་རེས་གསུངས་
(༢༩)སོ། །རྗེ་བཙུན་གྱི་ཐུགས་ལ་ཡང་། ལས་ཅི་ལ་ཐུགས་ཀྱང་ཆོས་བྱེད་བསམ་པའི་ངེས་ཤེས་དང་མ་བྲལ་བའི་བླ་མ་ཡིད་ལ་བྲེང་ངེ་བ་ཅིག་བྱུང་བས། སྐྱོ་ཏིང་དེ་ཅིག་ལ་ཡུལ་ཏུ་བྱོན་ནོ། །བླ་མ་ཡར་ལ་བྱོན་ཏེ་ངའི་བུ་དེ་ཆོས་ཉེ་མ་ཅིག་ནུས་པར་འདུག་གསུངས་སོ། །དེ་ཡན་ཆད་དཀའ་སྤྱད་སྙིང་རུས་ཀྱི་སྐོར་རོ། །སྔ་མ་གོང་མའི་སྐོར་རོ། །དེ་ནས་ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་པའི་ཡོན་ཏན་བཅུ་བདུན་ཏེ། ཁོ་བའི་སྙིང་པ་མེད་པའི་ཡོན་ཏན་དང་། རྨི་ལམ་བདར་ཤར་བའི་ཡོན་ཏན་དང་། བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་དང་། ཟས་གོས་འདུན་པ་བྲལ་པའི་ཡོན་ཏན་དང་། ཉམས་མྱོང་བདེ་བར་ཤར་བའི་ཡོན་ཏན་དང་། རྟོག་པ་ལམ་ཏུ་ཤར་བའི་ཡོན་ཏན་དང་། སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་དང་། ཆོས་བརྒྱད་དང་གྲོལ་ཏུ་ཤར་བའི་ཡོན་ཏན་དང་། རྩོད་པ་མི་རྫི་བའི་ཡོན་ཏན་དང་། དྲིན་ལན་བསབ་པའི་ཡོན་ཏན་དང་། བཅོད་པ་ཆེན་པོའི་ཡོན་ཏན་དང་། ལྷའི་ལྷར་གྱུར་།།།ཡེ་ཤེས་སྒྲོན་མེ་བསྟམས་པའི་ཡོན་ཏན་དང་། ནུས་པའི་ཡོན་ཏན་དང་། བྱིན་བརླབས་ཆེ་བའི་ཡོན་ཏན་དང་། ཏིང་ངེ་འཛིན་དང་རྩལ་རྫོགས་པའི་ཡོན་ཏན་དང་། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་པའི་ཡོན་ཏན་ནོ། །དེ་ལ་འཁོར་བ་ལ་ལ་སྙིང་པོ་མེད་པའི་ཡོན་ཏན་ནི། ཁོ་རང་གི་ཡུལ་ཏུ་སོང་ཙ་པའི་རུས་པ་ལ་བཙའ་ཞེན་ནས་ཁང་བའི་ཕུག་ཏུ་འདུག །མའི་རུས་པ་ཁང་བའི་སྒོ་ཐེམ་ན་སྐྱ་ཁྲོ་ལེ་འདུག །སྲིང་མོ་སྤྲང་ཏུ་སོང་། ཡུལ་ཐམས་ཅད་འདྲེ་ཡོད་ཟེར་ནས་དྲི་ཟའི་གྲོང་ཁྱེར་ཏུ་སོང་། ཞིང་ཐམས་ཅད་འཇག་སྐྱ་བཤུག་བཤུག་འདུག །ཚངས་མང་འགྱེལ་བའི་གྱང་རར། ཕ་མའི་ཙིང་ཁོག་སྐྱ་ཟེང་ངེ་འདུག །མཁར་མིག་ཡོད་པ་དེ་བོང་བུའི་རྣ་མཆོག་བཞིན་ཏུ་བཅུག་སོང་། ཆོས་ཚོ་གླེག་ཐག་གླེགས་ཤིང་མིའི་ཁྱེར་ནས་ཤོ་གུའི་བར་ཏུ་རྩྭ་ལྟུམ་སྐྱེས་ནས་འདུག་སྟེ། ཉིན་མོ་ཝ་སྦྱངས་འགྲོགས་འུ་དེ། ནུབ་མོ་ཡི་དྭགས་
(༣༠)བཤི་རང་ངེ་འདུག་པས། བློ་དང་སྣང་བ་མི་བདེ་བའི་ངང་ལ་དེ་ནུབ་དེར་ཉལ་བ་མནལ་ཡེ་མ་བྱུང་བས། ད་དེ་ཆོས་ཅིག་མ་ནུས་ན་ཕན་གནོད་མི་འདུག་བསམ་པ་ཅིག་སྐྱེས་ཏེ། ནམ་སྨད་ཐོ་རངས་ཁར་སྙིང་མི་དགའ་ཕྱོད་དེ་པ་ཅིག་ལ། ཆོངས་མ་དབྱིངས་ཀྱིས་མགུར་འདི་གསུངས་སོ། །ཀྱེ་མ་ཀྱེ་ཧུད་ཀྱེ་ཧུད་ཨང་། །འཁོར་བའི་ཆོས་ལ་བློ་གཏད་བྱས་པ་རྣམས། །བསམ་ཤིང་བསམ་ཤིང་ཡི་མུག་ཡང་ཡང་ལྡང་། །སྤྱད་ཅིང་སྤྱད་ཅིང་སྡུག་བསྔལ་གཏིང་ནས་འཁྲུགས། །སྐོར་ཞིང་སྐོར་ཞིང་འཁོར་བའི་གཏིངས་ལ་འཕེན། །འདི་འདྲའི་སྙིང་རླུང་ལས་ཀྱི་ཟིན་པ་རྣམས། །ཅུག་བྱེད་ཅུག་བྱེད་ཆོས་པས་དྲག་པ་མེད། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་བརློབ། །མི་རྟག་སྒྱུ་མའི་གྲོང་ཁྱེར་ཏུ། །ཤུལ་རིང་མགྲོན་པོ་སྙིང་རླུང་ལྡངས། །ཡུལ་ཡ་མཚན་གོང་ཐང་སྣོད་ལུང་རལ། །ནོར་ལུག་ཝ་རའི་ཁ་ཟས་རྩ། །དུས་དིང་སང་འབྱུང་པོའི་བདག་ཏུ་བཟུང་། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཅིག་རེད། །དཔེས་འདིས་ཀྱང་རྣལ་འབྱོར་ཆོས་ཅིག་བྱེད། །ཚངས་མང་ཀ་བཞི་གདུང་དྲུག་འདི། །དུས་ཏིང་སང་སེང་གེའི་ཡན་ཁལ་འདྲ། །མཁར་ཟུར་བཞི་ལོག་བརྒྱད་དཔལ་དང་དགུ། །དུས་དིང་སིང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཅིག་བྱེད། །གཤོར་ཞིང་ཨུར་མོ་གྲུ་གསུམ་དེ། །དུས་དིང་སང་འཇག་མའི་ཕ་ཡུལ་རེད། །གཉེན་ཉེ་བ་ཕན་ཏུ་རེ་བ་རྣམས། །དུས་དིང་སང་དགྲ་བོས་དམགས་དཔུང་རེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཅིག་བྱེད། །ཕ་བཟང་པོ་ཐོས་པ་སེ་བ་དེ། །དུས་དིང་སང་རུས་ཕྱེ་སྤར་བ་གང་། །
(༣༡)ཨ་མ་ཉང་ཟའི་སྐལ་རྒྱན་དེ། །དུས་དིང་སང་རུས་པའི་ཁོག་པ་ཅིག །འདི་ཡང་མི་རྟག་རྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཅིག་བྱེད། །བླ་མཆོད་དཀོན་གཉེར་ལྷ་འབུམ་དེ། །དུས་དིང་སངས་མིའི་གཡོག་པོ་བྱེད། །དམ་ཆོས་དཀོན་མཆོག་བརྩེགས་པ་དེ། །དུས་དིང་སང་བྲ་བྱིའི་ཚངས་སྟན་བྱེད། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཅིག་བྱེད། །ཁྱིམ་ཚེས་ཨ་ཁུ་གཡུང་དཔལ་དེ། །དུས་དིང་སང་སྡང་བའི་དགྲ་དང་བསྡོངས། །སྲིང་མོ་ཁྱུང་ཟའི་དཔལ་འདྲེན་མ། །གར་སོང་རྗེས་འགོའི་གཏད་སོ་མེད། །འདི་ཡང་མི་རྟགས་སྒྱུ་མའི་དཔེ་ཅིག་རེད། །དཔེ་འདིས་ཀྱང་རྣལ་འབྱོར་ཆོས་ཅིག་བྱེད། །རྗེ་མི་བསྐྱོད་ངོ་བོ་སྐུ་དྲིན་ཅན། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱི་རློབས། ཅེས་གསུངས་པས། སྐྱོ་བའི་གདུངས་དབྱངས་མང་པོ་བླངས་ནས། །ཆོས་དེ་རྣམས་ལས་ཡིག་འབྲུ་གསལ་བ་རྣམས། །སློབ་དཔོན་རྙེད་མ་ཡི་གེ་བསླབ་པ་ཅིག་ཡོད་པ་ཕུལ་ནས། བའོ་ཞིབ་ཏུ་དྲིས་པ། ཚ་བ་ཅིག་གནང་ནས། ཁྱེད་ད་བར་ཏུ་གར་སོང་། ཁྱོད་ལ་རེ་མ་བྱུང་། མི་མང་པོ་བསད་ནས། མལ་མ་ཕན། ཡུལ་མཁར་ཡང་མ་ཟིན་གསུངས་པས། སློབ་དཔོན་རྙིང་མའི་དྲུང་དུ། མི་རྟག་པའི་མགུར་འདི་གསུངས་སོ། །ཀྱེ་མ་འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་རྟག་མི་རྟག་སྙིང་པོ་མེད། །འགྱུར་ཞིང་འགྱུར་ཞིང་སྙིང་པོ་མེད། །མི་ངེས་མི་ངེས་སྙིང་པོ་མེད། །ཡུལ་ཡོད་བདག་མེད་སྙིང་པོ་མེད། །བདག་ཡོད་ཡུལ་མེད་སྙིང་པོ་མེད། །བདག་དང་ཡུལ་གཉིས་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཕ་ཡོང་བུ་མེད་སྙིང་པོ་
(༣༢)མེད། །བུ་ཡོད་ཕ་མེད་སྙིང་པོ་མེད། །ཕ་བུ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །མ་ཡོད་ཕ་མེད་སྙིང་པོ་མེད། །ཕ་ཡོད་མ་མེད་སྙིང་པོ་མེད། །ཕ་མ་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །མི་ཡོད་ནོར་མེད་སྙིང་པོ་མེད། །ནོར་ཡོད་མི་མེད་སྙིང་པོ་མེད། །མི་ནོར་གཉིས་ཀ་འཛོམ་ཡང་སྙིང་པོ་མེད། །བདེ་སྐྱིད་ལོངས་སྤྱོད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །ཅི་བྱས་སྡུག་བསྔལ་སྙིང་པོ་མེད། །ཅི་བསག་མི་རྟག་སྙིང་པོ་མེད། །ཅི་བསྒྲུབ་སྒྱུ་མར་སྙིང་པོ་མེད། །ཐམས་ཅད་འཛོམ་ཡང་སྙིང་པོ་མེད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་མེད་པའི་རང་བཞིན་ལ། །ང་ནི་རྣལ་འབྱོར་བདག་ཅག་གི །སྙིང་པོའི་དོན་ཅིག་ཅུག་བསྒྲུབ། ཨང་། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱི་བརློབ། ཅེས་གསུངས་པས། སློབ་དཔོན་ན་རེ། དེ་བཞིན་ཡིན་གོ་ན་བཅད་དེ། ཡུལ་འདིས་མི་རྣམ་ཀྱི་འདྲེ་བསྒྲུབ་ནས་ལས་འདི་བྱས་ཟེར་ཡིན་ཡོད། ཁྱེད་ཀྱི་མ་ཤི་ནས་ལོ་མང་པོ་རེད། སྲེང་མོ་སྤྲང་དུ་སོང་། ཨ་ནེ་དེ་ཕུ་འདི་ན་པུ་འབྲག་མདོ་ཞིང་འཛོམ་ཡོད་པས་དེར་སོང་དང་། བརྒྱག་ཚུལ་ཕན་པ་སྟེར་མོད་གསུངས་པས། རྗེ་བཙུན་ཡང་སྐྱོ་ཕྱ་དེ་བཏང་བ་ཅིག་ལ། ཨ་ནེའི་ཅན་ལ་ཡར་ལ་སོང་ཙ། ཨ་ནེའི་ཡུན་རིང་དུ་ལྟར་མ་ཉན་ཏེ། རེས་ཅིག་རྦའི་ག་བ་ཕབ་ནས་ཁྱི་བཀྱེ་ནས་རྡུང་དུ་བྱུང་བས། སྤྲང་པོ་ཕ་མྱེས་ཀྱི་བླ་འཆོངས་ཡུལ་ཕུང་ཟེར་ཡིན་བརྒྱབ་བས། རྗེ་བཙུན་གྱི་ཕྱི་ནུར་ཕྱི་ནུར་བྱས་པས། རྡོ་ཅིག་ལ་འཐོགས་པས། ཀྱོ་མོག་ཅིག་ཏུ་འགྱེལ་བ་དང་། བེར་གེའི་སྣེ་མོ་ལ་འཇུས་ནས་མགུར་འདི་གསུངས་སོ། །ཡུལ་ངན་པ་ཙ་མའི་གོ་རོན་ཏུ། །གཉེན་འདུན་དགྲར་ལངས་ཀྱི་མ་སྨད་གསུམ། །སྲན་ཕུང་བེར་གེའི་གཏོར་བ་བཞིན། །ང་སྤྲང་པོ་མི་ཡུལ་གྱི་
(༣༣)ས་མཐའ་སྐོར། །ཨ་མའི་སྡུག་མཐའི་ཤི་བའི་སྐོར། །སྲང་མོ་གར་སོང་གི་གཏད་ར་མེད། །དེད་མའུ་གསུམ་ལ་སྡུག་པ་མེད། །ང་རང་ཕ་ཡུལ་ཏུ་ཡོང་ཙ་ན། །སྙིང་རུས་གི་སྐྱོ་ཤེས་ཁོང་ན་ལངས། །གཉེན་འདུན་གྱི་གདུང་སེམས་མ་ཆོད་པས། །ཁྱོད་ཨ་ནེའི་རྩ་ནས་སྤྲང་ཏུ་ཡོངས། །ཚིགས་ངན་གྱི་བརྗོད་པ་རྒྱངས་ནས་ཚར། །བློ་ཡི་མུག་གི་ཁོང་གཟེར་ནས་ལངས། །རྦའི་ག་བ་ཕབ་ནས་བརྡུངས་ཤིང་ཤ་རུས་བཅོམ། །ལུས་ཟུག་རྔུའི་ན་ཚ་སྡུག་བསྔལ་བསྐོལ། །ཁྲེལ་ངོ་ཚའི་རིབས་མ་གཏིངས་ནས་བཀྲལ། །ད་གཏུག་པའི་རུ་མིག་མ་འཛུག་དང་། །མི་བདག་གི་བླའོ་ཚིག་གསུམ་ལབ། ཅེས་གསུངས་པས། བླའོ་ཅི་ལབ་རྒྱུ་ཡོད། ཕ་བཟང་པོས་ལ་བུ་ཁྱོད་འདྲ་སྐྱེས་སོ། །ཟེར་ཡིན་ཐལ་བ་དང་ས་རྡོ་མང་པོ་ངོ་ནས་བཏབ་པས། གཏིངས་ནས་མི་བཟོད་པས་མགུར་འདི་གསུངས་སོ། །ཨ་ནེའི་རུ་མིག་བདུད་མོར་འདུག །འགུམ་པར་ང་ཤི་བདུད་མོར་འདུག །གཉེན་ཉེ་དུ་ཨ་ནེ་ཡོད་པ་ཡི། །སྤྲང་པོ་བླ་འཚངས་ཤོག་ཅིག་ཟེར། །ཁྱི་ཆོ་ཆོ་ཟེར་ན་བཀྱེ་ཡིན་དེད། །རྦའི་ཀ་བ་ཕབ་ནས་བརྡུངས་ཤིང་བརྒྱབ། །གོར་མོ་རྡོའི་སྣ་ལེན་བྱས། །ས་རྡོ་གཉིས་ཀྱི་ཆར་བ་ཕབ། །བེར་གེའི་སྣེ་མོས་མནན་པ་བྱས། །ཆབ་གོ་མོག་ནང་དུ་སྐུ་ཁྲུས་གསོལ། །སྤྲང་པོ་རིན་ཆེན་སྲོག་དང་དེས་ཕྲལ་བྱས། །མ་ནུས་ཀྱི་ཉེ་བ་དགྲ་བོར་འདུག །གཉོམ་ཆུང་གི་རོགས་པ་བྱེད་པ་ཉུང་། །ཨ་ནེའི་ཉེ་བ་ཁོ་ཐག་ཆད། །ཨ་ནེའི་བུ་ནོར་བདེ་སྐྱིད་འཛོམ་ལགས་ཏེ། །འདིས་ཀྱང་རྟག་ཏུ་སྐྱོང་བར། །རྗེ་སྒྲ་བསྒྱུར་མར་པ་ལོཙྪབ། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱི་རློབས། ཞེས་གསུངས་པས། སྤྱན་ཆབ་
(༣༤)མང་པོ་ཡང་ཤོར་བས། ཨ་ནེ་ཡང་དུམ་པ་ཅིག་སྙིང་ཏེ། བླའོ་འགའ་ཟེར་ནས། ཁྱེད་མ་སྨད་ཀྱི་མཐུ་བྱས་པས་ཡོ་ཕུང་ཟེར་བས། ངེད་ཚོས་བསྟེན་བརྒྱག་བྱས་ནས། ངོ་ཚ་ཞིང་ངན་ལབ་པར་ཡོད་པ་ལན་པ་ཡིན། ད་མཐུ་མི་བྱེད་ན་ཞིང་ཁང་ངས་ཉོ་ཟེར་བས་མོས་ཞིང་ཉོ་བར་བྱས་ནས་བརྒྱག་སྤྲོད་པའི་ཆད་དོན་བྱས་ན། ཟ་མ་དུམ་པ་ཅིག་ཡང་བྱིན། ད་ཁྱེད་རང་ཆོ་བྱེད་ན་སོང་ཟེར་སྐད། །དེ་རྣམས་སྔ་མ་བར་མ་གཉེན་འདུན་གྱི་སྐོར་རོ། །གཉིས་པ་རྨི་ལམ་བརྡར་ཤར་བའི་ཡོན་ཏན་ནི། །རག་མ་བྱང་ཆུབ་ནམ་མཁའི་རྫོངས་བྱ་བ་ན་བསྒོམ་པ་ལས། ཡོན་ཏན་ཆེན་པོ་ཙམ་མ་བྱུང་སྟེ། ད་ཅུག་དྲག་ན་བསམ་ཡིན་ཡོད་པའི་རྨི་ལམ་ན། ཞིང་ཐ་བ་སྲབ་མོ་ཅིག་འདུག་པ་ལ་རྨོས་ནས་ཡེ་ན་མ་ཕོད་པས། ཆུ་སྐྱེད་ཅིག་སྙིང་རུས་བྱས་པས། དུམ་པ་ཅིག་བདེ་པ་ཅིག་རྨིས་པས་ཐབས་ལམ་བསྒོམ་པ་ལ་སྙིང་རུས་སེམས་བསྐྱེད་གཉིས་དགོས་པར་འདུག་དགོངས་ཏེ། དེའི་གསོལ་བ་བཏབ་པའི་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲད་རི་རོད་ཁྲོད་ཐུབ་པར་བྱིན་གྱི་རློབ། །གཞི་མཉམ་པ་གཉིས་མེད་ཀྱི་ཞིང་ས་ལ། །ལམ་དད་པ་བརྟན་པོའི་ཆུ་ལུང་སྦྱར། །སེམས་དཀར་པོ་དྲི་མེད་ཀྱི་ས་བོན་བཏབ། །གསོལ་དྲག་པོའི་གཡུ་འབྲུག་ངར། །བྱིན་བརླབས་རྩོལ་མེད་ཀྱི་ཆར་བ་འབབས། །སེམས་གསུམ་ཡིད་གཉིས་མེད་པའི་རྨོས་ཁལ་ལ། །ཐབས་དང་ཤེས་རབ་ཀྱི་རྨོས་བཤོལ་བཏགས། །འཁྲུལ་རྡོགས་མེད་པའི་སྐྱེས་བུ་ཡི། །ཡེངས་པ་མེད་པའི་ཐོང་ཅིག་འཛིན། །བརྩོན་འགྲུས་དྲག་པོའི་ལྕགས་ཀྱིས་བྲབ། །ཉོན་མོངས་དུག་ལྔའི་ཐ་བ་ཀློག །རང་རྒྱུད་ངན་པའི་རྡོ་བ་།།།
(༣༥)གཡོ་ཟོལ་མེད་པའི་ཡུར་མ་བྱེད། །ལས་བདེན་པ་དྲག་པོའི་སྙི་མ་སེལ། །རྣམ་ཐར་བཟང་པོའི་རྩིས་མ་བྱེད། །གདམ་ངག་ཟབ་མོའི་འབྲས་བུ་ཡི། །སྟོར་སོ་མེད་པའི་བང་ང་འགེངས། །མཁའ་འགྲོའི་རྡོ་བཏགས་ཟན་གྱི་མཆོག །བདག་རྣལ་འབྱོར་བསྒྲུབ་པའི་འཚོ་བ་ཡིན། །རྨི་ལམ་རྨིས་དང་སད་ནས་བརྗོད། །ཚིག་ལ་དོན་ཉིད་མི་སྐྱེ་བའི། །མཚོན་པ་ཙམ་གྱིས་མི་རྟོགས་པས། །སླད་ན་བྱང་ཆུབ་བསྒྲུབ་པ་རྣམས། །དཀའ་ཐུབ་དང་སྙིང་རུས་རྩལ་སྐྱེད་ལ། །དཀའ་བ་བསྒྲུབ་ནས་དཀོན་པ་བསླབ་པོ་བྱང་ཆུབ་ཀྱི་སྐྱེས་བུ་ཆོས་བྱེད་རྣམས། །བསྒྲུབ་པའི་བར་ཆད་མེད་པར་ཤོག །ཅེས་གསུངས་སོ། །དེ་ནས་འབུངས་ནས་བསྒོམ་ཡིན་ཡོད་ཙ། ཉིན་ཅིག་ཨ་ནེའི་ནས་བྲེ་དྲུག་དང་ཐུལ་གོགས་ཁྱེར་ནས་ཡོངས་ཏེ། ཁྱོད་ཀྱི་ཞིང་རིན་འདིའི་འཁོར། ད་ང་ལ་སྙད་སྙོད་མེད་པས་ཡི་གེ་ཅིག་བྱིན་ལ། ངེད་ཚོས་མི་ཚོར་བས་ཡུལ་ཅིག་ཏུ་སོང་། ཁྱོད་འདིར་བསྡད་པས་ངེད་ཚོ་ཡང་ངོ་ཚ། མིས་ཡང་ལབ་པར་འདུག་ཟེར་བས། སྐྱོ་བ་སྐྱེས་ཏེ་འགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་རི་ཁྲོད་འཛིན། །སྤྲང་པོའི་སྐྱི་སྡུག་ཁྱེ་རང་ཤེས། །འཇིག་རྟེན་འཁོར་བ་ལས་ཀྱི་དྲུག །འབགས་ན་ཐར་བའི་སྲོག་རྩ་གཅོད། །སྐྱེ་བོ་སོ་ནམས་སྡིག་པའི་ལས། །སྤྱད་ན་ངན་སོང་གི་སྡུག་བསྔལ་མྱོང་། །ཉེ་དུའི་གདུང་སེམས་བདུད་ཀྱི་མཁར། །བརྩེགས་ན་མེ་འོབ་ནང་དུ་ཆུད། །ཟས་ནོར་གྱི་སོགས་འཇོག་མིའི་རྒྱུ། །བསག་ཚད་གྲང་བའི་བརྒྱགས་ཕྱེ་ཡིན། །སྐྱིད་འདོད་ཀྱི་ཇ་ཆང་བཙན་དུག་ཡིན། །འཐུང་འཐུང་ཡི་མུག་གི་མུན་པར་འཁྲིད། །ཨ་ནེའི་ཞིང་རིན་སེར་སྣའི་རྫས། །ཟོས་ནས་ཡི་དྭགས་ཀྱི་གནས་སུ་སྐྱེ། །ཨ་ནེའི་ཁ་ད་ཞེ་སྤངས་ཚིགས། །ལབ་ནས་
(༣༦)བདག་གཞན་གཉིས་ཕུང་ཡོད། །བདག་གི་ཞིང་ཁང་ཐམས་ཅད་པ། །ཨ་ནེས་དབང་བས་ཡི་གེ་བྲི། །མི་ཁ་ཆོས་ཀྱི་སང་བ་ཡིན། །ལྷ་ཁ་སྙིང་གིས་བསྒྲུབ་པ་ཡིན། །འདྲེ་ཁ་སྙིང་རྗེས་ནོན་པ་ཡིན། །ཉེ་ཁ་རླུང་ལ་བསྐུར་བ་ཡིན། །རང་ཁ་ཀྱེན་ལ་ལྟ་བ་ཡིན། །རྗེ་མི་བསྐྱོང་རྒྱལ་པོ་སྐུ་དྲིན་ཅན། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱི་བརློབས། །ཅེས་གསུངས་པས། ཞིང་ཁང་ཨ་ནེ་ལ་བྱིན། གཉེན་འབྲེལ་གྱི་ཁོ་ཐགས་བཅད། སེམས་ཡིད་གཉིས་མེད་པའི་ལྔོས་ཐགས་བཅད། ཡིད་སྐྱོ་ཤེས་ཀྱི་སྙིང་རླུང་ལངས་པས། ད་དེ་ད་དེ། ཁོ་དེ་ཁོ་དེ། ངས་ཅིག་ངས་ཅིག །བསམ་པ་རྣམས་ཡང་ཡང་སྐྱེས་ཏེ། བྲིང་དང་སྙེ་ནམས་ཀྱི་འཚམས་ཀྱི་བྲག་དཀར་རྟ་སོ་དབུ་མའི་རྫོངས་བྱ་བ་ཅིག་ཏུ་སོང་བས། སློབ་དཔོན་རྙིང་མ་པས་བྱིན་པ་རྩམ་པ་དུམ་པ་ཅིག་དང་། ངོ་ཤེས་འགའ་ལས་བསླང་བའི་ནས་དུམ་པ་ཅིག་བྱུང་བ་ནས་རྩམ་པ་ཡ་ཆུང་གང་ཙམ་ཅིག་ལ་བློ་ཕུག་གཏད་ནས། དམ་བཅའ་རང་གི་རང་ལ་མང་པོ་བྱས་ཏེ། །ངས་ལུས་འདིའི་སྟེང་ན་སངས་རྒྱས་ཅིག་མ་ཐོབ་པར་ཏུ་བདག་གིས་འཇིག་རྟེན་གྱི་བྱ་བ་མི་བསྒྲུབ་པར་གྱུར་ཅིག །བདག་ལས་ངན་ལས་མ་ཟད་པར་ཏུ་སྡིག་པ་སྤྱོད་པའི་མི་དང་མི་འཕྲད་པར་གྱུར་ཅིག །དངོས་གྲུབ་དམ་པ་མ་ཐོབ་པར་ཏུ་གཤིན་ཟས་དང་དད་ཟས་ཀྱི་སྐུ་ཀླུད་ཀྱི་ཐལ་བ་མི་འགམ་པར་གྱུར་ཅིག །བགེགས་རིག་ལན་ཆགས་པར་ཆོད་ཀྱིས་སྡིག་སྒྲིབས་ཐམས་ཅད་བདག་གིས་བྱང་བར་གྱུར་ཅིག །བླ་མ་སྐུ་དྲིན་ཅན་གྱིས་ཐུགས་དགོངས་རྫོགས་པར་གྱུར་ཅིག །སངས་རྒྱས་ཀྱི་བསྟན་པའི་བྱ་བ་བྱེད་པར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་པོ་འབོར་བར་གྱུར་ཅིག །ཅེས་གསུངས་ཏེ། བདག་འདི་ནས་བྱང་ཆུབ་ཅིག་མ་ཐོབ་པར་དུ་གྲོང་ཡུལ་ཏུ་མི་འབབས་ཨེ་གོ་
(༣༧)གལ་ཏེ་བབ་ན་ཆོས་སྐྱོངས་སྲུངས་མའི་ཆད་པས་ཆོད་ཅིག །གསུངས་ནས་བསྒོམས་ཏེ། ཉིན་ཅིག་སྤངས་སང་ལ་འགྲོ་འདོད་པ་ཅིག་བྱུང་བས་མགུར་འདི་གསུངས་སོ། །རྗེ་རྡོ་རྗེ་འཆང་ཆེན་མར་པའི་སྐུ། སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཨ་མཚར་པོ་མིད་ལ་ཐོས་པ་དགའ། །གྲོས་རང་གཏམ་རང་ལ་ཕན་པའི་དབྱིངས། །རོགས་གཏམ་ཉན་པའི་མི་དང་བྲལ། །ལྟད་མོ་ལྟ་འདོད་ཀྱི་ལུང་པ་སྟོང་། །བསེངས་ནས་ལག་སྟོང་ཕྱལ་པར་འགྲོ། །སྐྱོ་བ་སང་འདོད་ཀྱིས་ཡུལ་རྐྱེན་མེད། །སེམས་མ་སྤྲོ་མ་སྤྲོ་རང་སར་ཞོག །སྤྲོས་ན་དོན་མེད་སྣ་ཚོགས་དྲན། །མ་ཡེང་མ་ཡེང་དྲན་པ་རྟེན། །ཡང་ན་དགེ་སྦྱོར་རླུང་ལ་འཆོར། །མ་འགྲོ་མ་འགྲོ་ཉལ་ས་ནོན། །སོང་ན་གོམ་པ་རྡོ་ལ་འཐོབ། །མ་བསེངས་མ་བསེངས་མགོ་བོ་ཁུག །བསེངས་ན་ལག་སྟོང་ཕྱལ་བར་འགྲོ། །མ་ཉལ་མ་ཉལ་དགེ་སྦྱོར་མཛད། །ཉལ་ན་བསམ་མེད་དུག་ལྔས་གནོན། །ཅིས་ཀྱང་བསྒོམས་པས་མ་གྲོལ་བར། །མི་མེད་ལུང་སྟོང་དུ་འཆི་བར་ཤོག །ཅེས་གསུངས་པས། བདག་གིས་འདི་ནས་བྱང་ཆུབ་ཅིག་མ་ཐོབ་པར་ཏུ། གྲོང་བའི་གཡེང་པ་ལ་མ་དགའ་ཨེ་གོ། །གལ་ཏེ་གྲོང་བའི་གཡེང་བ་ལ་ཤོར་ནས། མ་མཁའ་འགྲོ་རྣམས་ཀྱིས་ཆད་པས་ཆོད་ཅིག་གསུངས་ནས་མགུར་འདི་གསུངས་སོ། །རྗེ་ན་རོའི་བུ་རྒྱུད་ཐར་བའི་ལམ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་བརློབས། །བདུད་འཇིག་རྟེན་གཡེང་བས་མི་གཡེང་བའི། །བསྒོམ་མཉམ་བཞག་གི་བསམ་གཏན་འཕེལ་བར་ཤོག །ཞི་གནས་ཀྱི་རྩི་ལ་མ་ཞེན་པར། །ལྷགས་མཐོང་གིས་མེ་ཏོག་འཁྲུངས་པར་ཤོག །སྤྲོས་བཅས་ཀྱི་རྩབ་རྩུབ་མི་ལྡང་བར། །སྤྲོས་མེད་ཀྱི་ལོ་འདབ་རྒྱས་པར་ཤོག །
(༣༨)སྒྲུབ་ཁང་ཏུ་ཡིད་གཉིས་མི་སྐྱེ་བར། །ཉམས་རྟོག་གི་འབྲས་བུ་སྨིན་པར་ཤོག །བདུད་རིག་གིས་བར་ཆད་མི་ནུས་པར། །རང་སེམས་ལ་ངེས་ཤེས་རྟོག་པར་ཤོག །ཐབས་ལམ་ལ་ཐེ་ཙོམ་མི་སྐྱེ་བར། །ཕ་རྗེས་བུའི་སླེབ་པར་ཤོག །རྗེ་མི་བསྐྱོད་ངོ་བོ་ཐུགས་རྗེ་ཅན། །སྤྲང་རི་ཁྲོད་ནོན་པར་བྱིན་གྱིས་རློབས། ཅེས་གསུངས་ཏེ། བདག་གྲུབ་པ་ཅིག་མ་ཐོབ་བར་ཏུ་གྲོང་ཡུལ་ཏུ་མི་འབབ་ཨེ་གོ །གལ་ཏེ་བབས་ནས་བླ་མ་བཀའ་དྲིན་ཅན་གྱི་ཆད་པ་ཐོང་ཅིག །གསུངས་ནས། དམ་བཅའ་རྣམས་མི་འབབ་པའི་དམ་བཅའ་རྣམ་པ་གསུམ་གྱིས་བསྡམས་ཏེ། འཚམས་དམ་པོར་མི་མེད་ལུང་སྟོང་དུ་འཆི་བ་ཅིག་ཨེ་ནུས་བསམ་པའི་བསམ་པ་ཡིད་ལ་བྱང་འབུངས་ནས་བསྒྲུབས་པས། །ལོ་གཅིག་འཁོར་བའི་བར་དུ་བར་ཆད་མེད་པར་བརྒྱགས་ཀྱིས་སྐྱེལ་བར་བྱུང་བའི་དང་། སྤོ་རི་སྤོས་མཐོན་ནམ་མཁའི་རྫོང་བྱ་བའི་བརྩན་པོ་ཟ་མང་དུ་ཡོད་པ་ཅིག་ཏུ་སྤོས་བསྒོམ་དགོངས་པ་ལ། །བརྒྱག་ཐེས་བྲེ་གང་ཡང་མེད་པས། ཐུགས་རྨུག་པ་ཅིག་བྱུང་བས། ང་འདི་ན་གྲུབ་པ་ཅིག་མ་ཐོབ་པར་ཏུ། ཟ་སྔོན་མོའི་འཚོ་བ་རང་བསམ་པའི་སེམས་ལ་དཔའ་བསྐོན་ནས། བསྒོམ་ཙ། ལྟོགས་པའི་སྣང་བ་ཆུང་ངུ་སོངས་སྟེ། ལུས་ཀྱི་ཤེད་ཡང་ཅེ་ཆུང་ཅེ་ཆུང་ལ་སོང་བ་ལ། ལན་ཅིག་ཀུན་ཡིད་མ་ཆེས་པས་བྱུང་སྟེ། སྐུ་ལུས་ལ་བལྟ་རྣ་མེད་པར་སོང་ནས། སྔོ་བ་ཧམ་པ་རིད་པ་འགྱེལ་ལ་ཁད་པ། ཆགས་ལ་ཁད་པར་སོང་པ་ལ། །ཉིན་ཅིག་མི་མང་པོས་བྲག་དེ་ལ་སྒྲོ་འཚོལ་ཏུ་འོང་བས་ཁོང་མཐོང་བས། མི་རྣམས་ཀྱི་དང་པོ་མི་མ་ཡིན་རེད་ཟེར་བ་ཡིན་བྲོས། ང་འདུག་ཡིན་བྱས་པས་ཡང་། ཨེ་ཡིན་མི་ཡིན་ཟེར་ནས་
(༣༩)རྒྱང་ངེ་པ་ནས་བསྡད་པ་ནས་བྱས་པས། ཨ་མཚར་པོ་མིད་ལ་ལ་འཆི་རྒྱུ་མེད་པ་རེད་ཟེར་ནས་སོང་སྐད་དོ། །དེ་ནས་མིད་ལས་བྲག་འདིའི་ནང་དུ་བདག་འཆི་བ་ཅིག་བྱེད་བསམ་པས་འཆི་རྒྱུ་མ་བྱུང་བ་ལས་ཞག་འགའ་ན། མི་དེ་རྣམས་ཀྱི་ནང་ནས་རྒན་པ་ཅིག་གིས་རྩམ་པ་དུམ་པ་ཅིག་ཁྱེར་ནས་བྱུང་བས། དེ་ཟ་ལ་བཏབ་ནས་གསོལ་པས། ཁམས་བཟང་དིངས་ཀྱིས་བཏང་བས། དེ་དུས་འགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་ལ་གསོལ་པ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱི་བརློབས། །ཡོན་བདག་བཟང་པོའི་ཚོགས་བསོགས་ལ། །འཛེབ་ཀ་ཟབ་མོའི་རྟེན་འབྲེལ་འགྲིག །རྙེད་དཀའ་འཇིག་སླའི་ལུས་པོ་འདི། །ཟས་དང་འཕྲད་པའི་སྐུ་ཁམས་བཟང་། །དོག་མོ་སའི་རྩི་བཅུད་དང་། །དགོངས་སྔོན་དབྱིངས་ཀྱི་ཆར་བ་གཉིས། །འགྲོ་ལ་ཕན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་ལྷ་ཆོས་ཡིན། །ཕ་མས་གསོས་པས་སྒྱུ་ལུས་་དང་། །བླ་མ་དམ་པའི་གདམ་ངག་གཉིས། །ལྷ་བྱེད་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རུས་ཡིན། །མི་མེད་ལུང་པའི་བྲག་ཕུག་དང་། །ཁ་ཟས་མེད་པའི་དགེ་སྦྱོར་གཉིས། །ཅི་བསམ་འགྲུབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྟོང་ཉིད་ཡིན། །མིད་ལ་རས་པའི་སྒོམ་སྲན་དང་། །ཁམས་གསུམ་སེམས་ཅན་དད་པ་གཉིས། །བྱང་ཆུབ་ཐོབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱིས་སྙིང་པོ་སྙིང་རྗེ་ཡིན། །བྲག་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་ཏུ་རྒྱས་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །བླ་མ་བཟང་པོའི་ཐུགས་རྗེ་དང་། །སློབ་མ་
(༤༠)བཟང་པོའི་སྒོམ་སྲན་གཉིས། །བསྟན་པ་འཛིན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་དམ་ཚིག་ཡིན། །བྱིན་བརླབས་མྱུར་པའི་དབང་བསྐུར་དང་། །དད་གུས་གདུངས་པའི་གསོལ་འདེབས་གཉིས། །མྱུར་དུ་མཇལ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བཀྲ་ཤིས་ཡིན། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོའི་སྐྱི་སྡུག་ཁྱེ་རང་ཤེས། ཅེས་གསུངས་ནས། བསྒོམ་ཡིན་ཡོད་པ་ལ། མི་དེ་རྣམས་ཀྱི་ནང་ན་རྒན་པ་རྩམ་པ་སྐྱེལ་མཁན་དེ། གཤིན་རྡོར་མོ་བྱ་བ་ཡིན་པས། ཆངས་ས་ཅིག་དུ་ཕུ་འདིམ་མིད་ལ་ཐོས་པ་དགའ་བྱ་བ། ཆོས་མིན་པའི་བསམ་པ་མེད་པ་ཅིག་འདུག་པས། ཐམས་ཅད་ཀྱི་ཚོགས་བསོགས་བྱས་ནས་འཐད། ཁོང་གི་ཉེ་བ་ཨ་ནེ་ཡོད་པའི་བརྒྱག་སྐྱེལ་ཟེར་བས། ཨ་ནེ་ངོ་ཚ་བར་བྱུང་བས། བརྒྱག་ངས་སྐྱེལ་ཟེར་བས། ཤ་རུས་པ་ཅིག་ཁྱེར་ནས། ཨ་ནེ་དཔོན་གཡོག་གཉིས་ཡོངས་པས། མིད་ལ་དགེ་སྦྱོར་མ་གྲོལ་པས། ཨ་ནེའི་ངང་ཐུང་བྱས་པས། སྤང་ཐོག་ཅིག་ཏུ་བསྐུར་ནས་འཁྲོས་ནས་འོང་བས། མིད་ལས་མ་གཟིགས་པར་ཝ་སྦྱངས་ལ་ཤོར་སྐད་དོ། དེ་ནས་སྲིང་མོས་ཚོར་བས། ཨ་ནེ་དེ་བདེན་ནམ་བསམ་པས་ཨ་ནེ་ལ་དྲིས་ཙ། ངས་ཚོགས་བསོགས་ཁྱེར་ཙ་ལན་བྱིན་མ་ཉན། ཁྱོད་སྲིང་མོ་ཡིན་པས་འཕྲད་ས་ཡོད་ལ་ཆེ་ཟེར་བས། ཨ་ནེས་སྲིང་མོ་ལ་ལམ་བསླབས་ནས་བཏང་སྟེ། སྲིང་མོ་ལ་ཡོངས་པས། གནམ་སྒོ་ནས་བོས་ཙ། རྗེ་བཙུན་གྱིས་གཟིགས་པ་ལས། འདི་མ་རེད་ཅིག་འདུག་པས། ངས་མིང་པོ་མ་རེད་བསམ་པ་ལ། ཡར་ལ་ཤོག་གསུངས་པས། སྐད་ངོ་དང་ཉེ་བ་ཅིག་ཡོད་པས་ངོ་ཤེས་པས། ཡིད་
(༤༡)དིངས་ཀྱིས་སོང་སྟེ། བླའོ་ཡང་འདྲིར་རྒྱུ་མ་བྱུང་བ་ལ། རྗེ་བཙུན་ལ་བལྟས་པ། སྔོ་བ་ཧམ་པ། རིད་པ་ཟ་འཐུང་འཐུང་བས་དབུ་སྔོ་བ་དང་སྤུ་ཐམས་ཅད་སྔོ་ཞུ་ལེ། ལུས་གེང་རུས་བཞིན་ཏུ་སོང་། ཤིང་ཞོམ། སྤྱན་ཁུང་དུ་སོང་། ཞལ་དང་ལྗག་ལྡབ་ལྡིབ་ཡིན་འདུག་པས། སྲིང་མོ་རང་དབང་མེད་པས་ཡི་མུག་སྐྱེས་ཏེ། ངེད་མིང་སྲིང་གཉིས་པས་སྡུག་པ་མི་སྣང་བསམ་པས། པུས་མོ་གཉིས་ཀྱི་བར་དུ་མགོ་བཀུགས་ནས། མཆི་མ་མང་པོ་ཕྱུང་ཡིན་དུས་པ། རྗེ་བཙུན་གྱི་ན་བཟའ་ཨ་ནེས་ཡིན་པས་ཐུལ་ཅིག་ལས་མེད་པས། དེས་གསང་གནས་བཀབ་སྟེ། སྲིང་མོས་ལག་པ་ནས་བཟུང་ནས་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །སྲིང་མོས་གདུང་སེམས་ཡི་མུག་ལུས། །སྐྱིད་སྡུག་གང་ཡང་མི་རྟག་པས། །དབྱངས་འདི་ལ་དར་ཅིག་གསན་པར་ཞུ། །ངས་གནས་ལ་བལྟས་ན་རི་དྭགས་འདྲ། །མི་གཞན་གྱི་བལྟས་ན་སྙིང་རླུང་ལྡང་། །ངས་ཟས་ལ་བལྟས་ན་དུད་འགྲོ་འདྲ། །མི་གཞན་གྱི་མཐོང་ན་སྐྱུག་བྲོ་ལྡང་། །ངས་ལུས་ལ་བལྟས་ན་ཀེང་རུས་འདྲ། །དགྲ་ལྡང་པས་མཐོང་ཡང་མཆི་མ་འཆོར། །ངས་སྤྱོད་པ་འདི་ལ་བལྟས་ནས་སྨྱོན་པ་འདྲ། །ཁྱོད་སྲིང་མོས་བསམ་ཡིན་ཡི་མུག་སྐྱེ། །ངས་སེམས་ལ་བལྟས་ན་སངས་རྒྱས་དངོས། །བླ་མ་གོང་མས་གཟིགས་ནས་སྤྲོ་བ་སྐྱེས། །ངས་འོག་ན་རྡོ་བའི་གྲལ་གཅལ་ལ། །ཤ་ལྤགས་པ་འབིགས་པའི་སྙིང་རུས་བྱས། །ལུས་ཕྱི་ནང་ཟའི་རང་བཞིན་ལ། །མདོག་སྔོན་པོ་ཅིག་ལས་འགྱུར་པ་མེད། །མི་མེད་བྲག་གི་ཕུག་པ་ན། །སྐྱོ་ཕྱད་དེ་པ་ལ་སྐྱེ་འགྲིབ་མེད། །བླ་མ་དམ་པའི་སངས་རྒྱས་
(༤༢)སྐྱོ་དུང་དེ་བ་ལ་འབྲལ་པ་མེད། །ངས་སྙིང་རུས་འདིའི་ཆེ་ལུགས་ཀྱིས། །ཉམས་རྟོག་པ་སྐྱེ་བར་ཐེ་ཙོམ་མེད། །པེ་ཏ་ཡི་མུག་མ་སྔ་ཟ་ཚོད་ཚོས། ཅེས་གསུངས་པས། སྲིང་མོ་ལ་ནི་འབུལ་རྒྱུ་མེད། །མིང་པོ་ལ་ནི་གནང་རྒྱུ་མེད་པས། ཟ་འཆོད་དུ་བཅུག་ས། སྲིང་མོས་བསམ་པ་ལ་ཨ་ནེས་ཚོགས་བསོགས་བསྐྱལ་ཟེར་བས། དུམ་པ་ཅིག་ཨེ་ཡོད་བསམ་པས། ཟ་ལ་སྟོར་དགོས་ཞུས་པས། ཟ་ལ་སྟོར་ཡོད་ན་ཟ་ཡིན་ཏེ། ཟའི་སྟོར་ལ་ཟ་རང་ཐོབ་གསུངས་པས། ཟ་ལ་ཡབ་དགོས་ཞུས་པས། ལ་ཡབ་ཡོད་ན་ཟ་ཡིན་ཏེ། ཟའི་ཡབ་ལ་ཟ་རང་ཐོབ་གསུངས། །ཟ་ལ་ཚ་དགོས་ཞུས་པས། ཟ་ལ་ཚ་ཡོད་ན་ཟ་ཡིན། ཟའི་ཚ་ལ་ཟ་རང་ཐོབ་གསུངས་པས། སེམས་མི་བདེ་ལ་ཟ་གསུམ་བཏབ་ནས་ལན་གསུམ་ཏུ་བཙས་ནས་དྲངས་པས། རྗེ་བཙུན་གྱི་ཞིམ་དང་བཅས་པའི་གསོལ་ཡིན་འདུག །སྲིང་མོ་ནི་སྤྲང་མོ་ཡིན་ཀྱང་སྐྱུག་བྲོ་བ་ཅིག་བྱུང་བས། མཆི་མ་མང་པོ་ཡང་ཤོར་བས། འོ་སྐོལ་མིང་སྲིང་གིས་ཉིན་ཅིག་ཡང་ཚེ་མི་ཐོན་པར་འདུག་པས། ཁྱེས་ཡང་བསོད་སྙོམས་དུམ་པ་ཅིག་མཛད་ནས་ཞུས་ཙ། སྐྱབས་འགྲོ་དུམ་པ་ཅིག་ཨེ་རོར་བསམ་པས། བསོད་སྙོམས་བྱེད་ཐབས་མེད་བྱས་པས། སྲིང་མོས་ཨོ་ན་དྲག་བསམ་པས། ཡི་ཕྱོད་དེ་བ་ཅིག་ལ་ཡུལ་ཏུ་སྤྲང་དུ་སོང་སྟེ། ཕར་རྒྱུག་མདོ་རྒྱུག་བྱས་པས་སྤྲང་ཕྱེ་དུམ་པ་ཅིག་རྙེད་པ་དེ་ཁྱེར་ནས་ཡོངས་ན་བཟའ་མེད་པར་སྔོ་ཧྲང་ཧྲང་འདུག་པ། ང་སྲིང་མོ་ཡིན་པ་ལ་ངོ་ཚ་བ་ཡང་མི་ཤེས་པར་འདུག་བྱས་པས། རྗེ་བཙུན་གྱི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབ། །ངས་རྟག་ཏུ་མི་ཡུལ་
(༤༣)འགྲིམ་འགྲིམས་ནས། གྲོང་ཡུལ་ངང་གིས་བརྗེད་ན་ཐལ། །སྤྲ་སྤྲེའུ་ཡི་རྩལ་ལ་བལྟས་བལྟས་ན། །བེལ་ལུགས་ངང་གིས་བརྗེད་ནས་ཐལ། །བླ་མ་སྤྱི་པོར་བསྒོམ་བསྒོམས་ན། །གཉེན་འདུན་ངང་གིས་བརྗེད་ནས་ཐལ། །ལྷ་ཆོས་ཡིད་ལ་བྱས་བྱས་ན། །མི་ཆོས་ངང་གིས་བརྗེད་དེ་ཐལ། །ལུས་ལ་གཏུམ་མོ་སྦྱར་སྦྱར་ནས། །ལུས་གིས་ངང་གི་བརྗེད་དེ་ཐལ། །ཟས་སུ་ཏིང་འཛིན་ཟོས་ཟོས་ན། །ཤ་ཆང་ངང་གི་བརྗེད་དེ་ཐལ། །འོད་གསལ་ཟུང་འཇུག་བསྒོམ་བསྒོམས་ནས། །སྤྲོས་བཅས་ངང་གི་བརྗེད་དེ་ཐལ། །མི་རྟགས་ཡེ་ཤེས་བསྒོམ་བསྒོམས་ནས། །རྣམས་རྟོགས་ངང་གི་བརྗེད་དེ་ཐལ། །མེ་ལྕག་རྣོན་པོ་བཟུང་བཟུང་ནས། །ཁྱིམ་ཚེས་ངང་གི་བརྗེད་དེ་ཐལ། །སེམས་ལ་གང་བྱུང་བྱས་བྱས་ནས། །སྦ་གསང་ངང་གིས་བརྗེད་དེ་ཐལ། །གཅིག་པུར་བག་ཡངས་སྤྱད་སྤྱད་ན། །ངོ་ཚ་ངང་གིས་བརྗེད་དེ་ཐལ། །འཇིག་རྟེན་སོ་ནམས་དུག་གི་རྫོངས། །རྫོངས་དེ་ལས་རྣལ་འབྱོར་ཐར་ཐར་འདྲ། །ཅེས་གསུངས་པས། སྲིང་མོ་ཡང་སྤྲང་དུ་སོང་པའི་ལམ་ཀ་ན། །བླ་མ་པ་རི་ལོཙྪ་བ་བྱ་བ་ལོང་སྤྱོད་དང་། ཐབས་ཁ་དང་། རྟ་དང་། བེར་ཐུལ་དང་། གཏུགས་སྐོར་ཡིན་ཆོས་གསུངས་པའི་ཚོགས་གྲལ་དུ་སོང་བས། མིའི་ཆོས་པ་ལ་འདྲི་འདྲ་བ་ཅིག་ཡོངས་པ་ཡིན། ངའི་མིང་པོ་ཚེ་མ་ཕྱིན་པའི་ཆོས་ཅི་པས་ཡོངས་བསམ་པ་བྱུང་ནས། ཕུར་རྒྱུགས་མདོར་རྒྱུགས་བྱས་པས། རུ་བའི་མཚེར་རྙིང་ནས་ཕལ་འདུག་པ་དང་། ཁྱི་སྤུ་ར་པལ་རྣམས་ལ་བྱས་པའི་སྣམ་བུ་སྲེ་བོ་ཅིག་རྙེད་པ་ཁྱེར་ནས་རྗེ་བཙུན་ལ་ཕུལ་ནས། མི་ཡི་ཆོས་པ་ལ་བླ་མ་པ་རི་ལོཙྪ་བ་འདྲ་བ་ཅིག་དགོས་པ་ཡིན། མིང་པོ་འདིས་ནང་མི་ཡོང་བས། སྣམ་བུ་དེ་ལ་
(༤༤)གོས་ཅིག་ཀྱིས་དང་། བླ་མ་།།།པའི་ཉེར་གནས་ལ་འགྲོ་ཞུས་པའི་ལན་དུ་འགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱི་རློབས། །གདུག་ཡ་ཐོགས་གྱི་བུམ་ཆུང་དང་གཅིག །མ་ཐོགས་དར་གྱིས་ཤམ་བུ་དང་གཉིས། །།།རྨ་བྱའི་ལྡིང་ཁང་དང་གསུམ། །ཚོན་རྩི་སྣ་ལྔའི་གདུགས་དང་བཞི། །འདི་བཞི་བསྐོར་ན་ང་འབུས་ཀྱང་འཁོར་ཚོད་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤང་ནས་དགེ། །བློ་ཆོས་བརྒྱད་སྤོང་ཤིག་པེ་ཏ་མ། །གྲོང་རྟག་གི་དགོན་ཆུང་ཁྲ་མོ་དང་གཅིག །སྟོན་ཆུང་གསར་པའི་བཤད་སྟོན་དང་གཉིས། །ཡོང་མར་ཇའི་ཐབས་ཀ་དང་གསུམ། །བཙུན་ཆུང་གཞོན་ནུ་ལགས་བདེ་དང་བཞི། །འདི་བཞི་བསྐྱངས་ན་ང་འབུས་ཀྱང་ཡོངས་ཚོད་འདུག་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དག །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །ར་གདུང་སེར་པོ་ལྕགས་ཀྱི་ཁ་བརྒྱན་ཅན་དང་གཅིག །དེ་ལ་མཛེས་པའི་འབུད་ལྕེ་དེ་དང་གཉིས། །ལྕེ་དབུགས་སྐད་གསུམ་འཛོམ་པའི་འབུད་མཁན་དེ་དང་གསུམ། །མགོ་ནག་མིའི་འདུ་འཛི་འདི་དང་བཞི། །འདི་བཞི་བསྒྲུབ་ན་ང་འབུས་ཀྱང་འདུ་བ་ཚོད་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོང་ཅིག་པེ་ཏ་མ། །རྟ་ན་བྲན་གྱི་མགོ་འབངས་མཐོ་དང་གཅིག །དེ་ལ་མཛེས་པའི་དར་སྟན་དང་གཉིས། །སིང་ལྡིང་ཚེ་རིས་ཀྱི་སྒྲ་བཀྲ་དང་གསུམ། །མོད་མང་ལྕགས་ཀྱི་གློ་ནོན་དང་བཞི། །འདི་བཞི་རྩལ་ན་ང་འབུས་ཀྱང་རྙེད་ཚོད་འདུག་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ནས་དགེ །བློ་ཆོས་ཆོས་བརྒྱད་སྤོང་ཅིག་པེ་ཏ་མ། །མོ་ཇོ་སྒྲོམ་མོའི་ཚོགས་དཔོན་དང་གཅིག །མོ་བོན་རྩིས་གསུམ་གྱི་གྲོང་ཆོག །
(༤༥)གཉིས། །ཁ་ཟ་འདོད་འབར་བའི་ཚོགས་འཁོར་དང་གསུམ། །ཉ་མ་མགོ་སྐོར་གྱི་ཆུང་དང་བཞི། །འདི་བཞི་སྐོར་ན་ང་འབུས་ཀྱང་འཁོར་ཚོད་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤང་ནས་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །ས་མཁར་མཐོན་པོའི་མཁར་དང་གཅིག །ཞིང་ལྷུ་མོ་བྲད་པའི་རྨོ་རྐོ་དང་གཉིས། །ཕ་སྤུན་མཉམ་གཉིས་ཀྱི་འགྲམ་མོ་དང་གསུམ། །གཉེན་ཉེ་དུ་འབྲེལ་བའི་གདུང་སེམས་དང་བཞི། །འདི་བྱས་ནས་ང་འབུས་ཀྱང་ཡོངས་ཚོད་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤང་ན་དགེ །བློ་ཆོས་བརྒྱད་སྤོང་ཤིག་པེ་ཏ་མ། །གཉེན་ཉེ་དུའི་གདུང་སེམས་སེམས་ལ་གཟན། །ཕ་བླ་མའི་ཉེ་གནས་དགེ་སྦྱོར་འབུར། །ཆོས་ལོངས་ཡོད་ཀྱི་ཕྱིར་ཤོལ་ལགས་སྟོང་འགྲོ། །ཁྱེད་པེ་ཏ་ཨ་ལྕམ་སྤྲང་དུ་སོང་། །ང་ན་མེད་རྣལ་འབྱོར་དགེ་སྦྱོར་བྱེད། །ཅེས་གསུངས་པས། སྲིང་མོ་ན་རེ། དེ་བཞིན་ཡིན་ནས་ང་ཡང་དགའ་སྟེ། ཨེ་ཡིན་ཟེར། དེ་ནས་སྲིང་མོ་སྤྲང་དུ་སོང་བས། །ཉིན་ཅིག་སྤངས་ཕྱེ་དང་། སྐྱུར་པོ་ཟོ་བ་གང་ཡོངས་པ་ལ་ཚོགས་འཁོར་མཛད་དེ། །ད་དེ་སྲིང་མོ་ཁྱོད་ཡང་མ་ཡོངས་གསུངས་ནས་འགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་ལ་གསོལ་པ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ང་སྐྱིད་པ་དགྲ་ཡིས་མ་ཚོར། །སྡུག་པ་གཉེན་གྱིས་མ་ཚོར་བར། །རི་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །གྲང་བ་ཕའི་མ་ཚོར་ནས། །ལྟོགས་པ་མའི་མ་ཚོར་བར། །རི་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་རྒས་པ་གྲོགས་ཀྱི་མ་ཚོར་ནས། །
(༤༦)ན་བ་སྲིང་མོས་མ་ཚོར་བར། །རི་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་ཤི་བ་མི་ཡིས་མ་ཚོར་བར། །རོ་རུལ་བྱ་ཡིས་མ་མཐོང་བར། །རི་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་ཤ་རུས་སྦྲང་བུའི་འཇིབ་པ་དང་། །རྩ་རྒྱུས་འབུ་ཡིས་ཟ་བ་རུ། །རི་ཁྲོད་འདི་ན་འཆི་ནུས་ན། །སྤྲང་པོས་བསམ་པ་འགྲུབ་པ་ཡིན། །ངས་སྒོ་ནས་མི་རྗེས་མེད་པ་དང་། །ནང་ནས་ཁྲག་རྗེས་མེད་པ། །རི་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་པོས་བསམ་པ་འགྲུབ་པ་ཡིན། །ང་ཡི་རོ་ལ་འཁུར་མི་མེད་པ་དང་། །ཤི་བ་ལ་དུ་མི་མེད་པ་རུ། །རེ་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་གར་སོང་འདྲི་མི་མེད་པ་དང་། །འདིར་སོང་གཏད་རལ་མེད་པ་རུ། །རི་ཁྲོད་འདི་ནས་འཆི་ནུས་ན། །སྤྲང་མི་མེད་ལུང་པའི་བྲག་ཕུག་དང་། །སྤྲང་པོའི་འཆི་པའི་སྨོན་ལམ་འདི། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་གསུངས་པ། འདི་རྣམས་སྔ་མ་འོག་མ་སྟེ། དེ་ཐམས་ཅད་སྔ་ལ་སྔ་མའི་སྐོར་གསུམ་མོ། །གསུམ་པ་བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་ནི། སྲིང་མོ་ན་རེ། ཁྱོད་ཉིན་མོ་གླུ་བླངས། ནུབ་མོ་ཉལ་པའི་སེམས་ཡང་ཡེངས་སུ་སོང་ནས་ཨའུ་ཟུག་ཟེར་ནས། མོ་བདེན་དགོངས་པས། ལུས་ངག་ཡིད་གསུམ་གནད་རྣམ་པ་གསུམ་ལ་བཙུན་ཏེ། སྲིང་མོས་བྱིན་པའི་སྣམ་བུ་ཡང་བཟོ་མ་ཁོམ་པར། ཆོག་བུ་ལུས་ཀྱི་གནད། རྒྱ་མདུད་ངག་གི་གནད། སྦྲུལ་མདུད་སེམས་ཀྱི་གནད། གནད་གསུམ་ལ་དྲིལ་བས། ཤི་ཤི་མ་ཤི་མ་དེ། འགྱེལ་ལ་མ་འགྱེལ་མེད་པར་བསྒོམ་པས། ཞག་བཅོ་བརྒྱད་
(༤༧)ན་བདེ་དྲོད་རང་འབར་ལ་ཡོངས་ཏེ། སྲིང་མོས་བྱིན་པའི་སྣམ་བུ་ཡང་མུག་མས་ཟོས་ནས་དུམ་བུར་སོང་བས་ལ། ཉིན་ཅིག་མོ་སླེབ་ནས་བྱུང་བས། ཁྱོད་ཀྱི་སྣམ་བུ་ཨེ་བཟོས་ཟེར་ཏེ། སྣམ་བུ་ཟོ་མ་བྱུང་པར་འབུས་ཟོས་གསུངས། ཁྱེད་ཀྱི་སྣམ་བུ་ཆུད་ཟོས་བྱས་པ་ནས། གཅེར་བུར་ངོ་མི་ཚ་བ་ཨེ་ལགས་ཞུས་པས་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་པ་འདེབས། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ངོ་མི་ཚ་བ་ལ་ངོ་ཚར་བྱེད། །ངོ་ཚ་བའི་བུ་པོ་ཕང་ཏུ་བླངས། །ངོ་ཚའི་བུ་མོ་རིན་གྱིས་ཆོས། །ངོ་ཚའི་ལས་ལ་ཐོད་པ་རྒོས། །འདི་ནི་རང་བྱུང་གི་ཕོ་རྟགས་ཡིན། །ཕོ་མོར་མིང་བཏགས་ཕྱིན་ཆད་ན། །འདི་ཉིད་ཡོད་པ་སུས་ཀྱང་ཤེས། །ཁྲེལ་ངོ་ཚ་དག་ལ་ཁྱེད་མི་འཛེམ། །ངན་སྤྱོད་གཡོ་སྒྱུ་རྐུ་བ་དང་། །སྤྱོད་ངན་ཞེ་ངན་ལོགས་ལྟ་དང་། །ངོ་ཤེས་ཉེ་བ་བཅོམ་པ་དང་། །ཁྲེལ་ངོ་ཚ་ཡིན་ཏེ་འཛེམ་མི་མེད། །རྡོ་རྗེ་ཟབ་མོའི་གསང་སྤྱོད་དང་། །མན་ངག་ཟབ་མོའི་བསྒོམ་ཆེན་ཀུན། །དེ་ཚོ་ཆོས་ལ་སྐྱེལ་བ་ལ། །ངོ་ཚའི་འཇིགས་པ་སྐད་ཅིག་མེད། །ཁྱོད་པེ་ཏ་རེ་སྡུག་སེམས་ཆུང་མ། །ཡི་ཆད་མ་སྔ་སྤྲད་དུ་སོང་། །ཅེས་གསུངས་པས། འབུངས་ནས་བསྒོམ་པ་ལ། ཟ་རང་གིས་ཡང་མ་འཁྱོངས་པར། སྒོམ་ཤེད་དེ་ཇེ་ཆུང་ལ་སོང་བས་དབང་པོ་གཉོམ་པོ་ལས་མ་བྱུང་བས། ཉིན་ཅིག་ཁྱི་གྲ་བ་འགས་ཤ་བ་བསད་པའི་ཤ་ཁུར་ནས་བྲག་རྩ་དེ་ནས་བྱུང་བས། རྟོག་འདོད་བྱས་ཏེ། སྐད་མང་དུ་བཏང་བས། རྗེ་བཙུན་གྱིས་གཟིགས་ཙ་ཁྱོད་མི་ལ་ཐོས་པ་དགའ་ཨི་ཡིན་ཟེར་
(༤༨)བས། ཡིན་གསུངས་པ་ལ། ཁྱོད་བྲག་འདི་ལ་བསྡད་པ་ལ་ཡོན་ཏན་ཅི་ཡོད་ཟེར་བའི་ལན་དུ་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་བྲག་ལ་ཞུགས། །བྲག་འདིའི་མིང་དང་ཡོན་ཏན་མ་ཤེས་ན། །སྤོས་རི་སྤོས་མཐོན་ནམ་མཁའི་རྫོངས། །ནམ་མཁའི་རྫོངས་གི་ཕོ་བྲང་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབ། །འོག་ན་རྩང་ཆབ་སྔོན་མོ་འབབས། །རྒྱབ་ཏུ་བྲག་དམར་ནམ་མཁའི་དབྱིངས། །མདུན་ན་ན་སྤང་མེ་ཏོག་བཀྲ། །ཟུར་ན་གཅན་ཟན་ངར་སྐད་སྒྲོགས། །ལོག་ལ་བྱ་རྒྱལ་རྒོད་པོ་ལྡིངས། །དུས་སུ་སྦྲང་ཆར་ཟིམ་བུ་འབབ། །རྒྱུན་ཏུ་བུང་བས་ཀླུ་དབྱིངས་ལེན། །ཤ་རྐྱང་མ་བུས་རྩེ་བྲོ་རྡུངས། །ལྕོ་ཀ་མ་བུས་འགྱུར་སྐད་མང་། །ལྷ་བྱ་ཀུང་མོས་གླུ་དབྱངས་ལེན། །རྫ་ཆབ་སིལ་མས་སྙན་པ་བརྗོད། །དུས་ཀྱིས་སྐད་རིགས་ཉམས་ཀྱི་གྲོགས། །གནས་འདིའི་ཡོན་ཏན་བསམ་མི་ཁྱབ། །ཉམས་དགའ་ཀླུ་རུ་བླངས་པ་ཡིན། །གདམ་ངག་ཁ་ནས་བཤོར་བ་ཡིན། །ཁྱོད་ཁྱི་གྲ་བ་ལ་བཤད་པ་ཡིན། །ལས་སྡིག་པ་མ་བྱེད་དགེ་བ་མཛོད། །ཅེས་གསུངས་པས། ཁྱི་གྲབ་རྣམས་ཀྱི་ངོ་མཚར་ཆེ་ཟེར་ནས། ཤ་བའི་ཤ་དང་། ཕྱེའི་ལྷག་མ་དུམ་པ་ཅིག་འདུག་པ་རྣམས་ཕུལ་པས། ཤོ་ཚད་མཛད་ནས་གསོལ་བས། སྐུ་ལུས་འབོལ་ཤིག་ཀྱི་བཏང་སྟེ། སྒོམ་ཤེད་ཆེར་སོང་། ཁམས་དང་ལུས་བདེ། སེམས་གསལ་ཏུ་སོང་བས། དགེ་སྦྱོར་བཟང་པོ་བྱུང་པ་ལས། ཞག་གཅིག་གཉིས་ན། ཁྱི་གྲ་བ་རྒན་པ་ཅིག་གི །རྩམ་པ་ཁྱེར་ཡོངས་པས། དོ་ཞགས་སྐུ་ཁམས་བདེ་
(༤༩)འམ་ཞུས་པས། ལེགས་པོར་བདེ་གསུངས་ནས་འགུར་འདི་གསུངས་སོ། །བྲག་ཀར་སྤོས་མཐོན་ཕོ་བྲང་ན། །མིད་ལ་རས་པའི་སྒོམ་ལུགས་བདེ། །འཛིན་ཆགས་མེད་པའི་འགྲོ་འདུག་བདེ། །ན་ཚ་མེད་པའི་སྒྱུ་ལུས་བདེ། །ཉམས་པ་མེད་པས་འདུག་ལུགས་བདེ། །ལྟོགས་པ་མེད་པའི་ཏིང་འཛིན་བདེ། །གྲང་པ་མེད་པའི་གཏུམ་མོ་བདེ། །ཞུམས་པ་མེད་པའི་རྟུལ་ཞུགས་བདེ། །རྩོལ་པ་མེད་པའི་སོ་ནམས་བདེ། །ཡེངས་པ་མེད་པའི་དབེན་པ་བདེ། །དེ་ཚོ་ལུས་ཀྱི་འཁྱེར་སོ་ཡིན། །ཐབས་ཤེས་རབ་གཉིས་ཀྱི་ཐེག་པ་བདེ། །བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་བདེ། །རླུང་འགྲོ་འོང་མེད་པའི་སེམས་ཉིད་བདེ། །ལབ་རོགས་མེད་པའི་སྨྲ་བཅད་བདེ། །དེ་ཚོ་ངག་གི་འཁྱེར་སོ་ཡིན། །ངོས་བཟུང་མེད་པའི་ལྟ་བ་བདེ། །རྒྱུན་ཆད་མེད་པའི་སྒོམས་པ་བདེ། །ཉམས་ང་མེད་པའི་སྤྱོད་པ་བདེ། །རེ་དོགས་མེད་པའི་འབྲས་བུ་བདེ། །དེ་ཚོ་སེམས་ཀྱི་འཁྱེར་སོ་ཡིན། །འགྱུར་མེད་རྟོགས་མེད་འོད་གསལ་བདེ། །བདེ་ཆེན་རྣམས་དག་དབྱིངས་སུ་བདེ། །འགགས་མེད་འཆར་སྒོའི་གློང་ཏུ་བདེ། །ཤིན་ཏུ་བདེ་བའི་དབྱངས་ཆུང་འདི། །ཉམས་མྱོངས་ཀླུ་རུ་བླངས་པ་ཡིན། །གདམས་ངག་ཁ་ནས་ཤོར་པ་ཡིན། །ལྟ་སྤྱོད་ཟུར་ཏུ་བསྡེབ་པ་ཡིན། །སླད་ན་བྱང་ཆུབ་བསྒྲུབ་འདོད་རྣམས། །དོན་ཉམས་སུ་ལེན་ན་དེ་ལྟར་མཛོད། ཅེས་གསུངས་པས། ཡོན་བདག་དེ་དགའ་ནས། ཕྱག་མང་ཏུ་འཚལ་པས། ཁྱིམ་ཏུ་སོངས་སྟེ། ཞག་གཅིག་གཉིས་ནས་ཡོན་བདག་རོགས་འགའ་དང་འགྲོགས་ནས་རྩམ་པ་དུམ་པ་ཅིག་ཁྱེར་ནས་འོང་ནས་བླ་མ་ལགས། ཁོའི་ཉིན་གྱི་འགུར་མ་འདི་མང་སྟེ་
(༥༠)ལེགས་པར་རང་ཅིག་བྱུང་སྟེ། ངེད་ཤེས་རབ་ཆུང་བས་མ་ཟིན་པས། ཚོགས་ཉུང་ལ་དོན་གསལ་བ་ཅིག་གསུངས་དང་ཟེར་བས། ཡང་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་བྲག་ལ་ཞུགས། །སྤྲང་བྲག་ལ་གནས་པར་བྱིན་གྱི་རླབས། །དད་དང་མཁས་དང་བཙུན་དང་གསུམ། །འདི་གསུམ་སེམས་ཀྱི་སྲོག་ཤིང་ཡིན། །བཙུགས་ནས་བརྟན་ལ་འཛུག་ན་བདེ། །སྲོགས་ཤིང་མཛད་ན་དེ་ལ་མཛོད། །ཆགས་མེད་ཞེན་མེད་རྨོངས་མེད་གསུམ། །འདི་གསུམ་སེམས་ཀྱི་གོ་ཆ་ལགས། གོན་ནས་ཡང་ལ་མཚོན་ཁར་སྲ། །ངོ་ཚ་མཛད་ན་དེ་ལ་མཛོད། །སྒོམས་དང་བརྩོན་དང་སྲན་ཚུགས་གསུམ། །འདི་གསུམ་སེམས་ཀྱི་རྟ་ཕོ་ལགས། །བརྒྱུག་ན་མགྱོགས་ལ་བྲོས་ན་ཐར། །རྟ་ཕོ་མཛད་ན་དེ་ལ་མཛོད། །རང་རིག་རང་གསལ་རང་བདེ་གསུམ། །འདི་གསུམ་སེམས་ཀྱི་འབྲས་བུ་ལགས་བཏབ་ན་སྨིན་ལ་ཟ་ན་བཅུད། །འབྲས་བུ་མཛད་ན་དེ་ལ་མཛོད། །སེམས་དོན་རྣམ་པ་བཅུ་གཉིས་འདི། །རྣལ་འབྱོར་བློ་ལ་ཤར་ན་བླངས། །ཁྱོད་ཡོན་བདག་དད་པའི་གདབ་ལན་མཛོད། །ཅེས་གསུངས་པས། ཡོན་བདག་དེ་དད་པ་ཅན་གཤིན་རྡོར་མོ་བྱ་བ་ཡིན་པས། ད་རུང་མདོར་བསྡུས་པའི་ཚིགས་གཅིག་ལ་འགྲིལ་བ་ཅིག་གསུངས་དང་ཟེར་བས་ཡང་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་སེམས་ལ་ཞུགས། །སེམས་ལ་སྟོང་ཉིད་རྟོག་པར་བྱིན་གྱི་བརློབས། །ཡོན་བདག་དད་པའི་ཕྱག་རྟེན་ལ། །ལྷ་ཡི་དམ་མཉེས་པའི་ཀླུ་ཅིག་ལེན། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོགས་མ་ཡེངས་གསུམ། །འདི་གསུམ་བསྒོམ་པའི་མདོར་བསྡུས་ཡིན། །མ་ཆགས་མ་ཞེན་མ་འཁྲུལ་
(༥༡)གསུམ། །འདི་གསུམ་སྤྱོད་པའི་མདོར་བསྡུས་ཡིན། །རེ་མེད་དོགས་མེད་མཐལ་སྐྱོལ་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །ངོས་མེད་ལྐོག་མེད་ཟོལ་མེད་གསུམ། །འདི་གསུམ་དམ་ཚིག་མདོར་བསྡུས་ཡིན། །ཞེས་གསུངས་པས། ཡོན་བདག་རྣམས་མཉེས་ཏེ་ཁྱིམ་ཏུ་སོང་ངོ་། །ལར་སྙེ་ནམས་ཀྱི་མི་སྡེ་རྣམས་དད་ཡང་མཁོས་ཆུང་བ། ཞབས་དགོས་ཆེན་པོ་ཡང་མ་བྱུང་བས་དཀོར་གྱི་དགེ་སྦྱོར་མ་ཕྲོགས། ཟླ་བ་ལྔ་དྲུག་ན་སྐྱོ་ཐང་རྒྱུ་རེ་བསྐྱལ་བས། ལྟོགས་ཏྲིའི་རླུང་ལ་མ་བསྐུར་ཅེས་གསུངས་སོ། །དེ་ཐམས་ཅད་སོང་རི་སྤོས་ཐོན་གྱི་སྐོར་རོ། །དེ་ནས་སྤོ་རི་སྤོ་མཐོན་ནས་ལོ་དྲུག་སོང་བ་དང་། བྲག་དམར་མཆོད་གླིང་ཁྱུང་གི་རྫོངས་ཏུ་སོང་ནས། ལོ་བཅུ་གཉིས། ཟླ་བ་བཅུ་གཉིས། ཞག་བཅུ་གཉིས། ཟ་མ་བཅུ་གཉིས། བཅུ་གཉིས་ཆ་བཞིའི་བསྒྲུབ་པའི་དམ་ཆ་བྱས་པའི་འོག་ཏུ་ཤི་བ་ཅིག །ཨེ་ནུས་བསམ་པས་བསྒྲུབ་པ་ལ། ཡུལ་གྱི་མི་སྡེས་གར་ཡོད་མ་ཚོར་བར་སྒོམ་པས། ཨི་འཆི་ཨེ་འཆི་བསམ་པ་ལ་འཆི་རྒྱུ་མ་བྱུང་ཞིང་། དབང་པོ་ངན་པར་བྱུང་བས། ངས་འཇིག་རྟེན་གྱི་བྱ་བ་བཏང་ཐལ་ཟིན། ད་རུང་མ་ཤི་ན་ཆོས་རང་བྱེད་པའི་བསམ་པ་སྐྱེས་ཏེ། ཟ་ཅིག་འཆིང་ན་གསོལ་དགོངས་པས། ཤིང་ཅིག་འཐུ་བ་ལ་སོང་བ་ལ། ཤིང་ཧྲག་ཧྲུག་དུམ་པ་ཅིག་རྙེད་པས། རྡོ་ལེབ་ཅིག་གི་སྟེང་དུ་བཞགས་ནས་མེ་གསོས་ནས་ཡོད་པས། ལྷགས་པ་ཅིག་ཡོངས་པས། གཏོར་བ་ལ། ཐམས་ཅད་མི་རྟག་པ་འདི་ཀ་རང་ཡིན་ཨང་། བདག་ལ་ཡང་མི་རྟག་པ་ནམ་འོང་ཨང་། དགོངས་ནས་ཡོད་པ་ལ་ད་རུང་ཤིང་ཅིག་ཅིས་ཀྱང་འཐུ་དགོངས་པས། ཤིང་སྐམ་པོ་ཆེ་བ་ཅིག་བཅག་རེངས་ལ།
(༥༢)ཤིང་ཆགས་པ་དང་མཉམ་ཏུ་འགྱེལ་བའི་ངང་ལས་དབང་པོ་མ་བྱུང་སྟེ། དགོངས་མོ་ཉི་མ་ཟེ་རེ་རེ་བ་ལ་ལྷགས་པའི་སེ་རུ་བཤི་རི་རི་འོངས་པས། རྣལ་སང་པ་འདྲ་བ་ཅིག་ལ་དབང་པོ་རྙེད་ཙ། སྐྱོ་བས་སྙིང་རླུང་དྲག་པོ་ལངས་ཟིན་པས། ཉི་མ་ཤར་གྱི་ཕྱོགས་སུ་གཟིགས་པས། བླ་མའི་སྐུ་མཁར་ཡོད་ཕྱོགས་སུ་སྤྲིན་དཀར་པོ་ཅིག་ལང་ངེ་འདུག་པ་དང་། བླ་མ་དྲན་ཏེ་དེ་དུས་བླ་མ་དྲན་པའི་འགུར་མ་སྤྲིན་དཀར་མ་ཤིང་འཐུའི་འགུར་འདི་གསུངས་སོ། །རྗེ་བླ་མ་དེ་ལ་གསོལ་བ་འདེབས། །སྤྲང་པོ་སྙིང་རླུང་སངས་པར་ཐུགས་རྗེས་ཟུང་། །ཤར་སྤྲིན་དཀར་ལྡེང་བའི་འོག་ཤེད་ན། །ལྷོ་གྲ་བོ་ལུང་གི་དགོན་པ་ན། །མི་བདག་གིས་བླ་མ་བཞུགས་པ་དེ། །མཚན་གསོལ་ནས་མར་པ་ལོཙྪ་ཟེར། །དུས་ད་ལྟར་བཞུགས་ན་དགའ་བ་ལ། །དུས་ད་ལྟ་བཞུགས་ན་སྐྱིད་པ་སྟེ། །ས་བསྐོར་ཐག་རིང་ཡང་མཇལ་སྙིང་འདོད། །ལམ་བསྒྲོད་པར་དཀའ་ཡང་མཇལ་སྙིང་འདོད། །ཤོ་མོ་ཡར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །ཡུམ་སངས་རྒྱས་བསྐྱེད་བྱེད་བདག་མེད་མ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །དུས་ད་ལྟ་བཞུགས་ན་སྐྱིད་པ་ལ། །བླ་མ་ལ་ཕྱག་རྟེན་མེད་ཡང་མཇལ་སྙིང་འདོད། །འབུལ་རྒྱུ་མེད་ཡང་མཇལ་སྙིང་འདོད། །ཤོ་མོ་ལ་ར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །དབང་ཟབ་མོ་བདའི་དབང་བཞི་དེ། །དུས་ད་ལྟ་ཐོབ་ན་དགའ་བ་ལ། །ད་ལྟ་ཐོབ་ན་ཐོབ་ན་སྐྱིད་པ་ལ། །ང་འབུ་ཡོ་བྱད་ཆུང་ཡང་འབུལ་སྙིང་འདོད། །འཚོ་བ་དཀོན་ཡང་ཞུ་བ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །
(༥༣)རྒྱུད་ཟབ་མོ་ཀྱཻ་རྡོ་རྗེ་དེ། །དུས་ད་ལྟ་ཐོབ་ན་དགའ་བ་ལ། །དུས་ད་ལྟ་ཐོབ་ན་སྐྱིད་པ་ལ། །ང་འབུ་ཤེས་རབ་ཆུང་ཡང་མང་ཉན་སྙིང་འདོད། །བློ་རྩེ་རྡུལ་ཡང་ཉན་པ་ཅིག་ལགས་ཏེ། །ཤོར་མོ་ལར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །ཁྲིད་ཟབ་མོ་ན་རོའི་ཆོས་དྲུག་དེ། །དུས་ད་ལྟ་ཐོབ་ན་དགའ་བ་ལ། །དུས་ད་ལྟ་ཐོབ་ནས་སྐྱིད་པ་ལ། །ང་འབུ་སྒོམས་སྲན་ཆུང་ཡང་སྒོམས་སྙིང་འདོད། །འབྱུང་བཞི་རྒུད་ཡང་བསྒོམ་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །དབུས་རྩང་གྲོགས་པོ་དང་འདུས་དེ། །དུས་ད་ལྟ་ཡོད་ན་དགའ་བ་ལ། །ད་ལྟ་ཡོད་ན་སྐྱིད་པ་ལ། །སྒྲོགས་ཐོག་བསྡུར་བྱེད་སྙིང་འདོད། །ཉམས་བསར་བླའོ་བྱེད་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །བླ་མ་མཉེས་པའི་སྐུ་མཁར་དེ། །དུས་ད་ལྟ་བརྩེགས་ན་དགའ་བ་ལ། །ད་ལྟ་བརྩེགས་ནས་སྐྱིད་པ་ལ། །ན་སོ་རྒས་ཡང་བརྩེགས་ཡང་འདོད། །སྒྱུ་ལུས་བརྩེགས་པ་ཅིག་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །དྲིན་ཅན་གྱི་ཕ་མ་ཡབ་ཡུམ་དེ། །དུས་ད་ལྟ་ཡོད་ནས་དགའ་བ་ལ། །ད་ལྟ་ཡོད་ནས་སྐྱིད་པ་ལ། །ཕ་མའི་དྲིན་ལ་མཇལ་སྙིང་འདོད། །ཞབས་ཏོགས་ཅི་ནུས་ཅིག་བྱེད་པ་ལགས་ཏེ། །ཤོ་མོ་ལར་ཡང་བླ་མ་དྲན་པ་ཅིག་བྱུང་། །བསམ་ཤིང་རྗེ་བཙུན་དྲན་པ་ཅིག་བྱུང་། །རྡོ་རྗེ་འཆང་ཆེན་བྱིན་བརླབས་ཅན། །སྤྲང་པོའི་སྐྱོ་བ་སང་བར་བྱིན་གྱི་བརློབས། ཅེས་གསུངས་པས། སྤྲིན་དེ་ཇེ་ཆེ་ལ་སོང་བས་
(༥༤)ཁོང་གི་དབུ་ཐོག་པར་ཏུ་སྣམ་བུ་བརྐྱང་པ་བཞིན་ཡོངས་པས། སྤྲིན་དེའི་སྣེ་མོ་ཁོང་གིས་དབུ་ཐོག་ཏུ། བླ་མ་མར་པ་དེ་ཉིད་སེང་གེ་དཀར་མོ་སྲབ་མེད་པ་ཅིག་ཅིག་ནས་འདུག་པས་གཟིགས་ཏེ། མིད་ལ་རས་པ་ཁྱོད་དེ་རང་འོ་དོད་ཆེན་པོ་བྱེད་པ་ཅི་བྱུང་གསུངས། བླ་མ་ལ་ངང་པ་སྐྱེས་སམ། རྐྱེན་ངན་རྟོག་པས་ཡུལ་ཕྱི་ལ་འབྲེང་སམ། ནང་བསྒྲུབ་པའི་ཁང་པར་སྐྱིད་འདོད་ཀྱི་བར་ཆད་ཞུགས་སམ། བློ་འགོང་འགྲོ་དགོངས་ཀྱི་བཙེར་པ་ཁོང་སྤུན་ནམ། ཅི་བྱུང་ང་དང་ཁྱོད་གཉིས་འདུ་བྲལ་མེད་པ་ཡིན་གསུངས་པའི་སྒྲ་ཐོས་པས། དགའ་དྲག་ཏེ་འདི་མ་རེད་པས། དཔེ་དང་བྲལ་པའི་རྟོགས་པ་ཤར། བརྗོད་ཏུ་མེད་པའི་ཉམས་སྐྱེས་ནས། གསོལ་འདེབས་མོས་གུས་ཀྱི་འགུར་མ་འདི་གསུངས་སོ། །རྗེ་བླ་མའི་ཞལ་མཐོང་གསུངས་ཐོས་པ། །སྤྲང་པོའི་སྙིང་རླུང་ཉམས་སུ་ཤར། །བརྗོད་ཏུ་མེད་པའི་ཉམས་སྐྱེས་ནས། །ཐུགས་རྗེ་ཡིད་ལ་བསམ་པ་ཡི། །རྟོགས་པའི་མོས་གུས་གཏིང་ནས་སྐྱེས། །བཀའ་དྲིན་བྱིན་བརླབས་དངོས་བཞུགས་པས། །ཆོས་མིན་སྣང་བ་འཁྲིག་ཀྱི་ཆད། །མི་མེད་ལུང་སྟོང་གི་འོ་དོད་འདི། །ཕ་བླ་མའི་སྙན་ལ་གཟན་ལགས་ཀྱང་། །སྤྲང་སྣང་པ་འདི་མིན་ཚིམ་མི་ནུས། །སྙིང་རུས་སྡུག་སྲན་གྱི་བསྒྲུབ་པ་འདི། །བླ་མ་མཉེས་པས་ཞབས་ཏོགས་མཛོད། །ན་མེད་གཅིག་པུའི་རི་ཁྲོད་འདི། །མཁའ་འགྲོ་མཉེས་པའི་ཞབས་ཏོགས་ཡིན། །ཤིང་ཆུགས་ལྟོགས་སྐུགས་སྡུག་སྲན་འདི། །མགོན་མེད་སེམས་ཀྱི་སྦྱིན་པ་ཡིན། །གྲོགས་མེད་གཅིག་པུའི་སྙིང་རླུང་འདི། །ལས་རྣམས་སྨིན་སྦྱོང་བའི་བྱབས་ཤིང་ཡིན། །ཟས་མེད་ཟའི་ཆོས་བརྒྱགས་འདི། །ཉམས་རྟོགས་པ་
(༥༥)སྐྱེ་པའི་མཐུན་རྐྱེན་ཡིན། །ཕ་བླ་མའི་དྲིན་ལན་བསྒྲུབ་པའི་མཇལ། །དྲིན་ཐུགས་ལ་ཐོགས་ཅིག་འགུ་རུའི་རྗེ། །སྤྲང་རི་ཁྲོད་ནོན་པར་བྱིན་གྱིས་རློབས། ཅེས་གསུངས་པས། སྣང་བ་བདེ་དིང་ངེ་ཤིང་དུམ་པ་ཅིག་ཁྱེར་ནས་ཡར་ཡོངས་ཙ། ཕུགས་པ་ན་ལྕགས་ཀྱིས་ཨ་ཙ་ར་གཟུགས་མཐེ་བོང་ཙམ་ལ་མིག་ཕོར་བ་ཙམ་ཡོད་པ་བདུན་གྱིས། ལ་ལས་མེ་བུས། ལ་ལས་ཆུ་ལེན། ལ་ལས་རྩམ་པ་འཐག་སྟངས་དང་། ལས་སྣ་ཚོགས་པའི་ཆོ་འཕྲུལ་སྟོན་འདུག་པ་དང་། གཟིགས་མ་ཐག་ཏུ་ཡ་ང་བ་ཅིག་བྱུང་སྟེ། ལྷ་བསྒོམ་པས་དྲག་སྔགས་བརྗོད་པས་ཀྱང་། ལྟ་སྟངས་དང་རོལ་བ་ཆེར་བྱས། བྱམས་སྙིང་རྗེ་བསྒོམ་པས་ཞི་མ་ནུས་ཏེ། འདི་རྣམས་ཡུལ་འདིའི་གཞི་བདག་ཨེ་མ་ཡིན། ངས་གནས་འདིའི་ལོ་ཟླ་འདི་ཙམ་བསྡད་པ་ལ། གཏོར་མ་དང་བསྟོད་པ་ཡང་མ་བྱས་དགོངས་པས། གནས་ལ་བསྟོད་པའི་འགུར་འདི་གསུངས་སོ། །ཨེ་མ་རི་ཁྲོད་དབེན་པའི་གནས། །ཕ་རྒྱལ་བ་བྱང་ཆུབ་བསྒྲུབ་པའི་ས། །མི་རང་ཉིད་གཅིག་པུར་འདུག་པའི་ཡུལ། །བྲག་དམར་མཆོད་གླིང་ཁྱུང་གི་རྫོངས། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབས། །དེ་ལ་རྒོད་པོ་ལེང་མ་ལེངས། །མདོ་ན་རྩང་ཆབ་མ་རེ་རེ། །དེ་ལ་ཉ་སྲམ་འགྱ་མ་འགྱུ། །རྒྱབ་ཏུ་རི་རྒྱལ་རྩེ་མོ་མཐོ། །དེ་ལ་རྩི་ཤིང་སྣ་ཚོགས་རྒྱས། །མདུན་རི་འབྲས་ཕུང་རང་ལ་འཁོར། །དེ་ལ་ཆུ་མིག་མེ་ཏོག་རྒྱས། །རྩ་ནས་ན་སྤངས་ཆོ་ལོ་རིས། །དེ་ལ་ཤ་རྐྱང་མ་བུ་རྩེ། །ཤིང་ལོ་མེ་ཏོག་པད་མ་རིས། །དེ་ནས་འཇོན་མོས་གསུངས་སྙན་སྒྲོགས། །རྫ་དང་གཡའ་མ་གངས་རི་མ། །དེ་ལ་གོང་མོས་སྐད་སྙན་འགྱུར། །འབྲོག་དང་ལུང་པ་པུ་མདོས་དང་། །
(༥༦)དེ་ལ་བར་ཆོད་མི་རྗེས་ཆད། །ང་དང་གནས་བཟང་བྱང་ཆུབ་མཐུན། །དེ་ལྟ་བུའི་གནས་འདི་རུ། །ང་མིད་ལ་རས་པའི་ཉམས་མྱོངས་སྐྱོང་། །ཉམས་མྱོངས་རྩ་བ་བྱང་ཆུབ་སེམས། །འདྲེ་འདིར་ཚོགས་བར་ཆད་མི་མ་ཡིན། །བྱམས་སྙིང་རྗེའི་བདུད་རྩི་འཐུངས་ལ་དེངས། ཅེས་གསུངས་པས། ཆོ་འཕྲུལ་གཏོང་བའི་ཨ་ཙ་ར་གསུམ་དིང་ནས་སོང་། བཞི་དེ་རུ་འགྲོ་མ་ཉན་པས། བཞི་པོ་དེ་འདྲེའི་ཆོ་འཕྲུལ་ཡིན་པས་བར་ཆོད་ཡིན་པར་དགོངས་ནས། ཉམས་ལྟ་བ་གཏིང་དང་ལྡན་པའི་འགུར་འདི་གསུངས་སོ། །ད་སེང་གེ་ཀར་མོས་བུ་རྒྱུད་ལ། །སེང་ཕྲུག་གི་རིང་ལ་ཁྱུ་སྣ་དྲངས། །སེང་ཆེན་གྱི་རིང་ལ་གངས་ཁྲོད་འགྲིམས། །དགྲ་བུ་ཡུག་འཚུབས་ཡང་ཉམས་ང་མེད། །ང་བྱ་རྒྱལ་ཁྱུང་གི་བུ་རྒྱུད་ལས། །བྱ་བྲན་གྱི་རིང་ལ་ཁྱུ་སྣ་དྲངས། །ཁྱུང་ཆེན་གྱིས་རིང་ན་ན་འཕངས་བཅད། །མཐོ་གཡང་ས་ཆེ་ཡང་ཉམས་ང་མེད། །ང་ཡོ་ཆེན་མོའི་བུ་རྒྱུད་ལ། །ཉ་བྲན་གྱི་རིང་ལ་མཚོ་མཐའ་བསྐོར། །ཉ་ཆེན་གྱི་རེངས་ལ་རྩང་ཆབ་འགྲིམས། །ཆབ་རྩང་པོ་གཡོས་ཡང་ཉམས་ང་མེད། །ང་ན་རོལ་ཆེན་པོའི་བུ་རྒྱུད་ལ། །སྒོམ་ཕྲུག་གིས་རིང་ལ་བླ་མ་བསྟེན། །སྒོམ་ཆེན་གྱི་རིང་ལ་གངས་ཁྲོད་འགྲིམས། །ཁྱོད་བར་ཆད་ཀྱི་གདོན་ལ་ཉམས་ང་མེད། །འདྲེ་དེ་རེངས་བྱོན་པ་ངོ་མཚར་ཆེ། །སང་ཉིན་ཅིག་ལས་ཀྱང་འབྱོན་པར་ཞུ། །སྐབས་སྐབས་སུ་གསུངས་གླིང་ཡང་ཡང་བྱེད། །ཅེས་གསུངས་པས། ཨ་ཙ་ར་གསུམ་ནི་འཇའ་ཡལ་པ་ལྟར་སོང་སྟེ། གཅིག་ནི་ལྟ་སྟངས་དང་རོལ་པའི་གར་ཆེན་བཏང་བས། འདི་དེ་མ་རུང་པའི་མཐུ་མོ་ཆེ་ཅིག་ཡིན་པ་རེད་དགོངས་ཏེ། རྟོགས་ཚད་ལྟ་བའི་འགུར་འདི་གསུངས་སོ། །ང་སེང་གེ་གངས་ལ་འགྱེངས་པ་སྦར་མི་ཁྱགས། །སེང་གེ་
(༥༧)གངས་ལ་འགྱེངས་པའི་སྦར་འཁྱགས་ན། །སེང་རྩལ་གསུམ་འབྱོངས་པའི་དོན་འགོ་ཆུང་། །ང་བྱ་ནམ་མཁར་འཕུར་པ་ལྟུང་མི་སྲིད། །བྱ་ནམ་མཁར་འཕུར་པ་ལྟུང་སྲིད་ན། །བྱ་གཤོག་དྲུག་རྒྱས་པ་དོན་འགོ་ཆུང་། །ང་ཉན་།།།ཆུ་ལ་གནས་པ་འཚུབ་མི་སྲིད། །ཉ་ཆ་ལ་གནས་པ་འཚུབ་སྲིད་ན། །ཉ་གསེར་མིག་འཁྲིལ་པ་དོན་འགོ་ཆུང་། །ང་ལྕགས་ཀྱི་འཕའ་འོང་རྡོས་མི་ཆོག །ལྕགས་ཀྱི་འཕ་འོད་རྡོས་ཆོག་ན། །ལྕགས་ཞུན་ངར་ལེགས་པ་དོན་འགོ་ཆུང་། །ངེད་སེམས་སྟོང་ཉིད་རྟོགས་པས་འདྲེས་མི་འཇིགས། །སེམས་སྟོང་ཉིད་རྟོགས་པ་འདྲེས་འཇིགས་ན། །མཐོ་བྲག་ལ་བསྒོམ་པ་དགོན་འགོ་ཆུང་། །ཁྱོད་འདྲའི་འདྲེ་ལ་ཉམས་ང་མེད། །ཁྱོད་འདྲའི་འདྲེ་ལ་ཉམས་ང་ན། །སེམས་སྙིང་རྗེ་ཤར་བ་དོན་འགོ་ཆུང་། །འདྲེ་ད་རུང་བཞུགས་ནས་ཐུགས་ལ་བཏགས། །ཁྱོད་རོགས་མོ་ཡོད་ན་སྐོད་ལ་ཤོག །དེ་རང་གསུངས་གླིང་ཁོ་ཐག་གཅོད། །ཨ་ཙ་མ་ན་འབྱུང་པོ་སྙིང་རེ་རྗེ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། ཅེས་གསུངས་པས། བྱམས་སྙིང་རྗེས་ལུས་ལྟོས་པ་མེད་པར་ཁར་པར་བཙངས་པས། ཟ་རྒྱུ་མ་བྱུང་སྟེ། འཇའ་ཡལ་པ་བཞིན་སོངས་པས། དེངས་ནས་སོང་ངོ་། །དེ་ཐམས་ཅད་བྲག་དམར་མཆོངས་གླིང་གི་སྐོར་རོ། །དེ་ནས་དམ་བཅའ་ཐམས་ཅད་རྫོགས་པ་དང་། བྲིང་དང་སྙེན་མས་ཀྱི་སོ་འཚམས། ལ་ཕྱི་གངས་ཀྱི་ར་བ་ཅིག་དེར་རྗེ་བཙུན་བྱོན་ནས། བསྒོམ་ཡིན་ཡོད་པ་ལ། སྟོན་ཟླ་ར་བའི་ཚེས་བཅུ་བཞིའི་ནུབ་མོ། ལ་ཕྱི་ཆུ་བཟང་གི་ལྷ་འདྲེ། ཐམས་ཅད་དམགས་བྱས་ནས་
(༥༨)ཡོངས་པས། ཆོ་འཕྲུལ་ཡ་མ་ཟུང་རིགས་མི་འདྲ་བ་མང་པོ་བསྟན་ཏེ། དེ་དུས་རྗེ་བཙུན་གྱིས་མི་མ་ཡིན་དེ་རྣམས་ལ་འགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་སེམས་ལ་ཞུགས། ནད་དངོས་པོའི་བག་ཆགས་སྙིང་རླུང་བསལ། ང་བློ་པད་མ་དཀར་པོ་འདབ་བཞི་རྒྱས། །བློ་འཁྲུལ་སྣང་མིག་འཕྲུལ་ཤེས་པ་ལ། །གདོན་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་འདི། །ཨ་ཙ་མ་ཡི་དྭགས་སྙིང་རེ་རྗེ། །སྔོན་ལས་ངན་བསགས་པའི་འབྲས་བུ་དེས། །ད་ལྟ་ལས་ངན་སྣ་ཚོགས་རྣམས་སྨིན་སྤྱོད། །ཡི་དྭགས་མཁའ་ལ་རྒྱུ་ཞིང་ཀུན་སློང་ངན། །སྦྱོར་ངན་ཉོན་མོངས་ཀྱི་གདུགས་རྩུབ་ཀྱིས། །གསོད་གཅོད་བརྡེགས་འཚོགས་བྱེད་དོ་ཟེར། །མི་ང་ལ་ཁྱེད་རྣམས་མི་གནོད་སྟེ། །ཁྱོད་ལས་ངན་འབར་བ་ད་བཟོད་སྡུག །ང་རྟོགས་མེད་རྟོགས་པའི་རྣལ་འབྱོར་བ། །བློ་ཡང་ང་མེད་པའི་རྟ་པ་གཏིངས། །དཔའ་བོ་སེང་གེའི་སྤྱོད་འགྲོས་ཀྱིས། །ལུས་ནི་ལྷའི་རྫོངས་ལ་ཞེན། །ངག་ནི་སྔགས་གི་རྫོངས་ལ་ཞེན། །སེམས་ནི་འོད་གསལ་རྫོངས་ལ་ཞེན། །ཚོགས་དྲུག་རང་རང་ངོ་བོས་རྫོངས། །འོད་ལུས་རྡོ་རྗེའི་རྣལ་འབྱོར་ལ། །ཁྱོད་ཡི་དྭགས་ཐེ་ཙོམ་ཅི་ལ་ཕན། །སྤྱིར་དགེ་སྡིག་འབྲས་བུ་བདེན་ནུས་ཆེ། །རྒྱུ་མཐུན་འབྲས་བུ་བསགས་བསགས་ནས། །ངན་སོང་འགྲོ་བ་ཡི་རེ་མུགས། །ཨ་ཙ་མ་ཡི་དྭགས་ཉོན་རེ་མོངས། །དོན་གནས་ལུགས་མ་རྟོགས་སྙིང་རེ་རྗེ། །མངོན་ངན་མི་རྒན་རས་པ་འདིས། །ངན་རིགས་གླུ་ཡི་ཆོས་བཤད་ནས། །ནང་བཅུད་ཀྱིས་བསྡུས་པའི་སེམས་ཅན་རྣམས། །གཉེན་ཕ་མར་མ་གྱུར་གང་ཡང་མེད། །དེ་དྲིན་ཅན་ཡིན་པས་སྡུག་པར་འཕངས། །ཁྱོད་ཡི་དྭགས་གནོད་པ་སླར་ལོགས་ལ། །ལས་རྒྱུ་
(༥༩)འབྲས་བསམ་ན་ཅིས་མ་ལགས། །ཆོས་དགེ་བཅུ་སྤྱོད་ན་ཅི་བདེ་ཐོབ། །ཚིགས་ལེགས་པར་ཟུངས་ལ་རྟོགས་དཔྱོད་ཐོང་། །དོན་གོ་བར་མཛོད་ལ་ཉམས་སུ་ལོངས། །ཅེས་གསུངས་པས། དེར་འཚོགས་ཀྱི་ཡུལ་བཙན་ཀྱི་བྲག་སྲིན་མོ་ན་རེ། །དེད་འདིར་འཚོགས་པ་རྣམས་ལས་ངན་གོམས་དྲགས་པས། །སྡིག་པ་གནོད་པར་ཤེས། །དགེ་བས་ཕན་པར་ཀོ་ཡང་། །ལས་ངན་བག་ཆགས་ཤུགས་ལ་སྤྱོད་པས་དགའ་བ་ཅིག་བྱུང་བས། རང་དབང་མ་བྱུང་བླ་མའི་འགུར་དེ་འདྲ་ཡིན་ནས་དགེ་བ་ལ་སྤྲོ་སྤྲོ་འདུག་ཅིག་ཤིན་ཏུ་སྙན་པས་ཕན་པར་བྱུང་བས། ད་རུང་གཅིག་བཞེངས་པར་ཞུ་ཟེར་བས། ཡང་ཆོས་བཤད་འདི་འགུར་དུ་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་སེམས་ལ་ཞུགས། །སེམས་སྣང་བ་ལོགས་པ་སྐྱེས་མ་མྱོངས། །དོན་བདེན་པའི་ཚིགས་དང་མ་འབྲེལ་ན། །གླུ་གྲེ་གྱུར་སྙན་ཡང་པི་ཝང་ཡིན། །ཆོས་མཐུན་དཔེའི་མ་མཚོན་པས། །ཚིགས་སྡེབས་སྦྱོར་མཁས་ཡང་སྒྲ་སྙན་ཡིན། །ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན། །ངས་ཤེས་སོ་ཟེར་ནས་མགོ་སྐོར་ཡིན། །དོན་སྙན་རྒྱུད་ཀྱི་གདམ་ངག་མི་བསྒོམ་ནས། །གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན། །ཕན་ངེས་པའི་དམ་ཆོས་མི་བྱེད་ན། །འཕྲལ་སོ་ནམས་འམ་ཡང་སྡུག་ལས་ཡིན། །ལས་རྒྱུ་འབྲས་ཞིབ་ཏུ་མི་རྩི་ན། །ཚིག་ཁང་ཆེ་ཡང་བསྙོན་པ་ཡིན། །དོན་བཤད་པ་ཡིད་ལ་མི་འཇོག་ན། །འཕྲལ་བཤད་ལོ་བྱས་ཡང་ཆུད་ཟོས་ཡིན། །ལས་མི་དགེ་སྤངས་ནས་ངང་གིས་འགྲིབ། །ལས་དགེ་བ་བསྒྲུབ་ནས་ཤུགས་ལ་འགྲུབ། །འགག་ཅིག་ལ་དྲིལ་ལ་ཉམས་སུ་ལོངས། །ཚིག་མང་པོ་བཤད་པས་ཕན་པ་ཆུང་། །
(༦༠)དོན་དེ་བཞིན་ཉམས་སུ་ལེན་གལ་ཆེ། །ཅེས་གསུངས་པས། བླ་མ་ལགས། དོན་འདུག་ཡིན་ཞིབ་ཏུ་མ་བཤད་པས་ན་མི་གོ་བ་ལགས་པས། ཁྱེད་ད་རུང་འགུར་ཅིག་གསུངས་དང་། ངེད་རྣམས་ཀྱི་ཆོ་འཕྲུལ་ཞི་བར་བྱེད་ཟེར་བས། ཆོ་འཕྲུལ་མ་ཞི་བ་རྣལ་འབྱོར་གྱི་བོགས་སུ་བཟང་ཞིང་བརྒྱན་ཏུ་ཆེ་གསུངས་ནས་འགུར་འདི་གསུངས་སོ། །ངས་སེམས་རང་དབང་ཐོབ་པའི་རྣལ་འབྱོར་པ། །རྒྱན་ཏུ་ཆེ་བའི་ཀླུ་ཅིག་ལེན། །ཁྱེད་འདིར་འཚོགས་ཀྱི་གནོད་སྦྱིན་ཕོ་མོ་རྣམས། །ཡིད་མ་ཡེངས་རྣ་བའི་དབང་པོ་གཏོད། །དབུས་རི་བོ་མཆོག་རབ་མཆོད་རྟེན་ལ། །ལྷོ་བཻ་ཌཱུརྱའི་འོད་གསལ་བས། །འཛམ་གླིང་ནམ་མཁའི་བརྒྱན་ཏུ་ཆེ། །རི་གཉའ་ཤིང་འཛིན་གྱི་གོང་རོལ་ན། །ཉི་ཟླ་ཟུང་ཅིག་འོད་གསལ་བ། །གླིང་བཞི་ཡོངས་ཀྱི་བརྒྱན་ཏུ་ཆེ། །ཀླུ་བྱང་ཆུབ་སེམས་ཀྱི་རྫུ་འཕྲུལ་གྱིས། །ནམ་མཁའི་མཐོང་ན་ཆར་པ་བབས། །དོགས་མོ་སའི་རྒྱན་ཏུ་ཆེ། །ཕྱི་རྒྱ་མཚོ་ཆུའི་བརླངས་པ་ལ། །བར་སྣང་ཡོང་ལ་ལྷོ་སྤྲིན་འབྱུང་། །ལྷོ་སྤྲིན་བར་སྣང་གི་རྒྱན་ཏུ་ཆེ། །འབྱུང་བ་དྲོད་གཤེར་གྱི་རྟེན་འབྲེལ་གྱིས། །ཤར་སྤང་རིའི་ལོགས་ལ་འཇའ་ཚོན་བཀྲ། །འཇའ་ཚོན་ནམ་མཁའི་རྒྱན་ཏུ་ཆེ། །ནུབ་མི་དྲིས་མཚོ་ལ་ཆུ་འབབ་པས། །ལྷོ་འཛམ་བུའི་གླིང་གིས་རྩི་ཤིང་རྒྱས། །སྐྱེ་འགྲོ་ཡོངས་ཀྱི་བརྒྱན་ཏུ་ཆེ། །ང་རྣལ་འབྱོར་རི་ཁྲོད་འཛིན་པ་ལ། །སེམས་སྟོང་ཉིད་བསྒོམ་པའི་ནུས་མཐུ་ཡིས། །འདྲེ་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་བྱུང་། །ཆོ་འཕྲུལ་རྣལ་འབྱོར་བརྒྱན་ཏུ་ཆེ། །ཁྱོད་ལེགས་པར་ཉོན་དང་མི་མ་ཡིན། །མི་ང་ངོ་ཁྱོད་ཀྱི་མ་ཤེས་ན། །ང་མིད་ལ་རྣལ་འབྱོར་རས་པ་ཡིན། །ང་བྱང་སེམས་ཀྱི་མེ་ཏོག་གཏིང་ནས་འཁྲུངས། །ཀླུ་སྙན་པའི་དབྱིངས་ཀྱི་བརྡས་སྦྱར་ནས། །ངག་བདེན་པའི་ཚིག་གིས་ཆོས་བཤད་ནས། །ཕན་པའི་སེམས་ཀྱི་གྲོས་ཅིག་འདེབས། །ཁྱོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་བའི་གཞན་དོན་མ་བྱུང་ཡང་། །མི་དགེ་བཅུ་བོ་སྤངས་བྱས་ནས། །རང་བཞིན་བདེ་བའི་ཐར་བ་ཅིས་མི་ཐོབས། །
(༦༡)མིང་ཟེར་ཉན་ནས་དོན་ཆེན་འགྲུབ། །འཕྲལ་དམ་ཆོས་ནུས་ན་ཡུན་ཏུ་བདེ། །ཅེས་གསུངས་པས། དེར་འཚོགས་པའི་ལྷ་འདྲེ་རྣམས་དད་པ་སྐྱེས་ཏེ། ཕྱག་དང་བསྐོར་བ་བྱས་ནས། རང་རང་གནས་སུ་དེངས་ནས་སོང་བ་ལ། དེ་རུང་འབབ་རོ་ཆེན་པོ་ཅིག་ལ་བལ་པོ་འགས་བསྐོར་བ་ཅིག་འགྲོར་མ་ཉན་ནས་རི་སྙིལ་བ་དང་། ཐོགས་འབེབས་ཅིས་བྱེད་པར་བྱུང་བས་ཡང་རྗེ་བཙུན་གྱིས་གཟིགས་པ་རྟོགས་ཚད་ལྟ་བའི་འགུར་འདི་གསུངས་སོ། །ཁྱོད་ད་རུང་ཉོན་དང་མི་མ་ཡིན། །མཁའ་ལས་རྒྱུ་བ་ཐོགས་པ་མེད། །བསམ་ངན་བག་ཆགས་རྒྱུད་ལ་འཇོག །ཉོན་མོངས་ཀྱི་འཚེ་བས་གཞན་ལ་སྡངས། །གཞན་སྡུག་གི་སྡིག་པས་རང་ཉིད་མནར། །རྒྱུ་འབྲས་ཀྱི་འབྲས་བུ་སྟོར་སོ་མེད། །རྣམས་སྨིན་ནུས་པས་ས་ན་སླེབས། །ཁྱོད་རང་གི་ཁྱོད་རང་མནར་སྟངས་བྱེད། །ཨ་ཙ་མ་ཡི་དྭགས་འཁྲུལ་བ་ལས། །ཡི་རེ་མུག་ལས་ངན་གྱིས་ནུས་པ་ལས། །འདི་འདྲ་རང་བསམ་ན་སྙིང་རླུང་ལྡངས། །ཁྱོད་སྔོན་ཡང་ལས་ངན་བསགས་བསགས་ནས། །ད་རུང་ལས་ངན་སོགས་སྙིང་འདོད། །གསོད་གཅོད་ཀྱི་སྡིག་པས་ཟིན་པ་ཡིན། །ཟས་སུ་ཤ་དང་ཁྲག་ལ་དགའ། །ལས་སུ་འགྲོ་བའི་སྲོག་གཅོད་པ། །རིགས་དྲུག་གི་ནང་ན་ཡི་དྭགས་ལུས། །སྡིག་སྡུག་སྤྱད་པས་ངན་འགྲོར་ལྡུང་། །ཨ་རེ་འཕངས་ལྷ་ཆོས་ལ་སྣང་བསྒྱུར། །དོག་རེ་མེད་བདེ་བ་མྱུར་དུ་འགྲོ། །ཅེས་གསུངས་པས། མི་མ་ཡིན་དེ་རྣམས་ན་རེ། །ཁྱེད་ཀྱི་ངེད་ཚོ་ལ་ཆོས་བཤད་མཁས་མཁས་ལ་ཚད་མི་གདའ། ཁྱེ་རང་ལ་ལྟ་བ་རྟོགས་པའི་གཏིང་ཅི་ཡོད་ཟེར་བ་ལ། དེའི་ལན་ཏུ་འགུར་འདི་གསུངས་སོ། །ང་དོན་དམ་རྟོགས་པའི་རྣལ་འབྱོར་པ། །གཞི་སྐྱེ་མེད་ངང་ལས་གཏིངས་བཅས་ནས། །ལམ་
(༦༢)འགགས་མེད་ཀྱི་རྩལ་དེ་རིམས་ཀྱི་རྟོགས། །ཐབས་སྙིང་རྗེ་ཆེན་པོས་བརྡའ་སྦྱོར་ནས། །དོན་ཆོས་ཉིད་ཀྱི་ཀློང་ནས་དབྱིངས་ཅིག་ལེན། །ཁྱོད་ལས་ཉོན་མོངས་སྒྲིབ་གཡོགས་འཐུགས་པ་ཡིས། །ངེས་དོན་གནས་ལུག་མི་གོ་སྟེ། །དྲང་དོན་གྱི་ཆོས་ཅིག་ད་རུང་བཤད། །སྔོན་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས། །བཀའ་དྲི་མ་མེད་པའི་མདོ་རྒྱུད་ལས། །ལས་རྒྱུ་འབྲས་ཀྱི་ཆོས་ལ་ནན་ཏན་གསུངས། །དེ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །དོན་མི་སླུ་བའི་བདེན་ཚིག་ཡིན། །རྗེ་བྱམས་པའི་གསུངས་ལ་ཁྱོད་ཀྱིས་ཉོན། །ད་ཉམས་རྒྱུད་ལ་སྦྱངས་པའི་རྣལ་འབྱོར་འདི། །ཕྱི་འཁྲུལ་སྣང་གི་བགེགས་ལ་ཕར་བལྟས་ཙ། །སེམས་བསྐྱེད་མེད་ཀྱི་ཆོ་འཕྲུལ་ཡིན་པར་གོ །རང་རིག་པའི་སེམས་ལ་ཚུར་བལྟས་པས། །གཞི་རྩལ་གྱི་སེམས་ཉིད་ཡེ་ནས་སྟོང་། །ང་བླ་མ་རྒྱུད་པའི་བྱིན་བརླབས་དང་། །རང་གཅིག་པུར་བསྒོམ་པའི་ཡོན་ཏན་གྱི། །རྗེ་ནོར་ཆེན་པོའི་རྒྱུད་པ་འཛིན། །དོན་མ་ནོར་རྒྱལ་བའི་དགོངས་པ་བསྒོམས། །ཐབས་ལམ་ཟབ་མོ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས། །བླ་མའི་གདམ་ངག་གིས་གནད་བཀྲོལ་ཏེ། །ལམ་བསྐྱེད་རྫོགས་བརྟན་པོར་བསྒོམས་བསྒོམས་ནས། །ནང་རྩ་གནས་རྟེན་འབྲེལ་ཤེས་པ་ཡིས། །ཕྱི་འཁྲུལ་སྣང་གི་བགེགས་ལ་ང་མི་འཇིགས། །ངེད་བྲམ་ཟེ་ཆེན་པོའི་རྒྱུད་པ་ལ། །རྗེ་ནམ་མཁའི་ལྟ་བུའི་རྣལ་འབྱོར་པ། །ཡིད་གཉུག་མས་དོན་ལ་སྦྱངས་སྦྱངས་པས། །འཁྲུལ་སྣང་གི་དྲན་པ་དབྱིངས་སུ་ཡལ། །གནོད་བྱ་དང་གནོད་བྱེད་ངས་མི་མཐོང་། །ཆོས་སྡེ་སྣོད་ཀྱི་གསུངས་རབ་ཞལ་ཕྱེ་ཡང་། །དོན་འདི་ལས་མེད་པས་བློ་ཐག་ཆོད། ཅེས་གསུངས་པས། ཁོང་རྣམས་དད་པར་གྱུར་ཏེ་ཕྱག་དང་སྐོར་བ་མང་དུ་བྱས་ནས། ངེད་རྣམས་ཀྱི་འཚོ་བས་བཤོས་རེ་འདྲེན་ཟེར་ནས། སོང་བ་
(༦༣)དང་ནམ་ལངས་ནས་བྱུང་ངོ་། །ཉི་ཤར་རི་རྩེ་ནས་པར་བྱོན་པ་ནས། བྲག་ཁ་ཅིག་ཏུ་དུམ་པ་ཅིག་གཟིགས་ནས་བཞུགས་ཙ། མདང་གི་དེ་རྣམས་ངོ་ཤེས་ལྷག་གི་ཚན་སུམ་བཅུ་རྩ་གཅིག་བྱས་ནས། འབྲས་དང་། ཉ་ཤ་དང་། ལ་ཕུག་དང་། བུར་ཤིང་དང་། གོ་ལ་དང་། ཚོད་མའི་བྱེ་བྲག་མང་པོ་དང་། ཆང་ལ་སོགས་པའི་བཟའ་བཏུང་ཞིམ་ལ་མང་བ་དྲང་བསམ་བྱེད། ཁོང་རང་རྣམས་ལ་ཡང་དགའ་བ་དང་སྤྲོ་སྤྲོ་མང་དུ་བྱས་ནས། ན་ར་ར་ནུ་རུ་རུ་ནུ་ནུ་དེངས་སོང་སྙམས་བྱེད་པ་ལ། རྗེ་བཙུན་ཡང་ཁམས་དངས་དེངས་ཀྱི་སོང་ནས་ཟླ་བ་གཅིག་གཉིས་ལ་དང་ཁ་མེར་ཆི་ལེ་འཚོ་བའི་སྣང་བ་མེད་པ་བྱུང་ངོ་། །དེ་ཐམས་ཅད་ལ་ཕྱི་ཆུ་བཟང་གི་སྐོར་རོ། །དེ་ནས་རྗེ་བཙུན་གྱི་ཐུགས་དགོངས་ཟ་རང་འཐུངས་འཐུངས་པས། འབུ་མང་པོ་འཆི་བར་འདུག་གསུངས་པས། སྙེ་ནམས་དུ་བསོད་སྙོམས་ལ་བྱོན་པས་ཡོན་བདག་གཤིན་རྡོར་མོ་དང་། སྟོན་པ་ཤག་དགུ་ལ་སོགས་པ་རྣམས་དང་སྟོན་མོ་བྱེད་པ་ཅིག་ཏུ་མཇལ་བས། རྗེ་བཙུན་ལ་ཆོས་གཏམ་དང་བླའོ་བྱེད་པར་ཞུ་ཞུས་པས་འགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་སེམས་ལ་ཞུགས། །སེམས་ཡང་ཡེངས་ལ་ཤོར་བ་སྡུག་བསྔལ་ཆེ། །ངས་བྱམས་དང་སྙིང་རྗེ་བསྒོམས་བསྒོམས་ནས། །བདག་གཞན་འཛིན་པ་དེ་བརྗེད་དོ་ཐལ། །བླ་མ་སྤྱི་བོར་བསྒོམས་བསྒོམས་ནས། །མི་ཆོས་ཀྱིས་མདུན་མ་བརྗེད་དེ་ཐལ། །ཡི་དམ་འབྲལ་མེད་བསྒོམས་བསྒོམས་ནས། །ཐ་མལ་གྱི་རྟོག་པ་བརྗེད་དེ་ཐལ། །སྙན་རྒྱུད་ཀྱི་གདམ་ངག་བསྒོམས་བསྒོམས་ནས། །ཡིག་རིས་ཀྱི་དཔེ་ཆ་བརྗེད་དེ་ཐལ། །ཐ་མལ་གྱི་ཤེས་པ་བསྐྱངས་བསྐྱངས་ནས། །
(༦༤)མ་རིག་གི་འཁྲུལ་བ་བརྗེད་དེ་ཐལ། །སྐུ་གསུམ་རང་ཆས་སུ་བསྒོམ་བསྒོམས་ནས། །རེ་དོག་གི་བསྒོམ་པ་བརྗེད་དེ་ཐལ། །ཚེ་འདི་ཕྱི་མཉམ་ཏུ་བསྒོམས་བསྒོམས་ནས། །སྐྱེ་འཆིའི་འཇིགས་པ་བརྗེད་ནས་ཐལ། །གཅིག་པུར་ཉམས་ལེན་བསྐྱངས་བསྐྱངས་ནས། །ཆོས་གྲོགས་ཀྱི་ངོ་བསྲུང་བརྗེད་ནས་ཐལ། །ཉམས་ལེན་རང་རྒྱུད་ལ་སྦྱར་སྦྱར་ནས། །ཆོས་གཏམ་དང་ཁ་འཛིན་ཡང་བརྗེད་ནས་ཐལ། །སྐྱེ་འགག་གནས་མེད་དུ་བསྒོམས་བསྒོམས་ནས། །ཁས་ལེན་གྱིས་ལྟ་བ་བརྗེད་ནས་ཐལ། །སྣང་བ་ཆོས་སྐུར་སེམས་སེམས་ནས། །དམིགས་བཅས་ཀྱི་བསྒོམ་པ་བརྗེད་ནས་ཐལ། །མ་བཅོས་ལྷུག་པར་བཞགས་བཞག་ནས། །ཚུལ་འཆོས་ཀྱི་སྤྱོད་པ་བརྗེད་ནས་ཐལ། །ལུས་ངག་དམན་ས་བཟུང་བཟུང་ནས། །མི་ཆེན་གྱི་རེ་བ་བརྗེད་ནས་ཐལ། །སྒྱུ་ལུས་ལ་དགོན་པ་བྱས་བྱས་ནས། །བདེ་འཚམས་གྱི་དགོན་པ་བརྗེད་ནས་ཐལ། །ཅེས་གསུངས་པས། ཡོན་བདག་རྣམས་ན་རེ། ཁྱེད་ལ་དེ་ལྟ་བུ་ཡོད་ཀྱང་ངེད་ཚོས་མི་གོ་བས། གོ་སླ་བའི་ཆོས་ཅིག་ཞུ་ཟེར་བས་ལན་དུ་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་ལུས་ལ་ཞུགས། །ལུས་སྙིང་རུས་བསྒོམ་དང་དོན་ཆེན་འགྲུབ། །ཁྱེད་གསོན་དང་ཡོན་བདག་དད་པ་ཅན། །དམ་ཆོས་ཐང་མར་བདལ་བ་ལ། །སྡིག་པ་བབ་ཆོལ་དུ་བྱེད་པ་ཤིན་ཏུ་གླེན། །དཀའ་ལས་སྣ་ཚོགས་ཡོད་པའི་མི་ལུས་འདི། །མི་ཚེ་ཡང་ཡེངས་ལ་སྐྱེལ་བ་ཤིན་ཏུ་གླེན། །གྲོང་ཁྱེར་གྱང་རལ་ཞིག་པོའི་དུར་ཁྲོད་དུ། །དུས་རྣམས་རྟག་ཏུ་སྡོད་པ་ཤིན་ཏུ་གླེན། །གཟའ་མི་ཚོང་དུས་ལྟ་བུའི་མགྲོན་པོ་ལ། །དགེ་ཤུབ་འཐབ་མོ་བྱེད་པ་ཤིན་ཏུ་གླེན། །ཚིགས་དྲག་སྙན་སྒྱུ་མའི་རང་སྟོད་ལ། །ཞེ་དྲན་གལ་ཏེ་འཛིན་པ་ཤིན་ཏུ་གླེན། །དགྲ་སྡང་མེ་དོག་གཞན་དུ་ཡལ་ནས་འགྲོ། །གླེན་པས་
(༦༥)རང་སྲོག་སྐྱེལ་བ་ཤིན་ཏུ་གླེན། །གཉེན་ཚན་སླུ་བྲིད་རྫུན་གྱི་ཟོལ་ཁང་ལ། །ཤི་བ་མྱ་ངན་བྱེད་པ་ཤིན་ཏུ་གླེན། །ནོར་ཟས་ཟིལ་བ་ལྟ་བུའི་གཡར་པོ་ལ། །སེར་སྣའི་མདུད་པས་བཅིངས་པ་ཤིན་ཏུ་གླེན། །ཕུང་པོ་མི་གཙང་རྫས་ཀྱི་རྐྱལ་བ་ལ། །བཟང་འདོད་བྱི་དོར་བྱེད་པ་ཤིན་ཏུ་གླེན། །གདམ་ངག་བདུད་རྩི་ལྟ་བུའི་ཟས་མཆོག་འདི། །ཟས་ནོར་ཚོང་དུ་འཚོང་བ་ཤིན་ཏུ་གླེན། །གླེན་པ་མང་དུ་འཚོགས་པ་ལ། །སྦྱངས་ནས་ལྷ་ཆོས་རང་མགོ་ཐོན། །ཅེས་གསུངས་པས། དེར་འཚོགས་པའི་ཡོན་བདག་ཕོ་མོ་རྣམས་ན་རེ། །ད་དེ་རྗེ་བཙུན་ངེད་རྣམས་ཀྱིས་བླ་མཆོད་བྱེད་དགོས། ཁྱེད་རི་ཁྲོད་ལ་བཞུགས་པ་དེད་ཚོས་གར་ཡོད་མི་ཤེས་པས། ངེད་རྣམས་ལ་མི་ཕན་པར་འདུག་ཞུས་པས། འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབ་དག་ལ་ཞུགས། །ངག་སྨྲས་ཚད་ཆོས་ཀྱི་བྱང་སེམས་སྒྲ། །རྗེ་བླ་མའི་དད་པ་སེམས་ལ་ཡོད། །འཕྲལ་མཉམ་དུ་འགྲོག་ནས་སྣང་བ་སུན། །མིག་འདྲིས་ཆེས་ན་གཤིས་ཀྱིས་བརྙེས། །འགྲོག་ཡུན་རིང་ནས་རེམ་ཁང་མང་། །གཤིས་ངན་འཐབ་མོས་དམ་ཚིག་བསྐྲུགས། །རོག་ངན་གྱི་དགེ་སྦྱོར་བཟང་པོར་སྤུར། །གཙོ་བདུན་གྱི་ཁ་གཟུས་ལས་ངན་སོགས། །ཡིན་མིན་ཁ་གཏོགས་དགྲ་བོས་འཁོར། །ཕྱོགས་ཆའི་གཡོ་སྒྱུ་སྡིག་པ་ཆེ། །དད་ཟས་ཁ་ལན་བསམ་ངན་འཁྲུག །གཤིན་ཟས་ཀྱི་རོ་རོམ་ཁྱག་འཐའ་མེད། །ཁྱོད་མུ་ནག་གི་བླ་མཆོད་ཤིན་ཏུ་ལོད། །འགྲོགས་ཡིན་བརྙེས་ན་ཡི་མུག་ལྡང་། །ཚངས་མང་གྱི་དཔོན་པོ་འཆི་ཀར་སྡུག །དེ་བས་རི་ཁྲོད་རྣལ་འབྱོར་པ། །གྲོང་ཡུལ་ཏུ་ལུས་པ་གྱོང་རེ་ཆེ། །ལ་ཕྱིའི་གང་ལ་བསྒོམ་ཏུ་འགྲོ། །ཁྱེད་དད་པ་ཡོད་ལེའི་ཚོགས་བསོགས་མཛོད། །འདིར་འཚོགས་ཀྱི་ཡོན་བདག་ཕོ་མོ་རྣམས། །བླ་མཆོད་བྱེད་ཟེར་
(༦༦)བག་ཆགས་བཟང་། །སྨོན་ལམ་གྱི་འབྲེལ་པས་ཡང་ཡང་མཇལ། །ཅེས་གསུངས་པས། ཡོན་བདག་གཤིན་རྡོར་མོ་གཟའ་ཚོ་དང་། སྟོན་པ་ཤག་འགུས་དབུ་མཛད་པའི་བན་སྐྱ་མང་པོས་ཅུག་བཤོལ་ཡང་མ་ཤོལ་བས། ཁོང་རྣམས་ཀྱི་སྤྱ་བྲེ་དོ། འབྲས་བྲེ་གང་། ཤ་གཟུགས་བྱེད་གཉིས། མར་ཤགས་པ་ཅིག་རྣམས་ཕུལ་ནས་རྗེ་བཙུན་ལ་ཕྱིའི་གང་ལ་བྱོན་ནས་སོང་སོ། །དེ་ཐམས་ཅད་གཤིན་རྡོར་མོའི་སྐོར་རོ། །དེ་ནས་གང་བཞི་པ་ཟས་གོས་འདུན་པ་བྲལ་བའི་ཡོན་ཏན་ནི། །ཡོན་བདག་གཤིན་རྡོར་མོ་ལ་སོགས་པའི་བན་སྐྱ་དྲུག་གི་བསྐྱལ་ནས། ཁོང་རྣམས་ཡང་རྗེ་བཙུན་གྱི་དགུན་བརྒྱགས་ཁྱེར་ནས་ལོ་སར་གྱི་ཚེས་གཅིག་ལ་འོང་བའི་ཆད་བྱས་པ་ལས། ཁོང་སང་འགྲོ་གནང་འགྲོ་བྱས་པ་ལ། ཁ་བ་ཉིན་མཚན་བཅོ་བརྒྱད་ལ་བབ་པས། ཟླ་བ་དྲུག་གི་བར་དུ་སྙེ་ནམས་ངང་ལ་ཕྱིའི་བར་འདྲུལ་ཆད་པས། ཡོན་བདག་རྣམས་ཀྱིས་རྗེ་བཙུན་གྲོངས་བར་ཐག་བཅད་ནས། ཆོ་ག་དང་བདུན་ཚིག་མཆོད་པ་ཚོགས་འཁོར་ལ་སོགས་པ་བྱས་སོ། །དེ་ནས་ཕྱིས་དབྱུ་གུའི་ཟླ་བར་སོང་བ་ལ་ཁོང་རྣམས་གོས་ན་རྗེ་བཙུན་གདུངས་ཨི་རྙེད་ལ། བན་སྐྱ་དྲུག་དེ་རུང་། ཁ་བ་ཚགས་ཚོགས་ལ་ཡོད་དེ་ཕྱག་ནས་བྱོན་པས། གང་ལ་མ་ཐོན་ནས། ཕྱིར་ལྡོག་དགོས་པར་འདུག་བྱས་པ་ཡིན་ཡོད་ཙ། ཕ་འོང་ཅིག་གི་སྟེང་དུ་གསལ་ཆེན་པོ་ཅིག་བྱུང་བས། གསའ་འདིའི་གདུང་ཟོས་ཡིན་བྱས་པས་འབུངས་ནས་གང་བཤག་ཙ། གསའ་རྗེས་ནི་མི་རྗེས་སུ་སོང་འདུག་པས། མི་མ་ཡིན་གྱི་ཆོ་འཕྲུལ་རེད་བྱས་ནས་ཕྱིར་ལྡོག་ཆེས་བྱས་ཙ། རྗེ་བཙུན་ནི་དབེན་གནས་དུག་གདུགས་
(༦༧)ཕུག་མོ་ཆེ་བྱ་བ་ན་དབྱངས་ལྷང་ལྷང་དྲག་པ། བོང་རྣམས་དགའ་བ་དྲག་པོས་མགྱོགས་པར་སོང་ཙ། རྗེ་བཙུན་གྱི་འཚོ་བ་གསོལ་མ་དགོངས་པར། དེ་གོང་གི་རྩམ་པ་ལ་ཟན་བདུན་བྱས་མར་གླན་ནས། འབྲས་ཚོད་ལ་ཤ་བཏབ་པ་དང་། མེ་ཅིག་ཡང་བུས་ནས་འདུག་པས། ཁོང་རྣམས་ཀྱིས་ལ་ལས་ཕྱག་ནས་འཐེན་འཐེན་བྱས། ལ་ལས་རྗེ་བཙུན་ལ་ཟེར། ལ་ལས་དུས་ཡིན་དགའ་ཆེས་དུས་བྲོ་བྱས། ལ་ལས་ཕྱག་མང་པོ་འཚལ་ལོ། །དེར་རྗེ་བཙུན་གྱི་ཁྱེད་ཚོ་ཡོངས་པའི་སྔོན་དུ་ང་ཡོངས་ལེ་ཨེ་མཐོང་གསུངས་པ། ད་ཅིའི་གསའ་ཅིག་འོངས་པ་མིན་པས་མ་མཐོང་ཞུས་པ། དང་ཡིན། ཕྱི་སྣང་བའི་སྤྲུལ་སྒྱུར་བསྟན་པ་ཙམ་ཡིན་གསུངས། ད་ཅིའི་དབྱངས་ཅིག་ལྷང་ངེ་བ་དེ་ད་རུང་གསུངས་དང་ཞུས་པས། དེའི་དུས་སུ་སྤྲུལ་གཉིས་རྐེད་པ་ལ་འཁྱུད་པ་དང་། ཕྱི་བ་གཉིས་རྐེད་པ་ལ་འཁྱུད་པ་དང་། སྦལ་བ་ར་ཙམ་ཅིག་ཕོ་འཁྱུད་དུ་བསྡམས་པ་ལ་སོགས་པ་མང་པོ་བྱུང་བས་དང་པོ་རེ་སྐྲགས་ཏེ། ཉམས་སུ་ཤེས་པས་བདེ་ཕྱམ་ཕྱམས་སོང་སྐད། ཉམས་རྟོག་པ་འཁྲུངས་ལུགས་ཀྱི་འགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་ལ་སྤྱི་པོས་གཏད། །བྱིན་བརླབས་ཀྱི་དངོས་གྲུབ་མཁའ་འགྲོས་བྱིན། །དམ་ཚིག་གི་བདུན་ཚིག་ཕན་པ་ཆེ། །དད་པས་མཆོད་པས་དབང་པོ་སོགས། །བུ་སློབ་ཀྱི་ཚོགས་བསོགས་བཟང་ནས་བྱུང་། །ལྟ་བའི་སེམས་ལས་སྟོང་ཉིད་ཤར། །ལྟ་རྒྱུའི་དངོས་པོ་རྡུལ་ཙམ་མེད། །ལྟ་བྱ་དང་ལྟ་བྱེད་ཀྱང་སྟོར་ནས་སོང་། །ལྟ་བའི་རྟོགས་ཚུལ་ཡང་བཟང་ནས་བྱུང་། །སྒོམ་པའི་ཉམས་ལ་འཆར་སྒོ་མང་། །སྒོམ་རྒྱུའི་ཐུན་འཚམས་གཟུང་དུ་མེད། །བསྒོམ་བྱ་བསྒོམ་བྱེད་སྟོར་ནས་སོང་། །སྒོམ་པའི་སྙིང་རུས་ཡང་
(༦༨)བཟང་ནས་བྱུང་། །སྤྱོད་པའི་འབྲས་བུ་སྟོང་ཉིད་ཀྱིས་དང་། །རྟེན་འབྲེལ་གྱིས་བརྟའ་ལས་བསམ་མི་ཁྱབ། །སྤྱོད་བྱ་སྤྱོད་བྱ་ཡང་སྟོང་ནས་སོང་། །སྤྱོད་པའི་ཚུལ་ཁྲིམས་ཡང་བཟང་པོར་བྱུང་། །དམ་ཚིགས་ཀྱི་ཁོང་གཟེར་ཡང་དམ་ནས་བྱུང་། །ངོས་རྐོགས་གི་ཆོས་བརྒྱག་སྒྲོག་ས་མེད། །བསྲུང་བྱ་དང་བསྲུང་བྱེད་སྟོར་ནས་སོང་། །བླ་མའི་མཉེས་ཚུལ་ཡང་བཟང་ནས་བྱུང་། །འབྲས་བུ་བྱང་སེམས་ལུས་ངག་རྒྱས། །ཕྱོགས་ཆའི་རྟོགས་བསྒྲུབ་དབྱིངས་སུ་ཡལ། །བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱང་སྟོར་ནས་སོང་། །བདག་གཞན་གྱི་དོན་ཆེན་ཡང་བཟང་པོར་འགྲུབ། །མི་རྒན་གྱི་ཀླུ་རྒན་གང་ལ་ལེན། །སྐྱིད་དགའི་ཉམས་དབྱངས་བྲག་ལ་ཕོག །བསྒྲུབ་པའི་སྐུ་འཚམས་ཁ་བས་བསྡམས། །འཚོ་བའི་ཞབས་ཏོག་ལྷ་འདྲེས་བྱས། །རྫ་བྲག་གི་འབབ་ཆུ་བཏུང་བའི་མཚོ། །སུས་བསྒྲུབ་མེད་པར་དཔལ་ལས་གྲུབ། །ལས་བྱེད་མི་མེད་པའི་སོ་ནམས་ཚོར། །འཕྲལ་སོ་།།།སོགས་འཇོག་མེད་པའི་པང་མཛོད་ཁེང་། །ལས་ངན་པ་ཟད་པས་རྒྱལ་ས་ཟིན། །བུ་སློབ་མ་ཡོན་བདག་འཁོར་བཅས་རྣམས། །དད་པས་ཞབས་ཏོག་བྱས་པ་ལ། །དྲིན་ལན་ཆོས་ཀྱི་མཇལ་པ་ཡིན། །ཐུགས་དགྱེས་པར་མཛོད་དང་བསོད་ནམས་ཆེ། །ཅེས་གསུངས་པས། ཡོན་བདག་རྣམས་དགའ་སྟེ། རྗེ་བཙུན་ལགས། །སྔར་བས་སྐུ་མདངས་ཆེར་སོང་ཟིན་པས། འཚོ་བ་ལྷ་འདྲེས་ཅུག་སྦྱར། །ངེད་ཚོས་མཆོད་པ་བདུན་ཚིག་བྱས་པ་ཅུག་ཕན་ཞུས་པས། ཕལ་ཆེར་ཏིང་ངེ་འཛིན་ལ་སོང་། རེས་འགའ་ཕྱེ་ཐུང་འགོ་རེ་ཡང་འགོམ། རེས་འགའ་རྒྱ་གར་ནས་མཁའ་འགྲོ་མའི་ཚོགས་དུམ་པ་རེ་ཡང་བསྐྱལ། སྟའི་ཟླ་བའི་ཉ་སྐོར་ནས་བཟུང་སྟེ། ཁྱེད་ཚོས་བཟའ་བྱིན་པའི་སྣང་བ་ཅིག་ལས་
(༦༩)གངས་ཀྱི་ར་བ་དེར། མི་རས་ཡང་དབེན་པ་བསྙག་ཏུ་བྱིན། །ཁོང་གནས་ས་གཉིས་པོ་གྲོས་བྱས་ནས། །འབྱུང་བ་ཆུ་ཀླུང་གཡོས་གཡོས་པས། །ལྷོ་སྤྲིན་སྨུག་པོ་མདུན་དམགས་བསྡུས། །ཉི་ཟླ་ཟུང་ཅིག་བཙོན་དུ་བཟུང་། །རྒྱུ་སྐར་ཉུ་ཤུ་བརྡུངས་ཡིན་བསྡུན། །ཁྲིམས་ཀྱི་གཟའ་བརྒྱད་ལྕགས་སུ་བཅུག །དགུ་ཚིགས་སྐྱ་མོ་གཏོང་ལ་མནན། །སྐར་ཆེན་ཡོངས་ལ་སྦུད་ཀྱིས་བཏབ། །སྦུད་སྐྱི་འདིངས་གཡོས་པའི་ཐ་མལ། །ཁ་བ་ཉིན་དགུ་མཚན་དགུ་བབ། །ཚ་ལ་ཉིན་མཚན་བཅོ་བརྒྱད་བབས། །ཆེ་སྟེ་ཆེ་བ་བལ་འདབས་ཙམ། །འདབ་ཆགས་ལྟ་བུར་ལྡིང་ཞིང་འབབ། །ཆུང་སྟེ་ཆུང་ལ་འཕང་ལོ་ཙམ། །བུང་བ་ལྟ་བུར་འཁོར་ཞིང་འབབ། །ཡང་ཆུང་སྲན་པ་འབྲེང་པོ་ཙམ། །ཁུ་འཕང་བཞིན་དུ་འདྲིལ་ཞིང་འབབ། །ལ་ཁ་ཆེ་ཆུང་ཚད་ལས་འདས། །མཐོ་གངས་ཀར་རྩེ་མོ་དགོངས་དང་མཉམ། །དམའ་རྩི་ཤིང་ནག་ཚལ་རྒྱ་ཤོད་མནན། །མཚོ་ཆུ་བརླབ་ཅན་ལ་དར་ཆགས་བཏབ། །རི་ནག་པོ་རྣམས་ལ་སྐུ་ཀར་གསོལ། །རྩང་ཆབ་སྔོན་མོ་སྦུབ་སུ་རུབ། །ས་མཐོན་དམན་མེད་པར་ཐང་དུ་མཉམ། །སྦབས་དེ་ལྟར་ཆེ་བའི་ངང་ཉིད་ལ། །སྤྱིར་མགོ་ནག་གི་མི་ལ་བཟང་བཙོན་བྱུང་། །རྐང་བཞིའི་ཕྱུག་ལ་མུ་གེ་བྱུང་། །སྒོས་རི་དྭགས་སྨན་མའི་འཚོ་བ་བཅད། །སྟེང་འདབས་ཆག་རྣམས་ལ་བརྒྱགས་ཆད་བྱུང་། །འོག་བྲ་བ་བྱི་བ་གཏེར་དུ་སྦས། །གཅན་ཟན་རྣམས་ལ་ཁ་ཆེངས་བྱུང་། །དེ་འདྲའི་སྐྱི་འདངས་ཀྱི་སྐལ་པ་ལ། །སྟེང་ནས་འབབ་པའི་ཁ་བ་དང་། །ལོ་སར་སྒང་གི་ལྷགས་པ་དང་། །རྣལ་འབྱོར་རས་པའི་རས་གོས་གསུམ། །གངས་དཀར་ལྟོངས་སུ་འཁྲུག་པ་ཤོར། །ཁ་བ་མེ་བརྒྱལ་ཆུ་རུ་ཞུ། །རླུང་འུར་འུར་ཆེ་ཡང་རང་ཞིར་ཐལ། །རས་གོས་མེ་ལྟར་འབར་བའི་བདའ། །དཔའ་ལ་དེར་
(༧༠)བརྟེན་ཏེ། ཏང་ཁ་མེར་ཅི་ལི་ལི་བྱུང་བས། ལྟོགས་པའི་སྣང་བ་མེད་པར་ཤེས་ཆེ་གསུངས་པས། དཔོན་སློབ་ཚེས་གྲངས་བརྩིས་པས། བདུན་ཚིག་བྱས་དུས་དང་གཉིས་འགྲིགས་ནས་བྱུང་པས། གཤིན་པོ་ལ་དགེ་བ་བྱས་ཕན་ཆེ་བར་འདུག་གསུངས་སོ། །དེ་ནས་ངས་ཡུལ་དུ་འབྱོན་པར་ཞུ་ཞུས་པས། ང་འདི་རང་སྐྱིད་ཁྱེ་རང་ཚོ་སོང་གསུངས་པས། དེ་ནས་ཡོང་བར་མེད། ཁས་ཉིན་ངེད་ཚོས་རྗེ་བཙུན་གྲོངས་སུ་བཅུག་ཟེར་ཡིན་ཡོད་པས། ད་རེས་ཁྱེད་མ་བྱོན་ནས་དེད་ཚོ་བསད་པ་དང་འདྲ་ཞུས་པས། ཡུལ་དུ་དཔོན་སློབ་རྣམས་བྱོན་པས་རྗེ་བཙུན་མ་གྲོངས་ཟིན་ཟེར་བའི་དབྱེར་ཆེན་པོ་བྱུང་པས། མི་མང་པོས་མཇལ་ཏུ་བྱུང་བས་མ་གྲོངས་པ་སྲིད་ཟིན་ཟེར་ཡིན་ཕྱག་འཚལ་བ་དང་བསྐོར་བ་ལ་སོགས་བྱས་ཤིང་སྙུངས་འདྲི་མང་པོ་བྱས་པས། མི་འདི་རྣམས་ང་ལ་དད་པ་ཅན་མིན་པ་དད་ཏུ་མ་ཉན། ལྷ་འདྲེ་རྣམས་སྔ་མོ་ནས་དང་། མི་དང་ལྷ་འདྲེ་གཉིས་ལ་ངད་ཡང་བ་དང་ཕྱི་གཞུང་རིང་བ་ལ་ལྷ་འདྲེ་དྲགས་པར་གདའ་གསུངས་པས། ཁོང་དེར་འཚོགས་པ་རྣམས་ལ་དད་པའི་གདབ་ལན། ཁ་བའི་འབབས་ཚུལ་གངས་འགུར་རེང་མོ་བྱ་བ་འདི་གསུངས་སོ། །དཔལ་དང་བཀྲ་ཤིས་ཁྲི་གདུགས་ལ། ཕྱག་འཚལ་གྱི་ཡོན་བདག་ཕོ་མོ་རྣམས། །འོ་སྐོལ་མ་ཤི་འཕྲད་པ་ཀློ་བ་དགའ། །ང་མི་རྒན་ཀླུའི་ཀོར་མཛོད་ཡིན། །སྙུང་འདྲི་རྨེད་ཀྱི་ལན་དུ་འགུར་ཅིག་ལེན། །སྙན་ས་ལྷན་ནེ་གསོན་ལ་ཐུགས་གཏད་འཚལ། །ཡོངས་སྟག་གི་ལོའི་ལོ་བཞུགས་དང་། །ཡོས་བུའི་ལོའི་ལོ་མགོ་དང་། །ཝ་རྒྱལ་ཟླ་བའི་ཉ་དྲུག་ལ། །འབྲོག་ལ་ཕྱི་
(༧༡)དོར་གྱི་འཁྲུག་པ་རྒྱལ་རྒྱལ་འདྲ། །གྱད་དཔེའ་བཞག་གི་ཤི་སྲོག་དེ་རུ་བསྣོལ། །མཚོན་རྩེ་རྒྱལ་གྱི་རལ་ཁ་དེ་རུ་སྤྱད། །སྤྱིར་སྒོམ་ཆེན་རྣམས་ལ་ཚད་འདོའ་བོར། །སྒོམ་གཏུམ་མོ་རས་ཀྱི་ཆེ་བ་བཏོན། །ནང་འདུ་བ་རྣམ་བཞི་སྲང་ལ་འཇལ་བ། །ཕྱིས་ནང་འཁྲུག་མེད་པར་གཏན་མཉམ་གྱིས། །རླུང་ཚ་གྲངས་གཉིས་ཀ་བཅུད་ལ་བོར། །ཕྱིས་ཅི་ཟེར་ཉན་པར་ཁ་ཡིས་བླངས། །སྐྱི་འདངས་ཁ་བའི་གདོང་སྲི་མནན། །ཕྱིས་གཡོ་འགུལ་མེད་པར་གཅིག་ལ་ཕབ། །སྲིད་པའི་དམག་དཔུང་ལས་ངན་ལས། །དུས་ད་རས་ཀྱིས་འཁྲུག་པ་རྣལ་འབྱོར་རྒྱལ། །ཕ་མྱེས་ཀྱི་ཚ་བོ་ལ་སྟགས་ལྤགས་ཅན། །སྔར་ཝ་ལྤགས་ཀྱོན་ནས་འབྲོས་མ་མྱོང་། །ཕ་ལ་བུ་སྐྱེས་གྱད་གྱི་བུ། །དགྲ་ལ་སྟ་ཟུར་འཆོར་མ་མྱོང་། །ང་གཅན་ཟན་གྱི་རྒྱལ་པོ་སེང་གེའི་རིགས། །གནས་གངས་ཁྲོད་མིན་པས་སྡོང་མ་མྱོངས། །ཤོ་ལར་ཡང་སྲ་མོ་བགྱིས་པ་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ལ། །ད་ཕྱི་ན་རྒྱུད་ཀྱིས་བསྟན་པ་དར་ཏེ་མཆིས། །གྲུབ་ཐོབ་འགའ་རེ་ཡང་བྱོན་ཏེ་མཆིས། །མིད་ལ་རྣལ་འབྱོར་རས་པ་ད། །རྒྱལ་ཁམས་ཡོངས་ལ་དྲག་ཏེ་མཆིས། །ཁྱོད་བུ་སློབ་རྣམས་ལ་དད་དེ་མཆིས། །ཕྱིའི་གཏམ་སྙན་པ་ཕྱི་ནས་ཟློས་ཏེ་མཆིས། །ང་རྣལ་འབྱོར་སྐུ་ཁམས་བཟང་བར་བྱུང་། །ཁྱེད་ཡོན་བདག་སྐུ་ཁམས་བདེ་ལགས་སམ། །ཅེས་སྙེ་ནམས་ཙར་མའི་བུ་སློབ་རྣམས་ལ་གསུངས་སོ། །དེ་ནས་ཡོན་བདག་རྣམས་ཀྱིས་གྲོང་ཡུལ་དུ་འབྱོན་པའི་ཞུ་བ་བྱས་པས། ང་ལ་ཕྱི་གངས་ལ་བསྒོམས་བསྒོམས་ནས། གྲོང་ཡུལ་དུ་བབ་པའི་དབང་པོ་འགྲིབས་གསུངས་པས། རིའི་འགུལ་ཅིག་ཏུ་བཞུགས་སུ་བཅུག་ནས། ཡོན་བདག་གཤིན་རྡོར་མོས་འགོ་བྱས་པ་རྣམས་
(༧༢)ཀྱིས། །རྗེ་བཙུན་མ་གྲོངས་པའི་ཕྱེ་མར་ལ་ཆང་དང་སྟོན་མོ་ཚོགས་མང་དུ་བྱས་པའི་ཚོགས་གྲལ་དུ་རྗེ་བཙུན་ལགས། ཐུགས་ལ་འཁྲུངས་པའི་ཉམས་དབྱངས་ཅིག་གསུང་བར་ཞུ་ཞུས་པས་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་སེམས་ལ་ཞུགས། །གནས་མི་མེད་ཀྱི་འགྲིམས་པས་རྟོགས་པ་ཤར། །དགོངས་དོ་ནུབ་བཀྲ་ཤིས་ཀྱི་བཞུགས་གནས་འདིར། །ཁྱེད་སྟོན་པ་ཤག་དགུས་དབུ་མཛད་པས། །གདན་གང་འཛོམ་པའི་བུ་སློབས་རྣམས། །སྨོན་ལམ་དག་པའི་འཚམས་སྦྱར་ནས། །ཡོན་བདག་རྡོར་མོ་གཟའ་ཚོ་དང་། །དམ་ཚིགས་ཆོས་ཀྱི་འབྲེལ་བ་རྣམས། །ཁྱེད་བུ་སློབ་རྣམས་ཀྱིས་ཞུ་ཕུལ་བས། །བྱོན་སྐྱེམ་ཆོས་ཅིག་གནང་འཚལ་སྐད། །དོན་དེ་ལ་མཆིང་འཚལ་འདི་སྐད་ལོངས། །ང་འཁོར་བའི་ཆོས་ལ་ཡིད་བྱུང་བས། །སྐྱོ་ནས་ལ་ཕྱིའི་གངས་ལ་ཕྱིན། །དབེན་གནས་དཔལ་གྱི་དུག་གདུགས་ཕུག །ཟླ་དྲུག་བསྒོམ་པའི་ཉམས་ལ་ཤར། །གནད་ཀྱི་མདོ་དྲུག་འདི་ལྟར་གདའ། །ཕྱིའི་ཡུལ་དྲུག་དཔེར་བཞག་ནས། །ནང་གི་སྐྱོན་དྲུག་གཏན་ལ་འབེབ། །མི་ཐར་འཆི་བའི་སྒྲོག་དྲུག་ལ། །ཐབས་ཀྱིས་གྲོལ་བའི་ལམ་དྲུག་མཐོང་། །གློང་དྲུག་སྟེང་དུ་གྱུར་བ་ལ། །ཉམས་ལ་བདེ་བ་རྣམས་དྲུག་ཤར། །ཀླུ་དེ་རྗེས་སྐྱར་མ་བླངས་ན། །དོན་དེ་དེ་ཐུགས་སུ་མི་འབྱོན་པས། །ཚིགས་བདའི་ཡིས་འཁྲོལ་བ་འདི་སྐད་ཉོན། །ཡོངས་འཐོག་རྡུགས་ཡོད་ན་ནམ་མཁའ་མིན། །གྲངས་ཀྱིས་སླེབས་ནས་སྐར་འཕྲན་མིན། །གཡོ་འགུལ་ཡོད་ན་རི་བོ་མིན། །ཕྲིན་བསྣན་ཡོད་ན་རྒྱ་མཚོ་མ་ནི། །ཟམ་པས་སླེབ་ན་ཆུ་བོ་མིན། །བཟུང་དུ་ཡོད་ན་འཇའ་ཚོན་མིན། །དེ་ནི་ཕྱིའི་དཔེ་དྲུག་ཡིན། །
(༧༣)ཡོངས་གཟའ་གཏད་ཡོད་ནས་ལྟ་བ་མིན། །བྱིང་རྒོད་ཡོད་ན་བསྒོམ་པ་མིན། །བླང་དོར་ཡོད་ན་སྤྱོད་པ་མིན། །རྣམས་རྟོགས་ཡོད་ན་རྣལ་འབྱོར་མིན། །ཤར་ནུབ་ཡོད་ན་ཡེ་ཤེས་མིན། །སྐྱེ་འཆི་ཡོད་ན་སངས་རྒྱས་མིན། །དེ་ནི་རྣལ་འབྱོར་སྐྱོན་དྲུག་ཡིན། །ཞེ་སྡང་ཆེ་ན་དམྱལ་བའི་སྒྲོགས། །སེར་སྣ་ཆེ་ན་ཡི་དྭགས་སྒྲོགས། །གཏི་མུག་ཆེ་ན་བྱོལ་སོང་སྒྲོགས། །འདོད་ཆགས་ཆེ་ན་མི་ཡི་སྒྲོགས། །འཕྲག་ཏོགས་ཆེ་ན་ལྷ་མིན་སྒྲོགས། །ང་རྒྱལ་ཆེ་ན་ལྷ་ཡི་སྒྲོགས། །དེ་མི་ཐར་འཆིང་བའི་སྒྲོགས་དྲུག་ལགས། །ཡོངས་དད་པ་ཆེ་ན་ཐར་བའི་ལམ། །མཁས་བཙུན་བསྟེན་ན་ཐར་བའི་ལམ། །དམ་ཚིག་གཙང་མ་ཐར་བའི་ལམ། །རི་ཁྲོད་འགྲིམ་ན་ཐར་བའི་ལམ། །གཅིག་པུར་སྡོད་ན་ཐར་བའི་ལམ། །སྒྲུབ་པ་བྱེད་ན་ཐར་བའི་ལམ། །དེ་ཐབས་ཀྱི་སྒྲོལ་བའི་ལམ་དྲུག་ལགས། །ཡོང་ལྷན་ཅིག་སྐྱེས་པ་གཉུག་མའི་གློང་། །ཕྱི་ནང་མེད་པར་རིག་པའི་གློང་། །གསལ་འགྲིབ་མེད་པ་ཡེ་ཤེས་གློང་། །བདལ་བ་ཆེན་པོ་ཆོས་ཀྱི་གློང་། །འཕོ་འགྱུར་མེད་པ་ཐིག་ལེ་གློང་། །རྒྱུན་འཆད་མེད་པ་ཉམས་ཀྱི་གློང་། །དེ་དག་གདངས་ཆེན་གློང་དྲུག་ལགས། །ཡོང་ལུས་ལ་གཏུམ་མོ་འབར་བའི་བདེ། །རླུང་རོ་རྐྱང་འདུ་དིར་འདུས་པས་བདེ། །སྟེང་བྱང་ཆུབ་སེམས་ཀྱི་རྒྱུན་འབབ་བདེ། །སྨད་དངས་མའི་ཐིག་ལེས་ཁྱབ་པ་བདེ། །པར་དཀར་དམར་ཐུགས་རྩེ་བས་བདེ། །ལུས་ཟག་མེད་བདེ་བས་ཚིམ་པས་བདེ། །དེ་རྣལ་འབྱོར་ཉམས་ཀྱི་བདེ་དྲུག་ལགས། །ང་གནད་ཀྱི་མོད་དྲུག་ཉམས་ཀྱི་དབྱིངས། །ཟླ་དྲུག་བསྒོམས་པའི་ཉམས་དབྱངས་འདི། །ཁྱེད་བུ་སློབ་འཚོགས་པའི་དགའ་སྟོན་མཛོད། །ལར་མི་དགའ་བ་རྣམས་འཚོགས་པ་ད་རེས་ཙམ། །ཆང་བདུད་རྩིར་འཐུངས་པ་ལ་ཉེ་བ་བཟང་། །ང་མི་རྒན་ཀླུ་རྒན་
(༧༤)ལེན་པ་དེ། །ཁྱེད་བུ་སློབ་རྣམས་ཀྱི་ངོས་མ་ཆོག །ཐུགས་དགྱེས་པར་བཀྲ་ཤིས་ཆོས་ལ་འབུངས། །ལམ་དགྱེས་པའི་སྨོན་ལམ་འགྲུབ་པར་ཤོག །ཅེས་གསུངས་པས། དེར་འཚོགས་པའི་བུ་སློབ་ཡོན་བདག་རྣམས་དད་པར་གྱུར་ཅིང་། འབུལ་བ་མང་པོ་བྱེད་ཟེར་བ་མ་བཞེད་དེ། སྙེ་ནམས་ཀྱི་རི་ཅིག་ལ་བྱོན་ནས་བཞུགས་སོ། །དེ་ཐམས་ཅད་གངས་འགུར་གྱི་སྐོར་རོ། །དེ་ནས་ལྔ་པ་ཉམས་མྱོང་བདེ་བར་ཤར་བའི་ཡོན་ཏན་ནི། །སྙེ་ནམས་ཀྱི་བྲག་ལ་བཞུགས་པ། རྐྱེན་བཟང་ངན་ཐམས་ཅད་བདེ་བར་ལམ་ལམ་ཤར་ནས་བུང་བས། །ཆོམས་ཞུ་མི་མང་པོ་ཡོངས་པའི་ཟླ་བ་ལ་བུ་ཆུང་ཁ་སེར་བྱ་བ་ཅིག་ཡོངས་པས། རྗེ་བཙུན་གྱི་འགུར་གསུངས་པ་ལ་ཡེངས་ནས་ལངས་མ་རུངས། ལུས་པ་མེད་སྒོམས་གཏད་མེད་ལ་སྐྱེས་ཏེ། དབྱངས་ལ་ཆགས་ནས་ཞག་ཏུ་ལུས་པས། མི་རྣམས་ཀྱིས་རྗེ་བཙུན་ལ་འབུལ་བ་ལ་ཁྲིད་གསུངས་ནས། །བསྒོམ་དུ་བཅུག་པས་ཉམས་བཟང་པོ་སྐྱེས་པ་དང་བླ་མ་མཉེས་ནས་འགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲངས་ཉམས་ལེན་བདེ་བར་བྱིན་གྱིས་རློབས། །ཁྱེད་གསར་བའི་ཁྲིད་ཕྲུག་ང་ལ་ཉོན། ལས་དགེ་སྡིག་གཡོ་སྒྱུའི་རང་བཞིན་གྲོང་ཁྱེར་ན། །བུ་སྐལ་བ་མ་ལ་ལྷ་ཆོས་དྲན། །ལམ་ལོག་པར་མ་སོང་ང་དང་འཕྲད། །ཚོགས་ཡང་ཡང་བསགས་པས་སྒོམ་བསྒྲུབ་བྱེད། །བྱིན་རླབས་ཀྱི་ན་འུན་ཉམས་རྟོགས་སྐྱེས། །སྐྱེས་པའི་མི་ཕན་འགོ་ཐོན་དགོས། །མགོ་འདོན་པའི་མན་ངག་འདི་རྣམས་ཟུང་། །དབེན་གནས་ཀྱི་རི་ཁྲོད་འཛིན་དུས་སུ། །གྲོང་ཡུལ་དུ་ལྟད་མོ་མ་དྲན་ཅིག །དྲན་ནས་རང་སེམས་བདུད་ཀྱིས་དབྱིངས། །སྒོམ་
(༧༥)སྙིང་རུས་ཀྱི་གནད་ནས་འདོན་དུས་སུ། །སྡུག་བསྲན་གྱིས་ལ་རང་འགོ་ཐོན། །ཟབ་མོའི་སྒོམ་ཁྲིད་ཞུ་དུས་སུ། །སློབ་གཉེར་གྱི་ཤེས་འདོད་མ་ཆེ་ཅིག །ཆེས་ན་གྲོགས་པོའི་ཆོས་སྤྱོད་འཆོར། །དྲན་ནས་མི་ཚེ་སྟོང་ཟད་ཡོངས། །གཉོམ་ཆུང་གྱིས་ལ་རང་མགོ་ཐོན། །ཉམས་རྟོགས་ཉག་ཉུག་སྐྱེས་དུས་སུ། །བརྗོད་འདོད་ཀྱི་རང་རྩིས་མ་ཆེ་ཅིག །བརྗོད་ན་མ་དང་མཁའ་འགྲོ་འཁྲུག །ཡེངས་མེད་དུ་བསྒོམ་ཡིན་རང་འགོ་ཐོན། །བླ་མ་དང་མཉམ་དུ་འགྲོགས་དུས་སུ། །བཟང་ངན་གྱི་སྐྱོན་ཡོད་མ་རྟོགས་ཅིག །བརྟགས་ནས་སྐྱོན་གྱི་ཕུང་པོར་མཐོང་། །དག་སྣང་གྱིས་ཡིན་རང་མགོ་ཐོན། །མཆེད་གྲོགས་དང་དབང་གྲལ་མཐུན་དུས་སུ། །གྲལ་མགོ་དང་ཁ་རྒན་མ་འདོད་ཅིག །འདོད་ན་ཆགས་སྡང་གི་དམ་ཚིག་འཁྲུགས། །མཐུན་པོ་གྱིས་ཡིན་རང་འགོ་ཐོན། །གྲོང་ཡུལ་དུ་སྡོམ་བུ་བྱེད་དུས་སུ། །ཟོལ་ཟོག་གི་མི་མགོ་མ་སྐོར་ཅིག །བསྐོར་ནས་རང་ཉིད་ངན་འགྲོར་འགྲོ། །ལས་དྲང་པོ་གྱིས་ཁ་རང་མགོ་ཐོན། །ལར་དུས་དང་རྣམ་པ་ཐམས་ཅད་དུ། །རང་རྩིས་དང་རང་འདོད་མ་ཆེ་ཅིག །ཆེས་ན་ཆོས་གཟུགས་ཀྱིས་དྲང་བར་འགྲོ། །རྫུན་ཟོལ་སོགས་སྤོང་ལ་རང་འགོ་ཐོན། །རང་འགོ་འདོན་པའི་སྐྱེས་བུ་ལ། །རང་དྲིན་ཆེ་བའི་གདམ་ངག་སྟེར། །རང་གཞན་དོན་དུ་ད་རུང་སྟེར། །བྱིན་པ་སྙིང་གི་དཀྱིལ་ཏུ་ཟུང་། ཅེས་གསུངས་པས། བུ་ཆུང་དེ་ལ་རས་ཆུང་བ་བྱ་བའི་སློབ་མ་ཅིག་བྱུང་བས། དཔོན་སློབ་གཉིས་འགྲོགས་ནས་རི་ཁྲོད་འགོལ་བ་ཅིག་ཏུ་འགྲོ་གསུངས་སོ། །རས་ཆུང་བས་བླ་མ་ལགས། ད་རུང་འདི་རང་དུ་བཞུགས་པས་ཨེ་མི་སྐྱིད་ཞུས་པས། བླ་མས་ཁོས་ཞེན་པ་ཟློག་པའི་ཕྱིར་དུ་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་རི་ཁྲོད་འགྲིམས། །
(༧༦)རིན་འུན་ཅན་སྤྲང་པོའི་གདན་ཡུལ་སྐྱིད། །རང་གཅིག་པུའི་ལུས་ལ་ལྷ་ཚོགས་འཁོར། །ལྷ་དྲིན་ཅན་རྣམས་འཁོར་བའི་ངང་གི་སྐྱིད། །མ་མཁའ་འགྲོ་མི་མེད་ལུང་པར་འབྱོན། །མཁའ་འགྲོའི་བརྡའ་སྐད་ཞེ་ལ་སྐྱིད། །སྒོམ་བཟང་པོ་བར་ཆད་མེད་པ་སྐྱིད། །ཉམས་རྣམས་ཤར་བས་སེམས་ལ་སྐྱིད། །གྲོགས་བཟང་པོ་བསོད་ནམས་བསགས་ལ་འཁོར། །སྒོམས་སྙིང་རུས་ཅན་རྣམས་ཤུགས་ཀྱིས་སྐྱིད། །ཟས་བཟང་པོ་གོར་མེད་ཀྱི་རང་འཚོ་ཞིམ། །ནང་ཏིང་འཛིན་ཟས་མཆོག་ཟོས་ཡིན་སྐྱིད། །སྒོམ་བཟང་པོ་དྲན་ཤེས་གཉེན་པོ་མང་། །འཕྲལ་ཡེངས་མེད་བཏུང་བ་འཐུང་ཡིན་ཚིམ། །སྒོམ་རང་མགོ་ཐོན་པའི་སྒོམ་ཆེན་ལ། །གནས་གང་དུ་བཅད་ཡང་ཤིན་དུ་སྐྱིད། །བུ་རས་ཆུང་ཞེས་འཁྲིས་སྐྱིད་འདོད་ཆོད། །ལས་མི་རྟག་པས་ནི་ལོངས་མེད་གོ་ཆ་གོན། །གནས་མི་མེད་ཀྱི་ལུང་དུ་སྒོམ་དུ་འགྲོ། །ཅེས་གསུངས་པས། རས་ཆུང་བས་བླ་མ་ལགས། རི་ཁྲོད་དུ་བསྒོམ་ཏུ་འགྲོ་བ་ལ་བརྒྱག་ཆུང་ན་རེ་མེད་པས་སྙེ་ནམས་ཚོང་དུས་སུ་ཚོང་བ་མང་པོ་ཡོད་པས་བསོད་སྙོམས་བྱེད་ནས་གང་གསུངས་པའི་གནས་ལ་འགྲོ་ཞུས་པས། དཔོན་སློབ་གཉིས་བསོད་སྙོམས་ལ་བྱོན་ཙ། ཕར་ལ་ཉེ་བ་དང་ཚོང་བས་སེམས་ཅན་མང་པོ་བསད་པའི་དམར་ཚོང་བ་ཅིག་རེད་པས་ཤ་མང་པོ་བརྩེགས་ཁྲག་མང་པོ་པག་པའི་ནང་དུ་བསྐྱིལ། མགོ་མང་པོ་བརྩེགས་པའི་རྩ་བར། ཡོངས་སུ་སྤུང་བྱས་ནས་ཡོད་འདུག་པ་རྣམས་རྗེ་བཙུན་གྱིས་གཟིགས་པས། ཕྱི་ནུར་བྱས་ཏེ། རས་ཆུང་བ་མ་འགྲོ་མ་འགྲོ། ང་འཇིགས་ང་འཇིགས། མི་རེའི་ཁ་གསོ་བ་ལ་སེམས་ཅན་ཕ་གི་ཙམ་བསད་འདུག །སྡིག་པ་རྔམ་པོ་ཆེ་བྱེད་
(༧༧)པའི་རྩར་འགྲོ་མི་དགོས་རླུང་ཁ་ནས་ཡང་འགྲོ་མི་རུང་། མི་འཆི་བ་མ་དྲན་པ་དང་འཕྲད་ཙ། སྐྱབས་འགྲོ་རང་དབང་མེད་པར་འཁྲུག་ལེ་ཡིན། གསུངས་ནས་འགུར་འདི་གསུངས་སོ། །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ཐར་བའི་ལམ་ལ་ཡར་ལྟོས་ཙ། །ཨ་ཙ་མ་སྡིག་ཅན་སྙིང་རེ་རྗེ། །ལས་རེ་རྨོངས་མི་ཡིས་ལོད་པ་ལ། །ཞེ་རེ་འཕང་སེམས་ཅན་གསོད་ལུག་ལ། །གྱོང་རེ་ཆེ་རང་ནོར་གྱི་མགོ་བོ་ལ། །ཅུག་རེ་སོང་ཤའི་བརྩེགས་ལུགས་ལ། །ཅི་རེ་བྱེད་ཁྲག་གི་མང་ལུགས་ལ། །ཅི་ཙམ་རྟོགས་ཤའི་ཟ་ལུགས་ལ། །ཅི་ཙམ་བསྒྲིབས་རྨོངས་པའི་གཏི་མུག་ལ། །ཅི་རེ་བྱུང་ཞེ་སྡང་གི་སོ་ནམས་ལ། །སུ་ཡིས་བརྩེར་འདོད་པའི་གདུང་ལུགས་ལ། །གང་གིས་དྲན་ཡུལ་ལུགས་ཀྱི་ངན་པ་ལས། །ཅུག་རེ་བྱེད་སྐྱེ་བོ་ཕོངས་པ་ལ། །གང་དུ་འགྲོ་ཡི་མུག་གི་ཆེ་ལུགས་ལ། །ཅུག་གེ་སོད་ཨང་ཕ་གི་ཚོའི་བྲེལ་བ་ལ། །ཕ་གི་ཚོ་མཐོང་ཡིན་འཇིགས་པ་ལ། །སྡིག་སྤྱོད་རྣམས་དྲན་ཡིན་སྣང་བ་འཁྲུགས། །རས་ཆུང་བ་ལྷ་ཆོས་ཨི་དྲན་ཨང་། །དྲན་ནས་སྐྱོ་ཤེས་ཀྱི་སྙིང་རླུང་སྐྱེ། །སྒོམས་ནས་རི་ཁྲོད་ཀྱི་གནས་སུ་གཤེགས། །བསམ་ན་བླ་མའི་བཀའ་དྲིན་སོམ། །འབྲོས་ན་སྡིག་ཅན་གྱི་རྩ་ནས་བྲོས། །གཏོང་ན་འཇིག་རྟེན་གྱི་བྱ་བ་ཐོང་། །འཛིན་ན་བསྒྲུབ་པའི་དམ་བཅའ་ཟུང་། །ཤེས་ན་མི་ཚེ་ཆོས་ལ་སྐྱོལ། །ཅེས་གསུངས་པས། རས་ཆུང་བ་ཡང་བ་སྤུ་བརྩེ་ཟིང་ངེ་བ་ཅིག་བྱུང་། རྗེ་བཙུན་ལ་ཡང་སྤྱན་ཆབ་མ་པོ་བྱུང་ངོ་། །ད་རས་ཆུང་བས་ད་གང་དུ་འགྲོ་ཞུས་པས། ད་རི་ཁྲོད་དུ་བསྒོམ་དུ་འགྲོ་གསུངས་པས། སྒོམ་གཤེགས་མི་རྟག་པའི་འགུར་འདི་གསུངས་སོ། །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ལས་ངན་བསྒྲིབ་པ་མུན་པའི་གནས། །རྟ་རྣམས་རྟོགས་གི་རྐུན་མ་
(༧༨)མང་ལ་རྒོད། །སེམས་ཉིད་ཀྱི་ནོར་བུ་འཆོར་ལ་ཆེ། །ཡེངས་མེད་ཀྱི་མེ་རྩེ་བྱེད་རེ་རན། །མི་ཕ་གི་ཚོ་འཆི་བ་ཡོངས་བསམ་མེད། །དེ་རག་རས་ཆུང་གཉིས་བསྡེབས་སྒོམས་ལ་གཤེགས། །འཁོར་བའི་རྒྱུད་ལ་ལམ་འཕྲང་རིང་། །དུག་ལྔས་འཇིག་པས་འཚུབ་མ་རྒོད། །བུ་རིག་པས་ཁྱེའུ་ཆུང་འཛིན་ལས་ཆེ། །ཡེ་ཤེས་ཀྱི་སྐྱེལ་མ་ཅིག་བཙལ་རེ་རན། །མི་ཕ་གི་ཚོ་ལ་འཆི་བ་ཡོངས་བསམ་མེད། །དེ་རག་རས་ཆུང་གཉིས་བསྡེབས་སྒོམ་ལ་གཤེགས། །སྐྱོན་ཀྱི་རི་བོ་དཔང་རེ་མཐོ། །ཉོན་མོངས་ཀྱི་རྔོན་པ་ཁྱི་རེ་བཟང་། །ཏིང་འཛིན་གྱིས་རི་དག་གསོད་ལ་ཆེ། །ཡང་དག་གི་མཐའ་ལ་འབྲོས་རེ་རན། །མི་ཕ་གི་ཚོ་ལ་འཆི་བ་ཡོངས་བསམ་མེད། །དེ་རག་རས་ཆུང་གཉིས་བསྡེབ་སྒོམ་ལ་གཤེགས། །སྒྱུ་མ་ལུས་ཀྱི་ཁང་རུལ་ལ། །ཞག་དང་ཟ་མའི་ཆར་བ་བབ། །ལོ་དང་ཟླ་བའི་ཐིགས་པ་བྱུང་། །སྒྱུ་མ་ལུས་ཀྱི་ཁང་རྒན་འགྱེལ་ལ་ཆེ། །དེ་འཆི་བྲོད་ཀྱི་ཐིག་ཆགས་བྱེད་རེ་རན། །མི་ཕ་གི་ཚོ་འཆི་བ་ཡོངས་བསམ་མེད། །དེ་རག་རས་ཆུང་གཉིས་བསྡེབས་སྒོམ་ལ་གཤེགས། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རིགས་པའི་ཁྱེའུ་ཆུང་རྐྱལ་རེ་རན། །གཡོ་འཁྲུག་གི་རྦབ་ལ་གཡེང་ལས་ཆེ། །ང་གཉིས་མེད་ཀྱི་གློང་དུ་འབྲོས་རེ་རན། །མི་ཕ་གི་ཚོ་འཆི་བ་ཡོངས་བསམ་མེད། །དེ་དག་རས་ཆུང་གཉིས་བསྡེབ་སྒོམ་ལ་གཤེགས། །འཁྲིག་ཆགས་བདེ་བའི་ནེལ་ཐང་ལ། །ཁྱིམ་ཐབས་དུག་གི་འདམ་རྫབ་རྒྱས། །སེམས་ཉིད་གླང་པོ་ཆུད་ནས་ཟིན། །ཐར་བའི་ལམ་ལ་སྙག་རེ་རན། །མི་ཕ་གི་ཚོ་ལ་འཆི་བ་ཡོངས་བསམ་མེད། །དེ་དག་རས་ཆུང་གཉིས་བསྡེབས་སྒོམ་ལ་གཤེགས། །ཐེག་དམན་ལ་ལྟ་སྒོམ་གྱི་གཡང་ས་ཆེ། །བློ་དམན་གྱི་བྱིས་པ་བྱ་བྱེད་མང་། །རིགས་དྲུག་གི་གཡང་ལ་ལྷུང་ལས་
(༧༩)ཆེ། །ཆོས་ཐེག་ཆེན་གྱི་བརྩན་ས་འཛིན་རེ་རན། །མི་ཕ་གི་ཚོ་ལ་འཆི་བ་ཡོངས་བསམ་མེད། །དེ་རག་རས་ཆུང་གཉིས་བསྡེབས་སྒོམས་ལ་གཤེགས། །ཅེས་གསུངས་ནས། ལྷོ་མོན་གྱི་རི་ཁྲོད་ཅིག་ལ་དཔོན་སློབ་གཉིས་བྱོན་ནོ། །དེ་ཐམས་ཅད་རས་ཆུང་རས་ཆུང་ཞལ་མཇལ་གྱི་སྐོར་རོ། །དེ་ནས་དྲུག་པ་རྟོག་པ་ལམ་ལམ་ཤར་བའི་ཡོན་ཏན་ནི། །སྣེ་ནམས་བསོད་ནམས་ཆེན་པོ་སྐྱེས་པས། གར་སྣང་རྟོགས་པར་འཁྱེར་མ་ཤེས་ན་རེ་མེད་གསུངས་པས། མིས་མི་རྙེད་པས་འཚོ་བ་དཀོན་སར་སྡོད་ཉམས་མི་སྤྲོ་བའི་ཤིང་ཕུག་ཅིག་ཏུ་བཞུགས་པས། རས་ཆུང་བས་འདི་འདྲ་ན་མི་ཟུག་པར་འདུག །ཆུ་ཡང་ལེན་པར་དཀའ་བར་འདུག་པས། མཐུན་རྐྱེན་དུམ་པ་ཅིག་ཡོད་པའི་གང་ལ་ཡང་མི་འགལ་བའི་ས་ཅིག་ཏུ་བྱོན་ནས་བཞུགས་དགོས་ཞུས་པས། རས་ཆུང་བ་ཁབ་རྩེ་གཉིས་ཀྱི་བཟོ་མི་ཡོང་། སེམས་རྩེ་གཉིས་ཀྱི་དོན་མི་འགྲུབ། །ཚེ་འདི་ཨེ་སྐྱིད་ལ་ཆོས་པའི་མིང་མེད་གསུངས་ནས་འགུར་འདི་གསུངས་སོ། །རྗེ་བླ་མའི་རྣམས་ཐར་སེམས་ལ་བཅགས། །གསུངས་ཞལ་ལྷ་བདུད་རྩི་བརྗེད་རྒྱུ་མེད། །ཆོས་ལོངས་ཡོད་ལ་བཞག་ན་སྐལ་པ་འཆད། །ཆོས་རང་རྒྱུད་ལ་བསྲེ་ན་འབུངས་ལ་སྒོམས། །ཚེ་འདི་ལ་ཆག་ན་ཕྱི་མར་སྡུག །འཕྲལ་སྐྱིད་ལ་དགའ་ན་བར་ཆོད་ཆེ། །ཆོས་ལོང་ཡོད་ལ་བསམ་ན་གླེན་པ་ཡིན། །རང་འཆི་བ་ལ་འཇིགས་ན་འབུངས་ལ་སྒོམས། །ལས་སྡིག་པ་སྤྱད་ན་ངན་འགྲོར་ལྟུང་། །སེམས་གཡོ་ཟོལ་འདུག་ནས་རང་ཉིད་བརླག །རང་བསམ་ངན་སྐྱེས་ནས་བསོད་ནམས་འཛད། །ལས་རྣམས་སྨིན་སྦྱོངས་ནས་འབུངས་ལ་སྒོམས། །གོས་བཟང་
(༨༠)པོ་གོན་འདོད་སྣང་བ་འཁྲུལ། །ཟས་བཟང་པོ་ཟ་འདོད་སྡིག་སྤྱོད། རེམ། །གཏམ་སྙན་པ་སྨྲ་འདོད་ལྷ་ཁ་རྡུག །བློ་ཆོས་བརྒྱད་སྤངས་ན་འབུངས་ལ་སྒོམ། །ནོར་ཕྱུག་པོ་ཡོད་འདོད་དགྲ་དང་འཕྲད། །འཁོར་མང་པོའི་བསྐོར་འདོད་བློ་འགྱོད་ཆེ། །ཚོགས་མ་ངོས་མང་ངོས་ལོག་ལྟ་མང་། །བློ་ཆོས་དང་བསྟུན་ནས་འབུངས་ལ་སྒོམས། །བསྒོམ་ནུས་ན་རྟོག་པ་སེམས་ལ་འཆར། །བསྒོམ་མ་ནུས་ཁ་བཤད་ཁྲམ་པའི་ཤག །ཡུན་རིང་པོར་བསྒོམ་ལོངས་མ་མཆིས་པ། །ཡེངས་མེད་དུ་སྒོམས་དང་གར་ཡང་སྤྲོ། །རོགས་མེད་དུ་སྡོད་དང་ཅུག་ཡང་དྲག །བསྒོམ་གསལ་སྟོང་གིས་བསམ་གཏན་རིན་པོ་ཆེ། །རས་ཆུང་བས་སྙིང་ལ་གནས་པར་ཞོག །ཅེས་གསུངས་པས། རས་ཆུང་བས་སྣང་བ་འགྱུར་ནས་བསྒོམ་པས། ཉམས་རྟོག་བཟང་པོ་སྐྱེས་ཏེ། སེམས་དིངས་སྙིགས་ཕྱེད་པའི་རྒྱུ་འབྲས་རང་ས་ནས་ཤར་བས། རས་ཆུང་བའི་རྟོག་དཔྱོད་སྒྱུ་མའི་ཉམས་དབྱངས་འདི་ཕུལ་ལོ། །ཕ་བླ་མའི་བཀའ་དྲིན་ལྷ་ཆོས་བྱེད། །སེམས་འཕྲེང་བའི་དྲིན་ཅན་ཕ་མ་བསྐུར། །སྤངས་དཀའ་བའི་ཕ་ཡུལ་རྒྱབ་ཏུ་སྤངས། །གྲོགས་ཉེ་དུའི་གདུངས་སེམས་ད་རུང་འདུག །འཕྲལ་ཟས་ནོར་གོས་གསུམ་སོག་འཇོག་བཤོལ། །སེར་སྣ་དང་སྡུག་སོགས་མཐུན་རྐྱེན་མེད། །དཀའ་ཐུབ་དང་བཅུད་ལེན་གྱི་བྲག་ལ་སྒོམས། །སེམས་སོགས་འཇོག་གི་སྣང་བ་ཅིག་ད་རུང་འདུག །འཇལ་ནི་གྲུབ་ཐོབ་དངོས་དང་འཇལ། །ཐོབ་ནི་སྙན་ནས་རྒྱུད་ཀྱི་གདམ་ངག་ཐོབ། །བསྒོམ་ནི་ཡེངས་མེད་ཀྱིས་བརྩོན་འགྲུས་བྱེད། །འཇལ་འདོད་དང་ཞུ་འདོད་ད་རུང་འདུག །བྱེད་ནི་ཕའི་ཞབས་ཏོགས་བྱེད། །སྒྲུབ་ནི་ཚེ་གཅིག་གི་སངས་རྒྱས་བསྒྲུབས། །བཞུགས་
(༨༡)ནི་རི་ཁྲིད་ཀྱི་གནས་སུ་བཞུགས། །བྱ་བློ་བྱེད་བློ་ད་རུང་འདུག །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །བུའི་སྣང་བ་འགྱུར་བར་བྱིན་གྱིས་རློབས། ཞེས་ཞུས་པས། བླ་མའི་ཞལ་ནས། ཁྱོད་རི་ཁྲོད་ཀྱི་གནས་ན། བགས་ཆགས་ཀྱི་སྣང་བ་སྤུན་པ་ལ། མི་དྲན་དགུ་དྲན་གྱི་དྲན་པ་ཅིག་ཡོངས་པ་ལ་ཚག་མེད། གདམ་ངག་དང་བླ་མའི་སྐྱོན་ཡོན་ཏན་བརྟགས་ནས་ལོག་ལྟའི་རྫུན་མ་ཅིག་ཡོང་བ་ལ་ཚག་མེད། ཅུག་དྲག་དང་གངས་དྲག་གིས་སེམས་བརྩེར་བ་ལ། རང་ཕུང་གི་རྐུན་མ་ཅིག་ཡོང་བ་ལ་ཚག་མེད། མི་ཤེས་དགུ་ཤེས་ཀྱི་ཆེད་པོ་འདོད་ནས་མགོ་གཡོག་གི་སོག་པོ་ཅིག་ཡོང་བ་ལ་ཚག་མེད། ཅེས་གསུངས་ནས། རས་ཆུང་བའི་སེམས་རྟོགས་སེལ་བའི་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་རི་ལ་ཞུགས། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཁྱེད་སྐལ་པ་ཅན་གྱིས་རས་ཆུང་བ། །སེམས་དབང་པོ་སྒྲིམ་ལ་ཀླུ་ལ་ཉོན། །དབེན་གནས་རི་ཁྲོད་འཛིན་ནུས་ན། །ཉེ་བའི་ཁ་ཅིས་མ་དྲན་ཅིག །དྲན་ནས་དགྲ་སྡང་གསོན་ལངས་བྱེད། །བླ་མའི་དྲུང་དུ་སྒོམ་དུས་སུ། །ཚོགས་བསོགས་ཀྱི་ཁ་ལན་མ་དྲན་ཅིག །དྲན་ནས་སྤྱོད་ངན་དམག་དཔུང་འཁྲུག །འབྱུང་པོ་ལ་གཏོར་མ་གཏོང་དུས་སུ། །གཏོར་རིལ་གྱི་སོགས་འཇོག་མ་དྲན་ཅིག །དྲན་ན་རང་ཉིད་འབྱུང་པོར་འགྲོ། །ཡེངས་མེད་ཀྱི་བསམ་གཏན་བསྒོམ་དུས་སུ། །གྲོགས་པོ་ལ་མཇལ་འཕྲད་མ་དྲན་ཅིག །དྲན་ན་མཆེད་གྲོགས་ཀྱི་དགེ་སྦྱོར་སྤུར། །དཀའ་ཐུབ་ཀྱི་སྙིང་རུས་བྱེད་དུས་སུ། །ཤ་ཆང་གི་ཞིམ་ལྟོ་མ་དྲན་ཅིག །དྲན་ནས་ཡི་དྭགས་ཀྱི་གནས་སུ་སྐྱེ། །སྙན་རྒྱུད་ཀྱི་ཐབས་ལམ་སྒོམ་དུས་སུ། །ཤེས་འདོད་ཀྱི་སློབ་གཉེར་མ་དྲན་ཅིག །དྲན་ནས་ལོགས་པའི་ལམ་ལ།
(༨༢)འཇུག །མོན་གྱི་ཤིང་རིར་སྡོད་དུས་སུ། །འགྲོ་འདོད་ཀྱི་བྱ་ར་མ་དྲན་ཅིག །དྲན་ནས་ཡིད་ངན་འཕྲལ་ལ་ལྡང་། །བུ་སྙིང་རུས་ལྷ་ཆོས་མགོ་བོ་ཐོན། །སྡུག་སྐུར་གྱིས་ལ་འཁོར་བའི་སྡུག་བསྔལ་སྤོངས། །སྨོན་ལམ་གྱི་འབྲེལ་བའི་བུ་སློབ་ལ། །ཕའི་རྟོག་པ་སྐྱེ་བར་ཤོག །སྣང་སྲིད་ཆོས་སྐུའི་རྟོགས་པ་འདི། །བུ་ཡི་ཉམས་ལ་རྫོགས་པར་ཤོག །ཅེས་གསུངས་པས། རས་ཆུང་པ་སྣང་བ་ལེགས་པར་འགྱུར་ནས། རི་ལ་ཟུག་པ་དང་སྒོམས་ལ་འཕེལ་སྐྱེད་ཆེན་པོ་བྱུང་ནས། བླ་མ་འདི་རང་དང་དུས་རྟག་ཏུ་མི་འབྲལ་ཨང་བསམ་པའི་ངེས་ཤེས་དྲག་པོ་སྐྱེས་ཏེ། ཐུགས་དམ་འཕེལ་བར་བྱུང་བས་དེ་ལ་འཁོར་བ་ལ་ཞེན་པ་ལྡོག་ནས། ཉམས་རྟོགས་གོང་ནས་གོང་དུ་འཕེལ་པའི་དོན་ཏུ། འགུར་འདི་གསུངས་སོ། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །ལུས་ཤ་ཁྲག་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་བསྒྲུབ་བསྒྲུབས་ནས། །འཇིག་རྟེན་གྱི་བྱ་བ་ཐེང་དུས་མེད། །བུ་རྩོལ་བསྒྲུབ་སྐྱུངས་ཅིག་རས་ཆུང་བ། །སྒྱུ་མ་ལུས་ཀྱི་དུར་ཁྲོད་ན། །སེམས་རིག་པ་དངོས་མེད་སྡིག་པོ་ཆེ། །གཟུགས་ཤ་ཁྲག་ལུས་ལ་ཆགས་ཆགས་ན། །སྐྱེ་ཤི་རྩ་དར་ཆོད་དུས་མེད། །སེམས་གཞི་རྩ་ཆོད་ཅིག་རས་ཆུང་བ། །མ་རིག་འཁྲུལ་པའི་གྲོང་ཁྱེར་ན། །གཏི་མུག་གི་རྣམས་རྟོགས་སྡིག་པོ་ཆེ། །དོན་མེད་ཉེ་རིང་བྱེད་བྱེད་ན། །སེམས་བཏང་སྙོམས་ངང་ལ་གནས་དུས་མེད། །སེམས་ཆགས་སྡངས་སྐྱུངས་ཅིག་རས་ཆུང་བ། །མཐོ་མི་མཐོ་ནམ་མཁའི་དབྱིངས་ཤེད་ན། །རྗེ་དུས་གསུམ་སངས་རྒྱས་ཞལ་རྫུན་མཁན། །ཆོས་དྲང་དོན་བསླུ་བྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །སེམས་སྤྲོས་པ་ཆོད་ཅིག་རས་ཆུང་བ། །རླུང་རིག་གཉིས་ཀྱི་
(༨༣)བར་དོ་ན། །སེམས་གཟུངས་འཛིན་ང་བདག་སྡིག་པོ་ཆེ། །གློ་བུར་གྱི་རྐྱེན་ཁ་འགྲིམས་འགྲིམས་ནས། །སེམས་གནས་ལུགས་ཀྱི་ངང་ལ་གནས་དུས་མེད། །སེམས་གློད་ལ་ཞོག་ཅིག་རས་ཆུང་བ། །སྐྱེ་ཤི་གཉིས་ཀྱི་བར་དོ་ན། །བར་དོའི་རྣམས་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །སེམས་ཆོས་ཉིད་ཀྱི་མ་དང་མཇལ་དུས་མེད། །སེམས་རྩ་བ་ནས་ཟུང་ཅིག་རས་ཆུང་བ། །ཆོས་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །ཅིག་དུ་དྲིལ་ལ་ཉམས་སུ་ལོངས། ཅེས་གསུངས་སོ། །ཡང་ཉམས་སུ་ལེན་པའི་འགུར་འདི་གསུངས་སོ། །འཆི་བདག་གཤིན་རྗེའི་ཕོ་ཉ་ལ། །དུས་ལ་ངེས་པ་མི་གདའ་ན། །བློ་བུར་དུ་ཤི་ན་ཡི་མུག་ཆེ། །ད་ལྟ་རང་ནས་འཆི་ཆུས་བྱེད། །ཟང་ཟིང་སྒྱུ་མའི་ནོར་རྫས་ཀྱང་། །གཞན་གྱི་བྱེར་ན་ཉོན་མོངས་སྐྱེ། །ཤོལ་ཏུ་ལུས་ནས་མིའི་འཕྱ། །ཞེན་ཆགས་མེད་པའི་སྦྱིན་པ་ཐོང་། །ཐ་སྙད་ཚིག་གི་དམ་ཆོས་ཀྱང་། །སློབ་པར་དཀའ་ལས་ཕན་ཡོན་ཆུད། །ཤེས་ན་ང་རྒྱལ་འདོད་པ་སྐྱེ། །བླ་མའི་གསུངས་བཞིན་ཉམས་སུ་ལོང་། །གྲོང་ཡུལ་ཡོན་བདག་ངོ་བསྲུང་ཡང་། །མགུ་བ་ཉུང་ལ་མཁང་བ་མང་། །བསླབ་ཉེས་ལང་དུ་མ་གཏང་བར། །བྱ་བ་ཐོང་ལ་རི་ཁྲོད་ཟུངས། །རྟག་དུ་དགོས་པའི་ལྟོ་གོས་ཡང་། །བཟང་པོར་བྱས་ཡང་ཚིམ་པ་བྱེད། །ངན་པར་བྱས་ཡང་དེ་ཀ་ཙམ། །རྩོལ་བསྒྲུབ་བསྐྱངས་ལ་སྡུག་སྲན་སྐྱེད། །སེམས་སྐྱོ་བ་སྐྱེས་པའི་དབྱངས་ཆུང་འདི། །སེམས་ལ་ཞོག་ཅིག་རས་ཆུང་བ། །ཅེས་གསུངས་པས། ཉམས་དང་རྟོགས་པ་གོང་ནས་གོང་དུ་འཕེལ་བར་བྱུང་ངོ་། །དེ་རྣམས་ཐམས་ཅད་
(༨༤)མོན་གྱི་ཤིང་རིའི་སྐོར་རོ། །དེ་ནས་སློབ་དཔོན་སློབས་གཉིས་སིང་ག་ལའི་ནགས། སུ་ཀ་ཏི་ཀ་ཤེལ་ཕུག་ནམ་མཁའི་རྫོངས་བྱ་བ་ནས། བསྒོམ་ཡིན་ཡོད་པ་ལ། ཡོན་བདག་གཤིན་རྡོར་མོའི་འགོ་བྱས་པའི། མི་བརྒྱད་ཀྱི་བརྒྱགས་དུམ་པ་རེ་ཁུར་ནས་མ་རྙེད་མ་རྙེད་པས་རྙེད་ཙམ་ཅིག་བྱུང་བས། རྗེ་བཙུན་ལགས་འདི་ནས་མཐུན་རྐྱེན་མི་འཛོམ་པའི་བརླ་སྡུག་པའི་རོང་འདིར་མི་བཞུགས་པར་བདེ་ལ་འབྱོན་པར་ཞུ་ཞུས་པས། གནས་འདི་སྡུག་ཟེར་དུ་མི་རུང་། འདི་བདེ་ཞིང་སྐྱིད། གསུངས་ནས་གནས་ལ་བསྟོད་པའི་འགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་གནས་ལ་ཞུགས། །མོན་གྱི་ཤིང་རི་བདེ་བའི་མཁར། །སྤང་རི་མེ་ཏོག་བཀྲ་བའི་ཡུལ། །ལྗོན་ཤིང་ཀར་ཐབས་བྱེད་པའི་གསེབ། །སྤྲ་སྤྲེལ་རྩེད་མོ་རྩེ་བའི་ས། །བྱ་སྐད་སྣ་ཚོགས་སྒྲོགས་པའི་གནས། །བུང་བ་ལིང་ལིང་འཕུར་པའི་ས། །ཉིན་མཚན་མེད་པར་འཇའ་རིས་འཁྱུག །དབྱར་རྒུན་མེད་པར་སྦྲང་ཆར་འབབ། །སྟོན་དཔྱིད་མེད་པར་ན་འུན་འཁྲིགས། །དེ་ལྟ་བུའི་དབེན་གནས་ན། །པ་མིད་ལ་རས་པའི་རྣལ་འབྱོར་པ། །སེམས་སྟོང་ཉིད་བསྒོམས་པའི་འོད་གསལ་བདེ། །འཆར་སྒོ་མང་ན་ཤིན་ཏུ་བདེ། །མཐོན་དམན་ཆེ་ན་དེ་བས་བདེ། །ལས་ངན་སློང་པའི་སྐྱེ་གཟུགས་བདེ། །འཇིག་ནང་ཆེ་ན་དེ་བས་བདེ། །ཉོན་མོངས་ཤི་འཆིའི་ཤི་འབྲས་བདེ། །གདུབ་རྩུབ་ཆེ་ན་ཤིན་ཏུ་བདེ། །ན་ཚ་མང་ན་ཤིན་ཏུ་བདེ། །སྡུག་བསྔལ་བར་གྱུར་བ་ཤིན་ཏུ་བདེ། །ཉམས་ཤུགས་འཁྲུལ་འཁོར་ཤིན་ཏུ་བདེ། །མཆོག་རྒྱུགས་ཀར་ཐབས་ཤིན་ཏུ་བདེ། །ངག་བྱུང་རྒྱལ་ཀླུའི་ཀོར་མཛོད་བདེ། །
(༨༥)ཚིགས་སྙན་པའི་བདའ་དབྱངས་ཤིན་ཏུ་བདེ། །སྒྲ་ཚོགས་སུ་གྱུར་ནས་དེ་བས་བདེ། །སེམས་ངར་ལྡན་གྱི་སྤོབས་པ་དབྱིངས་སུ་བདེ། །རང་ཤུགས་ཀྱི་རང་ཤར་ཤིན་ཏུ་བདེ། །སྣ་ཚོགས་སུ་ཤར་ནས་དེ་བས་བདེ། །ཉམས་བདེ་ཞིང་སྐྱིད་པའི་རྣལ་འབྱོར་ལ། །བུ་དད་པ་ཅན་འཇལ་བའི་བྱོན་སྐྱེམས་མཛོད། །ཅེས་གསུངས་པས། ཡོན་བདག་རྣམས་ན་རེ། ཁྱེད་ལ་ཉམས་རྟོགས་པ་ཡོད་པས་བདེ་བ་ཐུགས་ལ་བཏགས། ཉམས་བཟང་པོ་ཡོད་པ་ངེད་ཚོས་ཤེས་ཏེ། གནས་འདི་ལ་ལམ་བཟང་པོ་མི་འདུག་པས་ལོ་བརྒྱལ་དོགས་པ་ཡིན་ལགས་ཞུས་པས། གནས་འདི་ཤིན་ཏུ་བདེ་ཁྱེད་ཚོས་མ་བརྟགས་པ་ཡིན་གསུངས་ནས་འགུར་འདི་གསུངས་སོ། །གནས་རི་ཁྲོད་ཤིང་རིའི་དབེན་གནས་འདིར། །འོག་ན་སྦྲའི་འབོལ་སྟན་བདེ། །འགྲོ་འདུག་མེད་པ་ཡོངས་ཡང་བདེ། །ལུས་སལ་བལ་པོའི་ཤིང་བལ་བདེ། །རྩོལ་སྒྲུབས་མེད་ནས་ཡོངས་ཡང་བདེ། །ནང་ནུབ་གཏུམ་མོ་འབར་བ་བདེ། །གྲང་གྲོ་མེད་ན་ཡོང་ཡང་བདེ། །ངག་ལ་སྨྲ་བ་བཅད་པ་བདེ། །ལབ་རོག་མེད་ན་ཡོང་ཡང་བདེ། །དབུག་ལ་འགྲོ་འོང་མེད་པ་བདེ། །འགྱུར་བ་ཁེགས་ནས་ཡོང་ཡང་བདེ། །སེམས་ལ་རྟོག་པ་མེད་པ་བདེ། །བྱིངས་རྒོད་མེད་ན་ཡོངས་ཡང་བདེ། །ཏིང་འཛིན་འོད་གསལ་ཤར་བས་བདེ། །གསལ་འགྲིབས་མེད་ན་ཡོང་ཡང་བདེ། །ནོར་ལ་འཛིན་ཆགས་མེད་པ་བདེ། །ཞེན་པ་མེད་ནས་ཡོང་ཡང་མེད། །ཟས་ལ་སེར་སྣ་མེད་པས་བདེ། །སྲེད་པ་མེད་ན་ཡོང་ཡང་བདེ། །གཉེན་ལ་འབྲེལ་བ་མེད་པ་བདེ། །ཞེ་གདུང་མེད་ན་ཡོང་ཡང་བདེ། །དགྲ་ལ་ཞེ་སྡང་མེད་པས་བདེ། །ཀུན་དང་མཐུན་ནས་ཡོང་ཡང་བདེ། །གཉིས་སུ་མེད་པའི་ལྟ་བ་བདེ། །
(༨༦)ངོས་བཟུང་མེད་ན་ཡོང་ཡང་བདེ། །རྒྱུན་ཆད་མེད་པའི་སྒོམ་པ་བདེ། །མཉམ་རྗེས་མེད་ན་ཡོང་ཡང་བདེ། །ཚུལ་འཆོས་མེད་པའི་སྤྱོད་པ་བདེ། །སྤངས་བླང་མེད་ན་ཡོང་ཡང་བདེ། །ཐེག་པ་ཆེ་ཆུང་མེད་པ་བདེ། །དོན་གཅིག་དུ་རྟོགས་ན་བདེ་བས་བདེ། །སེམས་ལ་ཇི་ལྟར་བྱས་ཀྱང་བདེ། །རྩལ་སྒྲུབ་མེད་ན་ཡོང་ཡང་བདེ། །རྣལ་འབྱོར་རས་པའི་བདེ་བ་འདིས། །སེམས་ཅན་ཐམས་ཅད་བདེ་བར་ཤོག །ཅེས་གསུངས་པས། ཡོན་བདག་རྣམས་ན་རེ། ཁྱེད་དེ་བཞིན་དུ་བདེ་བ་དེས་གར་བྱོན་པ་དང་གར་བཞུགས་ལ་ཁྱད་པར་མེད་པས། དེད་ཚོས་ཡུལ་དུ་བྱོན་ཡང་ཨེ་མི་བདེ་བས་འབྱོན་པར་ཞུ་ཞུས་པས། རྗེ་བཙུན་གྱི་འགུར་འདི་གསུངས་སོ། །རྗེ་བླ་མའི་བཀའ་དྲིན་ཆོས་ཀྱི་འཇལ། །ཆོས་ཀྱི་བྱིན་བརླབས་དབང་བསྐུར་རང་རྒྱུད་སྨིན། །རྒྱུད་ཟབ་མོ་མན་ངག་ཀླུ་རུ་ལེན། །ཁྱེད་འདིར་བཞུགས་སྙན་གྱི་དབང་པོ་གཏོད། །གངས་ཀར་ཀྱི་སེངས་ལྕམ་དཀར་མོ་དེ། །སེང་གང་ཀར་ཀྱི་ལྟོངས་དུ་འདུག་སྟེ་འགྱེངས། །སེང་སྲོག་ཆགས་འཇིག་པ་མ་མཆིས་ཏེ། །སེང་གང་ཀར་འཛིན་པ་ཡང་ཚུལ་ཡིན། །བྲག་དཀར་གྱི་ཐང་དཀར་རྒོད་པོ་དེ། །རྒོད་གཤོག་དྲུག་ནམ་མཁའི་དབྱིངས་སུ་རྐྱོང་། །རྒོད་གཡང་ལ་ལྡུང་དོག་མ་ཡིན་ཏེ། །ན་འཕང་གཅོད་པ་ཡ་ཚུལ་ཡིན། །མ་གི་ཆུ་བོའི་རྒྱ་མཚོ་ལ། །འགྱུ་སྲམ་ཉ་མོ་ཡང་རྩལ་སྦྱངས། །ཉ་འཐུབས་ཀྱི་དོག་པ་མ་ལགས་ཏེ། །གྱ་གྱུར་འཁྱུག་པ་ཡ་ཚུལ་ཡིན། །མོན་རི་ཤིང་གི་ལོ་མ་ལ། །སྤྲ་སྤྲེལ་རྩེད་མོ་རྩེབ་དེ། །སྤྲེལ་བུ་འགྱེལ་དོག་མ་ཡིན་ཏེ། །རྩེད་སྣ་མང་ན་རང་གཤིས་ཡིན། །ཤིང་གསེབ་ནགས་ཀྱི་ས་འཕྲང་ན། །རྒྱ་སྟག་ཁྲོ་བོ་ཡང་རྩལ་སྦྱོངས། །སྟག་འཇིགས་ཀྱི་དོག་པ་མ་ལགས་ཏེ། །རྩལ་གསུམ་རྫོགས་པའི་རང་གཤིས་ཡིན། །ནགས་གསེབ་ཀི་ཏིའི་རྫོངས་ནང་དུ། །རྣལ་འབྱོར་རས་པ་སྟོང་ཉིད་བསྒོམས། །སྒོམས་ཤོར་དགོས་པ་མ་
(༨༧)ཡིན་ཏེ། །སྒོམ་ཡུན་སྲིང་བ་ཡ་ཚུལ་ཡིན། །ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ན། །ཡེང་བ་མེད་པར་ལྟ་བ་དེ། །དོན་ནོར་གྱི་དོགས་པ་མ་ཡིན་ཏེ། །གནད་རང་འཛིན་པ་ཡ་ཚུལ་ཡིན། །ནང་འཁྲུལ་འཁོར་གནད་ཀྱི་རྟེན་འབྲེལ་ལ། །གེགས་དང་གོལ་ས་འཁྲུག་པ་མེད། །ཆོས་སྐྱོན་ཅན་ཡིན་པ་མ་ཡིན་ཏེ། །རྟགས་མྱུར་དུ་ཐོན་པའི་ཁ་བོ་ཡིན། །རང་ཤར་སྤྱོད་པས་གྱུལ་གྲོས་ལ། །མཐོན་དམན་རྣམས་འགྱུར་མང་བ་དེ། །བློ་གཉིས་སྣང་གི་རྟོགས་པ་མ་ལགས་ཏེ། །བདའ་སྣ་ཚོགས་སུ་ཤར་བས་རྟེན་འབྲེལ་ཡིན། །ལས་རྒྱུ་འབྲས་ཀྱི་ནུས་པ་སྨིན་པ་ལས། །དགེ་སྡིག་གི་རང་གཟུགས་མཐོང་པ་དེ། །སྒོམ་གོལ་སར་སོང་པ་མ་ལགས་ཏེ། རིག་སོ་སོར་གསལ་བའི་བདེན་ཚིག་ཡིན། །སྒོམས་རང་ཚུགས་ཐུབ་པའི་སྒོམས་ཆེན་དེ། །འཇིག་རྟེན་ལ་སྲེད་པ་ཆུང་བ་དེ། །གཏམ་ཟེར་ལོའི་གྲགས་སྙན་མ་ཡིན་ཏེ། །འཕྲལ་ཞེན་པ་ལྡོག་པ་དམ་ཚིག་ཡིན། །ཆོས་ཟབ་ལམ་བསྒོམ་པའི་རྣལ་འབྱོར་པར། །རི་དང་བྲག་ལ་ཟུག་པ་དེ། །ཟོག་དང་ཐོ་ཅོ་མ་ཡིན་ཏེ། །རྩེ་གཅིག་བསྒོམ་པའི་རང་འདོད་ཡིན། །རས་པས་ཀླུ་དབྱངས་མང་བ་དེ། །ཡེངས་འདོད་ཀྱི་ཁ་ཁྲམ་མ་ཡིན་ཞིང་། །སྤྲོས་དགའི་ཡོན་བདག་དད་པ་ཅན། །ཕན་པའི་སྙིང་གཏམ་སེམས་ལ་ཟུངས། །ཅེས་གསུངས་པས། དེར་འོང་བས་ཡོན་བདག་རྣམས་ཀྱིས་དད་པའི་ཕྱག་དང་བསྐོར་བ་མང་དུ་བྱས་ཏེ། ཡུལ་དུ་སོང་ངོ་། །དེ་ཐམས་ཅད་སིང་ག་ལ་ནག་གསེབ་ཀྱི་སྐོར་རོ། །ཡང་དེ་ནས་ཡང་ཡུལ་ནས་ཁྲིད་པའི་བན་འདེ་ལྔ་ཙམ་ཅིག་བྱུང་བས། སྙན་རྒྱུད་ཀྱི་ཁྲིད་ཞུས་ནས་སྒོམ་པས། ཆོས་ལ་སྙིང་རུས་ཆེ་བ་དང་། འདོད་པ་ཆུང་ཞིང་རས་ཐུབ་པར་བྱུང་བས་
(༨༨)དེ་རྣམས་ལས་ཞལ་ཏ་བདུད་རྩིའི་ཉམས་དབྱངས་འདི་འགུར་དུ་ཕུལ་ལོ། །རྗེ་བཙུན་བླ་མ་སངས་རྒྱས་སྤྲུལ་པའི་སྐུ། །འགག་མེད་ཐར་བས་ལམ་སྟོན་པས། །མཛད་པས་ཐུགས་རྗེ་འགྲོ་བའི་བདག །རྩེ་གཅིག་སེམས་ལ་གནས་པར་བྱིན་གྱི་རློབས། །ཆོས་ལ་འདྲ་མིན་མང་པོའི་བསྒྲུབ་ལུགས་མང་། །སྙན་བརྒྱུད་ཟབ་ལམ་བསྒོམ་པ་སྐལ་བ་བཟང་། །ཁྱོད་གཞོན་ནུ་ལ་རབ་དུ་བྱུང་དུས་སུ། །རང་རྩིས་དང་རང་འདོད་མ་ཆེ་ཅིག །ཆེས་ན་དགེ་སྡིག་སྣ་ཚོགས་སྤྱོད། །སྤྱད་ན་ངན་འགྲོར་ལྷུང་བར་འགྱུར། །བླ་མའི་ཞབས་ཏོག་བྱེད་དུས་སུ། །ངས་བྱས་ཡུས་མ་ཁུང་ཆེ་ཅིག །ཆེས་ན་དཔོན་སློབ་རེ་ཚོད་འཇོལ། །འཛོལ་ན་བསམ་པའི་དོན་མི་འགྲུབ། །སྡོམ་པ་དམ་ཚིག་བསྲུང་དུས་སུ། །མི་ནག་གྲོང་དུ་མ་ཉལ་ཅིག །ཉལ་ན་མིག་སློབ་ངན་པ་སྐྱེ། །སྐྱེས་ན་སྡོམ་པ་དམ་ཚིག་འཆོར། །ཐོས་པའི་སློབ་གཉེར་བྱེད་དུས་སུ། །ཐ་སྙད་ང་རྒྱལ་མ་ཆེ་ཅིག །ཆེས་ན་དུག་ལྔའི་མེ་རོ་ལྡང་། །ལངས་ན་དགེ་སྦྱོར་གྱི་བསམ་པ་འཁྲུག །མཆེད་གྲོགས་ལྷན་དུ་བསྒོམ་དུས་སུ། །བྱ་རྒྱུ་དང་བྱེད་རྒྱུ་མ་མང་ཅིག །མང་ན་ཟབ་མོའི་དགེ་སྦྱོར་འབུར། །བུར་མ་ཆོས་ཀྱི་སྐལ་པ་འཆད། །ཐབ་ལམ་སྙན་རྒྱུད་བསྒོམས་དུས་སུ། །བྱིན་བརླབས་དང་འདྲེ་རྡུངས་མ་དྲན་ཅིག །དྲན་ནས་རང་རྒྱུད་འདྲེ་རུ་ལྡངས། །ལངས་ན་ཚོ་གྲོང་བའི་ཆོས་སྤྱོད་རེམ། །ཉམས་དང་རྟོགས་པ་ཤར་དུས་སུ། །མངོན་ཤེས་དང་རང་ཚོད་མ་ལབ་ཅིག །ལབས་ན་གསང་བའི་བདའ་སྐད་འཆོད། །ཤོར་ན་ལམ་རྟགས་ཀྱི་ཡོན་ཏན་འགྲིབས། །སྐྱོན་དུ་ཤེས་པ་སྤང་པར་མཛོད། །སྡིག་སྤྱོད་ཀྱི་ཁྲམ་ཟས་མ་ཟ་བར། །གཤིན་པོའི་ཁུ་རུ་མ་འཁུར་བར། །ངོ་
(༨༩)བསྲུངས་གི་མདུན་མ་བསྒྲིབ་པར། །གཉོན་ཆུང་གི་ཆོས་འགོ་བྲག་ལ་གཏོད། །ཅེས་གསུངས་པས། ཡང་རས་པ་རྣམས་ཀྱི་གསེར་དུམ་པ་འདུག་པ་ཕུལ་ནས། ལྟ་སྒོམ་སྤྱོད་པའི་གནད་འགག་གི་ཆོས་རེ་ཞུ་ཞུས་པས། གསེར་ཁྱེ་རང་ཚོས་ཆོས་བརྒྱགས་གྱིས་གསུངས་ནས་འགུར་འདི་གསུངས་སོ། །རྗེ་བཙུན་བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །རྗེ་བླ་མའི་ལྟ་བསྒོམས་སྤྱོད་པའི་འགྲོས། །རང་གྲུབ་དུ་གནས་པར་ཡིན་གྱི་རློབས། །ལྟ་བ་འདི་ལ་གཟེར་གསུམ་གདའ། །བསྒོམས་པ་འདི་ལ་གཟེར་གསུམ་གདའ། །སྤྱོད་པ་འདི་ལ་གཟེར་གསུམ་གདའ། །འབྲས་བུ་འདི་ལ་གཟེར་གསུམ་གདའ། །ལྟ་བའི་གཟེར་གསུམ་བཤད་ཙ་ན། །སྣང་སྲིད་སེམས་སུ་འདུག་ཏེ་གདའ། །སེམས་ཉིད་གསལ་བའི་ངང་ལ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །སྒོམས་པའི་གཟེར་གསུམ་བཤད་ཙ་ན། །རྣམས་རྟོགས་ཆོས་སྐུར་གྲོལ་བར་གདའ། །རིགས་གསལ་བདེ་བའི་ངང་དུ་གདའ། །མ་བཅོས་མཉམ་པར་བཞག་པར་གདའ། །སྤྱོད་པའི་གཟེར་གསུམ་བཤད་ཙ་ན། །དགེ་བཅུ་སྤྱོད་པའི་ཤུགས་ལ་འཆར། །སྡིག་བཅུ་རང་བཞིན་གནས་སུ་གདའ། །གཉེན་པོ་གསལ་སྟོང་བཅོས་སུ་གདའ། །འབྲས་བུའི་གཟེར་གསུམ་བཤད་ཙ་ན། །མྱང་འདས་གཞན་ནས་བསྒྲུབ་རྒྱུ་མེད། །འཁོར་བ་གཞན་དུ་སྤངས་ས་མེད། །རང་སེམས་སངས་རྒྱས་སུ་བློ་ཐག་ཆོད། །གཟེར་གསུམ་ནང་ན་གཟེར་གཅིག་ཐེབ། །གཟེར་དེ་ཉིད་ཆོས་ཉིད་སྟོང་བའི་གཟེར། །འདེབས་མཁན་བླ་མས་རིམས་གྱིས་མཛད། །མང་དུ་སྤྱད་ནས་ཐེབས་མི་འགྱུར། །ལྷན་གཅིག་རྟོགས་ནས་ཐེབས་པར་འགྱུར། །སྤྱིར་ཆོས་མཛད་
(༩༠)ཡོངས་ཀྱི་སྤྱི་ནོར་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཁྱེད་བུ་སློབ་རྣམས་ཀྱི་ཐུགས་དམ་མཛོད། །ཅེས་གསུངས་པས། རས་པ་རྣམས་ཀྱིས་ཞུས་པ། དེ་ལྟ་བུའི་ཆོས་ཆོས་ལ་བླ་མར་རང་བསྒོམས་ཨེ་ཆོག་ཞུས་པས། ཡང་འགུར་འདི་གསུངས་སོ། །བླ་མ་དང་གདམས་ངག་སློབ་མ་གསུམ། །སྙིང་རུས་དང་སྡུག་བསྲན་དད་པ་གསུམ། །ཤེས་རབ་དང་སྙིང་རྗེ་མི་གཞི་གསུམ། །འདི་རྣམས་རྒྱུན་གྱི་ལམ་མཁན་ཡིན། །འདུ་འཛི་མེད་པའི་དབེན་པ་འདི། །བསམ་གཏད་སྐྱོངས་པའི་ལམ་མཁན་ཡིན། །གྲུབ་ཐོབ་བླ་མ་རྗེ་བཙུན་དེ། །མུན་པ་སེལ་བས་ལམ་མཁན་ཡིན། །སྐྱོ་ངལ་མེད་པའི་དད་པ་དེ། །བདེ་འགྲོར་འཁྲིད་པའི་ལམ་མཁན་ཡིན། །དབང་པོ་རྣམ་ལྔའི་རྟོགས་པ་དེ། །ཐུགས་འཕྲད་སྒྲོལ་བའི་ལམ་མཁན་ཡིན། །བཀའ་རྒྱུད་བླ་མས་ཞལ་གདམས་དེ། །སྐུ་གསུམ་སྟོན་པའི་ལམ་མཁན་ཡིན། །སྐྱབས་ཡུལ་དཀོན་མཆོག་གསུམ་པོ་དེ། །ནོར་བ་མེད་པའི་ལམ་མཁན་ཡིན། །ལམ་མཁན་དྲུག་གི་སྣ་དྲངས་ནས། །སྣང་མེད་བདེ་ཆེན་ཐང་ལ་འགྲོ། །སྤྲོས་མེད་མི་རྟོགས་ངང་ལ་སྡོད། །རང་ཤེས་རང་གྲོལ་གི་རང་ཡུལ་སྐྱིད། །ངེས་ཤེས་དོན་ཤེས་ཀྱིས་རང་ཚུག་ཟིན། །རྒྱལ་ཁམས་མི་མེད་ལུང་སྟོང་དུ། །རྣལ་འབྱོར་ཀླུ་དབྱིངས་འབྲུག་བཞིན་གྲགས། །སྙན་པས་ཆར་པ་ཕྱོགས་བཅུར་འབབ། །སྙིང་རྗེའི་མེ་ཏོག་ལོ་འདབ་རྒྱས། །བྱང་ཆུབ་སེམས་འབྲས་བུ་དག་པར་སྨིན། །བྱང་ཆུབ་འཕྲིན་ལས་ཐམས་ཅད་ཁྱབ། ཅེས་གསུངས་པས། རས་པ་རྣམས་ན་རེ། གནས་དང་སློབ་བླ་མ་འཛོམ་པའི་སློབ་མ་ངེད་ཚོ་སྐྱིད་པ་རབ་རང་
(༩༡)དུ་བྱུང་བས། ད་དབེན་གནས་འདི་བས་དབེན་པའི་དགོན་པ་དགའ་བརྩེགས་དགོས་ཞུས་པ་ལས། བླ་མས་ཞལ་ནས་དགོན་པ་བརྩེགས་མི་དགོས། ངའི་བྲག་ཕུག་འདི་སྐྱིད་འདི་དཔའ་གྲོ་སྟག་ཚངས་གི་ཕུག་བྱ་བ་ཡིན་གསུངས་ནས། འགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་དྲུང་སྟོང་པའི་རྫོངས། །ཐུགས་རྗེའི་བྱིན་རླབས་བཀའ་དྲིན་མཁར། །དབེན་པ་རང་ལུས་ལྷ་ལ་གསོལ་བ་འདེབས། །ནུས་པ་རང་རྒྱུད་སྨིན་པར་བྱིན་གྱིས་རློབས། །ངས་འཇིགས་ཀྱིས་དོགས་ནས་མཁར་ཅིག་བརྩེགས། །མཁར་དེ་ནི་ཆོས་ཉིད་སྟོང་བའི་མཁར། །ང་འཇིགས་ཀྱི་དོགས་སྙམ་བདག་ལ་མེད། །ང་གྲངས་གི་དོགས་ནས་གོས་ཅིག་བཙལ། །གོས་དེ་ནི་གཏུམ་མོའི་ལྷུན་འགྲུབ་གོས། །ང་གྲང་གི་དོགས་སྙམ་བདག་ལ་མེད། །ང་སྐོམ་དབུལ་གྱིས་དོག་ན་ནོར་ཅིག་བཙལ། །ནོར་དེ་ནི་འཕགས་པའི་ནོར་མཆོག་བདུན། །ང་དབུལ་གྱི་དོགས་སྙམ་བདག་ལ་མེད། །ངས་ལྟོགས་ཀྱི་དོགས་ནས་ཟས་ཅིག་བཙལ། །ཟས་དེ་ནི་ཏིང་འཛིན་ཆོས་ཉིད་ཟས། །ང་ལྟོགས་ཀྱི་དོགས་སྙམས་བདག་ལ་མེད། །ངས་སྐོམ་ཀྱིས་དོག་ནས་སྐོམ་ཅིག་བཙལ། །སྐོམ་དེ་ནི་དྲན་པ་བདུད་རྩིའི་ཆང་། །ང་སྐོམ་གྱི་དོགས་སྙམ་བདག་ལ་མེད། །ངས་སྐྱབས་དོག་ནས་གྲོག་ཅིག་བཙལ། །གྲོགས་དེ་ནི་བདེ་སྟོང་རྒྱུན་གྱི་གྲོགས། །ང་སྐྱོ་བའི་དོག་སྙམ་བདག་ལ་མེད། །ངས་ནོར་གྱི་དོགས་ནས་ལམ་ཅིག་བཙལ། །ལམ་དེ་ནི་ཟུང་འཇུག་ཡང་པས་ལམ། །ང་ནོར་གྱི་དོགས་སྙམ་བདག་ལ་མེད། །དགོས་འདོད་དགུ་ཚངས་པའི་རྣལ་འབྱོར་བ། །གནས་གང་དུ་བསྡད་ཀྱང་སྐྱིད་པར་འདུག །སྟག་ཚངས་དཔའ་འགྲོ་སེང་གེའི་ཕུག །སྟག་མོ་ངར་སྐད་སྐྱི་ཤ་ཚ། །
(༩༢)དེས་དབང་མེད་དུ་སྐུ་འཚམས་སྡོམས་སུ་འཇུག །སྟག་ཕྲུག་གི་ཅི་ཆོ་སྙིང་རྗེ་བསྐྱེད། །དེས་དབང་མེད་དུ་བྱང་ཆུབ་བསྒོམ་དུ་འཇུག །སྤྲེལ་འུ་ཡ་སྐྱག་སྒྲ་ཞེས་བྱ་བཅུ། །དེས་དབང་མེད་དུ་སྐྱོ་བ་སྐྱེ་རུ་འཇུག །སྤྲེལ་ཕྲུག་གི་མཉའ་སྒྲ་སྒྲོད་སྙིང་འདོད། །དེས་དབང་མེད་དུ་སེམས་བསྐྱེད་བསྒོམ་དུ་འཇུག །ཁུ་བྱུག་གི་ངག་སྙན་ཡིད་རྩ་སྐྱོ། །དེས་དབང་མེད་དུ་མཆི་མ་འཆོར་དུ་འཇུག །ལྕོགས་ཀའི་འགྱུར་སྐར་རྣ་བར་སྙན། །དེས་དབང་མེད་དུ་སྣང་བ་སྐྱིད་དུ་འཇུག །བྱ་རིགས་ཀྱི་སྐད་རིགས་སྣ་ཚོགས་པ། །རྣལ་འབྱོར་གྱི་འདུག་རོག་སེམས་ལ་ཕན། །གནས་འདིར་བསྡད་ན་ངང་གི་སྐྱིད། །རོགས་གཅིག་ཀྱང་མེད་ན་དེ་བས་བདེ། །རྣལ་འབྱོར་སྐྱིད་པའི་ཉམས་དབྱངས་འདི། །འགྲོ་བས་སྡུག་བསྔལ་སེལ་པར་ཤོག །ཅེས་གསུངས་པས། དེར་ཡོད་པའི་རས་པ་རྣམ་ལ་སྐྱོ་ཤེས་བཟང་པོ་སྐྱེས་ནས། དགེ་སྦྱོར་ལ་བརྩོན་ཏིང་ཀྱི་སོང་བས། སློབ་རྣམས་ཐུགས་དམ་འཕེལ་བར་བྱུང་ངོ་། །དེ་ཐམས་ཅད་དཔའ་འགྲོ་སྟག་ཚངས་གི་སྐོར་རོ། །དེ་ནས་བདུན་པ་སྣང་བ་མཐུན་རྐྱེན་དུ་ཤར་བའི་ཡོན་ཏན་ནི། །ལམ་མི་བདེ་བའི་ཆུ་སྒྲ་ཆེ་བ། །འབྱུང་འཇུག་དཀའ་བའི་བྲག་གསེབ་ཅིག་ཏུ་བྱོན་སོང་བས། འདིར་མི་བདེ་བར་འདུག་ཞུས་པས། འདི་ཤིན་ཏུ་བདེ་བཙན་དྲོ་སྐྱིད་ཕུག་ཉི་མའི་རྫོངས་བྱ་བ་ཡིན་གསུངས་པས། གནས་ལ་བསྟོད་པའི་འགུར་འདི་གསུངས་སོ། །ཨེ་མ་རི་ཁྲོད་ནགས་ཀྱི་གསེབ། །བྲག་དཀར་སྐྱིད་ཕུག་ཉི་མའི་རྫོངས། །བརྩན་ས་བག་ཡང་ཤེས་པ་ཕེབ། །ཉམས་རྒྱུད་ལ་སྐྱེས་སའི་དབེན་པ་འདིར། །རིགས་པ་དིངས་ཤིང་ཤེས་པ་བདེ། །རྒྱུ་འགྲུལ་མེད་པས་སྣང་བ་བདེ། །མེ་ཤིང་འཛོམ་པས་ངང་གིས་བདེ། །
(༩༣)ཁ་སྐད་མི་ཚོར་ཆགས་སྡང་ཟད། །རི་བྲག་དཔའ་བོ་མཁའ་འགྲོ་འདྲ། །རྒྱབ་རི་ལྷའི་ཕོ་བྲང་འདྲ། །མདུན་རི་མའི་པང་དང་འདྲ། །གཡས་རི་རྒྱལ་མཚན་ཕྱར་པ་འདྲ། །གཡོན་རི་པད་མ་ཁ་ཕྱེ་འདྲ། །ཤིང་ལོ་མཆོད་པའི་ལྷ་མོ་འདྲ། །ཤིང་ཐོག་རྩི་བཅུད་འབྲས་བུ་འདྲ། །ཆུ་དང་ཆུ་བྲན་ཁྲུས་བུམ་འདྲ། །སྟག་དང་གཅན་ཟན་སྒོ་ཁྱི་འདྲ། །བྱ་དང་རི་དག་ནོར་ཕྱུག་འདྲ། །སྤྲ་དང་སྤྲེལ་བུ་ཁྱིམ་ཚེས་འདྲ། །ན་འུན་འཇའ་ཚོན་རྨ་གཡང་འདྲ། །སྦྲང་ཆར་ཟིམ་བུ་མཆོད་སྤྲིན་འདྲ། །སྤང་དང་མེ་ཏོག་མཎྜལ་འདྲ། །དེ་ལྟ་བུའི་དབེན་གནས་འདི། །ལྷའི་ཕོག་གི་བླ་མས་བྱིན། །མཁའ་འགྲོ་མཉེས་ཤིང་ཡི་དམ་འཁོར། །ཆོས་དང་དབང་མེད་པར་ཤུག་ལས་འབྱུང་། །སྡིག་རང་དབང་མེད་པར་ངང་གིས་འགག །སླད་ནས་བྱང་ཆུབ་བསྒྲུབ་པ་རྣམས། །གནས་འདི་འདྲ་བསྟེན་ནས་ཡེངས་མེད་བསྒོམས། །བུ་འདིར་བཞུགས་རས་པ་དཔོན་སློབ་རྣམས། །ཉམས་དགའ་བར་ཨེ་གདའ་ལྟོས་དང་གསལ། །ཅེས་གསུངས་པས། སྣང་བ་དགའ་ལྷག་ལྷག་པས་ཁོང་རྣམས་ན་རེ། །བླ་མ་ལགས་དགོན་པ་འདི་ཐག་རིང་མཐུན་རྐྱེན་ཡང་དཀོན་པས། སྙེ་ནམས་ཀྱི་རི་ཕུག་ཅིག་དུ་བཞུགས་པས་ཉེ་གནས་རེ་ཡང་འཛག་པ་དང་། རས་པ་དཔོན་སློབ་ཡང་འཚོ་བ་མ་བཀྲེས་པ་མཛད་པར་ཞུ་ཞུས་པས། ཡང་འགུར་འདི་གསུངས་སོ། །བླ་མ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྦྲང་རི་ཁྲོད་ཟིན་པར་ཐུགས་རྗེའི་ཟུང་། །འདིར་བཞུགས་ཡོན་བདག་དད་པ་ཅན། །ཐེག་རེ་དཔོན་ཡང་ཡང་འབྱོན་པ་ལ། །གདབ་ལན་ཀླུའི་འཇལ་བ་དེ། །ཁྲོམ་གཏམ་གྱི་མགོ་གཡོག་མ་ལགས་ཏེ། །ཉམས་སྣང་བ་མཐུན་པའི་སྐྱིད་སྐྱིད་ཡིན། །ཚིག་སྙན་པའི་མན་ངག་བཤད་པ་དེ། །བཅོས་མའི་ཁ་རྒན་མ་ལགས་ཏེ། །སེམས་ལ་ཨེ་ཕན་གྱིས་
(༩༤)སྙིང་གཏམ་ཡིན་ །གནས་ཆུ་ཤིང་འཛོམ་པའི་དགོན་པ་འདི། །འཁོར་ཉེ་གནས་ཟེར་བ་རྫུན་དུ་གདའ། །ཟ་རོག་ངན་པ་དགོས་རྒྱུ་ཆུང་། །ཉེ་གནས་ཤེས་རབ་རལ་ཁ་བྱེད། །གཅིག་པུར་རི་ལ་སྡོད་པ་ལ། །ནོར་ཟིང་ཟིང་ཟེར་པ་རྫུན་དུ་གདའ། །དགྲ་བོ་གཡབ་པོ་དགོས་རྒྱུ་ཆུང་། །ཆོག་ཤེས་ཀྱི་ཕྱུག་ལ་ཟད་པ་མེད། །ལྷུན་འགྲུབ་གཏུམ་མོ་འབར་ཙ་ན། །གོས་ལོག་ཟེར་བ་རྫུན་དུ་གདའ། །ཁྲེས་ལོག་ཁུར་པས་དགོས་རྒྱུ་ཆུང་། །བདེ་སྟོང་རང་འོང་ཤིན་ཏུ་བདེ། །རིན་ཆེན་སེམས་ཀྱི་གཏེར་རྙེད་ཙ། །ལས་སོ་ནམས་ཟེར་བ་རྫུན་དུ་གདའ། །བྲལ་བྲེལ་གཡེང་བས་དགོས་རྒྱུ་ཆུང་། །ཉམས་གསལ་སྟོང་རིག་པ་ཟད་རྒྱུ་མེད། །རང་རིག་འོད་གསལ་རྟོགས་ཙ་ན། །ཁ་ལྟ་སྐམ་པོ་རྫུན་དུ་གདའ། །ཁས་ལེན་གྲུབ་མཐའ་དགོས་རྒྱུ་ཆུང་། །སྟོང་ཉིད་ཆོ་འཕྲུལ་རང་དབང་ཆེ། །རང་བྱུང་ཆོས་ཉིད་ཤར་ཙམ་ན། །དམིགས་བཅས་བསྒོམ་པ་རྫུན་དུ་གདའ། །སྡུག་ཙིར་སེམས་འཛིན་དགོས་རྒྱུ་ཆུང་། །གསལ་སྟོང་ཉེ་འབྲེལ་རང་དབང་ཆེ། །རྩལ་མེད་ཤུགས་འབྱུང་ཤར་ཙམ་ན། །བཅོས་མའི་ཚུལ་འཆོས་རྫུན་དུ་གདའ། །ལྷག་པའི་སྤྱོད་པ་རྫུན་དུ་གདའ། །སྐྱེ་མེད་སྤྲོས་བྲལ་གོ་ཙམ་ན། །སྒྲ་ཚད་སྒྲོ་གླིང་རྫུན་དུ་གདའ། །ཐ་སྙད་བསླབ་ནས་དགོས་རྒྱུ་ཆུང་། །།། །སེམས་མཐུན་སྣང་བ་རང་དབང་ཆེ། །ལམ་ནོར་བ་མེད་པའི་རྣལ་འབྱོར་པ། །སྐྱིད་ཇ་ཆང་གཉིས་ཀྱི་ཐབ་ཀ་མེད། །ཟས་ཤ་ཐུང་གཉིས་ཀྱི་འབྲོན་ཟས་མེད། །ཁྱེད་ཡོན་བདག་མཉེས་པའི་ནོར་རྫས་མེད། །མ་ཇོ་མོ་དགའ་བའི་སྐྱེ་གཟུགས་མེད། །འཁོར་སློབ་མ་དགའ་བའི་གཡེང་བ་མེད། །མི་ཐམས་ཅད་དགའ་བའི་ཕོ་རྒ་མེད། །སྤྲང་བློ་ཕུགས་སུ་ཆུད་པས་རྣལ་འབྱོར་བ་ལ་ཅིག་ཡང་མེད་པས་ཕུན་
(༩༥)སུམ་ཚོགས། །ཀླུ་བདེ་སྐྱིད་སྤྲོ་དགའ་ལེན་པ་དེ། །ཉམས་སྣང་བ་སྐྱོ་ཤེས་ཆེ་བའི་དོན། །ཁྱེད་འདིར་བཞུགས་ཡོན་བདག་བུ་སློབ་རྣམས། །ཉམ་སྐྱིད་པའི་སྨོན་ལམ་མང་དུ་ཐོབ། ཅེས་གསུངས་པས། ཡོན་བདག་རྣམས་དེད། །ཁོང་རྣམས་ཀྱིས་སྲོག་གཅོད་པ་སྤོང་བར་ཁས་བླངས་ཤིང་། ཁོང་རྣམས་དགེ་བསྙེན་བྱས་ནས་མ་ིའི་ལུང་བྱས་ཏེ། ཁ་མ་ི་དང་མ་བྲལ། ལག་འཕྲེང་པ་དང་མ་བྲལ་པར་བྱུང་ངོ་། །དེར་ཁོང་རྣམས་ན་རེ། བླ་མ་གཅིག་བུ་རང་ལ་མཉེས་པས་འདུག །དེད་གྲོང་བའི་ལས་དང་བྱ་བ་ཐེབས་རེ་ཐུགས་ལ་ཨེ་དྲན་ལགས་ཞུས་པས། དེ་ཆེད་པོ་མི་དྲན་དྲན་ན་གར་ཟུགས་གསུངས་ནས་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱི་རློབས། །ང་གནས་མི་མེད་ལུང་པར་བསྒོམས་བསྒོམས་ན། །ཁྱེད་གྲོང་བའི་གཡེང་བ་བརྗེད་དེ་ཐལ། །ངས་ན་མེད་སྡུག་བསྔལ་བྱས་བྱས་ནས། །སྐྱིད་འདོད་ཀྱི་ཟ་དགའ་བརྗེད་དེ་ཐལ། །དུག་པོའི་རས་བེམ་གོན་གོན་ནས། །ཕྱོར་རང་མཐོང་རང་རྩིས་བརྗེད་དེ་ཐལ། །སྤྲང་བེར་གྱི་མགོ་བོ་བཟུང་བཟུང་ནས། རེལ་ལུག་གི་སྐྱོང་རན་བརྗེད་དེ་ཐལ། །ངས་མེ་ལྕག་རྣོན་པོ་བཟུང་བཟུང་ནས། །ཁྱིམ་ཚེས་ངང་གི་བརྗེད་དེ་ཐལ། །གཉོམ་ཆུང་གི་འདུག་ཚུག་མཁས་མཁས་ནས། །མི་ཆེན་གྱི་ངོ་བསྲུང་བརྗེད་དེ་ཐལ། །ཚེ་ཕྱི་མའི་བདེ་སྐྱིད་བསམ་བསམ་ནས། །ཚེ་འདིའི་བདེ་སྐྱིད་བརྗེད་དེ་ཐལ། །ནམ་འཆི་སྣང་བ་འཕྲོས་འཕྲོས་པས། །ཞག་དང་ཟ་མ་བརྗེད་དེ་ཐལ། །ཨེ་འཆི་སྙིང་རུས་བྱས་བྱས་ནས། །ལོ་དང་ཟླ་བ་བརྗེད་དེ་ཐལ། །འཆི་ཙ་ཅུག་ཡོང་བསམ་
(༩༦)བསམ་པས། །མ་ཤི་གང་ཅུང་ཡོང་བརྗེད་དེ་ཐལ། །ལར་ཚེ་བློའི་བཏང་བཞིན་རླུང་ལ་ཕྱར། །དུས་གཏན་དུ་སྐྱིད་པ་ཞེ་ལ་འཕྲིད། །འཆི་བ་མྱུར་དུ་ཡོང་པ་ནམ་ཡོང་བསམ། །འཆི་ཙ་བཙན་ཐབས་སུ་འགྲོ་བ་ཨེ་འགྲུབ་བསམ། །ཁྱེད་འདིར་བཞུགས་ཀྱི་ཡོན་བདག་བུ་སློབ་རྣམས། །འཆི་བ་འདི་བཞིན་སོམ་ལ་ལྷ་ཆོས་མཛོད། ཅེས་གསུངས་པས། ཡོན་བདག་རྣམས་སྐྱོ་ཤེས་ཆེན་པོ་སྐྱེས་ཏེ་ཆོས་དང་དགེ་བ་ལ་བཀུལ་ནུས་པའི་དད་པ་ཅན་བྱུང་བས། བྲེང་དང་སྙེ་ནམ་དུ་རྗེ་བཙུན་གྱི་སྙན་པ་བརྗོད་པས། ཡུལ་མི་ཚོས་དགེ་བ་ལ་བརྩོན་ཞིང་། རྗེ་བཙུན་གྱི་མཛད་སྤྱོད་ལ་ཉན་པས་ཐམས་ཅད་ལ་སྣང་བ་དགའ་བས། བདེ་སྐྱིད་དཔག་ཏུ་མེད་པ་ལ་འཇུག་ནུས་པ་བྱུང་ངོ་། །དེ་ཐམས་ཅད་སྐྱིད་ཕུག་ཉི་མའི་སྐོར་རོ། །དེ་ནས་ཐམས་ཅད་རྗེ་བཙུན་གྱིས་བུ་སློབ་རྣམས་ལ་གནས་གཅིག་རང་དུ་ལོ་མང་བས། གནས་འབྱམས་པས། རྣལ་འབྱོར་བས་བསྒྲུབ་པ་དང་བརྩོན་འགྲུས་ཡང་འཇམས་འགྲོ་བས། ང་ལེང་བས་བྲག་ལ་བསྒོམ་དུ་འགྲོ་གསུངས་པས། སློབ་མ་རྣམས་ཀྱིས་ངེད་ཚོ་ཡང་འགྲོ་ལགས་ཞུས་པས། མི་མང་པོ་སོང་བ་ལ་མི་དགའ། ང་ལ་ཁམས་འདུས་ཐེབས་གསུམ་ཡོང་བ་ལ། ཁམས་འདུས་དང་པོ་ལ་ཕྱི་ཆུ་བཟང་དང་བྲག་དམར་མཆོང་གླིང་དུ་ཡོང་བས། ད་ཡང་རི་ཁྲོད་གཉན་པོ་ཅིག་ཏུ་ཁམས་འདུས་ཡོངས་ནས་མི་དགའ་གསུངས་པས། སློབ་མ་རྣམས་ལིང་བའི་བྲག་ལུང་བ་ཅིག་དུ་བསྒོམ་དུ་བཅུག་ནས། ཁོང་རང་ལེང་བའི་བྲག་གསེབ་ཅིག་དུ་བསྒོམ་ཡིན་བཞུགས་པ་ལ། ནུབ་ཅིག་ཡིད་ལ་མེད་པར་ནམ་སྲོད་ཡོལ་ཙམ་ལ་བྲག་གསེར་ཀ་ན་བཤུགས་པ་ཅིག་ཙེ་རེ་རེ་བྱུང་
(༩༧)བས། རྗེ་བཙུན་གྱིས་གཟིགས་ཙ། བྲག་གི་ལོགས་ནས་འོད་དམར་པོ་ཅིག་ཁྱུག་ཁྱུག་བྱུང་བས། ལེགས་པོར་གཟིགས་ཙ། །འོད་དེའི་སྣ་ལ་མི་དམར་པོ་ཅིག་གླ་བ་ཅིག་ལ་ཞོན་ནས། བུད་མེད་ཅིག་གི་སྣ་ཁྲིད་དེ་རྗེ་བཙུན་གྱི་གཡོན་སྐོར་དུ་ཀོ་རོ་རོ་ཐམས་ཅད་པ་མགྱོག་པོར་ཤོག་ཟེར་བ་མང་པོ་ཡོད་པའི་བརྡའ་བྱེད་ཡིན་འདུག་པས། རྗེ་བཙུན་གྱི་འདི་བྲག་སྲིན་མོའི་ཆོ་འཕྲུལ་ཡིན་པ་རེད་དགོངས་ནས་འགུར་འདི་གསུངས་སོ། །ཡོངས་མིང་ལ་བར་ཆོད་མཐོ་འཚམས་པ། །མི་སྡུག་སྤྲུལ་པའི་གཟུགས་བརྙན་ཅན། །ཁྱོད་ལིང་བ་བྲག་གི་བྲག་སྲིན་མོ། །ལས་ངན་འདྲེ་མོ་མ་ཡིན་ནམ། །ཀླུ་སྙན་པའི་འགྱུར་ཁུགས་ངས་མི་ཤེས། །ངག་བདེན་པའི་ཚིག་འདི། །ཁྱོད་ཀྱང་ཉོན། །ཡ་གི་དགོངས་སྔོན་དཀྱིལ་ཤེད་ན། །ཉི་ཟླ་ཟུང་ཅིག་གཡང་ཆགས་པ། །དེ་ངོ་མཚར་ལྷའི་གཞལ་ཡས་ཁང་། །འོད་ཟེར་སྐྱེ་འགྲོའི་དཔལ་དུ་ཤར། །ལས་སུ་གླིང་བཞིའི་མུན་པ་སེལ། །གཟའ་ཁྱབ་འཇུག་དགྲ་རུ་མ་ལྡང་ཅིག །གཟའ་ཁྱབ་འཇུག་འདྲེ་རུ་མ་གནོད་ཅིག །ཤར་རྩེ་མཐོ་ཤེལ་གྱི་གདངས་རི་ལ། །སེང་ལྕམ་དཀར་མོའི་གཡང་ཆགས་པ། །དེ་བྱོལ་སོང་ཀུན་གྱི་རྒྱལ་པོ་ཡིན། །ཆེ་རྟགས་སུ་གོད་ཀྱི་ཤ་མི་ཟ། །ཁོང་གངས་དཀར་ཟུར་ཁ་འགྲིམས་པ་ལ། །བུ་ཡུག་དགྲ་རུ་མ་ལྡང་ཅིག །བུ་ཡུག་འདྲེ་རུ་མ་གནོད་ཅིག །ལྷོ་ནགས་མ་གསེབ་ཀྱི་ལྡིང་ཁང་ན། །རྒྱ་སྟག་ཁྲོ་བོ་གཡང་ཆགས་པ། །དེ་གཅན་ཟན་རྣམས་ཀྱི་ཀྱད་པོ་ཡིན། །དཔའ་རྟགས་སུ་རང་གི་སྲོག་མི་འཕངས། །ཁོང་དོག་མོའི་ས་འཕྲེང་འགྲིམ་པ་ལས། །ས་མདའ་དགྲ་རུ་མ་ལྡང་ཅིག །ས་མདའ་འདྲེ་རུ་མ་གནོད་ཅིག །ནུབ་མ་
(༩༨)པང་གཡུ་མཚོ་མེར་པ་ལ། །འགྱུ་མོ་ཉའི་གཡང་ཆགས་པ། །དེ་འབྱུང་པོ་ཆུའི་ཀར་མཁན་ཡིན། །ཡ་མཚན་གསེར་མིག་འཁྱིལ་བ་ཡོད། །ཁོང་འདོད་ཡིན་ཟས་ཀྱི་ཕྱི་འབྲེང་ལ། །ལྕགས་ཀྱུ་དགྲ་རུ་མ་ལྡང་ཅིག །ལྕགས་ཀྱུ་འདྲེ་རུ་མ་གནོད་ཅིག །བྱང་ལེང་བའི་བྲག་མར་བསམ་ཡས་ན། །བྱ་རྒྱལ་རྒོད་པོ་གཡང་ཆགས་པ། །དེ་འདབས་ཆགས་བྱའི་དྲང་སྲོང་ཡིན། །ངོ་མཚར་གཞན་གྱི་སྲོག་མི་གཅོད། །ཁོང་རི་གསུམ་རྩེ་ལ་གཟན་འཚོལ་པས། །འགུལ་སྙི་དགྲ་རུ་མ་ལྡང་ཅིག །འགུལ་སྙི་འདྲེ་རུ་མ་གནོད་ཅིག །བྲག་རྒོད་ཚངས་ཅན་གྱི་ལིང་ང་འདིར། །དམི་ལ་རས་པ་གཡང་ཆགས་པ། །རྒྱུ་བྱང་ཆུབ་མཆོག་དུ་སེམས་བསྐྱེད་ནས། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །རྩེ་གཅིག་སངས་རྒྱས་བསྒྲུབ་པ་ལ། །ཁྱོད་བྲག་སྲིན་མོ་དགྲ་རུ་མ་ལྡང་ཅིག །བྲག་སྲིན་མོ་འདྲེ་རུ་མ་གནོད་ཅིག །གླུ་ངོ་མཚར་དཔེ་ལྔ་དོན་དང་དྲུག །ཚིག་སྙན་ངག་མདོ་ལིང་གསེར་ཐགས་ཅན། །དོན་མཇལ་པར་གདའ་འམ་བྲག་སྲིན་མོ། །ལས་བསགས་ཡིན་ལྗིབ་ལྗིབ་སྡིག་པ་ཡིན། །ཁྱོད་སྡིག་ལ་ནན་ཏན་མ་ཆེ་བར། །ངན་སེམས་གདུགས་རྩུབ་ཞི་བར་མཛོད། །ཁྱོད་མ་གནོད་མ་གནོད་འདྲེ་མོ་ངན། །མི་ང་ལ་མ་གནོད་ཕར་ལོག་ཅིག །ཅེས་གསུངས་པས། མེ་དེས་རྗེ་བཙུན་ལ་གྲུ་ཚུགས་ཅིག་བརྒྱབས་ནས་གར་སོང་ཆ་ཡང་མེད་དོ། །དེ་ནས་བུད་མེད་དེ་ཁྱི་མོ་དམར་མོ་ཅིག་དུ་སྤྲུལ་ནས། རྗེ་བཙུན་གྱི་ཞབས་གཡས་པའི་མཐེ་བོང་ལ་འཇུས་ནས། བྱུང་བ་ལ། རྗེ་བཙུན་གྱི་བྲག་སྲིན་མོ་ཁྱོད་སྙིང་རེ་རྗེ་ཨང་དགོངས་པས་འགུར་ཚིག་བཞི་པ་འདི་འགུར་དུ་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་པ་འདེབས། །ལས་རེ་ངན་གདུག་རྩུབ་བསམ་པ་ལས། །ཞེ་རེ་འགྱོད་སྡིག་པའི་རྣམས་སྨིན་ལ། །བསམ་ཤིང་རང་ཉིད་སྙིང་རླུངས་
(༩༩)འཁྲུག་པའི་རྒྱུ། །ང་སྟོང་ཉིད་འབྱོངས་པའི་རྣལ་འབྱོར་བ། །འདྲེ་ཁྱོད་ནི་གནོད་པ་མི་སྲིད་ཏེ། །སེམས་ལ་གནོད་པས་སྡིག་པ་ཆེ། །ལར་ཐམས་ཅད་སེམས་སུ་མ་ཤེས་ནས། །རྣམས་རྟོགས་ཀྱི་འདྲེལ་ཟད་པ་མེད། །སེམས་ཉིད་སྟོང་བར་མ་རྟོགས་ན། །འདྲེ་ལོགས་ན་ཡོད་སྙམ་འཁྲུག་པ་ཡིན། །གནོད་སྦྱིན་ཕ་མར་མ་ཤེས་ན། །རྒྱུད་ངན་པའི་འདྲེ་ལ་ཟད་མཐའ་མེད། །སེམས་སྟོང་ཉིད་བྱང་ཆུབ་དུ་མ་གྲོལ་ན། །འདྲེ་བརྡུངས་ཡིན་ཇེ་མང་ཇེ་མང་འགྲོ། །འདྲེ་ཁྱོད་པས་སྣང་སྲིད་དགྲར་ལངས་ཀྱང་། །འཇིག་སྣང་གི་ཁུ་འཕྲིག་དབྱིངས་སུ་ཡལ། །རྫུན་སྣང་གི་ཟོལ་ཟོགས་རླུང་ལ་ཤོར། །ད་བྱང་ཆུབ་སེམས་ཀྱི་རྫོངས་ནང་དུ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བདག་གཞན་དོན་ལ་རྩོལ་མེད་འགྲུབ། །འདྲེ་བྱང་སེམས་སྐྱེད་ཅིག་ལེགས་པར་སྤྱོད། །སྐལ་བ་བཟང་པོའི་ཆོས་ཅིག་མཛོད། །ཚེ་འདི་བདེ་ཕྱི་མ་ཤིན་ཏུ་བདེ། །དུས་རྒྱུན་དུ་བདེ་བས་གོ་བར་གྱིས། ཅེས་གསུངས་པས། ཞབས་ནས་བཟུང་བ་དེ་མ་བཏང་བར། གཟུགས་མེད་པའི་སྐད་ལྷང་ལྷང་པ་ཅིག་ལ། པར་སྣང་ནས། འདི་སྐད་ལན་བཏབ་པས་འདྲེ་མོ་ཡི་དྭགས་ཀྱི་ཚིགས་དབྱངས་རྟ་ལ་བསྐྱོན་པ་འདི་སྐད་དོ། །ཨེ་མ་སྐལ་ལྡན་རིགས་ཀྱིས་བུ། །གཅིག་བུར་སྡོད་པའི་སྙིང་སྟོབས་ཅན། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ། །དཀར་བ་སྤྱད་པའི་ངོ་མཚར་ཅན། །མི་ཁྱོད་ཀྱི་ཀླུ་དབྱིངས་རྒྱལ་པའི་བཀའ། །རྒྱལ་བའི་བཀའ་དེ་གསེར་བས་ལྕི། །གསེར་ལ་རག་གཤོག་མཚང་དུ་ཆེ། །མཚང་དེ་ལ་སླར་ལོགས་མ་ཤེས་ན། །ཁྱོད་སྔན་ཆད་བཟླས་པ་རྫུན་དུ་གདའ། །དེ་ཡན་ཆད་རྒྱལ་པོའི་ཁྲིམས་ཀྱིས་བཀའ། །དྭད་པ་ལ་དྲངས་པའི་ཚིག་ལན་
(༡༠༠)འཚལ། །ཚིག་མ་ཡེངས་དར་ཅིག་གསན་པར་ཞུ། །ཡ་གི་དགུང་སྔོན་དཀྱིལ་ཤེད་ན། །འོད་གསལ་ཉི་ཟླའི་གཡང་ཆགས་པ། །གླིང་བཞིའི་མུན་པ་སངས་སོ་སྐད། །ཁོང་སྣང་སྣང་བྱར་མི་གཏོང་ཞིང་། །དཀྱིལ་འཁོར་འོད་ཀྱི་མ་བསླུས་ན། །གཟའ་ཁྱབ་འཇུག་དགྲ་རུ་ཅི་ལ་ལྡངས། །ཁྱབ་འཇུག་འདྲེ་རུ་ཅི་ལ་གནོད། །ཤར་གངས་ཀར་ཤེལ་གྱི་ཟུར་ཕུང་ལ། །སེང་ལྕམ་ཀར་མོའི་གཡང་ཆགས་པ། །འབངས་བྱོལ་སོང་ཁྲིམས་ལ་གནོན་ནོ་སྐད། །ཁོང་ཁྲོ་གཏུམ་ང་རྒྱལ་མི་ཆེ་ཞིང་། །གཡུ་རལ་སྔོན་པོས་མ་བསླུས་ནས། །བུ་ཡུག་དགྲ་རུ་ཅི་ལ་ལྡང་། །བུ་ཡུག་འདྲེ་རུ་ཅི་ལ་གནོད། །ལྷོ་ནགས་མ་གསེབ་ཀྱི་ལྡིང་ཁང་ན། །སྟག་རུས་རི་བཀྲའི་གཡང་ཆགས་པ། །སྤྱིར་སྡེར་ཆགས་ཟིལ་གྱི་གནོན་ནོ་སྐད། །ཁོང་ཡང་རྩལ་དྲེགས་པས་མི་རློམས་ཞིང་། །རི་མོ་འཛུམ་གྱིས་མ་བསླུས་ན། །ས་མདའ་དགྲ་རུ་ཅི་ལ་ལྡང་། །ས་མདའ་འདྲེ་རུ་ཅི་ལ་གནོད། །ནུབ་མ་པང་གཡུ་མཚོ་མེར་པ་ལ། །འགྱུ་མོ་ལྟང་ཀར་གཡངས་ཆགས་པ། །ལྷ་དྲང་སྲོང་གཟིགས་མོ་ཆེའོ་སྐད། །ཁོང་ཁ་ཟས་དོན་དུ་མི་གཉེར་ཞིང་། །སྒྱུ་མས་ལུས་ཀྱིས་མ་བསླུས་ན། །ལྕག་ཀྱུ་དགྲ་རུ་ཅི་ལ་ལྡང་། །ལྕག་ཀྱུ་འདྲེ་རུ་ཅི་ལ་གནོད། །བྱང་ལེང་པའི་བྲག་མར་བསམ་ཡས་ལ། །བྱ་རྒྱལ་རྒོད་པོ་གཡངས་ཆགས་པ། །འདབ་ཆགས་ཟིལ་གྱིས་གནོན་ནོ་སྐད། །ཁོང་ཤ་ཁྲག་གཟེན་དུ་མི་འཚོལ་ཞིང་། །གཤོགས་དྲུག་ལྡེམས་ཀྱི་མ་བསླུས་ན། །འགུལ་སྙི་དགྲ་རུ་ཅི་ལ་ལྡང་། །འགུལ་སྙི་འདྲེ་རུ་ཅི་ལ་གནོད། །བྲག་རྒོད་ཚངས་ཅན་གྱི་ལིང་པ་ལ། །ཁྱོད་མིད་ལ་རས་པ་གཡང་ཆགས་པ། །འགྲོ་དྲུག་ལམ་སྣ་འདྲེན་ནོ་སྐད། །ཁྱེད་རྣམས་རྟོགས་ཉེར་ལེན་མི་མང་ན། །རང་སྣང་བག་ཆགས་མ་འཁྲུལ་ཅིང་། །རང་སེམས་དགྲ་
(༡༠༡)རུ་མི་ལངས་ན། །ང་བྲག་སྲིན་མོ་དགྲ་རུ་ཅི་ལྡངས། །ང་བྲག་སྲིན་མོ་འདྲེ་རུ་ཅི་ལ་གནོད། །ལར་བར་ཆོད་བདུད་འདི་སེམས་ལ་བྱུང་། །སེམས་ཉིད་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཅིག་བྱས་པས་ང་མི་འགྲོ། །རང་སེམས་སྟོང་བར་མ་ཤེས་ན། །འདྲེ་ང་བས་མི་ཚད་གཞན་ནས་མང་། །རང་སེམས་རང་གི་ངོ་ཤེས་ན། །མི་མཐུན་རྐྱེན་རྣམས་གྲོགས་སུ་འཆར། །ང་བྲག་སྲིན་མོ་ཡང་འབངས་སུ་མཆིས། །ལར་ཁྱོད་ཀྱི་སེམས་ལ་ཁུ་འཕྲིག་ཡོད། །ད་རུང་ཁུ་འཁྲིག་བདེན་རྫུན་ལྟོས། །ད་རུང་འཁོར་བས་རྫུན་ཕུག་རྡིབས། །ད་རུང་སེམས་ཉིད་གདན་ལ་ཕོབ། །ད་རུང་འཁྲུལ་པའི་ཕུག་ཐག་ཆོད། །ཅེས་བྲག་སྲིན་མོའི་ནམ་མཁའ་ནས། དེ་སྐད་བརྗོད་པ་དང་། རྗེ་བཙུན་ཆེན་པོའི་མིའི་ཚིག་ལ་དེས་ཤེས་དྲག་པོ་སྐྱེས་ཏེ། དེའི་ལན་དུ་འགུར་འདི་གསུངས་སོ། །ཁྱོད་བདེན་ནོ་བདེན་ནོ་འདྲེ་མི་ངན། །ཚིག་རེ་ལ་བདེན་པ་ཡོད་རེ་དཀོན། །ངས་སྔན་ཆད་རྒྱལ་ཁམས་འགྲིམས་འགྲིམས་པ། །ཀླུ་དེ་ལ་སྙན་པ་ཚོར་མ་མྱོང་། །མཁས་བཙུན་བརྒྱའི་ཞལ་ཕྱེ་ཡང་། །དོན་དེ་བས་ཟབ་པ་ཡོངས་རི་ཤི། །ཕ་བླ་མའི་བཀའ་དྲིན་དངོས་སུ་ཤར། །འདྲེ་ཁྱོད་ཀྱི་ཁ་ནས་ལེགས་བཤད་བྱུང་། །ལེགས་བཤད་གསེར་གྱི་ཐུར་མ་དེ། །མི་བདག་གི་རྣམས་ཤེས་སྙིང་ལ་བརྒྱབ། །ནད་དངོས་པོར་འཛིན་པའི་སྙིང་རླུང་བཏོན། །མ་རིག་འཁྲུལ་བའི་མུན་པ་བསལ། །བློ་པད་མ་དཀར་པོ་ཁ་ཕྱེ་བས། །རང་རིགས་གསལ་བའི་སྒྲོན་མེ་སྦར། །དྲན་པའི་ཡེ་ཤེས་དུད་ཀྱི་སད། །དྲན་པ་སད་དམ་མ་སད་ལ། །རྒུད་སྔོན་དབྱིངས་ལ་ཡར་བལྟས་ཙ། །ཆོས་ཉིད་སྟོང་པ་དུད་ཀྱིས་དྲན། །ད་སོ་སོའི་ཆོས་ལ་ཉམ་ང་མེད། །ཉི་ཟླ་གཉིས་ལ་ཕར་བལྟས་པས། །སེམས་ཉིད་འོད་
(༡༠༢)གསལ་དུད་ཀྱི་དྲན། །ང་བྱིང་རྒོད་གཉིས་ལ་ཉམ་ང་མེད། །རི་བོའི་རྩེ་ལ་ཕར་བལྟས་ཙ། །འགྱུར་མེད་ཏིང་འཛིན་བརྟན་པར་ཚུགས། །ང་འཕོ་འགྱུར་གཉིས་ལ་ཉམ་ང་མེད། །ཆུ་བོའི་གཞུང་ལ་ཕར་བལྟས་པས། །ཉམས་མྱོང་ཡེ་ཤེས་རྒྱུན་ཆད་མེད། །ང་བློ་བུར་གྱི་རྣམས་རྟོག་ཉམ་ང་མེད། །འཇའ་ཚོན་རི་མོ་ལ་ཕར་བལྟས་པས། །གསལ་སྟོང་ཟུང་འཇུག་དབྱིངས་སུ་འདྲེས། །ང་རྟག་ཆད་གཉིས་ལ་ཉམ་ང་མེད། །མེ་ལོང་གཟུགས་བརྙན་མཐོང་ཙམ་ན། །འཛིན་མེད་རང་ཤར་དུར་གྱི་དྲན། །ང་གཟུངས་འཛིན་ཞེན་པ་ཉམས་ང་མེད། །རང་རིག་སེམས་ལ་ཚུར་བལྟས་ཙ། །བུམ་ནང་མར་མེ་ད་ལེ་གསལ། །ང་གཏི་མུག་རྨོངས་པ་ཉམ་ང་མེད། །འདྲེ་ཁྱོད་ཀྱིས་ཁ་ནས་ཚིག་ཐོས་པ། །མི་ཁོའི་རང་སྣང་སལ་གྱི་ཤར། །ང་བར་ཆད་བགེགས་ལ་ཉམས་ང་མེད། །འདྲེ་མོའི་ཀླུ་དབྱངས་ཆོས་ཀྱི་སྒྲ། །ཐོས་པས་ཁོ་བོ་སྤྲོ་པ་སྐྱེ། །འདྲེ་དང་བདུད་ལ་ཉམས་ང་མེད། །ཨ་མཚར་པོ་གཏན་སྙན་དབྱིངས་ནས་ཐོས། །བསམ་ཤིང་ཁོ་བོ་ངོ་མཚར་སྐྱེས། །ཐེ་ཚོམ་གཉིས་ལ་ཉམ་ང་མེད། །ཁྱོད་ལེགས་བཤད་དེ་འདྲ་ཤེས་ཤེས་ན། །སེམས་ཀྱི་དེ་ཉིད་གོ་གོ་ན། །ལུས་ངན་འདྲེ་མོར་སྐྱེ་བ་ཅི་ལན་ཨང་། །ལུས་ངན་སྡུག་བསྔལ་བསྒྲུབ་བསྒྲུབ་ཅིང་། །ལས་ངན་གནོད་ཅིང་འཚེ་བར་བྱེད། །དེ་རྒྱུ་འབྲས་ཁྱད་དུ་བསད་པས་ལན། །ད་ནི་འཁོར་བའི་ཉེས་མིག་བསྒོམ། །སྡིག་མི་དགེ་བཅུ་པོ་གཏན་སྤོངས་ལ། །ཆོས་དགེ་བ་བཅུ་པོ་དང་དུ་ལོང་། །ང་སེང་གེ་ལྟ་བུར་ཉམ་ང་མེད། །འགྱུར་བ་མེད་པའི་རྣལ་འབྱོར་ལ། །འདྲེ་ཁྱོད་ཀྱིས་དོ་ནུབ་ཐོ་འཚམས་པ། །གནོད་སྦྱིན་ཤ་ཟ་སྤུན་ལྔ་དང་། །མིག་སྒྱུར་སྤྲུལ་པས་འདྲེ་
(༡༠༣)མོ་རྣམས། །རྒྱལ་པོ་བྱམས་པའི་སྟོབས་བཞིན་དུ། །སྨོན་ལམ་འབྲེལ་བས་འཚམས་སྦྱར་ནས། །བྱང་ཆུབ་སེམས་དང་ལྡན་གྱུར་ཏེ། །དུས་ཕྱི་མར་ངའི་གདུལ་བྱར་ཤོག །ཅེས་གསུངས་པས། བྲག་སྲིན་མོ་དེས་ཞབས་ནས་བཟུང་བདེ་བཏང་ནས། །རླུང་མར་འཚུབ་མ་ཅིག་ཏུ་གྱུར་ཏེ། བྲག་དེ་ལ་རྡེབས་པ་བཞིན་བྱས་ནས་སོང་བ་ལ། །ཡང་ཚུར་ལ་བྲག་གསེབ་ནས་བཤུགས་པ་གྱུ་རུ་རུ་བྱས་ནས། ད་རུང་ལས་ངན་བག་ཆགས་ཀྱི་ཞད་ཅིག་བྱས་པ་ལ། །རྗེ་བཙུན་གྱི་སྙིང་རྗེའི་དམིགས་པ་བཏང་ནས། ཡང་ཚུར་ལ་ཅེ་ཉེ་བ་ལ་བཏང་ནས་སྙན་པའི་ཀླུ་དབྱངས་ཞུ་བའི་དོན་འགག་འདི་སྐད་ཅེས། ཟེར་རོ། །ཨེ་མ་སྐལ་ལྡན་རྣལ་འབྱོར་བ། །བསོད་ནམས་བསགས་པས་དམ་ཆོས་སྤྱད། །ངོ་མཚར་གཅིག་པུར་རི་བཞུགས། །ཐུགས་རྗེའི་སྤྱན་རྒྱང་འགྲོ་ལ་གཟིགས། །ང་པད་མ་ཐོད་འཕྲེང་རྒྱུད་པ་འཛིན། །དམ་ཆོས་ཚིག་གི་འཕྲེང་པ་ཉན། །ཚིག་ཐོས་ཡོད་ཀྱང་ཞེན་པ་ཆེ། །ང་རྣལ་འབྱོར་ཀུན་གྱི་ཚོགས་ཁ་འགྲིམས། །ལས་འཕྲོ་ཅན་རྣམས་དགེ་ལ་འཁོད། །སྐལ་པ་ཅན་རྣམས་དོན་དང་སྤྲོད། །སེམས་བཟང་སྣང་བ་དཀར་ལགས་ཀྱང་། །ལུས་ངན་མ་སོས་ལྟོགས་ཚོར་ཆེ། །ལས་སུ་འཛམ་གླིང་གྲོང་ཁྱེར་ཉུལ། །ཟས་སུ་ཤ་དང་ཁྲག་ལ་དགའ། །མི་ཙམ་པོ་ཕལ་པའི་སེམས་ལ་འཇུག །སྨན་ཕྱོར་མོ་ཀུན་ལ་གླུ་ཆུང་བསླུས། །ཕོ་ཕྱོར་པོ་ཀུན་ལ་མཚལ་རིས་བཏབ། །མིག་གི་ཀུན་ལ་ལྟད་མོ་བལྟས། །སེམས་ཀྱིས་རྒྱལ་ཁམས་ཞེ་ལ་མནན། །ལུས་ཀྱི་ཀུན་ལ་གཡེང་རྒྱག་བྱས། །གནས་ནི་ལེང་བའི་བྲག་ལ་གནས། །དེ་ཚོ་།།།
(༡༠༤)སྤྱོད་འགྲོས་ཡིན། །ཁྱེད་ཀྱི་དྲུང་དུ་ཞུ་བ་ལགས། །ལན་ཅིག་གླུ་རུ་བླངས་པ་ཡིན། །འོ་སྐོལ་མཇལ་བའི་སྤྲོ་དགའ་ཡིན། །ད་ལྟ་མཚར་བའི་ཞུ་དོན་ཡིན། །རྗེ་བཙུན་བཞུགས་པའི་ཞབས་ཏོག་ཡིན། །ང་རང་དད་པའི་གསལ་ཚིག་ཡིན། །གླུ་དྲང་གཏམ་ཕུལ་བས་མཉེས་པར་ཤོག །ཅེས་ཟེར་བས། རྗེ་བཙུན་གྱི་དམན་མོའི་རིགས་འདི་རྣམས་ཁ་མཁས་ཡང་ལག་ལེན་ལ་རེ་ན་མེད་པས། ད་རུང་དྲི་བ་བྱེད་དགོས་དགོངས་ནས། མོའི་ལན་དུ་འགུར་འདི་གསུངས་སོ། །ཨོ་ན་ཉོན་ཅིག་དམན་མོ་ཁྱོད། །སློབ་དཔོན་བཟང་སྟེ་སློབ་མ་ངན། །ལྷ་ཆོས་ཐོས་བསམ་མང་བྱས་ཀྱང་། །དོན་མགོ་ཚིག་གི་འཕྲེང་པ་བཟུང་། །ཁས་ཡག་ཡག་གཏམ་ཡང་ལག་ལེན་མེད། །ཁྲམ་གཏམ་ཁའི་སྟོང་བཤད་དེ། །རང་རྒྱུད་དྲི་མ་འདག་མི་སྲིད། །ཁྱོད་སྔོན་གྱི་བག་ཆགས་ངན་པ་དང་། །འཕྲལ་ཏུ་ལས་ངན་བསགས་བསགས་པ། །སྡོམ་པ་དམ་ཚིག་ཁས་ལེན་ཉམས། །དེའི་སྟོབས་ཀྱི་དམན་མོར་སྐྱེས། །ལུས་སྡུག་བསྔལ་ཤ་ཡི་གྲོང་དུ་རྒྱུག །ངག་མི་བདེན་དོན་རྐོག་རྫན་རྫུན་མང་། །སེམས་མི་དགེ་འགྲོ་བའི་སྲོག་ལ་གནོད། །ལུས་ངན་པའི་གཟུགས་སུ་སྐྱེས་པ་དེ། །ལས་རྒྱུ་འབྲས་ཁྱད་བསད་ཆེས་པ་ལན། །ད་འཁོར་བའི་ཉེས་མིག་བསམ་ཤེས་ན། །ལས་མི་དགེ་བསགས་ཚད་བཤགས་པ་གྱིས། །དགེ་བ་བསྒྲུབ་པར་ཁ་ཡིས་ལོངས། །ང་སེང་གེ་ལྟ་བུར་ཉམས་ང་མེད། །གླང་ཆེན་ལྟ་བུར་ཉམ་ང་མེད། །བསྙོན་པ་ལྟ་བུར་གཟར་གཏད་མེད། །ང་ཡིས་ཁྱོད་ལ་བདེན་ཚིག་བརྗོད། །ཁྱོད་ཀྱི་ད་རུང་དྲང་གཏམ་སྨྲོས། །མི་ང་ལ་བར་ཆོད་མཐོ་འཚམས་པ། །འདྲེ་ཁྱོད་ཀྱི་གཏན་གྱི་སོ་ནམས་རེམས། །སྔོན་གནོད་སྦྱིན་ཤ་ཟ་སྤུན་ལྔ་དང་། །རྒྱལ་པོ་བྱམས་པའི་སྟོབས་བཞིན་དུ། །ཆོས་སྨོན་ལམ་འབྲེལ་པའི་སྟོབས་
(༡༠༥)བཞགས་ན། །མ་འོངས་ན་དུས་ན་རྗེས་སུ་འཛིན། །དེ་རྟོགས་དཔྱོད་མཛོད་ཅིག་སྨན་མོ་འཕྲུལ། །ཅེས་གསུངས་པས། བྲག་སྲིན་མོའི་དྲང་པོའི་གཏམ་བཤད་པའི་དོན་གྱི་གླུ་འདི་ཕུལ་ལོ། །རྗེ་དུས་གསུམ་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་འཆང་ལ་དྲང་སྲོང་ལུས། །ངོ་མཚར་བསྟན་པའི་བདག་པོ་མཛོད། །ཡ་མཚར་བསྟན་པའི་བདག་པོ་མཛོད། །ཡ་མཚན་བྱང་ཆུབ་ཐུགས་བསྐྱེད་བཟང་། །དེད་དམན་མོ་མིང་སྲིང་བསོད་ནམས་ཆེ། །ཁྱེད་ཀྱི་གསུངས་ཐོས་གོ་བ་སྐྱེས། །ད་དང་པོར་སློབ་དཔོན་གཉན་ཀྱིས་བཀའ། །དམ་པའི་ལྷ་ཆོས་ཐོས་བསམ་བྱས། །ཕར་དུ་ལས་འཕྲོ་ངན་ལ་ཞུགས། །ཉོན་མོངས་གདུགས་རྩུབ་སྲན་བཟོད་མེད། །ཐ་མར་ཆོས་འཁོར་དམན་མོར་སྐྱེས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཕན་ཡང་བཏགས་ཏེ་གནོད་ཡང་བསྐྱལ། །དུས་ན་ཉིད་སོང་བའི་སྔོན་རོལ་ན། །ལིང་བའི་བྲག་ལ་སྒོམ་ཆེན་ཁྱེད། །བྱོན་ནས་གཅིག་པུར་བསྒྲུབ་པ་མཛད། །ངེད་ཡང་རེས་དགའ་རེས་མ་དགའ། །དགའ་བའི་ཕྱིར་ན་དོ་ནུབ་མཇལ། །མ་དགའི་ཕྱིར་ན་ཞབས་ལ་འཇུས། །དེ་གནོད་པའི་ཕྱིར་ན་རྗེས་ལ་བཤོགས། །དུས་ད་ལྟ་དམན་མོའི་གདུག་རྩུབ་སྤངས། །ཆོས་སྙིང་ན་བྱེད་ལ་སྡོང་གྲོགས་བྱེད། །མ་འོངས་དུས་ན་བདག་ཅག་རྣམས། །སྐུ་བདེ་ཆེན་འབྱོན་པའི་བསིལ་གྲིབ་མཛོད། །དུག་ལྔས་ཉིན་མཚན་གདུངས་པ་ལ། །ལས་ངན་འདྲ་མོ་བསྐྱབ་ཏུ་གསོལ། །ཁྱེད་ཀྱི་བཀའ་ལ་བརྟེན་ནས་སུ། །འདི་ནས་བཟུང་ནས་བྱང་ཆུབ་པར། །གདུགས་པའི་བསམ་པ་ཀུན་ཞི་སྟེ། །རྣལ་འབྱོར་སྐྱོང་བའི་སྲུངས་མ་བྱེད། །སྒྲུབ་པ་བྱེད་པའི་སྡོང་གྲོགས་བྱེད། །སྒོམ་ཆེན་ཀུན་གྱི་འབངས་མ་བྱེད། །ཆོས་བྱེད་ཀུན་གྱི་ཁ་འཛིན་བྱེད། །དམ་ཚིག་ཅན་གྱི་ལས་གྲོགས་
(༡༠༦)བྱེད། །བསྟན་པ་བསྲུངས་ཞིང་ཞབས་ཏོགས་བྱེད། །ཅེས་སྨོན་ལམ་བཟང་པོ་བརྗོད་ཅིང་། བསྒྲུབ་པ་བྱེད་པ་ཐམས་ཅད་ཀྱི་མགོན་བྱེད་ཅིང་། གནོད་པ་མི་སྐྱེལ་བར་དམ་བཅས་ཤིང་། དད་པ་གྱུར་བ་དང་། རྗེ་བཙུན་གྱིས། བྲག་སྲིན་མོ་རྗེས་སུ་འཛིན་པའི། འགུར་འདི་གསུངས་སོ། །ང་འཁོར་བ་སྤང་པའི་བན་འདེ་ཡིན། །བླ་མ་དམ་པའི་སྲས་བུ་ཡིན། །གདམ་ངག་རིན་ཆེན་གཏེར་མཛོད་ཡིན། །དམ་ཆོས་སྙིང་ནས་བསྒྲུབ་པ་ཡིན། །ཆོས་ཉིད་རྟོགས་པའི་རྣལ་འབྱོར་ཡིན། །སེམས་ཅན་རྣམས་ཀྱི་མ་རྒན་ཡིན། །སྙིང་སྟོབས་ཅན་གྱི་དཀའ་ཐུབ་ཡིན། །ཤཱཀྱ་ཐུབ་པའི་སྲོལ་འཛིན་ཡིན། །བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན། །བྱམས་པ་སྔོན་ནས་བསྒོམ་པ་ཡིན། །སྙིང་རྗེའི་གདུག་པ་འདུལ་པ་ཡིན། །ལིང་བ་བྲག་ལ་བྱོན་པ་ཡིན། །ཡེངས་པ་མེད་པར་བསྒོམ་པ་ཡིན། །ཁྱོད་དགའ་བར་སེམས་སམ་དམན་མོ་འཁྲུལ། །དགའ་བར་མ་ཚོར་ཁྱེད་ཅག་ངན། །འདྲེ་ཁྱོད་པས་ཆེ་བ་ངར་འཛིན་ཡིན། །འདྲེ་ཁྱོད་པས་མང་བ་འདུ་ཤེས་ཡིན། །འདྲེ་ཁྱོད་པས་ངན་པ་བསམ་ངན་ཡིན། །འདྲེ་ཁྱོད་པས་རྒོད་པོ་རྣམས་རྟོགས་ཡིན། །འདྲེ་ལངས་ཤོར་བག་ཆགས་ངན་པ་ཡིན། །འདྲེ་འདྲེ་རུ་བཟུང་ན་སྡང་བ་ཡིན། །འདྲེ་སྟོང་བར་ཤེས་ན་སོད་པ་ཡིན། །འདྲེ་ཆོས་ཉིད་དུ་གྲོལ་ན་གྲོལ་བ་ཡིན། །འདྲེ་ཕ་མར་ཤེས་ན་ཟིན་པ་ཡིན། །སེམས་བྱང་ཆུབ་ཏུ་རྟོགས་ན་འདྲེ་མིང་མེད། །དེ་ཡིན་ལུག་ཤེས་པས་ཐམས་ཅད་གྲོལ། །འདྲེ་དམན་མོའི་ཞུས་ཚིག་བདའ་རུ་བསྟན། །མི་ཁོ་བོའི་གདུལ་བྱར་དམ་ལ་བཏགས། །དམ་བཅའ་ཁྱེད་ཅག་ཚིག་བཞིན་ཉོན། །བདག་ཅག་རྡོ་རྗེ་འཛིན་པ་ཡི། །དམ་ཚིག་གཉན་པོའི་གསུངས་མ་བཀྲལ། །ཐུགས་རྗེའི་དྲག་པོའི་སུན་མ་བྱིན། །ལུས་ངག་བསམ་པའི་བར་
(༡༠༧)མ་གཅོད། །གལ་ཏེ་བབ་།།།སྤྱད་གྱུར་ན། །རྡོ་རྗེ་དམྱལ་བར་འགྲོ་བར་ངེས། །དོན་གལ་ཆེ་བས་ལན་གསུམ་གདབ། །དེ་གོ་བར་གྱིས་ལ་ལག་ལེན་སྐྱོངས། །འོ་སྐོལ་སྨོན་ལམ་བཟང་པོའི་འབྲེལ། །མ་འོང་དུས་ན་བདེ་ཆེན་ཞིང་། །རབ་འབྱམས་བསམ་གྱིས་མི་ཁྱབ་པར། །ཁྱོད་བྱང་ཆུབ་སེམས་དང་ལྡན་པར་གྱིས། །བྱང་ཆུབ་སེམས་དང་ཁྱོད་ལྡན་ན། །གདུལ་བྱར་འཁོར་གྱི་དང་པོར་སྐྱེ། །རྡོ་རྗེ་སེམས་དཔའི་བུད་མེད་བྱ། ཅེས་གསུངས་པས། དམ་ལ་བཏག་ནས་བྲག་སྲིན་མོ་ཡང་བདེན་པར་སྨྲ་ཡིན་སྨོན་ལམ་བཏབ། བླ་མས་བཀའ་བཀྱོན་ཡིན་ཆོས་བཤད་པས། བྲག་སྲིན་མོ་དད་པར་གྱུར་ནས། ཕྱག་དང་སྐོར་བ་བྱེད་ཡིན་ཡོད་པ་ལ་བླ་མ་ཐང་ཆད་པའི་སྣང་བ་འདྲ་བ་ཅིག་ལྟར་བ་ལས། གཉིད་ཡིན་ནམ་མིན་པའི་ཐུན་ཆུང་ཅིག་ལ་ཡོད་ཙ་ནམ་ལང་ནས་བྱུང་ཉི་མ་ཤར་རྩེ་ལ་བྲག་སྲིན་མོ་ནི་སྔར་གྱི་འདྲེ་གཟུགས་མེད་པར། ལྷ་མོ་ཡིད་དུ་འོང་བ་དཔོན་གཡོག་ལ་བྱས་ནས་འབྲས་ལ་ཕུགས་ལུ་དང་། གོར་བ་སྦྲང་ཤིང་མངར། རྒུན་འབྲུམ་ཁམ་བུ་ལ་སོགས་བའི་དཀར་གསུམ་མངར་གསུམ་གྱི་ཟས་སྣ་བརྒྱ་རྩ་བརྒྱད་བཤམས་ནས། བར་སྣང་གི་དབྱིངས་ན་སྨན་བཙུན་ལྔ་བོ་དེ་འགྲིན་གཅིག་ཏུ་བསྡེབ་ནས། ཆོས་ངེས་པའི་དོན་ཞུ་བའི་མཆོད་དབྱངས་འདི་ཕུལ་ལོ། །ཨེ་མ་ཡ་རབས་འཛངས་ཀྱི་བུ། །བསོད་ནམས་བསགས་པའི་སྐལ་བ་ཅན། །བླ་མ་བཟང་པོའི་བྱིན་བརླབས་ཅན། །སྒྲུབ་པ་བྱེད་པའི་སྙིང་རུས་ཅན། །གཅིག་པུར་སྡོད་པའི་སྟོབས་ཅན། །ཟབ་མོ་གནད་ཀྱི་སྒྲུབ་ལ་བརྩོན། །འདྲེ་པར་ཆོད་ཡོད་པར་མི་སྲིད་ཡང་། །ནང་རྩ་རླུང་རྟགས་ཀྱི་རྟེན་འབྲེལ་ལ། །སྒྱུ་མ་ཀར་གྱི་དོན་སྟོན་པས། །ངེད་ཅག་རྣམས་ཀྱི་སེམས་དང་བསྡོངས། །སྔོན་ཆད་ཤ་ཟ་སྤུན་ལྔ་ལ། །དིང་སང་སྨན་
(༡༠༨)བཙུན་སྤུན་ལྔར་བསྟན། །མ་འོང་ཚེ་རང་སྤུན་ལྔ་ལ། །སྨོན་ལམ་འབྲེལ་བའི་མངོན་ཤེས་ཤར། །སྔོན་ཆད་གྲུབ་ཐོབ་མང་མཇལ་ཡང་། །བཀའ་དྲིན་བྱིན་བརླབས་རྗེ་ལ་ཐོབ། །ད་སྨན་བཙུན་ལྔའི་ཞུ་འབུལ་བ། །ཆོས་དྲང་དོན་ཐེག་ཆུང་མགོ་སྐོར་འདི། །ལས་ཉོན་མོངས་ཐུལ་བར་དཀའ་བར་མཆིས། །ཁ་ཕྱད་སྟོང་བའི་ཕྱོར་འགྲོན་དེས། །རྐྱེན་སྡུག་བསྔལ་བྱུང་ནས་འབྲོས་པར་ངེས། །མི་ཆོས་གྲེད་དུ་སོང་བའི་སློབ་དཔོན་དེ། །རང་འདོད་པ་མ་གྲུབ་ཁྲོ་བར་འདུག །རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །ངེས་པའི་དོན་ལ་རྟོགས་པ་ཡི། །ཐུགས་ལ་འཁྲུངས་པ་ཟབ་མོའི་དོན། །གནད་ལས་དྲིལ་བ་མན་ངག་དབྱངས། །ངེས་དོན་མཐར་ཐུགས་སྐྱེལ་སོ་དེ། །བདག་ཅག་མིང་སྲིང་བྱམས་པའི་སྤུན། །འཁོར་དང་སློབ་མར་མ་མཆིས་པ་ལ། །རྡོ་རྗེའི་གསང་ཚིག་དམ་པས་དོན། །ཡེ་ཤེས་ཆེན་པོ་འོད་གསལ་བ། །མཆོག་གི་དོན་གསལ་གནང་དུ་གསོལ། །ངེས་དོན་ཟབ་མོ་གསང་བའི་རྒྱ། །ཐོས་པའི་ངན་སོང་ལྟུང་མི་སྲིད། །བསྒོམ་པས་འཁོར་བར་འཁྱམ་མི་སྲིད། །སྦ་སྲི་མེད་པར་གནང་བར་ཞུ། ཞེས་ཞུས་པས། རྗེ་བཙུན་གྱི་ད་རུང་ཆོས་དེས་དོན་བསྒོམ་མི་ནུས། གལ་ཏེ་ནུས་ན་ང་ལ་དམ་བཅའ་དྲག་པོ་དགོས་གསུངས་པས་འགྱུར་བ་མེད་པའི་སྲོག་སྙིང་ཐམས་ཅད་ཕུལ་ནས། ད་ཕྱིན་ཆད་ཆོས་མཛད་ཐམས་ཅད་གྲོགས་བྱེད་པར་དམ་བཅས་པས། རྗེ་བཙུན་གྱིས་ངེས་པའི་དོན་གྱི་ཉམས་དབྱངས་ཉི་ཤུ་རྩ་བརྒྱད་དུ་གྱུར་བ་འདི་འགུར་དུ་གསུངས་སོ། །རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་བརྗོད་པར་དཀའ་བའི་ལོཙྪ་བ། །ཕ་སྐུ་དྲིན་ཅན་གྱི་ཞབས་ལ་འདུད། །ང་རིགས་བྱེད་ཀླུ་མཁན་མ་ཡིན་ཏེ། །འདྲེ་ཁྱོད་ཀྱི་གླུ་ལོང་
(༡༠༩)གླུ་ལོང་ཟེར། །ད་རེས་གནས་ལུགས་ཀྱི་དབྱིངས་ཅིག་ལེན། །ཡང་འབྲུག་དང་གློག་དང་ལྷོ་སྤྲིན་གསུམ། །བྱུང་ཡང་ནམ་མཁའ་རང་ལས་བྱུང་། །ཐིམ་ཡང་ནམ་མཁའ་རང་ལ་ཐིམ། །འཇའ་དང་ན་འུན་ཁ་རླངས་གསུམ། །བྱུང་ཡང་བར་སྣང་རང་ལ་བྱུང་། །ཐིམ་ཡང་བར་སྣང་རང་ཐིམ། །རྩི་བཅུད་འབྲས་བུ་ལོ་ཏོག་གསུམ། །བྱུང་ཡང་ས་གཞི་རང་ལས་བྱུང་། །ཐིམ་ཡང་།།།རང་ལས་ཐིམ། །ནགས་ཚལ་ལོ་འདབ་མེ་ཏོག་གསུམ། །བྱུང་ཡང་རི་བོ་རང་ལས་བྱུང་། །ཐིམ་ཡང་རི་བོ་རང་ལས་ཐིམ། །ཆུ་རླངས་དང་ཆུ་རྒུ་ཆུ་བརླབས་གསུམ། །བྱུང་ཡང་ཆུ་བོ་རང་ལས་བྱུང་། །ཐིམ་ཡང་ཆུ་བོ་རང་ལས་ཐིམ། །བག་ཆགས་འཛིན་ཆགས་ཞེན་ཆགས་གསུམ། །བྱུང་ཡང་ཀུན་གཞི་རང་ལས་བྱུང་། །ཐིམ་ཡང་ཀུན་གཞི་རང་ལ་ཐིམ། །རང་རིག་རང་གསལ་རང་གྲོལ་གསུམ། །བྱུང་ཡང་རང་སེམས་རང་ལས་བྱུང་། །ཐིམ་ཡང་རང་སེམས་རང་ལས་ཐིམ། །སྐྱེ་མེད་འགག་མེད་བརྗོད་མེད་གསུམ། །བྱུང་ཡང་ཆོས་ཉིད་རང་ལས་བྱུང་། །ཐིམ་ཡང་ཆོས་ཉིད་རང་ལས་ཐིམ། །འདྲེར་སྣང་འདྲེར་འཛིན་འདྲེར་རྟོགས་གསུམ། །བྱུང་ཡང་རྣལ་འབྱོར་རང་ལས་བྱུང་། །ཐིམ་ཡང་རྣལ་འབྱོར་རང་ལས་ཐིམ། །ལར་བགེགས་རྣམས་སེམས་ཀྱི་འཁྲུལ་བ་སྟེ། །རང་སྣང་སྟོང་བར་མ་རྟོགས་ན། །འདྲེ་རང་རྒྱུད་དུ་འཛིན་ན་སྒོམ་ཆེན་འཁྲུལ། །ལར་འཁྲུལ་བའི་རྩ་བ་སེམས་ལ་བྱུང་། །སེམས་ཀྱི་ངོ་བོ་རྟོགས་པ་ལ། །འོད་གསལ་འགྲོ་འོང་མེད་པར་མཐོང་། །ཕྱི་ཡུལ་ཏུ་སྣང་བ་འཁྲུལ་བའི་སེམས། །སྣང་བའི་མཚན་ཉིད་བརྟགས་པ་ལ། །སྣང་བ་སྟོང་སྐྱེ་བ་མེད་པར་རྟོགས། །ལར་བསྒོམ་པ་ཉིད་ཀྱང་རྟོགས་པ་ལས། །མི་བསྒོམ་པ་ཡང་རྟོགས་པ་སྟེ། །བསྒོམས་དང་མི་བསྒོམས་
(༡༡༠)གཉིས་སུ་མེད། །གཉིས་འཛིན་གྱི་ལྟ་བ་འཁྲུལ་བའི་གཞི། །མཐར་ཐུགས་དོན་ལ་དགག་སྒྲུབས་མེད། །འདི་ཀུན་སེམས་ཀྱིས་མཚན་ཉིད་སྟེ། །རང་སེམས་ལ་ཡང་མཚན་ཉིད་མེད། །ནམ་མཁའི་མཚན་ཉིད་དཔེར་བཞག་ནས། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཚན་ཉིད་མེད་པ་བསྒོམ་བསྒོམས་ནས། །དོན་ཆོས་ཉིད་གཏན་ལ་འབེབས་པར་བྱེད། །ཆོས་ཆ་ཉིད་ལ་ཡང་མཚན་ཉིད་མེད། །མཐར་ཐུགས་དོན་ལ་དགག་བསྒྲུབ་མེད། །ཡང་དག་དོན་ལ་བསམ་རྒྱུ་མེད། །བསམ་རྒྱུ་ཤེས་པའི་སྒོམ་ཤེས་ན། །ཉོན་མོངས་ཤི་ཟད་བདར་ཟད་ཡིན། །བློ་མང་པོ་སྐྱེས་པ་ཕྱིན་ཆད་ན། །ཇི་ལྟར་བསྒོམ་ཡང་གྲོལ་མི་ནུས། །བསམ་མེད་རྟོགས་པ་ཟད་པ་ན། །སྡིག་པ་ལས་ངན་ཟད་པ་ཡིན། །ལས་ངན་རྟོགས་པ་མ་སྐྱེས་པར། །སྐྱེ་མེད་ངང་ལ་སྒོམ་ཟུག་ན། །འཁོར་བ་རྫུན་གྱི་ཟོལ་རི་ཡལ། །ལར་ལྟ་རྒྱུ་མེད་པས་དོན་ལ་ལྟོས། །ཡེངས་པ་མེད་པས་ངང་ལ་སྒོམས། །སྤྱོད་པ་གང་བྱུང་ངེས་མེད་སྤྱོད། །འབྲས་བུ་རེ་དོགས་ཐ་སྙད་སྤོངས། །འདྲེ་ཁྱོད་ཀྱི་དམ་ཆོས་དེ་ལ་མཛོད། །ང་སྟོང་འཇམ་ཀླུ་རང་ལེན་མི་ཁོམ། །ཁྱོད་འདྲི་རྒྱུ་མ་མང་ཁ་རོག་སྡོད། །ཁྱོས་ལོང་ཅིག་བྱས་པས་བླང་བ་ཡིན། །ད་ལྟ་ཁོ་བོས་སྨྱོན་ཚིག་ཡིན། །ད་ཁྱོད་ཀྱིས་ཁ་རོགས་སྡོད་ཟུག་ན། །ཟས་སུ་བདེ་ཆེན་ཟས་ལ་ཟོ། །སྐོམས་དུ་ཟག་མེད་བདུད་རྩི་འཐུང་། །ལས་སུ་རྣལ་འབྱོར་སྡོང་གྲོགས་མཛོད། །ཅེས་གསུངས་པས། བྲག་སྲིན་ལ་སོགས་པ་དད་པར་གྱུར་བས། ཕྱག་དང་བསྐོར་བ་མང་དུ་བྱས་འཇའ་ཡལ་བ་བཞིན་དུ་སོང་ངོ་། །དེ་ཕྱིན་ཆད་བྲག་རྒོན་དེ་ལ་སུ་བསྡད་བསྡད་ལ་གནོད་པ་མེད་
(༡༡༡)ཅིང་སྡོང་གྲོགས་བྱེད་དོ། །གུང་ཐང་ལིང་བས་མིད་ལ་རས་པ་དང་། བྲག་སྲིན་མ་གཉིས་ཀྱི་ཞུས་ལན་ལིང་བའི་བའི་སྐོར་ཏེ་སྐོར་ཆེན་པོའོ། །དེ་ནས་བརྒྱད་པ་ཆོས་བརྒྱད་དང་གྲོལ་དུ་ཤར་བའི་ཡོན་ཏན་ནི། གཉེན་འདུན་རང་གྲོལ་དང་། ཆོས་བརྒྱད་རང་གྲོལ་གཉིས་ཡིན་ཏེ། དང་པོ་གཉེན་འདུན་རང་གྲོལ་ནི། བུ་སློབ་རྣམས་ཡོངས་ནས་ལིང་བའི་བྲག་ནས་གདན་དྲངས་པས། སྙེ་ནམས་གྲོད་ཕུག་བྱ་བ་ཅིག་ནས་དགོན་པ་མཛད་པར་ཞུ་ཞུས་པས། ཁྲིད་ཞུ་བའི་ཡོན་བདག་ཕོ་མོ་མང་དུ་འཚོགས་པ་ལ། སྲིང་མོ་པེ་ཏ་མ་ཡང་ཟས་གོས་དུམ་པ་རེ་རྙེད་ཙམ་དུ་ཡོད་པ་ལ་མཇལ་དུ་བྱུང་བས། སྲིང་མོས་དགའ་ཆེས་དུ་བྲོའི་མཆི་མ་མང་དུ་ཤོར་ཏེ། མིང་པོའི་སྡུག་ཐུགས་པའི་ལས་ལ་མི་ཚེ་བསྐྱལ་ཨང་། མི་མ་ཤི་བ་འཕྲད་དུས་ཡོང་བར་འདུག །ད་དགོན་པ་འདི་རང་ན་བཞུགས་ན། ཚོགས་བསོགས་སྐྱེལ་ཟེར་མི་མང་པོ་དང་། ཆོས་ཞུ་ཟེར་མི་མང་པོ་གདའ་བས། བཞུགས་པར་ཞུ་བྱས་པས། རྗེ་བཙུན་གྱི་ཞེན་པ་རང་སར་ལོག་པའི་འགུར་འདི་གསུངས་སོ། །རྗེ་རྡོ་རྗེ་འཆང་ཆེན་མར་བའི་སྐུ། །སྤྲང་ཞེན་པ་བཟློག་པར་ཐུགས་རྗེས་ཟུང་། །ཚེ་འདི་ལ་ཞེན་ཅིང་ཞ་ཆགས་ཙ་ན། །འཆི་བ་ཡོངས་པ་མི་དྲན་ཏེ། །འཆི་བ་དུག་གི་ས་ན་སླེབ། །ཡང་ཡེངས་རྟོགས་འདོད་ཅན་ལ་ཞེན་པ་ལོགས། །གྲོགས་མང་འཁོར་གྱིས་བསྐོར་དུས་སུ། །འབྲལ་བ་ཡོང་པ་མི་དྲན་ཏེ། །བཤེས་གྲོགས་མཐུན་ཡང་མྱུར་དུ་འབྲལ། །གཉེན་ཚན་གདུང་སེམས་ཅན་ལ་ཞེན་པ་ལོགས། །སེར་སྣས་ཞིབ་དུ་སོགས་དུས་སུ། །བློ་བུར་ཡོང་བ་མི་དྲན་ཏེ། །བསག་ཚད་མིའི་མྱུར་དུ་སྤྱོད། །ཆོག་ཤེས་ཞེན་པའི་མི་ལ་ཞེན་པ་ལོགས། །སྐྱིད་མེད་ན་ཚ་མེད་དུས་སུ། །སྡུག་བསྔལ་ཡོངས་པ་མི་
(༡༡༢)དྲན་ཏེ། །སྡུག་བསྔལ་དགྲ་འདྲེས་ཡིད་སློང་བྱེད། །སོ་གསོད་རྐོག་ཉལ་མཁན་ལ་ཞེན་པ་ལོགས། །རྙེད་ཚད་ཁ་ན་བྲུབ་དུས་སུ། །ལྟོགས་པ་ཡོངས་བ་མི་དྲན་ཏེ། །འགྲངས་ལྟོགས་ཕྱུག་པོའི་བུ་ལ་འོང་། །ཆགས་སྲེད་གདུང་ཤ་ཅན་ལ་ཞེན་པ་ལོགས། །ཉོན་མོངས་དུག་ལྔས་ནོན་ཙ་ན། །ཆོས་ཀྱིས་ཕན་པ་མ་དྲན་ཏེ། །ཟས་ཁམས་གང་ཟབ་ཆོས་ཀྱི་དྲིན། །ལོག་ལྟ་གཏི་མུག་མཁན་ལ་ཞེན་པ་ལོགས། །རང་ལ་རང་རྩིས་སྐྱེས་ཙ་ན། །སྡིག་གི་གནོད་སྙམས་མི་དྲན་ཏེ། །སྡུག་བསྔལ་བྱུང་ཚད་སྡིག་གི་ལས། །སྡིག་པ་ཁྲེལ་འཛེམས་མེད་ལ་ཞེན་པ་ལོགས། །ཞེན་པ་ནང་ན་སྐྱེས་ཙ་ན། །གཏམ་ཕན་པར་སྨྲ་ཡང་ཉན་མཁན་མེད། །ཆོས་ལ་བྲོས་ཡིན་སྡིག་ལ་སྤྱོད། །བསམ་ཤིང་ཞེན་པ་གཏིང་ནས་འཁྲུགས། །ཕ་ལ་བུ་སྐྱེས་མིད་ལ་རས་པ་ལ། །སྲིང་མོའི་ཁད་ཞེན་པ་བཟློག་བའི་རྐྱེན། །འཁོར་བའི་ཞེན་པ་གཏིངས་ནས་ཟད་པར་ཤོག །ཅེས་གསུངས་པས། སྲིང་མོ་སྐྱེངས་པར་གྱུར་ཅིང་། རྗེ་བཙུན་གྱི་དྲུང་དུ་དེ་ནུབ་དེར་ཉལ་བསྡད་།།།ཚོགས་ཅིག་ཁྱེར་ནས་བྱུང་བས། སྲིང་མོ་ན་རེ། འོ་སྐོལ་མིང་སྲིང་ལ་དགྲ་འདི་ལས་ཆེ་བ་མེད་པས་མ་སྤྲད་ཅིག་ཟེར་བས། རྗེ་བཙུན་གྱི་དགྲ་དང་གཉེན་ཁྱད་མེད་པས། ཡོང་དུ་ཆུག་གསུངས་པས། སྲིང་མོ་ངོ་ནག་ཆིལ་གྱིས་སོང་སྟེ། རྗེ་བཙུན་གྱི་ཁྱོད་མ་འཁྲོ་ཅིག་དགོས་།།།སོ་ནམས་ཀྱི་ཡང་རབ་ཡིན་གསུངས་པས། ཨ་ནེ་ཡོངས་ནས་རྗེ་བཙུན་ལ་ཁས་དྲིས་བྱས་པའི་ལན་འགུར་འདི་གསུངས་སོ། །རྗེ་བླ་མ་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །ལན་རེ་བ་ཟད་པར་བྱིན་གྱི་རློབས། །ལར་བྱམས་པས་གཉེན་ལ་རེ་།།།སྡང་བའི་དགྲ་ལ་དོགས་ཙ་ཐར། །ལས་ངན་གྱི་མི་དེ་སྐྱིད་ཙ་སྡུག །རིགས་ངན་གྱི་བུད་ཚར་ཡིན་ལོད། །དྲིན་ཅན་གྱི་ཕ་མ་རྒས་ཙ་
(༡༡༣)སྡང་། །མི་ངན་གྱི་མདུན་མ་ཞུས་ཡིན་ལོང་། །ཁྲམ་པས་ངོ་དེ་བསྲུང་ཡིན་སྡང་། །ལྷ་ངན་གྱི་ཉེ་བ་འདྲིས་ཡིན་ངན། །ཨ་ནེའི་ཁ་ལ་རེ་བ་མེད། །ང་བྲག་ཀར་སྤོས་མཐོན་རྩེ་ལ་བསྒོམ་དུས་སུ། །ཁ་ཟས་ལྕགས་ཀྱི་བྲབ་དུས་སུ། །ཨ་ནེའི་ཕན་པ་རྩ་ཙམ་མེད། །གྲོད་བུའི་རི་ལ་ཕྱིན་དུས་སུ། །འདོད་ཡོན་ཆར་བ་བབ་པའི་ཚེ། །ཨ་ནེའི་ཚོགས་བསོགས་ཕན་པ་ཆུང་། །ཨ་ནེའི་བདེ་སྐྱིད་འབྱོར་བའི་ནོར། །ཆོས་ལ་བཏང་ནས་ཕྱི་མར་བདེ། །བསམ་ན་ནོར་ལ་སྙིང་པོ་མེད། །བསགས་ན་ཟས་ལ་དགྲ་འདྲེས་སྡང་། །གཅེས་ན་བུ་ལ་ན་ཚ་མེད། །མི་ལ་བརྙེས་ནས་རང་གི་བྱུར། །རོགས་ལ་སྡང་ནས་རང་སྲོག །རྗེ་ལ་བསྔོས་ནས་ཐལ་ཁུང་ལྟུང་། །གྲོས་ལ་ངན་ན་མི་ཡིས་འཁྱེར། །འགྲོ་འདུག་མང་ན་ཁྱི་དང་འཐུག །བྱ་སྤྱོད་ངན་ན་རླུང་གི་གཏོར། །རས་ཆུས་ཆེ་ན་རོགས་དང་འདྲས། །དེ་ལྟར་ཉན་ནས་ཕན་པའི་དབྱངས། །ཨ་ནེའི་སེམས་ལ་འཇོག་པར་ཞུ། །ཁ་ལས་ཉན་ནས་རྒྱལ་པོ་ཡིན། །མི་དང་མཐུ་ནས་ཡང་རྒྱལ་ཡིན། །ཆོས་དང་མཐུན་ན་ཆོས་རྒྱལ་ཡིན། །དགྲ་དང་མཐུན་ནས་དོན་རྒྱལ་ཡིན། །མིང་དང་ཨ་ནེ་དེ་རིང་མཐུན། །ཆོས་ལེགས་སྙིང་པོ་ཨ་ནེ་བཤད། །དེ་ཕན་པར་སེམས་ཡིན་ཡིད་ལ་ཟུང་། །དུས་རྟག་དུ་ཀུན་མཐུན་རྒྱལ་པོར་ཤོག །ཅེས་གསུངས་པས། ཨ་ནེ་ཡང་ཅུང་ཟད་སྙིང་ནས། རྗེ་བཙུན་གྱི་དྲུང་དུ་ཕྱག་དང་བསྐོར་བ་བྱས་ཏེ། བཤགས་པ་བྱས་ནས་དད་པར་གྱུར་ཅིང་རང་མཐུན་དུ་སོང་བས། མི་ཚེ་ན་རེ། ཨ་མཚར་པོ། ཆོས་པའི་མདུན་མ་པས་སླ་བར་མི་འདུག །བར་པ་ཡང་མི་དགོས་པར་འདུག །ཟེར། དེ་ནས་སྲིང་མོ་ན་རེ། ཁྱོད་ཨ་ནེས་ངེད་མིང་སྲིང་ལ་དེ་ཙམ་ཅིག་བསྡངས་ཡང་དེ་རང་ཡལ་ནས་ཐལ་ཟེར་བས། རྗེ་བཙུན་གྱི་མི་ཚད་སྔར་
(༡༡༤)ནས་ཡགས་པའི་སྨོན་ལམ་མང་དུ་སོང་བ་ཡིན་གསུངས་ནས་འགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་དྲུང་ཞབས་ཏོག་རེམ། །དད་ཀུས་གདུང་བ་རྒྱུན་ཆད་མེད། །རྗེ་མཉེས་པར་གྱུར་བས་ཡགས་པ་ཡིན། །ཕ་ཡུལ་བདུད་ཀྱི་གྲོང་ཁྱེར་སྤང་། །ཉེ་དུ་ཤན་པའི་གཤིན་རྗེ་བསྐུར། །ལས་བྱ་བ་ཐེངས་པ་ཡགས་པ་ཡིན། །མི་མེད་ལུང་བ་ཡུལ་དུ་བཟང་། །བྲག་ཕུག་སྟོང་པ་མཁར་དུ་བརྩིགས། །གཅིག་པུར་ཟུག་པས་ཡགས་པ་ཡིན། །སྙིང་རུས་དང་སྡུག་བསྲན་སྙིང་ཁམས་ཆེ། །དད་པ་དང་ཤེས་རབ་སྙིང་རྗེ་བཟང་། །ཡེངས་མེད་དུ་བསྒོམ་པ་ཡགས་པ་ཡིན། །བླ་མ་དང་སློབ་མ་གདམ་ངག་གསུམ། །བྱིན་བརླབ་དང་ནུས་པ་ཐུགས་རྗེ་ཆེ། །ཉམས་རྟོགས་འཁྲུངས་པ་ཡགས་པ་ཡིན། །ཉམས་ལེན་སེམས་བསྐྱེད་གནང་དུ་སོང་། །ལྷ་འདྲེ་མི་གསུམ་དམ་ལ་བཏགས། །འགྲོ་དོན་འགྲུབ་པ་ཡགས་པ་ཡིན། །ཨ་ནེ་སྲིང་མོའི་རེ་མཁང་དེ། །བླ་མ་སློབ་མ་ཡོན་བདག་རྣམས། །མཉམ་པོར་མཇལ་བས་ཡགས་པ་ཡིན། །ང་དེ་ལྟར་ཡགས་པའི་ལྕམ་སྲིང་དང་། །ཤ་ཁྲག་འབྲེལ་བའི་ཨ་ནེ་སྐྱིད། །ལྷ་ཆོས་བྱས་ནས་དེ་བས་ཡགས། །བསགས་ཚད་ཆོས་ཆོས་ལ་བཏང་ནས་ཕྱུག་པོ་ཡིན། །སུ་དང་མཁོན་པ་མེད་ན་བཙན་པོ་ཡིན། །རང་ཉིད་སྤྱོད་པ་བཟང་ན་འཕན་པོ་ཡིན། །སེམས་ལ་ཆགས་སྡང་མེད་ན་ཆོས་པ་ཡིན། །ཀུན་ལ་བྱམས་པར་སྐྱོངས་ན་དཔོན་པོ་ཡིན། །གཡོ་སྒྱུ་ངོས་རྐོགས་མེད་ན་བཟང་པོ་ཡིན། །ཡིན་ལུག་ལག་ལེན་བྱེད་ན་བཟང་པོ་ཡིན། ཅེས་གསུངས་པས། ཨ་ནེ་ཡང་ཤིན་ཏུ་དད་པར་གྱུར་ཏེ། དགྲ་གཉེན་མཉམ་ཟེར་བ་བདེན་པར་འདུག་ཟེར་ནས། ཕྱིས་ཁ་ཞེ་མེད་པས་ཞབས་རྟོགས་བྱས་ཏེ། སྣང་བ་ཆོས་ལ་འགྱུར། མ་ི་དང་།
(༡༡༥)ཕྱག་དང་བསྐོར་བ་བྱེད་པ་ཅིག་བྱུང་ངོ་། །སྲིང་མོ་པེ་ཏ་མ་དེ་ཕྱིས་ཆོས་སྒོར་ཞུགས་པས་རང་བྱུང་གི་རྣལ་འབྱོར་མ་བཟང་པ་ཅིག་བྱུང་སྟེ། །རྗེ་བཙུན་ལ་སྐྱེ་དམན་གྱི་སློབ་མ་བརྒྱ་རྩ་བརྒྱད་ཡོད་པའི་ཡ་བར་གྱུར་བ་ཅིག་ཡིན་གསུང་ངོ་། །དེ་ཐམས་ཅད་གཉེན་འདུན་རང་སར་གྲོལ་བའི་སྐོར། དེར་འཚོགས་པའི་བུ་སློབ་དང་ཡོན་བདག་རྣམས་ན་རེ། ང་དེ་དགོན་པ་ཆེན་པོ་ཅིག་འདེབས་ནས། དེ་རང་དཔོན་སློབ་ཡང་ཇ་ཆང་གི་ལོངས་སྤྱོད་དུམ་པ་རེ་ཡང་མཛད། །ངེད་ཚོ་ཡང་ཡོན་བདག་ཚོ་ཡང་ཡོངས་དུས་ཟ་རྒྱུ་རེ་ཡང་གནང་བར་མཛད་པ་ལ། མཛོ་ཕོ་མོ་ལ་སོགས་པའི་འབུལ་བ་ཐམས་ཅད་ལེན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། འཇིག་རྟེན་གྱི་ཆོས་བརྒྱད་འདི་ཆོས་པའི་ཕུང་འདྲེ་ཡིན། དེ་བསངས་ཀླུ་འདི་ལ་ཉོན་གསུངས་ནས་འགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་མེད་སྐྱེ་བར་བྱིན་གྱི་རློབས། །ཕ་བླ་མ་མི་ཆེན་དཔོན་འདོད་འདི། །སྟབས་ཉེས་ན་ཆགས་སྡང་བསམ་ངན་སྐྱེ། །དེ་བས་བྱ་བྲལ་གཅིག་པུར་དགའ། །གནས་བདེ་མོ་གྲོང་རྟགས་དགོན་ཆུབ་འདི། ཡུན་རིང་ན་གྲོང་ཡུལ་མི་ནག་འདྲ། །དེ་བས་དབེན་གནས་རི་ཁྲོད་དགའ། །འཁོར་སློབ་མ་ཁ་ཕྱིད་ཟ་འདུས་ཏེ། །འགྲོགས་ཐལ་ན་འཁྲུག་པའི་ཁ་བོ་བྱེད། །དེ་བས་ཡེངས་མེད་དུ་བསྒོམས་ན་དགའ། །དུས་ངན་པས་ཡོན་བདག་སེར་དེ། ངོ་བསྲུང་ན་གཤེ་བསྐུར་ངན་པ་འདེབས། །དེ་བས་ཕྱོགས་མེད་བསོད་སྙོམས་དགའ། །མི་ཆེན་པོས་ངོ་བསྲུངས་ཞབས་ཏོགས་ཏེ། །ཞུས་ཐལ་ན་ནག་མེད་ཁྲིམས་ལུ་གདུགས། །དེ་བས་ཀྱང་དམན་ས་བཟུང་
(༡༡༦)ན་དགའ། །ཟས་ཞིམ་པོ་ཇ་ཆང་ཚོགས་བསོགས་ཏེ། །མང་ཐལ་ན་དགེ་སྦྱོར་གྱི་བར་ཆད་ཡིན། །དེ་བས་ཀྱང་གྱི་ནའི་འཚོ་བས་དགའ། །དཀོར་གཉན་པོ་སྲོག་གི་སྤུ་གྲི་འདི། །ཟོས་ཐལ་ན་ཐར་བའི་སྲོག་རྩ་གཅོད། །དེ་བས་ཀྱང་སེམས་ཁུར་ཆུང་ན་དགའ། །གཉེན་ཉེ་བ་རྐང་བའི་ཐག་ནག་འདི། །འབྲེལ་ཆེས་ནས་ངན་སོང་གི་ལམ་ལ་འཁྲིད། །དེ་བས་ཀྱང་གཉེན་མེད་བཤེས་མེད་དགའ། །གྲོག་ངན་པ་གཤིས་ངན་རུ་ཚོ་ཚོ་འདི། །ལན་ཤོར་ན་འཇིག་བའི་གཡང་སར་འཕེན། །དེ་བས་ཀྱང་གྲོགས་མེད་གཅིག་པུའི་དགའ། །ནོར་ཕྱུག་པོ་རེ་ལ་ལུག་འཚོ་སྐྱོང་འདི། །མང་ཐལ་ན་འབྱུང་པོའི་དམག་དཔུང་འབོད། །དེ་བས་ཀྱང་ཆོག་ཤེས་ཟིན་ན་དགའ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་མེད་པར་ཐུགས་རྗེས་ཟུང་། །ཅེས་པས། ཁོང་རྣམས་ན་རེ། བླ་མ་ལགས། སྐུ་ན་གཞོན་དུས་དང་མི་འདྲ། བགྲེས་ཙ་དཀར་དུམ་པ་རེ་གསོལ་བའི་མཛོ་མོ་རེ་བཟུང་ནས་ལགས་ཞུས་པས་ཡང་འགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །སྤྲང་ཞེན་པ་ཟད་པར་ཐུགས་རྗེས་ཟུང་། །ང་སྒྱུ་མ་ལུས་ཀྱི་ནགས་ཁྲོད་དུ། །སྟོང་ཉིད་སྙིང་རྗེས་ན་སྤང་རྒྱས། །ཞེན་མེད་དད་པས་ཤེ་མ་ཡིས། །དམ་ཚིག་གཙང་མས་ལགས་པ་བཀྲུས། །ཐབས་ཤེས་རབ་གཉིས་ཀྱི་མཛོ་སྐྱོགས་སུ། །སེམས་ཉིད་རིན་ཆེན་གྱི་ཕ་མོ་མཛོ། །རྣམ་དག་གཉུག་མའི་སྒོམ་ཆེན་ལ། །ཟག་མེད་བདེ་ཆེན་འོ་མ་འདྲེན། །སྤྲོས་མེད་ཆོས་ཉིད་ཞལ་ཏུ་གསོལ། །ཆགས་མེད་ལོངས་སྤྱོད་འགུར་གྱིས་བཞེས། །དམིགས་མེད་སྙིང་རྗེའི་ཐུགས་ལ་བསྟིམས། །འཕྲིན་ལས་ཕྱོགས་མེད་ཀྱི་གང་ཟག་གཏོང་། །འགྲོ་དོན་ལྷུན་འགྲུབ་ཀྱི་གྲགས་པ་སྒྲོགས། །དེ་འདྲའི་
(༡༡༧)མཛོ་ཕོ་མཛོ་མོ་ལ། །ཁྱོད་འཇིག་རྟེན་པ་མོས་དགོས་པ་མེད། །ཆོས་བརྒྱད་ཀྱི་དགོན་པར་ང་མི་སྡོད། །ཁྲེལ་མེད་ཀྱི་སྤྱོད་པ་བྱེད་ལ་ཐུགས། །ཅེས་གསུངས་པས། ཡང་བུ་སློབ་རྣམས་ན་རེ། འོ་ན་འོ་སྐོལ་དཔོན་སློབ་མོན་ཡུལ་འདྲ་བའི་འབྲུ་རྩལ་མོད་ས་ཅིག་ཏུ་འགྲོ་ནས་བསོད་སྙོམས་བྱེད་ལགས་ཞུས་པས། བླ་མས་འདི་གསུངས་ཏེ། ངས་རྒྱལ་ཁམས་ཞོ་དར་བཞིན་ཏུ་བཤིགས། །སྒོ་ཁ་རང་ཐག་བཞིན་དུ་བསྐོར། མི་སྤྱོད་སྐྱི་སྡུག་ཚོད་མ་བཞིན་དུ་མྱངས། །འགྲངས་ལྟོག་བསྲང་ཁ་བཞིན་དུ་འཇལ། ཕ་ཡུལ་བཙོན་དོང་བཞིན་ཏུ་སྤངས། གཅིག་པུ་ཤ་ཟ་བཞིན་ཏུ་བསྡད། །སྡུག་བསྔལ་ཕྱེ་རྐྱལ་བཞིན་ཏུ་ཁུར། ད་དུས་ལ་མ་བབ་པའི་བསོད་སྙོམས་ལ་མི་འགྲོ་གསུངས་ནས་འགུར་འདི་གསུངས་སོ། །རྗེ་མི་བསྐྱོད་ངོ་བོ་ཐུགས་རྗེ་ཅན། །སྤྲང་ཞེན་པ་ཟད་པར་ཐུགས་རྗེས་ཟུང་། །མི་འདོད་པ་ཅན་ཁོང་ཡུས་ཆེ་ཙ་ན། །རྒྱལ་ཁམས་ཡོངས་ལ་འགྲིམས་ཡང་རྙེད་དུས་མེད། །ཁ་ནས་བྱུང་ཚད་ཟོས་ཀྱང་བརྒྱག་རྒྱུ་མེད། །ལར་སུ་གུ་དུམ་སྐུམས་ཅིག་རས་ཆུང་བ། །ཁྲེལ་མེད་ཀྱི་ཉེབ་འཚམས་ཙ་ན། །དྲིན་ཅན་ཕ་མ་ཡིན་ཡང་གཉན་རྒྱུ་མེད། །བླ་མ་སློབ་དཔོན་ཡིན་ཡང་འཛེམ་རྒྱུ་མེད། །བསམ་བློ་དུ་མ་ཐོང་ཅིག་རས་ཆུང་བ། །ཞེ་སྡང་གདུགས་སེམས་འཁྲུགས་ཙ་ན། །ཚེ་རིང་པོ་སྲོག་ཡིན་ཡང་འཕངས་རྒྱུ་མེད། །མཚོན་མང་པོས་གཏུབས་ཀྱང་འགྱོང་རྒྱུ་མེད། །གོ་ཆ་སེམས་ལ་གྱོན་ཅིག་རས་ཆུང་བ། །འདོད་ཆགས་ཅན་ཞེན་པ་ཁལ་ཙ་ན། །རྟ་བརྒྱ་བརྒྱ་ཡོད་ཀྱང་རེལ་ལུག་རྐུ། །ནོར་སྟོང་སྟོང་ཡོད་ཀྱང་གཉོམ་ཆུང་འཆོམ། །སེར་སྣ་སྡུག་སོགས་སྤོངས་ཅིག་རས་ཆུང་
(༡༡༨)བ། །གཏི་མུག་ཅན་ཉལ་མགོ་ཟིན་ཙ་ན། །སྒྲ་རྣ་བས་ཚོར་ཡང་ལྟེམ་མེ་བ། །གཉེན་མིག་གི་མཐོང་ཡང་ཧེ་རེ་ལོད། །འཛངས་རང་མགོ་ཐོན་ཅིག་རས་ཆུང་བ། །འཕྲག་ཏོག་ཅན་བསམ་པ་འཁྲུག་ཙ་ན། །རང་སྐྱིད་པར་མཐོང་ཀྱང་ཡིད་མི་བདེ། །གཞན་སྐྱིད་པོར་མཐོང་ནས་སྡུག་བསྔལ་ལྡང་། །སེམས་བརྟན་པོར་སྐྱོངས་ཤིག་རས་ཆུང་བ། །ང་རྒྱལ་ཅན་ང་རེ་སྐྱས་ཙ་ན། །མི་ཆེན་པོས་དྲུང་ན་ང་རྒྱལ་སྐྱེ། །སྐུ་བཙུན་པས་དྲུང་ནས་ཟས་ངན་འདྲེན། །འཕྲལ་རང་ཚུགས་ཟུང་ཅིག་རས་ཆུང་བ། །ལས་ངན་དུག་ལྔ་འཁྲུག་པའི་རྩ་བ་དེར། །ཁ་ཟ་འདོད་ཁྱམ་པ་ཁ་མཆུ་འཕོག །རྐང་འགྲོ་འདུག་ལ་དགའ་སྟེ་རྡོ་ལ་འཐོག །བྱ་བ་དགེ་སྦྱོར་མཛོད་ཅིག་རས་ཆུང་བ། །བླ་མས་དྲུང་དང་རི་ཁྲོད་ཀྱི་གནས། །ཁྱེད་རས་པ་རྣམས་ལ་ད་རུང་གཅེས། །གདུལ་བྱ་དུས་བབ་ཀྱི་སློབ་མ་ལ། །ཆོས་སྙིང་རུས་བཟོད་པ་ལྡན་པར་ཤོག །ཉམས་ངེས་ཤེས་རྩལ་ཁ་རྫོགས་པར་ཤོག །དོན་སྐུ་བཞིའི་འབྲས་བུ་ཐོབ་པར་ཤོག །ཅེས་གསུངས་པས། བསོད་སྙོམས་དང་བློ་ཙབ་ཙུབ་མེད་པར་བསྒོམས་པས། རས་པ་ཡང་ཉི་ཤུ་རྩ་ཙམ་བྱུང་ངོ་། །གཞན་སྒོམ་ཆེན་ཡང་བཞི་བཅུ་རྩ་ཙམ་བྱུང་བས། འགྲོ་དོན་ཡང་ཆེར་འཕེལ་ཏེ། གདམ་ངག་བསྟན་པས་ཀྱང་རྣམ་ཐར་དང་མིག་ཁྲིད་གལ་ཆེ་བས། དེར་སོང་བ་རྣམས་ལ་ཚེ་འདིའི་ཡི་སྣང་བ་མེད་ཅིང་། བྱ་བ་ཐེངས་པ། གཅིག་པུ་ལ་དགའ་བ། སྙིང་རུས་ཆེ་བ་མང་དུ་བྱུང་ངོ་། །དེ་ཐམས་ཅད་རང་གྲོལ་སྙེ་ནམས་གྲོང་ཕུའི་སྐོར་རོ། །དགུ་བ་རྩོད་པ་མི་རྫི་བས་ཡོན་ཏན་ནི། རྗེ་བཙུན་དཔོན་སློབ་སྙེ་ནམས་གྲོད་པུ་ན་བཞུགས་པ་ལ། སྙེ་ནམས་སྟེང་ཆེན་བྱ་བ་ན། སྟོན་པ་དར་ལོ་དང་། ལོ་སྟོན་
(༡༡༩)བྱ་བ་གཉིས་ཀྱི་མགོ་བྱས་པའི་མཚན་ཉིད་ཀྱི་སྟོན་པ་མང་པོ་ཡོད་པ་ལས། དབྱར་ཁ་ཅིག་ཐན་པ་བྱུང་ནས་དཀོན་པས་ཡོན་བདག་རྣམས་ཀྱི་སྟོན་པ་རྣམས་འབུན་ཐོང་བྱས་པས། འབུན་མ་བཏང་བ་ལ་ཡོན་བདག་རྣམས་མ་དགའ་བས། ཕྱིས་ཚོགས་རྣམས་མི་ལ་རས་པ་དཔོན་སློབ་ཚོགས་ཆེ་ཟེར་ན། ཤི་དགེ་གསོན་གནས་རྣམས་དེར་ཁྱེར་བས། སྟོན་པ་རྣམས་ཀྱི་བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་སྟེ། དེར་སྟོན་པ་རྣམས་བཀའ་གདམས་པ་ཡིན་པས་ཆགས་སྡང་བྱས་ནས། སྟོན་པ་རྣམས་འཚོགས་ཏེ་ལོ་སྟོན་ན་རེ། འོ་སྐོལ་ཚོས་ཡོན་བདག་རྣམས་ལས་འབུན་བཏང་ནས་འཐད་སྟེ། དེ་རྣམ་བཏང་བསད་མི་རྣམས་ཀྱིས་དད་ལོགས་བྱས་ནས། རྣལ་འབྱོར་བ་འདི་ལ་ཐམས་ཅད་འདུས་པས། མ་བཟང་། ད་འོ་སྐོལ་གྱིས་ལག་པས་ཕུད་ནས་འཕུད་ཐུབ་སྟེ། མི་ལ་ངོ་ཚ་བ། ཁྱེད་སྟོན་པ་སྒྲ་ཚད་ལ་མཁས་པ་གསུམ་སོང་ལ། ཆོས་གཏམ་གྱིས་དང་། ཁོའི་ཁ་ནས་ལྕེ་མིན་པས་འབྱུང་རྒྱུ་མེད་པས། རང་བུད་ལ་འགྲོ་བ་ཟེར་བ་ལ། དེར་སྟོན་པ་གསུམ་བཏང་ནས། ངེད་བླ་མ་ལ་མཇལ་དུ་ཡོང་བ་ཡིན་བྱས་པས། རས་ཆུང་བས་སྟོན་པ་གསུམ་མཇལ་དུ་ཡོངས་ཟེར་བས། མཇལ་ལམ་མི་མཇལ་ཞུས་པས། བླ་མས་ཞལ་ནས། ང་ལྷོ་བྲག་མར་བའི་དྲུང་དུ་ཡོད་དུས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི་ཕན་ཀར་ཐོག་ཀྱིས། ཐ་ན་འབྲེལ་གཏམ་དང་། གླིང་ལངས་ལ་སོགས་པ་དོན་ཆེན་འགྱུར་གསུངས་པས། སྟོན་པ་དང་འཕྲད་དགོས་གསུངས་པས། སྟོན་པ་དང་དེར་ནང་དུ་བོས་ནས་ཚ་བ་དྲངས་ཏེ་ཆབ་བཏང་བས། བླ་མས་ཞལ་ན་འདོད་པ་ཅན་གྱི་དད་ཟས་འདི་ས་ལ་ཕོག་ནས་ས་འགས་
(༡༢༠)རྡོ་ལ་ཕོག་ན་རྡོ་འགས། ཆུ་ལ་ཕོག་ནས་ཆུ་འཆད་བྱ་བ་ཡིན་པས། ཁྱོད་སྟོན་པ་རྣམས་ཀྱི་ཡང་མདོ་རེ་གསུང་བར་ཞུ་ཞུས་པས། སྟོན་པ་གྲལ་མགོ་མ་དེ་ལངས་ནས། ངེད་སྟོན་པ་བསླབ་པ་གསུམ་དང་ལྡན་ཞིང་ཆོས་གསུམ་དང་མ་བྲལ་བ་འདི། ཡོན་སྦྱོངས་པའི་གནས་ཡིན་པས་མདོ་བཏོན་ཡང་ཆོག་མ་བཏོན་ཡང་ཆོག །ཁྱོད་རྣལ་འབྱོར་བས་དད་ཟས་འདི་ཚན་ཟ་བས་ཉམས་གཏིང་ཅི་ཡོད་ཟེར་བས། རྗེ་བཙུན་གྱི་ཉམས་རྟོགས་པའི་ཉམས་ལེན་འདི་འགུར་དུ་གསུངས་སོ། །དམ་ཆོས་ཐེག་པའི་མཐར་ཐུག་སྙིང་པོའི་དོན། ལུང་རིག་མན་ངག་འདུས་པའི་བདུད་རྩིའི་རོ། །བླ་མ་ཀུན་གྱི་བཀུར་པ་སྤྱི་གཙུག་གི་བརྒྱན། །རྗེ་མི་འབྲལ་གཙུག་གི་བརྒྱན་དུ་བཞུགས། །བདག་གི་ཉམས་ལེན་སུམ་བཅའ་གསུམ་དུ་བཅད། །སུམ་ཆ་ཡི་དམ་བསྐྱེད་རིམས་བསྒོམ། །སུམ་ཆ་རྩ་རླུང་ཐིག་ལེ་བསྒོམ། །སུམ་ཆ་ཕྱག་རྒྱ་ཆེན་པོར་བསྒོམ། །སྒོམ་ཐུན་བཞིའི་སེམས་བསྐྱེད་བྱང་ཆུབ་སེམས། །དངོས་དད་ཀྱི་ལྷ་ཡོན་སྟོང་བར་སྦྱངས། །བླུན་དད་ཀྱི་བསོག་གཏོར་མར་བསྔོས། །རང་དད་ཀྱི་ཚོགས་བསོགས་ལྷ་ལ་འབུལ། །ལྷ་དད་ཀྱི་ཚོགས་བསོགས་འབྱུང་པོར་བསྔོ། །ང་ཚོགས་འཁོར་སྦྱོངས་པའི་རྣལ་འབྱོར་བ། །བློ་ཆོས་ལ་འགྲོ་བར་བྱིན་གྱི་རློབས། །ཅེས་གསུངས་པས། ཡང་སྟོན་པ་ན་རེ། །ཁྱོད་ལ་བསླབ་པའི་ཤེས་རབ་མེད་ན། ལག་རྡུམ་བྲག་ལ་འཛག་པ་དང་འདྲ། །ཐར་བ་ཐོབ་མི་སྲིད། བསྒོམ་པའི་ཉམས་ལེན་མེད་ན། ཁོང་བ་ལྷ་ཁང་བལྟ་བ་དང་འདྲ། །ཡང་དག་གི་དོན་མཐོང་མི་སྲིད། ཁྱོད་ཀྱི་ཡི་དམ་བསྐྱེད་རིམས་ཅུག་བསྒོམ་ཟེར་བ་ལས། ཟབ་མོ་བསྐྱེད་རིམས་ཀྱི་བསྒོམ་ལུག་འདི་འགུར་དུ་གསུངས་སོ། །བདག་གིས་ཡི་དམ་བསྐྱེད་རིམས་བསྒོམས་ཙ་ན། །ལུས་སྣང་
(༡༢༡)སྟོང་པར་སྣང་གི་འཇའ་ཚོན་འདྲ། །དེ་ལ་ངོས་བཟུང་མེད་པས་སྲེད་པ་ཟད། །ངག་གྲགས་སྟོང་ལོང་སྟོང་གི་བྲག་ཆ་འདྲ། །དེ་ལ་བཟང་ངན་མེད་པས་འཁྲུལ་པ་ཟད། །སེམས་གསལ་སྟོང་ཉི་ཟླའི་འོད་དང་འདྲ། །དེ་ལ་ཕྱོགས་རིས་མེད་པས་བདག་འཛིན་ཟད། །ཐ་མལ་གྱི་ལུས་ངག་ཡིད་གསུམ་འདི། །དེ་རང་རྡོ་རྗེའི་སྐུ་གསུངས་ཐུགས། །སྒོ་གསུམ་ཐ་མལ་དུ་མ་ལུས་བློ་ར་བདེ། །ཅི་བྱས་ཆོས་དང་མཐུན་པས་ཞེ་རེ་སྐྱིད། །ཆོས་ལམ་དུ་འགྲོ་བར་བྱིན་གྱི་རློབས། ཅེས་གསུངས་པས། ཡང་སྟོན་པ་ན་རེ། བྱི་བས་ས་འོག་ཏུ་ཟླ་བ་གསུམ་བཞི་ཉལ་བས་ལུས་མི་འགུལ། ཉ་ཆུ་ལ་གནས་པ་འཚུབ་མི་སྲིད་པ་དེ་ཚོ་ཡང་རླུང་གི་ཡོན་ཏན་ཡིན། །སེམས་ལ་ཡོན་ཏན་རྟ་རྔ་ཙམ་ཡང་མེད་པས་ཁྱེད་ཀྱི་རྩ་རླུང་ཅུག་བསྒོམས་ཟེར་བས། ཟབ་མོ་རྩ་རླུང་གི་བསྒོམས་ལུགས་འདི་འགུར་དུ་གསུངས་སོ། །བདག་གི་རྩ་རླུང་ཐིག་ལེ་བསྒོམ་ཙ་ན། །རྩ་གཙོ་བོ་གསུམ་དང་འཁོར་ལོ་བཞི། །ལུས་སྲེད་པ་ཟད་པར་རང་ཡུལ་འདྲ། །རྫས་ཡི་གེ་དག་པས་མ་དང་འཕྲད། །དོན་རང་ཞལ་མཐོང་བས་ནོར་བ་མེད། །རླུང་མ་ལས་འདུས་པས་གནད་དུ་བསྣུན། །ཉམས་བདེ་གསལ་མི་རྟོགས་ལྷུན་གྱི་གྲུབ། །བློ་ཞེན་པ་མེད་པས་མ་དང་འཕྲད། །སེམས་ཐེ་ཙོམ་གྱི་མདུད་པ་དངོས་སུ་ཞིག །ཁམས་དིང་སྙིག་འཁྲུགས་པས་འདོད་ཆགས་ཕམ། །ཆོས་ཁ་ལ་མི་ལུས་རྒྱུད་དང་འདྲེས། །འོད་གསལ་མ་བུའི་བརྩེ་གདུངས་འགྲིགས། །འདོད་སྲེད་ཟད་པའི་ཕུང་པོ་ཞིག །སྣང་བ་ཆོས་སུ་སོང་བའི་མི་རེ་སྐྱིད། །སྟོང་པ་གོ་ཡུལ་ཏུ་མ་ལུས་དིང་རེ་སྤྲོ། །ལམ་འཁྲུལ་བ་སེལ་བར་བྱིན་གྱི་རློབས། །ཅེས་གསུངས་པས། ཡང་སྟོན་པ་ན་རེ། སྒོམ་ཆེན་པ་རྣམས་ལ་བསྒོམ་དེ་ཅི་འདྲ་ཅིག་ཡོད་བཟླས་ཙ། བསྒོམ་བྱ་བསྒོམ་བྱེད་ཀྱི་མཐའ་དང་བྲལ་བ་
(༡༢༢)ལ་ལབ་རྒྱུར་མེད་གོ་རྒྱུར་མེད། ཤེས་རྒྱུར་མེད་ཟེར་ཙ་ན། ཁྱེད་ལ་ནི་ཅི་དྲིས་བྱེད་རྒྱུ་རེ་དང་། སྒོམ་རྒྱུ་རེ་དང་། སྟོན་རྒྱུ་རེ་དང་། སྟོན་རྒྱུར་ཡོད་ལ་ཁང་ཀྱིས་སྣང་བ་དགའ། དགའ་བོ་ཆེན་པོ་འདུག་པས་ཉན་འདོད་ཡིན་བྱུང་བས། ད་རུང་ཕྱག་རྒྱ་ཆེན་པོ་ཅུག་བསྒོམ་ཞུས་པས། ཟབ་མོའི་ཕྱག་རྒྱ་ཆེན་པོའི་བསྒོམ་ལུགས་ཀྱིས་འགུར་འདི་གསུངས་སོ། །བདག་གི་ཕྱག་རྒྱ་ཆེན་པོ་བསྒོམ་ཙ་ན། །དོན་ཡིན་ལུག་སྟེང་དུ་རྩོལ་མེད་བཞག །མ་ཡེངས་ངང་དུ་ཡེངས་པར་བཞགས། །སྟོང་བའི་ངང་དུ་གསལ་བར་བཞགས། བདེ་བའི་ངང་དུ་རིག་པར་བཞགས། །མི་རྟོགས་ངང་དུ་རྟོགས་པར་བཞགས། །སྣ་ཚོགས་ངང་དུ་མཉམ་པར་བཞགས། །དེ་ལྟར་བཞག་པའི་སེམས་ཉིད་ལ། །འགག་མེད་ངེས་ཤེས་སྣ་ཚོགས་འཆར། །རང་རྩལ་རྩོལ་མེད་ལྷུན་གྱི་གྲུབ། །འབྲས་བུ་ཡིད་སྨོན་མ་ལུས་བློ་རེ་བདེ། །རེ་དོགས་གཉིས་འཛིན་དང་བྲལ་བ་དང་རེ་སྤྲོ། །འཁྲུལ་བའི་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། ཅེས་གསུངས་པས། སྟོན་པ་ན་རེ། ཨེ་མ་ཐོས་བསམ་མ་བྱས་བའི་འདི་འདྲ་བའི་བློ་ལ་ཤར་ར་མི་འོང་། འདི་ཚོད་གོང་ནས་བསྒྲིགས་ནས་སྟེར་བའི་བླ་མ་ཡོད་པ་ཨེ་མ་ཡིན་པས། བླ་མ་དེ་ཡོད་ན་ངེད་ལ་སྟོན་དང་ཟེར་བས། ཟབ་མོ་བླ་མ་སྟོན་པའི་འགུར་འདི་གསུངས་སོ། །མི་བདག་གི་བླ་མ་རྗེ་བཙུན་དེ། །རྩ་གསུམ་འདུས་པ་སངས་རྒྱས་ཀྱི་ཞིང་། །རླུང་ལྔ་དག་པ་སེང་གེའི་ཁྲི། །ཁམས་ལྔ་དག་པ་པད་མའི་གདན། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་དེ་ལོབ། །སྒྱུ་འཕྲུལ་དྲ་བ་ན་རོ་བ། །བཀའ་དྲིན་སྟོབས་ལྡན་མར་བའི་སྐུ། །བདག་གིས་སྤྱི་པོའི་གདན་སྟེངས་སུ། །འབྲལ་
(༡༢༣)བ་མེད་པར་རྒྱུན་དུ་བཞུགས། །ཁྱོད་མོས་གུས་མིག་གི་བལྟ་ཤེས་ན། །རྗེ་རྡོ་རྗེ་འཆང་དང་གཉིས་སུ་མེད། །མོས་གུས་ཀྱིས་གསོལ་བ་འདེབས་ཤེས་ན། །བྱིན་བརླབས་ཀྱིས་ཟད་པ་མེད། །སྟོང་ཉིད་ཀྱིས་མཆོད་པ་འབུལ་ཤེས་ན། །དངོས་གྲུབ་ཀྱི་གཏེར་ཁ་ཐམས་ཅད་འགྲུབ། །ཅེས་གསུངས་པས། སྟོན་པ་དད་པར་གྱུར་ནས། མགོ་མ་ཤེས་མ་རིག་གསུམ། །འཇིག་རྟེན་འདི་ན་དབང་རེ་ཆེ། །མི་ཚོས་ཟེར་བ་བདེན་པར་འདུག །ད་ཁྱོད་ལ་ཡང་ཆོས་ལུག་བཟང་པོ་འདུག །ཁྱེད་ཀྱི་བླ་མ་དེ་སུ་ཡིན་གྱི་མཐོང་རྒྱུ་མ་རེད། །ད་ཅི་རྩོད་པའི་ཚིག་སོང་བ་རྣམས་ཀྱང་བཟོད་པར་གསོལ། །ད་བདག་སྟོན་པ་འདི་གསུམ་ལ་གདམ་ངག་ཕན་པ་ཐུགས་ལ་ཐོགས་ཞུས་པས། རྗེ་བཙུན་གྱི་གདམ་ངག་བསྒོམ་དུ་བཅུག་པ་ལས། ཐོས་པ་ཕྱིའི་སྒྲོས་འདོག་ཆོད་པ། བསྒོམ་པ་ནང་གི་སྒྲོས་འདོག་ཆོད་པའི་སྟོན་སྒོམ་ཁྱད་འཕགས་གསུམ་བྱུང་ངོ་། །དེ་ནས་ཟླ་བ་མང་པོ་སོང་བ་ལ། སྟོན་པ་དར་ལོ་ཅན་དང་ཡོན་བདག་རྣམས་མདུན་མ་ཡོང་ནས་ཡོད་པ་ལ། སྟོན་མོ་ཅིག་བྱུང་བསས་ན་རྗེ་བཙུན་དཔོན་སློབ་ཡང་གདན་དྲངས་པས། ལོ་སྟོན་དང་ལ་དར་ལོ་གཉིས་ལ་ཁྲི་རེ་རེ་བྱས་ཏེ་སྟོན་པས་གྲལ་རང་གཉིས་བྱས་ནས་འདུག་ཅིང་། རྗེ་བཙུན་ལ་ཡང་ཁྲི་ཅིག་བརྩེགས་པའི་སྒེང་དུ་བཞུགས་པས་རས་པའི་གྲལ་ཅིག་བྱས་པས། གྲལ་གྱི་རྐེད་སྨད་ལ། ཁོང་ཚོས་བཏང་བའི་སྟོན་པ་གསུམ་པོ་དེ་རྣལ་འབྱོར་གྱིས་ཆས་བྱས་ནས་ཡོད་པས་ལོ་སྟོན་གྱིས་མཐོང་བས། རྣལ་འབྱོར་པ་སོགས་པོས་མི་མགོ་གཡོག་ནས་ངའི་སྟོན་པ་ཡང་ལད་དུ་བཅུག་པས། སངས་རྒྱས་བསྟན་པ་ལ་གནོད་པ་བྱས་འདུག་སྟེ། དེ་རེད་དེ་ཆོས་འབྲེལ་བྱེད་ཟློ་ནས་སྨ་ཅིག་འབེབས་དགོས་
(༡༢༤)བསམ་པ་སྐྱེས་ནས། ལོ་སྟོན་གྱིས་ཤ་ཁོག་མར་ཚུད་ཅིག་ཁྱེར་ནས་འབུལ་བས། ལོ་སྟོན་ན་རེ། ཆོས་ཐམས་ཅད་ཚད་མས་གཏན་ལ་འབེབས་དགོས་པས། ཚད་མ་སྤྱིའི་མཚན་ཉིད་དང་། མངོན་སུམ་དང་། རྗེས་དཔག་དང་། གྲུབ་མཐའི་དབྱེ་བ་དང་། འགལ་མ་འགལ་དང་གྲུབ་མ་གྲུབ་དང་། སྣང་བ་མ་ངེས་པའི་དབྱེ་བ་ཅིག་ཐོང་དང་ཟེར་བས། རྗེ་བཙུན་གྱི་སྟོན་པ་ཐ་སྙད་ཀྱི་རྫོངས་ལ་མ་ཞེན་པར་ཆོས་ཉིད་སྐྱེ་མེད་གཉུག་མས་ངང་ལ་ཞོག་དང་། ཡོན་ཏན་ནང་ན་སྐྱེ་ཡིན་འདུག །འཕྲག་དོག་དུག་ལྔ་འདི་ངན་སོང་གི་འབྲས་བུ་རས་ན་འགྲོ་བས་རང་རྒྱུད་བསྲེགས། ངའི་བྱུང་ཚུལ་ནི་འདི་ལྟར་ཡིན་གསུངས་ནས་འགུར་འདི་གསུངས་སོ། །དུས་སྙིག་མའི་སེམས་ཅན་འཕྲག་དོག་ཆེ། །ཁྱོད་ལོ་སྟོན་དང་དར་ལོ་ཚུར་ཉོན་དང་། །ང་མ་ཡི་མངལ་དུ་མ་སྐྱེས་ན། །ནུ་ཞོ་མངར་མོ་ཅི་ལ་འཐུང་། །ནུ་ཞོ་མངར་མོ་མ་འཐུང་ན། །ཕྱེ་མར་ཁམས་གསུམ་ཅི་ལ་ཟ། །ཕྱེ་མར་ཁམ་གསུམ་མ་ཟོས་ན། །བྱིན་པས་ལུས་པོ་ཅི་ལ་ཐེག །བྱིན་བས་ལུས་པོ་མ་ཐེགས་ན། །ཐེམ་པས་ལ་སྒོ་ཅི་ལ་རྒལ། །ཐེམ་པའི་ལ་སྒོ་མ་རྒལ་ན། །རྒྱལ་ཁམས་ཕྱོགས་མེད་ཅེས་འགྲིམས། །རྒྱལ་ཁམས་ཕྱོགས་མེད་མ་འགྲིམ་ན། །བླ་མ་རྗེ་དང་ཅི་ལ་མཇལ། །བླ་མ་རྗེ་དང་མ་མཇལ་ན། །གྲུབ་ཐོབ་སྙན་རྒྱུད་ཅི་ལ་ཞུ། །གྲུབ་ཐོབ་སྙན་རྒྱུད་མ་ཞུས་ན། །རི་ཁྲོད་དགོན་པ་ཅི་ལ་འགྲིམ། །རི་ཁྲོད་དགོན་པ་མ་འགྲིམ་ན། །ཉམས་དང་དྲོད་རྟགས་ཅི་ལ་འཆར། །ཉམས་དང་དྲོད་རྟགས་མ་ཤར་ན། །རས་གོས་རྐྱང་བ་ཅི་ལ་དྲོས། །རས་གྲོས་རྐྱང་བ་མ་དྲོས་ན། །ཡོན་བདག་ཕོ་མོ་ཅི་ལ་
(༡༢༥)དང་། ཡོན་བདག་ཕོ་མོ་མ་དད་ན། །ཁྱད་སྟོན་པ་འཕྲག་དོག་ཅི་ལ་སྐྱེ། །སྟོན་པ་འཕྲག་དོག་མ་སྐྱེས་ན། །སྟོན་པ་དམྱལ་བར་ཅི་ལ་འགོ། །སྤོ་རི་སྤོས་མཐོན་རྩེ་མོ་ན། །ཤེལ་ཆུང་རྒེལ་ཆུང་རྩ་ཟ་བ། །སྤྱང་རི་ཁྱི་སྔོན་ཆུང་ཟུག་རྔུ་སྐྱེས། །ད་རུང་རི་ཁྱི་ཨ་མ་འཁྲུལ། །སྙེ་ནམས་རིའི་དགོན་པ་ན། །མིད་ལ་རས་པ་བསྒོམ་པ་ལ། །ཁྱེད་སྟོན་པ་ལོ་སྟོན་ཟུག་རྔུ་སྐྱེས། །དེ་རང་སྟོན་པ་ཨེ་མ་འཁྲུལ། །ཡོན་བདག་ཕོ་མོའི་དད་ཟས་ལ། །ཁྱེད་མཁས་བཙུན་བཟང་པོ་སེར་སྣ་སྐྱེས། །དེ་རང་མཁས་བཙུན་ཨ་མ་འཁྲུལ། །དོན་མེད་ཚིག་གིས་སྟོང་སྒྲ་ལ། །དོན་བདེན་པར་མ་འཛིན་སྟོན་པ་པ། །ཚིག་ཐ་སྙད་མི་རྟག་སྟེ་རྟོགས་པ་ལ། །ཚེ་སུམ་ཉིས་ཟད་པ་མ་ཚོར་རམ། །རྟོག་གེའི་ངན་ཚིག་སྣ་ཚོགས་ལ། །ཚེ་སྟོང་བར་མ་གཟད་སྟོན་པ་པ། །ངས་ཚིག་ངན་པ་ལབ་ནི་མི་ཁོམས། །མུ་སྟེགས་རྟོགས་པ་གྲང་མི་ལངས། །ཚད་མས་ཚོད་མ་འཐུང་མ་མྱོང་། །ད་རེས་རྩོད་པ་སྟོན་པ་རྒྱལ། །ཅེས་གསུངས་པས། ལོ་སྟོན་འཕྲོས་ཏེ། དྲིས་པའི་ཆོས་སྐད་ཀྱི་ལན་མེད་པར་མི་ཤེས་པའི་ཁ་རྦད་ཆེན་པོ་བྱེད་པའི་སོག་པོ་ཅིག་གི་ཡུལ་གྱི་བཅུད་ཚོ་ཁོས་བསྡུས་ནས་ཟེར་བས། ཐལ་བ་བླ་མའི་ཞལ་ལ་བཏབ་པའི། མིད་ལས་འོ་རེ་ཁྱོད་མཚན་ཉིད་པ་ལ་འདི་འདྲའི་ཆོས་ལུག་ཅིག་ཡོད་གསུངས་ནས་ཐུགས་སྐྱོ་བ་ཆད་དོ། རས་ཆུང་བས་ངའི་བླ་མས་བ་སྤུ་ཡང་མི་རེ་བས་འདི་འདྲ་བྱས་བསམ་པས། བེར་རྒ་ཅིག་ཁྱེར་ནས་རྒྱག་དུ་ཕྱིན་པ་ལ། རྗེ་བཙུན་ཞལ་འཛུམ་པ་མཛད་ནས། རས་ཆུང་བས་ལག་པ་ལ་འཇུས་ནས། རས་ཆུང་བ་བཀའ་གནན་པའི་འགུར་འདི་གསུངས་སོ། །བླ་མ་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །རྐྱེན་ངན་བྱང་ཆུབ་དུ་འགྱུར་བར་བྱིན་གྱིས་རློབས། །བུ་རས་ཆུང་མ་ཡང་དར་
(༡༢༦)ཅིག་ཉོན། །ཁ་ངོམས་ལྷོ་སྐྱིད་ཀྱི་ཆོས་པ་ལ། །རྐྱེན་ངན་པ་བྱུང་དུས་ཐ་མལ་པ། །དེ་རྒྱུད་ངན་དུ་སོང་བ་བར་ཆད་ཆེ། །འཁྲུག་པ་བྱས་ནས་རང་ཉིད་ཕམ། །བུ་དར་ཅིག་བླ་མའི་བཀའ་ལ་ཉོན། །ཆོས་སྒོམ་པའི་རྒྱལ་པོ་རྒྱ་མཚོ་ལ། །ཆོས་ལྟ་བའི་རྒྱལ་པོ་ནམ་མཁའ་ལ། །བུ་རིག་པའི་ཁྱུང་ཕྲུག་གཤོག་རྩལ་སྦྱོངས། །ཁྱུང་ཕྲུག་གཤོག་རྩལ་མ་ཞན་ཅིག །བརྒྱ་ལ་གཤོག་རྩལ་ཞན་པ་ན། །ཕྱོགས་རིས་དོང་དུ་ལྷུང་གཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །བུ་རིག་པའི་ཉ་ཆུང་གཡབ་རྩལ་སྦྱོངས། །ཉ་ཆུང་གཡབ་རྩལ་མ་ཞན་ཅིག །བརྒྱ་ལ་གཡབ་རྩལ་ཞན་པ་ན། །འཁྲུལ་བའི་དོང་དུ་ཆུད་ཉེན་གདའ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །ཆོས་སྤྱོད་པའི་རྒྱལ་པོ་གང་རི་ལ། །ཕུ་རིགས་པའི་སེང་ཕྲུག་ཡང་རྩལ་སྦྱོངས། །སེང་ཕྲུག་ཡང་རྩལ་མ་ཞན་ཅིག །བརྒྱ་ལ་ཡང་རྩལ་ཞན་པ་ན། །ཆོས་བརྒྱད་སྒྲོག་དུ་ཆུད་ཉེན་གདའ། །བུ་རས་ཆུང་བླ་མས་བཀའ་ལ་ཉོན། །ཆོས་འབྲས་བུའི་རྒྱལ་པོ་རིན་ཆེན་གླིང་། །བུ་རིག་པའི་ཚོང་ཕྲུག་ཚོང་ཅིག་འདོན། །ཚོང་ཕྲུག་མེ་རྩེ་མ་ཞན་ཅིག །བརྒྱ་ལ་མེ་རྩེ་ཞན་པ་ན། །སེམས་ཉིད་ཀྱི་ནོར་བུ་ཆུད་འཆོར་ཉེན་གདའ། །བུ་རས་པ་བླ་མའི་བཀའ་ལ་ཉོན། །བུ་ཞེ་སྡང་མཆེ་རང་རྒྱུད་སྲེག །སྡུག་བསྔལ་མ་བྱེད་ལུས་སེམས་བརླག །ཅེས་གསུངས་པས། རས་ཆུང་བ་ང་རྒྱལ་དུམ་པ་ཞི་བས་བཟོད་པ་བསྒོམ་མོ། །ལོ་སྟོན་ལ་མི་ཁ་ལོག་པས། བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་ངོ་། །ཕྱིས་འཆི་བའི་དུས་ཡང་སྒོམ་རྨ་བྱ་ཅིག་ལ་ཆགས་པས། ཡུལ་དེའི་ཀོར་བདག་ཅིག་ཏུ་སྐྱེས་ནས། མི་རྣམས་ལ་མན་འབྱེད་པའི་དཔང་པོ་བྱེད་པ་ཅིག་བྱུང་སྐད་དོ། །དར་ལོའི་བསམ་བ་ལ་རྣལ་འབྱོར་བ་གཉན་པོ་ཅིག་འདུག་པས། བསམ་པས། ཁྱེད་ལ་
(༡༢༧)སྒོམས་ཉམས་བཟང་པོ་ཡོད་ལས་ཆེ་ཞེས་ཟེར་བས། ངའི་ཉམས་ཁྱོད་ལ་བཤད་པས་འཕང་གསུངས་ནས། འཕངས་པ་དྲུག་གི་འགུར་འདི་གསུངས་སོ། །ཆོས་གསང་སྔགས་ཀྱི་རྒྱལ་པོ་ལྟ་བ་ཁ་པོ་ཆེ། །ཁྱོད་ཕྱོགས་ཆ་འཛིན་གྱི་སྟོན་པ་ལ། །ཐ་སྙད་རྒོལ་བ་བྱེད་པ་འཕངས། །སྒོམ་པ་ཡེངས་སུ་མེད་པ་ལ། །བླའོ་ལོང་གཏམ་གྱི་འཆལ་ཚིགས་ལ། །རྣལ་འབྱོར་ཤེས་པ་ཡེངས་སུ་འཕངས། །གསང་སྤྱོད་རྟུལ་ཞུགས་བརླབ་པོ་ཆེ། །གསང་བའི་གནས་སུ་སྤྱད་རྒྱུ་ལ། །བརྟུལ་ཞུགས་ཁྲོམ་དུ་སྤྱོད་པ་འཕངས། །བསྒོམ་པ་བྱང་ཆུབ་ཐོབ་པ་ལ། །བསྒོམ་པ་བཞག་ནས་ཆོས་བཤད་བྱེད། །སྒོམ་ཆེན་སྟོན་པ་བྱེད་པ་འཕངས། །བླ་མའི་གདམས་ངག་སེང་གེའི་ཞོ། །སྣོད་བཟང་ནང་དུ་བླུག་རྒྱུ་ལ། །སྣོད་ངན་གདམ་ངག་སྟེར་བའི་འཕངས། །དབེན་གནས་ཡིད་དུ་འོང་བ་དེ། །དང་པོར་དང་དུ་བླངས་ནས་ཀྱང་། །བར་དུ་སྟོང་པར་འཇོག་པ་འཕང་། །རྣལ་འབྱོར་ཉམས་སུ་ལེན་པའི་ཀླུ། །རི་ཁྲོད་དགོན་པར་སྐྱོངས་རྒྱུ་ལ། །དམན་སར་ཉམས་མྱོངས་ཀླུ་ལེན་འཕངས། །ཅེས་གསུངས་པས། དར་ལོ་ན་རེ། །ཁྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ཤེས་སམ་ཟེར་བས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འགུར་འདི་གསུངས་སོ། །སྐྱབས་ཆེན་རྒྱལ་པོ་དཀོན་མཆོག་གསུམ། །བདེ་ཆེན་སྤྱི་གཙུག་བརྒྱན་དུ་བཞུགས། །འབྲལ་མེད་དུས་གསུམ་བླ་མ་དེ། །མི་བརྗེད་སྙིང་གི་དཀྱིལ་དུ་བཞུགས། །འགྲོ་དྲུག་སེམས་ཅན་མ་རྒན་རྣམས། །བདེ་ལྡན་བློའི་ཕུགས་སུ་བཅུག །ང་ཐེག་ཆེན་ཆོས་ལ་ཐོན་པ་མེད། །ཐང་ཀའི་སྟོང་ཉིད་ལ་བསམ་པ་མེད། །སྐྱེ་མེད་གནས་ལུག་ལ་བསྒོམ་པ་མེད། །མི་དགེ་
(༡༢༨)བཅུ་ལ་ལོག་པའི་ཆོས་ཡིན། །ལར་སེར་སྣའི་རྒྱ་མདུད་མ་གྲོལ་བའི། །ཆོས་བརྒྱད་སྦྱིན་པས་ཅི་ལ་ཕན། །གཡོ་སྒྱུ་ཟོལ་སོགས་མ་སྤངས་པའི། །ཚུལ་འཆོས་ཚུལ་ཁྲིམས་ཅི་ལ་ཕན། །ཚིག་རྩུབ་མཚོན་ཆ་མི་ཐུབ་པའི། །སེམས་འཁྲུག་བཟོད་པས་ཅི་ལ་ཕན། །ལེ་ལོ་སྙོམས་ལས་མ་སྤངས་པའི། །ཁྲལ་འཇལ་བརྩོན་འགྲུས་ཅི་ལ་ཕན། །རང་སེམས་གཡེང་བ་མ་ཞི་བའི། །ནན་བསྒོམ་བསམ་གཏན་ཅི་ལ་ཕན། །སྣང་བ་གྲོགས་སུ་མ་ཤེས་པའི། །ཡིན་ལུགས་ཤེས་ཙམ་ཅི་ལ་ཕན། །འགག་དང་ཉ་ག་མི་ཤེས་པའི། །ཐོས་པ་ཆེ་བས་ཅི་ལ་ཕན། །སྤངས་བླངས་ལག་ལེན་མི་ཐུབ་པའི། །རྒྱུ་འབྲས་ཀྱི་ཁ་རྩིས་ཅི་ལ་ཕན། །རང་རྒྱུད་ཚོགས་དང་མི་ལྡན་པས། །བདག་ལྟའི་འདོད་པས་ཅི་ལ་ཕན། །ལར་ཉོན་མོངས་དུག་ལྔ་མ་གསོད་པའི། །ཡེ་ཤེས་འདོད་པ་ལོག་ལྟ་ཡིན། །འཕྲག་དོག་ཚུབ་མ་མ་ཞི་བས། །བྱང་སེམས་འདོད་པ་ལོག་ལྟ་ཡིན། །སེམས་ལ་འཚེ་བ་མ་སྤང་པའི། །ཆོས་པར་འདོད་པ་ལོག་ལྟ་ཡིན། །ངར་འཛིན་ཕྱོགས་རིས་མ་སྤང་པའི། །མཉམ་ཉིད་འདོད་པ་ལོག་ལྟ་ཡིན། །རང་ཞེ་འདོད་ཀྱི་འགོང་པོ་མི་རྡུང་བའི། །ཉོན་མོངས་ཐོ་བས་རྣལ་འབྱོར་རྡུང་། །བྱེད་སྤྱོད་ཚོགས་སུ་མི་བསྒྱུར་བར། །གཞན་གྱི་དགེ་ལ་བར་དུ་གཅོད། །སེམས་དང་ཆོས་སུ་མི་སྲེ་བར། །དོན་མེད་སྡིག་པས་རང་རྒྱུད་བསྲེག །ཆ་ལ་མ་བསྒོམས་ཀྱི་ནར་གདའ། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ཅེས་གསུངས་པས། སྟོན་པ་དེ་སེམས་ལྟུས་ཏེ། མི་ཀུན་ཟེར་བ་ཙམ་མི་འདུག །ཁྱེད་ལ་ཡང་ཆོས་ཟབ་མོ་འདུག །ད་ཁྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་ལེན་ཤེས་སམ། ཟེར་བས། ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་
(༡༢༩)ལན་འདི་འགུར་དུ་གསུངས་སོ། །ཁྱོད་ལོ་འདོད་སྟོན་པ་དར་ལོ་ཉོན། །ལར་ཚེ་ཡོད་དུ་རེ་ལ་མི་ཚེ་ཟད། །འགལ་འབྲེལ་ཚིག་ལ་སེམས་སེམས་ནི། །ཚེ་སུམ་ཉི་ཟད་པ་མ་ཚིར་རམ། །ལར་ནི་དམ་ཆོས་མཛད་ན་ལེགས། །དུས་སྙིག་མས་སེམས་ཅན་ཉོན་མོངས་རེག །མི་སྡིག་ཅན་གྱི་ཁ་ལ་བཟོད་ལྷགས་མེད། །རྗེ་སྒྲ་བསྒྱུར་མར་བསྐུ་དྲིན་ཅན། །དུས་སྙིག་མས་སེམས་ཅན་བསྐྱབ་ཏུ་གསོལ། །དྲན་པ་སྣ་ཚོགས་ཀྱི་ཕ་རོལ་ན། །སྦྱིན་པ་བཏང་བ་ལོག་ན་མེད། །དྲན་མེད་སྟོན་པའི་ཕ་རོལ་ན། །ཚུལ་ཁྲིམས་བསྲུང་བ་ལོག་ན་མེད། །ཟབ་མོ་མཐོང་བས་ཕ་རོལ་ན། །བཟོད་པ་བསྒོམ་པ་ལོག་ན་མེད། །དེ་གསུམ་དབྱེར་མེད་ཕ་རོལ་ན། །བརྩོན་འགྲུས་བརྩམ་པ་ལོག་ན་མེད། །སྟོང་ཉིད་རྟོགས་པའི་ཕ་རོལ་ན། །བསམ་གཏན་བསྒོམ་པ་ལོག་ན་མེད། །ཤེས་པ་སྣ་ཚོགས་ཕ་རོལ་ན། །ཤེས་རབ་སྤྱད་པ་ལོག་ན་མེད། །བྱང་སེམས་རྒྱས་པའི་ཕ་རོལ་ན། །འགྲོ་དོན་བྱ་བ་ལོག་ན་མེད། །ཡེ་ཤེས་རྒྱས་པའི་ཕ་རོལ་ན། །ཐབས་ཞེས་བྱ་བ་ལོག་ན་མེད། །བདུད་བཞི་བཅོམ་པའི་ཕ་རོལ་ན། །སྟོབས་ཞེས་བྱ་བ་ལོགས་ནས་མེད། །བདག་གཞན་དབྱེར་མེད་ཕ་རོལ་ན། །སྨོན་ལམ་འདེབས་པ་ལོགས་ན་མེད། །ཅེས་གསུངས་པས། དར་ལོ་དད་དེ། དངོས་སུ་ཆོས་བརྒྱད་སྤངས་ནས། སློབ་མ་ནུས་ཀྱང་། །རྐོག་ཏུ་གདམ་ངག་ཞུས་པས། སྟོན་བསྒོམ་རབ་བྱུང་དྲུག་གི་ཡ་བར་གྱུར་བ་ཅིག་བྱུང་སྐད་དོ། །དེ་ཐམས་ཅད་དར་ལོའི་སྐོར་རོ། །སངས་རྒྱས་བསྒྲུབ་ནས་བླ་མས་བླ་མའི་གདམ་ངག་ཟབ་སྟེ། སྟོན་པ་འདི་རྣམས་ཀྱི་ཆོས་སྐད་ལ་ལན་མ་ཐབས་ནས། མི་མང་ལ་ངོ་ཚ་བར་འདུག་པས། ང་རྒྱ་གར་དུ་ཆོས་
(༡༣༠)ཅིག་ཞུར་འགྲོ་ཟེར་བས། བླ་མས་ཁྱོད་ཚེ་གཅིག་ལ། སངས་རྒྱས་གྲུབ་ན། ནོར་མི་ཉན་པས། ཚིག་ངན་གྱི་ལན་འདེབས་འདོད་ཙ་ན། །བདུད་ལངས་པ་ཡིན། ད་རུང་ཁྱོད་བསམ་བློ་ལེགས་པོར་ཐོང་གསུངས་པ་ལ། རས་ཆུང་བས་ཞུས་པ། ངས་བསམ་བློ་མ་བཏང་ཡང་འགྱོད་པ་མེད། སྐྱེངས་པ་ཡིན་ཞུས་པས་འགུར་འདི་ཕུལ་ལོ། །ང་སྔོན་ཚེ་ཕ་ཡུལ་རིང་པ་བས། །ད་ལྟ་སྙེ་ནམ་གྲོང་ཕུ་བདེ། །སྔོན་ཚེ་ཕ་ཡུལ་འཕྲུ་རྐོ་བས། །ད་ལྟར་སྤྱིལ་པོའི་ག་དར་སྐྱིད། །སྔོན་ཚེ་ཕ་ཁུའི་གདན་ས་བས། །ད་ལྟ་བླ་མའི་ཞབས་དྲུང་བདེ། །སྔོན་ཚེ་དྭ་ཕྲུག་ཁ་སེར་བས། །ད་ལྟ་རས་ཆུང་རྡོར་གྲགས་བདེ། །སྔོན་ཚེ་མཐོང་ཐོས་སྡུག་བསྔལ་བས། །ད་ལྟ་ཀུན་གྱི་མཆོད་གནས་བདེ། །སྔོན་ཚེ་བཀྲེས་སྐོམ་འབྲལ་མེད་པས། །ད་ལྟ་ཏིང་ངེ་འཛིན་འཚོ་བ་བདེ། །ཆོས་ལ་མི་ཚེ་སྐྱེལ་བ་ལ། །བདེ་སྐྱིད་ཐམས་ཅད་འགྲུབ་པའི་ཐབས། །རྗེ་རི་ཁྲོད་རས་པའི་བྱིན་བརླབས་ཀྱི། །བདག་བསམ་པ་འགྲུབ་པར་བྱིན་གྱི་རློབས། །ཞེས་ཞུས་པས། བླ་མའི་ཞལ་ན། །ངོ་བདེ་བ་ངོ་ཤེས་པ་དེ་ཡོན་ཏན་སྐྱེས་པའི་རྟག་ཡིན། ཁྱོད་ཀྱི་མིང་ལ་ཡང་བདེ་བ་ཡོན་ཏན་དུ་ཐོག་གསུངས་སོ། །དེ་ནས་ཡབ་སྲས་གཉིས་སྙེ་ནམ་པ་ལ་གསེར་གྱི་བསོད་སྙོམས་མཛད་པས། གསེར་མང་པ་ཅིག་བྱུང་བ་དེ་རས་ཆུང་བ་ལ་གཏད་ནས་བླ་མས་འགུར་འདི་གསུངས་སོ། །བུ་ཐོས་ཆུང་རྩོད་པ་ཕམ་པ་དེ། །ཉམས་ལེན་ཞན་ཅིང་ཐེ་ཙོམ་ཟ། །སློབ་གཉེར་འདོད་ཅིང་ས་མཐའ་སྐོར། །དེ་རྣལ་འབྱོར་ལྟོགས་པའི་འཕྲོད་ཅིག་ཡིན། །ཁྱོད་རྒྱ་གར་ཡུལ་དུ་འགྲོ་འདོད་ན། །ལུས་མེད་མཁའ་འགྲོའི་དམ་ཆོས་ཞུས། །རྩོད་པའི་ཚིག་ངན་བྱ་རྒྱུ་མེད། །ང་དང་པོར་གདུགས་མ་ནོར་བ། །ན་རོ་ཆེན་པོའི་རྒྱུད་པས་
(༡༣༡)གདུགས། །བར་དུ་བསྒོམ་པ་མ་ནོར་བ། །བྲག་ཀར་སྤོས་མཐོན་རྩེ་ལ་བསྒོམས། །ཐ་མར་སྡོམ་པ་མ་ནོར་བས། །ཤེས་མེད་འདྲིས་མེད་ཡུལ་དུ་བསྡོམས། །དེས་ནི་རྣལ་འབྱོར་ལྡོག་མི་སྲིད། །ང་ལྷོ་བྲག་མར་པའི་ཞབས་དྲུང་དུ། །སྐལ་པ་བཟང་པོའི་དམ་ཆོས་ཞུས། །རྗེ་བླ་མ་སངས་རྒྱས་ཀྱི་འདི་སྐད་གསུངས། །འཁོར་ལོས་སྒྱུར་རྒྱལ་རིན་ཆེན་འཛིན། །ལམ་ལྔ་བྱ་འཕུར་ཆོས་ཉིད་གླིངས། །རིག་པའི་ཡེ་ཤེས་སྒྲོན་མེ་ཅིག །རྩ་རླུང་གྲ་དམིགས་འཁོར་ལོ་གཉིས། །བདེ་ཆེན་གསུངས་གི་འཁོར་ལོ་གསུམ། །རོ་སྙོམས་ཕྱིའི་མེ་ལོང་བཞི། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལྔ། །དམ་ཆོས་འདི་ལྔ་ཡོད་གསུངས་པས། །ངན་སོ་རྒས་ནས་མ་ཐོན་པས། །ཁྱོད་ན་རོའི་སློབ་རྒྱུད་འཛིན་པས་བུས། །རྒྱ་གར་ཡུལ་ནས་ལོང་ལ་ཤོག །ཅེས་གསུས་གསུངས་པས། གསེར་ཚོའི་ནང་ན་གསེར་ཐེག་པོ་ཅིག་བླ་མའི་དབུ་ཐོག་ཏུ་འཕངས་ནས་འདི་ཞུས་སོ། །བླ་མའི་བཀའ་གསུངས་དགོངས་པ་རྣམས། །སྲོག་འདོར་ཕྱིར་ཡང་བསྒྲུབ་པར་ཞུ། །གདམ་ངག་མཁའ་འགྲོའི་བདུད་རྩི་ལ། །ལུང་བསྟན་བཞིན་ཏུ་ལེན་པར་ཞུ། །བྱིན་བརླབས་བཀའ་དྲིན་ཐུགས་རྗེས་ལས། །ཡེངས་པ་མེད་པར་འཇུག་པར་ཞུ། །བཀའ་ཚིག་རྡོ་རྗེའི་ཕྲེང་བ་ལ། །བརྗེད་པ་མེད་པར་དྲན་པར་ཞུ། །རས་ཆུང་རྗེ་མེད་བཤེས་མེད་ལ། །ལས་ཅི་ལ་ཐུགས་ཀྱང་སྐྱོབ་པར་ཞུ། །རྒྱ་གཅན་འཕྲང་འཇིགས་པ་ལ། །བདག་གང་དུ་འགྲོ་ཡང་གཟིགས་པར་ཞུ། །འདྲིས་ཆར་མིའི་གདོང་དམར་ལ། །ལས་འཕྲོ་བཟང་དང་སྤྲོད་པར་ཞུ། །སྣང་བ་ལམ་གྱི་བར་ཆོད་ལ། །ནོར་བ་ཐལ་ནས་བསྒྱུར་བར་མཚན་ཞུ། །དུས་དང་རྣམ་པ་ཐམས་ཅད་དུ། །ཐུགས་རྗེས་ཅིས་ཀྱང་འཛིན་པར་ཞུ། །ཞེས་ཞུས་པས། བླ་མས་ཞལ་ནས། རས་
(༡༣༢)ཆུང་བ་ཁྱོད་སྟན་པའི་ལན་མ་ཐེབས་བསམ་ནས། ཚིག་ངན་རྟོག་གེའི་སྒྱུམ་བུ་རྣམས་བསླབ་ནས། རང་རྒྱུད་གྱོང་གི་ཧྲང་གིས་འགྲོ་ནས། དྲང་བས་མི་ཐུབ་པ་ཅིག་རེད་ན་དགེ་སྦྱོར་འཁྲུག་པས། ཚིག་ངན་མ་སློབས་ཅིག །ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལ། བཞི་ལྷོ་བྲག་མར་བས་བླངས་ཟིན། ལྔ་ཡོད་པ་ང་ལ་ལོང་གསུངས་པའི་ལུང་བསྟན་ཡོད་དེ། ང་ན་སོ་རྒས་པའི་མ་ཐོན་པས། ཁྱོད་སོང་ལ་ལོང་དང་འགྲོ་བ་སེམས་ཅན་ལ་ཕན་ཐོགས་ཡིན། གསུངས་པས། རས་ཆུང་བ་ལས་རྫོངས་སུ་བཏབ་པའི་འགུར་འདི་གསུངས་སོ། །བུ་གཅིག་དུ་གསང་སྔགས་ཐབས་ལམ་ཆེ། །གཉིས་སུ་བླ་མའི་གདམ་ངག་ཆེ། །གསུམ་དུ་རང་གིས་ཤེས་རབ་ཆེ། །དེ་ལ་ཆེ་བ་རྣམས་གསུམ་མཛོད། །གཅིག་དུ་མཁས་པའི་ཞབས་ཏོགས་དགོས། །གཉིས་སུ་བླ་མ་ལ་གདམས་ངག་དགོས། །གསུམ་དུ་རང་ལ་སྙིང་རུས་དགོས། །དེ་ལ་དགོས་པ་རྣམས་གསུམ་མཛོད། །གཅིག་དུ་སྲོག་རྩོལ་གནད་དུ་ཆུད། །གཉིས་སུ་ཆོས་ཉིད་གློད་དུ་ཆུད། །གསུམ་དུ་ཆོས་ལ་རང་བྱན་ཆུང་། །དེ་ལ་ཆུད་པ་རྣམས་གསུམ་མཛོད། །གཅིག་དུ་བདེ་བའི་འོད་གསལ་མཐོང་། །གཉིས་སུ་སྣང་བ་སྣ་ཚོགས་མཐོང་། །གསུམ་དུ་ལུང་རིག་མན་ངག་མཐོང་། །དེ་ལ་མཐོང་པ་རྣམས་གསུམ་མཛོད། །བུ་ཕྱག་རྒྱ་མཚན་ལྡན་གྲོགས་སུ་གཅེས། །ཉམས་མྱོང་བདེ་བ་སེམས་ལ་གཅེས། །སྤྱོད་པ་གླང་ཆེན་ལྟ་བུ་གཅེས། །དེ་ལ་གཅེས་པ་རྣམས་གསུམ་མཛོད། །སྣོད་ངན་ལ་གདམ་ངག་སྟེར་བ་འཕངས། །ཉམས་མྱོངས་གླུ་རུ་ལེན་པ་འཕངས། །རྣལ་འབྱོར་གྲོང་དུ་འཁྱམས་པ་འཕངས། །དེ་ལ་འཕངས་པ་རྣམས་གསུམ་མཛོད། །གཅིག་དུ་མཆེད་གྲོགས་ཚོགས་སུ་འདུས། །གཉིས་
(༡༣༣)སུ་མཆེད་གྲོགས་ཆོས་སུ་འདུས། །གསུམ་དུ་ཡོངས་ཚད་ཚོགས་སུ་འདུས། །དེ་ལ་འདུས་པ་རྣམས་གསུམ་མཛོད། །ཅེས་གསུངས་པས། རས་ཆུང་བ་རྒྱ་གར་དུ་འགྲོ་བ་ལ། ཀྱི་སྟོན་ཟེར་བའི་རྫོགས་ཆེན་པ་ཅིག་གིས་དབུ་མཛད་པའི་དཔོན་སློབ་བཅོ་ལྔ་སོང་བས། བལ་པོར་སླེབ་ཙ། བལ་པོའི་པ་རི་མ་ཐམས་ཅད་བོད་ཀྱི་འཛོ་གི་བཟང་པོ་ལ་ཆོས་ཞུ་ཟེར་ནས་ཡོངས་པ་ལ། བ་རི་མ་ཅིག་གི་འཕྲེང་བ་ལ་བསྐོན། ལག་པ་ཐལ་མོ་སྦྱར་ནས་དད་པ་ཆེན་པོ་བྱས་པ་ལ་ཀྱི་སྟོན་ཀྱི་རྫོགས་ཆེན་བཤད་པས། བ་རི་མ་དེ་རྣ་བ་མི་གཏོད་པར་མ་དད་པས་ཚུལ་བྱས་པས། རས་ཆུང་བས་ཁྱོད་དང་པོར་ནས་ཕྱིས་མི་དད་པ་ཨེ་ཡིན་གསུངས་པས། མོ་ན་རེ། འཛོ་གིའི་ཆོས་ལ་དད་རྒྱུ་མ་བྱུང་། སངས་རྒྱས་པའི་ཆོས་ཅིག་བསྒྲུབ་པ་ལ། བྱིན་གྱི་རློབས་པའི་བླ་མ། དངོས་གྲུབ་སྟེར་བའི་ཡི་དམ། བར་ཆོད་སེལ་བའི་ཆོས་སྐྱོངས་དགོས་པ་ལ། ལྷ་མེད་འདྲེ་མེད་རང་ཟེར་བས། འོ་ན་ཁྱོད་ཀྱི་གདམ་ངག་ཅིག་ཞུ་བྱས་པས། བོད་ཕྲུག་སྒྲོ་ན་ཆུང་འདྲ་བ་ཅིག །ངས་གདམ་ངག་མི་ཤེས་ཟེར་ནས་བུད་སོང་ངོ་། །དེ་རེ་དེའི་གཡོག་མོ་ཅིག་འདུག་པ་ལ། ཁྱོད་ཀྱི་ཇོ་མོ་དེས་ཆོས་ཅི་བྱེད་གསུངས་པས། ང་ལ་རྔན་པ་ཅིག་སྟེར་ནས་བཤད་ཟེར་བས། དེར་གསེར་དུམ་པ་ཅིག་བྱིན་པས། དབྱུག་པ་སྒྱིད་ཁུགས་སུ་བཅུག །ཕོར་བ་ཅིག་ལག་ཏུ་བཟུང་ན། རྣལ་འབྱོར་མས་བཞུགས་ལུགས་ཅིག་བྱས་ནས་སོང་ངོ་། །རས་ཆུང་བས་ཡང་རྣལ་འབྱོར་མས་ཆོས་ལུག་ཅིག་ཡོད་པར་གོའོ། །དེ་ནས་བལ་པོ་དང་རྒྱ་གར་གྱི་བར་ཏུ་འགྲུལ་མ་བྱུང་བས། དགུན་བལ་པོར་བཞུགས་ཏེ། བལ་པོ་ཧང་བུ་དཀོར་མོའི་ཕག་མོ་ཡང་ཞུས། དཔྱིད་ཀར་སོང་བ་དང་།
(༡༣༤)བལ་པོའི་རྒྱལ་པོ་ལ་རྟ་ཅིག་བླངས་ནས། རྒྱ་གར་དུ་ཨེ་ཐོན་བསམ་ནས། རྔ་མ་དཀར་པོ་ཅིག་དང་། གླ་རྩི་དགོར་མོ་ཅིག་དང་། གསེར་ཞོ་གང་དང་། གསུམ་ཁྱེར་ནས་མཇལ་ཞུས་ན། བོད་གླེན་པ་ཁྱོད་རྒྱལ་པོ་མཇལ་ས་མེད། ཟེར་བས། འོ་ན་སྐུ་མཁར་གྱི་རྩེ་ལ་བྱོན་ནས་ང་ཞུ་རྒྱུ་གལ་ཅན་ཅིག་ཡོད་བཟླས་པས། སྐུ་མཁར་གྱི་རྩེ་ལ་མངོན་པ་ལ་ཕྱག་རྟེན། སྣ་གསུམ་པོ་དེ་ཕུལ་ནས། འགུར་འདི་གསུངས་སོ། །རྒྱལ་པོའི་སྐུ་མཁར་མཐོ་མི་མཐོ། །ཕྱོགས་རིས་དམགས་གི་བསྐོར་ནས་མངོན། །བསྒོམ་པའི་རི་རྒྱལ་བརྟན་མི་བརྟན། །དགོན་པར་ཡུན་རིང་བསྡད་ནས་མངོན། །སྤྱོད་པའི་རྒྱལ་པོ་བཟང་མི་བཟང་། །ཆོས་བརྒྱད་ཆབ་ལ་བརྒལ་ནས་མངོན། །བརྩོན་འགྲུས་རྟ་བོ་མགྱོག་མི་མགྱོག །ལེ་ལོའི་ཐང་ལ་བརྒྱུག་ནས་མངོན། །རྒྱ་མདུད་གྲོལ་མ་གྲོལ། །ཟང་ཟིང་ནོར་དང་འཕྲད་ནས་མངོན། །ཤེས་རབ་རལ་གྲི་རྣོ་མི་རྣོ། །ལུང་དང་གྲུབ་མཐའ་བཤགས་ནས་མངོན། །རྒྱལ་པོའི་བཀའ་ཁྲིམས་དམ་མི་དམ། །རས་ཆུང་བ་རྒྱ་གར་དུ་ཕྱིན་ནས་མངོན། ཞེས་ཞུས་པས། རྒྱལ་པོའི་ཞལ་ནས། ཁྱོད་མིད་ལ་རས་པའི་སློབ་མ་རས་ཆུང་བ་བྱ་བ་ཡོད་ཟེར་བས་དེ་ཨེ་ཡིན་གསུངས་པས། ཡིན་ལགས་ཞུས་པས། འགན་འདྲས་རྟགས་ཅིག་གཅིག་གནས། ཕྱག་རྟེན་རྣམས་ཕྱིར་གཏད། ལམ་ཆས་གང་དགོས་པ་ཁྱེར་གསུངས་ནས། ད་རེས་ཁྱོད་ཀྱི་རྒྱ་གར་དུ་འགྲོ་ཚད་ཁྲིད་དང་། ཅང་ཡང་མི་སྔོ་ཨང་གསུངས་པས། རས་ཆུང་བ་བརྒྱ་ཙམ་ཁྲིད་ནས། སོང་བས། ཤིང་སྤངས་གསེར་གྱི་མན་ཊལ་གྱི་རྩ་ནས། གསང་སྔགས་རྒྱལ་པོ་ཏི་པུ་པ་དང་མཇལ་
(༡༣༥)བས་གསེར་སྲང་གི་ཕྱག་རྟེན་བཏང་ནས་འགུར་འདི་གསུངས་སོ། །རྗེ་བླ་མས་སྐུ་མཐོང་སྣང་བ་འགྱུར། །གསུངས་ཐོས་ལས་ངན་སྒྲིབ་པ་འདག །ཕྱག་དབང་བར་ཆོད་རྐྱེན་ངན་བསལ། །བལྟས་ཤིང་བལྟ་བར་འདོད་ལ་གསོལ་བ་འདེབས། །བདག་ཆགས་པའི་རྒྱལ་པོ་ཕ་ཡུལ་སྤང་། །འཛིན་པའི་རྒྱལ་པོ་ནོར་ཟས་སྤངས། །ཞེན་པའི་རྒྱལ་པོ་ཉེ་འབྲེལ་སྤངས། །ལར་བརྒལ་བའི་དཀའ་བའི་ཐེམ་པ་བརྒལ། །བསྒྲོད་པར་དཀའ་བའི་ལམ་རིང་བསྒྲོད། །ང་སིང་ག་ལའི་ནགས་སུ་ཕྱིན་ཙ་ན། །ནགས་ཁྲོད་མུན་ནགས་འཐིབས་པ་འདྲ། །མི་རྐུན་སྦྲང་ཆར་ཟིམ་བུ་མང་། །ཚེ་སྲོག་ན་འུན་པས་ཀྱང་ཡལ། །རྫོངས་ཀར་ལའི་ནགས་སུ་ཕྱིན་ཙ་ན། །རྦ་ཟངས་ལྕང་མ་བརླུང་བསྐྱོད་འདྲ། །ཚེ་སྲོག་མེ་སྟག་པས་ཀྱང་ཡལ། །བལ་པོའི་མཐིལ་ཏུ་ཕྱིན་ཙ་ན། །མི་ནད་བུ་ཡུག་པས་ཀྱང་འཚུབ། །མི་རོ་ལུད་ཕུང་པས་ཀྱང་མང་། །ཚེ་སྲོག་ཟིལ་བ་བས་ ཀྱང་ཡལ། །ལམ་རིང་པོའི་དཀའ་བ་སྣ་ཚོགས་སྤྱད། །ལུས་སྡུག་བསྔལ་རྐྱེན་སྣ་མང་ལགས་ཀྱང་། །རྗེ་ཡིད་ལ་བྱས་པའི་སྐྱོན་མ་བྱུང་། །རྗེ་བླ་མའི་ཆོས་ནི་རྒྱ་མཚོ་འདྲ། །རྒྱ་མཚོའི་གཏིང་ལ་ཐུགས་མཐའ་མང་། །ཐུགས་མཐའ་མེད་པའི་ཆོས་ཅིག་ཞུ། །བླ་མའི་ཆོས་ནི་ཉི་ཟླ་འདྲ། །ཉི་ཟླའི་འོད་ཀྱི་འགྲོ་བ་ཁྱབ། །དོན་ཀུན་ལ་ཁྱབ་པའི་ཆོས་ཅིག་ཞུ། །བླ་མས་ཆོས་ནི་ནོར་བུ་འདྲ། །ནོར་བུ་དགོས་འདོད་ཆར་དུ་འབབ། །དོན་དགུ་འབྱུང་བའི་ཆོས་ཅིག་ཞུ། །བླ་མས་ཆེས་ནི་སྨན་མཆོག་འདྲ། །སྨན་མཆོག་འདུ་བའི་ནད་རྣམས་སེལ། །ནད་ཉོན་མོངས་སེལ་བས་ཆོས་ཅིག་ཞུ། །རྗེ་ཡིད་བཞིན་ནོར་བུ་འགྲོ་བའི་སྨན། །ཡེ་ཤེས་རྒྱ་མཚོའི་འོད་ཟེར་གྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །དགོས་འདོད་ཉི་ཟླ་འཆར་དུ་གསོལ། ཞེས་ཞུས་པས། ཏི་བུ་པའི་ཞལ་ནས་
(༡༣༦)བོད་ཕྲུག་ཤེས་རབ་ཅན་ཅིག་འདུག་གསུངས་པས། རྨ་ལོཙྪ་བ་ན་རེ། ཤེས་རབ་ཆེ་རྒྱུ་མེད། །དང་པོ་ན་བསམ་བསམ་པ་ཡིན། །ཟེར་བས་ངས་བོད་སྐད་མི་ཤེས། ཐམས་ཅད་ཤེས་ཀྱི་གཤིས་ལ་ཡོང་བ་ཅིག་འདུག །གོང་ནས་བསམ་པ་ཨེ་ཡིན། འཕྲལ་ལ་རྒྱུད་དང་བླ་མ་དང་གདམ་ངག་དང་། ད་གདམ་ངག་གང་འདོད་རྣམས་དྲིས་དང་འཕྲལ་དུ་ལན་ཐེབས་ན། ཤེས་རབ་ཆེ་བས་རྟགས་ཡིན་གསུངས་པས། གསུངས་པ་བཞིན་དྲིས་པས་འགུར་འདི་ཕུལ་ལོ། །རྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བཀའ་བ་བདེ་ལོ་བས་ནས་བབ། །བཅུད་ཀྱིས་བདུད་རྩིན་རོས་གསོས། །ཡོན་ཏན་རྒྱ་མཚོ་མར་བས་བླངས། །སྙན་རྒྱུད་དྲོད་རྟགས་མིང་ལས་བཏོན། །ང་མིད་ལ་རས་ཆེན་རྒྱུད་པ་འཛིན། །གདམ་ངག་མཁའ་འགྲོའི་སྙན་རྒྱུད་ཡིན། །ང་རང་རས་ཆུང་རྡོར་གྲགས་ཡིན། །ང་རོ་སྙོམས་ཕྱིའི་མེ་ལོང་འདོད། །རྩ་རླུང་གྲ་མིག་འཁོར་ལོ་འཛིན། །བདེ་ཆེན་གསུངས་གི་རིན་ཆེན་འདོད། །རང་གྲོལ་ཕྱག་རྒྱ་ཆེན་པོ་འདོད། །རིག་པ་ཡེ་ཤེས་སྒྲོན་མེ་འདོད། །གཞན་ཡང་གསང་སྔགས་དམ་པའི་ཆོས། །ནོར་འཁྲུལ་འཁྲུལ་མེད་པར་གནང་བར་ཞུ། ཞེས་ཞུས་པས། བླ་མ་ཏི་པུ་པའི་ཞལ་ནས། འགུར་འདི་གསུངས་སོ། །ཁྱོད་རྒྱུད་པ་མ་ནོར་རྡོ་རྗེ་འཆང་། གདམ་ངག་མ་ནོར་མཁའ་འགྲོའི་གསུངས། །བཀའ་བབས་ནོར་དེ་ལོ་བ། །བཅུད་ཀྱི་བདུད་རྩི་ན་རོས་གསོས། །ཡོན་ཏན་རྒྱ་མཚོ་མར་བས་བླངས། །མིད་ལ་རས་ཆེན་རྟོགས་པ་ཆེ། །བཀའ་རྒྱུད་བླ་མས་རྒྱུད་པ་འཛིན། །བུ་ཁྱོད་ཡང་སྣོད་ལྡན་ཡིན་ཏེ་མཆིས། །ད་རོ་སྙོམས་ཕྱིའི་མེ་ལོང་ཡོད། །རླུང་གྲ་དམིགས་འཁོར་ལོ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་བཞིན། །བདེ་ཆེན་གསུངས་གི་རིན་ཆེན་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་བཞིན། །རང་གྲོལ་
(༡༣༧)ཕྱག་རྒྱ་ཆེན་པོ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་བཞིན། །རིག་པ་ཡེ་ཤེས་སྒྲོན་མེ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་བཞིན། །གཞན་ཡང་དགོས་པའི་ཆོས་དྲུག་ཡོད། །བདའ་དོན་གསུང་གི་ནོར་བུ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་བཞིན། །འཆི་མེད་བདུད་རྩིའི་བཅུད་ལེན་ཡོད། །ད་ཡོད་ཁྱོད་ལ་ཅིས་མི་བཞིན། །ངོ་སྤྲོད་གནད་ཀྱི་བར་དོ་ཡོད། །དེ་ཡོད་ཁྱོད་ལ་ཅིས་མི་བཞིན། །བསམ་གྱི་མི་ཁྱབ་གཏེར་མཛོད་ཡོད། །བསམ་གཏན་མཐུན་འཇོག་གདམ་ངག་ཡོད། །དེ་ཁྱོད་ལ་ཅིས་མི་བཞིན། །ཅེས་གསུངས་པས། ཞུས་པའི་ལྔ། མ་ཞུས་པའི་དྲུག་དང་བཅུ་གཅིག་བྱུང་བས། །ཡིད་དུམ་པ་མ་ཆེས་པས། ལོཙྪ་བ་འདི་རྣམས་ཀྱི་འཕྲག་དོག་བྱེད་པ་ཨེ་སྲིད་བསམ་པས། རྨ་ལོཙྪ་བ་དང་། འགོས་ལོཙྪ་བ་གཉིས་ལ་གསེར་དུམ་པ་རེ་ཕུལ་ནས་འགུར་འདི་ཕུལ་ལོ། །བདག་ལུས་ད་ཁྱེད་སངས་རྒྱས་བསྟན་འཛིན་ལོཙྪ་བ། །སྤྱིར་ཁམས་གསུམ་འཁོར་བའི་ཕ་ཡུལ་ན། །གཏི་མུག་མུན་པའི་སྨག་རུམ་འཐིབ། །དཔལ་མགོན་ཆགས་སྡང་གི་འདམ་དུ་བྱིངས། །གནས་ཐར་མེད་ངན་སོང་གི་ཁང་བར་ཆུད། །ཁྱེད་དུས་གསུམ་མཁྱེན་པའི་ལོཙྪ་བ། བདག་བློ་མ་རིག་མུན་པ་བསལ་དུ་གསོལ། །སེམས་ཐེ་ཙོམ་གྱི་དྲ་བ་གཅད་དུ་གསོལ། །ངག་མི་ཤེས་ཀྱི་རྒྱ་མདུད་བཤིག་དུ་གསོལ། །ལུས་ཆགས་སྡང་གི་ཉོན་མོངས་འཇོམས་སུ་གསོལ། ཞེས་ཞུས་པས། ལོཙྪ་བས་གསེར་བསྡུས་ནས་སོང་བས་བླ་མ་དང་ལོཙྪ་བ་སྐུ་བསོད་ལ་ཡན་པས་ལོ་མ་འཁོར་བར་དུ་ཆོས་མ་བྱུང་བས། ཡང་རས་ཆུང་བས་གསེར་མཎྜལ་བྱས། བླ་མ་ལ་ཕུལ་ནས་འདི་ཞུས་སོ། །བདག་ལུས་ཚ་གྲངས་ཡིད་ལ་མ་བགྱིས་པ། །སྡུག་ཁུ་རུའི་འོག་ནས་ལམ་བཅད། །ཡུལ་
(༡༣༨)བཟང་པོའི་ཕྱི་ཆགས་མ་བྱས་པས། །དྲིན་ཅན་གྱི་ཕ་མ་གསོན་བསྐྱུར་བྱས། །ཟས་ཞིམ་པོའི་རོ་ལ་མ་ཆགས་པས། །ཚོང་ཁེ་སྦོགས་བྲམ་ཟས་བསྒྲུབ་ད་ཤོལ། །ཚེ་འདི་ལ་ཆགས་སེམས་མ་སྐྱེས་པ། །སྲོག་ཤིང་མགོ་བོ་གཟད་ནས་བླ་མ་བཙལ། །ལོ་ན་ཉིད་གྱི་ལོ་ལ་དཀའ་བ་སྤྱད། །ད་ལོའི་ལོ་ལ་རྗེ་དང་མཇལ། །ངོ་མཚར་ལྟད་མོ་མཚར་དགུ་མཐོང་། །ཤིང་སྤང་གསེར་གྱི་མཎྜལ་མཐོང་། །ཏི་པུ་གསང་སྔགས་སྡོང་པོ་མཐོང་། །མ་ཅིག་གྲུབ་བའི་རྒྱལ་མོ་མཐོང་། །བྷ་ག་ལའི་ཕག་མོ་མཐོང་། །བལ་པོ་ཤི་ལ་བྷ་རོ་མཐོང་། །བྷ་རོ་གྲ་མའི་སྤྱོད་ཡུལ་མཐོང་། །ཆུ་སྲིན་ཁ་ན་ཆུ་འབབ་མཐོང་། །གསེར་གྱི་ཝ་ཏི་སོར་བཞི་མཐོང་། །མི་རྟགས་མྱ་ངན་འདས་ཆེན་མཐོང་། །ལྷ་དང་ལྷ་མོའི་ཞིང་ཁམས་མཐོང་། །མཁའ་འགྲོ་སྡེ་བཞིས་མཆོད་རྫས་མཐོང་། །བླ་མའི་དམ་ཆོས་སེང་གེའི་ཞོ། །སྣོད་ལྡན་གྱི་བུ་ལ་གནང་བར་ཞུ། །སངས་རྒྱས་བཀའ་ལུང་མཁའ་འགྲོའི་ཟས། །རིགས་ལྡན་གྱི་བུ་ལ་སྟེར་བར་ཞུ། །བཀའ་རྒྱུད་ཀྱི་རྣམས་ཐར་རིན་ཆེན་ནོར། །རྒྱུད་ལྡན་གྱི་བུ་ལ་འབོགས་པར་ཞུ། །གསང་ཚིག་གི་ཉམས་དབྱངས་རྡོ་རྗེའི་རྒྱ། །ཆོས་མཐུན་གྱི་བུ་ལ་འབོགས་པར་ཞུ། །དད་ལྡན་གྱི་སྐྱེས་བུ་ལོཙྪ་བ། །བཀའ་དྲིན་གསུངས་ངག་གསལ་བར་མཛོད། །ཅེས་ཞུས་པས། བླ་མ་ཏི་པུ་པའི་ཞལ་ནས་གདམ་ངག་རྣམས་གནང་ཟིན་པས། རས་ཆུང་བ་ཁྱོད་ཡིད་ཨེ་ཆེས་གསུངས་པས། གདམ་ངག་དེའི་ཡོད་ལུག་དེ་ལ་ཅུང་ཞིག་ཡིད་མ་ཆེས་ཞུས་པས། བླ་མ་ཏི་པུ་པའི་ད་འགོས་ལོཙྪ་བ་ལ་རྐོག་དུ་ལོཙྪ་བསྒྱུར་དུ་བཅུག་ཙ། ལོཙྪ་བ་ཕྱིན་བོས་ཆོས་བྱེད་བཅད་འདུག་པས། རས་ཆུང་བ་ཡིད་མ་ཆེས་ཙ། ཏི་པུ་པའི་ཞལ་ན། ལོཙྪ་བ་གང་གིས་ཀྱང་ཚད་མར་མ་བསྒྱུར་ཟིན་ཏེ། ལམ་དུ་མཁའ་འགྲོའི་
(༡༣༩)སྤྲུལ་པ་ཅིག་གིས་ཆད་ལྷགས་སེལ་པར་འདུག་གསུངས་སོ། །དེ་ནས་ནུབ་མ་ཅིག་གྲུབ་མའི་རྒྱལ་མོས་ཚེ་དབང་མཛད་པ་ལ། རས་ཆུང་བས་བླ་མས་ལུང་བསྟན་ན་ཞུས་པས། བླ་མས་ཞལ་ནས། ཁྱོད་ཚེ་ཅི་ཙམ་ཐུབ་པ་ཅིག་འདོད་གསུང་པ་ལ། རས་ཆུང་བས་བདག་དགུན་ཤིན་ཡང་བཟང་བསམ་པའི་བར་དུ་ཐུབ་པ་ཅིག་འདོད་ཞུས་པ། བླ་མས་ཞལ་ནས་བསམ་པ་འཐོམ་པོས་ཅི་བསམ་ལ་ངེས་པ་མེད། བུ་པའི་ཚེ་ཚད་དང་མཉམ་པ་ཅིག་བྱེད་དགོས་གསུངས་པ་ལ། རས་ཆུང་བ་ཚེ་ཚང་བཞི་བཅུ་རྩ་བཞི་ཡིན་པ་ལ། བརྒྱད་བཅུ་རྩ་བརྒྱད་ཐུབ་པ་ཡིན། དེ་ནས་ནུབ་པཎྜི་ཏ་ཟླ་བའི་སྙིང་པོ་དེ་ནགས་གསེབ་ན་ཕར་ལ་ཚོགས་འཁོར་ཚར་བ་དང་། བཞུང་ནས་ཐལ་བས་མཐོང་བས། རས་ཆུང་བ་ཡང་ཕྱི་འབྲེང་ལ་སོང་ཙ། ཤིང་ཙན་ཏན་སྡོང་པོ་ཅིག་གི་རྩ་བ་ན་འོད་དཀར་ཕུབ་ཙམ་ཅིག་གྱི་ལེ་འདུག །དེའི་རྩ་བ་ན་འདོད་འཇོའི་པ་ཅིག་ཉལ་འདུག་པ་ལ་པཎྜི་ཏ་དས་བདེ་ལ་ཕྱག་བྱེད་ཡིན་འདུག་པས། རས་ཆུང་བའི་ཡང་ཕྱག་མང་པོ་རྩོལ་མེད་ལ་འཚལ་འདོད་བྱུང་བས་འཚལ་ཙ། པཎྜི་ཏའི་ནམ་མཁའ་ནས་གར་མང་པོ་མཛད་མེ་ཏོག་གི་ཆར་པའོ་ནུབ་པ་ཙམ་ཕང་ནས། འཇའ་འོད་ཀྱི་གུར་ཕུབ་པའི་ནང་ནས་མཁའ་འགྲོ་མ་མང་པོ་འདུག་པས་འགུར་འདི་གསུངས་སོ། །བླ་མ་གསང་སྔགས་ཆེ་བའི་སྐུ། །འདོད་དགུ་སེམས་ལ་ཆར་དུ་འབབ། །ལྷོ་སྲིན་ནགས་ཀྱི་ཤིང་གསེབ་ན། །རང་གྲུབ་འོད་ཀྱི་གཞལ་ཡས་ཁང་། །ཨ་མ་རྒན་མོའི་བྱིན་བརླབས་ལ། །མ་དང་མཁའ་འགྲོའི་མེ་ཏོག་འབབ། །ཤིང་སྤངས་གསེར་གྱི་མཎྜལ་ལ། །འདོད་འཇོ་པ་མོའི་སྐུ་ཡང་བརྟེན། །བྷ་ག་ལ་ཡི་ཕག་མོར་འཁྲུངས། །ཏི་པུ་དུར་ཁྲོད་ཆས་ཀྱི་བརྒྱན། །བྱིན་བརླབས་ནུས་པའི་ཆར་པ་འབབ།
(༡༤༠)རྩ་རླུང་གྲྭ་མིག་འཁོར་ལོ་བསྐོར། །རོ་སྙོམས་ཕྱིའི་མེ་ལོང་བལྟས། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །དམ་ཚིག་རང་སེམས་མེ་ལོང་སྲུངས། །བྱིན་བརླབས་སེམས་ཀྱི་རྒྱ་མདུད་ཁྲོལ། །འོད་གསལ་མ་རིག་མུན་པ་སོལ། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་རྫས་རྟོགས་པའི་ཉི་མ་བདེ། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམས། །ལུས་མེད་མཁའ་འགྲོའི་བདེ་བའི་ཆོས། །བུའི་སྙིང་ལ་གནས་པར་ཤོག །ཞེས་གསུངས་པས། དབྱངས་རྟ་ལ་ཆགས་པས་ཚིག་མ་ཟིན་པ་ལ། རས་ཆུང་བ་གཉིད་དུ་སོང་འདུག །གཉིང་སང་ཙད་རྣམས་གར་སོང་མི་འདུག །དེར་ཚིག་མ་ཟིན་པས་རས་ཆུང་བ་བློ་མ་བདེ་ཙ། །ཏི་པུའི་གཟིམ་ཁང་ཡ་ཐེམས་ན། ཤིང་ང་ལའི་ལོ་མ་ལ། །ཚིགས་རྣམས་ལྷགས་ཆད་མེད་པར་བྲིས་ནས་འདུག་སྐད་དོ། །གཞན་ཡང་གདམ་ངག་མང་དུ་ཞུས་ཏེ། ཕྱག་རྒྱ་ཆེན་པོ་ལ་སུ་མཁས་དྲིས་པས། བོད་གླེན་པ་བླ་མ་བལ་པོ་རང་མཁས་པ་མི་ཤེས་པ་ཨེ་ཡིན་ཟེར་བས། དེ་ནས་གསེར་ཡོད་ལེ་ལ་ཚོགས་བཟང་པོ་ཅིག་མཛད། གསེར་དུམ་པ་ཅིག་བཟུང་ཤོལ་རྗེ་ཏི་པུ་ལ་ཕུལ་ནས་འགུར་འདི་ཞུས་སོ། །བདག་དཀའ་བ་སྤྱད་པའི་དོན་ཆེན་འགྲུབ། །དཀོན་པའི་ལྟད་མོ་མཚར་དགུ་མཐོང་། །རོ་སྙོམས་ཕྱི་ཡི་མེ་ལོང་ལ། །སྒྱུ་མ་འཁྲུལ་པས་སྤྲུལ་པ་མཐོང་། །བདེ་ཆེན་གསུང་གི་རིན་ཆེན་ལ། །བདེན་པ་མེད་པས་མཆོད་དབྱངས་ཚོར། །རང་གྲོལ་ཕྱག་རྒྱ་ཆེན་པོ་ལ། །དངོས་པོ་མེད་པས་ལྟད་མོ་ཤར། །རིག་པའི་ཡེ་ཤེས་སྒྲོན་མེ་ལ། །སྣ་ཚོགས་རིག་པའི་ཆོ་འཕྲུལ་སྐྱེས། །རྩ་རླུང་གྲྭ་དམིགས་འཁོར་ལོ་ལ། །ཚེ་སྔ་ཕྱིའི་རྟེན་འབྲེལ་དངས་གསལ་གྲུབ། །གཞན་ཡང་དགོས་པའི་ཆོས་དྲུག་ལ། །རྒྱུད་ཟབ་མོའི་ལུང་རིག་འཁོར་དུ་འདུས། །ཏི་ཕུ་གསང་སྔགས་སྡོང་
(༡༤༡)པོ་ལ། །ཡི་དམ་ལྷའི་དཀྱིལ་འཁོར་སོགས། །མ་ཅིག་གྲུབ་པའི་རྒྱལ་མོ་ལ། །གསང་བ་མཁའ་འགྲོ་འཁོར་གྱི་བསྐོར། །ཤིང་སྤངས་གསེར་གྱི་མཎྜལ་ལ། །དཔའ་བོ་དཔའ་མོའི་མཆོད་སྤྲིན་འདུག །འདོད་འཇོ་ལྷའི་ཕ་མོ་ལ། །དངོས་གྲུབ་ལྷའི་ཆར་པ་བོབ། །བྷ་ག་ལའི་ཕག་མོ་ལ། །དུས་གསུམ་སངས་རྒྱས་བཞུགས་གནས་བཅས། །པན་ཊི་ཟླ་བའི་སྙིང་པོ་ལ། །ཐར་བར་འགྲོ་བའི་ལྡེམ་མིག་འདུག །འདིར་འཚོགས་སྐལ་ལྡན་ཕོ་མོ་ལ། །གསང་སྔགས་ཆོས་ཀྱི་ཉི་མ་ཤར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མཐོ་རིས་ལམ་གྱི་ནམ་མཁའ་ལངས། །ཕའི་བཀའ་དྲིན་རས་ཆུང་བ། །ངེས་ཤེས་ཟབ་མོའི་མེ་ཏོག་འཁྲུངས། །མཆེད་གྲོགས་རྡོ་རྗེའི་སྤུན་ཚོགས་ལ། །དམ་ཚིག་ལྷའི་ཕ་འབབ་གནང་། །བོད་ཀྱི་འགོ་ནག་མི་རྣམས་ལ། །མུན་སེལ་ཡེ་ཤེས་སྒྲོན་མེ་གཏད། །བདག་རེ་དགའ་དེ་རང་སྐྱིད་པར་བྱུང་། །ཅི་དགའ་བསམ་ཤིང་དེ་བས་སྐྱིད། །ད་དགའ་ཡུལ་དུ་འགྲོ་སྙིང་བྲོད། ཞེས་ཞུས་པས། ཏི་པུ་པའི་ཞལ་ནས་ད་ཁྱོ་རང་ཡུལ་དུ་འགྲོ་ན་ཡང་སོང་དང་། ཁྱོད་ཀྱི་བླ་མ་རྗེ་བཙུན་ཡང་སྐུ་ཁམས་བཟང་ནས་མཇལ་བར་འདུག །གསུངས་ནས། དབང་དང་བྱིན་བརླབས་གདམས་ངག་རྣམས་ཚང་བར་གནང་བ་ནས། ཁྱོད་ཀྱིས་བོད་དུ་འགྲོ་དུས་ག་བུར་དང་། གུར་གུམ་དང་། སིནྡྷུ་ར་ལ་སོགས་པ་རྣམས་བོད་དུ་ཁྱེར་དང་། ཁྱོད་ཀྱིས་བླ་མ་དེ་ཡང་མཉེས་པ་ཡིན་ཅིང་། ཤིང་ཨག་རུ་ནག་བོས་འབའ་ཞིག་གི། ཕྱག་མཁར་འདི་ཁྱོད་ཀྱི་བླ་མ་ལ་ངེད་ཀྱིས་བསྐུར་བས། ལམ་དུ་མ་སྟེར་བ་གྱིས། ཕྱག་དུ་ཐོང་དང་། ཁོང་སྦ་ལ་མཉེས་པའི་རྟའི་དོད་ཡིན། རྒྱ་བོད་ཀྱིས་ཆོས་པ་བཟང་པས། ཁྱོད་ཡང་གུས་
(༡༤༢)པའི་ཞབས་ཏོགས་ལ་འབུངས་གསུངས་ནས་འགུར་འདི་གསུངས་སོ། །བཀའ་དྲིན་ཆེ་བའི་བླ་མ་ལ། །གསོལ་བ་འདེབས་ཡིན་པ་ཞུད་པར་ཞུ། །ཡི་དམ་དཔའ་བོ་མཁའ་འགྲོ་ལ། །ཚོགས་འཁོར་འབུལ་ཡིན་བཞུད་པར་ཞུ། །བཀའ་དང་སྲུངས་མའི་ཆོས་སྐྱོང་ལ། །གཏོར་མ་འབུལ་ཡིན་བཞུད་པར་ཞུ། །བར་ཆོད་རྐྱེན་ངན་འབྱུང་པོ་ལ། །སྙིང་རྗེ་བསྐྱེད་ཡིན་བཞུད་པར་ཞུ། །ས་འབྲིང་འཇིགས་པའི་གཡང་ས་ལ། །ཐེ་ཙོམ་མེད་པར་བཞུད་པར་ཞུ། །བླ་མ་རྗེ་བཙུན་སངས་རྒྱས་ལ། །དད་གུས་བསྐྱེད་ཡིན་བཞུད་པར་ཞུ། །རྣམས་ཐར་ཟབ་མོའི་བྱ་བཏང་ལ། །དག་སྣང་བསྐྱེད་ཡིན་བཞུད་པར་ཞུ། །མི་མེད་ལུང་སྟོང་གཅིག་པུ་ལ། །ངོ་མཚར་བསྐྱེད་ཡིན་བཞུད་པར་ཞུ། །ལུང་བསྟན་ཟབ་མོའི་མངོན་ཤེས་ལ། །ཡི་རང་བསྐྱེད་ཡིན་བཞུད་པར་ཞུ། །བླ་མའི་བཀའ་དྲིན་ཡོན་ཏན་ལ། །དྲིན་དུ་གཟོ་ཡིན་བཟུང་བར་ཞུ། །འདིར་འཚོགས་དཔོན་སློབ་གྲོགས་མཆེད་ལ། །སྨོན་ལམ་འདེབས་ཡིན་བཞུད་པར་ཞུ། །ཅེས་གསུངས་པས། རས་ཆུང་བ་དགའ་དྲགས་པས། གསེར་ལྷགས་མ་ཡོད་པ་རྣམས་ལས། དུམ་པ་གཅིག་བཟུང་ཤེལ་ཕྱག་ཏུ་ཕུལ་ནས། རྩོལ་མེད་ཀྱིས་ཕྱག་མང་པོ་ཕུལ་ཏེ། སྐུ་ཁམས་བདེ་བར་བཞུགས་པས། འགུར་འདི་ཕུལ་ལོ། །ང་སོང་བའི་དུས་ན་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུར་གྱུར་བླ་མ་བདེ་བར་བཞུགས། །ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་སྐུ། །བྱང་ཆུབ་ལམ་ལ་བདེ་བར་བཞུགས། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །གསང་སྔགས་སྡོང་པོ་བདེ་བར་བཞུགས། །ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ། །འགྲོ་བའི་སྒྲོན་མེ་བདེ་བར་
(༡༤༣)བཞུགས། །སྐལ་ལྡན་བུའི་སྐྱབས་གནས་མཆོག །བཀའ་དྲིན་བྱམས་པ་བདེ་བར་བཞུགས། །ད་རུང་འགྲོ་བའི་དཔལ་མགོན་ལ། །མྱ་ངན་མི་འདའ་བདེ་བར་བཞུགས། །ཡེ་ཤེས་འཕྲིན་ལས་སྣ་ཚོགས་ཀྱིས། །བུའི་ལམ་སྣ་འདྲེན་དུ་གསོལ། །ལམ་དང་ཆུ་འཕྲད་སྣ་ཚོགས་ལ། །འོད་གསལ་དབྱིངས་ཀྱི་སྒྲོན་མེ་ཁྱོགས། །རྐྱེན་དང་བར་ཆོད་ཐམས་ཅད་ལ། །བྱང་ཆུབ་རྡོ་རྗེའི་བཟློག་པ་མཛོད། །མདུན་རྒྱབ་གཡས་གཡོན་ཐམས་ཅད་དུ། །ཡི་དམ་དཔའ་བའི་སྐྱེལ་མ་ཞུ། །གར་སྡོད་བྱ་བའི་ལས་རྣམས་ལ། །མཁའ་འགྲོ་ཆོས་སྐྱོངས་སྡོང་གྲོགས་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །བཀྲ་ཤིས་རྟེན་འབྲེལ་མཛད་དུ་གསོལ། ཞེས་ཞུས་པས། བླ་མ་ཤིན་དུ་མཉེས་ནས། སྨོན་ལམ་བཟང་པོའི་འཕྲིན་ལས་བསྐུལ་ནས། བལ་པོར་སླེབ་པ་ལ། སྔར་འཕྲད་པའི་བར་མི་གཙོ་མོ་དེ་མདུན་དུ་སླེབ་བྱུང་བའི་ཁོང་དང་འཕྲང་མ་འཕྲང་ན་འགུར་འདི་གསུངས་སོ། །ཁྱོད་སྤྱན་འབངས་འདིའི་མཐོ་ལུགས་ཀྱིས། །རྡོ་རྗེ་འཆང་ནས་རྒྱུད་ལས་ཆེ། །སྤྱན་རྩ་འདི་ཡི་དམར་ལུགས་ཀྱིས། །ཡི་དམ་ཕག་མོས་རྒྱུད་ལས་ཆེ། །གསང་ཚིག་འདིའི་དམ་ལུགས་ཀྱི། །མཁའ་འགྲོའི་གསང་ཚིག་བསྒོམ་ལས་ཆེ། །དད་གུས་འདིའི་ཆེ་ལུགས་ཀྱི། །ཏི་པུའི་སློབ་མ་ཡིན་ལས་ཆེ། ད་ངང་དང་པོ་འཕྲད་ལུགས་ཀྱིས། །ཨ་ནེའི་གདམ་ངག་ཐོབ་ལས་ཆེ། །ཐུགས་རིངས་འདི་ཡི་ཆེ་ལུགས་ཀྱིས། །སྣ་གཏད་བཟང་པོ་ཡོད་ལས་ཆེ། །ངང་རྒྱུད་འདི་ཡི་འཇམ་ལུགས་ཀྱིས། །བྱང་སེམས་སྟོང་ཉིད་རྟོགས་
(༡༤༤)ལ་ཆེ། །ཐུགས་བུར་བརྩོན་འགྲུས་ཆེ་ལུགས་ཀྱིས། །དམ་ཚིག་སྡོམ་པ་གཙང་ལས་ཆེ། །ཅེས་གསུངས་ནས། ཁྱོད་རྒྱ་གར་དུ་ཨེ་ཕྱིན། བླ་མ་དང་ཨ་ནེ་སྐུ་ཁམས་ཨེ་བཟང་ཟེར་བས། ཨ་ནེ་སུ་ལ་ཟེར་བྱས་པས། ཨ་ནེ་གྲུབ་པའི་རྒྱལ་མོ་ལོ་བརྒྱ་ལོན་པ་ཅིག་ཡོད་པ་ལམ་མཇལ་བ་ཨེ་ཡིན་གསུངས་པས། དེ་ལ་ཚེ་དབང་དང་གདམ་ངག་ཞུས་པས། ཕག་མོ་དང་འདོད་འཇོའི་བ་ལ་སོགས་པ་ངོ་མཚར་མང་པོ་མཐོང་ཞུས་པ། ཕ་རི་མ་ན་རེ། དེ་ཤིན་ཏུ་བཟང་། ད་འོ་སྐོལ་གསང་ཚིགས་མཐུན་པར་འདུག་པས། ཁྱེད་ཀྱིས་དཔེ་ཆ་འདི་རྣམས་ང་ལ་སྟོན་དང་གསུངས་པས། རས་ཆུང་བས་དཔེ་ཆ་རྣམས་ཕྱག་ཏུ་ཕྱག་བཞག་ནས་འགུར་འདི་གསུངས་སོ། །ང་བཀའ་རྒྱུད་བླ་མ་རས་ཆེན་བུ། །ཕ་དང་འཕྲད་པའི་སྨོན་ལམ་ཞུ། །མཁའ་འགྲོའི་གསང་ཚིག་བསྒོམ་པ་ལ་ཉམས་དང་རྟོགས་པའི་བྱིན་བརླབས་ཞུ། །ཏི་ཕུའི་སློབ་མ་ཡིན་པ་ལ། །དམ་ཚིག་བླ་མའི་དངོས་གྲུབ་ཞུ། །ཨ་ནེ་གྲུབ་མའི་གདམ་ངག་ལ། །དོན་དང་འབྲེལ་བའི་དངོས་གྲུབ་ཞུ། །ལྟ་སྤྱོད་ཟབ་མོའི་ལམ་ཁྲིད་ལ། །ཡེངས་མེད་བསྒོམ་པའི་སྨོན་ལམ་ཞུ། །ལུས་མཁའ་འགྲོའི་ཆོས་སྐོར་ལ། །ཆད་ལྷག་མེད་བས་ཞུ་ངག་ཞུ། །ལམ་དང་མདུན་གྱི་འགྲོ་འདུག་ལ། །བར་ཆོད་མེད་པའི་སྨོན་ལམ་ཞུ། །ཅེས་ཞུས་པས། རས་ཆུང་བས་དཔེ་ཆ་རྣམས་གཏད་ཙ། ལེགས་པར་གཟིགས་པས། ལ་ལ་ས་ན་དད་དད། ཀུས་ཀུས་བྱེད་ཡིན། མཆི་མ་སིལ་སིལ་ཡོང་ཡིན་འདུག །ལ་ལ་ས་ན་མི་དད་པ་དད་ཁྲོ་སྟང་བྱེད་ཡིན་འདུག་པས། རས་ཆུང་བས་ཁྱོད་ལ་ལ་ལ་ས་ན་དད། ལ་ལ་ས་ན་མི་དད་པ་བྱེད་ཡིན་འདུག་པ་ཅི་ཡིན་ཞུས་
(༡༤༥)པས། ཁྱོད་སྒྲ་མི་ཤེས་པའི་སྐྱོན་ཆེན་པོ་བྱུང་འདུག །ངའི་བླ་མ་དེའི་འདི་འདྲ་གར་གསུངས། ལོཙྪ་བ་ཁྱོད་བོད་ལ་འཕྲག་དོག་བྱས་ནས། གལ་ཆེ་བའི་གདམ་ངག་རྣམས་གཅིག་ཡང་མེད་པར། མི་དགོ་བའི་ཚིག་མདངས་བཏབ་ནས་འདུག་གསུངས་ནས། ལྷག་ཆད་མེད་པར་བསྒྲིག་ནས་གཏད་པས། བླ་མས་ལུང་བསྟན་པས་མཁའ་འགྲོ་ཡིན་པར་ངོ་ཤེས་ནས། རས་ཆུང་བ་ཡང་དད་པ་དང་ངེས་ཤེས་བཟང་པོ་སྐྱེས་སོ། །དེ་ནས་སྨན་བཟང་དྲུག་མང་པ་ཅིག་ཁུར་ནས་ཡོང་ཡིན་ཡོད་ཙ། ལམ་ཁར་མུ་སྟེགས་ཀྱི་སྟོན་པ་ཅིག་དང་འཕྲད་པས། དེ་ན་རེ། རས་ཆུང་བ་ཁྱོད་བོད་ལ་འགྲོ་བ་ལ་བསྟན་པ་སྤེལ་བ་དང་། འཛིན་པ་དང་། བསྲུང་བ་དང་། གསུམ་པོ་ཡོང་པ་ཡིན་པས། བསྲུང་བ་ལ་དེའི་གདམ་ངག་འདི་མེད་ན་ཐབས་མེད་པས། ཁྱོད་ལ་གསེར་དུམ་པ་ཅིག་ཡོད་ན་ངས་སྟེར་ཟེར་བས། རས་ཆུང་བ་ལ་གསེར་དུམ་པ་ཅིག་ཡོད་པས་མཐུ་ཞག་བདུན་མ་དང་། གཏད་སྐྱེལ་བ་དང་། སེར་བ་འབེབ་པ་དང་། སྲིའུ་གསོ་བ་དང་། གག་ལྷོགས་གསེར་གསུམ་ལ་སོགས་པའི་ངན་སྔགས་མང་བ་ཅིག་ཞུས་སོ། །དེ་ནས་དོན་ཐམས་ཅད་འགྲུབ་པ་དང་། ལམ་ལ་བདེ་བར་ཡོངས་སོ། །དེ་ཐམས་ཅད་ཏི་པུའི་སྐོར་རོ། །དེ་ནས་རྗེ་བཙུན་ཆེན་པོ་དེ་བྲག་དམར་མཆོད་གྲ་གླིང་གི་བྲག་ལ་བསྒོམས་ཡིན། བཞུག་པས། རས་ཆུང་བ་ཤལ་གྱི་མཆོད་རྟེན་འོང་ལྷག་གཅིག་ཏུ་གཟིགས་ཡིན་ཡོད་ཙ། སྟོན་པས་ངན་སྔགས་ཞུས་པས། རླུང་དམར་འཚུབ་མ་ཅིག་ཏུ་གྱི་ལི་ལི་གྱུར་ནས་སོང་བས་ཐུགས་མ་བདེ་སྟེ། འཚམས་བཏོན་ནས་བྱོན་ཡོངས་པས། ངའི་བུ་དེ་
(༡༤༦)ལམ་དེ་ན་བར་ཆད་ཅིག་བྱུང་བ་ཨེ་ཡིན་དགོངས་ནས། ཐང་དཔའ་མོ་དཔའ་ཐང་ལ་སླེབ་པ་ལ། དཔོན་སློབ་གཉིས་གཅིག་གི་གཅིག་འབྱོན་པར་གཟིགས་པས། རས་ཆུང་བས་བསམ་པ་ལ་ངས་རྒྱ་གར་ནས་ཆོས་དང་གདམ་ངག་འདི་ཚན་ཞུས་པ་ལ། །བླ་མས་ཡང་བསུབ་བྱེད་པ་རེད་བསམ་པས། ང་ལ་ཕྱག་ལན་བྱེད་ལས་ཆེ་བསམ་པས། བླ་མས་ཁོ་དོན་འགྲུབ་པ་ཐམས་ཅད་ངའི་ཡང་དཀའ་ལས་ཁོད་དང་མཉམ་པ་ཅིག་སོང་དགོངས་ནས་བྱོན་པས། ཐང་སྟོང་དུ་དཔོན་སློབ་གཉིས་མཇལ་པ་ལ། རས་ཆུང་བ་ལ་ཕྱག་ལན་མཛད་པར་ཧྲེང་ངེ་དུམ་པ་ཅིག་ལུས་པས། རས་ཆུང་བས་བླ་མ་ལ་སྐུ་ཁམས་ཨེ་བདེ་ལགས་ཞུས་པས། བླ་མའི་ཞལ་ནས་འགུར་འདི་གསུངས་སོ། །རྗེ་གངས་ཀར་འགྲིམས་པའི་རྣལ་འབྱོར། །བམས་བདེ་བ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས། །དུག་ལྔ་དྲག་པོའི་ནད་སངས་རྒྱས། །མ་བདེ་མ་མཆིས་བདེ་མོར་བྱུང་། །འདུ་འཛི་ཞེན་པས་གཡེང་བ་སྤངས། །གཅིག་པུར་རང་དབང་ཐོབ་པས་བདེ། །སྣ་ཚོགས་འབྲེལ་པའི་ལས་སྤངས་པས། །མི་མེད་ལུང་བའི་དབེན་པར་བདེ། །འཇིག་རྟེན་སྡུག་གི་ཁྱིམ་ཐམས་སྤངས། །འཕྲལ་དུ་སོགས་འཇོག་མེད་པས་བདེ། །མཁས་འདོད་དཔེ་ཆ་མ་བསྒྲུབ་པས། །སེམས་ཁྲལ་མེད་པས་སེམས་ཉིད་བདེ། །སྨྲ་འདོད་ང་རྒྱལ་མི་ཆེ་བས། །ཁ་མཆུ་ཁ་སྨྲས་མེད་པས་བདེ། །གཡོ་རྒྱུ་ཟོལ་ཟོག་མི་ཤེས་པས། །དབྱུང་ཅིག་འདི་བྱུང་མེད་པས་བདེ། །དྲག་འདོད་དྲེགས་འདོད་མེད་པ་ཡིན། །གཏམ་ངན་མི་ཁ་ཟད་པས་བདེ། །གནས་གང་བྱུང་ཆོག་པས་ཀར་ཡང་བདེ། །གོས་གང་བྱུང་ཆོག་པས་ཅི་བྱས་བདེ། །ཟས་གང་ཟོས་ཆོག་པས་གང་བྱུང་
(༡༤༧)བདེ། །མི་ང་ནི་དུས་རྣམས་རྟག་ཏུ་བདེ། །བུ་རས་ཆུང་བདེ་འམ་དོན་འགྲུབ་པའམ། །ཅེས་གསུངས་པས། རས་ཆུང་བས་བླ་མ་ལ་ཞུས་པ། བླ་མ་ལགས། རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་རྣམས་ངས་གདན་དྲངས་པས། །ཁྱེད་ཀྱི་ཕྱག་དང་མཆོད་པའི་བསྟོད་པ་མ་བྱས་ན་བོད་བླུན་པོའི་གྲོང་ཁྱེར་མི་དད་ལགས་ཞུས་ནས་འགུར་འདི་ཕུལ་ལོ། །རྗེ་བླ་མའི་བཀའ་དྲིན་དཀའ་བ་སྤྱད། །ལམ་འབྲིང་འཇིག་པའི་སྡུག་བསྔལ་བྱུང་། །དཀའ་སྤྱད་སྡུག་བསྔལ་རིན་ཐང་ཆེ། །རིན་ཐང་བླ་མ་རྗེ་དང་མཇལ། །མ་དང་མཁའ་འགྲོ་སྤྲིན་བཞིན་འདུས། །ངོ་མཚར་ལྟད་མོ་ཐམས་ཅད་མཐོང་། །གདམ་ངག་མཁའ་འགྲོའི་སྲོག་སྙིང་ཞུས། །ལྷ་དང་བླ་མ་མཉེས་མཉེས་མཛད། །བདག་དང་བྱིན་བརླབས་གཅིག་ཏུ་འདྲེས། །དངོས་གྲུབ་མེ་ཏོག་ཆར་བ་བབ། །དབང་དང་རྗེས་གནང་གོས་སུ་བསྒྲོན། །ལྟས་དང་རྟེན་འབྲེལ་འགུལ་དུ་བཏགས། །ལྷའི་ཕ་བབ་ཁ་ནས་བཅུག །མན་ངག་དམར་ཁྲིད་ལག་ཏུ་གཏང་། །བཀྲ་ཤིས་སྨོན་ལམ་སྐྱེལ་མ་མཛད། །རྟགས་དང་ལུང་བསྟན་སུན་མས་བསུས། །དོན་ཆེན་བསམ་པ་རྒུད་དུ་གྲུབ། །སྦྲོ་དགའ་སྐྱིད་པའི་ཉི་མ་ཤར། །ཡང་དག་བླ་མ་ཁྱེད་དང་མཇལ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །མཆོད་བསྟོད་ཞབས་ཏོགས་ཁྱེད་རང་ཤེས། །ཞུས་པས། བླ་མ་གང་དུ་བཞུགས། སྐུ་ཁམས་བདེ་བའི་ཉམས་རྟོགས་མང་དུ་འཕེལ། བུ་སློབ་རས་པའི་མཆེད་གྲོགས། འཚམས་པར་ཨེ་བཞུགས། ཞུས་པས། བླ་མས་ཞལ་ནས་འགུར་འདི་གསུངས་སོ། །བུ་རས་ཆུང་བླ་མའི་བཀའ་ལ་ཉོན། །བཀའ་དྲི་མེད་བདུད་རྩི་ཡིད་ལ་ཟུང་། །ང་གར་བསྡད་བདེ་བའི་ཞིང་ཁམས་
(༡༤༨)ཡིན། །ཆོས་གར་བྱས་ལྷའི་ཕོ་བྲང་ཡིན། །མི་གང་བསྒོམས་ཐར་བའི་བླ་མ་ཡིན། །དོན་གང་ཕན་མཁའ་འགྲོའི་གདམས་ངག་ཡིན། །ཆོས་རྒྱུད་ལ་བསྲེ་ནས་དམ་པ་ཡིན། །ཚིག་གང་ཕན་བཤད་པ་བླ་མ་ཡིན། །ཕན་པ་ཡིད་ལ་འཇོག་པ་སློབ་མ་ཡིན། །སེམས་སྣང་བ་མཐུན་པ་འབྲེལ་བ་ཡིན། །ད་དབྱར་ནི་གཡའ་དང་གངས་ལ་བདེ། །བསིལ་ནི་རྫ་མོའི་གསེབ་དུ་བདེ། །ད་དགུན་ནི་ནགས་མས་གསེབ་དུ་བདེ། །ཆུ་ཤིང་འཛོམ་པའི་ཕུག་པ་བདེ། །དཔྱིད་ནི་རི་བོའི་སྐྱིབས་ལ་བདེ། །ན་སྤངས་མེ་ཏོག་ཚོམ་བུ་བདེ། །སྟོན་ནི་རི་བོའི་རྩེ་ལ་བདེ། །རིན་ཆེན་ལོ་ཏོག་སྣ་ཚོགས་བདེ། །ན་སྤངས་འཚམས་ཀྱི་ཁམས་སེང་བདེ། །ལུས་ལ་གཏུམ་མོ་འབར་བ་བདེ། །ངག་ལ་གསང་བའི་རྒྱ་མདུད་བདེ། །སེམས་ལ་རང་སོ་ཟིན་པས་བདེ། །འཕོ་བ་གསེར་འགྱུར་རྩིས་ལགས་བདེ། །གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་བདེ། །རྨི་ལམ་འཁྲུལ་པ་རང་སངས་བདེ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་བདེ། །འོད་གསལ་མ་རིག་མུན་སེལ་བདེ། །བར་དོ་ཆོས་ཉིད་ཀློང་ན་བདེ། །ཕྱག་རྒྱ་ཆེན་པོ་ངོ་སྤྲོད་བདེ། །བདེ་ཆེན་ཟག་མེད་དབྱིངས་སུ་བདེ། །རས་སབ་མ་ཆད་གྲོགས་སྐུ་ཁམས་བཟང་། །བུ་རས་ཆུང་བདེ་འམ་དོན་འགྲུབ་བམ། ཅེས་གསུངས་པས། ཡང་རས་ཆུང་བས་གསུང་ལན་འདི་འགུར་དུ་ཕུལ་ལོ། །རྗེ་བླ་མའི་གསུངས་ངག་རྡོ་རྗེའི་ཚིག །བསྒྲུབ་པས་རྒྱ་གར་ཡུལ་དུ་ཕྱིན། །གསང་སྔགས་སྡོང་པོ་རྗེ་དང་མཇལ། །གྲུབ་མའི་རྒྱལ་མོའི་དངོས་གྲུབ་ཐོབ། །ངོ་མཚར་ཆེ་བས་ཡི་དམ་མཐོང་། །མཁའ་འགྲོའི་ལུང་བསྟན་རྟགས་དང་མཇལ། །གདམ་ངག་རིན་ཆེན་བུམ་པ་ཐོབ། །རོ་སྙོམས་ཕྱིའི་མ་ལོང་ཐོབ། །བདེ་ཆེན་
(༡༤༩)གསུང་གི་རིན་ཆེན་ཐོབ། །དམ་ཚིག་རང་སེམས་མེ་ལོང་ཐོབ། །དམ་རྫས་རྟོགས་པའི་ཉི་མ་ཐོབ། །སྤྱོད་པ་ཆུ་ལ་རལ་གྲི་ཐོབ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཐོབ། །འཆི་མེད་བདུད་རྩི་བཅུད་ལེན་ཐོབ། །ངོ་སྤྲོད་གནད་ཀྱི་བར་དོ་ཐོབ། །བསམ་གཏན་ཐུན་འཛོམ་གདམ་ངག་ཐོབ། །བདའ་དོན་གསུམ་དང་རིན་ཆེན་ལྔ། །གཞན་ཡང་དགོས་པའི་ཆོས་དྲུག་དང་། །བསམ་གྱི་མི་ཁྱབ་གདམ་ངག་ཐོབ། །རིན་ཆེན་གསེར་དང་འདྲ་བའི་ཆོས། །མང་དུ་བཞུགས་པའི་ཆོས་མཆོད་བསྟོད་མཛོད། །ཐུགས་སུ་ཨི་འཕྲོད་གཟིགས་པར་ཞུ། །ཞེས་ཞུས་པས། བླ་མས་རས་ཆུང་བ་ལ་ང་རྒྱལ་ཆེན་པོ་འདུག་པ་དགོངས་ནས། རས་ཆུང་བས་ང་རྒྱལ་གཅོག་པའི་འགུར་འདི་གསུངས་སོ། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་སྡུག་ཡུས་མ་ཆེ་ཀླུ་འདི་གསོན། །ཀླུ་དོན་ཆེན་གསེར་ཐག་འཕྲེང་བས་ངག །བདའ་སྙན་པོ་གསང་པའི་ངར་སྒྲ་འགྲིགས། །དོན་འཐད་འཐད་འདྲ་ན་སེམས་ལ་ཟུང་། །མི་ཆེན་པོ་རང་ཆེ་འདོད་པ་དེ། །མི་ངན་པའི་ལག་དུ་དྲིར་འཆི་འགྲོ། །ཕྱུག་པོས་སེར་སྣས་བསོགས་པ་དེ། །དགྲ་སྡང་པའི་ལག་དུ་ནོམ་པ་སྤྲོད། །བརྒྱག་པའི་བརྒྱག་ལྷགས་འཚོལ་བ་དེ། །ལྷོག་དྲིད་འཆི་བའི་སྔ་ལྟས་ཡིན། །ངན་པས་ངན་ཚིག་མི་ཟིན་པ། །རང་ཕམ་པར་འགྲོ་བ་ལོ་ན་ཡིན། །དཔོན་ངན་པས་གཡོག་པོ་འཇོག་པ་དེ། །ཡུལ་བཟང་པོ་ལད་པའི་ཕུང་འདྲེ་ཡིན། །མི་ངན་པས་རྗེ་བོ་མི་འཁུར་བ། །རང་ཕུང་བའི་ཐན་ལྟས་ངན་པ་ཡིན། །ཆོས་པས་རང་ཚུགས་མི་འཛིན་པ། །བསྟན་པ་བསྣུབ་པའི་ཕུང་ཤིང་ཡིན། །མ་མཁའ་འགྲོའི་གསང་ཚིག་མི་གསང་བ། །ལྷ་ལྷ་མོ་འཁྲུག་པའི་རྩ་བ་ཡིན། །བུ་གདམ་ངག་རང་རྩིས་ཆེ་བ་དེ། །རྒྱུད་པ་སྲ་རེངས་སུ་འཆོར་
(༡༥༠)འདོད་ཡིན། །ཁ་སྐམ་པོའི་ཆོས་བཤད་མང་བ་དེ། །ཉམས་བཟང་པོའི་སྒོམ་འཕྲོ་འཇོག་འདོད་ཡིན། །བྱས་ཤ་བྱས་ཡུས་ཆེ་བ་དེ། །ལྷ་བླ་མ་ལ་སྤོངས་ལེན་བྱེད་འདོད་ཡིན། །སློབ་མས་བླ་མ་མི་འཁུར་ན། །གྱོང་ལ་དེ་བས་ཆེ་བ་མེད། །སྒོམ་ཆེན་རི་ལ་མི་ཟུག་ན། །གྱོང་ལ་དེ་བས་ཆེ་བ་མེད། །ཆོས་པའི་ཉེ་རང་མི་སྤངས་ན། །ཕུང་ལ་དེ་བས་ཆེ་བ་མེད། །མཁས་པའི་ཉམས་ལེན་མ་བྱས་ན། །ཁྲམ་ལ་དེ་བས་ཆེ་བ་མེད། །བཙུན་པ་ཚུལ་ཁྲིམས་མི་བསྲུང་ན། །ངོ་ལས་དེ་བས་ཚ་བ་མེད། །རས་ཆུང་ཟེར་བས་བཞིན་ལེགས་པོ། །དོན་འཐང་པར་གདའ་ན་ཐུགས་ལ་ཟུང་། །དེ་མི་འཐད་དགོངས་ན་གང་མཛོད་མཛོད། །ང་མྱུར་དུ་འཆི་བའི་མི་རྒན་ལ། །ཡུན་རིངས་ལབ་ཉིད་བྱེད་མི་ཁོམ། །ཁྱོད་གཞོན་ནུ་རང་རྩིས་རང་བདེན་བསམ། །ང་རྒྱལ་མི་རྒོད་ཁ་རྒོད་ལ། །ལབ་ན་ཚུར་ལ་འགྲིམ་བུ་གཏོར། །རྗེ་སྒྲ་བསྒྱུར་མར་བ་སྐུ་དྲིན་ཅན། །སྤྲད་ཆོས་བརྒྱད་ཟད་པར་བྱིན་གྱིས་རློབས། །ཅེས་གསུངས་ནས་བྱོན་སོང་སྟེ། རས་ཆུང་བའི་དཔེ་ཆ་ཁྲེས་པོ་བླ་མས་ཁུར་སོང་བ་ལ། །རས་ཆུང་བ་ཐག་རིང་པོ་ནས་ཡོངས་པས་བླ་མས་ཕྱི་མ་སླེབ་པས། རྟོགས་པ་ཅིག་ལ་ངའི་གདམ་ངག་རྣམས་མི་འདོད་གསུངས་པ་འདྲ་བ་ལ་ཁྱེར་ནས་འགྲོ་བ་ཨེ་མ་ཡིན། ངས་ཕྱི་མ་སླེབ་ན་བླ་མས་དོན་མེད་པའི་མི་ལ་གཏད་པ་ཨེ་སྲིད་བསམ་པས་ལམ་ན་མར་བརྒྱུག་ཡིན་རས་ཆུང་བའི་མདུར་དབྱངས་སུ་གྲགས་པའི་འགུར་འདི་ཕུལ་ལོ། །ཕ་བླ་མ་རྗེ་བཙུན་སྙན་གསོན་དང་། །སྤྲུལ་སྐུ་རས་ཆེན་སྙན་གསོན་དང་། །བུ་ཕ་དང་ཐུགས་ཡིད་འཛོལ་མི་སྲིད། །བཀའ་དྲི་མ་མེད་པའི་གདམ་ངག་རྣམས། །ཕའི་གཟིགས་ནས་བཞེད་པར་ཞུ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ཆད་ལྷགས་ནོར་
(༡༥༡)འཁྲུལ་མཁའ་འགྲོའི་བསལ། །ཟབ་དང་ཡང་དག་བཀའ་རྒྱས་བཏབ། །བླ་མའི་དྲུང་དུ་འབུལ་ལགས་པ། །ཕའི་གཟིགས་ལ་བཞེད་པར་ཞུ། །གཞན་ཡང་རྟེན་འབྲེལ་ཚེ་བསྒྲུབ་དང་། །མཁའ་འགྲོའི་བདའི་གསང་ཚིག་དང་། །རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གྲུབ་པ་མའི་ཐུགས་དམ་ཡོད། །དེ་ཡོད་བླ་མ་རྗེ་ལ་འབུལ། །ཕའི་གཟིགས་ལ་བཞེད་པར་ཞུ། །གཞན་ཡང་བསྟན་བསྲུང་ཟབ་མོ་དང་། །ནད་ལ་ཕན་པའི་མན་ངག་དང་། །གདོན་ལ་ཕན་པའི་གནད་གསེར་དང་། །རྟ་བརྒྱ་བརྒྱ་རི་བའི་གདམ་ངག་མང་། །དེ་རྣམས་བླ་མ་རྗེ་ལ་འབུལ། །ཕ་ཡིས་གཟིགས་ལ་བཞེད་པར་ཞུ། །བཟང་དྲུག་སྨན་མཆོག་ཨ་ག་རུ་ཆེན་ལ། །ཕྱག་མཁར་མངའ་གསོལ་ཏི་པུས་མཛོད། །ཡ་མཚན་རིན་ཐང་ནོར་གྱི་མཆོག །དེ་ལ་མཁའ་འགྲོའི་བྱིན་བརླབས་ཡོད། །དེ་ཡང་བླ་མའི་ཕྱག་ཏུ་འབུལ། །ཕ་ཡིས་གཟིགས་ལ་བཞེད་པར་ཞུ། །བཟང་དྲུག་སྨན་གྱིས་སྐྱེལ་བུ་དང་། །དཔའ་བོ་དཔའ་མོའི་དམ་རྫས་རྣམས། །རྗེ་ལ་འབུལ་སྙམ་དཔུང་པའི་སྒྲ། །འཕྲག་པའི་ཁལ་ལ་བཀལ་ནས་ཡོངས། །བླ་མའི་བཀའ་དྲིན་ལན་དུ་འབུལ། །ཕ་ཡིས་གཟིགས་ལ་བཞེད་པར་ཞུ། །ཐང་ཆད་ངལ་བསོའི་བཀའ་གནང་ན། །སྦྱིན་པ་ཡོངས་ཀྱི་མཆོག་ཏུ་འགྱུར། །བཀྲེས་སྐོམ་ལུས་ལ་ཕན་བཏགས་ནས། །བཀའ་དྲིན་ཡོངས་ཀྱི་རྒྱལ་པོ་ཡིན། །ཁ་ཚིག་བཟང་པོའི་ནོར་བྱིན་ན། །ཕོག་པ་རྣམས་ལ་ཁྱད་པར་འཕགས། །ཞལ་ཏ་ཟབ་མོའི་ལམ་སྟོན་ན། །ཆོས་རྒྱལ་རྣམས་ཀྱི་དམ་ཚིག་ཡིན། །ཞེས་ཞུས་པས། བླ་མས་རས་ཆུང་བ་ལ་བསྒུག་ནས་དེ་འགུར་དེ་ལ་དར་ཅིག །གསེན་ནས། རས་ཆུང་བ་ལ། ཞལ་ཏ་ཟབ་མོའི་
(༡༥༢)འགུར་འདི་གསུངས་སོ། །བུ་ཀུན་དང་མཐུན་ན་རྒྱལ་པོ་ཡིན། །ཕ་དང་མཐུན་ན་ཡང་རྒྱལ་ཡིན། །བུ་གཅིག་དང་མི་མཐུན་རྒྱ་ཐན་ཡིན། །ཕ་དང་མི་མཐུན་འདྲེ་ཐན་ཡིན། །བཟང་སྤྱོད་ཕ་དང་མཐུན་ན་འགྲུབ། །དྲིན་ལན་མ་ལ་བྱམས་ལ་འཁོར། །སྤྱོད་པ་མི་དང་མཐུན་ནས་མཛེས། །བསམ་པ་བླ་མའི་དད་པས་འགྲུབ། །བྱིན་བརླབས་མཆེད་གྲོགས་མཉེས་པས་ཡོད། །རང་འདོང་རང་རྩིས་ཆུང་བས་འགྲུབ། །ཆོས་པ་གཤིས་ངན་སྤངས་ནས་ཡིན། །མི་ཁ་དྲིན་ཅན་བཀུར་ན་བྱམས། །གཏམ་སྙན་གཉོམ་ཆུང་བསྐྱངས་ནས་ཡོངས། །ལྷ་ཁ་དངོས་རྐོག་མེད་པས་དགེ། །ཡོན་ཏན་རྗེ་དང་འགྲོགས་ན་སྐྱེ། །འདྲེ་ཁ་རྣམས་རྟོགས་ཆུང་ན་ཁོགས། །བཟང་བ་བྱམས་སེམས་ཆེ་ན་ཡོད། །ལར་མཁས་པའི་ཉེ་བ་ཐམས་ཅད་ཡིན། །བླུན་པོའི་དགྲ་གཉེན་ངོ་མི་ཤེས། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ། །ལམ་དུ་བལྟས་པའི་ཅི་ལ་ཕན། །ཏི་པུ་གསང་སྔགས་སྡོང་པོ་ལ། །ཁྱོད་པས་ང་རང་འབྲེལ་བས་ཟབ། །མ་དང་མཁའ་འགྲོའི་གསང་ཚིག་ལ། །ང་ལ་གསང་ན་སུ་ལ་བཤད། །མ་ཅིག་གྲུབ་པའི་རྒྱལ་མོ་ལ། །ང་ཡིས་བཟང་བའི་སློབ་མ་མེད། །ཤིང་སྤངས་གསེར་གྱི་མཎྜལ་ལ། །ཚོགས་ཀྱི་སྐལ་པ་མང་པོ་ཟོས། །ཡི་དམ་རྡོ་རྗེ་ཕག་མོ་ལ། །ཁྱོད་པས་ང་རང་འགྲོག་ཡུན་རིང་། །ལྷ་དང་ལྷ་མོའི་ཞིང་ཁམས་རྣམས། །ང་དང་འབྲེལ་བས་ལྷ་ཚོགས་རིང་། །ལར་ཁྱོད་ཀྱི་བྱ་བའི་ལས་རྣམས་ལ། །ཁྱོད་པས་ང་རང་སེམས་ཁུར་ཆེ། །བུ་ལོ་འདོད་དྲེག་པས་མི་འཆིང་བར། །རི་ཁྲོད་དབེན་པར་བསྒོམ་དུ་འགྲོ། །ཅེས་གསུངས་པས། །རས་ཆུང་བའི་བསམ་པ་ལ། བླ་མ་མངོན་ཤེས་
(༡༥༣)ལ་ཐོགས་པ་མེད་པས། ང་ཡོང་བ་ནི་མཁྱེན། དེ་ཡི་ཆིས་ཅིག་ཡོངས་པས། བླ་མས་གསུང་བའི་གནས་སུ་འགྲོ་ཞུས་ནས། དཔོན་སློབ་གཉིས་འགྲིགས་ནས་ཐང་ལ་ཡར་བྱོན་ནོ། །དེ་ཐམས་ཅད་ཞལ་ལྟ་ཡོ་བ་དེའི་སྐོར་རོ། །དེ་ནས་དཔོན་སློབ་གཉིས་ཐང་དཔའ་མོ་དཔའ་ཐང་ན་ཡར་སླེབ་པ་དང་། རས་ཆུང་བ་ལ་རྟོགས་པ་ངན་པ་ཅིག་སྐྱེས་ཏེ། ངའི་བླ་མ་འདི་ཐོད་པ་མི་ཚའི་རང་ལ་མི་ཕྱིད་རུང་སྡོད་པ་ཅིག་གདའ། མིའི་ཆོས་པ་བཟང་བཟང་ཐམས་ཅད་རྣམས་ལ་ཡང་ཆོས་བརྒྱག་དུམ་པ་རེ་ལ་མ་བརྟེན་པ་མི་འདུག །ང་ཡུལ་རྒྱ་གར་ན་ཆོས་འདི་ཚན་དྲངས་ནས་ཡོངས་པ་ལ་ནུབ་ཅིག་གནས་མ་ལ་ཡོང་ལས་ཆ་བསམ་པས་ཕ་སྐུ་ལུས་ལ་བལྟས་པ་སྔོ་བ་ཧམ་པ། དབུ་སྐྲ་ཕྱིངས་པའི་སྔས་རིང་དང་། རས་དུག་རྐྱང་བ་རིང་ལ་མི་ཚེ་བསྐྱལ། གྲུབ་བ་ཐོབ་པའི་རྟགས་ཀྱང་ད་སྔ་མ་རིག་ལས་ངན་པའི་མི་ཅིག་ལ་མིང་གྲུབ་ཐོབ་དུ་བཏགས་པ་ནི་མི་སྲིད་ཨང་། བསམ་ཡིན་ཡོད་ཙ། ཡིད་ལ་མེད་པ་ཅིག་ལ་གཡག་རུ་ཅིག་རྙེད་པ་དེ། བླ་མས་ཞལ་ནས། བུ་མི་མཁོ་བའི་ནོར་འདི་མཁོ་བའི་དུས་ཡོད་བྱ་བ་ཡིན་པས། གཡག་རུ་འདི་ཟུང་དང་གསུངས་པས། རས་ཆུང་བས་འདིས་ནི་ཅི་བྱེད་ཟར་མི་ཉན་གོན་དུ་མི་ཉན་པའི་ནོར་ཅིག་ཨེ་ཡོད་བསམ་པས་ཡོངས་ཙ། ཡང་རས་ཆུང་བས་འདི་མི་ཁྱག་པར་འདུག་ལགས་ཞུས་པས། ད་རུང་དུམ་པ་ཅིག་ཟུངས་ཤིག་གསུངས་ནས། ནམ་མཁའ་དིངས་ནས་ཡོད་པ་ལ། །སྤྲིན་ཐམས་ཅད་དུས་གཅིག་ལ་བྱུང་བས། སེར་བ་ཆེན་པོ་ལག་མགོ་ཙམ་བབས་པས། རས་ཆུང་བས་གཡག་རུ་བསྐྱུར་ནས་
(༡༥༤)བྲོས་ཙ། འགྲོར་ཡང་མ་བཅུག་མགོ་བཏུམ་ནས་བསྡད་ཙ། བླ་མ་གར་བྱོན་ཡང་མ་རྙེད། ཐེབ་ཅིག་འགུར་ལྷང་ལྡང་གྲགས་པས། དེར་སོང་ཙ་གཡག་རུའི་ནང་ན་ལྷང་ལྷང་གྲགས་པས། དེ་ཅི་ཡིན་བསམ་པས་རས་ཆུང་བས་གཡག་རུ་ཡར་བླངས་ཙ། བྲག་ལ་འཇུས་པ་བཞིན་དུ་སོང་ས་ལ་ཕབས་བལྟས་ཙ། གཡག་རུ་ཡངས་སུ་མ་སོང་སྐུ་ལུས་ཆུང་དུ་མ་སོང་བར། གཡག་རུའི་དོག་སར་སྐུ་ལུས་འཁྲུལ་འཁོར་ལྡེམ་མེ་མཛད་ནས། རས་ཆུང་བ་ལ་འགུར་འདི་གསུངས་སོ། །ལུས་ཐ་མལ་དུ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཕྱག་མཆོད་ཀྱིས་ཤིག་རས་ཆུང་བ། །བླ་མའི་བྱིན་བརླབས་ངག་ལ་ཞུགས། །ངག་འཆོལ་ཚིག་སྨྲ་བའི་སྒོམ་ཆེན་མིན། །གདམ་ངག་གླུའི་གོར་མཛོད་ལ། །དོན་ཡིད་ལ་ཟུང་ཤིག་རས་ཆུང་བ། །བླ་མས་བྱིན་བརླབས་སེམས་ལ་ཞུགས། །སེམས་རྟོགས་ངན་དུ་འཁྱམ་པའི་སྒོམ་ཆེན་མི། །མངོན་ཤེས་རིག་པས་རྟེན་འབྲེལ་ལ། །དད་གུས་སྐྱེད་ཅིག་རས་ཆུང་བ། །བུ་རས་བའི་ལྟ་བ་རྒོད་རྒོད་འདྲ། །རེས་འགའ་མཐོ་སྟེ་རེས་འགའ་དམའ། །ལྟ་བ་མཐོན་དམན་པར་དུ་བསམ་བློ་ཐོང་། །བློ་ཙབ་ཙུབ་མ་མང་རས་གོས་འབངས། །བུ་རས་ཆུང་བའི་བསྒོམ་པ་ཉི་ཟླ་འདྲ། །རེས་འགའ་གསལ་སྟེ་རེས་འགའ་འགྲིབས། །གསལ་འགྲིབ་བར་དུ་བསམ་བློ་ཐོང་། །བློ་ཙབ་ཙུབ་མ་མང་རས་གོས་འབངས། །བུ་རས་ཆུང་བས་སྤྱོད་པ་སྐྱིབ་སེར་འདྲ། །རེས་འགའ་དལ་སྟེ་རེས་འགའ་བྲེལ། །སྤྱོད་པ་དལ་བྲེལ་བར་དུ་བསམ་བློ་ཐོང་། །བློ་ཙབ་ཙུབ་མ་མང་རས་གོས་འབངས། །
(༡༥༥)བུ་རས་ཆུང་བའི་འབྲས་བུ་ལོ་ཏོག་འདྲ། །རེས་འགའ་ཡག་སྟེ་རེས་འགའ་ཉེས། །འབྲས་བུ་ཡག་ཉེས་བར་དུ་བསམ་བློ་ཐོང་། །བློ་ཙབ་ཙུབ་མ་མང་རེས་གོས་འབངས། །བུ་རྐྱེན་ཕྲའུ་སེར་བའི་གློ་རྒྱགས་ལ། །མཁར་བརྩན་པོ་གཡག་རུའི་ཕུག་པ་སྐྱིད། །ཕས་བུ་ལ་བོས་པའི་འབྱོན་པར་ཞུ། །བུ་ཕ་ཁྱིམ་དུ་མི་འབྱོན་འཐང་རྒྱུ་མེད། །ཕ་གཡག་རུའི་འཕྲ་སར་འཁྲུལ་འཁོར་བཞུགས། །བུ་གཡག་རུའི་སྦོམས་སར་འབྱོན་པར་ཞུ། །ཅེས་གསུངས་པས། རས་ཆུང་བས་ཤོང་ཐབས་ཡོད་པ་ཨེ་ཡིན། བསམ་པས། འཛུལ་དུ་ཡོངས་ཙ། ལགས་མགོ་ཡང་མཐར་བས། འདི་དེ་རང་ཅུགས་ཡིན་ན་བསམ་པའི་ལན་དུ་འགུར་འདི། །བླ་རྗེ་བཙུན་སྙན་གསོན་དང་། །ང་ཡིས་ལྟ་བ་མཐོ་ཡང་མི་མཐོ་རང་སེར་གདའ། །དམའ་ཡང་མི་དམའ་རང་སོར་གདའ། །ལྟ་བ་མཐོན་དམན་མེད་པས་ངང་ལས་གདའ། །རས་གོས་རློན་སྐམ་རུང་རློན་རུང་གསོལ་བ་འདེབས། །བསྒོམ་པ་གསལ་ཡང་མི་གསལ་རང་སོར་གདའ། །འགྲིབས་ཡང་མི་འགྲིབས་རང་སོར་གདའ། །གསལ་འགྲིབ་མེད་པས་ངང་ལས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །སྤྱོད་པ་དལ་ཡང་མི་དལ་རང་སོར་གདའ། །བྲེལ་ཡང་མི་བྲེལ་རང་སོར་གདའ། །དལ་བྲེལ་ངང་ལས་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །འབྲས་བུ་ཡག་ཡང་མི་ཡག་རང་སོར་གདའ། །ཉེས་ཡང་མི་ཉེས་རང་སོར་གདའ། །ཡགས་སྙེད་པའི་ངང་ལ་གསོལ་བ་འདེབས། །རས་གོས་སྐམ་རུང་རློན་རུང་གསོལ་བ་འདེབས། །
(༡༥༦)ཞེས་ཞུས་པས། བླ་མ་གཡག་རུའི་ནང་ནས་བཞིངས་བྱུང་བས། ནམ་མཁའ་ལྟ་སྡངས་ཅིག་མཛད་པས། སྤྲིན་རྣམས་སོ་སོར་དེངས་ནས་ཉི་མ་ཚ་ལྷག་གེ་བ་ཅིག་བྱུང་པ་ལ། རས་གོས་བསྐམས་ནས། དར་ཅིག་དཔོན་སློབ་གཉིས་བཞུགས་ཙ། ཉི་མ་ཡང་ལ་འདས་ནས་སོང་བས། རས་ཆུང་བའི་བསམ་པ་ལ་ངས་རྒྱ་གར་ནས་ངན་སྔགས་མང་པོ་ཡེངས་བསམ་པས། བླ་མས་སེར་བ་བསླབ་འདུག་བསམ་པས། བླ་མ་ལགས་སེར་བ་དེ་ཡང་འབབ་དོན་མེད་པ་ལ་བབ། ང་གྲང་རྟོགས་གཉིས་ཀ་འཛོམ་པས་ཕ་རིའི་རུ་བ་ཕ་གི་ལ་བསོད་སྙོམས་ཅིག་ལ་སོང་ན་ཞུས་པས། སེར་བ་བབ་པ་ང་ལེན་པ་མིན། བསོད་སྙོམས་དུས་མ་བབ་བས། མིས་ངན་པ་ལབ་གསུངས་བས། དུས་ལྟོགས་པའི་དུས་འདི་དུས་ཡིན། བསོད་སྙོམས་ལ་འབྱོན་པར་ཞུ་ཞུས་པས། བླ་མའི་ཞལ་ནས་འོ་ན་མདུན་གྱི་དང་པོ་ལ་རྟེན་འབྲེལ་གྱིས་སུམ་ཉིས་ཡོད་བྱ་བ་ཡིན་པས། ཡར་གྱི་སྦྲ་མོ་ཆེ་ལ་གཏད་ནས་འགྲོ་གསུངས་པས། བླ་མ་ལགས་སྦྲ་མོ་ཆེ་རིང་བར་འདུག་པས། ཆེན་པོ་ལ་མ་རྔམས། ཆུང་དུ་མ་བརྙེས་བྱ་བ་ཡིན་པས། རུ་སྣའི་སྤྲ་ཆུང་སེར་པོ་ནས་ཡར་ལ་འདེད་དགོས་ལགས་ཞུས། སྤྲ་ཆུང་སེར་པོའི་སྒོར་སོང་བ་ལ། ནང་ན་རྒན་མོ་ཅིག་བྱུང་བས། མོ་ན་རེ། རྣལ་འབྱོར་བ་སྤྲང་བའི་དུས་མི་ཤེས་པ། དོ་ཞག་སུ་ལ་ཅང་ཡང་མེད། ཁྱེད་ཚོ་ཟ་འདོད་པས་ཆོག་མིན་ཟེར་ན། ངན་སྨྲས་བྱས་པས་བླ་མས་ཞལ་ན། །རས་ཆུང་བདེ་ནུབ་བཟའ་མི་ཟོས་པར་འདུག །གསུངས་པས། ཕ་ཟད་ཅིག་ཏུ་གཟིམས་བཞུགས་ཙ། ནམ་ཕྱེད་ན་རུ་བ་དེ་ཀུ་ཏི་རི་རི་བྱུང་བས། །
(༡༥༧)བླ་མས་རས་ཆུང་བ་ནམ་ལངས་པ་དང་། རས་ཆུང་བ་མདངས་རུ་བ་ལ་ཀུ་ཆེ་བས་ཅི་རེད་ལྟོས་དང་གསུངས་པས་བལྟས་ཙ། མདང་གི་རུ་ཨ་ལྡེངས་སེར་པོ་མན་གྱི་རུ་བ་རྣམས་གར་སོང་ཡང་མི་འདུག་ཞུས་པས། འོ་ན་དེར་འགྲོ་ཅིག་གསུངས་པ་དཔོན་སློབ་གཉིས་བྱོན་ཙ། རྒན་མོ་ད་ནུབ་ཡུལ་གཉན་པོ་ལ་ངན་སྨྲས་སོང་བས་ཆད་པས་ཤི་ན་འདུག །ནོར་རྣམས་རུ་བ་དེས་ཁྱེར་ནས། ཟ་རྒྱུ་མར་ཐུད་དང་རྩམ་རེ་མང་བ་ཅིག་དང་། ཞོ་ཟོ་བ་གང་དེ་བསྙལ་རུང་ལུས་འདུག་བས། བླ་མའི་ཞལ་ན་བུ་རས་ཆུང་བ་ཐམས་ཅད་འདི་དང་འདྲ་མདངས་མོ་ལ་འདི་རྣམས་འཕངས་པ་ཡོང་སྟེ། ད་ནང་འོག་གཉིས་ལ་བཞག་འདུག་པས། ཁ་ཟས་འདོད་པོ་དང་ཕྱིར་སྤྲོད་ཅིག་གསུངས་པས། རས་ཆུང་བས་བླ་མས་ཞལ་ལ་བལྟས་ནས་བསྟད་པས། ང་སྡོད་པར་ཚ་བ་དྲོངས་ཤིག་གསུངས་པས། དེ་རྣམས་ལ་ཚ་བ་བཟང་པོ་དྲངས་ནས་ལྷག་མ་བྱུང་ཡང་ཁྲེས་པོར་བརྗིབ་ནས་ད་འགྲོ་ལགས་ཞུས་པས། བླ་མའི་ཞལ་ན་རས་ཆུང་བ་རོ་ཟས་ཟོས་ན་རོ་ཚོགས་ན་མི་འོངས་བ། ཟས་ཟ་བ་དེ་རྒན་གྱི་ཟ། ལས་བྱེད་པ་དེ་གཞོན་གྱི་བྱེད་བྱ་བ་ཡིན་པས། ཁྱོད་རོ་ཁུར་ཅིག་ངས་རོ་སྣ་བྱེད་གསུངས་ནས། རས་ཆུང་བས་ཐུགས་དགོངས་ལ། བླ་མས་གང་མིན་མིན་བྱེད་པར་འདུག །རྒན་མོ་འདིའི་རོ་ཁུར་བ་གྲིབ་ཅིག་ཡང་ཡོངས་བསམ་པས། མ་ངམ་ཙམ་ཅིག་ལ་ཁུར་ནས་སོང་བས། སྤང་ཁ་ཅིག་ཏུ་སླེབ་པ་དང་། འདིར་ཞོག་གསུངས་པས། སྦ་བེར་མ་ལྕགས་དེ་རྒན་མོའི་སྙིང་ཀར་བཙུག་ནས། འོ་རས་ཆུང་བ་འདི་ལྟ་བུའི་མི་རྟག་པ་སྐྱེ་
(༡༥༨)འགྲོ་ཐམས་ཅད་ཀྱི་སྟེང་དུ་གནས། སྒོས་སུ་འོ་ཅག་གཉིས་ལ་མྱུར་དུ་འོད། འདི་ཡོང་བ་ལ་ཡོང་བར་མི་ཤེས་པ་ཚོའི་སྐལ་བ་འཆད་ངེས་པས། དོག་ས་སེན་མོ་ཅིག་དགོས་གསུངས་ནས། མི་རྟག་བ་སྒྱུ་མའི་དཔེ་དྲུག་འགུར་དུ་གསུངས་སོ། །མི་རྟག་རྒྱུད་ལས་སྐྱེས་པས་བྱས་ཚད་ཆོས་སུ་སོང་། །འཆི་བ་ཡང་ཡང་དྲན་པས་ལེ་ལོའི་བདུད་ལས་རྒྱལ། ནམ་འཆི་བ་ཤེས་རྒྱུ་མེད་པ་མདང་གི་རྒན་མོ་འདྲ། །རས་ཆུང་སྣང་བ་མ་གྱོང་བླ་མས་ཀླུ་ལ་ཉོན། །ཕྱི་སྣང་བའི་ཡུལ་ལ་ཕར་ལྟོས་དང་། །སྣང་བ་འདི་མི་རྟག་མདང་གསུམ་རྨི་ལམ་འདྲ། །རྨི་ལམ་དྲན་བཞིན་དུ་འཁྲུལ་བས་བློ་མ་བདེ། །འཁྲུལ་བརྩད་ནས་ཆོད་དམ་རས་ཆུང་བ། །ད་བསམ་ཤིང་བློ་སེམས་བདེ་བ་ཅིག་བྱུང་། །ནང་སྐྱིད་འདོད་གཟུགས་ཀྱི་ཐོ་ཡོར་འདི། །ཅི་ཕན་ཕན་བསྒྲུབ་སྙམ་སྡུག་བསྔལ་སྤྱོད། །མི་གཙང་རྫས་ཀྱི་ཐོ་ཡོར་ལ། །རང་རྩིས་མ་ཆེ་ཀླུ་འདི་ཉོན། །རང་གིས་བླངས་པའི་ལུས་ལ་ཚུར་བལྟས་ཙ། །ལུས་མི་རྟག་རྩ་ཐོག་ཟིལ་བ་འདྲ། །ལུས་བླངས་ཡིན་འཇིགས་པས་བློ་མ་བདེ། །སྐྱེ་ཤི་རྩད་ནས་ཆོད་དམ་རས་ཆུང་བ། །བདག་བསམ་ཡིན་བློ་སེམས་བདེ་བ་ཅིག །སེམས་ངན་པའི་མི་ལ་སྐྱིད་ཐབས་མེད། །ཙབ་ཙུབ་ཀྱི་བློ་མང་གྱོད་དང་འཕྲད། །རང་གཤིས་ངན་ནས་རང་གི་བྱུང་། །སེམས་རྟོགས་མ་ཆེ་ཀླུ་འདི་ཉོན། །ནང་འཛིན་པའི་སེམས་ལ་ཚུར་བལྟས་ཙ། །སེམས་མི་རྟགས་ཤིང་ཁའི་བྱེལ་དང་འདྲ། །སེམས་བཞག་སར་མི་སྡོད་པས་བློ་མ་བདེ། །སེམས་ཉིད་བརྩན་ས་ཟིན་ནམ་རས་ཆུང་བ། །བདག་བསམ་ཡིན་བློ་སེམས་བདེ་བ་ཅིག་བྱུང་། །ནང་དབུག་སྲོག་རྟ་རྔའི་ཉག་མ་ཙམ། །ཆང་ལ་ཁད་ཀྱི་བྲེང་བྲེང་བོ། །རྐྱེན་ཟུར་ཙམ་མི་ཐུབ་རྒན་
(༡༥༩)མོའི་དབུག་དང་འདྲ། །ཚེ་འདི་ལ་མ་ཞེན་ཀླུ་ལ་ཉོན། །ནང་འགྱུ་བའི་དབུགས་ལ་ཚུར་བལྟས་ཙ། །དབུགས་མི་རྟག་ནམ་མཁའི་ན་འུན་འདྲ། །ན་འུན་ཡལ་ནས་འགྲོ་བས་བློ་མ་བདེ། །འགྱུ་བ་དངས་སྙིགས་ཕྱེད་དམ་རས་ཆུང་བ། །བདག་བསམ་ཤིང་བློ་སེམས་བདེ་བ་ཅིག་བྱུང་། །རིགས་ངན་གྱི་ཉེ་བ་འགྲོག་ཡིན་སྡང་། །མི་ངན་གྱི་གྲོགས་པོས་མྱ་ངན་སློང་། །ཕན་ཨེ་ཐོག་རྒན་མོའི་ཁྱིམ་ཚེས་འདྲ། །བུ་རེ་བ་མ་ཆེ་ཀླུ་ལ་ཉོན། །འདུས་པའི་གྲོགས་ལ་ཚུར་བལྟས་ཙ། །གྲོགས་མི་རྟགས་ཚོང་དུས་འགྲོན་པོ་འདྲ། །གྲོགས་འདུས་ན་འབྲལ་བའི་ཡང་བློ་མ་བདེ། །འབྲེལ་བ་གོང་དུ་ཞོགས་སམ་རས་ཆུང་བ། །བདག་བསམ་ཤིང་བློ་སེམས་བདེ་བ་ཅིག་བྱུང་། །ནོར་བསགས་ཚད་བདག་པོའི་མི་སྤྱོད་པ། །སྲིད་པ་ལས་ཀྱི་བདེན་པ་ཡིན། །སེར་སྣས་བསགས་པའི་ནོར་རྫས་རྣམས། །རྒན་མོའི་སྔས་ཀྱི་ཕྱེ་ཐུང་འདྲ། །བུ་ཞེན་པ་མ་ཆེ་གླུ་ལ་ཉོན། །རང་གི་བསགས་པའི་ནོར་ལ་ཚུར་བལྟས་ཙ། །ནོར་མི་རྟགས་སྦྲང་མས་སྦྲང་རྩི་འདྲ། །བདག་བསགས་གཞན་གྱིས་སྤྱོད་པས་བློ་མ་བདེ། །སེམས་ཉིད་གཏེར་ཁ་བྱེད་དམ་རས་ཆུང་བ། བདག་བསམ་ཡིན་བློ་སེམས་བདེ་བ་ཅིག་བྱུང་། །ཅེས་གསུངས་པས། རང་ཆུང་བ་འོ་སྐོལ་གཉིས་འཇིག་རྟེན་འདི་ན་སྡོད་ལུང་མེད། གང་ཏི་ཚེ་འདྲ་བ་ཅིག་ལ་བསྒོམ་དུ་གསུངས་པས། རས་ཆུང་བས་ཞུས་པ། བདག་ཡུལ་རྒྱ་གར་ན་དཀའ་བ་སྤྱད་ན། བོད་དུ་སླེབ་པས་ལུས་ངན་ཅིང་ངལ་དུབ་མ་སོས་བར་བསོད་སྙོམས་ཅིག་བྱས་ནས། དགོན་པ་ཐག་ཉེ་བ་ཅིག་ཏུ་མ་བསྡད་ན་བསྒོམ་ནུས་པ་མེད་ལགས་ཞུས་པས། བླ་མས་ཞལ་ནས། ཆོས་སྙིང་ན་བྱེད་ན་འདི་བཞིན་བྱས་པས་ཆོག་གསུངས་པས།
(༡༦༠)ཆོག་པ་བརྒྱད་ཀྱི་འགུར་འདི་གསུངས་སོ། །བུ་དགོན་པ་རང་གིས་ལུས་ཀྱི་ཆོག །ལུས་གནད་ལྷའི་ཕོ་བྲང་ཡིན། །བླ་མ་རང་གི་སེམས་ཀྱིས་ཆོག །ངེས་ཤེས་དམ་པས་སྐྱེས་ཆོག་ཡིན། །དཔེ་ཆ་ཕྱིའི་ཡུལ་གྱི་ཆོག །སྣ་ཚོགས་ཐར་བའི་ལམ་དཔེ་ཡིན། །ཟས་སུ་ཏིང་འཛིན་ཟོས་པའི་ཆོག །ཞི་གནས་ལྷའི་ཕ་བབ་ཡིན། །གོས་སུ་གཏུམ་མོ་གྱོན་པས་ཆོག །བདེ་དྲོད་མཁའ་འགྲོའི་རལ་གུ་ཡིན། །གཉེན་ལ་འབྲེལ་ཐག་བཅད་པས་ཆོག །གཅིག་པུ་ལྷ་མིའི་ཚོགས་དཔོན་ཡིན། །སྤང་པའི་དགྲ་ལ་བྱོལ་བས་ཆོག །དགྲ་བོ་མགྲོན་པོ་ལམ་འཁྱམ་ཡིན། །བགེགས་ལ་སྟོང་ཉིད་བསྒོམ་པའི་ཆོག །སྣ་ཚོགས་ཆོ་འཕྲུལ་ཉམས་སྣང་ཡིན། །ཡིན་ལུགས་སྤྱོད་ན་དེ་ལྟར་སྤྱོད། །མིན་བཞིན་སྤྱོད་པ་ལོག་པའི་ལམ། །ད་མི་རྒན་འཆི་ཆེས་བྱེད་པ་ལ། །ཁྱོད་དང་ཡུན་རིང་ལབ་མི་ཁོམ། །ཁྱོད་གཞོན་ནུ་ཤ་སྙིང་ཁྲག་རྒྱས་ལ། །ཕན་པར་ལབ་ཀྱང་ཁ་མི་ཉན། །རས་རྩིས་ཞེ་ཡུས་ལོག་པ་ལ། །དྲང་པོར་སྨྲས་པ་ཆུད་ཟོས་ཡིན། །སྒོམ་ན་ངའི་ཕྱི་ལ་འགྲོ། །མི་སྒོམ་ཁྱོ་རང་གང་བསམ་གྱིས། །ཅེས་གསུངས་ནས། བྱོན་སོང་བ་ལ། རས་ཆུང་བ་མཐུ་བ་ལ་འཇུས་ནས། མི་ཆོག་པ་བརྒྱད་ཀྱིས་འགུར་འདི་གསུངས་སོ། །དགོན་པ་རང་གི་ལུས་ཀྱི་ཆོག་ལགས་ཀྱང་། །ཉལ་ས་བླ་ཁང་ཅིས་ཀྱང་དགོས། །ཆར་ཆུ་དགྲ་བོ་སུ་ལའང་གནོད། །དེ་ཡང་མ་ཆོག་པ་ཅིག་བྱུང་། །བླ་མ་རང་གིས་སེམས་ཀྱི་ཆོག་ལགས་ཀྱང་། །ངོ་སྤྲོད་བླ་མ་ཅིས་ཀྱང་དགོས། །གསོལ་བ་འདེབས་ཡུལ་བྱེད་ཐབས་མེད། །དེ་ཡང་མ་ཆོག་པ་ཅིག་བྱུང་། །དཔེ་ཆ་ཡུལ་གྱིས་ཆོག་ལགས་ཀྱང་། །ཐེ་ཙོམ་བར་ཆད་གར་ཡང་
(༡༦༡)སླེབ། །གསལ་འདེབས་བེའུ་བུམ་མེད་ཐབ་མེད། །དེར་ཡང་མཆོག་པ་ཅིག་བྱུང་། །ཟས་སུ་ཏིང་འཛིན་ཟོས་པས་ཆོས་ལགས་ཀྱང་། །འཚོ་བ་ལུས་འཚོ་ཙམ་ཅིག་ཅིས་ཀྱང་དགོས། །སྒྱུ་མའི་ལུས་པོ་ཟས་ལ་བརྟེན། །དེར་ཡང་མ་ཆོག་པ་ཅིག་བྱུང་། །གོས་སུ་བདེ་དྲོད་གོན་པས་ཆོག་ལགས་ཀྱང་། །ངོ་ཚས་རིབ་མས་གར་ཡང་སླེབ། །ཁྲེལ་དང་ངོ་ཚ་གང་ལ་འཇིགས། །དེར་ཡང་མ་ཆོག་པ་ཅིག་བྱུང་། །གཉེན་ལ་འབྲེལ་ཐག་བཅད་པ་ཆོག་ལགས་ཀྱང་། །མཐུན་འཇུག་སྤྱོད་པ་གང་ཡང་དགོས། །གྲོགས་ལ་བཟང་ངན་སུ་ལའང་ཡོད། །དེར་ཡང་མ་ཆོག་པ་ཅིག་བྱུང་། །སྡང་བའི་དགྲ་ལ་བྱོལ་བའི་ཆོག་ལགས་ཀྱང་། །མི་ངན་པ་ལ་མ་བསྒོམ་ཀར་ཡང་ཟུག །ཞེ་སྡང་དགྲ་བོས་གར་ཡང་སླེབ། །དེར་ཡང་མ་ཆོག་པ་ཅིག་བྱུང་། །བགེགས་ལ་སྟོང་ཉིད་བསྒོམ་པས་ཆོག་ལགས་ཀྱང་། །འབྱུང་པོ་ཡི་དྭགས་བསམ་པ་ངན། །དེར་འཛིན་འགོང་པོ་ཐུལ་པར་དཀའ། །དེར་ཡང་མ་ཆོག་པ་ཅིག་བྱུང་། །ལར་བླ་མའི་དྲུང་དུ་འཚམ་པར་སླེབ། །གང་ལྟར་བྱས་ཀྱིས་བདེ་ཞིང་སྐྱིད། །ཞེས་ཞུས་པས། ཏི་ཚེ་ལ་འགྲོ་བ་བཤོལ་ནས། མཆོང་ལུང་གི་བྲག་ལ་དཔོན་སློབ་གཉིས་བྱོན་ནོ། །དེ་ཐམས་ཅད་གཡག་རུའི་སྐོར་རོ། །དེ་ནས་མཆོང་ལུང་དུ་སླེབ་པ་དང་བླ་མས་བྲག་གི་གསེབ་ནས་རྡེའུ་གཉིས་བཏོན་ནས་བྱུང་བས། རས་ཆུང་བ་དཔེ་ཆ་ང་ལ་ཐོང་ལ། ཆུ་མིག་འདི་ངའི་མིག་ལ་གཟན་པར་བྱུང་བས། གསོ་ཆུ་ཕ་གི་ལ་ལོང་ལ་ཤོག །གསུངས་པས། རས་ཆུང་ཆུ་ལ་བཏང་ནས། དེའི་ཤོལ་དུ་
(༡༦༢)བླ་མས་མེ་བུས་ནས། དཔེ་ཆའི་གླེགས་ཤིང་གཡས་གཡོན་དུ་བཞག །གླེག་ཐག་དུ་བྱས་ནས་འདི་གསུངས་ཏེ། ངས་རྒྱ་གར་དུ་ཚོལ་དུ་བཏང་བས་ལུས་མེད་མཁའ་འགྲོའི་ཆོས་རྣམས་ཐམས་ཅད་མཁའ་འགྲོ་མ་རྣམས་ཀྱི་བྲག་གི་གསེབ་དུ་གདན་དྲོངས་ཤིག །གཞན་མུ་སྟེགས་ཀྱི་ངན་སྔགས་ཐམས་ཅད་ཕྱིད་ཁུང་འདིར་སྡོད་ཅིག་གསུངས་པས། ངན་སྔགས་ཐམས་ཅད་མེ་ལ་བསྲེག་ནས་བཞག་གོ །དེར་རས་ཆུང་བ་ཆུ་ཁར་སོང་ཙ། ཕ་རིའི་ཐད་ཅིག་ན། རྐྱང་མའུ་བདུན་དང་། སྤང་ཀི་མའུ་བདུན་དང་རྩེད་མོ་བྱེད་ཡིན་འདུག་པ་ལ་བལྟས་པས། སྤྱང་ཕྲུག་གི་ཁྲིད་མ་ཁད་ཀྱི་རྐྱང་མ་འདེད་ཤེས་པར་འདུག་པས། ཨ་མཚར་པོ་བགས་ཆགས་གོམ་པ་ལ་ཕ་གི་འདྲ་བའི་ནུས་པ་འདུག་བསམ་ཡིན་ཡོད་ཙ། ཡུན་རིང་པོ་ཅིག་སོང་བའི་བར་དུ་ཡེངས་ནས་འདུག་པས། ཨེ་ཨེ་དེ་མ་བཟང་བླ་མ་ཡང་མ་མཉེས། དགོངས་པས་མགྱོགས་པོར་ཡོངས་ཏེ་གནམ་སྒོའི་སར་སླེབ་ཙ། ཤོག་གུའི་དྲི་མ་ཆི་ལེ་བྲོ་བས་རས་ཆུང་བས་བམས་པ་ལ། ངའི་བླ་མ་འདི་སྨྱོན་སྤྱོད་རང་བྱེད་ལེ་ཡིན། །དཔེ་ཆ་ཚོ་བསྲེག་ལས་ཆེ་བསམ་པས། སྟེང་དུ་ཕྱིན་ཙ། ཤོག་གུའི་དྲུད་པ་ཆི་ལེ་བསྲེགས་ནས་འདུག་པས། རས་ཆུང་བའི་བླ་མ་ལགས། ཁྱེད་རང་གི་སྟོན་པས་ཆོས་སྐད་ལ་ལན་མ་ཐེབས་པས། ངས་རྒྱ་གར་དུ་དཀའ་ལས་དེ་ཙམ་ལ་གཏད་དོན་འདུག །ལུས་མེད་མཁའ་འགྲོའི་ཆོས་མེ་ལ་བསྲེག་དུ་ཡང་མི་རུང་ཙ། ཟེར་བས། སྔར་དད་པ་ལོགས་པའི་སྟེང་དུ་དེ་ཉིན་རང་དབང་མེད་
(༡༦༣)པའི་དད་པ་ལོག་པས། གནམ་སྒོའི་སྟེང་དུ་རྐང་བ་རྐྱང་ནས། མིག་གི་དཀར་ས་རྩེལ་ཁའི་སྔོ་ས། །ལྟགས་པའི་ནགས་ས་བསྟན་ནས་བསྡད་པ་དང་། རྗེ་བཙུན་གྱི་ཁོ་རང་གི་སྤྱི་བོའི་གཙུག་ཏུ་རྩ་བ་དང་རྒྱུད་པའི་བླ་མ་རྣམས་སྤྲུལ་ནས་འགུར་འདི་གསུངས་སོ། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱི། །བླ་མ་མུ་ཏིག་རྩང་ལ་བརྒྱུས་པ་བཞིན། །བདག་མི་འབྲལ་སྤྱི་གཙུག་གི་བརྒྱན་དུ་བཞུགས། །ཁྱོད་དད་པས་སེམས་ཀྱིས་ལྟ་ཤེས་ནས། །མོས་གུས་ཀྱི་ལྟད་མོ་ཟད་པ་མེད། །བྱིན་བརླབས་ཀྱི་དངོས་གྲུབ་ཟད་པ་མེད། །རྗེ་དང་ཐུགས་ཡིད་སྲས་ཤིག་རས་ཆུང་བ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་ལྟོད་མོ་ལྟ་རྒྱུ་མེད། །རྐྱང་ཕྲུག་འོ་མས་འདྲངས་པ་བསམ་བླག་ཡིན། །སྤྱང་ཕྲུག་ཤས་འདྲངས་པ་འབྱུང་པོ་ཡིན། །དེ་ལ་ལྟད་མོ་ལྟ་བ་འཁྲུལ་བ་ཡིན། །ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། །བདག་གི་སྤྱི་གཙུག་སྟེང་དུ་ལྟོས། །ཅེས་གསུངས་པས། རས་ཆུང་བས་ཟུར་མིག་ཅིག་བལྟས་པས། བླ་མ་ཁྱེད་ཀྱི་གྲུབ་རྟག་བསྟན་པ་ངོ་མཚར་ཆེ་སྟེ། མཁའ་འགྲོའི་ཆེས་ཚོ་མེ་ལ་བསྲེགས་པས། ངོ་མཚར་ཆུང་ངུ་ཚོར་བས་བློ་མ་བདེ་སྟེ། རྐྱང་མའུ་ལ་ལྟ་འདོད་ཞུས་པས། ཡང་རྗེ་བཙུན་གྱིས་བུ་དེ་སྐུའི་གྲུབ་རྟག་བསྟན་ཙམ་ཡིན། ད་འདི་ལ་ལྟོས་དང་གསུངས་ནས། ལྗགས་ཀྱི་སྟེང་དུ་གསུང་གི་གྲུབ་རྟགས་ལ། ཤེལ་གྱི་མཆོད་རྟེན་རྩེ་དགུ་བ་སྣང་ལ་རང་བཞིན་མེད་པ། འོད་དང་ཐིག་ལེའི་གུར་ཕུབ་པ་ཅིག་བསྟན་པ་དེ་ལམ་
(༡༦༤)དང་མཁའ་འགྲོའི་ཕྱག་འཚལ། ལྷ་མ་སྲིན་སྡེ་བརྒྱད་ཀྱི་བསྐོར་བ་བྱེད་པ་ཅིག་བསྟན་ནས་འགུར་འདི་གསུངས་སོ། །པད་མ་ལེབ་རྒན་ལྗགས་ཀྱིས་སྟེང་། །ཤེལ་གྱི་མཆོད་རྟེན་རྩེ་དགུ་ལ། །སྣང་ལ་རང་བཞིན་མེད་པར་གསོལ། །འཇའ་འོད་ཀུན་རང་ཐིག་ལེའི་གནས། །ཡི་གེ་རང་དག་མཆོད་པས་དབྱངས། །མ་དང་མཁའ་འགྲོའི་ཕྱག་ཡང་འཚལ། །ལྷ་སྲིན་སྡེ་བརྒྱད་བསྐོར་བ་བྱེད། །ཁྱོད་དག་པ་སྙན་པ་བརྗོད་ཤེས་ནས། །ཆོས་རྣམས་རང་གི་དག་ལ་འཆར། །ངག་ལ་ནུས་པ་ཐོན་ཅིག་རས་ཆུང་བ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་ཡ་མཚན་ཆེ་རྒྱུ་མེད། །རྐྱང་མདུད་འགྲོ་རྩ་སྒྱེ་ཡིན། །སྤྱང་མོ་ཤ་ཟན་སྲིན་མོ་ཡིན། །དེ་ལ་ལྟ་བ་ཡི་མུག་ཡིན། །ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། །བདག་གི་ལྗགས་ཀྱི་སྟེང་དུ་ལྟོས། །ཅེས་གསུངས་ནས། གསུང་གི་གྲུབ་རྟགས་བསྟན་ཙ། །རས་ཆུང་བས་བླ་མ་ལགས། ལས་རྒྱུ་འབྲས་ཁྱད་དུ་བསད་ནས་གྲུབ་རྟགས་མིག་འཁྲུལ་ཙམ་ཡིན། །ང་སྙིང་མ་དགའ་ཞུས་པས། རྗེ་བཙུན་གྱི་ཁོང་རང་གི་སྙིང་ཁ་ཕྱེ་ནས། སྙིང་གི་ནང་དུ་དགྱེས་རྡོར་སྤྲུལ་པའི་ལྷ་དགུའི་དཀྱིལ་འཁོར་ཀར་སྟབས་ཁྲིག་གེ་བསྟན་ནས་འགུར་འདི་གསུངས་སོ། །བུ་གཅིག་གསན་དང་རས་ཆུང་བ། །ཕ་བླ་མ་རྗེ་བཙུན་ཐུགས་ཁ་ནས། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་རྣམས། །ཅུང་ཟད་མ་རེག་རེག་ལ་ཁད། །འཇའི་ཀུར་ཕུབ་ལྟ་བུར་བཞུགས། །ཁྱོད་རང་ལུས་ལྷ་རུ་བསྒོམ་ཤེས་ན། །དོན་གསལ་འགྲིབ་མེད་པར་དངོས་སུ་འཆར། །ཐ་མལ་ལུས་པོ་འཇའ་ལུས་འགྲུབ། །བསྐྱེད་རིམ་ལུས་ལ་སྒོམ་
(༡༦༥)ཤིག་རས་ཆུང་བ། །བུ་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་ངོ་མཚར་ཆེ་རྒྱུ་མེད། །རྐྱང་སྨད་གླེན་པ་ཤ་སྐྱེལ་ཡིན། །སྤྱང་སྨད་སྡིག་པ་རོ་སྤྲེལ་ཡིན། །དེ་ལ་ལྟ་བ་རྔོན་པ་ཡིན། །ལྟོས་ཤིག་ལྟོས་ཤིག་ཚུར་ལ་ལྟོས། །བདག་གི་སྙིང་གི་ནང་དུ་ལྟོས། ཅེས་གསུངས་པས། ཐུགས་ཀྱི་གྲུབ་རྟགས་སུ་བསྟན་ཙ། རས་ཆུང་བས་བླ་མ་ལགས། གྲུབ་རྟགས་གཅིག་དང་གཉིས་ལ་ཁྱད་མེད། རྩ་ཁུར་བ་ལ་ཟོར་བ་ཡང་ལྗི་མེད་པ་འདྲ། །བདག་སྣང་བ་དུམ་པ་ཅིག་མ་བདེ་ཞུས་པས། ཡང་རྗེ་བཙུན་གྱི་མདོ་མ་གིན། །ལྕགས་ཀྱི་ཕ་འོང་ཆེན་པོ་ཅིག་ཡོད་པ་དེ་མགར་བ་གང་གིས་གྱང་གསེ་མ་ཐུབ་པ་ཅིག་ཡོད་པ། དེའི་སྟེང་དུ་འཕུར་ནས་བྱོན་ནས་ཟན་བཞིན་དུ་གཅོད། ཆུ་བཞིན་དུ་ཕྱར། རྫབ་བཞིན་དུ་རྫི་ཡིན་མཛད་ནས་འགུར་འདི་གསུངས་སོ། །མ་གི་གནམ་མོ་ཚོ་ཕྱུག་མོའི་མ་ཁ། །ལྕགས་ཀྱི་ཕ་འོད་ཟུར་བརྒྱད་པ། །མགར་ཞུན་ཐོག་བརྒྱའི་བཞུ་མ་ནུས། །ཐོ་ཐོག་བརྒྱའི་གསེ་མ་ཐུབ། །ཟན་ལྟར་གཅོད་ན་འདི་ལྟར་གཅོད། །ཆུ་ལྟར་ཕྱར་ན་འདི་ལྟར་ཕྱར། །རྫབ་ལྟར་རྫི་ན་འདི་ལྟར་རྫི། །ཁྱོད་སྣང་བ་ལ་ཞེན་པ་ལོགས་ཤེས་ན། །མི་འདོད་བཞིན་འདོད་དགུ་ཆར་དུ་འབབ། །གང་དགོས་ཀྱི་ལོངས་སྤྱོད་གཏེར་ཁ་ཕྱེ། །བུ་སྣང་བ་བསྒྱུར་ཅིག་རས་ཆུང་བ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་གྱིས། །རྐྱང་ལ་འདི་ཡིན་རྩ་ཙམ་མེད། །རྐྱང་དང་རི་དྭགས་སྡིག་ཅན་ཟས། །སྤྱང་ཀི་གཅན་ཟན་ལས་ངན་ལུས། །དེ་ལ་ལྟ་བ་སྡིག་པ་ཡིན། །ལྟོས་ཤིག་བདག་གི་ལུས་ལ་ལྟོས། །ཅེས་གསུངས་པས་ཡོན་ཏན་གྲུབ་རྟགས་སུ་བསྟན།
(༡༦༦)རས་ཆུང་བས། ཁྱོད་རང་ལུས་ཀྱི་བཀོད་པ་ཅིག་ལ་དགོས་བརྒྱ་མཛད་ཡང་ཁྱེད་རང་དབང་ཆེ། ང་རྐྱང་མའུ་ལ་བུད་ནས་ཐལ་བ་མི་བལྟས་ཏེ། སེམས་འདི་ཡེ་ནས་མགུ་མི་ཐུབ་ཅུག་དྲག་ཟེར་བས། བླ་མ་རྗེ་བཙུན་གྱི་རས་ཀྱིས་ན་བཟའ་ལ་གཤོག་པ་མཛད་ནས། ནམ་མཁའ་ལ་འཕུར་ནས་ཡར་ཅེ་མཐོ་ཅེ་མཐོར་སོང་ནས་འགུར་འདི་གསུངས་སོ། །བུ་གཅིག་གསན་དང་རས་ཆུང་བ། །བྲག་དམར་མཆོང་གླིང་ཁྱུང་གི་རྫོངས། །སྔར་ཡང་མི་ཡིས་འཕུར་མ་མྱོངས། །ད་ཡང་མི་ཡིས་འཕུར་མི་སྲིད། །བྱ་རྒོད་པོ་འཕུར་ན་གཤོག་རྩེ་འདར། །བྱ་བྲན་གྱི་འཕུར་ན་ལྟག་ཚིག་ལྡོག །ང་མི་ལ་བྱ་ལྟར་ལྡིང་ན་འདི་ལྟར་ལྟིང་། །ཁྱུང་ལྟར་འཕྱོ་ན་འདི་ལྟར་འཕྱོ། །ཁྱོད་རྟེན་འབྲེལ་ལུས་ཀྱིས་རྫུ་འཕྲུལ་ལ། །དབང་བསྒྱུར་འཁོར་འདས་བསྲེ་ཤེས་ན། །བདག་དང་གཞན་ལ་གཉིས་སུ་མེད། །བུ་རང་རྒྱུད་སྦྱོངས་ཤིག་རས་ཆུང་བ། །ཁྱོད་ལྟད་མོ་དང་གཟིགས་མོ་འདི་ལ་ལྟོས། །རྐྱང་ལ་བལྟས་པས་ཅི་ལ་ཕན། །རྐྱང་ནི་རིའི་འབྱུང་པོ་ཡིན། །སྤྱང་ཀུ་ལས་ཀྱི་ཤན་པ་ཡིན། །དེ་ལ་བལྟ་བ་ཡི་དྭགས་ཡིན། །ལྟོས་ཤིག་ནམ་མཁའི་དབྱིངས་སུ་ལྟོས། །ཅེས་གསུངས་པས། རས་ཆུང་བས་ནམ་མཁའ་ལ་བལྟས་པས། བླ་མ་མི་རིག་ལ་ཁང་དུ་ཅེ་མཐོ་བས། ཨེ་ཤེ་བ། བླ་མ་མཁའ་སྤྱོད་དུ་འགྲོ་བ་རེད། དེ་རང་ཅུག་སོང་ནས་དགོས་པས། ཧ་ལས་པས། རང་དབང་མེད་པས་དད་པ་སྐྱེས་སྟེ། མཆི་མ་ཡོངས་ནས། ངས་བླ་མ་གར་སོང་། ཡང་མི་རྙེད་པ་ཨེ་ཡིན་དགོངས་པ་ལ། ཡང་བླ་མ་རྗེ་བཙུན་མདུན་གྱི་ནམ་མཁའ་ལ་བྱོན་ནས་འགུར་འདི་གསུངས་སོ། །
(༡༦༧)སྲ་མོའི་ཤིང་དང་གྱོང་མོའི་རྭ། །བཀུག་ན་འདི་གཉིས་ཀྱང་ཁུག་ཚོད་གདའ་སྟེ། །རང་སེམས་གྱོད་མོ་འདི་ལ་ཁུག་དུས་མེད། །རང་སེམས་གྱོང་མོ་ཁུག་ཅིག་རས་ཆུང་བ། །ལྷོ་ཁའི་སྟག་དང་བྱང་ཁའི་འབྲོང་། །བཏུལ་ན་འདི་གཉིས་ཀྱང་ཐུལ་ཚོད་གདའ་སྟེ། །བདག་འཛིན་དྲེགས་པ་འདི་ལ་ཐུལ་དུ་མེད། །བདག་འཛིན་དྲགས་པ་ཐུལ་ཅིག་རས་ཆུང་བ། །གནམ་གྱི་བྱ་དང་སའི་བྱི། །གསོད་ན་འདི་གཉིས་ཀྱང་སོད་ཚོད་གདའ་སྟེ། །བགས་ཆགས་གཞི་རྩ་འདི་ལ་སོང་དུས་མེད། །འཁྲུལ་བའི་རྩ་བ་ཆོད་ཅིག་རས་ཆུང་བ། །ཆོས་ཐོས་པ་དང་བསམ་བགོ་བ་གསུམ། །བསླབ་ན་འདི་གཉིས་ཀྱང་ལོབ་ཚོད་གདའ་སྟེ། །རང་སེམས་དངོས་མེད་འདི་ལ་རྟོགས་དུས་མེད། །སེམས་ཉིད་སྟོང་བར་སྒོམས་ཤིག་རས་ཆུང་བ། །དྲིན་ཅན་ཕ་མ་བྱམས་པའི་གཉེན། །བསྐྱུར་ན་འདི་གཉིས་ཀྱང་ལས་ཚོད་གདའ་སྟེ། །གཤིས་ངན་རང་བདེན་འདི་ལ་སྐྱུར་དུས་མེད། །རང་གཤིས་ངན་པ་སྐྱར་ཅིག་རས་ཆུང་བ། །ཕ་ཡུལ་གྱི་མཁར་དང་རེལ་ལུག་གི་ནོར། །སྤངས་ན་འདི་གཉིས་ཀྱང་སྤོངས་ཚོད་གདའ་སྟེ། །སྐྱིད་འདོད་སོ་གསོད་འདི་ལ་སྤོངས་དུས་མེད། །ཡང་ཡེངས་སྒྱུར་དལ་སྤོངས་ཤིག་རས་ཆུང་བ། །ཕྱོར་པོའི་གོས་དང་མཛའ་མོའི་གྲོགས། །སྤངས་ན་འདི་གཉིས་ཀྱང་སྤོངས་ཚོད་གདའ་སྟེ། །མལ་བདེ་དྲོ་འཇམ་འདི་ལ་སྤོང་དུས་མེད། །གཏི་མུག་རོ་ཉལ་སྤོངས་ཤིག་རས་ཆུང་བ། །ཕ་རིའི་རི་དང་ཚུ་རིའི་བྲག །གཟོད་ན་འདི་གཉིས་ཀྱང་འཛད་ཚོད་གདའ་སྟེ། །སྲིད་པའི་ཞེ་འདོད་འདི་ལ་འཛང་དུས་མེད། །སྲིད་པ་ནང་ནས་གཟོན་ཅིག་རས་ཆུང་བ། །རྒྱལ་པོའི་ལུང་དང་བཙུན་མོའི་ཚིག །ཞུས་ན་འདི་གཉིས་ཀྱང་གནང་ཚོད་གདའ་སྟེ། །འཆི་བདག་གཤིན་རྗེ་འདི་ལ་ཞུས་མེད། །འཆི་
(༡༦༨)བ་ལམ་དུ་སྤོངས་ཤིག་རས་ཆུང་བ། །ཁྱོད་རང་རྒྱུད་ངན་པའི་སྣང་བ་ཟློག །སྤྱོད་པ་ངན་པས་རྣམ་འགྱུར་སྤོངས། །ཞེ་རྒྱུད་རྩུབ་མོའི་བསམ་པ་སྤོངས། །ཅེས་གསུངས་པས། མཆོང་ལུང་གི་བྲག་བྱ་མིན་བས་མི་ཐོན་པ་ཅིག་ཏུ་བྱོན་སོང་བས། གར་ཡོད་ཡང་མི་མཐོང་པར་འདུག་པས། རས་ཆུང་པས་བསམ་པ་ལ། དེ་རང་བླ་མའི་གྲུབ་རྟགས་དེ་ཙམ་བསྟན་པ་ལ་ངས་སྣང་བ་ལོགས་རུང་དུ་བསྡད་པ་དེ། །སྡིག་པས་ལས་ངན་པ་ཅིག་ཏུ་ཟིན་པས། ད་རེས་བླ་མ་ཡང་མ་མཐོང་བས་བྲག་འདིར་ཤི་བ་ཅིག་བྱེད་དགོས་པས། བྲག་ལ་ལྕེབ་པའི་འདོད་ལ་དེ་རང་མི་རུང་བ་བྱས་པས། རྗེ་བཙུན་གྱི་བཀའི་ཆད་པས་ཤི་བར་གྱུར་ཅིག །བསམ་པའི་བློ་ཐོ་ཙོམ་མེད་པའི་དད་པ་རང་དབང་མེད་པར་སྐྱེས་ནས། སྐད་ཆེ་བས་འོ་དོད་བོས་ནས། རྗེ་བཙུན་ཅུག་སོང་ན་བྱས་ཡིན་བྲག་ལ་འཛེག་པས། ཡང་ཕྱད་ཕྱད་སོང་བའི་སྣང་བ་ལ་ནི། །མཆོང་ལུང་གི་རྩེ་ལ་བྲག་ཕུག་བདེ་མོ་ཅིག་རང་གྲུབ་ལ་གྲུབ་འདུག་ནང་ན། རྗེ་བཙུན་གང་ཡིན་མི་ཤེས་པ་སྐུ་གསུམ་དུ་སྤྲུལ་ནས་འདུག་པ། གཡས་གཡོན་གཉིས་རམ་འདེགས་ཀྱི་ཚུལ་དུ་མཛད། དབུས་མས་དཔོན་གྱི་ཚུལ་དུ་མཛད་ནས་འགུར་འདི་གསུངས་སོ། །བུ་གཅིག་གསོན་དང་རས་ཆུང་བ། །རྗེ་བཙུན་གཅིག་ལ་རྗེ་བཙུན་གཉིས། །རྗེ་བཙུན་གཉིས་ལ་རྗེ་བཙུན་གསུམ། །རྣམས་སྤྲུལ་གསུམ་དུ་བཞུགས་པ་ལ། །ཁྱོད་ཕྱག་མཆོད་པ་འབུལ་ན་གང་ལ་འབུལ། །སྐྱུངས་འདྲི་རྨེད་བྱེད་ན་གང་ལ་བྱེད། །སྡིག་བཤགས་པའི་བཤགས་ཡུལ་གང་ལ་བྱེད། །རྒྱུད་སྡོམ་པའི་ལེན་ཡུལ་གང་ལ་བྱེད། །བདའ་ཟབ་མོའི་དབང་བསྐུར་གང་ལ་ཞུ། །དོན་ཟབ་མོའི་ངོ་སྤྲོད་གང་ལ་ཞུ། །སྐྱབས་ཟབ་མོའི་གསོལ་བ་
(༡༦༩)གང་ལ་འདེབས། །བློ་རེ་སའི་ཟབ་མོ་གང་ལ་བཅའ། །བུ་སྤྲུལ་སྒྱུར་ལུས་ཀྱི་བཀོད་པ་ལ། །དད་པ་སྐྱེས་ན་ཁོང་ཡུས་ཤོད། །བློ་ལོགས་བདུད་ཀྱི་བར་ཆོད་ལ། །འགྱོད་པ་སྐྱེས་ན་དྲང་པོར་སྨྲོས། །སྤྱོད་ངན་གཤིན་རྗེའི་ལག་རྟགས་ལ། །འཇིགས་པ་སྐྱེས་ན་ཁོང་ཡུས་ཤོད། །ཅེས་གསུངས་པས། རས་ཆུང་བས་ལུས་འདར་ཆུང་བྱས། མིག་མཆི་མས་གང་། །སེམས་ཡུས་ཀྱི་བརྣངས་པས། རྗེ་བཙུན་དབུས་མེད་ལ་འཐོབ་པ་ནི་ཡོད་ཙ། བྲག་ཕུབ་དང་བླ་མ་མཐོང་སྣང་བཞིན་དུ་སོང་བས། དཔེ་ཆ་བསྲེག་པའི་ཐལ་བའི་རྩ་ནས་ཡབ་སྲས་གཉིས་རང་འདུག་པས། རྗེ་བཙུན་གྱི་ཞལ་ནས། ངས་དེ་རེས་གྲུབ་རྟགས་དེ་ཙམ་ཅིག་བསྟན་པ་ལ་ཁྱོད་སྣང་བ་ལོག་བྱས་ནས། སྣང་བ་སྐད་ཅིག་ཀྱང་འགྱུར་དུ་མ་བཏུབ་པ་དེ་ཤིན་དུ་མ་བཟང་། ལར་ཆོས་འདི་དཀའ་བར་འདུག །ཁྱོད་གདམ་ངག་འཚོལ་དུ་བཏང་ཙ། ངན་སྔགས་ཁྱེར་ནས་འོང་། ཁྱོད་ལ་མཐུ་ངན་སྔགས་མཁན་ཅིག་བྱུང་གི་དོག །མཐུ་ང་བས་ཆེ་བས་མེད་སྟེ། ངས་སྡིག་པ་མ་འབྱོངས་པར་དཀའ་ལས་ཆེན་པོ་ལ་བཏང་། ལར་མཐུ་བྱེད་པའི་མི་རྣམས་ཚེ་འདིའི་སྐྱབས་ཡིན། དེ་བསངས་ཀླུ་འདི་ལ་ཉོན་གསུངས་ནས་འགུར་འདི་གསུངས་སོ། །ཁྱོད་གདམ་ངག་ལེན་དུ་བཏང་བ་ལ། །དཔེ་ཆ་འདིའི་མང་ལུགས་ཀྱིས། །གཞུང་བཤད་མཁན་ཅིག་བྱུང་གིས་དོགས། །ཁྱོད་ལྟ་རྟོགས་རང་གིས་སེམས་ལ་ཐོང་། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་ལ་སྒོམས་ཆེན་སྟན་རྡོལ་ཅིག་རེ་བ་ལ། །བཤད་པ་འདིའི་མང་ལུགས་ཀྱི། །སྟོང་ཆེན་ལྷམ་རྡོལ་ཅིག་བྱུང་གི་དོགས། །ལྟ་རྟོགས་རང་གི་སེམས་ལ་ཐོང་། །
(༡༧༠)བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་ལ་གཅིག་ཤེས་ཀུན་ཀྲོལ་ཅིག་རེ་བ་ལ། །ཐ་སྙད་འདིའི་མང་ལུགས་ཀྱིས། །ཀུན་ཤེས་གཅིག་རྡུགས་ཅིག་བྱུང་གི་དོགས། །ལྟ་རྟོགས་རང་གི་སེམས་ལ་ཐོང་། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་དམ་ཆོས་ཚོལ་དུ་བཏང་བ་ལ། །སྒྲུབ་ཡིག་འདི་ཡིས་མང་ལུགས་ཀྱིས། །ཁྱོད་རྒྱུད་ཆགས་སྡང་མཁན་ཅིག་བྱུང་གི་དོགས། །ལྟ་རྟོགས་རང་གི་སེམས་ལ་ཐོང་། །བུ་ཆུང་ནས་བསྐྱངས་པའི་རས་ཆུང་བ། །ཁྱོད་འཚོལ་དུ་བཏང་བའི་གདམ་ངག་རྣམས། །འཕུར་ཏེ་བྲག་གིས་གསེབ་ཏུ་ཡོད། །དེ་ལྟར་མཁའ་འགྲོའི་ཕྱག་ཏུ་བསྣམས། །ཁྱོད་གསོལ་བ་ཐོབ་དང་འབྱོན་སྟེ་མཆིས། །མཐུ་གཏད་ལ་སོགས་ངན་སྔགས་རྣམས། །འབར་བ་མེ་ལ་བསྲེག་ཤིང་བཞུ། །བཅོམ་ལྡན་མེ་ལྷའི་ཞལ་དུ་འབུལ། །བུ་ཞེ་སྡང་མ་ཆེ་རང་རྒྱུད་བསྲེག །སྡུག་བསྔལ་མ་ཆེ་ལུས་སེམས་བརླགས། །སེམས་རང་ལུགས་སུ་གཉེན་པོ་ལྷན་ནེ་བརྟེན། །དྲིན་ལན་དང་བླ་མ་དྲན་པར་གྱིས། །ཅེས་གསུངས་པས། རས་ཆུང་བས་ཨེ་བདེན་བསམ་པས། གསོལ་བ་བཏབ་བས། ལུས་མེད་མཁའ་འགྲོའི་ཆོས་རྣམས་ཚངས་བར་བིད་ལིངས་ཀྱིས་བྱུང་བས། རས་ཆུང་བའི་བླ་མ་ལ། སངས་རྒྱས་ཀྱིས་འདུ་ཤེས་སྐྱེས་ནས། རང་དབང་མེད་པའི་དད་པ་སྐྱེས་ཏེ། ངས་ད་ལ་སྔ་བླ་མའི་ཞབས་ཏོགས་ལོ་བཅུ་དྲུག་བྱས། ད་ཡང་བཅུ་དྲུག་གི་ཞབས་ཏོགས་བྱེད་ཟེར་བས། དམ་བཅའ་ཡང་ཕུལ་ཞིང་། །དེ་ཕྱིན་ཆད་མོས་གུས་འདུ་བྲལ་མེད་པར་སྐྱེས་སོ། །དེ་ཐམས་ཅད་རྐྱང་འགུར་གྱི་སྐོར་སོ། །
(༡༧༡)ཚོགས་འཁོར་ཅིག་མཛད་ནས་མཉེས་མཉེས་མཛད་ཅིང་། །གསུངས་གླིང་མང་དུ་བྱུང་བས། འབྲི་སྒོམ་དང་། སེ་བན་གིས་ལ། ཆོས་གཏམ་གྱིས་གསུངས་ཙ། རས་ཆུང་བ་རྒྱ་གར་ནས་བྱོན་པས་གཏམ་མ་ནུས། རྗེ་བཙུན་གྱི་རས་ཆུང་བ། ཁོང་གཉིས་སྦོབས་པ་ཞན་ཟིན། ཁྱོད་རས་ཆུང་བ་རྒྱ་གར་ནས་གདམ་ངག་ཡོངས་ནས་བོད་དུ་རྩོད་པ་ཨེ་ཟློགས་ལྷ་ཟེར་བས། རྩོད་པ་ཅུག་ཟློག་གསུངས་པས། རས་ཆུང་བས། ངས་ཐ་སྙད་ཚིག་གི་རྒོལ་བ་ལ་ཟློག་རིན་གཅིག་མི་འདུག །ཚིག་སྒྲ་སྤྱད་ལ་འདི་ཡིན་མེད། གཞན་གྱི་རྒོལ་བཟློག་ནས་འདི་ལྟར་ཟློག་ཞུས་ནས་འགུར་འདི་ཕུལ་ལོ། །རྒྱུད་ངན་ཆད་པའི་རྒོལ་བཟློག །བླ་མ་སངས་རྒྱས་ངས་པ་ཡིས། །འདོད་ལྡན་བླ་མའི་རྒོལ་པ་ཟློགས། །གདམ་ངག་ཐབས་ལམ་སྙན་སྙན་རྒྱུད་ཀྱིས། །བློས་བྱས་བདུད་ཀྱིས་རྒོལ་བ་ཟློག །རོ་སྙོམས་ཕྱི་ཡི་མེ་ལོང་གི། །སྐྱོན་ཅན་ལྐུགས་པ་མཐའ་ལས་འཕུད། །བདེ་ཆེན་གསུངས་གི་རིན་ཆེན་གྱིས། །རྣམས་རྟོགས་ཡེ་ཤེས་མེ་ལ་བསྲེགས། །རྩ་རླུང་གྲ་མིག་འཁོར་ལོ་ཡིས། །བྱིང་རྒོད་ཧང་པོ་མེད་པར་བྱེད། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཡིས། །རྒོལ་ངན་ངར་འཛིན་འགོང་པོ་ཡི་འདུལ། །རིག་པ་ཡེ་ཤེས་སྒྲོན་མེ་ཡི། །སྙོམས་ལས་མ་རིག་མུན་པ་སེལ། །སྤྱོད་པ་རལ་གྲིའི་ཡི་ཡིས། །ཆོས་བརྒྱད་མདུད་པ་རང་སར་གྲོལ། །ཅེས་ཞུས་པས། རྗེ་བཙུན་མཉེས་ཏེ། ཁྱོད་ཀྱིས་རྩོད་པའི་ཟློགས་ལུགས་ཡགས། མིང་ཡང་རྩོད་པ་ཟློག་པའི་རིན་ཆེན་བྱ་བར་ཐོགས་གསུངས། ལར་ཁྱོད་ལ་གནད་དེ་ལྟར་ཤེས་པ་ལ་ལྟ་སྒོམ་སྤྱོད་པའི་གནད། འདི་རྣམས་གལ་ཆེ་གསུངས་སྟེ། འགུར་འདི་གསུངས་སོ། །
(༡༧༢)ལྟ་བ་སྟང་བའི་ཡེ་ཤེས་ཡིན། སྒོམ་པ་འོད་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་མེད་རྒྱུ་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །ལྟ་བ་སྟོང་ཉིད་ཡེ་ཤེས་དེ། །ཁ་ལྟ་རྐྱང་བར་འཆོར་ཉེན་གདའ། །དོན་ལ་ངེས་ཤེས་མ་སྐྱེས་ན། །ཁ་ལྟས་བདག་འཛིན་གྲོལ་བ་མེད། །དེས་ནས་ངེས་ཤེས་དྲག་པོ་གཅེས། །སྒོམ་པ་འོད་གསལ་འཛིན་མེད་དེ། །གནས་པ་རྐྱང་བར་འཆོར་ཉེན་འདུག །ཡེ་ཤེས་ནང་ན་མ་ཤར་ན། །གནས་པ་འཐུགས་ཡང་ཕན་པ་ཆུང་། །བྱིང་རྒོད་ལ་ཡེ་ཤེས་མ་སྐྱེས་པས། །དེས་མ་ཡེངས་དྲན་པ་གཅེས། །སྤྱོད་པ་ཆགས་མེད་རྒྱུ་ཞིག་དེ། །ཐོ་ཆོལ་རྐྱང་བར་འཆོར་ཉེན་གདའ། །ལྷ་སྒོམ་གྲོགས་སུ་མ་ཤར་ནས། །བརྟུལ་ཞུགས་སྤྱད་ཡང་ཕན་པ་ཆུང་། །དེས་ནས་ཞེན་པ་འབྲལ་བ་གཅེས། །འབྲས་བུ་དྲི་མེད་གཅེར་བུ་དེ། །མཚན་མའི་ན་བཟའ་གསོལ་ཉེན་གདའ། །འཁྲུལ་བ་ནང་ན་མ་ཞིག་ནས། །བརྩོན་འགྲུས་བྱས་ཡང་ཕན་པ་ཆུང་། །དེས་ན་འཁྲུལ་བ་བཤིགས་པ་གཅེས། །ཅེས་གསུངས་པས། རས་ཆུང་བ་ངེས་ཤེས་སྐྱེས་ནས། དེ་ནུབ་གཟིམས་པའི་རྨང་ལམ་ན། མཁའ་འགྲོ་མང་པོ་བྱུང་ནས་འགུར་མང་པོ་བྱུང་ན་གསུང་ཡིན་འདུག་པ་ལ། རང་དབང་མེད་པར་ཉན་ཡིན་འདུག་པས། ལན་རེ་རྗེ་བཙུན་ཡིན་དུ་ཡང་གོ །རྗེ་བཙུན་འགུར་འདི་གསུངས་པས་དེས་རྐྱེན་དང་རྟེན་འབྲེལ་བྱས་ཏེ། མཁའ་འགྲོ་མ་རྣམས་ཀྱི་འདི་སྐད་གསུངས་སོ། །བུ་གཅིག་གསན་དང་རས་ཆུང་བ། །ཁྱོད་འཁོར་འདས་རྐྱེན་ལས་རག་ལས་པས། །བླ་མ་དམ་པ་བསྟེན་ནུས་ན། །འབད་མེད་གདམ་ངག་ཤུགས་ལ་འབྱུང་། །བུ་གཅིག་གསན་དང་རས་ཆུང་བ། །ཁྱོད་ཡུལ་ལ་ཞག་ཆགས་སེམས་སྤོང་ནུས་ན། །རི་ཁྲོད་དགོན་པ་འགྲིམ་ནུས་ན། །རྩོལ་མེད་དངོས་གྲུབ་ཤུགས་ལ་
(༡༧༣)འབྱུང་། །བུ་གཅིག་གསན་དང་རས་ཆུང་བ། །ལས་ངན་འཛིན་པའི་རྩ་བ་ཅན། །ནོར་ལ་ཆགས་སེམས་སྤངས་ནས་ཀྱང་། །ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་ལམ་སྣ་ཤུགས་ལས་འབྱུང་། །བུ་གཅིག་གསན་དང་རས་ཆུང་བ། །འཁོར་བར་སྐྱེ་བའི་རྩ་བ་ན། །བུ་ཚའི་འཁྲི་བ་གཅོད་ནུས་ན། །རང་ཉིད་གཅིག་པུར་སྡོད་ཟུག་ན། །ཞིང་ཁམས་རྣམས་དག་ཤུགས་ལས་འབྱུང་། །བུ་གཅིག་གསན་དང་རས་ཆུང་བ། །ད་ལྟར་དམ་ཆོས་དར་ལེགས་ཀྱང་། །ཆོས་འདྲ་མིན་མང་པོ་བསྲེ་བསླད་བྱས། །བླ་མ་དཔོན་སློབ་བྱེད་མི་མང་། །ཁ་བཟང་འདོད་གཏམ་ན་ཆགས་པར་སྨྲ། །རྒྱུད་པ་བཟང་དགུ་ངོམས་ཤིག་པའི་བུ། །བུ་གཅིག་གསན་དང་རས་ཆུང་བ། །སྙིང་ནས་དམ་ཆོས་མཛད་ནུས་ན། །ཆོས་ཉོན་མོངས་གཉེན་པོར་འགྲོ་དགོས་པས། །ཁ་བཤད་ཀྱིས་ངོས་རྐོགས་མ་ཆེ་བར། །ཞེ་ཕུག་གི་སྐྱིད་འདོད་འཕྲལ་བ་གཅེས། །བུ་གཅིག་གསན་དང་རས་ཆུང་བ། །འབྲས་བུ་སངས་རྒྱས་ཐོབ་འདོད་ན། །ཚེ་འདིའི་བདེ་སྐྱིད་མ་བསམ་པར། །རང་སེམས་རྩ་བ་མ་ཤོར་བར། །གོམས་པ་རྒྱུད་ལ་རྟེན་ཅིང་ཨང་། །ཞེས་གསུངས་པས། གཉིད་སད་པ་དང་། དགའ་ཡ་ལེ་ཚིགས་རྣམས་མ་བརྗེད་པར་འདུག །དེ་ཕྱིན་ནས་ཆོས་དང་རང་རྒྱུད་བསྲེས་པས་དུམ་པ་རེ་འདྲེ་ཐུབ་པ་བྱུང་སྐད་དོ། །དེ་ཐམས་ཅད་མཁའ་འགྲོ་ལུང་བསྟན་གྱི་སྐོར་རོ། །དེ་ནས་བཅུ་པ་དྲིན་ལན་བསབས་པའི་ཡོན་ཏན་ནི། སྤོ་རི་སྤོས་མཐོན་ནམ་མཁའི་རྫོངས་ནས། བཞུགས་པའི་དུས། སོ་ནམས་གིས་བོན་པོ་ཅིག་ཡོད་པས། རྗེ་བཙུན་འདི་འདོད་པ་བློ་ལོགས་པ་ཅིག་འདུག་ཟེར་ནས། ཁོ་རང་གི་སློབ་མས། མ་ཚོར་བར་བསྙེན་བཀུར་དུམ་པ་རེ་ཡང་བྱས། གདམ་ངག་རྣམས་རྐོག་དུ་ཞུས་པས། བོན་པོ་ནད་ཀྱིས་ཟིན་ནས་འཆི་བས་དུས་སུ། །
(༡༧༤)ཁོའི་སློབ་མ་རྣམས་ཀྱི་ཁ་ཆེམས་འཇོག་དགོས་བྱས་པས། བོན་པོ་ན་རེ། ངའི་ངའི་ཁ་ལ་ཉན་མཁན་ལག་གཏོང་མཁན་ཡོད་ན་ལབ་རྒྱུ་ང་ལ་ཡོད་ཟེར་བས། ཅི་ཡོད་བསམ་པས། ཐམས་ཅད་ཀྱི་མནའ་བྱས་པས། འོ་ན་ངས་བུ་མོ་དེ་ཡང་བོས་ཟེར་ནས། བུ་མོ་བོས་པས། ཨ་ཕས་ཅི་ཟེར་བྱེད་ཟེར་བས། བུ་མོ་དབང་པོར་བཞག་ནས། ཁ་ཆེམས་སུ་བཞག་སྟེ། ད་འོ་སྐོལ་བོན་པོ་ཟེར་ལེ་འདི་ནོར་འདུག །འདི་གཞི་འཆུག་སྟེ་ཧ་རེ་ལོང་། །ནམ་ནོར་ཏེ་དགེ་བ་ལ་མི་འཛེམས། འབྲས་བུ་འཁྲུལ་ཏེ་འཇིག་རྟེན་གྱི་ཆེན་པོ་ཅིས་ལས་མི་སྐྱེ། སྐྱབས་ལོག་ཏེ་མི་མ་ཡིན་དང་ལྷ་འདྲེ་ལ་སྐྱབས་གསོལ་བ་འདེབས། སེམས་བསྐྱེད་ཉེས་ཏེ་གལ་ལྟ་ཁུར་ཡིན། བུ་སྨད་གསོ་བས་བེར་མ་བྱུང་འདུག་པས། ངའི་ནོར་སྐལ་དེ་རྗེ་བཙུན་དཔོན་སློབ་ལ་ཕུལ་ལ་བདུན་ཚིག་ཞུས། དེ་མ་བྱས་ན་ཁྱེད་ཚོས་ང་བསད་པ་དང་འདྲ་ཟེར་བས། ཁོས་ཟེར་བ་བཞིན་བྱས་པས། བདུན་ཚིག་གི་ནུབ་མོ་མཚན་དབྱངས་ཅིག་བྱས་པ་ལ། རྗེ་བཙུན་གྱི་བོན་པོའི་རྣམ་ཤེས་མངོན་གསུམ་དུ་བཀུག་ནས། སྔར་ཅུག་ཡོད་པ་བཞིན་དབང་པོ་སྐྱེ་མཆེད་དངོས་བྱས་པ་ལ། རྗེ་བཙུན་དཔོན་སློབ་ཀྱི་མཚན་དབྱིངས་དེ་ལ་ལམ་བསྟན་སྦྱངས་ཀྱི་ཚུལ་དུ་འགུར་འདི་གསུངས་སོ། །རྗེ་བཙུན་བཀའ་རྒྱུད་ཀྱི་བྱིན་བརླབ་རྒྱབ་དཔུང་བཟང་། །རིགས་རྒྱུད་མཁའ་འགྲོའི་དངོས་གྲུབ་ཐོབ། །ཆོས་བརྒྱད་མ་ནོར་བུ་སློབ་རྣམས། །ལས་ངན་རྣམས་སྨིན་སྦྱངས་པ་ལ། །རང་རྒྱུད་ལ་སྡོམ་པ་ཡོད་པ་དགོས། །ཡོན་བདག་གི་བླ་མཆོད་བྱེད་པ་ལ། །སྙིང་རྗེ་དང་བྱམས་སེམས་རྒྱས་པ་དགོས། །མང་པོའི་ཚོགས་
(༡༧༥)དཔོན་བྱེད་པ་ལ། །ཡོན་ཏན་དང་རྟོགས་པ་ལྡན་པ་དགོས། །གྲུབ་ཐོབ་ཀྱི་བླ་མ་མཉེས་པ་ལ། །དག་སྣང་དང་སྙིང་རུས་ཆེ་བ་དགོས། །གཤིན་པོའི་ཟ་མ་ཟ་བ་ལ། །མཐོང་ལམ་གྱི་ཡོན་ཏན་སྐྱེས་པ་དགོས། །ཚེ་འདས་ཀྱི་རྣམ་ཤེས་འདྲེན་པ་ལ། །མངོན་ཤེས་དང་གྲུབ་རྟགས་ཐོན་པ་དགོས། །དད་ལོག་གི་སྣང་བ་བསྒྱུར་བ་ལ། །སྒྱུ་འཕྲུལ་གྱི་སྤྲུལ་པ་ནུས་པ་དགོས། །དེ་རང་བདུན་ཚིག་དཀྱིལ་འཁོར་ལ། །མངོན་སུམ་ལམ་སྣ་ཟིན་པ་དགོས། །བོན་པོའི་བུ་སློབ་ཡོན་བདག་རྣམས། །སེམས་ལ་ཐེ་ཙོམ་མ་བྱེད་ཅིག །ཅེས་གསུངས་པས། འཇའ་འོད་ཀྱི་ཀུར་ཕུབ། མེ་ཏོག་གི་ཆར་ཕབ། །མཚན་དབྱངས་ནི་འོད་ཀོར་ཀོར་ནམ་མཁའ་ལ་གྱི་ལི་ལི་སོང་བས། དེ་རྣམས་བོན་པོའི་བུ་སློབ་རྣམས་ཀྱི་མཐོང་བས། ནམ་མཁའ་སྒྲ་ཅིག་བྱུང་བས། རྗེ་བཙུན་ང་ལ་སྐུ་དྲིན་ཆེ། ཁྱད་མིན་ནང་ལ་ཐར་བའི་སྐབས་མི་འདུག །ཟེར་བ་བྱུང་བ་ཐམས་ཅད་ཀྱི་ཚོར་བས། དེ་རང་དེ་ཀ་ཡིན། །ངོ་མཚར་རང་ཆེ་ཟེར་བས་ལན་དུ་འགུར་འདི་གསུངས་སོ། །རྗེ་ངོ་མཚར་བླ་མའི་བྱིན་བརླབས་ཞུགས། །ངོ་མཚར་མར་བའི་ཞབས་ལ་གསོལ་བ་འདེབས། །བཀའ་དྲིན་མོས་གུས་འཁོར་བར་བྱིན་གྱི་ཐུགས་རྗེས་ཟུང་། །ང་དང་པོ་རྗེ་དང་མཇལ་བ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །གདམས་ངག་སྙན་རྒྱུད་ཐོབ་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །འཇིག་རྟེན་བྱ་བ་གཏོང་བ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ནང་ནས་ཉམས་རྟོགས་སྐྱེས་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །གཅིག་པུར་སྡུག་བསྲན་སྐྱེད་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤེས་ཡིན། །ཆོས་བརྒྱད་མདུན་པ་མེད་པ་དེ།
(༡༧༦)ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བླ་མས་མཉེས་པ་འགྲུབ་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བོན་པོ་ཁ་ཆེམས་འཇོག་ལུགས་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །བུ་སློབ་ཁ་ལ་ཉན་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །མཚན་དབྱངས་འཇའ་འོད་ཀུར་ཕུབ་པ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །འདིར་ཚོགས་དད་པ་སྐྱེས་པ་དེ། །ངོ་མཚར་ཡོངས་ཀྱི་ཆེ་ཤོས་ཡིན། །ཅེས་གསུས་པས། སྲིང་མོ་པེ་ཏ་མ་དེར་ཡོད་པ་མཆི་མ་ཁྲལ་གྱིས་བྱུང་སྟེ། ཁྱེད་ཀྱིས་གཞན་ལ་འདི་འདྲ་བའི་ནུས་པ་འདུག་ཙ། རང་རེ་གཉིས་ཀྱི་ཕ་མས་འཆི་ལུགས་ལ་ཟེར་ཡིན་དུས་བས། བླ་མས་ཞལ་ནས། ཁྱོད་དུ་མི་དགོས། ཕ་མ་གཉིས་དྲངས་ཚར། གསུངས་པས། དེ་ཅུག་དྲངས་ང་ལ་བཤད་པར་ཞུ་ཟེར་བའི་ལན་དུ་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཕ་མས་དྲིན་ལན་འཁོར་བར་ཐུགས་རྗེས་ཟུང་། །ངས་ཨ་མ་ལུས་ཀྱི་སྒྲོམ་བུ་དང་། །ཕ་མའི་དྲིན་གྱི་རྒྱལ་པོ་དང་། །སྒྱུ་མས་ལུས་ཅིག་དོར་དུས་ན། །རྣམས་ཤེས་རང་རིག་སེམས་ལ་བསྲེས། །སེམས་ཉིད་རྒྱལ་པའི་ཐུགས་ལ་བསྟིམས། །ཐུགས་རྗེས་འཇའ་འོད་ཀྱི་ཞིང་ཁམས་ཤར། །ལུས་སྣང་སྟོང་ལྷའི་སྐུ་ལ་བསྟིམ། །ལྷ་རང་བྱུང་དུ་གྲུབ་པའི་ངོ་མཚར་ཆེ། །ངག་གྲགས་སྟོང་བརྗོད་མེད་སྔགས་སུ་འདྲེས། །སྔགས་རང་སྒྲ་གྲགས་པ་ངོ་མཚར་ཆེ། །སེམས་འཁྱམ་པོ་ཏིང་ངེ་འཛིན་གྱིས་བཀུགས། །གསལ་སྟོང་རིག་པ་རང་ངོ་ཤེས། །སེམས་རང་ས་ཟིན་པས་འཁྲུལ་པ་མེད་པས་ངོ་མཚར་ཆེ། །མི་བདག་གི་བསྒྲུབ་པ་བྱེད་པས་རིང་། །བྱམས་དང་སྙིང་རྗེའི་དྲགས་སྔགས་དེས། །ཉིན་མེད་མཚན་མེད་སྒྲིབ་པ་སྦྱངས། །རིགས་དྲུག་འཁོར་བའི་སྐྱེ་
(༡༧༧)སྒོ་བཅད། །གཙང་ཞིང་དགའ་བའི་ཞིང་ཁམས་སུ། །བདེ་ཞིང་དག་པའི་ཚོགས་ལ་བསྒྲིགས། །དགའ་ཞིང་མཉེས་པའི་ལོངས་སྤྱོད་འཕེལ། །བདེ་བ་ཅན་གྱིས་ཞིང་ཁམས་སུ། །དཔའ་བོ་དཔའ་མོའི་འཁོར་གྱིས་བསྐོར། །ཁྱེད་སེམས་ཆུང་མི་དགོས་པེ་ཏ་མ། །ཅེས་གསུངས་པས། མོ་ཡང་བཞིན་གྱི་མདངས་གསལ་སིང་གིས་བྱུང་སྟེ། ལེགས་དེ་ན་ངོ་མཚར་ཆེ་ཟིན། ཁྱེད་ཀྱི་དཀྱིལ་འཁོར་དང་། མཚན་དབྱངས་དང་ཚ་ཚ་ལ་སོགས་པ་ཨེ་མཛད་ཟེར་བའི་ལན་དུ་འགུར་འདི་གསུངས་སོ། །རྗེ་འགྲོ་པའི་མགོན་ལ་གསོལ་བ་འདེབས། །ཕ་མས་དྲིན་ལན་འཁོར་བར་བྱིན་གྱི་རློབས། །སེམས་ཅན་ཐམས་ཅད་གྲོང་བར་ཐུགས་རྗེས་ཟུང་། །ངས་བདེ་ཆེན་གཉིས་མེད་ཀྱི་དཀྱིལ་འཁོར་དུ། །རང་རིགས་གསལ་བའི་ལྷ་ཚོགས་བཀོད། །རྒྱུད་ལུང་གི་མན་ངག་གིས་བུམ་པ་ལ། །ཕ་རོལ་ཕྱིན་དྲུག་གི་ཁྲུས་ཆབ་བླུགས། །སེར་སྣ་དུག་ལྔའི་སྒྲིབ་པ་སྦྱངས། །བཀའ་རྒྱུད་བླ་མས་བདུད་རྩི་ཡིས། །ལུས་ངག་སེམས་ལ་དབང་བཅུ་བསྐུར། །རྟོགས་པ་ལམ་གྱི་རིམ་པ་དེ། །དབྱེར་མེད་བདེ་བ་ཆེན་པོར་བསྟན། །སྐུ་གསུམ་དབྱེར་མེད་ཚ་ཚ་བཏབ། །ཟག་པ་མེད་པས་བདུན་ཚིག་བསྐྱངས། །རྗེས་ཤེས་ཟབ་མོའི་དུས་དྲན་ལ། །གཉེན་པོ་བཟང་པོའི་མཆོད་པ་འབུལ། །ཕྱག་རྒྱ་ཆེན་པོའི་བསྔོ་བ་ལ། །རང་བཞིན་རྣམས་དག་སྨོན་ལམ་བཏབ། །བདག་དང་ཕ་མ་སེམས་ཅན་གྱིས། །བསམ་པ་ཐམས་ཅད་གཅིག་ཏུ་བསྒྲུབ། །བླ་མས་བཀའ་དྲིན་དྲན་དྲན་པས། །ཕ་མས་དྲིན་ལན་འཁོར་བ་ཡིན། །ཅེས་གསུངས་པས། མོ་ཤིན་དུ་དགའ་སྟེ། ཨ་ལ་ལ་ཚད་མི་འདུག །ད་ང་ཡང་འདྲེན་པར་ཞུ་ཅིག་ཞུས་ཡིན་
(༡༧༨)རྩོལ་མེད་ཀྱི་ཕྱག་མང་པོ་འཚལ་བའི་ངང་ལས་བརྒྱལ་ནས་སོང་སྟེ། དྲན་པ་རྙེད་པ་དང་སྔར་དང་མི་འདྲ་བས་ཆོས་སྣང་ཆེན་པོ་བྱུང་བས། རྗེ་བཙུན་གྱིས་ཁྱོད་ཆོས་བྱེད་ན་སྒོམ་ཨི་ནུས་གསུངས་པས། སྒོམ་ཆེན་ཕོ་མོ་འདི་ཚན་ཡོད་པ་ལ། །ངས་སྒོམ་མི་ནུས་པ་ཅི་ཡིན་ཟེར་ནས། ངེས་ཤེས་དང་མོས་པ་རང་དབང་མེད་པར་སྐྱེས་པས། རྗེ་བཙུན་གྱི་མོའི་སེམས་ལ་ཨེ་ཕན་གྱི་འགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །གཉེན་ལ་གདུང་སེམས་ཞི་བར་བྱིན་གྱི་རློབས། །ཆོས་དང་སེམས་རྒྱུད་འདྲེས་པར་ཐུགས་རྗེས་ཟུང་། །གསོན་དང་སྲིང་མོ་པེ་ཏ་མ། །ཆོས་གཞོན་ནས་སྙིང་རུས་མ་བྱས་པ། །རྒས་ཙ་བྱེད་སྙམ་ཅི་ལ་ཕན། །རྗེ་བཙུན་བླ་མ་མ་བསྟེན་པའི། །འགྲོག་བཟང་བླ་མ་ཅི་ལ་ཕན། །གདམ་ངག་སྙན་རྒྱུད་མ་བསྒོམ་པས། །ཁ་བཤད་སྐམ་པོའི་ཅི་ལ་ཕན། །རང་སེམས་རང་ངོ་མ་ཤེས་པའི། །མང་པོའི་བསླབ་པ་ཅི་ལ་ཕན། །སྐྱེ་མེད་རང་ས་མ་ཟིན་པའི། །ཁ་ལྟ་ཀམ་པོའི་ཅི་ལ་ཕན། །ཉམས་མྱོངས་ནས་ནས་མ་ཤར་བའི། །ཚུལ་འཆོས་མཁན་ཅིག་འདོད་པ་མང་། །རྟེན་འབྲེལ་ལྟད་མོ་མ་མཐོང་བས། །ཐོ་ཆོ་མཁན་ཅིག་རང་རྩིས་ཆེ། །བྱང་སེམས་སྙིང་རྗེ་མ་སྐྱེས་པས། །ངོས་རྐོག་མཁན་ཅིག་གཙང་གཙང་མང་། །སངས་རྒྱས་ཨེ་ཐོབ་མི་བས་མི་བསམ་པའི། །ཆོས་ལ་བ་ཟེར་ཡང་ནོར་ལ་གནག །སེམས་ཅན་ཡོངས་ལ་མི་ཕན་པའི། །ཕ་མ་ལ་བྱམས་ཡང་འཁོར་བའི་རྒྱུ། །ཆོས་དང་མཐུན་པར་མི་བསྒྲུབ་པའི། །ཉེ་བ་ཡིན་ཡང་སྡང་བའི་དགྲ། །རགས་ལ་གནོད་པ་བྱེད་པའི་མི། །མཛེས་མཛེས་འདྲ་ཡང་བདུད་ཀྱི་རིགས། །སྙིང་ནས་གཉུགས་སུ་མི་བསྒོམ་ན། །
(༡༧༩)འཕྲལ་སྒོམ་ཆེ་འདྲ་ཡང་སྒོམ་རྡུགས་ཡིན། །ཅི་ཕན་ཅི་བསོད་མི་བསྒྲུབ་པའི། །འགྲོགས་བཟང་པོ་བྱས་ཡིན་ཞེ་འགྱོད་མང་། །མ་ཕྱིད་སྡུག་བསྔལ་གྱི་ཡི་མུག་ངེས། །ཁྱོད་སྲིང་མོའི་སྡུག་བསྔལ་དག་དག་འདྲ། །ཅེས་གསུངས་པས། སེམས་ལ་ཕན་སྟེ། སྣང་བ་སྐྱིད་དིངས་ཀྱི་སོང་བ་བཞིན་སོང་བས། རྗེ་བཙུན་གྱིས་སྒོམ་དུ་བཅུག་པས། རང་བྱུང་གི་སྒོམ་བཟང་པོ་སྐྱེས་སོ། །བླ་མ་ཡང་མཉེས་ནས། འདི་ཡང་སྡུག་པའི་སེམས་ཁྲལ་དེ་རང་གི་ཕ་མས་སྡིག་པ་དག་ཟིན། གསུངས་ནས་འགུར་འདི་གསུངས་སོ། །ཁྱོད་ད་རུང་ཉོན་དང་པེ་ཏ་མ། །ཆོས་ལ་སྣང་པ་མ་ལོགས་ཙ། །སྡུག་ལ་ཟང་རྒྱུ་ཡོད་པ་ཡིན། །མི་ལ་ངན་པ་མ་བརྗོད་ཙ། །རང་ལ་ལྷ་བཞིན་མཐོང་བ་ཡིན། །གཞན་ལ་བསམ་པ་མི་ངན་ན། །རང་གིས་བསོད་ནམས་འཕེལ་བ་ཡིན། །ཚེ་འདི་ལ་ཞེན་པ་མ་ཆེ་ན། །ཕྱི་མ་བདེ་ཞིང་སྐྱིད་པ་ཡིན། །རང་མཐོ་ང་རྒྱལ་མ་སྐྱེད་དང་། །གཟུགས་བཟང་ཡིད་འོང་ཐོབ་པ་ཡིན། །སེམས་ཉིད་རང་གཤིས་སྐྱོང་ནུས་ན། །སངས་རྒྱས་མྱུར་དུ་ཐོབ་པ་ཡིན། །འཚམས་དང་སྨྲ་བ་བཅད་པ་ན། །མཁའ་འགྲོའི་བྱིན་བརླབས་འཁོར་བ་ཡིན། །ལུས་ལ་སྐྱིད་འདོད་མེད་པ་ན། །རྣམས་སྨིན་སྒྲིབ་པ་འབྱང་བ་ཡིན། །སྒོམ་ཡུན་ཤི་དང་སྙོམས་ནུས་ན། །ཡང་རྒྱལ་དགུང་དང་མཉམ་པ་ཡིན། །སེམས་ལ་ནོག་འཁྲི་མེད་མི་འདའ་ན། །དཔའ་བོ་དཔའ་མོའི་བསུ་བ་ཡིན། །བྱེད་སྤྱོད་ཆོས་དང་སྟུན་ཤེས་ན། །ཆོས་སྤྱོད་དཔའ་བོའི་བསྲུང་བ་ཡིན། །བླ་མ་རྗེ་ལ་གསོལ་བཏབ་ན། །བྱིན་བརླབས་དངོས་གྲུབ་འབྱུང་བ་ཡིན། །ཁྱོད་ཤེས་པར་གྱིས་ལ་ཉམས་སུ་ལོང་། །དུས་ཀུན་དུ་བདེ་སྐྱིད་དཔལ་ལ་སྤྱོད། །
(༡༨༠)ཅེས་གསུངས་པས། ལས་འབྲས་ཀྱི་ཆོས་མང་དུ་གསུངས་པས། པེ་ཏ་མ་ལ་ངེས་ཤེས་སྐྱེས་ཏེ། ཆོས་ཅིག་མ་ནུས་ན་པའི་གངས་གིས་ཀྱང་སྐྱིད་ཐོབ་པར་མ་རེད། ཟེར་བའི་རྟོགས་ལྡན་མ་བཟང་མོ་ཅིག་བྱུང་ངོ་། །དེ་ཐམས་ཅད་ཕ་མའི་དྲིན་ལན་བསབ་པའི་སྐོར་རོ། །དེ་ནས་བཅུ་གཅིག་པ་སྤྱོད་པ་ཆེ་བས་ཡོན་ཏན་ནི། །ཉིན་རེ་ཡང་སྤྲུལ་པའི་གཟུགས་མང་དུ་མཛད་དེ། །སྤྱིལ་པོའི་ནང་ན་བསྒོམ་ཡིན་བཞུགས་པ་དང་། ཐེག་རིང་པོའི་སྒོམ་ཆེན་ཚོ་ལ་ཆོས་གསུངས་པ་དང་། ལྷས་ཡུལ་དུ་ལྷས་གདན་དྲངས་ནས་ཆོས་གསུངས་པ་དང་། ལྷ་འདྲེ་དང་མི་མ་ཡིན་ལ་ཆོས་གསུངས་པ་དང་། སྨན་དང་ཡུལ་ས་རྣམས་ལ་འགུར་བྱེད་པ་དང་། བྲིང་དུ་ནག་ལ་མེ་ཤོར་བས་གསོད་པ་དང་། སྙེ་ནམས་ཏུ་ཟམ་པ་ཆུལ་ལྷུང་བ་འདོན་པ་དང་། དུད་འགྲོའི་གནས་སུ་ཆོས་གསུངས་པ་ལ་འབྱོན་པས། གོ་ནུས་རེ་རེ་ཙམ་མིན་པ་མ་བྱུང་། ཡི་དྭགས་ཀྱི་གནས་སུ་ཆོས་གསུངས་པ་ལ་བྱོན་པས། ཆོས་མི་གོ་བ་སེར་སྣས་གདུངས་ཤིང་བཤུགས་པ་བྱེད་ཡིན་བྱུང་བ་ལ་ཆུ་སྦྱིན་མཛད། དམྱལ་བའི་གནས་སུ་བྱོན་པ་ལ། ཆོས་ཀྱི་སྣང་བ་ཡིད་ལ་མི་བྱེད་པར་འདུག་པས། ཐུགས་ཆད་དེ། ཨ་ཙ་མ་སྡིག་པའི་རྣམས་ནུས་པ་དེ་འདྲ་ཅིག་འདྲ་ཟིན་དགོངས་ནས་སྤྱན་ཆབ་མང་པོ་ཤོར་བས། ཆོས་གྲ་ཅིག་ན་རས་པ་རྣམས་དང་ཡོན་བདག་རྣམས་ཁ་འཆམས་ཏེ། ངེད་ལ་དྲིན་ཆེ། ངེད་ལ་དྲིན་ཆེ་བ་ཟེར་བ་མང་པོ་བྱུང་བས། རས་ཆུང་བས་ཞུས་པས། ཉིན་ཅིག་ཚེས་གྲངས་དུས་ཚོད་བཟང་པོ་ཐམས་ཅད་ལ་ཅིག་ལ་སྤྲུལ་པ་འདི་ཚན་མཛད་པ་ཅིག་ལགས་ཞུས་
(༡༨༡)པས་ཁྱེད་རྣམས་སེམས་ཆུང་བ་ཡིན། ངས་མ་སོང་བ་དང་མ་བྱས་པ་མེད་གསུང་ཡིན་རེས་བཤུམས། རེས་བཞད་རེས་ཐེ་ཙོམ་མི་མཛད། རས་སྤྱན་ཧྲིག་ཧྲིག་མཛད་ཡིན་འདུག་ཙ། ལྷའི་བུ་དང་ལྷའི་བུ་མོ་མང་པོས་བཀའ་དྲིན་ཆེ་ཟེར་ཡིན་མེ་ཏོག་འཐོར་བ་མཐོང་། ཡུལ་ལྷ་གཉན་པོའི་གཟུགས་མེད་པའི་སྒྲ་སྐད་ཀྱི་སྐུ་དྲིན་ཆེ་ཟེར་བ་དང་། ཁར་སང་གི་འགུར་དེ་འདྲ་གསུངས་དང་ཟེར་བའི་སྒྲ་སྐད་ཡང་ཐོས་པས་རས་པ་རྣམས་ཀྱི་རྒྱུ་རྐྱེན་ཅི་ལགས། ཡང་ཡང་དུ་ཞུས་པའི་ལན་དུ་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། བླ་མས་བྱིན་བརླབས་ལུས་ལ་ཞུགས། །ལུས་སྒྱུ་འཕྲུལ་གྲུབ་པ་སྤྲུལ་པའི་སྐུ། །བླ་མའི་བྱིན་བརླབས་ངག་ལ་ཞུགས། །ངག་ཀླུ་དབྱངས་ལེན་པའི་གདམ་ངག་སྟོན། །བླ་མས་བྱིན་བརླབས་སེམས་ལ་ཞུགས། སེམས་རྟོག་པ་འགྲུབ་པའི་སངས་རྒྱས་འགྲུབ། །ད་མེས་མི་འཚིག་ཅིང་ཆུས་མི་འཁྱེར། །སྤྱོད་པ་གླང་ཆེན་འགྲོས་ཀྱི་གར། །དག་པའི་འགྲོ་བ་ཐམས་ཅད་ལ། །ཐ་དད་ཀྱི་སྣང་བ་སོ་སོ་ལ། །ངས་སྐུ་མཐོང་གསུང་ཐོས་ཤིང་། །བསོད་ནམས་བསགས་པའི་ང་མཐོང་གྲོལ། །མ་དག་འགྲོ་བ་ལས་ངན་ལ། །ང་ཡི་ལུས་ཡང་མ་མཐོང་ཞིང་། །སྡིག་པའི་སྡུག་བསྔལ་སྤྱོད་པ་ལ། །སངས་རྒྱས་མཐུ་ཡིས་མ་ཕན་པ། །དེ་ལ་ཡི་མུག་དུ་བྲོད་སྐྱེས། །ཁྱེད་རྣམས་ཆོས་ལ་འབུངས་ཤིག་ཨང་། །ངས་ནི་བཤད་ཚུག་ཐུབ་པ་མེད། །ཨ་ཙམ་སྡིག་ཅན་རྣམས་སྙིང་རེ་རྗེ། །ལོག་སྤྱོད་མཁན་རྣམས་ཐར་མཐའ་མི་གདའ་ན། །སྡུག་བསྔལ་མཐོང་བས་སྙིང་བརླུང་ལྡང་། །དེ་རང་ཚོ་སྒོམ་ཡུན་སྲིང་ཤིག་ཨང་། །ཚེ་འདི་ཅུག་བྱེད་མ་བསམ་པར། །ཕྱི་མར་ཅུག་ཡོང་བསམ་པ་གྱིས། ཅེས་གསུངས་པས། རས་ཆུང་བ་དང་། རས་པ་རྣམས་ཀྱིས་དེ་རྒྱུ་རྐྱེན་ཅི་ལགས། སྤྲུལ་
(༡༨༢)པའི་རྣམ་པར་འགྲོ་བ་ཐམས་ཅད་གཟིགས་ལས་ཆེ་བས། སྡུག་གང་ཆེ། བདེ་བ་གང་ཆེ། བདེ་སྡུག་གཉིས་ལྟ་བུས་སྒྱུར་བར་གདའ་ལགས། རིགས་དྲུག་གི་སེམས་ཅན་ལ་ཚད་ཟིན་པ་ཨེ་འདུག་ཞུས་པས། རིག་དྲུག་ལ་ཚད་གར་ཟིན་གསུངས་པས། །གསུངས་འབྱོན་དུ་མ་ཉན་པ་དང་། རས་ཆུང་བས་མི་གསུངས་པར་འདུག་བསམ་པས། ངེད་རྣམས་སྐལ་བ་བཟང་བའི་བླ་མ་དང་འབྲེལ་བས་ཐུགས་རྗེས་གཟིགས་སུ་གསོལ། ཞེས་ཞུས་པས། འོ་ན་མཎྜལ་ཕུལ་ཅིག་གསུངས་པས། མཎྜལ་མང་དུ་ཕུལ། ཕྱག་མང་པོ་རྩོལ་མེད་དུ་འཚལ་བས། ད་སྡོད་ལ་ངའི་ཀླུ་འགུར་འདི་ལ་ཉོན་གསུངས་སྟེ། དང་པོར་ལྷའི་རྒྱུ་འབྲས་འདི་འགུར་འདི་གསུངས་སོ། །བཀའ་དྲིན་བླ་མ་རྗེ་ལ་གསོལ་བ་འདེབས། །བྱིན་བརླབས་བླ་མ་རྗེ་ལ་གསོལ་བ་འདེབས། །བྱིན་བརླབས་སེམས་ཅན་ཡོངས་ལ་ཁྱབ་པར་ཤོག །འཇིག་རྟེན་ལྷའི་བདེ་བ་ཡང་། །གཡེར་ནི་ལྷ་གཡག་བཞིན་དུ་ཆ་ཡིན་འདུག །སྐད་ནི་གཡུ་འབྲུག་བཞིན་དུ་ཆེར་གྲགས་ཀྱང་། །དེ་ལ་སྙིང་པོ་མི་འདུག་སྟེ། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །བཟང་ངན་ཡིད་ལ་མི་དྲན་ཅིང་། །འདུ་ཤེས་རྨུག་བས་ཚོར་བ་མེད། །དེང་སང་དབང་པོའི་རྒྱལ་པོ་བཞིན། །བསྐལ་པ་མང་པོ་གྲང་རྩིས་ཡང་། །སྐད་ཅིག་ཙམ་ཅིག་མ་གཏོགས་པའི། །དེ་ལ་སྙིང་པོ་ལོ་མ་མཆིས། །ལྟུང་དུས་བསམ་ངན་སྐྱེས་ནས་ལྟུང་། །དེའི་རྒྱུ་རྐྱེན་གནས་ལུགས་ནི། །སྟོང་ལྟ་ཁ་ལྷ་སྐམ་པོ་འབྱུང་། །གཟུགས་ཁམས་གནས་རིགས་བཅུ་བདུན་ནི། །གཙང་མ་རིག་ལྔ་རང་སོ་སྟེ། །འོག་མ་བཅུ་གཉིས་ལྟུང་བ་ཡང་། །རྒྱུ་འབྲས་བསོད་ནམས་མ་ཟད་པར། །དེའི་བདེ་བ་སྤྱོད་བྱེད་ཡང་། །ཉོན་མོངས་
(༡༨༣)ཚོར་བ་མྱོང་བ་བཞིན། །ལོ་གྲངས་སྐལ་གྲངས་མང་རྩིས་ཡང་། །བདེ་བ་འཁྲིགས་ཞེན་ཡུན་མི་ཚོར། །ཡིད་བདེ་བསམ་ངན་སྐྱེ་ཡིན་ལྟུང་། །ལྟུང་བའི་རྟགས་དང་ངར་སྒྲ་ཡིས། །ལྟུང་ཁར་སེམས་ལ་སྡུག་བསྔལ་ཆེ། །ཆོས་ལ་བདེན་པར་མི་བསམ་པས། །ཐར་མེད་གནས་སུ་སྡུག་བསྔལ་སྤྱོད། །དེ་འདྲ་མཐོང་ཙ་སྙིང་རླུང་ལྡང་། །རྒྱལ་ཆེན་རིག་བཞིའི་ལྷ་རྣམ་ཡང་། །སུམ་བཅུ་རྩ་གསུམ་རང་སོ་སྟེ། །འོག་མ་ཐམས་ཅད་གོང་བཞིན་ལྟུང་། །དེའི་རྒྱུ་རྐྱེན་རྣམ་སྨིན་ཡང་། །ཕྱོགས་ཆ་ཅན་གྱིས་དགེ་བ་དང་། །ཞེ་འཛིན་ཅན་གྱི་སྒོམ་ཆེན་དང་། །ཆོས་བརྒྱད་བསྒྲིགས་པའི་ཆོས་སྤྱོད་རྣམས། །ཁས་ཡག་ཡགས་སྨྲས་ཡང་སེམས་མ་དག །ས་བོན་ཀུན་གཞིའི་བག་ཆགས་ལུས་པ་དེ། །ཡུན་སོ་ངོ་ཙ་བསམ་ངན་སྐྱེས། །བསན་ངན་སྐྱེས་དུས་བསོད་ནམས་ཟད། །བསོད་ནམས་ཟད་པས་མྱུར་དུ་ལྟུང་། །ལྟུང་བྱེད་ལྷའི་སྡུག་བསྔལ་ལ། །ཞིབ་ཏུ་བཤད་ན་སྣང་བ་འཁྲུག །དེ་གོ་བར་མཛོད་ལ་སྒོམ་ཡུན་སྲེངས། །ཅེས་གསུངས་པས། རས་ཆུང་བསྐྱོད་ཕྱོད་ཀྱི་སོང་བས། བླ་མ་ལགས། ལྷ་མ་ཡིན་ལ་སྡུག་བསྔལ་ཅི་ཙམ་འདུག་ཞུས་པས། ཡང་འགུར་འདི་གསུངས་སོ། །བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །བྱང་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལྷ་མིན་སྡུག་བསྔལ་མི་ཆེར་རྒྱུ། །སྡུག་སེམས་འཁྲུག་པས་རང་གཞན་བརླབ། །སེམས་ཉིད་འཁྲུག་པས་རང་མགོ་འཁོར། །ཚོར་བ་ངན་པས་འདུ་ཤེས་རགས། །གང་སྣང་དགྲ་རུ་ལེན་པ་ལ། །བདེ་བ་སྐད་ཅིག་ཡོངས་ཐབས་མེད། །ལས་ངན་རང་སྲོག་མི་འཕངས་པར། །གཞན་ལ་ཕན་པ་སྐྱེས་པར་དཀའ། །རྩོད་པ་ལས་ཀྱི་འཁྲུག་འཁྲུགས་པ། །ད་རུང་ཁ་ལ་མི་ཉན་འདྲ། །དེའི་རྒྱུ་
(༡༨༤)རྐྱེན་བཤད་ན་ཡང་། །རང་བདེ་གཞན་སྡུག་འདོད་པ་དང་། །གཉེན་ལ་བྱམས་ཤིང་དགྲ་ལ་སྡང་། །རང་རྒྱལ་རང་མཐོང་སྤྱོད་པ་རྣམས། །ལས་ངན་དབང་གི་ལོག་པར་སྐྱེས། །ལུས་ངན་བླངས་པས་སྡིག་ལ་དགའ། །རྣམ་སྨིན་ངན་པས་འགྲོ་ལ་སྡངས། །ཡིན་པ་མིན་ཏེ་འཐབས་ལ་དགའ། །ཁྱེད་འདིར་འཚོགས་སྒོམ་ཡུན་ཤི་དང་སྙོམས། །ཅེས་གསུངས་པས། ཡང་ཞུས་པས། བླ་མ་ལགས། ལས་རྒྱུ་འབྲས་ཕྲའུ་རེ་དེ་ལྟར་སོང་ན་རང་མི་ཚོ་ཡང་ཐར་བར་དཀའ། ཚིག་རེའི་ཡགས་ཉེས་དང་གོང་འོག་དུམ་པ་རེ་མི་འདོད་པའི་མི་སྲིད་པར་འདུག་པས་ཅུག་བྱེད་པ་ཞུས་པས་འགུར་འདི་གསུངས་སོ། །རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །ལྷོ་བྲག་མར་བའི་ཞབས་ལ་འདུད། །འོ་སྐོལ་འགྲོ་བ་མིའི་ལུས། །དགེ་སྡིག་གང་སྤྱང་ནུས་པ་ཆེ། །དེ་ཁམས་དྲུག་ཚངས་པའི་རང་ནུས་ཡིན། །ཁྱོད་མཁས་པར་ཤེས་ཟེར་རས་ཆུང་བ། །འགག་དང་གནད་མིག་མི་ཤེས་ན། །མང་པོ་ཤེས་ཟེར་འཆལ་བ་ཡིན། །སེམས་ཀྱི་རྩ་བ་མ་རྟོགས་ནས། །ལོ་མང་པོ་བསྒོམ་ཟེར་རྫུན་མ་ཡིན། །ཞིང་དང་བསམ་པ་མ་འབྲེལ་ན། །རྒྱུ་མང་པོ་བཏང་ཡང་ཆུད་ཟོས་ཡིན། །ཕྱོགས་མེད་ཀུན་ལ་མ་ཕན་ན། །འགྲོགས་བཟང་མཆོད་པ་ཁ་ལན་ཡིན། །གང་ལ་གང་འགྲོ་མི་ཤེས་པའི། །གླེན་པ་དྲངས་གཏམ་སྨྲས་པ་ལྟུང་གཞི་ཡིན། །གང་ལ་གང་ཕན་ཤེས་པ་ན། །མཁས་པས་རྫུན་དུ་སྨྲས་པ་དགེ་བ་ཡིན། །ང་ལ་རྒྱུ་མེད་ཟེར་བ་ན། །རྨོངས་པས་རྨོངས་གཏམ་ཡོངས་ལ་གནོད། །དག་པ་སེམས་ལ་ཤར་བ་ན། །ས་རྡོ་རྩི་ཤིང་དགེ་བའི་རྒྱུ། །ལར་བསམ་ཤེས་ལ་མི་ཡི་ལོད་པ་མེད། །ཟ་འདོད་ལ་ཁྱི་ཡི་ལྟོགས་པ་མེད། །ཁྲེལ་
(༡༨༥)མེད་དབོན་བས་འཇིགས་པ་མེད། །ཕྱུག་པོ་ཐམས་ཅད་ཡོད་སྡུག་ཡིན། །དབུལ་པོ་ཐམས་ཅད་མེད་སྡུག་ཡིན། །ཡོད་མེད་གཉིས་ཀ་སྡུག་བསྔལ་ཡིན། །བུ་ཆོས་ནུས་ན་སྐྱིད་དང་མཇལ་ནས་ཡོད། །དེ་གོ་བར་མཛོད་ལ་ཡུན་དུ་སྒོམས། ཅེས་གསུངས་པས། རས་ཆུང་བས་མིའི་རྒྱུ་མཚན་ཡང་གསུང་རེ་རེ་གོ་བར་ཡིན་འདུག །ལར་ངན་སོང་གི་ལས་འདི་རྣམས་རྒྱུ་རྐྱེན་ཅི་ལགས་ཞུས་པས། ཡང་འགུར་འདི་གསུངས་སོ། །སྐྱབས་བླ་མ་རྣམས་ལ་གསོལ་བ་འདེབས། །ངན་འགྲོའི་འཇིག་པ་སེལ་བར་བྱིན་གྱི་རློབས། །ཤ་ཁྲག་ཟས་སུ་ཟ་བྱེད་ཅིང་། །གསོད་གཅོད་ལས་སུ་སོང་བ་རྣམས། །ཚ་དམྱལ་བརྒྱད་དུ་སྐྱེ་བར་འགྱུར། །ཆོས་ལ་ལོག་ལྟར་མ་སྐྱེས་ན། །ཐར་བའི་གནས་སྐབས་བཤད་པ་ཡིན། །སྐལ་པ་ལོག་པ་འགེལ་བྱེད་ཅིང་། །སྐུར་བ་ངན་པ་འདེབས་བྱེད་ན། །ཞལ་ལྕེ་ལོགས་ཁྲིམས་སྤྱོད་པ་ན། །རོ་མྱག་འདམ་དང་མེ་མུར་འོབ་ནང་། །རལ་གྲི་ལོ་མས་གཅོད་པར་འདུག །ཁས་བླངས་ཚུལ་ཁྲིམས་ཉམས་པ་རྣམས། །དམ་ཚིག་ཆད་པས་ཕོག་པ་ནས། །ཤལ་མ་རི་དང་མེ་འོབས་ནང་། །ནགས་རི་ཅན་དང་ཆུ་ཚན་ནང་། །སྲེག་ཅིང་སྡུག་བསྔལ་སྦྱོང་བར་འདུག །དཀོན་མཆོག་ཡིད་ལ་དྲན་སྲེད་ན། །ནམ་དྲན་དུས་ན་ཐར་དུས་བསྟན། །ལས་ངན་ཡང་ཡང་སྤྱད་སྤྱད་པས། །སྡིག་སེམས་ལོག་པའི་ལས་དབང་གིས། །རང་ཉིད་བདེ་བ་འདོད་པའི་ཕྱིར། །ཕ་མ་སློབ་དཔོན་གསོད་བྱེད་ཅིང་། །དཀོན་མཆོག་ཀོར་ནོར་འཕྲོག་བྱེད་ཅིང་། །སྐུར་བ་ལོག་པས་ཚིག་རྗེ་སྨྲས། །ཆོས་ལ་བདེན་པ་མེད་ཟེར་བ། །མནར་མེད་དམྱལ་བར་བསྲེག་པར་བྱེད། །འདི་ལ་ཐར་བ་མེད་པར་གསུངས། །བུ་བསམ་ཤིང་སྙིང་རླུང་ལྡང་བར་ཡོད། །བློ་ཆོས་ལ་གཏོད་ལ་འབུངས་ལ་སྒོམ། །ཅེས་གསུངས་པས། རས་ཆུང་བ་དང་དེར་བཞུགས་པའི་རས་པ་རྣམས་པ་སྤུ་ཚ་
(༡༨༦)ཟིངས་ཀྱིས་སོང་སྟེ། དེ་འདྲ་གསུངས་པ་ལ་འཇིགས་ཡིན་འདུག་པ་ལ། དེར་སྐྱེས་པའི་སེམས་ཅན་ཇི་ཙམ་འཇིགས་ན་ཞུས་པས་ཡང་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ངན་འགྲོའི་འཇིག་པ་སེལ་བར་ཐུགས་རྗེས་ཟུང་། །དམྱལ་བ་རང་སྲོག་གཅོད་སྤྲོ་བ། །འཇིགས་ཤིང་བྲོས་པའི་ཐར་ཐབས་མེད། །ཡིད་བཏགས་སྣང་བ་དགྲར་ལངས་པའི། །གང་ལ་བསྐྱབས་ཤིང་གང་ལ་བྲོས། །དུད་འགྲོ་གཅིག་གི་གཅིག་ཟ་བའི། །སུ་ཡི་ལེ་ལན་སུ་ལ་རྩོད། །ཁྱད་པར་ཡིད་བཏགས་སྡུག་བསྔལ་དེ། །བསམ་ངན་སེར་སྣ་ཅན་གྱི་ལངས། །ཡོད་དུས་དགེ་བ་མི་ཤེས་ཤིང་། །འབུངས་བ་རང་གི་ཟ་མི་ཕོད། །མི་ལ་སྟེར་བ་མི་སྲིད་ཅིང་། །ཡང་ཡང་བལྟ་ཞིང་སོགས་པ་ཡིས། །བྱི་བ་བཞིན་དུ་ཆོག་ཤེས་མེད། །རང་གི་སྡུག་བསོགས་གཞན་གྱི་སྤྱོད། །འཆི་དུས་སེར་སྣས་སྣང་བས་འཆི། །བར་དོ་ཡི་དྭགས་སྣང་བ་སྐྱེ། །སྣང་ལོག་ལས་ཀྱིས་བཀྲེས་སྐོམ་སྤྱད། །གལ་ཏེ་གཞན་གྱི་བདེ་སྤྱོད་མཐོང་སྲིད་ན། །དེ་ལ་སེར་སྣས་གདུག་སེམས་སྐྱེ། །དེ་ཡི་ལས་ཀྱི་ཡང་ཡང་ལྟུང་། །ང་སྙིང་རུས་བྱས་པའི་སྒོམ་ཆེན་གྱི། །ཡིད་བཏགས་ཀླུ་རུ་བླངས་པ་ཡིན། །འདིར་བཞུགས་རས་པ་བུ་སློབ་རྣམས། །གཏམ་གོ་བར་བྱུང་ན་སྒོམ་ཡུན་སྲངས། །ཅེས་གསུངས་པས། རས་ཆུང་བས་ཞུས་པ། འགུར་མ་དེ་རྣམས་རང་ཕན་པ་ཅིག་བྱུང་། ད་རུང་དུད་འགྲོ་འདི་རྣམས་རྒྱུ་རྐྱེན་གང་གིས་འཁྲུལ་ལགས། ཞུས་པས། ཡང་འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ངན་འགྲོའི་འཇིགས་པ་སེལ་བར་ཐུགས་རྗེས་ཟུང་། །དུད་འགྲོ་མི་ཤེས་གཏི་མུག་པ། །བླུན་པོ་བུངས་ཤིག་དུད་འགྲོའི་ལས། །མ་རིག་ལས་ངན་ནུས་པ་ཡིས། །ཆོས་ལ་བདེན་
(༡༨༧)པ་མ་རྟོགས་ཤིང་། །དགེ་སྡིག་བཟང་ངན་མ་ཕྱེད་པས། །ཕྱམ་ཕྱམ་ལས་ལ་མི་ཚེ་འདས། །རྟགས་དང་རྟོགས་དཔྱོད་མི་ཤེས་ཤིང་། །ཧ་རེ་ལོངས་བཞིན་རྨུགས་སྤྱོད་མང་། །དགེ་བ་སྡིག་པ་མ་ཤེས་པས། །བསྙོན་པ་བཞིན་དུ་ཕུང་ཉེས་སྤྱོད། །དབུག་འབྱུང་དབང་པོ་མ་སྐྱེས་པའི། །དེ་ལ་བཟང་པོ་ཡིན་ཞེས་འཁྲུལ། །ལར་མི་ཤེས་སྡིག་པ་གསོད་གཅོད་རྣམས། །གཅན་ཟན་དུད་འགྲོར་སྐྱེ་བར་མཆིས། །བསང་ངན་མེད་པས་བླུན་པོ་རྣམས། །ཕལ་པའི་དུད་འགྲོར་སྐྱེ་བར་མཆིས། །བསམ་པ་རྨོངས་པའི་སྐྱེ་བོ་རྣམས། །བུའུ་ཡི་དུད་འགྲོར་སྐྱེ་བར་མཆིས། །ལར་དུད་འགྲོའི་རྣམ་སྨིན་ལས་རྣམས་ལ། །བཤད་པས་ལངས་ཐབས་མི་གདའ་བས། །མགོ་བོ་ཁུག་ལ་རང་སེམས་རྩལ་སྦྱོངས་གྱིས། །ཅེས་གསུངས་པས། དེར་འཚོགས་པའི་བུ་སློབ་ཡོན་བདག་རྣམས་ན་རེ། བླ་མས་ཆོས་ཅིག་གསུངས་པ་ལ་འགུར་དང་ཀླུ་རང་མཛད་པ་ཅི་ལགས། ཞུས་པས། བླ་མས་ཞལ་ནས། ང་རི་ཁྲོད་ན་ལྷ་འདྲེ་དང་འགྲོག་ཡུན་རིང་བས་ཀླུ་ལ་ཁོ་ཅག་ལྷ་འདྲེ་ཡང་དགའ། ང་ཡང་ཀླུ་རང་ལེན་སྙིང་འདོད། ཅེས་གསུངས་པས། ཀླུ་རང་ལེན་སྙིང་འདོད་པ་དེ་ཅི་ལགས། གསུང་བར་ཞུ་ཞུས་པས། ཡང་འགུར་འདི་གསུངས་སོ། །རྗེ་བླ་མའི་སྐུ་དྲིན་ཡང་ཡང་དྲན། །སྣང་དགའི་ཀླུ་ཆུང་གི་དྲིན་ལན་འཇལ། །སྦང་སེར་པོ་རིའི་ལོག་ཤེད་ན། །ཤ་རྒྱས་པའི་རི་དྭགས་ཀླུ་དབྱངས་ལེན། །དབྱར་མེ་ཏོག་སེར་པོའི་ཟེའུ་འབྲུ་ལ། །རྩི་རྒྱས་པའི་བུང་བའི་ཀླུ་དབྱངས་ལེན། །དགུང་སྔོན་པོ་འབྱུང་བ་སྙོམས་པ་ལ། །དྲོད་ཤར་བའི་གཡུ་འབྲུག་ཀླུ་དབྱངས་ལེན། །གཡའ་སྤངས་རུག་པའི་གཡུ་ལོ་ལ། །ཁམས་རྒྱས་
(༡༨༨)པའི་ན་ཆུང་ཀླུ་དབྱངས་ལེན། །གྲོང་ཁྱེར་ཕྱུག་པོའི་སྒོ་འགྲམ་ན། །ཟ་འདོད་པའི་འཇམ་པ་ཀླུ་དབྱངས་ལེན། །མི་ཤི་བའི་བའི་རོའི་མགོ་བོ་ཅན། །ནོར་འདོད་པའི་བན་བོན་ཀླུ་དབྱངས་ལེན། །རི་ན་འུན་ཅན་གྱི་རི་ཁྲོད་ན། །ཉམས་ཤར་བའི་རྣལ་འབྱོར་ཀླུ་དབྱངས་ལེན། །ཀླུ་ཁོང་ན་སྐྱོབ་དབྱངས་སུ་བླངས། །ཉམས་རིག་པ་དང་བས་སེམས་ཉིད་བདེ། །སོ་སྙིང་ནས་གནག་པས་ཅི་བསམ་འགྲུབ། །བློ་གང་བྱུང་ལྡན་པས་སྐྱིད་པར་བྱུང་། །ཅེས་གསུངས་པས། དེར་བཞུགས་པའི་རས་པ་རྣམས་ངེས་ཤེས་དང་། །སྐྱེ་ཤེས་དང་ཞེན་ལོགས་དང་སྙིང་རུས་དང་། སྡུག་བསྲན་དང་། དད་པ་དང་། སྙིང་རྗེ་དང་། བརྩོན་འགྲུས་ལ་སོགས་པའི་ངོ་མཚར་བའི་རྟོགས་པ་རྣམས་རྒྱུད་ལས་སྐྱེས་ཏེ། དེ་གསུངས་པ་ཐམས་ཅད་སྒྱུ་འཕྲུལ་རིག་པའི་སྐོར་རོ། །དེ་ནས་ཡང་ཉིན་ཅིག་བླ་མས་གཟིམས་ཁང་ན་འོད་ཅིག་ཀྱི་ལི་ལི་འདུག །ཡང་ཉིན་ཅིག་མར་མེ་ཅིག་ལྡེམ་མེ་འདུག །ཡང་ཉིན་ཅིག་ཡོན་ཆབ་ཅིག་ལྡེམ་མི་འདུག །ཡང་ཉིན་ཅིག་ཚ་ཚ་ཅིག་ལྡེམ་མེ་ཅིག་འདུག །ཡང་ཉིན་ཅིག་སྤོས་རེང་ཅིག་ལྡེམ་མེ་འདུག །ཡང་རླུང་ཅིག་གཟིམ་ཁང་ནང་ན་གྱི་ལི་ལི་འདུག །དེ་ལ་སོགས་པའི་སྤྲུལ་བ་རྣམས་མཐོང་བས། རས་ཆུང་བས་ཞུས་པ། དེ་ལྟ་བུ་ཅི་ལགས་ཞུས་པས། འགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལུས་རྣམས་སྤྲུལ་མང་བར་ཐུགས་རྗེས་ཟུང་། །བུ་ཉོན་ཅིག་རས་ཆུང་བཞིན་ལེགས་པོ། །ང་འབྱུང་བ་ས་ལ་དབང་ཐོབ་ཙ། །ས་ཡང་ངའི་རང་བཞིན་ཡིན། །འབྱུང་བ་ཆུ་ལ་དབང་ཐོབ་ཙ། །ཆུ་ཡང་ངའི་རང་བཞིན་ཡིན། །འབྱུང་བ་མེ་ལ་དབང་
(༡༨༩)ཐོབ་ཙ། །མེ་ཡང་དེའི་རང་བཞིན་ཡིན། །འབྱུང་བ་རླུང་ལ་དབང་ཐོབ་ཙ། །རླུང་ཡང་དེའི་རང་བཞིན་ཡིན། །ནམ་མཁའི་སྟོང་ཉིད་མ་འབྱོར་ཙ་ན། །སྣང་སྲིད་ང་དང་དབྱེར་མེད་འདྲེས། །ལུས་སེམས་སྣང་བའི་དབང་ཐོབ་ཙ། །ཅི་ལ་སྤྲུལ་ཡང་འགྲུབ་པར་འདུག །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཁྱོད་མོས་བ་སྐྱེས་ན་གསོལ་བ་འདེབས། །རྗེ་གྲུབ་ཐོབ་རྣམས་ཀྱི་བྱིན་བརླབས་འཇུག །ཅེས་གསུངས་པས། མི་རྣམས་དེའི་དུས་ཟད་པར་ཀྱི་ཏིང་ངེ་འཛིན་བསྟན་པ་རེད་དོ། །དེ་ནས་ལྕམ་མེ་བྱ་བའི་ཡོན་བདག་མོ་ཅིག་གི་ཚོགས་འཁོར་དྲངས་ནས་བླ་མ་ལགས། ཁྱེད་ཀྱི་སློབ་མ་ལ་གྲུབ་པ་ཐོབ་པ་ཨེ་འོང་ཞུས་པས། བླ་མའི་ཞལ་ནས། མི་རྣམས་ཀྱིས་བསམ་པ་ལ་ང་ལ་མཁོས་མེད་བསམ་སྟེ། །མཁའ་འགྲོའི་ལུང་བསྟན་འདི་སྐད་ཟེར་ནས་འགུར་འདི་གསུངས་སོ། །བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འགྲོ་དོན་ལྷུན་གྱི་གྲུབ་བར་བྱིན་གྱི་རློབས། །མཁའ་འགྲོའི་ལུང་བསྟན་སྤྲུལ་པའི་སྐུ། །དག་པོའི་ཉི་མ་འགྲོ་ལ་ཤར། །རས་ཆུང་ཟླ་བ་སྤྲུལ་པའི་སྐུ། །སྒོམས་སྟགས་ཇོ་དར་ཞི་བ་འོད། །འབྲི་སྒོམ་ལ་སོགས་ཉི་ཤུ་ལྔ། །འགོས་བྱས་མ་དང་མཁའ་འགྲོས་གསུང་། །གྲུབ་ཐོབ་ལྔ་དང་རྟོགས་ལྡན་བརྒྱད། །རང་བྱུང་ཉམས་ཤར་བརྒྱ་རྩ་བརྒྱད། །ཆོས་མཐུན་སྟོང་རྩ་ཡོད། །ཆོས་འབྲེལ་ཐོགས་པ་ཁྲི་འབུམ་སྟེ། །ལག་ལེན་སྐྱོང་བ་རེ་རེ་འདུག །ཁྱེད་འདི་རྟོག་འབྱེད་པ་བགས་ཆགས་བཟང་། །ཅེས་གསུངས་པས། ཨ་ལ་ལ་མང་པོ་ཡོད་པར་འདུག་ཟེར་ཡིན། ཕྱག་མང་པོ་འཚལ་བ་ལ་སྣང་བར་འགྱུར་ཏེ། ཆོས་དང་མཐུན་པའི་སློབ་མ་ཅིག་ཏུ་གྱུར་ཏོ། ཚོགས་གྲལ་དེ་ནས་ཕྱོགས་
(༡༩༠)ཕྱོགས་སུ་རི་ཁྲོད་ལ་འགྲོ་ཟེར་བའི་བུ་སློབ་རྣམས་འགའ་བྱུང་བ་ལ། འགུར་འདི་གསུངས་སོ། །ལྷོ་བྲག་མར་པའི་ཞབས་ལ་གསོལ་བ་འདེབས། །མོས་གུས་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཁྱོད་རི་ཁྲོད་འགྲིམ་པའི་སྒོམ་ཆེན་རྣམས། །ཉིན་མཚན་མེད་པར་ཉལ་བ་ལ། །གདེང་དང་ལྡན་པའི་གདམ་ངག་དགོས། །གདམ་ངག་མེད་པའི་རི་ཁྲོད་དེ། །རྣལ་འབྱོར་སོ་བའི་གསེབ་ཏུ་འཆོར། །ཤེས་རབ་མེད་པའི་སྒོམ་ཆེན་དེ། །བླུན་པོ་རྫུན་གྱི་མགོ་སྐོར་བས། །རྣལ་འབྱོར་བ་ལང་གསེབ་ཏུ་འཆོར། །ལྟ་བ་མེད་པའི་སྒོམ་ཆེན་དེ། །ཁ་ལྟ་སྐམ་པོས་ཆོས་བཤད་པས། །རྣལ་འབྱོར་ཤན་པའི་གསེབ་ཏུ་འཆོར། །སྒོམ་པ་མེད་པས་ཕོ་ཚོད་ཀྱིས། །རྫན་རྫུན་སྨྲ་རྒྱུ་མང་བ་དེས། །རྣལ་འབྱོར་རྫུན་མས་གསེབ་ཏུ་འཆོར། །རང་གྲོལ་ནང་ནས་མ་སྐྱེས་པའི། །ཐོ་ཆོ་བརྟུལ་ཞུགས་སྤྱོད་པ་དེ། །རྣལ་འབྱོར་སྨྱོན་པས་གསེབ་ཏུ་འཆོར། །ལྷ་གྲོགས་ལ་དམ་ཚིག་བསྲུང་པ་ལ། །ངོས་རྐོག་མེད་པའི་ཚིག་སྤྱོད་དགོས། །དེའི་གདམ་ངག་མེད་པ་ན། །རྣལ་འབྱོར་འབྱུང་པོའི་གསེབ་ཏུ་འཆོར། །གཙང་རྩོག་མེད་པར་སྤྱོད་པ་ལ། །ཉམས་ང་མེད་པའི་གདེངས་ཤིག་དགོས། །དེའི་གདམ་ངག་མེད་པ་ན། །རྣལ་འབྱོར་ཁྱི་ཕག་གི་གསེབ་ཏུ་འཆོར། །རོ་སྙོམས་ལྡོམ་བུ་བྱེད་པ་ལ། །འགྲོ་ཉལ་བྱེད་མེད་ཀྱིས་སྒོམ་ཅིག་དགོས། །དེའི་གདམ་ངག་མེད་པ་ན། །རྣལ་འབྱོར་སྤྲང་པོའི་གསེབ་ཏུ་འཆོར། །བླ་མ་དམ་པ་བསྟེན་པ་ལ། །ཅི་གསུངས་བསྒྲུབ་པའི་དམ་བཅའ་དགོས། །དེའི་གདམ་ངག་མེད་པ་ན། །ཇི་ལྟར་འབུངས་པ་ཡང་ཟོལ་སོགས་ཡིན། །ཅེས་གསུངས་སོ། །དེ་རྣམས་ལྕམ་མེའི་སྐོར། ༈ བའི་ཡོན་ཏན་ནི། །རྗེ་བཙུན་འོམ་
(༡༩༡)ཆུང་དཔལ་གྱི་ནགས་སུ་བཞུགས་པའི་དུས་སུ། །དབྱར་ཁ་ཅིག་ཆར་མ་བབ་པས། ཆུ་དཀོན་པོ་བྱུང་བས་ཆུ་བརྩད་ནས་ཡོན་བདག་རྣམས་འཁྲུག་པ་བྱུང་སྟེ། གང་གི་འདུན་མ་བསྡུམ་ཡང་མ་འདུམ་པ་ལ། གཙོ་བོ་ཅིག་ན་རེ། འོ་སྐོལ་ཚོའི་འཁྲུགས་པ་འདི་སུས་བསྡུམ་ཡང་མི་འདུམ་པ། ལྷ་འདྲེ་འཁྲུག་པ་ཡིན་ལས་ཆེ། ད་འདུན་མ་འདི་རྗེ་བཙུན་ལ་ཞུས་ནས་ཡོང་ཟེར་བས། གཙོ་བོ་རྗེ་བཙུན་གྱིས་སྤྱན་སྔར་སོང་ནས་ཞུས་པ། ངས་འཇིག་རྟེན་གྱི་འདུན་མ་མི་ཤེས། ཁ་མཁས་ལྕེ་བདེའི་ཡ་བོ་མི་ཡོང་། ཁྱེ་རང་ཚོ་དེར་སྡོད་དང་། ངས་བླ་མ་ལ་གསོལ་བ་ཅིག་འདེབས་པ་གསུངས་ནས་ཆོས་འགལ་ཉེས་པ་རྒྱུ་བདུན་ལ་གཉེན་པོ་རིམ་པ་བདུན་གྱི་མགུར་མ་འདི་གསུངས་སོ། ༈ །ཡོན་ཏན་ཕུན་ཚོགས་དཔལ་གྱི་རི། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །སྒྲ་བསྒྱུར་ལོཙྪ་ཆེན་པོ་ལ། །ཞབས་ལ་སྒོ་གསུམ་གུས་པས་བསྟོད། །སྤྱི་བ་དང་བར་བ་གྲོས་འདེབ་གསུམ། །ཕྱོགས་རིས་ཟུག་རྔུ་སྐྱེ་བའི་རྒྱུ། །ཕྱོགས་མེད་རང་ས་འཛིན་འདོད་ན། །གཉེར་མེད་ལྐུགས་པ་མཁྱེན་ལགས་སམ། །ཕ་ཡུལ་དང་ཟས་ནོར་ཉེ་འབྲེལ་གསུམ། །ཁམས་གསུམ་འཁོར་བར་འཆིང་བའི་རྒྱུ། །སྡུག་བསྔལ་ཆུ་བོ་སྒྲོལ་འདོད་ན། །འཁྲོ་བ་བཙན་ཚོང་མཁྱེན་ལགས་སམ། །རང་འདོད་དང་ཟོལ་ཟོག་གཡོ་སྒྱུ་གསུམ། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ། །མཐོ་རིས་ཐར་ལམ་ཐོབ་འདོད་ན། །རང་སེམས་དྲང་པོར་མཁྱེན་ལགས་
(༡༩༢)སམ། །བཤད་པ་དང་བཤེས་གཉེན་སྒྲོས་གླིང་གསུམ། །ང་རྒྱལ་འཕྲག་དོག་སྐྱེ་བའི་རྒྱུ། །དམ་ཆོས་ཉམས་སུ་ལེན་འདོད་ན། །དམན་ས་འཛིན་པ་མཁྱེན་ལགས་སམ། །ཐབས་ཀ་དང་ལས་ཀ་ངོ་བསྲུང་གསུམ། །རྣལ་འབྱོར་བསམ་གཏན་བཤིག་པའི་རྒྱུ། །གཉུག་མའི་ཡེ་ཤེས་སྐྱེ་འདོད་ན། །ཁྲལ་མེད་གདུང་ཆུང་མཁྱེན་ལགས་སམ། །དཔོན་དང་གཡོག་དང་སློབ་རིས་གསུམ། །གཡེང་བ་སེམས་ཁྲལ་སྐྱེ་བའི་རྒྱུ། །གཅིག་པུར་ཉམས་སུ་ལེན་འདོད་ན། །དཔོན་མེད་གཡོག་མེད་མཁྱེན་ལགས་སམ། །མཐུ་དང་ནུས་པ་ཐོ་ཚོགས་གསུམ། །རྣལ་འབྱོར་རང་སྲོག་སྐྱེལ་བའི་རྒྱུ། །དམ་ཆོས་མཐའ་རུ་སྐྱེལ་འདོད་ན། །འཇོན་མོའི་རྣམས་ཐར་མཁྱེན་ལགས་སམ། །ཆོས་འགལ་ཉེས་པ་རྒྱུ་བདུན་ལ། །གཉེན་པོ་རིམ་པ་བདུན་གྱི་དབྱངས། །ཉམས་ལ་ཤར་བས་བླངས་པ་ཡིན། །དགེ་བས་བྱང་ཆུབ་ཐོབ་པར་ཤོག །ཅེས་གསུངས་ནས། དེ་ནུབ་གསོལ་པ་ཆེན་པོ་བཏབ་པས། ཆར་ཞག་བདུན་ལ་བབ་སྟེ། འཁྲུག་པ་ཐམས་ཅད་རང་ཞི་ལ་སོང་། དེར་གཙོ་བོ་རྣམས་དགའ་བས། རྗེ་བཙུན་ལ་རྟའི་སྲབ་མདའ་གོས་ཡུག་ལ་བྱས་ནས་དྲིན་ལན་དུ་འབུལ་པ་མ་བཞེད་དེ། །བལ་རྐང་པ་ཏེའི་ཕུགས་ཏུ་བྲོས་ནས་བྱོན་པས་བཞུགས་ཙ། ཁུ་ཁྲོམ་དང་ཡེ་རངས་ཀྱི་རྒྱལ་ས་ན་ཆོས་རྒྱལ་ཅིག་བཞུགས་པའི་རྣ་ལམ་དུ་འཕགས་མ་སྒྲོལ་མས། ལུང་བསྟན་ཏེ། ཁྱོད་ཀྱིས་མཛོད་ན་ཡོད་བའི། ཀ་ཤི་ཀའི་རས་ཡུག་དེ་དང་། ཨ་རུ་ར་རྣམས་རྒྱལ་དེ་གཉིས་ཕལ་པོ་རྐང་པ་དེའི་ཕུག་ན། མེད་ལ་
(༡༩༣)ཡོད་པ་ལ་ཕུལ་ཟེར་བས། རྒྱལ་པོས་ཨེ་བཞུགས་བལྟས་བཏང་བ་ལ། །བཞུགས་འདུག་པ་དང་ཕུལ་བས། རས་དེ་སྐུ་ལ་གསལ། ཨ་རུ་རས་སྤྱན་ཕྱི་ཡིན་ཡོད་ཙ་རས་ཆུང་བ་སླེབ་བྱུང་བས། བླ་མ་ལགས། སྔར་མེད་པའི་ན་བཟའ་དང་སྨན་མཆོག་ཅི་ལགས་ཞུས་པས། ལྷའི་ལྷར་གྱུར་པའི་མགུར་འདི་གསུངས་སོ། ༈ །རྗེ་བླ་མའི་བྱིན་རླབས་དངོས་གྲུབ་ཤར། །འོམ་ཆུང་དཔལ་གྱི་ནགས་འདབས་སུ། །ང་བོད་ཀྱི་རྣལ་འབྱོར་བསྒོམ་པའི་དུས། །དུས་སྙིགས་མའི་སེམས་ཅན་འཁྲུག་པར་ཤོར། །ངས་བྱམས་དང་སྙིང་རྗེས་གསོལ་བ་བཏབ། །འཁྲུག་པ་རྩོད་མེད་རང་སར་ཞི། །ཁོང་དྲིན་ལན་སྐྱེལ་བའི་མི་བདུན་བྱུང་། །ང་ཟང་ཟིང་གི་བསོད་ནམས་མི་འདོད་པས། །བལ་པོ་རྐོང་དེའི་ཕུགས་སུ་འོང་། །མིའི་བདག་པོ་རིགས་ཀྱི་རྗེ། །ཡེ་རིང་ཁུ་ཁྲོམ་གྱི་རྒྱལ་ས་ན། །བཅོམ་ལྡན་འཕགས་མས་ཉེར་བཟུངས་ཏེ། །རྒྱལ་པོ་ཆོས་ཀྱི་སྤྱན་ཅན་གྱིས། །ང་བོད་ཀྱི་མི་ལ་རས་པ་ལ། །ཤིང་བལ་དཀར་འཇམ་རས་གོས་འདི། །གཏུམ་མོ་ལྷུན་གྲུབ་གྲོགས་སུ་བསྐུར། །རྣམ་པར་རྒྱལ་མཚན་ཨ་རུ་ར། །འབྱུང་བ་ནད་ཀྱི་གཉེན་པོར་བསྐུར། །ལྷའི་ལྷར་གྱུར་ཡུལ་ཕྱོགས་འདིར། །ཀུན་ཏུ་ལོ་བདུན་ནད་དང་བྲལ། །ཅེས་གསུངས་པ་དང་། རས་ཆུང་བས། ཨ་ལ་ལ་དེ་ཚོགས་སུ་ཆེ་ཟིན། ད་ཡང་སྙེ་ནམ་དུ་འབྱོན་པར་ཞུ་ཞུས་པས། དེའི་ལན་དུ་མགུར་འདི་གསུངས་སོ། །བུ་ཉོན་ཅིག་གསོན་ཞིག་རས་ཆུང་བ། །
(༡༩༤)མི་མེད་ལུང་པའི་རི་ཁྲོད་འདི། །ཕ་བླ་མ་བཞུགས་པའི་གདན་ས་ཡིན། །དུང་དུང་དུང་གི་འདོད་ཞུས་འདི། །བསྒོམ་ཆེན་སྡུག་ཐུགས་རྟགས་མཚན་ཡིན། །གྲྭ་བ་བུ་སློབ་ཨེ་མང་འདི། །དགེ་སྦྱོར་འཕུར་པའི་སྲོག་ཤིང་ཡིན། །མི་ངན་ཟ་འདོད་སློབ་མ་འདི། །ཁ་མཆུ་ཕོག་པའི་སྙད་ཚོལ་ཡིན། །ཟ་འདོད་དབང་གི་ཆོ་ག་དེ། །མ་མཁའ་འགྲོ་འཁྲུག་པའི་ཚིག་རྡོ་ཡིན། །ཁ་ལན་མང་པོའི་ཟ་མ་དེ། །སྡུག་བསྔལ་འཁྲུག་པའི་གཞི་མ་ཡིན། །གཞན་ཟས་གཤིན་པོའི་ཟ་མ་དེ། །དགེ་སྦྱོར་དཀྲུག་པའི་བཙན་དུག་ཡིན། །བུ་རང་ཟས་ཕྱེ་ཐང་ཆེན་མོ་འདི། །དགེ་སྦྱོར་གསོ་བའི་སྨན་མཆོག་ཡིན། །ཆོས་ལ་སྡུག་ཁུར་བྱེད་པ་འདི། །སྐྱིད་དང་འཕྲད་པས་སྐུལ་མ་ཡིན། །ཡེངས་མེད་རྒྱུན་དུ་བསྒོམ་པ་དེ། །བསྐལ་བ་བཟང་པོས་ཟིན་པ་ཡིན། །ཐབས་དང་སྙིང་རྗེ་བསྐྱེད་པ་དེ། །སྔོན་ནས་བསོད་ནམས་བསགས་པ་ཡིན། །མཚན་ལྡན་བླ་མ་རྙེད་པ་དེ། །འབྲེལ་བ་གོང་ནས་སོང་བ་ཡིན། །ཆོས་རྒྱལ་འཕགས་པས་མཆོད་པ་དེ། །བྱང་སེམས་ནང་དུ་བརྟན་པ་ཡིན། །མཐོང་ཐོས་ཐམས་ཅད་དད་པ་དེ། །རྟོགས་པ་སྙིང་རྗེ་རྒྱས་པ་ཡིན། །ཡིན་ལུགས་ཤེས་པའི་གླུ་དབྱངས་འདི། །དངོས་གྲུབ་གཏེར་ཁ་ཕྱེ་བ་ཡིན། །བུ་ཆུང་ནས་བསྐྱང་བའི་རས་ཆུང་བ། །སྐྱིད་ཕྱོད་དེ་མཛོད་ལ་ལྷ་ཆོས་མཛོད། །ཅེས་གསུངས་སོ། །དེ་རྣམས་འོམ་ཆུང་ནགས་འདབས་མའི་སྐོར་རོ། །དེ་ནས་རྗེ་བཙུན་བཙན་གྱི་བྲེལ་པོ་ན། རས་ཆུང་བ་དང་དཔོན་སློབ་གཉིས་དྲོད་ཕུག་ནས་བྱོན་ནས་བཞུགས་ཙ། དིང་རི་ནས་རྒྱ་གར་ནག་ཆུང་། ལ་སྟོད་ནས་གུ་རུམ་ཚེམ་ཆེན། བལ་པོ་ནས་ཤི་ལ་བྷ་རོ། རྒྱ་གར་ན་དྷརྨཱ་ར་ཛཱ་སྟེ།
(༡༩༥)གྲུབ་ཐོབ་བཞི་བོད་ཀྱི་མིད་ལ་རས་པ་དང་ལྔ་བཞུགས་པས། ཤི་ལ་བྷ་རོ་དྷརྨ་བྷོ་ཏིར་བརྫུས་ནས་བོད་དུ་བྱུང་བ་ལ། བལ་པོར་སླེབ་པས། བལ་བོད་ཀྱི་མི་མང་པོ་མཇལ་བ་ལ་འགྲོ་ཟེར་ཡིན་ཐམས་ཅད་ཆས་བྱེད་ཡིན་འདུག་པ་ལ། རས་ཆུང་བས་འགོས་བྱས་རས་པ་རྣམས་ཀྱང་འགྲོ་བར་སེམས་པས། བླ་མ་ལགས། གྲུབ་ཐོབ་རྣམས་ལ་མཇལ་བ་ལ་རང་རེ་ཡང་གཤེགས་སམ། ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་བརླབས་གྲུབ་ཐོབ་མང་། །ངོ་མཚར་སངས་རྒྱས་བསྟན་པ་དར། །བདེ་སྐྱིད་འགྲོ་བའི་མི་ལ་ཤར། །རྗེ་གྲུབ་ཐོབ་མཇལ་མི་མང་བ་དེ། །སྐལ་ལྡན་འགའ་རེ་ཡོང་འདོད་ཡིན། །ཏིང་རིའི་རྒྱ་གར་ནག་ཆུང་དང་། །སྟོན་པ་ཀུ་རུམ་ཚེམ་ཆེན་དང་། །བལ་པོ་ཤི་ལ་བྷ་རོ་དང་། །རྒྱ་གར་དྷརྨ་བྷོ་དྷི་དང་། །གུང་ཐང་མི་ལ་རས་པ་དང་། །སེམས་ཅན་རྣམས་རིག་ཙམ་རེ་གང་ལའང་ཡོད། །སྒོམ་རང་མགོ་ཐོན་པ་གང་ལའང་ཡོད། །སེམས་རང་གསལ་སེམས་ངོ་གང་གི་ཨང་ཤེས། །ལུས་སྤྲུལ་སྒྱུར་ནུས་པ་ངེས་ཡང་ཤེས། །ངག་རང་བྱུང་གདམ་ངག་ཁོང་ལའང་གསལ། །སེམས་སྟོང་ཉིད་སྙིང་རྗེ་ངས་ཡང་འབྱོངས། །འཕྲད་ངོ་མཚར་ལྟད་མོ་ཁོང་གི་སྟོན། །ཞེན་ལོག་སྙིང་རུས་ང་རང་ཆེ། །གཞན་ངེད་ཚོས་ཁྱད་པར་མ་མཆིས་པའི། །ང་ད་རེས་མཇལ་དུ་མི་འགྲོ་ཡིས། །བུ་ཁྱེད་རྣམས་མཇལ་དུ་ཅིས་ཀྱང་སོང་། །གཞན་སྐྱོན་ཡང་ཡོད་པ་མ་ཡིན་ཏེ། །ང་ན་སོ་རྒས་ནས་མ་ཐོན་པས། །
(༡༩༦)དཔལ་ཨུ་བརྒྱན་ཡུལ་དུ་མཇལ། །སེམས་ཐེ་ཙོམ་མེད་པས་བློ་གཏིངས་ཡོད། །ཅེས་གསུངས་པས། རས་ཆུང་བས་ཞུས་པ། སྐྱོན་ཡོན་མེད་ན། མི་རྣམས་ཀྱི་མིད་ལ་རས་པ་མི་འབྱོན་པ་ཆགས་སྡང་བྱེད་པ་རེད་ཟེར་བས། གཤེགས་པར་ཅིག་འཐད་པར་འདུག་ལགས། ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །ཉེས་ལྟུང་དག་པར་ཐུགས་རྗེས་ཟུང་། །བུ་མི་ཁ་བྱུར་གྱི་ཁ་བདའ་ལ། །ཐེ་ཙོམ་ཟོས་ནས་རང་ཉིད་འཁོར། །བསྒོམ་གྲུབ་སྙིང་ལ་བསམ་དུས་སུ། །འགྲོ་འདུག་མང་ན་ལྷ་ཁ་ལྡུག །བླ་མ་རྗེ་ལ་མཇལ་དུས་སུ། །བཅོས་མ་མང་ན་ལྷ་གྲོག་འཁྲུག །གསང་སྔགས་ཟབ་མོའི་ཐབས་ལམ་ལ། །ཡིད་གཉིས་བྱས་ན་འགྲུབ་མི་ནུས། །གྲུབ་ཐོབ་བྱིན་བརླབས་ཆེ་ལགས་ཏེ། འཁོར་དཔུང་མང་པོ་ཚིག་པ་ཟ། །བུ་རས་ཆུང་གྲོགས་མཆེད་ཅིས་ཀྱང་སོང་། །ང་ད་རེས་ཅུང་ཞིག་མི་འགྲོ་ཨང་། །ཅེས་གསུངས་པས། རས་ཆུང་བས་ཞུས་པ། མི་ངན་པས་སྡིག་པ་སོག་པར་འདུག་པས། ཅིས་ཀྱང་འབྱོན་པར་ཞུ་དང་། ངེད་རྣམས་ལ་ཡང་ཞུས་པས། དེ་གོ། །དྷརྨ་བྷོ་དྷི་ལ་ཕྱག་ལེན་དུ་འགྲོ་གསུངས་པ་དང་། རས་ཆུང་པ་དགའ་བས། ད་བླ་མ་འབྱོན་ཙ། གསེར་ཅིག་འབུལ་རྒྱུ་མེད་ན་ངོ་ཚ། རྒྱ་གར་བ་གསེར་ལ་མཉེས་པ་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །བདག་བྱས་ཚོད་ཆོས་སུ་འགྱུར་བར་ཤོག །བྱས་ཚོད་ཆོས་སུ་མ་ཤར་ན། །སེམས་བྱང་སེམས་རྒྱས་པའི་དོན་འགོ་མེད། །སྒོམ་ཏིང་འཛིན་སྐྱེས་པ་རོག་མི་འདོད། །སྒོམ་རང་གྲོལ་ཤར་བ་རོག་འདོད་ན། །རྒྱུན་དུ་བསྒོམ་པས་དོན་འགོ་མེད། །
(༡༩༧)ང་མི་ལ་རས་པས་ནོར་མི་འདོད། །མི་ལ་རས་པས་ནོར་འདོད་ན། །བྱ་བ་བཏང་བ་དོན་འགོ་མེད། །དྷརྨ་བྷོདྷི་གསེར་མི་འདོད། །དྷརྨ་བྷོདྷི་གསེར་འདོད་ན། །གྲུབ་པ་ཐོབ་པ་དོན་འགོ་མེད། །རས་ཆུང་རྡོར་གྲག་ཁེ་མི་འདོད། །རས་ཆུང་རྡོར་གྲག་ཁེ་འདོད་ན། བླ་མ་བསྟེན་པ་དོན་འགོ་མེད། ཅེས་གསུངས་པས། རས་པ་དཔོན་སློབ་བཞི་བཅུ་རྩ་ཙམ་བྱོན་པས། དགོངས་མོ་ཁྲོམ་ཆེ་སྒང་ཅིག་ལ་སླེབ་སྟེ། ཁྲོམ་པ་རྣམས་ཀྱི་མི་ལ་རས་པ་བྱིན་ཡོང་ཟེར་བས། དྷརྨ་བྷོདྷི་ཁྲི་ལ་བབ་ནས་མི་ལ་རས་པ་ལ་ཕྱག་བྱས་པས། མི་རྣམས་ཀྱི་མི་ལ་རས་པ་བཟང་བ་རེད་ཨང་ཟེར་རོ། །དེར་དྷརྨ་བྷོ་དྷིས་གསུང་གླིང་བྱས་པས། དྷརྨ་བྷོ་དྷིས་ཞུས་པ། ཁྱེད་རོག་མི་འདོད་པར་འདུག་ཟེར་བས་གྲོགས་བཟང་པོ་ཅི་ལྟ་བུ་ཡོད་གསུངས་པས། རྗེ་མི་ལ་དྷརྨ་བྷོདྷི་དཔོན་སློབ་གསུམ། རས་ཆུང་བ་དང་ཁོང་རག་དཔོན་སློབ་གཉིས་དང་ལྔ་མིན་པས་མེད་པའི་གནས་ཅིག་དུ་བྱུང་བས་མགུར་འདི་གསུངས་སོ། །བླ་མ་གསང་སྔགས་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །བཀའ་རྒྱུད་གྲུབ་ཐོབ་རྣམས་ཀྱི་བྱིན་གྱི་རློབས། །འདི་རུ་དཔོན་སློབ་ལྔ་བཞུགས་པས། །ཡེ་ཤེས་ལྔའི་དབྱངས་ལེན་པ། །སྤྲུལ་སྐུ་ལྔའི་ངོས་མ་ཆོག །རྩ་ཡོན་པོ་ལྔ་པོ་རླུང་གི་བསྲང་། །རླུང་ལོག་པ་ལྔ་པོ་མལ་དུ་བསད། །ཁམས་སྙིགས་མ་ལྔ་པོ་མེ་ལ་བསྲེགས། །སེམས་དུག་ཆེན་ལྔའི་སྡོང་པོ་འགྱེལ། །དགྲ་ལས་རླུང་ལྔ་པོ་མལ་དབུ་མར་བསད། །དགྲ་སྡང་པ་ཐུལ་པའི་དཔའ་བོ་ལ། །རོགས་ངན་པའི་འཁྲི་བཤེལ་བྱ་རྒྱུ་མེད། །ཅེས་གསུངས་པས། དགྲ་
(༡༩༨)འདུལ་ལུགས་བཟང་། དགྲ་ཐུལ་རྟིང་གཉེན་བཟང་པོ་དགོས་པས། གཉེན་བཟང་པོ་གང་བསྟེན་གསུངས་པས། ཡང་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །རོགས་ནང་ན་འཆར་བར་བྱིན་གྱིས་རློབས། །རྩ་དངས་མ་ལྔའི་མ་མ་དེ། །རླུང་དང་མ་ལྔའི་ཕ་དང་འབྲད། །ཁམས་དིང་མ་ལྔའི་སྲས་བུ་ལ། །སེམས་དངས་མ་ལྔའི་རང་ཞལ་མཐོང་། །འདི་རྒྱལ་ས་ཟིན་པའི་ཁ་བོ་དེ། །ཕོ་བྲང་དབུ་མའི་གཞལ་ཡས་ཁང་། །འཇའ་ས་འཁོར་ལོ་དྲུག་ལ་སྒྲོག །སྒྱུ་འཕྲུལ་རིག་པའི་དམགས་བསྡུས་པ། །ཚོད་འཛིན་མེད་པའི་ཁྲིམས་ཀྱིས་བསྡམས། །གང་ཤར་རིག་པའི་རྟེན་འབྲེལ་ལ། །རང་ཤེས་ངོ་སྤྲོད་ཀྱི་གཉེན་དང་མཇལ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བདག་གི་གཉེན་ཉིད་དེ་ལ་བྱས། །དེ་རྣལ་འབྱོར་པའི་གཉེན་པོ་ཡིན། །གཉེན་བཟང་བྱང་ཆུབ་སེམས་ཉིད་ལ། །དུས་ནམ་དུ་འབྲལ་བར་མི་གདའ་ན། །ཅེས་གསུངས་པས། དྷརྨ་བྷོ་དྷི་མཉེས་པས། ཁྱོད་རྣལ་འབྱོར་བས་ཉམས་བཤད་པས་མ་ལངས་ཏེ། ལྟ་སྒོམས་སྤྱོད་པའི་གནད་འགག་ཅི་ལྟ་བུར་རིགས་གསུངས་པས། ཡང་མགུར་འདི་གསུངས་སོ། །ཡེངས་མེད་སེམས་ལ་ལྟ་ནུས་ན། །ཁ་ལྟ་སྐམ་པོ་ལབ་དོན་མེད། །རང་རིགས་ཉམས་དང་འདྲེས་པ་ན། །བླུན་སྒོམས་རོ་ཉལ་འཁུག་པ་ཡིན། །རྟེན་འབྲེལ་འཆར་ཚུལ་མ་ཤེས་པའི། །ཆོས་བརྒྱད་སྤྱོད་པ་ཁྲམ་གཞི་ཡིན། །སེམས་ལ་ནོག་འཁྲི་མེད་པ་ན། །ཚུལ་འཆོས་ངོ་བསྲུངས་གསོག་པོ་ཡིན། །འཁོར་འདས་སྐུ་དང་ཡེ་ཤེས་ཏེ། །གྲུབ་ཐོབ་རྩོལ་བས་བསྒྲུབ་པ་མིན། །ཅེས་གསུངས་པས། རྣལ་འབྱོར་བ་ལ་ལྟ་སྒོམ་སྤྱོད་པ་ལེགས་པ་གསུངས་པས། མི་ལའི་ཞལ་
(༡༩༩)ནས། དྷརྨ་བྷོདྷི་ལ། ཁྱེད་ལ་སྒོམས་གནད་བཟང་པོ་ཡོད་དམ། གསུངས་པས། དྷརྨ་བྷོ་དྷིས་འདི་གསུངས་སོ། །ད་ལྟ་བཟང་པའི་སྒྲུབ་རྒྱུད་ལ། །འདིར་འཚོགས་སྐལ་ལྡན་གསོལ་བ་འདེབས། །ལས་ཀྱིས་འབྲེལ་པ་བཟང་པོ་ལ། །མྱུར་དུ་མཇལ་བར་བྱིན་གྱི་བརློབས། །རྣམས་རྟོགས་བག་ཆགས་མ་ཞིག་པའི། །སེམས་ལ་བལྟས་པ་ཅི་ལ་ཕན། །བདག་འཛིན་སྐྱིད་འདོད་མ་སྤངས་པའི། །རྒྱན་དུ་བསྒོམས་པས་ཅི་ལ་ཕན། །འགྲོ་བའི་དོན་དུ་མི་སྤྱོད་པའི། །རང་རྒྱལ་སྤྱོད་པའི་ཅི་ལ་ཕན། །བླ་མའི་གསུངས་ལ་མི་ཉན་པའི། །དགའ་དུས་ཨ་དགུས་ཅི་ལ་ཕན། །རང་སེམས་དཔང་པོར་མི་འཇོག་པའི། །ངོས་རྐོག་གཡོ་སྒྱུ་ཁྲེལ་གྱི་གཞི། །འབྲས་བུ་ཁ་དོན་མང་བྱས་ཡང་། །བླ་མ་མེད་པར་འགྲུབ་མི་འགྱུར། །ལར་ཡིན་ལུག་བཤད་པས་གནོད་ལ་ཕོག །འཁྲུག་པ་བྱས་ན་ཕུང་གཞི་ཆེ། །ཁ་རོག་བསྡད་པ་གདམ་ངག་ཟབ། །ཁྱེད་བོད་རྣལ་འབྱོར་དབྱངས་ལ་སྙན། །ང་ཀླུ་དབྱངས་མཁས་པར་མི་འདུག་སྟེ། །དཔལ་བདེ་བ་རྒྱལ་པོའི་ཞིང་ཁམས་སུ། །དབྱངས་ལེན་པར་སྤྲོ་ན་མྱུར་དུ་བྱོན། །ཅེས་གསུངས་པས། མཉེས་པའི་གསུངས་གླིང་མང་དུ་མཛད་ཅིང་། དྷརྨ་བྷོ་དྷི་ཕར་བྱོན། མི་ལ་རས་པ་དཔོན་སློབ་བསྙེན་མ་ཕུག་ཏུ་ཚུར་བྱོན་པ་ལ། ཡོན་བདག་རྣམས་མཇལ་དུ་ཡོངས་པས། དྷརྨ་བྷོ་དྷིས་མཇལ་ལུགས་དྲིས་པ་དེའི་ལན་དུ་མགུར་འདི་གསུངས་སོ། །དགུང་ཉི་ཟླ་མཇལ་བས་འགྲོ་བ་གསལ། །མ་བུ་འཕྲད་པས་གདུང་བ་ཞི། །གཡས་སྤངས་མཇལ་བས་རྩི་ཐོག་སྨིན། །ངེད་གྲུབ་ཐོབ་མཇལ་བས་རྒྱལ་ཁམས་
(༢༠༠)བདེ། །བལ་པོ་རྫོང་གིས་ནགས་གསེབ་དུ། །དྷརྨ་བྷོདྷི་ཆགས་ཕེབ་པས། །མི་ལ་རས་པ་མཇལ་དུ་སོང་། །ཁོང་དྷརྨ་བྷོདྷི་སྐུ་བཞེངས་ན། །མི་ལ་རས་པ་ལ་ཕྱག་བྱས་ན། །ཁྲོམ་པ་མི་རྣམས་ཐེ་ཙོམ་ཟོས། །ཁོང་སྒྱུ་མ་ལུས་ཀྱི་ཕྱག་བྱས་པ་ཡིས། །ཟུང་འཇུག་ཐལ་སྦྱར་བུས་མོ་བཙུག །སྙུངས་འདྲི་རྨེད་ཆོས་ཀྱི་དབྱངས་སུ་དྲིས། །ལན་ནི་ཕྱག་རྒྱ་ཆེན་པོའི་བཏབ། །གཉིས་མེད་དགའ་བའི་དགོན་པ་ན། །འོད་གསལ་བརྗོད་མེད་གསུངས་གླིང་བྱས། །སྨོན་ལམ་བཟང་པོའི་འབྲེལ་བ་དེ། །སྔོན་རྒྱལ་བའི་རིང་ནས་ཡོད་པ་ཡིན། །ངེད་གྲོགས་མཆེད་མཇལ་འཕྲད་ལེགས་པ་དེ། །རྒྱལ་ཁམས་ཡོངས་ལ་གྲགས་པ་ཡིན། །ཅེས་གསུངས་པས། དེ་ཐམས་ཅད་བལ་ཡུལ་ནགས་མའི་སྐོར་རོ། །དེ་ནས་གུང་ཐང་སྣ་རྩེའི་ཕུག་ཏུ་གཅིག་པུར་བྱོན་ནས་བཞུགས་ཙ། ཉིན་ཅིག་ཕུག་རོན་ཅིག་ལ་གསེར་གྱི་རྣ་ཆ་ཕྱང་ངེ་བ་ཅིག་དྲུང་དུ་ཡོངས་ནས་ཕྱག་དང་སྐོར་བ་བྱེད་ཀྱིན་འདུག་པས། མཚར་བ་ཅིག་བྱུང་སྟེ། རྗེ་བཙུན་གྱིས་ཁྱོད་འབོད་དུ་ཡོངས་པ་ཨེ་ཡིན་ཞེས་པས། དགྱེ་སྒུ་མང་པོ་བྱས་ཏེ་ཡིན་ཟེར་བའི་བརྡའ་བྱས་ནས་ཕ་རིའི་བྲག་གསེབ་ཅིག་ཏུ་འཕུར་སོང་རྗེ་བཙུན་དེར་བྱོན་ཙ། བྲག་ཅིག་ན་འབྲས་དཀར་མོ་ཁལ་ཅིག་དང་བྲེ་གང་སྤུངས་འདུག་པ་ལ། མཆུ་ཙུག་ཙུག་བྱས་ནས་འཕུར་སོང་བ་དང་། བླ་མས་འབྲས་གསོལ་ཡིན་བཞུགས་པས། ཐུགས་དམ་འཕེལ་བར་བྱུང་བས། ལྟ་སྒོམས་བདེ་བཞིའི་མགུར་འདི་གསུངས་སོ། །ཨ་མའི་དྲིན་ལན་མར་པ་ལྷོ་བྲག་པ། །སྙིང་ནས་དྲན་པས་སྙིང་དུ་བསྒོམ། །ཡང་ཡང་དྲན་པས་འབྲལ་བ་མེད། །རང་སེམས་དང་བླ་མ་འདྲེས་པ་བདེ། །ཨ་ལ་ལ་སྣང་བ་གཤིས་ཀྱི་རང་བཞིན་འདི། །སྐྱེ་མེད་ཆོས་སྐུར་ངོ་
(༢༠༡)སྤྲོད་ནས། །མ་བཅོས་ཆོས་སྐུའི་ངང་དུ་གཅེས། །ལྟ་བ་མཐོ་དམན་རྩིས་བཏབ་མེད། །སེམས་མ་བཅོས་པ་འདི་བདེ་མོར་གདའ། །ཡེ་ཤེས་སྟོང་གསལ་སེམས་ཀྱི་རང་བཞིན་འདི། །གསལ་སྟོང་རིག་པར་ངོ་སྤྲོད་ནས། །མ་བཅོས་གཉུགས་མའི་ངང་ལ་འདྲེས། །སྒོམ་བཟང་ངན་གྱི་རྩིས་གདབ་མི་གདའ་ན། །སེམས་མ་བཅོས་པ་འདི་བདེ་མོ་བྱུང་། །ཚོགས་དྲུག་རང་སར་དག་པ་ལ། །བདེ་སྡུག་གཉིས་པོ་རང་སར་འདྲེས། །མ་བཅོས་གཉུག་མའི་ངང་ལ་འདས། །སྤྱོད་པ་ཡིན་མིན་གྱི་རྩིས་གདབ་བྲལ། །སེམས་མ་བཅོས་པ་འདི་བདེ་མོ་ཅིག་བྱུང་། །འབྲས་བུ་ཆོས་སྐུའི་རང་བཞིན་འདི། །སྣ་ཚོགས་སྤྲུལ་སྐུར་ངོ་སྤྲོད་ནས། །གོམས་པ་འདྲིས་འཛག་གིས་ངང་ལས་འདྲེས། །འབྲས་བུ་ཚུར་ཤོག་གི་ཡིད་སྨོན་མི་གདའ་ན། །སེམས་མ་བཅོས་པ་འདི་བདེ་མོ་ཅིག་བྱུང་། །ཅེས་གསུངས་ཡིན་ཡོད་ཙ། །ཕུག་རོན་སྔོན་མི་དེས་ཕུག་རོན་འདྲ་འདྲ་བདུན་ཁྲིད་ནས་བྱུང་སྟེ། །མོ་རགས་བརྒྱད་ཀྱིས་ཕྱག་དང་བསྐོར་བ་བྱེད་ཡིན་འདུག་པས། བླ་མས་འདི་རྣམས་ཅི་ཡིན། དུད་འགྲོའི་འདི་འདྲ་མི་ཤེས། སྤྲུལ་པའི་བྱ་ཅིག་རེད་དགོངས་ན། ཅི་ཡིན་ཁྱེད་ཆོས་ང་ལ་ཆོས་ཞུ་བ་ཨེ་ཡིན་གསུངས་པས། ཡིན་ཟེར་བའི་བརྡའ་བྱེད་ཡིན་མགོ་ཞུ་ངང་བྱས་པས་བླ་མས་མགུར་འདི་གསུངས་སོ། །རྗེ་ངོ་མཚར་སྤྲུལ་པའི་བླ་མ་དེ། །ཐུགས་རྗེ་མ་ཆུང་བྱིན་གྱི་རློབས། །ཁྱོད་བྱ་ཕུག་རོན་སྔོན་མོའི་གཟུགས་ཅན་ལ། །རྣམ་སྤྲུལ་དྲུང་དྲུང་གིས་སྤྱོད་པ་ཅན། །ཀླུ་འདི་དོན་ཡིན་ལ་འཛིན་པར་ཞུ། །སྤྱིར་འཇིག་རྟེན་སྲིད་པ་བདེ་བ་འདི། །སྐྱིད་སྐྱིད་འདྲ་ཡང་མྱུར་དུ་འབྲལ། །མོ་བཙུན་བཟང་པོའི་སྣང་བ་འདི། །མཐོ་མཐོ་འདྲ་ཡང་གཏད་ས་མེད། །འཁོར་བ་སྡུག་བསྔལ་གྱི་ཁྱིམ་ཐབས་འདི། །འཐད་འཐད་འདྲ་
(༢༠༢)ཡང་སྡུག་བསྔལ་མང་། །རིགས་རྒྱུད་བཟང་པོའི་བུ་ཕྲུག་འདི། །རང་མཁོས་མེད་ན་མྱ་ངན་ཆེ། །བླ་མ་བཟང་པོའི་སློབ་མ་འདི། །སྤྱོད་པ་ངན་ན་འཁོར་བར་ལྟུང་། །ཕུག་རོན་སྔོན་མོའི་ཡོན་བདག་འདི། །ཞབས་ཏོགས་བཟང་ཡང་ཡིད་མ་ཆེས། །ཁྱོད་དད་པ་ཅན་གྱི་ཕུག་རོན་བརྒྱད། །དམ་ཆོས་དགོས་ན་རྣམ་སྤྲུལ་ཤིག །ཅེས་གསུངས་པ་དང་། ཕུག་རོན་བརྒྱད་པོ་དེ་བུ་མོ་བརྒྱད་དུ་སོང་བ་དང་། འཛུམ་འཛུམ་ཕྱག་དང་བསྐོར་བ་ལ་བརྩོན་པ་བྱས་པ། ཁྱེད་རྣམས་སུ་ཡིན་གསུངས་པས། དེ་རྣམས་དང་པོ་མཇལ་སྔ་བ་ལྷའི་བུ་མོ་ཡིན། དེའི་འོག་མ་བདུན་པོ་འདི་ཡང་ལྷ་རེ་རེའི་བུ་མོ་ཡིན་ལགས་ཟེར། ཁྱེད་རྣམས་ཕུག་རོན་དུ་ཡོང་བ་ཅི་ཡིན། གསུངས་པས། ཁྱེད་མིའི་ཡུལ་དུ་བཞུགས་པས། མི་སྤྱོད་པ་ངན་པས་ཡིད་མ་ཆེས་པས། སྤྲེལ་བ་བྱས་ནས་ཡོངས་པ་ཡིན་ཟེར་བས། ཕུག་རོན་སླུད་བུ་རྒྱད་སྣམ་ཕྲག་ཏུ་བཅུག་སོང་བས། དེ་ཅི་ཡིན་གསུངས་པས། མི་ངན་བས་གཤིས་ངན་བསླབ་པ་ཡིན་ཟེར། ཁྱེད་གཅིག་བུར་བཞུགས་ན་དེད་ལྷ་ཡང་ཡོད་པར་དཀའ། དེ་ཁྱེད་ལྷ་ཡུལ་དུ་འབྱོན་པར་ཞུ། སྔར་ཡང་བཀའ་དྲིན་ཆེ་ཟེར་བས། ང་མིའི་འགྲོ་བ་འདུལ་དགོས་པས། འགྲོ་བ་མི་འོང་ཁྱེད་རང་ཚོ་ངའི་ཀླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །རྗེ་ལྷོ་བྲག་མར་བའི་ཞབས་ལ་འདུད་པ་བླ་མའི་བྱིན་བརླབས་དངོས་གྲུབ་ཞུ། །ཁྱོད་ལྷའི་བུ་མོ་སྔོན་མོ་བརྒྱད། །འབྲས་དཀར་མོའི་དངོས་གྲུབ་བསམ་གཏན་ཟས། །ཁམས་ཟོས་པར་གྱུར་བས་ཐུགས་དམ་འཕེལ། །ད་གདབ་ལན་ཆོས་ཀྱིས་མཇལ་པ་ལ། །སྙན་ལྷན་ནེ་
(༢༠༣)གསོན་ལ་ཡིད་ལ་ཞོག །དཀར་པོ་ལྷའི་རྒྱལ་ས་དེ། །འཛིན་སྙིང་འདོད་ཀྱང་སྙིང་པོ་མེད། །ལྷ་ཕྲུག་གཞོན་ནུའི་བཙེ་གདུང་དེ། །སྣང་བ་སྐྱིད་ཡང་མྱུར་དུ་འབྲལ། །རྫུ་འཕྲུལ་སྒྱུ་མའི་ཟོལ་ཟོག་དེ། །ལོངས་སྤྱོད་ཆེས་ཡིན་ལྟུང་བའི་གཞི། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་དེ། །བསམ་ན་སྙིང་རླུང་དྲག་པོ་ལྡངས། །ཁྱེད་དེ་བས་ལྷ་ཆོས་བྱེད་བསམ་ན། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། །འགྲོ་དྲུག་སེམས་ཅན་ཕ་མར་བསྒོམ། །རང་གི་ཡེ་ཤེས་སྟོང་ཉིད་བསྒོམ། །མཆོད་པ་བླ་མ་རྗེ་ལ་ཕུལ། །སྦྱིན་པ་རྒྱལ་ཁམས་ཡོངས་ལ་བསྔོ། །རང་ལུས་ཡི་དམ་ལྷའི་ངང་། །བརྗོད་པ་ཟབ་མོའི་སྔགས་ལ་གྱིས། །སྙིང་ན་མི་རྟག་སྐྱོ་བ་སྐྱེས། །ད་རུང་རང་སེམས་དཔང་པོར་ཞོག །ཅེས་གསུངས་པས། ཁོང་རྣམས་ན་རེ། ངེད་འཇིག་རྟེན་པའི་འགྲོ་བ་འདི། །ཅིས་ཀྱང་སྡུག་བསྔལ་རང་ལ་སྤྱོད་ཅིང་། བདེ་བ་ཡིན་དུ་གོ་བ་ཅིག་འདུག་པས། སྒོམ་མི་ནུས་ཡང་སྒོམ་རང་ལ་དད་པས། ངེས་པར་སྒོམ་ལུགས་ཅིག་གསུངས་པར་ཞུ་ཟེར་བས། ཡང་བླ་མས་མཉེས་པས། སྒོམ་ལུགས་འདི་མགུར་དུ་གསུངས་སོ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །སྒོམ་ཟབ་མོ་སྐྱེ་བར་ཐུགས་རྗེས་ཟུང་། །རྟག་ཏུ་རང་སེམས་བསྒོམ་པ་ལ། །ནང་དུ་ཞི་གནས་བསམ་གཏན་སྒོམ། །བྱ་བ་བཏང་བ་ཅིག་བརྒྱན་དུ་ཆེ། །ཕྱི་རུ་གཉེན་པོའི་ཏུ་རེ་ཟུང་། །ལུས་ངག་དལ་པ་ཅིག་བརྒྱན་དུ་ཆེ། །རྒྱུན་དུ་དྲན་པས་རང་སྲོག་ཟུང་། །བྱ་བྱེད་མང་བ་ཅིག་བརྒྱན་དུ་ཆེ། །ལར་རྐྱེན་ངན་གློ་རྒྱགས་བྱུང་ཙ་ན། །ཞེ་སྡང་ལངས་ཏོག་འཛུམ་མོ་གྱིས། །འདོད་པའི་ནོར་དང་འཕྲད་དུས་སུ། །འདོད་ཆགས་སྐྱེ་དོ་རྒྱད་དེ་གྱིས། །ཚིག་ངན་གཏམ་
(༢༠༤)ངན་ཟེར་དུས་སུ། །སྣང་བ་འཁྲུལ་གཏོག་སང་ངེ་གྱིས། །བདག་གཞན་མཉམ་དུ་འགྲོགས་དུས་སུ། །འཕྲག་དོག་སྐྱེ་དོགས་ཡང་སེ་མཛོད། །རང་ལ་བཀུར་སྟི་བྱས་དུས་སུ། །ང་རྒྱལ་སྐྱེ་དོགས་གུམ་མེ་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །རང་རྒྱུད་དལ་བར་ལྷན་ནེ་སྡོད། །སྒོམ་དུས་ཟ་དུས་ཉལ་དུས་སུ། །འགྲོ་སྤྱོད་བྱ་བ་ཅི་བྱེད་ཀྱང་། །སྟོང་ཉིད་རང་ཤར་སྒྱུ་མར་བསྒོམ། །མཁས་བཙུན་བརྒྱའི་ཞལ་ཕྱེ་ཡང་། །དོན་དེ་ལ་ཐབ་པ་ཡོད་པ་མིན། །ཁྱེད་དགའ་བར་གྱིས་ལ་ལྷ་ཆོས་གྱིས། །ཅེས་གསུངས་པས། ཐམས་ཅད་དད་དེ་ཕྱིན་ཆད་ཡང་འཚོ་བ་འདྲེན་ཟེར་ནས། ཕུག་རོན་གྱི་སླུད་བུ་རེ་རེ་སྣམ་ཕྲག་ནས་བཏོན་ཏེ་འཕུར་སོང་སོ། །དེ་ཐམས་ཅད་ཕུག་རོན་སྔོན་མོའི་སྐོར་རོ། །དེ་ནས་བཅུ་གསུམ་པ་ཡེ་ཤེས་སྒྲོན་མེ་བལྟམ་པའི་ཡོན་ཏན་ནི། ཤེལ་སྟོད་ལྷའི་འགུལ། མེ་ཤེལ་བྲག་གི་རྐེད། ཕ་འོང་རྟ་སྒ་ཅན་གྱི་སྟེང་དུ་རྗེ་བཙུན་དཔོན་སློབ་བཞུགས་པ་ལ། རས་ཆུང་བ་ལ་རྟོག་པ་ཅི་འདུག་བལྟ་བའི་དོན་དུ་བསླུ་བ་བཅུ་གིས་འགུར་འདི་གསུངས་སོ། །ལར་འཇིག་རྟེན་ཆོས་ཀྱི་བསླུ་བསླུ་འདྲ། །ཡང་དག་དོན་ལ་གཉེར་རེ་རན། །ཟིང་ཟིང་གཡེང་བས་བསླུ་བསླུ་འདྲ། །ད་ནི་གཉིས་མེད་ཉམས་སུ་ལོང་། །འཁོར་དང་གཡོག་གི་བསླུ་བསླུ་འདྲ། །ད་ནི་གཅིག་པུར་རི་ཁྲོད་འགྲིམ། །ནོར་དང་ཟས་ཀྱི་བསླུ་བསླུ་འདྲ། །ད་ནི་ཡོད་ཚད་ཆོས་ལ་ཐོང་། །ཕྱི་སྣང་བ་ཡུལ་གྱི་བསླུ་བསླུ་འདྲ། །ད་ནི་ནང་གིས་སེམས་ལ་ལྟོས། །རྣམ་པར་རྟོགས་པས་བསླུ་བསླུ་འདྲ། །ད་ནི་ཡེ་ཤེས་རྗེས་སུ་འབྲང་། །ཆོས་དྲངས་པའི་དོན་གྱི་བསླུ་བསླུ་འདྲ། །ད་ནི་ངེས་དོན་གཏན་ལ་ཕོབ། །ཡིག་ནགས་དཔེ་ཆས་བསླུ་བསླུ་འདྲ། །ད་ནི་གདམ་ངག་
(༢༠༥)བསྒོམ། །ཐ་སྙད་བཤད་པས་བསླུ་བསླུ་འདྲ། །ད་ནི་མ་བཅོས་ལྷུག་པར་ཞོག །སྐྱེ་འཆི་གཉིས་ཀྱི་བསླུ་བསླུ་འདྲ། །ད་ནི་སྐྱེ་མེད་དོན་ལ་ལྟོས། །ཐ་མལ་ཤེས་པའི་བསླུ་བསླུ་འདྲ། །ད་ནི་རིག་པའི་རྩལ་སྦྱོང་གྱིས། །སེམས་འཛིན་སྤྲོས་པའི་བསླུ་བསླུ་འདྲ། །ད་ནི་གནས་ལུགས་སྟེང་དུ་ཞོག །ཅེས་གསུངས་པས། རས་ཆུང་བས་བླ་མ་ལ་བསླུ་བ་མེད། ང་ལ་དགོས་ཟིན་བསམ་པས། ལྟ་སྒོམ་གནད་འདྲིལ་བ་འདི་འགུར་དུ་གསུངས་སོ། །ཕ་བླ་མ་དམ་པ་སྙན་གསོན་དང་། །བདག་རྨོང་པའི་བློ་འདི་ཡི་རེ་མུག །ཐུགས་རྗེས་ཞགས་པས་གཟུང་དུ་གསོལ། །རྟག་ཆད་གཉིས་ཀྱི་སོ་འཚམས་སུ། །མཐའ་བྲལ་སྒོམ་པ་སྟོར་ཏེ་ཐལ། །གནས་ལུགས་གཏན་ལ་མ་ཕེབས་སོ། །བྱིང་རྒོད་གཉིས་ཀྱི་སོ་འཚམས་སུ། །བདེ་གསལ་སྒོམ་པ་སྟོར་ཏེ་ཐལ། །ཞེན་པ་ལོག་དུམ་འདོད་དོ། །བླང་དོར་གཉིས་ཀྱི་སོ་འཚམས་སུ། །རང་ཤུགས་སྤྱོད་པ་སྟོར་ཏེ་ཐལ། །འཁྲུལ་པ་འཇིག་དུམ་འདོད་དོ། །ཟོལ་ཟོག་གཉིས་ཀྱི་སོ་འཚམས་སུ། །རྣམ་དག་དམ་ཚིག་སྟོར་ཏེ་ཐལ། །གཡོ་སྒྱུ་ཆེམ་ལ་མ་ཕེབས་སོ། །འཁོར་འདས་གཉིས་ཀྱི་སོ་འཚམས་སུ། །རང་སེམས་སངས་རྒྱས་སྟོར་ཏེ་ཐལ། །ཆོས་སུ་རྟོགས་སུ་མ་འདོད་དོ། །རེ་དོགས་གཉིས་ཀྱི་སོ་འཚམས་སུ། །འབྲས་བུ་སྐུ་བཞི་སྟོར་ཏེ་ཐལ། །རང་ངོ་རང་གི་མ་ཤེས་སོ། །བླ་མ་རྗེ་བཙུན་རིན་པོ་ཆེ། །སྔར་ཡང་ཐུགས་རྗེས་བཟུང་བཟུང་བས། །ད་ཡང་སྐུ་དྲིན་སྐྱབས་སུ་གསོལ། །ཅེས་ཞུས་པས། བླ་མས་ཞལ་ནས། རས་ཆུང་བ་ཁྱོད་ལ་དེ་བས་དྲགས་པ་ཅིག་ཡོད། ང་ལ་གསང་དུ་མི་རུང་། རྟོགས་པ་ཕུལ་ཅིག་གསུངས་པས། རས་ཆུང་
(༢༠༦)བས་རྙེད་པ་བདུན་གྱི་མགུར་རྟོག་པ་འདི་ཕུལ་ལོ། །ཕ་བླ་མ་ཁྱོད་ཀྱི་བཀའ་དྲིན་གྱི། །རྙེད་པ་བདུན་གྱི་དོན་ཅིག་རྟོགས། །སྣང་བས་ནང་ནས་སྟོང་བ་རྙེད། །ད་དངོས་པོ་ཡོད་སྙམ་མི་བགྱིད་དོ། །སྟོང་བས་ནང་ནས་ཆོས་སྐུ་རྙེད། །ང་བྱ་རྩལ་ཡོད་སྙམ་མི་བགྱིད་དོ། །སྣ་ཚོགས་ནང་ནས་གཉིས་མེད་རྙེད། །ད་འདུ་འབྲལ་ཡོད་སྙམ་མི་བགྱིད་དོ། །དཀར་མར་ནང་ན་མཉམ་ཉིད་རྙེད། །ད་དགག་བསྒྲུབ་ཡོད་སྙམ་མི་བགྱིད་དོ། །ང་སྒྱུ་ལུས་ནང་ནས་བདེ་ཆེན་རྙེད། །ད་སྡུག་བསྔལ་ཡོད་སྙམ་མི་བགྱིད་དོ། །ཀུན་རྫོབ་ནང་ནས་དོན་དམ་རྙེད། །ད་འཁྲུལ་ཡོད་སྙམ་མ་བགྱིད་དོ། །རང་སེམས་ནང་ནས་སངས་རྒྱས་རྙེད། །ད་འཁོར་བ་ཡོད་སྙམ་མི་བགྱིད་དོ། །ཞེས་ཞུས་པས། བླ་མས་ཞལ་ནས་ད་ཡང་ཉམས་མྱོངས་གླེང་དུ་གྲུབ་པ་ནི་མིན། །ཉམས་འདི་འདྲ་བ་ཅིག་དགོས་པ་ཡིན་གསུངས་ནས་མགུར་འདི་གསུངས་སོ། །སྣང་དང་སྟོང་པ་དབྱེར་མེད་ན། །ལྟ་བ་གླང་དུ་འགྱུར་བ་ཡིན། །རྨི་ལམ་ཉིན་པར་ཁྱད་མེད་ན། །སྒོམ་པ་གློང་དུ་འགྱུར་བ་ཡིན། །བདེ་བ་སྡུག་བསྔལ་ཁྱད་མེད་ན། །སྤྱོད་པ་གློང་དུ་གྱུར་བ་ཡིན། །ཚེ་འདི་དང་ཕྱི་མ་ཁྱད་མེད་ན། །གནས་ལུགས་གློང་དུ་གྱུར་པ་ཡིན། །སེམས་དང་ནམ་མཁའ་ཁྱད་མེད་ན། །ཆོས་སྐུ་གློང་དུ་གྱུར་བ་ཡིན། །སྐྱིད་པ་སྡུག་པ་ཁྱད་མེད་ན། །གདམ་ངག་གློང་དུ་གྱུར་པ་ཡིན། །ཉོན་མོངས་ཡེ་ཤེས་ཁྱད་མེད་ན། །རྟོགས་ཚད་གློང་དུ་གྱུར་པ་ཡིན། །རང་སེམས་སངས་རྒྱས་ཁྱད་མེད་ན། །འབྲས་བུ་གློང་དུ་འགྱུར་བ་ཡིན། །ཅེས་གསུངས་པས། རས་ཆུང་བས། མཐར་ཐུག་པའི་སྐྱེལ་ས་འདི་ལས་མེད་བྱ་བའི་འཁྲུངས་ཚད་ཀྱིས་རྟོགས་པ་བར་དོ་དྲུག་དུ་དྲིལ་ནས་
(༢༠༧)ཕུལ་བ་ཡིན་ནོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྣང་སྟོང་གིས་ཀྱི་བར་དོ་ན། །སྟོང་པའི་ལྟ་བ་ཡུལ་ན་མེད། །རྣམ་རྟོགས་གྲུབ་མཐའ་ངས་མི་འཛིན། །ད་ལྟ་སྐྱེ་མེད་བློ་ལ་འདས། །འདི་ལྡོམ་པ་བདག་གི་ལྟ་བ་ཡིན། །གྲོགས་ཤེས་རབ་ཅན་འཚོགས་ཡང་གནོད་རྒྱུ་མེད། །བདེ་སྟོང་གཉིས་ཀྱི་བར་དོ་ན། །ཞི་གནས་ཆུ་རྒྱུན་ཡུལ་ན་མེད། །སྡུག་ཙིར་སེམས་འཛིན་ངས་མི་བྱེད། །མི་ཡེངས་གཉུག་མའི་ངང་ལས་འབྱམས། །འདི་ལྡོམ་པ་བདག་གི་སྒོམ་པ་ཡིན། །གྲོགས་རྟོགས་ལྡན་འཚོགས་ཡང་གནོད་རྒྱུ་མེད། །ཆགས་ཆེན་ཆགས་པའི་བར་དོ་ན། །ཟག་བཅས་བདེ་བ་ཡུལ་ན་མེད། །ཚུལ་འཆོས་ལོགས་འཚོ་ངས་མི་བསྒྲུབ། །ད་ལྟ་ཅི་སྣང་གྲོགས་སུ་ཤར། །འདི་ལྡོམ་པ་བདག་གི་སྤྱོད་པ་ཡིན། །གྲོགས་མཁས་བཙུན་འཚོགས་ཀྱང་གནོད་རྒྱུ་མེད། །སྐྱོན་ཅན་སྐྱོན་མེད་བར་དོ་ན། །རྣམ་དག་དཀར་པོའི་སེམས་ལས་མེད། །གཡོ་སྒྱུ་ཟོལ་ཟོག་ངས་མི་བྱེད། །ད་ལྟ་རང་སེམས་དབང་དུ་འཛུག །འདི་ལྡོམ་པ་བདག་གི་དམ་ཚིག་ཡིན། །གོགས་ཁྲིམས་ལྡན་འཚོགས་ཡང་གནོད་རྒྱུ་མེད། །འཁོར་འདས་གཉིས་ཀྱི་སོ་འཚམས་ན། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ད་ལྟ་སྡུག་བསྔལ་བདེ་བར་ཤར། །རེ་དོགས་འབྲས་བུར་ང་མི་འདོད། །འདི་ལྡོམ་པ་བདག་གི་འབྲས་བུ་ཡིན། །གྲོགས་གྲིབ་མིན་འཚོགས་ཡང་གནོད་རྒྱུ་མེད། །ཚིག་དང་དོན་གྱི་བར་དོ་ན། །མཁས་པའི་ཐ་སྙད་ཡུལ་ན་མེད། །བློ་མ་རིག་ཐེ་ཙོམ་ངས་མི་བྱེད། །ད་ལྟ་སྣང་སྲིད་ཆོས་སྐུར་ཤར། །འདི་ལྡོམ་པ་བདག་གི་རྟོགས་པ་ཡིན། །གྲོགས་སྟོང་ཆེན་འཚོགས་ཡང་གནོང་རྒྱུ་མེད། །ཅེས་ཕུལ་བས། བླ་མ་ཡང་མཉེས་ཏེ། རས་ཆུང་བ་ཁྱོད་སློབ་མ་སྣོད་ལྡན་ཡིན། །གསུངས་པས། ཁྱོད་ལ་དང་པོ་དད་པ་དང་ཤེས་རབ་ཡོད། །བར་དུ་ཐོས་བསམ་བྱས། ཐམ་ཟབ་མོ་གསང་སྔགས་
(༢༠༨)སྒོམས། ད་ཁ་ནང་དུ་ལྟོས་གསུངས་ནས་གསུང་པ་སུམ་བཅུ་འགུར་དུ་གསུངས་སོ། །བུ་རྟེན་དུ་དཀོན་མཆོག་གསུམ་པོ་བཟང་གསུང་། །གྲོགས་སུ་དད་པ་རྟེན་ཅིག་གསུངས། །གདོན་དུ་རྣམས་རྟོགས་ཆེན་པོ་གསུངས། །བདུད་དུ་ང་རྒྱལ་ཆེན་པོ་གསུངས། །སྡིག་དུ་བསྐུར་བ་ཆེའོ་གསུངས། །ལམ་།།།འཕྲག་དོག་གནོད་དོ་གསུངས། །ཕུང་གྲོལ་ཆང་གི་བྱེད་དོ་གསུངས། །སྡིག་པ་སྟོབས་བཞིའི་མ་བཤགས་ན། །འགྲོ་བ་དྲུག་དུ་འཁྱམ་མོ་གསུངས། །བསོད་ནམས་འབད་ནས་མ་བསགས་ན། །ཐར་བའི་བདེ་བ་ཐོབ་པ་གསུངས། །མི་དགེ་བཅུ་པོ་མ་སྤངས་ན། །མཐོ་རིས་ཐར་བ་མི་ཐོབ་གསུངས། །སྟོང་ཉིད་སྙིང་རྗེ་མ་སྐྱེས་ན། །མཐར་ཐུགས་སངས་རྒྱས་མི་ཐོབ་གསུངས། །ཚེ་འདིར་སངས་རྒྱས་ཐོབ་འདོད་ན། །རང་སེམས་ཡེངས་མེད་ལྟོས་ཤིག་གསུངས། །རྒྱུད་ཀྱི་མཐར་ཐུགས་བསྡུས་པའི་དོན། །རྣལ་འབྱོར་དྲུག་ལྡན་སྒོམས་ཅིག་གསུངས། གདམ་ངག་མཐར་ཐུགས་བསྡུས་པའི་དོན། །གསང་སྔགས་ཐབས་ལམ་སྒོམས་ཤིག་གསུངས། །རྙེད་དང་བཀུར་སྟི་གྲགས་འདོད་ན། །བདུད་ཀྱི་ཁར་ཆུང་དོ་གསུངས། །བདག་སྟོད་གཞན་ལ་སྨོད་པ་ན། །འཇིགས་པའི་གཡང་སར་ལྟུང་ངོ་གསུངས། །སེམས་ཀྱི་གླང་པོ་མ་བཏུལ་ན། །གདམ་ངག་མཁན་གྱི་བསླུའོ་གསུངས། །སོ་ནམས་སེམས་བསྐྱེད་ཆེའོ་གསུངས། །ལྟ་བ་སྐྱེ་མེད་བཟང་ངོ་གསུངས། །ཉམས་ལེན་ཐབས་ལམ་ཟབ་པོ་གསུངས། །ལྷན་སྐྱེས་ངོ་ཡི་ཟུང་ཤིག་གསུངས། །དམ་པ་རྗེ་དང་སྤྲོད་ཅིག་གསུངས། །མི་ཚེ་ཕན་ཚུན་མ་གཟད་གསུངས། །རང་སེམས་སྐྱེ་མེད་ལྟོས་ཤིག་གསུངས། །འཁོར་བར་བདེ་བ་མ་རེ་གསུངས། །སྡུག་བསྔལ་སྐྱོན་དུ་མ་འཛིན་གསུངས། །སེམས་རྟོགས་སངས་རྒྱས་ཡིན་ནོ་གསུངས། །མང་དུ་སྤྲོས་པ་མི་དགོས་གསུངས། །དོན་དེ་ལ་ཟབ་པ་མེད་དོ། །
(༢༠༩)གསུངས། །གནད་དེ་མིན་མེད་ཅེས་བླ་མས་གསུངས། །ཅེས་པ་དེ་བྲག་སྟེང་རྟ་སྒའི་སྐོར་རོ། །དེ་ནས་རྗེ་བཙུན་ཡབ་སྲས་དོམ་ལུང་བྱ་བའི་བྲག་གསེབ་ཅིག་དུ་བྱོན་ནས་བཞུགས་པས། རས་ཆུང་བས་བླ་མ་ལགས། ཕ་ཡུལ་སྤངས་བས་ཆོས་བྱང་རྫོགས་ཟེར་བ་ཅིག་འདུག་ཨེ་བདེན་ཞུས་པས། དེ་ལ་ངེས་པ་མི་འདུག །ཆོས་སྤྱི་ལ་དེ་སྐད་ཟེར་ལོ་ཟེར་ཡང་། ཕ་ཡུལ་ཅུག་སྤངས་ལ་རགས་ལས་ཏེ། གསུངས་ནས་མགུར་འདི་གསུངས་སོ། །རིགས་ཀྱི་བདག་པོ་ངོ་བོ་ཉིད། །སྤྱི་གཙུག་བདེ་ཆེན་ཕོ་བྲང་དུ། །སྐྱོན་གྱི་མ་གོས་བླ་མ་དེ། །ཡོན་ཏན་ཚོགས་ཀྱི་རབ་བརྒྱན་ཏེ། །སྐུ་ལྟ་བས་མི་ངོམས་རྗེ་ལ་བསྟོད། །ཕ་ཡུལ་སྤངས་པའི་མི་ཡང་། །ངོ་བསྲུང་ལུགས་དང་ཚུལ་བཞིན་དགོས། །གྲགས་དང་སྙན་པ་ཆེན་དགའ། །དེ་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །ཟས་བསྐུར་སྟི་སྤངས་པའི་སྤངས་ཟས་དེ། །ཚོགས་བསོགས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་ཞིང་ལ་མངར་ན་དགའ། །དེ་ཡང་འཇིག་རྟེན་ཆོས་ཀྱི་སླེབ། །གོས་ཐེར་ཕྲུག་སྤངས་པའི་དུག་པ་ཡང་། །འཚམས་བསྒྲུབས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་འཇམ་ཞིང་ཡང་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབས། །མཁར་ཁྱིམ་སྤངས་པའི་ས་ཕུག་ཡང་། །ཐིགས་ཆགས་ལུགས་དང་ཚུལ་བཞིན་དགོས། །དེ་ཡང་བརྩན་ལ་རུབ་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱི་སླེབས། །ཞིང་ཆེན་སྤངས་པའི་ཞིང་ཆུང་ཡང་། །སོ་ནམས་ལུགས་དང་ཚུལ་བཞིན་དགོས། །ལོ་ཏོག་བཟང་ལ་མང་ན་དགའ། །དེར་ཡང་འཇིག་རྟེན་ཆོས་ཀྱིས་སླེབ། །འཁོར་བའི་ཆོས་ཉིད་གཞི་བྲལ་ཏེ། །བརྟགས་ནས་ངོས་བཟུང་མེད་པ་ལ། །རྟོགས་ན་མྱ་ངན་འདས་པ་ཡིན། །ཐམས་ཅད་སྟོང་བའི་ཆོས་ཉིད་ལ། །རྣལ་འབྱོར་རྟག་པར་མ་འཛིན་ཅིག །ཅེས་གསུངས་པས། རས་ཆུང་བས། ལགས་དེ་ལ་
(༢༡༠)གོ་རྒྱུ་བཟང་པོ་ཅིག་བྱུང་། ཆོས་སྤྱི་ལ་བཤད་དེ། དོན་ལ་གོ་རྒྱུ་ཡེ་ནས་མ་བྱུང་ཟིན། ཞུས་པ་འོ་བུ་དེ་བཞིན་རང་བཞིན། །དོན་དང་ཚིག་འབྲེལ་བ་ལ་དཀའ་མོ་རང་ཡོད། །ངེས་ཤེས་སེམས་ལ་མ་སྐྱེས་ན། ཁ་ན་ལབ་རྒྱུ་མང་ཡང་འཆལ་གཏམ་ཡིན། གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཆོས་སྙིང་རུས་ནུས་པར་ཐུགས་རྗེས་ཟུང་། །ཕྱི་རབས་གང་ཟག་ང་ལ་ཉོན། །ཡོན་ཏན་ཐམས་ཅད་རབ་ལྡན་པའི། །དུས་གསུམ་སངས་རྒྱས་བླ་ན་མེད། །ཆོས་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །ཞལ་ནས་གསུངས་པའི་གདམ་ངག་ལ། །དུག་ལྔ་འཇོམས་པའི་སྨན་མཆོག་སྟེ། །བདུད་རྩི་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུང་དམ་རས་ཆུང་བ། །བླ་མའི་མཛད་སྤྱོད་རྣམ་ཐར་ལ། །མངོན་སྤྱོད་ལས་རྣམས་བསྒྲུབ་པ་ལ། །སྤྲུལ་སྐུ་རང་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །སེམས་མི་འགྱུར་དགུ་འགྱུར་དྲན་རྟོག་འདི། །སེམས་ཀྱང་སྐྱེ་མེད་རྩ་བ་བྲལ། །དྲན་པ་ཡིད་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུང་དམ་རས་ཆུང་བ། །ཉོན་མོངས་དུག་མཚོའི་རྦ་རླབས་འདི་ཤིང་རྟོགས་མེ་ཡི་བསྲེགས་པ་བཞིན། །ཉོན་མོངས་འཆི་མེད་དུ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །འདོད་ཁམས་ལྷའི་བདེ་བ་ཡང་། །ནམ་ཟླ་བ་དུས་བཞིའི་འགྱུར་ལྡོག་བཞིན། །འཁོར་བར་སྐྱིད་མེད་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །མི་རྟགས་ནམ་མཁའི་ཀློག་དང་འདྲ། །འབབ་ཆུ་དང་ནི་སྤོས་རྒྱ་བཞིན། །ཚེ་ལ་ལོང་མེད་དུ་ཡིད་ཆེས་དགོས། །བུ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །སྙིང་གཏམ་དུརང་གཞན་ཐམས་ཅད་འཆི། །ཅིས་ཀྱང་མི་
(༢༡༡)སྡོད་འཆི་བ་ལ། །འཆི་མེད་བསྒྲུབ་ལ་ཡིད་ཆེས་དགོས། །བློ་ལ་ངེས་ཤེས་ཆུད་དམ་རས་ཆུང་བ། །ཅེས་གསུངས་པས། རས་ཆུང་བ་དང་འབྲི་སྒོམ་གཉིས་སྣང་བ་མཐོ་ལེངས་ཀྱིས་སོང་བས། ཆོས་གཏམ་བྱས་པས། རས་ཆུང་བས་ནོར་བས་སྒོམ་པའི་སྟེང་ན་ལྟ་བར་རྟོགས་པར་བཞེད་པ་ལེགས་ཟེར། འབྲི་སྒོམ་གླིང་ཁབས། མི་ཏྲི་བའི་ལྟ་བའི་སྟེང་ནས་སྒོམ་པ་རྟོགས་པ་ལེགས་ཟེར་བས་རྩོད་པ་ལ། བླ་མས་ཞལ་ནས་ཁྱེད་གཉིས་ངའི་ཀླུ་འདི་ལ་ཉོན་ལ་དེ་ལ་བཟོད་བརྩོད་ཅིག་གསུངས་ནས་མགུར་འདི་གསུངས་སོ། །རྗེ་དྲིན་ཅན་བླ་མ་གཙུག་ནས་བཞུགས། །འབྲལ་མེད་ཀྱི་རྟོགས་པ་རྒྱུད་ལས་སྐྱེས། །ཁྱོད་གཅོང་ཁམས་ཅན་གྱིས་སྟོན་སྒོམ་གཉིས། །ཉེར་ལེན་ནང་ནས་མ་འཕྲོད་ན། །གུ་ཅོ་འདེབས་པ་ང་རྒྱལ་ཡིན། །ལར་སྒྲོ་འདོགས་ནང་ནས་ཆོད་པ་ལ། །མཐའ་འབྲལ་ལྟ་བ་མི་ཟེར་རམ། །ཉམས་མྱོངས་དང་འབྲེལ་བ་ཅིག་བརྒྱན་དུ་ཆེ། །བདེ་སྟོང་ཉམས་མྱོངས་སྐྱེས་པ་ལ། །སྙན་རྒྱུད་ཀྱིས་གདམ་ངག་མི་ཟེར་རམ། །དབང་བཞི་དང་འབྲེལ་བ་ཅིག་བརྒྱན་དུ་ཆེ། །སྟོང་ཉིད་ཀྱི་གསལ་རིགས་ཕྱེད་པ་ལ། །ས་ལམ་གྱི་རིམ་པ་མི་ཟེར་རམ། །ལམ་རྟག་དང་འབྲེལ་བ་ཅིག་བརྒྱན་དུ་ཆེ། །རང་སེམས་ཟད་སར་སྐྱེལ་བ་ལ། །ཚེ་གཅིག་གིས་སངས་རྒྱས་མི་ཟེར་རམ། །སྐུ་བཞི་དང་འབྲེལ་པ་ཅིག་བརྒྱན་དུ་ཆེ། །ལུང་རིག་དང་མན་ངག་བསྟན་པ་ལ། །རྒྱུད་ལྡན་གྱི་བླ་མ་མི་ཟེར་རམ། །ཐུགས་རྗེ་དང་འབྲེལ་པ་ཅིག་བརྒྱན་དུ་ཆེ། །ངད་ལྡན་སྙིང་རྗེ་ཆེ་བ་ལ། །སྣོད་ལྡན་གྱི་སློབ་མ་མི་ཟེར་རམ། །མོས་གུས་དང་འབྲེལ་བ་ཅིག་བརྒྱན་དུ་ཆེ། །ལར་སེམས་ཐག་ལྟ་བས་གཅོད་པ་ཡིན། །ཉམས་མྱོང་སྒོམས་བས་ལེན་པ་ཡིན། །སྤྱོད་པས་མཐའ་རུ་འདོན་པ་ཡིན། །གྲོགས་སུ་དམ་ཚིག་
(༢༡༢)འཁྱེར་བ་ཡིན། །མངོན་དུ་སྐུ་བཞི་འབྱེད་པ་ཡིན། །འབྲས་བུ་སེམས་སུ་འདོད་པ་ཡིན། །ཐམས་ཅད་གཅིག་ཏུ་རྩི་བ་ཡིན། །ཅེས་གསུངས་པས། ཁོང་རྣམས་པ་གཉིས་རང་ཞིལ་ལ་འཆམ་སྟེ། །ཆོས་མང་པོ་ཤེས་པ་ཅི་ལ་ཕན། །བླ་མས་མགུར་རེ་རེའི་སྣང་བ་ལིང་ལིང་འགྱུར་ཡིན་འདུག་ཞུས་པས། བླ་མས་ཞལ་ངས་མགུར་བྱས་པས་ཕན་ན་ལེགས་ཏེ། ད་ནི་ད་རུང་བསྒོམ་རང་འདོད་གསུངས་ནས་མགུར་འདི་གསུངས་སོ། །ལུང་རིགས་རྒྱ་མཚོ་དགོངས་པ་ལ། །ལྟ་བའི་མདོ་འགག་མ་ནོར་ཅིག །བརྒྱ་ལ་མདོ་འགག་ནོར་བ་ན། །སྒོམ་ཆེན་སློབ་གཉེར་དྲན་ཉེན་ཡོད། །ཉམས་བཟང་པོ་ལང་ལོད་མང་པ་ལ། །སྒོམ་ཆེན་ཐེ་ཙོམ་མ་ཟ་ཅིག །བརྒྱ་ལ་ཐེ་ཙོམ་ཟོས་པ་ན། །ཉམས་ལ་འདྲེ་བརྡུངས་བྱས་ཉེན་ཡོད། །སྙིང་རུས་སྡུག་བསྲན་འབད་དུས་ན། །སྡིག་སློངས་ན་ཚ་ཡོང་ཉེན་ཡོད། །བརྒྱ་ལ་ན་ཚ་ཡོང་བ་ན། །ལོག་ལྟའི་རིམ་གྲོ་བྱས་ཉེན་ཡོད། །སངས་རྒྱས་འབྲས་བུ་ཐོབ་འདོད་ན། །ཉམས་མཐོ་དམན་ལང་ལོང་མང་པོ་ཡོད། །དེ་ལ་རང་སོར་མི་བཞག་ན། །སྤངས་བླངས་བྱས་ནས་སྒོམ་ཆེན་འཁྲུལ། །བླ་མའི་ངོ་སྤྲོད་མ་མཆིས་པའི། །སྒོམ་ཆེན་ལོ་བྱས་ཀྱང་དོན་མ་རྟོགས། །མང་པོ་བཤད་ཀྱང་གོ་རྒྱུ་མེད། །མན་ངག་གནད་འགག་ཟིན་པར་གྱིས། །མི་མེད་ལུང་པ་སྟོང་པ་ན། །མི་ལ་རས་པ་ཉམས་མྱོང་སྐྱེས། །མི་ལ་སྒོམ་སྲན་མ་ཆུང་ཅིག །བརྒྱ་ལ་སྒོམ་སྲན་ཆུང་བ་ན། །སེམས་ལེ་ལོའི་འདམ་དུ་བྱིངས་ཉེན་ཡོད། །འདིར་བཞུགས་བུ་སློབ་དད་པ་ཅན། །ཁ་བཤད་འདོད་ཆོས་གཏམ་མ་རྩོད་པར། །སེམས་སྒོམས་འདོད་ཡེངས་པ་མེད་པར་སྒོམས། །ཅེས་གསུངས་སོ། །དེ་ཐམས་ཅད་དོམ་ལུང་བྲག་གསེབ་ཀྱིས་སྐོར་རོ། །དེ་ནས་རྗེ་བཙུན་
(༢༡༣)དཔོན་སློབ་སྲིང་གི་སྤྲོ་བདེ་ཕུག་བྱ་བ་ན་བཞུགས་སུ། སློབ་མ་རས་པ་རྡོ་རྗེ་དབྱངས་ཕྱུག་དང་། ཡོན་བདག་འགའ་བྱུང་ནས། ངེད་ཚོས་ཉམས་ལེན་གང་ལ་བྱེད་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །སེམས་ལས་གཞན་པས་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་མྱུར་པ་མེད། །ཉམས་བདེ་སྟོང་གཉིས་ལ་བཟང་བ་མེད། །ལྷ་དཀོན་མཆོག་གསུམ་ལས་གཉན་བ་མེད། །དྲིན་བླ་མ་རྗེ་ལས་ཆེ་བ་མེད། །དེ་འགྲོ་བ་ཀུན་ཀྱི་སྤྱི་བོར་བཀུར། །མ་ནོར་ལམ་སྣ་མྱུར་དུ་འདྲེན། །ཡིད་ཆེས་དྲོད་རྟག་འབྲལ་བ་མེད། །དེ་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན། །རྟོགས་ཚད་ནང་ན་ཤར་བ་ཡིན། །རེ་དོགས་གཉིས་པོ་མི་དགོངས་ན། །རང་གིས་སེམས་ཐག་ཆོད་པ་ཡིན། །ཐེ་ཙོམ་ཡིད་གཉིས་མི་གདའ་ན། །རྒྱུད་པའི་གདམ་ངག་ཐེབས་པ་ཡིན། །སྣང་སྲིད་སྒྱུ་མར་འབྱོངས་པ་ཡིན། །སྣང་བ་བྱིན་གྱི་རློབས་པ་ཡིན། །སེམས་ཅན་སྙིང་རྗེས་ཟིན་པ་ཡིན། །བྱམས་པ་རྒྱུད་ལས་སྐྱེས་པ་ཡིན། །བླ་མ་སངས་རྒྱས་སུ་ཤེས་པ་ཡིན། །བྱིན་བརླབས་ལགས་ཆངས་ཐོགས་པ་ཡིན། །ཟུར་བསྡེབས་ཚིག་རྐང་བཅོ་བརྒྱད་ལ། །གོ་བར་བསམ་ན་ཆོས་སུ་འདུག །མོ་གི་སྟོད་འགྱུར་དབྱངས་སུ་མཐོང་། །ཅེས་གསུངས་པས། གདམ་ངག་གནང་ཡིན་བསྒོམ་དུ་བཅུག་པས། སློབ་མ་དེ་རྣམས་ལ་ཉམས་རྟོགས་པ་སྐྱེས་པས། ཁོང་རྣམས་ན་རེ། བླ་མའི་བཞུགས་གནས་སུ་ཡོད། དངོས་གྲུབ་དང་ཐུགས་དམ་གང་བཟང་། བདེ་སྐྱིད་སྤྲོ་བ་ཅི་ལྟ་བུ་ཡོད། ཅེས་ཞུས་པས། ཡང་མགུར་འདི་གསུངས་སོ། །ཡང་མྱེས་དེ་ལོ་བཟང་པོ་ཡིན། །མེས་པོ་ན་རོ་བན་ཆེན་ཡིན། །ཕ་རྒན་མར་བ་ལོཙྪ་ཡིན། །ང་རང་མིད་ལ་རས་
(༢༡༤)པ་ཡིན། །གདམ་ངག་གསལ་པོ་རྒྱུན་ཆགས་ཡིན། །དེ་ནི་ཡིན་པ་རྣམ་དྲུག་ཡིན། །དྲུག་པོ་འདི་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་མཆིས། །ཀླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །དེ་ལན་མིད་ལའི་རྫུན་དྲག་འཆད། །གནས་ཆུ་ཤིང་འཛོམ་པའི་ཕུག་པ་ན། །ཉེ་གནས་ཟེར་བ་རྫུན་དུ་གདའ། །ཟོ་རགས་ངན་པ་དགོས་རྒྱུ་ཆུང་། །གཏམ་ངན་མང་པོའི་རྣ་བ་ཚ། །ལུས་ལ་གཏུམ་མོ་འབར་ཙ་ན། །ཐེར་ཕྲུག་མང་པོའི་བྱ་རྒྱུ་མེད། །ཅི་དུས་གྲོགས་མཆེད་ཞེན་པ་ལྡོགས། །སྒོམ་ཏིང་འཛིན་རང་ས་ཟིན་ཙ་ན། །ཤ་ཆུང་ཞིམ་ལྟོ་རྫུན་དུ་གདའ། །བྲལ་བྲེལ་མང་པོའི་སྣང་བ་སྤུན། །ཉལ་དུས་ཡི་མུ་གདོག་སྦྱོར་འཁྲུག །ཞེན་པ་ན་ངན་ལོགས་ཙ་ན། །ནོར་རྫས་མང་པོ་རྫུན་དུ་གདའ། །ཁོ་ཚོང་མང་པོའི་དགོས་པ་མེད། །ཅིས་ཀྱང་སྡིག་པའི་རྣམ་སྨིན་འགོ །སྙིང་རུས་སྒོམ་སྲན་བྱེད་དུས་ན། །འཁོར་སློབ་མ་ཟེར་བ་རྫུན་དུ་གདའ། །མཇལ་འཕྲད་མང་པོ་དགོས་པ་མེད། །ཅུག་ཀྱང་དེ་སྦྱོར་འཆག་པ་ཡིན། །མཁའ་འགྲོའི་སྙན་རྒྱུད་སྒོམ་དུས་སུ། །ཆོས་བཤད་མང་པོ་རྫུན་དུ་གདའ། །བཤད་པ་མང་པོའི་དགོས་རྒྱུ་མེད། །ཅིས་ཀྱང་ང་རྒྱལ་སུས་ཀྱང་འདོད། །རྫུན་དྲུག་མན་ངག་རྡོ་རྗེའི་མགུར། །ཤེས་པར་གྱིས་ལ་གོ་བར་ལོང་། །ཅེས་གསུངས་པས། ཡང་ཁོང་རྣམས་ཀྱི་གནས་གང་སྤྲོ་དང་ཐུགས་དམ་གང་འཕེལ་ཅིག་གསུངས་པར་ཞུ་ཞུས་པས། ཡང་མགུར་འདི་གསུངས་སོ། །ད་རེས་མིད་ལའི་ཆེ་དྲུག་འཆད། །མིད་ལའི་ཆ་དྲུག་འཆད་ཙ་ན། །བླ་མ་དཀོན་མཆོག་བཀའ་དྲིན་ཆེ། །ཡི་དམ་མཁའ་འགྲོ་བྱིན་བརླབས་ཆེ། །ཆོས་སྐྱོངས་སྲུང་མ་མཐུ་རྩལ་ཆེ། །སྙན་རྒྱུད་གདམ་ངག་ཟབ་ཏིག་ཆེ། །མིད་ལ་རས་པ་སྒོམ་སྲན་ཆེ། །གྭ་བ་བུ་བུ་སློབ་དད་པ་ཆེ། །མིད་ལའི་ཆ་དྲུག་པོ་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་མཆིས། །
(༢༡༥)ཀླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མིད་ལའི་བདེ་དྲུག་འཆད། །མིད་ལའི་ལུང་སྟོང་གཅིག་པུ་བདེ། །བླ་མའི་གདམ་ངག་སེམས་ལ་བདེ། །འབོལ་ཆུང་དྲོན་པོ་འགོ་དུ་བདེ། །དབེན་ཁང་བདེ་མོའི་སྟེང་དུ་བདེ། །གྲངས་རྟོགས་རན་པའི་སྒྱུ་ལུས་བདེ། །འཁྲུལ་འཁོར་ལུས་ཀྱིས་བཅའ་ཐབས་བདེ། །མིད་ལའི་བདེ་དྲུག་པོ་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་མཆིས། །ཀླུད་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མིད་ལའི་འདུས་དྲུག་འཆད། །མིད་ལས་འདུས་དྲག་འཆད་ཙ་ན། །མིད་ལས་རྩ་རླུང་དབུ་མར་འདུས། །ཉིན་པར་བར་མའི་ཚོགས་སུ་འདུས། །བྱང་སེམས་འཁོར་ལོའི་སྲོག་ལ་འདུས། །ནུབ་མོ་མཁའ་འགྲོའི་ཚོགས་ལ་འདུས། །རང་སེམས་སྙིང་རྗེའི་ཡུལ་དུ་འདུས། །ནང་ནུབ་ཟས་ནོར་ཚོགས་སུ་འདུས། །མིད་ལའི་འདུས་དྲག་པོ་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་མཆིས། །ཀླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མིད་ལའི་རྫོངས་དྲུག་འཆད། །མིད་ལའི་རྫོངས་དྲུག་འཆད་ཙ་ན། །རག་མ་བྱང་ཆུབ་བསྒྲུབ་པའི་རྫོངས། །སྤོས་རི་སྤོས་མཐོན་ནམ་མཁའི་རྫོངས། །བྲག་མར་མཆོངས་གླིངས་ཁྱུང་གི་རྫོངས། །མོན་གྱི་སྐྱིད་ཕུག་ཉི་མའི་རྫོངས། །ཀ་ཏེ་ཤེལ་ཕུག་ཆུ་ཤིང་རྫོངས། །བྲག་ཀར་རྟ་སོ་དབུ་མའི་རྫོངས། །མིད་ལའི་རྫོངས་དྲུག་པོ་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་མཆིས། །ཀླུ་དེ་ཡང་བདེ་སྟེ་འདི་ཡང་བདེ། །ད་རེས་མིད་ལའི་བཟང་དྲུག་འཆད། །མིད་ལའི་བཟང་དྲུག་འཆད་ཙ་ན། །ཕྱག་རྒྱ་ཆེན་པོ་ལྟ་བ་བཟང་། །ན་རོའི་ཆོས་དྲུག་སྒོམ་པ་བཟང་། །ཐབས་ལམ་ཟབ་མོའི་སྤྱོད་པ་བཟང་། །སྐུ་གསུམ་ལྷུན་འགྲུབ་འབྲས་བུ་བཟང་། །བཀའ་རྒྱུད་བླ་མའི་བྱིན་བརླབས་བཟང་། །མིད་ལ་རས་པའི་གདམ་ངག་བཟང་། །མིད་ལའི་བཟང་
(༢༡༦)དྲག་པོ་དང་མ་བྲལ་ན། །མ་བདེ་མ་མཆིས་བདེ་མོར་མཆིས། །ཁྱེད་འདིར་བཞུགས་བུ་སློབ་ཡོན་བདག་རྣམས། །ཕན་པའི་ཆོས་ལ་བྱེད་མཁན་མེད། །གནོད་པའི་སྡིག་ལ་ཧབ་ཐོབ་བྱེད། །སྡུག་བསྔལ་སྡིག་གི་འབྲས་བུ་ཡིན། །སྡུག་པར་རང་གིས་བྱས་པ་ཡིན། །བདེ་བ་དགེ་བའི་འབྲས་བུ་ཡིན། །བདེ་སྐྱིད་རང་གི་རང་ལ་གྱིས། །ཞལ་ཡང་ཡང་མཇལ་བས་སྨོན་ལམ་འཚལ། །ཅེས་གསུངས་པས། དེར་བཞུགས་པ་ཐམས་ཅད་སྣང་བ་འགྱུར་ཞིང་ཆོས་ལ་སྤྲོ་བར་གྱུར་ཏོ། དེ་གསུངས་པ་ཐམས་ཅད་བྲག་དཀར་རྟ་སོའི་སྐོར་རོ། །དེ་ནས་ཐོག་ལྷའི་ཕར་ངོས་ན་དམ་པ་རྒྱ་གར་བཞུགས། །ཚ་རོངས་ན་མིད་ལ་རས་པ་བཞུགས། གཅིག་གཅིག་ལ་མཇལ་སྤྲོ་བས་དམ་པ་བལ་པོའི་ཕར་ངོས་ན་ཡར་ལ་བྱོན། རྗེ་བཙུན་ཚུར་ངོས་ནས་ཡར་ལ་བྱོན་པས། གཅིག་གི་གཅིག་འབྱོན་པ་ནི་མཁྱེན་ཏེ། མིད་ལ་རས་པའི་སྦྲལ་བ་ཅིག་བྱས་ནས་ཨེ་ཤེས་ཡིན་ནོ་དགོངས་པས། ལ་ཁ་ན་ཤིང་སྲང་མའི་ཕུང་པོ་ཅིག་ཏུ་སྤྲུལ་ནས་བཞུགས་ཙ། དམ་པས་ཤིང་དེ་ལ་རྟོགས་པ་ཅིག་བྱས་ནས། མིད་ལ་རས་པ་ཁྱོད་རྣལ་འབྱོར་བའི་གྲུབ་རྟགས་དང་ཁྱི་ལུང་ཀྱི་མེ་ཏོག་འདི་རང་ཡིན་ཟེར་ནས་བྱོན་སོང་བས། མིད་ལ་དམ་པའི་ཕལ་ཐུལ་གྱི་མཐུ་བ་ནས་བཟུང་སྟེ། དམ་པའི་ཞལ་ན་མིད་ལ་ཟེར་ལེ་ཁྱོས་མཁའ་འགྲོའི་སྲོག་སྙིང་ཀླུར་བླངས་བོད་དུ་ཁྱེར་བས། མཁའ་འགྲོ་མ་རྣམས་འཁྲུག་སྟེ། ད་ལྟ་ཤ་ཟའི་མཁའ་འགྲོ་མས་ཁྱོད་ཀྱི་སྲོག་སྙིང་དམར་ཙ་རེ་ཁྱེར་བྱུང་བ་དང་འཕྲད། ད་ཞག་བདུན་ནས་ཁྱོད་འཆི་གསུངས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ། ༈
(༢༡༧)།བློ་ཡང་མེད་པའི་གཡུ་རལ་རྒྱས། །འཁྱག་ཞུ་མེད་པའི་གངས་ལ་ཉལ། །རྣལ་འབྱོར་ལྟ་བ་མཁན་དེ་ཤི་ནའང་ཤི། །ཤི་ན་རང་ཁ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །སེམས་མི་གཡོ་རྒྱན་གྱི་ཤ་བོ་ལ། །ཉམས་དུ་མ་རོ་གཅིག་གི་རུས་བཅུ་རྒྱས། །བདེ་གསལ་ཆེན་པོའི་སྤངས་ལ་ཉལ། །རྣལ་འབྱོར་སྒོམ་པ་མཁན་དེ་ཤི་ནའང་ཤི། །ཤི་ན་རང་ཁ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་དེ་དམ་པ་རྗེ་བཙུན་པ། །རང་དོན་ལྷུན་འགྲུབ་ཀྱི་སྟག་མོ་ལ། །གཞན་དོན་ལྷུར་ལེན་གྱི་རི་མོ་རྒྱས། །མཐའ་དབུས་མེད་པའི་ནགས་ལ་འཕྱོ། །རྣལ་འབྱོར་སྤྱོད་པ་མཁན་དེ་ཤི་ནའང་ཤི། །ཤི་ན་རང་ཁ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །དགེ་བཅུ་འབྲལ་མེད་ཀྱི་ཉི་མོ་ལ། །སྡིག་བཅུ་འབྲལ་མེད་ཀྱི་གསེར་མིག་འཁྱིལ། །རྒྱུན་འཆད་མེད་པའི་ཆུ་བོ་གཞུང་ལ་འཕྱོ། །རྣལ་འབྱོར་དམ་ཚིག་མཁན་དེ་ཤི་ནའང་ཤི། །ཤི་ན་རང་ཁ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །ཕྱི་དཀར་མར་སེམས་ཀྱི་ཤོག་གུ་ལ། །ནང་རིག་པ་སེམས་ཀྱི་ཡི་གེ་བྲིས། །འགྱུར་མེད་བརྟན་པོར་ཉམས་སུ་བླངས། །རྣལ་འབྱོར་དམ་ཆོས་མཁན་དེ་ཤི་ནའང་ཤི། །ཤི་ན་རང་ཁ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །སེམས་འགྱུ་བ་དངོས་མེད་ཁྱུང་ཆེན་ལ། །བློ་རེ་དོགས་མེད་པའི་གཤོག་དྲུག་རྒྱས། །འདུས་མ་བྱས་ནམ་མཁའི་དབྱིངས་སུ་འཚོ། །རྣལ་འབྱོར་འབྲས་བུ་མཁན་དེ་ཤི་ནའང་ཤི། །ཤི་ན་རང་ཁ་བདེ་བའི་རྒྱུ། །ཤི་ན་རྣལ་འབྱོར་ཤིན་ཏུ་སྐྱིད། །ཨང་ངེ་དམ་པ་རྗེ་བཙུན་པ། །ཞེས་ཤི་བ་དྲུག་གི་འགུར་མ་ཕུལ་བས། དམ་པའི་ཞལ་ནས། ཁྱོད་རྣལ་འབྱོར་
(༢༡༨)བའི་ཉམས་ལ་རྒྱ་མཚོ་ལ་སྣག་ཚ་བྱས། རྩི་ཤིང་ལ་བསྙུ་གུ་བྱས། ཡུལ་དང་ཐེལ་ལ་ཤོ་གུ་བྱས། སེམས་ཅན་ཐམས་ཅད་ལམ་སུ་མཁན་བྱས་ཡང་བྲི་བ་དང་བརྗོད་པར་མི་ལངས། ཁྱོད་སྐྱེ་ཤི་ལ་མི་འཇིག་པ་ཐག་ཆོད་པ་ཅིག་དགོས་པ་ཡིན། གསུངས་པའི་ལན་དུ་མགུར་འདི་གསུངས་སོ། །ལྟ་བ་སྐྱེ་མེད་ངང་ལ་འཆི་མེད་འཚོ། །སྐྱེ་འཆིའི་མཚན་མ་རང་སར་གྲོལ། །ལྟ་བ་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོ་ན་གདའ། །སྒོམ་མེད་ཀྱི་ངང་ལས་ཡེངས་མེད་འཚོ། །བྱིང་རྒོད་ཀྱི་མཚན་མ་རང་སར་གྲོལ། །སྒོམ་པ་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོ་ན་གདའ། །སྤྱོད་པ་ཤུགས་འབྱུང་ངང་ལས་འགག་མེད་འཚོ། །ཚུལ་འཆོས་ཀྱི་མཚན་མ་རང་སར་གྲོལ། །སྤྱོད་པ་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོ་ན་གདའ། །དབང་བསྐུར་མེད་ངང་ན་ཐོབ་མེད་འཚོ། །ལྷ་སྐུའི་མཚན་མ་རང་སར་གྲོལ། །དབང་བསྐུར་གྱི་ཐག་ཆོད་བློ་རེ་བདེ། །སེམས་མ་བདེ་མོ་ན་གདའ། །དམ་ཚིག་བསྲུང་མེད་ངང་ལས་ཉམས་མེད་འཚོ། །སྲུངས་སྒོམས་ཀྱི་མཚན་མ་རང་སར་གྲོལ། །དམ་ཚིག་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོ་ན་གདའ། །འབྲས་བུ་རེ་མེད་ངང་ལས་དགོས་མེད་འཚོ། །རེ་དོགས་མཚན་མ་རང་སར་གྲོལ། །འབྲས་བུ་ཐག་ཆོད་བློ་རེ་བདེ། །སེམས་མ་བཅོས་པ་འདི་བདེ་མོ་ན་གདའ། །ཅེས་གསུངས་པས། དུམ་པ་མྱེས་ཏེ། བོད་ཀྱི་རྣལ་འབྱོར་བ་ལ་ཐག་ཆོད་མོར་འདུག་གསུངས་པས། རྗེ་བཙུན་གྱིས་ཞུས་པ། ཕ་དམ་པ་ཁྱེད་ལ་དམ་ཆོས་སྡུག་བསྔལ་ཞི་བྱེད་བྱ་བ་ཁ་ནང་དུ་ལོགས་ནས། སེམས་ལ་བལྟས་པས་སངས་རྒྱས་ཀྱི་དགོངས་པ་ཅིག་ཆོད་དུ་རྟོག་པའི་གདམ་ངག་ཟབ་མོ་ཡོད་
(༢༡༩)ཟེར་བས། དེ་བདག་ལ་གནང་བར་ཞུ་ཞུས་པས། དམ་པས་ཞལ་ནས་མགུར་གཅིག་མོ་འདི་གསུངས་སོ། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །གནོད་བྱེད་ཕོ་མོ་འདུས་ཙ་ན། །བརྟུལ་ཞུགས་འཁྲུལ་འཁོར་བཅའ་བ་ཡིན། །ལུས་ལ་ན་ཚ་བྱུང་བ་ན། །དབྱིངས་རིག་གཅིག་ཏུ་བསྲེ་བ་ཡིན། །རྣམས་རྟོགས་ཕྲ་མོ་སྐྱེས་ཙ་ན། །ཉོན་མོངས་འབུར་འཇོམས་བྱེད་པ་ཡིན། །གཅིག་པུར་རྐོག་ཏུ་ཉལ་ཙ་ན། །རིགས་པ་རྗེན་པར་འཇོག་པ་ཡིན། །མང་པོའི་གསེབ་ཏུ་སྡོད་ཙ་ན། །གང་ཤར་དབང་པོ་ལྟ་བ་ཡིན། །བྱིངས་ནས་ཕཊ་ཀྱིས་བསེང་བ་ཡིན། །འཕྲོ་ན་རྩ་བ་གཅོད་པ་ཡིན། །རྒོད་ན་དབྱིངས་སུ་འཇོག་པ་ཡིན། །ཤེས་པ་ཡུལ་ཕྱིར་འབྲང་ཙ་ན། །དེ་ཉིད་དོན་ལ་ལྟ་བ་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །ལྟས་ངན་བྱུང་ན་གཡང་དུ་ལེན། །རྣམས་རྟོགས་ཇི་ལྟར་དགྱེས་དགྱེས་མཛོད། །ནད་ཚ་བྱུང་ནས་བོགས་སུ་འདོན། །འབྱུང་བཞི་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བ་བྱུང་ན་ལམ་དུ་སློངས། །འཆི་བདག་ཇི་ལྟར་དགྱེས་དགྱེས་མཛོད། །དམ་ཆོས་སྡུག་བསྔལ་ཞི་བྱེད་འདི། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །རྡོ་རྗེ་འཆང་གིས་གསང་ཚིག་ཡིན། །མཁའ་འགྲོ་སྔ་བཞིའི་སྲོག་སྙིང་ཡིན། །རྒྱུད་སྔ་བཞིའི་གདམ་ངག་ཡིན། །སྙན་བརྒྱུད་ཀྱིས་མན་ངག་ཡིན། །མན་ངག་ཐབས་ཀྱི་སྡེ་མིག་ཡིན། །དམ་ཆོས་སྡུག་བསྔལ་ཞི་བྱེད་ལགས། །ཅེས་གསུངས་ནས། རྩྭ་འཇག་མ་ཅིག་གི་སྟེང་དུ་
(༢༢༠)དཀྱིལ་དཀྲང་ཅིག་བཅས་བཞུགས་འདུག་པ་དང་། རྗེ་བཙུན་གྱིས་རྩྭེ་འཇག་མ་ཅིག་ཚལ་པ་བརྒྱད་དུ་བཏང་བའི་ཡབ་ཅིག་གི་སྟེང་དུ་སྐྱིལ་དཀྲུང་བཅས་ནས་བཞུགས་པ་དང་། དམ་པ་སངས་རྒྱས་ངོ་མཚར་སྐྱེས་ནས། སྤྱན་ཟིམ་མེད་ཟིལ་བ་ཁྲོམ་གྱིས་སོང་འདུག་པས། རྗེ་བཙུན་གྱི་ཁྱེད་ཅི་མཛད་པ་ཡིན་ཞུས་པས། དམ་པས་ཞལ་ནས། རྣལ་འབྱོར་བ་ཁྱོད་ལ་ངོ་མཚར་སྐྱེས་པའི་གཏམ་སྙན་རྒྱ་གར་དུ་སྐྱེལ་ཏུ་སོང་བས། རྒྱ་གར་དུ་མཁའ་འགྲོ་མ་རེ་རེས་ཚོགས་ཀྱིས་དགའ་སྟོན་རེ་རེ་མཛད་པར་ཡོད། བོད་ལ་རྣལ་འབྱོར་བ་ཁྱོད་འདྲ་བ་ཡོད་པ་ཨང་། ང་ལ་ཡང་ཁྱོད་མི་དགོས། ཁྱོད་ལ་ཡང་ང་མི་དགོས་པར་འདུག་གསུངས་ནས་བྱོན་སོང་ངོ་། །དེ་གསུངས་པ་ཐམས་ཅད་ཐོག་ལའི་སྐོར་རོ། །དེ་ནས་རྗེ་བཙུན་སྙི་ཤིང་ཀྱི་བྲག་སྐྱིད་ཕུག་ཉི་མའི་རྫོང་དུ་གཅིག་པུར་བྱོན་ནས་བཞུགས་ཙ། ཉི་མ་ཕྱེད་ལ་སྒྲ་སྐད་ཆེན་ཆེན་པོ་བྱུང་བས་གཟིགས་ཙ་ན། ཤ་བ་པོ་ཅིག་རྡུལ་རྫབས་སེ་བྱུང་བ། བཟོད་ཀླགས་མེད་པར་སྙིང་རྗེ་སྐྱེས་ཏེ། སྤྱིར་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། ཁྱད་པར་དུ་དུད་འགྲོ་གླེན་པ་སྙིང་རེ་རྗེ། དེའི་ནང་ནས་ཤ་བ་འདིའི་མི་སུ་ལ་ཡང་དོན། བྱས་པ་མེད་པ་ལ་འཇིག་སྣང་ཅན། །མི་ཐམས་ཅད་ཀྱི་སྡང་བ་ཞིག་འདུག་དགོངས་ནས། ཤ་བའི་སྡུག་བསྔལ་སེལ་བའི་དོན་དུ་སྐྱོ་ཤེས་སྙིང་རྗེའི་མགུར་འདི་གསུངས་སོ། ༈ །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤ་བའི་ལུས་ལ་ཚེར་མའི་མགོ་བོ་ཅན། །ཤ་ལུས་ཚེར་མགོ་བ་ཁྱོད་ང་ལ་ཚུར་ཉོན་དང་། །ཕྱི་སྣང་བའི་ཡུལ་ལ་བྲོས་བྲོས་ནས། །འཁྲུལ་སྣང་མ་རིག་ནང་ནས་
(༢༢༡)ཐར་དུས་མེད། །ཕྱི་ལུས་སེམས་སྤོངས་པའི་མི་སྤོངས་ན། །འཁྲུལ་སྣང་མ་རིག་སྤོངས་པའི་དུས་ལ་བབ། །ལས་རྣམ་སྨིན་བདེན་པ་མགྱོགས་གྲགས་པ། །ཁྱོད་མགྱོག་པས་བྲོས་པས་ཐར་བར་དཀའ། །སྔོན་ལས་ངན་སྡིག་པ་བསགས་བསགས་པས། །ལུས་སེམས་འཇིགས་སྐྲགས་སྡུག་བསྔལ་སྤྱོད། །བྲོས་པས་ཐར་འདོད་འཁྲུལ་བ་ཡིན། །སེམས་འཁྲུལ་བ་བཤིག་ན་འདི་ན་སྡོད། །ཅེས་སྐྱོ་ཤེས་སྙིང་རྗེའི་དབྱངས་སྙན་ཚོར་ནས་ཉན་པའི་ཚུལ་དུ་གཡས་ཕྱོགས་དེར་ཉལ་ནས་བསྡད་པས། མི་གནས་མཆིལ་མ་ཕྲུལ་གྱི་ཕྱུང་སྟེ། ན་བཟའ་ལ་མཆུ་གཏད་ནས་ཉལ་ལོ། །རྗེ་བཙུན་གྱིས་སྙིང་རེ་རྗེ་སེམས་ཅན་འདི་ལ་གནོད་པ་བྱེད་པའི་མི་ཅིག་ཡོད་པར་འདུག་པས་དགོངས་ཙ། ཁྱི་མོ་དམར་མོ་རྔ་མ་དཀར་དམར་གྱི་བརྒྱན་པ་ཞིག་བྱུང་བ་དེ་ལ་སྙིང་རྗེ་རང་དབང་མེད་པར་སྐྱེས་ཏེ། དབྱངས་སྙན་པའི་མགུར་འདི་གསུངས་སོ། ༈ །རྗེ་ལྷོ་བྲག་མར་པའི་ཞབས་ལ་འདུད། །སེམས་ཅན་ཞེ་སྡང་ཞི་བར་བྱིན་གྱིས་བརློབས། །ཁྱོད་ཁྱིའི་ལུས་ལ་སྤྱང་ཁུའི་ཁ། །ཁྱི་ལུས་སྤྱང་ཁ་ང་ལ་ཚར་ཉོན་དང་། །ཁྱོད་སྣང་བ་གང་མཐོང་དགྲར་ལེན་པའི། །ཞེ་སྡང་གི་བསམ་ངན་ཡིད་ལ་ཟུག །སྡིག་ཅན་ཁྱིའི་ལུས་སུ་སྐྱེས། །སྡུག་བསྔལ་ཅན་རྟོགས་པའི་ངང་ལ་སྟོད། །ད་གཟུངས་འཛིན་གྱི་ལྕགས་སྒྲོགས་མ་གྲོལ་ན། །ངན་སོང་གི་འཇིགས་ལ་ཐར་དུས་མེད། །ཕྱི་ལུས་སེམས་དེད་པས་མི་ཟིན་ཏེ། །ནང་རང་སེམས་རང་གི་འཛིན་རེ་རེན། །ཞེས་གསུངས་པས། ཁྱི་མོ་དེ་གཡོན་ཕྱོགས་སུ་མཆུལ་བ་གཏད་ནས། རྣ་བ་ཕབས། རྔམ་བསྒྲིལ་ནས། ཉལ་བསྡད་ཙ། །མཆི་མ་སྐྱ་ཁྲལ་གྱིས་
(༢༢༢)བྱུང་སྟེ། ཤ་བ་དང་ཁྱི་མོ་གཉིས་ནི་མ་བུའི་ཚུལ་དང་འདྲ་བར་བྱུང་བས། བླ་མས་ཐུགས་དགོངས་ལ། ཁྱི་འདིའི་བདག་པོ་མི་ཞིག་འོང་བས་བསམ་ཤེས་པ་དྲག་དགོངས་ཙ་ན། མི་སྔོན་པོ་རས་རྐེད་ལ་དཀྲིས་པ་ཅིག་གིས། ཞགས་པ་དང་རྒྱ་ཁྲེས་པོ་ཅིག་ཁུར། མདའ་ལྔ་གཞུ་གཅིག་བཟུང་བྱུང་བ་ལ་མགུར་འདི་གསུངས་སོ། །རྗེ་གྲུབ་ཐོབ་རྣམས་ལ་གསོལ་བ་འདེབས། །དུག་ལྔ་ཞི་བར་བྱིན་གྱིས་རློབས། །ཁྱོད་མིའི་ལུས་ལ་གཤིན་རྗེའི་མགོ་བོ་ཅན། །མི་ལུས་གཤིན་རྗེའི་མགོ་ཁྱོད་ང་ལ་ཚུར་ཉོན་དང་། །མི་ལུས་རིན་ཆེན་དཀོན་གསུངས་སྟེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །སྲིན་པོའི་གཟུགས་ཀྱིས་གདུགས་པ་ཅན། །སྡུག་བསྔལ་ངན་སོང་ཁྱོད་ཀྱི་ཨི་ཚོར་རམ། །སྡིག་པ་འདོད་པ་མི་འགྲུབ་སྟེ། །ནང་ཞེན་པ་ལོགས་ནས་དངོས་གྲུབ་ཐོབ། །ཕྱི་སྣང་བ་བཏུལ་ནས་མི་ཐུལ་ཏེ། །ནང་སྡིགས་སེམས་འདུལ་བའི་དུས་ལ་བབ། །ཁྱོད་ཤ་བ་བསད་པའི་མི་བརྒྱགས་སྟེ། །ནང་དུག་ལྔ་བསད་ན་ཅི་བསམ་འགྲུབ། །ཕྱི་དགྲ་བོ་འདུལ་ཡང་ཅེ་མང་འགྲོ། །ནང་རང་རྒྱུད་བཏུལ་ན་དགྲ་བོ་མེད། །མི་ཚེ་སྡིག་ལ་མ་སྐྱེལ་བར། །དམ་པའི་ལྷ་ཆོས་ཤིག་བྱས་ནས་བཟང་། །ཞེས་གསུངས་ཚངས་པའི་དབྱངས་ལྟ་བུ་ཐོས་ནས་སྙན་ཅིང་ཡིད་དུ་འོང་བ། འགྲོ་བ་གང་གི་རྣ་ལམ་དུ་སོང་བའི་ཡིད་འཕྲོག་པར་བྱེད་པའི་མགུར་དེ་སྐད་གསུངས་པ་དང་། ཁོ་ཡུལ་དུ་བལྟས་ནས་བསྡད་དེ། ཁོའི་བསམ་པ་ལ་མགུར་མ་དེ་ལ་ངེས་པ་མེད། ཁྱི་ཤ་བ་འདི་གཉིས་སྔར་རས་མ་སླེབས་ཙ་ན། ཤའི་ཡེད་ཟོས་ནས་འོང་གིན་ཡོད། དེ་རང་ཤ་བ་ཁྱི་གཉིས་མ་བུ་དང་འདྲ་བར་འདུག་
(༢༢༣)པས། ཤ་བའི་སྲོག་ཕུལ་ནས་འདྲ་ཐད་དེ། ངའི་བུ་སྨད་ལྟོགས་དྲིར་འཆི་བར་ཡོད་པས། སྡིག་མོ་ཞིག་བྱེད་དགོ་བསམ་ནས། མདའ་བཀང་ནས་རྣལ་འབྱོར་བ་རྒད་པོ་ཁྱོད་ཀྱི་རས་གོས་ཀྱི་མདའ་མི་རྟེན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། ༈ །ཁྱོད་ཉོན་དང་གསོན་དང་ཁྱི་གྲ་བ། །འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་ཡིན། །འཇའ་ཁ་དོགས་ལེགས་ཀྱང་ཡལ་རྒྱུ་ཡིན། །འཇིག་རྟེན་ཉམས་དགའ་འདྲ་ཡང་རྨི་ལམ་ཙམ། །འཁོར་བར་བདག་དགའ་འདྲ་ཡང་སྡོད་དབང་མེད། །འདུས་བྱས་འདི་ནི་མི་རྟག་པ། །རྗེས་ཁར་སང་ཡོད་པ་ད་ནང་ཆགས། །མི་ན་ནང་ཡོད་པ་ད་ལོ་ཤི། །ནོར་ལྡང་ལ་བཏགས་པ་དགྲ་ལ་ཤོར། །ཟས་ཕན་པར་ཟོས་པ་དུག་དུ་ན། །གྲོགས་བཟང་པོར་ཡང་དགྲ་རུ་ལྡང་། །དྲིན་བཟང་པོས་བསྐྱངས་པ་ཁ་པོ་ཆེ། །སྡིག་པ་རང་བྱས་རང་ལ་སྡིག །དམོན་མོ་ལན་མེད་རང་ལ་འཁོར། །ཁྱོད་མགོ་བརྒྱའི་ནང་ན་རང་མགོ་གཅེས། །སོར་མོ་བཅུ་ལ་གང་བཅད་ཚ། །གཟའ་ཚོ་མི་ལྔའི་ན་ཁྱོ་རང་གཅེས། །རང་མགོ་རང་གི་བཏོན་པའི་དུས་ལ་བབ། །ཚེ་འདི་མི་རྟགས་མྱུར་དུ་འཆི། །རང་སེམས་འོད་གསལ་བསྒོམ་པའི་དུས་ལ་བབ། །འགྲོག་པའི་གཉེན་གྱིས་འཁོར་བར་འཕེན། །དཔལ་ལྡན་བླ་མ་བསྟེན་པའི་དུས་ལ་བབ། །ལར་གཅིག་སོང་གཉིས་སོང་སྡོད་དབང་མེད། །ཐམས་ཅད་འགྲོ་ཞིང་འདུག་པ་མ་མཐོང་ངམ། །ཚེ་འདི་ཕྱི་གཉིས་ཀ་འཛོམ་པ་དམ་པའི་ཆོས། །དམ་པའི་ལྷ་ཆོས་བྱེད་པའི་དུས་ལ་བབ། །ཅེས་གསུངས་པས། ཁོ་དད་པ་སྐྱེས་ཏེ། ཨ་རེ་བདེན། ང་ལ་ལོད་མེད་
(༢༢༤)མི་འདུག་བསམ་ནས། མདའ་གཞུ་སྟེང་ལ་བཞག་ནས་ཕྱག་ཕུལ་ཏེ། ཤ་བའི་།།།དང་ཁྱི་དང་རྒྱ་དང་མདའ་གཞུ་དང་ཐམས་ཅད་ཕུལ་ནས། བྲོ་མ་དབྱངས་འདི་ཕུལ་ལོ། །རྗེ་བཙུན་ཆེན་པོ་སྙན་གསོན་དང་། །སྤྲུལ་སྐུ་རས་ཆེན་ཐུགས་གཏད་འཚལ། །ངའི་ལག་པ་གཡས་ན་ཐོགས་པའི་ནགས་འཕྲང་མདའ། །སྒྲོ་མོ་ཡུད་གསུམ་མཚལ་གྱི་ཁ་བརྒྱན་ཅན། །མདེའུ་ངར་མ་བཙན་དྲུག་ངར་མས་ཕྱུག །ཕར་འཕང་ན་རྡོ་རྗེའི་བྲག་ཀྱང་འགས། །ལག་པ་གཡོན་ནས་བཟུང་བའི་མཆོག་ཀར་གཞུ། །ཧོར་གཞུ་ཏང་སམ་སེང་སྐུད་ཁ་བརྒྱན་ཅན། །གྲོ་བ་དཀར་པོ་མཛེས་པའི་གསལ་མདངས་ཅན། །ཚུར་འཐེན་ནས་འབྲུག་སྐྲ་སྟོང་བཞིན་སྒྲོགས། །ཞགས་པ་ནག་པོ་ཨ་ལོང་སྔོན་པོའི་ཁ་བརྒྱན་ཅན། །འདོམ་དྲུག་བཤལ་བདུན་བཤན་ཅིང་འཕྲ་ལ་དངས། །རྒྱ་ཁྲེས་ཁྲ་བོ་སྣ་གཅུའི་ཁ་བརྒྱན་ཅན། །ཁྱི་མོ་དམར་མོ་རྔ་མ་དཀར་དམར་ཚོམ་བུ་ཅན། །ཀློགས་ལྕམ་འཕར་མ་ནམ་མཁའི་བྱ་འཛིན་མ། །ཤ་བ་དུང་རུའི་ཁ་བརྒྱན་ཅན། །འབུལ་བ་སྣ་དྲུག་བླ་མ་ཁྱེད་ལ་འབུལ། །ཁྱི་མོ་དམར་མོ་ཐར་བའི་ལམ་ལ་གྲོངས། །ཤ་བ་སྨུག་པོ་བྱང་ཆུབ་ལ་དྲོངས། །ང་ཁྱི་ར་མགོན་པོ་དམྱལ་བར་མི་གཏང་འཚལ། །སྔར་བྱས་སྡིག་པའི་ལས་ལ་འགྱོད་པ་སྐྱེས། །ད་ཕྱིན་ཆད་མི་བྱེད་དམ་བཅའ་ཡར་གྱི་འབུལ། །ཞེས་ཞུས་པས། རྗེ་བཙུན་མཉེས་ནས། ཁོ་བྲོད་པ་སྐྱེད་པའི་དོན་དུ་མགུར་འདི་གསུངས་སོ། །མིང་ངོ་ཁྱོར་གྱི་མ་ཤེས་ན། ད་གུང་ཐང་གི་མི་ལ་རས་པ་ཡིན། །ཆོས་ལྟ་བ་གང་ཡིན་ཟེར་ཙ་ན། །ལྟ་བ་སྣང་སྟོང་མཐའ་བྲལ་ཡིན། དེ་ཡིན་ལུགས་གཉིས་ཀྱི་བར་ན་
(༢༢༥)རྙེད། །བུ་སྐྱེ་འཆིའི་འཇིགས་ན་ཡར་ལ་ལྟོས། །སྐྱེ་འཆིས་འཇིགས་ན་ང་ཕྱིར་འབྲོང་། །སྒོམ་པ་གང་ཡིན་ཟེར་ཙ་ན། །སྒོམ་པ་འོད་གསལ་འཛིན་མེད་ཡིན། །དེ་བདེ་སྟོང་གཉིས་ཀྱི་བར་ན་རྙེད། །བུ་སྐྱེ་འཆིས་འཇིགས་ན་ཡར་ལ་ལྟོས། །སྐྱེ་འཆིས་འཇིགས་ན་ང་ཕྱིར་འབྲོང་། །སྤྱོད་པ་གང་ཡིན་ཟེར་ཙ་ན། །སྤྱོད་པ་མ་འགག་ལྷུན་འགྲུབ་ཡིན། །དེ་འཁོར་འདས་གཉིས་ཀྱི་བར་ན་རྙེད། །སྐྱེ་འཆིས་འཇིགས་ན་ཡར་ལ་ལྟོས། །བུ་སྐྱེ་ཤིས་འཇིགས་ན་ང་ཕྱིར་འབྲོང་། །ཆོས་ལྟ་བསྒོམ་སྤྱོད་གསུམ་རྡོ་རྗེའི་དབྱངས། །ཁྱོད་སྒོམས་པ་ནུས་ན་རྟོགས་པ་འཆར། །གཟའ་ཚང་དུག་གི་ཁྱིམ་ཐབས་ལ། །སྤངས་པར་ནུས་ན་ངོ་མཚར་ཆེ། །རང་ཉིད་གཅིག་པུར་འཆི་བ་ལ། །ཆོས་ཅིག་ནུས་ན་བསོད་ནམས་ཆེ། །ཞེས་གསུངས་པས། ཁོ་ཤིན་དུ་དད་དེ། བླ་མ་ལགས། ཁྱེད་གར་བཞུགས། གྲོགས་ཅི་འདྲ་ཡོད། འཚོ་བ་ཅི་གསོལ། ང་ཡང་ཚོགས་ཕྱི་ལ་འགྲོ་ལགས། བུ་སྨད་ཅི་རེད་ཅི་རེད་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། ༈ །བླ་མ་དང་རང་སེམས་སངས་རྒྱར་གསུམ། འདུ་འབྲལ་མེད་པར་གསོལ་བ་འདེབས། །གནས་གཡའ་རི་གང་རི་རྫ་རི་གསུམ། །འདི་གསུམ་རྣལ་འབྱོར་ངེད་ཀྱི་བསྒྲུབ་གནས་ཡིན། །གནས་དེ་གསུམ་ལ་སྤྲོ་ན་ང་ཕྱིར་གཤེགས། །ཤ་བ་རྣ་བ་རྒོ་བ་གསུམ། །འདི་གསུམ་རྣལ་འབྱོར་ངེད་ཀྱི་སྒོ་ནོར་ཡིན། །ནོར་དེ་གསུམ་ལ་དགའ་ན་ང་ཕྱིར་འགྲོ། །བྱ་གོང་མོ་དང་འཇོལ་མོ་ཀྲིག་མོ་གསུམ། །འདི་གསུམ་རྣལ་འབྱོར་ངེད་ཀྱི་འདུག་རོགས་ཡིན། །གྲོགས་དེ་གསུམ་དང་འགྲོགས་ན་ང་ཕྱིར་འགྲོ། །མེ་ཆ་དང་མེ་རྡོ་སྤྲོ་བ་གསུམ།
(༢༢༦)འདི་གསུམ་རྣལ་འབྱོར་ངེད་ཀྱིས་ཁྱིམ་ཚེས་ཡིན། །ཁྱིམ་ཚེས་འདི་གསུམ་ལ་བྱེད་ན་ང་ཕྱིར་འགྲོ། །ཐང་ཁུག་དང་ཐོད་ཕོར་བེར་རྒ་གསུམ། །འདི་གསུམ་རྣལ་འབྱོར་ངའི་ནང་རྫས་ཡིན། །ནང་རྫས་འདི་གསུམ་ལ་བྱེད་ན་ང་ཕྱིར་འགྲོ། །སྔོ་ཟྭ་དང་རིག་པ་དུལ་བ་གསུམ། །འདི་གསུམ་རྣལ་འབྱོར་ངེད་ཀྱི་ཆོས་བརྒྱག་ཡིན། །ཟས་འདི་གསུམ་ལ་འགྲང་ན་ང་ཕྱིར་འགྲོ། །རྫ་ཆུ་དང་ཆུ་གཡའ་ཆུ་གསུམ། །འདི་གསུམ་རྣལ་འབྱོར་ངེད་ཀྱི་སྐོམ་ཆུ་ཡིན། །སྐོམ་འདི་གསུམ་ཀྱི་ངོམ་ན་ང་ཕྱིར་འགྲོ། །བླ་མ་དང་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་རྣལ་འབྱོར་ངའི་རྒྱབ་རྟེན་ཡིན། །རྒྱབ་རྟེན་འདི་གསུམ་ལ་དད་ན་ང་ཕྱི་ལ་འགྲོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་རྣལ་འབྱོར་ངའི་སྐྱབས་གནས་ཡིན། །ཁྱོད་དེ་གསུམ་ལ་སྐྱབས་ན་ང་ཕྱི་ལ་འགྲོ། །ཐབས་ལམ་ངང་ཟབས་ལམ་སྙན་རྒྱུད། །འདི་གསུམ་རྣལ་འབྱོར་ངའི་ཆོས་གསུམ་ཡིན། །ཁྱོད་དེ་གསུམ་སྒོམས་ན་ངས་ཕྱི་ལ་འགྲོ། །གཅིག་པུ་དང་སྙིང་རུས་སྡུག་སྲན་གསུམ། །འདི་གསུམ་རྣལ་འབྱོར་ངའི་ཐར་ལམ་ཡིན། །ཁྱོད་གསུམ་ནུས་ནས་ངས་ཕྱི་ལ་འགྲོ། །ཀུ་རེ་དང་ཡེངས་མེད་འཁྲུལ་མེད་གསུམ། །འདི་གསུམ་རྣལ་འབྱོར་ངའི་ཉམས་ལེན་ཡིན། །ཁྱོད་དེ་གསུམ་སྐྱོངས་ན་ང་ཕྱི་ལ་འགྲོ། །ཅེས་གསུངས་པས། ཁོ་དགའ་ཡར་བྱུང་ནས། ཁྱེད་ལ་དེ་ལྟར་ཡོད་པ་ཤིན་ཏུ་དགའ། །ཁྱེད་གཡར་གཡར་གར་བཞུགས། དགུན་དང་སྟོན་ཅི་མཛད། །བདག་ཀྱང་ཆགས་ཕྱི་བྱེད་པས་རྒྱགས་ཕྱེ་ཙམ་དགོས། ཞུས་པས། བླ་མས་ཞལ་ནས་རྒྱགས་དགོས་ཀྱང་ཁྱོད་ཀྱི་བུ་སྨད་ཤི་ལ་འདུག་ཟེར་བས། གནས་བརྒྱགས་ཡོད་གསུངས་པས་ང་ལ་ནོར་ཡོད་དེ། ཟས་ལ་སྒྱུར་མ་ཕོད་པ་ཡིན་ཟེར། ནོར་ཡོད་
(༢༢༧)ཟས་མེད་པ་ཡི་དྭགས་སུ་སྐྱེས་འདོད་ཡིན། རྒྱ་མཚོའི་ཁ་ན་ཡི་དྭགས་སྒོམས་ཙ་ན། ཏིང་སངས་ན་བྱེད་པ་རྒྱུ་མཐུན་གྱི་སྔ་མ་སླེབ་པ་ཡོད་པ་ཡིན་ད་ནོར་དང་གཉེན་ལ་ཐེ་ཙོམས་མ་སྐྱེ་བར་གསུངས་ནས་མགུར་འདི་གསུངས་སོ། །ཕོ་ཡ་མཚན་ཅན་གྱི་རི་ཁྲོད་རས་པ་ང་། གཡར་ཟླ་གསུམ་རི་ཁྲོད་གྱི་གང་ལ་བསྒོམ། །འཁྱམས་རྨུག་པ་སངས་པ་བསིལ་ངད་བཟང་། །སྟོན་ཟླ་གསུམ་རོ་སྙོམས་ཀྱི་ལྡོམ་བུ་བྱེད། །ལུས་འབྱུང་བཞི་གསོ་བ་འབྲུ་ཙམ་ཡོད། །རྒུན་ཟླ་གསུམ་ནགས་མའི་ཕུགས་སུ་སྒོམས། །རླུང་གདུགས་རྩུབ་དར་མའི་སྲིབ་ཡོལ་ཡིན། །དཔྱིད་ཟླ་གསུམ་གཡའ་དང་གངས་ལ་སྒོམས། །རླུང་པད་ཀན་ཅན་འཁྲིག་བའི་ལྕམ་བསང་ཡིན། །དབྱར་རྒུན་མེད་པར་སྒོམས་ལ་ཡེངས་མེད་བརྩོན། །ལུས་འབྱུང་བཞི་འཇིགས་པའི་སྡུག་ཕྱིས་ཡིན། །ཉོན་མོངས་དུག་ལྔའི་དམགས་དོག་ཡིན། །འཚོ་བ་གང་བྱུང་ཟ་བ་ཡིན། །འདོད་སྲེད་ཆུང་བའི་སྐྱིད་རྟགས་ཡིན། །དུས་རྒྱུན་དུ་ཆོས་ལ་འབད་པ་ཡིན། །རྣལ་འབྱོར་བརྩོན་འགྲུས་ཆེ་བ་ཡིན། །ཞེས་གསུངས་པས། ད་ང་ལ་ཁྲིད་གནང་བར་ཞུ་ཞུས་པས་མགུར་འདི་གསུངས་སོ། བླ་མ་དམ་པ་བསྟེན་པ་ང་ཡང་དང་ཡང་དུ་གསོལ་བ་ཐོབ། །ཡི་དམ་མཁའ་འགྲོ་བསྒོམ་པ་དེ། །ཡང་ཡང་དྲན་ཅིང་གནས་པར་གྱིས། །འཆི་བ་མི་རྟག་བསྒོམ་པ་དེ། །ཡང་དང་ཡང་དུ་དྲན་པར་གྱིས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་དེ། །ཆུང་ངུ་ཆུང་ངུ་ཡང་ཡང་བསྒོམ། །སེམས་ཅན་ཕ་མར་བསྒོམ་པ་དེ། །ཡང་ཡང་སེམས་ལ་དྲན་པར་གྱིས། །སྙན་རྒྱུད་ཟབ་མོ་བསྒོམ་པ་དེ། །སྙིང་ལ་རུས་པར་ཐོན་པར་གྱིས། །དམ་ཆོས་མཐའ་རུ་འདོན་པ་དེ། །མཐོ་དམན་མེད་པར་ན་རེ་སྐྱོངས། །ཆོས་དང་ཨེ་མཐུན་ལྟ་བ་དེ། །རྩབ་རྩུབ་མེད་པར་གཅིག་
(༢༢༨)ལ་དྲིལ། སོ་ནམས་ལྷ་ཆོས་བྱེད་པ་ལ། །ཁྱིམ་པའི་རྟིང་མ་མ་བྱེད་ཅིག །ཆོས་།།།ས་བྱས་པ་ཕན་གནོད་མེད། །སོགས་མོ་སོག་དུ་མི་འཇུག་པ། །མཁའ་འགྲོ་སྤྱིའི་དམ་ཚིག་ཡིན། །ཅེས་གསུངས་པས། ཁྲིད་དང་སྙན་རྒྱུད་བསྒོམ་པས། ཉམས་རྟོགས་པ་སྐྱེས་ཏེ། གཉི་ཤང་གི་ཁྱི་གྲ་རས་པ་།།།ཀྱི་སྲས་བརྒྱད་ཡོང་པས་ཡ་བ་ཅིག་བྱུང་ངོ་། །བུ་སྨད་དང་ཡང་དེ་ཉིན་ནས་མ་འཕྲད་དེ། སྔར་བས་ཇེ་བརྒྱགས་ཇེ་སྐྱོངས་ལ་སོང་སྟེ། བསམ་པ་ཆོས་དང་མཐུན་པ་བྱུང་། ཤང་ཁྱི་དང་ཤ་བ་ཡང་རྗེ་བཙུན་ཕྱི་ལ་འགྲོ་བ་དང་། ཕྱིས་ཡང་རྫ་ཕུག་དེ་ཉིད་དུ་ཤི་ནས་ཁྱི་དང་ཤ་བའི་ཙིང་ཁོག་དང་མདའ་ཆགས་པ་གཞུ་ཆགས་རྣམས་ད་རུང་དུ་ངོ་མཚར་བའི་ལྟས་ལ་ཡོད་དོ། དེ་ཐམ་།།།དེ་ནས་རྗེ་བཙུན་དཔོན་སློབ་རྩང་གི་ཁ་རེའི་འགྲོན་ཁང་དུ་བསོད་སྙོམས་ལ། བྱོན་ནས། ཚོང་དཔོན་ཟླ་བ་ནོར་བུ་དགེ་བཤེས་གཡག་རུ་ཐང་པ་དང་། མ་མང་པ་འཆགས་འདུག་པ་ལ། གཡག་རུ་ཐང་བས་ཆོས་གསུངས་ཡིན་འདུག་པས། རྗེ་བཙུན་གོལ་ས་ཅིག་ཏུ་གཟིམས་ནས་བཞུགས་པས། དགེ་བཤེས་གཡག་རུ་ཐང་པ་ན་རེ། རྣལ་འབྱོར་བའི་ཉལ་ལུགས་ལ། མི་ལུས་ཆུད་ཟོས་ཐོབ་པ་ཆུད་ཟོས་ལ་སོང་འདུག །ཆོས་ལ་མི་ཉན་པར་མགོ་བཏུམས་ནས། ལྟོས་དང་ཟེར་བས། རྗེ་བཙུན་
(༢༢༩)ཡར་བཞེངས་ནས་མགུར་འདི་གསུངས་སོ། །ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྗེ་བླ་མའི་བྱིན་བརླབས་ཐུགས་རྗེས་ཟུང་། །ཁྱོད་དགེ་བའི་བཤེས་གཉེན་ཆོས་བཤད་མཁན། །ནང་རང་རྒྱུད་སེམས་ཉིད་མ་དུལ་བར། ཕྱི་སེམས་ཅན་དམུ་རྒོད་ག་ལ་ཐུལ། །གདུགས་དང་རྨ་བྱའི་ལྡིང་ཁང་རྣམས། །མི་རྟག་པར་སྣང་གི་གློག་དང་འདྲ། །དེ་ཨེ་རྟག་དགེ་བའི་བཤེས་རང་སོམ། །གྲོང་ལྟག་གི་དགོན་པའི་ཇ་ཐབས་དེ། །མགོ་གཡོག་ཕུང་གི་གཡབ་མོ་ཡིན། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །མགོ་ནག་མིའི་འདུ་འཛི་དེ། །སྡང་པའི་དགྲ་བོ་སྐོར་རྒྱུག་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །རྟ་ནོར་ལུག་གསུམ་འཚོ་སྐྱོངས་དེ། །རྩ་ཐོག་ཟིལ་བའི་རླུང་དམར་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །སྒྱུ་ལུས་ཉོན་མོངས་ཕུང་པོ་འདི། །མི་རོ་གསེར་ཆུ་བྱུགས་པ་འདྲ། །དེ་འདྲ་དགེ་བའི་བཤེས་རང་སོམ། །མཇོ་སྒོམ་མའི་ཚོགས་དཔོན་དེ། །ཡ་ཚུལ་ཟད་པའི་མ་རབ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཁ་ཟ་འདོད་ཚོགས་ཀྱི་འཁོར་ལོ་འདི། །ཁྲལ་ཨུ་ལག་སྡུད་པའི་ཧོར་འདྲ་འདྲ། །དེའི་འདྲ་དགེ་བའི་བཤེས་རང་སོམ། །མོ་བོན་རྩིས་གསུམ་གྲོང་ཆོག་འདི། །ཧང་རྩིས་ཐེབ་པའི་དྲང་པ་འདྲ། །དེ་ཨེ་འདྲ་དག་པའི་བཤེས་རང་སོམ། །ཉ་མ་འགོ་སྐོར་ཀྱི་ཀླུ་ཆུང་འདི། །འདོད་ངན་བྱི་ལའི་གསུང་ངག་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཕ་ཡུལ་ཞིང་ཁང་བདག་པོ་དེ། །འཇའ་ལ་བྱིས་པའི་བལྟས་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ཁྲམ་པ་འདུས་པའི་བུ་སློབ་དེ། །དཔོན་པོ་མང་པོའི་གཡོག་པོ་འདྲ། །དེ་ཨེ་
(༢༣༠)འདྲ་དགེ་བའི་བཤེས་རང་སོམ། །དོན་འཛིན་པ་མེད་པའི་ཆོས་བཤད་དེ། །དབང་ཆུང་ཁ་ད་བྱེད་པ་འདྲ། །དེ་ཨེ་འདྲ་དགེ་བའི་བཤེས་རང་སོམ། །ལར་སོ་ནམས་རང་དོན་མ་གྲུབ་པའི། །གཞན་དོན་བསྒྲུབ་པ་དཀའ་མོ་ཡིན། །ཞེས་གསུངས་པས། དགེ་བའི་བཤེས་གཉེན་གཡག་རུ་ཐང་པ་ཁྲི་ཐོག་ཏུ་བབ་ནས། རྗེ་བཙུན་ལ་ཕྱག་འཚལ། མཆི་མ་ལྷུག་པར་ཤོར། ཁྱེད་རེ་བདེན་ཟེར་ནས་གདམ་ངག་ཞུས་པས། བྱིན་བརླབས་ཞུགས་ཏེ། སྟོན་སྒོམ་ཁྱད་འཕགས་ཀྱིས་རས་པ་བཟང་པོ་ཅིག་བྱུང་ངོ་། །དེ་ནས་དེ་ནུབ་དེར་རྗེ་བཙུན་གཟིམས་ནས་བཞུགས་ཙ། །སྟོན་པ་མང་པོ་འདུག་པས། ཁ་དོན་དང་། ཆོས་མང་པོ་ནམ་ལས་བྱས། ཕྱིར་ནང་ཚ་བ་རན་པའི་དུས་སུ། །སྟོན་པ་ཅིག་ན་རེ། རྣལ་འབྱོར་བ་འདི་ལ་ཡང་སྡུས་ལ་བྱིན། དགེ་སྦྱོར་ནི་བྱེད་རྒྱུ་མི་འདུག་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །རྟེན་གྲུབ་མེད་དུ་རིག་པ་ངང་ལས་གྲོལ། །དེ་ལ་སྐྱབ་འགྲོ་བྱེད་ས་མ་རྙེད་ན། །ངག་སྨྲ་བརྗོད་དང་བྲལ་བའི་རྣལ་འབྱོར་སྐྱིད། །མཆོག་ཐུན་མོངས་གི་དངོས་གྲུབ་སྟེར་བའི་ཚོགས། །ཡི་དམ་ལྷ་བསྲུངས་འོད་གསལ་ངང་ལས་གྲོལ། དེ་ལ་བསྐྱེད་རིམས་བསྒོམ་ཡང་མི་དགོས་ལགས། །ཡིད་ལ་སྤྲོ་བསྡུ་དང་བྲལ་བའི་རྣལ་འབྱོར་སྐྱིད། །རྐྱེན་པོར་ཆོད་སེལ་བ་མཁའ་འགྲོའི་ཚོགས། །མཁའ་འགྲོ་རང་བཞིན་གཉུག་མའི་ངང་ལས་ཤར། །དེ་ལ་གསོལ་བ་གདབ་ཡང་མ་དགོས་ལགས།
(༢༣༡)ཚོགས་དྲུག་རང་སར་གྲོལ་བའི་རྣལ་འབྱོར་སྐྱིད། །འདྲེ་བདག་བགེགས་དང་འབྱུང་པོའི་ཚོགས། །འདྲེ་དོགས་མེད་ཆོས་ཉིད་ངང་ལས་ཤར། །དེ་ལ་ཇ་བརྡུངས་བྱེད་ཡང་མ་དགོས་ལགས། །རྣམས་རྟོགས་ཆོས་སྐུར་ཤར་བའི་རྣལ་འབྱོར་སྐྱིད། །ཁྱོད་སྟོན་སར་ཚིག་གི་ཐ་སྙད་མཁན། །ཚིག་ལྡབ་ལྡིབ་ཉམས་མྱོངས་ངང་དུ་གྲོལ། །དེ་ལ་སློབ་གཉེར་བྱེད་ཐབས་མ་རྙེད་དེ། །ཚིག་ཐ་སྙད་དང་བྲལ་བའི་རྣལ་འབྱོར་སྐྱིད། །ཅེས་གསུངས་པས། སྟོན་པ་དེ་རྣམས་ཀྱི་ནང་ནས་སེ་བན་སྟོན་ཆུང་བྱ་བ་ཅིག་དད་པ་སྐྱེས་ཏེ། སྙན་རྒྱུད་ཀྱི་གདམ་ངག་བསྒོམ་པས་རྟོགས་པ་སྐྱེས་ཏེ། ཐུགས་སྲས་བཞིའི་ཡ་བར་གྱུར་བ་མདོ་།།།ན་རས་པ་བྱ་ཅིག་བྱུང་ངོ་། །དེ་ནས་ཡོན་བདག་འབྲོ་ཆོས་བཟང་བྱ་བས་མདངས་ཞག་ཁམས་ཅིག་མ་བདེ་བས། ཡིད་སྐྱོ་ཤེས་དྲག་པོ་སྐྱེས་ཏེ། སྙིང་མི་དགའ་བས། བསྒོམ་ཡང་ཡོན་ཏན་མ་བྱུང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཡུལ་མ་གི་རི་ཁྲོད་དགོན་པ་ན། །བླ་མ་ལྟ་སྤྱོད་དང་ལྡན་པའི་རིན་པོ་ཆེ། །དེ་ལ་དད་ཅིང་གུས་པའི་གསོལ་བ་ཐོབ། །དོན་མ་ནོར་ཉམས་སུ་ལེན་པ་ཀུན། །བློ་རྒོད་ཙ་ལྟ་བའི་ཐོག་རྫིས་ཐོང་། །སེམས་མཚན་མ་རང་གྲོལ་འདི་ངོ་མཚར་ཆེ། །སེམས་མ་བདེ་ན་རོ་སྙོམས་ལྡོམ་བུ་མཛོད། །ཡུལ་སྣ་ཚོགས་རང་གྲོལ་འདི་ངོ་མཚར་ཆེ། །ཉམས་མི་དགའ་ན་ཉམས་ཅན་གོ་བསྡུར་མཛོད། །བུ་ཉམས་ཅན་གྱི་གོ་བསྡུར་སེམས་ལ་ཕན། །ཡིད་ཆེས་མ་སྐྱེས་ན་རྒྱལ་བའི་བཀའ་ལ་གཟིགས། །བཀའ་བདེན་པའི་ཚིག་ལ་ངེས་ཤེས་སྐྱེ། །སྙིང་མི་དགའ་རྗེ་ལ་གསོལ་
(༢༣༢)བ་ཐོབ། །ཕ་བླ་མའི་གདམ་ངག་སེམས་ལ་ཕན། །ལར་མི་དད་མེད་ཅིག་ལ་ཕར་བལྟས་ཙ། །གཞི་འཁོར་བའི་འདམ་དུ་ལུ་པོ་ཉལ། །ནང་དུག་ལྔས་སྔས་ལ་མགོ་བོ་གཏད། །ཉོན་མོངས་ལུད་པ་ཕྱོག་བཅུར་འཕེན། །ནད་དེ་ལ་གསོ་བའི་སྨན་པ་ཚོལ་སྒོ་གསུམ་མོས་གུས་ཕྱག་རྟེན་ཐོང་། །བླ་མའི་སྤར་ལ་བཟང་དྲུག་མང་། །སྒོ་གསུམ་ངོ་སྤྲོད་སྨན་སྦྱོར་མཛོད། །ཉོན་མོངས་ནད་ཀྱི་དུག་ལྔ་སོལ། །ཅེས་གསུངས་པས། ཡོན་བདག་ལ་གདམ་ངག་བསྟན་པས། ཉམས་བཟང་པོ་སྐྱེས་ནས་ངོ་མཚར་པ་ཅིག་བྱུང་ངོ་། །དེ་ནས་ཚོང་དཔོན་ཟླ་བ་ནོར་བུས་བདག་ལ་མི་རྟག་པའི་ཆོས་ཅིག་གནང་བར་ཞུ་ཞུས་པས། དྲན་ནེ་བརྒྱད་ཀྱི་མགུར་འདི་གསུངས་སོ། །ཁྱེད་ད་ལྟར་མཁར་ཁང་ཞིང་ཁྱིམ་འཛོམ་པ་དགའ་སྟེ། །རང་ཤི་ཙ་ན་རང་ཤོལ་སྟོང་བར་འགྲོ་བ་དྲན་ནེ། །ཁྱེད་ད་ལྟར་ཁས་དྲག་དཔུང་པ་འཛོམ་པ་དགའ་སྟེ། ཤི་ཙ་མགོན་མེད་སྐྱབ་དང་བྲལ་པ་དྲན་ནེ། །ཁྱེད་ད་ལྟ་ཕ་ཚན་ཉེ་འཁོར་མང་བ་དགའ་སྟེ། །རང་ཤི་ཙ་ཉ་མེད་བཤེས་དང་བྲལ་བ་དྲན་ནེ། །ཁྱེད་ད་ལྟ་གཡོག་འཁོར་བུ་ནོར་འཛོམ་པ་དགའ་སྟེ། །རང་ཤི་ཙ་གྲོགས་མེད་གཅིག་པུར་འགྲོ་བ་དྲན་ནེ། །ཁྱེད་ད་ལྟ་གོས་ཟས་གསེར་གཡུ་འཛོམ་པ་དགའ་སྟེ། །རང་ཤི་ཙ་ནོར་མེད་གཅེར་བུར་འགྲོ་བ་དྲན་ནེ། །ཁྱེད་ད་ལྟ་སྒྱུ་ཤེད་དཔའ་རྩལ་འཛོམ་པ་དགའ་སྟེ། རང་ཤི་ཙ་གཟུགས་པོ་སུམ་རྟེབ་བྱེད་པ་དྲན་ནེ། ཁྱེད་ད་ལྟ་དབང་པོ་དང་ཤ་བཀྲགས་གསལ་བ་དགའ་སྟེ། །རང་ཤི་ཙ་རུས་པ་རང་དབང་མེད་པ་དྲན་ནེ། །ཁྱེད་ད་ལྟ་ཁ་ཟས་ཞིམ་མངར་འཛོམ་པ་དགའ་སྟེ། །རང་ཤི་ཙ་ཁ་རུ་ཆུ་ལས་མི་འགྲོ་བ་དྲན་ནེ། །དྲན་ནེ་བརྒྱད་ཀྱི་མགུར་མ་འདི། །གཙང་ཁ་རག་ཁ་ཆེའི་འགྲོན་ཁང་དུ་
(༢༣༣)དབང་ཕྱུག་མི་ལ་ང་ཡིས་བླངས། །ཉམས་དགེ་བསྐུལ་ཀྱི་མཆོད་དབྱངས་དེ་ལ་མཛོད། །ཅེས་གསུངས་པས། ཁོ་དད་པ་སྐྱེས་ཏེ། དངོས་པོ་ཐམས་ཅད་ཆོས་ལ་བཏང་ནས། གདམ་ངག་ཞུས་པས། ཆོས་པ་བཟང་པོ་ཅིག་བྱུང་ངོ་། །དེ་རྣམས་རྩད་གཡག་རུའི་འགྲོན་ཁང་གི་སྐོར་རོ། །ནུས་པ་ཆེ་བའི་བྲང་གི་བར་ཅིག་ན་སྒོམ་ཆེན་སུ་བསྡད་གཤེགས་ནས་འདྲ་ཆེ་ཟེར་བས་འགྲོ་མི་ཕོད་པ་ཅིག་ཏུ། །རས་ཆུང་བ་དང་དཔོན་སློབ་གཉིས་བྱོན་ནས་བླ་མ་ཟད་པར་ཆུའི་ཏིང་ངེ་འཛིན་ལ་བཞུགས་ཙ། ནམ་སྲོད་ལས་བུད་མེད་ཆེན་པོ་ཅིག་བྱུང་ནས། ངའི་འདི་ན་སུ་ཡོད་ཟེར་བས། བླ་མས་སྙིང་རྗེ་བསྒོམ་ཙ། སྨེ་བ་ཅན་འདྲ་གཡོ་ཆེ་བ་ཅིག་ཟེར་ནས་ལོག་སོང་ངོ་། །དེ་ནས་ནམ་ཕྱེད་ན་ཡང་བུད་མེད་འོངས་ནས་བླ་མའི་གཟིམ་མལ་ལ་ཆུ་དེའི་ནང་དུ་རྡེའུ་ཅིག་བསྐྱུར་སོང་། བླ་མ་ཏིང་ངེ་འཛིན་ལས་བཞེངས་ཙ། མ་བདེ་ནས་ཕོ་བསྲ་ཏིང་ངེ་འདུག་པས། བླ་མས་སུ་ཨའུ་མཐོང་གསུངས་པས། བུད་མེད་ཅིག་ཡོངས་ནས་རྡེའུ་འཕང་ནས་སོང་ཞུས་པས། འོ་ན་ཁྱོད་ཀྱི་ཐོན་ཅིག་གསུངས་པས། ཆུའི་ཏིང་ངེ་འཛིན་ལ་བཞུགས་པས། རས་ཆུང་བས་རྡེའུ་བཏོན་ནས་ཕན་ནས་བྱུང་ངོ་། །དེར་ཕྱེད་དེ་ནུབ་མོ་རྒྱལ་པོ་གཉིས་ཀྱི་སྣ་དྲངས་ནས་འདྲེའི་དམག་མང་པོ་བྱུང་བས། འདིར་སུ་ཡོད་ཁྱོ་རང་གི་ཡུལ་དུ་མགྱོགས་པར་སོང་ཅིག །མི་འགྲོ་ན་འདྲེའི་དམག་གིས་ཁྱོད་མ་ཐོབ་པ་འདྲ་བ་ཅིག་བྱེད་ཟེར་བས། བླ་མས་དེའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མ་འགྲོ་བའི་མགོན་ལ་གསོལ་བ་
(༢༣༤)འདེབས། །སེམས་ཅན་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །འོ་ན་རྒྱལ་ངན་སྙིང་རེ་རྗེ། །འདྲེ་མོའི་དམགས་ཚོགས་ལས་རེ་རྨོངས། །ཁྱེད་བསམ་ངན་གདུག་སེམས་གོམས་གོམས་པ། །སེམས་ཅན་ཡོངས་ལ་གནོད་པར་བྱེད། །ཤ་དང་ཁྲག་ལ་ཟོས་ཟོས་པ། །སྲོག་གཅོད་དབུག་ལེན་ཤིན་ཏུ་བྲོད། །ལུས་ངན་འདྲེ་མོར་སྐྱེས་སྐྱེས་པས། །ལས་ངན་སྤྱད་པས་དམྱལ་བར་སྐྱེ། །ད་ཐར་བའི་ཡོན་ཏན་མི་དྲན་པས། །ཐར་ཐབས་མེད་པར་སྙིང་རེ་རྗེ། །ང་སྟོང་ཉིད་རྡོ་རྗེའི་གདན་ལ་བཞུགས། །ཁྱོད་སོང་ཅིག་བྱས་པས་ཆ་ཐབས་མེད། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཁྱོས་འཁྱེར་རྒྱུ་རྙེད་ན་དགའ་བ་ཡིན། །བྱང་ཆུབ་སེམས་ཀྱི་སྙིང་རྗེ་ལ། །འདྲེ་མང་པོ་འཚོགས་ནས་ང་ཡང་དགའ། །ཅེས་གསུངས་པས། ལ་ལ་ན་རེ་དུམ་བྱ་ཟེར། ལ་ལ་ན་རེ་མི་འགྲོ་ཅ་འདྲེ་མ་འདི་ལས་གནས་ཅིག་བྱིན་ཟེར། དེའི་ནང་ནས་ཞེ་ནགས་བ་འགས་གདུག་རྩུབ་མ་བྱས་ན་མི་འགྲོ་བར་འདུག་ཟེར་ནས། ཐོག་དང་སེར་བ་འབེབ་ལ་ཁང་བྱུང་བས། ཡང་བླ་མའི་མགུར་འདི་གསུངས་སོ། །ཁྱོད་ཉོན་དང་གསོན་དང་རྒྱལ་པོ་གཉིས། །འདྲེ་མོ་ཞེ་ནག་གདུག་རྩུབ་ཅན། །འབྱུང་པོ་ཡིད་བཏགས་ཐམས་ཅད་པ། །རང་གི་ལས་བྱས་རང་ལ་སྨིན། །གདུགས་སེམས་སྐྱེས་ཡིན་སྡུག་བསྔལ་ཆེ། །བསམ་ངན་སྐྱེས་ཡིན་བསོད་ནམས་འཛད། །ཟ་འདོད་ལྡང་ཡིན་ཟ་རྒྱུ་དཀོན། །ལྟོག་བ་ཆེ་བས་རང་སྐལ་ཆད། །འགྲོ་འདུག་མང་བས་གནས་མལ་ཤོར། །བྱེད་རྒྱུ་མང་བས་ཚར་དུས་མེད། །ལས་ངན་བསག་ཡིན་དོན་མི་འགྲུབ། །ཁོ་བ་ཆེ་བའི་དགྲ་མི་ཐུབ། །ཁྱོད་ཡིད་དམན་འདྲེ་མོའི་ཆོ་འཕྲུལ་ལ། །ང་རྣལ་འབྱོར་ཤིན་ཏུ་
(༢༣༥)རྒོད་སྙིང་འདོད། །ཆོ་འཕྲུལ་རྫུན་གྱི་ཧྲ་ཧྲི་ལ། །ང་རྣལ་འབྱོར་རྒྱུ་མཚན་ཞིབ། །ཁྱོད་གནས་མལ་དགོས་ན་སྟབས་སུ་སྡོད། །གསུང་གླིང་ཡོད་པ་མུས་ཀྱི་བྱེད། །གནས་འདིར་སྒོམ་ཆེན་པོ་པོར། ང་དེའི་རྩ་ར་བྱེད་དུ་འོང་། གནས་འདི་བདག་ཁྱེད་ཚོ་ཡིན་ཕན། །ངས་མ་རྙེད་པ་དེ་རྙེད་པ་ཡིན། །འདྲེ་འདིར་འཚོགས་གཅིག་ཀྱང་མ་འགྲོ་བར། །གཞན་འདྲེ་སྲིན་ཡོད་ཚད་བོས་ལ་ཤོག །ཅེས་གསུངས་པས། རྒྱལ་པོ་ཅིག་ན་རེ། འདི་སྟོང་ཉིད་གོ་ཆ་ཡོང་པའི་བློ་གཏིང་ཅིག་འདུག །དངོས་པོ་ལ་དངོས་པོའི་མཚོན་ཆས་ཐུབ་པ་ཡིན། །སྟོང་ཉིད་ལ་དངོས་པོའི་མཚོན་གྱི་ཕན་གནོད་མེད་པས། ང་དུམ་བྱ་དགོས་ཟེར་བས་འདྲེ་དམག་བྱིན་ནི་འདིར་ཡོངས་རྒྱུ་ཅིག་མ་རྙེད་ཙ་ཟེར་ནས། ཐམས་ཅད་ཀྱི་ཕྱག་དང་བསྐོར་བ་བྱས་པས། ད་རུང་འདི་རྣམས་ལ་ངེས་ངེས་མེད་དགོངས་ནས་མགུར་འདི་གསུངས་སོ། །ཁྱོད་ལེགས་པར་ཉོན་དང་འདྲེ་མོ་ངན། །ཁྱོད་ལས་ངན་འདྲེའི་དམག་དཔུང་དེ། །ལས་ངན་བསགས་པས་སྡིག་པ་ཡིན། །ང་སྣང་སྲིད་ཆོས་སྐུར་ཤར་བ་ལ། །འདྲེའི་དམག་དཔུང་རྒྱུན་དུ་བཟང་། །ད་ལེགས་པར་གསོན་ཅིག་རྒྱལ་པོ་འདྲ། །ཁྱོད་སྐྱབས་དཀོན་མཆོག་གསུམ་ལ་གནས་པ་ན། །གནས་བཟང་པོ་འཆུག་མེད་རྙེད་པ་ཡིན། །ཤ་ཁྲག་ཟས་སུ་མ་ཟོས་ན། །མཐོ་རིས་ཐར་ལམ་ཐབ་པ་ཡིན། །སེམས་ཅན་ལ་འཚེ་བ་སྤངས་ཙ་ན་བྱང་ཆུབ་ལམ་སུ་མྱུར་དུ་ཟིན། །མི་དགེ་སྡིག་པ་སྤོངས་ནུས་ན། །སངས་རྒྱས་རྗེས་སུ་འཛིན་པ་ཡིན། །དགེ་བ་བཅུ་པོ་བསྒྲུབ་ནུས་ན། །བླ་མའི་གདམ་ངག་གོ་བ་ཡིན། །གདུགས་སེམས་འཁྲུག་པ་ཞི་ནུས་ན། །རིག་འཛིན་གྲལ་ལ་ཕྱིན་པ་ཡིན།
(༢༣༦)དམ་བཅའ་སྡོམ་པ་ལེན་ནུས་ན། །འོ་སྐོལ་མདུན་མ་འཆམ་པ་ཡིན། །སྡོམ་པ་དམ་ཚིག་མི་ལེན་ན། །ངས་ཡང་དམ་ང་ལ་འདེབས་པ་ཡིན། །ཅེས་གསུངས་པས། ཁོང་རྣམས་དད་པས། སྐྱབས་འགྲོ་སེམས་བསྐྱེད་ཞུས་ནས་དམ་བཅའ་མི་རེས་རེ་རེ་ཕུལ། ལ་ལས་ཉ་སྟོང་བསྲུངས་ཟེར། ལ་ལས་བླ་མས་འཁོར་དུ་གཏོགས་པའི་ཞབས་ཏོགས་བྱེད་ཟེར། སྲོག་འབུལ་མི་ཡང་མང་པོ་བྱུང་སྟེ། དེ་ཕྱིན་ཆད་དགོན་པ་དེར་སུ་བསྡད་པ་ལ། གནོད་པ་མི་བྱེད་པའི་དམ་བཅའ་དྲག་པོ་བྱས། དེ་ཕྱིན་ཆད་དགོན་པ་དེར་སུ་བསྡད་བཀྲ་ཤིས་པས། བྲིང་གི་ལོ་སོ་ལྷ་མོ་ཕུག་ཏུ་བཏགས་སོ། །དེ་ནས་སྙེ་ནམ་དུ་བྱོན་པ་ལ་ཡོན་བདག་དང་གྲ་བ་རྣམས་ཀྱིས་འདྲེ་ཨེ་ཐུབ་ལགས་ཞུས་པས། ལན་དུ་མགུར་འདི་གསུངས་སོ། །བྲིང་གི་ལ་སོ་དགོན་པ་རུ། །སྒྱུ་མ་ལུས་ཀྱི་དཀྱིལ་དཀྲུངས་བཅས། །གཉིས་སུ་མེད་པར་མཉམ་པར་བཞགས། །སྐྱེ་བ་མེད་པའི་དམིགས་པ་ལས། །ཡེངས་པ་མེད་པར་བློ་བཞགས་ནས། །བདུད་མོའི་བྱང་ཆུབ་ཏུ་བསྒྱུར། །མ་རུང་སེམས་ཁྲལ་སློབ་མར་བྱས། །ད་ནི་སུ་འགྲོ་ཉམས་ང་མེད། །གང་སྡོད་ཐུགས་དམ་ཡར་ལ་འཕེལ། །གནས་ནི་བཀྲ་ཤིས་ལྷ་མོ་ཕུག །གནས་པོ་དགེ་བསྙེན་བླ་མ་སྐྱབས། །ངེད་རང་ཚོ་དང་གྲོགས་མཆེད་ཡིན། །དེ་བཞིན་དགོས་ལ་སུ་འགྲོ་གསུངས། །ཚེ་རིང་ནད་མེད་དངོས་གྲུབ་ཐོབ། །ཅེས་གསུངས་པས། དེ་ནས་རས་ཆུང་བ་ལ་སོགས་པའི་སློབ་མ་རམས་ལས་སྙན་རྒྱུད་ཀྱི་དབང་ཞུས་པས། བླ་མས་ངས་བུམ་པ་མགོ་ཐོག་ཏུ་འཇིགས་པ་ལ་མི་ལོངས་
(༢༣༧)གསུངས་པས། བུམ་པ་ནམ་མཁའ་ལ་འབྱོན་ཏུ་བྱོན་ནས། རིམ་པར་དབང་བསྐུར་བས། དེ་ངོ་མཚར་ཆེ་ཞུས་པས་འདི་སྐད་གསུངས་སོ། །སྙན་རྒྱུད་དྲི་མེད་ཀྱི་དཀྱིལ་འཁོར་དུ། །ཞེན་པ་མེད་པའི་མཆོད་པ་བཤམས། །སངས་རྒྱས་ཡེ་ཤེས་ངོ་སྤྲོད་པའི། །དྲི་མེད་ཆུ་རྒྱུན་བུམ་དབང་བསྐུར། །དེ་ལ་ངོ་མཚར་སྐྱེས་པ་བཟང་། །ཅེས་གསུངས་སོ། །ཡོན་བདག་འགས་ཐང་སྐུ་ལ་རབ་གནས་ཞུས་པས། རས་གཞི་ལ་ལྷའི་དབུ་བུན་གྱིས་བྱུང་ནས། ནམ་མཁའ་ནས་མེ་ཏོག་དཀར་དམར་གྱི་ཆར་བབ་པས། དེ་ལ་ངོ་མཚར་ཆེ་ཞུས་པས། བླ་མས་འདི་གསུངས་སོ། །མི་ལ་རྒས་པ་མ་ལོངས་པ། །མཁའ་འགྲོའི་དངོས་གྲུབ་མེ་ཏོག་འཐར། །ཐུབ་པ་ཆོས་སྐུའི་འཕྲིན་ལས་ཀྱིས། །གཟུགས་སྐུ་ཞེན་མེད་མེ་ཏོག་འབེབས། །སླར་ཡང་དེ་ཡི་ངང་ལས་ཐིམ། །དེ་ལ་ངོ་མཚར་སྐྱེས་པ་བཟང་། །ཅེས་གསུངས་པ། ཐམས་ཅད་བྲིད་གི་ལ་སོའི་སྐོར་རོ། །དེ་ནས་རྗེ་བཙུན་གུང་ཐང་གྲོང་མོ་ཆེའི་སྒོ་ཅིག་ཕར་ལ་བྱོན་ཙ། །བུད་མེད་རྫོངས་མང་པོ་བཏགས་པ་ཅིག་ཆུ་ཁུར་བྱུང་བ། ཡོན་བདག་མོ་སེང་པོ་ཅིག་བསླངས། དེ་མེད་ན་ཆུ་ཅིག་བསླངས་གསུངས་པས། མོ་ན་རེ། ཁྱོད་རྣལ་འབྱོར་བ་གཅོས་ཆེན་ཅིག་འདུག །ཆུ་དགོས་ན་ཆུ་ཁར་སོང་། ཁྱོད་ཡང་བསྙད་ཚོལ་ནས་ངའི་གཡུ་འཕྲོག་འདོད་ཟིན་ཏེ། སྐུད་པོ་རྣམས་བསྐང་ནས་ཁྱོད་བསད་ཡོང་ངོ་ཟེར་ནས། འདི་དང་འབྲེལ་བ་མེད་པར་འདུག་དགོངས་ནས། གྲོང་སྨད་ཅིག་ལ་མར་བྱོན་པས་
(༢༣༨)རྒན་མོ་ཅིག་འདུག་ང་ལ་སེངས་པོ་ཅིག་བསླངས། དེ་མེད་ན་ཆུ་ཅིག་བསླངས། བྱས་པས། ནང་དུ་འབྱོན་པར་ཞུ་ཟེར་བས། ར་བ་ཅིག་ཏུ་བཅུག་ནས་ཆང་མང་པོ་དྲངས་ནས། རྒན་མོ་ན་རེ། རྣལ་འབྱོར་བ་ཁྱེད་འདྲ་མཐོང་ཙ། །ང་ཀླུ་དང་བྲོ་ཁབ་སིང་འདོད་སྟེ། བུ་ཚ་བོ་ཀུན་གྱི་ཨ་ཕྱི་བསོ་འདུག་ཟེར་ཡོང་ལ་ཟེར་བའི་ལན་དུ་རྗེ་བཙུན་གྱིས་ཁྱོད་རྒན་མོ་བསྙོ་ལུགས་ཇི་ལྟར་བསྙོ། ང་རྣལ་འབྱོར་བ་འདི་ལྟར་བསྙོ་གསུངས་ནས་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྒོས་བཀའ་དྲིན་ཅན་བྱིན་གྱིས་བརློབས། །མི་མཐུན་རྐྱེན་དང་བར་ཆོད་སོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲོངས། །ང་ཕ་བསྙོ་བུ་བསྙོ་མྱོས་པོ་བསྙོ། །ཡང་མྱེས་དེ་ལོ་བསོ་ཟང་པོ་བསྙོ། །མྱེས་པོ་ན་རོ་བན་ཆེན་བསྙོ། །ཕ་རྒན་མར་བ་ལོཙྪ་བསྙོ། །ང་རང་མིང་ལ་རས་པ་བསྙོ། །བསྙོ་བའི་བསྙོ་ལུགས་བཤད་ཙ་ན། །ཡང་མྱེས་དེ་ལོ་བཟང་པོ་དེ། །ཕྱག་རྒྱ་ཆེན་པོའི་གདོན་གྱི་བསྙོ། །མྱེས་པོ་ན་རོ་བན་ཆེན་དེ། །རིགས་པའི་བརྟུལ་ཞུགས་གདོན་གྱིས་བསྙོ། །ཕ་རྒན་མར་པ་ལོཙྪ་དེ། །རྒྱུད་སྡེ་བཞིའི་དམ་ཚིག་བསྙོ། །རེ་དོགས་མེད་པའི་འབྲས་བུ་བསྙོ། །བསྙོ་བའི་མི་ཚད་འདྲ་ཡང་གནོད། །ཕོ་གདོན་བླ་མས་གདམ་ངག་གདོན། །མོ་གདོན་མཁའ་འགྲོའི་བྱིན་བརླབ་གདོན། །བློ་བདེའི་འགོང་པོ་ཕུགས་སུ་ཞུགས། །དེ་ལྟར་
(༢༣༩)བསྙོ་བའི་རྣལ་འབྱོར་བ། །དུས་རྒྱུན་དུ་བདེ་སྐྱིད་རྒྱུན་ཆད་མེད། །ཅེས་གསུངས་པས། མོ་ན་རེ། དེ་ཡུལ་འདི་ན་འདྲེ་རེད་ཟེར་ནས་བརྡུངས་རྡེགས་བྱེད་ལུགས་ཡོད་པས། མ་ཕོད་པ་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མའི་ཞབས་ལ་གསོལ་འདེབས། །རྟོགས་པའི་རྒྱལ་པོ་སྙིང་ལ་ཞུགས། །ཉམས་རྩལ་འདྲེ་མོས་ཡང་ཉུལ་བྱས། །འདྲེ་གདོན་པས་མི་ཚད་ན་ཡང་ན། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །རྫོགས་པ་ཆེན་པོས་མདུན་ནས་གཟེར། །ལུས་ལ་བདེ་དྲོད་མེ་ལྟར་འབར། །ཁ་ནས་གདམ་ངག་ཁྲག་དུ་སྐྱུགས། །ཆོས་ཉིད་བདེ་བའི་བྱང་ཁོག་རྒྱས། །ན་བས་མི་ཚད་འཆི་ཡང་འཆི། །ལྟ་བའི་གློང་དུ་ཕྱོགས་རིས་ཤི། །སྒོམས་པའི་གློང་དུ་བྱིངས་རྒོད་ཤི། །སྤྱོད་པའི་གླིང་དུ་ཚུལ་འཆོས་ཤི། །དམ་ཚིག་གློང་དུ་ཟོལ་ཟོག་ཤི། །འབྲས་བུའི་གློང་དུ་རེ་དོགས་ཤི། །སྐུ་གསུམ་ངང་དུ་རྣལ་འབྱོར་ཤི། །རྣལ་འབྱོར་ཤི་བའི་ནང་བར་དེ། །སྣམ་བུ་བརྒྱད་བའི་མ་ལགས་པ། །ཕྱི་སྣང་བ་ཁྲོ་བའི་རོ་ཐུལ་ཐོང་། །རྩ་གྲས་མའི་ཐག་པ་མ་ལགས་པའི། །ཨ་བ་དྷུ་ཏིའི་ཐགས་པས་གྲོངས། །སྣ་བཤལ་བུ་།།།མ་ལགས་པའི། །བུ་རིགས་པའི་ཁྱེའུ་ཡར་ལོངས་ལ། །རྣལ་འབྱོར་ཤི་བའི་རོ་འདི་ཁུར། །ས་མལ་སྐྱ་མོ་མ་ལགས་པའི། །བྱང་ཆུབ་ཆེན་མོའི་ལམ་ལ་དྲོངས། །ས་མཁན་མཁའ་འགྲོ་སྡེ་བཞིས་མཛོད། །རོ་ལམ་བཀའ་རྒྱུད་བླ་མས་དྲོངས། །གཡའ་རི་སྤངས་རི་མ་ལགས་པའི། །དཔལ་ཀུན་ཏུ་བཟང་པོའི་ས་ལ་སྐྱོལ། །ཝ་དང་སྤྱང་ཁུ་མ་ལགས་པའི། །ཐབས་ཤེས་གཉིས་ཀྱི་ཝ་སྤྱང་་
(༢༤༠)རོལ། །རྡོ་རྗེ་འཆང་གི་གཏེར་དུ་སྦོས། །ཅེས་གསུངས་པས། མོ་ན་རེ། ཁྱེད་དེ་འདྲ་བསྙོ་བའི་རྣལ་འབྱོར་བ་རེད་པས། ཞལ་མཐོང་བ་ང་ཡང་སྣང་བ་འགྱུར་ཞིང་དགའ། །ང་རུང་སེམས་ལ་ཕན་པའི་སྐྱབས་འགྲོ་ཚིག་གསུམ་ཐུགས་ལ་ཞོགས་ཞེས་ཞུས་པའི། ཡང་གདམ་ངག་འདི་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱིའི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལས་བསྐྱབས་པས་འཚེངས། །ཁྱོད་ཀྱང་ཁོང་ལ་བསྐྱབས་ནས་བཟང་། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལས་བསྐྱབས་པའི་འཚེངས། །ཁྱོད་ཀྱང་ཁོང་ལ་བསྐྱབས་ན་བཟང་། །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལ་བསྐྱབས་པས་འཚེངས། །ཁྱོད་ཀྱང་ཁོང་ལ་བསྐྱབས་ན་བཟང་། །སྣང་དང་སྟོང་བ་དབྱེར་མེད་གསུམ། །དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་ཡིན། །མི་ངེད་ཀྱང་ཁོང་ལས་བསྐྱབས་པའི་འཚེངས། །ཁྱོད་ཀྱང་ཁོང་ལ་བསྐྱབས་ནས་བཟང་། །ཁྱོད་སྒྱུ་མ་ལུས་ཀྱི་ཁང་རུལ་ལ། །ཞག་དང་ཟ་མའི་ཆར་བ་བབ། །ལོ་དང་ཟླ་བའི་ཐིག་པ་བྱུང་། །སྒྱུ་མོ་ལུས་ཀྱི་ཁང་རུལ་འཇིགས་ཉེན་ཆེ། །འཆི་བྲོད་ཀྱི་ཐིགས་ཆགས་མཆིས་པ་ཙམ། །དཔེར་ན་ཉི་མ་རྒས་འགྲིབ་བཞིན། །ཕར་ཕར་བྲོས་ཡང་ཚུར་ཚུར་སླེབ། །བྲོས་པའི་ཐར་བ་ངས་མ་མཐོང་། །ཆོས་པ་འཆི་བ་མཐོང་ཙ་ན། །དགེ་སྦྱོར་བསྐུལ་བའི་སློབ་དཔོན་ཡིན། །སྡིག་ཅན་འཆི་བ་མཐོང་ཙ་ན། །སྡིག་སྡུག་བསྐུལ་བའི་སློབ་དཔོན་ཡིན། །དེ་ལ་འགྱོད་པ་ཅི་འདུག་ལྟ་ཡང་ལྟ། །ཕྱུག་པོ་འཆི་བ་མཐོང་ཙ་ན། །ནོར་སྒྱུ་མར་སྟོན་པའི་སློབ་དཔོན་ཡིན། །དེ་ལ་སྐྱོ་ཤས་
(༢༤༡)ཅི་འདུག་ལྟ་ཡང་ལྟ། །རྒས་ནས་འཆི་བ་མཐོང་ཙ་ན། །ཚེ་མི་རྟག་སྟོན་པའི་སློབ་དཔོན་ཡིན། །དེ་ལ་སྐྱོ་ཤས་ཅི་འདུག་ལྟ་ཡང་ལྟ། །གཞོན་པ་འཆི་བ་མཐོང་ཙ་ན། །དེ་ལ་བརྩོན་འགྲུས་ཅི་འདུག་ལྟ་ཡང་ལྟ། །ཡར་བདེ་སྐྱིད་ཕ་མའི་གོ་ན་ཡོད། །དེ་ཕྲུ་གུ་སྡུག་ལ་ཅི་ཆ་ཡོད། །སོ་ནམས་འབྲས་བུ་མང་དུ་སྨིན། །ལས་མ་ནུས་པ་ལ་ཅི་ཆ་ཡོད། །ངོ་འཇམ་ལུ་གུའི་པགས་ལ་ཡོད། །གོན་མ་མྱོངས་པ་ལ་ཅི་ཆ་ཡོད། །མགྱོགས་པ་གྱི་ལིང་རྟ་ལ་ཡོད། །ཞོན་མ་མྱོང་བ་ལ་ཅི་ཆ་ཡོད། །ཆོས་བྱེད་མི་ཚེ་སྐྱིད་ལ་བསྐལ། །ཆོས་མ་ནུས་པ་ལ་ཅི་ཆ་ཡོད། །ལར་ལྟོ་ཁ་ན་དྲིལ་ལ་སྦྱིན་པ་ཐོང་། །གཉིད་ཁ་ནས་དྲིལ་ལ་དགེ་སྦྱོར་མཛོད། །འཆི་བ་སྙིང་ནས་སོམ་ལ་ལྷ་ཆོས་གྱིས། །ཅེས་གསུངས་པས། རྒད་མོ་དད་པ་སྐྱེས་ཏེ། དགའ་དགའི་ཀླུ་མང་པོ་བླངས། །སྐྱིད་སྐྱིད་ཀྱི་ཀ་རོ་མང་པོ་བྱས། དད་དད་ཀྱི་ཕྱག་དང་བསྐོར་བ་མང་པོ་བྱས་པས། །བླ་མས་སྐྱབས་འགྲོ་སེམས་བསྐྱེད་གནང་པས། མོ་རང་ཡང་ཆོས་ལ་གནས། བུ་ཚ་བོ་ཡང་དག་པ་ལ་བསྒྱུར་བ་ཅིག་བྱུང་ངོ་། །དེ་རྣམས་ཨ་ཕྱི་སྣང་མའི་སྐོར་རོ། །དེ་ནས་བཅོ་ལྔ་པ་བྱིན་བརླབ་ཆེ་བའི་ཡོན་ཏན་ནི། འགྲོ་བའི་དོན་ཐམས་ཅད་ལྷུན་གྱི་གྲུབ་སྟེ། རྗེ་བཙུན་གྱི་རྩིབ་རིའི་ལྷོ་ཕྱོགས་སུ་བསྒོམ་ཡོད་ཙ། སྟོན་རྩས་མས་དུས་ལྡོམ་བུལ་འབྱོན་དགོངས་ཙ། ནུབ་ཅིག་རྨི་ལམ་དུ་བུད་མེད་སྔོ་སྨ་ར་ཁྱུག་ཀེ་བ་ཅིག་གི་ཁྱེའུ་ལོ་ཉི་ཤུ་ལོན་པ་ཅིག་ཁྲིད་ནས་འོངས་ཏེ། རྣལ་འབྱོར་བ་ཁྱོད་ལ་སྙིང་ཚལ་བ་བརྒྱད་ཡོད་པས་གཅིག་འདིས་དབང་བ་ཡིན་པས་འདི་ལ་བྱིན་ཟེར་བས་རྣལ་འབྱོར་བ་སད་པ་དང་། བུད་མེད་མཁའ་འགྲོ་མར་འདུག །ང་ལ་ལས་ཅན་
(༢༤༢)གྱི་སློབ་མ་བརྒྱད་ཡོངས་པས། དོ་ཞག་ཅིག་ཡོངས་པར་འདུག་དགོངས་ཏེ། ཕྱི་ནང་ལམ་བོང་ཤོད་ཆུ་མིག་དངུལ་བུམ་གྱི་རྩར་ཕྱིན་པ་དང་། གཟིམས་བཞུགས་ཙ། ཁྱེའུ་ཅིག་གི་རྟ་འོལ་བ་ཅི་གཞོན་ནས་ཡོངས་པས། རྣལ་འབྱོར་བ་འདི་ནི་ཅི་ཡིན་ཟེར། བླ་མས་ཁྱོད་གར་འགྲོ་གསུངས་པས། ཏིང་རིར་འགྲོ་ཟེར། འོ་ན་ཆུ་འདི་ལ་ང་ལ་རྟ་འཕོངས་གཡོར་དགོས་ཟེར་བས། ང་ཤར་ངོས་སུ་ལྟད་མོ་ལ་རིངས་ཡོད་པས་རྟ་ལ་གནོད་ཟེར་ནས་བུད་སོང་ངོ་། །དེ་ནས་རྗེ་བཙུན་གྱི་རླུང་བཟུང་ནས་ཁོའི་ཕྱི་ལ་ཆུའི་ཐོག་ནས་ཕར་སོང་བས་ཁོ་ཕྱི་ནས་ལུས། ཁོས་བླ་མ་ཆུ་ལ་མི་བྱིང་བ་མཐོང་ནས་རྟ་ལ་བབ་ནས་ཞབས་ལ་བལྟས་ཙ། ཆུ་ལ་མ་རེག་པར་འདུག་པ་དང་། ཕྱག་བྱས། ཁྱེད་གྲུབ་ཐོབ་རེད་པ་ལ། ངས་རྟ་མ་བསྐྱོན་པ་བཟོད་པར་གསོལ། ཁྱོད་ཀྱི་ཡུལ་དང་དགོན་པ་གང་ཡིན། བླ་མ་སུ་ཡིན། སློབ་གཉེར་ཅི་མཛད། ཐུགས་དམ་གང་ལ་མཛད། ད་གང་དུ་འབྱོན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། །ཁྱོད་རྟོགས་འདོད་ཅན་དེ་ཚུར་ལ་ཉོན། །ངེད་ཁྱོད་ཀྱི་མི་ཤེས་ན། །ང་རང་མི་ལ་རས་པ་ཡིན། །ལྟེ་བ་ཀུང་ཐང་སྨད་དུ་བཅད། །སློབ་གཉེར་དབུས་གཙང་གཉིས་སུ་བྱས། །ཕ་ཁྱེར་སྟོན་དང་ངག་མིས་དབུ་མཛད་པའི། །རོང་སྟོན་ལྷ་དགའ་ཡན་ཆད་ཀྱིས། །དྲིན་ཅན་བླ་མ་བརྒྱ་རྩ་ཡོད། །ཆོས་ནི་རྒྱུད་སེམས་མངོན་གྱུར་ཉན། །ཁོང་ལྟ་དགོངས་ཕུག་ན་མཁྱེན། །ཁྱད་པར་ལྷ་རྗེ་སྦུབས་ཆུང་ལ། །དྲགས་སྔགས་གཟའ་གདོང་དམར་
(༢༤༣)ནག་ཞུས། །ཁོང་འཕྲིན་ལས་བསྒྲུབ་པ་བཞེས་ལགས་ཀྱང་། །ང་ད་རུང་སྤྲོས་པ་ཅུང་མ་ཆོད། །རྗེ་ན་རོ་དང་མཻ་ཏྲིའི་བྱིན་བརླབས་ཞུགས། །སེམས་ཆོས་ཉིད་མ་དང་ངོ་སྤྲོད་བྱས། །ལུས་རྟེན་འབྲེལ་གནང་དུ་བསྣུན་པ་ཅིག །ལྷོ་གྲོ་བོ་ལུང་ན་བཞུགས་སོ་སྐྲད། །ཕ་ལོཙྪའི་སྙན་པ་རྒྱང་ནས་གྲགས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །ལས་དཀའ་བ་སྤྱད་དེ་སྤྱན་སྔར་མཆིས། །ཞལ་མཐོང་བ་ཙམ་གྱི་སྣང་བ་འགྱུར། །ཁོང་ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །རྗེ་འགྲན་གྱི་དོ་མེད་ལྷོ་བྲག་པ། །སྐུ་དྲིན་ཅན་གྱི་རྗེ་བཙུན་ལ། །ཟང་ཟིང་གི་དངོས་པོ་བདག་ལ་མེད། །ལུས་ངག་གི་ཞབས་ཏོགས་རྡུལ་དུ་བརླགས། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོབ། །ཁྱད་པར་ན་རོའི་ཐབས་ལམ་ཞུས། །དཔལ་བྱིན་བརླབས་ཅན་གྱི་བདེ་མཆོག་ལ། །རྨི་ལམ་དབང་བཞི་རྫོགས་པར་ཞུས། །ཆོས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བྱས། །དོན་གཉུག་མའི་སེམས་ཀྱི་ངོ་བོ་མཐོང་། །གཞི་ཆོས་ཉིད་སྤྲོས་དང་བྲལ་བར་རྟོགས། །སྤྱིར་སྙན་རྒྱུད་ཆུ་བོ་རྣམ་བཞི་ལ། །གདམ་ངག་ཆེ་དགུ་སྤུས་ཐུས་བྱས། །གནད་ཟབ་དགུ་བཅུད་ཀྱིས་ཡང་སྙིང་ཕྱུང་། །སྒོམ་ནི་རྩ་རླུང་ཐིག་ལེ་བསྒོམ། །དོན་རླུང་སེམས་གཉིས་ལས་རང་དབང་ཐོབ། །ང་དེ་ཕྱིར་ནམ་མཁའི་རྣལ་འབྱོར་བ། །ནད་འདུ་བ་རྣམ་བཞི་དབྱིངས་སུ་འདྲེས། །འབྱུང་བ་ཆུ་ལ་ཉམས་ང་མེད། །ང་སྒོམས་ས་རྒྱལ་གྱི་རྩིབས་རི་ཡིན། །གཏུགས་ད་ནང་གུང་ཐང་སྟོད་ནས་འོངས། །དོ་ནུབ་གར་འགྲོ་ངེས་པ་མེད། །ང་རྣལ་འབྱོར་གྱི་བྱུང་ཚུལ་དེ་ལྟར་ལགས། །བུ་ཁྱེའུ་ཆུང་སྐྱིད་འདོད་གར་བདེར་བཞུད། ཅེས་གསུངས་པས། ཁོ་དད་པ་སྐྱེས་ཏེ།
(༢༤༤)རྟའི་སྲབ་མདའ་རྗེ་བཙུན་གྱི་ཕྱག་ཏུ་ཕུལ་བཏང་ནས་ཞུ་དོན་ཀླུ་རུ་ཕུལ་ལོ། །ཡོངས་སྔར་མ་མཐོང་བའི་གྲུབ་ཐོབ་ཅིག །མི་ལས་འདས་པའི་སྐྱེས་བུ་ཅིག །ཞལ་མཇལ་བར་དཀའ་བའི་སངས་རྒྱས་ཅིག །གསུངས་ཐོས་པར་དཀའ་བའི་སྤྲུལ་སྐུ་ཅིག །མཚན་ཡང་དེ་ལ་ཐོས་དེ་ལ་མ་ཐོས། །དོ་ཡང་དེ་ལ་ཤེས་དེ་ལ་མ་ཤེས། །ཕྱག་ཡང་དེ་ལ་འཚལ་དེ་ལ་མ་འཚལ། །སྙུངས་ཡང་དེ་ལ་དྲིས་དེ་ལ་མ་དྲིས། །ལར་དྲི་བོ་འགྱོད་ཀྱང་རེ་འགྱོད་སྟེ། །རྗེ་ཐུགས་ཀྱི་ཁྲེལ་མེད་བཟོད་པར་གསོལ། །རྟ་འོལ་བ་རླུང་གི་གཤོག་པ་ཅན། །འགུལ་ངོམ་གཡེར་ཀའི་གཟིངས་བསྟོད་དེ། །ཆོ་རི་ཅན་གྱི་གཡང་ཤུན་ལ། །གྲོ་ལ་འཇམ་པའི་རྩིབ་སྟན་བཏིངས། །བཙུན་པོ་པེ་ཀར་སྒ་བཀྲ་བསྐད། །མདོ་མངས་ལྕགས་ཀྱི་གློ་སྙེད་མནན། །གོང་སྨེད་བྲེང་དམར་ཕོ་ལོང་མདུད། །གོང་ཚེམ་འཕྲུལ་གྱི་སྲབ་མགོ་ལ། །སྟག་གཟར་འཕྲུལ་གྱི་སྨིན་ཁྱུག་བཏང་། །འབུར་ཆེན་སྐར་ཆེན་ཤར་བ་འདྲ། །སྲབ་སྐྱོགས་བློན་པོ་ཁ་བསྒྱུར་ཏེ། །སྦ་ལྕགས་དཀར་པོའི་དཀའ་ནན་ཕབ། །ཁོང་བཙན་པོས་ཕ་ཤིང་བྱེད་པའི་དུས། །གྱི་ལིང་གི་རྒྱུག་དར་འཛུག་ཙ་ན། །དཀྱུས་དར་ཐོགས་མགྱོགས་པའི་རྟ་བོ་ཡིན། །ངེད་འཇིག་རྟེན་པའི་ཆེ་རྟ་ཡིན། །ཕ་བླ་མའི་ཅི་བརྟར་འབུལ་ལེགས་པ། །བདག་དི་བོར་དམྱལ་བར་མི་གཏོང་འཚལ། །ཞེས་ཞུས་པས། བླ་མས་དེ་བས་ལྷག་པས་རྟ་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །བུ་ཡོན་བདག་དང་ལ་ཚུར་ཉོན་དང་། །རྣམ་ཤེས་རླུང་གི་རྟ་བོ་ལ། །མཉམ་བཞག་དར་གྱི་གཟིངས་བསྟོད་དོ། །རྗེས་ཐོབ་སྒྱུ་མའི་གཡང་ཤུན་ལ། །རང་རིགས་གསལ་པའི་སྒ་བཀྲ་
(༢༤༥)བསྟབ། །གཟེར་དམིགས་པ་གསུམ་གྱི་གློ་སྙིང་མནན། །སྒོ་གཉིས་གནད་ཀྱི་མན་ངག་གིས། །སྲབ་སྐྱོགས་རླུང་གི་སྲབ་མགོ་ལ། །དུས་སྣས་རྩེ་གསུམ་གྱི་སྨིན་ཁྱུག་བཏང་། །ནད་ཞི་བ་རྦ་བརླབས་ཀྱི་འབུར་འགོས་མནན། །འཁྲུག་འཁོར་ལུས་ཀྱིས་ཁ་བསྒྱུར་ཏེ། །ཉམས་ཆུ་བོ་བཞིའི་ལྕགས་ཀྱི་བྲབ། །རྩ་དབུ་མའི་ལམ་ལ་དཀྱུས་ཐག་གཅོད། །དེ་རྣལ་འབྱོར་ངའི་འོག་རྟ་ཡིན། །བྲོས་ན་འཁོར་བའི་ལམ་ལ་ཆད། །བསྙགས་ནས་བྱང་ཆུབ་ཐེམ་སྐས་སླེབ། །བུ་ཁྱེད་ཀྱི་འོལ་བ་ང་མི་འདོད། །དེ་བས་ཁྱེའུ་ཆུང་འགྲོ་སར་སྙོགས། །ཅེས་གསུངས་པས། ཁོས་བསམ་པ་ལ་རྟ་མི་བཞེད་ཡང་། ཞབས་རྗེན་པར་འདུག་པས། ལྷམ་འདི་ཨེ་བཞེད་བསམ་ནས་རྐྱང་ལྷམ་འབུར་མ་ཅིག་ཡོད་པ་ཕྱག་ཏུ་ཕུལ་ནས། ཞུ་དོན་ཀླུ་རུ་ཕུལ་ལོ། །རྗེ་གྲུབ་ཐོབ་རྣལ་འབྱོར་རིན་པོ་ཆེ། །ཡུལ་ལ་ཞེན་པ་མ་མཆིས་པའི། །རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་ལ། །མཚོན་ཁ་ལ་ཐོགས་པའི་ཞེལ་བུ་དང་། །གཅོང་རོང་ཚེར་མ་ཞབས་ལ་གཟན། །ཞབས་རྗེན་པར་གཤེགས་པའོ་བརྒྱལ་པ། །རྐྱང་ལམ་སྔོའི་ཉེ་ཕྲན་ལ། །རིན་ཐང་ཅན་གྱི་ཟབ་སྐུད་ཀྱིས། །སྤྱན་སྔར་མཛེས་པའི་སྐུད་རིས་བཏང་། །ར་གན་འབུར་གྱིས་གཟེར་འགོ་བཏབ། །རྒྱུ་ཁ་ཤ་སྟོད་ཀྱིས་གད་མཐུན་དང་། །ཁོ་མོ་འབྲོང་གི་སྨད་གོ་གཉིས། །བཟོ་བོ་མཁས་པའི་འཚམས་སྦྱར་ན། །འཕྲུལ་སེན་ཐབས་ཅན་གྱི་ལྷམ་སྒྲོགས་ལ། །སེང་འོག་དང་ཆུ་རིས་འཕར་ནོན་བྱས། །ཁྱེའུ་ཆུང་ངའི་ཕོ་བཅས་ཡིན། །བླ་མས་ཞབས་ལ་འདི་གསོལ་བས། །མི་བདག་ལ་ཐུགས་རྗེས་བཟུང་
(༢༤༦)དུ་གསོལ། །ཞེས་ཞུས་པས། དེ་བས་ལྷག་པའི་ལྷམ་ང་རང་ལ་ཡོད། གསུངས་ནས་མགུར་འདི་གསུངས་སོ། །བུ་ཁྱེའུ་ཆུང་ཉོན་དང་དད་པ་ཅན། །སྤྱིར་ཁམས་གསུམ་འཁོར་བའི་ཕ་ཡུལ་ན། །གཏི་མུག་མུན་པའི་སྨག་རུམ་ཆེ། །འདོད་ཆགས་ནལ་ཐང་འདམ་རྫབ་འཐུག །ཕྲག་ཏོག་གཅོང་རོང་ཚེར་མ་འཐུག །ཞེ་སྡང་ཁྱི་རྒན་ཟུག་ཡིན་ཟ། །ང་རྒྱལ་རི་བྲག་གཟར་ལ་མཐོ། །ང་ཆུ་བོ་བཞི་ལས་བསྒྲལ་ནས་ཀྱང་། །བདེ་ཆེན་ཐང་ལ་འབྲོས་ཡང་འཚལ། །ང་མི་རྟགས་སྒྱུ་མའི་ཁ་ཤ་དང་། །འཁོར་བ་བློ་ལོག་གི་གོ་བ་གཉིས། །ལས་རྒྱུ་འབྲས་ཡིད་ཆེས་ཀྱིས་འཚམས་སྦྱར་ནས། །ཡུལ་འདོད་དོན་སྣ་ཚོགས་ལྷམ་སྒྲོགས་བྱས། །སྣང་བ་ཞེན་མེད་སྐུད་རིས་བཏབ། །བསྒྲུབ་པ་ཉམས་ལེན་རག་འབུར་བཏབ། །གནད་འཆིང་བ་གསུམ་གྱི་ཆབ་མས་མནན། །དེ་རྣལ་འབྱོར་དེའི་རྐང་ལྷམ་ཡིན། །མི་ཁྱོད་ཀྱི་འབུར་མ་ངས་མི་འདོད། །ཡོན་བདག་ཁྱེའུ་ཆུང་ཁྱིམ་དུ་སོང་། །ཅེས་གསུངས་པས། ཁོའི་བསམ་པ་ལ་ན་བཟའ་རས་རྐྱང་ལ་མི་འདུག་པས། སྐེ་ཚེ་དམར་ལྗང་འདི་བཞེད་བསམ་པས་ཞུ་དོན་ཀླུ་རུ་ཕུལ་ལོ། །རྗེ་གྲུབ་ཐོབ་རྣལ་འབྱོར་རིན་པོ་ཆེ། །ཁྱེད་གནས་ས་ཞེན་པ་མ་མཆིས་པའི། །གཟའ་གཏད་མེད་པར་འབྱོན་པར་ངེས། །རེས་འགའ་རི་བོའི་རྩེ་ལ་གཟིམས། །རེས་འགའ་གྲོང་ཁྱེར་སྲང་མདོར་གཟིམས། །ན་བཟའ་རས་རྐྱང་ཅིག་ལས་མེད་པ་དེས། །སྐུ་གཅེར་བུར་འདུག་པ་བསེར་སྟེ་མཆིས། །བདག་ཁྱེའུ་ཆུང་ལུས་ལ་གྱོན་པ་འདི། །སྒྱུ་སྲིན་བུ་སྟོད་ཀྱི་དམར་ལྗང་ལ། །བཟོ་བོ་མཁས་པའི་གྲགས་སུ་བསྡེབས། །སྲིན་ཀར་བསྣོལ་བའི་ནང་ཚངས་
(༢༤༧)བྱས། །ཐོང་ཁ་ཟྭ་འོག་རས་དམར་ལ། །གོང་སྐོར་གཡུའི་འཕར་ནོན་བྱས། །རྨ་ཆུང་སྲན་གྱི་ཆ་ག་བཏབ། །གུ་ལིང་དར་གྱི་གུང་ཁེབས་ཅན། །འདི་གོན་ན་ཡང་ལ་དཔའ་བརྗིད་ཆེ། །སྐྱིབས་སེར་རླུང་ལས་ཉམས་ང་མེད། །སྤྱིར་ཞང་བློན་ང་མའི་ན་བཟའ་ཡིན། །ཕ་ཁྱེད་ཀྱི་སྐུ་ལ་འདི་གསོལ་བས། །བདག་ཀྱང་ཐུགས་རྗེས་གཟུང་དུ་གསོལ། །ཞེས་ཞུས་པས། དེ་བས་ལྷག་པའི་སྐེ་ཚེ་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །བུ་ཁྱེའུ་ཆུང་ཉོན་དང་ལྕེ་བདེ་པོ། །སྤྱིར་རིག་དྲུག་འཁོར་བའི་གྲོང་ཁྱེར་དུ། །ལས་ངན་རླུང་གི་བདས་བདས་ནས། །རང་དབང་མེད་པར་རྣམ་ཤེས་འཁོར། །སྐྱེ་ཤི་བར་དོའི་ཐང་ལ་འཁྱམ། །སྲིད་པ་བར་དོའི་སྲང་སྒོར་ཉལ། །དེ་གཉུག་མའི་གཏན་ཡུལ་འཛིན་ཡང་སྐྱིད། །རྒྱུ་རྣམ་དག་དཀར་པོའི་སྲིན་བུ་ལ། །དམ་ཚིག་སྡོམ་དར་གྱི་གཡོག །སྤྱིར་རྣལ་འབྱོར་གསུམ་གྱི་ཐོང་ཁ་ལ། །གནད་བསྲེ་བ་གསུམ་གྱི་གོང་སྐོར་བཏང་། །ཌཀྐི་འོད་གསལ་གྱི་གོང་ཁེབ་ཅན། །དག་པ་སྒྱུ་ལུས་ཀྱི་འཚམས་སྦྱར་ནས། །བར་དོ་ངོ་སྤྲོད་ཀྱི་ཆ་ག་བཏབ། །དེ་རྣལ་འབྱོར་ངའི་སྐེ་ཚེ་ཡིན། །མི་ཁྱོད་ཀྱི་སྐེ་ཚེ་ང་མི་འདོད། །བུ་ཡོན་བདག་སྐྱིད་འདོད་གར་བདེར་བཞུད། །ཅེས་གསུངས་པས། དེ་ཚེ་ཁོས་བསམ་པ་ལ་སྐེ་ཚེའི་སྟེང་གཡོག་རས་ཕྲུག་འདི་བཞེད་ལས་ཆེ་བསམ་ནས་ཞུ་དོན་ཀླུ་རུ་ཕུལ་ལོ། །འོ་ན་སྐྱེས་མཆོག་རིན་པོ་ཆེ། །དབྱར་གསུམ་དྲོད་ཀྱི་རྒྱལ་པོ་ལ། །བྱ་ཁུ་ཕྱུག་གསུངས་སྙན་སྒྲོག་པའི་དུས། །སྐུ་གཅེར་བུར་བཞུགས་ཡང་བསེར་རྒྱུ་མེད། །དགུན་གསུམ་ས་གཞི་དྲོད་དང་བྲལ། །ན་བཟའ་རས་རྐྱང་དར་བས་སྲབ། །ལོ་སར་ལྷགས་པ་མདའ་བས་ཚ། །ཕ་རྗེ་བཙུན་འོ་བརྒྱལ་
(༢༤༨)བསེར་སྟེ་མཆིས། །དམར་ལྗང་སྐེ་ཚེའི་སྟེང་གཡོག་འདི། །རྒྱུ་ཆོ་རིས་ཅན་གྱི་རས་ཀར་ལ། །མེ་དར་སྨུག་པོའི་ཆ་ག་བཏབ། །ཐོང་ཁ་ཟྭ་འོག་གི་གོང་ནོན་ལ། །མཛེས་དར་ལྔས་སུན་མས་བརྒྱན། །གོང་བ་སེན་ཐབས་ཕོ་ལོང་རིས། །དེ་ཁྱེའུ་ཆུང་ངའི་ཆས་གོས་ཡིན། །རྗེ་རས་པའི་ན་བཟར་འདི་འབུལ་བས། །མི་བདག་ལ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་ཞུས་པས། དེ་བས་ལྷག་པའི་གོས་ཅིག་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །མ་རིག་འཁྲུལ་པའི་ཁྲིད་ཁྲིད་ནས། །མ་མཐོང་འཇིག་པའི་གཡང་སར་ཕྱིན། །ཉོན་མོངས་རླུང་དམར་ཆར་བཞིན་འབབ། །ང་ཐར་བའི་ལམ་ལ་འབྲོས་ཡང་འཚལ། །རྒྱུ་ཨ་ཤ་གཏུམ་མོའི་རས་གོས་ལ། །རྩ་འཁོར་ལོ་བཞིའི་ཐོང་ཁ་ཅན། །ནང་རླུང་སེམས་རྦ་བརླབས་ཀྱི་ཆ་ག་བཏང་། །དྲོད་ཐིག་ལེ་འབར་འཛག་གི་ཟྭ་འོག་ལ། །ཉམས་བདེ་སྟོང་ཟུང་གི་སུན་མ་བཏང་། །དེ་ལྷན་ཅིག་གཏུམ་མོའི་གོས། །གཏུམ་མོའི་གོས་ལ་དབྱར་དགུན་མེད། །ཕྱི་ལྟར་ལྷོ་པ་ལ་རས་གོས་མཛེས། །རས་གོས་ན་བཟའ་ཡང་ལ་བདེ། །ཁྱོད་ཀྱི་ཆས་གོས་ངས་མི་འདོད། །དེ་བས་ཡོན་བདག་ཁྱིམ་དུ་བཞུད། ཅེས་གསུངས་པས། ཁོས་བླ་མ་ལགས། སྐུ་ལུས་ངན་པར་འདུག་པས། ངའི་བྱང་ཐོད་འདི་མི་བཞེད་པས་ཐབས་མེད་པས་སྲུང་ཅིག་ལ་བཞེད་པར་ཞུ་ཞུས་དོན། །ཀླུ་རུ་ཕུལ་ལོ། །ཨོ་ན་སྐྱེས་མཆོག་རིན་པོ་ཆེ། །ཁྱེད་འཁོར་བའི་ཆོས་ལ་སྐྱོབ་སྟེ། །སྐྱེ་འཆི་གཉིས་ལ་རྒལ་འདོད་ན། །ཚེ་གཅིག་བསྒྲུབ་པ་མཛད་དགོངས་ན། །དཀའ་བ་ཉམས་སུ་བླངས་བླངས་པ། །སྐུ་འོ་བརྒྱལ་བཀྲེས་པ་ཡོད་སྟེ་མཆིས། །བྱང་ཐོང་རྒྱ་སྐལ་སིལ་མ་འདྲ། །ཡ་མཚན་རྒྱ་དཔེའི་ལྕགས་ཀར་ལ། །
(༢༤༩)འཕྲུལ་མགར་མཁས་པའི་གཟབ་བརྡུངས་བྱས། །འབུར་སེན་ཐབས་ཅན་གྱི་ཆུ་སྲིན་ཕྱི་མ་ནང་། །བྱ་རྒོད་ལྡེམ་ཆུང་བཙུན་པོ་བཙུག །བཙུན་པོ་ཤེལ་འཕྲིང་འགུལ་ཆིངས་བྱས། །འདི་བཙོངས་ན་ཆེ་རྟ་ཡག་ཅིག་ཁུག །རྗེ་སྤྲུལ་སྐུ་ཁྱེད་ལ་འདི་འབུལ་པས། བཅུད་ཁྲ་བོ་ཤ་ལ་བསྒྱུར་ལ་གསོལ། །ཕ་རྗེ་བཙུན་སྐུ་ཁམས་གསོ་བར་ཞུ། །བདག་ཀྱང་དབྱར་རྒུན་ཆགས་ཕྱིར་འབྲང་། །ཅེས་ཞུས་པས། དེ་བས་ལྷག་པའི་བྱང་ཐོད་ད་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །བུ་ཁྱེའུ་ཆུང་ཉོན་དང་མིག་མ་འཕྲུལ། །རྗེ་ན་རོ་ཕན་ཆེན་གྱི་རྒྱུད་པ་འཛིན། །ཉམས་རྟེན་འབྲེལ་གནད་ལ་མངའ་བརྙེས་པ། །ཟབ་མོའི་གདམ་ངག་མཐར་ཕྱང་ན། །ནང་འདུ་བའི་རླུང་ལ་ང་མི་འཇིགས། །བཅུད་ཁྲ་བོ་ཤ་ལ་རག་མ་མྱོངས། །མི་ངའི་ཅོད་པན་སྤྱི་གཙུག་ན། །གདན་ཉི་ཟླ་པདྨའི་གདན་སྟེང་སུ། །རྗེ་ཡིད་བཞིན་ནོར་བུ་སྤྲུལ་པའི་སྐུ། །མཚན་ཡོངས་སུ་གྲགས་པའི་ལོཙྪ་བ། །ཁྱོད་དུར་ཁྲོད་རྒྱན་ཀྱི་མཛེས་པར་བཞུགས། །ཁྱོད་ཀུས་པའི་མིག་གི་ལྟ་ཤེས་ན། །དཔལ་རྡོ་རྗེ་འཆང་དང་གཉིས་སུ་མེད། །ཐུགས་བརྩེ་བས་བུ་བཞིན་སྐྱོངས་པར་ངེས། །དེ་སྦས་པ་ནང་གི་དབུ་བརྒྱན་ཡིན། །ཕྱི་ལྟར་རྒྱ་གར་བན་ཞུ་མཛེས། །མི་ཁྱོད་ཀྱི་བྱང་ཐོད་པང་མི་འདོད། །བུ་ཡོན་བདག་སྐྱིད་འདོད་འགྲོས་སྙོགས། །ཅེས་གསུངས་པས། ཁོས་བསམ་པ་ལ། ངའི་འབུལ་བ་ཆུང་ཆུངས་དགོངས་པ་ཨེ་མ་ཡིན། །འདི་ཙམ་ཅིག་བཀའ་བཀྱོན་མཛད་པ་བསམ་ན། སྐེ་གཡུ་བཟང་པོ་ཅིག་ཡོད་པ་ཕུལ་ཏེ་ཞུ་དོན་ཀླུ་རུ་ཕུལ་ལོ། །འོ་ན་སྐྱེས་མཆོག་ངོ་མཚར་ཅན། །ཁྱོད་ཞེན་མེད་
(༢༥༠)ཉམས་སུ་ལེན་ལེན་པས། །ཅིར་སྣང་སྒྱུ་མར་གཟིགས་པའི་ཕྱིར། །ནོར་ཟིང་ཟིང་ལ་འདོད་པ་མི་མངའ་ཡང་། །ང་དད་པ་རང་དབང་མེད་པར་སྐྱེས། །ཕ་བསགས་པ་ཅན་གྱི་ཟས་ནོར་ལ། །བུ་གཏོང་བཅོད་ཅན་གྱི་མ་བཏང་ན། །ལྷ་མི་མངོན་དབྱིངས་ན་ཐུགས་ཀྱི་ཁྲེལ། །སངས་ཕྱིན་ཆད་མི་བློ་འདྲེ་ཡི་བརྐུས། །རྗེ་དེ་ཕྱིར་མི་འདོད་མི་གསུངས་འཚལ། །གཡུ་དྲུག་ཀར་ཆོ་ལོ་འོད་བོ་ཆེ། །གླ་འབྲེང་མཉེན་མོའི་མིག་ལ་བརྒྱུས། །ལེབ་རྒན་དར་གྱི་གདན་ལས་བླངས། །བ་ཏན་དམར་པོས་གཡུ་ལུང་བཏག །འདི་བཙོངས་ན་འཇིག་རྟེན་འཕོངས་དང་འབྲལ། །རྗེ་དམ་པའི་མགུལ་ཏུ་འབུལ་ལགས་པ། །བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །ཞེས་ཞུས་པས། དེ་བས་ལྷག་པའི་གཡུ་ང་རང་ལ་ཡོག་གསུངས་ནས་མགུར་འདི་གསུངས་སོ། །བུ་ཡོན་བདག་ཉོན་དང་ཕ་དྲིན་ཅན། །སྤྱིར་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །རྐང་ཐག་རིང་པོས་རྣལ་འབྱོར་འཁྱམས། །གྲོང་ཁྱེར་ཕྱུག་པོའི་སྲང་སྒོ་རུ། །འཚོ་བ་བྱ་འཚོལ་ཁམས་ཟས་བླངས་བླངས་ནས། །ཟས་ཞིམ་མངར་གྱི་ཞེན་པ་ལོགས་ནས་གདའ། །མར་ཟང་ཟིང་ནོར་ལ་ཆོགས་ཤེས་མེད། །ནོར་བསགས་ཡིན་ལུས་པོ་མཐོང་ཙ་ན། །ཁྱེད་ཕྱུག་པོའི་ནོར་ལ་ཞེན་པ་ལོག །ང་ཆོག་ཤེས་རྒྱལ་པོའི་ཀོར་མཛོད་ལ། །སྙན་རྒྱུད་ནོར་བུ་རིན་པོ་ཆེ། །ཉམས་སུ་མྱོངས་པའི་འཕྲ་བཀོད་དེ། །དྲན་པ་བརྗེད་མེད་ཀྱི་བྱི་བདར་གཏོང་། །ཐུན་བཞིའི་རྣལ་འབྱོར་མིག་ལ་བརྒྱུས། །སེམས་རིགས་པའི་ཁྱེའུ་ཆུང་གི་རྒྱུན་ཏུ་མཛེས། །དེ་རྣལ་འབྱོར་ངའི་སྐེ་གཡུ་ཡིན། །བུ་ཁྱོད་ཀྱི་སྐེ་གཡུ་ངས་མི་འདོད། ཡོན་བདག་སྐྱིད་འདོད་ལམ་དུ་བཞུད། ཅེས་གསུངས་
(༢༥༡)པས། ཁོས་བསམ་པ་ལ། བླ་མས་སྡིག་སྤྱོད་དུ་གཟིགས་ནས། ཐུགས་ལ་མི་འདོགས་པ་ཨེ་མ་ཡིན་བསམ་པས། འཁོར་གསུམ་བཀྲོལ་ནས་ཞུ་དོན་ཀླུ་རུ་ཕུལ་ལོ། །ཨོ་ན་སྐྱེས་མཆོག་ཐུགས་རྗེ་ཅན། །ངས་སྔོན་ཆད་དགྲ་ལ་དགྲ་རུ་བཟུང་། །དགྲ་གཉའ་རིང་ཡན་པར་འཆོར་མ་མྱོངས། །གཡས་སྟག་དོང་ཁྲོ་བོ་མེ་ལྕེ་རིས། །དེ་ནགས་མ་ཕྲན་མདའི་འགྲིམ་ལམ་ཡིན། །གཡོན་གཟིགས་ཤུབ་འཛུབ་ཕྲན་ཐིག་ལེ་རིས། །དེ་མཆོག་ཀར་གཞུའི་སྐུངས་ས་ཡིན། རལ་ཐག་པོ་ལོངས་སེན་ཐབས་རིས། །དེ་སྒྲ་བླ་བཙན་གྱི་སོ་བ་ཡིན། །ངས་མདོ་དྲུག་རྐེད་ལ་བླངས་ཙ་ན། །ཧོར་ཡན་ཐུབ་ཇག་ལ་ཆས་པ་འདྲ། །དགྲ་སྡང་བས་མཐོང་ན་གློ་སྙིང་འདར། །འབྲོང་རྩི་ཐོག་ཉམ་ཉབ་བརྩལ་ལ་འབྲོས། །ང་དེ་ཕྱིར་བསམ་ཡིན་འགྱོད་པ་སྐྱེས། །དུས་ད་རེས་འཁོར་གསུམ་ཁྱེད་ལ་འབུལ། །ད་ཕྱིན་ཆད་དམ་བཅའ་བརྟན་པོར་འབུལ། །ཁྱེད་གར་འགྲོ་ཆགས་ཕྱི་བྱེད་པར་ཞུ། །ཞེས་ཞུས་པས། ཁྱེད་ཀྱི་དམ་བཅའ་མི་ཐུབ། འཁོར་ངས་མི་འདོད། དེ་བས་ལྷགས་པའི་མདོ་དྲུག་ང་ལ་ཡོད་གསུངས་ནས། མགུར་འདི་གསུངས་སོ། །བུ་བྱས་པ་དོན་མེད་ཚུར་ཉོན་དང་། །ཡུལ་ལོགས་རྟོགས་ཅན་གྱིས་མཁར་ན། །དགྲ་དུག་ལྔའི་འཇིགས་པས་ཤ་སྒུགས་བྱེད། །དུས་ད་རེ་ཕམ་རྒྱལ་མི་དགོས་ན། །ཕྱིས་ཐར་མེད་བཙོན་རར་ཆུད་ཉེན་གདའ། །ང་ཕྱི་སྣང་བ་ཁྲོ་བོ་རལ་གྲི་ལ། །ནང་འཛིན་མེད་རང་གསལ་གྱི་རལ་ཤུབ་བྱས། །ལམ་མཐོང་འཇུག་སྤངས་པའི་རལ་ཐག་ལ། །དྲོད་རྟགས་ཡོན་ཏན་གྱི་སེན་ཐབས་རིས། །དེ་སྤོས་པ་ནང་གི་མདོ་དྲུག་ཡིན། །དོན་སྐྱེ་མེད་སྟོང་པའི་གཞུ་མོ་ལ། །ཐབས་བྱང་ཆུབ་སེམས་ཀྱི་ལྟོར་སྦྱར་ནས། །ཚད་མེད་བཞིའི་མདའ་
(༢༥༢)འཕངས་པས། །དགྲ་དུག་ལྔའི་གཡུལ་ངོ་བཟློག་པར་བྱེད། །ལས་ཉོན་མོངས་དཔག་མེད་དམག་དཔུང་གཏོར། །དེ་རྣལ་འབྱོར་ངའི་དགྲ་ཐབས་ཡིན། །མི་ཁྱོད་ཀྱི་སྟག་ཆས་ངས་མི་འདོད། །བུ་ཡོན་བདག་སྐྱིད་འདོད་ཁྱིམ་དུ་བཞུད། །ཅེས་གསུངས་པས། བླ་མ་ལགས། ངའི་སྐེ་རགས་གྲི་སགས་འདི་ལ་དམར་པའི་ཀ་མང་དུ་ཡོད་པས། བཞེད་པར་ཞུ་ཞུས་པས། ཞུ་དོན་ཀླུ་རུ་ཕུལ་ལོ། །རྗེ་སྤྲུལ་སྐུ་ཆེན་པོ་རྣལ་འབྱོར་བ། །སྤྱིར་ཆོས་མཁྱེན་མང་ཡང་གྲུབ་པ་ཉུང་། །གྲུབ་རྟགས་ཐོན་པ་རེ་རེ་ཙམ། །ཆོས་མཁྱེན་བླ་མ་མང་ཡོད་ཀྱང་། །ཕ་སྤྲུལ་སྐུ་རས་ཆེན་མ་ལགས་པའི། །ཆོས་མཁྱེན་ཟེར་ཡོང་ལ་ང་མི་ཞུ། །ཁྱེད་དཀའ་བ་སྤྱོད་པའི་རྣལ་འབྱོར་བ། །ངས་ཡང་ཅི་འོས་ཞུ་མི་ཕོད། །རྒྱུ་བལ་ཡུལ་མཐིལ་གྱི་ཕྲུགས་ཆུང་ལ། །ཆུ་རིས་ཅན་གྱི་ཁ་པད་ཅན། །ལུང་མདོ་ལྕགས་ཀྱི་ཉག་ཐག་ཅན། །ར་གན་འབུར་གྱི་དམིགས་བཞི་བྱས། །མི་ངའི་རྐེད་སྐབས་གློ་ལ་མཛེས། །སྤྱིར་སྟག་ཤར་ཙམ་གྱི་བརྒྱན་དུ་ཆེ། །སྒོས་ཁྱེའུ་ཆུང་ངའི་ཕོ་བཅས་ཡིན། །ང་མོས་པའི་ཞུ་རྟེན་འདི་འབུལ་བས། །སྒོམས་ཉམས་ལེན་གང་ཟབ་ཐུགས་ལ་ཐོགས། ཞེས་ཞུས་པས། དེ་བས་ལྷག་པས་གྲི་སགས་ང་རང་ལ་ཡོད་གསུངས་ནས་མགུར་འདི་གསུངས་སོ། །བུ་སྟག་ཤར་དོན་མེད་ཚུར་ཉོན་དང་། །གང་དཀར་འགྲིམ་པའི་སེང་ལྕམ་ལ། །བཅུད་བདུད་རྩི་འདྲ་བའི་འོ་མ་ཡོད། །རིན་ཆེན་གསེར་སྣོད་མ་ལགས་པའི་སྣོད་ངན་ཕལ་དུ་བླུག་མི་ཐུབ། །ང་གཡོ་མེད་དྲང་པོའི་རྐེད་སྐབ་ལ། །འདུན་པ་དྲག་པོའི་རས་ཡུགས་བཅིངས། །སེམས་ཟོལ་སོགས་མེད་པའི་ཆུ་རིས་བཏང་། །ཤེས་རབ་རྣོན་པོའི་གྲི་སགས་ལ། །ཉམས་གཏིང་ཚད་གསུམ་གྱི་ལྕགས་ཤུབ་བྱས།
(༢༥༣)ལུང་དད་པ་ལྕགས་ཀྱི་ཉག་ཐག་ཅན། །བརྩོན་འགྲུས་གསེར་གྱི་དམིགས་བཞི་དྲངས། །སྤྱིར་ཆོས་མཛད་ཡོངས་ཀྱི་རྒྱན་དུ་ཆེ། །སྒོས་རྣལ་འབྱོར་ངེད་ཀྱི་རྐེད་རྒྱན་ཡིན། །མ་མཁའ་འགྲོས་སྔན་ཆད་འཇིག་རྟེན་ལན། །སྔར་ཡང་ནོར་ཕྱིར་མི་འཚོ།།། །ང་ཡང་ཞུ་རྟེན་ལེན་མི་བྱེད། །བུ་ཁྱེའུ་ཆུང་སྐྱིད་འདོད་ཁྱིམ་དུ་བཞུད། །ཅེས་གསུངས་པས། བླ་མ་ལགས། ཟང་ཟིང་དངོས་པོ་མི་བཞེད་ན། །ང་ལ་དགོན་པ་ལེགས་པོ་ཅིག་ཡོད་པ་འབུལ་བས། ཐུགས་དགོངས་གློད་ནས་བཞུགས་པར་ཞུ་ཞེས། ཞུ་དོན་ཀླུ་རུ་ཕུལ་ལོ། །རྗེ་བཙུན་གྱི་དམ་པ་རས་ཀྱི་ན་བཟའ་ཅན། །ཁྱེད་བྱར་མེད་ཞེན་པ་ལོགས་པ་དེས། །ཕ་ཡུལ་བཙོན་ར་རྒྱབ་དུ་བོར། །ཕྱོགས་རིས་མེད་པའི་མི་ཡུལ་བསྐོར། །སྐུ་སྐྱི་སྡུག་གི་སྤྲོས་པ་ཆོད་ལགས་ཀྱང་། །གཞི་གཅིག་ཏུ་བཞུགས་ནས་ཐུགས་དམ་འཕེལ། །དེད་དགོན་པ་རི་ཐང་འཚམས་སུ་བརྩེགས། །རང་བྱུང་དག་པའི་ཀ་པ་ལ། །སྣང་གསལ་ནམ་མཁའི་ཀ་རྒྱན་མཛེས། །རྒྱ་ནག་མཐིལ་གྱི་ས་གཞི་ལ། །རྡོ་རྒྱུས་མཚལ་གྱི་མཎྜལ་བྲིས། །ཧ་ལོ་མེ་ཏོག་ཚུམ་བུར་བཀོད། །ཕྱི་ནས་བརྩན་པོའི་འོབས་ཀྱི་བསྐོར། །གཉེན་པོ་ཤིང་གི་ཁ་པད་བཏང་། །རྩ་བརྒྱད་མཆོད་རྟེན་ཕྲེང་བས་བརྒྱན། །ངེད་འཇིག་རྟེན་པའི་མོས་པའི་རྟེན། །ཕ་ཁྱེད་ཁྱེད་ཀྱི་གདན་སར་འབུལ་ལགས་པས། །ཐུགས་མ་རིངས་དགོངས་པ་གློད་ལ་བཞུགས། །ཞེས་ཞུས་པས། བུ་བདག་ཏུ་བཟུང་བའི་དགོན་པར་ང་མི་སྡོད། །ཁྱེད་འཇིག་རྟེན་པའི་ཁ་མཆུ་ངས་མི་སྲང་། །དེ་བས་ལྷགས་པའི་དགོན་པ་ང་རང་ལ་ཡོད།
(༢༥༤)དེ་བས་ངའི་ཀླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །འོ་ན་སྟག་ཤ་ར་འཕྲུལ་གྱི་བུ། །ཚེ་འདི་མི་རྟག་སྒྱུ་མ་ཙམ། །སངས་འཆི་བདག་གཤིན་རྗེའི་སླེབ་ཙ་ན། །ཁྱེད་དཔའ་པོའི་རལ་ཁ་བྱེད་ས་མེད། །སྔར་མས་ཝ་བྲོས་བྱེད་ས་མེད། །དུས་དེ་དུས་དྲན་ན་ཡང་། །ངས་དེ་དྲན་དོགས་ན་བརྩན་ས་བཟུང་། །སྐྱེ་མེད་སེམས་ཀྱི་དགོན་པ་ལ། །འཁྲུལ་མེད་སེམས་ཀྱི་ཁ་པད་བཏང་། །འགྱུར་མེད་སེམས་ཀྱི་ཀ་བ་བཙུག །ལྷ་བསྐྱེད་རྫོགས་ཉི་ཟླའི་ཀ་བརྒྱན་ཤར། །གཞི་རང་སེམས་དྲོད་ཀྱི་ས་གཞི་ལ། །ལྷག་མཐོང་མཚལ་གྱི་མཎྜལ་ལ། །ལམ་བདེ་གསལ་མི་རྟག་ཚོམ་བུ་བཀོད། །དགེ་བཅུ་མཛེས་པའི་རྩ་བརྒྱད་བརྒྱན། །བརྩན་པོ་སྟོང་ཉིད་འོབས་ཀྱིས་བསྐོར། །དེ་རྣལ་འབྱོར་ངའི་དགོན་པ་ཡིན། །མི་ཁྱོད་ཀྱི་དགོན་པར་ང་མི་འདུག །ཡོན་བདག་སྐྱིད་འདོད་ཁྱིམ་དུ་བཞུད། །ཅེས་གསུངས་པས། བླ་མ་ལགས། ངའི་སྲིང་མོ་དད་པ་ཅན་ཅིག་ཡོད་པ་འབུལ་ལགས་པས། ཐུགས་ཁྲེལ་རྐོ་ལོང་མི་མཛད་པར་ཞུ། ལུས་སྒྱུ་མ་ཡིན་པས་བསྙུང་གཞི་བྱུང་ན། ཤ་ཚ་བའི་གྲོགས་རེ་དགོས་ལགས་ཞུས་པས་ཞུ་དོན་ཕུལ་ལོ། །རྗེ་རི་ཁྲོད་འགྲིམ་པའི་རྣལ་འབྱོར་ལ། །ཁྱེད་བུད་མེད་སྐྱོན་མཚངས་གཟིགས་པ་ལ། །ཆགས་སེམས་འདོད་པ་མི་མངའ་ཡང་། །ལུས་སྒྱུ་མ་ལགས་པས་སྙུངས་བྱུང་ན། །ཤ་ཚ་སྙིང་རྗེའི་གྲོགས་དགོས་པ། །ང་མིང་པོ་གསུམ་གྱི་སྲིང་ཅིག་མོ། །ཕ་བཟང་པོའི་བུ་མོ་ཚེ་རིས་ཅན། །མ་བཟང་གི་བུ་མོ་སྨན་མོ་འཕྲུལ། །ཁྲོམ་ལྷ་མི་འཚོགས་པའི་ཡིད་འཕྲོག་མ། །རྗེས་བདག་རྒྱལ་པོའི་
(༢༥༥)བརྫུན་མོ་རྒྱུ། །གོས་རེལ་ཐེལ་ལེགས་ཏེ་དར་མ་མིན། །དར་འཇའ་ཚོན་ཁྱུག་གེ་ཆོ་རིས་ཅན། །མགོ་གཡུ་བྱུར་གཉིས་ཀྱིས་ལན་ཚར་ཅན། །གཟི་མཆོད་སིལ་མའི་དོ་ཤལ་ཅན། །མཚར་སྡུད་འོད་ཆགས་བྲིས་པ་འདྲ། །མི་སློང་མི་མང་སྟེ་ཁར་ཤོར་མང་། །དུས་དེ་རང་སྤྲུལ་སྐུ་ཁྱེར་ལ་འབུལ། །ཐུགས་རྐོ་ལོང་མི་མཛད་བཞེད་པར་ཞུ། །ཞེས་ཞུས་པས། བླ་མ་ལགས། ཧ་ཧ་ཁྱོད་ཀྱི་དེ་བས་ལྷག་པའི་ཆུང་མ་ང་རང་ལ་ཡོད་གསུངས་ནས། དེ་བསངས་ཀླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །འོ་ན་ཡ་རབས་འཕྲུལ་གྱི་བུ། །སྤྱིར་ཡང་བུད་མེད་ཆགས་པའི་རྒྱུ། །མཚན་ལྡན་རིགས་མ་ཤིན་ཏུ་དཀོན། །ལམ་ཕོ་ཉས་སྒྲོལ་བ་ངོ་མཚར་ཡང་། །ཁྱེད་སྐྱེ་བོ་ཡ་ཁ་སྡིག་པ་སོགས། །དེ་ཕྱིར་ཕྱག་རྒྱ་བརྟེན་པར་དཀའ། །ང་ཆགས་བྲལ་སྟོང་བའི་བུད་མེད་ལ། །སྙིང་རྗེའི་བུད་མེད་བཞིན་བཟང་མ། །བྱམས་པའི་འཛུམ་གྱིས་ཡིད་ཅི་འཕྲོག་ཅིང་། །སྣ་ཚོགས་དཀར་དམར་ས་རས་ཕྲུགས་ལ། །གཉིས་ཀ་ཐུགས་ཕྲད་ཀྱིས་དར་གྱི་བརྒྱན། །རོ་སྙོམས་སྤྱོད་པའི་ཀ་ཤལ། །དགའ་བ་བཞིའི་ལན་ཚར་ཅན། །དུ་མ་རོ་གཅིག་ཏུ་བརྩེ་བ་ཅན། །གཉུག་མ་དོན་རྟོགས་ཕྱོར་མོ་སྨན། །དེ་རྣལ་འབྱོར་ངའི་གྲོགས་མོ་ཡིན། །ཁྱོད་འཁོར་བའི་ཁྱིམ་ཐབས་ང་མི་འདོད། །ཡོན་བདག་སྐྱིད་འདོད་ཁྱིམ་དུ་བཞུད། །ཅེས་གསུངས་པས། བླ་མ་ལགས་ཁྱེད་གཅེར་བུར་བཞུགས་པས་ངེད་འཇིག་རྟེན་པ་ངོ་ཚ་བར་འདུག །ངའི་བྱང་རྐྱང་འདི་བཞེད་པར་ཞུ་ཞུས་པས་ཞུ་དོན་ཀླུ་ར་ཕུལ་ལོ། །རྗེ་སྦགས་ང་མེད་པའི་རྣལ་འབྱོར་བ། །བརྟུལ་ཤུགས་སྤྱོད་པའི་གཅེར་ཉལ་མཁན། །འོད་སྟོང་ནོར་བུ་
(༢༥༦)གང་དགར་སྟོན། །ཁྱེད་འཁྲུལ་པ་ནང་ནས་ཟད་པ་དེས། །ཡ་ང་བག་ཚ་མི་འདུག་སྟེ། །དེད་འཇིག་རྟེན་པས་ནི་ངོ་མཚར་བྱེད། །ཐུགས་དགོངས་པ་སངས་རྒྱས་མཐོ་ལགས་ཀྱང་། །འཕྲལ་མཛད་སྤྱོད་མི་དང་བསྟུན་ན་ལེགས། །བདག་ཁྱེའུ་ཆུང་གྱོན་པའི་བྱང་རྐྱང་འདི། །རྒྱུ་གཡང་མོ་ལུགས་གི་འཇམ་པ་ལ་ལ། །མ་དང་སྲིང་མོའི་ཉག་ཐུས་བྱས། །མནའ་མ་འཛངས་ཀྱིས་ཐག་རར་བཏགས། །ཁྱིམ་ཚེས་བུ་མོའི་ཆག་ཆགས་བྱས། །ཕ་ཁུ་བྱམས་པའི་བཟོའི་བཙེམ། །ངེད་འཇིག་རྟེན་པའི་ངོ་ཚའི་གོས། །ན་བཟའ་བྱང་རྐྱང་གཙོང་མ་འབུལ། །རྗེ་མི་འདོད་མི་གསུངས་བཞེད་པར་ཞུ། །ཞེས་ཞུས་པས། བླ་མའི་ཞལ་ནས་ངོ་ཚ་དང་ངོ་མི་ཚ་བ་ཁྱེད་འཇིག་རྟེན་པའི་མི་ཤེས། །ང་མ་ལ་སྐྱེས་ཀྱང་གཅེར་བུར་སྐྱེས། །འཆི་དུས་ཡང་གཅེར་བུར་འཆི། །ད་ལྟ་བཅས་བཅོས་མེད་པར་སྡོད་གསུངས་ནས་མགུར་འདི་གསུངས་སོ། །འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ། །ཁྱོད་ངོ་མི་ཚ་བ་ལ་ངོ་ཚར་བྱེད། །འདི་ནི་རང་བྱུང་ཕོ་རྟགས་ཡིན། །བཅོས་མའི་ངོ་ཚ་ངས་མི་ཤེས། །ཁྲེལ་ངོ་ཚ་རྣམས་ལ་ཁྱེད་མི་འཛེམ། །ངན་སྤྱོད་གཡོ་སྒྱུ་རྐུ་བ་དང་། །སྤྱོད་ངན་ཞེ་ངན་ལོགས་རྣམས། །སྡིག་དང་མནའ་ཟན་ཁྲེལ་མེད་ལ། །ངོ་ཚ་ཡིན་ཏེ་འཛེམ་མི་མེད། །མི་ངས་ནི་ངོ་ཚ་འདི་ལྟར་འགེབ། །རྒྱུ་བྱང་ཆུབ་སེམས་ཀྱི་འཇམ་པ་ལ་ལ། །སྨོན་ལམ་དབང་བཞིས་ཉག་ཐུས་བྱས། །གྲོལ་ལམ་ཏིང་འཛིན་ཐག་རར་བཏགས། །དག་པ་སྨོན་ལམ་ཆག་ཆགས་བཏབ། །ཐམས་ཅད་མཁྱེན་པའི་བཟོ་བོ་ཡིས། །ཁྲེལ་ངོ་ཚ་ཡོད་པའི་བྱང་རྐྱང་བཙེམ། །གཞན་དོན་མཐར་ཕྱིན་ངོ་ཚའི་གོས། །མི་ཁྱོད་ཀྱི་ཤ་ཚ་བསྐད་ངས་མི་འདོད། །བུ་ཡོན་བདག་སྐྱིད་འདོད་
(༢༥༧)གནས་སུ་སོང་། །ཅེས་གསུངས་པས། ཁོ་བོ་བསམ་པ་ལ་སྐྱེས་བུ་འདིས་ཞབས་ཏོག་གང་ཡང་མི་བཞེད་པར་འདུག་ཅིང་བཀའ་བཀྱོན་ཤིན་ཏུ་ཆེ་ཨང་། །ད་གར་བཞུགས་དང་གར་བཞུད་ཅིག་ཞུ་དགོས་བསམ་པས། ཞུ་བ་ཞིབ་ཏུ་ཞུས་པ། ངས་རྩས་མའི་རིང་ལ་ལྡོམ་དུ་བྱེད་ནས། དགུན་ལ་ཕྱིའི་སྟོང་དུ་འདུག་གསུངས་བས། འོ་ན་ཞག་གཅིག་གཉིས་ལ་དེད་ཅན་དུ་བྱོན་ནས། དགུན་བརྒྱགས་ངས་སྤྲོད་ཞུས་ནས་ཞུ་དོན་འདི་ཕུལ་ལོ། །རྗེ་འགྲན་གྱི་ངོ་མེད་སྤྲུལ་པའི་སྐུ། །ཁྱེད་སྙེ་ནམས་ཕྱོགས་སུ་འབྱོན་དགོངས་ནས། །རོ་སྙོམས་ལྡོམ་བུ་མཛད་དགོངས་ནས། །ཡུལ་དེ་ལ་ཡོན་ཏན་ཅང་མ་མཆིས། །གནམ་ཁ་ཞིང་ཅན་གྱི་དིང་རི་དེར། །མི་ནི་དགེ་སེམས་ཡུང་འབྲུ་ཙམ། །རྩམ་པ་རིན་ཆེན་གསེར་བས་དཀོན། །ལགས་པ་ལྷ་ཁང་སྒོ་བས་དམ། །བརྒྱ་ལ་བྱིན་ཡང་ནད་ཁམས་སློང་། །མུ་གེའི་རྫོངས་གི་གྲོང་ཁྱེར་ཡིན། །ལ་ཐོག་ལ་སྔོན་མི་འཇིགས་པ་ཆེ། །མི་བསེར་ཇག་པ་འགྲིམ་ལམ་ཡིན། །མཛེ་པོའི་མཚོན་འགྲོས་བྱེད་ས་ཡིན། །སྐུངས་ས་འགུང་ན་ཟད་པ་མེད། །གྲོགས་བརྒྱ་མིན་བས་ལམ་མི་ཐོན། །གོམས་གསུམ་བཙན་ལ་སྣ་བོ་དགོས། །ཡུལ་སྙེ་ནམས་ལུང་བ་སྐད་པ་དེས། །བལ་པོད་གཉིས་ཀྱི་སོ་འཚམས་སུ། །སྟོད་ནི་བོད་ཁམས་ཁ་བའི་ཡུལ། །ཉིན་མཚན་མེད་པར་ལྷག་པ་ཆེ། །དབྱར་རྒུན་མེད་པར་ཁབ་འབབ། །མི་ནི་བྱོལ་སོང་ཀླུ་བས་ཀླེན། །ཆུ་ནི་བོན་ཆུ་ལྷོ་རོངས་འབབ། །སྨད་ནི་རོང་ཁུངས་ཚ་བའི་ཡུལ། །གཅན་འཕྲང་ཟབ་པ་སྲོག་ལ་གནོད། །ན་མི་ནི་ལྷོ་བལ་སྐད་མི་སྙན། །ཤིང་སྡོང་པོ་མི་རོ་རིངས་པ་འདྲ། །ཁྱེད་ཀྱི་གཤེགས་
(༢༥༨)ས་དེ་ན་མེད། །བདག་ཁྱེའུ་ཆུང་ཡུལ་དུ་གཤེགས་པར་ཞུ། །དགུན་ཟླ་གསུམ་བཞེས་པ་འདྲེན་ལགས་པ། །ཐུགས་དགོངས་པ་སྒྱུ་ལ་གཤེགས་པར་ཞུ། །ཞེས་ཞུས་པས། བླ་མའི་ཞལ་ནས། བདག་འཛིན་གྱི་ཡོན་བདག་ང་མི་འདོད། །ཡུལ་དིང་རིར་ཁྱོད་པས་ང་རང་ཞིབ། །གསུངས་ནས་མགུར་འདི་གསུངས་སོ། །བུ་དད་ཅན་འགྱུར་མེད་ཚུར་ཉོན་དང་། །ཡུལ་ལ་དགེ་བཅུ་ཚངས་པ་མེད། །མི་སྐྱོན་མེད་ཡོན་ཏན་ཚངས་པ་མེད། །ཤིང་འཛེར་མེད་དྲངས་དུ་སྐྱེ་བ་མེད། །ད་དུས་ཀྱི་བསྒྱུར་བ་དཀའ་བར་གདའ། །ང་རྣལ་འབྱོར་སེམས་ལ་གང་བྱུང་བདེ། །ངས་དབང་གྲོས་ཁ་མལ་འཆོར་མ་མྱོངས། །ཡུལ་དིང་རིར་རྩམ་པ་དཀོན་ལགས་ཀྱང་། །ང་རྣལ་འབྱོར་ཟས་ལ་སྨེ་གཙང་མེད། །ཕྱི་ལྟར་བདུད་རྩི་ལྔ་ལ་སྤྱོད། །ཟས་ཞོམ་པོ་རོ་ལ་ཆགས་མ་མྱོངས། །ནང་ལྟར་ཟག་མེད་ཏིང་འཛིན་ཟས་སུ་ཟ། །ང་དེ་ཕྱིར་ལྟོའི་མདུན་པ་ཆུང་། །མུ་གེ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཡུལ་སྙེ་ནམས་ལུང་ན་གཟེར་ལགས་ཀྱང་། །མི་ནི་མ་བཅོས་སྔོན་གྱི་མི། །གཏམ་ནི་མ་བཅོས་དྲང་པོར་སྨྲ། །སྤྱོད་པ་མ་བཅོས་ལྷོད་ལྷོད་པོ། །བཟའ་བཏུང་མ་བཅོས་སྦ་བསྲི་མེད། །ཡུལ་ནི་བཅོས་རྩི་ཤིང་ཕྱག །ནོར་ཟང་ཟིང་གི་བསོད་ནམས་ངས་མི་འདོད། །བཅའ་བཏུང་གི་ཟས་ལ་ཁོང་ཚོ་བཟང་། །འདུ་འཛིའི་གཡང་བ་དེ་ན་ཆུང་། །ང་རྣལ་འབྱོར་བ་འདི་དེ་ན་བདེ། །མཉམ་བཞག་ཏིང་འཛིན་དེ་ན་འཕེལ། །ང་དེ་ཕྱིར་སྙེ་ནམས་ཕྱོགས་སུ་འགྲོ། །གཏུམ་མོའི་དྲོད་ལ་རང་དབང་ཐོབ། །རླུང་ཚ་གྲངས་གཉིས་ཀྱི་འཇིགས་པ་བྲལ། །ཁ་བ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །མི་ང་ཡི་བློ་ལ་ཤོལ་ཐབས་མེད། །བུ་ཁྱེད་ཀྱི་ཡུལ་དུ་ང་མི་འགྲོ། །ཁས་གྲགས་
(༢༥༩)ཡོན་བདག་ངས་མི་འདོད། །ངོ་བསྲུངས་གི་སྤྱོད་པ་ངས་མི་ཤེས། །བུ་ཉི་མ་གསེར་འདྲ་ཡེལ་ལ་འདས། །མུན་པ་པོ་རོགས་རྫོངས་སུ་ཞེན། །བུ་ཚེ་རང་ནད་མེད་སྨོན་ལམ་འཚལ། །བུ་ཁྱེའུ་ཆུང་སྐྱིད་འདོད་གནས་མལ་སྙོགས། །ཅེས་གསུངས་པས། ཁོ་ཡི་ཆད་དེ། བླ་མ་ལགས། །ཁྱེད་ལ་ཅི་ཕུལ་ཡང་མ་བཞེད་ལྷ་ཆོས་ཚིག་གསུམ་ཡང་མ་གནང་བས། བདག་སྒྲིབ་པ་དང་སྡིག་པ་ཆེ་ངེས་ཤིང་བསོད་ནམས་ཟད་པར་འདུག་པས། སྨོན་ལམ་ཅིག་འདེབས་ནས་ལྕེབ་ནས་ཤི་བ་ཅིག་བྱེད་ཟེར་ཏེ། ཞུ་དོན་སྨྲེ་སྔགས་འདི་ཕུལ་ལོ། །ཆེན་པོ་སྙན་གསན་དད་ནང་གདུགས། །ཆུ་མིག་དངུལ་བུམ་རྩ་བ་ན། །གཅེར་ཉལ་བྱེད་པའི་མི་ཅིག་མཐོང་། །ཨོ་ན་རྣལ་འབྱོར་བསྙོན་པ་ཅིག །སྤྱོད་པ་ཐོལ་ཅོ་བྱེད་པ་ཅིག །ཆ་ཆུ་ལུགས་གང་དགར་སྟོན་པ་ཅིག །འདི་ལ་ཏིག་ཏིག་མེད་དོ་སྙམ། །ཡིད་ཡང་མ་མོས་སྐུར་བ་ཤོར། །རྟ་ཡང་མ་བསྐྱོན་བཟུར་ནས་སོང་། །དེ་ཡང་བླ་མའི་ཐུགས་ཀྱི་ཁྲེལ། །བདག་ངོ་ཚ་གནོང་སྟེ་ཤི་དང་འདྲ། །དེ་ནས་ཉི་མ་རྩེ་ཤར་ལ། །ཆུ་བོང་ཆུ་སྔོན་མོ་བརྒལ་ཙ་ན། །ཁྱེད་ཆུ་ལ་བྱ་ལྟར་ལྡིང་བ་མཐོང་། །མཁའ་ལ་རླུང་ལྟར་འཕྱོ་བ་མཐོང་། །རྫུ་འཕྲུལ་ལུས་ཀྱི་གཤེགས་པ་མཐོང་། །རྩད་ཆབ་པར་ཁར་ཕྱིན་ཙ་ན། །།།དང་མཇལ་ལོ་བསམ། །བག་ཆགས་སྒྲིབ་པ་ཆུང་ངོ་བསམ། །ཁ་རྗེ་བསོད་ནམས་།།།ལས་འཕྲོ་སྦྱངས་པ་ཡོད་དོ་བསམ། །དུས་དེ་ཙམ་དུས་ལ་དགའ་བ་དེ། །བདག་མ་ལ་སྐྱེས་ནས་ཡོངས་མ་མྱོངས། །སྒྱུ་མ་ནོར་གྱི་ཞབས་ཏོགས་ལ། །མི་དགོས་མི་འདོད་གསུངས་པ་དེ། །ཁྱེད་རྣལ་འབྱོར་རས་པ་མ་གཏོགས་པས། །བོད་མགོ་ནག་ཡོངས་ལ་ངས་མ་མཐོང་། །
(༢༦༠)རྗེ་དེ་ཙམ་ངོ་མཚར་ཆེ་ལགས་ཀྱང་། །དེ་རང་ཉི་མ་རྒྱངས་རེངས་ལ། །མི་བདག་གི་ཞུ་ནན་མི་སྐྱེད་རྒྱུ། །ཁྱེད་ལ་ངོ་མཚར་ཆེ་བ་དེས། །ཆོས་མཛད་ཡོངས་ལ་ངས་མ་མཐོང་། །བདག་གི་ཞུ་བ་ཅི་ཕུལ་ཡང་། །རྗེ་དམ་པས་ཐུགས་ལ་མ་བཏགས་པས། །བདག་ལས་ངན་སྒྲིབ་པ་ཆེ་བ་འདྲ། །ལས་འཕྲོ་བསོད་ནམས་ཆུང་ཆུང་འདྲ། །ལྷ་ཆོས་སྐལ་བ་མེད་མེད་འདྲ། །ད་ནི་ཡི་ཆད་བློ་མ་བདེ། །སེམས་ནི་མི་དགའ་ཕྱད་མ་ཕྱོད། །ལམ་ཡང་མི་ཤེས་འཐམ་མ་འཐོམ། །སྤྲུལ་སྐུ་སངས་རྒྱས་མཐོང་ན་ནི། །བཀའ་དྲིན་ཚིག་གསུམ་མི་ཐོབ་པ། །རྗེ་མ་མཇལ་བ་དང་ཅི་མ་ཁྱེད། །ངས་རྒྱལ་ཁམས་མི་ལ་ཇི་སྐད་སྒྲོགས། །ང་རང་གནོད་ལ་ངོ་ཡང་ཚ། །དེ་བས་རང་སྲོག་རང་གི་གཅོད། །ལར་སེམས་ཅན་སྐྱེས་ནས་འཆི་བ་ལ། །དུས་ད་ལྟ་ཤི་ན་དོན་ཆེན་འགྲུབ། །རྗེ་གྲུབ་ཐོབ་ཁྱེད་ཀྱི་དྲུང་དུ་འགུམ། །ཡིད་དམ་པའི་ཆོས་ལ་བསམ་ནས་འཆི། །གཏམ་སྙན་པ་ཅི་སྒྲོགས་པ། །རྗེ་མངོན་ཤེས་ཅན་གྱི་ཐུགས་ཀྱི་མཁྱེན། །ལར་ནི་ཁྱེའུ་ཆུང་བསོད་ནམས་ཆུང་། །དུས་དེ་རང་ལྷ་ཆོས་སྐལ་བ་ཆད། །ཕ་ཁྱེད་ཀྱི་ཐུགས་ཀྱི་ང་མ་བརྗེད། །ཅེས་ཞུས་ཏེ། ལྕེབ་པ་ལ་བརྩམ་བས། བླ་མས་ཐུགས་ལ་ཁོ་བོས་འདི་ཙམ་ཅིག་དད་འདུན་ཆེ་གདུངས་སེམས་ཆེ་ལུགས་ཀྱིས། ངའི་རྨང་ལམ་ན་བྱུང་བ་དེ་རེད་དགོངས་ཏེ། རྗེས་སུ་འཛིན་པའི་མགུར་འདི་གསུངས་སོ། །བུ་ཡོན་བདག་ཉོན་དང་སྙིང་སྟོབས་ཅན། །ཁྱེད་དགེ་སེམས་འདུན་པ་ཆེ་ལུགས་ཀྱིས། །ལས་ངན་སྒྲིབ་པ་ཆུང་བར་ངེས། །ཞུ་དོན་སྤོབས་པ་ཆེ་ལུགས་ཀྱིས། །ང་རྒྱལ་རང་མཐོང་ཆུང་བར་ངེས། །བརྩོན་འགྲུས་ནན་ཏན་ཆེ་ལུགས་ཀྱི། །ལེ་ལོ་སྙོམས་ལས་ཆུང་བར་དེས། །གཏོང་ཕོད་འབུལ་སྙིང་ཆེ་ལུགས་ཀྱིས། །སེར་སྣ་ཞེན་ཆགས་ཆུང་བར་ངེས། །
(༢༦༡)ཤེས་རབ་སྙིང་རྗེ་ཆེ་ལུགས་ཀྱིས། །གཏི་མུག་ཞེ་སྡང་ཆུང་བར་ངེས། །ལྷགས་པར་དལ་དད་ལུགས་ཀྱིས། །སྔོན་ནས་དམ་པ་བསྟེན་པར་ངེས། །བུ་དེ་ཕྱིར་ཡི་མུག་མ་ཟེར་དང་། །ཁྱོད་རྒྱལ་ཁྲོམ་སྨད་ནས་འོང་བ་དང་། །ང་གུང་ཐང་སྟོད་ནས་འོངས་པ་གཉིས། །ད་ནང་གདུགས་ཀྱིས་སྔ་དྲོ་ལ། །ཆུ་མིག་དངུལ་བུམ་རྩ་བར་འཕྲད། །བོང་ཆུ་སྔོན་མོའི་ཕར་ཁར་འཛོམས། །དེ་སྔོན་སྨོན་ལམ་ཐེབས་པ་འདྲ། །སྦྱངས་པའི་ལས་འཕྲོ་ཡོད་ཡོད་འདྲ། །ཀུན་གཞིའི་བག་ཆགས་ཟད་ཟད་འདྲ། །དེ་ཡན་ཆད་འབྲེལ་བ་བཟང་པོའི་།།།ད་ཡང་དག་དོན་ལ་གཏུགས་ཙ་ན། །སྙིང་ནས་ལྷ་ཆོས་བྱེད་ཙ་ན། །དད་པ་གཏིངས་ནས་སྐྱེས་པ་ན། །ཚེ་འདི་ལ་ཕྱི་མིག་མ་ལྟ་ཅིག །བུ་བདེན་པར་ང་ཕྱིར་འབྲེང་དགོངས་ནས། །གཉེན་འདུན་བདུད་ཀྱི་ཤོལ་འདེབས་ཡིན། །བདེན་ནོ་མ་བསམ་འཁྲི་བ་ཆོད། །ཟས་ནོར་བདུད་ཀྱི་སོ་བ་ཡིན། །འདྲིས་ཤིང་ངན་ནོ་འཛིན་པ་སྤོངས། །འདོད་ཡོན་ཏན་བདུད་ཀྱི་ཞགས་པ་ཡིན། །འཆིང་བར་ངེས་སོ་ཞེན་པ་ཐོང་། །གཞོན་ནུ་མོ་བདུད་ཀྱི་གྲོགས་མོ་ཡིན། །བསླུ་བར་ངེས་སོ་ཁོང་ཟོན་མཐོང་། །ཕ་ཡུལ་བདུད་ཀྱི་།།།བཙོན་ར་ཡིན། །ཐར་བར་དཀའ་འོ་མྱུར་བར་བྲོས། །ལར་ཐམས་ཅད་བཞག་ནས་འགྲོ་བ་ལ། །དུས་ད་ལྟ་བཞག་ན་དོན་ཆེན་འགྲུབ། །སྔ་ལུས་ཐོབ་ཡོར་ཅིས་ཀྱང་འགྱེལ། །དུས་ད་ལྟ་རྟེན་འབྲེལ་བསྒྲིགས་ནས་ལེགས། །སེམས་ཀྱི་བྱ་རྒྱལ་ཅིས་ཀྱང་འཕུར། །དུས་ད་ལྟ་ན་འཕང་བཅད་ན་ལེགས། །མི་ངེས་ཟེར་དེ་ཚོ་སྤྱོད་པ་ན། །བུ་ཁྱོད་ལ་ལྷ་ཆོས་སྐལ་པ་ཡོད། །འཇུག་སྒོ་དབང་དང་བྱིན་བརླབས་བྱེད། །སྙན་རྒྱུད་གདམ་ངག་ཟབ་མོ་བྱིན། །བུ་ཁྱོད་ཡང་ལམ་
(༢༦༢)སྣ་ཟིན་ཏེ་མཆིས། །རྣལ་འབྱོར་ང་ཡང་སྤྲོ་བ་སྐྱེས། །བུ་ཁྱེའུ་ཆུང་སེམས་ལ་དེ་ལྟར་ཞོག །བུ་ཁྱོད་ཀྱི་བསམ་པ་འགྲུབ་པ་ཡིན། ཅེས་གསུངས་པས། ཁོ་བྲོད་པ་སྐྱེས་ཏེ། དགའ་ལྷགས་ཀྱི་སོང་ངོ་། །བླ་མས་ཞབས་སྤྱི་བོར་བླངས་བཞགས་ནས། །སྨོན་ལམ་མང་པོ་བཏབ། ཕྱག་དང་བསྐོར་བ་བ་བྱས་ནས་སོང་ངོ་། །དེ་ཐམས་ཅད་ཆུ་མིག་དངུལ་བུམ་གྱི་སྐོར་རོ། །དེ་ནས་རྗེ་བཙུན་སྨན་ལུང་གི་འབྲིང་ནས་བཞུགས། །ཞི་བ་འོད་ཡུལ་གཞི་ཐམས་ཅད་ཆོས་ཕྱོགས་སུ་བཏང་ནས། ཞིང་པོ་ཅིག་དང་འགྲོགས་ནས་ཡོངས་ཏེ། གཡུ་དང་གསེར་འདུག་པ་བླ་མས་མ་བཞེད་དེ། ཕ་རི་ལ་ཕུལ་ལ་དབང་བསྐུར་ཞུས་པས། པ་རི་བས་གཙུག་ཏོར་རྣམ་རྒྱལ་གྱི་ཚེ་དབང་། འཕགས་པ་དོན་ཡོད་ཞགས་པ་དང་། ནང་གི་བདེ་མཆོག་དང་། ལྷ་མོའི་སྐོར་རྣམས་གནང་ངོ་། །དེ་ནས་རྗེ་བཙུན་གྱི་དྲུང་དུ་ལོ་ལྔ་རྟགས་པར་བསྡད་ནས། སྙན་རྒྱུད་ཀྱི་དབང་དང་ཆོས་དྲུག་བསྒོམ་པས། ཉམས་རྣམས་བཟང་པོ་སྐྱེས་ནས། བླ་མ་མཉེས་ཏེ་མགུར་འདི་གསུངས་སོ། །སྙན་རྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བསྒྲུབ་རྒྱུད་ཐུགས་རྗེ་ཅན་འདི་བྱིན་བརླབས་ཆེ། །མར་བ་མིད་ལའི་གདམ་ངག་ནུས་པ་ཆེ། །ཁྱེའུ་ཆུང་ཞི་བ་འོད་འདི་སྒོམ་སྲན་ཆེ། །མ་དང་མཁའ་འགྲོའི་རྟོགས་པ་མྱུར་དུ་སྐྱེས། །བུ་ཉམས་ལེན་མཐའ་རུ་འདོན་པ་ལ། །ཁ་ལྟ་སྐམ་པོ་མ་ལབ་པར། །ཆོས་ལ་ཕྱོགས་རིས་མེད་པར་མཛོད། །མི་སྔོན་གྱི་ཇོ་བཟང་མ་སེམས་བར། །དབེན་པ་མི་མེད་ལུང་སྟོང་དུ་སྒོམས། །གྲོགས་ངན་གཡོག་པོར་མ་འགྲོགས་པར། །གཅིག་པུར་རྒྱུན་དུ་ཟུག་པར་གྱིས། །བླ་མས་ཅི་འདོད་མ་སེམས་པར། །
(༢༦༣)ཅི་གསུངས་ཚད་མར་བསྒོམ་བསྒྲུབ་གྱིས། །མྱུར་དུ་གྲུབ་རྟག་མ་འདོད་པར། །སྒོམ་ཡུན་ཤི་དང་མཉམ་པར་གྱིས། །ཚིག་དང་ཐ་སྙད་མ་སློབ་པར། །སྙན་རྒྱུད་གདམ་ངག་ཡེངས་མེད་བསྒོམ། །རང་ལ་ཨེ་ཕན་ལྟ་བ་ན། །བཤད་པ་པས་ཀྱང་བསྒོམ་པས་ཕན། ཅེས་གསུངས་པས། ཞིབ་འོད་ཀྱི་མདུན་ལ་ཤེས་པར་བསླབས། མ་བསྒོམ་ནས་གོལ་ས་ཡོངས་པ་ཡིན་ཟེར་བཅུག་ལགས་ཞུས་པས། བླ་མས་དེའི་ལན་དུ་མགུར་འདི་གསུངས་སོ། །ཅི་འདྲ་ཨང་། །ཚིག་གི་རྦོས་པའི་རྩོད་དུས་ཁྲམ་པས་སྨྱོན་སྨྱོན་བྱེད། །ལབ་དུས་དྲེད་མོས་ལབ་ལབ་བྱེད། །ཉལ་དུས་མི་ཆེན་ཉལ་ཉལ་བྱེད། །འགྲོ་དུས་ཧོར་འདྲ་འགྲིམ་འགྲིམ་བྱེད། །དེས་གེགས་དང་གོལ་ས་ཅུག་སོལ་ཨང་། །སྤྱིར་ཁམས་གསུམ་རིག་དྲུག་སོ་སོར་གྲོལ། །སོ་སོ་སྐྱེ་བོ་ལས་ལ་གོལ། །ཉན་རང་ཞིང་བའི་ལས་ལ་གོལ། །དགེ་བཤེས་ཟབ་པའི་ཐབས་ལ་གོལ། །སྟོན་པ་ཚིག་གི་རྫོངས་ལ་ཞེན། །དགེ་སློང་བཟང་རྫུའི་ནང་དུ་གོལ། །རྣལ་འབྱོར་སྨོན་པའི་གསེབ་ཏུ་གོལ། །སྒོམ་པ་སྟོང་ལྟ་ཧད་པོར་གོལ། །དེ་བཞིན་ཐམས་ཅད་གོལ་ཚབས་ཆེ། །བུ་སྙན་རྒྱུད་མཁའ་འགྲོའི་ཁ་རླངས་ལ། །གོལ་ས་ཡོད་སྙམས་བདུད་ཡིན་ཏེ། །རས་ཆེན་དྲུང་དུ་ཞི་བ་འོད། །གེག་ལ་ཤོར་ན་སླུས་པ་ཡིན། །དམར་ཁྲིད་ལག་ལེན་མངོན་གསུམ་ལ། །གོལ་ས་བྱུང་ན་བདེན་པ་མེད། །བུ་སོལ་སའི་སློབ་གཉེར་མ་སེམས་པར། །རྩེ་གཅིག་ཏུ་སྒོམས་ངང་མྱུར་དུ་གསལ། །ཅེས་གསུངས་པས། སློབ་འདོད་མེད་པར་སྒོམས་ཡིན་ཡོད་པ་ལ། རྒྱགས་ཆད་པས། ཉིན་ལྡོམ་བུ་མཛད། །ནུབ་གྲོང་དུ་མི་ཉལ་བའི་དམ་བཅའ་ཡོད་པས། བླ་མས་དྲུང་དུ་ཡར་འོང་བ་ལ། །སྔར་གྱིས་གྲོགས་པ་ཅིག་སླེབ་འདུག་པ་ལ། ཟས་ནོར་
(༢༦༤)ཐམས་ཅད་མེད་པར་བྱས་ནས། ད་ཀུན་སྤྲང་རྒན་ཅིག་བྱས་ནས་ཟེར་བས། དེའི་ལན་དུ་མགུར་འདི་ཞི་བ་འོད་ཀྱིས་གསུངས་སོ། །བླ་མ་རྗེ་བཙུན་སངས་རྒྱས་ཀྱི་ངང་། །ཕ་མ་གཉིས་པོ་མཆོད་རྫས་ཀྱི་རྟེན། །སྤུན་ཟླ་ཕན་ཆད་འཁོར་བའི་རྒྱུ། །བདག་དེས་ཀྱང་ཕ་ཡུལ་སྤངས་པ་ཅིག་ལགས། །རང་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་། །ཆོས་མཐུན་གྲོགས་པོ་དགེ་སྦྱོར་ཀྱི་རྟེན། །གསུམ་བཞི་ཕན་ཆད་ལོང་གཏམ་གྱི་རྒྱུ། །བདག་དེས་ཀྱང་གཅིག་པུར་སྡོད་པ་ལགས། །གདམ་ངག་ཚིག་གཅིག་སངས་རྒྱས་ཀྱི་ངང་། །གསལ་འདེབས་པེ་བུམ་དགེ་སྦྱོར་ཀྱི་རྟེན། །དཔེ་ཆ་མང་པོ་ང་རྒྱལ་གྱི་རྒྱུ། །བདག་དེས་ཀྱང་ཟིན་བྲིས་སྤངས་པ་ཅིག་ལགས། །རི་ཁྲོད་དགོན་པ་སངས་རྒྱས་ཀྱི་ངང་། །འཚོ་བ་བྱ་འཚོལ་དགེ་སྦྱོར་ཀྱི་རྟེན། །རྫས་ཡོ་བྱད་མང་པོ་ཆགས་པའི་རྒྱུ། །བདག་དེས་ཀྱང་ཞིང་ཁམས་སྤངས་པ་ཅིག་ལགས། །རྒྱལ་ཁམས་ཕྱོགས་མེད་སངས་རྒྱས་ཀྱི་ངང་། །དད་ཅན་གྱི་བསོད་སྙོམས་དགེ་སྦྱོར་གྱི་རྟེན། །འཁོར་གཡོག་མང་པོ་ཉོན་མོངས་ཀྱི་རྒྱུ། །བདག་དེས་ཀྱང་དཔོན་གཡོག་སྤངས་པ་ཅིག་ལགས། ཅེས་གསུངས་པས། བླ་མ་ཡང་མྱེས། ཁོང་ཡང་དད་པས་དམ་བཅའ་མང་དུ་ཕུལ། །དེ་ནས་ཁོང་ངར་མ་དབང་ཕྱུག་བྱ་བ་ཡིན་པས། ཕྱིས་རས་པ་ཞི་བ་འོད་བྱ་བའི་ཡོངས་སུ་གྲགས་པ་ཅིག་བྱུང་ངོ་། །དེ་ཐམས་ཅད་ཞི་བ་འོད་ཀྱི་སྐོར་རོ། །དེ་ནས་རྗེ་བཙུན་གོང་ཐལ་ལྷོའི་སྒོ་ནས་ཕར་བྱོན་པས། མི་མང་པོ་རྩེ་སྣ་ལ་འཚོགས་པའི་ནང་ན་ཉ་མ་བཙུན་སེང་ངེ་བ་ཅིག་གི་འདུག་པས། རྣལ་འབྱོར་བ་ཁྱེད་ཀྱི་ཡུལ་དང་ཕ་མ་ཉེ་འབྲེལ་གང་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱི་བརླབ་པར་མཛད་དུ་གསོལ། །
(༢༦༥)ང་ཡི་ཡབ་ནི་ཀུན་ཏུ་བཟང་པོ་ཡིན། །ཡུམ་ནི་འགྲོ་བ་བཟང་མོ་ཡིན། །ཕུ་པོ་ཐོས་པའི་རྒྱལ་པོ་ཡིན། །ཨ་ནེ་སྣང་གསལ་སྒྲོན་མེ་ཡིན། །སྲིང་མོ་དད་པའི་ལྷ་མོ་ཡིན། །གྲོགས་ཅིག་རང་བྱུང་ཡེ་ཤེས་ཡིན། །དཔེ་ཆ་སྣང་སྲིད་གཞིར་བཞག་ཡིན། །རྟ་པོ་རྣམ་ཤེས་རླུང་ཞོན་ཡིན། །ཡོན་བདག་དབུས་རྩང་རུ་བཞི་ཡིན། །ང་རང་མཆོད་རྟེན་ཀར་ཆུང་ཡིན། །ཅེས་གསུངས་པས། ཨ་ལ་ལ་ངོ་མཚར་ཆེ་བར་འདུག་སྟེ། ངེད་འཇིག་རྟེན་པའི་མ་གོ་བའི་ཇི་ལྟར་ཡིན་གསུངས་པར་ཞུ་ཞུས་པས། ཡང་མགུར་འདི་གསུངས་སོ། །དབྱངས་ལ་།།།ད་རེས་ཚིག་ལ་གསལ་ཅིག་འདེབས། །ང་ཡི་ཕ་ཅིག་ཀུན་དུ་བཟང་པོ་དེ། །གདམ་ངག་ནུར་མར་སྤེལ་བ་ལ། །ཉམས་ལེན་ལ་མུ་གེ་འོང་མ་མྱོངས། །ཕུ་པོ་ཐོས་པའི་རྒྱལ་པོ་དེ། །ཐབས་ཤེས་རབ་རལ་གྲི་ལག་ཏུ་བཟུང་། །ཕྱི་སྣང་བ་སྒྲོས་འདོགས་བཅད་ནས་བཞག །ཨ་ནེ་སྣང་གསལ་སྒྲོན་མེ་དེ། །རང་སེམས་མེ་ལོང་ཡང་ཡང་བསྟན། །བག་ཆགས་གཡའི་གོས་མ་མྱོངས། །སྲིང་མོ་དད་པའི་ལྷམ་མེ་དེ། །སེར་སྣའི་མདུད་བཀྲོལ་ནས་བཞགས། །ཟས་ནོར་ལ་སྡུག་ཚིར་བྱེད་མ་མྱོངས། །གྲོགས་མོ་རང་བྱུང་ཡེ་ཤེས་དང་། །གཉིས་སུ་མེད་པར་འགྲོགས་པས། །གཤིས་ངན་སྡུག་འཐབ་བྱེད་མ་མྱོངས། །བུ་ཅིག་རིག་པའི་ཁྱེའུ་ཆུང་དེ། །སངས་རྒྱས་གཏུང་འཛིན་སེམས་སེམས་པས། །སྣབ་བཤལ་བུ་ཚ་གསོ་མ་མྱོངས། །དཔེ་ཆ་སྣང་སྲིད་སྣང་བ་ལ། །མཚོན་པའི་གོ་ཡུལ་སྟོན་སྟོན་པས། །ཡིག་ནག་དཔེ་ཆ་ལྟ་མ་མྱོངས། །རྟ་བོ་རྣམ་ཤེས་རླུང་ལ་བསྐྱོན། །གར་འདོད་གནས་སུ་སྐྱེལ་བ་ལ། །ཁྲག་ཆགས་རྐང་
(༢༦༦)བཞིའི་གཡོག་མ་མྱོངས། །ཡོན་བདག་དབུས་རྩང་རུ་བཞི་དེ། །འཚོ་བ་གར་འདོད་སྦྱོར་བ་ལ། །ཕྱེ་རྐྱལ་ཀར་ཚིར་བྱེད་མ་མྱོངས། །ང་རང་མཆོད་རྟེན་ཀར་ཆུང་འདི། །མཆོད་པ་དཀོན་མཆོག་མཆོད་པ་ཡིན། །རྟེན་པ་བླ་མ་རྟེན་པ་ཡིན། །དཀར་བ་ཆོས་ལ་དཀར་པ་ཡིན། །ཆུང་བ་ཉོན་མོངས་ཆུང་བ་ཡིན། །ང་དེ་ཕྱིར་མཆོད་རྟེན་ཀར་ཆུང་ཡིན། །ཅེས་གསུངས་པས། ཨ་ལ་ལ་དེ་ཤིན་དུ་བཟང་བར་འདུག །ངེད་ནི་བུ་ནོར་མེད་ན་སྤྲང་པོ་ཡིན། །ཁྱེད་དེད་ཚོའི་ནང་དུ་འབྱོན་པར་དུས་འཁོར་བའི་སྣང་བ་མེད་ལས་ཆེ་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །ངས་དགྲ་འཁོར་བ་འདི་ལ་ཕར་བལྟས་ཙ། །དང་པོ་འཁོར་བ་ཉམས་དགའ་བོ། །བར་དུ་སྣང་བ་འབྲིད་མཁས་པོ། །ཐ་མ་བཙོན་དོང་ཐར་མེད་པོ། །འཁོར་བའི་མཐའ་ལ་ཞེན་པ་ལོགས། །དེ་ནས་གྲོགས་ལ་ཕར་བལྟས་ཙ། །གྲོགས་དང་པོ་ལྷ་མོ་འཛུམ་ཁ་མ། །བར་དུ་མི་མོ་གདོང་དམར་མ། །ཐ་མ་བདུད་མོ་ངོ་ནག་མ། །ཐ་ན་གྲོགས་ཏེ་ཆགས་པའི་ཕུང་། །དེ་ནས་བུ་ལ་ཕར་བལྟས་ཙ། །བུ་དང་པོ་ལྷ་ཕྲུག་ཁ་འཇམ་པོ། །བར་དུ་ཁྱིམ་ཚེས་སྙིང་རིང་པོ། །ཐ་མ་དགྲ་བོ་ལན་ཆགས་པོ། །དགྲ་ལན་མེད་གསོས་པ་བློ་ཉེས་ཆེ། །དེ་ནས་ནོར་ལ་ཕར་བལྟས་ཙ། །ནོར་དང་པོ་ནོར་བུ་རིན་པོ་ཆེ། །བར་དུ་མེད་ཐབས་མེད་པས་བཟུང་། །ཐ་མར་སྦྲང་རྩིས་བསགས་པ་བཞིན། །སྡུག་བསོགས་བྱས་ཚད་མི་ཡི་སྤྱོད། །དེ་ལ་སོམ་ལ་ལྷ་ཆོས་མཛོད། །འཆི་ཁ་མི་འགྱོད་ཙམ་རེ་གྱིས། །ཅེས་གསུངས་པས། ཉ་མ་དེ་དད་པ་སྐྱེས་ནས། རྣལ་འབྱོར་བ་ཁྱོད་ལ་ཆོས་རྒྱུད་བཟང་པོ་ཨེ་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཆོས་སྐུ་ཀུན་ལ་ཁྱབ་པ་ཀུན་ཏུ་བཟང་པོ། །ལོངས་སྐུ་
(༢༦༧)མཚན་དཔེའི་བརྒྱན་པ་རྡོ་རྗེ་འཆང་ཆེན། །སྤྲུལ་སྐུ་འགྲོ་དོན་མཛད་པ་ཤཱཀྱ་ཐུབ་པ། །ང་རྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས། །རྒྱུད་པ་དེ་གསུམ་ལ་དད་པའི་སྐལ་བ་ཅན་ཡོད་དམ། །ཅེས་གསུངས་པས། མོ་ན་རེ་རྒྱུད་པ་བཟང་པར་འདུག །རྒྱུད་པ་བཟང་པའི་ཞལ་པོ་ཡང་ཆེ། །བླ་མ་བཟང་པོ་ཡོད་དམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། ན་བཤད་པ།།།རིག་རྒྱུད་ནང་ན་སྟོན་པ་ནང་གི་བླ་མ། །དོན་རྒྱུད་སེམས་ལ་འཆར་པ་དོན་གྱི་བླ་མ། ད་བླ་མ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས། །བླ་མ་དེ་གསུམ་ལ་དད་པའི་ཉ་མ་ཡོད་དམ། །ཅེས་གསུངས་པས། མོ་ན་རེ་བླ་མ་དེ་གསུམ་ལ་མཇལ་ནས་དབང་བསྐུར་ཨེ་ཐོབ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཐོག་དུ་འཇོག་།།།རང་ལུས་ལྷ་སྐུར་གསལ་བ་དེ་ནང་གི་དབང་། །སེམས་ཉིད་བདེ་སྟོང་དུ་སྤྲོད་པ་དོན་གྱི་དབང་། །དབང་དེ་གསུམ་པའི་རྣལ་འབྱོར་བ་ལགས། །དབང་དེ་གསུམ་ཞུ་བའི་ཉ་མ་ཡོད་དམ། ཅེས་གསུངས་པས། མོ་ན་རེ་དབང་ཟབ་མོ་ཐོབ་རྟིང་གདམ་ངག་ཨེ་ཞུས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བསྒོམ་གསུམ་།།།རིག་པ་རྡོ་རུས་སྤྲོད་པ་ནང་གི་ཁྲིད། །ཉམས་དང་འདུ་འབྲལ་མེད་པ་ནང་གི་ཁྲིད། །ཁྲིད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས། །ཁྲིད་དེ་གསུམ་དང་ལྡན་པའི་ཉ་མ་ཡོད་དམ། ཅེས་གསུངས་པས། མོ་ན་རེ་ཁྲིད་དེ་གསུམ་ཐོབ་རྟིང་གཉན་ཁྲོད་ཨེ་འགྲིམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཁྲོད་འགྲི་།།།ཕུང་པོ་གཟེན་དུ་སྐྱུར་བ་ནང་གི་གཅོད། །ཉག་ཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །
(༢༦༨)གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས། །གཅོད་དེ་གསུམ་དང་ལྡན་པའི་ཉ་མ་ཡོད་དམ། ཅེས་གསུངས་པས། མོ་ན་རེ་གཅོད་དེ་གསུམ་ལྟ་བུ་བྱས་རྟིང་སེམས་ལ་འཆར་ཚུལ་ཅི་ཡོང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཞི་མ་བཅོས་ཕྱག་རྒྱ་ཆེན་པོར་ཤར། །ལམ་མ་བཅོས་དབུ་མ་ཆེན་མོར་ཤར། །འབྲས་བུ་མ་བཅོས་རྫོགས་པ་ཆེན་པོར་ཤར། །འཆར་ཚུལ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས་སོ། །འཆར་ཚུལ་དེ་གསུམ་དང་ལྡན་པའི་ཉ་མ་ཡོད་དམ། །ཅེས་གསུངས་པས། མོ་ན་རེ་དེ་ལྟ་བུ་སེམས་ལ་ཤར་ན་མི་འཇིགས་པའི་གཏིང་ཅི་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ལྟ་བའི་གཏིང་། །ཡེངས་མེད་རྟོགས་མེད་བསྒོམ་པའི་གཏིང་། །རེ་མེད་ཏོགས་མེད་འབྲས་བུའི་གཏིངས། །གཏིང་དེ་གསུམ་དང་ལྡན་པའི་རྣལ་འབྱོར་བ་ལགས་སོ། །གཏིངས་དེ་གསུམ་ཐོབ་པའི་ཉ་མ་ཡོད་དམ། ཅེས་གསུངས་པས། ཉ་མ་ཤིན་ཏུ་དད་པས་ཞབས་ལ་འཇུས་ཏེ། ནང་དུ་གདན་དྲངས་ཏེ་བསྙེན་བཀུར་བྱས་ནས་སྒོམ་ཅིག་ཞུ་ཟེར་ཏེ་གསོལ་འདེབས་འདི་ཕུལ་ལོ། །ཨོཾ་ན་རྗེ་བཙུན་རིན་པོ་ཆེ། །ང་ཉིན་པར་བྱ་བའི་ལས་ཀྱི་བྲེལ། །ནུབ་མོ་གཏི་མུག་གཉིད་དུ་སོང་། །ནང་ནུབ་ལྟོ་གོས་ཁོལ་པོར་སོང་། །ཆོས་ཅིག་བྱེད་པའི་ལོང་མ་བྱུང་། །སངས་རྒྱས་ཐོབ་པའི་ཆོས་ཅིག་ཞུ། །བྱང་ཆུབ་ཐོབ་པའི་ཆོས་ཅིག་ཞུ། །ཟེར་བའི་ལན་དུ་རྗེ་བཙུན་གྱི་དཔེ་བཞི་དོན་ལྔའི་མགུར་འདི་གསུངས་སོ། །དད་པ་ཅན། །གསོན་དང་ཕྱུག་མོ་དད་པ་ཅན། །ཁྱོད་ནམ་མཁའ་འདི་ལ་ཕར་ལྟོས་ལ། །མཐའ་དབུས་མེད་པའི་སྒོམ་ཅིག་གྱིས། །ཉི་ཟླ་འདི་ལ་ཕར་ལྟོས་ལ། །གསལ་འགྲིབ་མེད་པའི་སྒོམ་
(༢༦༩)ཅིག་གྱིས། །རི་བོ་འདི་ལ་ཕར་ལྟོས་ལ། །འཕོ་འགྱུར་མེད་པའི་སྒོམ་ཅིག་གྱིས། །རྒྱ་མཚོ་འདི་ལ་ཕར་ལྟོས་ལ། །རྦ་བརླབས་མེད་པའི་སྒོམ་ཅིག་གྱིས། །རང་སེམས་འདི་ལ་ཚུར་ལྟོས་ལ། །རྣམས་རྟོགས་མེད་པའི་སྒོམ་ཅིག་གྱིས། །ཅེས་གསུངས་པས། ཉམས་སེམས་དཔྱོད་དེ་མཚན་དཀར་ལེ་བསྒོམས་པས། ཕྱི་ནང་བླ་མ་དཔོན་སློབ་ལ་མཇལ་ནས་སེམས་དཔྱོད་འདི་ཕུལ་ལོ། །ཨོ་ན་སྐྱེས་མཆོག་རིན་པོ་ཆེ། །ངས་ནམ་མཁའ་བསྒོམ་དུ་བཏུབ་ལགས་ཏེ། །ལྷོ་སྤྲིན་བྱུང་ན་ཅི་བཞིན་བསྒོམས། །ཉི་ཟླ་བསྒོམ་དུ་བཏུབ་ལགས་ཏེ། །གཟའ་སྐར་འཁྲུག་ན་ཇི་བཞིན་བསྒོམ། །རི་བོ་བསྒོམ་དུ་བཏུབ་ལགས་ཏེ། །རྩི་ཤིང་རྒྱས་ན་ཇི་བཞིན་བསྒོམ། །རྒྱ་མཚོ་བསྒོམ་ཏུ་བཏུབ་ལགས་ཏེ། །རྦ་རླབས་བྱུང་ན་ཇི་ལྟར་བསྒོམས། །རང་སེམས་བསྒོམ་དུ་བཏུབས་ལགས་ཀྱང་། །རྣམ་རྟོགས་འཕྲོས་ན་ཅི་བཞིན་བསྒོམ། །ཞེས་ཞུས་པས། རྗེ་བཙུན་གྱི་གེག་སེལ་གྱི་མགུར་འདི་གསུངས་སོ། །གསོན་དང་ཕྱུག་མོ་དད་པ་ཅན། །ནམ་མཁའ་བསྒོམ་དུ་བཏུབ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཉི་ཟླ་བསྒོམ་དུ་བཏུབ་ལགས་ན། །གཟའ་སྐར་ཉི་ཟླའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་སྟེ་གཏན་ལ་ཕོབ། །རི་བོ་བསྒོམ་དུ་བཏུབ་ལགས་ཏེ། །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རྒྱ་མཚོ་བསྒོམ་དུ་བཏུབ་ལགས་ན། །རྦ་བརླབ་རྒྱ་མཚོའི་ཆོ་འཕྲུལ་
(༢༧༠)ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རང་སེམས་བསྒོམ་དུ་བཏུབ་ལགས་ན། །རྣམ་རྟོགས་སེམས་ཀྱི་ཆོ་འཕྲུལ་ཡིན། །ད་རུང་རྣམ་རྟོགས་རྩ་བར་ཆོད། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཅེས་གསུངས་པས། བླ་མས་གདམ་ངག་བསྟན་ནས་བསྒོམ་པས་ཉམས་བཟང་པོ་སྐྱེས་ནས་བླ་མས་ཞལ་ལྟ་རྒྱ་སྐོར་བཞི་མ་འདི་མགུར་དུ་གསུངས་སོ། །ཨང་ངེ་ཉ་མ་དཔའ་སྔར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལ་ཕྱི་མ་ཤུལ་ཐག་རིང་། །དེ་ལ་རྒྱག་ཕྱེ་གྲབ་སུ་ཆུད་ལགས་སམ། །རྒྱགས་ཕྱེ་སྦྱིན་པའི་ཐངས་ལགས་སམ། །དགྲ་སེར་སྣ་ཟེར་བའི་འགག་འཆིངས་མཁན། །འདི་ཕན་བཞིན་བྱས་ཡང་གནོད་པ་བསྐྱལ། །སེར་སྣ་དགྲ་བོ་ཡིན་པས་ཤེས་ལགས་སམ། །ཤེས་ན་རྒྱབ་དུ་སྐུར་ལགས་སམ། །ཨང་ངེ་ཉ་མ་དཔའ་སྔར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལ་ཕྱི་མ་མུན་པ་ནག །གསལ་མེ་གྲབས་སུ་ཆུད་ལགས་སམ། །གསལ་མེ་འོད་གསལ་ཡིན་པས་བསྒོམ་ལགས་སམ། །དགྲ་གཏི་མུག་ཟེར་བའི་ངོ་ཉལ་མཁན། །འདིས་ཕན་བཞིན་བྱས་ཡང་གནོད་པ་བསྐྱལ། །གཏི་མུག་དགྲ་བོ་ཡིན་པས་ཤེས་ལགས་སམ། །ཤེས་ན་རྒྱབ་དུ་སྐྱར་ལ་ཐོང་། །ཨང་ངེ་ཉ་མ་དཔའ་སྔར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་འཇིགས་པ་ཆེ། །དེ་སྐྱེལ་མ་གྲབས་སུ་ཆུད་ལགས་སམ། །སྐྱེལ་མ་ལྷ་ཆོས་ཡིན་པས་ཤེས་ལགས་སམ། །དགྲ་ཉེ་འབྲེལ་ཟེར་བའི་ཤོལ་འདེབས་མཁན། །འདིས་ཕན་བཞིན་བྱས་ཡང་གནོད་པ་བསྐྱལ། །ཉེ་འབྲེལ་དགྲ་བོ་ཡིན་པས་ཤེས་ལགས་
(༢༧༡)སམ། །ཤེས་ན་རྒྱུབ་ཏུ་སྐྱུར་ལ་ཐོང་། །ཨང་དེ་ཉ་མ་དཔའ་སྔར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལ་ཕྱི་མ་ལམ་ཐག་རིང་། །དེ་ལ་རྟ་པོ་གྲབས་སུ་ཆུད་ལགས་སམ། །རྟ་བོ་བརྩོན་འགྲུས་ཡིན་པས་བརྩམ་ལགས་སམ། །དགྲ་ལེ་ལོ་ཟེར་བའི་སྒྱུ་བྲིད་མཁན། །འདིས་ཕན་བཞིན་བྱས་ཡང་གནོད་པ་བསྐྱལ། །ལེ་ལོ་དགྲ་བོ་ཡིན་པས་ཤེས་ལགས་སམ། །ཤེས་ནས་རྒྱབ་དུ་སྐྱུར་ལ་ཐོང་། །ཅེས་གསུངས་པས། ཁྱོད་ཆོས་ལ་དཔའ། འཁོར་བ་ལ་སྔར་བས་དཔའ་སྔར་འབུམ་ཡིན་གསུངས་པས། གདམ་ངག་བསྒོམ་པས་སྙན་རྒྱུད་འཛིན་པའི་རྣལ་འབྱོར་ངོ་མཚར་ཅན་ཅིག་བྱུང་ངོ་། །དེ་ཐམས་ཅད་གུང་ཐང་ལྷོ་སྒོའི་སྐོར་རོ། །དེ་ནས་རྗེ་བཙུན་མང་ཡུལ་གུང་ཐང་གི་ཡངས་པ་ཅན་གྱི་ཚོང་དུས་སུ་བྱོན་པས། རྩེད་སྣ་མང་པོ་བྱེད་ཡིན་འདུག་པའི་ནང་ནས་བུ་མོ་ཤ་རྩ་སྔོ་ལ་དངས་པ། རྣམ་རིག་བཀྲ་ཞིང་ཤེས་པ་གསལ་བ་ཅིག་འདུག་པས། རྣལ་འབྱོར་པ་གང་ནས་བྱོན་ཟེར། ཡུལ་དང་ཕ་ཚན་ཅི་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཡུལ་ནི་ཀུན་བཟང་བདེ་ཆེན་ཡིན། །ཞིང་ནི་འདུན་པ་བཟང་པོ་ཡིན། །ཁང་པ་སྙིང་རྗེ་དག་པོ་ཡིན། །ཕ་ཚན་བདེར་གཤེགས་ཀུན་བཟང་ཡིན། །ཕ་སྤུན་ཕྱོགས་བཅུའི་ཆོས་མཛད་ཡིན། །ཡབ་མྱེས་དེ་ལོ་ན་རོ་ཡིན། །ཕ་ནི་ཐབས་ཀྱི་རྒྱལ་པོ་ཡིན། །མ་ནི་ཤེས་རབ་བཟང་མོ་ཡིན། །ཕུ་པོ་ཐོས་པའི་དམ་ཚིག་གཙང་མ་ཡིན། །ནུ་བོ་བརྩོན་འགྲུས་དྲག་པོ་ཡིན། །
(༢༧༢)སྲིང་མོ་དད་པ་བརྟན་པོ་ཡིན། །ང་རང་རང་བྱུང་ཐོལ་སྐྱེས་ཡིན། །རང་ནི་གནས་ལུག་བསྒོམ་པ་ཡིན། །འབྱུང་པ་ཡོན་ཏན་འབྱུང་བ་ཡིན། །ཐོལ་གྱི་ལྷ་དང་མཇལ་བ་ཡིན། །སྐྱེས་པ་ཆོས་སྐུ་སྐྱེས་པ་ཡིན། །ཅེས་གསུངས་པས། མོ་ན་རེ། ཁྱེད་ཕ་ཡབ་ཐོས་སེ་བ་བྱ་བ་ལ། བུ་མེད་ལ་རས་པ་ཟེར་པ་ཅིག་བྱུང་ནས་ཡོད་ཟེར་བ་ཡིན་ལས་ཆེ་ཟེར་བས། ནང་དུ་དྲོ་མཛད་པར་ཞུ་ཟེར་བ་ལ། ང་ཐེམ་པ་སྤངས་ནས་ཡོད་གསུངས་པས། མོས་ཁང་པའི་རྒྱབ་ཏུ་སྐད་ཅིག་བཙུགས་ནས་དཔོན་སློབ་གཉིས་ལ་དྲོ་དྲངས་ཏེ་ལོ་གསུམ་གྱི་ཞབ་ཏོགས་བྱེད་ཞུས་པས། ཞག་བདུན་བཞུགས་པར་གནང་ངོ་། །ཉིན་ཅིག་མཆོད་སྟོན་ཆེན་པོ་ཡོད་ཟེར་བས། མོས་གོས་ངན་པ་ཕུང་བཟང་པོ་རྣམས་གོན་ནས་ཁྱེད་རྣལ་འབྱོར་པ་གཟིགས་མོ་ལ་འབྱོན་ནམ་ཞུས་པས་ང་ནི་སེམས་ལ་བལྟས་པས་ཆོག་གསུངས་པ་དང་། མོ་ན་རེ། འོ་ན་བུ་ཆུང་ངུར་མ་འཇུག །རེལ་ལུག་མིའི་ཞིང་ཁ་ལ་མ་གཏང་། སྡོང་བུ་འགའ་དང་ཚ་ཚ་འགའ་ཡང་མཛོད། ཁྱོད་རྣལ་འབྱོར་གཞོན་པས་ཁང་པ་ཕྱག་དར་གྱིས། ཕོར་སྡེར་གཙང་མ་གྱིས་ཟེར་ནས་བུད་སོང་ངོ་། །ཁོང་དཔོན་སློབ་གཉིས་ཀྱང་མ་འགྲུབ་པས། བྱིས་པས་དུས་ཡིན་ངས་དང་ཚ་ཚའི་ས་ཡང་གཏོར། རེལ་ལུག་མི་ཡི་ཞིང་ཁ་ལ་སོང་ནས་སུག་པོ་བཅག་འདུག་པ་ལ། མོ་སླེབ་བྱུང་བས། རྣལ་འབྱོར་བ་ཁྱེད་ཐེམ་པ་སྤང་ཟེར་ཙ། རེལ་ལུག་དང་བུ་ཙ་ལ་སྙིང་རྗེ་མ་སྐྱེས་ཟིན། ཟེར་བའི་ལན་དུ་སོ་ནམ་དཔེ་གྲངས་དྲུག་
(༢༧༣)མ་འདི་བ་མགུར་དུ་གསུངས་སོ། །།།ཆོས་སྐུ་བདེ་ཆེན་སྤང་ཁ་ཡངས་པ། །གཞི་འགྱུར་མེད་རེལ་ལུགས་བསྐྱངས་བསྐྱངས་ནས། །རེལ་ལུག་སྐྱོང་པའི་ལོང་མ་བྱུང་། །རེལ་ལུག་སྐྱོང་མཁན་ལེགས་སེ་འབུམ་མེས་མཛོད། །ང་བྱམས་དང་སྙིང་རྗེའི་ཨ་མ་ཡིས། །གཉུག་མ་ངོ་སྤྲོད་བུ་ཆུང་བསྐྱང་བསྐྱངས་ནས། །བུ་ཆུང་སྣབ་བཤལ་འབྲིང་པའི་ལོང་མ་བྱུང་། །སྣབ་བཤོལ་འབྲིད་མཁན་ལེགས་སེ་འབུམ་མེས་མཛོད། །ངས་སྔོན་མི་འགྱུར་གྱི་རི་བོ་བརྟན་པོ་ལ། །དྲན་པ་ཡེངས་མེད་ཀྱི་ཚ་ཚ་བཏབ་བཏབ་ནས། །ཚ་ཚ་འབི་འབི་བྱེད་པའི་ལོང་མ་བྱུང་། །ཚ་ཚ་འབི་འབི་བྱེད་མཁན་ལེགས་སེ་འབུམ་མེས་མཛོད། །ངས་བྱང་ཁོག་སྟོད་ཀྱི་མཆོད་ཁང་དུ། །སྒོམ་འོད་གསལ་གྱི་མར་མེ་ཕུལ་ཕུལ་ནས། །རས་དཀར་སྡོང་བུ་འགྲིལ་བའི་ལོང་མ་བྱུང་། །རས་དཀར་འདྲིལ་མཁན་ལེགས་སེ་འབུམ་མེས་མཛོད། །ངས་སྒྱུ་མ་ལུས་ཀྱི་ཁང་རྒན་ལ། །བག་ཆགས་ངན་ལངས་ས་རྡོ་ཕྱག་བཤགས་ནས། །ཁང་བ་ཕྱག་དར་བྱེད་པའི་ལོང་མ་བྱུང་། །ཁང་པ་ཕྱག་དར་བྱེད་མཁན་ལེགས་སེ་འབུམ་མེས་མཛོད། །ངས་སྣ་ཚོགས་སྲིད་པའི་དཔྱད་ཆ་ལ། །སྒྱུ་མས་རྩལ་སྦྱོངས་བྱས་བྱས་ནས། །ཕོར་སྡེར་འཁྲུ་བའི་ལོང་མ་བྱུང་། །ད་ཕྱད་ཆ་བཀྲུ་མཁན་ལེགས་སེ་འབུམ་མེས་མཛོད། །ཅེས་གསུངས་པས། ཁང་པའི་ཕྱི་ལོག་ནས་ཕར་འཕུར་ནས་སོང་བ། མོས་སྒོ་ནས་བརྒྱུགས་ཏེ་ཞབས་ལ་འཇུས་ཏེ། བླ་མ་ལགས་ངེད་འཇིག་རྟེན་པས་སྣང་བ་ལ་ཕྱིའི་རྩེད་སྣ་མང་པོ་ལོངས་སྤྱོད་དུ་བྱེད། ནང་གིས་ཚ་ཚ་མར་མེའི་
(༢༧༤)ཆོས་སྤྱོད་ཡང་ཕྱི་མའི་དོན་དུ་སེམས་པས། ཁྱད་དུ་མི་གསོད་པར་ཞུ་ཟེར་བའི་ལན་དུ་འདྲ་ཆོས་བཅུ་མ་འདི་མགུར་དུ་གསུངས་སོ། ༈ །ཁྱེད་མུ་ནག་ནང་གི་ལྷ་རྟེན་འདི། །ལས་རྣམ་སྨིན་སོགས་པའི་རྩ་བ་འདྲ། །སེར་སྣའི་བཅིངས་པའི་མར་མེ་འདི། །མི་དཔོན་མདུན་གྱི་ཕོ་མྱེ་འདྲ། །རེལ་ལུག་མང་པོའི་བདག་པོ་དེ། །ཤ་ཟ་སོ་ལ་ཆས་པ་འདྲ། །བུ་ཕྲུག་མང་པོའི་ཕ་མ་དེ། །ཁྲེལ་མེད་ལག་གི་ཤ་བཙོན་འདྲ། །ཁ་རྒན་དགོན་པའི་ཕྱག་དར་དེ། །གྱང་ར་སྟོང་པའི་དྲི་ཟ་འདྲ། །དཔྱད་པ་མང་པོའི་བདག་པོ་དེ། །ལྷ་ལོག་ཀོར་བདག་སྲུངས་མ་འདྲ། །ཤོ་དང་གོར་མ་མདའ་ལ་སོགས། །ལྷ་མིན་འཁྲུག་པ་རྩོད་པ་འདྲ། །དམིགས་མང་འགྲིགས་དང་རྒྱལ་བློན་སོགས། །རྒྱལ་རིག་ངན་པའི་འཁྲུག་གཞི་འདྲ། །ཆབ་དང་ཆོ་ལོ་གཞི་བཏིངས་རྣམས། །འབྱུང་པོ་གཏོར་མ་རྩོད་པ་འདྲ། །སོ་ནམས་བྲེལ་མོའི་བཀལ་ཐགས་འདི། །རྩི་ཤིང་མགོ་ཡི་ཕལ་ཐག་འདྲ། །ཀླུ་ཀར་རོལ་མོའི་རྩེད་སྣ་རྣམས། །བདུད་ཀྱི་ཕོ་ཉས་མགོ་གཡོག་འདྲ། །དེ་ལྟད་མོ་ལྟ་བ་རྣམས། །རི་དྭགས་སྨིག་རྒྱུ་འཐུང་བ་འདྲ། །དེ་ལ་ཁ་དོག་མཇལ་བ་རྣམས། །ལོག་མགོ་མེ་ལ་བསུབ་པ་འདྲ། །དེ་ལ་འདོད་པས་གཡེང་བ་རྣམས། །དྲི་ཟ་ལྟོགས་བརྫིས་ཐེབ་པ་འདྲ། །མོ་ན་རེ་བླ་མ་ལགས། དེ་སྐད་མ་གསུངས། ངེད་ཚོས་ཡང་བླ་མཆོད་འགྱོགས་མྱོངས། །སྦྱིན་པ་དང་ཚོགས་བསོགས་ཡང་བྱེད་མྱོངས་བས། ཁྱད་དུ་མི་གསོད་པར་ཞུ་ཞུས་པས། བླ་མས་ཞལ་ནས་ཡ་ཆ་བཅུ་མ་འདི་མགུར་དུ་གསུངས་སོ། །ཐེལ་རང་ལྷ་རུ་མཆོད་པ་ཡིན། །བདག་གཞན་ཕུང་བ་ཡ་རེ་ཆ། །སེམས་བསྐྱེད་མེད་པའི་ཆོས་སྤྱོད་དེ། །བླུན་པོ་མགོ་སྐོར་ཀྱི་ར་བ་འདྲ། །འདོད་པ་འབར་བ་ཡ་རེ་ཆ། །ཕྱོགས་རིས་ཅན་གྱི་དགེ་བ་དེ། །ཁ་ལན་སྟོན་
(༢༧༥)མོའི་རེ་མོ་འདྲ། །རེ་ཁང་མང་བ་ཡ་རེ་ཆ། །ཞིང་ས་མེད་པའི་འབུལ་བ་དེ། །ཁྲམ་པ་སྤྱི་ནོར་གཏད་པ་འདྲ། །འཁྲུག་པ་ཡོང་བ་ཡ་རེ་ཆ། །སྙིང་རྗེ་མེད་པའི་སྦྱིན་པ་དེ། །ཀ་བ་འབྲེང་ལྕགས་བྲབ་པ་འདྲ། །རང་ལ་འཁྲུགས་པ་ཡ་རེ་ཆ། །རང་རྒྱུད་མ་དུལ་ལྟ་བ་དེ། །འུར་འགོ་སྤངས་གཏམ་བྱེད་པ་འདྲ། །རྒྱུ་འབྲས་ཁྱད་གསོད་ཡ་རེ་ཆ། །གནད་དུ་མ་སོང་བསྒོམ་པ་དེ། །རྫུན་མས་ཟོལ་ཁང་འབེབ་པ་འདྲ། །ཡོད་ལོ་བྱེད་པས་ཡ་རེ་ཆ། །རྟེན་འབྲེལ་མ་ཤར་སྤྱོད་པ་དེ། །བསྙོན་པ་ཚ་ཆུ་འཐུང་བ་འདྲ། །རང་མགོས་གཡོག་པ་ཡ་རེ་ཆ། །ཆོས་བརྒྱད་བསྒྲིགས་པའི་དམ་ཚིག་དེ། །མི་གཙང་དར་ལ་བཏུངས་བ་འདྲ། །ནང་ནས་རུལ་བས་ཡ་རེ་ཆ། །རང་འདོད་མ་སྤངས་འབྲས་བུ་དེ། །རྫབ་ལ་མི་གཟུགས་བཟོས་པ་འདྲ། །རྐྱེན་ངན་མི་ཐུབ་ཡ་རེ་ཆ། །ཅེས་གསུངས་པས། མོ་དད་པ་སྐྱེས་ཏེ། མགོ་ལ་གཡུའི་ཕུད་ཅིང་ཡོད་པ་མཎྜལ་བྱས་ནས་ཕུལ་ཏེ། ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ཅིག་མིན་པས་ཕན་པ་མེད་པས། སྒོམ་ཅིག་བྱེད་འདོད་འདོད་སྟེ། ཟབ་པའི་ཆོས་ཅིག་ཐུགས་ལ་ཐོགས་ཞུས་པས། བླ་མས་རྡོ་རྗེའི་ཚིག་རྐང་བཞི་བ་འདི་མགུར་དུ་གསུངས་སོ། །ཉོན་དང་གསོན་དང་ཕྱུག་མོ་འབུམ། །རྣམ་རིག་བཀྲ་བའི་དད་པ་ཅན། །ཁྱོད་རང་གི་ལུས་ལ་ཚུར་ལྟོས་ལ། །སྐྱིད་འདོད་མེད་པའི་སྒོམས་ཅིག་གྱིས། །རང་གི་ངག་ལ་ཚུར་ལྟོས་ལ། །སྨྲ་འདོད་མང་པའི་སྒོམས་ཅིག་གྱིས། །རང་གི་སེམས་ལ་ཚུར་ལྟོས་ལ། །རྣམས་རྟོགས་མེད་པའི་སྒོམས་ཅིག་གྱིས། །ལུས་ངག་ཡིད་གསུམ་མ་ཡེངས་པར། །སྒོམ་རྒྱུད་མེད་པའི་སྒོམ་ཅིག་གྱིས། །ཅེས་གསུངས་པས། །ཞག་བདུན་མ་
(༢༧༦)ཡེངས་པར་བསྒོམས་པས། ཞག་བཞི་ན་བླ་མ་ལ་དད་པ་སྐྱེས་པས། གསེར་གྱི་ཕུད་ཅིག་མཎྜལ་དུ་ཕུལ་ནས། གསོལ་འདེབས་ཡན་ལག་བདུན་མ་འདི་མགུར་དུ་ཕུལ་ལོ། །རྗེ་ངོ་མཚར་རས་ཀྱི་ན་བཟའ་ཅན། །གཏད་པ་མེད་པའི་ཁེངས་སེམས་ཅན། །ཡ་ང་མེད་པའི་ཞེ་དོགས་ཅན། །ཆགས་པ་མེད་པའི་བློ་གཏིངས་ཅན། །བརྟུལ་ཞུགས་རས་པ་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་རས་པ་ལ་མཆོད་པ་འབུལ། །བརྟུལ་ཞུགས་རས་པ་སྡིག་པ་བཤགས། །བླ་མ་ཁྱེད་ལ་རྗེ་ཡི་རང་། །བརྟུལ་ཞུགས་རས་པ་ལ་གསོལ་བ་འདེབས། །བརྟུལ་ཞུགས་རས་པས་བྱིན་གྱི་བརློབས། །བདག་འགྲོ་བའི་དོན་དུ་ཐུགས་རྗེས་ཟུང་། །ངས་རང་གི་ལུས་ལ་ཚུར་བལྟས་ཙ། །སྐྱིད་འདོད་མེད་པའི་བསྒོམ་བྱས་ཀྱང་། །ད་རུང་སྐྱིད་འདོད་ཡོད་ཡིན་འདུག །རང་གི་དག་ལ་ཚུར་བལྟས་ཙ། །སྨྲ་འདོད་མེད་པའི་བསྒོམ་བྱས་ནས། །ད་རུང་སྨྲ་འདོད་ཡོངས་ཡིན་འདུག །རང་གི་སེམས་ལ་ཚུར་བལྟས་ཙ། །རྣམ་རྟོགས་མེད་པའི་བསྒོམས་བྱས་ཀྱང་། །ད་རུང་རྣམ་རྟོགས་མང་ཡིན་འདུག །ལུས་ངག་ཡིད་གསུམ་མ་ཡེངས་པའི། །སྒོམ་རྒྱུ་མེད་པའི་བསྒོམ་བྱས་ཀྱང་། །ད་རུང་བསྒོམ་ཅིག་འདོད་ཡིན་འདུག །ཅེས་ཞུས་པའི་ལན་དུ། གེགས་སེལ་ངོ་སྤྲོད་འདི་མགུར་དུ་གསུངས་སོ། །ཉོན་དང་གསོན་དང་ཕྱུག་མོ་འབུམ། །རྣམ་རིག་བཀྲ་བའི་དད་པ་ཅན། །ཁྱོད་ལུས་ལ་སྐྱིད་འདོད་འདུག་པ་ནས། །འདུས་པའི་གཉེན་ལ་གསོན་བྲལ་གྱིས། །བསགས་པའི་ནོར་ཟས་ཆོས་ལ་ཐོང་། །ཆགས་ཞེན་མེད་པའི་ངང་ལས་སྡོད། །ཁྱོད་ངག་ལ་སྨྲ་འདོད་འདུག་པ་ན། །
(༢༧༧)འཇིག་རྟེན་ཆོས་བརྒྱད་ཆུ་ནས་ཐོབ། །ཕྱོར་དང་རང་མཐོང་རླུང་ལ་སྐུར། །ང་རྒྱལ་མེད་པའི་ངང་ལ་སྡོད། །ཁྱོད་སེམས་རྟོག་འདུག་པ་ན། །རྣམས་རྟོག་དྲན་པའི་ཐག་པས་བཟུང་། །མཉམ་པ་ཉིད་ཀྱི་ངང་དུ་སྡོད། །གང་ཤར་རྗེས་མེད་ངང་ལ་སྐྱོངས། །ཁྱོད་ད་རུང་སྒོམ་ཅིག་འདོད་པ་ན། །སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ། །རང་ལུས་ཐུགས་རྗེ་ཆེན་པོར་བསྒོམ། །སྤྱི་པོར་རྩ་བའི་བླ་མ་བསྒོམས། །སྟོང་པ་ཉིད་སྒོམ་ཡུན་སྲིང་། །རྗེས་ལ་བསྔོ་བའི་རྒྱས་ཡིས་ཐོང་། །དེ་གོ་བར་གྱིས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པས། ཁྲིད་དང་གདམ་ངག་སྟོན་པའི་རང་བྱུང་གི་རྣལ་འབྱོར་མ་ཅིག་ཏུ་གྲོལ་ཏེ། ཚོགས་ཀྱི་འཁོར་ལོ་བརྒྱ་འདྲེན་པའི་དམ་བཅའ་ཡང་བྱས། །དབུལ་འཕོངས་ཡོངས་ལ་ནོར་ཟས་ཡང་བཀྱེ་བས་ངོ་མཚར་བ་ཅིག་ཡང་བྱུང་ངོ་། །དེ་རྣམས་ལེགས་སེ་འབུམ་མེས་སྐོར་རོ། །དེ་ནས་རྗེ་བཙུན་ཡབ་སྲས་མང་ཡུལ་རོང་ནས་མར་བྱོན་པས། རབ་ཆད་རྒན་རྒོན་གཉིས་འདུག་པ་ལ། །རྣལ་འབྱོར་བ་ལ་འཚེ་བ་ཅིག་བསླངས་དགོས། གསུངས་པས། ཁོང་གཉིས་ན་རེ། རྣལ་འབྱོར་བ་ཁྱོད་ལ་ཡུལ་ཡོད་མེད་ན་ངེད་ཀྱི་བུའི་དོད་ཨ་འབྱེད་ངེད་ལ་ཡུལ་བཟང་པོ་ཡང་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ཡུལ་དང་པོ་ཉམས་དགའ་སྐྱིད་སྐྱིད་པོ། །ལུས་ངག་ཡིད་གསུམ་གཟོད་པའི་སར་གདར་ཡིན། །བར་དུ་རྨོ་རྐོའོ་རེ་རྒྱལ། །ས་བོན་ཕར་བཏབ་ཚུར་མི་འབྱུང་། །ཡུལ་ངན་གཙང་མའི་མུག་གྲོགས་དེ། །འགོ་མེད་དྲི་ཟའི་གྲོང་ཁྱེར་འདྲ། །ཐ་མར་བསྐྱུར་ནས་འགྲོ་རྒྱུ་ཡིན། །དེ་འདྲའི་ཡུལ་མེད་འགྱོད་རྒྱུ་ཆུང་། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །
(༢༧༨)བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱི་རློབས། །ཅེས་གསུངས་པས། ཁོང་གཉིས་ན་རེ། །དེ་མ་གསུངས། དེས་ཕ་བཟང་བུ་མོ་བཞིན་ལེགས་མ་ཅིག་ཀྱང་ལེན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གཉེན་དང་པོ་འཕྲོད་དགའ་མཐོང་སྡུག་པོ། །ཨ་རྒུ་དང་ངོ་བྲོད་ཀྱི་ལུང་པ་འགེངས། །བར་དུ་ཤ་ཆང་གི་ཟན་ལན་ཅན། །ཕར་ཅིག་བྱིན་ན་ཚུར་ཅིག་སྟེར། །ཐ་མར་ཆགས་སྡང་གི་འགྱོད་གཞི་ཅན། །དམེ་ཤི་གྱོང་རྩའི་གཉེན་མེད་འགྱོར་རྒྱུ་ཆུང་། །འགྱོད་མེད་རྣལ་འབྱོར་ཟོ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །ཅེས་གསུངས་པས། ཁོང་གཉིས་ན་རེ། ཕ་བཟང་བུ་མོ་འདི་ལ་ནི་མཐོ་དམན་གང་ཡང་བརྟེན་པ་ཅིག་འདུག །ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །ཕར་བལྟ་བའི་གདོང་ལ་ཆོག་རྒྱུ་མེད། །བར་དུ་སྲིན་མོ་རུ་མིག་མ། །ཕར་ཅིག་བཟླས་ཙ་ཚུར་གཉིས་ཟློ། །སྐྲ་ལ་འཕྱངས་ནས་སྒྱིད་ལ་འཇུ། །དབྱུག་པས་བརྒྱབ་ནས་གཟའ་རུ་འཁུར། །ཐ་མར་པ་རྒན་སོས་མེད་མ། །སྲིན་མོའི་གདུང་མིག་སེམས་ལ་གཟན། །དེ་འདྲའི་གྲོགས་མེད་འགྱོད་རྒྱུ་ཆུང་། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །ཅེས་གསུངས་པས། དེ་མ་གསུངས། ཤི་རྒས་ཀྱི་གཏུགས་ཙ། བུ་མེད་པའི་སེམས་ཕམ་པོ་ཅིག་གདའ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། ༈ །
(༢༧༩)བུ་དང་པོ་ལྟ་བུ་ཆུང་ཆུང་པོ། །སྙིང་བརྩེ་བས་སེམས་ལ་བཟོད་གླགས་མེད། །བར་དུ་བུ་ལོན་ངོས་གྲག་པོ། །ཡོད་ཚད་བྱིན་ཡང་མགུ་རྒྱུ་མེད། །མིའི་བུ་མོ་ཁྱིམ་དུ་བཅུག །དྲིན་ཅན་ཕ་མ་རྒྱབ་དུ་བུད། །ཕའི་བོས་ཀྱང་ལན་མ་བཞིན། །མའི་བོས་ཀྱང་ཨ་མི་ཁུག །ཐ་མར་ཁྱིམ་ཚེས་སྙིང་རིངས་ཙམ། །དྲངས་པའི་ཁ་ཅིས་བྱས་པས་ཕུང་། །དེ་འདྲའི་བུ་མེད་འགྱོད་རྒྱུ་ཆུང་། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །ཅེས་གསུངས་པས། ཁོང་གཉིས་ན་རེ། དེད་ཚོ་ལ་ནི་བུ་མོ་རེ་ཡང་མེད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བུ་མོ་དང་པོ་ལྷ་ཕྲུག་འཛུམ་ཁ་མ། །ནོར་གང་དམར་འཁྱེར་བའི་དབང་མོ་ཆེ། །ཕར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་ངོས་ནས་བསླངས་ནས་འཁྱེར། །མ་ལ་རྐོག་ནས་བརྐུས་ནས་འཁྱེར། །བྱིན་པ་ངོ་སོར་མི་འཁྱེར་ཞིང་། །དྲིན་ཅན་ཕ་མ་སྙིང་སྟོང་འཇུག །ཐ་མར་མི་གདོང་དམར་མ། །ཡགས་ན་མི་ཡི་དཔལ་སྐྱེད་མ། །ཉེས་ན་རང་གི་སྡུག་བྱུར་མ། །དེ་འདྲའི་བུ་མོ་མེད་ཀྱང་འགྱོང་རྒྱུ་ཆུང་། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །ཅེས་གསུངས་པས། ཁོང་གཉིས་ན་རེ། ངེད་གཉིས་ལ་ཟས་ནོར་བཟང་པོ་ཡོད་པས་སྐྱིད་ནས་ཡོད། ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །ཕར་དུ་སེར་སྣའི་མདུད་པས་བཅིངས། །དམ་པའི་ཆོས་ཁ་གཏོང་མི་ཕོད། །
(༢༨༠)དགྲ་འདྲེ་གཉིས་ཀྱི་གཡབ་ཤིང་ཡིན། །རང་གི་བསོགས་ཡིན་མི་ཡིས་སྤྱོད། །ཐ་མར་རང་སྲོག་སྐྱེལ་བའི་རྒྱུ། །དེ་འདྲའི་ནོར་མེད་འགྱོད་རྒྱུ་ཆུང་། །འགྱོད་མེད་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཕ་གསོལ་བ་འདེབས་སོ་ལོཙྪ་བ། །ལར་ཟང་ཟིང་བདུད་ཀྱི་ཁ་གཞི་ལ། །ང་མིད་ལ་རས་པ་ག་ན་ཆགས། །ཁྱོད་སྐྱིད་རོང་རབ་ཆད་རྒན་རྒོན་དང་། །ང་གུང་ཐང་གི་མིད་ལ་རས་པ་གཉིས། །སྨོན་ལམ་གྱི་འབྲེལ་བ་བཞག་པ་ཡིན། །ཚེ་འདི་ལ་མཇལ་བར་མ་མཆིས་ཀྱང་། །ཨུ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ། །ཚེ་ཕྱི་མར་ཅིས་ཀྱང་མཇལ་བར་ངེས། །འཆི་ཁར་ལྷ་ཆོས་བྱེད་ནུས་ན། །བུ་དང་ཚ་བོ་དེ་ཀ་ཡིན། །ཅེས་གསུངས་པས། རབ་ཆད་རྒན་རྒོན་དད་པར་གྱུར་བས། ནོར་ཐམས་ཅད་ཆོས་ལ་བཏང་བས། གདམ་ངག་ཞུས་པས། ཤི་དུས་འཕོ་བ་ཟིན་ཏེ། མཁའ་སྤྱོད་དུ་འགྲོ་ནུས་པ་ཅིག་ཡོངས་སོ། །དེ་ཐམས་ཅད་སྐྱིད་རོང་རབ་ཆད་རྒན་རྒོན་གྱི་སྐོར་རོ། །དེ་ནས་རྗེ་བཙུན་རྩང་གི་སྙེ་ནམས་དུ་བྱོན་པས། ཡོན་བདག་གཤིན་རྡོར་མོ་དང་མཇལ་བས་ཁོ་རྒས་ཟིན་པས་བླ་མ་དང་མཇལ་ཙ་མཆི་མ་བྱུང་སྟེ། ཡོན་བདག་ཁྱོད་ཅི་ཡིན་གསུངས་པས། ད་ང་རྒས་ཟེར་བས། རྒས་པ་སྐྱེ་འགྲོ་ཐམས་ཅད་ལ་འོད། །དེ་བས་ངའི་གླུ་འདི་ལ་ཉོན་གསུངས་ནས་མགུར་འདི་གསུངས་སོ། །འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞིན། །ཅིག་ལས་མི་ཚད་ཡོ་ལ་འབྱུང་། །འཁོར་བའི་སྡུག་བསྔལ་ཡང་ཡང་འཁོར། །མི་ཤེས་རྒྱ་མཚོའི་རྦབ་ལ་གཡེང་། །བདེ་བ་སྐད་ཅིག་མི་གདའ་ན། །སྡུག་གི་དོགས་ཡིན་སྡུག་བསྔལ་བྱས། །སྐྱིད་ལ་རེ་ཡིན་སྡུག་བསྔལ་བྱས། །དུས་ད་ལྟ་
(༢༨༡)སྡུག་བསྔལ་སྤོང་ལེན་དང་། །དེ་ཡང་སྡུག་བསྔལ་མ་བྱེད་པས། །འཆི་ཁར་ལྷ་ཆོས་ཅིག་བྱས་ན་འཐད། །ཅེས་གསུངས་པས། སྐྱེ་བའི་སྡུག་བསྔལ་ཇི་ལྟ་བུ་ལགས། ཞེས་ཞུས་པས། ལན་དུ་སྐྱེ་བའི་སྡུག་བསྔལ་ཡོངས་ལགས། འདི་མགུར་དུ་གསུངས་སོ། །འོ་ན་ཡོན་བདག་གཞུང་བཟང་པོ། །སྐྱེ་བའི་སྡུག་བསྔལ་བཤད་ཙ་ན། །ཀུན་གཞི་བར་དོར་འཁྱམ་པ་ལ། །ཆགས་སྤྱོད་རྨོངས་དུས་རྣམ་ཤེས་འཁྲུལ། །ཕ་མའི་ཆགས་སྤྱོད་མངལ་དུ་ཞུགས། །མའི་མངལ་དུ་ཞུགས་ཙ་ན། །ཉ་མོ་ཉ་ལ་འཁྲིས་པ་འདྲ། །ཁྲག་དང་ཆུ་སེར་ནང་དུ་ཉལ། །མི་གཙང་པ་ལ་སྔས་རྟེན་བྱས། །ལས་ངན་དབང་གི་ལུས་ངན་གྲུབ། །གནས་ངན་ནང་དུ་སྡུག་བསྔལ་སྤྱོད། །ཚེ་སྔ་ཕྱི་དྲན་ཡང་སྐད་མི་ཐོན། །ཚ་གྲངས་སྡུག་བསྔལ་སྣ་ཚོགས་སྤྱོད། །ཟླ་བ་བཅུ་ལ་དམྱལ་བར་བསྲེག །མ་ལ་སྐྱེས་པའི་དུས་སུ་ཡང་། །ཟལ་མི་དམིགས་ལ་འགྲིམ་པ་བཞིན། །མ་ལ་སྐྱེས་ནས་སྒོར་ཐོན་ཙ། །ཚེར་མས་དོང་དུ་བསྐུར་བ་འདྲ། །མའི་ལག་ཏུ་བླངས་ཙ་ན། །བྱེལ་ཕྲུག་ཁྲའི་ཁྱེར་བ་འདྲ། །མི་གཙང་ཁྲུས་མ་ཕྱིས་ཙ་ན། །ཤ་ལྤགས་སོ་སོར་ཕྱེ་བ་འདྲ། །ལྟེ་བའི་ཐག་པ་བཅད་ཙ་ན། །ཁོང་བའི་སྲོག་རྩ་གཅོད་པ་འདྲ། །ཚངས་བུའི་ནང་དུ་བཅུག་ཙ་ན། །བཙོན་གྱི་ནང་དུ་འཕངས་པ་འདྲ། །ལར་སྐྱེ་མེད་དོན་ཅིག་མ་རྟོགས་ན། །སྐྱེ་བའི་སྡུག་བསྔལ་བསམ་ལས་འདས། །འཆི་ཁར་དགོས་པའི་ལྷ་ཆོས་ལ། །ཕྱི་བཤོལ་བྱས་ནས་སྐལ་པ་འཆད། །འབུངས་ལ་ཡོད་ཚད་ཆོས་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས།
(༢༨༢)རྒས་པའི་རྒྱུ་ང་ཡང་ཞིབ་སྟེ། དེ་ཡང་གཅིག་གསུངས་པར་ཞུ་ཞུས་པའི། ཡང་མགུར་འདི་གསུངས་སོ། །འོ་སྐོལ་འགྲོ་བ་འཇིག་རྟེན་པ། །འཇིག་རྟེན་པ་ལ་ཕར་བལྟས་ཙ། །རྒས་པའི་སྡུག་བསྔལ་ཡི་ཆད་མང་། །དྲང་པོར་སྐྱེས་པའི་རྐེད་པ་རྒུར། །བརྟན་མོར་བཞག་པའི་གོམ་པ་འཁྱོར། །སེམས་ཀྱི་ལོ་མ་སྐྲ་ཡང་དཀར། །དབང་པོའི་དངས་མ་མིག་ཡང་འགྲིབ། །ཡན་ལག་གཙོ་བོ་མགོ་བོ་འཁོར། །སྒྲའི་རྒྱལ་པོ་རྣ་བ་འོན། །བཤད་ཀྱི་རྒྱལ་པོ་སྣ་ཡང་ཞོམ། །རུས་པའི་རྒྱལ་པོ་སོ་ཡང་བུད། །སྨྲ་བའི་རྒྱལ་པོ་ལྕེ་ཡང་ལྡིབས། །ཤིག་དང་བུ་ལོན་བསད་ཡིན་མང་། །ཟས་དང་གཉེན་འདུན་བཏུད་ཡང་བྲོས། །བདེན་པར་སྨྲ་ཡང་ཉན་མཁན་མེད། །གཅེས་པོར་གསོས་པའི་བུ་ཙས་སྡང་། །བསགས་ཚར་བྱིན་ལ་དྲིན་གཟོ་མེད། །འཆི་མཆིས་ཟེར་བའི་སྡིག་མི་མང་། །རྒས་པས་སྡུག་བསྔལ་བསམ་ལས་འདས། །རྒས་ན་ལྷ་ཆོས་མི་དྲན་ན། །སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན། །ལྷ་ཆོས་ཁ་དབུགས་ཡོད་རིང་གྱིས། །ཨ་མཚར་པོ་རྒས་པ་ཡང་། །ང་བས་ཁྱེད་ཞིབ་པར་འདུག །ན་བའི་སྡུག་བསྔལ་ཇི་འདྲ་ལགས། །ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །འོ་སྐོལ་འགྲོ་བ་མི་རྟག་པས། །ན་བའི་སྡུག་བསྔལ་བཤད་ཙ་ན། །བློ་བུར་ཉིད་ལ་ནད་ཀྱི་སླེབ། །ཟུག་ཟེར་ཡིད་ལ་མེད་པར་ལངས། །རླུང་མཁྲིས་པད་ཀན་བདུད་དུ་བབ། །ཁྲག་དང་ཆུ་སེར་ཁོལ་ཡིན་ན། །གཟེར་དང་ནད་ཀྱི་དབང་སོང་བས། །སྟན་འཐུག་པོར་བཏང་ཡང་སྲབ་པ་འདྲ། །
(༢༨༣)སྤྲས་མཐོན་པོ་བཞག་ཀྱང་དམའ་བ་འདྲ། །སྔོན་སེར་སྣ་བྱས་པའི་ལས་དབང་གིས། །ཟས་བཟང་པོ་བྱིན་ཡང་དད་ཁ་ལོག །གནས་བསིལ་བར་བཞག་ཡང་མེ་བས་ཚ། །གོས་དྲོན་པོ་གོན་ཡང་ཆུ་བས་གྲངས། །མལ་བདེ་མོར་ཉལ་ཡང་འདྲེ་མོ་མང་། །གཉན་བཤེས་རྣམས་ཀྱི་མཐའ་བསྐོར་ཡང་། །ན་བའི་སྡུག་བསྔལ་སེལ་ཐབས་མེད། །མོ་བོན་སྨན་པ་ཐབས་མང་ཡང་། །ལས་ངན་ནད་ལ་སེལ་བ་དཀའ། །ལར་ནད་མེད་དོན་ཅིག་མ་རྟོགས་ནས། །ན་བའི་སྡུག་བསྔལ་བསམ་མི་ཁྱབ། །ལས་ངན་རྣམ་འཕོ་མི་ཤེས་པས། །སྡུག་བུས་ལྷ་ཆོས་བྱས་ནས་འཐད། །ཅེས་གསུངས་པས། ཁོ་ན་རེ། འཆི་བའི་སྡུག་བསྔལ་ཅུང་ཡོད་ཡེ་ནས་མི་ཤེས་པས། གཅིག་གསུངས་པར་ཞུ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་བཟང་རྒན་པོ། །འཆི་བའི་སྡུག་བསྔལ་སྐྱི་རེ་བུན། །ལན་ཅིག་འཆི་བའི་དུས་བྱུང་ཙ། །གཤིན་རྗེའི་ཕོ་ཉའི་ཟིན་པ་ལས། །ཕྱུག་པོའི་ནོར་གྱིས་བླུ་ཐབས་མེད། །དཔའ་པོས་གོམ་གསུམ་བཏུད་ས་མེད། །འཛངས་པའི་ལོ་རྒྱུས་བྱེད་ས་མེད། །འཕོངས་པའི་ཞུ་བ་བྱེད་ས་མེད། །ངན་པས་བསྙོ་རྡོལ་བྱེད་ས་མེད། །སྔར་མས་ཝ་བྲོས་བྱེད་ས་མེད། །ཡན་ལག་རྩ་རྣམས་མཐའ་ནས་སྡུད། །ཕན་ཚུན་རི་བོས་ནོན་པ་འདྲ། །བརྒྱ་འགྲོ་སྟོང་འགྲོ་མཐོང་བ་མེད། །ཁྲི་བོས་སྟོང་བོས་ཚོར་རྒྱུ་མེད། །ཕན་དུ་རེ་བའི་སྨན་པ་ཕོར། །སྐྱབས་སུ་རེ་བའི་མོ་བོན་བྲོས། །བརྟེན་བསྒྲུབ་བྱས་པའི་ལྷ་བསྲུང་ཡལ། །ངོ་ཨེ་ཤེས་བྱས་ཡང་མགོ་བོ་སྒྲིལ། །གཏམ་སྨྲ་བར་འདོད་ཀྱང་སྨྲ་མ་ནུས། །དབུགས་ཕྱི་ནང་རྒྱ་
(༢༨༤)བ་མ་ཆད་ཡང་། །ལུས་ལ་གཤིན་རྗེའི་དྲི་མ་བྲོ། །དྲོད་མེ་སྟག་ཙམ་དེ་མཐའ་ནས་བསྡུས། །ལ་ལས་གཟའ་དང་སྐར་མ་རྩིས། །ལ་ལས་སྡུག་བསྔལ་འོ་དོད་འབོད། །ལ་ལས་ཟས་དང་ནོར་ལ་སྒོམ། །ནོར་རང་གི་སྡུག་སོགས་གཞན་གྱིས་སྤྱོད། །ནོར་བདག་བསགས་གཞན་གྱི་སྤྱོད་པས་སྡུག་བསྔལ་འོང་། །སེམས་བརྩེ་བ་མང་སྟེ་གཅིག་བུར་འགྲོ། །གྲོགས་བཟང་པོ་ཡོད་ཀྱང་སྐྱུག་བྲོ་ལྟ། །ཤོལ་དུ་རྫས་ལ་གང་ཐོབ་ལྟ། །གཅེས་པའི་ལུས་ལ་སུམ་ཁུག་བྱེད། །ཕུང་པོ་རྒྱངས་སུ་སྐྱེལ་ནས་འགྲོ། །མེར་བསྲེག་ཆུར་བསྐུར་དོང་དུ་འཇུག །མེད་པ་ཟིན་རྩ་ཁོ་ཐག་ཆོད། །དེ་བཟོད་པར་འདུག་གམ་སྐལ་ལྡན་ཀུན། །ལར་དབུགས་རྒྱུ་བ་ཆད་པའི་ནང་བར་དེ། །འཛམ་གླིང་ནོར་གྱི་ཅིས་ཕན་ཨང་། །ད་སེར་སྣ་བྱེད་མི་ཅི་བསམ་ན། །བྱམས་པའི་གཉེན་གྱི་མཐའ་བསྐོར་ཡང་། །ཕན་པ་སྐད་ཅིག་བསྒྲུབ་ཐབས་མེད། །ཐམས་ཅད་འབྲལ་བ་མཐོང་ཙ་ན། །བརྩེ་གདུང་གཉེན་གྱི་ཅི་བྱེད་ཨང་། །དེ་འདྲའི་དུས་ཅིག་བྱུང་ཙ་ན། །དམ་པའི་ཆོས་ཅིག་མ་ལགས་པའི། །གང་གི་ཕན་པ་ཡོད་མ་ཡིན། །རྒས་དུས་མི་འགྱོད་ཙམ་རེ་དགོས། །འཆི་དུས་མི་འཚེར་ཙམ་རེ་མཛོད། །ཅེས་གསུངས་པས། རང་དབང་མེད་པའི་ཞེན་པ་ལོག་པས་བསགས་ཚད་ཆོས་ལ་བཏང་ངོ་། །རང་ཡང་དད་པའི་ངང་ནས་འཕོ་བ་ཟིན་ནས་ཐར་བའི་གནས་སུ་སྐྱེའོ། །དེ་ཐམས་ཅད་གཤིན་རྡོར་མོའི་སྐོར་རོ། །དེ་ནས་རྗེ་བཙུན་གུང་ཐང་ཡང་པའི་གྲོང་དུ་བྱོན་པས། མི་མང་པོ་མཁར་ལན་བྱེད་ཡིན་འདུག་པས་ངེད་ཀྱི་མཁར་ལན་འདིའི་དོན་ཅིག་ཁྱེད་ཀྱི་མཛད་
(༢༨༥)རྒྱུ་ཨེ་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བརྩོན་འགྲུས་བརྩིག་པ་མཐོ་བ་དང་། །བསམ་གཏན་གྱང་གཞི་ཆེ་བ་དང་། །ཤེས་རབ་གང་ཕུག་ལེགས་པ་དང་། །ཡོད་དེ་བཞི་བསྡེབས་པའི་མཁར་ལྡན་དེ། །ནམ་བཞག་གཏན་གྱི་ས་མཁར་ཡིན། །ཁྱོད་འཇིག་རྟེན་པའི་ནོར་གྱི་བསླུ་བསླུ་འདྲ། །ས་མཁར་བདུད་ཀྱི་བརྩོན་ར་ཤོལ་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས། ངེད་ཀྱི་ཞིང་གི་དོད་གང་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །གདམ་ངག་གི་ས་བོན་བཏབ་པ་དང་། །ཉམས་ལེན་གྱི་མྱུ་གུ་སྐྱེས་པ་དང་། །སྐུ་གསུམ་གྱི་འབྲས་བུ་སྨིན་པ་དང་། །ཡོད་འདི་བཞི་བསྡེབས་པའི་སོ་ནམས་ལ། །ནམ་བཞག་གཏན་གྱི་སོ་ནམས་ཡིན། །ཁྱེད་འཇིག་རྟེན་སོ་ནམས་ཀྱི་བསླུ་བསླུ་འདྲ། །ལྷོ་རྒྱབ་ཀྱི་ཁོལ་པོ་དེ་ཤོལ་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས། ངེད་ཀྱི་ཟས་ནོར་དོད་གང་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །ངེད་སྟོང་ཉིད་ཀྱི་གཏེར་ཁ་བཟང་བ་དང་། །འཕགས་པའི་ནོར་བདུན་ཕྱུག་པ་དང་། །དགེ་བཅུ་སྤྱད་པར་བདེ་བ་དང་། །ཏིང་འཛིན་ཟག་མེད་ལ་སྤྱོད་པ་སྟེ། །ནམ་བཞག་གཏན་གྱི་ཟས་ནོར་ཡིན། །ཁྱོད་འཇིག་རྟེན་པའི་ཟས་ནོར་གྱི་བསླུ་བསླུ་འདྲ། །སྒྱུ་མའི་མགོ་སྐོར་དེ་ཤོལ་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས། ངེད་ཀྱིས་ཕ་མྱེས་ཀྱི་དོད་གང་ཡིན། ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །དམ་ཆོས་ཞལ་ངོ་རགས་པ་དང་། །དགེ་འདུན་ཚ་ཞིང་
(༢༨༦)དར་བ་དང་། །ཆོས་སྐྱོངས་སྡེ་རུ་དཔའ་བ་སྟེ། །ཡོད་འདི་བཞི་བསྡེབས་པའི་སྲིད་ཟླ་དེ། །ནམ་བཞག་གཏན་གྱི་སོ་ནམ་སྲིད་ཟླ་ཡིན། །ཁྱོད་འཇིག་རྟེན་པས་སྲིད་ཟླས་བསླུ་བསླུ་འདྲ། །གནས་སྐབས་ཀྱི་ཟ་རོགས་དེ་ཤོལ་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས་ངེད་ཀྱི་ཆུང་མས་དོད་གང་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བདེ་གསལ་གསོས་སྤྲོར་མཁས་པ་དང་། །གསལ་སྟོང་ཤ་བཀྲག་དངས་པ་དང་། །ཉམས་རྟོགས་རྒྱན་ཆ་མང་བ་སྟེ། །ཡོད་འདི་བཞི་བསྡེབས་པའི་ཆུང་མ་དེ། །ནམ་བཞག་གཏན་གྱི་གྲོགས་མོ་ཡིན། །ཁྱོད་འཇིག་རྟེན་པས་ཆུང་མས་བསླུ་བསླུ་འདྲ། །གནས་སྐབས་ཀྱི་འཐབས་རོགས་དེ་ཤོལ་ལ་ཐོང་། །ཅེས་གསུངས་པས། བླ་མ་ལགས། དེད་ཀྱི་བུའི་དོད་གང་ཡིན། ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །བྱིན་བརླབས་རང་འབར་གྱི་ཚར་བསྐྱེད་ཆེ་བ་དང་། །ཉམས་རྟོགས་རྣོན་པོའི་སྨྲ་ལྕེ་བདེ་བ་དང་། །སངས་རྒྱས་རྣམས་ཀྱི་གདུང་རྒྱུད་འཛིན་པ་སྟེ། །ཡོད་དེ་བཞི་བསྡེབས་པའི་བུ་ཚ་དེ། །ནམ་བཞག་གཏན་གྱི་སྲས་པོ་ཡིན། །ཁྱོད་འཇིག་རྟེན་པའི་བུའི་བསླུ་བསླུ་འདྲ། །ད་འཁོར་བའི་བཤལ་དེ་ཆོད་ལ་ཐོང་། །ཁྱོད་མང་ཡུལ་ཡོན་བདག་རྒན་གཞོན་དང་། །ད་གུང་ཐང་མིད་ལ་རས་པ་གཉིས། །ཀླུ་ཕར་འདྲི་ཚུར་འདྲིའི་བགས་ཆགས་ཀྱིས། །དཔལ་ཨུ་རྒྱན་ཡུལ་དུ་མཇལ་བར་ཤོག །ཅེས་གསུངས་པས། ཡོན་བདག་དེ་རྣམས་དད་པ་སྐྱེས་ཏེ། །ཆོས་ལ་གནས་པ་མང་པོ་བྱུང་ངོ་། །དེ་ཐམས་ཅད་མང་ཡུལ་གུང་ཐང་གི་སྐོར་རོ། །དེ་ཐམས་ཅད་
(༢༨༧)མང་ཡུལ་གུང་ཐང་གི་སྐོར་རོ། །དེ་ནས་རྗེ་བཙུན་ལྕིམ་ལུང་གི་ཆུ་མཐའི་མཁར་བུར་ལྡོམ་བུ་བྱོན་པས། ཡོན་བདག་ངན་རྫོངས་བྱང་ཆུབ་ཞིང་རྨོ་བར་འདི་ལ་དཔེ་མཛོད་ལ་མགུར་ཅིག་མཛོད་ཟེར་བའི་ལན་དུ། ས་བན་རས་པ་ཡོད་པ་དང་། དཔོན་སློབ་གཉིས་ཀྱི་མགུར་འདི་གསུངས་སོ། །འོ་ན་ཡོན་བདག་ཁས་དྲག་ཅན། །ངན་རྫོང་ཕྱུག་མོ་ཚུར་ན་དང་། ཡོང་ས་གས་རི་ཟླ་བ་ལ། བོད་མི་རིས་ཞང་རེ་རྨོ་བ་ལ། །རྣལ་འབྱོར་ངེད་ཀྱང་ཞིང་ཅིག་རྨོ། །ཉོན་མོངས་དག་པའི་ཞིང་ས་ལ། །སྔོན་འགྲོ་དད་པའི་ལུང་ཀྱིས་བྲན། །བདུད་རྩི་ལྔའི་།།།གྱི་མནན། །བློ་དང་ལྡན་པའི་ཞིང་མཁན་གྱིས། །འཁྲུལ་ལྡོག་མང་པའི་ས་བོན་བཏབ། །གཉིས་མེད་གླང་པོའི་རྨོན་དོར་བསྡེབས། །ཤེས་རབ་རྣོན་པོའི་ཐོང་གཤོལ་བཏགས། །དམ་ཚིག་ལྡན་པའི་སྣ་ཁྲིད་དེ། །ཡེངས་པ་མེད་པའི་ཐོང་བཟུང་ནས། །བརྩོན་འགྲུས་མྱུར་པའི་ལྕགས་ཀྱིས་བྲབ། །ཐ་བ་སྲ་ཡང་ཕེད་དེ་མཆིས། །བྱང་ཆུབ་མྱུ་གུ་འཁྲུངས་ཏེ་མཆིས། །འབྲས་བུ་མང་བར་སྨིན་ཏེ་མཆིས། །ཁྱེད་འཇིག་རྟེན་པའི་སོ་ནམས་མཁན། །ང་སྐྱེ་བ་གཏན་གྱི་སོ་ནམས་མཁན། །སྟོན་ཐོག་སུ་མང་ལྟ་ཡང་ལྟ། །དེ་སྣང་བ་དཔེ་རུ་བླངས་པ་ཡིན། །སོ་ནམས་དབྱངས་སུ་བླངས་པ་ཡིན། །ཐུགས་དགྱེས་པར་མཛོད་ཅིག་ཁེས་དྲག་ཅན། །ཁྱོད་རང་དོན་ལགས་སོ་ཚོགས་བསོགས་མཛོད།
(༢༨༨)ཅེས་གསུངས་པས། ཡོན་བདག་ན་རེ། ཁྱེད་ཀྱི་ཕྱག་ན་བསྣམས་པའི་སྦ་བེར་འདི་ཅིའི་རྟགས་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །མི་ང་ངོ་ཁྱོད་ཀྱི་མ་ཤེས་ན། །ཁོ་བོ་མི་ལ་རས་པ་ཡིན། །དཀའ་བ་སྤྱད་པའི་གང་ཟག་ཡིན། །སྙིང་རུས་བྱས་པའི་སྒོམ་ཆེན་ཡིན། །ཕྱོགས་རིས་མེད་པའི་རྣལ་འབྱོར་ཡིན། །དང་པོ་རྒྱ་གར་ལོགས་ལ་སྐྱེས། །བར་དུ་རྒྱ་ཟོར་ཁུག་པས་བརྔས། །ཐ་མར་ཤ་འབྲེང་མྱེན་མོའི་བཅིངས། །ཡོངས་པ་ལྷོ་ཁའི་མོན་ནས་ཡོངས། །བཀལ་བ་ཐེག་ཆེན་མཛོ་ལ་བཀལ། །འགྲིམས་ནི་ཚོང་དུས་རྣམས་སུ་འགྲིམས། །ཕུལ་པ་དད་པ་ཅན་གྱི་ཕུལ། །ད་ལྟ་ངའི་ལགས་ན་བདོག །སྦ་འདི་དོན་བཤད་ཀྱི་ལེགས་པར་ཉོན། །འཁོར་བའི་བ་རྩ་བཅད་པའི་རྟགས། །སྦ་ཡ་ཐོག་རྩེ་མོ་བཅད་པ་དེ། །ཐེ་ཙོམ་གོལ་ས་བཅད་པའི་རྟགས། །སྦ་ཁྲུ་དྲོ་ཚད་ལ་བོར་བ་དེ། །ཆོས་པའི་ཚད་རྡོ་བོར་བའི་རྟགས། །སྦ་རྒྱུད་ནས་བཟང་ཞིང་མེན་པ་དེ། །གཞི་སེམས་བསྐྱེད་ཡེ་ནས་བཟང་བའི་རྟགས། །སྦ་འཇམ་ཞིང་ཁ་དོག་ལེགས་པ་དེ། །སེམས་གཉུག་མའི་དོན་ལ་སྦྱངས་པའི་རྟགས། །སྦ་དྲང་ཞིང་ལྡེམ་པར་འདུག་པ་དེ། །དོན་མ་ནོར་ཉམས་སུ་ལེན་པའི་རྟགས། །སྦ་ལུང་སུ་ལོ་དོད་པར་མང་བ་དེ། །བྱང་ཆུབ་ལམ་སྣ་བགྲོད་པའི་རྟགས། །སྦ་དུམ་བུ་བཞི་རུ་འདུག་པ་དེ། །ཚད་མེད་བཞི་དང་ལྡན་པའི་རྟགས། །སྦ་ཚིག་གསུམ་དུ་འདུག་པ་དེ། །གཞི་ལམ་འབྲས་གསུམ་དག་པའི་རྟགས། །སྦ་ཁོ་དག་
(༢༨༩)བསྒྱུར་དུ་མེད་པ་དེ། །ཆོས་ཉིད་འགྱུར་བ་མེད་པའི་རྟགས། །སྦ་ཟླུམ་ལ་འདྲིལ་བར་འདུག་པ་དེ། །གཞི་ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས། །སྦ་ཡེ་ནས་དཀར་ཞིང་འཚེར་བ་དེ། །ཆོས་སྐུ་དྲི་མ་མེད་པའི་རྟགས། །སྦ་སྦུ་གུ་སྟོང་པར་འདུག་པ་དེ། །ཆོས་རྣམས་ཐམས་ཅད་སྟོང་པའི་རྟགས། །སྦ་ལ་སྨེ་བ་ཙ་ཙིག་འདུག་པ་དེ། །ཆོས་ཐིག་ལེ་ཉག་ཅིག་མཚོན་པའི་རྟགས། །སྦ་ལ་ནག་པོ་ཙག་ཙིག་འདུག་པ་དེ། །བོད་ཀྱི་རྣལ་འབྱོར་རས་པ་ལ། །རྣམ་རྟོག་ཕྲའུ་ཡོད་པའི་རྟགས། །སྦ་ཕྱོགས་རིས་ཡོངས་ནས་བཙུན་པ་དེ། །ཆོས་ཚུལ་བཞིན་ཉམས་སུ་ལེན་པའི་རྟགས། །སྦ་ཞབས་ལྕགས་ཀྱི་བསྐོར་བ་དེ། །རྣལ་འབྱོར་རི་ཁྲོད་འགྲིམ་པའི་རྟགས། །སྦ་མགོ་ཟངས་ཀྱིས་བསྐོར་བ་དེ། །མ་དང་མཁའ་འགྲོ་འཁོར་བའི་རྟགས། །སྦ་ལ་ལྕགས་འཛེར་བརྒྱབ་པ་དེ། །ནང་གི་ཡོན་ཏན་རྒྱས་པའི་རྟགས། །དེ་ལ་ཤ་འབྲེང་བཏགས་པ་དེ། །རྣལ་འབྱོར་ཤེས་པ་མཉེན་པའི་རྟགས། །སྦ་ལྕགས་འབྲས་གཉིས་སུ་འཁྲིལ་པ་དེ། །ཟུང་འཇུག་ལམ་དུ་འཁྱེར་བའི་རྟགས། །རུས་པའི་ལུང་མོ་བཏགས་པ་དེ། །རྣལ་འབྱོར་རྒྱལ་ཁམས་འགྲིམས་པའི་རྟགས། །མེ་ལྕགས་ཁུག་མ་བཏགས་པ་དེ། །ཅིར་སྣང་གྲོགས་སུ་འཁྱེར་པའི་རྟགས། །དུང་ལུང་ཡལ་གད་བཏགས་པ་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །གཅན་ཟན་རས་མ་བཏགས་པ་དེ། །ཡ་ང་བག་ཚ་མེད་པའི་རྟགས། །མེ་ལོང་སྤུ་གྲི་བཏགས་
(༢༩༠)པ་དེ། །རྟོགས་ཚད་ནང་ནས་ཤར་པའི་རྟགས། །ཤེལ་སྒོང་རྡོག་ཅིག་བཏགས་པ་དེ། །བག་ཆགས་དྲི་མ་སྤངས་པའི་རྟགས། །པ་སོའི་ཕྲེང་བ་བཏག་པ་དེ། །བླ་མ་ཡི་དམ་འཕྲིང་བའི་རྟགས། །དྲིལ་བུ་གཡེར་ཁ་བཏགས་པ་དེ། །སྙན་པ་ཕྱོགས་བཅུར་སྒྲོགས་བའི་རྟགས། །ལྕགས་འབྲས་མའུ་འཛོམ་པ་དེ། །སྒུ་གསུམ་མ་དང་འཕྲད་པའི་རྟགས། །སྣམ་རས་དཀར་དམར་བཏགས་པ་དེ། །བུ་སློབ་མང་པོ་འཁོར་བའི་རྟགས། །རྣལ་འབྱོར་ལགས་ན་མཛེས་པ་དེ། །ཁྱེད་མི་ནག་ཐབ་ཀྱིས་འདུལ་པའི་རྟགས། །དེ་དོན་གང་ལགས་འདྲི་བ་དེ། །མོས་གུས་བག་ཆགས་ཡོད་པའི་རྟགས། །ཁྱོད་དང་ང་གཉིས་མཇལ་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པའི་རྟགས། །དེ་སྦ་དཀར་བོ་ལྕགས་ཆུང་རྟགས་ཀྱི་ཀླུ། །བརྡའ་གོ་བར་འདུག་གམ་ལྷ་མི་རྣམས། །དོན་ཆོས་སུ་འདུག་གོ་དད་གུས་གྱིས། །ཁྱེད་ཡུན་དུ་སྐྱིད་ཀྱི་དམ་ཆོས་མཛོད། །ཅེས་གསུངས་པས། ཡོན་བདག་དད་པ་སྐྱེས་ཏེ། མ་ཤི་བར་གྱི་བླ་མཆོད་བྱེད་པར་ཞུ་ཞུས་པས། མ་གནང་སྟེ། དཔོན་སློབ་གཉིས་ལ་ཞག་བདུན་གྱི་ཞབས་ཏོགས་བྱས་ཏེ། འབྱོན་ཁར་སོང་བ་དང་། རང་གིས་ཉམས་ལ་འཁྲུངས་པའི་གདམ་ངག་སེམས་ལ་ཕན་པ་ཅིག་ཐུགས་ལ་ཐོགས་ཞུས་པས། མགུར་འདི་གསུངས་སོ། །འོ་ན་ཡོན་བདག་དད་པ་ཅན། ཁྱོད་ཕྱུག་པོ་དོན་མེད་ཚུར་ཉོན་དང་། །ལར་ཆོས་ཁ་ན་སླ་སྟེ་དོན་ལ་དཀའ། །ཁྱེད་ཅག་འཁྲུལ་པའི་འཇིག་རྟེན་པ། །ཡོང་དུ་རེ་ལ་ནམ་ཟླ་ཟད། །བྱེད་དོ་བསམ་ལ་མི་ཚེ་ཟད། །ལར་ནི་དམ་ཆོས་མཛད་ནས་ལེགས། །
(༢༩༡)ཡོངས་གཡའི་ཆུ་མིག་བསིལ་གསུམ་དེ། །ནད་འཕྲིས་པ་སེལ་བར་ཆ་མཆིས་ཀྱང་། །ལྷ་བྱ་གོང་མོ་མ་ལགས་པའི། །རི་དྭགས་སྨན་མས་བཏུང་དབང་མེད། །གནམ་ལྕགས་ཐོག་གིས་རལ་གྲི་དེ། །གཡུལ་སོ་བཟློག་པར་ཆ་མཆིས་ཀྱང་། །གླང་ཆེན་ས་བསྲུངས་མ་ལགས་པས། །གླང་ཕྲན་གཞན་ལ་འདེབས་དབང་མེད། །འཆི་མེད་ལྷའི་བདུད་རྩི་དེ། །ལུས་བཅུད་ལེན་གྲུབ་པར་ཆ་མཆིས་ཀྱང་། །སློབ་དཔོན་ཀླུ་གྲུབ་མ་ལགས་པའི། །ཆོས་མཛད་ཡོངས་ལ་སྤྱོད་དབང་མེད། །རོ་ལངས་གསེར་གྱི་སྒྲོམ་བུ་དེ། །དབུལ་པ་སེལ་བར་ཆ་མཆིས་ཀྱང་། །རྒྱལ་བུ་ཟླ་འོད་མ་གཏོགས་པའི། །འབངས་ཕལ་པ་རྣམས་ལ་སྤྱད་དབང་མེད། །རྒྱ་མཚོའི་གཏིང་གི་རིན་པོ་ཆེ། །དགོས་འདོད་འབྱུང་བར་ཆ་མཆིས་ཀྱང་། །ཀླུ་དགའ་བོ་འཇོག་པོ་མ་ལགས་པའི། །འཛམ་གླིང་མི་ལ་སྤྱད་དབང་མེད། །དགའ་ལྡན་ལྷའི་ཕོ་བྲང་དེ། །གཟིགས་མོ་ཆེ་བར་ཆ་མཆིས་ཀྱང་། །སློབ་དཔོན་ཐོགས་མེད་མ་ལགས་པའི། །གང་ཟག་གཞན་གྱི་མཐོང་དབང་མེད། །བཟང་དྲུག་སྨན་གྱི་ནུས་པ་དེ། །ནད་ཚ་གྲངས་འཇོམས་པར་ཆ་མཆིས་ཀྱང་། །ཤིང་ཙན་ཏན་སྡོང་པོ་མ་ལགས་པའི། །ཤིང་ཕལ་པ་རྣམས་ལ་ཡང་མི་སྨིན། །ལས་རྒྱུ་འབྲས་དཀར་པོ་དགེ་བ་བཅུ། །མཐོ་རིས་ཐོབ་པར་ཆ་མཆིས་ཀྱང་། །མི་དད་པ་ཅན་ཅིག་མ་ལགས་པའི། །སྡིག་པོ་ཆེ་ལ་རང་དབང་མེད། །བཀའ་རྒྱུད་ལུང་དང་མན་ངག་འདི། །བྱང་ཆུབ་ཐོབ་པར་ཆ་མཆིས་ཀྱང་། །མི་ལས་འཕྲོ་ཅན་ཅིག་མ་ལོགས་པའི། །སྐལ་མེད་རྣམས་ལ་རང་དབང་མེད། །སྙན་རྒྱུད་གདམ་ངག་རིན་པོ་ཆེ། མངོན་སངས་རྒྱས་པར་
(༢༩༢)ཆ་མཆིས་ཀྱང་། །མི་སྙིང་རུས་ཅན་ཅིག་མ་ལགས་པའི། །ཁྱོད་གཡེང་བ་མཁན་ལ་སྒོམ་དབང་མེད། །བཟའ་བཏུང་ཟས་ཀྱི་སྦྱིན་པ་དེ། །དབུལ་བ་སེལ་བར་ཆ་མཆིས་ཀྱང་། །ཁྱོད་སྐྱོ་མོ་འགྲེན་ནེ་མ་ལགས་པའི། །སྨན་སེར་སྣ་ཅན་ལ་རང་དབང་མེད། །ཟང་ཟིང་ནོར་གྱི་གཏོང་ཕོད་དེ། །རང་བརྒྱགས་ཕྱེ་ཟིན་བར་ཆ་མཆིས་ཀྱང་། །ཁྱོད་ངན་རྫོངས་ཕྱུག་པོ་མ་ལགས་པའི། །ནོར་ཡོད་ཚད་མིའི་སྤྱོད་ཡུལ་ཡིན། །ང་གུང་ཐང་མི་ལ་རས་པ་དང་། །ཉེ་གནས་སེ་བན་རས་པ་དང་། །ཁྱེད་ལྕིམ་ལུང་གི་ངན་རྫོངས་ཕྱུག་མོ་གསུམ། །ཞག་བདུན་གནས་མལ་གཅིག་པ་དེ། །སྨོན་ལམ་གྱི་འབྲེལ་བ་བཞག་པ་ཡིན། །ཁྱེད་ཡོན་བདག་གཟའ་བྲན་འཁོར་བཅས་རྣམས། །ཚེ་རིང་ནད་མེད་སྨོན་ལམ་ཐོབ། །རྣལ་འབྱོར་གྱི་རི་ཁྲོད་འགྲིམ་པ་ལ། །ཕྱག་དང་སྐོར་བའི་རྫོངས་བ་ཐོབ། །ཅེས་གསུངས་པས། ཁྱོད་ཀྱིས་ང་ལ་འཚེ་བ་འདྲེན། ངས་ཆོས་བཤད། གནས་མལ་གཅིག་པ་གལ་ཆེ་བ་ཡིན། །ལར་སྣང་བ་མཐུན་པ་དེ་ཚེ་ཕྱི་མར་ལྷན་དུ་སྐྱེ་བའི་འབྲེལ་བ་ཟབ་ཤོས་ཡིན། །སྨོན་ལམ་གྱི་འབྲེལ་བ་ལ་ཆོས་མང་མི་དགོས། །འགྲོགས་ཡུན་རིང་མི་ཉན། བསོད་ནམས་མ་བསགས་པའི་མིས་ནང་གི་ཡོན་ཏན་མི་ཤེས་པར། ཕྱིའི་སྐྱོན་རྣམས་ཚངས་པར་འཛིན་ནས་ཡོང་པ་ཡིན། །མཛའ་ཆེས་ན་ཡང་བཞུག་དུ་མཁོན་ཡོང་བ་ཡིན། ཅེས་གསུངས་པས། ཡོན་བདག་ན་རེ། ངས་ཡང་བྱ་བ་གཏོང་ནས། ཆགས་ཕྱི་ལ་འཁྲིད་པར་ཞུ་ཟེར་བས། བླ་མའི་ཞལ་ནས་མི་འདོས་ངེས་པ་བྱེད་ཟེར་བ་ལྟུང་བའི་གཞི་ཆེན་པོ་ཡིན། ཁྱེད་ཀྱི་ཆོས་ཡུལ་རང་བཟང་། ཡུལ་བདེ་བ་
(༢༩༣)ཡང་དགེ་བ་ཆེ་ཤོས་ཡིན། ཡུལ་མ་བདེ་ན་སྡིག་པ་ཆེན་པོ་བསམ་གྱི་མི་ཁྱབ། ཡུལ་མི་བྱམས་ཤིང་ཚོགས་ཞོར་ལ་བསགས་པའི་ཆོག །སེམས་བསྐྱེད་ཀྱི་ཟིན་ན་སྤྲང་པོ་ལ་ཡོན་མྱུར་བར་བྱིན་ན་དེ་གཅིག་པུས་ཡང་ཆོག་ཆོས་ཆོས་འདི་ཡིན་ཟེར་བའི་བཟང་བཟང་པོ་ལོག་ན་མེད། ཅེས་གསུངས་པས། ཁོང་སྣང་བ་ཆོས་རང་ལ་སྤྱོད་པའི་ཚེ་འདི་ཡུལ་མི་དང་བཅས་པ་སྐྱིད་ནུས། ཕྱི་མ་ཐར་བའི་ལམ་སྣ་ཟིན་པ་ཅིག་བྱུང་ངོ་། །དེ་ཐམས་ཅད་སྦ་མགུར་གྱི་སྐོར་རོ། །དེ་ནས་རྗེ་བཙུན་དཔོན་སློབ་ལྔ་མཛད་ནས། རྩང་གི་དིང་རི་མཁར་དམར་བྱ་བར་བསོད་སྙོམས་ལ་བྱོན་པས། ལ་ཁ་ཅིག་དུ་ལུག་རྫི་ཅིག་དང་འཕྲད་པས་ཡུལ་དང་མཁར་མ་གི་ལ་ཇི་སྐད་ཟེར། གསུངས་ནས་ཡུལ་འདི་ལ་དིང་རི་ཟེར། མཁར་མ་གི་ལ་དིང་རི་མཁར་དམར་ཟེར། ཡོན་བདག་དད་པ་ཅན་ཅི་ཟེར་བ་ཡོད་གསུངས་པས། ཡོན་བདག་ཕྱུག་པོ་གཡང་ངེ་བྱ་བ་ཡོད་པས། དེར་དཔོན་སློབ་བྱོན་ནས། ཡོན་བདག་བཙུན་པོ་སྤྱང་ཁུའི་ཐུལ་བ་གྱོན། རུས་པའི་རྩག་ཤུབ་གློ་ལ་བཏགས། ལག་ན་ཕྲེང་བ་ན་རེ་བྱེད་པ་ཅིག་གི་བགོས་བྱས་པའི་མི་མང་པོ་ཉི་མ་ལ་འདས་འདུག་པ་ལ། ཡོན་བདག་དད་པ་ཅན་ལ་གྲོ་ཅིག་བསླངས་གསུངས་པས། ཁྱོད་རྣལ་འབྱོར་བ་ལ་ཡིན་ཚད་ལ་གྲོ་དྲངས་པས་མི་ལང་ལ་འདི་ཕར་རྒྱབ་ན་མི་ལ་རས་པ་ཡོད་ཟེར། ཚུར་རྒྱབ་ན་དམ་པ་སངས་རྒྱས་ཡོད། །འདི་གཉིས་
(༢༩༤)ཀྱིས་བར་ན་རས་པ་མང་པོ་ཡང་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ། རྒྱུ་ཡོད་ཀྱང་ལག་ལེན་གྱིས་མི་སྐྱོང་བར་འདུག །ཁྱེད་རྣལ་འབྱོར་བ་བཟང་པོ་ཡིན་ན། །འདིར་འཚོགས་པ་རྣམས་ལ་མི་རྟག་པའམ། ལས་རྒྱུ་འབྲས་ཀྱི་མགུར་མ་ཅིག་གསུངས་དང་ཟེར་བའི་ལན་དུ་མི་རྟག་པ་ཆུ་བུར་མ་འདི་མགུར་དུ་གསུངས་སོ། །དོན་སྐྱེ་མེད་ཆེན་པོའི་ངང་ཤེད་ན། །ཆོས་ཚད་མེད་བཞི་ལྡན་བདུད་རྩིའི་ཆར། །འགྲོ་རྣམས་བདེ་ཆེན་ལམ་དུ་འགོད་མཛད་པ། །རྗེ་ཡིད་བཞིན་ནོར་བུ་ཁོང་ལ་བསྟོད། །དོན་དེ་ལ་བླ་མའི་བསྟོད་པ་མཛོད། །ཚིག་འདི་ལ་འདིར་བཞུགས་གསན་པར་ཞུ། །ཁྱོད་གཞོན་པ་དབང་པོ་དར་ཙ་ན། །རྒས་པ་ཡོངས་སྙམ་མི་གདའ་སྟེ། །རྒས་པ་མགོ་བྲུས་ཚུལ་དུ་ཡོངས་ཡིན་གདའ། །རིམས་ཀྱི་རིམས་ཀྱི་ཡོངས་ཡིན་གདའ། །འབྱུང་བ་རྣམས་ལྔ་ངར་ཙ་ན། །ན་བ་འོང་སྙམ་མི་གདའ་སྟེ། ན་བ་གློ་རྒྱག་གློ་རྒྱག་ཚུལ་དུ་ཡོངས་ཡིན་གདའ། །བཙན་ཐབས་བཙན་ཐབས་སུ་ཡོངས་ཡིན་གདའ། །ཚེ་འདི་ལ་སྣང་བ་འཐེས་ཙ་ན། །འཆི་བ་ཡོངས་སྙམ་མི་གདའ་སྟེ། །འཆི་བ་ཐོག་འབབ་ཚུལ་དུ་ཡོང་ཡིན་གདའ། །བློ་བུར་བློ་བུར་ཉིད་དུ་ཡོང་ཡིན་གདའ། །རྒས་དང་ན་དང་འཆི་བ་གསུམ། །ཁ་ལག་པ་བཞིན་དུ་ཐུགས་ནས་གདའ། །བར་ཆད་གློ་རྒྱག་མདའ་བས་ཚ། །འཆི་བདག་ལམ་ཁའི་རྡོ་བཞིན་སྒུག །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །བྱ་ལོང་བཞིན་དུ་གྲལ་པའི་བསྒྲིགས། །ལར་འབྲལ་མེད་ཀྱི་འབྲོན་གསུམ་དེ་ལན་གདའ། །ཁྱེད་སྡིག་པའི་ལས་ཀྱི་མི་འཇིགས་སམ། །དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །དམགས་ཅན་གྱི་འབེན་བཞིན་མདུན་ནས་སྒུག །ལར་འཛུམ་མེད་ཀྱི་འཕྲེང་གསུམ་
(༢༩༥)དེ་ན་གདའ། །ཁྱེད་སྔར་ཡང་སྡུག་བསྔལ་ལ་མ་བྲེད་དམ། །ད་ལྟའི་སྡུག་བསྔལ་མི་འཚེར་རམ། །སྡུག་བསྔལ་ཆུ་བོའི་གཉེར་མ་བཞིན། །སྔ་མ་སངས་ཡང་ཕྱི་མ་འབྱུང་། །འདི་ལ་དུས་ཅིག་མི་གདའ་ན། །སྐྱིད་སྡུག་ལམ་ཁའི་འགྲོན་པོ་འདྲ། །ད་ལྟ་མེད་ཡང་ད་ལྟ་འབྱུང་། །འདི་ལ་འཆང་དུས་མི་གདའ་ན། །དལ་སྐྱིད་ཉི་མའི་བདེ་བ་འདྲ། །མི་རྟག་ཁ་ཆར་བུ་ཡུག་འདྲ། །འཕྲལ་དུ་འོང་བ་མི་ཤེས་སམ། །དེ་ལ་སོམ་ལ་དམ་པའི་ལྷ་ཆོས་མཛོད། །ཅེས་གསུངས་པས། འཆི་བ་དང་། རྒ་བ་དང་། ན་བ་རྣམས་ངེད་ཚོས་ཡང་ཡོང་བཤེས་ཏེ། དེ་ལ་ཕན་པའི་ལྷ་ཆོས་འདྲ་ཨེ་ཡོད་ཟེར་བའི་ལན་དུ། བླ་མས་མི་རྟག་པ་དང་འཆི་བ་གར་ཤེས། འཆི་བ་རབ་ཅིག་དྲན་ན་ཆོས་རབ་ཅིག་དྲན། འཆི་བ་འབྲེང་ཅིག་དྲན་ན་ཆོས་འབྲེང་ཅིག་འོད་འཆི་བ་ཐ་མ་ཅིག་འོང་སྟེ། འཆི་བ་མི་དྲན་པ་དེ་ལས་ཀྱི་རྣམ་སྨིན་ཆེ་བས་མནན་ནས། དྲན་དུ་མི་འཇུག་པ་ཡིན་ཅེས་གསུངས་ནས། མི་རྟག་པ་ཆུར་ཝུ་མ་འདི་མགུར་བཅུ་གསུངས་སོ། །བླ་མ་དུས་གསུམ་སངས་རྒྱས་ཀྱི་ཞབས་ལ་འདུད། །ཁྲོམ་འདིར་འཚོགས་ཀྱི་སྣང་བ་ཆོས་ལ་བསྒྱུར། །ཚེ་འདི་མི་རྟག་ཆུའི་ཝུ་བ་འདྲ། །ཡིད་བརྟན་མེད་པར་བླ་མས་བཞེད། །ལེ་ལོ་ཅན་ཁང་སྟོང་གི་རྐུན་མ་འདྲ། སྟོང་ལོག་བྱེད་པ་མི་ཤེས་སམ། །གཞོན་པ་སོས་ཀའི་མེ་དོག་འདྲ། །ཡལ་ནས་འགྲོ་བ་ཆ་མེད་དམ། །རྒས་པ་སྤངས་ལ་མེ་ཤོར་འདྲ། །གཏིང་ལ་ཐུག་པ་མི་ཤེས་སམ། །སྐྱེ་ཤི་ཉི་མའི་ཤར་ནུབ་འདྲ། །ཡང་ཡང་ཡོད་པར་ཐུབ་པས་གསུངས། །ན་བ་བྱེལ་ཆུང་རྡོས་
(༢༩༦)ཕོག་འདྲ། །གཉོམ་ནུས་ཟད་པ་མི་ཤེས་སམ། །འཆི་བ་སྣུམ་ཟད་མར་མེ་འདྲ། །རྟག་པར་མི་སྲིད་ངེས་པ་ཡིན། །ལས་ངན་གཅོང་རུང་འབབ་ཆུ་འདྲ། །ཆུ་གྱེན་ལ་ལོག་པ་ངས་མ་མཐོང་། །སྡིག་ཅན་དུག་གི་སྡོང་པོ་འདྲ། །གང་བསྟེན་བསྟེན་པ་རྣམས་བརླག་པ་ཡིན། །དམ་ཉམས་པོ་མེ་ཏོག་སད་ཁྱེར་འདྲ། །གང་ཉམས་ཉམས་པོ་རྣམས་ཕུང་ནས་གདའ། །ཆོས་སྤྱོད་ཞིང་བའི་སོ་ནམས་འདྲ། །གང་རེམ་རེམ་པ་རྣམས་རྒྱལ་ན་གདའ། །བླ་མ་སྨན་དང་བདུད་རྩི་འདྲ། །གང་བསྟེན་བསྟེན་པ་རྣམས་རྒྱལ་ནས་གདའ། །དམ་ཚིག་ཚངས་པ་མཁར་དང་འདྲ། །གང་བསྲུང་བསྲུངས་པོ་རྣམས་རྒྱལ་ནས་གདའ། །ལས་དགེ་སྡིག་སྲིད་པའི་འཁོར་ལོ་འདྲ། །སྡོམ་འཆོལ་མཁན་པོ་རྣམས་ཕམ་ནས་གདའ། །འཁོར་བ་དུག་དང་ཚར་མ་འདྲ། །གང་སྤྲེལ་སྤྲེལ་པ་རྣམས་སྦྱོང་ཡིན་གདའ། །འཆི་བདག་ཉི་མའི་གྲིབ་སོ་འདྲ། །བཀག་པས་ཁོག་པར་ངས་མ་མཐོང་། །དེ་འདྲའི་དུས་ཅིག་བྱུང་ཙ་ན། །དམ་པའི་ཆོས་ཅིག་མ་ལགས་པའི། །མགོན་སྐྱབས་བྱེད་པ་ལོག་ན་མེད། །ལར་སུས་ཐོབ་རྒྱལ་པ་དམ་པའི་ཆོས། །དམ་པའི་ཆོས་ལ་འདོད་མཁན་མེད། །འགྲོ་བའི་ཁྱིམ་ཐབས་སྡུག་ལས་སྐྱེས། །སྡུག་ལས་སྐྱེས་ལས་ཧབ་ཐོབ་བྱེད། །ཆོས་ཁལ་ལབ་ནས་སྐྱིད་སྐྱིད་པོ། །དོན་ལ་ཐུགས་ཙ་དུག་དུག་སྡུག །ཡོན་བདག་ཁ་སྤྱད་མཆེ་ལྷ་ཆོས་མཛོད། །ཅེས་གསུངས་པས། ཡོན་བདག་གཡང་ངེ་དད་པ་སྐྱེས་ཏེ། ཟླ་བ་བདུན་བཞུགས་ཞུས་པས། ཞག་གཅིག་པས་མ་གནང་པས། འབྱོན་ཁར་སོང་བ་དང་། ལྷ་རྗེས་ཞུས་པ། ངེད་འཇིག་རྟེན་པས་ཉིན་མོ་བྲེལ་བའི་ལས་ལ་ཡེངས། །ནུབ་མོ་གཏི་མུག་གཉིད་
(༢༩༧)གི་དབང་དུ་སོང་། ནངས་ནུབ་ལྟོ་གོས་ཀྱི་གཡོག་པོར་སོང་བས། ཆོས་ལ་བྱ་བའི་ལོང་མ་བྱུང་། གོ་སླ་ལ་ཉམས་ལེན་བདེ་བའི་ཆོས་སྤྱོད་ཅིག་ཐུགས་ལ་ཐོགས་ཞུས་པས། བླ་མས་ཆོས་སྤྱོད་བསླབ་པའི་མགུར་འདི་གསུངས་སོ། །ཁྲོམ་གོ་རེ་འཚོགས་པ་གྱི་ལེ་ཉོན། །ཁྱོད་ངེས་པར་ལྷ་ཆོས་མཛད་མི་མཛད། །ངེས་པར་ལྷ་ཆོས་མཛད་དགོངས་ན། །རང་གི་མལ་དུ་ཕྱིན་ཙ་ན། །གཉིད་གཏི་མུག་གི་དབང་དུ་མ་གཏང་བར། །ནམ་སྲོད་ལས་ཡི་དམ་ལྷ་བསྙེན་མཛོད། །ནམ་སྟོད་ལ་རྗེ་ལ་གསོལ་བ་ཐོབ། །ནམ་གུང་ལ་རྣམ་པར་མི་རྟག་སྒོམ། །ཐོ་རངས་སྲོག་རྩོལ་རླུང་ལ་འབོད། །ནམ་ལངས་དུག་ལྔའི་བཤགས་པ་གྱིས། །ཉི་ཤར་སྣང་བ་རྒྱས་ཐོབ། །གཙོ་བོ་རང་གི་སེམས་ལ་ལྟོས། །གདམ་ངག་བླ་མ་རྗེ་ལ་ཞུས། །གསོལ་བ་ཡི་དམ་ལྷ་ལ་ཐོབ། །དམ་ཚིག་རྡོ་རྗེ་སྤུན་ལ་སྲུངས། །མཆོད་པ་དཀོན་མཆོག་གསུམ་ལ་ཕུལ། །སྤྱི་པོར་ཐུགས་རྗེ་ཆེན་པོ་སྒོམས། །སྙིང་པོ་མ་ི་པད་མེ་བགྲོངས། །སྦྱིན་པ་དབུལ་འཕོངས་མི་ལ་ཐོང་། །སྙིང་རྗེ་མ་ནུས་པ་ལ་གྱིས། །ཞབས་ཏོགས་མཁས་བཙུན་ཡོངས་ལ་གྱིས། །བཀུར་སྟི་ཕ་དང་མ་ལ་གྱིས། །ལར་མཁས་བཙུན་བླ་མ་བརྒྱ་འཚོགས་ཡང་། །དོན་འདི་ལ་ཉམས་སུ་ལེན་རྒྱུ་མེད། །དུས་གནས་ཀུན་དུ་བཀྲ་ཤིས་ཤིང་། །ཚེ་རིང་ནད་མེད་ཀྱི་སྨོན་ལམ་མཛོད། །ཅེས་གསུངས་པས། ཆོས་དང་གདམ་ངག་མང་དུ་བཤད་པས། །སྣང་
(༢༩༨)དཀར་པོའི་ཆོས་ལ་འགྱུར་བ་མང་པོ་བྱུང་ངོ་། །ལྷ་རྗེ་གཡང་ངེ་ཡང་སྣང་བ་དཀོན་མཆོག་གི་ཞབས་ཏོགས་དང་། དགེ་སྦྱོར་ལ་སྙིང་རུས་བྱུང་ནས། ཐར་པའི་བྱང་ཆུབ་ཐོབ་བོ། །དེ་ཐམས་ཅད་ལྷ་རྗེ་གཡང་ངེའི་སྐོར་རོ། །དེ་ནས་རྗེ་བཙུན་གཅོང་རོང་བྲིང་གི་གྲོང་དུ་དཔོན་སློབ་བཞི་བྱོན་ནས། བུ་མོ་མང་པོ་འཚོགས་ནས་འདུག་པའི་ནང་ནས་བུ་མོ་ཅིག་གི་རྗེ་བཙུན་དཔོན་སློབ་སྙིང་རེ་རྗེ། རྣལ་འབྱོར་པ་རྣམས་གར་འགྲོ་ཟེར་བའི་ ལན་དུ་སྙིང་རླུང་གཟེར་འདེབས་འདི་མགུར་དུ་གསུངས་སོ། །རྗེ་གསོལ་བ་འདེབས་སོ་བཀའ་དྲིན་ཅན། །བྱིན་གྱིས་རློབས་ཤིག་མར་པའི་ཞབས། །སེམས་ཅན་ལས་ངན་ནད་ན་བས། །རང་མིན་གཞན་པས་མཐོང་བ་ཆུང་། །ལས་ངན་བུ་མོ་ཁྱི་མལ་དད། །སྣང་ངན་རང་རྩིས་མེ་བཞིན་འབར། །སེམས་ཅན་བསམ་བརླག་སྙིང་རེ་རྗེ། །དུས་ངན་སྐལ་བས་སྙིག་མ་ལ། །ཁྲམ་པ་ཡི་དམ་ལྷ་བཞིན་མཆོད། །བསྙོན་པ་རིན་ཆེན་གསེར་བས་འགྲིམས། །མཁས་པ་ལམ་གྱི་རྡོ་བཞིན་བསྐྱུར། །དུས་ངན་གྱི་སྒོམ་ཆེན་སྙིང་རེ་རྗེ། །ཁྱོད་གཅོང་རོང་གི་བུ་མོ་སྤུན་གསུམ་དང་། །ང་གུང་ཐང་གི་མི་ལ་རས་པ་གཉིས། །སྙིང་ཡང་ཕར་རྗེ་ཚུར་རྗེ་ཡིན། །སྙིང་རྗེ་བས་མདུང་ཁ་བྱས་པ་ལ། །ནམ་ཕུག་སུ་རྒྱལ་ལྟ་ཡང་ལྟ། །བསམ་བརླག་ཁ་འཐོམས་བོས་པ་ལ། །མི་ལ་རས་པའི་གདམ་ངག་བཤད། །དེ་ཆུ་ལན་
(༢༩༩)ཆང་གི་མཇལ་བ་ཡིན། །ངན་ལན་བཟང་གི་བསྐོར་བ་ཡིན། །ཅེས་གསུངས་པས། དེ་རྣམས་ཀྱིས་ནང་ནས་བུ་མོ་ཅིག་གི་དེ་རིང་ཁྱོད་ཁ་འཐོམས་ངན་པས་ཟག་པ་བསགས། །འདི་མི་ལ་རས་པ་ཡིན་པ་རེད་ཙ་ཟེར་ཙ་བས། བུ་མོ་ངན་པ་ལབ་མཁན་ངེས་ངེས་མ་ཤེས་པ་ཡིན་དོན་དམ་པ་མིན་ཟེར། ཡང་བུ་མོ་གཅིག་པུས་དེས་དོན་དམ་པ་མིན་ཡང་བཤགས་པ་གྱིས་ཟེར་ཡིན་དེད་པས། དུད་རྡོག་བདུན་ཕུལ་ནས་བཤགས་པ་བྱས་ནས། ད་རུང་དབྱངས་ཅིག་ལོང་དང་ཟེར་བའི་ལན་དུ་མགུར་འདི་གསུངས་སོ། །རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །དབྱངས་ཆུང་དམ་པའི་ཆོས་སུ་བཤད། །སྟེང་དགའ་ལྡན་ལྷའི་ཕོ་བྲང་ན། །བཀའ་ངེས་དོན་མི་འགྲིམ་དྲང་དོན་འགྲིམ། །འོག་མ་དྲོས་ཀླུའི་ཕོ་བྲང་ན། །ཆོས་ཟབ་མོ་མི་འགྲིམ་ཟིང་ཟིང་འགྲིམ། །བར་མགོ་ནག་མིའི་འཛམ་གླིང་ན། །ཆོས་མཁས་པ་མི་འགྲིམ་རྫུན་མ་འགྲིམ། །དབུས་གཙང་རུ་བཞིའི་ཞིང་ཁམས་ན། །ཆོས་སྒོམ་པ་མི་འགྲིམ་བཤད་པ་འགྲིམ། །དུས་ངན་སྐལ་པའི་སྙིག་མ་ལ། །མི་བཟང་པོ་མི་འགྲིམ་ངན་པ་འགྲིམས །གཅོང་རོང་བུ་མོའི་རྣ་བ་ན། །ཆོས་སིམ་ལ་མི་སྙན་དབྱངས་ཆུང་སྙན། །དེ་གདམ་ངག་དབྱངས་སུ་བླངས་པ་ཡིན། །དུད་རྡོག་བདུན་པོའི་གདབས་ལན་ཡིན། །བཤགས་པ་ཚར་བའི་དགའ་སྟོན་ཡིན། །
(༣༠༠)བྱས་ཚང་ཆོས་སུ་འགྲོ་བའི་ལམ་རྟགས་ཡིན། །ཅེས་གསུངས་པས། ལས་བུ་མོ་ཚ་དད་པས་སྨོན་ལམ་མང་པོ་བཏབ་སྟེ། བུ་མོ་བཤགས་པ་བསྐུལ་བྱེད་མཁན་དེ་རང་དབང་མེད་པའི་དད་པ་སྐྱེས་ཏེ། བྲིང་གི་ཉ་མ་ཅིག་ཡིན་པས། ཆག་ཕྱིར་འབྲེང་ཏེ་གདམ་ངག་བསྟན་པས། བདེ་དྲོད་སྐྱེས་སོ། །དེ་ངོ་མཚར་གསུངས་པས། བུ་མོ་ཚེ་དང་ཡོན་བདག་ཕོ་མོ་མང་པོ་ཡང་དད་པ་སྐྱེས་ཏེ་དེར་འཚོགས་པ་ལ། ཞལ་ལྟ་འདི་མགུར་དུ་རས་ཆུང་བ་དང་དཔོན་སློབ་གཉིས་ཀས་གསུངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །འདིར་འཚོགས་འདུས་པའི་མཆེད་གྲོགས་ཀུན། །འཇིག་རྟེན་ཆོས་བརྒྱད་མ་སྤངས་པའི། །དད་པ་ཅན་ཡིན་མ་སྨྲ་ཅིག །དད་པ་རྐྱེན་གྱི་བསྒྱུར་བ་ཡིན། །མི་དགེ་བཅུ་ལ་མི་འཛེམ་པའི། །ཚུལ་ཁྲིམས་ཡོད་ཅེས་མ་སྨྲ་ཅིག །སླར་ངན་སོང་རྒྱུ་རུ་འགྲོ་ཉེན་ཡོད། །རང་སེམས་གཡོ་རྒྱུ་མ་སྤངས་པས། །དམ་ཚིག་བསྲུང་ཅེས་མ་བརྗོད་ཅིག །རྡོ་རྗེ་དམྱལ་པར་འགྲོ་ཉེན་ཡོད། །ཐོས་པ་ཕྱོགས་མེད་མ་བྱས་འདི། །ཐེག་པ་གཞན་ལ་མ་སྨོད་ཅིག །ཆོས་སྤོང་རང་རྒྱུད་སྲེག་ཉེན་གདའ། །སྒྱུ་མ་ལྟ་བུར་མ་རྟོགས་པས། །ལས་དགེ་སྡིག་ཁྱད་དུ་མ་གསོད་ཅིག །ངན་སོང་གསུམ་དུ་འགྲོ་ཉེན་གདའ། །ཕ་རོལ་སེམས་རྒྱུད་མི་ཤེས་པས། །ཆོས་དང་གང་ཟག་མ་སྨོད་ཅིག །རློམས་སེམས་ལྟུང་བས་འཕོག་ཉེན་ཡོད། །སེམས་དང་
(༣༠༡)ཆོས་གཉིས་མ་འདྲེས་པས། །ཉམས་མྱོངས་བཟང་ཞེས་མ་སྨྲ་ཅིག །བདུད་ཀྱི་བར་ཆོད་ཡོང་ཉེན་གདའ། །བརྗོད་མེད་དོན་ལ་མ་སླེབ་བར། །ལྟ་བ་མཐོང་ཅེས་མ་སྨྲ་ཅིག །འབྲས་བུ་ཡོད་སྨོན་དུ་ལུས་ཉེན་གདའ། །ཤུགས་འབྱུང་ནང་ནས་མ་རྡོལ་བས། །ལྟ་སྟངས་གང་དགར་མ་སྟོན་ཅིག །རང་ཟོག་རང་གི་བྱུར་རྡོ་ཡིན། །ཆོས་ཁ་ནས་བཤད་པ་སེམས་ལ་བཟུང་། །དོན་ཡིད་ལ་སྐོར་ཡིན་ཉམས་ལེན་གྱིས། །ཅེས་གསུངས་པས། དེ་རྣམས་ཐམས་ཅད་སྨོན་ལམ་བཟང་པོའི་འབྲེལ་ཏེ། བུ་མོ་སྙིང་རྗེ་བསྒོམ་མི་དང་བཅས་པ་ཡང་ཐར་བའི་ལམ་ཐོབ་བོ། །དེ་རྣམས་ཀྱི་ནང་ནས་ཀྱང་ཉ་མ་རྟོགས་པ་སྐྱེས་པ་དེ་ལ། རྟོགས་ལྡན་རས་ཆུང་མ་བྱ་བའི་རྗེ་བཙུན་གྱི་སྲིང་བཞིས་ཡ་བར་གྱུར་བ་ཅིག་བྱུང་ངོ་། །དེ་ཐམས་ཅད་གཅོང་རོང་བྲིང་གི་སྐོར་རོ། །དེ་ནས་བཅུ་དྲུག་པ་ཏིང་ངེ་འཛིན་གྱི་རྩལ་རྫོགས་པའི་ཡོན་ཏན་ནི། ཉིན་མེད་མཚན་མེད་ལ་གཟིམས་རུ་བཞུགས་པས། བུ་སློབ་རྣམས་ཀྱི་བླ་མ་ཉིན་མཚན་མེད་པར་གཟིམས་པ་ཨའུ་བདེ། ཡར་ལ་བཞེངས་པར་ཞུ་ཞུས་པས། ལན་དུ་མགུར་འདི་གསུངས་སོ། །རྗེ་བླ་མས་བྱིན་བརླབས་སྙིང་ལ་ཞུགས། །ལུས་ཉལ་པ་མིན་པས་བྱེད་རྒྱུ་མེད། །ལུས་བདེ་མོར་ཉལ་ཡིན་དགེ་སྦྱོར་འཕེལ། །བླ་མའི་བྱིན་བརླབས་ངག་ལ་ཞུགས། །ངག་བླའོ་ལབ་པ་གདམས་ངག་སྟེ། །ངག་བདེ་མོར་དབྱངས་ཆུང་ལེན་པས་བདེ།