Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་སྨོན།
   
   
   
   
   
   
   
   
   
   
   
   


 
previousབདེ་སྨོན།next

བདེ་སྨོན།


MR07_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བར་འདོད་པ་རྣམས་ཀྱིས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན་ནི། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། ཉིན་རེ་མཚན་ལན་བདུན་བརྗོད་ནས། འདྲེན་པ་འོད་དཔག་མེད་པ་དགོངས་སུ་གསོལ། །རྒྱལ་བ་ཁྱེད་ཀྱི་ཐུགས་བསྐྱེད་ཅི་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དགེ་བའི་རྩ་བ་ཇི་སྙེད་བགྱིས་པ་རྣམས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྒྱལ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེས་ནས་ཀྱང་། །རླབ་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཀུན། །ཡོངས་སུ་རྫོགས་པའི་སླད་དུ་བསྔོ་བགྱིད་ན། །ཚེ་འདི་འཕོས་མ་ཐག་ཏུ་དག་པའི་ཞིང་། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང་། །འདྲེན་པ་འོད་དཔག་མེད་ཀྱིས་ལུང་བསྟན་ནས། །རྫོགས་སྨིན་སྦྱང་བ་མཐའ་རུ་ཕྱིན་པར་ཤོག །དྷཱི་མིང་པས་སོ། ༈ །སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མི་ཕམ་པས་སོ། །།


previousབདེ་སྨོན།next