Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤར་ཁ་བརྒྱད་ཀྱི་གཏོ་ཐབས།
   
   
   
   
   
   
   
   
   
   


 
previousསྤར་ཁ་བརྒྱད་ཀྱི་གཏོ་ཐབས།next

སྤར་ཁ་བརྒྱད་ཀྱི་གཏོ་ཐབས།


MR07_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁ་བརྒྱད་ཀྱི་གཏོ་ལ་སྤར་ཁ་རེ་རེ་ལ་ཡང་གཏོ་བཅུ་གསུམ་སྟེ། ལི་ལ་ན་ན། རྟ་དམར་ཞུར་གྱི་དཔྲལ་བར་གཡུ་བཏགས། རྒྱབ་དུ་ཕྱིངས་པ་བཏིང་དར་གྱི་སྲབ་བྱས། ངར་མི་བསྐྱོན་ནས་བཏང་བ་ལྷ་ ༡ གཏོ་ཡིན། རྟ་ཐོད་ལ་ལིའི་ཕྱག་རྒྱ་བྲིས་པར་ངར་མི་བསྐྱོན་ནས་བཏང་བ་འདྲེ་ ༢ གཏོ་ཡིན། ཤིང་གྱལ་ཏའི་ཕོ་གཏོང་ལ་ལོ་གྲངས་ཀྱི་ཁྲམ་བཏབ་པ་ངར་མི་ལ་བསྐུར་བ་རྩ་བའི་ ༣ གཏོ་ཡིན། ཚེ་དཔག་མེད་ཀྱི་གཟུངས་དང་འཕགས་པ་གསེར་འོད་དམ་པ་བསྒྲགས་པ་མཐུན་པའི་ ༤ གཏོའམ་རྒྱབ་བཅོས་ཀྱི་གཏོའོ། །གནོད་པའི་འདྲེ་ཡི་མིང་རུས་ཁྱི་ཐོད་དམ་ཕག་ཐོད་དུ་བཅུག་ནས། ལ་བཙས་སམ་མཆོད་རྟེན་འོག་ཏུ་མནན་པ་འབྲུབ་ ༥ གཏོའོ། །ནད་པའི་ན་ཟླའི་མིང་དང་། ངར་མི་བཅུ་གསུམ། རྟ་སྦྲུལ་གྱི་གཟུགས་བཅུ་གསུམ་རྣམས། རྟ་ཐོད་མདོག་དམར་པོར་བྱས་པའི་ནང་དུ་བཅུག་ནས་བཏང་བ་གླུད་ ༦ གཏོའོ། །ལུག་ཐོད་ནང་དུ་གནོན་པའི་མིང་བཅུག་ནས་མནན་པ་གདོན་གཏོ། ལོང་བ་བཞིའམ་དགེ་སློང་བཞི་ལ་སྟོན་མོ་དྲོངས་བ་ཚོགས་ ༧ གཏོའོ། །ལུག་མགོའི་ནང་དུ་ངར་མི་ནད་པའི་གོས་ཀྱིས་གཏུམས་ནས་རོ་སྲེག་པ་ལྟར་བྱས། བོན་པོས་རྔ་བརྡུང་བ་ཤི་ ༨ གཏོ་ཡིན། ངར་མི་ལོ་གྲངས་བསླུ་བ་ངན་ ༩ གཏོ་ཡིན། ལི་


MR07_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་ཁམ་གྱི་གཏོ་བྱ་བ་དགྲ་ ༡ གཏོ་ཡིན། ལིའི་གཏོ་བཅུ་གསུམ་མོ། ཁོན། ཐོག་ཏུ་ན་ན། བ་སེར་མོ་དང་ལུག་མགོ་སེར་པོར་ངར་མི་བསྐྱོན་ནས་གཏོང་པ་ལྷ་གཏོ། ཝ་ཐོད་དང་ལུག་ཐོད་དུ་བྱེའུ་ཚང་རྙིང་པ་དང་སྒོ་ང་བླུགས་ནས་བཏང་བ་འདྲེ་གཏོ། ཤིང་ལ་ལོ་གྲངས་ཁྲམ་བཏབ་རྩ་བའི་གཏོ། སྟོབས་པོ་ཆེའམ་གནམ་ལྕགས་མཆུ་བཀླག་པ་མཐུན་གཏོའམ་རྒྱབ་ཆོག་གི་གཏོ། གནོད་པའི་འདྲེ་ལྔའི་མིང་རུས་བ་རུའམ་ལུག་རུར་བཅུག་ནས་མནན་པ་འབྲུབ་གཏོ། །ན་ཟླའི་མིང་དང་ངར་མི་ལུག་གཟུགས་རྣམས་ལུག་ཐོད་སེར་པོ་བཙུག་བཏང་གླུད་རང་གཏོ། ལུག་ཐོད་ནང་དུ་གནོད་པའི་མིང་རུས་བཅུག་ནས་མནན་པ་གདོན་གཏོ། ལུག་གི་ནང་ཆ་རྒན་མོ་གཉིས་ལ་སྟེར་བ་ཚོགས་གཏོ། ལྷོ་ནུབ་ནས་གད་པ་རྡིབ་འཕྲོའི་ས་བླངས་ལ་རྒན་མོ་བདུན་གྱི་གཟུགས་བྱས་ལ་དཔྱད་པའི་སྔོན་དུ་འབྲང་རྒྱས་བདུན་བདུན་བཞག་ནས་ལྷོ་ནུབ་ཏུ་བསྐྱལ་བ་ཤི་གཏོ། མཆོད་རྟེན་ལྷོ་ནུབ་ཏུ་བརྩིག་པའམ་སྦྱིན་སྲེག་བྱེད་པ་འཛིན་གཏོ། མཆོད་རྟེན་ཁྲུ་གང་པ་བཞི་བྱས་ཏེ་རབ་གནས་བྱས་ནས་ཁང་པའི་ཟུར་བཞིར་བཞག་པ་ས་འཛིན་གྱི་གཏོ། སྤར་ཁ་གིང་གི་གཏོ་བྱེད་པ་དགྲ་གཏོ་ཡིན། དེས་གཏོ་སྒོ་འགགས་པ་སེལ། དྭ་ཡི་གཏོ་ལ་རྟ་གྲོ་བོ་ལ་


MR07_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཁལ་བཀལ་རལ་གྲི་བཏགས་ནས་ཕྱིར་ལ་ལན་གསུམ་བསྐོར་ལ་ནུབ་ཏུ་བཏང་བ་ལྷ་གཏོ། ཕག་ཐོད། སྤྲེའུ་ཐོད། བྱ་ཀེ་ཀེའི་ཐོད་པ། ཤ་རུ་རྣམས་ནུབ་ཏུ་བཏང་བ་འདྲེ་གཏོ། ར་ཡི་སོག་པ་གཡོན་པར་ཁྲབ་བྱང་མིག་དགུ་བཏགས་ནས་ངར་གླུད་ལ་བསྐུར་བ་རྩ་འདྲེ་གཏོའམ་འདྲ་བའི་གཏོ། ཤིང་ཚར་བའི་ཕོ་གདོང་ལ་ལོ་གྲངས་ཀྱི་ཁྲམ་བཏབ་པ་ངར་མི་ལ་བསྐུར་ཏེ་ནུབ་ཏུ་བཏང་བ་རྩ་བའི་གཏོ། འདུས་པ་ཏོག་དང་རྣམ་འཇོམས་ཀྱི་གཟུངས་བསྒྲག་པ་བརྒྱབ་གཏོ། འདྲེ་གཟུགས་ལ་མཆན་ཁུང་གཡོན་དུ་མདའ་བརྒྱབས་ནས་ཤ་རུ་ལ་བསྐྱོན་ནས་ནུབ་ཏུ་མཆོད་རྟེན་ཞབས་སུ་མནན་པ་འགྲུབ་གཏོ། ན་ཟླའི་མིང་དང་ངར་མི་བྱ་སྤྲེལ་གཟུགས་རྣམས་སྤྲེལ་ཐོད་དཀར་པོར་བཅུག་བཏང་གླུད་གཏོ། གཡག་རུ་གཡས་པར་གདོན་འདྲེའི་མིང་བཅུག་སྒོ་འོག་ཏུ་མནན་པ་གདོན་གཏོ། བཙུན་པ་དང་ན་ཟླ་ལ་སྟོན་མོ་དྲངས་པ་ཚོགས་གཏོ། ནད་པའི་གོས་ཀྱིས་རའི་མགོ་སུག་གཏུམས་པ་ནུབ་ཏུ་བསྲེགས་པ་ཤི་གཏོ། ངར་མི་ལོ་གྲངས་ནུབ་ཕྱོགས་བཏང་བ་ན་གཏོ། རའི་སྙིང་ནང་གསེར་དངུལ་ཟངས་ལྕགས་ཀྱིས་བཀངས་ནས་ནུབ་ཏུ་བཏང་བ་སྙིང་གཏོ། ཤ་རུ་ལ་གཤེད་ཀྱི་ཕྱག་རྒྱ་བཏགས་ལ། དར་སྣ་དང་བལ་མཚོན་གྱིས་བརྒྱན་ནས། དེ་དགྲ་ཕྱོགས་སུ་


MR07_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ་བ་བྱོལ་གཏོ། ཡང་དྲག་པོའི་སྦྱིན་སྲེག་བྱས་པའི་ཐལ་བ་ནུབ་ཏུ་ཕྱར་བ་བྱོལ་གཏོ། ནུབ་ཏུ་མཆོད་རྟེན་དཀར་པོ་བརྩིགས་པའི་འོག་ཏུ་གྲེ་བོ་མནན་པས་འཛིན་གྱི་གཏོ། ཟིན་གྱི་་གཏོ་བྱེད་ལཔ་དགྲ་གཏོའོ། ཁེན། ལ་རྟ་དཀར་ཁྱི་དཀར་ལ་ངར་གླུད་བསྐྱོན་པ་ནུབ་བྱང་བཏང་བ་ལྷ་གཏོ། རྟ་ཐོད་ཁྱི་ཐོད་དར་སྣས་བརྒྱན་པ་བཏང་བ་འདྲེ་གཏོ། སེ་བའི་ཕོ་གདོང་ལོ་གྲངས་ཁྲམ་ཅན་དང་ལྷམ་གཡོན་པ་ནུབ་བྱང་བཏང་བ་རྩ་བའི་གཏོ། གཙུག་ཏོར་དཀར་མོ་དང་བསྐང་བཤགས་བྱ་བ་མཐུན་གཏོ། འདྲེ་གཟུགས་སམ་མིང་བྱང་ནུབ་བྱང་མཆོད་རྟེན་འོག་ཏུ་མནན་པ་འབྲུབ་གཏོ། འདྲེའི་མིང་གཟུགས་ལྷ་ཁང་འོག་ཏུ་མནན་པ་གདོན་གཏོ། ཟན་ལས་གླང་དགུའི་གཟུགས་བྱས་པའི་ཁོག་པར་རིན་པོ་ཆེ་བྲིས་པ་བཅུག་ནས་ནད་པའི་སྔས་སུ་སྦས་ཏེ་མནན་པ་ན་གཏོ། དྲག་པོའི་སྦྱིན་སྲེག་ནུབ་བྱང་བྱ་བ་བྱོལ་གཏོ། རྟ་ཐོད་དམ་ཁྱི་ཐོད་ལ་འདྲེ་གཟུགས་བྲིས་ནས་དགྲའི་སྒོར་བསྐྱལ་བ་བསྒྱུར་གཏོའོ། །མདའ་ལ་མེའི་མདེའུ་བཙུག་ནས་དགྲ་ཕྱོགས་སུ་བརྡེག་བ་བྱོལ་གཏོ། ནུབ་བྱང་མཆོད་རྟེན་སེར་པོ་བརྩིགས་པ་ས་འཛིན་གྱི་གཏོ། གླུད་སྒོ་འགགས་ན་ཟོན་གྱི་གཏོ་བྱེད་པ་དགྲ་གཏོའོ། །ལུག་གམ་ཁྱི་ཐོད་དུ་ངར་གླུད་ལོ་གྲངས་གཏུམས་


MR07_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནུབ་བྱང་བཏང་བ་ན་གཏོ། ཡང་ན་ལོ་གྲངས་ཀྱི་ངར་གླུད་ཕྱིངས་བའི་ཁུད་དུ་གཏུམས་ནས་བཏང་བ་ན་གཏོ། ནད་པའི་འོག་ཏུ་ངར་གླུད་དམ། ཁྱི་ཐོད་སྦ་བ་ཤི་གཏོ། ན་ཟླའི་དགེ་འདུན་ལ་སྟོན་མོ་དྲངས་བ་ཚོགས་གཏོ། ཁམ། གླང་སྔོན་པོ་དང་འུར་རྡོ་བྲ་ཟན་ནུབ་བཏང་ལྷ་གཏོ། གླང་ཐོད་དང་དམར་ཤ་བཏང་བ་འདྲེ་གཏོ། ངར་མི་རྒྱན་ཅན་དང་མདའ་འཕང་བཏང་བ་བྱོལ་གཏོ། གླང་མལ་ལོ་གྲངས་ཀྱི་ཁྲམ་བཏབ་པར་ཆུ་གྲོད་པ་གང་བཏགས། ནད་པའི་སྨད་འདོམས་དཀྲིས་གོས་ཀྱིས་གཏུམས་ནས་ཆུ་ལ་བསྐུར་བ་གླུད་གཏོ། གནོད་འདྲེའི་མིང་རུས་གླུད་ཐོད་ནང་བཅུག་ནས་ལྷ་ཁང་ངམ་ལམ་ཆེན་བཞི་མདོར་མནན་པ་གདོན་གཏོ། ལྕང་མ་གྲུ་ཚད་ལ་ལོ་གྲངས་ཁྲམ་བཏབ་སྐུད་པ་ནག་པོ་ལོ་གྲངས་ཀྱིས་ལྕང་མ་དེ་དཀྲིས་བྱང་གི་ལ་བཙས་སུ་བསྐྱལ་བ་རྩ་གཏོ། སྣང་བརྒྱད་གཟུངས་འདུས་འདོན་པ་རྒྱབ་གཏོ། རྟེན་སྙིང་བྲིས་པ་དཔུང་གཡོན་བཏགས། །གདུང་ཤ་རི་རམ་གྱིས་དབང་བསྐུར། སྦྱིན་སྲེག་བྱ། གླུད་སྒོ་འགགས་ན་ལི་ཡི་གཏོ་བྱའོ། །ནད་པའི་མལ་འོག་བྱི་བའི་ཐོད་པར་རོ་གོས་ཀྱིས་གཏུམས་ནས་སྦེད་པ་ཤི་གཏོ། ལོ་གྲངས་ཀྱི་ངར་གླུད་ལ་རྟ་དང་ཕྱིངས་པ་གོས་ཀྱིས་གཏུམས་ནས་ཆུ་ལ་བསྐུར་བ་


MR07_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་གཏོ། གིན། ལ་གླང་དམར་ལ་ངར་མི་བསྐྱོན་བཏང་ལྷ་གཏོ། གླང་དམར་ཐོད་པར་གིང་གི་ཕྱག་རྒྱ་བྲིས་བཏང་འདྲེ་གཏོ། ཤུག་པའི་ཕོ་གདོང་ལ་ལོ་གྲངས་ཁྲམ་བཏབ་བཏང་བ་རྩ་གཏོ། བྱང་ཤར་མཆོད་རྟེན་སེར་པོ་བརྩིགས་པ་འཛིན་གཏོ། ཞི་བའི་སྦྱིན་སྲེག་བྱ། ཤེས་རབ་ཁྲི་པ་དང་བརྒྱད་སྟོང་པ། ཤེར་ཕྱོགས་མདོ་ཕྲན་བསྒྲགས་པ་རྒྱབ་གཏོ། གླང་རུའམ་རྒྱང་བུ་དང་ངར་མི་གོས་ཁུང་གཏུམས་ནས་འུར་རྡོས་འཕང་བ་བྱོལ་གཏོ། གླང་རུ་ལ་འདྲེ་གང་གནོད་ཀྱི་མིང་བྲིས་མནན་གདོན་གཏོ། གླང་ལ་ངར་མི་བསྐྱོན། ངར་མི་ལུས་ཚད་མི་དམར་པོས་སྣ་དྲངས་ནས་བཏང་བ་རྩ་བའི་གཏོ། ངར་གླུད་དམར་པོ་ཁྲའི་སྒྲོ་བཙུགས་པ་ནུབ་བཏང་བྱོལ་གཏོ། བྱང་ཤར་སྒོམ་ཆེན་ལ་ཆོས་སྟོན་དྲངས་པ་ཚོགས་གཏོ། མར་མེ་ལོ་གྲངས་འབུལ། སཱཙྪ་གདབ་པ་རྒྱབ་ཆོག་གི་གཏོ། འདྲེ་གཟུགས་ལ་མདའ་གཅིག་བརྒྱབ་ནས་གླང་བསྐྱོན་བྱང་ཤར་མཚམས་སུ་མནན་པ་འབྲུབ་གཏོ། དགྲ་གཏོ་ལ་ཁོན་གཏོ་བྱའོ། །ཟིན་རི་བོང་གཟུགས་ལ་དར་སྣ་བཏགས་པར་ངར་གླུད་བསྐྱོན་བཏང་ལྷ་གཏོ། རི་བོང་ངམ་བོང་བུའི་ཐོད་པར་ཟིན་ཕྱག་བྲིས་པ་ཤར་བཏང་འདྲེ་གཏོ། སྟག་པའི་ཕོ་གདོང་ལ་ལོ་གྲངས་ཁྲམ་བཏབ་གོས་བསྐོན་འཁོར་གསུམ་བཏགས་བཏང་རྩ་


MR07_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཏོ། གཙུག་ཏོར་སྡོང་བརྒྱན་འདོན་པ་མཐུན་གཏོ། འདྲེ་གདོན་རི་བོང་ཐོད་པར་བཅུག་འགྲམ་འོག་མནན་པ་གདོན་གཏོ། འདྲེ་གཟུགས་མདའ་བརྒྱབ་ཤར་སྦ་བྱོལ་གཏོ། རི་བོང་ཐོད་པ་གོས་གཏུམས་ཤར་བཏང་ཤི་གཏོ། ལོ་གྲངས་ངར་གླུད་བཏང་བ་གླུད་གཏོ། ཤིང་ཕ་གསུམ་ལ་གསུམ་སྐ་རགས་བཅིང་བཏང་ཤི་གཏོ། རི་བོང་དགུའི་གཟུགས་ཤར་དུ་བཏང་། བྱ་དགུའི་གཟུགས་ནུབ་བཏང་བསྒྱུར་གཏོ། དྭ་ཡི་གཏོ་བྱ་བ་དགྲ་གཏོའོ། །ཟོན། ལ་འཛོའམ་དྲེའུ་ལ་ངར་གླུད་བསྐྱོན་བཏང་ལྷ་གཏོ། དྲེའུའི་ཐོད་པར་འདྲེ་གཟུགས་དར་སྣས་བརྒྱན་བཏང་འདྲེ་གཏོ། ཚར་བའི་ཕོ་གདོང་ལོ་ཁྲམ། ཕུ་དུང་གཡས་པ་བསྐོན་ཤར་ལྷོར་བཏང་བ་རྩ་བའི་གཏོ། ངར་གླུད་ལོ་གྲངས་གོས་གཏུམས་དེར་བཏང་ན་གཏོ། བ་ཐོད་དམ་བ་རུ་ལ་འདྲེ་མིང་བྲིས་པ་ཤར་ལྷོར་མནན་པ་འབྲུབ་གཏོ། ནད་པའི་འོག་ཏུ་དྲེལ་ཐོད་མནན་པ་གདོན་གཏོ། གཙུག་གཏོར་སྤང་སྐོང་འདོན་པ་མཐུན་གཏོ། སྦྱིན་སྲེག་བྱས་པའི་ཐལ་བ་དེ་ཕྱོགས་གཏོར་བ་བྱོལ་གཏོ། འདྲེ་མིང་བྱང་དགྲའི་སྒོར་བསྐྱལ་བྱོལ་གཏོ། སེ་བསྐྱེད་པའི་བཀའ་དགྲ་ཕྱོགས་འཕང་པ་བསྒྱུར་གཏོ། འདྲེ་མིང་ན་ཆའི་ནང་བཅུག་ལྷ་ཁང་ཐེམ་འོག་མནན་པ་རྡོལ་གཏོ།


MR07_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོར་མཆོད་རྟེན་བརྩེགས་པ་དཔེ་སྐྱོན་མང་བས་སླར་དཔེ་བསྡུར་སྤར་བཅོས་སོགས་བསྡུར་དཔྱད་བཞིན་བཀོད་དོ། ༈ །ཁྱི་འབྲུག་གནམ་སྒོའི་གཏོ་ལ་སྣང་བརྒྱད་འདོན། ཞ་དང་རང་གི་གཟུགས་ཀྱི་ཕྱག་རྒྱ་བཏགས། ཕག་སྦྲུལ་ས་སྒོ་ལ། སྣང་བརྒྱད་ཚར་གསུམ་འདོན། ལོ་གང་ཡིན་པའི་དགྲ་བདུད་ཀྱི་གཟུགས་ཚ་ཚའི་འོག་ཏུ་མནན། སྟག་སྤྲེལ་དགྲ་དུར་ལ་རྣམ་འཇོམས་འདོན། ཤིང་ལྕགས་ཡོན་ཕུལ། ཤིང་ཁྲུ་ཚད་ལ་ལོ་གང་ཡིན་དགྲ་གཟུགས་བྲི་བ་ལ་སོགས་བྲི་ཞེས་ཀྱང་ཉོབ་ཆེ་བཞག །གླང་ལུག་ཕུང་གྱོད་ལ། སྟོབས་པོ་ཆེ་ཤེས་རབ་ཁྲི་པ་འདོན། གླང་ལུག་ཡོན་ཕུལ། བྱ་ཡོས་རྒུན་ཐུམ་ལ། རྣམ་འཇོམས་གཟུངས་བསྡུས་འདོན། བྱ་ཡོས་གཟུགས་དང་ཤིང་ལྕགས་ཡོན་དུ་ཕུལ། ལོ་གང་ཡིན་གྱི་སྤར་ཁའི་དགྲ་དང་གཟུགས་དང་སྤར་ཁའི་འཁོར་དང་ཕྱག་རྒྱ་ཕྱོགས་སུ་བཏང་། བྱི་རྟ་རུ་གཅོད་ལ། །ཚེ་དཔག་མེད་སྣང་བརྒྱད་བསྒྲགས། །ཐོད་དང་དར་དམར་བྱིན། །བདུན་ཟུར་བཅོས་སོ། ༈ །སྟོར་བརླག་གམ་ན་ཚ་གོད་ཁ་བྱུང་བའི་དུས་ཚོད་དེར། དཔེར་ན་མེ་སྟག་ཉི་མར་མི་འདོད་པ་དེ་བྱུང་ན། ཕྱིས་ཆུ་སྤྲེལ་ཉི་མར་སྟག་གི་གཟུགས་དམར་པོ་བྱས་ཏེ་བྱང་གི་ཆུ་སྐམ་གཤེར་མཚམས་སུ་སྤྲེའུའི་དུས་


MR07_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦ། གཞན་མ་ངེས་འདྲ་འདྲེ་བདེ་དོགས་མེད་པའི་རིམ་གྲོ་ཡིན། རང་གི་ཟླ་བ་མཐུན་པའི་ཉི་མ་དུས་ཚོད་ལ་བྱའོ། །སྲུང་འཁོར་དང་སྤར་ཕྱག་ལུས་ལ་བཏགས། བདུན་ཟུར་གྱི་གཏོའོ། །སྤར་ཁ་ལ་སྤུངས་པའི་གཏོ་ནི། ལི་ལ་སྤུངས་ན། སྤྱི་བོའི་གནམ་གྲིབ་ཟེར། གཟའ་དཔོན་གྱི་ཞྭ་ལྷོ་ཕྱོགས་བཏང་། ཚེ་གཟུངས་འདོན། གཟའ་དཔོན་གྱི་གོང་ཁུག་ལི་ཕྱག་བཏགས། །བྱང་དུ་མི་འགྲོ་སྟེ་གཟའ་ཡི་ཁ་འགྲམས་སོགས་ཡོད། ཁམ་སྤུངས་ཐང་གི་ས་ཆག །སྣང་བརྒྱད་གདོན། གཟའ་དཔོན་ལ་ཁམ་ཕྱག་བཏགས་ལྕགས་ཕུར་བཏགས། ལྷོ་ཕྱོགས་སྤངས། ལི་ཁམ་གཉིས་སྤུངས། དྭ་ཟིན་གྲི་ཕུར་ལངས་པའི་གཏོ། རྣམ་འཇོམས་མང་གདོན་ཁྲུས་བྱ། སྟག་ཡོས་ཀྱི་གཟུགས་དང་། གཟའ་དཔོན་གྱི་སྐ་རགས་ཕྱེད་དང་། ཤིང་ལུས་ཚད། སྟག་ཡོས་ཀྱི་གཟུགས་ཟིན་ཕྱག་ཤར་དུ་བཏགས། །གཞུ་དང་གྲི་དང་སྐ་རགས་ཕྱེད་བྱ་སྤྲེལ་གཟུགས། དྭ་ཕྱག་ནུབ་དུ་བཏགས། དྭ་ཟིན་རེ་རེ་ལ་བབ་པའི་གཏོ་ཡང་ཡིན། ཤར་ནུབ་སྤངས། ལི་སོགས་སྲུང་འཁོར་མོང་སྣང་གནོད། སྨེ་དགུའི་གཅིག་དཀར་སྟེང་དུ་ན་ན་སོགས་ཀྱི་གཏོ་དཀར་ནག་མང་པོ་མི་བྲི་ཧ་ཧ། །གཏོ་ཆོག་བཀྲ་ཤིས་འདོད་འཇོ་སྤང་མའི་ལྡེབ་བརྒྱ་དཔའི་


MR07_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ། སྤྱངས་རེ་ལྕགས་མཆན་ལ་འདུག་པ། རི་ལྕང་ ཞེས་རི་ཁའི་ལྕང་མ་ཤྱན་པ་སྐྱ་བོ་དེ་ཡིན། ལྡེ་པ་བཅོ་ལྔ་པའི་རྒྱབ་ཏུ་བོན་པོའི། བཤང་ཞེས་པ། གཞང་ཞེས་ག་འབུལ་ཅན་ཡིན། ལྡེབ་རེ་བཞི་བའི་རྒྱབ་ཏུ། རུས་ལྔའི་བླ་ཤིང་སྐབས། ཀུང་དམ་ལོང་། ཤང་དམ། དབྲ་ལྕགས། ཁམས་གཡར་པ། སྦྱར་བམ། ལ་ལར་དབྱར་བ་ཞེས་བྲིས་བ་འདི་རི་ཁརསྐྱེས་པའི་ལྕང་མ་ཡིན། རེ་ལྕགས་ཟེར་བ་ནོར་འདུག་བཅོས་ན་ལེགས། རི་ལྕང་། །


previousསྤར་ཁ་བརྒྱད་ཀྱི་གཏོ་ཐབས།next