Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ།
   
   
   
   
   
   
   
   
   
   
   


 
no previousནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ།next

ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ།


MR11_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ་བཞུགས་སོ། །


MR11_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་ནད་སེལ་སྨན་གྱི་བླ། །རྒྱལ་བ་སྲས་བཅས་ལ་བཏུད་ནས། །འགྲོ་བའི་ནད་རྣམས་ཞི་བྱེད་པའི།རིག་སྔགས་བདུད་རྩིའི་ཆར་པ་འབེབས། །ནད་ཚ་གྲང་གང་ལ་ཡང་རང་གི་ཡི་དམ་སྔགས་ཤམ་དུ། བཛྲ་བྷི་ཤ་ཙེ་ཧཱུྃ་ཕཊཿ ཞེས་བཏགས་པ་བཟླས་ཤིང་ཆུ་སྣ་མང་པོ་བསགས་པ་ལ་བཏབ་སྟེ་འཐུངས་པས་ནད་ཅི་ཡིན་ཀྱང་སེལ་བར་འགྱུར་རོ་ཞེས་གཏེར་མ་ཟབ། ལས་ཐམས་ཅད་པའི་རྒྱུད་ལས་ཨོཾ་ཨཱཿཧཱུྃ་ལ་སྔགས་དེ་བཏགས་པ་ཡོད་དོ། །ཡང་འཕགས་པ་ནད་ཐམས་ཅད་ཞི་བའི་གཟུངས་ནི། དཀོན་མཆོག་གསུམ་ལ་


MR11_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་བླ་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲ་བཛྲ་མ་ཧཱ་བཛྲ་སརྦ་བྱཱ་དྷི་ཧ་ན་ཧ་ན་བཛྲེ་ན་སྭཱ་ཧཱཿ ཞེས་པ་འདིས་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་བྱེད་དོ། །འདི་ལ་གཏེར་མ་འགའ་ལས་མཁའ་འགྲོ་མ་སྡུག་བསྔལ་ཀུན་འཇོམས་ཀྱི་སྔགས་འདི་ལུས་ཀྱི་ཟུག་རྔུ་གར་ཡོད་སར་བཏབ་པས་ངེས་པར་སེལ་ལོ་ཞེས་གསུངས། འདི་མང་དུ་བཟླས་ན་བཞི་བརྒྱ་རྩ་བཞིའི་ནད་ཅི་ཡིན་ཀྱང་


MR11_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ནུས་སོ། །ཨོཾ་ཀྵ་པ་ཡ་ཀྵ་པ་ཡ་ཀྵི་སྭཱ་ཧཱ། ཞེས་བཟླས་པས་ནད་ཀུན་མེད་པར་བྱེད་དོ་ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་སོ། །འཕགས་པ་ནད་ཐམས་ཅད་ཞི་བའི་གཟུངས་ནི།ཏདྱ་ཐཱ། ཙི་ལེ་མི། ཙི་ལེ་མི། པ་ན་ཀོ་ཀི་ལི། ཤྲཱི་མ་ཏི་ཀུཎྚ་ལི། དུནྡུ་བྷི། ཨིནྡྲ་ནི་མུ་ཁེ་སྭཱ་ཧཱ། འདིས་ཟས་མ་ཞུ་བ་སྦོས་པ། ཁྲག་དང་མཁྲིས་པ་དང་འདྲེས་པ་དང་། གཞང་འབྲུམ་གྱིས་བཏབ་པ། གཞང་ནད་ཅན་དང་། ཟ་ཁུ་ལུད་པ་ཅན། རིམས་ནད། ཀླད་པ་ན་བ། གཞོག་ཕྱེད་ན་བ། ཡི་དྭགས་ཀྱིས་ཟིན་པ་རྣམས་སོས་པར་བྱེད་དེ་སངས་རྒྱས་ཀྱིས་གསུངས་པའི་སྔགས་སོ། །སངས་རྒྱས་སེམས་ཅན་ཀུན་གྱི་མཆོག །ཆགས་བྲལ་ཆོས་རྣམས་ཀུན་གྱི་མཆོག །དགེ་འདུན་ཚོགས་རྣམས་ཀུན་གྱི་མཆོག །བདེན་པའི་ཚིག་དང་ངག་འདི་ཡིས། །བདག་གིས་ཟོས་འཐུང་འཆོས་མྱོང་རྣམས། །ལེགས་པར་བདེ་བར་ཞུ་གྱུར་ཅིག་སྭཱ་ཧཱ། ཞེས་བདེན་སྟོབས་ཀྱང་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨི་ལི་མི་ཏི་མེ་ལེ། ཧ་ནེ་སུ་ཧ་ནེ། ཆེ་གེ་མོ་ཞིག །ཛྭ་ར་བནྡྷཱ་མི། ཨེ་ཀ་ཧི་ཀཾ། ཏྲི་ཧི་ཀཾ ཙ་ཏུ་རྐཾ། ནིདྱ་ཛ་རཾ་སྭཱ་ཧཱ། འདི་བྲིས་ནས་


MR11_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་དུ་བཏགས་ན། རིམས་ནད་མེད་པར་བྱེད་དོ་ཞེས་བཀའ་ལས་སོ། །སྟོང་ཆེན་རབ་འཇོམས་ལས་ནད་པའི་ཟས་སྐོམ་དང་སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་རྩལ་བར་བགྱིའོ། །རྫོགས་སངས་རྣམ་པར་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང་། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་འདི་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཞིང་། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང་། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་། །ལོག་དད་སེལ་གྱི་ཏིང་འཛིན་དང་། །གསེར་ཞེས་བྱ་བའི་ཡེ་ཤེས་དང་། །


MR11_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་གི་ནི་རྫུ་འཕྲུལ་དང་། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ནད་པ་ཤར་ཕྱོགས་ཁ་བསྟན་ལ། །སྨན་རྣམས་ཉེ་བར་རྩལ་བར་བགྱི། །དེ་ཡི་ཚེ་ན་རིག་སྔགས་འདི། །ལག་མཐིལ་བཞག་སྟེ་བཀླག་པར་བགྱི། །སྱཱ་ད་ཡ་ཐེད་ན། ཁ་ཊེ་ཁ་ཊེ། ཁ་ཊེ། ཁ་ཊེ། བི་ཁ་ཊེ། བི་མ་ལེ། བི་མ་ལམ་བེ། བ་ལེ་བ་ལ་བ་ཏི། ཙནྡྲེ་ཙ་ར་ཎེ་ཨ་མྲྀ་ཏ་ནིརྒྷོ་ཥེ་སྭཱ་ཧཱ། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །བདག་ལ་རྟག་ཏུ་དགེ་བར་ཤོག །ཞེས་གསུངས་སོ། །རྣམ་སྣང་མངོན་བྱང་ལས་ཨ་ཞེས་བྱ་བའི་ཡི་གེ་གཅིག་པོ་བརྒྱ་བཟླས་པས་སྨན་ལ་བཏབ་སྟེ་འཐུང་ན་སྔོན་ལས་ཀྱི་ནད་ཀྱང་སེལ་བར་གསུངས། རྟེན་འབྲེལ་སྙིང་པོའི་ཆོ་ག་ལས་རྟེན་སྙིང་ཇི་མང་བཟླས་པ་སྨན་གང་ཡིན་ལ་བཏབ་སྟེ་འཐུངས་པས་ནད་དེ་དག་ཞི་བ་དང་། བཟླས་ཏེ་བྱབ་པས་ནད་ཐམས་ཅད་སེལ་བར་གསུངས་པ་སོགས་ཀྱང་ཤེས་པར་བྱའོ། །ནད་གང་ཡིན་ཡང་མ་བྱུང་བ་མི་འབྱུང་བ་དང་། བྱུང་ཟིན་ཞི་བའི་ཕྱིར་ཐོ་རངས་སོགས་སུ་རང་ལུས་ཐ་མལ་པའི་སྙིང་རྩེ་མོ་གྱེན་བསྟན་གྱི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་


MR11_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཟླ་གདན་ལ་སངས་རྒྱས་སྨན་པའི་རྒྱལ་པོ་མཐིང་གསལ་མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཨ་རུ་ར་དང་ལྷུང་བཟེད་བསྣམས་པ། དེའི་མདུན་དུ་རྩི་ཡི་ལྷ་མོ་གྲུབ་པའི་བློ་གྲོས་མ་དཀར་མོ། གཡས་སུ་སྨན་གྱི་ལྷ་མོ་ནོར་རྒྱུན་མ་སེར་མོ། རྒྱབ་ཏུ་ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན་དམར་མོ། གཡོན་དུ་ཤིང་གི་ལྷ་མོ་འོད་འཆང་མ་ལྗང་གུ། དེ་བཞི་ཞལ་གཅིག་ཕྱག་གཉིས་གཡས་ཐམས་ཅད་ན་ཨ་རུ་ར་དང་། གཡོན་རྣམས་ན་བདུད་རྩིའི་བུམ་པ་བསྣམས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་སེམས་མའི་སྐྱིལ་ཀྲུང་གིས་བཅོམ་ལྡན་འདས་ལ་འདུད་པའི་ཚུལ་གྱིས་བཞུགས་པར་བསམ་ལ། སྨན་གཟུངས་རིང་ཐུང་གང་རུང་བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་སོགས་བཟླས། བཅོམ་ལྡན་འདས་དང་སྨན་གྱི་ལྷ་མོ་བཞིས་བདག་ལ་ནད་འདི་དང་འདི་ལྟ་བུ་མི་འབྱུང་བ་དང་། བྱུང་བ་གང་དག་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས། སྙིང་གའི་ལྷ་ལྔ་ལས་རང་རང་མདོག་མཐུན་གྱི་འོད་འཕྲོས་པས་སྙིང་ནང་དང་ལུས་ཀུན་གང་སྟེ་ནད་གདོན་ཐམས་ཅད་སྦྱངས་པ་བ་སྤུའི་བུ་ག་རྣམས་ནས་འོད་ཟེར་སྣ་ལྔ་བྲེང་བྲེང་འཕྲོ་བར་བསམ། ཡང་སྙིང་གའི་ལྷ་ལྔའི་ཕྱག་གི་


MR11_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་དང་། བུམ་པ་རྣམས་ནས་བདུད་རྩིའི་རྒྱུན་བྱུང་བས། སྙིང་དང་རང་ལུས་ཐམས་ཅད་གང་བར་གྱུར་ཏེ་ནད་ཐམས་ཅད་གཏན་དུ་ཞི་ཞིང་ནད་ཀྱིས་མི་ཚུགས་པར་བསམ་ལ་གཟུངས་བཟླ། ནད་རིམས་སོགས་ཡོད་ཚེ་སྔགས་མཆིལ་ལག་གཡོན་མཐིལ་དུ་བླུགས་ལ་གཡས་པའི་སྲིན་ལག་གིས་མཉེ་ཞིང་སྣ་གཡས་གཡོན་ཀུན་བྱེད་རྒྱལ་པོའི་རྩ་ལ་བྱུག གཞན་ནད་གར་ཡོད་དུའང་སྔགས་མཆིལ་བཏབ་པའམ་བྱུག་པར་བྱ། མཐར་དབྱངས་གསལ་དང་རྟེན་སྙིང་ཇི་འགྲུབ་བཟླ། དེས་ནད་མ་བྱུང་བ་སྲུང་། བྱུང་ཟིན་ཞི་བར་འགྱུར་བ་པད་འབྱུང་གི་གདམས་པ་གཏེར་མའི་མན་ངག་གོ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ཨོཾ་པི་ཤཱ་ཙི་པརྞྞ་ཤ་ཝ་རི། མཛེ་དང་དམུ་ཆུ་སོགས་གསོ་དཀའ། སརྦ་ཨུ་པ་དྲ་ཞིང་ནད་པ་སོགས་གཞན་ལ་ཕན་ཐོགས་པ་བྱ་ནཱ་ཤ་ནི་སྭཱ་ཧཱ། རི་ཁྲོད་ལོ་མ་ཅན་གྱི་རིག་པ་ཆེན་མོ་འདི་མ་བསྒྲུབས་སུ་ཟིན་ཀྱང་། རྐང་གཉིས་དང་རྐང་བཞི་པ་ཐམས་ཅད་ཀྱི་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །སྔ་དྲོ་ནད་པའི་མིང་དང་སྦྱར་ཏེ་སྔགས་བཟླས་ནས་ཕྱི་དྲོ་ཁ་ཤར་དུ་བལྟས་ཏེ། མེ་ཏོག་དཀར་པོ་སོགས་ཀྱི་སྦྱིན་སྲེག་གམ། བཟླས་པ་ཙམ་མམ། ཁྲུས་སམ། སྔགས་


MR11_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་དམ། སྔགས་ཆུ་འཐུང་བའམ། བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །གྲོ་གར་གུར་གུམ་གྱིས་སྔགས་འདི་བྲིས་པ་སྐེའམ་དཔུང་པར་བཏགས་ན་རྩོད་སྦྱོར་ལས་རྒྱལ་བ་ཐོབ་བོ། །རིམས་ཉིན་བཞི་པ་སོགས་མི་བཟད་པའི་རིམས་ཀུན་ལས་གྲོལ། སྲིན་པོ་སོགས་ཀྱི་འཇིགས་པ་སེལ། འཐབ་པ་དང་འཁྲུག་རྩོད་ལས་རྒྱལ།སྟག་དང་ཆུ་སྲིན་ལྟོ་འཕྱེ་ཆེན་པོ་དང་། རྐུན་པོ་སོགས་ཀྱིས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ་ཞེས་གསུངས། ལུང་གཞན་ལས། ཤ་བ་རི་ཡན་ཆད་གོང་བཞིན་ལ། སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཞེས་རིམས་ཞི་བའི་ཤམ་ཅན་དུ་གསུངས་ཏེ་རིམས་སོགས་ནད་ཀྱི་གཉེན་པོ་བླ་ན་མེད་པར་བསྔགས་སོ། །གཞན་རིམས་སྲུང་དང་ནད་བརྒྱ་སྔགས་གཅིག་ཟབ་མོ་རྣམས་ལོགས་སུ་ཡོད་དོ། །རླུང་གི་ནད་ལ། ཨོཾ་ཨཱཿཧཱུྃ་ཏྲཾ་ཝ་ར་ན་ཧཱུྃ་ཕཊ་སྭཱ་ཧཱ། འབྲུ་མར་ལ་སྔགས་ཏེ་མགོ་ལ་བྱུག་པས་རླུང་གི་ནད་མི་སྐྱེའོ་ཞེས་སྐུ་གསུང་ཐུགས་ལས་ཐམས་ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །རླུང་མལ་འཁྱིལ་ལ། ཁྱི་རྒྱ་བོ་མིག་བཞིའི་སྤུ། ཚྭ་བུལ་ཏོག་མེད་ལོ་ལོན་པ། མར་ལོ་ལོན་པ་དམར་པོ་གསུམ་ཤ་རིལ་ཙམ་བྱས་


MR11_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་བརྒྱ་རྩ་བརྒྱད་བཏབ། ཀ་ཀ་མའི་སྒོ་ཕྱེ། ཀུ་ཀུ་མའི་སྒོ་ཕྱེ། ཤོ་ངོ་མའི་སྒོ་ཕྱེ། ཞེས་བཟླས་རྫས་དེ་བཤང་ལམ་བཅུག་པས་རླུང་གྱེན་ལོག་གི་ནད་ལས་གྲོལ་ལོ། །ཡང་བཤད་མ་ཐག་པའི་རྫས་དེ་གསུམ་ལ། ཨ་ཀོ་མ་ཀོ་རྐུ་རྐུ་ཕྱེཿ ཞེས་བཟླས་བཤང་ལམ་བཅུག་པས་སྦོས་པ་སེལ། ཨུག་ཆོས་རྩ་བ་གྲིབ་བསྐམ་ཕྱེ་མར། པ་ཏ་ཏེ་བུ་ཡཿ ཞེས་བརྒྱ་བཟླས་ལྟོར་བཏང་ན་ཐུར་སེལ་གྱེན་ལོག་གི་ནད་དྲག་པོ་སེལ། ཡང་རླུང་སྐྱེས་པ་མནན་པའི་ལས། རུས་རྙིང་བུར་རྙིང་ཤ་ཆེན། ཛ་ཏི་ཤིང་ཀུན། ཁ་རུ་ཚ། རུག་ཡུག་ལོ་ལོན་དང་སྒོག་སྐྱ་སྦྱར་བའི་རིལ་བུ་རིལ་མ་ཙམ་བཏགས་པས་སོས་ཤིང་། སྔགས་ནི། ཨཱོཾ་ཨཱཿཧཱུྃ། ཏྲཾ་པ་ར་ན་ཧཱུྃ། ཡཾ་ཞི་བ་ཤནྟིངྐུ་རུ་ཡེ་སྭཱ་ཧཱཿ སྔགས་འདི་བརྒྱ་རྩ་བརྒྱད་ཀྱིས་རླུང་ཁ་ནོན། རང་ལུས་མར་ཁུས་གང་བར་བསམ་ལ་རླུང་བུམ་ཅན་བཟུང་ངོ་། །ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ན་མོ་ཧེ་ཏུ་ཧེ་ཀེ་ཧེ་ཀེ་སྭཱ་ཧཱ། འདིས་ནི་མིག་སེལ་གཡའ་བ་སོགས་མཁྲིས་པའི་ནད་ཐམས་ཅད་སེལ་ཏེ་བསིལ་ཡབ་ཆུས་བྲན་པར་ལན་དྲུག་ཅུ་རྩ་གཅིག་བསྔགས་ཏེ་ལུས་ལ་གཡབ་པར་བྱབ་ན་ཁོང་སྐེམ་ཀྵ་ཡའི་ནད་ཀྱང་ངེས་པར་སེལ་ཞེས་བཀའོ། །ཨོཾ་ཤཱནྟི་ཤཱནྟི་


MR11_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཏི་ཤཱནྟི་སརྦ་བི་ཏི་མུ་ལ་མྱགས་སྭཱ་ཧཱ། འདིས་བད་ཀན་གྱི་ནད་སེལ་ཏེ། ཟས་མ་ཞུ་བ་སྦོས་པ་སྐྲན་ནད། ཆུ་དང་ཁྲག་སྐྱུགས་པ། བད་ཀན་གྱི་ཟུག་གཟེར་སེལ་ལོ་ཞེས་བཀའ་མའོ། །ཏདྱ་ཐཱ། ཧུ་རེ་ཧུ་རེ་ཧུ་ཊ་ག་ཏ་ནི་སྭཱ་ཧཱ། ལག་པར་བཟླས་བརྗོད་བྱས་ནས་ལྟོ་བ་མཉེས་ན་མ་ཞུ་བའི་ནད་བྱང་བར་འགྱུར་ཞིང་ཟས་འཇུ་ཞེས་བཀའ་ལས་སོ། །ཀླུ་སུ་ཀྵུ་ཧ། འདིས་མ་ཞུ་བའི་ནད་མེད་པར་བྱེད་དོ་ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་སོ། །གསུས་པ་སྦོས་ཤིང་མ་ཞུ་བར། ཨོཾ་ཨཱཿཧཱུྃ་ཧུ་དེ་ཧུ་དེ་ཧུ་ཤ་ནི་སྭཱ་ཧཱ། ཧུ་ཤ་མ་ན་ཡ་འང་། ལག་མཐིལ་ཨ་དཀར་པོ་ལ་ནད་ཀུན་འདུས་པར་བསམ་ལག་པར་སྔགས་བཏབ་སྟེ་ལྟོ་བ་མཉེས་པས་གསུས་སྦོས་མ་ཞུ་བ་སེལ་ལོ་ཞེས་གཏེར་མའོ། །ཡང་། ཨོ་ཧུད་དེ་ཧུད་དེ་ནི་ཡེར་སྭཱ་ཧཱ།སྔགས་འདི་ལག་མཐིལ་ལ་བཏབ་སྟེ་ལག་པས་ལྟོ་བ་ཕུར་ན་ཕོ་བ་སྦོས་པ་ཞིའོ། །ཡང་། ཧུ་ཡ་ཧུ་དུ། ཞེས་བཟླས་རང་གི་ལག་མཐིལ་ལ་བཏབ་སྟེ་ཕོ་བར་མཉེས་པས་སྦོས་པ་སེལ།ཡང་། ཨོཾ་ཀྱི་ནན་སོང་། ནན་ཀྱི་སོང་། སྟོང་ཙམ་བཟླས་ཏེ་བཏབ་པས་སྦོས་པ་ཞི་བར་བྱེད་དོ། །ཨོཾ་ཨ་ར་དྷ་གྷུ་ཤན་སྭཱ་ཧཱ། མར་མཐེ་བོང་ཙམ་ལ་སྔགས་བརྒྱ་རེ་བཏབ་སྟེ་ཟོས་ན་ཕོ་ལོག་


MR11_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའོ། །ཡང་གྲང་དུག་ལ། ཚྭ་དམར་པོ་དང་ཆུ་བསྲེས་ཞུ་ནས་བསྐོལ་བས་ཚྭ་དཀར་ཞིབ་འོང་བ་དེ་ལ་སྔགས་འདི་ཅི་མང་བཏབ། ཨོཾ་ཐུཾ་ཐུཾ་ཤིག་ཤིག ནག་པོ་ཚལ་པ་རྦད། ནག་པོ་སོད། ནག་པོ་ཐུན་ཡཾ་སོད། ཅེས་བཏབ་འཐུང་ཤིན་ཏུ་ཟབ་བོ། །ཕོ་བར་ཟས་མི་འཕྲོད་པ་ལ་སྔགས་འདི་བཏབ་ནས་ཟོས་ན་འཕྲོད་པར་འགྱུར་རོ། །ཨོཾ་ཐུཾ་ཐུཾ་ཤིག་ཤིག་འབྱུང་པོ་ཕོ་མོ་ཐིམ་ལ་སོད་སྭཱ་ཧཱ། ཟབ་བོ། །སྐྲན་དང་བད་ཀན་ཁྲག་དང་མཁྲིས་པ་རླུང་དང་གཅོང་ལ་སོགས་པ་ཁོང་ནད་གང་ལ་ཡང་། ཅོང་ཞི་མུ་ཟི་ཨ་རུ་གསེར་མདོག །ལུག་གི་གློ་བ་སྐམ་པོ་དེ་རྣམས་བཏགས་ལ། ཨོཾ་བྷི་སྭཱ་ཧཱཿ ཞེས་སྔགས་བཏབ་རྫས་དེ་རྣམས་དང་ཚྭ་དུམ་རེ་བཅས་ཐང་དུ་བསྐོལ་ལ། ལྟོ་སྟོང་བཏང་བས་ཁོང་ནད་ཐམས་ཅད་འདིས་འཐོན་པར་འགྱུར་ཞེས་གཏེར་མའོ། །ལུས་ཀྱི་དྲོད་སྐྱེད་པར་རང་རྡོ་རྗེ་ཕག་མོ་དང་ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་བསྒོམ། རང་གི་ལྟེ་བ་ནས་མེ་འབར་བ་སྤུ་སོགས་ཀྱི་སྒོ་ནས་དམར་ཁྱུག་ཁྱུག་བྱེད་པར་བསམ་ལ། ཨོཾ་ཧ་རི་ནི་ས་བཛྲ་ཡོ་གི་ནཱི། རཾ་རཾ་འུར་འུར་འདུས་འདུས་སྭཱ་ཧཱ། ཞེས་བཟླས་པས་དྲོད་སྐྱེད་རླུང་བཟུང་ན་ལྷག་པར་བཟང་། གཏེར་མའོ། །


MR11_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བ་སོགས་གཟེར་ནད་ལ། ཞུང་ཞུང་ལྷན་ལྷན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བཟླས་ཏེ་བཏབ་པས་གྲོལ་ལོ། །ཕོ་བའི་ནད་ལ། མ་ཏྲི་ཐིམ་ཐིམ་དབལ་དབལ་སོད། ཅེས་པ་བཏབ་པས་ཕན་ནོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་མོ་ཁ་མུ་ཁི་ཏྲི་མུ་ཁི་ཏྲི་མུ་ཁི་ས་ཧ་སྲ་མུ་ཁི་ཏ་ཐཱ་ག་ཏ་མུ་ཁ་སྟྲི་ཧ་ན་ཙིནྡ་ཙིནྡ་བྷིནྡ་བྷིནྡ་སྭ་ཐཱ་ནཱཾ་གཙྪ་སླཱ་ཧེ་སྭཱ་ཧཱ། མ་ད་སེ་དང་།པ་རྟ་ཀ་དང་། ག་གོན་རིང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ། གཤེགས་ན་མཚེར་པའི་སྐྲན་ཞི་བར་འགྱུར་བ་ཐེ་ཚོམ་མེད་དོ། །སྐྲན་ཞི་བའི་གཟུངས་བཀའ་མའོ། །ལྷེན་སྐུན་འདོན་ན། ཨ་རུ་བ་རུ་རྒྱ་ཚྭ་པི་ལིང་ཚྭ་ལ་བོང་ང་དཀར་པོ་ཅོང་ཞི་མུ་ཟི་རྣམས་ཀོང་བུར་བསྲེགས་པའི་འཕྲུལ་ཐལ་ཀ་རས་རྟ་བྱས་ལ་བཏང་། རླུང་རོ་འདོན་ཞིང་འཇམ་རླུང་བཟུང་། དྲི་ཆུ་དྲོན་མོ་བཏུང་ཞིང་རྒྱུ་ཞབས་བསྐུམ། རྐང་གཉིས་བརྐྱང་བསྐུམ་བྱ་ཞིང་རྟིང་པ་ལྷེན་སྣར་གཏད་དེ། ལག་པ་གཉིས་ཀྱིས་རྐང་པ་བརྐྱངས་པའི་མཐེ་བོང་བཟུང་ལ་བསྐོར། ཨོཾ་ཨཱཿཧཱུྃ་ཡཾ་ཁཾ་རཾ་ལཾ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱཿ སྔགས་དེ་ཉིན་བརྒྱ་མཚན་བརྒྱ་བཟླས་ཤིང་བསྐོར་བས་སྐྲན་ཡུལ་ནས་འདོན་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་སྐྲན་གྱི་སྔགས་ནི་སྐྱབས་སེམས་བྱས་ལ་


MR11_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས། རང་རྟ་མགྲིན་དམར་པོ་གཡས་པདྨ་གཡོན་བསྡིག་མཛུབ། དབུའི་སྟེང་ན་རྟ་མགོ་ལྗང་ཀུ་ཡོད་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་དུ་གསལ་ལ། ཨོཾ་ར་ཀུང་མ་ཧཱ་པ་ར་ཀ་ན། གྷ་ཙེ་གྷུ་ཙེ། བྷི་མ་ན་སེ། བྷི་ཏ་ཀྲོ་ཏ་ཞི། གྷོ་གྷུ་ལིང་། ཨུ་ཙུསྨ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བརྒྱའམ་ལྔ་བཅུ་ཙམ་བཟླས་ནད་ཁ་བའམ་བ་མོ། སྔགས་མེའམ་ཉི་མར་བསམ། མཆིལ་མ་བཏབ་པས་ནད་ཀུན་ཞི་ནས་བཤང་ལམ་ནས་བུད་སོང་བར་བསམ། སྐྲན་ཞི་བྱེད་འདི་ཕལ་ཆེར་རྟགས་ཐོན་མའོ་ཞེས་ས་སྐྱའི་རྗེ་བཙུན་གྲགས་པས་བསྡུས་པའི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་བྱ་བ་ལས་སོ། །སྔགས་འདི་སྔ་འགྱུར་གྱི་རྒྱུད་དང་མན་ངག་འགར་བྱུང་། སྔགས་འདྲ་མིན་ཅུང་ཟད་རེ་སྣང་ངོ་། །ཡང་ལྷེན་སྐྲན་འདོན་ཐབས་ལ། སྔོ་འོད་ལྡན་དང་ཚྭ་སྣ་ཚོགས་ཚང་ཙི་ཏྲ་ཀ་རྣམས་སྦྱར་ཏེ་བཏགས་པ་ཆང་སྐོལ་བཅས་ལ་སྔགས་སྟོང་བཏབ་ནས་ལྟོ་སྟོངས་བཏུང་ཞིང་འཁྲུལ་འཁོར་བྱ། ཨོཾ་ཨཱཿཧཱུྃ། ཏིར་ལོང་མུན་ཤེལ་ཕཊ་སྭཱ་ཧཱཿ དེས་ལྷེན་སྐྲན་འཐོན་པར་ཐེ་ཚོམ་མེད་ཅེས་འོད་ལྡན་རྒྱུད་ལས་སོ། །སྐྲན་གྱི་སྐྲང་པ་འབུར་ན། རང་བྱ་ཁྱུང་ཁྲ་བོའམ་དམར་པོ་བསྒོམ། ཨོཾ་དེ་རུ་ནན། ཀེ་རུ་ནན། འབྲུག་ཐོག་ནན། དེས་སད་ནན།


MR11_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་རྡོ་རྗེ་ཁ་ལ་ཕྲམ། གནམ་ལྕགས་རྡོ་རྗེ་ངུ་ལ་ཕྲམ། ཨོཾ་ཕལ་ཁྱིམ་སྭཱ་ཧཱ། སྔགས་འདི་མང་དུ་བཟླས་ན་ནུས་པ་ཆེ། སྔགས་འདིས་རྡོ་རྗེའི་བྲག་འགས། ཉི་ཟླའི་འོད་ཀྱང་འཕྲོག །བོད་དུ་འགྱུར་བའི་སྐྲན་སྔགས་ལ་འདི་བས་ཟབ་པ་མེད་ཅེས་འདུག །ཡང་སྐྲན་སྔགས་ལ། ན་མ་ཏ་པ་ཤ་ཏཿ ན་མ་ཤ་ཏ་པ་ཤཿ མང་བཟླས་ཚྭ་ལ་བཏབ་ཟོས་ཤིན་ཏུ་ཕན། ཁྲག་འདྲིལ་བ་ལ། ཚྭ་བཟང་ཕུལ་གང་ལ་ལན་བཅུ་གཅིག་བཟླས། དེ་ནས་སླང་ངའི་ནང་དུ་སེར་ཧྲོབ་ཙམ་བརྔོས། དེ་ལ་གསེར་མདོག་དང་། ཁ་ཆེ་རུ་རྟ་ཞིབ་བཏགས་བསྲེས། སྔགས་མང་བཏབ་ཆུ་བསྐོལ་ལམ། ཆང་གི་སིང་པོས་ཕུལ་ལ་བཏང་བས་བཤིགས་པར་འགྱུར་རོ། །སྐྲན་གྱི་རྗེས་གཅོད་སྔགས་ནི་རང་རྗེ་བཙུན་མ་སོགས་སུ་བསྒོམ། སྔགས་ཀྱི་མེ་ཡིས་སྐྲན་གྱི་མར་ཞུ་བར་བསམ། ཨོཾ་ཞི་ཞི་ཀུ་རུ་རྦད། མྱོགས་མུག་ཚལ་པ་རྦད། ཧུར་ཐུམ་སྲོག་ལ་རྦད། སྙིང་ཁྲག་ཚལ་པ་རྦད། གཏུབས་ཚལ་པ་རྦད། ཤིན་ཏུ་གཏུབས་གཏུབས་ཚལ་པར་རྦད། ཅེས་བཟླས་པས་ནད་རྒྱུན་འཆད་ཅིང་མི་འཕར་བར་བྱེད་དེ། སྔགས་འདི་སྐྲན་དུ་མ་ཟད་ལྷོག་སྐྲང་གཉན་སྲིན་དུག་འགོས་རིམས་སོགས་ནད་ཐམས་ཅད་ལ་ཕན་པ་ཨ་ཙ་


MR11_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རའི་རྦད་དྲུག་ཅེས་བྱ་སྟེ། ཅུང་ཟད་འདྲ་མིན་དང་ཕན་ཡོན་རྣམ་པ་དུ་མར་བཤད་པ་ཟབ་མོའོ། །ཁྲོ་ཆུ་གདིང་སྐོལ་སྔགས། ཨོཾ་ལྕགས་ཀྱི་མེ་ངར་སོདཿ སྔགས་འདི་སྟོང་ཕྲག་ཙམ་སྨྲ་བཅད་བཟླས། མནའ་དང་ཤ་ཆང་གསུམ་སྤང་། ཁྲོ་ལྕགས་མེ་འབར་ལ་རྟིང་པ་གླན་ལ་གྲང་སྐྲན་སོགས་ནད་སྟེང་བཞག་པས་ཚིག་ཅིང་ཞིའོ། །ལྕགས་བལྡག་སྔགས། བསྭོ་ཁྲོ་ཆུ་ཟི་ར་ཆུས་ཐིམ། སུམ་བརྒྱ་སྔགས་ལ་ལྕགས་སྲེག་ལྕེས་བལྡགས་པས་ལྕེ་མི་འཚིག་ཅིང་དེ་ཡི་སྔགས་ཆུར་བཏབ་པས་རྨ་གཉན་སྐྲང་བ་ཐབ་སོགས་ཐུབ། དུག་སྐྲན་ནད་ཀྱི་ཐོག་ཏུ་སྟོང་བསྐོར་བྱ། ཐབ་ལེན་ལྕགས་བལྡག་སྔགས། པྲ་ཏི་མེ་དབལ་སོདཿ སྟོང་ཙམ་བཟླས་ཏེ་སྦུད་ལྕགས་ལ་སྔགས་བཏབ་བསྲེགས་ནས་བལྡགས་པའི་ཁ་ཡི་སྔགས་ཆུ་བཏབ་བོ། །ཡང་ཟེར་མ་ལྕགས་བལྡག་སྔགས། ཧྲག་ཐུཾ་མེའི་དབལ་སོདཿ དང་པོར་ཁྲི་གསུམ་དང་སྟོང་གཉིས་བཟླས། དེ་ནས་ལྕགས་སྲེག་ལ་ཕུ་བྱས་ནས་ལྕེས་བལྡག །རྨ་གཉན་གང་ལའང་ཕན་པ་ལག་བླང་མའོ། །བླ་མ་དགོངས་འདུས་ཆ་ལག་སྔགས་ཀྱི་སྐོར་ལས་ཟེར་མ་ལྕགས་བལྡག་ལ། ནད་པ་གང་ཡིན་མདུན་དུ་བཞག །ཐབ་ཁུང་བྱང་དུ་ཁ་གྱུ་ལ། རྒྱ་ཟོར་བརྔ་ཟོར་གྲི་


MR11_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སོགས་གང་འཛོམས་སྦུད་པས་མེ་དྲག་ཏུ་བུས་པར་དམར་ལྷང་བསྲེག་ལ། དེ་ཉིད་གནམ་ལྕགས་ཁྲོ་ཆུ་མེ་ཡི་སྡོང་པོར་བསམ། སྔགས་འདི་བརྒྱ་སྟོང་གང་འགྲུབ། ལྔ་གསུམ་གང་སྐབས་ལ་བཟླ། སྔགས་ནི། ཨ་པ་སྒྲ་ཅོང་མེ་སོད་སོད། སྒྲ་ཅོང་དབལ་སོད། མེ་གྲི་དམར་པོ་སོད། ཛྭ་ལ་རཾ་སོད། འདྲེ་གྲིབ་ནག་པོ་སོད། མེ་ཤི་སོད། ཆུ་ཤི་སོད། གྲིབ་གཟིར་ཐམས་ཅད་མཱ་ར་ཡ་རྦད་སོད། ཅེས་པ་བསྔགས་ཤིང་ལྕགས་དམར་པོ་ལྕེས་བལྡག་བཞིན་ལན་དགུ་རུ་ནད་པ་ལ་སྔགས་མཆིལ་དང་ཕུས་གདབ་བོ། །འདིས་ཐབ་གཉན་སྐྲན་དང་གྲིབ་གཟེར་ཐམས་ཅད་ཐུབ། གཞན་ཡང་ཕོ་ལྷོག་དང་དུག་རིགས་ཐམས་ཅད་ལ་ཐེང་བས་ཆོག ཡང་ཁྲོ་ཆུ་གདིང་བསྐོལ་གྱི་སྔགས་འདི་རང་གི་རྐང་གཡས་རྟིང་པ་ལེགས་པར་བཀྲུས་ལ་བཏབ། ཨོཾ་ཨཱཿཁྲོཾ་ཡ་ཁྲོཾ་དུ་ཁྲོཾ་སྭད༔ ཨ་ཤི་མེ་ཤི་ན་ད་ཤི་སྭད༔ མང་དུ་བཏབ་ནས་རྟིང་པ་ལྕགས་གོང་མེ་འབར་ལ་གླན་ཏེ་གང་སྐྲངས་སར་གླན་པས་ཐུབ།སྲུང་སྐུད་སྔགས་བཏབ་ལྕགས་སྲེག་མིག་ནས་དྲང་བས་ཚད་ཤེས་སོ། །ཡང་འཁོར་ལོ་ལྕགས་བལྡག་སྔགས། ཨོཾ་དཀར་བྲམ་ཟེ། དམར་བྲམ་ཟེ། མེ་བྲམ་ཟེ། དེ་ལ་ཧོ་བྲམ་ཟེ། ཁྲོ་ཆུ་


MR11_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་རྦད། བྲཾ་ཟེ་སོད་སྭཱ་ཧཱཿ མཆིལ་མ་བཏབ་པ་ཙམ་གྱིས་ཆོག་གོ་ཟབ། ཡང་ལྕགས་སྔགས། ཨོཾ་ཡ་ཛ་དཀར་པོ་སོདཿ ལཾ་ལཾ་འབར་བ་སོདཿ མེ་དབལ་སོདཿ ལྕགས་དབལ་སོདཿཚ་ཚ་སྐར་ལྟར་འཁྲུག་པ་སོདཿ བརྒྱ་རྩ་བརྒྱད་ཀྱིས་ཆོག་གོ། ཡང་གཅིག །བར་ནན་བུར་ནན་སོད་སོདཿ སྟོང་བཟླས་ཆུར་བཏབ་ལག་པ་བཀྲུས་པས་ཆོག །འདི་བས་ཟབ་པ་མེད་དོ། །ཡང་ལྕགས་སྔགས་ནི། རང་ཨ་ཙ་ར་སྐུ་མདོག་དམར་པོ། གདོང་པ་ཉག་པ། སྣ་ཆེ་བ། ཨག་ཚོམ་བྲང་གི་རྒྱ་མདོར་སླེབས་པ་བསྒོམ། སྐར་ཆུ་ལ་འོ་ཐིགས་བརྒྱབ་པར། སྟོང་ཚོ་གཅིག་བསྔགས་ནས། སྔགས་ཆུས་ཕྱི་རྟིང་བཀྲུ་ཡག་བྱས་པ་ལ། ཨོཾ་ཞི་སོད། སྔོན་མོ་ལྕགས་ཀྱི་ངར་ཞི། དམར་མོ་མེ་ཡི་དབལ་ཞིཿ ཡང་གཅིག །ཨོཾ་ཞི་སོད་ནན་ནན་ཧཱུྃ་ཕཊཿ འདི་གཉིས་སྦྲེལ་ཏེ་བཟླ། ནད་དམིགས་སུ་དར་དམར་ཁ་གང་བཀབ། མེད་ཀྱང་རུང་། ཁྲོའམ་སཏྭ་རེ་འཇོར་རྨོས་ལྕགས་སོགས་དམར་ལྷང་བསྲེགས་པར་ཕྱི་རྟིང་གླན་ལ། ཕྱི་རྟིང་དེ་གང་ན་སར་གླན་པས་ནད་གདོན་ཐམས་ཅད་མེ་ཡི་འཁོར་ལོས་བསྲེག་པར་བསམ། དེས་གྲིབ་རིགས་གྲང་བ་ཅན་གྱི་རིགས་དང་འབྲས། ཕོ་སྐྲན། མིད་འཆུས། ཕོ་ཐོག་རིགས།


MR11_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་འགྱེལ། འགྲམ། ཆུ་སེར། རྩ་དཀར། སྲིན་སོགས་གྲང་བའི་རིགས་སུ་གཏོགས་པའི་ནད་ཡོད་དོ་ཅོག་ལ་ཕན་པ་མྱོང་གྲུབ་བོ། །ཕྱི་རྟིང་མི་འཚིག་གང་གླན་པ་ཚོས་པ་ཁྲོ་ཆུ་གདིང་སྐོལ་སྔགས་ཟབ་མོ་འདིས་ལུས་ལ་ལྕགས་སྲེག་དྲུད་དགོས་པ་དང་། ཁ་ཡོ་ནས་ཚུར་འཐེན་དགོས་པ་ལ། ཁ་ཡོ་ངོས་ཐུང་ཤོས་ཕྱོགས་ལ་སྔགས་ཆུ་བྱུག་ནས་ཟོར་བ་བསྲེག་པས་དྲུད་དམ། གོང་བཞིན་ཕྱི་རྟིང་གླན་པས་ཕར་ཡོ་ངོས་ནས་ཚུར་མ་ཡོ་ཕྱོགས་ལ་དེང་ཚུལ་བྱ། ཚིག་ཀྱང་ཤུལ་མི་མངོན་ཕན་པར་འགྱུར་རོ། །ཟེར་མ་ལྕགས་ལྡག་ཀྱང་འདིས་བྱའོ། །ཡང་ན་རང་རྡོ་རྗེ་ཕག་མོ་ལས་མེ་འབར་བས་ནད་གདོན་ཀུན་བསྲེག་པར་བསམས་ལ་སྔགས་འདི་བཟླ། ཨོཾ་མེ་ཏྲི་ཐིམ་ཐིམ་དབལ་དབལ་སོདཿ ཅེས་བཟླ་ལག་ལེན་སྔ་མ་ལྟར་བྱ་རྟིང་པས་མནན། དྲག་ན་ཚིག་ཆེས་ཆུང་ན་ནད་མི་ཆོམས་པས་ཚོད་ཟིན་པར་བྱ། སྔགས་འདི་བཏབ་ན་མེས་ཚིག་པ་ལའང་ཕན་ནོ། །ལྕགས་སྔགས་མང་ཡང་འདི་ཙམ་གྱིས་ཆོག་གོ། ས་ཆུ་མ་འཕྲོད་པ་སོགས་ཆུ་ནད་ལ་ཟས་སྐོམ་སོགས་ས་ལ་སྔགས་འདི་ཅི་མང་བཏབ། ཨོཾ་བུར་བུར་ཐོར་ཐོར་ཆུར་ཆུར་ཤིག་ཤིག་སྭཱ་ཧཱ། རབ་སྨན་


MR11_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ངམ། མ་རྙེད་ཆང་བཟང་གར་མ་ཕོར་དོ་ཙམ་ནང་འབྲི་མར་ཆེ་ཙམ་དང་། སྦྲུལ་དཀར་པོའི་ཤ་ཞིབ་བཏགས་ཐུར་མགོ་རེ་ཙམ་བཏབ་པ་མེ་ལ་བསྐོལ་ནས་ལན་ལྔ་ཙམ་བཏང་ན་ཤིན་ཏུ་ཕན་པ་མྱོང་གྲུབ་བོ། །སྔར་ཆུ་ནད་མེད་པ་རྣམས་ཀྱིས་ཇ་ཆང་སོགས་བཏུང་བ་གང་རུང་ལ། ཉིན་བཞིན་སྔགས་འདི་ཅི་རིགས་བཟླས་ཏེ་འཐུང་ན་ཆུ་ནད་གཏན་ནས་མི་འོང་། ཉིན་རེ་ཚར་ལྔ་རེ་ཙམ་བཏང་ན་ཤ་ཤིན་ཏུ་སྐེམ་ཞིང་ཆུ་ཁ་སྙི་བར་འགྱུར་བས། དེས་ན་དཔྱིད་ཀྱི་དུས་དང་ཆུ་ཤིན་ཏུ་མོད་པའི་གནས་སུ་ཉིན་རེ་ཐེངས་གསུམ་ཙམ་རེ་བྱེད། སྟོན་ཀའམ་ཆུ་ལེགས་པའི་གནས་སུ་ཉིན་རེ་ལན་རེ་ཙམ་བྱས་པས་ཆོག སྔར་ཆུ་ནད་བྱུང་ཟིན་ཡིན་ན་སྐྱུ་རུ་རའི་ཐང་ལ་བཏབ་སྟེ་བཏང་། ཚ་ཆུ་གྲང་ཆུར་བསྒྱུར་ན་སྐྱུ་རུ་ར་དང་ལྕམ་པ་ཅུ་གང་རྣམས་ཀྱི་ཐང་ལ་སྔགས་བཏབ་ནས་བཏང་བས་ཆུ་ནད་ལས་གྲོལ་བར་འགྱུར་རོ། །སྔགས་འདི་མྱོང་བ་ཐོན་པ་ཞིག་ཡིན་ཞེས་གསུངས་སོ། །ཡང་ལུགས་གཅིག་སྐྱུ་རུ་རའི་ཚིག་ཐང་ལ། ཨོཾ་བྷི་ཤ་ཙེ་བྷི་ཤ་ཙེ། མ་ཧཱ་བྷི་ཤ་ཙེ་ས་མུན་ག་ཙི་སྭཱ་ཧཱ། སྔགས་འདི་བཏབ་སྟེ་འཐུང་། སྔགས་ལག་པར་བཏབ་སྟེ་གང་ན་སར་གླན་ན་ཆུ་མ་འཕྲོད་པ་སེལ་ཞིང་། ཚ་ཆུ་ཡང་གྲང་ཆུར་འགྱུར་ཞིང་ཞི་བར་བྱེད་དོ། །


MR11_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ། ཕོ་གླང་སྐྲན་དམུ་ཆུ་སོགས་གྲང་ནད་རིགས་ལ། གང་ན་སར་ལག་མཐིལ་མེ་རི་འཁོར་ལོར་བསམ་ལ་མཉེ་སྔགས་ནི། ཨོཾ་ཨཱཿཧཱུྃ། ཨ་སུན་ཏེ་ཏྲི།དུ་ན་ཀ་ར། བི་ས་ར་བི་ས་ར་ཙ་བྱི་རཾ། ཀྵེ་ད་མི་རི་སྭཱ་ཧཱཿ རྒྱུད་དང་གཏེར་མའི་སྔགས་ཟབ་བོ། །ཡང་དམུ་ཆུ་ག་སོ་ན་སྔགས་འདི་སྨན་ལ་བཏབ། ཨོཾ་ཀོ་ཏ་ཕུ། མུ་ལེ་ཕུ། ཨ་ཏེ་ཕུ། སྭ་ར་སུ་ཏ་བྷྲཱུྃ་སྭཱ་ཧཱཿ ཞེས་མང་དུ་བཟླས་ལ་བཏབ་ནས་བསྟེན་ན་ལྷག་པར་ཕན་ཏེ་མྱུར་དུ་སོས་པར་འགྱུར་རོ། །ཨོཾ་ན་ག་ཛུ་ན་སུ་བ་སུ་བ་སྭཱ་ཧཱ། སྔགས་འདི་བཟླས་ན་གྲང་སྐྲན་མ་ཞུ་སོགས་ཚ་བ་མེད་པའི་ཕོ་ནད་ཀུན་དང་ཁྱད་པར་གདོན་ལ་ཕན་ནོ། །ཕོ་ལོག་གི་ནད་ལ་སྔགས་འདི་བཏབ། ཨོཾ་ཕོ་ཉལ་མོ་ཉལ་སུ་ར་ན་ཡེ་སྭཱ་ཧཱ། མཐེབ་ཆེན་གཉིས་ཀྱི་ཡན་ལག་གི་རྩ་བ་མནན་ལ། ཕྱག་སོར་བཅངས་ལ་ཕོ་ཁར་བསྣུར་རོ། །སྨན་རྒྱུད་ཆ་ལག་སྔགས་འབུམ་ལས་སོ། །ཨོཾ་པི་ཀ་ཙི་ཀ་ས་མ་ཡ། སྲོག་ཚིག་སྲོག་ཚིག་ནན་རྦདཿ དུ་ཡ་དུ་ཡ་ཤིག་ཤིག་སྭཱ་ཧཱཿ སྔགས་འདི་ཚྭ་རྡོག་ལྷད་མེད་བརྔོས་པ་ལ་བཏབ་ནས་ཆུ་སྐོལ་གྱིས་ཕུལ་ཏེ་བཏང་ན། ཕོ་ནད་མ་ཞུ་དུག་ཐབས་གྲོལ་མ་རྣམས་འཇོམས་པར་འགྱུར་རོ། །ཡང་གཅིག ཨོཾ་ཨོཾ་ཁོང་། ཨོཾ་ཨོཾ་ཁོང་།


MR11_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤི་ན་ཤི། ཙར་རླག་ཙར་རླག ཧི་དྷི་ཧི་དྷ་སྭཱ་ཧཱ། དྲི་ཆུ་དང་དུད་པ་ལ་སྔགས་བཏབ་བཏང་། སྲིན་ནད་ལ་བསེ་སྦུར། གླང་ཐབས་ཀྱི་ནད་རོ་ལ། བྱིང་བྱིང་ཐུ་ལུ་བསྔགས་ལ་བཏང་ཞེས་སྨན་རྒྱུད་སྔགས་འབུམ་ལས་སོ། །སྐྱ་རྦབ་འོར་སོགས་སྔགས་འཛུད། ཡང་སྦོས་པ་ཞི་བྱེད། ཤིང་ཀུན་སྒ་དང་ཕོ་རིས་ཁ་རུ་ཚྭ་རྣམས་ཆུ་སྐོལ་དབུལ། ཨོཾ་ཨཱཿཧཱུྃ་རཾ་ཡཾ། ཤནྟིངྐུ་རུ་ཡེ་སྭཱ་ཧཱཿ ཅེས་ཅི་ནུས་བཟླས་ཤིང་རླུང་བཟུང་ལ་སྐྲན་སྐབས་ལྟར་ལུས་བསྐོར་བས་སེལ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །གྲང་བའི་དམུ་ཆུ་འདོན་པའི་ཐབས། སེ་འབྲུ་སུག་སྨེལ་པི་ལིང་ཤིང་ཚ་ཙི་ཏྲ་ཀ་འགྲོན་བུ་དུར་ཐོད་ཤ་རུའི་ཐལ་བ་རྣམས་དྲི་ཆུས་ཕུལ་ལ་བཏང་། ཨོཾ་ཨཱཿཧཱུྃ། རཾ་ཡཾ་ཁཾ་ལཾ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱཿ སྔགས་འདི་བཟླས་ཤིང་གོང་ལྟར་བསྐོར་བས་སེལ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །བད་ཀན་སྨུག་པོ་སོགས་ཀྱིས་བྲང་ཚ་བར། སེ་འབྲུ་སུག་སྨེལ་པི་ལིང་ཅོང་ཞི་མ་ནུ་སྐྱུ་རུ་ར་གུ་གུམ་ཀ་ར་སྦྱར་ལ་བསྔགས། ཨོཾ་ཨཱཿཧཱུྃ།ཤི་བ་སརྦ་པ་ཏི་ཤནྟིངྐུ་རུ་ཡེ་སྭཱ་ཧཱཿ ཆུ་གྲང་བརྡེག་ཆང་འཐུང་ལ་སྐྱུག་ཏུ་གཞུག །དེས་ཕན་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཚད་པའི་སྔགས་ནི། ཨོཾ་སུ་སུ་རིཿ དུ་དུ་


MR11_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རིཿ མ་མོ་ཐུན་མ་མོ་ཐུནཿ པྲ་མོ་ཐུན་ཕྲ་མོ་ཐུནཿ བྲུམ་ཤལ་དབལ་སོདཿ ཅེས་པ་སྔགས་ཆུ་ལ་བཏབ་ནས་བཏང་བས་ཕན། ཤིན་ཏུ་ཟབ་པ་གཏེར་མའོ། །རྒྱ་བལ་གྱི་ཚད་པ་སྲུང་བར། སྤེར་སྤེར་རཾ་སྒྲང་སོདཿ སྔགས་ཆུ་ལ་བཏབ་སྟེ་འཐུང་ཞིང་ལུས་ལ་གཏོར་བར་བྱས་ན་ཐུབ། ཡང་རོང་ཚད་སྲུང་བའི་གདམས་པ་ཐུན་མོང་མིན་པ་ནི། ཤིང་གང་ཡང་རུང་བའི་འདབ་མ་ལ་སྔགས་འདི་བྲི། ཨོཾ་ཤལ་དྷི་ཤལ་དྷི་བྷི་ཤལ་དྷི་སྭཱ་ཧཱ། ཚད་དུག་སེལ་བའི་སྔགས་ཚད་པ་ཀུན་ལ་ཕན་པའོ། །ཡང་ཚད་ནད་གསོ་བྱེད་ལ།གཉིད་ཆང་དྲོད་རྣམས་མ་བསྲུངས་ཀྱང་མི་གནོད་པའི་མན་ངག ཕུར་མོང་ལོ་མས་གཉིད་ལོག་ཆོག །དེ་བཞིན་རྟ་ཀོ་མང་གིས་ཆང་འཐུང་། སྒོག་སྐྱས་དྲོད་ཀྱིས་མི་གནོད། དེ་རྣམས་དང་ལྕུམ་རྩ་བཅས་ནས་སྲན་ཙམ་ནུས་པ་སྲེག་བྱས་པ་ཀ་ར་ཆང་ལ་རྟ་བྱས་སྔགས་འདི་བརྒྱ་བཏབ་བཏང་། བརྟག་ཀོ་མང་ཟེར་དཔྱད། ཨོཾ་ཨཱཿཧཱུྃ། ཨེ་ཡཾ་ཁཾ་ལཾ་ཧཾཿ ཧ་རི་ནི་ས་ཤཱནྟི་ངྐུ་རུ་སྭཱ་ཧཱཿ དེས་ཚད་པ་གསར་རྙིང་གང་ཡང་སོས་པར་བྱེད་ཅེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་ཚད་ནད་ཆང་གིས་བཅོས་པའི་སྔགས་ནི། ཨ་པ་ཏ་ཤ་ན་ཧིཿ ཆང་ཞིམ་སླ་སིང་


MR11_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་བུ་རམ་བྲོ་ཙམ་བཏབ། དཀར་ཡོལ་དུ་བླུགས་པ་ནས་ཞག་གཅིག་བསྙལ་སྔགས་དེ་ཇི་མང་བཏབ་ནས་ཁོང་དུ་བཏང་སྟེ་གོས་དྲོན་མོས་བྱི བས་ནས་ཉལ་བས་གཉིད་བདེ་བར་བྱུང་ན་ཚད་པ་ངེས་པར་ཐོན་འགྲོ། གཉིད་མ་ཁུག་ན་སླར་བསྐྱལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཧྲཿ སུ་བི་སྨ་རེ་སྭཱ་ཧཱ། ཀེ་ཏ་ཀའི་འདབ་མ་གཤག་པ་ལ་བྲིས་ཏེ་འཆང་ན། ཚ་བ་ཐམས་ཅད་མེད་པར་བྱེད་དོ་ཞེས་གཏུམ་པོ་དཔའ་གཅིག་གི་རྒྱུད་ལས་སོ། །ཡང་ཚད་པའི་ནད་ལ་སྔགས་འདི་ཆུ་གྲང་ལ་བཏབ་སྟེ་འཐུང་། ཨོཾ་ཨཱཿཧཱུྃ། ཨ་ཧ་ར་ཧ་ར་ནནཿ ས་ར་ས་ར་ནནཿ བ་ར་བ་ར་ཤིག་ནནཿ སྔགས་འདིས་གློ་ནད་རིམས་འཁྲུགས་དུག་སོགས་ཚད་རིགས་ཀུན་ལ་ཕན། རྒྱུད་དང་གཏེར་གྱི་གདམས་ངག་ཟབ་མོའོ། །བྲང་ཚ་བར། ཨོཾ་ཨཱཿཧཱུྃ། ཤི་ཏ་པ་ཏྲ་པ་ཏྲི་སྭཱ་ཧཱཿ ལན་ཚྭར་སྔགས་བཏབ་འཐུངས་བས་སོས་ཞེས་རྒྱུད་དང་གཏེར་མ་ལས་སོ། །ཡང་ན། སཱིས། སཱིས། ཧ་ཧ་བཾ་སྭཱ་ཧཱཿ ཞེས་བཟླའོ། །ཡང་གློ་སྙིང་དང་བྲང་ཚ་ཞིང་ན་བར།ཨོཾ་ཨཱཿཧཱུྃ་བི་ཙི་བི་ཧ་ར་བཾ་སྭཱ་ཧཱཿ ཤིང་གི་ལོ་མར་བཏབ་སྟེ་བྲང་ལ་གླན་པས་ཙན་དན་སྦང་བ་ལྟར་བསིལ་བར་འགྱུར་རོ། །ཞེས་རྒྱུད་དང་གཏེར་མ་ལས་སོ། །གློ་ཚད་ལ། ཨོཾ་རུ་ར་ན་ས་


MR11_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ན་ས་ར་ནན་སྭཱ་ཧཱ། ཆུ་གྲང་ལ་བཟླས་ཏེ་འཐུངས་བས་ཞི་བར་བྱེད་དོ། །ཡང་། ཧཱཿ ཞེས་པའི་ཡི་གེ་འབྲུ་གཅིག་པོ་འདི་ཅི་མང་དུ་བཟླས་ཏེ་ཚད་རླུང་ཕྱིར་འདོན་པའི་དམིགས་པ་བྱས་པས་ཚད་པ་སེལ་ལོ་ཞེས་གཏེར་མའི་མན་ངག་ཟབ་བོ། །དེར་མ་ཟད་སྙིང་རླུང་སོགས་ནད་ཀུན་ཧ་འདོན་གྱིས་ལྷག་མེད་སེལ་ཏེ་མན་ངག་གཞན་ན་གསལ་ལོ། །ཡང་ཚད་པ་སོགས་གཟེར་ཐུང་གི་སྔགས་ནི། ཏདྱ་ཐཱ། ཨོཾ་ཁྲོཾ་པ་རི་སྭཱ་ཧཱཿ གི་ཝཾ་གི་ཆུ་ལ་སྔགས་བཏབ་པས་ཐོ་རངས་སྐར་མ་མ་གྱེས་གོང་ལུས་ལ་བྱུག་ན་ཐུབ་ངེས་ཞེས་གཏེར་མའོ།།ཡང་གཅིག ཨོཾ་བྷི་ཛ་ཝང་ཝང་གརྫ་ཏིང་ཏིང་སྭཱ་ཧཱཿ མང་དུ་བཟླས་ཏེ་ཆུ་རྡོ་གནམ་མ་མཐོང་བར་སྔགས་བཏབ་གཟེར་གར་ཡོད་སྟེང་དུ་མནན་པས། འདྲེ་གཟེར། གཟེར་ཐུང་།གཟེར་རྒོད་གང་ཡིན་ཀྱང་ངེས་པར་གྲོལ་བར་འགྱུར། སྔགས་ཆུ་འཐུང་དུ་གཞུག་ཅེས་གསུངས། ཕྱོགས་སུ་འགོ་བའི་རིམས་ནད་དྲག་པོ་བྱུང་ན་ཟློག་པའི་མན་ངག་འདི་བླ་མ་ཀཿཐོག་པ་དམ་པ་བདེ་གཤེགས་ཉིད་ལ། དཔལ་ལྡན་ལྷ་མོས་དངོས་སུ་ཕུལ་བ་ནི། བདག་ཉིད་སྐད་ཅིག་གིས་ཧེ་མཐིང་ནག་ཡོངས་སུ་གྱུར་པ་ལས། དཔལ་ལྡན་ལྷ་མོ་ནག་མོ་ཟློག་


MR11_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ཤེས་རབ་རལ་གྲི་ནམ་མཁར་ཕྱར་བས་ནད་ཡམས་ཐམས་ཅད་བཟློག་པ། གཡོན་ནེའུ་ལེའི་རྐྱལ་པ་འཛིན་པ། ཤངས་བུག་གཉིས་སུ་ཧེ་ལྗང་ཀུ་གཉིས་ཀྱིས་མཚན་པ། དེའི་གཡས་སུ་མ་མོ་སེང་གེའི་མགོ་ཅན། གཡོན་དུ་སྟག་གི་མགོ་ཅན། དེའི་ཕྱི་རོལ་ཏུ་ནད་གཏོང་མ་སོགས་མ་མོ་མཁའ་འགྲོ་སྟོང་གིས་བསྐོར་བ་ཐམས་ཅད་ཀྱི་ཞལ་ནས་ཧ་ལ་ཧི་ལིའི་སྒྲ་སྒྲོགས་ཤིང་ནད་ཡམས་ཐམས་ཅད་ཕྱིར་བཟློག་པར་བསམས་ལ་སྔགས་འདི་བཟླ། ཨོཾ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཧེ་ལེ་ཧེ་ལེ་ཧཱུྃ་ཕཊ།ཧི་ལི་ཧི་ལི་ཧཱུྃ་ཕཊ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨ་ནུ་མ་ཏི་ལོ་ཙ་ནི་སྭཱ་ཧཱ། མ་མོའི་གཟེར་རིམས་ལ་སྭཱ་ཧཱ། གསང་ཏི་ལ་སྭཱ་ཧཱ། བདུན་དྲུག་ལ་སྭཱ་ཧཱ། གཟེར་ཐུང་ལ་སྭཱ་ཧཱ། ལོང་བ་ལ་སྭཱ་ཧཱ།འབྲུམ་པ་ལ་སྭཱ་ཧཱ། འགོ་བའི་ནད་ཡམས་ནད་རིམས་ཐམས་ཅད་ལ་སྭཱ་ཧཱ། ཕྲལ་དུ་ནད་རིམས་གང་དང་གང་བྱུང་བ་དེའི་ཁ་བསྒྱུར་ཏེ། དཔེར་ན། རྒྱུ་གཟེར་བྱུང་ན། དམར་བཤལ་ལ་སྭཱ་ཧཱ། ཞེས་དང་། ཕྱི་ནད་གཉན་ཆེན་ལ། འཕྱི་ནད་ནག་པོ་རྒྱུག་འགྱེལ་ལ་སྭཱ་ཧཱ། ཞེས་འབྲུམ་པ་དང་། འགོ་བའི་ཡམས་ནད་ཀྱི་བར་དུ་བཅུག་པ་བཞིན་ནད་གང་


MR11_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དེའི་མིང་ལ་སྭཱ་ཧཱ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་བྱས་པས་འགོ་བའི་ནད་རིམས་ཐམས་ཅད་བཟློག་པར་འགྱུར། ནད་རིམས་ཚབས་ཆེ་ཡོད་པར་རང་གི་དྲི་ཆུ་ཁྱོར་བ་གཡོན་པར་བླུག་ལ་སྔགས་བརྒྱ་སོགས་ཀྱིས་བསྔགས་པ་ཁོང་དུ་བཏང་སྒོ་དགུར་བྱུག་པས་ཐེ་ཚོམ་མེད་དོ། །འདི་ནི་རིམས་བཟློག་ཡིན་ལ་རིམས་སྲུང་གི་རྫས་དང་སྲུང་བ་བྲི་ཚུལ་སོགས་གཞན་ལས་ཤེས་པར་བྱའོ། །གཞན་ཡང་རིམས་ནད་དྲག་པོ་ཡོད་དུས་ནམ་གྲུ་མའི་ཆོ་འབྲང་དང་སྔགས་འུར་འདོན་དང་། མ་མོའི་གཏོར་འབུལ་ཁྲག་མདོས།ཞི་བསང་། སྟོང་ཆེན་རབ་འཇོམས་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པ་སོགས་ཀྱི་མདོ་བཀླག །རིམས་ཞི་བའི་གཟུངས་རྣམས་ཀྱི་དར་ལྕོགས་ཕྱར། རིམས་སྲུང་སྔགས་ཟབ་ཟུར་བཀོལ་རྣམས་བཟླས་པས་རིམས་ནད་མེ་ལྟར་འབར་ཀྱང་ཡང་མེད་དོ། །ཡང་རིམས་དང་གྲིབ་དང་མི་གཙང་བ་སྲུང་ཞིང་ཞི་བར་འདོད་ན། རང་ཉིད་རྟ་མགྲིན་ལྕགས་རལ་ཅན་དུ་བསྒོམ་ནས་ཚན་སྤོས་ཀྱི་ཆུ་ལ་སྔགས་འདི་བཏབ། ཨོཾ་ར་ཁུམ་མ་ཧཱ་པ་ར་ན། གྷ་ཙེ་གྱུང་ཙེ་བི་མ་ན་སེ་བྷི་ཏ་ཀྲོ་ཏ། ཨོཾ་ཤིག་གྷ་ན་ལིང་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཨོཾ་བཛྲ་རི་ལི་ཕུ་ད་ར་ཤ་


MR11_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ར་བ་ཤ་ཡ་མ་དུ། པྲ་མ་ལི་ཁ་ཡོལ་ལ་ཧཱུད། ན་མ་ཡེ་སྭཱ་ཧཱཿ ཆུ་དེ་ལྟོ་རུ་བཏང་ཞིང་ཁྲུས་བྱས་པས་གྲིབ་རྩོག་ཀུན་ཐུབ་པར་ཐེ་ཚོམ་མེད་ཟབ་བོ། །གུ་རུ་རཏྣ་གླིང་པའི་གཏེར་མ་ལགས་སོ།།སྔགས་འདི་ནི་གྲིབ་དང་མི་གཙང་བ་གཙོར་གྱུར་ནད་གདོན་དྲག་པོ་གང་ལ་ཡང་ཟབ་པར་མངོན་ནོ། །རིམས་སྲུང་སྔགས་རྒོད་རིགས་ཕལ་ཆེར་ལོགས་སུ་ཡོད། རིམས་སྲུང་ལ། ཡུང་བ་འཇམ་དཔལ། ཤུ་དག་སྤྱན་རས་གཟིགས། བོང་ང་ཕྱག་རྡོར་དུ་བསྐྱེད་ལ་སོ་སོའི་རང་སྔགས་བརྒྱ་རེ་བགྲང་བསྐྱེད་བསྟིམ་ཡང་ཡང་བྱ། དེ་ནས་སྔགས་འདི་སྟོང་ཕྲག་གསུམ་མི་ཚིག་གིས་བར་མ་ཆོད་པར་བཟླ། ཨོཾ་ཐིཾ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱཿ སྔགས་ཚར་ནས་རིགས་གསུམ་རྫས་ལ་བསྟིམས་ནས་མེ་དཔུང་ཆེན་པོར་གྱུར་པས་ནད་གདོན་ཐམས་ཅད་བསྲེགས་པར་བསམ། སྔགས་བྲིས་པ་དང་བཅས་རྟེན་སྙིང་བརྒྱ་ཡིས་རབ་གནས་བྱ། མི་ལག་མི་བརྒྱུད་རས་ཐུམ་གོང་བར་བཏགས། ཟླ་བ་གསུམ་རེའི་མཚམས་ནས་རྫས་དང་སྔགས་ཀྱིས་གསོ།ཉིན་རེ་བཞིན་སྔགས་བག་ཙམ་རེ་བགྲངས་ན་འགོས་ནད་ཀུན་ཐུབ། ནད་ངན་གྱི་རོ་ཁུར་བ་སོགས་ཀྱི་སྐབས། རང་གི་དྲི་ཆུ་ཁྱོར་གང་ལ་སྔགས་བཏབ་ཧབ་འཐུངས་བྱས་ལ་སྣ་བུག་གཡོན་དུ་


MR11_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཕུས་བཏབ། གག་ལྷོག་བལ་ནད་རྒྱུ་གཟེར་འབྲུམ་བུ་སོགས་ནད་ངན་བརྒྱ་ཡི་ཁྲོད་ཉལ་ཀྱང་ཐེ་ཚོམ་ཡང་མི་དགོས་སོ། །ཞེས་རཏ་གླིང་ཕུར་པའི་ལས་ཚོགས་སོ། །ཡང་འགོ་ནད་ཀུན་ཐུབ་སྲུང་བའི་རྒྱལ་པོ་ནི། ནང་པར་རང་ཉིད་ལྕགས་ཀྱི་བྱ་ཁྱུང་མཐིང་ནག་གནམ་ལྕགས་རྡོ་རྗེའི་མཆུ་སྡེར་ཅན། ས་བདག་གདོན་གྱི་སྙིང་རྩ་རྒྱུད་ནས་འདྲེན་པ། མེའི་གཤོག་པ་རྡེབ་ཅིང་ནད་ཀུན་བསྲེག་པ་ལྕགས་ཀྱི་ཕག་རྒོད་ལ་ཞོན་པ་ཕག་དེ་ཡང་ངར་ངར་ངུར་ངུར་ཁ་ནས་མེ་འབར་ཞིང་ནད་གདོན་ཀུན་ཧབ་ཧབ་ཟ་བ། དེའི་སྣ་ལ་ཡང་ཁྱུང་ལྡིང་བར་བསྒོམས་ལ། ཨོཾ་ཐིམ་ཐར་ཧི་སོགས་གོང་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། སྣ་བུག་གཡས་གཡོན་དུ་ཕུས་བཏབ་བོ། །ནད་ཀྱིས་འཇིགས་ཤིང་ནད་པའི་རོ་ལ་འཇུ་བ་སོགས་ཀྱི་ཚེ་རང་གི་དྲི་ཆུ་བར་པ་ལག་མཐིལ་དུ་བླུགས་ལ་སྔགས་བཟླས་པའི་ཕུས་བཏབ་སྟེ་བཏུང་། ནད་ངན་བརྒྱ་ཡི་ཁྲོད་ཉལ་ཀྱང་། ཐེ་ཚོམ་མེད་དོ་ཕྱི་རབས་རྣམས།ཞེས་རཏ་གཏེར་རོ། །ཡང་གག་ལྷོག་གཟེར་གསུམ། རིམས་དང་འབྲུམ་ནད་སྲུང་བར། ཨཱོཾ་གུག་ཏི་གུག་ནནཿ རང་ནད་རང་ལ་དུ་དུ་ཤིག་ཤིགཿ ནང་ཞོགས་མི་ཚིག་མ་འདྲེས་གོང་


MR11_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བརྒྱད་བཟླས་ཏེ་དྲི་ཆུ་ཁྱོར་གང་ལ་བཏབ་པ་འཐུང་ན། ནད་ཤིའི་རོ་ཁུར་སོགས་བྱས་ཀྱང་མི་འགོ་ཐེ་ཚོམ་མེད་ཅེས་རཏ་གཏེར་སོགས་ལས་སོ། །ཡང་ཨ་ཙ་རའི་རིམས་སྲུང་སྔགས། ཁ་ལ་ངུ་ཏྲི་སོད། འགོ་བའི་ནད་ལ་ཡིད་ཐུམ་སྭཱ་ཧཱཿ ནག་པོ་དུ་ཏྲི་དམར་ནག་བཟློགཿ གོང་བསྙེན་ཁྲི་གཅིག་བྱ། དེ་ནས་འགོས་ནད་ཡོད་དུས་ནང་སྔ་ཞོགས་པ་དུ་བ་སྣར་མ་ཕོག་གོང་སྔགས་སྟོང་ལས་མི་ཉུང་བར་བཟླས་ལ་རང་གི་སྣ་བུག་གཡོན་དུ་ཕུས་བཏབ། དྲི་ཆུ་བར་མར་བསྔགས་པ་འཐུང་ཞིང་བུ་ག་དགུར་བྱུག་པས་སྲུང་། གཞན་ལ་སྔགས་ཆུས་བྱ། ཤིན་ཏུ་རྣོ་ཟབ་ལོ་རྒྱུས་ཅན་ནོ། །ཡང་རིམས་སྲུང་ལ། ག་བུར་གླ་རྩི་ཁྱི་ལུད་སྒོག་སྐྱ་རྣམས་རས་སུ་བཏུམ། ཨཱོཾ་གྷོ་ལ་བྷེ་ལ་ཡ་ར་ག་ཏུ་ས་མ་ཡ་ཧཱུྃ་ཕཊཿ ཅེས་བཟླས་རྫས་ལ་བཏབ་པ་ཐོང་རྩར་བཏགས་ནས་སྐབས་སུ་དེའི་དྲི་སྣས་རྔུབས་པས་ཐུབ་པ་རཏ་གླིང་གཏེར་མ་ཟབ་བོ། །ཡང་རིམས་སྲུང་སྔགས། ཨོཾ་རུ་རུ་བཻ་རོ་ཙ་ན་ཡེ་སྭཱ་ཧཱ། དྲི་ཆུ་ལ་ཉེར་གཅིག་བཟླས་ཏེ་འཐུང་ཞིང་དཔྲལ་བར་ཐིག་ལེ་བྱས་པས་ཐུབ་བོ། །ཨོཾ་གྷོ་ལ་བྷེ་ལ་ཡེ་སྭཱ་ཧཱ། བཟླས་པས་རིམས་སྲུང་བ་ཨུ་མ་དེ་བཱིའི་ཚིག་བརྒྱུད་བཀའ་རྒྱ་ཅན་ནོ། །རང་དྲང་སྲོང་ལྷ་ཆེན་སྨུག་ནག སྐུ་ལ་དར་


MR11_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གི་ན་བཟའ་གོང་ཁ་གསེར་ལས་བྱས་པ་གསོལ་བ། ཤེལ་གྱི་མཁར་བ་ཐོགས་ཤིང་ཤུ་དག་བསྣམས་པར་བསྒོམ་ལ་ནང་རེ་ཉེར་གཅིག་རེ་བཟླས་མང་པོ་བགྲང་མི་དགོས་སོ། །ཡང་ནད་བརྒྱ་སྔགས་གཅིག་རིམས་སྲུང་དམ་པ་ནི། ནག་ཤི་རི་རྦདཿ ཅེས་སོ། །ཡང་མཁའ་འགྲོས་འགོ་ནད་བཟློག་པ་ལ་རང་ཕག་མོར་བསྒོམ། ཤུ་དག་ནག་པོ། ཡུང་བ།བཙན་དུག གུ་གུལ་ནག་པོ་བཞི་སྦྱར་སྔགས་འདི་བཟླས། ཧ་རི་ནི་ས་ར་ཙ་ཧྲི་ཡཿ བྷར་ཞི་ར་ཞི་ནནཿ པྲ་མོ་ནནཿཞོ་ནནཿ ངཾ་བྷྱོཿ ཡཀྨོ་བྷྱོཿ སྙིང་གཟེར་བྷྱོཿ འབྲས་གཟེར་བྷྱོཿ འབྲུམ་གཟེར་བྷྱོཿ རྒྱུ་གཟེར་བྷྱོཿ ལྷོག་གཟེར་བྷྱོཿ རིམས་གཟེར་བྷྱོཿ སོད་སོད་འདྲེ་མཱ་ར་ཡཿ འདྲེ་ཁ་ཐཾ༔ ཆེ་གེ་མོ་ལ་སྲུངས་ཤིག་སྲུངས་ཤིགཿ རིམས་ནད་ཆར་ལྟར་བབ་ཀྱང་ཐུབ་བོ་ཞེས་ཁྲོས་ནག་ལས་ཚོགས་སོ། །ཡང་ནད་ངན་སྲུང་བར། ཨོཾ་ལི་ཏྲི་ཡཀྴ་ཧཱུྃ། དྲི་ཆུ་བར་པ་ལ་བཏབ་ནས་ལྟོ་སྟོང་འཐུང་། དཔྲལ་བར་ཐིག་ལེ་བྱས་པས་ཐུབ་ཅེས་གཏེར་མའོ། །ཨོཾ་སུ་བྷི་ར་ཏ་ན་ཡེ་སྭཱ་ཧཱ། རང་ཉིད་འབྱུང་བ་ལྔ་འདུས་ཀྱི་སྡིགས་པར་བསྒོམ་ལ་བཟླས་ན་སྟེང་རིམས་སྲུང་ཞིང་གཟའ་གདོན་སོགས་སྲུང་བའི་སྔགས་དམ་པའོ། །ཡང་། ཨོཾ་ཨཱཿཧཱུྃ་ཁ་ར་ཁ་ར་


MR11_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ར་ཧ་ར་སྭཱ་ཧཱཿ སྔགས་འདི་བཟླས་ལ་སྣར་ཕུ་བྱས་པས་རིམས་ནད་མ་བྱུང་བ་སྲུང་ཞིང་བྱུང་ཟིན་ན་ཡང་གསོ་ཞེས་རྒྱུད་ལས་སོ། །འདི་ལ་རཏ་གཏེར་དུ། ཨོཾ་ཁ་ར་ཁ་ར། ཧ་ས་ཧ་ས། ཧ་རི་སྭཱ་ཧཱ། ཞེས་ཞོགས་སྔར་བཟླས་སྣ་གཡས་ཕུ་བྱས་ཆམ་པ་ཁོག་ཅེས་སྔགས་འདྲ་མིན་གསུངས་སོ། །ཨཱ་དམར་པོ་ཁྲག་ཁྲིག་སོདཿ འདི་ལན་རེའམ་བརྒྱ་རེ་མ་ཆག་ན་རིམས་ནད་ཐུབ་ཅེས་གཏེར་མའོ། །ཡང་། པ་ཏྲི་རྒྱུ་ལམ། ཞེས་མང་བཟླས་སྣ་ནང་ཕུས་བཏབ་ཆམ་པ་ཞིའོ། །ཨོཾ་ཨ་ལོ་དཀར་པོ་ཤེས་ཧཱུྃ་ཕཊཿ འདིས་སྣ་ཆམ་སྲུང་བ་དང་། བྱུང་ཟིན་ལ་ཡང་མང་དུ་བཟླས་པས་ཕན་ཞེས་གཏེར་མ་ཟབ། ཡང་གཅིག །ཨོཾ་ཨ་བ་ལོ་ཀི་ནི་དཀར་པོ་ཤེས་ཧཱུྃ་ཧཱུྃ་ཕཊཿ རིམས་ནད་སར་འགྲོ་ན་འདི་མང་དུ་བཟླས་པས་འགོས་ནད་ཐམས་ཅད་ཐུབ་ཅེས་གསུངས། ནད་རིམས་སྲུང་བ། གླ་རྩི་ཤུ་དག་གུ་གུལ་ནག་པོ། ཐོག་རུས་མི་རུས་ཤིང་ཀུན་ཛ་ཏི་སླེ་ཏྲེས་ཨ་རུ་ར་སྒོག་སྐྱ་ཤི་སྐྲ་སྦ་མ་ནག་པོ་ཉུངས་ཀར་ག་བུར་དྲི་ཆེན་བཟང་སྨན་རྣམས་རྩི་བཞིན་བཏགས་ལ་མགུལ་དུ་བཏགས་པ་དང་ཁོང་དུ་བཏང་། དྲི་ཆུ་བར་པ་ཁྱོར་གང་ལ་སྔགས་འདི་བརྒྱ་བཟླས་ཏེ་བཏུང་། ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱཿ སྨན་རྣམས་ལ་ཡང་བཏབ། དེས་ནད་


MR11_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་མ་ལུས་སྲུང་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །འབྲུམ་བུ་སྲུང་ན་ཐོག་མར་དཀར་གཏོར་དམར་གཏོར་ཕྱོགས་སུ་བཏང་ལ། བོང་ང་ནག་པོ་ཤུ་དག་སྦལ་ནག་གུ་གུལ་སྦུར་བ་ནག་པོ་སྲན་མ་ནག་པོ་དྲུག་དང་སྔགས་བྲིས་པ་བཅས་དཔུང་གཡོན་བཏགས། ཨོཾ་ཨཱཿཧཱུྃ་སིདྡྷི་ཝ་ར་མུ་ཏྲ་མུ་ར་ཁཿ ཞེས་ལན་གྲངས་ཉེར་གཅིག་བརྗོད།ཨོཾ་ཨཱཿཧཱུྃ། བེ་ཏྲེ་བེ་ཏྲེ་མ་བྷེ་ཏྲེ་མ་བྷེ་ཏྲེཿ མ་བྷི་ཤ་མ་བྷི་ཤ མ་འཛི་ར་ཧཱུྃ་ཕཊ་སྭཱ་ཧཱཿ གསང་སྔགས་བརྒྱ་རྩ་བརྒྱད་བརྗོད་ནས། གི་ཝཾ་གུར་གུམ་གླ་རྩིས་རས་སམ་གྲོ་གར་བྲིས་པ་དཔུང་པ་གཡོན་པའི་དཀྱིལ་དུ་བཏགས། བཟའ་མི་ཁྱིམ་གང་སྲུང་འདོད་ན་ཐེམ་པ་གཡས་པའི་སྤྱི་བོའི་སྟེང་དུ་བཏགས་པས་རིམས་དང་འབྲུམ་བུ་ཐུབ་ཅེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་འབྲུམ་སྲུང་ལ། ཤུ་དག་དཀར་པོ་དང་གུ་གུལ་ནག་པོ་གཉིས་ཆང་དང་སྦྱར་བར། ཧ་རི་ནི་ས་ཧཱུྃ་ཨོཾ་ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་པ་སྟོང་བཟླས་བཏབ་པ་ཐོ་རངས་མི་སྐད་ཁྱི་སྐད་མ་ཐོས་པར་བཏང་བས་ཐུབ། གློ་ཆམ་སྲུང་ན་གུ་གུལ་དཀར་པོ་ཆུ་དང་སྦྱར་བར་སྔགས་དེ་བཏབ་ནས་མི་ཁྱིའི་སྐད་མ་ཐོས་པར་བཏང་བས་ཐུབ་པ་རཏ་གཏེར་རོ། །རྒྱུ་རིམས་སྲུང་


MR11_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁ་བྱང་བལྟའི་སྤྲུ་བ་ནག་པོ་ལ་སྔགས་འདི་སྟོང་བཟླས་ཐོ་རངས་བཏང་། ཨོཾ་ཨཱཿཧཱུྃ་ཛེ་ཏེ་ཛ་བ་རེ་ནད་ངན་རྒྱུ་གཟེར་ལ་སྭཱ་ཧཱཿ ཞེས་སོ། །དེས་རྒྱུ་གཟེར་སྲུང་ངེས་སོ། །ཡང་རིམས་དང་རྒྱུ་གཟེར་སྲུང་ན། ཙན་དན་དཀར་པོ་ཨ་རུ་ར། གླ་རྩི་སྤང་སྤོས་རྣམས་བཏགས་པར་ག་བུར་དྲི་ཐོན་བསྲེག་ལ་སྔགས་འདི་བརྒྱ་སྟོང་བཏབ། ཨོཾ་ཨཱཿཧཱུྃ་ཕཊཿ ནཱ་ག་ནཱ་ག །ས་ནི་ས་མ་ཡེ་ཧཱུྃ་ཕཊ་སྭཱ་ཧཱཿ རྫས་ལ་བཏབ་སྟེ་དར་གྱིས་བཏུམ་ལ་སྐེར་བཏགས། ཡི་གེ་དུབ་ཅེས་པ་བྲིས་ཏེ་བཏགས་པས་ཐུབ་པར་ཐེ་ཚོམ་མེད། དྲི་ཆུ་བར་པར་བཟླས་ཏེ་འཐུངས་ཀྱང་ཐུབ་ཅེས་རད་གཏེར་རོ། །སྐར་ཆུ་དག་ལ་སྔགས་འདི། ཨཱོཾ་ཨཱཿཧཱུྃ་ནིར་སེང་ཡེར་རྦད་སྭཱ་ཧཱཿ སྟོང་བཟླས་ཏེ་བཏུང་ན་ཚ་འཁྲུ་གྲང་འཁྲུ་ཆོད་ཅེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །གཞན་ཡང་སྔགས་འདིས་འགོས་ནད་ཀུན་སྲུང་བ་སོགས་ནད་བརྒྱ་སྔགས་གཅིག་ཁྱད་པར་ཅན་ཡིན་ནོ། །གློ་ཆམ་སྲུང་བར། ཨོཾ་ཨ་ལོ་ཤན་བཛྲ་པ་བུར་སྭཱ་ཧཱཿ བྱུང་དོགས་ལ་བཟླས་པས་ཐུབ།བྱུང་ཟིན་ལ་ཟས་ལ་བཏབ་ན་ཕན་ནོ། །ཡང་ཆམ་པ་སྲུང་བ་དང་བྱུང་ཟིན་གསོ་སྔགས། ཨོཾ་ཨོཾ་ར་མ་རུ་ཏྲི་ཕཊཿ ཟབ་སྟེ་གཏེར་མའོ། །ཆམ་པ་བྱུང་བ་ཕྱིར་འབུད་པའི་སྔགས་རྒྱལ་འབྲུ་


MR11_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི། སུ་ཏྲི་ཧུ་ལེཿ ནང་པར་བརྒྱ་བཟླས་ལ་སྣ་ནང་ཕུས་བཏབ་པས་ཆམ་པ་མ་བྱུང་བ་སྲུང་ཞིང་བྱུང་ཟིན་པ་འབུད་པའི་མཆོག་གོ། རིམས་ནད་ཀྱི་སྔགས་ནི། ཨོཾ་སརྦ་ཛྭ་ལ་ཐ་རཾ་མེ་ཧཱུྃ་སྭཱ་ཧཱཿ མང་དུ་བཟླས་པས་ཕན་ཞེས་གཏེར་མའོ། །ཡང་ན་རིམས་ཆམ་ཀྱི་སྔགས། ཨོཾ་ཆམ་པ་ནད་ཀྱི་བུ་རམ་པ་ཏ་ལ་གོང་ར་མ་རུ་ཏྲི་སྭཱ་ཧཱཿ ཞོགས་པར་བརྒྱ་བཟླས་པས་སྲུང་ཞིང་ཆམ་པ་བྱུང་བ་ལ་སྔགས་ཆུ་བྱིན་པས་སོས་སོ། །མིག་གི་རིམས་ཀྱི་སྔགས་ནི། ཨོཾ་ལི་ལི་ཧཱུྃ་ཕཊཿ སྔགས་བཟླས་ཕུས་བཏབ་ཕན་ངེས་གཏེར་མའོ། །འབྲུམ་བུ་སྲུང་བ། ཨོཾ་ཕྲེཾ་བི་ཤྭ་མཱ་ཏ་བཛྲ་ཀཎྚ་ཀན་ན་ཤ་ཡ་ན་ཤ་ཡ་འཆང་བ་ལ་འབྲུམ་པའི་ནད་ཐམས་ཅད་ཤནྟིངྐུ་རུ་ཡེ་སྭཱ་ཧཱ། རྫས་ཡུང་བ་སེར་པོ་བྱུག །དཀྲིས་སེར་པོ་བྱས་ཏེ་བཏགས་པས་ཐུབ། དུས་འཁོར་སྣ་ཚོགས་ཡུམ་གྱི་ལས་སོ། །ཨོཾ་ཏྲ་ཏིག་ཏིགཿ ཏ་ཐཱ་གྷ་ཏ་བྷག་ཤིགཿ ཏདྱ་ཐཱཿ ཙ་ལེ་ཙ་ལེ་དྲུང་ཧཱུྃ་ཕཊཿ མང་དུ་བཟླས་ཏེ་སྲན་མ་ལ་བཏབ་ནས་སྲན་རྡོག་བདུན་རེ་མགུལ་དུ་བཏགས་ན་ལོ་གཅིག་གི་བར་དུ་འབྲུམ་པའི་ནད་ལས་སྲུང་ངོ་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །ཡང་གཅིག་གུ་གུལ་དང་སྣག་ཚ་བསྲེས་པས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་


MR11_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྭཱ་ཧཱཿ ཨོཾ་ཧཱུྃ་ཛ་ར་ཐ་ར་བ་རུ་ཡེ་སྭཱ་ཧཱཿ ཞེས་པའི་སྔགས་འདི་དབུ་ཅན་ཚག་མེད་འཕྲེང་གཅིག་བྱས་ལ་བྲི། རང་སྔགས་དང་རྟེན་སྙིང་བརྒྱ་རྩ་བཟླས་པའི་ཕུས་བཏབ་པས་རབ་གནས་བྱས་ནས་ས་ལ་མི་བཞག་མི་ལག་མི་འགྲིམ་པར་གང་གི་མགུལ་དུ་བཏགས་པ་དེ་ལ་འབྲུམ་པ་སྲུང་བར་ཐེ་ཚོམ་མེད་དོ། །ལུང་ཐོབ། གཏེར་མའོ། །དེ་བཞིན་འབྲུམ་སྲུང་མང་པོ་གཞན་ན་གསལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་བྷ་ག་ཝཱ ན་མཉྫུ་ཤྲཱི་ཀུ་མཱ་ར། སརྦ་ཏ་ཐཱ་ག་ཏ། བ་ལ་བི་དྷི་ཛྙཱ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ནཱ་གི་སྟེ་ཏིཥྛ་སརྦ་སཏྭ་ནཱཾ་སྭཱ་ཧཱ། འབྲུམ་བུའི་ནད་ཞི་བའི་གཟུངས་བཀའ་ལས་སོ། །ཡང་འབྲུམ་བུའི་སྔགས། ཨོཾ་སྐྲག་ཐུཾ་དབལ་སོདཿ ཨ་བྷ་སྐྲག་ཆོམ་སོདཿ ཆུ་ལ་བཏབ་སྟེ་བཏུང་ཞེས་གཏེར་མའོ། །ཆུ་མང་ན་ཆུས་གནོད་པས་སྨན་ལ་བཏབ་སྟེ་འཐུང་ཞེས་བླ་མ་དག་གསུངས། མིག་ཏུ་འབྲུམ་པ་བྱུང་ན། ཨོཾ་ན་ག་ཤ་རི་རྦདཿ ག་ཏོ་ཤ་རི་རྦདཿ ཐུག་ནན་ཤ་རི་རྦདཿ བལ་འདབ་ལ་སྔགས་ནས་མིག་ལ་གླན་མ་གྲོལ་བར་དུ་བཞག གཞན་ཡང་སྔགས་འདི་བློ་ལ་ཡོད་པས་ཁྱིས་མི་ཕེད་པ་སོགས་ལས་མང་པོ་བྱེད་དོ། །འབྲུམ་བུས་གྲེ་བ་འགགས་ན་སྨན་འཐུང་རྒྱུ་ལ། ཨ་པ་ཏི་


MR11_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ན་ཧེ། སྟོང་བཟླས་འཐུང་ན་སེལ་ལོ། །འདིས་མིད་པའི་འབྲུམ་པ་ཀུན་ལའང་ཕན་ནོ། །འབྲུམ་པ་ཁོང་ཤེར་ཕྱི་རུ་དྲང་བ་དང་། ནད་པའི་གཉིད་སྲུང་ཐབས་ཀྱི་སྔགས་ཚིག་བརྒྱུད་ནི། ཨོཾ་བིག་བིག་ཏོག་ས་རེ་ཡེ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་དམ་ཁོང་ཤོར་ལ་སུམ་བརྒྱ་བཏབ་པས་སེལ་ཏེ་པདྨ་རྒྱལ་པོས་གདམས་པའོ། །རྒྱུ་གཟེར་གྱི་སྔགས་ནི་ཐོ་རངས་སྐར་མ་མ་ཡལ་གོང་གི་ཆུ་བླངས་ལ་བསྔགས། དེ་ཡང་བཤལ་བཅད་མ་རན་ན་སྐྱོགས་ཁ་མཐུར་བསྟན་གྱིས་བཅུས་བཅད་རན་ནས་བཅད་འདོད་ན་སྐྱོགས་ཁ་གྱེན་བསྟན་གྱིས་བཅུས་ལ་སྔགས་ནི། ཨོཾ་ཨཱཿཧཱུྃ། ས་ཆོད་ཆུ་ཆོད་མེ་ཆོད་རླུང་ཆོད་ཧ་རི་ནི་ས་རྒྱུ་གཟེར་བདག་མོ་ཆོད་སྭཱ་ཧཱཿ ཞེས་བཟླས་བཏབ་བླུད་ཕན་ངེས་གཏེར་མ་ཟབ། ས་སྐྱའི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་པ་ལས། གཉན་ནད་སྲུང་བ་ལ། གསེར་བུད་མེད་ཀྱིས་མ་རེག་པ། ཤུ་དག་གླ་རྩི་གུ་གུལ་སྒོག་སྐྱ་རྣམས་ཕུར་མར་བྱས་ལ། སྔགས་བཏབ་ནས་གང་སྲུང་བའི་མགུལ་དུ་བཏགས། བསྒོམ་བཟླས་ཀྱིས་སྲུང་བ་ནི། སྐྱབས་སེམས་བྱས་ལ། སྟོང་པའི་ངང་ལས་ཨ་ལས་ཕག་པ་དཀར་པོའི་ཁྲི་ཡི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ། ཨཱཿལས་


MR11_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྐུ་མདོག་དཀར་པོ་རལ་གྲི་དང་པུས་ཏི་འཛིན་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར། ཨ་ལས་ཟླ་བ་ཨས་མཚན་པ་དེ་ལས་འོད་འཕྲོས། ཕག་པ་དཔག་ཏུ་མེད་པར་གྱུར་པ་དེ་དག་གིས་ནད་དང་གདོན་ཐམས་ཅད་ཟོས་ནས་མཚུལ་བ་ཕྱིར་བརྟན་པའི་ར་བ་ཆེན་པོ་གཅིག་བསྒོམ་ལ། སྔགས་འདི་བཟླ། ཨོཾ་ནནྟི་ཀརྨ་བྷིས་དུར་ཕག་ཚ་ནན། ཕུ་པ་སརྦ་ཀརྨ་རྒུ། ཀརྨཱ་ཟླ་ཕུར་མ་མ་ཡུ་བ་ཡུ་བེ་གེ་ཕཊཿ ཞག་རེ་ལ་བརྒྱ་རྩ་སོགས་ཅི་རིགས་བཟླའོ། །དེས་གཉན་ནད་ཀུན་ཐུབ་བོ། །ཞེས་གསུངས་སོ། །འཕྱི་ནད་གཉན་ཆེན་ལྷོག་པ་རྒྱུག་འགྱེལ་ལ། ནག་པོ་རྦེད་སོད་རྦད་བཞི་མ་ལ། མགོར་ཨོཾ་དང་མཇུག་ཏུ་རཀྵ་རཀྵ་སྭཱ་ཧཱ། ཞེས་མཚལ་གྱིས་བྲིས་པ་ལག་པ་ལ་བཏགས་པས་སྲུང་། སྨན་ཁྱུང་ལྔ་ནག་པོ་དགུ་སྦྱོར་དང་གཉན་ཚད་སྨན་བཏང་། སྔགས་ནི་རང་ཉིད་ཁྱུང་ནག་མེ་འབར་དུ་བསྒོམ་ལ། ཨོཾ་དམར་ཁྱུང་དུ་ཆུད་འདྲ་བྲ་མ་སོད་སྭཱ་ཧཱཿ ནག་པོ་དུན་བྷྱོ་རྦད་རྦདཿ ཨོཾ་ནཱ་ག་ལ་ཤྲི་རྦད་སོདཿ ཁ་ཐམ་ཤྲི་རྦད་སོདཿ ཐུན་ནན་ཤྲི་རྦད་སོདཿ པདྨ་ག་ཡེ་སྭཱ་ཧཱཿ སྨན་ཆེན་ནས་འབྲས་ཙམ་ལ་བརྒྱ་རྩ་བརྒྱད་བཏབ་སྟེ་ནང་མོ་ལྟོ་སྟོངས་ལ་ཟོས་ན་འཕྱི་ནད་ལྷོག་རྒོད་ཐུབ་པར་ཐེ་ཚོམ་མེད་ཅེས་གུ་རུ་པདྨའི་མན་ངག་གཏེར་མའོ། །


MR11_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་མང་བཟླས་ཏེ་བཏབ་པའི་སྨན་དང་སྔགས་ཆུས་ཐུབ་པར་ངེས་སོ་ཟབ་བོ། །གཉན་རྣ་རྩ་ཕུས་འདེབས་ཞེས་པ་རྣ་བུག་གི་འགྲམ་གློ་བུར་སྐྲངས་ནས་ཟུག་གཟེར་ཆེ་བ་ལ། བཙན་དུག་སྲན་མ་ཙམ་ཞིབ་བཏགས་ཆུར་སྦྱར་ལ། ན་མ་ཏ་པ་ཤ་ཕཊཿ སྟོང་བཟླས་ཐིག་པ་རྣ་བར་བླུགས་པས་སེལ་ཞེས་གཏེར་མའོ། །གཉན་ལྟག་དགྱེད་ལ། བལ་དྲི་མེད་འདབ་པ་དང་། དྲི་ཆུ་བར་མར་སྔགས་བརྒྱ་ཚར་བཟླས་ཏེ་སྐྲངས་ཀྱི་སྟེང་དུ་བཀབ། སྔགས་ནི། ཏི་ཏི་མ་ར་འདུས། ནན་དུ་བསྐྱལ་ལོ། །གཏེར་མའོ། །གཉན་ཉྭ་ལོག་སོགས་འཛུད། ལྷོག་སྲུང་ལ།ཨོཾ་སི་ལི་ཤིག་ཨོཾ་སི་ལི་ཤིགཿ ལི་ཤི་དང་འོམ་བུའི་ཤིང་། གི་སྙིང་པོ། སྦལ་པའི་མགོའང་། ཤ་གསུམ་བཏག་པ་ཆུ་གཙང་ལ་སྦྱར་ནས་སྔགས་འདི་ཇི་མང་བཏབ་སྟེ་ཆུ་སྦྱར་ནས་འཐུང་ན་མི་ཕྱུགས་གང་ལ་ཡང་གག་ལྷོག་སྲུང་ཞིང་གསོ་བའི་གདམས་པ་ཟབ་མོའོ། །འདི་ལ་ཆོས་རྒྱལ་གླིང་པའི་གཏེར་མར། ཨོཾ་བི་ལང་བི་ལང་ཤིགས་ཤིགས་གག་ལྷོག་སོད་སྭཱ་ཧཱཿ ཞེས་འདུག་པ་ཟབ་བོ། །ཡང་ལྷོག་སྲུང་། ཨོཾ་ཀྱེ་ཕོ་མོ་ཕུར་ཐར་དུ་དུ། སེ་ལ་སྤུ་ཏ་དུ་དུ། ཧྲི་དུམ་བུ་ཧྲི་རྦད། སྔགས་འདི་རང་བྲམ་ཟེ་སྨ་ར་དཀར་སིང་ངེ་བར་བསྒོམས་ནས་བཏབ་ན་ལྷོག་པ་སོང་པར་


MR11_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གཞན་ཡང་སྔགས་བྲི་བ་སོགས་ལྷོག་སྲུང་མང་པོ་ཡོད་པ་གཞན་ལས་ཤེས་པར་བྱའོ། །ལྷོག་སྔགས་ཤིན་ཏུ་ཟབ་པ་ནི། རང་ཉིད་ལྕགས་ཀྱི་ཕག་རྒོད་མགོ་གསུམ་པ་ཁ་ནས་མེ་འབར་བ། སྣ་ལ་གསེར་གྱི་བྱ་ཁྱུང་ལྡིང་བ། ངར་ངར་ངུར་ངུར་གཉན་དང་གག་ལྷོག་ཟ་བར་བསམ་ལ། ཨཱོཾ་དྷ་དྷ་རེའང་དཔྱད་ར་ཏི་རེའང་སོདཿ ཨ་རོ་སོདཿ མོ་རོ་སོདཿ ཡོར་རྒོད་སོདཿ འབུམ་ཟི་སོདཿ ནན་གྱིས་སོདཿ ར་གྱིས་སོདཿ ས་སྲིན་སོདཿ མེ་ལྷོག་སོདཿ ཆུ་ལྷོག་སོདཿ རླུང་ལྷོག་སོདཿ ཐུཾ་ཤིག ཕཊ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་ཀྱིས་གཉན་རྣམས་འབྲོས། སྟོང་བཟླས་གག་ལྷོག་འཆི་བར་ངེས། ནད་པར་སྔགས་ཀྱིས་སླེབ་པས་ཆོག ཤི་བའི་རོ་ཁུར་རོ་བཤས་ཀྱང་། རང་ཉིད་མི་འཇིགས་རྡོ་རྗེའི་གུར། ཤིན་ཏུ་ཟབ་པ་ཨོ་རྒྱན་ཆེན་པོའི་བཀའ་སྟེ།རད་གླིང་དང་ལས་རབ་རྩལ་སོགས་ཀྱི་གཏེར་ཁ་དུ་མར་བྱུང་བ་ལགས་སོ། །ཡང་ལྷོག་སྔགས་ལུགས་གཅིག་དམིགས་པ་རང་ཉིད་ཕག་རྒོད་ཀྱི་ཁ་ནས་མེ་སྟག་འཕྲོ་བར་བསམ་ལ། ཨ་ར་རྦད་སོདཿ ལྷོག་པ་སོདཿ པྲ་མ་སོདཿ འདི་ནི་བྲམ་ཟེ་སྦུ་གུའི་མན་ངག་ཅེས་སྔགས་ཉུང་ལ་དོན་ཟབ་པ་ཨོ་རྒྱན་ཆེན་པོའི་བཀའ་ཡིན་པས་ཤིན་ཏུ་ཟབ་སྟེ་ལྷོག་རོ་དམར་བཤལ་ཁུར་ཡང་


MR11_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ང་མེད་དོ་ཞེས་གཏེར་མའོ། །ཡང་ལྷོག་བཅོས་ལ། དང་པོ་ཡིན་མིན་བརྟག་པ་ནི། འབྲུམ་བུ་མགོ་ནག་གཏིང་སྲ་བ་དང་ལྤགས་པ་ཁྱི་ཆག་འདྲ་བ་དང་།དམར་སྨུག་སྐུད་པ་འཐེན་འདྲ་དང་། ཟ་འོག་ནག་ཁྲ་བཏིང་འདྲ་དང་། རྐྱལ་པ་བུས་པ་འདྲ་ན་ཡིན་པའི་རྟགས་སོ། །གང་ལྟར་ཀྱང་འབྱུང་བའི་རིགས་བཞིར་འདུས། རླུང་ལྷོག་སྐྱ་བོར་ཕུས་མི་གདབ། ས་ལྷོག་ནག་པོར་ནན་མི་བྱ། མེ་ལྷོག་དམར་པོ་མེས་མི་བསྲེག ཆུ་ལྷོག་སྔོན་མོར་ཆུས་མི་གདབ། ཕྱི་རུ་སྐྲང་བའི་ལྷོག་པར་ནང་གི་རྒྱུ་སྲང་དགག ཐར་ནུ་རེ་ལྕག་རྒྱམ་ཚྭ་ཤ་ཆེན་སྡོང་རོས་ཤུ་དག་གླ་རྩི་གི་ཝཾ་རྒྱ་ཚྭ་བྱང་བ་བཅས་ཞིབ་བཏགས་དྲི་ཆུས་དབུལ། རང་ཉིད་ཡི་དམ་གསལ་བའི་ཕྲག་གོང་དུ། ཉི་ཟླ་པདྨའི་གདན་སྟེང་དུ་བསེ་སྡིག་པདྨ་དམར་པོ་དང་། ལྕགས་ཀྱི་ཕག་པ་ནག་པོ་གཉིས་གཡས་དང་གཡོན་དུ་ལངས་ནས་ནད་ཟ་བར་བསྒོམ་ལ་སྔགས་ནི། ཨོཾ་ཨཱཿཧཱུྃ། ཀི་ན་གྷ་ནི་ཧྲི་ལོང་དྷིཿ མ་ཧཱ་མ་ཏྲ་མ་ནིཿ ཧྲི་མ་ཏྲ་ཕཊ་ཏྲཿ ཨཾ་ཀ་ར་ཁྱིཿ ཕ་ཤི་ཕ་རོམ་ནི་ཡ་ཧྲཱིཿ ཧཱུྃ་ཕཊ་ཏྲ་ཕཊ་ཏྲ་སྭཱ་ཧཱཿ མགོ་ལ་བྱུང་ན་ཡར་ལ་དེད་དེ་བཏབ། གྲེ་བར་བྱུང་ན་ཐུར་ལ་བཏབ། ཕྲག་གཉིས་ཕར་རེ་ཚུ་རེར་བཏབ། མིག་ལ་བྱུང་ན་ལྟག་པའི་བདུད་སྒོར་བཏབ།


MR11_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་གཡས་གཡོན་བྱུང་ན་སྣ་ལ་གདབ། སྙིང་ལ་སོལ་ཆུས་བསྐོར་ལ་གདབ། དཔུང་ལྷུ་དང་བརླ་ལ་སོལ་ཆུས་བསྐོར་ཏེ་གདབ། ལར་ཀུན་ལ་ཐར་ནུ་བསྲེག་ཐལ་དང་ནག་མཚུར་གྱིས་ཆུས་བྲན་ཅིང་ཐ་མ་བསྐོར་ལ་བྱུག་པས་རང་སར་འདོན། ཞེས་ལས་ཐམས་ཅད་པའི་ལས་སོ། །དེ་ནས་སྐྲང་རྡོ་ཞི་བྱེད་ལ། སྤྱང་དུག་བོང་དུག་ཐར་ནུ་རེ་ལྕག་སྦལ་པའི་ཤ་རྣམས་ཁྱི་ཡི་གཅིན་གྱིས་སྦྲུས་ལ་གང་ན་བའི་སྐྲང་པ་ལ་བྱུག་ན་འཇིལ། རྫས་འདི་རྨ་ལ་སོང་ན་དུག་ཏུ་འགྱུར། སྔགས་ནི། ཨོཾ་ཨཱཿཧཱུྃ། སོ་ཀུ་རུ་ནནཿ ཤི་ཏི་ཀུ་རུ་ནནཿ པྲ་མ་ཀུ་རུ་ནནཿ ཞི་ཞི་ཀུ་རུ་ནནཿ ཀི་ལི་མི་ལི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཤིག་ཤིགཿ ཅེས་བཟླས་བཏབ་སྐྲངས་འབུར་ཐམས་ཅད་འཇོམས་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་དགོངས་འདུས་སྔགས་འབུམ་ལས་གསུངས་པའི་གག་ལྷོག་གཟེར་ནད་དྲག་པོ་སྤྱི་ཡི་སྔགས་ནི། རང་བྲམ་ཟེ་སྨུག་ནག་དབྱིབས་སྒུར་བ། སྐྲ་སྨིན་ཨག་ཚོམ་ཐམས་ཅད་སེ་ཕྱེ་བ་གཅིག་ཏུ་བསྒོམ་ལ། ཨ་ཏི་ནག་པོ་སྲོག་ལ་རྦདཿ འབྲུམ་ཏི་ནག་པོ་ཀཱ་ལ་ཤིགཿ ནཱ་ག་ཙ་ལའི་སྲོག་ལ་ཆུམཿ སྲོག་ལེན་ནག་པོའི་སྲོག་ལ་རྦདཿ ཨོཾ་སིལ་སིལ་ཤིག་ཤིག་རྦུད་རྦུད་ཧཱུྃ། ཧུར་ཕྱུང་ཧུར་ཕྱུང་སོདཿ ཨོཾ་དཀར་བྲམ་ཟེ་སོདཿ དམར་


MR11_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་སོདཿ རླན་བྲམ་ཟེ་སོདཿ ཧ་དྲེ་བ་ཕཊཿ ན་དྲེ་བ་ཕཊཿ མ་མ་སྐྱེས་ཀྱི་བུ་མོ་སོདཿ ཅེས་ཟངས་སྣོད་དུ་ཆུ་བླུག་ལ་བསྔགས། གག་ལྷོག་གཟེར་གསུམ་འཇོམས་པའི་ཐོ་བ་ཟབ་བོ། །ཡང་དགོངས་འདུས་ཐེམ་མེད་སྐོར་ལས་བྱུང་བའི་གཉན་སྔགས། ཧོ་རྦད་ཀྱི་སོདཿ འབྲུ་བཞི་ཟབ་བོ། །ཡང་ཨ་ཙ་རའི་སྔགས་རྒོད་ནི། རང་ཨ་ཙ་ར་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པའི་སྤྱི་གཙུག་ཏུ་ཕྱག་ན་རྡོ་རྗེ་བསྒོམ་ལ། ཐམ་ཐར་སོདཿ བཛྲ་པཱ་ཎི་ཧ་ལ་ནག་པོ་སོདཿ གག་ལྷོག་གཟེར་གསུམ་སོགས་ལ་སྔགས་ཆུ་ཁོང་དུ་ཐེང་བས་ཆོག་གོ། ཡང་ལྷོག་པ་གཞན་དུ་འདེད་ཅིང་སྤུར་བའི་སྔགས་ནི་བྱི་ཁུང་ཤར་བལྟས་ས་ལ། སྤུར་སྤུར་བྱི་ཤ་ཙེ་ན་ཧཱུྃ་ཕཊ། སྔགས་འདི་བཏབ་སྟེ་ས་དེའི་དུད་འགྲོ་མི་སོགས་གང་ལ་གཏོར་ཀྱང་ལྷོག་པ་གཞན་དུ་འགྲོ་ཐག་ཆོད་ཡིན་ཅེས་འདུག་གོ། ཡང་གཉན་ལྷོག་གི་སྔགས་ཟབ་མོ་ནི། ནག་པོ་ཙ་དུར་བཛྲ་ཐུཾ་ཧྲིལ་རྦདཿ འདིས་ལྷོག་པ་འཇོམས་ཤིང་ལྷོག་རོ་བཤས་ནས་ཁུར་ཡང་ཐེ་ཚོམ་མེད་ཅེས་གཏེར་མའོ། །ཨ་ཙ་ར་རྦད་འདི་མེད་པ་ཡོད། ཞི་ཞི་ཀུ་རུ་རྦད། མྱོགས་ཚལ་པ་རྦད། ཧུར་ཐུཾ་སྲོག་ལ་རྦད། སྙིང་ཁྲག་ཁ་ལ་རྦད། གཏུབས་ཚལ་འདི་མེད་ཡང་ཡོད་པ་རྦད། ལྷོག་


MR11_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་ལ་མཱ་ར་ཡ་རྦད། ལྷོག་སྔགས་ཨ་ཙ་རའི་རྦད་དྲུག་{ཟེར་ཀྱང་བདུན་འདུག}ཟབ་བོ། །གཉན་སྔགས། རང་ཉིད་ཕག་རྒོད་རི་རབ་ཙམ་གྱིས་ནད་བདག་ཐམས་ཅད་ཟ་བར་བསྒོམ་ལ། འཇིགས་ཟིང་ཟིང་སོདཿམེར་མེར་སོདཿ ཁྱུག་ཁྱུག་སོདཿ འདི་གཉན་རིགས་ཐམས་ཅད་ལ་ཟབ་སྟེ་གཏེར་མའོ། །ཡང་། ཧ་རི་ནག་པོ་ཤ་ཡ་རྦདཿ ལྷོག་སྔགས་འབྲུ་བདུན་མ་འདི་ཡང་ཟབ་བོ། །ཡང་གཅིག །ཤིག་ཤིག་འབར་བ་སོདཿ སྟོང་བསྙེན་ལྷོག་རོ་ཁུར་ཀྱང་ཡ་མི་ང་། སྔགས་ཆུ་བཏབ་བྱུག །ཤ་སྐོལ་རེག་ཀྱང་མི་སྐྱོན་ལྷོག་རོ་འདོན་ན་དང་པོ་མཇུག་རྩེ་བཅད་ལ་བསྔགས། གྲི་བསྔགས་པས་བཤས་ཤིང་མགོ་ནས་མར་འདེབ་པས་ཆོག་གོ། ཡང་གཅིག ཨོཾ་བྱེ་ཤ་ནག་པོ་སོད་སོདཿ ཤི་རོ་ཁུར་ཀྱང་ཉམས་ང་མེད། རྒྱ་ནག་རྟོགས་ལྡན་ནས་བརྒྱུད་པའོ། །ཡང་གཉན་དང་ལྷོག་སྔགས། ཨོཾ་ཁྱུང་ལྔ་ཁྱུང་ལྔ་བྱེ་མ་རཀྴ་ཎི་ཡ་ཡ་ཐུཾ་རིལ་རྦདཿ ཤིན་ཏུ་ཟབ་བོ། །ཡང་ས་སྐྱོན་ལྷོག་པའི་སྔགས། ཧཱུར་ཧུར་སྐྱེས་སྐྱེསཿ རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་མའོ། །ཡང་གཅིག ཐོག་རོ་མེ་ན་སོདཿ ཁྲི་གསུམ་བསྙེན་ལ་ལས་སྦྱོར་དུས་གང་ལྕོགས་བཟླས་པས་ཐུབ་བོ། །ཡང་ལྷོག་པ་དང་གླང་ཐབས་སོགས་ཀྱི་སྔགས། ཨོཾ་ས་དུར་རྦད། ཅེས་སོ་ཟབ།


MR11_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཅིག །ཨོཾ་ནན་ནན་སོདཿ ཅེས་སོ། །ཡང་གཉན་སྔགས་དཔའ་བོ་འབྲུ་བདུན་ནི། པྲ་ཙ་མ་ནི་དུ་དུ་ཞིཿ ཞེས་པ་ཟབ་བོ། །ཡང་གཉན་སྔགས་དཔའ་བོ་འབྲུ་ལྔ་འདི་ཨ་ཙ་ར་ཡེ་ཤེས་མཆོག་གྲུབ་ལ་བོད་ཀྱི་པཎྜི་ཏ་བཀྲ་ཤིས་དམར་སེར་གྱིས་གསེར་སྲང་གསུམ་ཕུལ་ནས་ཞུས་པས་གནང་བ་ནི། ཏི་ཏི་ཀ་ཎ་མུཿ འདིས་གཉན་ལྷོག་སྐྲང་གསུམ།ཤ་འཛེར་གག་གསུམ། རྨ་རིགས་རྒྱ་ཐོར། ས་ལྷོག་རིགས་དང་། སྐེ་འགག་རིགས་སོགས་ནོར་ནད་རྣམས་ལ་འདི་བས་ལྷག་པ་རྒྱ་གར་དུ་མེད། རྨ་སྐྲངས་རྣམས་ལ་ཁྲི་ཕྲག་རེ། ས་སྐྱོན་རྣམས་ལ་འབུམ་ཕྲག་རེ་བསྔགས་པས་ཆོག འདི་བས་ཟབ་པ་རྒྱ་གར་རྡོ་རྗེ་གདན་ལ་ཡོད་རེ་བྲག་བཙན་དཔང་གསུངས། གཞན་ཡང་ཕན་ཡོན་གྱི་བསྔགས་པ་མང་ངོ་། །རྨ་སྔགས་ཤིན་ཏུ་ཟབ་པ་འོག་ནས་འཆད་འགྱུར་ཀྱང་འདི་དང་ཆ་འདྲ་ལ་སྔགས་ཟབ་མོའོ། །གག་པའི་སྔགས། ཧྲི་ཧྲི་ཤག་ཤག་ཚེག་ཚེག་ཐོལ་ཐོལ་རྦད་རྦད་སོད་སོདཿ སྔགས་འདི་ཆུ་ལ་བཟླས་ཏེ་གག་པ་བྱུང་བ་གཞན་ལ་བྱིན་ན་ཕན། སྔགས་བློ་ལ་ཡོད་པས་གག་པ་མི་འབྱུང་ཞེས་ཟབ་པ་གཏེར་མའོ། །ཡང་ལས་ཐམས་ཅད་པའི་རྒྱུད་ལས་གག་པ་སོས་བྱེད་ལ་སྲམ་གྱི་བྲུན། པི་ལིང་ཤིང་ཚ་ཁ་རུ་ཚྭ་


MR11_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྨན་འདུག་ཀྱང་སྔགས་ཆད་པས་སླར་དཔེ་རྙེད་ན་འཛུད། ཨོཾ་ཨཱཿཧཱུྃ་སིལ་སིལ་ཤིག་ཤིག་རྦུད་རྦུདཿ འདིས་ལྕེ་ལ་གག་པ་རྒྱས་པ་འཇོམས་ཞེས་གཏེར་མ་ཟབ། ཡང་གག་རྒོད་སྔགས། ཤིག་ཤིག་འབར་བ་སོད། ཧིག་ཧིག་འབར་བ་སོདཿ ཆུ་དང་ཚྭ་བསྔགས་ཏེ་བཏང་བས་ཕན་ཟབ་བོ། །གག་ལྷོག་གཉན་གསུམ་སྔགས། ཨ་ཏི་མུག་ཏི་ལྷོག་ཏི་སོདཿ ཟབ་བོ། །ཡང་གག་ལྷོག་གཟེར་གསུམ་སོགས་ནད་ངན་ཀུན་གྱི་སྔགས། ནག་པོ་ཚལ་པ་ཤག་ཏི་རྦདཿ ཅེས་པའི་སྔགས་རྒོད་འབྲུ་བདུན་པ་གག་ལྷོག་གཟེར་དྲག་གླང་ཐབས་སོགས་འཇོམས། ནད་སྤྱི་ལ་སྔགས་ཆུས་ཆོག །ལིང་ཐོག་ལ་ཕུག་རོན་སྒྲོ་བསྔགས་ལ་བྱུག གག་པར་གུ་གུལ། སྲིན་ལ་ཚྭ་ཆུ། ཤུ་བར་ཕག་ཚིལ་བསྔགས་བྱུག་ཉི་མར་བསྲེག །ཨོལ་འགག་ལ། བསྲེགས་པའི་ཐལ་བར། སྔགས་ནས་གླུད་ཅེས་ཀྱང་འདུག །འདི་ལ་ཨོཾ་བཏགས་པའི་འབྲུ་བརྒྱད་པ་ཞིག་ཀྱང་འདུག །ཨོལ་འགག་གླང་ཐབས་གཉན་ནད་སོ་གཟེར་དྲག་པོ་སོགས་ཀུན་གྱི་གཉེན་པོ་ཡིན་ནོ། །རྡོར་གླིང་གཏེར་ཁ་ལས། ནད་བརྒྱ་སྔགས་གཅིག་ཅེས་གསུངས་པའི་འབྲུ་བདུན་པ་འདི་ལ། དམིགས་པ་དང་སྨན་སོགས་ཁ་བསྒྱུར་གང་ཡང་མི་དགོས་ཏེ། སྔགས་རྒོད་ཀྱི་


MR11_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པས་མགོ་གཟེར། གག་ལྷོག གློ་ཚད། གཟེར་ཐུང་རྒྱུ་གཟེར། གླང་ཐབས། འཛུམ་ལྟག་དགྱེ་ཉ་ལོག་འབྲུམ་པ་དཀར་ནག་སོགས་ཐམས་ཅད་ཐུབ།རང་སྲུང་ཐོ་རངས་དྲི་ཆུ་བར་མར་སྟོང་བཟླས་འཐུང་། གཞན་ལ་སྔགས་ཆུ་ཁོ་ནས་ཆོག་ཅེས་གསུངས། གཞན་ཡང་གཏེར་ཁ་དུ་མ་ནས་གཉན་ཡ་མ་ནག་པོ་དང་། ཁོང་པའི་ནད་དང་མགོ་དང་སོ་སོགས་ཀྱི་སྲིན་ནད་དྲག་པོ་སོགས་ནད་དུ་མར་སླེབ་ཆོག་སྔགས་རྒོད་དུ་གསུངས་སོ། །ཀླད་གཟེར་སོས་བྱེད་ལ། ཙན་དན་སྨུག་པོའི་ལྡེ་གུས་གང་ན་སར་ཐིག་ལེ་བྱུག་ལ། ཨོཾ་ཨཱཿཧཱུྃ། ནི་ཧྲི་ཧེཿ མུ་ལེ་ཞཿ ཞི་བ་ཐུན་ལ་གྲ་ཞལ་ཕཊཿ ཅེས་སྔགས་བཟླས་ཏེ་ཙན་དན་གོང་ལྟར་བསྐུས་ན་ཀླད་གཟེར་དང་རྣ་གཟེར་ཐམས་ཅད་འཇོམས་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཨོཾ་ཨཱཿཧཱུྃ་ཀླད་ཁྲིས་ནན་སྭཱ་ཧཱཿ སུམ་བརྒྱ་བཟླས་པས་ཀླད་པའི་ནད་ཐམས་ཅད་འཇོམས་ཞེས་ལས་ཐམས་ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །འཇམ་དཔལ་རྩ་བའི་རྟོགས་པ་ལས་གསུངས་པ། ཨོཾ་ནྐྲཱི༔ སྔགས་འདིས་ཁྭ་ཡི་གཤོག་པ་ལ་ལན་བདུན་བསྔགས་པས་བྱབས་ན་མགོ་ནད་སེལ། ལག་པར་བརྒྱ་རྩ་བརྒྱད་བསྔགས་ཏེ་མགོ་ལ་རེག་ན་


MR11_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཀུན་ལས་གྲོལ་བར་འགྱུར་རོ། །སོ་ཤིང་ལ་བསྔགས་ཏེ་འཆོས་པས་སོ་ནད་ཞི། ཚྭ་ལ་བསྔགས་པས་མ་ཞུ་བ་ཞི་གསུངས། སྔགས་འདི་ནི་སངས་རྒྱས་ཀུན་གྱི་སྙིང་པོ་ཕན་ཡོན་ཚད་མེད་པར་གསུངས་སོ། །ཨོཾ་ཀྵཾ་ཀྵེ་ཧ་སཿ འདི་བཟླས་པས་མགོ་བོའི་ནད་མེད་པར་བྱེད་དོ་ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་སོ། །ཨོཾ་ཨ་རུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་འདི་ཆུ་ལ་བཟླས་ཏེ་མིག་བཀྲུས་ན་མིག་གི་ནད་ཐམས་ཅད་མེད་པར་བྱེད་དོ་ཞེས་བདེ་མཆོག་མངོན་འབྱུང་གི་རྒྱུད་ནས་གསུངས་སོ། །ཨོཾ་ཀྵཱི་ཀྵཱི་ས་མཱ་ཀྵི་ལ་སྭཱ་ཧཱཿ འདིས་མིག་གི་ནད་མེད་པར་བྱེད་དོ་ཞེས་ནོར་བཟང་རྟོགས་པ་ལས་སོ། །མིག་ནད་སྔགས། ཨོཾ་ཙུ་རུ་ཙུ་རུ་ས་ད་གུ་ལུ་གུ་ལུ་ལེ་ཡེ་སྭཱ་ཧཱ། ཟངས་གཞོང་དུ་ར་འོར་སྔགས་བཏབ་མིག་ལ་བྱུག་ན། མིག་ནད་ཀུན་ལ་ཕན་པ་དམ་པ་རྒྱ་གར་གྱི་མན་ངག་གོ། ཨོཾ་ཏི་གྟ་ཏི་གྟ་མུག་ཏི་ནནཿ འདི་མང་དུ་བཟླས་པས་མིག་གི་ནད་རིགས་ཐམས་ཅད་ལ་ཕན་ནོ་ཟབ། མདོ་ལས་གསུངས་པའི་མིག་ཡོངས་སུསྦྱོང་བའི་གཟུངས་ནི། ཏདྱ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏེ་མི་ལི། ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ་མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུ་མེ་མུ་ཁའང་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་སོ། །བདེན་


MR11_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཚིགས་བཅད་བྱས་པ་འདི་ཡང་སྐབས་སུ་བརྗོད་དོ། །ཚུལ་ཁྲིམས་བརྟུལ་ཞུགས་དྲང་སྲོང་རྟེན་འབྲེལ་དང་། །བདེན་བཞི་ཉན་རང་སངས་རྒྱས་བདེན་པའི་མཐུས། །མིག་ནད་ཀུན་སྦྱོང་མཆི་མ་མི་འཛགས་ཤིང་། །སེམས་ཅན་ཀུན་གྱི་མིག་ནི་རྣམ་དག་ཤོག །ཅེས་སོ། །གཟུངས་འདི་དང་ཆ་འདྲ་ལ་ཅུང་མི་འདྲ་བའི་མིག་གཟུངས་མངའ་བདག་མྱང་རལ་གྱི་གཏེར་བྱོན། དེང་སང་གི་བར་དུ་མིག་འགྲིབ་དུ་མ་འབྱེད་ནུས་པའི་བྱིན་རླབས་ཅན་ནི་ཡོངས་སུ་གྲགས་པས་འདིར་མ་བཀོད་དོ། །ཡང་མིག་ནད་གསོ་བ་ན། རྒྱ་སྐག་ཁུ་བར་བུལ་དོག་ཞིམ་ཐིག་གླ་རྩི་དོམ་མཁྲིས་བཞི་སྲན་མ་ཕྱེད་ཙམ་བཏགས་པ་དར་དཀར་བཏུམས་ཏེ་ཆུ་གཙང་ནང་སྦངས་བ་མིག་ཏུ་གཏིག །དེས་འཇབ་འཇིབ་དོན་ནས་སྐྱ་རིབ་འགོག་པར་བྱེད། གོ་སྙོད་ཕག་ཚིལ་སྦྱར་བས་རྐང་མཐིལ་རྒྱུ་མ་ཁུག་ཏུ་བྱུག་ཅིང་མཉེ། འབྲི་མར་བཟང་པོ་སྤྱི་བོར་བསྐུ། ནང་ནུབ་སྔགས་འདི་བརྒྱ་རྩ་རེ་བཟླས་ཏེ་མཐེ་བོང་གི་རྩ་བར་གཡས་ཀྱི་སྲིན་ལག་གིས་གཡོན་པ་མཉེ་ཞིང་གཡས་པའི་མིག་ལ་བྱུག དེ་བཞིན་གཡོན་སྲིན་གྱིས་གཡས་མཉེ་མིག་གཡོན་པར་བྱུག་སྔགས་ནི། ཨོཾ་ཨཱཿཧཱུྃ། ཨ་ཙ་ཀ་མོ་ནཿ ན་མ་ར་སོལ་སོལཿ ཨཱོཾ་བི་ལི་བི་ལིཿ


MR11_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སི་ལི་སི་ལི་སྭཱ་ཧཱ དེས་མིག་མི་འགྲིབ་ཅིང་ཉམས་པའང་སོས། པ་ཏི་ཏི་ཙ་ལྕམ་པ་དཀར། །ཞིབ་བཏགས་མར་དཀར་བསྲེས་བྱུག་ན། སྐམ་གཤེར་ཚག་དང་ལིང་ཐོག་དང་། སྤྲིས་གཡོགས་མིག་ཆུ་འཛག་པ་སོས། །ཞེས་ལས་ཐམས་ཅད་པའི་རྒྱུད་ཀྱི་སྔགས་དང་སྨན་ནོ། །ཡང་མིག་ནད་ཀུན་ལ་ཕན་པའི་སྔགས། ཨོཾ་ཤེལ་ལོང་འབུ་སྭཱ་ཧཱཿ མིག་ལ་ཐེབ་པས་ཆོག་གོ། ༈ །ཨོཾ་ཀཱ་ཤི་སྤནྡ་ཀ་ཤེ་སྤནྡ་ཏྭཾ་ནྱེ་ཤུནྱ་བེ་ཤྨ་ནི། མ་མ་{ཨཱཏྨ་ཞེས་འདུག་པ་དོན་འདྲ།}ཀརྞ་ཏ་ཐཱ་སྤནྡ་ཡ་ཐ་སྤནྡ། སི་བ་ཛ་ཎི་སྭཱ་ཧཱཿ མིག་འགུལ་བ་ལ་སྔགས་འདིས་བྱབས་པས་ཞི་བར་བྱེད་དོ་ཞེས་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས། སྔགས་འདི་བཏབ་ཅིང་ལག་པ་སོགས་ཀྱིས་བྱབས་པས་མིག་ལྕིབ་ཀྱི་ཤ་འགུལ་སོགས་ཞི་བར་མྱོང་བས་གྲུབ་བོ། །རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། སྔགས་འདི་གསུངས་ལ། ཅུང་མི་འདྲ་བ་དཔེ་མ་དག་གམ་སྙམ། སྔགས་དེས། མིག་འགུལ་ཞི་ནས་གང་མཐོང་བ། །དགའ་ཞིང་རྒྱས་པར་འགྱུར་བ་སྟེ། །གང་ལ་ཡིད་ཀྱིས་དམིགས་བཟླས་ན། །ཐམས་ཅད་བདག་དགའ་རྒྱས་པར་འགྱུར། །ཞེས་གསུངས་པས། མིག་ལ་བསྔགས་པས་གཞན་


MR11_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དག་དགའ་ཞིང་འདུད་པའི་སྔགས་སུའང་གསུངས་སོ། །ཕ་དམ་པའི་མིག་གི་ལིང་ཐོག་སྔགས། ཨོཾ་ཐེབ་ལོང་། ནེབ་ལོང་། པ་ཏི་ལོང་། ཉལ་ཉིལ། ཕུར་ཕུར། སྙིང་ལ་སད། ཉེར་གཅིག་རེ་བཏབ་པས་ནང་མ་གསུམ་ནས་སོས་ཞེས་གསུངས་སོ། །ཡང་ལིང་ཐོག་ལ། ཨོཾ་མོན་ཟི་མོན་ཟི་སོད། ལིང་མ་མོན་ཟི་ཕྱུངས། ཞེས་པ་བརྒྱ་རྩ་སོགས་བཟླས་ནས་ལྟག་ཁུང་དུ་བཏབ་པས་ལིང་གསར་ཡིན་ན་ནང་མ་གཅིག རྙིང་པ་ཞག་གསུམ་མམ་ལྔ་ནས་ལིང་རོ་རྣམས་ཐོན་པར་འགྱུར། ན་དུས་བལ་འདབ་ལ་སྔགས་བཏབ་ལྟག་པར་གླན་པས་ཕན་ནོ་ཞེས་ཟབ་བོ། །ཡང་ལིང་ཐོག་སྔགས། རང་བྲམ་ཟེ་ནག་པོ་སྣ་ཉག་པ། མིག་དམར་བ། རླུང་གི་ཤུགས་དང་ལྡན་པར་བསྒོམ། མིག་ནམ་མཁའ་ལིང་ཐོག་སྤྲིན། སྔགས་རླུང་། རླུང་གིས་སྤྲིན་དེད་པར་བསམས་ལ། ཨོཾ་ཡ་མ་དན་ཏིང་སྭཱ་ཧཱ༔ ནཱ་ག་ལིང་སོདཿ བརྒྱའམ་སྟོང་གིས་ཞི་བར་ཐེ་ཚོམ་མེད་ཅེས་གཏེར་མའོ། །ཡང་ལིང་ཐོག་ལ་ཕན་པའི་བསྔགས། ཨོཾ་ཨིག་ཤདཿ སྔགས་འདི་མིག་ངོས་ལ་ཉེར་གཅིག ལྟག་པར་བརྒྱ་རྩ་བརྒྱད་བཏབ་པས་སེལ། དེ་བས་མང་ན་མིག་ཆུ་འཛག་འོང་འདི་ཤིན་ཏུ་རྣོ་བས་གསང་།


MR11_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཐོག་སྐྱ་བོ་ལྷ་ཀླུ་གདོན། དམར་ན་བཙན་སྔོ་རིབ་ཀླུ་སྲིན། རྨུག་འཛིབ་ཐབ་གཞོབ་སྟེ། ནད་རྒྱབ་གནོད་པ་དེ་བཅོས་ནས་ནད་སྔགས་ཀྱིས་ཐུབ་ངེས་སོ་ཞེས་གཏེར་མའོ་ཟབ། ཡང་གཅིག །ཨེ་ཤིགཿ ཅེས་སྟོང་ཕྲག་བརྒྱད་བཟླ་ཕུག་རོན་སྒྲོའམ། སྤོས་ཤེལ་གང་རུང་ལ་བཏབ་མིག་ཕྱི་བར་བྱ། རང་བྲམ་ཟེ་མདོག་སྔོ། སྨྲ་ར་དཀར་བར་བསམ། རྫས་དེ་སྤུ་གྲིར་བསམས་ལ་ལག་གཡས་བཟུང་ནས་ལིང་ཐོག་བཞར་བར་བསྒོམ། ལན་གསུམ་བྱས་ནས་གྲོལ་མ་གྲོལ་བལྟ་ཞིང་བསྔགས་པར་བྱའོ། །ཞེས་གཏེར་མའོ་ཟབ། ཡང་། ཨོཾ་ཏིང་ཏུང་ཤེ་ཤིག་སྲུའང་འབྲུ་སོདཿ ཡ་ལིང་གྲིབ་ལིང་གདོན་ལིང་ཐབ་ལིང་ཀུན་ལ་སྔགས་འདི་ཟབ། ཚྭ་ལ་ཆུ་བཅད་ཀྱི་ཕྱེ་ཅུང་ཟད་ཐལ་བ་མ་འདྲེས་པ་བརྡར་ལ་ཉི་མ་ཕྱེད་ཀྱི་དུས་མིག་ཏུ་བཏབ་ལ་གཉིད་ལོག་པས་ཆོག །སྨན་གཅིག་སྔགས་གཅིག་གོ། གཏེར་མའོ། །གོང་གི་སྔགས་འདི་ཅི་མང་བཟླས་ལ་དུང་སྲིན་མེད་བརྡར་ཕྱེ་མེར་བསྲེག་དང་གླ་རྩི་ལ་བཏབ་མིག་གི་ལིང་ཐོག་ལ་བྱུག་ན་རྩད་ནས་འདོན་པ་བྱང་གླིང་འཁྲུལ་ཞིག་ཆོས་རྗེའི་ཕྱག་ལེན་མའོ་ཞེས་ཀྱང་འདུག་གོ། ཡང་ན། ཨོཾ་ཞུང་ཞུང་ཐོན་ཐོན་ཐུང་ཐུང་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་པའི་ཕུག་རོན་གྱི་དང་སྒྲོས་ལིང་ཐོག་ལ་བྱབས་


MR11_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཕོར་པར་ཆུ་གཙང་བླུགས་པའི་ནང་དུ་བཏབ་པས་ལིང་རོ་དེར་འཐོན་པར་འགྱུར་རོ། །ཡང་ལིང་ཐོག་སྔགས། ཉི་མ་ལོང་། ཟླ་བ་ལོང་། ཞེས་དང་པོར་འདེབས།སྦུར་ལོང་། སྤུར་སོལ། རྗེས་ནས་འདེབ་གྲངས་ཉེར་གཅིག་གིས་ཆོག་གོ། ཡང་ལིང་ཐོག་གི་སྔགས། ཨོཾ་ཐེད་ལོང་། ནེད་ལོང་། ཟ་རི་ཙི་ཏ་ཡེ་སོད། ནས་དཀར་པོ་འབྲུ་ཉེར་གཅིག་ལ་བསྔགས་ནས་ལི་ལྡེར་ཆུས་བཀང་བའི་ནང་འབྲུ་རེ་རེ་ནས་མིག་གི་མཐའ་བསྐོར་ཞིང་ཆུ་ནང་འཕེན། དེ་ཚར་བ་དང་སྔགས་བརྒྱ་རྩ་བརྒྱད་ལྟག་ཁུང་དུ་བཏབ་པས་ཕན་ངེས་སོ། །ཡང་ལིང་ཐོག་ལ། གླ་རྩི་ཀ་ར་ཅུ་གང་ཞིམ་ཐིག་བཞི་ཞིབ་བཏགས་སོགས་སྦུབས་ནས་ལིང་ཐོག་སྟེང་དུ་བཏབ། ཡང་ན་ཕུག་རོན་དང་རུས་བྱུག སྔགས་ཨོཾ་ལྷིང་ལྷིང་ཐེག་ཐེག་ཨ་ཙ་ལི་སྭཱ་ཧཱ།ཞེས་བཏབ་པས་ཕན་ངེས་སོ། །ཡང་གཅིག ཨོཾ་ལིང་ལིང་ཏོག་ཏོག་ཡེར་ཡེར་སོདཿ བརྒྱ་རྩ་བརྒྱད་བཟླས་སྤོས་ཤེལ་དང་མར་ལ་སྔགས་བཏབ་པས་མིག་ཕྱིས་ནས་སྣོད་གཙང་དུ་ཆུ་བླུག་པར་ཡང་ཡང་འཕང་བས་ཐུབ་བོ། །ཡང་ལིང་ཐོག་ཞི་ཞིང་ལེན་པའི་སྔགས། ནད་པའི་མདུན་དུ་ཆུ་ཕོར་པ་གང་དང་། ནད་པའི་ལྟག་ཁུང་དུ་བལ་འདབ་ཅིག་གླན། རང་ཐུགས་


MR11_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོར་བསྒོམ་ལ་སྔགས་བརྒྱ་རྩ་བརྒྱད་བཟླ། ཨོཾ་མེ་ཙ་ཐུནཿ མེ་ཙ་ཤིགཿ མེ་ཙ་ཕྱུངས་སྭཱ་ཧཱཿ དེ་ནས་ཕུག་རོན་དང་རུས་བྱ་བ། བལ་འདབ་ཆུར་བསྒྱུར། དེས་ལིང་ཐོག་འདོན། སྔགས་བརྒྱ་བས་མང་ན་མིག་འབྱིན་པ་ཙམ་ཟབ་བོ་གཏེར་མའོ། །ཡང་ལིང་ཐོག་ལེན་ཐབས། རང་ཡི་དམ། ལིང་ཐོག་བྱེའུ། འགྲོན་བུ་རྒྱ་ཁྲས་གཤུར་ནས་བྱེའུ་ཁྱེར་བར་བསམ། ནད་པའི་སྤྱི་གཙུག་བལ་འདབ་གཅིག་བཞག །མདུན་དུ་ཆུ་སྣུམ་མེད་ཁེབ་བརྒྱབ་སྟེ་བཞག །འགྲོན་བུ་བུ་མ་གཅིག་ལ་སྔགས་སུམ་བརྒྱ་རེ་བཏབ། སྔགས་བརྒྱ་རྩ་རེ་མིག་དང་རྣ་བ་གཡས་གཡོན་ལྟག་པ་སྤྱི་གཙུག་རྣམས་སུ་བཏབ། བྲམ་ཟེ་སྔོན་མོ་ལྕེ་རིང་མོ། ཤ་འཛེར་ལོང་ལ། ལིང་ཐོག་ཕྱེས༔ ཅི་མང་བཟླས་ལ། འགྲོན་བུ་ལིང་ཐོག་སྟེང་དུ་གླན་ནས་ཆུ་ཁར་བཞག་པས་ལོན་ནོ། །གནམ་ལྡིང་ཆོས་རྗེའི་ཕྱག་ལེན་མའོ། །ཨོཾ་ཏྲིག་ཡེར་སྭཱ་ཧཱཿ དར་སྐུད་དམར་པོ་སུམ་བསྒྲིལ་བྱས་ལ་སྔགས་བཏབ། ཧ་ཤིག་རྒྱ་ཚྭ་ལི་ཤི་གསུམ་སྦྱར་བ་ལ་རེ་གནས་ལིང་ཐོག་སྟེང་དུ་གླན་པས་བྱེའུ་ཁྲ་ཡིས་ཁྱེར་བ་བཞིན་དུ་འགྲོ། མ་སོང་ན་ལན་གསུམ་བྱའོ་ཞེས་གཏེར་མའོ་ཟབ། མིག་གི་ཤ་འཛེར་ལ་ཟན་དྲོན་ནང་དུ་མར་བཅུག་པའི་རླངས་པས་


MR11_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་སྟོང་མིག་ལ་བདུག །ཨོཾ་ཙཀྵུ་ས་ར་སྲིན་ལོང་། ཞེས་པ་ཉེར་གཅིག་བཏབ་སྟེ་ཟོས་པས་ཕན། ལན་གསུམ་བསྐྱར་ན་ཐེ་ཚོམ་མེད་དོ། །ཡང་ཤ་འཛེར་གྱི་སྔགས་སློབ་དཔོན་པདྨས་གསུངས་པ། ཨ་ཏི་ཏོག་ཏོག ཨ་ཏི་ཛ་ཛ། སྒོག་སྐྱའི་རྩེ་མོ་བཅད་ཁ་བྱས་ལ་དེར་བསྔགས་ནས་ཤ་འཛེར་གྱི་སྟེང་དུ་གླན་པས་ཐུབ་བོ། །ཡང་མིག་གི་ཤ་འཛེར་སྔགས་ལ། རང་ཉིད་ཁ་སར་པཱ་ཎི་བཞེངས་སྟབས་ཅན། ཕྱག་གཡས་ཤེལ་ཕྲེང་བརྒྱ་རྩ་བསྣམས་པ། གཡོན་རལ་གྲི་བསྣམས་པ་བསྒོམས་ལ། ཨོཾ་ཕུར་ལེ་ཕུར་ལེ་ཕུར་སྭཱ་ཧཱཿ ཞེས་མང་དུ་བཟླས། རང་གི་གུང་མཛུབ་རལ་གྲིར་བསྒོམས་པས་ཤ་འཛེར་བཅད་ཅིང་ཞུ་བར་བསམས་ལ་སྔགས་བཏབ་པས་སེལ་ཞེས་གཏེར་མ་ཟབ་བོ། །ཡང་གཅིག ཨོཾ་ཤ་འཛེར་སོདཿ ཡཾ་འཛེར་སོདཿ བྱ་རོག་སྒྲོ་ལ་བསྔགས་ནས་བྱབས་པའམ། ཡང་ན་ཤ་རློན་ལ་སྔགས་བཏབ་མིག་ལ་གླན་པས་ཕན་ནོ། །ཡང་གཅིག །ཏིག་ཏིག་མུག་མུག་ཕུག་ཕུགཿ ཤ་དམར་ལ་བཏབ་སྟེ། མིག་ལ་གླན་ཞིང་བྱབས་པས་ཤ་འཛེར་སེལ་ལོ། །མིག་གི་འཛེར་པ་ལ། ཨོཾ་མཛེར་མཛེར་ཤིག །ཡུམ་ཕོད་པ་དུ་སྐྱོ་


MR11_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། སྟོང་ཕྲག་བཟླས་ལ་འཛེར་བར་བཏབ། རྒྱུ་སྐར་ལག་སོར་ཡོད་པའི་ཐོ་རངས་སྐར་མ་མ་གྱེས་ཁར་རེ་ཚལ་ནག་པོས་ཕྱིས་ནས་གཅིན་གྱིས་བཀྲུ། ལམ་རྒྱ་གྲམ་ཁར་འཛེར་བ་ཕྱིས། ཚེས་བཅོ་ལྔའི་མཚན་གཅིག་རང་དྲི་ཆུ་ལ་བཏབ་སྟེ་འཛེར་བ་བཀྲུས་པས་ཞི་བར་འགྱུར་རོ། །ཟབ། མིག་ནད་{རྩམ་མགོ་ཟེར་བ་མིག་པགས་ནང་རྨ་བྱུང་བ་དེ་འདྲ་རེད།}སྐྱེར་སྔགས། ཨོཾ་ཤ་གྲི་སོདཿ སྤུ་གྲི་སོདཿ ཞེས་སྤོས་ཤེལ་ལ་སྔགས་བཏབ་ནས་དྲུད་པས་ཐུབ་བོ། །ཡང་མིག་ལ་སྐྱེར་ནད་བྱུང་ན་སྲམ་གྱི་སྤུ་ལ། ཨོཾ་ཡ་མ་ཤིནྟིཾ་རྦད། ཅེས་པས་བསྔགས་ནས་བདུག་པས་ཕན་ནོ། །མིག་གི་གྲ་སྔགས། ཨོཾ་གྲ་ལིང་ནག་པོ་རྐང་གཅིག་སོད། {གྲ་འདི་མིག་སྟེང་འབྱུང་བ་འདྲ་དཔེ་ལས་སོ།} ཤ་རི་བུ་རུ་སོད། གྲ་བཟློག །གྲ་སོད། ཕུ་བྱས་པས་ཕན་ནོ། །ཡང་གཅིག །གྲ་གྲིབ་འབུར་ཆུང་དཀར་ལིང་སོད། མགྲོན་བུ་ལ་བསྔགས་ནས་གླན་པས་གྲ་གྲིབ་གཉིས་ཀར་ཕན་ནོ། །ཡང་གཅིག །ཙག་ཏི་གུ་ཕྱིསཿ གོང་དང་འདྲའོ། །གྲ་གཅོད་པའི་སྔགས།ཨོཾ་ཕུ་ཊ་ཕ་ཊ། ཅི་མང་བཟླས་པས་ཆོད་དོ། །མིག་གི་དམར་ཚག་སེལ་བའི་སྔགས། ཨོཾ་འབུ་ར་གཡུ་ར་ཡེ་སྭཱ་ཧཱ། གཡུ་བརྡར་བའི་ཁུ་བར་སྔགས་བཏབ་མིག་ལ་བྱུག་པས་སེལ་


MR11_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །མིག་ཚག་མིག་ཆུ་འཛག་པ་ལ། ཨོཾ་རིབ་ཐ་ཧཱུྃ་ཧཱུྃ་བྷི་ཡན་སྭཱ་ཧཱ། ཞེས་སྔགས་བཏབ་པས་ཕན་ནོ། །ཡང་སྔགས་འདྲ་མིན། ཨོཾ་རིབ་ཐ་ཧཱུྃ་ཧཱུྃ་བྷ་ས་ཏ་ཏ་སྭཱ་ཧཱཿ གུ་གུལ་གྱི་ཆུ་ལ་སྔགས་འདི་བཏབ་ནས་མིག་ལ་བསྐུས་ན་མིག་ཆུ་འཛག་པ་ཆོད་དོ་ཞེས་གསུངས། ཡང་མིག་གི་མཆི་མ་འཛག་ན། ཨ་ཏྲེ་བྷྲཱུྃ་བྷྲཱུྃ་སྭཱ་ཧཱ། མང་དུ་བཟླས་ཏེ་ཕུས་བཏབ་པས་ཕན་ནོ། །མིག་ཚ་ན། ཡཾ་ཏི་ཕུ་ཕུ་ན་སྭཱ་ཧཱ། ཆུ་དཀྱིལ་གྱི་རྡེའུ་ལ་སྔགས་ནས་གླན་པས་ཕན་ནོ། །ཡང་མིག་ཚ་བ་ལ། ཨོཾ་བྷ་ཀོ་ལ། ཀོ་ཀུ་ན་ནི། ཏྲི་ཡིག་ཛ་ཧཱུྃ་ཕཊ། ཨ་རུ་ར་བརྡར་བ་ལ་སྔགས་བཏབ་ལ་མིག་བཀྲུའོ། །ཡང་གཅིག །ཨོཾ་ཀི་ཕུ་ཕུ་ན་སྭཱ་ཧཱཿ ཕུས་བཏབ་པས་མིག་ཚ་བ་ཞིའོ། །གྲ་རྡུལ་ཉག་གསུམ་མིག་ལ་སོང་ན། ཨོཾ་ཧ་རི་ནི་ས་ཏཾ་ཏཾ་སྭཱ་ཧཱཿཞེས་བསྔགས་ཏེ་མིག་གཡས་གཡོན་དུ་ཕུས་བཏབ་ན། རྡུལ་སོགས་ཕྱིར་འབྱིན་ཞེས་གཏེར་མའོ། །ཡང་མིག་ཏུ་གྲ་མ་དང་རྡུལ་སོགས་ཤོར་ན། ཨོཾ་དར་མ་དིང་སྭཱ་ཧཱཿ མིག་གཡས་སུ་ཚུད་ན་གཡོན་པའི་སྲིན་ལག་དང་། གཡོན་པར་གཡས་པའི་སྲིན་ལག་ལ་བསྔགས་ཏེ་ཕུར་ན་སྐད་ཅིག་ལ་ཕྱིར་འདོན་པར་འགྱུར་རོ་ཞེས་གཏེར་མའོ། །ཡང་མིག་ཏུ་གྲ་རྡུལ་ཤོར་ན། ལ་མ་


MR11_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཐིཿ ཞེས་བཟླས་སྲིན་ལག་ལ་བཏབ་སྟེ་མིག་ཕྱིས་པས་དེ་མ་ཐག་ཏུ་སེལ་ལོ། །ཡང་། ཨོཾ་བ་ཞི་སྦུར་ཧུ་ར་ན་མ་ལིང་སྭཱ་ཧཱཿ མིག་ཏུ་གྲ་མ་སོགས་ཤོར་བ་དང་། གྲེ་བར་ཁབ་དང་གྲ་མ་སོགས་ཤོར་བ་ལ་མིག་ལ་བཏབ་ཅིང་སྔགས་ཆུ་བཏང་བས་སེལ་ཞེས་དམ་པས་སོ། །ཡང་མིག་ཏུ་གྲ་མ་སོང་ན། ཨོཾ་ཕི་སང་ཕི་སང་ས་ར་ས་ར་སྭཱ་ཧཱཿ སྦྲང་རྩི་ལ་བཟླས་ཏེ་མིག་གི་ཕྱི་ཟུར་དུ་བྱུག་པས་ཕྱིར་འཐོན་པར་འགྱུར་རོ། །ཁ་བ་དུད་པའི་ཕྱིད་པ་འཛུད། མིག་ཁ་བས་ཕྱིད་ན། ཨོཾ་ཙ་ལེ་ཙ་ལེ་གྲང་ལྷིང་ངེ་སྭཱ་ཧཱཿ ཞེས་བཟླས་མཆིལ་མ་མིག་ལ་བྱུག་པས་ཕན་ངེས་གཏེར་མའོ། །ཡང་གཅིག །ཨོཾ་་ཧེ་སྭཱ་ཧཱ། ཞེས་མང་དུ་བཟླས་ཏེ་ཕུས་བུས་པས་གྲོལ་ལོ། །མིག་ལ་སྲིན་ཐོར་བྱུང་ན། ཨོཾ་སྲིན་ཤི་སྲིན་སོད། པྲ་སོད་པྲ་ཤི་པྲ་བོ་སོད། སྔགས་འདི་ལན་མང་བཏབ་པས་སོས་སོ། །མིག་གི་སྐྱ་རིབ་སྔོ་རིབ་ལ། ཨོཾ་ཧ་རི་སྐྱོར་ཏེ་སྭཱ་ཧཱཿ སྔགས་འདི་སྟོང་ངམ་ཁྲིས་སྐྱ་རིབ་སྔོ་རིབ་དང་གཞན་ཡང་མིག་ནད་མ་ལུས་པ་སེལ་ཏེ་ཕུའམ་སྔགས་ཆུས་བྱའོ།།མི་བསད་གྲི་ལྕགས་ལས། ལྕ་སྐུད་ཕྲ་མོར་བསྙེད་ནས་སྲིན་མཛུབ་ལ་སྐོར་གཉིས་འཁོར་བའི་གདུ་བུ་མགར་བའི་ལག་ནས་བླངས་མ་ཐག་པ་ལ། མ་བློང་བར་ཟེར་དཔྱད། ཨོཾ་ཡེ་བྱིད་དེ། ལོ་བྱིད་དེ། ཤག་


MR11_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་བྱིད། རཏྣ་བྱིད། མ་ཧཱ་བྱིད་སྭཱ་ཧཱ། སྔགས་འདི་ཐོ་རངས་མི་དང་མ་ལབ་གོང་། གྲི་ལྕགས་སོར་བདུ་བ་ལ་སུམ་བརྒྱ་བཏབ་སྟེ། མིག་གི་རྒྱལ་མོ་ལ་མ་རེག་ཙམ་དུ་ཡང་ཡང་ཕྱི་ཚུལ་བྱ། དེ་ལྟར་ཟླ་གཅིག་བར་མ་ཆག་ན་མིག་ཇེ་གསལ་དུ་འགྱུར་བའི་གདམས་པ་མཆོག་ཏུ་གྱུར་པའོ། །མིག་གི་རབ་རིབ་གསལ་བའི་གདམ་པ། ནང་སྔ་ལངས་ནས་ཙོག་པུར་བསྡད། སྲིན་ལག་གཉིས་ལྐོག་མར་པར་བཅུག་ལ་མིག་འབྲས་གྱེན་དུ་བཟློག་སྟེ། ནམ་མཁའ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པས་བྱིན་གྱིས་བརླབས་པར་བསམ་ལ་སྔགས་འདི་ཉེར་གཅིག་བཟླ། ཨོཾ་མ་ཏི་ན་མཿ མཆིལ་མ་ལག་མཐིལ་གཡས་པར་ཐུད་ཐུད་བྱས་ལ་གཡོན་པའི་སྲིན་ལག་གིས་མཉེས་ཏེ་མིག་གཡོན་ལ་བསྐུ། ཡང་གཡོན་པར་ཐུད་ཐུད་བྱས་པ་གཡས་པའི་སྲིན་ལག་གིས་བསྣུར་ཏེ་མིག་གཡས་པར་བྱུག །དུས་བཟང་པོ་ལ་ཁྲུས་རེ་བྱ། མ་བརྗེད་པར་ནང་རེ་བཞིན་བྱས་ན་མིག་ལོང་མི་སྲིད་ཅེས་གཏེར་མའོ། །ཡང་མིག་མི་གསལ་བ་གསལ་བར་བྱེད་པའི་སྔགས། ཨོཾ་ཨཱཿཧཱུྃ། པདྨེ་པདྨེ་ཁྲིག་ཕུ་སྭཱ་ཧཱཿ སྲིན་ལག་ལ་སྔགས་བཏབ་ནང་རེ་བཞིན་མིག་ཕྱིས་པས་མིག་གི་ནད་སེལ་ཞིང་གསལ་བར་འགྱུར་རོ་ཞེས་ལས་ཐམས་


MR11_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །ནི་གུ་མའི་མིག་ཁྲུས་མུན་སེལ་སྒྲོན་མེ་ནི། ཨོཾ་པདྨེ་པདྨེ་པདྨ་གྲིབ་ཀྱི་{ཕྱེའམ་དང་}ཕུ་སྭཱ་ཧཱ། སྲིན་མཐེབ་ལ་ལན་བདུན་བཟླས་པས་མིག་ཕྱི་ཞིང་སྔགས་མཆིལ་མིག་གཡས་གཡོན་ལ་བསྐུའོ། །ནང་རེ་བཞིན་བྱས་ན་སྲོད་ལོང་སེལ། མིག་གི་འགྲིབ་ཀུན་ཞི་བར་བྱེད་དོ་གསུངས། ཡང་མིག་གི་གསལ་བྱེད་སྔགས། ཨོཾ་པདྨེ་པདྨེ་མ་ཀྲི་མ་ཀྲི་ཕུ་སྭཱ་ཧཱ། བཟླས་པས་ཕན་ནོ་ཞེས་སྔགས་འདི་འདྲ་ཅུང་ཟད་འདྲ་མིན་ཡིག་སྐྱོན་མིན་པ་རྣམས་སོ་སོའི་ལུགས་ཏེ་ཕན་ཚུན་ཞུ་དག་མི་བྱ་བར་སོར་བཞག་བཟླས་ན་ལེགས་པ་གོང་འོག་ཀུན་ཏུ་ཤེས་པར་བྱའོ། །མིག་འགྲིབ་པ་འབྱེད་པའི་སྔགས། ཐོ་རངས་ངག་མ་སྨྲས་པའི་གོང་རང་གི་སྤྱི་བོར་བླ་མ་སྤྱན་རས་གཟིགས་བསམས་ལ་ཡིག་དྲུག་སྟོང་བཟླ། དེ་རྗེས།ཨོཾ་གསལ་ལེ་གསལ་ལེ་མུན་གསལ་ལེ་ཀུན་ཧྲིག་སྭཱ་ཧཱ། ཞེས་པའི་སྔགས་དང་མ་ཎི་སྤེལ་བཟླས་མཆིལ་མ་སྲིན་ལག་གིས་བླངས་ལ་ཐུགས་རྗེ་ཆེན་པོའི་ལྗགས་མཆིལ་དངོས་སུ་བསམ་ལ་མིག་ལ་བསྐུས། ནད་པའི་གཡོན་དུ་མེ་ལོང་བཟུང་བ་དེའི་འོད་ཆུ་ལ་ཕོག་པར་བྱས། རྩེ་གཅིག་ཏུ་གསོལ་བ་བཏབ། སྟོང་ཉིད་དང་སྙིང་རྗེ་བསྒོམ། དེ་ལྟར་རྒྱུན་དུ་བྱས་


MR11_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནམ་ཞིག་མིག་རང་འབྱེད་པར་འགྱུར་རོ་ཞེས་གཏེར་མའོ། །ཡང་སྔགས་འདི་ཆུ་གཙང་ལ་བཏབ་ནས་མིག་ལ་བསྐུས་པས་འགྲིབ་ཐུར་མས་དབྱེ་མི་དགོས་པར་འབྱེད་པར་འགྱུར་ཏེ་སྔགས་ནི། ཨོཾ་ཐ་ན་ཀོ་ཀི་ལ་ན་ཏྲ་སུ་ཀ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཟབ་བོ། །ཡང་མིག་འགྲིབ་ལ། ག་པུར་གླ་རྩི་རྒྱ་སྣག་{རྒྱ་སྐག་ཟེར་བའང་འདུག་དཔྱད་}སྒོང་སྤྲིས་རྣམས་སྒོ་ངའི་ནང་བཅུག་བཟླས། ཨོཾ་ན་ག་ཤ་རི་རྦད། ག་ཏོ་ཤ་རི་རྦད། ཐུག་ནན་ཤ་རི་རྦད་སྭཱ་ཧཱཿ སྒོང་སྤྲིས་ཞུ་བ་དང་ནུས་པ་ཐོན་པ་ཡིན། དེ་ནས་ནད་པ་དང་རང་གཉིས་ཀའི་ཁོང་དུ་བཏང་། སྔགས་ཉེར་གཅིག་རེ་བཟླས་ལ་མིག་ཏུ་བྱུག་པས་འགྲིབ་པ་འབྱེད་དོ། །ཡང་མིག་འགྲིབ་གསལ་བྱེད་ལ། རང་སྤྱན་རས་གཟིགས་སུ་བསྒོམ། མེ་ལོང་སྤོས་ཤེལ་རང་གི་སྲིན་མཛུབ་གསུམ་གང་རུང་ལེགས་པར་ཕྱིས་ལ་སངས་རྒྱས་སྤྱན་མ་ཕྱག་གཉིས་གསེར་ཐུར་བསྣམས་པས་མིག་གི་རབ་རིབ་སེལ་བར་བསམ། ཨོཾ་ཙཀྵུ་ཙཀྵུ་བཛྲ་ཙཀྵུ། སལ་སལ་ཕྱེ་ཕྱེ་ས་མ་ཡཱ། སེལ་སེལ་ཕྱེ་ཕྱེ། དྷ་ར་ཡབ་སལ་སལ་ཕྱེ་ཕྱེ། རཀྵ་དྷ་ར་ཡབ་སལ་སལ་ཕྱེ་ཕྱེཿ ཞེས་བརྒྱ་རྩ་བརྒྱད་བཟླས་ནས་མིག་ཕྱེས་པས་མིག་གི་འགྲིབ་ཀུན་གསལ་བར་


MR11_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེ་ལྟར་རྣ་བའི་ཕྱོགས་ནས་ཚུར་ཕྱིས་པས་མིག་གི་འགྲིབ་སེལ་ཞིང་མིག་འབྱེད་པའི་གདམས་པ་ཟབ་མོ་ཤངས་་ཆེན་ཁྱད་ཆོས་སོ། །སངས་རྒྱས་མིག་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙཀྵུ་ཙཀྵུ་ཛྙཱ་ན་ཙཀྵུ་སྭཱ་ཧཱ། ཞེས་བརྗོད་པས་འཇིག་རྟེན་ན་མིག་ལྟ་བུར་འགྱུར་རོ་མདོ་ལས་གསུངས། འདི་ཡིས་མིག་གི་སྐྱོན་ཐམས་ཅད་སྦྱོང་བར་ཡང་བྱེད་དོ། །ལྟོ་སྟོངས་རང་གི་སོ་ཡི་དྲི་མ་སྲིན་ལག་གིས་མིག་ལ་བྱུག་ན་མིག་ཤེད་མི་འགྲིབ་ཅིང་གསལ་ཞེས་དུས་འཁོར་ལས་གསུངས། ལག་མཐིལ་ཕན་ཚུན་མཉེས་པས་དྲོད་ཀྱིས་མིག་ལ་དུག་བྱས་ནའང་ཕན་ཞེས་གཏེར་མ་སོགས་ལས་སོ། །ན་མོ་བཱི་ཏ་རཱ་གཱ་ཡ། མཻ་ཏྲི་ཡ་སིད་དྷ་ལོ་ཙ་ནེ་སྭཱ་ཧཱ། ཆུ་ལ་བསྔགས་ཏེ་མིག་བཀྲུས་ན་རབ་རིབ་སེལ་ཞེས་གཏུམ་པོ་དཔའ་གཅིག་གི་རྒྱུད་དང་གཤེད་དམར་རྒྱུད་སོགས་ལས་གསུངས་སོ། །ཨོཾ་ཀྵ་ཀྵ་ཀྵ་སྭཱ་ཧཱ། སྔགས་འདིས་མར་ནག་ལ་བསྔགས་ཏེ་རྣ་བར་བླུག་ན་རྣ་བའི་ཟུག་གཟེར་སོགས་དེའི་ནད་ཐམས་ཅད་མེད་པར་བྱེད་ཅེས་ནོར་བུ་བཟང་པོའི་རྟོགས་པ་ལས་སོ། །རྣ་བ་འོན་པ་སང་བའི་སྔགས་ནི། ཨོཾ་ཨཱཿཧཱུྃ་སང་སང་ཡེར་ཡེར་སྭཱ་ཧཱཿ རླུང་བཟུང་ལ་ནད་ཐམས་ཅད་རྣ་བ་ནས་ཕྱིར་བཏོན་པར་བསམ། ཞག་


MR11_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལྟོ་སྟོངས་ལ་བཟླས་ན་རྣ་བ་འོན་པ་ངེས་པར་གསིང་བར་འགྱུར་རོ་ཞེས་ལས་ཐམས་ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །ཡང་རྣ་བ་སོས་བྱེད་ལ།སྤྱང་བྲུན་སྟག་ཤ་རྨ་བྱའི་མདངས་རྣམས་བསྲེས་ནས་ལྟོར་བཏང་ཞིང་དགོང་ཀ་དང་ཐོ་རངས་སྔགས་འདི་བཟླ། ཨོཾ་ཨཱཿཧཱུྃ། འུར་འུར། སཾ་སཾ། ཡཾ་ཡཾ། ཞི་བ་ཤནྟིངྐུ་རུ་ཡེ་སྭཱ་ཧཱཿ རྒྱ་ཚྭ་རུ་རྟ་ངན་རོག རྒྱ་སྐག་ཐལ་བ་ལུག་མཁྲིས་རྣམས་སྦྱར་ཏེ་བལ་ཡེས་ཐིགས་པ་གསུམ་ཙམ་གཏིག་པས་རྣག་རྡོལ་འོང་སྟེ་ལན་གསུམ་བསྐྱར། ལ་ཕུག་ཁུ་བ་ཤིང་ཀུན་དང་སྒོག་སྐྱ་མར་ནག་རྙིང་པར་བཙོས་པ་རྣམས་རྣ་བའི་ནང་འཇམ་རྩིར་བཏང་ལ་བལ་ཡེས་བུག་པ་དགག །དེས་འོན་པ་ཕྱེ་ཞིང་འཐིབ་པ་སེལ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །སྣ་ཁྲག་བཅད་པར། ནད་པའི་སྣ་རྩེར་ཁྱུང་དང་། སྣ་ཁྲག་སྦྲུལ། ཁྱུང་གིས་བལྟས་པས་སྦྲུལ་བྲོས་པར་བསམ། ནག་ཏིག་ཆོདཿ ཅེས་བཟླས་པས་ཕྲལ་དུ་ཆོད། ཐར་མར་ཆུ་སེར་བྱུང་དུས་ལོག་གནོན་ནི། རཀྟ་ནི་ལ་ཆོདཿ ཅེས་བཟླ་གཏེར་མ་ཟབ་བོ། །ཡང་གཅིག ཨོཾ་རཏྣ་རཏྣ་ཙ་ཏི་ཙ་ཏི་ཡེ་སིདྷི་སིདྷི་ཧཱུྃ་ཕཊ། ཅེས་བཟླས་ཏེ་སྣར་འབུད་པས་སོས་སོ། །ཆུ་ལ་མང་དུ་བསྔགས་ཏེ་


MR11_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ན་མངལ་ཁྲག་ཆོད་དོ། །ཡང་། ཏདྱ་ཐཱ། བང་ཀུ་རེ་བཛྲ་ལ་བུ་སྭཱ་ཧཱ། སྔགས་འདི་སྲུང་སྐུད་དམར་པོར་བརྒྱ་རྩ་བརྒྱད་བཟླས་ཏེ་སྤྱི་བོར་བཏགས་ན་སྣ་ཁྲག་འཛག་པ་དང་། སྐྱུགས་པའི་རིགས་ཀྱི་ཁྲག་ཆོད་དོ། །ཡང་སྣ་ཁྲག་ཚབས་ཆེ་བ་ལ། དོམ་མཁྲིས་ཁ་གུར། སྲན་མའི་མེ་ཏོག་གསུམ་ཞིབ་བཏགས་ཆུ་གྲང་དང་སྦྱར་བ་དང་ནད་པའི་སྣ་ཁྲག་ཅུང་ཟད་མེར་བསྲེག་ལ། ཨ་པ་ཊཿཅེས་པ་སོ་སོར་བརྒྱ་བཏབ་སྟེ་ཁོང་དུ་བཏང་བས་འཆད་དོ། །ཡང་གཅིག །མཁའ་འགྲོ་མ་དམར་མོ་སྟུ་ཚུམ་ངོ་ཚའོ། །སྔགས་འདི་མང་དུ་བཟླས་པ་སྲིན་ལག་ལ་བཏབ་སྟེ་དེ་ཉིད་ཕོ་མཚན་དང་། སྣ་མོ་མཚན་དུ་བསམ། སྦྱོར་བ་བྱས་པས། སྣ་ནང་བྱང་སེམས་ཀྱིས་གང་བར་བསམ་ལ་མང་དུ་བཟླས་ཏེ་སྲིན་ལག་སྣ་སྒོར་གཏུག་སྔགས་ཕུ་ཡང་བྱས་པས་ཐུབ་བོ། །རྫས་མཁན་དཀར། ཤིང་ཚ། སྤྲུ་ནག དོམ་མཁྲིས། མཚེ་ཡི་ཁུ་བ། རྒྱ་སྣག་རྣམས་ཞིབ་བཏགས་རས་ཐུམ་སྣ་བུག་ཤོང་ཚད་བརྫངས་ལ་སྔགས་མཆིལ་ཀྱང་བྱུག་པས་ཆོག་གོ། ཡང་སྣ་ཁྲག་གཅོད་ན། ཧྲི་ཀྵོཾ༔ ཞེས་པ་འདི་གཤོར་ལྕགས་རྒོད་པ་ལ་མཚལ་རྒྱ་སྣག་གིས་བྲིས་ཏེ་དཔྲལ་བར་གླན། ལྟག་ཁུང་དུ་ཆུ་དང་མེ་བརྒྱབ་པས་ཆོད་ཅེས་གཏེར་སྟོན་ར་མོ་ཤེལ་སྨན་གྱི་


MR11_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མའོ། །ཡང་གཅིག །ཨོཾ་པ་ཙ་ཙག་ཀི་སྤུ། ཁྲག་སྔགས་འདི་རང་ཨ་ཙ་ར་མཐེ་བོང་སྦལ་པར་བསྒོམ་ལ། སྔགས་བཏབ་སྣ་སྒོའམ་རྨ་ལ་གླན་པས་ཁྲག་ཆོད།ཚབས་ཆེ་ན་སྔགས་སྟོང་ཕྲག་བཞི། གཞན་བརྒྱ་རྩ་རེས་སྣ་ཁྲག་ཆོད་ངེས་སོ། །ཡང་གཅིག །ཁྲག་རྣག་རཾ་རྦད་ཆོད་ཆོད། བརྒྱ་རྩ་བརྒྱད་བཟླས་ཕུས་བཏབ་པས་སྣ་ཁྲག་དང་རྨ་ཁྲག་སོགས་གང་ཡང་ཆོད་དོ། །ཡང་སྣ་ཁྲག་ལ། ཨོཾ་ན་མོ་མ་ཧ་ཙནྡྷ་རོ་ཤ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་ཕུས་བཏབ་པས་ཕན་ཞེས་གཏེར་མའོ། །ལྕེ་ནད་ཞི་བར། ངང་པ་གསེར་སྒོང་དང་རྒྱ་ཚྭ་ཞུན་མར་ཁ་མུར་བྱ་ཞིང་སྔགས་ནི། ཨོཾ་བཛྲ་ཁཾ་ཤུདྡྷེ་ཤུདྡྷོ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་པས་རྡོ་རྗེའི་ལྗགས་འཐོབ་བོ་ཞེས་གཏེར་མའོ། །ཤ་ལྷག་དང་ཤ་ལྕེ་འབྱིན་པར། ཨོ་ཁྱི་དྲི་རེ་སྭཱ་ཧཱཿ སྔགས་ཆུར་བཏབ་འཐུང་འབྱིན་པར་ཐེ་ཚོམ་མེད་ཅེས་གཏེར་མའོ། །ལྕེ་སྐྲངས་ནི། སུ་ཏི་སུ་ཏི་དེ་ལ་རྦདཿ ཅེས་བཟླས་ཕུས་བཏབ་བོ། །ལྐུག་པ་ཁ་འབྱེད་གདམས་པ་ཟབ་མོ་ནི། འདི་ལ་རྒན་གཞོན་མེད་དེ་སུ་ལའང་ཕན། རྫས་སྐྱུང་ཁའི་ཁྲག་དང་། རྒྱམ་ཚྭ་གཉིས་ནུ་ཞོ་ལ་སྦྱར་བའི་རིལ་བུ་ཡུངས་ཀར་གྱི་འབྲུ་ཙམ་བྱས་ལ་སྔགས་འདི་བཏབ།


MR11_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ཧཱུྃཿ ད་དྷ་ཧྲཱིཿ ཨོཾ་ཛུ་ལུ་ཧཱུྃ་ཕཊཿ ཅེས་པ་སྟོང་ཚོ་གཅིག་བཏབ་ལ། ཉི་མ་དང་པོ་ལ་རིལ་བུ་གསུམ། བར་མ་ལ་གཉིས། རྗེས་མ་ལ་གཅིག་ཆང་དང་སྦྱར་ལ་བཏང་། ལྕེ་ལ་སེང་གེ་སྒྲ་བྱུང་བ་དང་། སྐད་ངན་བྱུང་ན་བཟང་། སྐད་ངན་མ་བྱུང་ན། རིལ་བུ་དེ་ལོག་པོར་བཏང་། དེ་བས་མང་ན་རྐན་འབུག་ལྐུག་པ་ཁ་འབྱེད་ཤིན་ཏུ་ཟབ་པ་གཏེར་མའོ། །བྱིས་པ་ཁ་ལང་ན། མདོག་དམར་པོ་ཡིན་ན་ཆུ་དང་། དཀར་པོ་ལ་ཆང་ལ་སྔགས་འདི་བཏབ། ཨོཾ་སད་དྷ་ན་དྷ་སྭཱ་ཧཱཿ ཞེས་པ་ཟབ་སྟེ་གཏེར་མའོ། །ཡང་བྱིས་པ་ཁ་ལང་སྔགས། ཨོཾ་པ་ཙ་པ་ཙ་སྭཱ་ཧཱཿ ཞེས་སོ། །སོ་ནད་སྔགས། ཨོཾ་ནག་པོ་ཚལ་པ་ཤག་ཏི་རྦད། ཟབ་བོ། །ཡང་སོ་ནད་གཉན་སྲིན་ཡ་མ་རླུང་སོགས་གང་ལ་ཡང་། རུ་རྟ་དབང་ལག་ཆ་མཉམ་གུ་གུལ་སྦྱར་བའི་རིལ་བུ་ནས་ཙམ་གང་ན་བའི་སོ་བར་བཙིར། སྨན་ཁུ་ཁོང་དུ་མིད། སྔགས་ནི། ཨོཾ་ཙིའུ་ཙིའུ་ལྷང་ལྷང་ཐུཾ་ཐུཾ་ཤིག་ཤིག་སྭཱ་ཧཱ། ཞེས་བཟླ་ཟབ་བོ། །ཡང་སོ་སྲིན་སྔགས་རང་ལྕགས་ཀྱི་ཕག་རྒོད་ལྕགས་ཀྱི་སྣ་ཡོད་པ་གཅིག་གིས་སྲིན་དང་གདོན་ཐམས་ཅད་ལང་ལོང་གཡེང་ནས་ལྗག་ལྗག་ཟ་བར་བསམ་ལ་གང་ན་སར་སྨྱུག་སྦུག་བཙུགས་ལ་ཕུས་བཏབ། ཨོཾ་ཏྲིང་ཏྲིང་


MR11_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བྷར་ར་སོདཿ ན་ལེ་ཏེ་སྭཱ་ཧཱཿ ཐེབ་པས་མཆོག་སྟེ་གཏེར་མའོ། །ཡང་སོ་སྲིན་ལ་ཚྭ་རྡོག་གསུམ་བསྔགས་ཏེ་སོ་བར་བརྩིར། ཨཱོཾ་ཏོ་ཏེ་ཏོ་ཏེཿ འུར་འུར་ཆིལ་ཆིལཿ སྲིན་ལ་གཟེརཿ རླུང་ལ་གཟིརཿ འབྱུང་པོ་ལ་གཟེར་སོད་སྭཱ་ཧཱཿ སྲིན་རླུང་གཉན་གྱི་སོ་ནད་གང་ཡང་འཇོམས་པར་ཐེ་ཚོམ་མེད། རཏྣ་གླིང་པའི་རྟ་དམར་གྱི་ཆ་ལག་ལས་ཚོགས་རིན་ཆེན་གཏེར་བུམ་གྱི་སྔགས་མྱོང་གྲུབ་མའོ། །འདི་ལ་ཁམ་ཚིག་གཤག་ནང་ཨ་བཞི་མགོ་སྤྲོད་དུ་བྲིས། སྒོག་གཅིག་བརྡུང་བས་དེ་ཁེངས་པར་བཀང་། སྔགས་ཆུས་སོ་གང་ན་སར་བཏབ་སྟེ་བཀྲུ། དེ་སྟེང་ཚིག་གུ་ལ་ཕུས་བཏབ་མནན་པས་ཕྲལ་དུ་གྲང་སིམ་འགྲོ་སྟེ་ཕན། ཁོང་སྲིན་གླང་ཐབས་ལ་དྲེས་མ་ཆར་ཁྱེར་བསྐོལ་ཐང་ལ། སྔགས་བཏབ་ཚན་མོར་བཏང་བས་ཕན་ནོ། །ཡང་སོ་སྲིན་སྔགས། ཨོཾ་བྱ་ཤི་བྱ་ཤི་ཡ་ནན་སྭཱ་ཧཱ། རང་ལ་སྔགས་བཟླས་པས་ཕན། གཞན་ལ་སོ་ན་སར་སོག་སྦུབ་ནས་ཕུས་བཏབ་པས་ཕན། ཡང་ཐང་ཕྲོམ་འབྲུ་དགུ་ལང་ཐང་ཙེ་ཕག་ཚིལ་གསུམ་ལ་སྔགས་བཏབ། དཀར་གོང་བསྲེག་པའི་སྟེང་དུ་བསྲེགས་པའི་དུད་པ་སྙུག་སྦུབ་ནས་སོ་ན་སར་གཏད་དེ་བདུགས་པས་སྲིན་དངོས་སུ་འཐོན་པར་འགྱུར་རོ་ཟབ།


MR11_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་སོ་སྲིན་འབྲུ་ནན་སོདཿ ཅེས་པ་འདི་ཡང་སོ་སྲིན་སྔགས་གཏེར་མའོ། །ཨོཾ་བྱི་ཙི་ལེ་སྭཱ་ཧཱཿ ཚ་ལ་བསྔགས་ཏེ་སོ་བར་བཟུང་བས་སོ་སྲིན་ཐུབ་ཅེས་གཏེར་མའོ། །ཡང་གཅིག །ཧ་སི་ནག་པོ་མགོ་དགུ་སོདཿ སྐྱེར་ཕུར་སོར་བཞི་ལ་བསྔགས་ནས་ན་སར་ཏུག་ཏུག་བྱས་པས་སོ་སྲིན་ཐུབ་བོ། །ཡང་གཅིག །ཨོཾ་ཡ་ཙེ་ཀ་ལ་ཤ །སོ་རྩེ་རུ་ལ་ཀཿ མང་བཟླས་སོ་ལ་བཏབ་ན་ཕན། ཡང་སོ་ནད་སྔགས། ཏྲི་ཡ་ནག་པོ་སོདཿ ཚྭ་བསྔགས་ལ་སོ་བར་བཟུང་བས་ཕན་ནོ། །ཡང་སོ་སྲིན་སྔགས། ཨཱོཾ་ཨ་ཏི་ནག་པོ་སོད། སྒོག་པ་ལ་སིལ་གཅིག་སྐེད་པར་བཅད་པའི་བཅད་ཁར་སྔགས་མང་དུ་བཏབ་ལ་གང་ན་སར་གླན་པས་ཐུབ། ཁོང་སྲིན་ལ་ཚྭ་བསྔགས་ཏེ་ལྟོ་སྟོང་བཏང་འཕྲལ་དུ་ཕན་ནོ། །སོ་སྲིན་སྔགས། ཡ་དུ་ཡ་དུ་ཡ་དུ། ཟུ་ར་ཟུ་ར་ཟུ་ར། ཞ་ན་ཞ་ན་ཞ་ན། ཨོཾ་ཤ་ཁྲི་མ་རྦད། སྲིན་བུ་ཉི་ཁྲི་སོད། སོ་ལ་ལྕགས་སྦུབས་གཏད་ལ་ཕུས་གདབ་བོ། །ཡང་། ཨོཾ་ཨུཏྤ་ལ་རྗེ་རྗེ་ཕེབས་ཕེབས་ནན་སྭཱ་ཧཱ། དབྱི་མོང་གི་ཤུན་པ་དང་ཚྭ་ལ་རིལ་བུ་བྱས་ནས་བསྔགས་ཏེ་སོ་བར་བཟུང་ཡང་། ཨོཾ་སྲིན་བུ་ཚ་ལེ་ཚ། ནི་ཏྲི་ཐུཾ་རིལ་རྦད་ཚྭ་ལ་རྦད། ཚྭ་ལ་བཏབ་ནས་སོ་བར་མནན། ཡང་། ཨོཾ་ཤག་ཙི་ན་ཡེ་སྭཱ་ཧཱ། ལྕགས་སྦུབ་སོ་ལ་


MR11_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ནས་སྔགས་བཏབ་བོ། །ཨོཾ་པི་པི་རུ་རུ་ཀུར་ཀུར། མ་ཀུར་ཙག་ཤུ་ཕུས། བློ་ལ་མ་བརྗེད་པས་སྲིན་བུ་ཐུབ་བོ། །ཡང་། གུ་གུལ་གླ་རྩི་ཤིང་ཀུན་རྟ་བོན་བདུད་རྩི་མུ་ཟི་ནག་པོ་ཨ་མྲྀ་ཏ་ཤ་ཚིལ་སྦྱར་བའི་རིལ་བུ་སྲན་མ་ཙམ་ལ། ཨོཾ་ཨཱཿཧཱུྃ་རུག་རུག་ནན་ནནཿ བརྒྱ་བཟླས་བཏབ་སོ་རྩར་གླན། ལྕགས་སྦུབ་སོ་རྩར་གཏད་དེ་ལྕགས་བསྲེག་གིས་བརྡེག །ཡང་ན་སྤུ་རྩ་མར་དུ་བཙོས་ལ། དྲོ་འཇམ་རྣ་བར་གཏིག་པས་ཕན་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་སོ་སྲིན་ལ་མར་ནག་ལ་སྒོག་སྐྱ་བཏབ་ནས། དུང་གིས་དཀྲུག་ཅིང་སྔགས་འདི་བཟླས། ནཱ་ག་སྲིན་སོད། ནཱ་ག་སྲིན་ཐོནཿ བརྒྱ་རྩ་བརྒྱད་བཏབ་སྟེ་སོ་ན་བའི་ངོས་ཀྱི་རྣ་བར་བླུགས་པས་ཕན་ངེས་སོ། །ཡང་དཔེའུ་རིས་འདི་ཤོག་བུ་ལ་བྲིས། ཁ་ནང་དུ་བསྟན་ཏེ་སོ་ན་བའི་འགྲམ་པར་སྤྱིན་གྱིས་སྦྱར་བར་ཕན་ནོ། །ཡང་གཅིག །ཧྲིག་ཤྲིག་ཕྲིག་ཤྲིག་ནན༔ སྒོག་སྐྱ་ལ་སྔགས་སྟོང་བཏབ་སོ་བར་བཙིར་བས་ཕན། ཡང་རྟ་མགྲིན་ལས་ཚོགས་བརྒྱ་རྩ་བརྒྱད་པ་ལས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿ ཨོཾ་ཐར་ཐར་སོདཿ ཐུར་ཐུར་སོདཿ ཆར་ཆར་ཆིར་ཆིརཿ སྲིན་བུ་མགོ་དམར་{མ་ཇ་ཧཱུྃ་ཨ་}སོད་སྭཱ་ཧཱཿ


MR11_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཚྭ་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་སོ་བར་བརྩིར་བས་སོ་སྲིན་ལ་ཕན་ཞེས་གསུངས་སོ། །ཡང་གཅིག །ཨོཾ་སྲིན་བུ་ཉལ་ཉལ་གཏུབས་གཏུབས་ཤིག་ཤིག་སྭཱ་ཧཱཿ ཚྭ་བསྔགས་ལ་སོ་ན་བའི་བར་དུ་བཟུང་ན་ཕན་ནོ། །སོ་སྲིན་ཟུག་གཟེར་བཅོས་ཐབས་ཤུག་པའི་རྡོ་རྗེ་རྩེ་སོར་གཉིས་པའི་ལྟེ་བར་རྒྱ་ཤོག་སྔོན་པོ་ཞིག་གླན་དེ་སྟེང་སྤྲ་ཚུགས་བཞག་པ་གང་ན་བའི་སྟེང་དུ་སྦྱར། ཨོཾ་སྲིན་བུ་མགོ་དམར་སོདཿ ཅེས་པའི་སྔགས་ཅི་རིགས་བཏབ་ནས་མེ་སྦར་བས་སྤྲ་བ་ཚིག་པ་དང་སོ་ནད་གྲོལ་ལོ། །སོ་སྲིན་འདོན་པའི་གདམས་པ་ལ། ཨོཾ་འཁྱུག་ཙ་དུར་རྦད་སྭཱ་ཧཱཿ ཉེར་གཅིག་སོགས་བཟླས་ལ་སྨྱུག་མའམ་སོག་སྦུབ་ནས་སོ་རྩ་ལ་ཕུས་བཏབ་པས་འཐོན་པར་འགྱུར་རོ། །ཡང་གཅིག ཨོཾ་ཨ་ཀུན་རི་སོདཿ ཐང་ཕྲོམ་འབྲས་བུ་དང་མར་རྙིང་བསྲེས་པ་རྡོག་པོ་གསུམ་བཟོས་ལ་སྔགས་ཅི་མང་བཏབ། སྨན་ལྕགས་སྲེག་སྟེང་དུ་བཏབ། ནད་པ་ཁ་གདངས་ནས་དུ་བ་ཁར་འགྲོ་བར་བྱ། དེ་འོག་ཆུ་ཕོར་གང་བཞག་པའི་ནང་དུ་འབུ་ཐོན་འོང་བ་ལག་བླང་མའོ་ཞེས་འདུག ཡང་གཅིག །ཨོཾ་སྲིན་མགོ་དམར་པོ་སོདཿ ཏྲི་ཏྲི་སོད་སོད་སྭཱ་ཧཱ། ཤ་བའི་ཚིལ་ལ་བཏབ། ཨོཾ་ལཾ་ཐིམ་


MR11_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་གི་སྭཱ་ཧཱ། ཐང་ཕྲོམ་ནག་པོར་བཏབ་སྟེ། དེ་གཉིས་མཁར་གོང་མེར་བསྲེགས་སྟེང་བླུག་པར་སྙུག་སྦུབ་བཙུགས་ཏེ་འགྲམ་པའི་སྦུབས་སུ་བཅུག་ལ་སོ་གང་ན་བར་བདུགས་པས་སྲིན་དངོས་སུ་འཐོན་པར་འགྱུར་རོ། །ཡང་གཅིག་དྷ་ཏུ་ར་ཡི་འབྲུ་དང་ཕྱེ་མར་ལོ་མར་བསྲེས། ས་དུར་རྦད། ཡ་མ་ར་ཙ་སོད། སྲིན་གྱི་ཕ་སོདཿ སྲིན་གྱི་མ་སོདཿསྲིན་བུ་ལང་ལོང་ཐར་ཐོར་སོདཿ སྟོང་བཏབ་རྫ་མ་བསྲེགས་པའི་སྟེང་དུ་རྫས་དེ་བསྲེགས་པའི་དུ་བ་གཞན་དུ་མ་ཤོར་བར་ཁ་སྣར་བདུགས་པས་སོ་སྲིན་དངོས་སུ་འཐོན་པར་འགྱུར་རོ།སྔགས་འདི་ཤ་བའི་རྐང་ལ་སྔགས་པ་བྱུག་བདུག་བྱས་པས་སྲིན་ཐམས་ཅད་ལ་ཕན་པ་མྱོང་གྲུབ་ཅེས་འདུག །ཡང་སྲིན་འབུ་འདོན་ཐབས། ཤ་བའི་ཚིལ། ཡུ་མོའི་རྐང་། བོང་ང་ནག་པོ།མུ་ཟི་ནག་པོ། ར་ཚིལ། གུ་གུལ་ནག་པོ། རྟ་ནག་གི་ཁྲག་རྣམས་ལ་སྔགས། ཨོཾ་ཆེ་རེ་ཉུག་ཉུག་རྒྱུག་པ་སོད། ཡ་མ་སོད། སྲིན་འབུ་ཡ་མ་ནག་པོ་སོད། རྫས་རྣམས་མཁར་གོང་མེར་བསྲེགས་སྟེང་བཏབ་ནས་བྱ་གོ་བོའི་སྒྲོ་རྩས་སྣ་བུག་གཡས་སུ་བདུག རི་སྣ་གསུམ་གྱི་རྡོ་སྒྱེད་པུ་སུམ་ཚུགས་སུ་བཞག་སྟེང་ཟངས་ལྡེར་རམ་སྣོད་གང་རུང་ཆུས་བཀང་བ་སྣ་བུག་


MR11_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་འོག་དུ་བཟེད་ནས་གོང་བཞིན་དུ་བ་བདུགས་པ་ཙམ་གྱིས་སྲིན་བུ་དངོས་སུ་འཐོན་པར་འགྱུར་རོ། །དེ་དུས་རང་སྲུང་སྔགས་ནི། ཨོཾ་བྱེར་བྱེར་སྲིན་བུ་ནག་པོ་ནམ་མཁའ་སྟོང་པའི་ངང་དུ་ཡལ་བར་གྱུར་ཅིག་ཅེས་བཟླས་རང་གི་སྣ་ནང་དུ་ཕུས་བཏབ་བོ། །སོ་ནད་སྲུང་བ་ནི། ཨོཾ་ཨ་འདྲི་མི་འདྲི་སང་སང་བདེ་བ་སྭཱ་ཧཱ། བྲ་བའི་ཤུན་པ་ལ་སྔགས་མང་དུ་བཏབ་སྟེ་གང་ན་སར་གཏེམ་པས་ཕན་ནོ། །སོ་སྲིན་སྲུང་བར། ཕོ་ཤིང་མོ་ཤིང་གཡག་ཤིང་ངམ། གླང་མ་མགོ་མཇུག་མ་ལོག་པ་ལ་རྩེ་ནས་མར་སྔགས་འདི་བྲི། ཨོཾ་ཕཊ་ལྷོ་ཧ་ཆོད་སྭཱ་ཧཱ༔དེ་ལ་རང་སྔགས་བརྒྱ་དང་སྔགས་འདི་ཡང་བཏབ། ཨོཾ་སོ་སྲིན་ཡ་བུ་དམར་ར་སོད་སྭཱ་ཧཱཿ དེ་ནས་མགོ་མཇུག་མ་ལོག་པར་བལ་ཚོན་སྣ་ལྔས་དྲིལ་ཏེ་གང་ན་ངོས་བཏགས་པས་སྲུང་བར་ངེས་སོ་ཞེས་གཏེར་མའོ་ཟབ། ལག་བླང་མའོ། །ཡང་སོ་སྲུང་ནི། ཨཱོཾ་བྱི་ཤི་མ་ཤི་བྱི་ཐོ་རེ་ནཱ་ག་ནན་སོ་རྩེ་ནན་སྭཱ་ཧཱ། སོ་སྲིན་སོད་སོ་སྲིན་ཚེ་སྲོག་ནནཿ སྔགས་འདི་ཚེག་སྤང་ཞིང་ཚར་གཅིག་བྲིས་པའི་མཇུག་ནས་ཡར་ཚར་གཅིག་བྲིས་པ་དེ་གཉིས་ཁ་སྦྱར་གཉིས་ཀ་ཡིག་མགོ་ཕྱིར་བསྟན་དུ་བྲི། ཕྱི་རོལ་ཐིག་རིས་བཅས་པ་བྱ། རང་སྔགས་


MR11_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་གིས་རབ་གནས་བྱས་ལ། དེ་གཉིས་སླར་ཡང་ཁ་སྦྱར་དུ་ལྟེ་བ་ལ་མཇུག་ནས་ཡར་དྲིལ། སྐུད་དམར་གྱིས་དཀྲིས། དར་དམར་པོས་གཡོགས་ཏེ་སོ་གང་ན་ཕྱོགས་ཀྱི་འགྲམ་པར་བཏགས་པས་ཕན་པ་ལག་བླང་མའོ། །འདི་ཟབ་པར་སྣང་ངོ་། །སྲུང་བ་འདི་ཕར་ལ་གཡར་ན་སུ་ལའང་ཕན། ཚུར་བླངས་ན་མི་ཕན་པས་གསར་བྲི་དགོས་པར་བཤད་དོ། །གཞན་ཡང་སོ་སྲིན་སྲུང་བར། ཨཱོཾ་ནཱ་ག་རཱ་ཛ་རྦདཿ ཡ་མ་ཧྲིལ་ཧྲིལ་རྦདཿ ཡ་དུ་ཡ་དུཿ ཟུར་ཟུརཿ ཞན་ཞནཿ སོ་སྲིན་མགོ་དམར་པོ་སོད་སོད་སྭཱ་ཧཱཿ སྔགས་འདི་དབུ་ཅན་ཚག་མེད་དུ་བྲིས། ཤིང་ཀུན་དང་གླ་རྩིས་བྱུག རང་སྔགས་ཀྱིས་རབ་གནས་བྱས་ལ། མཇུག་ནས་ཡར་དྲིལ་ཏེ་སྐུད་དམར་གྱིས་བཅིངས་ནས་གང་ན་བའི་ཐད་དུ་བཏགས་པས་ཕན་ཞེས་གཏེར་མའོ། །ཡང་སོ་སྲུང་། ཨོཾཿཧཿསཿཧཿསཿསོཿཧཿརཿནནཿསོམཿསོད་སྭཱ་ཧཱཿ འདི་རྒྱ་ཤོག་ལ་རྒྱ་སྣག་གིས་བྲིས། མཐའ་ནས་ཡར་དྲིལ་རང་སྔགས་དང་རྟེན་སྙིང་གིས་རབ་གནས་བྱ། དེ་དང་ལྷན་ཅིག་སྲུང་སྐུད་ལ་མདུད་པ་ག སུམ་བཏབ་པ་སྔགས་ནས་བཏགས་པས་སོ་ནད་སྲུང་བར་ཐེ་ཚོམ་མེད། ཨ་ཙ་ར་དམར་པོའི་གདམས་ཨི་ཐི། ཡང་སོ་


MR11_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ན་བར། ཨོཾ་ཞན་ཞན་ཟུ་དུ་ཟུ་དུ་ཡ་དུ་ཡ་དུ་ཞི་ཞི་ཉལ་ཉལ་སོདཿ འདི་འཕྲེང་གཅིག་བྲིས་ཏེ་ཡ་སོ་ན་ན་རྣ་བ་དང་། མ་སོ་ན་ན་རྐེ་ལ་བཏགས་པས་ཕན། ཡང་སོ་སྲུང་། སྲོག་བདག་སྲོག་སྙིང་མཱ་ར་ཡ་སྙིང་ཁསཿ ཞེས་བྲིས་པ་ཁྱི་བལ་གྱི་སྐུད་པས་ལུང་བྱས་ཏེ་ན་ཕྱོགས་སུ་བཏགས་པས་ཕན་ནོ། །ཡང་སོ་སྲུང་། བཏང་ཁྲོལ་ནི་ནན་ནན་ན་ག་དན་ཁསཿ ཚར་གསུམ་བྲིས་མཇུག་ནས་དྲིལ་ཏེ་བཏགས་སོ་ཟབ། ཡང་སོ་སྲིན་དང་གདོན་གྱིས་ན་བ་སྲུང་ན། ཨཱོཾ་ཡེ་དུ་ཡེ་དུ་སུ་རུ་སུ་རུ་སྭོ་སྲིན་ཡ་མ་ནག་པོ་སོད་སོདཿ འཆང་བ་ལ་སོ་ནང་སྲིན་བུ་སྲུངས་ཤིག་རཀྵ་རཀྵཿཞེས་ཡི་གེ་དབུ་ཅན་ཚེག་མེད་འཕྲེང་གཅིག་བྲིས། ཞབས་ནས་ཡར་དྲིལ་སྐུད་དམར་བཅིངས། རང་སྔགས་དང་ཡེ་དྷརྨས་རབ་གནས་བྱ། གླ་རྩི་ཤིང་ཀུན་བྱུག །རྣ་བའི་ཐད་དུ་བཏགས་པས་ཕན། རཏྣ་གླིང་པས་བསམ་ཡས་མཆོད་རྟེན་དཀར་པོ་ནས་སྤྱན་དྲངས་པ་ཟབ་བོ། །ཡང་སོ་སྲུང་ཤོག་བུ་དྲས་བྱས་ཟིན་ལ་སྔགས་འདི་དབུ་ཅན་དུ་བྲི། ཞག་ཞག་ཞུག་ཞུག་ཞན་ཞན་ཞོན་ཞོན་འདི་ལ་སྲུངས༔ མགོ་ནས་མར་དྲིལ་མགོ་འཇུག་བཟློག་ལ་བཏགས། རབ་གནས་རང་སྔགས་གང་མང་གིས་བྱབ་བྲབ་ཟབ་བོ། །གཞན་ཡང་གུ་རུ་པདྨས་ཆོས་རྒྱལ་ལ་གནང་


MR11_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སོ་སྲུང་རྨ་བྱ་མ་སོགས་གཏེར་མ་དང་། གཞན་ལས་བྱུང་བའི་སོ་སྲུང་ཆེས་མང་པོ་ཡོད་ཀྱང་འདིར་དེ་ཙམ་མོ། །འདི་རྗེས་ཁ་ལྕེ་གྲེ་བ་སོགས་ལ་ནད་རིགས་སྔགས་འཛུད། གྲེ་བར་རུས་པ་དང་གྲ་མ་ཟུག་པའི་སྔགས། ཁེའུ་གང་། ཕུ་ཤུད་ལིང་མ་ཆདཿ ཨུན་ཤུད་སཏྭྃ་ལུ་ཧོ་ཤན་རྦདཿ གཡོན་གྱིས་བསྡིག་མཛུབ་ཀྱིས་རྣ་བ་གཉིས་ཀྱི་འཁོར་ལོ་བསྐོར་ལ་བཟླའོ། །ཡང་ན། ཨོཾ་གྱིན་ཧོར་གྱིན་ཧོར་སྭཱ་ཧཱ། བྱ་གོ་བོའམ་ཁྭ་ཏའི་ལྟོ་སྟོང་ལ་བཏབ་སྟེ་བཏང་པས་སེལ་ལོ་དམ་པའི་མཁྱུད་སྤྱད་ལས་སོ། །ཡང་ལྐོག་ནད་སོས་བྱེད་ལ།རི་བོང་གི་མགོ་དང་སྦལ་བའི་ཤ་སྐོམ་བུའི་ཚ་བ་ལ་སྔགས་འདི་བཟླས་ཏེ་བཏུང་ན་འཚོའོ། །ཨོཾ་ཨཱཿཧཱུྃ། ནེ་ཏྲེ་ཧ་ཧཿ དུན་དུནཿ ཞི་གླན་ལ་སོད་སྭཱ་ཧཱཿ ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །མིད་པ་བཤུས་པའི་སྔགས་ནི། ཨོཾ་ནག་པོ་ཤྲི་ཕུདཿ ཅེས་སྟོང་བཟླ་ཟབ་བོ། །མཆུ་གློའི་སྔགས་ནི་རང་ལྕགས་ཀྱི་བྱ་ཁྱུང་ནག་པོའི་མཆུ་ཡིས་ཁྲག་དང་ཆུ་སེར་ཐམས་ཅད་འཇིབ་པར་བསམ། ཨོཾ་ཤ་བ་ཏ་མ་ནི་སྭཱ་ཧཱཿ ཤ་ར་དྷ་མ་ནེ་སྭཱ་ཧཱཿ ན་མ་ཧྲིཾ་ཧྲིཾ་ཟཾ་ཟཾའང་ཟོ་ཟོ་སྭཱ་ཧཱཿ ཞེས་མར་རྙིང་ལ་བཏབ་སྟེ་བྱུག་ཟབ་བོ། །གཏེར་མའོ། །ལྐོག་མ་ན་ན། ཨོཾ་


MR11_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲི་པ་ར་ཧྲི་པ་ལ་ཧཱུྃ། རི་བོང་གི་པགས་པ་ལ་བཟླས་ཏེ་གླན་ན་སོས་སོ་དམ་པས་སོ། །གྲེ་བ་འགག་པའི་ནད་ཀུན་ལ། ཨོཾ་ཨ་ནུ་ཏྲི་དུ་མ་ར་དུ་སོད། ཅེས་བཟླས་པས་ཕན་ངེས་ཟབ།༈ སྐད་འགག་སེལ་སྔགས། ཨོཾ་ན་ར་ལིང་ལིང་སལ་སལ་སྭཱ་ཧཱ། ཞེས་བཟླས་པས་ཕན་ནོ། །སྐད་བཟང་བའི་སྔགས་ནི། ཨོཾ་ཧ་ར་བནྡྷ་ནི་ཤུན་ར་ནི་སང་ཏུར་སྭཱ་ཧཱཿ རྫས་ནི་ཤུ་དག །གཡེར་མ། སུར་དཀར། མེ་ཏོག ཙམ་པ་ཀ །ཞོ་དང་ལྔ་པོ་སྦྱར་བའི་ཁུ་བ་ལ་སྔགས་ཏེ་སྐད་སྒང་{ཨོལ་གོང་རླུང་ཤོས་ཡིན་འདྲ་}འོག་ཏུ་ལེགས་པར་བྱུག །སྐད་བཟང་འདོད་ན་ཤུ་དག་མང་བར་བྱ། སྦོམ་འདོད་གཡེར་མ། འཕྲ་འདོད་མེ་ཏོག་མང་བར་བྱའོ། །སྐད་འགག་ལ་ནས་འབྲུ་བདུན་ལ་སྔགས་འདི་བཏབ་ནས་བཟའ། ཨོཾ་ཕུ་ཏྲ་བ་ཡེ་སྭཱ་ཧཱཿསྐད་གདངས་དུང་ལྟར་གྱུར་བར་བསམ་པས་ཕན་ནོ། །སྐད་མི་འགག་པའི་སྔགས། སྭོ་ལི་ཏྲི་ཡཀྴ་བྷེ་ཏ་ལི་སྭཱ་ཧཱཿ ཞེས་སོ། །མགུལ་ཝ་སོགས་ཝ་བ་ཐམས་ཅད་ལ་བཅོས་ཁྱད་པར་ཅན་ནི། གཡག་སོགས་སེམས་ཅན་གྱི་ཨོལ་སྟོང་མེ་ལ་བསྲེགས་ཏེ་རྡོག་པས་ཉེད་པ་གཅིག་བྱས་ནས་ཕྱི་སྒོའི་ཐེམ་པའི་སྟེང་སྐམ་པས་ལན་གསུམ་བརྡུང་ཨོལ་སྟོང་དེ་ལ་སྨྲ་བཅད་


MR11_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་སྔགས་བརྒྱ་རྩ་བརྒྱད་བཏབ། ཁྱད་པར་ཟླ་སྨད་ནས་སྔགས་མང་དུ་བཏབ་སྟེ། ཉི་ཤུ་བརྒྱད་དགུ་གནམ་སྟོང་གསུམ་གྱི་སྟོད་དང་ཐོ་རེངས་སྐར་མ་མ་གྱེས་གོང་གསང་ལ་མིས་མ་ཚོར་བར་ཟའོ། །དེའི་སྔགས་ནི། ཨོཾ་ཐབ་ཤཿ ཞོབ་ཤཿ ར་རོཿ སྲིན་བུ་ཤཾ་ཤཾ་ཤུཾ་ཤུཾ་སྭཱ་ཧཱཿ འདི་ཤིན་ཏུ་ཟབ་སྟེ་གཏེར་མའི་མན་ངག་གོ །ཁྱད་པར་རྟེན་འབྲེལ་དུ་ཉེར་དགུའི་ཐོ་རངས་སྐར་མ་མ་གྱེས་གོང་ཨོལ་སྟོང་གི་ཐུག་པ་རྡོར་ཐལ་མེད་པར་འབྲས་གསུམ་བྲག་ཞུན། ཁ་ཚར་བཏབ་ལ་འཐུང་། དེའི་ཚེ་ཕྱི་སྒོའི་ཐེམ་སྟེང་གྲོ་སོག་བམ་པོ་ལ་སྐམ་པས་ལན་ཉེར་གཅིག་བརྡུང་སྟེ། ཝ་བ་ཕྱིས་པའི་ལྷ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས་གྲོ་སོག་ཕྱི་རོལ་དུ་བོར། སྒོ་བཅད་ནང་དུ་འོང་བས་ཝ་བ་དྲུངས་ནས་ཞིའོ། །ཟབ་བོ། །ཡང་ཝ་བའི་སྔགས། ཨོཾ་ནག་ཏ་རགྟ་ཕུས་པ་ཏ་སྭཱ་ཧཱཿ མང་དུ་བཟླས་པའི་མཆིལ་མ་ཝ་བ་གར་ཡོད་དུ་བྱུག་པས་ཞིའོ་ཞེས་གཏེར་མའོ། །གྲེ་ཐོག་གི་སྔགས་ནི། སྙིགས་དུས་ནད་ཀྱིས་མི་ཕྱུགས་ཁ་དག་གཏོང་། །ཁྱད་པར་གྲེ་ཐོག་མིད་གཅུས་ཕོ་ཐོག་ཅེས། །བཅོས་སུ་མི་བཏུབ་ནད་དེས་ཕལ་ཆེར་འཆི། །སྔགས་འདི་འབུམ་ཕྲག་གཅིག་


MR11_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ངེས་པར་ཐུབ། །ཐེ་ཚོམ་མེད་དོ་ཨོ་རྒྱན་བཀའ་ཡིན་ནོ། །ཨོཾ་ཡ་འཛེར་སོདཿ ཁྲག་འཛེར་སོདཿ ཡ་མ་ཁྲག་འཛེར་སོདཿ ནག་པོ་ཙིཏྟ་ཆུམ་ཆུམཿནག་པོ་ཙིཏྟ་གཏུབས་གཏུབསཿ ནག་པོ་ཙིཏྟ་རྦད་རྦདཿ ནག་པོ་ཙིཏྟ་ཤིག་ཤིགཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རིག་འཛིན་ཤཱནྟིང་གརྦྷ་ལ་ཞུས་པའི་མན་ངག་ཟབ་མོ་ཙིཏྟ་རྦད་བཞི་མ་འདི་འབྲི་བརྒྱའི་མར་ལ་སྔགས་ནས་ཟའོ་ཟབ་ངེས་གཏེར་མའོ། །འདིས་ནད་འདི་དག་མང་པོ་ཐུབ་པའི་ལག་བླང་ཡང་དག་པ་ཡོད་དོ། །ཡང་གྲེ་ཐོག་སྔགས། ཨོཾ་ནཱ་ག་ཤྲི་ཕུད་སོདཿ ཆུར་བ་དཀར་པོར་སྔགས་ནས་ཟོས་པས་སེལ་ངེས་སོ་ཟབ་བོ་གཏེར་མའོ། །ཡང་གཉན་དང་གྲེ་ཐོག་གི་སྔགས། ཨོཾ་ཧར་ཤག་ཧུར་ཧར་འང་ཤག ཐུར་ཐུར་ཤག བྱ་ཁྱུང་ནག་པོ་རྩ་ཐུར་ཤག་གཉན་ཁྱི་སོདཿ གཉན་གྱི་སྤུ་མདའ་ནག་པོ་སོདཿ སྔགས་ཆུ་བཟླས་ཏེ་བཏང་བས་ཐུབ་ངེས་ཟབ་མོ་ཨི་ཐིཿ ཡང་གྲེ་ཐོག་གི་སྔགས། ནག་པོ་ཚལ་པ་གས། ནག་པོ་ཚལ་པ་ཁོས། ནཱ་གར་ཛ་པྲ་ཤག རང་ཉིད་ཨ་ཙར་བསྒོམ་ལ་བཟླ། མགོ་ན་ཨོཾ་དང་མཇུག་ན་སྭཱ་ཧཱ་མེད་པའི་སྔགས་འདི་སྤུ་གྲི་ངར་ཆེན་ཞེས་གྲེ་ཐོག་ཕོ་ཐོག་ལ་ཤིན་ཏུ་རྣོའོ། །ཡང་མིད་པའི་ནང་དུ་འབྲུམ་བུ་སྐྱེས་ནས་ཕོ་ཁར་འགྲོ་


MR11_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཟས་མི་ལེན་རྩ་པ་དང་། ཟུག་བྱེད་པའི་ནད་གསར་པ་བྱུང་འཕྲལ་ལ། ཨོཾ་ཛ་གམ་སྤུལ་ལིང་སོདཿ ཅེས་སྔགས་འདི་སུམ་བརྒྱ་ལས་མི་ཉུང་བར་ནས་འབྲུ་ལ་བཏབ་སྟེ་གྱུར་མིད་བྱེད། དེ་ནས་ནས་རྡོག་ཆུར་གྱུར་པས་འབྲུམ་པ་དཀར་ནག་དེང་ནས་ཕྱིར་ཐོན་པར་བསམ། ཤིན་ཏུ་ཟབ་སྟེ་ལན་ཁ་ཡར་བསྐྱལ་དགོས་ན་བསྐྱར་པས་ཕན་ངེས་སོ། །ཡང་གྲེ་ཐོག་གི་སྔགས། ཡི་དམ་གྱི་རྩ་སྔགས་གང་ཡིན་ནམ་ཁྱུང་སྔགས་ལ་འདི་བཏགས། ཨོཾ་ནཱ་ག་རཱ་ཙ་སྲག་ཤ་ཀ་མ་མ་ཡོ་ཤ་ཐོ་ར་ནི་དྷ་རཾ་བྷཾ་ར་ནི་ཧཱུྃ་ཕཊཿ གནོད་བྱེད་སོད་སྭཱ་ཧཱཿ ནཱ་ག་ནཱ་ག་ཤིག་ཤིགཿ ཧུ་ཡ་ཧུ་ཡ་ཤིག་ཤིགཿ གནོད་བྱེད་ཀྱི་སྲོག་ལ་རྦད་རྦདཿ རྦུད་ཕུད་རྦུད་ཡ་ཤིག་ཤིགཿ ཏྲི་ཏྲི་གཏུབ་གཏུབས་ཛ་ཛ་རྦད་རྦདཿ ཕུ་རྦད་ས་ཡ་ཤིག་ཤིགསཿ མེད་པ་ཡོད། ཆོམ་ཆོམ་གཏུབ་གཏུབ་གཟིར་གཟིར་ཛ་ཛཿ ཏྲིའུ་ཐ་ཐེའུ་ནནཿ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊཿ ཨོཾ་ཤྭོ་སང་པྲ་མ་ན་ཡེ་ཤག་ཤག་ཕྱེས་སྭཱ་ཧཱཿ རང་གི་ལྕེ་སྟེང་རཾ་ཡིག་མགོ་བོ་ཕར་བསྟན་ལས་མེ་འབར་བས་ནང་གདོན་མ་ལུས་བསྲེག་པར་བསམ། ཅོང་ཞི་ལྷད་མེད་དམ་ཆུ་ལ་བཏབ་ནས་འཐུང་། དེས་བད་ཀན་གྲེ་ཐོག་ཕོ་ཐོག་གཉན་སོགས་འཇོམས་པར་ཐེ་ཚོམ་མེད། དེར་མ་ཟད་


MR11_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདིས་བད་ཀན་གྱི་རིགས། མཛེ་དང་དྲེག་ནད། སྐྲན་དང་། ཕོ་ནད། སྤུ་བྱི། ཁོང་ནད། ལྷོག་པ་གཉན་གཟེར་ཀུན་ཐུབ་པར་ཐེ་ཚོམ་མེད་དོ། །སྐྱུགས་བྲོ་ནས་མ་ཐུབ་པ་བྱུང་ན་གོང་གི་སྔགས་མཇུག་ཏུ་འདི་བཏགས་ལ་བཟླ། ཛ་ལ་ལ་རི། ཛ་སྡ་སྡ་ནི། ཤ་བ་པ་ནི། ཀ་ར་ཀ་བད་ནི། ཨ་ཁྲ་ཧ་བྷི་སི་ན་ན། ཞེས་སོ། །འདི་ལ་གཏེར་མ་སོགས་ཀྱི་ལུགས་འགའ་བྱུང་ཞིང་ཕོ་ཐོག་གིས་ན་བ་མང་པོ་ཐུབ་པའི་ལག་བླང་ཡིད་ཆེས་ཀྱི་ལོ་རྒྱུས་ཀྱང་མང་དུ་སྣང་། དཔེ་གཞན་ན་རང་ཉིད་སྐད་ཅིག་གིས་མུ་སྟེགས་སྐྲའི་ཐུབ་པ་ཅན། མིག་ཟབ་པ། སྣ་མཐོ་བ། མཆེ་བ་སེར་པོ་གུག་པ། དབྱིབས་རྒུ་བ། སྨ་ར་བྲང་གི་རྒྱ་མདོར་སླེབས་པ། ཕྱག་གཡོན་ན་ནད་བདག་བུ་ཆུང་ཁྱིའུ་སྦྲུལ་གསུམ་གྱི་སྐེ་བཙིར་བ། ཕྱག་གཡས་ཁ་ཊྭཱྃ་ག་རྩེ་གསུམ་གྱིས་དེ་དག་གིས་མིག་གཙག་པ། སྐུ་ལས་མེ་འབར་ཞིང་མེ་ཡི་ཚ་ཚ་འཕྲོ་བར་བསྒོམ་ལ། ཨོཾ་མ་ཧཱ་དེ་བ་ཧཱུྃ་ཕཊ། ཅེས་པའི་ཤམ་དུ་ཨོཾ་ནཱ་ག་རཱ་ཛ་སོགས་གོང་སྔགས་བཏགས་དེ་བཟླ། རྨི་ལམ་དུ་གདོན་རྟགས་གང་རྨིས་ན་གཟེར་བསྲེག་གི་དམིགས་པ་གཏད་ལ་བཟླ། ཁྱེའུ་བྱ་ཁྱུང་སྦྲུལ་བསད་པ་སོགས་རྨི་ལམ་གྱི་རྟགས་དང་། སྐྱུག་བཤལ་སྣ་ཁྲག་བྱུང་ན་ཐུབ་རྟགས་ཡིན།


MR11_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་ལ་ནན་ཏན་བྱས་ན་བད་ཀན་མགུལ་འགག་མིད་གཅུས་གྲེ་ཐོག་ཕོ་ཐོག་གི་རིགས་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད་དོ། །ལས་རབ་དཔེ་ཐོ་སོགས་བསྡུར་ལེགས་བྱའོ།།ཟབ་རྒྱཿ གྲེ་ཐོག་གི་ལག་འཁོར་ལུག་རྫི་ཤེས་རབ་འབར་གྱི་ལུགས་དང་། ཡང་ཕྱག་རྡོར་ལས་མཐའ་བརྩེགས་འཁོར་ཅན་སོགས་བཅོས་ཀ་གཞན་ཀྱང་ཤེས་པར་བྱའོ། །ཟས་ཀྱིས་མནངས་པའི་སྔགས། ཨོཾ་ཁཾ་ཁཾ་ལཾ་ལཾ་ཤག་ཕྱུངས་སོད་སྭཱ་ཧཱ། སྔགས་སུཾ་བརྒྱ་ཆུ་ཕོར་གང་ལ་བཏབ་ནས་སྣ་བུག་ཏུ་བླུགས་པས་གྲོལ་ལོ། །ཡང་མནངས་སྔགས་མནངས་དེ་བྱེའུ་སྔགས་ཆུ་ཁྲར་བསྒོམ། ཨོཾ་ཀག་ཀག་ཤུགས་ཕྱུང་། ཞེས་བཟླས་ནས་མཚུལ་བ་བསུམ་ལ་སླ་ང་དང་ཡོག་མགོ་ཐོགས་ནས་བན་སྐོར་དགུ་བོན་སྐོར་དགུ་བྱས་པས་ཕན་ནོ། །ཡང་མནངས་སྔགས། ཤ་ལ་གཉི་ག་ཆུ་ལ་སྙོགས། ཞེས་བཟླས་སྔགས་ཆུ་བྱས་ལ་ཕོ་གཡས་མོ་གཡོན་སྣ་བུག་བླུགས་པས་ཕན་ནོ། །ཁྲག་རླུང་སྟོད་འཚང་ལ། ཨུ་ཙ་ལ་ཏྲ་མེ་སོདཿ ཅེས་བཟླས་ལྕགས་སྲེག་དང་ཆུ་ལ་སྔགས་ཏེ་ལྕགས་ཆུ་ནང་འཕངས་པའི་རླངས་པ་ལ་མགོ་བཏུམས་ནས་བདུགས་པས་འཕྲལ་དུ་ཕན་གཏེར་མའོ། །ཡང་གཅིག །ཨོཾ་མ་ཁྲི་ཡཀྵ་ན་མ་དུ་རྦདཿ སྔགས་


MR11_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མང་དུ་བསྒྲངས་པས་སྟོད་འཚང་ཐུབ་ཅེས་གཏེར་མའོ། །སྐོམ་དང་། སྒྱིག་བུ། དབུགས་མི་བདེ། ཡིད་ཀ་འཆུས་པ་རྣམས་འཛུད་སྟོད་ནད་དོ། །ཐོར་ནད་ཀྱི་སྐད་འགག་གོང་དུ་སོང་། ཡིད་འཆུས་སོགས་ཅི་རིགས་འདིར་འཛུད་འོས་སོ། །དང་ག་འབྱེད་པའི་སྔགས་ནི། ཧུབ་ཧུབ། ཙར་ཙར། དཀྱིལ་དཀྱིལ། ཕྱུངས་ཕྱུངས། ཟན་ལ་བཏབ་སྟེ་ཡི་ག་མེད་པ་ལ་བྱིན་ན་དང་ག་འབྱེད་པར་འགྱུར་རོ། །ཨ་ཨ་ཙིཏྟ་སུ་ཁ་སཾ་སཾཿསྔགས་འདིས་སྙིང་རླུང་དང་སེམས་འཕྱོ་བ་སོགས་སྙིང་ནད་སེལ་ཞེས་གཏེར་མའོ། །གློ་ནད་ཞི་བའི་སྔགས་གོང་དུ་བསྟན། ཡང་མི་དང་དུད་འགྲོ་དག་གི་གློ་ནད་ཞི་བའི་སྔགས། ཨོཾ་ཤི་ལི་ཤི་ལི་ནན་ནན་ཤི་ཙ་སེ་ར་མ་རྦདཿ མཛོ་མོ་དཀར་མོའམ། ར་ཡི་འོ་མ་ལ་སྔགས་ལ་བླུད། ཕྱི་ནས་གློ་སྒང་ལ་བཏབ་པས་ཞིའོ། །ཡང་གཅིག །ཧ་ར་ཕན། བ་ར། ཤི་བ་ར།བི་དུ་ཤི་ནན་སྭཱ་ཧཱཿ སྔགས་ཆུ་བླུད་པས་ཕན་ནོ་ཟབ་བོ། །ཨོཾ་ཧ་ར་ཧ་ར་རང་སྭཱ་ཧཱཿ འདི་སྔས་སུ་གྱང་ལོགས་སོགས་ལ་དབུ་ཅན་དུ་བྲིས་ན་གློ་ལུ་སྲུང་ངོ་། །གློ་བརྒྱལ་སྔགས། ཨོཾ་ཨ་ལོ། དཀར་པོ་ཤ་ཕུམ་རྦདཿ ཅེས་བཟླས་པས་ཕན་ནོ། །གློ་སུབ་འོང་བར་ལུག་ནག་གི་སོག་བལ་གཡོན་པའི་སྐུད་པ་སུམ་བསྒྲིལ་ལ། ཨ་ཛ་ཀཿ ཞེས་སྔགས་བཏབ་མདུད་


MR11_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་བརྒྱབ་སྐམ་པའི་ཁ་ལ་རྒྱ་ཆིངས་བྱས་ན། སྔས་འོག་བཅུག་པས་གློ་སུབ་ལས་གྲོལ་ལོ། །མཆིན་མཚེར་སོགས་དོན་སྣོད་སྔགས་རྙེད་ན་འཛུད། མཁལ་རྩ་ན་བར།ཨོཾ་རྩ་ཐང་ཐང་། ཞུད་ཞུང་ཤ་ལ་ཞུང་། ཞེས་བཟླས་ཆུ་རྡོ་གཅིག་བླང་མེ་ལ་འཇམ་པར་བསྲོས་པར་སྔགས་བཏབ་སྟེ་རྒྱུ་མ་ཁུག་ཏུ་མར་དཀར་བྱུག་ལ། རྡོ་གླན་པས་ཕན་ནོ། །ཕོ་བའི་ནད་སྔགས་གོང་དུ་སོང་། ཨོཾ་ཚེག་ཚེག རུཾ་རུཾ། ཤིག་ཤིག ཉལ་ཉལ་སྭཱ་ཧཱ། སྔགས་འདིས་སྲིན་གྱི་རིགས་ཀུན་དང་ཕོ་བའི་ནད་རིགས་ཀུན་ལ་ཕན་གང་ན་སར་ལྕགས་སྲེག་གི་ཐོ་ལུམ་ཚིག་མ་ཟེར་དཔྱད་མེ་འབར་བ་བསམ་ལ་དེའི་ནང་ནས་སྔགས་སྒྲ་ལྷང་ལྷང་འདོན་པར་བསམ། རྫས་ཚ་དང་སྒོ་ཕྱི་ཡི་བསྲེས་ལ་ན་སར་བྱུག སྒོག་གཏུན་ལས་བརྟེགས་གིས་བརྟེག་པས་སོས་སོ། །གྲང་སྲིན་ཕོ་ནད་ལ་ཟབ་བོ། །ཡང་ཕོ་བའི་ནད་ལ་རང་རྡོ་རྗེ་ཕག་མོའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བར་ཕོ་ནད་ཐམས་ཅད་ཐུལ་གྱིས་བསྲེག་པར་བསམ། ཨོཾ་མེ་ཧྲི་ཐིམ་ཐིམ་དབལ་དབལ་སོདཿཅེས་བཟླས་ཕོ་ནད་ཐམས་ཅད་སེལ། སྔགས་འདིས་མེས་ཚིག་པ་ཡང་ཞིའོ་ཞེས་གཏེར་མའོ།། ཟབ་བོ། །ཁོང་དུ་ཁྲག་འཁྱིལ་པ་དྲངས་པའི་སྔགས་ནི། ཨོཾ་ཙ་རི་ཙ་རི་ཤལ་ཤལ་སྭཱ་ཧཱ། དབྱི་


MR11_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་ཁུ་བར་བསྔགས་ཏེ་འཐུངས་པས་ཁྲག་རོ་ཁྲག་ངན་སོགས་ཕྱིར་འབྱིན་པར་འགྱུར་རོ། །ཟབ། མི་ཕྱུགས་ཀྱི་ཁོང་དུ་ཁབ་ཤོར་ན། ཨོཾ་ཆི་ཧི་མ་ཏ་རྩི་ཀོ་ལ་རྩིཿ སྔགས་ཆུ་ཁོང་དུ་བཏང་བས་སོས་སོ། །ནད་གང་ཡང་སྦྱོར་བར་བྱེད་པའི་སྔགས་ནི། ཨོཾ་ཧ་ས་ཤར་ཤརཿ མར་ནར་ནརཿ ཤར་སིང་སིང་ཤརཿ ཆུ་མ་ཡེ་སྭཱ་ཧཱཿ ཞི་ཞི་སྭཱ་ཧཱཿ ཆུ་ནར་སྭཱ་ཧཱཿ ཙ་དམར་ནར་སྭཱ་ཧཱཿ ཙ་སིང་སིང་སྭཱ་ཧཱཿ ཙ་ནད་ཐམས་ཅད་ཕུར་ཏེ་སྭཱ་ཧཱཿ སྔགས་འདིས་ནད་གང་ཡང་བཤལ་གྱིས་འདྲེན་པར་བྱེད་དེ་ཤིན་ཏུ་ཟབ་པ་རིག་འཛིན་ཀློང་གསལ་སྙིང་པོའི་ཡེ་ཤེས་རབ་འབར་གྱི་ཆ་ལག་སྔགས་འབུམ་ལས་སོ། །སྔགས་ཀྱིས་སྐྱུག་ཏུ་གཞུག་པ་ནི། ཨོཾ་ཀ་མ་ར་ཡ་མུ་སེ་སྭཱ་ཧཱ། ཕུག་རོན་དང་རུར་བརྒྱ་རྩ་བརྒྱད་བཏབ་སྟེ་གྲེ་བར་བཏང་བས་སྐྱུག་པར་བྱེད་དོ། །ཡང་གཅིག །ཨོཾ་ཧྲཱིཿསྟོང་བྱོལཿ ཞེས་པ་བརྒྱ་དང་དེའི་ཤམ་དུ་སྭཱ་ཧཱཿ སྦྱར་པ་ཉིས་བརྒྱ་བཟླས་ཏེ། སྒོ་{དཔེ་རྙད་ནས་སྡུར་}འོག་སྒོ་རུའོ་ཐལ་གཙང་གོ་ཐལ་བཅས་སྔགས་ཆུ་སྦྱར་བ་སྣ་ཁུང་ནས་བླུག་ན་{མནང་བ་སོགས་སྟོད་ནད་ཐམས་ཅད་རང་}སྐྱུག་པར་འགྱུར་རོ། །ཡང་དུག་རིགས་སྲིན་བུ་ཁ་ཟས་མ་ཞུ་བ་སོགས་ཀྱིས་ཕོ་བ་སྦོས་གཟེར་ན་བ་ལ། ལོང་སྲིན། ལོང་སྲིན། སྲོག་ཚིག་སྲོག་ཚིག་ནན་རྦདཿ ལན་ཚྭ་ལ་


MR11_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ནས་ཁོང་དུ་བཏང་བས་ཕན་ངེས། དེས་རླུང་ལའང་ཕན་ཞེས་གཏེར་མའོ། །གླང་ཐབས་སྔགས། ཨོཾ་ནག་པོ་ཚལ་པ་ཤག་ཏི་རྦདཿ སྲིན་གླང་ཐབ་སོགས་ལ་ཚྭ་ཆུ་ལ་སྔགས་འདི་བཏབ་ནས་བཏང་བས་ཕན་ནོ། །ཡང་གཅིག ཞི་ཞི་མལ་མལ་ས་དུར་རྦདཿ མ་ཞུ་བ་དང་གླང་ཐབས་སོགས་ཕོ་བའི་ཟུག་གཟེར་དྲག་པོ་ཐམས་ཅད་ཞི་བའི་སྔགས་གཏེར་མའོ། །ཡང་གླང་ཐབས་སྔགས། ཨོཾ་དུག་ཚལ་རྦདཿ སྐྲན་ཚལ་རྦད། རྩ་ཚལ་རྦད། མྱགས་ཐུཾ་རྦུད་རྦུད་ཤིག་ཤིག་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་སྔགས་ཆུ་བཏང་།ཟུག་ཆོག་ནས་ཁུ་ཚུར་གཡོན་པ་ན་སར་སྦྱར་ལ། གཡས་པས་མཐའ་བསྐོར་བས་ཕན་ངེས་སོ། །ཡང་ཕོ་བ་གླང་ཐབས་ལ། ཕོ་བའི་ནང་དུ་ཡི་གེ་རཾ་བསམ་ལ་རླུང་བཟུང་སྟེ་གཡས་བསྐོར་གཡོན་སྐོར་བྱ། ཨོཾ་ཨཱཿཧཱུྃ་ཡཾ་རཾ་ཞི་བ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་པས་ཕན། ཡང་ནི་རྟ་འཛོམ་ཤིང་ལ་བསྒྲིལ་བས་ཕན་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་ཕོ་བ་གླང་ཐབས་ལ། སྔགས་མཁན་གྱི་ལག་པ་ལ་སྔགས་འདི་བཏབ། ཨོཾ་ནག་པོ་ས་ཏི་ཁས། ཁའི་བྱས་འདུག་བརྟགས། དེ་ནས་ལག་པ་བཀྲུས་པའི་དྲི་ཡི་ཆུ་ལ། ཨོཾ་ཀྲུག་ལེ་ཀྲུག་ལེ་དོན་སྙིང་ལ་སྭཱ་ཧཱཿ


MR11_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བཟླས་ཁོང་དུ་བཏང་བས་ཐུབ། དེ་ཡང་ནད་པ་སྐྱེས་པ་ལ་སྔགས་མཁན་གྱི་ལག་པ་གཡས་པ་དང་། བུད་མེད་ཡིན་ན་གཡོན་པ་བཀྲུ་དགོས་སོ། །ཡང་གཅིག །དུག་ཨུ་པ་ར་ཡ་སྭཱ་ཧཱཿ སྲོག་ཚིག་ནན་རྦདཿ དུ་ཡ་དུ་ཡ་ཤིག་ཤིག་སྭཱ་ཧཱཿ ཞེས་ཚྭ་ལ་སྔགས་བཏབ་སྟེ་བཏང་བས་གླང་ཐབས་ཞི་བར་འགྱུར་རོ། །གླང་ཐབས་སོགས་གཟེར་གྱི་ནད་རིགས་གང་ཡིན་ཡང་། ནད་པ་ཆུ་དང་ནད་སྦལ་ལྕོང་དུ་བསམས་ནས་རང་ཡི་དམ་གསལ་བའི་འོད་ཀྱིས་ནད་ཕྱིར་ཕྱུངས་པར་བསམས་ལ། ཨོཾ་མར་མར་ཤིག་ཤིག་སྭཱ་ཧཱཿ ཞེས་སྔགས་ཆུའམ་ཕུས་བཏབ་པས་ཞི་བར་འགྱུར་རོ་ཟབ། ཡང་གླང་ཐབས་ལ། རང་གི་སྲིན་མཛུབ་གསེར་གྱི་རྡོ་རྗེར་བསམ་ལ། སྔགས་འདི་མང་དུ་བཏབ། ཨོཾ་གཤིན་རྗེ་ཆུ་གླང་བཅིབས་པ་ཏི་ཐི་སོདཿ སྲིན་མཛུབ་ཀྱིས་ལྟེ་བར་བསྐོར་ཞིང་ལྟེ་དཀྱིལ་གཏད་པས། འོད་ཟེར་གྱིས་ནད་གདོན་བསྡུས་ནས་རྡོ་རྗེ་ལ་ཐིམ། ནད་དྲུངས་ནས་ཞི་བར་བསམ་མོ་ཤིན་ཏུ་ཟབ་བོ། །མི་ཕྱུགས་ཀྱི་རྒྱུ་མའི་ནད་སེལ་བ།སུ་རུ་སུ་རུ་མ་མ་ཀུ་རུ་ལོ་ཡ་ཕཊ་སྭཱ་ཧཱ། ཆུ་ལ་སྟོང་བཟླས་ཏེ་བཏང་བས་མི་ཕྱུགས་ཀྱི་རྒྱུ་ནད་ཞི་བར་འགྱུར་རོ། །འཁྲུ་བ་གཅོད་པའི་སྔགས་ནི། པ་ཏི་པ་ཏི་ཙ་ན་ཐུཾ་ཐུཾ་ཧྲད་ཧྲདཿ འདིས་


MR11_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུ་བ་ཚ་གྲང་མེད་པར་གཅོད་པར་བྱེད་ཅེས་གཏེར་མའོ། །ཡང་འཁྲུ་གཅོད། ཨོཾ་ནེར་སེང་ཡེར་རྦད་སྭཱ་ཧཱཿ རང་ལ་སྔགས་བཟླས་པས་ཆོག་གཞན་ལ་སྔགས་ཆུ་བཏང་བས་འཁྲུ་བ་ཚ་གྲང་གང་ཡང་ཆོད་ངེས་སོ། །འདི་མཁའ་འགྲོ་མ་དབུ་བཅད་མའི་སྔགས་རིམས་སྲུང་དང་ནད་བརྒྱ་སྔགས་གཅིག་ཏུ་ཡང་གསུངས་སོ། །ལས་ཐམས་ཅད་པའི་རྒྱུད་དུ་འབྲུ་གསུམ་ལ་སྔགས་དེ་བཏགས་པར་འདུག །སྐར་ཆུ་ལ་སྔགས་སྟོང་བཏབ་ཅེས་གསུངས་སོ། །གཞན་ཡང་ཆུ་རྡོ་གནམ་མ་མཐོང་བ་གསུམ་སྔགས་ལ་དར་དམར་གྱིས་བཏུམས་ནས་སྐེར་བཏགས། བལ་ནག་སྲུང་སྐུད་ལ་སྔགས་ཏེ་བཏགས་ཀྱང་ཐུབ་བོ་ཞེས་གསུངས། ཡང་གཅིག །ཤིར་ཛིར་རྟུག་རྟུག་སྭཱ་ཧཱཿ ཐོ་རངས་སྐར་ཆུར་བརྒྱ་རྩ་བརྒྱད་བཟླས་ཏེ་འཐུང་ན་ཚ་འཁྲུ་གྲང་འཁྲུ་གཉིས་ཀ་ཆོད་པར་འགྱུར་རོ། །ཡང་ཚ་འཁྲུ་གཅོད་པའི་སྔགས། ཨོཾ་ཀུན་དེ་ཀུན་བཾ་ལཾ་བྷྲཱུྃ་ཤལ་ཤལ་ཤལ་སྭཱ་ཧཱ། འབབ་ཆུ་སྣོད་ཁ་ཡར་བལྟས་ཀྱིས་བླངས་པའི་ཆུ་ལ་སྔགས་བཏབ་ནས་བཏང་བས་ཐུབ་བོ། །གྲང་འཁྲུའི་སྔགས། ཨོཾ་ཧཱུྃ་ཕཊཿ ན་ག་ན་ག་བ་ཏི་ཡ་མ་ལ་ཧཱུྃ་ཕཊ། ཆང་ལ་སྔགས་བཏབ་སྟེ་བཏང་། སྔགས་གཉིས་པོ་འདི་ཚོས་ཀྱིས་བྲིས་ཏེ་དམར་པོ་གསུམ་དང་སྦྲགས་ནས་བཏགས་ན་


MR11_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུ་རིམས་ཐུབ་བོ་ཟབ། བྱིས་པའི་འཁྲུ་བ་གཅོད་ཐབས་ཁྱི་སྤུ་དང་བོང་བུའི་སྤུ་གཉིས་ཕྱི་སྒྲིལ་བྱས་པ་ལ་མདུད་པ་གསུམ་བོར་ཏེ། ཨོཾ་ཁྱེ་ཁྱེ་སྭཱ་ཧཱཿ ཞེས་བཏབ་སྐེད་པར་བཏགས་པས་ཆོད།ཡང་གཅིག །ཁྱི་སྤུ་ཕྱིར་སྒྲིལ་སུམ་ཁུག་བྱས་ལ་སྔགས་འདི་བཏབ། དུར་ནི་ནག་པོ་སོདཿ སྐེ་ལ་བཏགས་པས་ཐུབ་པོ་ཟབ། ཆུ་ཤོར་ཆུ་ཁ་སྙི་བའི་སྔགས། སུ་རུ་སྡོམ་ཅིག །མུ་ར་སྡོམ་ཅིག་སྭཱ་ཧཱཿ མང་དུ་བཟླས་པས་ཕན་ནོ། །སྐྱུག་པ་གཅོད་ན་ཆུ་རྡོ་གྲང་མོ་ལ། ཨོཾ་ནཾ་ལེ་རྩ་ལ་ཧྲི། ཞེས་བཟླས་སྐེ་ཐད་དུ་མནན་པས་སེལ་ལོ། །ཡང་ར་རྒྱ་བོའི་ཨོག་ཞོལ་དང་ཁྱི་ནག་གི་རྔ་སྤུ་བསྒྲིལ་བའི་སྐུད་པར་རྡོར་མདུད་གསུམ་བྱ། ཨོཾ་སྐྱུག་སྐྱུག་མེར་མེར་ནན་སྭཱ་ཧཱ། མང་དུ་བཟླས་ལ་བཏབ་པ་སྐེར་བཏགས་སྐྱུགས་པ་གཅོད། ཡང་སྐྱུག་པ་གཅོད་པའི་སྔགས་ནི། ཨོཾ་ཨ་ག་ནི་ཧཱུྃ་ཧྲཱིཿ ཞེས་བཟླས་པས་ཆོག་སྟེ་ཤིན་ཏུ་ཟབ་བོ། །ཡང་འཁྲུ་སྐྱུག་གཉིས་ཀ་གཅོད་པ། ར་རྒྱ་བོའི་ཨོག་ཞོལ་ཁྱི་ནག་གི་རྔ་སྤུ་ལུག་ཐུག་གི་རླིག་སྤུ་དཀར་པོ་གསུམ་ཕྱིར་རྐྱ་སུམ་སྒྲིལ་ལ་རྡོར་མདུད་ལྔ་བརྒྱ་བ། སྐྱུག་པ་གཅོད་འདོད་རང་སྐས་མགོར་ཕྱིན་ཏེ་དེར་རྐང་གཡས་འོག་གི་ས་དང་། འཁྲུ་བ་གཅོད་འདོད་སྐས་ཞབས་སུ་རྐང་གཡོན་འོག་གི་ས་ཚོམ་མདུད་པའི་དཀྱིལ་དུ་བཅུག །


MR11_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་དག་བཅད་བྱས་ལ་བརྒྱ་བཏབ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ན་མ་ཏ་པ་ཤ་ཙ་ར་སྭཱ་ཧཱ། སྐྱུག་པ་གཅོད་ན་སྐེ་དང་འཁྲུ་བ་གཅོད་ན་སྐེད་པར་བཏགས་པས་ཆོད་ངེས་སོ་ཞེས་གཏེར་མའོ། །ཡང་འཁྲུ་སྐྱུག་གཅོད་པ། ཨོཾ་འབྲུག་འབྲུག་ཚལ་ཚལ་སྐས་སྐས་ཆུ་མ་ལ་དུ་ལ། ཆུ་མ་ལ་དཾ་དཾ་སྭཱ་ཧཱ། སྔགས་ཆུ་ལ་བཏབ་སྟེ་ཟས་སྐོམ་ལ་ཡང་བཏབ།ལྷ་བསྒོམ་སྔགས་བཟླས་མེད་དེ་བགྲང་བས་ཆོག་གོ་ཟབ། ཡང་འཁྲུ་སྐྱུག་གཅོད་པར་འདོད་ན། ཕོ་ལ་ར་ཕོ། མོ་ལ་ར་མོའི་སྤུ། དེ་ཡང་འཁྲུ་ན་ཕྱིར་འགྲོ་དུས། སྐྱུག་ན་ནང་དུ་འོང་དུས་ཀྱི་སྤུ་བླངས་ལ་སྐུད་པ་ཕྱིར་བསྒྲིལ་སུམ་བསྒྲིལ་ལ་མདུད་པ་གསུམ་བརྒྱབ། ཨོཾ་བྲུཾ་བྲུཾ། བླཾ་བླཾ། ཤལ་ཤལ་སྭཱ་ཧཱཿ མང་བཟླས་བཏབ་ནས་འཁྲུ་ན་སྐེད་པ། སྐྱུག་ན་སྐེ་ལ་བཏགས་པས་ཐུབ་བོ་ཟབ། ཆུ་འགག་ལ། ཨོཾ་ས་ཆལ་ཆལ། དམར་ནར་ནརཿ དམར་ཆུ་ཤད་ཤད་སྭཱ་ཧཱཿ བརྒྱ་རྩ་བརྒྱད་སོགས་བཟླས་ལ། ཕོའི་སྤྱི་བོ། མོའི་ནུ་མ་གཡོན། རྟ་ཕོའི་མགོ་རྒོད་མའི་དྲུག་མདོ་ལ་བཏབ་པས་མི་ཕྱུགས་གང་གི་ཆུ་འགག་ཀྱང་སྔགས་འདིས་འདྲེན་ངེས་སོ། །གཏེར་མའོ། །ཡང་གཅིག །ཨོཾ་སི་སི་ལི་སི་སི་ལིཿ སི་སི་སྭཱ་ཧཱཿ རྣོ་གསུམ་


MR11_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སོངས་ཤིགཿ དམ་ཁ་བཞིན་དུ་དྲོངས་ཤིགཿ ཆང་བཟང་བཏབ་སྟེ་བཏང་བས་ཕན་ཞེས་གཏེར་མའོ། །ཡང་ཆུ་བསྡམ་པ་འགྲོལ་ན། སྦྲུལ་གྱི་ཤའམ། སོ་བྱའི་ཤ །ཀ་ཤོ་གནྟ་གང་རུང་གཅིག་བརྡུང་ལ་ཆུར་སྦྱར་བར་སྔགས་འདི་སུམ་བརྒྱ་བཏབ། ཨོཾ་ཨཱཿཧཱུྃ། འཇའ་ནུ་ཆོ་ཉ་ལ་མོ་ཉ་ལ་ལུ་དུ་སེ་ཨེ་སྭཱ་ཧཱཿ མི་ལ་ཁོང་དུ་བཏང་། ཕྱུགས་ལ་སྣ་ནས་བླུད་པས་སོས་སོ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་ན་འདི་བཞིན་བྱ་སྟེ། རྒྱ་ཚ་སྡིག་སྲིན་ལྕམ་པའི་ཐང་ལ་སྔགས་འདི་བཏབ། ཨོཾ་ཨཱཿཧཱུྃ། ཧག་ཧག་ཏི་རག་ན་སོད་སི་སི་ལི་སྭཱ་ཧཱཿ ཆུ་ལ་བཏབ་ཅིང་བཏང་བར་བྱ། སྒྲོ་བ་དག་ལ་སྔགས་འདི་གདབ་པར་བྱ་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་ནུ་སི་སི་སི་སི་ལི་སྭཱ་ཧཱཿ ཞེས་སོ། །ལྕམ་འབྲུའི་ཐང་ལ་སྔགས་འདིས་སྟོང་བཏབ་བཏང་།ཨོཾ་ཨཱཿཧཱུྃ། འུ་ཞུ་འུ་ཞུ་འུ་ཞུ་འུ་ཞུ། ལ་ལེ་ཤ་ཤུ་ཀྵ་སྭཱ་ཧཱཿ ཞེས་སོ། །དེ་རྣམས་ཀྱིས་ཆུ་འགག་འགྲོལ་བར་བྱེད་པ་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་མི་ཕྱུགས་ཆུ་འགག་ན།ཧུབ་ཆུ་ཧུབ་ཆུ་རྔུབ་ཆུ་རྔུབ་ཆུ། དུབ་དུབ་ཆུ། ཆི་ལི་ཡེ་སྭཱ་ཧཱཿ མར་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཆུ་སོར་བྱུག ཤིན་ཏུ་ཟབ་པས་སྙིང་ལ་འཆོངས། འདྲེ་ཅན་གྲང་བ་སྨད་


MR11_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིངས་ལ། ཨོཾ་ན་གྷི་བྷེ་སྭཱ་ཧཱཿ སྔགས་འདི་ཆུ་ལ་བཏབ་སྟེ་བཏང་། འདི་རྩ་ཆུ་གཉིས་ཀྱི་ཡིན་ནམ་དཔྱོད། ཡང་མི་རྟ་ཆུ་བསྡམ་པ་འགྲོལ་བའི་སྔགས། ཨོཾ་ཡ་ན་ཏྲ་ཀུ་ལེན་ཆུ་དུ་པ་ན། མན་ཏྲ་ཀུ་ལེན་ཆུ་དུནཿ ཙ་ར་ཙ་རཿ ཙི་ར་ཙི་རཿ ཧིབ་བྷི་ཧིབ་བྷིཿ ཧྲ་ཙ་ར་ཧཱུྃ་ཕུད་ཙག་ཤུ་སྭཱ་ཧཱུཿ སྟོང་ཚོ་གསུམ་ཆུ་གཙང་ལ་བཏབ་སྟེ་བཏང་ན་མི་རྟའི་ཆུ་འགག་པ་ཐོན་པར་འགྱུར་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །ཡང་སྡིག་སྲིན་རྒྱ་ཚྭ་གསེར་ཕྱེ། ཞིབ་བཏགས་ཆུར་སྦྱར་ལ། ཨོཾ་ཁཾ་ཆུར་ཆོལ་ཆོལ་རྩ་ཤ་ར་ར་ལམ་ཕྱེས༔ ཉེར་གཅིག་སྔགས་ནས་འཐུང་ན་ཐོན་ཞེས་ཆོས་རྒྱལ་གླིང་པའི་གཏེར་མའོ། །ཡང་ཆུ་བསྡམ་པར། ཨོཾ་ཨཱཿཧཱུྃ། སིས་སིས་ཨ་ལི་སི་ལི་སི་ལི་ཡེ་ཧཱུྃ། ཕཊ་སྭཱ་ཧཱཿ རང་དང་ནད་པ་ཁྲུས་བྱས་ལ། སྔགས་ཆུ་དང་པོར་མཁལ་ཁུང་གཡས། དེ་ནས་གཡོན། དེ་ནས་ལྟེ་བར་བཏབ་པས་འཐོན། སྔགས་མང་ན་ས་བོན་འཆོར་ཞེས་གཏེར་མ་ཟབ། ཡང་ཆུ་འགག་གྲོལ་བའི་སྔགས་ཨོཾ་ཆུ་སེ་ཆུ་སེ་མ་མ་ཆུ་སེ་སྭཱ་ཧཱ། བརྒྱ་ཡན་ཆད་བཟླས་ནས་སིང་པོ་བྲོ་མེད་འཇམ་ཙམ་བསྲོས་པ་ལ་བཏབ་སྟེ་འཐུང་ན་མྱུར་དུ་སོས་སོ། །ཨོཾ་ཆར་སེ་ཆུར་སེ་སྭཱ་ཧཱ། ཆང་སེ་མི་དག །ཆར་སེ་ཆུར་སེ་ཡིན་རང་། སྔགས་འདིའི་སྔགས་ཆུས་མི་


MR11_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ཆུ་སྲི་བ་ལ་ཕན། རྩ་ཆུ་གཉིས་བསྡམ་པར། ཨོཾ་འཛབ་ཉི་ལ་ཟུར་ནི་སྭཱ་ཧཱཿ སྔགས་འདི་སྤྱི་གཙུག་དང་མཁལ་ཁུང་གཡས་གཡོན་དུ་བཏབ། རྩ་བསྡམ་ན་སྤྱི་གཙུག་ནས་གཡས་བསྐོར་དུ་བཏང་། ཆུ་བསྡམ་ན་གཡོན་བསྐོར་བྱ་གཉིས་ཀར་སྔགས་དེས་ཆོག་གོ། རྡེའུ་ནད་ཅེས་པ་ལྒང་པའི་ནང་དུ་རྡེའུ་ལྟ་བུར་འདྲིལ་བས་ཆུ་ཁ་སྲ་ཞིང་སྐབས་སུ་ཆུ་ལམ་བཀག་པའི་ནད་ཀྱི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧྲཱི་མ་ཧཱུྃ། བྷ་ཏུ་དྷ་རུའང་རྨ་ན་མ་ཡེ་སྭཱ་ཧཱཿ གླ་རྩི་དང་མར་སྔགས་ལ་ཆང་གིས་ཕུལ་བས་ཞིའོ། །ཡང་ཆུ་འགག་དང་རྡེའུ་འགག་ལ། ཨཱོཾ་རཾ་རཾ་ཤག་ཤག་ཙིར་ཙིར་ཙེག་ཙེག་རྦད་སྙེལ་སྭཱ་ཧཱཿ སྨྲ་བ་བཅད་དེ་སྔགས་བཟླས་པའི་སྔགས་ཆུ་ཁོང་དུ་བཏང་ན། ནད་ཚབས་ཆུང་ན་ཆུ་ལྟར་འབྱིན། ཚབས་ཆེ་ན་ས་ཕྱེ་དང་ས་ཁུ་མང་དུ་འཐོན་པར་འགྱུར་རོ། །ཟབ། རཏྣའི་གཏེར་མའོ། །ཡང་རྡེའུ་དབྱུང་བའི་སྔགས། ཨོཾ་པང་ཙར། མ་ཧཱ་ཙ་ཏི་ཙ་དེ་སྭཱ་ཧཱཿ སོ་བྱའི་བྲུན་དང་ཕོ་བ་རིས་ཆང་དང་སྦྱར་བར་སྔགས་བཏབ་ལ་བཏང་བས་ཕན་ནོ། །ཡང་རྡེའུ་བཤིག་པའི་སྔགས་ནི། ནད་པའི་རོ་སྨད་སོལ་མར་མེ་འབར་བའི་ནང་དུ་རྡེའུ་ཚིག་པར་བསམ་ལ། གོང་གི་ཨོཾ་རཾ་རཾ་སོགས་སྔགས་བཟླས། རྒྱ་ཚ་སྡིག་སྲིན་


MR11_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གླ་རྩི་སུག་སྨེལ། བོད་མིག་པ། བྱིང་བྱིད་ཐུ་ལུ་ཆང་སྦྱར་སྔགས་བཏབ་བཏང་། ཞག་འགའ་ནས་སྣོད་བཟེད་ལ་བལྟ། རྡེའུ་ཞིག་ནས་འོང་ཟླ་བ་ཕྱེད་ཀྱིས་སོས་པར་ཐེ་ཚོམ་མེད་ཅེས་སྨན་རྒྱུད་ཆ་ལག་སྔགས་འབུམ་ལས་སོ། །ཡང་རྫས་དེ་འདྲ་དམིགས་པ་ཧཱུྃ་གིས་མར་བརྡས་ཏེ་ཕྱིར་དེད་པར་བསམ་ལ། ཨོཾ་ཨཱཿཧཱུྃ་རཾ་རཾ་ཤག་ཤག་ལཾ་ལཾ་ཙིར་ཙིར་ཁཾ་ཁཾ་རྩེག་རྩེག་ཡཾ་ཡཾ་རྦད་ཉིལ་སྭཱ་ཧཱཿ སྔགས་འདི་རྒྱུན་དུ་བཟླས་ཏེ་རོ་སྨད་ཆུ་སོར་སྣུམ་བྱུག་ལ་མཉེས་པས་རྡེའུ་འདོན་པར་འགྱུར་རོ་ཞེས་སྔགས་ཟབ་མོ་འདི་ཉིད་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་རྡེའུ་ནད་སྔགས་ཀྱིས་བཤིག་པ། རང་ཉིད་ཕག་ནག་འཇིགས་སུ་རུང་བ་ཁམས་གསུམ་གྱི་ས་རྡོ་ཟ་ཞིང་ཀྲིག་ཀྲིག་གི་སྒྲ་སྒྲོགས་པར་བསམ། ཨོཾ་ཤག་ཤག་ཤིག །ཏྲིག་ཏྲིག་ཤིག །ནཱ་ག་སྤྲིད་སྤྲིད། འབྱུང་བ་འདུས་པ་ཤིག རྡོ་ཕ་ཝང་ཤིགཿ བརྒྱ་ཕྲག་སོགས་བཟླས་པའི་སྔགས་ཆུ་བཏང་། དེའི་ཚེ་ཤ་ཁྲག་མི་ཟ་བར་བསྔགས་པས་ཐུབ་ངེས་སོ།།གཏེར་མའོ། །དྲི་མ་འགག་ན། སྔགས་འདི་ཡུངས་ཀར་ལ་ལན་ཉེར་གཅིག་བཟླས་ནས་ཁོང་དུ་བཏང་བས་ཐོན། སྔགས་ནི། ཨོཾ་པྲ་ཏ་པུ་ཏ་ལ་ཡེ་སྭཱ་ཧཱཿ ཞེས་སོ་ཟབ། གཏེར་མའོ།


MR11_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲི་ཆེན་བསྡམ་པ་གྲོལ་བའི་སྔགས། ཨོཾ་ཨ་ལུང་སྭཱ་ཧཱཿ ཚག་ཚག་ཏིང་འདི་ན་ཤག་ལ་སྭཱ་ཧཱཿ རྙེད་ན་རྒྱ་ཚྭ་མ་རྙེད་ན་ཆུ་ལ་བསྔགས་ཏེ་བཏུང་བས་གྲོལ་བར་འགྱུར་རོ། །ཡང་རྩ་ཆུ་བུ་སོགས་འགག་པར། ཨོཾ་ཀ་ཀ་མ་སྒོ་ཕྱེ། ཀུ་ཀུ་མ་སྒོ་ཕྱེ། ཤོ་རེ་མ་སྒོ་ཕྱེ། འབྱུང་ཆེན་ལུད་ཆ་སྙོམས་མ་སྒོ་ཕྱེ། གཞུད་གཞུད་ལམ་ལ་གཞུད། ཅེས་བཟླས་ཚྭ་དང་ཁྱི་རྒྱ་བོའི་སྤུ་མར་དང་བསྲེས་ཏེ་སྔགས་མང་དུ་བཏབ་ལ་རིལ་བུ་བྱས་ནས། རྩ་ཆུ་འགག་ཅིང་གཞང་སྲིན་ལ་གཤང་ལམ་དུ་བཅུག །གླང་ཐབས་ལ་ཁ་ནས་མིད་པས་འགག་སེལ་ཁྱད་པར་ཅན་ནོ། །ཡང་དྲི་ཆེ་ཆུང་འགག་པར། ཨོཾ་སྙན་སྙན་ཧྲཱི་ཧྲཱི་དེ་བ་དེ་བ་ཧྲི་དཀར་མ་ལ་སྭཱ་ཧཱ། སྔགས་འདི་སྟོང་བཟླས་པའི་ཆུ་བླུད་པས་གྲོལ་ལོ། །རླུང་གྱེན་ལོག་གི་སྔགས་ནི་གོང་དུ་བསྟན་ཏོ། །རླིག་རླུག་ཚ་གྲང་གང་ཡིན་ཀྱང་དེའི་སྔགས་ལ། ཁྱི་སེར་རྒྱའི་སྤུ་དང་། ར་ཕོ་གཉའ་ནག་གི་གཉའ་སྤུ་བསྲེས་ལ། ཨོཾ་ཀ་ཀེ་ཟེ་ལ་རྡ་ངུར་རྦུའི་རྦད། མང་བཟླས་རྫས་ལ་བཏབ། དེ་གཉིས་སྦྱར་ཏེ་བྱིན་པས་སེལ་ལོ་གཏེར་མའོ། །གཞང་འབྲུམ་ལ་ར་རིལ་མར་རྙིང་སྦྱར་ལ། ཨོཾ་བྷ་ཏི་ཀ་ཀྲུ་ནན་སྭཱ་ཧཱ། ཁྲི་བཟླས་བཏབ་སྟེ་གཤང་ལམ་གཞུག་པས་སེལ། གཞང་འབྲུམ་སེལ་བའི་གཟུངས་ནི་


MR11_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ན་བཞུགས་སོ། །མཚན་བར་རྡོལ་འདིར་འཛུད། སྐྱེས་པའི་འབྲས་བུ་སྐྲངས་པ་དང་ན་བར་འཇམ་འབྲས་ཞིབ་བཏགས་མར་དང་སྦྱར་{སྔགས་འདི་བཏབ།}ཨོཾ་ཀ་ལོ་ཧྲིག་ཞི་ཕ་ལ་ཕ་ལ་སྭཱ་ཧཱཿ ན་སར་བྱུག་པས་ཞི་ཟབ་བོ། །གཏེར་མའོ། །ཡང་སྐྱེས་པའི་སྒྲོ་བ་སྐྲང་བར། ཨོཾ་ཨཱཿཧཱུྃ། པུ་{སུ་མའང་དཔྱད་}རུ་པུ་རུ་མཾ་ཀུ་རུ་ལིང་ཡཾ་ཕཊ་སྭཱ་ཧཱཿ བུད་མེད་ཀྱི་ཆུ་ལ་བཏབ་སྟེ་བྱུག་པས་ཞིའོ་རྒྱུད་དང་གཏེར་མ་ལས་སོ། །ཡང་ཆུ་སོ་དང་རླིག་པ་སྐྲངས་ན་དྲི་ཆུ་དང་བདུད་རྩིའི་ཁུ་བར་སྔགས་འདི་སྟོང་བཏབ་ལ་བྱུག ཨོཾ་ཨཱཿཧཱུྃ། ག་ཏེ་ན་ཕུསཿ ཨ་ཡན་ཕུསཿ ཧཱུྃ་ཆང་གི་ལཾ་ཕུསཿ མ་ར་པ་ནི་ཕུས་ཕུས་ཞི་ཞི་སྭཱ་ཧཱཿ ཞེས་སོ། །དེས་འཚོ་བར་འགྱུར་རོ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་གྲང་གཞིས་མཁལ་སྐེད་ཕོ་མཚན་ན་བར། དྦྷ འདི་རྒྱ་ཤོག་ལ་རྒྱ་སྣག་གིས་བྲིས་རྒྱབ་དུ་ཁྱུང་ལྔ་བྱུག །འབྲི་མར་ལ། འགྲུ་བ་སོད་སྭཱ་ཧཱཿ ཞེས་པའི་སྔགས་བཏབ་པས་ཟ་ཡིག་དྲིལ་ལ། ཐོ་རངས་ནད་ཚ་བ་དང་བཏུན་ཏེ་དགུ་བདུན་ལྔ་མིད། དེ་ནས་ནུབ་ཕྱི་མ་རྣམས་སུ་ཟ་ཡིག་གསུམ་རེ་ཞག་བདུན་སོགས་བཏང་བས་ཤིན་ཏུ་ཕན། མར་ལ་སྔགས་བཏབ་པ་དེས་རྡོ་རྗེ་དང་སྒྲོ་བ་བཤད་པའི་རྩ་ལམ་མཁལ་ཁུང་མཁལ་ཚིགས་


MR11_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་བྱུག་པས་མཆོག་ཏུ་ཕན་ནོ། །འདིར་ཕོ་མཚན་མོ་མཚན་ནད་སྔགས་འཛུད། ཐིག་ལེ་སྲུང་བ། ཨོཾ་ཨཱཿཧཱུྃ་ཧ་རི་བནྡྷ་ན་ཤུ་ཏྲ་དྷཱ་ར་ཎི་སྭཱ་ཧཱཿ སྐུད་དམར་ལ་ཉེར་གཅིག་བཟླས་ཏེ་སྐེད་པ་བཅིངས་པས་ཐུབ་བོ། །གཏེར་མའོ། །ཡང་ཐིག་ལེ་སྲུང་བའི་སྔགས་ནི། ཨོཾ་ཀུ་ལཾ་བྷཱ་རཱི་བནྡྷ་བནྡྷ་ཧཱུྃ་ཕཊཿ ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཏྲ་དྷཱ་ར་ཎཱི་སིད་དྷཱ་རྠེ་སྭཱ་ཧཱཿ མཱ་མ་ཀིའི་སྔགས་ཀྱིས་ཁུ་བ་བཅིངས་པ་འདི་བྲམ་ཟེ་བུ་མོ་གཙང་མས་བསྐལ་པའི་སྐུད་པ་གུར་ཀུམ་མམ་དམར་པོའི་ཚོན་དུ་བཅོས་པར་མདུད་པ་བདུན་བོར་ལ། ལན་བརྒྱ་རྩ་བརྒྱད་བཟླས་ནས་སྔགས་པས་རྐེད་པར་ལན་གསུམ་དཀྲིས་ནས་བཅིངས་ན། ས་བོན་འཆིང་སྟེ་རྨི་ལམ་དུ་ཡང་འདོད་པའི་དབང་ཕྱུག་དང་དགའ་ལྡན་གྱི་བུ་མོ་སྣ་ཚོགས་གཟུགས་ཅན་ཆགས་ལྡན་མའི་ཚོགས་ཀྱིས་ཀྱང་ཡིད་ལ་གནོད་མི་ནུས་ན།གཞན་མི་མིན་ལོག་འདྲེན་ཚོགས་ཀྱིས་ལྟ་ཅི་སྨོས་ཏེ་ཁུ་བ་བསྡམ་པའི་མཆོག་ཏུ་གྱུར་པའོ་ཞེས་རྒྱུད་ལས་སོ། །ཡང་ཐིག་ལེ་སྲུང་བ་ལུག་དཀར་པོའི་སོག་བལ་གཡས་པ་དང་། ནག་པོའི་སོག་བལ་གཡོན་པ་གཉིས་ལས། སྐུད་པ་ཁྲ་བོ་བཀལ་ལ་མདུད་པ་ཉེར་གཅིག་བརྒྱབ། རང་ཉིད་དབང་ཕྱུག་ཆེན་པོ་གཅེར་བུ་གཡས་རིལ་བ་དང་གཡོན་རྨ་བྱའི་སྒྲོས་གསང་གནས་འགེབ་


MR11_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པས་གདོན་ཐམས་ཅད་ཆོམ་ཆོམ་ཟ་བར་བསམ་ལ་སྔགས། ཨོཾ་ཏྲི་ཧྲན་རྩོག་རྩོགཿ ཅེས་པ་ཁྲིའམ་མདུད་པ་རེ་ལ་སྟོང་ཕྲག་རེ་བཟླས་ལ་བཏབ། དེ་སྐེད་པར་བཅིངས་ན་ཐིག་ལེ་མཆོག་ཏུ་སྲུང་བར་འགྱུར་ཞེས་གཏེར་མའོ། །སྔགས་དེ་ཟངས་རྩིས་འོ་མ་ཞོར་བྱས་པ་ལ་བཏབ་སྟེ་འཐུངས་ཀྱང་བཟང་ངོ་། །ཡང་གསང་སྔགས་ཟབ་མོས་ཐིག་ལེ་སྲུང་བ་ནི།ཧ་ར་བྷེ། ཧོ་ར་བྷེ། ཁ་བྷེ། མ་བྷེ། ན་ཏི་བྷེ། ཞེས་སྔགས་འདི་ཅི་མང་བཟླས་པས་སྐུད་པ་དཀར་པོ་སུམ་སྒྲིལ་འདོམ་གང་ལ་མདུད་པ་བདུན་བོར་བར་བཏབ་ནས་སྐེད་པར་བཅིངས་ན། ཕོ་གདོན་མོ་གདོན་རྒྱལ་འགོང་དམ་སྲི་སོགས་གདོན་དང་། གྲིབ་ཀྱིས་ས་བོན་འཛག་པ་རྣམས་ཆོད་ངེས་སོ། །ཡང་ས་བོན་འཛག་པ་སྲུང་བ་ལུག་ཐུག་སོག་བལ་སྐུད་པར། ཨ་ཝ་ཀ་ར་སིདྡྷ་ནཿཞེས་སྔགས་བཏབ་སྟེ་འཆང་བས་ཐུབ་བོ། །ཡང་ཕོ་མོ་གང་ཡིན་ཐིག་ལེ་གཅོད་པའི་སྔགས། ཨོཾ་བཛྲ་སུ་ཤ་བེ་ཏ་ཡེ་ཧཱུྃ་ཕཊ་སྭཱ་ཧཱཿ བཟླས་པས་ཆོད་ཟབ་བོ། །བྲམ་ཟེ་དམར་པོའི་གདམས་པ་འདིས་རྐང་པའི་ནད་རིགས་ཐམས་ཅད་དང་། ཁྱད་པར་འབམ་དཀར་ནག་ཁྲ་གསུམ། ཚ་དྲེག་གྲང་དྲེག་སོགས་མདོར་ན་རུས་པའི་གཏིང་དུ་ཞུགས་པའི་ནད་ཐམས་ཅད་ལ་མི་ཕན་པ་མེད།


MR11_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ཁྲི་ཚོ་གསུམ་མི་ཚིག་གིས་བར་མ་ཆོད་པར་བསྐྱལ་འདེབས་དུས་བརྒྱ་རྩ་རེ་བགྲང་ལ། ལན་ཐབ་གསུམ་རེ་འདེབས། ཨ་ཏི་ནག་པོ་རྩ་རྐང་ཤིགཿ ཏུན་ཏི་ནག་པོ་རྩ་རྐང་ཤིགཿ ནག་པོ་རྩ་མ་ལའི་སྲོག་ལ་རྦདཿ ཤིན་ཏུ་ཟབ་སྟེ་ཁྱུང་པོ་རང་གྲོལ་ལ་ཞིང་ཁ་གསུམ་ཕུལ་ཏེ་ཞུས་པ་ནས་བརྒྱུད་པའོ། །ཨི་ཐིཿ དྲེག་གི་སྔགས་ནི། བ་སོ་ཏི་ཏི་ཛ་རཾཿ ལོ་མ་ལ་སྔགས་ལ་ལུམ་བྱས་པས་ཕན་ནོ། །གཏེར་མའོ། །ཨོཾ་ནོ་ཏི་ཏེ་ཕུ་ཡེ་སྭཱ་ཧཱཿ དྲེག་སྔགས་འདི་ཅོང་ཞི་དང་། བ་དམར་ཟལ་གྱི་མར་སྦྱར་ལ་སྔགས་ཤིང་བྱུག་བདུག་ཟེར་དཔྱད་པས་བསད། ཕུས་བཏབ་པས་གཞོམ། ཡས་ནས་མར་བཏབ་ལ་བུག་པ་གྲུ་གསུམ་ནས་ནད་སྔོ་བུན་བུན་ཕྱིར་སོང་བར་བསམ་པས་འདོན་ཏེ། དེ་ལྟར་བསད་གཞོམ་དབྱུང་སྔགས་ཤིན་ཏུ་ཟབ་བོ། །དྲེག་གི་སྔགས། རང་བྱ་ཁྱུང་དམར་པོ་ཟངས་ཀྱི་མཆུ་སྡེར་ཅན་དུ་བསྒོམ། ནག་པོ་ཐོད་རིམས་སོད། གཟེར་རིལ་གཟེར་ནད། ཡར་ཡར་སོད། མར་མར་སོད། ཕྲུལ་ཕྲུལ་སོད། སིབས་སིབས། སྐན་འཇུག་མ་སོད། འདང་གསུམ། ང་ལ་སོད། ཅེས་སྨན་རྒྱུད་ཆ་ལག་སྔགས་འབུམ་ལས་སོ། །ཡང་རྐང་པའི་དྲེག་ནད་ལ། ལྕགས་ཀྱི་ཕུར་པ་བརྒྱ་ཞིག །སིབ་སིབ་ནད་ལ་སིབ། གདུངས་


MR11_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་ནད་ལ་གདུངས། ཁྲོཾ་ཁྲོཾ་ནད་ལ་ཁྲོཾ་ཁྲོཾ་ཟངས་ཀྱི་ཕུར་པ་བརྒྱ་ཞིག །སིབ་སིབ་ནད་ལ་སིབ། གདུངས་གདུངས་ནད་ལ་གདུངས། ཁྲོཾ་ཁྲོཾ་ནད་ལ་ཁྲོཾཿ ཞེས་ལྕགས་ཕུར་སོར་བཞི་དང་ཟངས་ཕུར་སོར་བཞི་པ་གཉིས་གངས་ཆུ་ལ་ངར་བཏབ་ལ། རྐང་པའི་དྲེག་གང་ན་བའི་སྟེང་ནས་འདྲིལ་ཞིང་སྔགས་བཟླས། ཏིང་ངེ་འཛིན་གྱིས་གསོར་གྱིས་ཤིང་ལ་འབིགས་པ་ལྟར་བསམ། སྔགས་འདི་འདེབས་པའི་བར་ལ་སྨྲ་བཅད་བྱ། དམ་ཚིག་ཏུ་འདེབས་པའི་བར་ལ་ཆང་དང་བུད་མེད་སྤང་། རྐང་པའི་དྲེག་ནད་སྔགས་འདི་ཡང་ཡང་རྟགས་ཐོན་པ་ཡིན་ཞེས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས་སོ། །ཡང་དྲེག་སྔགས་ནི། ཨོཾ་ཤ་ལ་ནི་སོད་ཤུ་ལུ་ནི་སོད། ཆུ་སེར་བསྡུས། འུབ་ཏེ་སྡུསཿ དོག་རོག་ཏེ་འང་གཏོར་ཤིག །དྲེག་ནད་ཞི་ཤི། ཚ་བ་མེའི་དབལ་སོདཿ གྲང་བ་ཆུའི་དབལ་སོད། རྣོ་བ་ལྕགས་ཀྱི་དབལ་སོད། ཁྱུང་གིས་ནད་རྣམས་ཕྱུངས་སོད་སྭཱ་ཧཱ། ཞེས་བཟླ་ཞིང་ཉིན་མོ་བྲམ་ཟེ་དཀར་པོ། ནུབ་མོ་ནག་པོར་བསྒོམ་ལ།ཉིན་མཚན་གཉིས་ཀར་སྔགས་ཐུན་དགུ་བྱེད། ཐུན་དགུའི་དང་པོ་གསུམ་དུ་ནད་ལྕགས་ཀྱུས་དྲངས་པར་བསམ། བར་མ་གསུམ་དུ་ནད་དེ་མེ་ཡིས་བསྲེག་པར་བསམ། ཐ་མ་གསུམ་དུ་ཐལ་བ་གང་


MR11_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བསམ། རྫས་ནི། གླུ་མ་ཉེའུ་ལ། རྒྱ་ཚ་ཟེར་ཙམ། མཚལ་རབ། མ་འཛོམས་ན་བཙག་དང་། ཐལ་རྡོར་སོ་ར་ཡུངས་ཀར་རྣམས་སྦྱར་ལ་བརྐུས་ཏེ། ཕྱི་ནས་རས་འཇག་བཅིངས། ཁོང་དུ་འབྲས་བུ་གསུམ་བཏང་། རྫས་སྔགས་གཉིས་འཛོམས་ན་དྲེག་ནད་ཡུལ་འདེད་བྱེད་དེ་རྩད་ནས་ཐོན་པར་འགྱུར་རོ། །སྔགས་འདི་ལ་ཅུང་ཟད་འདྲ་མིན་འདུག་ཅིང་། དགོངས་འདུས་སྔགས་འབུམ་གཙོ་བོར་བྱས་པའོ། །ཚ་དྲེག་ལ་མེའི་ཁྱུང་དང་སྔགས་མཆིལ་མེ། གྲང་དྲེག་ལ་ཆུའི་ཁྱུང་དུ་བསྒོམ་པའི་ལུགས་ཀྱང་སྣང་ངོ་། །གང་ལྟར་ཀྱང་དྲེག་སྔགས་ཟབ་མོའོ། །གྲུམ་བུའི་སྔགས།ཨོཾ་རུག་རུག་ཕྱིར་ཕྱིར་སྲོག་གི་སྙིང་པོ་ལ་རྦད། ར་ཤ་ཙི་དེ་ཕྱུང་། སྔགས་འདི་ཆུ་རྫ་མ་གང་ངམ། ཆུ་སྒྱེད་གང་རུང་ཞིག་བཀང་ལ། སྔགས་སྟོང་ཚོ་གསུམ་བཏབ། སྔགས་འདེབ་དུས་ཤ་མི་བཟའ། སྔགས་ཆུས་འཁྲུ་དུས་ཆུ་བྲེ་དོ་བསྲེས་ལ་ཉིན་རེ་བཞིན་བཀྲུའོ། །ཆུ་སྣ་སྤྱི་བོར་བརྡེག དེ་ནས་རིམ་གྱིས་བཀྲུའོ། །རྒྱུད་རྒྱལ་བདུད་རྩི་སྙིང་པོའི་ཆ་ལག་ཕན་བྱེད་སྔགས་འབུམ་དཀར་པོ་ལས་སོ། །སྲིན་གྱི་སྔགས་ལ་རང་ལྕགས་ཀྱི་སྡིག་པ་ནག་པོ་རྭ་གཉིས་དང་ཁ་ནས་དུག་གི་རླངས་པ་ཆིལ་ཆིལ་འཕྲོ་བས་སྲིན་རྣམས་ཐུལ་ཐུལ་གཏུབ་ཅིང་ཟ་བར་བསམ། ཨོཾ་ཏྲིང་


MR11_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲིང་སྲིན་ལ་ཏྲིང་ཏྲིང་ཿ ཀྱེད་ཀྱེདཿ རུག་རུགཿ ཤིག་ཤིགཿ ཉལ་ཉལཿ སྲིན་བུ་ཙག་ཤུ་སོད་སྭཱ་ཧཱཿ གྲང་སྲིན་ལ་ཚྭ་བསྔགས། ཚྭ་སྲིན་ལ་ཆུ་ལ་བཏབ། ནད་སྟོབས་དང་བསྟུན་ལ་སྔགས་ཅི་མང་འབད། ཁོང་དུ་སོང་བས་ཆོག་སྟེ་ཤིན་ཏུ་ཟབ་པ་རཏ་གཏེར་རོ། །གཉན་དང་ཡ་མ་བསྡོངས་ནས་ན་བའམ། གཉན་དང་སྲིན་བསྡོངས་ནས་ན་བ་ལ། གུ་གུལ་ནག་པོ། ཛ་ཏི་ཤིང་ཀུན་སྨན་ཆེན། ཨ་རུ་རྒྱ་གར་མ། སྲེ་མོའི་ཤ །གླ་རྩི་རྣམས་ཀྱི་རིལ་བུ་བྲ་རིལ་ཙམ་བྱ། སྦྱར་ཚད་ཀྱང་ཛ་ཏི་རྡོག་གཅིག །གླ་རྩི་ཐུན་གསུམ་ཨ་རུ་ར་སྨན་ཆེན་གྱི་ལྔ་འགྱུར་བཏང་། ནད་ཚབས་དང་སྨན་ལྟོ་ཆེ་ཆུང་སྦྱར་ལ་བཏང་། སྔགས་ནི། ནག་པོ་ཀཱ་ལ་རཀྵ་རྦད་རྦད་སོད་སོད་ཕྱུངས་ཕྱུངསཿ སྤུ་གྲི་ཟིང་ཟིངཿ ལྕགས་ཀྱུའི་སྡེར་མོས་ཟུང་ཟུངཿ སྙིང་ལ་གནོད་བྱེད་གཉན་དང་ཡ་མའི་ཤ་ལ་ཟོཿ ཞེས་པ་སྟོང་གིས་ངར་བླུད་ནས། ཞག་དང་པོ་ལ་རིལ་བུ་ལྔ། གཉིས་པར་བདུན། གསུམ་པར་དགུ་བཏང་། དེས་ཕན་པར་འགྱུར། གཉན་རྐྱང་བ་དང་། ཡ་མ་རྐྱང་བ་དང་། ས་བདག་ཀླུ་གཉན་གྱི་གནོད་པས་ཤུ་ཐོར་སྐྲངས་ལྷོག་ལ་སོགས་པ་བྱུང་ན། སྔགས་མཁན་ཟངས་ཀྱི་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་རབ་ཏུ་ཁྲོས་པ་གཅིག་བསྒོམ་ལ། ན་སར་སྔགས་


MR11_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཆིལ་དྲག་ཏུ་བཏབ་པ་ཙམ་གྱིས་ནད་དང་ནད་གཏོང་བྱེད་ཀྱི་གདོན་ཐམས་ཅད་ཟོས་པར་བསམས་ནས། སྨྲ་བ་བཅད་དེ་བཏབ་པས་ཕན། འདི་ཡི་སྔ་ཐོག་ཏུ་བཟླས་པ་ཁྲི་ཕྲག་གཅིག་གིས་གོང་བསྙེན་ཐེམ་པར་བྱེད་པ་གནད་ཡིན། ཡ་མ་མིག་ལ་རྒྱུག་ན་ཧུས་བཏབ། རྣ་བར་རྒྱུག་ན་ཕུས་བཏབ། གཞན་གང་ལ་ཡང་མཆིལ་མ་བཏབ་པས་ཕན་པར་འགྱུར་རོ། །ཞེས་དགོངས་འདུས་སྔགས་འབུམ་དགོས་འདོད་ཀུན་འབྱུང་ལས་སོ། །ཨོཾ་ཨཱཿཧཱུྃ། རྩག་ཏི་རྩོག་ཙག་ཏི་ཙག་ཏི་ཏི་སྙིང་ལ་པའང་རུ་དེ་སོདཿ སྔགས་འདི་སྟོང་བཟླས་བྱི་ཏང་མ་རུ་ཙེ་ལུང་ཐང་ཙེ་ཐང་ཕྲོཾ་བྱང་བ་སྦྱར་ལ་བཏབ། ལྟོ་སྟོང་གྲོ་ཐང་སོགས་ཀྱིས་དབུལ་བས་ཁོང་སྲིན་ཐོན། ལྕག་ཏུ་སྒོ་ལྕགས་བསྲེག་ཁུ་བཏུང་། སྨན་མེད་ཀྱང་སྔགས་ཆུས་ཀྱང་ཕན་ཞེས་ལས་ཐམས་ཅད་པའི་རྒྱུད་སོགས་ལས་སོ། །ཨོཾ་མུ་ནི་མུ་ནི་སོདཿ ཛ་མ་ཛ་མ་སོདཿ གཉན་ཡ་མ་སོདཿ གདོན་ཡ་མ་སོདཿ སྲིན་བུ་ཡ་མ་ན་པ་སོདཿ རང་ཉིད་ཕ་དམ་པར་བསྒོམ་ལ་བཟླས་པའི་སྔགས་ཆུ་བཏུང་ཞིང་གང་ན་སར་བྱུག་པས་སྲིན་དང་ཡ་མ་ཐམས་ཅད་སེལ་ཞེས་གཡུ་ཐོག་བླ་སྒྲུབ་ཀྱི་འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ་ལས་གསུངས་སོ། །ཡང་སྲིན་ཡ་མ་ནག་པོའི་སྔགས་ནི། ཨོཾ་མེ་འབར་ཚ་སྲིན་སོདཿ ཚ་འབར་རླུང་སྲིན་སོད།


MR11_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འབར་མ་ཁྲག་ལྕེ་སོདཿ ཤ་བའི་ཚིལ་བསྔགས་ལ་བདུག །ཡང་ན་ཡུངས་མ་བསྔགས་ལ་བདུག་པས་ཕན་ངེས། སྔགས་ཆུས་ཀྱང་ཕན་པ་མྱོང་གྲུབ་བོ། །གཏེར་མའོ།།ཡང་འདྲ་མིན། ཨཱོཾ་མེ་འབར་ས་སྲིན་སོད། ས་འབར་རླུང་སྲིན་སོད། འབར་མ་ཁྲག་གི་ཏེ་ཏེ་སོད། མང་དུ་བགྲངས་ནས་ལག་པའི་མཐེ་བོང་ལ་བཏབ་སྟེ་ལྟེ་བར་ཆོས་སྐོར་དགུ་དང་བོན་སྐོར་དགུ་བྱས་པས་ཕན་པར་ཐེ་ཚོམ་མེད་ཅེས་འདུག །ཡང་ཡ་མའི་སྔགས། ཨོཾ་ཙནྡྷེ་ཙནྡྷེ་ལྷང་ལྷང་དུང་དུང་ཤིག་ཤིག །ཡ་མ་ཕྱུངས་སོད་ཡ་མ་སོད་སྭཱ་ཧཱཿ སྨན་རྒྱུད་ཕན་བྱེད་སྔགས་འབུམ་ལས་ཀྱང་བྱུང་མོད། སྔགས་འདིས་ཁྲག་དང་ཆུ་སེར་གཉན་དང་རླུང་སོགས་ཀྱི་ཡ་མ་སེལ་བ་དམ་པ་རྒྱ་གར་ལུགས་སོ། །འདི་ཟབ་པར་སྣང་ངོ་། །སྔགས་མེ་ནད་བྱ་སྒྲོར་བསྒོམས་ནས་བསྲེགས་པར་བསམ་ཞེས་གསུངས་སོ། །ཡང་སྲིན་སྔགས། ནག་པོ་ཕཊ་མ་ཧཱ་ཕཊ། མ་ཧཱ་པཉྩ་ཕཊ། ཐུཾ་རིལ་ཕཊ། ཚྭ་ལ་སྔགས་ཏེ་བཏང་བས་ཕན་ནོ། །ཡང་སྲིན་སྔགས། མ་ཀར་རཀྵ་རྦད་རྦད་སོད་སོད། ཕྱུང་ཕྱུང་།སྤུ་གྲི་ཟེར་ཟེར། ལྕགས་ཀྱུའི་སྡེར་མོས་ཟུངས། སྙིང་ལ་གནོད་བྱེད་ཡ་མའི་གཉན་དང་ཤ་ལ་ཟོཿ བསྙེན་པ་ཁྲི་བསྐྱལ་ནས་ལས་སྦྱོར་སུམ་བརྒྱ་ཙམ་གང་ན་སར་བཏབ་པས་ཡ་མ་དཀར་ནག་ཁྲ་གསུམ་


MR11_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། ཡང་སྲིན་སྔགས། ཨོཾ་རྨི་རི་སོདཿ ས་སྲིན་རྨི་རི་སོདཿ ཨ་སྲིན་ནག་པོ་སྲོག་ལ་རྦདཿ ཀ་ལེན་ནག་པོ་སྲོག་ལ་ཐུམས་སོདཿ རང་ཁྱུང་དུ་བསྒོམས་ནས་བསྙེན་པ་ཁྲི་བཞི་སྔོན་དུ་བཏང་ནས། གང་ན་བའི་དཀྱིལ་དུ་བུ་རམ་བྱུག་ལ། མཐའ་ནས་སྔགས་ཀྱིས་གཅུན་ལ་ཁ་ཡིས་འཇིབ། དེས་ཁྲག་གིས་ཡ་མར་ཁྲག་བྱུག །སྲིན་རྐྱང་པ་ལ་སྲིན་ཐོན་ཏེ། ཡ་མ་དང་སྲིན་ནད་ཀུན་ལ་ཕན་ནོ། །ཨོཾ་དཀར་པོ་ཡ་ཏི་ན་སོདཿ སྲད་བུ་དམར་པོ་ལ་སྔགས་འདི་སྟོང་བཏབ་སྟེ་མགོ་ལ་བཅིངས་པས་ཡ་མའི་ནད་སེལ་ལོ། །འདི་ལ་འདྲ་མིན། ཨོཾ་དཀར་པོ་ཡ་ཉི་སོདཿ ཅེས་ཀླད་སྲིན་སེལ་སྔགས་སུ་གསུངས་སོ། །ཡང་ཡ་མའི་སྔགས། ནག་པོ་ཤྲི་ཁལ་ཁིལ་ནག་པོ་ཚལ་པ་ཤག་ཏི་རྦདཿ ཅེས་གང་མང་བཟླས་གུར་ཀུམ་གྱི་ཆུ་ལ་བཏབ་སྟེ་སྣ་བུག་འཐུངས་པས་ཕན་ངེས་སོ་ཟབ། ཡང་ཀླད་སྲིན་ལ་སྲུང་སྐུད་དཀར་དམར་ཁྲ་གསུམ་ལ་སྔགས། ཡམ་གཟེར་དམར་པོ་སོདཿ ཡ་མ་ནག་པོ་སོདཿ མཛེ་རུ་ནག་པོ་སོདཿ འདི་སྨྲ་བཅད་བཟླས་ཏེ་མགོ་དང་སྲུང་སྐུད་ལ་སྔགས་བཏབ། ནད་པར་ཁྲུས་བྱས་ཏེ་བཏགས། གདམས་ངག་གསེར་སྲང་གསུམ་གྱི་བཀའ་རྒྱ་ཅན་ནོ། །ཨོཾ་ལཾ་ལཾ་བྱང་བྱང་གྷྲི་ན་ཡ་སྭཱ་ཧཱཿ སྔགས་བརྒྱ་ལས་མི་ཉུང་


MR11_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟླས་ཚྭ་ལ་བཏབ་སྟེ་བཏང་ན་སྲིན་འཇོམ་ཞེས་དམ་པའི་ལུགས་སོ། །མིག་སྲིན་བུས་ཟ་བར། ཨ་ཨ་སྲིན་བུ་ཛ་ཤུ་རྦད་ནི་སོདཿ གདོང་པ་སོགས་ཀྱི་སྲིན་སེལ་བའི་སྔགས་གཏེར་མའོ། །སྣ་སྲིན་ཞི་བར་ཤིང་ཀུན་གྱི་ཆུ་ལ། ཨོཾ་ཡ་མ་སྲི་ཀར་ཁྲ་སོད་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་ནས་སྣ་ནང་ཕུལ་ན་ཞི་ཞེས་གཏེར་མའོ། །ཡང་གཅིག །སྣ་སྲིན་སྔགས།ཨོཾ་ཁ་ཤི་རི་ཏི་རྦདཿ སྔགས་ཆུ་སྣར་བླུགས་པས་སེལ་ལོ། །ཨོཾ་ལབ་ཏྲི་ལབ་ཏྲི་ས་སྲིན་སོད་སྭཱ་ཧཱཿ ཚྭ་ཆུ་ལ་སྔགས་ཏེ་འཐུངས་པས་ཁོང་བའི་སྲིན་གསོད་པའི་སྔགས་དམ་པའི་མཁྱུད་སྤྱད་སྔགས་ཀྱི་རྟེན་འབྲེལ་གསེར་གྱི་ཆར་པ་ལས་སོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་རཀྵ་ས་ཧ་ས་རྩ་ཀི་ཧོ་ནཱ་ཤ་ཡ་སྭཱ་ཧཱ། སྔགས་འདིས་གསུས་པའི་འབུ་མེད་པར་བྱེད་དོ་ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་སོ། །ཡང་རྒྱུད་དེ་ལས། ཨོཾ་ཙུཀྐ་པི་ཙུཀྐ ཙི་ཙི་ཀྵ། བི་བི་ཥ་ཎི། བི་ཏི་ཏི་སྭཱ་ཧཱ། སྔགས་འདིས་ཀྱང་གསུས་པའི་འབུ་སོགས་རྒྱུན་གཅོད་པར་བྱེད་ཅེས་གསུངས་སོ། །ཨོཾ་སྲིན་བུ་ཙག་ཤུ་ཙ་ལ་ནན་སྭཱ་ཧཱཿ མར་རྙིང་ཁ་ཚ་བ་དང་། བལ་ཚི་ཅན་ལ་བསྔགས་པའི་རིལ་བུ་བཤང་ལམ་དུ་བཅུག་པས་གཞང་སྲིན་ཞི་ཞེས་དཔེ་དུ་མ་ནས་སོ། །དཔེ་འགར། ཨོཾ་ར་སྲིན་བྷ་ག་


MR11_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཙག་ཤུ་ཙ་ལ་ནན་སྭཱ་ཧཱཿ ཞེས་སྔགས་ཀྱི་ཁྱད་པར་སྣང་གང་ལྟར་བཟླས་ཀྱང་ཕན་ནོ། །ཨོཾ་ཀྲུག་ཀྲུག་ཐོག་ཐོག་ཐོན་ཐོན་སྭཱ་ཧཱཿ ཤ་དམར་པོ་ལ་སྔགས་བཏབ་འོག་སྒོར་བཅུག་པས། གཞང་སྲིན་འཐོན་པར་འགྱུར་རོ། །ཧྲི་ཧབ་ཧྲིད་སོདཿ སྔགས་འབྲུ་བཞི་པ་འདིས་ཚ་སྲིན་ལ་ཕུ་བྱ། གྲང་སྲིན་ལ་ཚྭ་བསྔགས་ནས་ཁོང་དུ་བཏང་བས་སོས་སོ། །ཟབ། ཡང་སྲིན་བུ་ཡ་མའི་སྔགས། སྲིན་བུ་ར་ཙ་སོད། ཡ་མ་རྟ་ཏྲི་སོད། མང་དུ་བཟླས་ཏེ་བཏབ་པས་ཡ་མ་ན་བ་སེལ། ཡང་གཅིག །ནག་པོ་བ་ཤ་ཏིག་ཚལ་ཚལ་ཁས་སྭཱ་ཧཱ། འདིས་ཀྱང་ཕན་ནོ། །ཡང་གཅིག ཡ་མ་ནག་པོའི་སྔགས། ཡ་མ་ནག་པོ་སོད། སྨུག་ནག་འཁྱིལ་པ་སོད། ནན་ལྷང་ལྷང་ཁྱུག་ཁྱུག་འཁྱུག་པ་སོད། མང་དུ་བཟླས་པས་ཕན་པ་མྱོང་གྲུབ་མའོ། །ཡང་ཡ་མའི་སྔགས། ཉ་ལ་མུ་ཀྲིག་ཀྲིག བྷ་ལི་ན་བྷ་ལི་མུ་སིབ་སིབཿ བརྒྱ་རྩ་བརྒྱད་བཟླས་ན་སར་ཕུ་འདེབས། འདི་བས་ལྷག་པའི་ཟབ་པ་མེད་ཅེས་ཨ་ཙ་ར་ནག་པོའི་ཁྱད་ཆོས་སོ། །ཡང་སྲིན་ཡ་མའི་སྔགས། ཨོཾ་ཉ་ཉ་རྩ་རི་ཨོཾ། ཤིན་ཏུ་ཟབ་ཅེས་གསུངས། ཡང་སྲིན་སྔགས་པ་ཞི་སྲིན་འབུ་ཀུ་རུ་ན་ན་དཔྱད་སོདཿ ཅེས་སོ། །སྲིན་ནད་སྔགས། ཨོཾ་སྲིན་གྱི་དབལ་ཕོ་སོད།


MR11_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་གྱི་དབལ་མོ་སོད། སྲིན་བུ་ར་ཙ་སོད། དར་ཏྲི་དྲོན་མོ་མལ་དུ་སོད། ཅེས་དོ་བའི་རྩ་བ་དང་། མར་ལ་རིལ་བུ་བྱས་ལ་སྔགས་ཏེ་བཏང་། དོ་རྩ་མེད་ན་མར་ལ་བཟླས་ཏེ་བཏང་། ཚྭ་རྙིང་ལ་བཏབ་ཁོང་བཏང་སྲིན་གླང་ཐབས་སྔགས་ཡིན་ནོ། །ཀླད་སྲིན་སྔགས། ཨོཾ་ཆོམ་ཆོམ་སོད། ཡ་མ་ནེའུ་སོད། སྔགས་ཀྱིས་སྲིན་སོད། སྔགས་ཆུ་བཏང་ཞིང་གར་འཁྲུགས་སར་གདབ་བོ། །གྲིབ་སྲིན་སྔགས། གྲིབ་སྲིན་ཡ་མ་ནག་པོ་སོད་སྭཱ་ཧཱཿ ཞེས་སོ། །ཨོཾ་ར་ད་ར་སོད། ཆར་ཆར། ཆིར་ཆིར། སྲིན་བུ་མགོ་དམར་སོད། སྔགས་འདི་སོ་སྲིན་ལ་ཆུ་རྩ་སྲན་མ་ཙམ་གསུམ་ལ་སྔགས་བརྒྱ་སོ་སོར་བཏབ་སྟེ་སོ་ན་བའི་བར་དུ་མནན། མིག་སྲིན་ལ་གྱོ་མོ་གསར་པར་བརྒྱ་བཏབ་ལ་དར་ཚག་ལ་བཙག་ནས་གདབ། ཁོང་སྲིན་ལ་བ་འོར་ཚྭ་བཏབ་ལ་བསྐོལ་ཏེ་སྔགས་མང་དུ་བཏབ་པ་ལྟོར་ལན་འགའ་བཏང་། སྲིན་བཤལ་བཏང་ན་རང་གི་དྲི་ཆུ་ལ་ཚྭ་ཞིབ་པོ་ཚོམ་གཅིག་བཏབ་སྟེ་མེ་ལ་བསྐོལ། གྲང་བ་དང་འཐུང་སྟེ་མལ་དུ་ཚས་ཀྱིས་བྱིབས་ལ་ཉལ། ཅུང་ཞིག་ན་སྲིན་ཐམས་ཅད་འབྱུང་ངོ་། །དེས་ལོ་དུས་སམ་ཟླ་ཕྱེད་ཐུབ་བོ་ཞེས་གསུངས་སོ། །ཡང་སྲིན་སྔགས་ཡུངས་མར་སྔགས། གྲིབ་སྲིན་ལ་ཤུག་པ་སྔགས། དེ་གཉིས་བསྲེས་ལ་བདུག ཚ་སྲིན་ཚ་རུ་སོད།


MR11_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་སྲིན་གྲང་རུ་སོད། སྲིན་བུ་ཏྲིང་ཏྲིང་རྩི་རི་ནག་པོ་སོད། སྨྲ་བཅད་བྱས་ཏེ་སྔགས་ཁྲི་གཅིག་བགྲངས་ཏེ་བཏང་བས་ཕན་ནོ། །ཡང་སྲིན་ཡ་མའི་སྔགས་ནི། ཨོཾ་འབུ་སྲིན་སོདཿ སྲིན་འབུ་སོདཿསྲིན་འབུ་དུམ་དུམ་སོདཿ སྲིན་འབུའི་ཚང་ཤིགཿ ལྷུ་ཐོན་སྭཱ་ཧཱཿ ཞེས་བཟླས་ལ་བཏབ་པས་ཕན་ནོ། །ཡང་ཡ་མ་ཚབས་ཆེ་བ་ལ་སྔགས་འདི་བརྡེག ཨོཾ་འབུ་ཙ་ཙི་སོདཿ འབུ་དམར་སོདཿརྟ་ལྟར་རྒྱུག་པ་སོདཿ གླང་བཞིན་འཁུན་པ་སོདཿ ལང་ལང་སྐྱོག་སྐྱོག་སོདཿ ཤང་ཤང་རུ་རུ་སོདཿ ཞི་ཞི་སྲིན་སོདཿ སྲིན་གྱི་གྲོང་ཁྱེར་ཤིགཿ སྲིན་བུ་རྩ་ལ་རྨུགས་པ་སོདཿ ཞེས་བཟླས་གང་ན་སར་བརྡེགས་པས་ཕན་ངེས་སོ། སྲིན་ཡ་མའི་སྲུང་བ་ནི། རྩ་ཡ་མ་སོདཿ ཁྲག་ཡ་མ་སོད། ཆུ་སེར་ཡ་མ་སོད། སྲིན་ཡ་མ་སོད། གཉན་ཡ་མ་སོད། རླུང་ཡ་མ་སོད།དམར་སྨུག་འཁྱིལ་པ་སོད། ཅེས་བཟླས་པ་བཏབ། ཨོཾ་བྱི་ལི་བྱི་ལི་སོད། མི་ལི་བྱི་ལི་སོད། ཡ་མ་ནག་པོ་སོད། སྲིན་གྱི་གྲོང་ཁྱེར་ལ་སྔགས་ཀྱི་ཐུན་ཕོབ། ཡ་མ་རཀྵ་སྭཱ་ཧཱ། འཆང་བ་པོ་ལ་ཡ་མའི་ནད་ཐམས་ཅད་བསྲུང་དུ་གསོལ་རཀྵཿ འདི་བྲིས་ཏེ་བཏགས། སྲུང་བ་ཟབ་བོ། །སྲིན་སྔགས་སྐོར་མང་ཡང་འདིར་དེ་ཙམ་མོ། །བད་ཀན། སྲིན་བུ་སྐྲན་ལ་སོགས་པས་ནན། སྔགས་


MR11_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་བྱ་ཁྱུང་ཁྲ་བོ་གནམ་ལྕགས་ཀྱི་མཆུ་སྡེར་གཅིག་བསྒོམ། ནད་པའི་ཁོང་པའི་ནང་དུ་ཁྱུང་ཁྲ་བོ་ཕོ་མོ་གཉིས་ཡར་རྒྱུག་ཕྱིར་རྒྱུག་བྱེད་ཅིང་། ཁོང་པའི་ནང་གི་འབུ་སྲིན་དང་བད་ཀན་དང་སྐྲན་ལ་སོགས་པ་ཐམས་ཅད་འཇོམས་པར་བསྒོམ་ཞིང་། ཨོཾ་ཧར་སིང་མུག་ཐུཾ་རྦད། ཨོཾ་སིད་དྷ་དྷི་སྭཱ་ཧཱཿ ཨོཾ་གལ་ཕྱིནཿ ཏྲི་ཕྱིནཿ དུག་སོདཿ རུས་ནོན་སྭཱ་ཧཱཿ ཨོཾ་གྷ་རུ་ཊ་སྲོག་ཚིལ་ནན་རྦདཿ དུ་ཡ་དུ་ཡ་ཤིག་ཤིག་སྭཱ་ཧཱཿ ཤིག་ཤིག་དུམ་དུམ་སྲིན་ནོན་སྲིན་སོད་སྭཱ་ཧཱཿ ཞེས་པ་རང་ཉིད་ཁོག་པ་ཁྲོག་ཁྲོག་མ་བྱུང་བར་དུ་ཚྭ་དང་མར་བསྲེས་པ་ལ་བཏབ། སྔགས་མཁན་བཤལ་ལ་ཁད་བྱུང་བ་དང་། དམིགས་བྱ་ལ་ཚྭ་མར་ཆུས་ཕུལ་ལ་བཏང་བས་འབུ་སྲིན་དང་ནད་ཐམས་ཅད་བཤལ་བར་འགྱུར་ཏེ། མང་དུ་བཤལ་ན་བཤལ་རྗེས་སྤྱི་དང་མཐུན་ནོ། །དེས་ཁོང་པའི་ནང་གི་ནད་གསོ་དཀའ་བ་ཐམས་ཅད་དྲུངས་ནས་འབྱིན་ཏེ་མན་ངག་ཁྱད་ཅན་འདི་སྤྲུལ་པའི་གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་མ་ལགས་སོ། །ཨི་ཐིཿ སྟོན་འབྲིང་གི་ཚེས་བརྒྱད་དང་བཅུ་ལ་སྡིག་སྲིན་ཤིང་ཀུན་ཀླད་པ་སྦྲང་དང་སྒོག་སྐྱ་རྣམས་ཤ་བའི་རྒྱུ་མ་བཙོས་པའི་ཁུ་བར་སྦྱར་ཏེ་ནངས་མོ་ལྟོ་སྟོངས་ལ་བཏང་


MR11_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཅུད་ལེན་བྱེད་པ་སོགས་ཀྱི་གེགས་སུ་གྱུར་པ་སྲོག་རྩའི་སྲིན་མགོ་ཁྲ་མགོ་ལྗང་གཉིས་ཆུ་ལམ་ནས། དར་སྐུད་ལྟར་འཐོན་པར་འགྱུར་ཞེས་བདུད་རྩིའི་རྒྱུད་ལས་གསུངས་སོ། །ཀླད་པ་སོགས་བརྡབ་པ་དང་རྨ་སོགས་ཀྱིས་རྩར་བྱེར་བྱུང་ན་འོ་མ་འཛིན་དང་ཨའུ་ཤ དོམ་མཁྲིས་གསུམ་གྱི་ཐང་བཏང་ལ། ཨོཾ་ཨཱཿཧཱུྃ་རྩ་ཁྲིས་ནན་སྭཱ་ཧཱཿ སྔགས་འདི་སུམ་བརྒྱ་རེ་བཏབ་པས་རྩ་བྱེར་སོགས་རྩ་ཡི་ནད་རིགས་ཐམས་ཅད་ལ་ཕན་ཞེས་ལས་ཐམས་ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །ཡང་རྩ་གས་དང་རྩ་དཀར་ལ། རྩ་དཀར་བཀྲཾ་སོདཿ དམར་ཀྲཾ་སོདཿ དམར་ཤིག་ཤིག་སོདཿ ཅེས་བཟླས་ཕོ་ལ་འཕང་དང་མོ་ལ་མདའ་ཡིས་ན་ས་ནས་མར་བསྒྲིལ་ཞིང་མནན་པས་སེལ་ལོ་ཞེས་གཏེར་མའོ། །ཡང་རྩ་དཀར་ལ། ཨོཾ་སེ་སེ་འུབ་འུབ་རྦད་རྦད་སྭཱ་ཧཱ།མར་ལ་སྔགས་བཏབ་ནས་བྱུག་ཅིང་ཕུར་བས་ཕན་ནོ། །རྩ་དཀར་གང་ན་སར་དཔེའུ་ཆུང་འདི་བཞིན་བྲིས་ལ། དཔེའུ་ཆུང་གི་སྔགས་དེ་སྟོང་ཕྲག་སོགས་བགྲངས་ནས་ནད་དམིགས་སྟེང་བཏབ་ནས་ཕུར་བས་ཕན་ནོ། །རྩ་འཁྲིས་བཅོས་ཐབས། རང་ཐུགས་རྗེ་ཆེན་པོར་བསྒོམ་ལ། མ་ཎི་བརྒྱ་རྩ་བགྲང་། དེ་རྗེས་སྔགས་འདི་ན་སར་འདེབས། རྩ་


MR11_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་རང་སར་ཤིགཿ རྩ་སྦྲིད་རྦད་ནན་སྭཱ་ཧཱཿ གང་མང་བཟླས་ནས་བཏབ། ལག་པར་སྔགས་བཏབ་ན་སར་ཕུར་བས་ཕན་ནོ། །མཁལ་རྩ་བྲལ་བ་ཞེས་མཁལ་རྩ་ན་བས་དགྱེད་གུ་འགྲོ་འདུག་མི་ནུས་པ་ནད་ཚབས་ཆེ་བ་ལ། རང་འཐག་ཁ་རུའི་ས་ལ་སྔགས་འདི་བཟླས། རྩ་ལ་ཉ་རཾ་ནནཿ ཞེས་བཟླས་ན་སར་བྱུག ཕོ་ལ་འཕང་དང་མོ་ལ་མདའ་ཡིས་མཐུར་དུ་ལོ་གྲངས་ཙམ་བསྒྲིལ། དེས་ཕན་ནོ་གཏེར་མའོ། །ཡང་གཅིག ཨོཾ་ཐེ་མི་ཡེ་རྦདཿ མར་ནག་རྙིང་པར་བཟླས་ཏེ་སྐེད་པ་མན་ལ་བྱུགས་ན་མཁའ་རྩ་འགྲམ་པ་རྙིང་པའང་སེལ་ལོ། །རྩ་གས་ན་ཙན་ཏྲི་རྦདཿ འདི་བཟླས་པས་རྩ་འགྱུར་རྩ་གས་ཀྱི་ཟུག་གཟེར་ཞི་གཏེར་མའོ། །ཡང་ལག་རྩ་གས་སར་སྐུད་དཀར་ནང་སྒྲིལ་དང་། སྐུད་ནག་ཕྱིར་བསྒྲིལ་གཉིས་ལྷན་དུ་མདུད་ལ། ཨོཾ་རྩ་ཁྲིད་ནན་ཕཊ་སྭཱ་ཧཱཿ གང་ན་སར་བཏགས་པས་སེལ་གཏེར་མའོ། །རྩ་འགྱུར་སྔགས། རྩ་ལ་ཉ་རཾ་རཾ། སྲུང་སྐུད་ཁྲ་བོར་མདུད་པ་དགུ་བརྒྱབ་སྔགས་བཏབ་ནས་བཅངས་པས་ཕན་ནོ། །ཡང་རྩ་འགྱུར་སྔགས། ཨོཾ་ཧ་ར་ཧ་ར་སོད། ཉུལ་ཉུལ་སོད། རྩ་བུར་ཐིག་ནན་སྭཱ་ཧཱཿ ཞེས་བཟླས་ཏེ་བཏབ་པས་སེལ་ལོ། །ཡང་མི་ཡི་རྐང་ལག་རྩ་འགྱུར་དང་རྟ་དྲེལ་བུར་སྔགས། ཨོཾ་བུར་སོདཿ


MR11_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བུར་སོདཿ རུས་བུར་སོདཿ བུར་རྩ་ནག་པོ་གཏིང་ནས་སྐམ་སྭཱ་ཧཱཿ ཞེས་སྐུད་ཁྲ་ལ་མདུད་པ་དགུ་བྱས་པར་སྔགས་བརྒྱ་བཏབ་སྟེ་ན་སར་བཅིངས་པས་ངེས་པར་ཕན་ནོ། །ཡང་མི་ཡི་རྐང་ལག་གི་རྩ་འགྱུར་དང་རྟ་དྲེལ་བུར་སྔགས། ན་གུ་རྩ་ལ་རྦད་ཆོད། སྲུང་སྐུད་ཁྲ་བོ་ལ་མདུད་པ་དགུ་རེར་སྔགས་བརྒྱ་རེ་བཏབ་ན་སར་བཅིངས་པས་ཐུབ་སྟེ་ལག་བླང་མའོ། །ཞེས་སོ། །རྩ་འཕྲད་ནད་ལ་བྱི་ཁུང་ཁ་ཤར་ལྷོར་ལྟ་བའི་རྡོ་གང་རུང་ལ། ཨོཾ་རྩ་ལ་རྒྱུག་རྒྱུག་སྭཱ་ཧཱ། ཅི་འགྲུབ་བཟླས་ཏེ་རྡོ་ན་སར་གླན་པས་ཕན་ནོ། །སྐེད་པ་འཆུས་སོགས་སྐེད་ན་ལ། ན་མོ་འགྱུག་འཐག་ཏེ་འབུག་སྭཱ་ཧཱཿ མར་རྙིང་ལ་སྔགས་བཏབ་གང་ན་སར་བྱུག་པས་ཕན། ལཾ་རྩ་ཁྲིག་ནོན་རྦད་སྭཱ་ཧཱཿ འབུམ་བཟླས་བུད་མེད་ལ་མདའ་དང་སྐྱེས་པར་འཕང་གིས་གང་ན་སར་བསྒྲིལ་བས་མཁལ་ནད་ཀྱིས་སྒུར་པོར་སྲོང་བ་དང་། མཁལ་རྩ་འཁྲས་པ་སོགས་ལ་ཕན་ཞིང་སྒུར་པོར་སོང་བ་ཡང་སང་འགྲོ་ངེས་སོ། །སྐེད་རྩ་གས་ན། ཨོཾ་སུ་སྐྱུ་སུ་སྐྱུ་ནན་ཏེ་ཕཊཿ མདའ་དང་འཕང་གིས་གོང་བཞིན་བསྒྲིལ་མར་ལ་སྔགས་ཏེ་བྱུག་པས་ཕན། མཁལ་རྩ་འཆུས་པར། རྩ་ལ་རྒྱུག་པ་ནན་རྦད་སོདཿ ཕོ་ལ་འཕང་བསྔགས་ནས་མར་སྒྲིལ། མོ་ལ་མདའ་བསྔགས་ནས་ཡར་སྒྲིལ།


MR11_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་ཅི་ནུས་བྱ། ཨི་ཐི་མི་ཐི་ལ་ཧཱུྃ་ལཿ ཞེས་བཟླས་མཁལ་རྩ་ན་བར་ཕན་ནོ། །རྐང་རྩ་འཆུས་ན། ཧེ་དེ་ནན་ཆོད། ཧུད་དེ་ནན་ཆོད། ཨ་ཝ་ཛྙཱ་ན་ནད་འདུས་རིང་མོ་ནད་ཆོད། མདའ་འཕང་གིས་གོང་ལྟར་བསྒྲིལ་པས་ཕན། རྐང་པའི་གདོང་རྩ་གས་ན། རྩ་སྒྲིལ་ནན་རྦད་སོད། གང་ན་སར་བཏབ་བོ། །ཁྲག་ནད། འཐོར་ཆག །རྐང་གི་ནད་འཛུད་དོ། །ཨོཾ་ཨཱཿཧཱུྃ་རུས་ཐིས་ནན་སྭཱ་ཧཱཿ སྔགས་འདིས་མགོ་སོགས་རུས་པ་ན་བ་དང་གས་པ་ཐམས་ཅད་ལ་ཕན་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །རུས་པ་ཆག་པའི་སྔགས། ཨོཾ་ཏྲི་རུས་ཐིག་ནན་རྦད་སྭཱ་ཧཱ།སྔགས་འདི་བཏབ་པས་གཡའ་མ་ཆག་པའང་འབྱོར་ནུས་ཏེ་ཤིན་ཏུ་ཟབ་གཏེར་མའོ། །གཡའ་མ་ཆག་འབྱོར་སྔགས། མར་ནག་དང་དྲེག་ནག་བསྲེས་པས་གང་ཆག་སར་སྐོར་ཆ་རིས་བྲིས་ལ་སྔགས་འདི་བཏབ། ཨོཾ་བཀྲག་ཤུ་བཀྲག་སོདཿ སྒང་ལྕགས་ལ་འགྱུརཿ བྷ་ཝ་མར་ལ་འགྱུརཿ ཨོཾ་དམར་གཡའ་ནི་དམར་གཡའ་སོདཿ བྱེ་མ་རཀྵ་སོདཿ ནག་པོ་དམ་རིམས་སོདཿ ཅེས་སྔགས་ཁྲི་ཚོ་གཅིག་བསྔགས་པས་རྡོ་ཆག་པའང་འབྱོར་བས་ཡིད་ཆེས་ཤིང་རུས་ཆག་ལ་བཏབ་ན་འབྱོར་བར་ཐེ་ཚོམ་མེད། ཁྱུང་དྲག་གིས་ལག་བླང་མའོ། །ཡང་རུས་པ་


MR11_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་འབྱོར་སྔགས། ཨོཾ་སརྦ་རྦིབ་རྦིབ་འུབ་འུབ་འདུས་འདུས་ནན་ནན། {སོད་ཟེར་དཔྱད། }སོད་སོད་སྭཱ་ཧཱ། ཟབ་བོ། །འབྲས་གསོ་བ་ལ། ཐར་ནུ་བསྡུས་ཕྱེ་དང་བསྡུས་ཐལ། ཤེལ་ཚ་ཕ་ལམ་ཀ་ཏ་དང་། ནས་ཟན་དང་ཕུག་རོན་གྱི་རིལ་མ་རྣམས་དང་དྲི་ཆེན་དྲི་ཆུ་སྦྱར་ལ་བྱུག སྔགས་འདི་ཉིན་བརྒྱ་མཚན་བརྒྱ་གདབ། ཨོཾ་ཨཱཿཧཱུྃ། ཏིག་ཤེལ་ཕུག་ཤེལ་ར་ཏྲི་མ་ཐེབསཿ དུར་རྟ་ཐིས་ཀྱི་གོངཿ ཧབ་ཟོ་ཧུབ་ཟོཿ མི་ཁྲག་དངས་མོ་གཏིང་ནས་དྲོངསཿ ཞེས་བཏབ། ཡང་གཅིག་དྲི་ཆེན་དང་དྲི་ཆུ་ལ། ཨོཾ་ཨཱཿཧཱུྃ། ན་མོ་པུས་ཏྲོ་ཏ་ས་མ་ཀ་སི་རི་ཙི་ཏོ་ནནཿ ཞེས་པ་མང་དུ་བཟླས་ཏེ་ཕྱི་དང་ནང་དུ་གདབ་ཅིང་བྱུག་པས་སེལ་ཞེས་སྔགས་ཚན་འདི་གཉིས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་འབྲས་ལ་སྔགས་འདི་བཏབ་པས་གཏིང་ནས་འཚོ། ཨོཾ་ཉི་མ་འཛར་དྷ་ཤ །ཞེས་བཏབ་ཡང་ཡང་རྟགས་ཐོན་པ་ཡིན་ནོ་ཞེས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས་སོ། །ཡང་འབྲས་སྔགས། ཨོཾ་ཏི་རི་སོདཿ དྷ་རི་སོདཿ ལ་རི་སོདཿ ལོ་རི་སོདཿ ལོ་ཀ་སོདཿ འབྲུམ་ཞི་སོདཿ ཐུབ་ཞི་སྭཱ་ཧཱཿ སྔགས་མཁན་མེ་དཔུང་དང་འབྲས་མར་གྱི་གོང་བུར་བསམ། སྔགས་བརྒྱ་རྩ་བརྒྱད་རེ་གྲུབ་ནས་སྔགས་མཆིལ་བཏབ་པས་བདག་ཉིད་ལས་མེ་ལྕེ་བྱུང་བས་ནད་ཀྱི་ངོ་བོ་མར་ཞུ་ནས་ལྷག་མ་མེད་པར་གྱུར་པར་


MR11_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེས་འབྲས་ནད་ཞི་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །འབྲས་ཀྱི་སྔགས། ཨོཾ་སརྦ་ཨ་ཐེན་འབི་ན་ཧོ་མ་ལ་སྦྱར། ཞེས་བཏབ་པས་འབྲས་ནད་སེལ་ཏེ་འདི་ལ་ནད་བརྒྱ་སྔགས་གཅིག་ཅེས་ཀྱང་ཟེར། འབྲས་ཀྱི་སྐྲངས་སྔགས། ཨོཾ་ཁྲི་མུ་ཁྲི་ཙ་ཕཊཿ འབྲས་ཀྱི་གནད་སྔགས་འབྲུ་དྲུག་ཟབ་མོའོ། །ཡང་འབྲས་ཀྱི་སྔགས་ནི། ཨོཾ་བཛྲ་ཀརྨ་ཏི་ཏི་ཏ་མ་ར་ཧ་ཨ་མྲྀ་ཏ་ཀུནྜ་ལི་སཾ་བུདྡྷ་ས་མ་ཡ་འབྲས་ཀྱི་བུ་སོད། དུཾ་ཏ་ཏྲེ་མཱ་ར་ཡ་ཕཊཿ འབྲས་ཀྱི་སྔགས་རྒོད་འདི་གང་དུ་བཏབ་རྡོ་ཡང་འགས་ཏེ་གཞན་ལ་ལྟ་ཅི་སྨྲོས་ཤིན་ཏུ་ཟབ་བོ། །ཨོཾ་ཤི་བྲམ་ཟེ་པྲ་མ་མེ་པྲ་མ་སོད། རང་བྲམ་ཟེར་བསྒོམ་ལ་བཏབ་པས་འབྲས་ནད་སེལ་བ་ཕ་དམ་པའི་ལུགས་སོ། །ཨོཾ་བྷཱུ་ཏ་ལིངྒེ་སྭཱ་ཧཱཿ སྔགས་འདིས་མེ་དབལ་ལ་བྱབ་ན་ཞི་བར་རྒྱུད་ལས་གསུངས ། ཡང་མེ་དབལ་སྔགས། ཨོཾ་ཐོ་ཡལ་ཐོ་ཡལ་རི་མཾ་རི་མཾ་སྭཱ་ཧཱ། བྱིས་པ་ཆུ་འཐུང་གི་ཆུ་ལ་བཏབ་ཏེ་བྱུག་པས་སེལ། དམ་པའི་སྔ གས་ཀྱི་རྟེན་འབྲེལ་ལས་སོ། །ཨོཾ་པཱ་ད་ཙཱ་ལ་ནེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཆོ་གས་སྒྲུབ་ན་ལས་ཐམས་ཅད་བྱེད་དོ། །འདིས་སྔགས་པའི་ཆུ་འཐུང་ན་ཕོལ་མིག་ཞི། གྲོ་གའམ་ཤོག་བུར་བྲིས་ཏེ་སྐེ་ལ་བཏགས་ན་ཕོལ་མིག་མེད་པར་


MR11_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མར་བཏགས་པའི་སྦྱིན་སྲེག་གིས་འཚེ་བ་ཐམས་ཅད་ལས་སྲུང་བ་ཆེན་པོར་འགྱུར་རོ་ཞེས་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་སོ། །ཡང་གཉན་དང་དམུ་ཆུ་མཛེ་དང་ཀླུ་གཉན་གྱི་ནད་རིགས་ལ་ཆེས་ཟབ་མཐར་ཐུག་ཁྱུང་ནག་གི་སྔགས་ནི། རང་ཉིད་ཁྲོ་ཆུའི་ཁྱུང་ནག་གི་ཐུགས་ཀར་ཉི་སྟེང་ཁྲོ་ནག་པོ་ལས་མེ་འབར་བས་ནད་གདོན་བསྲེག་པར་བསམ་ལ། ཨོཾ་ལྷང་ལྷང་ཚེར་ཚེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ་ཐུཾ་ཐུཾ། གས་ཕུར་ནན་སོད་སོདཿ ཅེས་བཟླ་སྔགས་རྒོད་འདི་ནད་བརྒྱ་སྔགས་གཅིག་ཡིན། ཁྱད་པར་ཀླུ་གཉན་ས་བདག་གི་ནད་རིགས། གག་ལྷོག་གཟེར་ཐུང་དང་ནག་པོ་སུམ་སྒྲིལ་སོགས་འགོས་ནད་ཀྱི་རིགས་སུ་གྱུར་རོ་ཅོག་དང་། མཛེ་དང་དམུ་ཆུ་སྐྲངས་པ་དང་འབྲུམ་པ་གཉན་ཆེན་འཕྱི་ནད། འབྲས་དང་གཞང་འབྲུམ་མེ་དབལ་སུ་རུ་རྨན་བུ་རླིག་ལུག་རྐང་འབམ་མཚན་བར་རྡོལ་བ་སྟེ་ལྷན་སྐྱེས་རྨ་བརྒྱད་སོགས་ནད་རིམས་མཐའ་དག་ལ་བྱ་བརྒྱ་འུར་གཅིག་གིས་འདེད་པའི་མན་ངག་ཟབ་མོ་ཤིན་ཏུ་རྣོ་ཞིང་ཡིད་ཆེས་མ་བཀའ་གཏེར་དུ་མ་ལས་བྱུང་ཞིང་། ཁྱད་པར་ཕྱིས་དུས་ཀྱི་གཏེར་སྟོན་ལས་རབ་རྩལ་ལ་བཀའ་བབ་པ་ཟབ་མོའོ། །གཞན་ཡང་སུཪྻ་སོགས་ཆུ་སེར་གྱི་ནད་རིགས་རྣམས་ལ་འོག་གི་ཆུ་སེར་གྱི་སྔགས་རྣམས་དང་། ཁྱད་པར་


MR11_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ན་ག་ཤ་ར་སྟག་ཤ་སོགས་བཏབ་པས་ངེས་པར་སེལ་ལོ། །མེ་དབལ་སུརྱ་རྨེན་བུའི་སྔགས་འཛུད། རྐང་པའི་བརླ་རྨེན་ལྷག་ན། ཨོཾ་པུ་ཙེ་པུ་ཙེ་ད་ན་པུ་ཙེ་སྭཱཿ ཞེས་བགྲང་ལ་བཏབ་སྔགས་ཆུ་བྱའོ། །སྣེའུ་ལྷག་པར་རྡོ་དཀར་ལ་རྡོ་རྗེ་རྒྱ་གྲམ་བྲིས། ཨོཾ་དུ་ཤྲི་བཾ་སྭཱ་ཧཱཿ ཞེས་པ་ཉེར་གཅིག་བཏབ་ལ་རྟེན་སྙིང་གིས་རབ་གནས་བྱས་པ་ཞག་གཅིག་གླན་པས་སེལ་ལོ་ཞེས་གཏེར་མའོ། །མགོ་བོ་དང་གླད་པའམ་རྨ་སོགས་ཀྱི་ཆུ་སེར་འཁྱིལ་པའི་སྔགས་ལ། ཨོཾ་ཨཱཿཧཱུྃ་ཆུ་སིལ་སིལ་ནན་སྭཱ་ཧཱཿ སུམ་བརྒྱས་ཆུ་སེར་འཁྱིལ་བ་སེལ་ཞིང་འཚོ་ཞེས་ལས་ཐམས་ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །ཡང་ཆུ་སེར་དྲངས་པའི་སྔགས། ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡཿ མ་ནུ་ལ་སྲཾ་སྲུཾཿ སེང་གེ་ལ་ཀྱ་ཀྱུཿ ཆུ་སེར་བུ་མོ་ཧོར་ནས་དྲོངསཿ སྔགས་ཇི་འགྲུབ་བཟླས་ཏེ་ན་སར་བཏབ་པས་ཆུ་སེར་ཕྱིར་དྲང་བར་འགྱུར་རོ། །སྔགས་འདིས་ལུས་ཀྱི་ཤ་རོ་གཅོད་ན། གནམ་སྲུ་མུ་ཟི་དཀར་པོ། ས་སྲུ་ཤུ་དག་ནག་པོ། བར་སྲུ་ཁྲ་ཆད་བྱང་བ་འདོད་ན་དཔྱད་བོ་གསུམ་ལ་སྔགས་བཏབ་རང་གི་མཆུས་ཆུ་སེར་འཇིབ། རྫས་གསུམ་ཕག་ཚིལ་སྦྱར་ཏེ། ཤ་རོ་གར་ཡོད་བྱུག་པས་རྩད་ནས་འདོད་ནོ་ཞེས་གཏེར་མ་ཟབ། ཆུ་སེར་འདོན་ཐབས་ལ། ཐར་ནུ་རེ་


MR11_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྕག་སྡོང་རོས། ཆུ་རྩ་ཕག་ཚིལ་ལྔ་སྦྱར་ལ་བྱུག་པས། པགས་ནད་ཆུ་སེར་འདོན་པར་བྱེད། བྱེའུ་མཆིལ་པའི་ཀླད་པ་དང་། བྱང་པ་དང་ཚྭ་དང་སྔོ་སྲུབ་ཀ་དབྱི་མོང་རེ་ལྕག་ཁུ་བ་མར་རྙིང་སྦྱར་བ་གང་ན་སར་བྱུག ཟོ་ཤེ་མར་རྙིང་ག་དུར་རྣམས་སྤྱི་བོའི་གཙུག་ཏུ་བསྐུ་བར་བྱས་པས་ཡན་ལག་གི་ཆུ་སེར་འདོན། རྨ་ཡི་དཀྱིལ་དུ་ཆུ་བོ་སྦལ་ནག་འཁྲུགས་པ་བསྒོམ་ལ་སྔགས་འདི་བཟླ། ཨོཾ་ཨཱཿཧཱུྃ། འུབས་འུབས་འདུས་འདུས་ནཱ་ག་སརྦ་ནན་སྭཱ་ཧཱཿ དེས་ཆུ་སེར་ཐོན་པར་འགྱུར་རོ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །དེ་ནས་རྣག་ནི་བཅད་པའི་ལསཿ རྒྱ་ཚྭ་ཟ་ཚེ་བྱང་བ་དང༔ཐར་ནུ་འོལ་མོ་སེ་རྩ་དངཿ སེར་ཐིག་འབྲུ་གུ་རེ་ལྕག་པཿ ཕ་ལ་ཏ་ཀ་སྤྱི་མང་རྩེཿ སྲུས་མ་བཏགས་ལ་མི་ཞུན་དངཿ མར་ནག་སྦྱར་ལ་ཞག་གསུམ་མནནཿ རྣག་ཤ་ཤ་ཁྲག་ཤ་རོ་དངཿ བས་བལྡག་བ་སོ་གང་བྱུང་བྱུགཿ རྣག་དང་ཆུ་སེར་འཐོན་ཞིང་འཆདཿ བདུད་རྩི་དྲི་ཆེན་དྲི་ཆུ་ཡིསཿ མར་ཁུར་འོས་དཀྲིས་སྒོག་སྐྱ་བྱུགཿ སོས་ཤིང་རྨེན་པ་མེད་པར་འགྱུར་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་ཆུ་སེར་སྐེམ་པའི་སྔགས་ཆེན་ཟབ་མོ་ནི། ཨོཾ་ནཱ་ག་ཤ་ར་སྟག་ཤ་སྐམཿ མ་མ་ཀོ་ཤན་ཙ་རོ་ཁོད་ནི་བཛྲ་ཧཱུྃ་ཕཊཿ ཅེས་བཟླས་ཏེ་བཏབ། སྔགས་ཆེན་འདི་གཉན་ནད་


MR11_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་མཐའ་དག་སྲུང་གསོ་གསད་པར་བྱེད་པའི་མཆོག་ཡིན་ལ། སྐྲངས་པ་དང་ཆུ་སེར་ཐམས་ཅད་ཐུབ་ཆུ་སེར་ཤིན་ཏུ་རྒྱས་པ་རྒྱ་མཚོ་ལྟར་འཁྱིལ་ཡང་། སྐེམ་སྔགས་འདི་ཉི་མ་བདུན་བས་ཆེ་སྟེ། རྒྱ་མཚོ་ཡང་སྐེམ་ནུས་ན། ཆུ་སེར་ལྟ་ཅི་སྨོས་ཞེས་གཏེར་མ་ཟབ་མོའོ། །ལས་རབ་ལུང་ཐོབ་དགེ སྐྲངས་རིགས་ཀྱི་སྔགས་ནི། ཨོཾ་ཤ་ཤ་མུ་མུ་ཙཀྲ་ན་ག་ར་ཛེ་སོདཿཞེས་བཏབ་པས་སྐྲངས་ཐམས་ཅད་ལ་ཕན། སྐྲངས་གནོན་སྔགས། ཨོཾ་ཙ་དུར་སོད་ཀ་དུར་སོདཿ སྔགས་འདིས་སྐྲངས་ཀྱི་རིགས་ཐུབ་ཅིང་། བརྒྱ་རྩ་བརྒྱད་བཏབ་ན་རྨ་སྐྲངས་མི་སྲིད་ཅིང་མྱུར་དུ་སོས་པར་ཡང་བྱེད་དོ་ཟབ་བོ་གཏེར་མའོ། །སྐྲངས་རིགས་ཤིན་ཏུ་འབུར་བ་ལ། ཨོཾ་པདྨ་ཙ་ཤིན་ནནཿ ཅེས་བཏབ་པས་མགྱོགས་པར་ནོན་པར་འགྱུར་རོ། །རྨ་སྐྲངས་རིགས་ཀྱི་སྐྲངས་ཆིངས་ནད་བརྒྱ་སྔགས་གཅིག་ནི། ཨོཾ་པ་ཆིངས་ར་ཛ། ན་མ་ག་རུ་ཊ་ཨི་པ་སརྦ་ནཱ་ག །ལྟའོ་མ་དཔེར་འདུག ཨི་པ་སརྦ་ནཱ་ག་བྷ་ཡ་ཀ་ར། བྷི་ན་ས་ན་ཧཱུྃ་ཕཊ། ཨོཾ་པ་ཆིངས་སྭཱ་ཧཱ། པ་ཆིངས་ཨོཾ་སྭཱ་ཧཱ། ཆིངས་པ་ཨོཾ་སྭཱ་ཧཱཿ ཧཱ་པ་ཨོཾ་སྭཱ་ཆིངསཿ སྐུད་པ་ཁ་དོག་སྣ་ལྔ་ལ་སྔགས་ནས། སྐྲངས་རིགས་གང་ཡིན་ཡང་སྐྲངས་མཚམས་སུ་བཅིངས་ན་དེ་ཕན་ཆད་དུ་སྐྲངས་མི་ནུས་པར་ངེས། སྔགས་ཆུའམ་ས་སྔགས་


MR11_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲངས་པར་བྱུ། རྨ་སྐྲངས་ཐབས་གཉན་ཆུ་ལྷོག་སོགས་ཀྱི་སྐྲངས་ཐམས་ཅད་ཐུབ་པའི་སྔགས་ཟབ་མོ་གཞན་ལ་མི་སྤེལ་བའི་བཀའ་རྒྱ་མའོ། །སྐྲངས་ཆིངས་སྲུང་སྐུད་དམར་པོར་མདུད་པ་གསུམ་བྱས་སྔགས་སྟོང་ཚོ་གསུམ་བཏབ། རང་ཕྱག་རྡོར་གསལ། སྲུང་སྐུད་སྦྲུལ་ཞགས་ཀྱིས་ནད་གདོན་ཐམས་ཅད་བཅིངས་པར་བསམ། ཨོཾ་རྩ་ལ་རྒྱུག་པ་རྦད་སོད། རུས་པ་ལ་རྒྱུག་པ་རྦད་ཆོདཿ ཞེས་བཟླས་པའི་སྐུད་པས་སྐྲངས་མཚམས་འཆིང་བར་བྱའོ་ཟབ། ཡང་གཅིག་བོན་ལུགས། བསྭོ་མ་ཀ་ར་ཤིབ་ཤིབ་འབར་བ་སོད། ཅེས་སོ། །ཡང་སྐྲང་ནོན་སྔགས། ཨོཾ་ཁྲིག་ཐུཾ་རྦདཿམར་ལ་སྔགས་ནས་བྱུག་པས་ཐུབ་ངེས་སོ། །ཨོཾ་ཏིང་ཀྱི་ལི་ཏིང་ཀྱི་ལི་ཐོན་ཕྱུངས་སྭཱ་ཧཱཿ དེ་བས་ནན། ཀ་རུས་ནནཿ འབྲུ་ཐོག་ཡང་དང་ཡང་དུ་ནནཿ ནན་དང་ནན་དུ་སོད། ཞེས་སྔགས་མཁན་བྱ་ཁྱུང་དམར་པོ་རབ་ཏུ་ཁྲོས་པར་བསྒོམས་ལ། སྔགས་མཆིལ་བཏབ་པས་ནད་དང་ནད་བདག་ཐམས་ཅད་ཟོས་པར་བསམ། དེས་གག་ལྷོག་གཉན་རིགས་སྐྲངས་པ་ཐམས་ཅད་ལ་ཕན། དེ་ལྟར་བཏབ་ནས་ཕན་པ་དང་། སླར་མི་ལྡང་བར་བྱེད་པའི་སྔགས་ནི། སྔགས་མཁན་སྤྱན་རས་གཟིགས་སུ་བསམ་ལ། ཨོཾ་ཐང་ན་ཐང་ནཿ ཐིང་ནི་ཐིང་ནིཿ ཁྱུང་ནི་ཁྱུང་ནིཿ ཀྱི་ལི་ཀྱི་


MR11_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཡེ་སྭཱ་ཧཱཿ ཞེས་བཟླས་ཏེ་བཏབ་ཅིང་ནད་གདོན་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་བསམ་མོ། །དེས་གང་ཡང་ཕྱིས་ལྡོག་མི་སྲིད་དོ་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །ཡང་སྐྲངས་པ་ཞི་སྔགས། ཨོཾ་ན་ག་ཏི་ཐཾ་རྦད་ཆོད་རྩ་བསྡོམ་བསྡོམ་སྭཱ་ཧཱ། ཞེས་སོ། །རྨ་སྐྲངས་སྔགས། ཨོཾ་རྨ་ཛར་ཛར་སོདཿ ཁྲག་ཛར་ཛར་སོད། རྨ་ལ་བབ་ན་དྲུབ་དྲུབ།སྐྲང་ལ་བབ་ན་ཤིག་ཤིག ཆུ་སེར་ལ་བབ་ན་སྐོམ་ཅིག སྲུང་ཅིག །དྲུང་ཅིག དྲོང་ཅིག །ཅེས་བཟླས་ཏེ་བཏབ་པས་ཕན་ནོ། །ཡང་རྨ་མི་སྐྲང་བའི་སྔགས། ཏྲི་ཏྲི་མ་ར་དུཿ མང་དུ་བཟླས་པས་ཕན་ངེས་གཏེར་མ་ཟབ། པགས་ནད་ལས་ཤུ་བ་གསོ་བའི་སྔགས། རབ་བདུད་རྩི་མར་ཁུ་དེ་མ་རྙེད་ན་མར་རྙིང་ལ་སྔོ་རྟག་ངུ་། ཝའི་བྲུན། གླ་རྩི་རྣམས་སྦྱར་ལ་སྔགས་འདི་སྟོང་བཏབ། ཨོཾ་ཨཱཿཧཱུྃ་ཐོར་བུ་རཾཿ མེ་སོད། གྷོ་ཆེ་གྷོ་ཆུང་སོདཿ ཆུ་ནག་འཁྱིལ་པ་སོདཿ བྲམ་ཟེ་ནག་པོ་སོདཿ ཅེས་བཟླས་བཏབ་ནས་ཤུ་བར་བྱུག་ལ་ཉི་མར་བསྲེགས་པས་ཐུབ། སྔགས་འདི་གཉན་དང་ཀླུས་གནོད་པ་དང་། གྲང་བ་དང་ཤུ་བ་ཐམས་ཅད་ལ་ཐེབ་པས་ཆོག་སྟེ་ཟབ་ལས་ཐམས་ཅད་པའི་རྒྱུད་དང་གཏེར་མ་ལས་སོ། །ཡང་ཤུ་བའི་སྔགས། ཨོཾ་ཨག་ནེ་ཨུག་ནེ་འབུར་ཡ་སོདཿ ཕག་ཚིལ་དང་མར་རྙིང་ལ་


MR11_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་བཏབ་ནས་བྱུག་ཉི་མར་བསྲེག་པས་ཕན་ནོ། །ཡང་གཅིག །ནག་པོ་ཀཱ་ལ་ཤ་ནི་སོདཿ མར་རྙིང་ལ་བཏབ་སྟེ་བྱུག་པས་ཤུ་བ་སེལ་ལོ། །ཡང་ཤུ་བ་ལ་སྨན་ཆེན་མེར་བསྲེགས་ཐལ་བ་ཞིབ་བཏགས་སྣུམ་དང་སྦྱར་ལ། རྒད་པོ་གསེར་ཐོབ་པ་སོད། རྒན་མོ་དངུལ་ཐོབ་པ་སོད། གོང་བསྙེན་སྟོང་ཕྲག་གཅིག་བྱས་ལ་བཏབ་སྟེ་བྱུག་ཟབ་བོ། །ཡང་ཤུ་བའི་སྔགས། ཨོཾ་ཀབ་ཙེ་ཀང་ཙེ་སོད། ནད་དུ་ཤ་ལེ་སོད། མར་ཆིམ་སྭཱ་ཧཱ། སྟོང་ཕྲག་རེ་བཟླས་ཀྱིན་ཤུ་བ་ལ་བཏབ་པས་སེལ་ལོ། །ཡང་ཤུ་བ་ལ་ཐལ་ཆེན་དང་ཐར་ནུ་བསྲེགས་ཐལ་ཆུ་རྩ་ཞིབ་བཏགས་མར་དཀར་སྦྱར་ལ། ཨོཾ་ཁོག་ཁོག་ཆོམ་ཆོམ་ཕྲ་མོ་དེ་ན་དན་སོད། ཉིས་བརྒྱ་བཟླས་བཏབ་བྱུག་པས་ཞིའོ། །ཡང་མཆུ་གློ་རྔོ་དང་ཁྱི་འབྲུམ་དང་སིབ་དང་གཉན་ཐོར་རྨ་ཐོར་ཤུ་བ་རྒྱ་ཐོར་གང་ལ་ཡང་འདྲ་སྟེ། རྫས་ནི་སྐྱེར་དཀར་བར་ཤུན་གུ་གུལ་གླ་རྩི། རྒྱ་ཚྭ། མ་རྙེད་ན་རྒྱམ་ཚྭའམ་ཁ་རུ་ཚྭའམ་བྱང་ཚྭས་ཆོག ཚོས་ཆེན། རྡོ་བཙག །དོམ་མཁྲིས་རྣམས་ཞིབ་བཏགས་ཟངས་སྣོད་དུ་བསྐོལ་ནས་བྱུག །དེས་མ་ཐུབ་ན། སྨན་ནག་གཡེར་མ་གཉིས་བསྲེའོ། །སྔགས་ནི། ཨོཾ་འབར་ཤི་འབུར་ཤི་ནནཿ པྲ་མ་ཤི་ནན། ཤུ་བ་རྒྱ་ཐོར་ནཱ་ག་ར་ཙ་རྦད་ཆོདཿ ཞེས་སྔགས་ཤིང་རྫས་བསྐུས་པས་ཐེ་


MR11_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད། བླ་མ་དགོངས་འདུས་ཆ་ལག་ཐེམ་མེད་ཀྱི་སྔགས་སྐོར་ལས་སོ། །ཡང་དེ་ལས་ཟ་འཕྲུག་གི་སྔགས་ནི། རྫས་ཚྭ་ལ་བུལ་ཏོག ཚྭ་ནག །གླ་རྩི། མུ་ཟི་སེར་པོ།ནམ་མཁའི་{མཁའ}རལ་པ་རྣམས་{དུད་པ་རལ་བ།} ཁ་ཚ་བའི་མར་སྣུམ་དང་བསྣོས་ནས་བྱུག་སྟེ་ཉི་མར་བསྲེག་སྔགས་ནི། ཨོཾ་བཛྲ་གུ་རུ་དྷེ་ཝ་དྷཱཀྐི་ནཱི་མ་ཧཱ་ནཱ་ག་ཁྲོཾ་མཱ་ར་ཡ་རྦད་སོད་སྭཱ་ཧཱཿ ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ་བཏབ་པས་ཕན་ནོ། །ཡང་ཟ་འཕྲུག་གི་སྔགས། ཨོཾ་ཤུདྡྷོ་ཙོ་ར་ཚ་མེད་ལྷོག་སྭཱ་ཧཱ། མར་ནག་ལ་བཟླས་ཏེ་བྱུག་པས་སེལ་ལོ། །ཡང་མར་རྙིང་ཕག་ཚིལ་གཡེར་མ་ཚྭ་རྣམས་དྲི་ཆུར་སྦྱར་ལ། ཨོཾ་ཟ་ཟ་ཟུ་ཟུ་ཞི་ཞི་མེལ་མེལ་སྭཱ་ཧཱཿ རྫས་དེ་ལུས་ལ་བྱུག་ནས་ཉི་མར་བསྲེགས་པས་ཞིའོ། །ཤུ་བ་ཟ་ཀོང་ཆུ་སེར་ནད་ལ། བུར་དོག་འདྲ་དཀར་དང་མར་དཀར་བསྲེས་ལ། ཨོཾ་འབར་སོད། འབུར་སོད། ཤུ་བ་པྲ་མ་ན་སོད། མང་དུ་བཟླས་ཏེ་ན་སར་བསྐུས་ལ་ཉི་མར་བསྲེགས་པས་ཕན་ནོ། །གླང་ཤུ་ལ། ཨོཾ་་ཏ་ལི་བྱི་ཕཊ། འདི་བཏབ་པས་སེལ་ལོ་ཟབ། རྨ་ཟ་གོང་གསོ་ན། སུག་པ་བསྲེགས་ཐལ་དང་མུ་ཟིས་དུད་ཕ་ཝཾ་དྲེག་པ། ཕ་གོལ་བུལ་ཏོག་ཟི་ར་ནག་པོ་རྣམས་ཆ་མཉམ་མར་སྦྱར་ལ་སྔགས། ཨོཾ་ཨཱཿཧཱུྃ་ན་ག་སརྦ་ཞི་ཞི་སྭཱ་ཧཱཿ ཞེས་སོ། །ཡང་ན་བུལ་ཏོག་སུག་ཐལ་


MR11_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་གོལ་མུ་ཟི་སླང་དྲེག་མཁྲིས་པ་རྣམས་སྦྱར་ལ་བསྐུས་པས་སོས་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །འཛེར་པའི་སྔགས། ཨོཾ་འགང་གོ་ཕུར་ཀྱང་ཕུར་སད། ན་སེ་སད། ཤི་རི་ཤི་རི་ཕུང་། ཙ་ཊ་ཙ་ཊ་ཕུ་ཊ། ཞེས་བཟླས་ཏེ་དང་པོར་བྱུང་བའི་འཛེར་པ་ལ་བཏབ་པས། དེ་ནམ་ཞི་བ་དང་རིམ་གྱིས་ཐམས་ཅད་ཞི་བར་འགྱུར་རོ། །ཨོཾ་ཤི་ཏི་མི་ཏི་སྭཱ་ཧཱ། ནང་སྔ་ཁ་རུལ་དུས་སྔགས་འདི་འཛེར་པར་བཏབ་པས་ཐུབ་བོ། །ཡང་འཛེར་པ་བཅད་པའི་སྔགས། ཨོཾ་འཛེར་པ་འཛེར་ཤིགཿ པྲ་མ་པྲ་མ་ཐོར་བ་སྐྱ་བོ་ཁྱེར་ཁྱེརཿ རེ་བ་ནག་པོའི་ཚལ་བུར་སྔགས་བརྒྱ་རྩ་བརྒྱད་ཐོ་རེངས་སྐར་མ་མ་གྱེས་གོང་བཏབ་ཅིང་དེས་འཛེར་པ་ལ་ཕྱིས་པས་སེལ་བར་ཐེ་ཚོམ་མེད། ལག་ལེན་མང་དུ་བྱས་པས་ཡིད་ཆེས་ཕྱག་རྟེན་ཁབ་རེ་ལེན་པ་གདམས་པ་ཡིན་ཞེས་སོ། །ཡང་གཅིག །ཨོཾ་ཏི་ཕཊ་ཏི་སྭཱ་ཧཱཿ སྔགས་མར་བྱས་ལ་བྱུག་གོ། ཡང་ལྟས་ངན་འཛེར་པ་འདོན་པའི་ལས་ནི། ཁྱི་ཡི་རུས་པ་བསྲེག་པས་བྲུད་ཅིང་སྔགས་འདི། ཨོཾ་ཨཱཿཧཱུྃ་གོ་ཕུར་ཤེ་ལེཿ པུ་ས་ར་པ་ར་པ་པུ་ས། ཨོཾ་ཨཱཿཧཱུྃ། ཀི་ལི་སོདཿ མི་ལི་སོདཿ འཛེར་ཐོན་སྭཱ་ཧཱཿ བཟླས་ལ་བཏབ་པས་འཛེར་པ་འཐོན་པར་འགྱུར་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཤ་བཀྲ་སོགས་པགས་ནད་རིགས་འཛུད། རྒྱ་ཐོར་སྔགས་


MR11_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡ་ན་ཤུད་སྭཱ་ཧཱཿ མར་རྙིང་ལ་བསྔགས་ཏེ་བྱུག་པས་ཕན་ནོ། །ཡང་གཅིག །ཀ་དེ་སོདཿ ཙ་དེ་སོདཿ མར་དང་རྐང་ལ་མང་བཟླས་བྱུག་གོ། ཡང་རྒྱ་ཐོར་སྔགས། །ཟངས་གཡའ་དང་ཚྭ་མར་སྔགས་པས་བྱུག་སྟེ་མེ་དང་ཉི་མ་ལ་བསྲོ། །ཨོཾ་གཉན་ནད་ནག་པོ་གཏིང་ནས་སྐོམ། ཞེས་བཟླ་ཟབ་བོ། །ཡང་གཅིག །ཨོཾ་ནག་པོ་ཀྲོ་ཏི་ཤིཿམར་ལ་སྔགས་ཏེ་བྱུག །ཡང་གཅིག །རྨ་རུལ་ནས་མཆེད་ཅིང་རྣག་ཆུ་འབྱུང་། ཡུན་རིང་མི་སོས་ལ་རྣག་གང་འགོས་སུ། ཟ་འཕྲུག་བཅས་རྨ་གསར་དུ་མཆེད་པ་དེ་ལ་རྒྱ་ཐོར་ཟེར། ཡུལ་སྐད་ལ་ལས་རྨ་རུལ་སོགས་སུ་འབོད། དང་པོར་བྱུང་བའི་རྨ་དེ་སོས་ན་གཞན་སོས་པ་འོང་འདི་ཡི་བཅོས་ཐབས་ལ་རེ་ལྕགས་དང་རི་བོང་རིལ་མ་བསྲེགས་ཐལ་མུ་ཟི་སེར་པོ་བསྲེས་ཏེ་ར་དམར་གྱིས་སྦྲུས་པར་སྔགས་འདི་སུམ་བརྒྱ་བཏབ། ཨོཾ་རྒྱ་ཐོར་ཐོར་སོདཿ རྒྱ་མཁར་ཤིགཿ རྒྱ་ཆུ་སྐམཿ རྒྱ་ནད་རྒྱལ་པོ་གཏིང་ནས་སྐམ། གཏིང་ནད་ཆུ་སེར་འོག་ནས་དྲོངས་ཤིག་སྭཱ་ཧཱཿ རྫས་དེ་བྱུག་པས་ཕན་པར་འགྱུར་རོ། །ཤིན་ཏུ་ཟབ་བོ། །ཡང་གཅིག་རྒྱ་ཐོར་སྔགས། རྒྱ་ཐོར་རྒྱ་ཤུ་ནག་པོ་སོདཿ རྒྱ་ནག་ཆུ་སེར་མཐའ་ནས་སྐོམཿ ཞེས་མི་རུས་བསྲེགས་ཐལ་མར་རྙིང་སྦྱར་བ་ཟངས་ཐེབ་ནང་བཞག་


MR11_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རྨ་ལ་བྱུག་ན་ཕན། ཟབ་བོ། །རྒྱ་ཐོར་སྔགས་མང་པོ་སྣང་ཡང་འདིར་དེ་ཙམ་ལས་མང་བས་ཅི་བྱ་མ་སྤྲོས་སོ། །ཚེར་ལྷོག་ཅེས་པ་དང་པོ་ཚེར་མ་ཟུག་པ་ལ་བརྟེན་ནས་ཐོག་མར་ཟུག་བྱེད་པ་དང་མཐར་རིམ་གྱིས་དེ་ཕྱོགས་སུ་རྨ་བུག་མང་པོ་རྣག་ཅན་རིམ་མ་ཆད་འོང་བ་དེའི་སྔགས་ནི། དར་སྐུད་དམར་པོ་ལ་སྔགས་འདི་སྟོང་ཕྲག་གཅིག་བཏབ། རྐུ་ཐ་རྦདཿ ཨ་ཙན་མ་ནི་དུ་རུ་ཞིཿ ནད་པའི་ན་སར་དཀྲིས་པས་ཕན་གཏེར་མའོ། །ཀྵཱི་ཀྵཱི་ཀྵ་ས་མཱ་ཀྵི་ཡེ་སྭཱ་ཧཱ། ཚེར་ནད་ཀྱི་སྔགས་ནོར་བཟང་རྟོགས་པ་ལས་སོ། །ཡང་། ནཱ་ག་ཚེར་མ་ཅན་སོད་སོད། ཚེར་ལྷོག་ནག་པོའི་སྙིང་ལ་མཱ་ར་ཡ་རྦདཿ མུར་ཏིར་སྲིན་གྱི་སྲོག་ལ་རྦདཿ ཅེས་ཚེར་ལྷོག་དང་རྨ་ལ་བརྟེན་ཏེ་སྐྲང་བའི་གཉན་ལྷོག་གི་སྔགས་ཟབ་གཏེར་མའོ། །མི་ཕྱུགས་ཀྱི་ཁོག་པའམ་ཤ་པགས་ལ་མདེའུ་ལུས་པའམ། ཁབ་སོགས་ཟུག་རྔུ་ལུས་པ་ལ། ཨོཾ་ཁྱི་ཏྲི་ནི་སྭཱ་ཧཱཿ ངག་བཅད་དེ་འབུམ་བཟླས་ནས་ཆུ་ལ་བཏབ་སྟེ་བཏང་ཟུག་རྔུ་ལུས་པ་དེ་དག་ཕྱིར་ངེས་པར་འདོན་པར་ཐེ་ཚོམ་མེད་གཏེར་མའོ་ཟབ་བོ། །འདི་ལ་སྔགས་འདྲ་མིན། ཨོཾ་ཁྲམ་འང་ཁྲིམ་ཀི་ནི་སྭཱ་ཧཱཿ ཞེས་པ་ཞིག་ཀྱང་འདུག་གོ། ཨོཾ་ཀྲོ་དྷཱ་ནེ་སཾ་ཀོ་དྷ་ན་བྷེ་ད་ནཱ་ཡ་ཧཱུྃ་ཕཊཿ ཆུ་ལ་མངོན་པར་སྔགས་ཏེ་བྱིན་ན་ཟུག་རྔུ་འབྱིན་པར་འགྱུར་རོ་ཞེས་རྒྱུད་ལས་གསུངས་སོ།


MR11_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྩ་བའི་རྟོགས་པ་ལས། འཇམ་དཔལ་གྱི་སྔགས་འབྲུ་གཅིག །རབ་ཏུ་གསང་བ། དོན་ཐམས་ཅད་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ།རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་ནི། ཏདྱ་ཐཱ། ཨོཾ་ཀྵྞཱིཾ། ཞེས་སྔགས་འདི་ཞུན་མར་རྙིང་པར་ལན་བདུན་ནམ་བརྒྱ་རྩ་བརྒྱད་བཟླས་ཏེ་བཏབ་ནས། མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་བླུད་པའམ་རྨ་ཁར་བསྐུས་ན་མཚོན་གྱི་དུམ་བུ་ཕྱིར་འབྱུང་བར་འགྱུར་རོ་གསུངས། དེར་མ་ཟད་སོ་ཤིང་ལ་བསྔགས་ཏེ་འཆོས་ན་སོ་ནད་བྱང་། རྒྱམ་ཚྭ་བཏགས་པར་ལན་བདུན་བསྔགས་པས་མིག་བཀང་ན་མིག་ནད་ཞི། ཟས་མ་ཞུ་བ་དང་། སྦོས་ཏེ་གསུང་པ། ཚད་པས་འཁྲུ་བ་ལ། རྒྱམ་ཚྭའམ། ལན་ཚྭ་གང་རུང་ལན་བདུན་སྔགས་ཏེ་ཟོས་ན་དེའི་ཉིན་པར་ནད་དེ་ལས་གྲོལ་བར་འགྱུར་རོ། །ཀླད་པ་ན་བར་བྱ་རོག་གི་སྒྲོ་ལ་ལན་བདུན་སྔགས་ཏེ་བྱབ་པས་སོས་པར་འགྱུར་རོ། །ཞེས་གསུངས་སོ། །མེས་ཚིག་པའི་རྨ་ལ། ཨོཾ་ཨ་དན་སོད། དུ་དན་སོད། དུ་དུ་སོད། བ་ག་ལི་རི་བ་སོད། ཅེས་བཏབ་པས་དོན་སྣོད་མ་ཚིག་ན་འཚོའོ། །ཡང་མེས་ཚིག་པའི་ཟུག་རྔུ་ཞི་བའི་གཟུངས། ཨོཾ་བྷྲ་མ་ཎ་བྷྲ་མ་ཎི། ཛྷོ་རི་བྷྲ་མ་ཎི་སྭཱ་ཧཱ། ལན་བཅུ་གཅིག་བརྗོད་པའི་མཆིལ་མ་བྱུག་མེས་


MR11_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་པའི་ཟུག་རྔུ་ཞི་ཞེས་བཀའ་ལས་སོ། །ཡང་མེས་ཚིག་པ་གསོ་བའི་སྔགས། རང་ཉིད་ཡུམ་མཱ་མ་ཀཱི་དཀར་མོ་ཕྱག་ན་ཆུའི་བུམ་པ་བསྣམས་པའི་ཆུ་རྒྱུན་གྲང་སི་ལི་ལི་འཕྲོས་པས་ཟུག་རྔུ་ཞི་བར་བསམ། ཨོཾ་ལྷང་ལྷང་ཙེར་ཙེར་མེ་སོད་མེ་ཐུཾ་མེ་ནོན་རཾ་ཐུཾ་ཤིག་ཕཊ་སྭཱ་ཧཱཿ བྱང་བུལ་ཆུ་ལ་སྔགས་ཆུ་བྱ་སྔགས་ལན་བརྒྱ་རྩ་བརྒྱད་སླེབ་པས་ཆོག་རཏ་གཏེར་ཟབ་བོ། །ཡང་གཅིག །ཨ་ཤི་མེ་ཤི་དུ་ཤི་སོདཿ ཨ་རཾ་མེ་རཾ་དུ་རཾ་སོདཿ འདི་མེས་ཚིག་སྔགས་དང་མེ་དབལ་བཅོམ་པའི་ཟེར་མ་ལྕགས་བལྡག་དང་བཙོ་ཡི་སྔགས་ཀྱང་ཡིན་ནོ། །གཏེར་མའོ། །ཟབ། ཡང་གཅིག །ཨོཾ་ཛ་དུ་སོད་སྭཱ་ཧཱཿ ཞེས་དང་ཡང་། ཚ་བ་མེའི་དབལ་སོད། གྲང་བ་ཆུའི་བསིལ་ཕོབ། ཅེས་བཏབ་པས་སེལ། ཡང་མེ་ལྕགས་དབལ་གསུམ་གྱིས་མི་འཚིག་པའི་སྔགས་ལ། ཨོཾ་མེ་དབལ་དམར་པོ་སོད། ཆུ་དབལ་སྔོན་པོ་སོད། ལྕགས་དབལ་ནག་པོ་སོད། ཚ་བའི་དབལ་སོད། གྲང་བའི་བསིལ་ཕོབ། ཞེས་ཟབ་བོ། །བུལ་དོག་ཆུ་ལ། ཨོཾ་ཛྙཱ་ཙཀྲ་ཧཱུྃ་ཕཊཿ ཅེས་པ་སུམ་བརྒྱ་བཟླས་ནས་ལུས་ལ་བྱུག་ན་མེས་མི་འཚིག་གོ། དྲི་ཆུས་ལག་པ་སོགས་བཀྲུས་ན་སྔགས་མེད་ཀྱང་མེས་མི་འཚིག་མྱོང་གྲུབ་ལ། ལྕགས་སྲེག་གི་མིག་ནས་དྲང་བའི་སྐུད་པ་ལ་ཡང་བྱུག་པས་


MR11_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚིག་པར་ཕན། སྔགས་བཏབ་ན་སྨོས་ཅི་དགོས་སོ། །ཐབ་སྲུང་བའི་ལས་ནི། ཁྲག་དང་འོ་མ་ཆང་ཆུ་ལུད་དང་བྱེ་མ་ལ་ནི་སྔགས་བརྒྱ་བཟླས་ཏེ་བཏབ། ཨོཾ་ཨཱཿཧཱུྃ། སྲི་ཐུལ་སྭཱ་ཧཱཿ བྱེའུ་སདཿ མུར་ཡེར་སདཿ ཀུ་རུ་སདཿ ལ་ཅི་སདཿ དེས་ནི་ཐབ་རྣམས་ཐུབ་པར་འགྱུར་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་ཐབ་སྲུང་ནི། ཨོཾ་ལ་ཧི་བུ་མོ་ཐབ་ལ་རཾ་ལི་ཧི་ཙ་མོ་ཐབ་ལ་རཾ་བྲམ་ཟེ་བུ་མོ་ཐབ་ལ་རཾ་ཐབ་རིགས་ཐམས་ཅད་ཞི་ཞི་རཾ་མེ་སྭཱ་ཧཱཿ སྔགས་འདི་འཕྲེང་གཅིག་ཚེག་མེད་བྲིས་ལ། འདིའི་རྫས་རབ་ལྷ་ཁང་ཚིག་པའི་ས། འབྲིང་མགར་ཐབ་ཀྱི་ས། ཐ་མ་སྒྱེད་ས་བཞག་སྟེ་གཉན་ལྷོག་ཐབ་སོགས་ལ་རང་སྔགས་ཀྱིས་བསྔགས་ནས་མགུལ་དུ་བཏགས་ན་གྱུ་ལོག་མི་བྱེད་པའི་གདམ་པའོ། །ཡང་ཐབ་ཤོར་ན། ཨོཾ་ས་ཁྱིམ་ན་ཧཱུྃ་ཀོ་ན་སྭཱ་ཧཱཿ ཞེས་ཕྱེ་ལ་བཏབ་ནས་ཐབ་ཁུང་དུ་བླུགས་ན་ཐབ་བསྲུང་བར་འགྱུར་རོ། །ཡང་གཅིག་ཐབ་སྔགས། ཨོཾ་མེ་ཁ་སོདཿ མེ་ཁུ་སོདཿ ཚ་བ་མེའི་དབལ་སོདཿ གྲང་བ་ཆུས་དབལ་སོདཿ ཨོཾ་མེ་རི་དམར་པོ་སོདཿ ལྕགས་རི་སྔོན་པོ་སོདཿ ཞིལ་ཞིལ་པྲ་སྲཾ་སྭཱ་ཧཱཿ ཞེས་སྔགས་འདི་རྒྱ་སྣག སྦལ་སྣབས། རོ་ཐལ། ཁྱེའུ་འཐུང་གི་ནུ་ཞོ་རྣམས་སྦྱར་བ་ལ་བཏབ་ནས་བྱུག་


MR11_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེས་ཚིག་པའི་རྨ་དང་ཐབ་གདོན་པ་མྱུར་དུ་ཞི་བར་འགྱུར་རོ་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །ཡང་སྐྲངས་རིགས་གཉན་རིགས་ཐབ་དང་རྨ་སྐྲངས་ཨོག་ནད་དང་། ཁྲག་གཅོད་པའི་སྤྱི་སྔགས། རྨ་སྐྲངས་གང་ཡིན་མེ་དང་། སྔགས་ཆུ་སྔགས་མཆིལ་ཆུར་བསྒོམས་ནས་ཆུས་མེ་བསད་པར་དམིགས་ལ། ཨོཾ་ཏྲི་ཧྲི་ཐེབ་ཐེབཿ ཐབ་སོདཿ གཞོབ་སོདཿ ཡ་མ་སོདཿ ཡ་ཁྱི་སོདཿབྲམ་ཟེ་ནག་པོས་གཉན་སོདཿ ཅེས་ཟབ་བོ། །ཡང་རྨ་འབྲས་ཐབ་དང་མེ་དབལ་རྣམས་ལ། ཨོཾ་ཐབ་གྲམ་རྩེ་སོདཿ ནུ་གྲམ་རྩེ་སོདཿ ཟམ་གྲམ་རྩེ་སོདཿ ཐབ་ཀྱི་བུ་མོ་མགོ་ནག་མ་སོདཿགཞོབ་ཀྱི་བུ་མོ་མགོ་སེར་མ་སོད། ཆུ་སེར་བུ་མོ་མགོ་སྐྱ་མ་སོད། མང་བཟླས་སྔགས་ཆུ་བཏབ་པས་ཐུབ་བོ། །ཐབ་སྔགས། ཨོཾ་ཐབ་ལཾ་ལཾ་སོད། གཞོབ་ལཾ་ལཾ་སོདཿ མི་གཙང་ལཾ་ལཾ་སོདཿ ཐབ་གཟེར་སོད། གླག་གཟེར་སོད། ནན་ནན་སོད་སྭཱ་ཧཱ། ཐབ་དང་གཞན་ཡང་སྐྲང་བ་ཀུན་ཐུབ་ངེས་སོ། །ཡང་ཐབ་སྔགས། ཨོཾ་ཐབ་སོད། ཐབ་ཀྱི་མེ་རཀྴ་སོད། ཨོཾ་ཙུ་རུ་ཙུ་རུ་ཀུ་ན་ལེ་སྭཱ་ཧཱཿཞེས་བཏབ་ཟབ་བོ། །ཡང་ཐབ་སྔགས། ཐབ་ཁྲག་གམ། བྱེ་མ་ར་ཙ་སོདཿ ཅེས་སོ། །ཁོང་ཐབ་ལ། ཨོཾ་ཏི་ཏི་ནི་ནི་སྭཱ་ཧཱ། སྔགས་ཆུའམ་རྒྱ་རུ་བརྡར་ཕྱེ་བཏབ་པའི་ཆུ་ལ་སྔགས་ཁྲི་ཚོ་བཏབ་སྟེ་བཏང་


MR11_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཐུབ་བོ། །ཡང་དགོངས་འདུས་ཐབ་སྔགས། ཨོཾ་ཏིར་ཐི་ཐབ་ལ་རྦདཿ སྟོང་ཕྲག་གཅིག་བཟླས་པས་ཐེང་ཆོག་ལག་བླང་མ་བྲམ་ཟེ་དུང་རྐང་གི་གསེར་ཆོས་སངས་རྒྱས་གླིང་པའི་གཏེར་མའོ། །ཡང་ཐབ་སྔགས་ལུགས་གཅིག ཨོཾ་ཏི་ཐི་དི་ནི་ཐབ་སོད་སྭཱ་ཧཱ། ལན་བདུན་བརྗོད་པས་ཆོག་སྟེ་ཟབ་བོ། །ཡང་རང་ཉིད་དམ་པ་སངས་རྒྱས་མཐིང་ནག་ཆོས་འཆད་ཕྱག་རྒྱ་མཛད་པ། སྐུ་སྨད་བལ་གྱི་ལྭ་བ་དཀར་པོ་གསོལ་བར་བསྒོམས་ལ། ཨོཾ་ཏི་ཏི་སོད། ནི་ནི་སོད། ར་ཛ་སོད། རུ་ཛུ་སོད། ཚ་བའི་དབལ་སོད། གྲང་བའི་བསིལ་ཕོབ། རྣོ་ངར་བསྐྱེད་སྭཱ་ཧཱ། སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ནས་བཏབ་པས་གཉན་དང་ལྷོག་པ་ཐབ་གཞོབ་ཀུན་ལ་ཐེབ་པས་ཆོག་གོ། ཐབ་ལེན་སྔགས། ཨོཾ་ཏི་ཐི་ཐབ་ལོང་སྭཱ་ཧཱཿ ཞེས་བཏབ་པས་སེལ་ལོ། །ཐབ་ལེན་སྔགས་རྡོ་ལེབ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་སྔགས་ལྔ་བརྒྱ་བཏབ། སྐྲང་སར་གཡས་སྐོར་དགུ་བྱས་ལ་སྔགས་པའི་ཕྲག་པ་གཡས་ཀྱི་སྟེང་ནས་ཕྱིར་རྒྱབ་ཏུ་འཕངས་པས། རྒྱ་གྲམ་འོག་ཏུ་ཁ་སྦུབས་ན་ཐབ་ལོན་རྟགས་སོ། །ཡར་ཟེད་ན་སྔགས་གྲངས་མང་བསྐྱལ་ནས་ཡང་འཕེན་ནོ། །སྔགས་ནི། ཨོཾ་བྲམ་ཟེ་དམར་པོ་མེ་ལྕེ་འབར་མས་ཐབ་ལོང་ཐབ་སོདཿ ཞེས་སོ་ཟབ་བོ། །


MR11_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་འབྱོར་བའི་གཟུངས་ནི། འཕགས་པ་འཇམ་དཔལ་ཕྱག་འཚལ་ལོ། །ཨོཾ་ཨུབས་ཨུབས་སུཾ་སུཾ་སརྦ་ནན་རྦད་སྭཱ་ཧཱཿ ཧཱུྃ་ཕཊ་མ་མ་ཤཱནྟིངྐུ་རུ་སྭཱ་ཧཱ། ལན་གསུམ་བརྗོད་དེ། རྨ་ལ་མཆིལ་མ་བྱུག་པས། རྡོས་ཕོག་པ་མཚོན་བརྒྱབ་པ། རྩ་ཆད་པ། ཀླད་པ་ཆག་པ་རྣམས་སོས་པར་ཐེ་ཚོམ་མེད། བཀའ་མའོ། །རྨ་བྱུང་བ་ལ། ཨོཾ་རྩ་ལ་སོདཿ ཀ་དུར་སོདཿ ཞེས་བརྒྱ་རྩ་བརྒྱད་བཏབ་ན་སྐྲངས་མི་སྲིད་ཅིང་མྱུར་དུ་འཚོ་བར་འགྱུར་རོ་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །ཡང་རྨ་ཆེན་པོ་བྱུང་བ་གསོ་བ་དང་ཁྲག་གཅོད་པ་ལ། རྨ་མོ་མཚན། རང་གི་ལྕེ་རྡོ་རྗེ། སྔགས་ཆུ་ཐིག་ལེར་བསྒོམ། ན་མ་ཏ་པ་ཤཿ ཨོཾ་སརྦ་སུབ་སུབཿ འུབ་འུབཿ རུབ་རུབཿ ཁྲག་ཆོད་རྨ་སྐམ། བརྒྱ་རྩ་བརྒྱད་ཙམ་བཟླས་པའི་ཁ་རླང་ཕོག་པས་ཆོག་སྟེ། རྒྱུ་མ་དང་ཀླད་པ་ལུད་པ་སོགས་རྨ་ཇི་ལྟར་ཆེ་བ་ཡང་འཚོའོ་ཞེས་ཤིན་ཏུ་ཟབ་པ་གཏེར་མའོ། །བརྡབ་རྨ་ལ། ཨོཾ་དམར་མོ་དམར་མོ་ཤང་ཙེ་ཤང་ཙེ། བ་ཀུ་རུ་ཤཾ་མུ་རུ་མུ་རུ་སྭཱ་ཧཱཿ ཟབ་བོ་གཏེར་མའོ། །རྨ་མི་སྐྲངས་བའི་སྔགས་གོང་དུ་སོང་། ཡང་རྨ་སྐྲངས་ཟུག་གཟེར་གྱི་སྔགས། འབྲུ་ལྔ་པོ་ནི། ཏྲི་ཏྲི་མ་ར་དུ། འདི་ཟང་ཟང་ལྷ་བྲག་ཏུ་རྗེ་དམ་པ་རྒྱ་གར་བ་ལ་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་དབང་ཞུས་པའི་དབང་ཡོན་


MR11_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕུལ་བའི་སྔགས་ཡིན་ལ། རང་དམ་པ་བསྒོམ། སྔགས་ཆུ་ཁོང་དུ་བཏང་། ནད་དམིགས་སུ་སྔགས། མཆིལ་བཏབ། རང་སྲུང་ལ་བརྒྱ་རྩ་རེ་བཟླ། འདིས་རྨ་རིགས་དང་ཚ་གྲང་གི་སྐྲངས་པ་དང་ཟུག་གཟེར་ཀུན་དང་ཆུ་སེར་སོགས་ནད་ཀུན་ལ་ཕན་པའི་སྔགས་ཟབ་མོ་ཞིག་ཡིན། རང་གཞན་གྱི་ཁ་ཟས་གང་ཡང་སྲུང་མི་དགོས། ཕྱིས་སུ་རྩིབས་རེར་སྒོམ་ཆེན་གཅིག་ལ་མཁའ་འགྲོས་གནང་བའི་སྔགས་ཀྱང་འདི་དང་གཅིག་འདུག་ཤིན་ཏུ་ཟབ་བོ། །རྨ་སྤྱི་ལ། ཨོཾ་སརྦ་དྷརྨ་ཁྲག་ཆོད་རྣག་སྐོམ་ཆུ་སེར་དྲོངས་རྨ་ཁོག་དྲུབས་སྭཱ་ཧཱཿ ཕུ་དང་སྔགས་ཆུས་ཕན་ནོ། །ཡང་རྨ་སྔགས། ཨོཾ་ཨ་ཙ། ན་ཙ། ཀ་ཙ། ཏ་ཙ། ཙ་ཙ་སྭཱ་ཧཱ། འདི་མང་དུ་བཟླས་ཏེ་བཏབ་ན་རྨ་ཐམས་ཅད་སོས་པར་འགྱུར་རོ། །རྨ་སོས་པར་བྱེད་པ་ལ། ཐར་ནུ་དང་ཁྲོན་བུའི་ལོ་མ། ཁུར་མང་བདུད་རྩི་འོ་མ་འཛིན་པ། གུར་གུམ་དོམ་མཁྲིས་ཀ་ར་རྣམས་ཆ་མཉམ་ཞིབ་བཏགས་རྨ་ལ་གླན། སྔགས་འདི་སྟོང་བཟླས་ཏེ་བཏབ་པས་འཚོའོ། །སྔགས་ནི། ཨོཾ་ཨཱཿཧཱུྃ། ཨ་ན་ལེཿ བྷི་ན་ལེཿ དབལ་སོདཿ ཁྲག་ཆོད་སྭཱ་ཧཱཿ ཏི་ལི་སོདཿ ནི་ལི་སོདཿ སྭ་ཏི་སོདཿ རྨ་ཡི་སྙིང་པོ་སོད་སྭཱ་ཧཱཿ ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་དགོངས་འདུས་ཐེམ་མེད་སྔགས་ལས། རྨ་


MR11_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་ཀྱི་སྔགས། ཨོཾ་ཨ་མ་ཏི་ན་ཡ་ཀ་ཧཱུྃ་ཧཱུྃ་ཧཱུྃཿ ཨོཾ་ཀ་ཀ་ལ་ཧཱུྃ་ཧཱུྃ་ཧཱུྃཿ ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཧཱུྃ་ཧཱུྃཿ མུ་སྟེགས་ཧཱུྃ་དགུ་གནམ་ལྕགས་ཀྱི་ཐོག་མདའ་ནག་པོ་ཟབ་པའི་བཀའ་རྒྱ་ཅན་ནོ། །ཡང་རྨ་གསར་རྙིང་རྨ་འབྲས་སྐྲང་ལོ་ཐམས་ཅད་དང་། རྟ་བོང་གི་རྒལ་ཚིགས་ཆོད་པའམ། མེས་ཚིག་པ་སོགས་ལ་སྔགས་ནི། སྟག་ཚིག་སྟག་ཚིག ཚིག་ཁྲུཾ་ཚིག་ཁྲུཾ། ཚ་བ་མེའི་དབལ་སོདཿ གྲང་བ་ཆུའི་བསིལ་ཐོབཿ ཆུ་སེར་གྱི་བུ་མོ་རྩལ་རྒྱུག་པ་སོདཿ ཅེས་སྔགས་འདི་ཆུ་རྩ་ལ་བཏབ་ནས་སྔགས་ཆུ་བསྐུས་པས་ཕན་ནོ། །སངས་གླིང་གཏེར་མའོ། །ཡང་རྨ་རྙིང་པ་མི་སོས་པའི་རྨ་རིད་ཞེས་པ་ལ། ཨོཾ་འུབ་འུབ་བཛྲ་ནནཿ ན་མ་ཏ་པ་ཤཿ ཞེས་བཏབ་པས་ཕན་ཏེ་ཟབ་གཏེར་མའོ། །ཡང་ཨ་ཙ་རའི་མན་ངག་རྨ་སྐམ་ཞིང་ཁྲག་མེད་པ་ལ་རྨ་ཐོག་ཟླ་དཀྱིལ་བསྒོམ་ལ་སྔགས་འདི་བཏབ།ཨོཾ་ན་མ་ཏ་པ་ཤཿ རྨ་ཆུ་སེར་ཅན་དང་ཁྲག་ཅན་གཤེར་བར་རྨ་སྟེང་ཉི་མའི་དཀྱིལ་འཁོར་བསམ། ཨོཾ་པ་ཤ་ན་མ་ཏཿ ཞེས་བཏབ་ཨ་ཙ་རའི་གདམས་ངག་ཉི་ཟླ་མ་ཤིན་ཏུ་ཟབ། ཤུ་ཐོར་སོགས་ལའང་དེ་ལྟར་བྱས་པས་ཕན་ཆེའོ། །ཡང་རྨ་ཤི་བའི་ཤའུ་གསོ་བའི་སྔགས། ཨོཾ་ཏྲིང་ཏྲིང་སྤུ་རྩ་མེ་སོསཿ སྔགས་འདི་མང་དུ་བཟླས་བཏབ་རྨ་ལ་ཤའུ་ལྷུག་གིས་འོང་ཞིང་མྱུར་དུ་འཚོའོ། །


MR11_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྨ་སོས་པར་བྱེད་པའི་སྔགས་གོང་གི་གཟུངས་དང་ཅུང་འདྲ་མིན། ཨོཾ་འུབ་འུབ་སུཾ་སུཾ་སརྦ་ནན་སྭཱ་ཧཱ། ལན་གསུམ་བརྗོད་ནས་ཕུས་བཏབ་པས་རྨ་ཐམས་ཅད་སོས་པར་འགྱུར་རོ། །རྨ་ཡི་ཁྲག་གཅོད་སྔགས། ཐེབ་ཐེབ་ཁྲེབ་ཁྲེབ་ཆོད་ཆོདཿ ལན་བདུན་གྱིས་ཆོག མང་ན་ཁོང་ཁྲག་སྐེམ་ཉེན་ཡོད་གསུངས། ཡང་རྨ་མཐའ་སྦྲུལ་གྱིས་བསྐོར་བར་བསམ་ལ་ལན་ཉེར་གཅིག་བཟླས་པས་ཐུབ་ཅེས་ཀྱང་གསུངས། ཨོཾ་ཐིམ་ཐིམ་ཁྲིག་ཁྲིག་ཆོད་ཆོད་སྭཱ་ཧཱ། ཞེས་སྔགས་འདྲ་མིན་ལུགས་གཅིག་ཀྱང་སྣང་ངོ་། །ཡང་ཁྲག་ཆོད། ཧབ་ཤ་ཧུབ་སུཾ་རཀྴ་རྦད་ཆོདཿ ཉེར་གཅིག་ལས་མང་ན། རང་གི་སྙིང་ཁྲག་ཀྱང་སྐེམ་པས་རན་པར་བྱ། རྡོ་གྲང་ངམ་མཐེ་བོང་ལ་སྔགས་བཏབ་སྟེ་གླན་པས་སོས་སོ། །ཡང་ཁྲག་གཅོད། ཨཱོཾ་ཁྲེབ་ཐེབ་རྦད་ཆོདཿརྨ་མོ་མཚན་མཐེ་བོང་རྡོ་རྗེར་བསྒོམས་ནས་སྔགས་བཏབ། རྨ་ལ་གླན་པས་ཆོད་དོ། །ཡང་། མཁའ་འགྲོ་མ་དམར་མོ་སྟུ་མི་ལ་མ་སྟོན། རང་གི་ལུས་ལ་སྦོསཿ ཞེས་བཟླས་ཏེ་བཏབ་པས་ཆོད་དོ་ཟབ་བོ། །ཡང་རྨ་ཡི་ཁྲག་གཅོད་པ། ཨོཾ་ཨཱཿཧཱུྃ། པྲ་དེ་ཏེ་སོདཿ རྨུ་བཏུད་རྩེ་སོདཿ རྨ་ཁྲག་རྣག་ཁྲག་ཀུན་ལ་སླེབས་པས་ཆོག་ཅེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་གཅིག་ཁྲག་


MR11_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། དཾ་པ་ཤགཿ ཅེས་བཟླས་པས་ཐུབ་བོ། །ཡང་གཅིག ཨོཾ་ཨ་ཐིམ་སྭཱ་ཧཱཿ ཕུ་བྱས་པས་ཆོད་དོ་ཟབ། ཨོཾ་རཀྟ་ཏིག་ཆོདཿ འདི་ཡང་ཁྲག་ཆོད་སྔགས་ཟབ་མོ་གཏེར་མའོ། །ཐི་ཐུཾ་ཐཿ འདི་ཡང་ཁྲག་སྔགས་ཟབ་མོའོ། །ཡང་གཅིག་རང་ཨ་ཙ་རར་བསྒོམ། ཁྲིག ཅེས་པ་དབུགས་ཐོག་གཅིག་ལ་ཉེར་གཅིག་བགྲང་ལ་དབུགས་གཏོང་བ་དང་མཉམ་དུ་ཐུ་ཟེར་ཞིང་རྨ་ལ་བརྒྱབ་ན་དེ་མ་ཐག་ཏུ་ཁྲག་འཆད་དོ་ཟབ། ཡང་། རང་ཉིད་རུས་སྦལ་འོ་མ་འཐུང་བ་གཅིག་ཏུ་བསམ་ལ། ཨོཾ་ཁ་ཏ་ཁ་ཏ་ཁྲག་ཆོད་སྭཱ་ཧཱཿ ཞེས་བཟླས་རང་གི་མཐེ་བོང་ངམ་རྡོ་གྲང་བསྔགས་ཏེ་གླན་པས་ཁྲག་ཆོད་དོ། །ཡང་ཁྲག་གཅོད་སྔགས། ན་མ་གྷན་དྷ་གྷན་དྷ་རཀྵ་རཀྵ་ནན་རྦད་ཆོད་སྭཱ་ཧཱཿ ཞེས་ཉིན་རེ་བརྒྱ་རྩ་རེ་བཟླས། ཁྱད་པར་ཉི་ཟླ་གཟའ་འཛིན་སྐབས་སུ་ཇི་མང་བཟླས་ན་ནུས་པ་འཕེལ། དེ་ལྟར་རྒྱུན་དུ་གྲུབ་ན་སྨོས་ཅི་དགོས། འདི་ནི་ཁྲག་སྔགས་ཀུན་གྱི་གཙོ་བོ་ཡིན། འདི་བཏབ་པས་རྨ་ལ་ཉེས་པ་ངན་ངོན་མི་འབྱུང་། རྨ་གསོ་སླ། ཁྲག་གཅོད་གདམས་པ་ཟབ་མོ་འདི་གློ་ཡི་ཡུལ་ནས། གཉལ་ལོ་རོ་རུ་དར་བའོ། །ཡང་གཅིག །ཁེ་ཁེ་ཤག་ཤགཿ མང་བཟླས་རང་གི་མཐེ་བོང་ལ་བཏབ། མཐེ་བོང་རྡོ་རྗེ་ནོར་བུ། རྨ་མོ་མཚན་དུ་བསམ་ལ་གླན་པས་ཁྲག་ཆོད། སྣ་


MR11_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཀྱང་ཆོད་པར་ངེས་སོ། །ཡང་ཁྲག་གཅོད་སྔགས། ཨོཾ་ཁྲག་ཉག་ཨ་རཾ་རྦདཿ ཤ་པ་ན་མ་ཏཿ པ་ན་པ་ཤ་ཧུང་ཀྲ་རཀྟ་རྦདཿ འདིས་རྨ་ཁྲག་དང་རྩ་ཆད་པ་སྨུག་པོའི་མཚོ་རྡོལ་གློ་རྡོལ་མངལ་ཁྲག་སྣ་ཁྲག་སོགས་ཁྲག་ཤོར་ཐམས་ཅད་གཅོད་པའི་སྔགས་ཟབ་ལ་གཏེར་མའོ། །ཧ་ཅང་མང་ན་ཁོང་ཁྲག་ཀྱང་སྐེམ་ནུས་སོ། །རྣག་གཅོད་སྔགས། ཨོཾ་ཏིག་ཏིག་ཀ་ར་ཏིག་ཏིག་སྭཱ་ཧཱཿ སྔགས་ཆུ་བླུད་པས་ཕན་ནོ། །དབང་ཕྱུག་ཆེན་པོའི་རྨ་མེད་ཀྱི་གདམས་པ་ཤིན་ཏུ་ཟབ་པ་ནི། ཙག་བཅད་མར་ཁུར་སྤོས་དཀར་རྟ་སོ་མ་ཚོམ་གཅིག་བཏབ། དེ་ལ་སྔགས་སུམ་བརྒྱ་ལས་མི་ཉུང་བ་གདབ། དེ་རྨ་ཡི་ཕྱི་ནང་ཀུན་ཏུ་བྱུག དེ་སྟེང་སྲིན་བལ་ལམ། མ་རྙེད་ན་རས་བལ་དགབ་ཉིན་རེ་བརྗེ་ཐེངས་གཉིས་བྱེད། འདིས་རྨ་གསར་རྙིང་ཤུ་ཐོར་གཉན་ཟ་འཕྲུག་མེས་ཚིག་མེ་དབལ། ཤ་ཁུག་ཆད་པ། རུས་པ་ཆག་པ་སོགས་གང་ལའང་ཕན། ལྷག་པར་མགོ་ཐོད་ཆག་པ། ཀླད་པ་ལུག་པ་སོགས་མགོ་རྨ་ཀུན་ལ་ཟབ། འདིའི་དམ་ཚིག་ཏུ་རྨ་ཁར་སྦང་མ་སྔོ་སྨན་དྲོད་སྨན་སོགས་རྨ་ཆས་གཞན་གང་ཡང་མི་འདེབས་སོ། །སྔར་བཏབ་འདུག་ན་ཆུས་བཀྲུས་ལ་དེ་ནས་འདི་བྱ། ལྟོ་རུ་ཡང་སྨན་ཆེན་གཏོང་མི་དགོས། ཁྱད་པར་ཤ་མར་ཉ་སོགས་ཟས་བཟང་ན་གསོ་


MR11_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སླའོ། །སྔགས་ནི། ས་སོད་མེ་སོད་ཆུ་སོདཿ དུག་ཏྲི་སོདཿ སྙིང་མགོ་ཆོདཿ ཁ་ལ་ཛ་ཛཿ ཤག་ཤག་རྦད་རྦདཿ ཤིན་ཏུ་ཟབ་པའི་གདམས་པ་བརྟེན་ན་ཡིད་ཆེས་སྐྱེ་བའི་མན་ངག་གོ། ཡང་ཤ་རུས་རྩ་སོགས་སྣད་པའི་རྨ་བྱུང་ན། རྨ་མེད་པའི་གདམས་པ་ནི། ཨོཾ་བྷི་ཙི་ར་ན་འུབ་འདུས་སོདཿ ཅེས་རྨ་ལ་སུམ་བརྒྱ་བཏབ། མར་ལ་སྔགས་སུམ་བརྒྱ་བཏབ་པར་ཡི་གེ་བྲིས་ཏེ་རྨ་ལ་གླན། དེ་སྟེང་རས་བལ་ལམ་བལ་འདབ་གཙང་མ་སྔགས་སུམ་བརྒྱ་བཏབ་ནས་བཞག ར་བལ་ཏེ་ར་སྤུས་ཀྱང་རུང་། སྐུད་པས་རྒྱ་གྲམ་དུ་བཅིངས། ཞག་གསུམ་ཁ་མི་ཕྱེ། དེས་མར་ཀྱང་མི་ཞུ་ལ་སྐྲང་བའང་འཇོམས། ན་ཚ་ཡང་ཞི་ཕན་ཆེ་བ་ཕ་དམ་པའི་ཁྱད་ཆོས་སོ། །ཁྱད་པར་མར་མི་ཞུ་བའི་སྔགས། ཨོཾ་གྷནྡྷེ་གྷནྡྷེ་སྭཱ་ཧཱཿ ཞེས་བཏབ་ཀྱང་ལེགས་སོ། །མཚོན་འདུལ་བའི་སྔགས། ཨོཾ་རྡོ་རྗེའི་མདས་བཏབ་རལ་གྲིས་གཅོད་མི་ཚ། རྡོ་རྗེ་ཆེན་པོ་མགུ་བར་བྱེད་པའི་ཐབས་བྱོས་ཅིག མི་ན་མི་ཚ་བར་བྱེད་པའི་སྔགས་ལ། ཁྲེབསཿ སྔགས་འདི་ལན་ཉེར་གཅིག་བཟླས་ཏེ་ཁ་འགྲམ་ཁབ་བརྒྱབ་ན། མི་ཚ་བའི་རྨ་མེད་ཀྱི་སྔགས་ཞེས་བྱ་སྟེ། རྨ་ཕྱོགས་མེད་དང་ཁྲག་གཅོད་པའི་སྔགས་དམ་པའི་སྔགས་ཀྱི་རྟེན་འབྲེལ་སོགས་ལས་སོ། །ཡང་


MR11_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་སྔགས་ལ། རྨ་ཡི་ཉེས་པ་ཐམས་ཅད་ཁྲག་ལས་འབྱུང་བས། རྨ་བྱུང་མ་ཐག་པར་བལ་གཞོག་ལ། ནག་པོ་རྦདཿ དུན་ཡ་རྦདཿ མ་ཧཱ་པཉྫ་རྦདཿ ཐུཾ་རིལ་ཛ་རྦདཿ རྦད་བཞི་སྟོང་བཏབ་གཞོབ་བཀབ་བལ་དཀར་རྩ་རྩེ་མ་ལོག་པས་རྒྱ་གྲམ་བཅིངས། དེ་ནས་དུ་གསུམ་མའི་སྔགས་འདི་ཡང་བཏབ། ཏྲི་ཏོ་མ་ར་དུཿ ཏྲི་ཏི་མ་ར་དུཿ ཏྲི་ཏུ་མ་ར་དུཿ དེས་རྨ་དང་བརྡུང་འགྲམ་སོགས་ཐམས་ཅད་ལ་ཉེས་པ་ཅི་ཡང་མི་འབྱུང་སྟེ་ཤིན་ཏུ་ཟབ་པ་གཏེར་མའོ། །རྨ་སོགས་ལུས་སྣད་ཆེ་ཕྲ་གང་ལའང་ཉེས་མི་འཇུག་པའི་ཆེད་དུ་སྔགས་འདི་གཉིས་བདུན་སོགས་ཅི་རིགས་བཏབ་ན་ཕན་ངེས་ཟབ་མོའོ། །གཞན་ཡང་གོང་གི་རྦད་བཞི་མ་འདི་ལ་དམ་པའི་ནད་བརྒྱ་སྔགས་གཅིག་ཅེས་ནད་ཐམས་ཅད་ལ་ཕན་པ་དང་། གཏེར་ཁ་རྣམས་སུ་པདྨའི་རྦད་བཞི་ཞེས་རྨ་གཉན་སྐྲངས་པ་དང་ཕྱི་ནང་གཉན་ཆེན་སོགས་གདུག་པའི་ནད་རིགས་དུ་མའི་གཉེན་པོ་བླ་མེད་ཀྱི་སྔགས་དང་། ཕྱུགས་ཀྱི་གློ་གོར་ཧོན་སོགས་ནད་སྣ་ཚོགས་ཞི་བའི་སྔགས་ཁྱད་པར་ཅན་དུ་གསུངས་སོ། །མཁའ་འགྲོའི་རྨ་སྔགས་ཟབ་མོ་ནི། རྡོའམ་མཚོན་ཕོག་ནས་ཕུག་པ་སྣད་པ་ཆོད་པ་ཀླད་པ་ལུག་པ་བརྡབ་པ་ཆག་པ་ཁྱི་རྨ་སོགས་རྨ་རིགས་ཀུན་ལ་སྔགས་འདིས་ཆོག ཧ་རི་ནི་ས་ཁྲིབསཿ ཨ་ན་ལེཿ བི་ན་ལེཿ དབལ་ཞི་ཁྲག་ཆོད་སྭཱ་ཧཱཿ སཱཙྪའི་


MR11_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་ས་དང་། རུས་ཆེན་ཐལ་བ་བྱིས་པའི་ཆུར་སྐྱར་སྔགས་བཏབ་བྱུག་པས་ཆོག་སྟེ། རྣལ་འབྱོར་པ་སྤྱོད་པ་བྱེད་པ་ལ་གཞན་གྱིས་བརྡེག་ཀྱང་འདིས་འཚོའོ་ཞེས་མྱང་གཏེར་ཁྲོས་ནག་ལས་ཚོགས་སོ། །རྨ་སྐྲངས་སྤྱི་དང་གཉན་རིགས་ལ། སྔགས་འདི་ཕྱེ་མར་ལ་བརྒྱ་ཆུ་ལ་བརྒྱ། ལན་ཚྭ་ལ་བརྒྱ་སྔགས་ནས་ཟན་ཚོས་བྱས་ཏེ་སྔགས་བཟླ་ཞིང་རྨ་ལ་འབྱར་བྱས་པས་ཕན་ཆེ་ཞིང་། རྨ་འབྲས་ལ་ཡང་ཟབ། སྔགས་ནི། ཨ་སཱ་ར་ཏ་ཤ་རྣ་ཧི། ཡང་ཡང་ནན་དུ་འབྱར་བྱའོ། །ཡང་ན་བལ་དཀར་དྲི་མེད་མར་དུ་བཙོས་པ་སྔགས་ཏེ་འབྱར་བྱས་ཀྱང་ལེགས་སོ། །ཡང་མགོ་བོ་བཅོས་ཐབས་ཤུག་རྩི་དོམ་མཁྲིས་ཨའུ་ཤ་རེ་ལྕག་ལྡུམ་བུ་དེར་ལ་ལྔ་སྦྱར་ལ་མགོ་རྨར་གདབ་ཅིང་སྔགས་འདི་སུམ་བརྒྱ་བཟླ། ཨོཾ་ཨཱཿཧཱུྃ། ཨ་ན་ལེ་བི་ན་ལེཿ དབལ་སོད་ཁྲག་ཆོད་སྭཱ་ཧཱ། དེས་རྨ་འཚོ་བར་འགྱུར་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །མགོ་བོའི་རྨ་སོགས་ལོག་ན་སྔགས་འདི་གདབ། ཨོཾ་ཨཱཿཧཱུྃ། ཀ་ལོག་འཁྲིས་ནན་སྭཱ་ཧཱཿ ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཁྲག་ལོག་ན་སྔགས་འདི་བཏབ། ཤ་ཡི་མདུད་པ་ཁྲོལ་ཁྲོལ། ཁྲག་གི་སྤུ་ལུ་ཤིག་ཤིགཿ སྐྲངས་ཀྱི་ཤན་པ་གཏོར་གཏོརཿ ཞེས་བཟླས་ཆུར་སྔགས་སྐེ་ལ་བྱུག །ཐིག་འདྲེན་སྔགས། ཨོཾ་བྱ་སིལ་བྱ་སིལ་


MR11_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྦད་སྭཱ་ཧཱཿ ཞེས་སོ། །རྩ་ལ་ཐིག་ཤོར་སྔགས། ཨོཾ་སརྦ་རྩ་ཁྲི་ལ་ནན་སྭཱ་ཧཱཿ ཞེས་ཟབ་བོ། །སྔོན་མུ་སྟེགས་སྟོན་པ་ར་མ་སིདྡྷི་ཞེས་བྱ་བའི་སྤུན་ཟླ་ལ་རྒྱལ་པོའི་ཆད་པ་ཕོག་སྟེ། རྐང་པ་བཅད་པ་ཞག་བདུན་འགྲུབ་སྔགས་འདིས་གསོས་པས་ར་མ་སིདྡྷི་དབང་ཕྱུག་ཆེན་པོ་ལས་གྲུབ་པ་ཐོབ་ཅེས་རྒྱ་གར་ཤར་ཕྱོགས་སུ་གྲགས་པ་བྱུང་ངོ་། །སྔགས་འདིས་ཀླད་པ་ས་ལ་བོ་བ་ཡང་འཚོ་ངེས་སོ། །དེ་ནི་དཔའ་བོ་འབྲུ་ལྔའི་ལོ་རྒྱུས་སོ། །སྔགས་ནི། ན་མ་ཏ་པ་ཤཿ སྐྲངས་པ་ལ་ཁྲི་གཅིག་བཏབ་པས་ཆོག སྔགས་ལྔ་རིམ་བཞིན་མཁའ་མེ་ས་ཆུ་རླུང་གི་ཁམས་སོ། །ཡང་རྒྱ་མཛེ་རྨ་ལོག་རྒྱུ་གཟེར་ལ། མ་ཏ་པ་ཤ་ནཿ ཞེས་བཟླ། འབྲུམ་པ་དང་སྐྲངས་པ་ཞི་བར་འདོད་ན། ཏ་པ་ཤ་ན་མཿ ཞེས་བཟླ་གག་པ་དང་མཛེ་འུར་འདེད་འདོད་ན། པ་ཤ་ན་མ་ཏཿཞེས་འདེབས། ལྷོག་སྐྲངས་ཞི་འདོད་ན། ཤ་ན་མ་ཏ་པཿ ཞེས་འདེབས། གོང་མ་གོང་མས་སོས་མ་ཐུབ་ན། གོང་མ་གོང་མ་དག་འདི་བཞིན་བཟློག་ནས་བཟླས་འགྲེའོ། །ཤ་པ་ཏ་མ་ནཿ ན་མ་ཏ་པ་ཤཿ སོགས་སོ། །ཨོཾ་ན་མ་ཏ་པ་ཤ་ནི་ཧཱུྃ་ཕཊཿ ཡིག་འབྲུ་དགུ་པ་འདི་ནད་རིགས་ཐམས་ཅད་ཀྱི་གཉེན་པོ་ནད་བརྒྱ་སྔགས་གཅིག་ཡིན་ནོ། །ཞེས་འདི་ཀུན་གཏེར་མའོ། །གཞན་ཡང་གསང་ཆེན་


MR11_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་འབྲུ་ལྔ། མཁའ་འགྲོ་གསང་བའི་ཡིག་འབྲུ་འདི་དག་ནད་སྣ་ཚོགས་ཀྱི་སྔགས་མཆོག་ཡིན་ཏེ། ཐོག་མར་སྔོན་དུ་ན་མ་ཏ་པ་ཤཿ ཞེས་པ་ཁྲི་ཕྲག་ལྔ་བཟླས་པ་བྱས་ལ། དེ་ནས་ནད་སོ་སོར་སྟོང་ཕྲག་རེ་འདེབས། མང་ན་ཁྲི་ཕྲག་རེས་མི་ཐུབ་པ་མེད་དོ། །སྔགས་འདིས་གཟའ་དང་ཀླུ་གཉན་ས་བདག་གི་གདོན་དང་བྱད་ཁ་རྨ་ཡི་རིགས་ཐམས་ཅད། གག་ལྷོག་འབྲུམ་བུ་འབྲས་དང་ཝ་བ་རྒྱུ་གཟེར་ཤུ་ཐོར་འཛེར་པ་སྐྲངས་པ་དུག་དང་མཛེ་ལ་སོགས་པ་ནད་ཐམས་ཅད་ཐུབ། འདི་ཡི་ཡིག་ཐམ་གདབ་པ་གཏེར་མའི་མན་ངག་ནི་ལོགས་སུ་ནད་ཀྱི་མཁྱུད་སྤྱད་དུ་བྲིས་ཡོད་དོ། །རྨ་གཉན་གྱི་སྔགས་ཟབ་མོ་གཅིག་ཆོག་མ་ནི། དང་པོ་སྔགས་པའི་དྲི་ཆུ་བར་པས་རྨ་བཀྲུས་དར་སྐུད་ཀྱིས་བཙེམ་ལ་ཕུ་བྱ། རང་དབང་ཕྱུག་སྔོ་སྐྱ་གཡས་ཏྲི་ཤུལ་གཡོན་མེ་ལོང་བསྣམས་པ། སྤྱན་གཉིས་ཚ་གྲང་ཧ་ལ་ཉི་ཟླའམ་དཔེ་མ་དག་བརྟགས། སྟིར་བསྒོམ། རི་ནག་པོའི་མགུལ་དུ་རང་གཅིག་པུས་ལས་བསྙེན་ཁྲི་གཅིག་བསྐྱལ། ལས་སྦྱོར་དུས་བསྐྱེད་རིམ་གསལ་ལ་སྔགས་བཟླས། རྡེའུ་ནག་པོ་གཅིག་ཏྲི་ཤུ་ལར་བསྒོམ་ལ་ནད་པའི་འདོམས་ནས་ཡར་བརྡེག །རྡེལ་དཀར་སྲིད་སྤོར་མེ་སྤར་བསྒོམ་ལ་ཕྲག་གཡོན་བརྡེག །དེས་བགེགས་ཕ་མཐར་བསྐྲད་པར་བསམ། སྔགས་ཟབ་མོ་ནི།


MR11_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཏིར་ཏི་ཀ་ནྱི་མུཿ ཞེས་ལྔ་བརྒྱ་བཟླས། སྔགས་འདེབས་དུས་ལྷ་བའི་གསེབ་ཏུ་སྔགས་སིབ་ཀྱིས་སོང་བར་བསམ། ཚྭ་མི་ཟ། ཉལ་པོ་སྤང་། རྨ་ལ་བསྒྲེས་པའི་ཟན་གཅིག་རང་དང་ནད་པས་བཟའ་བ་རྟེན་འབྲེལ་ལོ། །རྨ་རློན་ཆུ་སེར་འབྱུང་བ་ལ་ཉི་མར་བསྒོམ། རྨ་སྐམ་ཚག་ལ་ཟླ་བ་བསྒོམ། རྫས་རྟ་ལྤགས་པ། ཆུ་རྩ། བྲག་སྐྱ། གང་ཆུང་། རྡོ་དྲེག་དམར་པོ་ཆ་མཉམ་བཏགས་ཏེ་བཏབ། ཟངས་སམ་ལྕགས་སམ་ཤིང་སྟག་པ་ལས་རྡོ་རྗེ་འཛུབ་གང་བཟོས་ལ་སྔགས་བྲིས་ལུས་ལ་བཅངས། སྔགས་པའི་རྡོ་རྗེ་ནད་པར་ཐུག་ཙམ་བྱེད། རྨ་ལྷོག་བྱུང་ན་ལྕེ་ཕོ་མཚན། རྨ་མོ་མཚན་བསྒོམ། སྔགས་ཀྱི་ཁ་ཆུ་ས་བོན་དུ་བསམ་ལ་ཐོར་ཐོར་འཕྲོ་བར་བསམ། འདིར་དཀྲིས་མའི་དོད་ཀྱང་རྫས་སྔགས་ཡིན། དཀྲིས་མ་བྱས་ན་རྨ་འཇིག་ཅེས་གསུངས། ཚུལ་བཞིན་ཉམས་སུ་བླངས་ན། སྙིང་དཀྱིལ་གཤག་པ་དང་། ཀླད་པ་བོ་བ་མིན་པའི་རྨ་རིགས་ཇི་ལྟ་བུ་ཡང་འཚོ་ངེས་པ་དབང་ཕྱུག་ཆེན་པོའི་མན་ངག་རྒྱ་གར་ཤར་ཕྱོགས་ནས་བརྒྱུད་པ་ཤིན་ཏུ་ཟབ་པ་ལགས་སོ། །ཁྱི་རྨ་ལ།ཨོཾ་ཀུ་ཀུ་ར་ཙ་ཁ་ཐཾ། ཀུ་ཀུ་ར་ཙ་མཆེ་བ་ཅན་གྱི་དབལ་སོདཿ ཅེས་བཟླས་སྔགས་ཆུ་བཏབ་པས་ཆོག །ཡང་ཁྱིས་རྨུགས་པའི་རྨ་ཆེ་ཆུང་གང་ཡིན་ཀྱང་། ཨོཾ་ནན། ཁྱི་ནན་སོདཿ ཁྲག་ཆོད་


MR11_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྣག་སྐོཾ་དབལ་ཞིཿ སྔགས་འདི་ཇི་མང་བཏབ་རྨ་དཀྲིས་སོགས་མི་བྱེད་པར་རང་སར་བཞག་པས་སོས་སོ། །ཡང་ཁྱིས་རྨུགས་ན། ཨོཾ་ཨ་ཁ་ལེཿ མུ་ཁ་ལེཿ ཁྱི་ཁ་ལེཿ ཁྲག་ཉག་རཾ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཏབ་པས་མྱུར་དུ་འཚོའོ་ཞེས་དགོངས་འདུས་སྔགས་འབུམ་ལས་སོ། །ཡང་ཁྱི་རྨ་སོས་བྱེད། ཨོཾ་ཨཱཿཧཱུྃཿ སྦ་ལུ་ཁྲག་ཆོད་ནན་ཕཊ་སྭཱ་ཧཱཿ སྟོང་བཏབ་པས་ཆོག་སྟེ་གཉན་དང་སྐྲངས་པ་མི་འབྱུང་། དཀྲིས་མ་མི་བྱ་ཁ་མི་བཀག་པར་བྱས་པས་ཆོག་གོ། ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཞར་བྱུང་དུ་གཏར་ཉེས་ཁྲག་ལོག་ལ། རི་ཕབ་ཚྭ་ཚྭཨ་སྐྲད། སྡོམ་གྱི་ཐག་པ། སྒྱེད་པོ་དང་རང་འཐག་འོག་གི་ས་རྣམས་ལོ་བརྒྱད་དྲི་ཆུས་སྦྲུས་སྔགས་འདི་སྟོང་ཕྲག་གསུམ་བཏབ་ལ་རྨ་དཀྲིའོ། །ཞི་ཞི་ཆོད་ཆོད་སར་སར་སྭཱ་ཧཱཿ མ་ཕན་བར་དུ་ཡང་ཡང་བསྐྱར་བ། འདི་ནི་སླུ་མེད་གདམས་པའོ། །ཞེས་སོ། །ཡང་གཏར་གྱི་ཚེ་ཁྲག་མི་ལོག་པའི་སྔགས་ནི། ལོང་ལོང་ཉལ་ཉལ་རུཾ་རུཾ་ཤིག་ཤིག་བ་གི་བ་གི་སྭཱ་ཧཱཿ ཞེས་བཙག་བུ་ལ་བཏབ་པས་ཁྲག་མི་ལོག་གོ། མེ་གཏར་སོགས་བླ་གནས་སར་བྱ་དགོས་བྱུང་ན། ཨོཾ་ཙཀྵུ་ཧྲི་ཙཀྵུ་ཤདཿ ཅེས་བཟླས་ལ་གནས་དེ་དང་རྩ་རྒྱུད་དུ་བཏབ་པས་ཐུབ་བོ། །ཡང་གཅིག དེ་བ་ཌཱ་ཀི་ཙག་ཤུ་སྭཱ་ཧཱ། ཞེས་བཏབ་པས་ཐུབ་


MR11_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ཡང་གཅིག །ཨོཾ་ཙཀྵུ་དེ་བ་ཧྲཱིཿ མ་ཀི་སྭཱ་ཧཱཿ ལན་བདུན་བཟླས་ཏེ་བཏབ་པས་ཉེས་པ་མི་འབྱུང་ངོ་། །ཡང་བླ་གནས་སར་གཏར་ཁ་སོགས་ཕོག་ན་གུ་གུལ་དུད་པས་བདུག ཡང་ཡང་བྱུག་ཅིང་སྔགས་བཟླ། ཨོཾ་ཙཀྵུ་དྷེ་ཝ་ཀྲི་ཀྲི་སྭཱ་ཧཱཿ འདིས་ཉེས་པ་མི་འབྱུང་ངོ་ཞེས་གསུངས་སོ། །ཡང་གཏར་ཁ་མི་ཐུ་སོགས་དཔྱད་བྱེད་དུས། གྷ་ཏི་ཐུཾཿ ཞེས་སྔགས་འདི་ཉེར་གཅིག་བགྲངས་པས་བཏབ་ན་ཉེས་པ་གང་ཡང་མི་འབྱུང་ངོ་། །ཨོཾ་ཧྲིཿ ཆེན་ཏ་ཧཱུྃ་ཕཊཿ བིཥྚི་བཙོན་བཟུང་སྔགས་འདི་ཁྲག་མ་གཏར་གོང་དུ་བཟླས་ལ་ནད་པའི་ལུས་ལ་ཕུ་བྱས་པས་མི་གནོད་པར་འགྱུར་རོ། །ཡང་གཅིག ཨོཾ་སརྦ་ཧྲཱིཿབཾཿ ཞེས་སོ། །སྣ་ཁྲག་འོང་བ་གཅོད་པ་དང་། གཏར་ཁ་གང་བྱས་རྗེས་ཀྱི་རྨ་མི་ཉེས་པའི་སྔགས་ནི། ཨོཾ་ནག་པོ་རྦདཿ ནག་པོ་བྷེ་དུར་རྦད་སོད་སྭཱ་ཧཱཿ མཐེ་བོང་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསྒོམ་ལ་སྔགས་བཏབ་པ་དེས་རྨ་ཁར་ཀབ་པར་བསམ། སྔགས་མང་དུ་བཟླས་ཏེ་མཐེ་བོང་རྨ་ལ་གླན་པས་ཉེས་པ་གང་ཡང་མི་འབྱུང་ངོ་། །མེ་བུམ་སྔགས།བྲི་ཏ་ཝི་མེ་དབལ་སོདཿ ཅེས་བཟླས་ལ་བཏབ་པས་མེ་བུམ་དེས་ནད་ལ་ཕན་ནོ། །ཡང་གཅིག མེ་ཡི་དབལ་སོད། གཟེར་ཞི། བརྒྱ་རྩ་བགྲངས་ཏེ་མེ་བུམ་ལ་བཏབ་ནས་གཟིར་དམིགས་ལ་


MR11_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་ཕན་ནོ། །ནད་འཇིབ་པའི་སྔགས་ཟབ་མོ་ནི། རང་ལྕགས་ཀྱི་བྱ་ཁྱུང་ནག་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན་དང་། འཇིབ་རུ་ཡང་བྱ་ཁྱུང་ནག་པོ་གཅིག་ཏུ་བསྒོམ་ལ། ནད་གདོན་ཐམས་ཅད་སྦལ་སྦྲུལ་ཉ་ལྕོང་དང་ཁྲག་དང་ཆུ་སེར་གྱི་རྣམ་པར་ལྷག་མེད་དུ་འཇིབ་པར་བསམ་ལ། ཨོཾ་རཾ་རཾ་ཁས། ཤག་ཤག་ཁས། བྱ་ཁྱུང་ནག་པོ་ཛ་ཐུར་ཤགཿ ཅེས་བཟླས་འཇིབ་རུ་བཅུག །ནད་པ་སྔགས་མཁན་གཉི་ག་ཁ་ཟས་བཟང་བཅུག ནད་པའི་སྤྱི་གཙུག་དང་རྐང་མཐིལ་དུ་སྣུམ་བྱུག །སྐྲངས་པ་སོགས་གདབ་དམིགས་ཀྱི་མཐར་མཚལ་ལམ་བཙག་གིས་ཟླུམ་སྐོར་ཉིས་རིམ་བསྐོར་བའི་དབུས་དང་ཕྱོགས་བཞིར་ཨ་ཡིག་ལྔ་བྲིས་ལ་གདབ་བོ། །འདི་སྦྲུལ་དུག་དང་རླུང་ནད་གཉན་ནད་དྲེག་གྲུམ་ཆུ་སེར་སྲིན་ནད་སོགས་ལ་ཕན་ནོ། །རྭ་འཇིབ་བྱས་ན་སྙིང་རླུང་སོགས་སྟོད་སྨད་བར་གསུམ་གང་ལ་ཡང་། ཁྲག་མ་བཏོན་ཀྱང་འཇིབ་ཁོ་ནས་ནད་ཐམས་ཅད་ཕྱིར་མངོན་སུམ་འདོན་པར་སྣང་ངོ་། །ཡང་ན་རང་ལྕགས་ཀྱི་སྤྱང་ཀི་ཆེན་པོར་བསྒོམ། ནད་ཁྲག་གི་ལོང་ཀ་ཞིག་ཏུ་བསྒོམ་ལ། ན་སར་སྔགས་འདི་བརྒྱ་རྩ་བཏབ། ཨོཾ་རཾ་རཾ་ཁས་ཤག་ཤག་ཁས། བྱ་ཁྱུང་ནག་པོ་རྩ་རྒྱག་སོད་ཤགཿ དེ་ནས་འཇིབ་རུ་བཅུག་པས་གོང་ལྟར་ཕན་ནོ། །ཡང་ཁ་འཇིབ་


MR11_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ན། རང་ལྕགས་ཀྱི་སྤྱང་ཀི་དང་། བསྒྲུབ་བྱའི་ནད་ཁྲག་ལོང་དུ་བསམ། སྔགས་བཟླས་ལ་ཁས་འཇིབ་པར་བྱ། སྔགས་ནི། ན་ལེ་ལ་ཀཾ་རཾ། སེང་གེ་ལ་ཀྱ་ཀྱུ། ཆུ་སེར་ཨེར་དམིགས་ནས་དྲང་ངོ་ཿ ཞེས་བཟླས་འཇིབ་པས་ནད་འདོན་པར་བྱེད་དོ། །ཡང་རྔབ་རྭའི་སྔགས། རྩ་ཤག་དཀར་ཤག་དམར་ཤགཿ སྔགས་སྟོང་ཕྲག་གཅིག་གོང་བསྙེན་བྱ། རྔབ་རྭས་སྦྲང་བུ་མཆུ་རིང་གིས་ས་འོག་ནས་འབུ་འདོན་པ་ལྟར་ནད་ཀུན་རྭ་ནད་འཇིབ་པར་བསམ། ན་སར་སྔགས་ཉེར་གཅིག རྭ་ལ་ཉེར་གཅིག་བཏབ་སྟེ་འཇིབ། རྭ་རྒྱབ་ཉི་མས་དྲོ་བར་བྱ། དེས་ནད་རོ་ཀུན་འདོན་པ་ཕ་དམ་པའི་མན་ངག་གོ། གཞན་ཡང་རྔབ་རྭ་སོགས་ཆ་བྱད་ལ་སྔགས་འདེབས་པ། གསོ་དཔྱད་ཀྱི་མན་ངག་རྣམས་སུ་གསལ་ལོ། །ཕྲན་བུའི་ནད་སྔགས་སྐོར་ལས། ཤིག་སྲུང་ན། ཐོག་མར་ཟན་གཏོར་ཤ་ཆེན་བཅས་ཁ་འབར་མའི་སྔགས་ཀྱི་ལན་ཆགས་བསྔོས་བཏང་བདེན་བདར་བྱ། རྫས་སྔོ་རྟག་དུ་བྲག་ཞུན་བྲག་དྲེག་གླ་རྩི་མུ་ཟི་དངུལ་ཆུ། བྱ་རྒོད་སྤོས་རེ་ལྕག་དུད་པ་བྱ་བལ་མ་མི་ཞུན་རྣམས་མར་ནག་ཏུ་སྦྱར་ལ། སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་ལུས་ལ་བྱུག ཨོཾ་ཨཱཿཧཱུྃ་ཁོ་ལ་ཙཀྲ་སརྦ་མ་དུ་ཏ་ཡེ་སྭཱ་ཧཱཿ ཟླ་རེར། ལན་རེ་བྱུག་ངེས་ཐེ་ཚོམ་མེད། སྡིག་ཆེ་བས་གསང་།


MR11_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལས་རྒྱུད་དང་གཏེར་ཁ་རྣམས་ལས་སོ། །ཡང་ལུགས་གཅིག་ཚེས་བརྒྱད་ལ་རང་གི་དྲི་ཆུས་ལུས་བཀྲུས་ལ། མར་སྲང་གཉིས། གླ་རྩི་ནས་ཙམ། ཚྭ་དེ་དང་འདབ་མཉམ། དངུལ་ཆུ་སྲན་ཆུང་ཙམ།དྲི་ཆུ་ཚི་གུ་གང་དང་དེ་རྣམས་བཏུལ་ནས། ཨོཾ་ཚང་རིལ་ལ་དུཾ་སྭཱ་ཧཱཿ སྟོང་བཟླས་དང་པོ་གསང་རྡོར་རྩེ་ལ་བྱུག །དེ་ནས་སྣ་རྩེ་དང་སྤྱི་གཙུག་ཏུ་བྱུག །དེ་ནས་ལུས་ཀུན་དང་གོས་ལ་ཡང་བྱུག །ཞག་བདུན་རེར་ལེན་རེར་བྱུག །དེ་ནས་ཟླ་ཕྱེད་ལན་རེ་དང་། དེ་ནས་ཟླ་རེར་ལེན་རེ་བྱུག་པས་ཤིག་རྒྱུན་འཆད་དོ། །ཡང་ཤིག་སྲུང་། ཨོཾ་ཧེ་རུ་ཀ་ཛ་ཛ་ཧཱུྃ། ཞེས་ཁྲི་ཚོ་གཉིས་བཟླས་ནས་ཤིག་གཅིག་ལ་བཏབ་ནས་བསྐྱུར་ན་ཤིག་མི་འོང་ངོ་། །ཡང་ཤིག་མི་འོང་བའི་སྔགས། ཨོཾ་ན་མོ་རི་ལ་མ་མ་ཙ་ན་ཏ་ན་ཡེ་སྭཱ་ཧཱཿ འོར་བཏབ་ནས་བྱུག་པས་ཕན་ནོ། །ཤུ་དག་ཡུངས་དཀར་འཕྱི་བའི་ཚིལ་རྣམས་ལ། རང་དབང་ཕྱུག་ཆེན་པོར་བསྒོམས་ནས་སྔགས་འདི་སྟོང་བཏབ། ཨོཾ་མ་ཧཱ་དེ་བ་ས་མ་ཡ་ཐུཾ་ཤིག་ལ་རྦདཿ རྫས་དེ་ལུས་ལ་བྱུག་པས། ཁྲི་ཕྲག་བདུན་ནམ་དཔྱད། གཅིག་གིས་ཤིག་རྣམས་མེད་པར་འགྱུར་རོ། །ཤིག་སྔགས་ཟབ་མོ་གཏེར་མའོ། །ཡང་ཤིག་སྲུང་། ཨོཾ་ཙི་ཏྲི་སོདཿ ར་མར་ལ་འབུམ་བཟླས་ལུས་ལ་བྱུག་ན་ཐུབ་བོ། །ཡང་ལྗི་ཤིག་སྲུང་བར། རམ་བུ་ཉལ་མགོ་


MR11_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཚིལ་ཞིབ་བཏགས་ཆུར་སྦྱར་ལ། ཨོཾ་ལབ་ཤི་ཙམ་ཟེར་སྲུངས་སྭཱ་ཧཱཿ བརྒྱ་བཟླས་ལུས་ལ་བྱུག་ན་ཐུབ་ཅེས་གཏེར་མའོ། །ཡང་ཤིག་སྲུང་། ས་མ་ཡ་ཨ་ན་སྭཱ་ཧཱ༔སྤོས་དཀར་ལ་བཏབ་སྟེ་ལུས་ལ་བྱུག་པས་ཕན་ནོ། །གཞན་ཡང་འདྲེ་ཤིག་ལྗི་བ་སྦུར་ནག་སོགས་སྲུང་བ་ལུས་ལ་ཉེ་མཁོ་སོགས་སུའང་བྲིས་ཡོད་དོ། །ལུས་ཀྱི་བསེ་དྲི་འདོན་པར། གླ་རྩི་མུ་ཟི།ནག་མཚུར། ཟངས་གཡའ། རྭ་གཞོབ། ཚ་བ་གསུམ་ཞིབ་བཏགས་མར་རྙིང་སྦྱར་བར་སྔགས་འདི་བཏབ། ཨོཾ་བཛྲ་ཡཀྵ་ཧཱུྃ་ཕཊཿ མཆན་ཁུང་སོགས་སུ་བྱུག་ནས་ཉི་མར་བསྲེག་པ་ཡང་ཡང་བྱས་པས་ཐོན་པར་ངེས་སོ་གཏེར་མའོ། །ཆང་གིས་མི་བཟི་བའི་སྔགས། རང་རྨ་བྱ་ཆེན་མོར་བསྒོམ་ལ། ཨོཾ་ནན་གྱི་སོདཿ བརྒྱ་རྩ་བརྒྱད་བཟླས་ན་ཆང་གིས་མི་བཟི། རྒྱུན་དུ་བཟླས་ན་ཆང་མི་འོང་བས་མང་པོ་མི་བཟླའོ། །ཆང་གིས་མི་བཟི་བའི་ལས་ནི། ཀ་ཀོ་ལ་ལ་སྔགས་འདི་བཟླས་ཏེ་མུར། ཨོཾ་ཨཱཿཧཱུྃ། དུ་ཐུར་ཡ་ནནཿ པ་ཀན་སྭཱ་ཧཱཿ མ་ནེ་ཌ་རི་ཕཊ་ཕཊ་སྭཱ་ཧཱཿ དེས་ཆང་གིས་ཉོར་ཞིང་བཟི་བར་མི་འགྱུར་རོ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་། ཏདྱ་ཐཱ་ཧུ་ཏི་ཧུ་ཏིཿ ཞེས་པའི་སྔགས་འདི་ཆུ་ཁྱོར་གང་ལ་ལན་བདུན་བཏབ་ནས་ཆང་མ་འཐུང་


MR11_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོང་དུ་འཐུང་ན་ཆང་ཇི་ལྟར་འཐུང་ཡང་མི་བཟིའོ། །ཨོཾ་རིར་རིར་ཨེ་ར་སྭཱ་ཧཱ། སྦྲང་གིས་བཟི་ན་སྔགས་འདི་གཡེར་མའི་ཆུ་ལ་བཏབ་སྟེ་འཐུངས་པས་སིལ་ལོ། །རི་ཨ་ཧཱུྃཿ ཡི་གེ་གསུམ་པོ་འདི་བཟླ་ཞིང་དམིགས་པ་སྨིན་མཚམས་སུ་ཐིག་ལེ་ནག་པོ་ལ་གཏད་པས་གཉིད་འགུགས་པ་སྟེ་ཁྲོས་མའི་ལས་ཚོགས་གཏེར་མའོ། །ཨོཾ་ཨ་ནུ་ཏ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱཿ ཞེས་མང་དུ་བཟླ་ཞིང་དམིགས་པ་དཔྲལ་བར་གཏད་པས་གཉིད་འགུགས་པའི་ཐབས་རྟ་མགྲིན་རྒྱུད་ལས་སོ། །ཡང་གདོན་སོགས་ཀྱིས་གཉིད་མ་བྱུང་ན་ཤིང་སྟག་པའི་སྐམ་པའི་ཁ་ལ་སྔགས་འདི་མང་དུ་བཏབ་ནས་ལྷམ་ནང་བཅུག་སྟེ་ཁ་བཅིངས་ལ་སྔགས་བཏབ་པས་གཉིད་ཁུག་པར་འགྱུར་རོ། །ར་ཛ་སེ་ཏ་སརྦ་ཏིག་ནནཿ ཞེས་སོ། །ཨོཾ་ཏྲི་དེ་ཐིབ་ཐིབ་སང་སང་སྭཱ་ཧཱཿ སྔགས་འདི་རྒྱུན་དུ་བཟླས་ན་གཉིད་ཆུང་བར་འགྱུར་རོ། །ཡང་གཉིད་སྲུང་འགུགས་ལ། རྟ་ཐོད་སྤྱི་གཙུག་རུས་པ་ཙོག་ཙོག་ཡོད། དང་མེ་ཏོག་ལུག་རུ་སེར་པོ་གསིལ་སྐམ་གཉིས་ཞིབ་བཏགས་རིལ་བུ་ལ། ཨོཾ་སེང་ཧ་ཌཱཀྐི་རྨུག་སང་ཡེ་སྭཱ་ཧཱཿ ཞེས་པའི་སྔགས་བཏབ། ཁ་ཤུ་མིས་བཤུས་སོགས་ཕྲ་མོ་རྣམས་རྙེད་འཛུད། རྫས་དེ་ཉིད་དུད་པ་སྣ་གཡོན་བཀབ་ནས་གཡས་སུ་བཏང་ན་གཏི་མུག་གཉིད་སེལ། གཡས་བཀབ་གཡོན་


MR11_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏང་ན་གཉིད་འཐིབ་ཅེས་ཆོས་རྒྱལ་གླིང་པའི་གཏེར་མ་མཁའ་འགྲོའི་ལས་ཚོགས་ལས་སོ། །ཟས་གྲིབ་གོས་གྲིབ་བྱུང་དོགས་ན་སྔགས་ནི། ཨོཾ་གྲཾ་པ་དེ་རྩོག་ནན་སོདཿ བརྒྱ་རྩ་རེ་བཟླས་ཏེ་སྣ་ནང་དུ་ཕུ་བྱའོ། །ཡང་ཟས་གྲིབ་ཞི་བར། རང་གི་མཁུར་བ་ཆུས་བཀྲུས་པའི་ཐིག་པར་བསྔགས། ཨོཾ་ཧ་རི་ནི་ས་རཾ་ཡཾ་ཁཾ་མི་གཙང་བ་སརྦ་ཤུདྡྷེ་རཀྵ་རཀྵཿ སྔགས་ཆུ་བཏུང་ཞིང་དཔྲལ་བར་བྱུག་ན་ཟས་གྲིབ་སེལ་ཞིང་གྲིབ་མི་འབྱུང་གཏེར་མའོ། །རོ་གྲིབ་སེལ་སྔགས། ཨོཾ་སོད་སོད་ཙུ་རུ་ཙུ་རུ་སོད་སོད་སྭཱ་ཧཱཿ ཞེས་སོ། །གོས་གྲིབ་སྔགས། ཨཱོཾ་མི་ཏུ་ཁ་ཐ་སོད་སྭཱ་ཧཱཿ ཟབ་བོ། །རྒྱས་པར་སྨེ་བརྩེགས་སྔགས་སོགས་གཞན་དུ་གསལ། ཧཾ་ལེ་ལ་ཕུ། ཁ་ན་བྷ་ལེ། མ་བུ་ཁད་སྭཱ་ཧཱཿ གང་ལ་སླར་བརྟགས་བཏབ་ནས་བྱུགས་པས་མིག་ཁ་བས་མི་འཕྱིད་དམ་པའི་ལུགས་སོ། །རི་ནི་ས་མ་ཨོཾ་ཨཿ ཡི་གེ་དྲུག་པོ་འདི་ཟས་ལ་བཏབ་སྟེ་ཟོས་ན་ལེགས་པར་འཇུ་བར་འགྱུར་ཞེས་ཁྲོས་མའི་ལས་ཚོགས་གཏེར་མའོ། །ཨོཾ་ཨཱཿཧཱུྃ་སརྦ་ཨ་མྲྀ་ཏ་སིད་དྷི་ཧཱུྃ་ཛཿ གང་བཟའ་བའི་ཟས་སྐོམ་ཐམས་ཅད་བདུད་རྩིར་བསམ་ལ་སྔགས་འདི་ལན་བདུན་ནམ་བརྒྱ་བཟླས་ཏེ་ཟོས་ན་བདུད་རྩིར་འགྱུར་ཞིང་ལུས་ཀྱི་སྟོབས་བཅུད་འཕེལ་


MR11_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་པའི་རྒྱུད་ཀྱི་སྔགས་སོ། །གཞན་ཡང་ཕྲན་བུའི་ནད་སྣ་ཚོགས་སྔགས་གཞན་དུ་གསལ། འདིར་དེ་ཙམ་མོ། །བྱིས་པའི་རིམས་སྲུང་བ་ལ། དྲོ་གོང་སྐར་མ་མ་ཡལ་དུས་རྒྱུག་ཆུ་མདའ་ལམ་སླེབས་པའི་ནང་ནས་ལག་རྗེན་གྱིས་མ་རེག་པའི་རྡེའུ་ཆུ་དང་བཅས་པ་བླང་། དེ་དུས་བུད་མེད་དང་ཕྲད་ན། དེ་ཕོ་ལ་ཡང་བླང་། བུད་མེད་མེད་པའི་ས་རུ་སྔགས་བརྒྱ་རེ་བཟླས།ཤ་རྗེན་གྱིས་མི་རེག་པར་དར་དམར་ཁུང་དུ་བཏུམ་སྟེ་བྱིས་པའི་མགུལ་དུ་བཏགས་པས་འགྲུབ་བོ། །སྔགས་ནི། ཨོཾ་ནིར་སེང་ཡེང་རྦད་སྭཱ་ཧཱཿ བྱིས་རིམས་སྲུང་བ་ཡིད་ཆེས་ཉམས་མྱོང་ཅན་ནོ། །ཡང་གཅིག་ཤོག་བུ་ཚོན་གང་ལ། སྔགས་འདི་དམར་ནག་གིས་གཟབ་དུ་བྲིས་ལ་བཞི་བལྟབ་བྱ། རྒྱ་སྐག་བཙོད་ཞུ་མཁན་གསུམ་བག་ཙམ་རེ་ནང་དུ་བཏུམ། སྐྱི་དམར་གྱིས་གཡོགས་ལ་དབུ་གྱེན་དུ་བསྟན་ནས་བཏགས། སྔགས་འདི་ལན་བདུན་དང་། རྟེན་སྙིང་བདུན་གྱིས་རབ་གནས་བྱའོ། །ཨོཾ་ཀུན་དྷ་ལི་བཾ་ལཾ་བྲུཾ་ཤལ་ཤལ་སྭཱ་ཧཱཿ ལག་ལེན་མང་དུ་བྱས་པ་ཡིན་ནོ།ཨི་ཐིཿ ཞེས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས་སོ། །བྱིས་པའི་གདོན་སྲུང་བར་སྲུང་སྐུད་དམར་པོ་ལ་སྔགས་མདུད་བཅས་གྲི་གུག་རྡོ་རྗེའི་ཕྲེང་བར་བསམས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་


MR11_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡཿ པུ་ཏྲ་ལ་རཀྵ་རཀྵ་སྭཱ་ཧཱཿ ཞེས་མང་དུ་བཟླས་ཏེ་བཏབ་ལ་བཏགས་པས་གདོན་སྲུང་ཞིང་སྲིའུ་དག་ཀྱང་འཚོ་བར་ངེས། བྱིས་པ་སྲུང་བ་ལ་འདི་ཁོ་ནས་ཆོག་གོ། གཏེར་མ་ཟབ་རྒྱ། བྱིས་པའི་སེར་ནད་ཀྱི་སྔགས། ཨོཾ་ནི་ཧཱུྃ་ཛཿ ཨོཾ་ཤན་ཧཱུྃ་ཛཿ བསྡུས་ཧཱུྃ་ཛཿ གནོད་བྱེད་ལྟེ་ཟིན་ཕོ་མོ་མཱ་ར་ཡ་ཛཿ ཚ་སེར་སྲོག་གི་སྙིང་པོ་རུ་ཏྲི་ཛཿགྲང་སེར་སྲོག་གི་སྙིང་པོ་པྲི་ཏི་ཛཿ སྤྱི་སྲི་སྲོག་གི་སྙིང་པོ་ཕུ་ནུར་ཛཿ འདི་ནི་བྲམ་ཟེའི་སྔགས་རྒོད་མེ་ལྕེ་སྤུ་གྲི་ཞེས་སླེབ་ཆོག་ཟབ་མོའོ། །སྔགས་འདིས་མར་བསྔགས་ལ་ཁོང་དུ་བཏང་ཕྱི་ནས་བྱུག་པ་བྱའོ། །ཡང་སེར་ནད་སྔགས་ལག་ལེན་ཅན་ལ། སྔགས་འདི་མར་ལ་བཏབ་བྱིན་ཕྱི་ནས་བྱུག ར་ཙ་རྦད། མི་ལ་ཤ་ཟན་སྲོག་ལ་རྦུདཿ སེར་ནད་སྙིང་ལ་གཟེར་རྨུགས་ཐུཾ་སོད་སྭཱ་ཧཱཿ ཟབ་བོ། །བྱིས་གདོན་བྱ་འདྲེའི་སྔགས། ཨཱོཾ་ཙེག་ཙེག་ཙུག་ཙུག་སྭཱ་ཧཱཿ སྔགས་འདི་སྟོང་བཟླས་གཡས་ནས་ཞུགས་ན་གཡོན་ནས་འདེབས་པ་སོགས་སྟོད་སྨད་སོགས་ལའང་དེས་འགྲེ། ཤིན་ཏུ་ཟབ་པ་གཏེར་མའོ། །བྱིས་པ་མཚན་ངུས་བྱེད་པ་སྲུང་བ་ནི། ཨཱོཾ་མ་ཏྲི་ནི་ཙུ་རུ་ཙུ་རུ་ཏྲོ་ཛོ་སྭཱ་ཧཱ། ཚག་སྤང་དབུ་ཅན་བྲིས་ལ་རང་སྔགས་རབ་གནས་བྱས་ཏེ་བཏགས་པས་


MR11_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ངེས་ཤིན་ཏུ་ཟབ་པ་གཏེར་མའོ། །ཡང་བྱིས་པ་ངུ་འདྲེ་སྲུང་ན། ཨཱོཾ་པེ་ཚེ་འདུ་འདུ་ཡེ་སྭཱ་ཧཱཿ སྔ་འདྲེ་རྙིང་པ་ནནཿ ད་འདྲེ་གསར་པ་ནནཿ རྒྱལ་བསེན་ཏྲེའུ་ནན་ཅིགཿ སྦྱར་ཤིང་དབྱར་པ། བ་རྩ་གཅིག་གི་ཤིང་བྱང་ལ་བྲིས། རྩ་རྩེ་མ་ལོག་པ་བྱ། རང་སྔགས་ཡེ་དྷར་རབ་གནས་བྱས་ལ། མགུལ་དུ་བཏགས་པས་ཐུབ་ངེས་ལག་བླང་མའོ། །ཞེས་སོ། །ཡང་བྱིས་པ་མཚན་ངུས་བྱེད་པར་སྲུང་སྐུད་དཀར་པོར་མདུད་པ་གསུམ་བྱས་ལ་སྔགས་བརྒྱ་རྩ་རེ་བཏབ། ཨོཾ་ཡ་མ་ར་ཙ་ཙིཏྟ་རྦད་ནནཿ བྱིས་པའི་ལག་པ་གཡོན་པར་བཏགས་ན་དེ་མ་ཐག་ཏུ་ངུ་འཕྲོ་འཆད་དོ། །གཞན་བྱིས་པའི་བཅོས་མང་པོ་པདྨ་གཅེས་ཕྲེང་སོགས་གཏེར་ཁ་རྣམས་སུ་ཤིན་ཏུ་རྒྱས་པར་ཡོད་པས་འདིར་དེ་ཙམ་མོ། །མོ་ནད་ལ་མར་གྱི་རིལ་བུ་མང་དུ་བྱས་པར། ལཾ་ལཾ་རཾ་རཾ། ཤག་ཤག་ཁེག་ཁེགཿ ཤག་ཛཿ ཁྱོ་ནག་པོ་ཙ་དུར་ཤགཿ ཅེས་བཟླས་ཏེ་བཏང་། ཅོང་ཞི་འདམ་བཏགས་དྲོད་སྨན་ཧྲིལ་འཇོང་བྲུན་ཆེ་བ་བཅས་པའི་སྐྱོ་ཚ་བཏང་། ཆུ་དྲོན་གྱིས་ལུས་བཀྲུ། བསྐུ་མཉེ་བྱ།སྔགས་བཟླས་ཚེ་དམིགས་པ། ནད་པའི་ལུས་ལུང་སྟོང་རི་མེད་པར་ལྕགས་ཀྱི་ཁྱུང་སྔོན་པོས། མགོ་ལུང་ཕུ་མཇུག་མ་འཕྱོགས། གཤོག་པས་གཡས་གཡོན་གྱི་ཕྱོགས་ཁྱབ།


MR11_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་མོ་ལྟེ་བར་བཅུག་སྟེ་ནད་ཐམས་ཅད་ཟ་བར་བསྒོམ། དེ་ནས་ནད་པ་གསེར་གྱི་རྡོ་རྗེ་ཁོང་སེང་ཅན། དེའི་ཕྱིར་ཟངས། དེའི་ཕྱིར་ལྕགས་ཀྱི་རྡོ་རྗེ་བསྒོམས་ནས་མཐར་ལུས་མི་དམིགས་པར་བསམ། ཕ་དམ་པའི་གདམས་པའོ་ཟབ། མོ་ནད་དང་ཕོ་གཅོང་ཅན་ལའང་། ཅོང་ཞི་འདམ་བཏགས་སམ་བརྡོས་ཕྱེ་ལ་ཚན་ཆུ་གྲང་། རླུང་ལ་རུས་ཁུ། ཚ་བ་ཅན་ལ་བ་མཛོའི་འོ་མ་དང་མར་ཅུང་ཟད་བཅས་ཕྱེ་སྦྱར་སྐྱོ་སྤོ་ཚ་ལ། ཨོཾ་ན་མ་ཟ་ར་ཟ་ར་ཧཱུྃ་ཕཊཿ ཉེར་གཅིག་བཟླས་ཏེ་ཟོས་པས་ཕན་ནོ། །དམ་པའི་གདམས་པའོ། །བུད་མེད་ཀྱི་ཚབ་ནད་ལ། སྲམ་གྱི་བྲུན་ཆུ་ལ་སྦྱང་བར།ཨོཾ་མ་ཏི་ཀཿ ཀློ་ཏི་ཀཿ ཏི་ཀ་ན་ཡེ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་ཏེ་བཏུང་བས་ཕན་ནོ། །བུད་མེད་ཕྲུ་གུ་སྐྱེ་མ་བཏུབ་པའམ། ཁོང་དུ་ཤི་བའམ། ཤ་མ་མཐོན་པ་ལ། རང་དབང་ཕྱུག་ཆེན་པོ་ལྕགས་ཀྱུ་དང་མེ་ལོང་འཛིན་པར་བསྒོམ་ལ། ཨོཾ་ཨཱཿཧཱུྃ། ཀ་ཀ་མས་མའི་ལམ་ཕྱེསཿ ཀུ་ཀུ་མས་འདི་མེད་འང་། ཏྲི་ཏྲི་མས་མའི་ལམ་ཕྱེསཿ ཉ་ཏྲི་མས་མའི་ལམ་ཕྱེསཿ ཤོ་ན་མས་མའི་ལམ་ཕྱེསཿ འབྱུང་བ་ཆེན་པོ་བཞིས་མའི་ལམ་ཕྱེསཿ གུར་ནི་གུར་ནི་ཟམ་ཟུར་ཟམ་ཟུར་སྭཱ་ཧཱཿ ཆང་ངམ། ལྒ་སྐྱའི་ཁུ་བའམ་མར་ཁུར་སྔགས་བཏབ་ལ་བཏང་། རྟེན་འབྲེལ་དུ་སྒོ་


MR11_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་དང་གཡག་ཤིང་ཐམས་ཅད་ཁ་ཕྱེས་ལ་བཞག དེས་མྱུར་དུ་འཐོན་པར་འགྱུར། བརྒྱ་རྩ་བརྒྱད་བཟླས་ན་ཐེ་ཚོམ་མེད། དེ་བས་མང་ན་བུ་སྣོད་ལུག་ཉེན་ཆེ་བས། ཚྭ་མར་ཕབ་གསུམ་མའི་ལྟེ་བར་བྱུག་གོ། ཤིན་ཏུ་ཟབ་པ་གཏེར་མའོ། །འདི་སྔགས་མང་ཉུང་འདྲ་མིན་ཡོད་ཀྱང་འདི་རང་ཆེས་ཟབ་བོ། །ཡང་བུ་སྐྱེ་མ་ཐུབ་པ་ལ་འགག་སེལ་བྱ་བ་ནི། མར་གྱི་ལྕོང་མོའི་གཟུགས་གཅིག་བཟོས་ལ་སྔགས་འདི་བཏབ། ཕྱི་ལམ་སང་། བུ་གྲོང་བཟློག་ལྷོག་འང་སྭཱ་ཧཱཿ ལྕང་མོ་དེ་མགོ་མར་བསྟན་ནས་གྱུར་མིད་བྱས་པས་མྱུར་དུ་བུ་ཚ་སྐྱེ་བར་བྱེད་པའི་གདམས་པ་ཁྱད་པར་ཅན་ནོ། །ཡང་བུ་སྐྱེ་རན་ཉེ་དུས་མཚན་མ་ཁ་དབྱེ་ཕྱིར། མར་དཀར་གྱི་ཤོ་མིག་དགུ་ལ། ཨོཾ་ཤ་ཤ་ལམ་ཕྱེ། ཤུ་ཤུ་ལམ་ཕྱེ། འབྱུང་བཞི་འདུས་པའི་སྒོ་ཕྱེ། ཞེས་བཟླས་ཁོང་དུ་བཏང་ནས་གོས་དྲོ་བར་བྱིབས་ལ་བསྡད། ཡང་ན་མར་གྱི་ཤོ་བཅོས་པར། ཨ་ཤི་མེ་ཤི་དུ་ཤི་སོདཿ སྟོང་བཏབ་སྟེ་གྱུར་མིད་བྱས་པས་མྱུར་དུ་བཙའ་བར་འགྱུར་རོ། །ཡང་ཤིན་ཏུ་ཆེས་ཟབ་པའི་གདམས་པ། མར་ལ་ཉ་གཟུགས་མིག་ལྡན་བཟོས་ལ། ཨོཾ་ཀ་ཀ་མའི་ལམ་ཕྱེ། ཀི་ཀི་མའི་ལམ་ཕྱེ། ཤོ་ན་མའི་ལམ་ཕྱེ། མ་མོ་འབྱུང་བ་བཞི་ལམ་ཕྱེ། ཁྲི་དང་སྟོང་བཟླས་བཏབ་པ་ཁྱུར་མིད་བྱ། དེ་རྗེས་རྨ་


MR11_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་མདོངས་སྒྲོ་དང་། དམ་པ་གྲེ་སོང་ལ་ཡི་སྤུ་ཉག་བརྒྱད་མེར་བསྲེགས་ཐལ་ཆུར་སྦྱངས་པ་སྔགས་བརྒྱ་རྩ་གཅིག་བཟླས་པ་བཏང་བས་མྱུར་དུ་སྐྱེ་བ་ངོ་མཚར་ཁྱད་འཕགས་ཅན་ནོ།གཞན་བྲེ་ཡི་ཙཀྲ་དང་། ཡན་ལག་ལ་ཡི་གེ་བཏགས་པ་སོགས་མཁྱུད་སྤྱད་དུ་མའང་ཡོད། བུ་སྣོད་ལུག་དོག་ཅན་ལ། ཕབ་ཕྱེ་མར་དང་སྦྱར་ལ་ལྟེ་བར་བྱུག བཙའ་དུས་བདེ་བའི་མལ་དུ་པུས་བཙུགས་སྒུར་མོར་འདུག་ལ། དང་པོར་དལ་བུས་བཙིར་བར་བྱ་སྟེ། ཧ་ཅང་དྲག་ཆེས་ན་བུ་སྣད་པས་རན་པར་བྱ། བཙའ་ཁར་དྲག་ཏུ་བཙིར་བས་མྱུར་དུ་སྐྱེ་བས་བསླབ་བྱ་དེ་ལྟར་བྱ། སྐྱེས་ནས་བུ་སྐད་བྱུང་འཕྲལ་མ་ཡི་གདོང་ལ་ཆུ་ལྕགས་དང་། རླུང་གཡབ་ཀྱིས་དབུགས་འབྱིན་ཞིང་དགའ་བ་བསྐྱེད། བུ་ལ་སྐན་མར་དང་ཧྲི་ཐེལ་སོགས་ཕན་པའི་མཁྱུད་དཔྱད་བྱའོ། །ཡང་བུ་སྐྱེ་མ་ཐུབ་པ་ལ་མྱུར་དུ་སྐྱེ་བའི་སྔགས་ནི། ཨོཾ་བྲིག་བྲིག་སྲིད་པ་འབྲིག ནུར་ནུར་སྲིད་པ་ནུར་འབྱུང་བ་རྩ་ཡི་སྒོ་ཕྱེས་ཤིགཿ སྔགས་བྱང་འདི་བྲིས་ཤོག་དྲིལ་སྐུད་ནག་གིས་བཅིངས་ལ་སྤྱི་བོར་བཏགས། བུ་མང་པོ་སྐྱེས་པའི་ཕ་མ་ལས་མར་བསླངས་པར་སྔགས་དེ་བཏབ་པའི་རིལ་བུ་ཁོང་དུ་བཏང་དེས་སྐད་ཅིག་དེ་ཉིད་དུ་སྐྱེ། སྐྱེས་མ་ཐག་ཏུ་སྲུང་བ་མ་བཀྲོལ་


MR11_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུ་སྣོད་ལུག་ཉེན་ཆེའོ། །ཟབ་བོ། །ཨོཾ་པུ་རུ་ཙ་སྭཱ་ཧཱཿ ཞེས་མར་ལ་བསྔགས་ནས་དུམ་གསུམ་བྱས་ཏེ་གཅིག་སྤྱི་བོར་བྱུག །གཅིག་ཁོང་དུ་བཏང་། གཅིག་རྒལ་ཚིགས་ལ་བྱུག་པས་བུ་མ་ཐོན་པ་ལ་ཐུག་ཆོག་གོ། ཡང་མི་ཕྱུགས་ཀྱི་ཕྲུ་གུ་ཁོང་ནས་ཤི་བ་མ་ཐོན་པ་ལ། གོང་མོའི་དང་རུས། ཡུངས་ཀར། སྐུད་པ་འབབ་ཆུ་ཐུར་དུ་བཅུས་པ་རྣམས་ལ་སྔགས་འདི་བརྒྱའམ་སྟོང་བཟླས་ཏེ་ཁོང་དུ་བཏང་བས་ཅིག་ཆར་དུ་འཐོན་པར་འགྱུར་རོ། །ཨོཾ་གུར་ནི་གུར་ནི་ཐམ་ཟུར་ཟོམ་ཟུར་སྭཱ་ཧཱཿ ཟབ་བོ། །དེར་མ་ཟད་སྔགས་འདི་གཟའ་མི་དབྱེ་བ་སོགས་འབྱེད་པ་ཐམས་ཅད་ལ་བསྔགས་པའོ། །ཡང་མི་ཕྱུགས་ཀྱི་ཕྲུ་གུ་མ་ཐོན་པ་ལ། གཡེར་མ་འབྲུ་བདུན་བརྡུང་རིང་སྔགས་འདི་བཟླ། ཨོཾ་ཕྱེ་ལེ་ཕྱེ་ལེ་མ་ཧཱ་ཕྱེ་ལེ་ཡེ་སྭཱ་ཧཱཿ ཞེས་བཟླས་གཡེར་ཕྱེར་བཏབ་སྟེ་མར་དག་བསྲེས་ནས་བཏང་བས་ཅིག་ཆར་འཐོན་ངེས་ཟབ་གཏེར་མའོ། །མི་ཕྱུགས་ཤ་མ་འཐོན་ན། སྲིད་པ་ཤིག་ཤིག འབྱུང་བ་ནུར་ནུར། ཞེས་བཟླས་སྔགས་ཆུ་བཏང་འཕྲལ་འཐོན་ནོ། །ཡང་མི་ཕྱུགས་ཤ་མ་འཐོགས་ན། སྤྱང་བྲུན་བྱ་བ་ལ་མ་ཆང་དང་སྦྱར་ལ། ཏྲ་ནི་ཏྲ་ནི་ཤག་ཕྱུགསཿ ཞེས་བསྔགས་ཁོང་དུ་བཏང་བས་ཐོན་གཏེར་མའོ། །ཡང་ཤ་མ་དབྱུང་བ་ལ། ཨོཾ་ཨ་


MR11_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཀས། ནི་ཀས། བྷི་ཀས། མ་ཧཱ་ཀས་ཕྱུངས། ཞེས་བྲིས་བུ་རོགས་ལ་བཏགས་པས་འབྱུང་ངོ་། །ཡང་ན་རྒྱ་རུ་བ་སྦྲུ་ཆང་རྣམས་ལ་སྔགས་དེ་སྟོང་བཟླས་ལ་བཏང་བས་འཐོན་པར་འགྱུར་རོ། །ཡང་ན་མཚལ་གྱི་སྔགས་དེ་བརྩེགས་མར་མཐུར་དུ་མདུང་ཚུགས་སུ་བྲིས་ལ་རང་སྔགས་དང་རྟེན་སྙིང་གིས་རབ་གནས་བྱས་ནས། བསྒྲུབ་བྱའི་དཔྲལ་བར་ཕྱར་བ་ཙམ་གྱིས་བུ་དང་བུ་རོགས་འཐོགས་པའི་ནད་ལས་གྲོལ་ལོ། །ཡང་བུ་རོ་འབྱིན་པ། ཆང་ངམ་མར་ཁུ་ལ་སྔགས། ཨཱོཾ་ཨཱཿཧཱུྃ་ཡཾ་ཤིང་ཙནྡྷ་ཕུག་སྭཱ་ཧཱཿ འདི་སྟོང་བཟླས་ཏེ་བྱིན་པས་འཐོན་ནོ། །འཛེ་ཚྭ་ལ་སྔགས་འདི། ཨོཾ་ཨཱཿཧཱུྃ་ཏྲི་ཏི་ཕུ་ཏྲ་ཙ་ན་ཨ་པ་སྭཱ་ཧཱཿ བཟླས་ཏེ་ཁོང་དུ་བཏང་། བུ་ནད་ལང་པ་ལ་སྔགས། ཨོཾ་ཨཱཿཧཱུྃ་སཾ་པྲ་མ་སཾ་པྲ་མ་བྱ་སུ་ཤི་བྱི་སུ་ཤིཿ བྱི་ཤི་བྱི་ཤི་སྭཱ་ཧཱཿ འདི་ཉིད་མོ་རང་ལ་ཅི་ནུས་བཟླས་སུ་གཞུགས་པས་སོས་ཞེས་སྔགས་ཚན་གསུམ་འདི་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་བུ་ཤི་བའི་རོ་མ་ཐོན་ན། རི་དྭགས་རིལ་མ་གང་རྙེད་ཆང་དང་སྦྱར་ལ། ཨོཾ་ཨ་མ་ཤད་ཤདཿ ཧེད་ཧེད་ཕྱུངས་ཕྱུངས་ཤིག་ཤིག་སྭཱ་ཧཱཿ མང་དུ་བཟླས་ཏེ་བཏང་པས་བུ་རོ་འཐོན་པར་འགྱུར་རོ། །ཡང་བུ་རོ་དང་ཤམ་མ་ཐོན་ན། མར་གྱི་ལྕོང་མོ་ལ། ཨོཾ་ནར་ནར་ནུར་ནུར་ཁྲིག་ཁྲིག་བརྒྱ་ཚོགས་ཤིག་


MR11_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རཾ་སྭཱ་ཧཱཿ ལྕོང་མོ་དེ་ཁོང་དུ་བཏང་བས་འཐོན་ངེས་སོ་ཟབ། ཞར་བྱུང་དུ་ནལ་བུ་སོགས་སྔགས་ཀྱིས་དབྱུང་ན། ཨོཾ་ཤིག་ཤིག་སྲིད་པ་ཤིགཿ ཧྲོལ་ཧྲོལ་སྲིད་པ་ཧྲོལཿ ནུར་ནུར་སྲིད་པ་ནུརཿ སྲིད་པ་ཤིག་སྲིད་པ་ཧྲོལ་སྲིད་པ་ནུརཿ བུལ་དོག་གི་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་མངལ་ལྡན་མས་འཐུང་ན་མངལ་ཆགས་པ་ངེས་པར་བཤིག་གོ། སྔགས་འདི་རྒྱུན་དུ་བཟླས་ན་ཡན་ལག་འཆད་པས་ཇི་སྲིད་དགོས་པ་འགྲུབ་པ་ཙམ་ཉུང་ངུར་བཟླ་བ་ལས་མང་མི་རུང་ངོ་། །ཟབ་བོ་གཏེར་མའོ། །ལས་འདི་འདྲ་སྡིག་ཆེ་བས་མི་བྱ་མི་སྤེལ་བར་བྱའོ། །སྔགས་ཀྱིས་མངལ་དུ་སྲིད་ཆགས་པ་སྲུང་ན། རང་ལུས་དྲིལ་བུར་བསྒོམ་ལ། ཨོཾ་ཏྲི་ཏྲི་ལམ་ཕྱེཿ འབྱུང་བ་ལམ་ཕྱེཿ གྲུ་མོ་ལམ་ཕྱེཿ ཟང་ཟང་ལམ་ཕྱེཿ ཐལ་ཐལ་ལམ་ཕྱེཿ དྲི་ཟ་མོ་ཡི་མངལ་སྒོར་འཇུག་པ་སྲུངས། ཞེས་པ་མང་བཟླས་བུད་མེད་བྷ་གར་མཆིལ་མ་ཡང་ཡང་བྱུག་པས་མངལ་དུ་བུ་མི་ཆགས་སོ། །ཞེས་གཏེར་མའོ། །སྦྱོར་བ་བྱེད་དུས་སྔགས་འདི་བརྒྱ་རྩ་བརྒྱད་བགྲང་ན་མངལ་དུ་བུ་མི་ཆགས། ཨོཾ་ཡི་ཏ་ཨ་ཡེ་ཧཱུྃ་ཕཊཿ ཅེས་སོ་ཟབ། བུད་མེད་ཀྱི་ནུ་མ་སྐྲངས་པ་ལ། ཨོཾ་སུཾ་པ་མས་ང་ཏརྠ འང་འཛིད་ར་ན་སྭཱ་ཧཱཿ མར་རྙིང་ལ་བ སྔགས་ནས་བྱུག་པས་ནུ་མ་སྐྲངས་པ་དང་རྣག་འཁྱིམ་པ་སོགས་ནུ་མའི་ནད་ཐམས་ཅད་སོས་པར་འགྱུར་


MR11_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཡང་བུད་མེད་ནུ་མ་སྐྲང་ན་རྩེ་ནས་སུམ་གཉིས་ཙམ་མར་གཞལ་སར་སོལ་བས་གཡུང་དྲུང་གཅིག་བྲིས། རང་ཐུགས་རྗེ་ཆེན་པོར་བསྒོམ། ཨོཾ་ཤད་ཤད་ས་སོད་བྷྲཱུཾ་བྷྲཱུཾ་བཟློགཿ སྔགས་འདི་ཐུན་རེར་སུམ་བརྒྱ་བཟླས། ཉ་གཉིས་གཡས་མགོ་གྱེན་བསྟན་གཡོན་ཐུར་བསྟན་བྲིས་ལ་རྐན་སྒྲ་དྲག་པོས་འཇིབ། ཨོཾ་དྷ་ཡ་ཛ་ལ་མཱ་ར་ཧྲི་ཧྲིཿ ཞེས་བགྲངས་སྟེ་བཏབ་པས་ནུ་སྐྲངས་སེལ་བའི་མཆོག་གོ་ཞེས་གཏེར་མའོ། །བུ་མེད་ལ་བུ་སྐྱེས་ནས་མངལ་ཁྲག་མ་ཆོད་ན། ཐ་ན་ཏི་ཏི་རི་སྭཱ་ཧཱཿ སྔགས་འདི་མང་བཟླས་ལུག་གི་ཀླད་པར་བཏབ་པ་ལྟོ་སྟོང་ལ་བཏང་བས་ཆོད་དོ། །བུད་མེད་ཀྱི་ཟླ་མཚན་འཛག་པ་གཅོད་པ་ནི། མི་རིགས་མི་གཅིག་པ་རྒྱ་བོད་བོན་གསུམ་གྱི་རྡོག་སྐྲད་བསྲེགས་ཐལ་ཆང་དང་སྦྱར་ལ། ཧ་རི་ནི་ས་བཟླས་བཏབ། ཁོང་དུ་བཏང་ན་ཟླ་མཚན་བསྐམ་པར་འགྱུར་རོ་ཞེས་མཁའ་འགྲོའི་ལས་ཚོགས་གཏེར་མ་ལས་སོ། །ཡང་ལུག་ཀླད་དམ་ཟླ་མཚན་སྦྱར་བར་སྔགས་འདི་བརྒྱ་བཏབ། ཨོཾ་ཨཱཿཧཱུྃ་གྷན་རཾ་ཏུ་སིདྡྷི་སྭཱ་ཧཱཿ ལྟོ་སྟོང་བཏང་བས་ཟླ་མཚན་འཆད་ཅེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་བུད་མེད་ཀྱི་ཟླ་མཚན་དུས་མིན་འཛག་པ་གཅོད་ན། ཨོཾ་ཨཱཿཧཱུྃ་བྷིན་ཏུ་{སྔགས་འདི་བསྡུར་དགོས་མིའང་།}སི་ར་སྭཱ་ཧཱཿ


MR11_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་གི་རླིག་འབྲས་ལ་སྔགས་ཇི་འགྲུབ་བཏབ་སྟེ་ལྟོ་སྟོང་བཏང་བས་ཆོད་དོ་ཞེས་རྒྱུད་དང་གཏེར་མ་ལས་སོ། །ཡང་གཅིག མེ་རུཾ་རུཾ་སི་ཏི་སྭཱ་ཧཱཿ ལུག་ཀླད་ལ་བཏབ་ཟོས་ཟླ་མཚན་འཛག་པ་གཅོད་དོ། །ལྷ་མོ་དྲི་མེད་འོད་ཀྱིས་ཞུས་པའི་མདོ་ལས། སངས་རྒྱས་རྡོ་རྗེ་རྒྱལ་མཚན་གྱིས་གསུངས་པའི་གཟུངས། ཏདྱ་ཐཱ། བད་ཀུ་དྲི་བ་ཛ་ལ་ཕུ་སྭཱ་ཧཱ། གང་གི་སྣ་ནས་ཁྲག་བྱུང་བ་དང་།ལུས་ལ་རྨ་བྱུང་བ་དང་། ཡང་ན་གཞི་གཞན་ལས་བྱུང་སྟེ། བུད་མེད་རྣམས་ཀྱི་ལུས་ལས་ཁྲག་ཟག་ཅིང་བྱུང་བ་ལ། སྐུད་པ་དམར་པོ་ལ་བསྔགས་ཏེ་སྤྱི་བོར་གདག་པར་བྱ། རྨ་ལ་ནི་བྱུག་པར་བྱའོ། །ཅི་སྟེ་རིམས་སམ་འབྱུང་པོས་བཏང་བའི་ནད་དམ་སྐྲངས་པར་གྱུར་ན་སྐུད་པ་ལ་བསྔགས་ནས་མདུད་པ་བཅུ་བྱས་ཏེ་མགུལ་དུ་བཏགས། གང་ན་འཁྲུ་བའམ་མཁྲིས་པ་ལས་གྱུར་པའི་འཁྲུ་བ་ཡོད་པ་དེ་ནི་སྐུད་པ་སེར་པོ་ལ་མདུད་པ་བཅུ་བྱས་ཏེ་སྐེད་པར་གདགས་སོ་ཞེས་མི་ཡུལ་ལུང་བསྟན་པ་ལས་གསུངས་སོ། །གདོན་གྱི་ནད་སྤྱི་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ་སརྦ་གྲ་ཧེ་བྷྱཿ ཤཱནྟིངྐུ་རུ་སྭཱ་ཧཱཿ ཞེས་བཟླས་པའི་སྔགས་ཆུ་དང་བདུག་པ་སོགས་ཀྱིས་གདོན་གྱི་རིགས་ཐམས་ཅད་སེལ་ལོ། །མདངས་ཕྱིར་མི་འཕྲོག་པའི་གཟུངས་ནི། བཻཌཱུར་ཡའི་འོད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མ་མ་


MR11_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ས་ག་རེ་མ་ཧཱ་ས་ག་རེ་པུ་རུ་ཙེ་པུ་རུ་ཙུ་རེ་ས་མ་ནེ་མེ་དེ་བ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། གླ་རྩི་དང་ཤུ་དག་དང་། བྷི་སུ་ནག་པོ་ལ་འདེ་གུ་བྱས་ཏེ། ལྐོག་མར་ཐིག་ལེ་བྱས་ནས། སྔགས་ལན་བདུན་བཟླས་ན་འབྱུང་པོ་རྣམས་ཀྱིས་དེའི་མདངས་འཕྲོག་པ་ལྟ་ཅི། བལྟ་བར་ཡང་མི་ནུས་སོ། །ཞེས་བཀའ་ལས་སོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་ཞི་བའི་གཟུངས་ནི། ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཨ་པྲ་ཏི་ཧ་ཏ་བ་ལ་ཧཱུྃ་ཕཊཿ སརྦ་བིགྷྣཱཾ་ཨནྟ་རཱ་ཡ་བི་ནཱ་ཤ་ཀ་ར་མཱ་ར་ཡ་ཧཱུྃ་ཕཊཿ གཟུངས་སྔགས་འདི་འཛིན་འཆང་བཟླས་བརྗོད་བྱེད་པ་དེ་ལ། དུག་བླུད་པ་དང་གྲི་མཚོན་གྱིས་འཆི་བ་དང་། མུ་གེས་ལྟོགས་ཏེ་འཆི་བ། དེ་བཞིན་གཡུལ་དུ་མཚོན་བརྒྱབ་པ། གཅན་གཟན་མ་རུངས་པས་ཟ་བ། མེས་ཚིག་པ་ཆུས་ཁྱེར་བ། འགོ་བའི་རིམས་ཡ་ང་བ་དང་། མཛེའི་ནད་སོགས་གསོར་མི་རུང་བའི་ནད་ཡ་ང་བ་དང་། གཡང་ལ་ལྷུང་བ། གཞན་གྱི་བྱད་དང་། ཟས་ཀྱིས་བརྣངས་པ། རང་གི་རང་གསོད་པ་སྟེ་དེ་ལྟར་གཤིས་ངན་འཆི་བ་བཅུ་གསུམ་གྱིས་འཆི་རྐྱེན་བྱེད་པ་མི་འབྱུང་ཞིང་། ས་དང་ནམ་མཁའ་ལ་གནས་པའི་བགེགས་དྲེགས་པ་ཅན་མ་རུངས་པ་རྣམས་ཀྱིས་གླགས་མི་རྙེད་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་


MR11_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སྔགས་འདི་བརྒྱ་རྩ་བརྒྱད་བརྗོད་ན་འགྲུབ་ཅིང་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །བདུད་ཐམས་ཅད་སྐྲག་པར་བྱེད་པའི་གཟུངས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟི་ཛྭ་ལ་ཛ་ལ་དྷརྨ་དྷཱ་ཏུ་གརྦྷེ། མ་ཎི་མ་ཎི་མ་ཧཱ་མ་ཎི་ཧ྄ྀ་ད་ཡ་མ་ཎི་སྭཱ་ཧཱ། སྔགས་འདི་བརྗོད་པས་དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་སྲུང་ངོ་། །ནག་པོའི་ཕྱོགས་ཀྱི་བདུད་ཐམས་ཅད་བསྔངས་ཤིང་བརྒྱལ་ལོ། །དྲེགས་པ་མ་རུངས་པ་རྣམས་སྐྲག་པ་དང་བརྒྱལ་ལོ། །ཞེས་གསུངས་སོ། །སྨྱོ་བརྗེད་གཉིས་འཛུད། གཟའ་གྲིབ་ཀྱི་སྔགས་ནི། ཨོཾ་ཀེ་ཏ་ཀེ་ཏ་ཨ་པ་ར་ཙཀྲ་ཧྲིཿ ཥྚཱི་རཱ་ཧུ་ལ་ཨ་པ་ན་ཡེ་སྭཱ་ཧཱཿ ཞེས་བཟླས་པས་གྲོལ་ཏེ་ཟབ། ཡང་ཨོཾ་སྟུཾ་བྷི་ལི་སྟུཾ་བྷི་ལི་བྷི་སྟ་བྷི་སྟུཾ་གཏུམ་པོ་ལི་བྱས་པའང་འདུག །སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱཿ སྔགས་འདིས་གཟའ་ཡི་གྲིབ་སེལ། རང་ལ་བཟླས་པས་ཆོག་གཞན་ལ་སྔགས་ཆུ་དང་ཕུས་བཏབ་པས་ཐུབ་བོ། །སྔགས་འདི་བློ་ལ་ཡོད་པས་གཟའ་གྲིབ་སྲུང་། གཞན་ལ་གསེར་གྱིས་བྲིས་ནས་བཏགས་ཀྱང་སྲུང་ངོ་། །ལག་བླང་མའོ། །ཡང་གཅིག །ཨོཾ་གཏུམ་པོ་ལི་གཏུམ་པོ་ལིཿ བྷིག་ཐུཾ་བྷིག་ཐུཾཿ མེ་ཤིག་སོདཿ གཟའ་སྔགས་དཔའ་བོ་བཅུ་བཞི་པ་བློ་ལ་ཡོད་པས་ཆོག་པ་ཤིན་ཏུ་ཟབ་མོ་འདི་བཟླས་པས་གཟའ་ནད་ཐམས་ཅད་ཞི་ངེས་པ་


MR11_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཞོ་གང་གི་བཀའ་བརྒྱ་ཅན་ནོ། །ཨི་ཐི། ཨོཾ་ཕྲེང་དུ་དེ་ཤ་ན་ཡ་སྭཱ་ཧཱཿ འདི་ཁོ་ན་བཟླས་ནས་སྔགས་མང་དུ་སོང་བཞིན་འཕྲལ་དུ་གཟའ་གྲིབ་སེལ་བའི་ཕན་པ་འབྱུང་ཞེས་ལས་རབ་རྩལ་གྱི་གཏེར་མའོ། །གཟའ་གྲིབ་སྲུང་ཐབས་ལ། རང་སྲུང་སྔགས་འདོན་པས་ཆོག གཞན་སྲུང་ན་གཟི་མིག་དགུའམ། མ་རྙེད་ན་དར་མཚོན་སྣ་ལྔ་ལ་བཏབ་སྟེ་འཆང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རིན་ཆེན་རྒྱན་གྱིས་བརྒྱན་པ་དྲི་མ་མེད་པ་ཟླ་བའི་སྒྲོན་མེ་ལ་ཕྱག་འཚལ་ལོ། །ཨོཾ་ཏྲིའུ་ཏྲིའུ་ཏྲི་མ་ཆིལ་ཆིངས་སྭཱ་ཧཱཿ སྔགས་འདི་རབ་མཚམས་བསྡམ། དེ་མ་བྱུང་ཡང་གོང་བསྙེན་ངག་བཅད་བྱེད་པ་གལ་ཆེ། རང་སྲུང་བར་ནང་སྔ་ཁྱི་སྐད་མ་ཐོས་གོང་བདུན་སོགས་བཟླ། གཟའ་ནད་བྱུང་བའང་གསོ། འདི་ཐོག་སྲུང་ཟབ་མོའང་ཡིན། སྟེང་གདོན་གྱི་གནོད་པ་ཀུན་ཐུབ་ཟབ་ངེས་པའོ། །གཟའ་ཡི་དུག་དབྱུང་བའི་སྔགས་ཟབ་མོ། །ཨོཾ་བཛྲ་ཀུན་ན་ར་ཡ་གནྡྷེ་ས་མ་ཡ་ཧཱུྃ་ཛཿ སརྦ་དུག་ནན་དུག་ཕྱུངས་སྭཱ་ཧཱཿརང་ལ་བཟླས་པས་ཆོག་གཞན་ལ་སྔགས་ཆུ་བླུད་པས་ཆོག །བ་སྤུའི་བུ་ག་དང་དབང་པོའི་སྒོ་ནས་དུག་དུ་བ་ལྟར་ཕྱིར་སོང་བའི་དམིགས་པ་བྱ། གཟའ་བཅོས་སྔགས་རྒྱས་པ་གཞན་ན་གསལ་ཀྱང་


MR11_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་ན་འདི་དག་ལས་གཞན་མི་དགོས་སོ། །རྒྱལ་པོ་སྲུང་ན་རཾ་བུ་མུ་ཟི་གུ་གུལ་ནག་པོ་གསུམ་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ལ་བཏབ། རཱ་ཛ་ཁབ་ཤིཿ ཞེས་སོ། །རྫས་དེ་ཁོང་དུ་བཏང་ཞིང་ལུས་ལ་བཏགས་ན་ཐེ་ཚོམ་མེད་དོ། །བསེན་མོ་སྲུང་ན་རེ་ལྕགས་འཕང་དྲེག་བསེན་མོ་གནས་པའི་ཕྱོགས་ཀྱི་རྡོ་ནག་གསུམ་ལུས་ལ་བཏགས། ཡི་དམ་སྔགས་ཤམ་དུ། བསེན་མོ་ཏྲིག་ནན་ཧུར་ཐུཾ་མཱ་ར་ཡ་ཕཊཿ ཅེས་བཏགས་པ་བཟླས་པས་སྔགས་ལ་འཆང་བས་ཐུབ། ཡང་རྒྱལ་པོའི་གནོད་པ་ལ་སྣེའུ་སྐྱེར་པ་གུ་གུལ་གསུམ་ལ་སྔགས་འདི་བཟླས་ནས་གཏོར་བས་ཐུབ། སུམ་པ་ཧ་ར་ཙ་པ་ཤ་ཞིལ་ཞིལ་ཤན་ཏི་སྭཱ་ཧཱཿ མ་ཧཱ་རཱ་ཛ་ཤཱནྟིཾ་སྭཱ་ཧཱཿ ཤིན་ཏུ་ཟབ་པ་གཤིན་རྗེ་གཤེད་ཟླ་གསང་གི་རྒྱུད་ལས་གསུངས་པའོ། །ཡང་རྒྱལ་པོས་གནོད་ན་ཡི་དམ་སྔགས་ཤམ་དུ། ཨོཾ་རཱ་ཛ་སྟྭམྦྷ་ཡ་ཆིངས་ཆིངས་སྭཱ་ཧཱཿ ཞེས་པའི་སྔགས་འདི་བཏགས་ཏེ་བཟླས་པས་ཐུབ་བོ་རྒྱུད་དང་གཏེར་མའི་སྔགས་སོ། །ཡང་ཆོས་འཁོར་རྙིང་པའི་ས་དང་། དགེ་སློང་དང་སྔགས་པའི་དྲི་ཆེན་དྲི་ཆུ་ལ་རིལ་བུ་རི་བོང་རིལ་མ་ཙམ་བྱས་པ་དང་། མི་ཤ་དང་སྤྲེའུ་ཤ་རྣམས་ཐུམ་པོ་བྱས་པ་ལ། ཡི་དམ་སྔགས་ཤམ་དུ། ར་ཙ་ཏྲི་ལིང་ཧུར་ཐུཾ་མྱགས་ཙིཏྟ་ས་མ་ཡ་མྱོགས་མྱོགསཿ ར་ཙ་ལི་རི་ལི་ལི་མཱ་ར་ཡ་


MR11_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྦདཿ སྟོང་ཕྲག་གཅིག་བཟླས་པས་རྫས་ལ་ངར་བླུད་དེ་སུས་འཆང་བ་དེ་ལ། རྒྱལ་པོ་ཐམས་ཅད་ཉེ་མི་ནུས་ཏེ་སྲུང་ངེས་སོ། །རྫས་མེད་ཀྱང་སྔགས་འདི་བཟླས་པས་རྒྱལ་པོའི་སྲོག་རྩ་འཇོམས་པར་བྱེད་དོ། །ཡང་སྙིགས་དུས་ལོག་སྤྱོད་ལ་བརྟེན་རྒྱལ་འགོང་གིས་འཚེ་བ་ལ་རྒྱལ་པོ་རང་གཤེད་གནད་བོར་ནི། སྐྱབས་སེམས་རྗེས་རང་ཡི་དམ་བསྐྱེད་ལ་སྨྲ་བ་བཅད་དེ་རྒྱལ་པོའི་སྲོག་སྙིང་འདི་བཟླ། ཨོཾ་རཱ་ཛ་ཙིཏྟ་སརྦ་ས་མ་ཡ་གནོད་མ་བྱེད་ན་ར་ཀནཿ དེས་རྒྱལ་པོའི་གནོད་པ་ཐམས་ཅད་རང་ཞིར་འགྱུར་ཏེ་རང་ཤ་མི་ཟ་བ་ལྟར་མནའ་ཁྲིམས་དང་འགལ་བར་མི་བྱེད་དོ། །བརྒྱ་རྩ་བརྒྱད་བཟླས་པའི་སྔགས་ཆུ་ཁོང་དུ་བཏང་བས་རྒྱལ་ནད་སོས་པར་འགྱུར་རོ། །དེས་ཀྱང་མ་ཕན་ཚབས་ཆེ་ན། རང་ཉིད་གནམ་ལྕགས་སྡིག་རྒོད་རྔམ་བྱེད་ཀྱིས། གདོན་བགེགས་ཧབ་ཧབ་ཙིག་ཙིག་ཟོས་པར་བསམ། བརྟུལ་ཞུགས་ངར་བཅས་སྔགས་འདི་དྲག་ཏུ་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃཿ ཨོཾ་ཏྲི་རཱ་ཛ་མཱ་ར་ཡ་རྦདཿ ཏྲི་ཆིངསཿ ཏྲི་ནནཿ ཏྲི་ཙིཏྟ་མཱ་ར་ཡ་རྦདཿ ཇི་ལྟར་དཀའ་ཡང་ཐེ་ཚོམ་མེད་པར་ཐུབ། གདོན་ཞུགས་གལ་ཆེ་བ་ལ་བལ་མཚོན་སྣ་ལྔའི་སྐུད་པས་སྲིན་ལག་བསྡམ། གདོན་གྱི་བླ་སྲོག་བཅིངས་གཟིར་གྱི་སྔགས་རྒོད་བཟླས་པས། འདིར་ཡོང་


MR11_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ངན་འཆོར་ཞིང་བཀའ་བགོ་དམ་ལ་གཞག །རྗེས་སུ་ཞི་བའི་སྦྱིན་སྲེག་བྱ་ཞིང་སྲུང་འཁོར་བཏགས། མི་དམིགས་རྒྱས་བཏབ་སྙིང་རྗེ་བསྒོམས་པས་ལས་མཐའ་འཇམ་ལ་བཀྲ་ཤིས་ཞེས་དཔའ་བོ་ལས་རབ་རྩལ་གྱི་གཏེར་མ་ཤིན་ཏུ་ཟབ་རྒྱ་ཅན་ནོ། །འགོང་པོས་གནོད་པ་ལ་ཡི་དམ་སྔགས་ཤམ་དུ། འགོང་པོ་ཧབ་ཤ་ཏྲིག་ནནཿ ཐ་ཏྲི་མྱགས་ཐུཾ་རིལ་རྦདཿ ཞེས་བཏགས་ནས་བཟླས་པས་འཇོམས་པར་འགྱུར་རོ། །ཐེའུ་རང་གནོད་ན་སྔགས་ཤམ་དུ། ཏྲི་ཧཱུྃ་སུ་ཏྲི་དུམ་བུ་ཐེའུ་རང་མཱ་ར་ཡ་ཛ་ཛཿ ཅེས་བཏགས་པ་བཟླས་པས་འཇོམས་ཏེ་སྔགས་འདི་དག་གིས་བསྔགས་པའི་སྲུང་སྐུད་སོགས་ཀྱིས་ཀྱང་གདོན་དེ་དག་ཐུབ་པར་འགྱུར་རོ། །མཛེ་ནད་སྔགས་ཀྱིས་གསོ་བ་ལ། རང་རྡོ་རྗེ་ཕག་མོར་བསྒོམ་ལ་ཕག་སྐད་ངུར་ཞིང་བརྟུལ་ཞུགས་བྱ། གུ་གུལ་གླ་རྩི་ཤུ་དག་ནག་པོ་ཤིང་ཀུན་བདུད་རྩི་དྲི་ཆེན་མར་ནག་སྦྱར་ལ་སྔགས་འདི། ཨོཾ་ཨཱཿཧཱུྃ་ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡཿ ནཱ་ག་མཱ་ར་ཡ་ཁུགཿ ནཱ་ག་མཱ་ར་ཡ་རྦད་སོདཿ བཟླས་ཏེ་བཏབ་ལ་འཐུང་བ་དང་བྱུག་པ་བྱ། མཛེ་ཕོ་རྐང་ལག་ཆད་པའང་འཚོ། འདི་ཀླུ་ནད་ཐམས་ཅད་ལ་ཕན་པའི་གཉེན་པོ་ཁྲོས་མའི་ལས་མཐའ་གཏེར་མའོ། །ཡང་མཛེ་ནད་གསོ་སྲུང་རྫས་སྦྱོར་ཟབ་མོ་དང་སྔགས་ལས་ཐམས་ཅད་པའི་རྒྱུད་ལས་གསུངས་པ་དེར་


MR11_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱའོ། །ཡང་མཛེ་ནད་སྲུང་བ་དང་ཞི་བའི་སྔགས། ཨོཾ་ཕེ་ལཾ་ཧཱུྃཿ ནཱ་ག་ཧུར་ཧུར་རཾ་རཾ་ཐུཾ་ཐུཾ་མཱ་ར་ཡ་རྦདཿ ཤིན་ཏུ་ཟབ་སྟེ་ཀླུ་ནད་མཐའ་དག་འཇོམས། དུས་མཐར་ཤི་འདྲེ་གསོན་འདྲེས་གནོད་པ་མང་བས། དེ་འདུལ་བའི་སྔགས། ཡི་དམ་སྔགས་ཤམ་དུ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ཡ་མ་དུ་ཏྲི་པྲ་ཏི་ནི་ཚིནྡྷ་ཐུཾ་རིལ་རྦདཿ ཤི་འདྲེ་གསོན་འདྲེ་ཐམས་ཅད་ཀྱི་སྙིང་ལ་མཱ་ར་ཡ་ཕཊཿ ཅེས་པ་བཟླས་པས་འཇོམས་ཤིང་སྲུང་སྐུད་ལ་སྔགས་བཏབ་པ་སོགས་ཀྱིས་སྲུང་བར་འགྱུར་རོ་ཟབ། མཚན་མོར་འདྲེས་གནོད་བྱུང་བ་ལ། ས་ར་ས་ར་བི་ས་ར་ཕཊཿཞེས་བཟླས་པ་དང་བྲིས་ནས་བཏགས་པས་ཀྱང་ཕན་ནོ། །མཚན་འགྲོས་སོགས་བྱེད་པའི་དུས་སུ་ལམ་དུ་འདྲེ་དང་མི་འཕྲད་པའི་ཆེད་དུ། ཨོཾ་ཨཱཿཧཱུྃཿ ཅི་འགྲུབ་བཟླས་པའི་མཆིལ་མ་གློ་གཡས་གཡོན་དུ་བྱུག་པས་ངེས་པར་ཐུབ། ཡང་ན་རང་གི་དྲི་ཆུ་རྐྱང་པའམ། དྲི་ཆེན་ཅུང་ཟད་བཅས་པ་ལག་མཐིལ་དུ་སྲིན་ལག་གིས་གནུར་ཏེ་འབྲུ་གསུམ་གོང་བཞིན་བཟླས་པས་སྲིན་ལག་གི་རྩ་བ་དང་། དཔྲལ་བར་བྱུག་པས་འདྲེ་གདོན་ཐམས་ཅད་བསྲུང་ངེས། སྣ་སྒོར་དང་བཅུ་དྲུག་མདོར་ཡང་བྱུག་པས་རིམས་སོགས་ཐུབ་པ་ཤིན་ཏུ་ཟབ་པའི་གདམས་པའོ། །སྨྱོན་པ་དང་


MR11_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དྲག་པོ་འདུལ་བའི་སྔགས། ཨོཾ་ཏྲི་ཤ་བཛྲ་ཧཱུྃ་ཕཊཿ ས་མ་ཡ་བ་དུང་སྭཱ་ཧཱཿ གླང་གི་རྭ་རྟའི་རྨིག་པ། ཉ་སྦེ་བའི་མགོ མི་ཤི་བའི་སྐྲ། ར་ཡི་རྭ། སྤྱང་ཀའི་བྲུན་རྣམས་སྔགས་ཏེ་སྣ་བུག་ཏུ་བདུག་པས་ཐུབ་བོ། །འགྲུལ་སྣ་སྲུང་བ་ནི། མདའ་རྒོད་སྒྲོ་ཅན་གཅིག་ལ། མེ་ལོང་བཏགས་པའི་ངོས་ལ། རྒྱ་སྐག་གམ་མཚལ་གྱིས་དཔེའུ་རིས་འདི་བཞིན་བྲིས། རང་སྔགས་གང་མང་བཟླས་ཏེ་བཏབ་ཡེ་དྷརྨས་རབ་གནས་བྱས་ཏེ། དར་དམར་པོ་བཅས་ནད་པའི་སྔས་སུ་བཙུཊ་པས་ཐུབ་ངེས་སོ་ཟབ། ཡང་ས་ཐག་རིང་གི་ཉེ་བ་སོགས་འགྲུལ་ཕྱིར་འབྲང་བའི་ཞུད་མདའ་སྲུང་བའི་སྔགས་ལ། དེད་དེད་གཏུབ་གཏུབ་སོད་སོད་ཏུཾ་ཏུཾ་བཟློག་བཟློག་སྭཱ་ཧཱཿ ཞེས་ཁྲི་གསུམ་ཙམ་བཟླས་ནས་ཁྱི་རྒྱ་བོ་དང་ར་མ་རྒྱ་མོའི་སྤུ་གཉིས་བསྲེས་ལ་རྨད་པའི་སྲུང་སྐུད་ལ། རྡོ་རྗེའི་མདུད་པ་གསུམ་བྱས་པ་ལ་བཏབ་ནས་སྐྱེར་ཚེར་ལ་བཏགས་ཏེ་སྒོ་ཡི་ཡ་ཐེམ་ལ་བཙུགས་པས་འགྲུལ་པའི་ཕྱིར་འབྲང་བའི་གདོན་ཐམས་ཅད་ཐུབ་བོ། །མུ་སྟེགས་གུ་ལོང་ནག་པོའི་མན་ངག་ཨི་ཐི། གང་གི་འདྲེས་གནོན། གདོན་འདུལ། འགྲུལ་སྣ་སྲུང་བ་རྗེས་མ་གསུམ་ཡི་དམ་སྔགས་ཤམ་ལ་བཏགས་ན་ལེགས་པར་མངོན་ནོ། །དུག་ཞི་བའི་གཟུངས་ནི།


MR11_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་མ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ་ཀ བ་ར་བ་ར་ཀེ བི་རི་ཧི་རི། ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་པ་དང་གཟི་བརྗིད་ཀྱིས་ཀླུའི་དུག་དང་། སྦྱར་བའི་དུག་དང་། སྦྲུལ་གྱི་དུག་དང་། ཁ་རླངས་ཀྱི་དུག་དང་། གཅན་གཟན་མཆེ་བའི་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །ཞེས་བརྗོད་དོ། །དུག་ཐམས་ཅད་ཞི་བའི་གཟུངས་སངས་རྒྱས་ཀྱི་བཀའ་ལས་སོ། །གཞན་ཡང་རྨ་བྱ་ཆེན་མོ་དང་། སོར་མོ་ཅན་ལ་སོགས་པའི་དུག་ཞི་བའི་གཟུངས་སྔགས་བཀའ་ལས་ཤེས་པར་བྱའོ། །དུག་རྣམས་སྲུང་ན།ཡུང་ཁན་དང་ཡུངས་ཀར་ཞིབ་བཏགས། ཡུང་གཞི་ལབ་གཞི་ཕུག་རོན་མིག་ལུས་ཀྱི་རྡུལ་དྲེག །བུ་ཆུང་གི་ཚན་བུ་བཅས་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཏབ། ཨོཾ་ཨཱཿཧཱུྃ་ཧ་སིང་ཧ་སིང་ཀ་ལ་ཧ་སིང་ཧཱུྃཿ ཀ་མར་ཏྲི་ཛི་ན་ལ་ཧ་དེ་བི་ལི་སུཾ་དེ། ཞེས་སོ། །སྨན་དེ་དག་མཐེབ་མོ་ཙམ་རེ་བྱས་ནས། ལག་གཡས་པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་རྡོ་རྗེ་རྩེ་ལྔ་གཅིག་གི་ཕྱེད་ཡར་ཐོན་ཕྱེད་མར་ནུབ་པར་བསམ་ལ་སྲིན་ལག་མནན་ལ་ཁས་འཇིབས་པས་དུག་སྲུང་བའི་མཆོག་ཏུ་འགྱུར། གྲི་ལྕགས་ལ་གདུབ་ཆུང་མགར་བས་བརྡུངས་ནས་མི་ལག་མ་བརྒྱུད་པར་སྲིན་ལག་གཡས་ལ་བཅུག་པས་


MR11_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུག་བྱུང་ན་བཙའ་འབྱུང་ཞིང་། བཙའ་མེད་ན་དུག་མེད་པར་བདེ་བ་ཡིན་ནོ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་དུག་སྲུང་ཕྱི་ས་དང་བསེ་རུ་གླ་བའི་ཀླད་པ་བསྲེས་ལ་སྔགས་འདི་སྟོང་བཏབ། ཨོཾ་ཨཱཿཧཱུྃ། ཛ་ནུ་ཨ་ས་ཁྲི་སྭཱ་ཧཱཿ ལྟོ་སྟོངས་ལ་བཏང་ན་དུག་གིས་ཚུགས་པར་མི་འགྱུར་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཨོཾ་སཾ་ཀཱ་ནི་ཎི་དྷྭཾ་ཧཱཾ་ཧཱུཾ་ཧྃ་ཧཿ སྔགས་འདིས་དུག་ཐམས་ཅད་སེལ་བར་བྱེད་ཅེས་གཏུམ་པོ་དཔའ་གཅིག་གི་རྒྱུད་ལས་སོ། །ཡང་དུག་གི་རིགས་ཐམས་ཅད་ལ་རང་རྨ་བྱ་ལག་གཉིས་གཤོག་པ། བཟའ་བཏུང་ལོང་སྤྱོད་དུག་ཏུ་རོལ་བར་བསམ། ན་སར་མཆུ་བཙུགས་དུག་འཇིབ་པར་བསམ། ཨོཾ་མི་ཏ་ཧྲི་ཏ་ཡེ་སྭཱ་ཧཱཿ ཨོཾ་ཀྲུག་ལེ་ཧྲཱིཿསྭཱ་ཧཱཿ ཨོཾ་ཤན་ཏེ་ཤན་ཏེ་བྷི་ཤན་ཏེ་སྭཱ་ཧཱཿ སྟོང་སོགས་བཟླས་པས་དུག་གི་རིགས་ཐམས་ཅད་ལ་ཕན་པར་འགྱུར་ཞེས་བླ་མ་དགོངས་འདུས་ཀྱི་སྔགས་འབུམ་ལས་སོ་ཟབ་བོ། །ཡང་དུག་སྔགས་ཟབ་པའི་མཐར་ཐུག་ལག་བླང་མ་ནི། རང་ལྷ་མོ་རྨ་བྱ་ཆེན་མོ་འཇའ་ཚོན་འོད་ལྔའི་ལུས་ཅན། ཁོག་པ་ལྗང་ཀུ། གཤོག་པ་སྔོན་པོ་དང་། མཆུ་སེར་པོ། མིག་དང་རྐང་ལག་དམར་བ། འོད་ཟེར་འཕྲོ་བར་བསམ། ཨོཾ་བྷི་རུ་ཟེར་བའང་ཡོད་ཧུ་ནཱ་ག་ལེ་ཙནྡུ་ཧ་ཧུཿ བྷི་ཤ་མ་ར་


MR11_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཧིཿ བྷི་ཤ་མ་རི་ཧོཿ མ་ཧི་དུ་ཁ་ཡཾཿ བྷི་ཤ་ན་སྟམྦྷ་ན་སྭཱ་ཧཱཿ སྔགས་འབྲུ་སུམ་ཅུ་སོ་གསུམ་ཡོད་ཅེས་ཐེམ་ལས་བྱུང་། སྦྱར་དུག་ཁོང་སོང་ཚབས་ཆེ་ཡང་ཞག་རེ་ལ་སྔགས་འདི་བདུན་ནམ་བརྒྱ་རེ་བཟླ། ཞག་རེ་ལ་བརྒྱ་ལས་མང་མི་དགོས། ཞག་རེ་ལ་བརྒྱ་བས་མང་ན་རང་གི་ཟུངས་ཁྲག་ཀྱང་སྐམ་བཤལ་སྐྱུག་སོགས་འོང་ཟུར་མཁར་སྔགས་འབུམ་དང་ལས་རབ་གཏེར་བསྡུར་ཟིན། སླར་ལྷན་ཐབས་དང་བསྡུར་དགོས་དམ་པའི་སྔགས་ཞིག་དང་བསྡུར། བློ་ལ་ཡོད་པས་ཤ་དུག་སྐྱུར་དུག་ཐུབ། ནང་སྔ་མོ་ཉེར་གཅིག་རེ་མ་ཆག་ན། སྦྱར་དུག་ངེས་པར་ཐུབ། ཞག་རེ་བཞིན་ལྷ་སྔགས་དྲན་པར་བྱ་བ་ཙམ་དམ་ཚིག་གོ། ནང་རེ་བདུན་ནས་བརྒྱ་རྩ་རེ་ཡི་བར་ཅི་རིགས་མ་ཆག་ན་རང་ལུས་དུག་གིས་མི་ཚུགས་པ། རྨ་བྱ་ཆེན་མོར་འགྱུར་བར་ཐེ་ཚོམ་མེད། དུག་གི་སྦྱོར་སྡེ་མི་འདྲ་བ་སྣ་ཚོགས་ཚ་གྲང་གང་ཡིན་ཀྱང་འདི་སླེབས་པས་ཆོག་ལ། དེར་མ་ཟད་གཉེན་རིམས་ཕྱི་ནད་རྒྱུག་འགྱེལ་སོགས་ལའང་སྔགས་འདི་ཆེས་ཟབ་པར་གསུངས། དུག་དང་གཉན་རིམས་ཅན་གཞན་གསོ་ན།རིན་པོ་ཆེའི་སྣོད་དུ་གངས་ཀྱི་ཆུ་ནང་བར་སྐར་མ་མ་གྱེས་གོང་བླངས་ལ། ཁ་གོས་སམ་དར་དཀར་གྱིས་བཅད། རང་བསྐྱེད་རིམ་གསལ་བས་སྔགས་བརྒྱ་རྩ་སོགས་བཟླས་ཏེ་སྙུག་སྦུག་ཆུ་ལ་


MR11_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ནས་བསྔགས། དེ་ནས་ནད་པ་ཉི་མ་འདས་རུ་མལ་བཅའ། གོས་དྲོ་བར་བྱས་ལ་སྔགས་ཆུ་ཡོག་ཐང་བླུད་ལ། གོས་ཀྱིས་བྱིབས། གཉིད་སྤང་། རྡུལ་འདོན། དེས་ནད་ཚབས་ཆེ་ན་ནད་རྣམས་བཤལ་དུ་འཐོན་པར་འགྱུར། ནད་པའི་ནད་སྟོབས་སྦྱར་ལ། ཉིན་གཅིག་གམ། གཉིས་སམ། གསུམ་གྱིས་སྒོང་དུག་ཀྱང་སོས་ངེས་ཤིང་རིམས་དྲག་པོ་ཡང་སོས་པར་འགྱུར་རོ།མཐིང་ཤོག་ལ་གསེར་གྱིས་སྔགས་འདི་དབུ་ཅན་དུ་བྲིས། རང་སྔགས་བརྒྱས་རྟེན་སྙིང་བཟླ་མཆན་རབ་གནས་བྱས་ཏེ་དྲིལ་མཇུག་ནས་ལ་བཏགས་པས་རིམས་དང་དུག་གིས་དུས་མིན་འཆི་བ་ལས་ཐར་བར་འགྱུར་རོ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་མན་ངག་འདི་ལ་ལོ་རྒྱུས་དང་ཆེ་ཐང་བསྔགས་པ་རྒྱ་ཆེར་འདུག་ཀྱང་འདིར་མདོར་བསྡུས་པའོ། །འདི་ཆོས་རྒྱལ་གྱི་གདུང་རིགས་ལས་བརྒྱུད་དེ། ཤངས་པ་དགེ་སློང་གིས་གསེར་སྲང་གང་ཕུལ་ཏེ་ཞུས། གསེར་སྲང་བཅུའི་བཀའ་རྒྱ་ཡོད། ཟུར་མཁར་ཆོས་རྗེའི་གསུང་ལས། སྔགས་འདི་ལ་འདྲ་མིན་མང་པོ་འདུག་ཀྱང་ཀུན་གྱིས་ཀྱང་ཕན་པར་མཐོང་དུག་སྔགས་ཐམས་ཅད་ལས་ཟབ་པ་ཡིན་གསུངས་འདུག དེ་ལྟར་པད་འབྱུང་དམ་པ་རྒྱ་གར་སོགས་རྒྱ་གར་གྲུབ་ཐོབ་འགའ་ཞིག་ལས་རིང་བརྒྱུད་དང་། སྔ་ཕྱིའི་


MR11_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་འགར་ཡང་བྱུང་བ་ཁྱད་པར་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁ་བི་མ་མི་ཏྲའི་བླ་སྒྲུབ་ཀྱི་ལས་མཐར་བྱུང་བ་ཟབ་མོ་དང་ཡང་བསྡུར་བས། ཅུང་ཟད་མི་འདྲ་བ་མང་དུ་མཐོང་མོད་སྔགས་ཐ་མ་དང་འབྲུ་དག་གིས་ངེས་པ་དཔེ་རྙིང་ཞིག་ལས་རྙེད་ནས་ཡིད་བརྟན་ཕེར་ངེས་སུ་དག་པར་བྱས་པའོ། །སྔགས་འདི་རེས་གཟའ་ཉི་མའི་ཉིན་པར། ལན་དྲུག་ཅུ་རེ་བཟླས་ནས་ཆུ་གཙང་ལ་བཏབ། ལག་གཡས་མཐེབ་ཆེན་སྲིན་ལག་གི་རྩ་བར་གཏུག་པས་སྲིན་ལག་དེས། ཆུ་དེ་གཡོན་ཕྱོགས་སུ་དཀྲུགས་ནས་འཐུང་ན། ཚེ་འདིར་དུག་གིས་མི་ཚུགས་སོ་ཞེས་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་ཕྱག་ནས་བརྒྱུད་པ་ལས་སོ། །ཨི་ཐི། སྔགས་འདི་ཡོད་ན་དུག་ལ་ཡ་ང་མི་དགོས་སོ། །ན་མཿ ཤར་ཤར་བི་ཤ་ར་བི་ཤ་རེ་སརྦ་བེཥ་གྷཱ་ཏ་ནིསྭཱ་ཧཱ། འདི་ལན་གསུམ་བཟླས་པས་ཤི་བ་སློང་བྱེད་དུག་སེལ་མའི་སྔགས་ཟབ་མོ་དུག་ལ་དྲན་པས་ཆོག་པ་རྒྱལ་བའི་བཀའ་ལས་སོ། །ཡང་དཀྱིལ་འཁོར་དུ་མཆོད་པ་བྱས་ལ། དུང་ཕོར་ཆུས་བཀང་བ་དལ་དབུས་བཞག་སྟེ་རང་གི་ལག་གཡོན་ཟླ་བའི་དབུས་སུ་མི་ཤིགས་པའི་ས་བོན་བསམས་པས་ཁ་བཅད་དེ། ཨོཾ་སརྦ་བིཥ་ཧ་ར་ཧ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་ལན་བདུན་བསྔགས་ཏེ་ཟླ་བ་ས་བོན་དང་བཅས་ཞུ་བ་ཆུར་ཐིམ་པས་དཀར་པོར་


MR11_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེ་དུག་གིས་མ་ཤི་བ་ལ་བླུད། ཤི་ཟིན་ན་མགོ་ནས་རྐང་པའི་བར་དུ་ལན་གསུམ་ཆུ་རྒྱུན་མི་ཆད་པར་བླུགས་ན་ལངས་པར་ཐེ་ཚོམ་མེད་ལ། དེ་ནས་ཆུ་བླུད་ན་རྣལ་མར་འགྱུར་རོ་ཞེས་སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས་པ་ཆུའི་སྦྱོར་བའོ། །གཞན་ཡང་དུག་གི་གཉེན་པོ་གསེར་གཟུངས་ནི་སྨན་གྱི་མན་ངག་རྒྱུད་དང་བྱེ་བ་རིང་བསྲེལ་ལས་གསུངས་པ་ཡོངས་གྲགས་ཏེ་འདིར་མ་བཀོད་ཀྱི་དེར་ཤེས་པར་བྱའོ། །ཨོཾ་ཧྲཱིཾ་ནི་ཨཱ་གུ་ལ་ལ་ཀ་ཐཱ་ཐཿ སྔགས་འདི་བློ་ལ་ཡོད་པས་ཤ་དུག་བཙན་དུག་ལ་དྲན་པས་ཆོག་སྦྱར་དུག་ལ་སྔགས་ཆུ་བཏང་བས་དབུགས་མ་ཆད་ཚུན་སླེབས་པས་ཆོག་སྟེ་ཤིན་ཏུ་ཟབ་པ་ཨོ་རྒྱན་པདྨའི་བཀའ་སྟེ་རཏ་གཏེར་མན་ངག་རིན་ཆེན་གཏེར་བུམ་ལས་སོ། །འདི་ལ་འབོད་ལུགས་ཧྲིང་ནི་ཞེས་ང་རོ་ངར་དར་འབོད་འབྲུ་བཅུ་ཐམ་པ་ཡོད་དོ། །ཡང་སྦྱར་དུག་ལ་བདུན་བརྗོད་པས་སེལ། དུག་རིགས་ཀུན་ལ་ཐེང་ཆོག་རྒྱལ་པོ་ཡིན། ཨ་རུ་རྣམ་རྒྱལ་ཡུངས་ཀར་རྨ་བྱའི་མདོངས་བསྲེགས་ཐལ། གོ་ཐལ་རྒྱམ་ཚྭ་ཞད་ཙམ་བཅས་སྔགས་ཆུར་བཏབ་སྔགས་ཁྲི་གཅིག་གོང་བསྙེན་བྱ། ནམ་དགོས་སྐབས་བསྟུན་བརྒྱ་སྟོང་སོགས་ཀྱིས་སྔགས་ས་སྔགས་ཆུ་འཐུང་བས་ཆོག་ཅེས་གསུངས། དུག་སྔགས་ཟབ་མོ་གསེར་སྲང་རེའི་བཀའ་རྒྱ་ཅན་ཆིག་རྒྱུད་འདི་ཆད་ལྷག་མེད་ཅེས་དབུ་བསྙུང་བཞེས་པ་ཤིན་ཏུ་ཟབ་བོ། །


MR11_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདྲ་མིན། ཧྲིཾ་ནི་ལ་ཀུ་ལ་ཁ་ཁྲ་ཁྲཿ རྡོ་རྗེ་འཇིགས་བྱེད་ཀྱིས་གསུངས་པ་ཏེར་པ་ལའི་དུག་སྔགས་རིན་ཆེན་འབྲུ་བརྒྱད་འདི་ལ་གི་གུ་གཉིས། ཞབས་ཀྱུ་གཅིག །ཐིག་ལེ་གཅིག །ར་སྟ་གསུམ། ཧ་གཅིག་ན་གཅིག་ལ་གཉིས་ཀ་གཅིག་ཁ་གསུམ་ཞེས་སྔགས་ཐེམ་གསུངས་པ་འདུག་ཅིང་བསྔགས་པ་རྒྱ་ཆེ་ཞིང་བཀའ་རྒྱས་བཏབ་པའོ། །སྔགས་གཞན་གྱིས་མ་ཚོར་བར་བཟླ་གསུངས་སོ། །འདི་འདྲའི་སྔགས་རྣམས་ཕལ་ཆེར་གང་རུང་མ་དག་པ་མིན་ཡང་སྒྲའི་འགྱུར་སོ་དང་མང་ཉུང་ཡོད་པ་དག་གང་ལྟར་ཀྱང་ནུས་པ་ཡོད་པ་དུ་མ་བྱུང་ངོ་། །ཡང་དུག་སྔགས་ཟབ་མོ་ནི། ཉིན་ཕྱེད་སྟན་བདེ་བར་སྨྲ་བ་བཅད་ལ། རང་ཉིད་རྨ་བྱ་ལྗང་ཀུ་མཆུ་སེར་པོ། མིག་དང་རྐང་པ་དམར་བ། སྤྱི་བོ་ནས་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཤིན་ཏུ་ཆེ་བར་བསམས་ནས། དེའི་མཆུ་སྡེར་ཕོ་མཆིན་ལ་བཙུགས་ཏེ་ནད་ཐམས་ཅད་འཇིབ་ཅིང་ཟ་བར་བསྒོམ་ལ། ཧ་ས་ཙེ་གེ བ་ར་དྷ་ར། ན་མ་ཧཱུྃ། ཙ་དུ་བི་དུ། ཧ་རི་ཏུ། ཕ་སཿ ཞེས་པའི་སྔགས་ཟབ་མོ་ཡིག་འབྲུ་ཉི་ཤུ་པ་འདིས་དང་པོ་ཧ་སོགས་བཞི་དམར་པོ་ལྕེ་ལ་གནས་ཏེ་ཤ་དུག་འཇོམས། དེ་རྗེས་བ་སོགས་བཞི་དཀར་པོ་ལག་མཐིལ་དུ་གནས་ནས་དབྱིག་དུག་འཇོམས། ན་སོགས་སེར་པོ་གསུམ་རྐང་མཐིལ་དུ་གནས་ནས་རྩི་དུག་འཇོམས། དེ་རྗེས་ཙ་སོགས་བཞི་


MR11_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་ཀུ་བརླའི་རྐང་མར་ལ་གནས་ཏེ་རྨ་བྱའི་སྒོང་དུག་འཇོམས། དེ་རྗེས་ཧ་སོགས་སྨུག་པོ་གསུམ་མཚན་མར་གནས་པས་སྦྲུལ་དུག་འཇོམས། དེ་རྗེས་ཕ་ས་གཉིས་མདོག་ལྕགས་ཁ་ལྟེ་བར་གནས་པས་གཡའ་དུག་འཇོམས། སྔགས་འདི་རྣམས་ལྟོ་སྟོངས་རྒྱུན་པར་བརྒྱ་བཟླས་པས་རང་ཉིད་དུག་ཐམས་ཅད་ལས་སྲུང་། དུག་གིས་ན་བ་གཞན་གསོ་ན། སྔགས་ཆུ་བྱིན་པས་ཆོག་གོ། ཟབ་བོ།།དུག་བཟའ་བའི་སྔགས་རང་ཉིད་སྟོད་རྨ་བྱ། སྨད་རུས་སྦལ་དུ་བསྒོམས་ལ་སྔགས་འདི་ལན་གསུམ་བཟླས་ཏེ་བཟའ་བྱ། གསུམ་བས་མང་ན་དམ་ལས་འདའོ། །ཨོཾ་ཧ་ལ་ཏྲི་སོད། ཙག་ཏྲི་སོད་རུ་ཏྲི་སོད། ནག་ཏྲི་སོད། མུ་ཏྲི་སོད་སྭཱ་ཧཱ། དེས་དུག་ཅི་ཙམ་ཟོས་ཀྱང་རྨ་བྱ་དང་ཁྱད་མེད། ཤིན་ཏུ་ཟབ་པའི་མན་ངག་འཇིག་རྟེན་མེས་པོ་ཤྲཱི་རལ་པ་ཅན་གྱིས་མཛད་པའོ། །སྔགས་འདི་ཁྱུང་དྲག་རྡོ་རྗེའི་གཏེར་ཁ་ནས་ཀྱང་བྱུང་སྟེ་དམིགས་པ་དུ་ཏྲིའང་དུ་འདྲའམ་ཅི་ཅི་ཡང་མ་བཤད་དོ། །ཤ་དུག་སོག་དུག་རིགས་ལ་ཤིན་ཏུ་རྣོ་བའི་སྔགས་འདི་ལན་བདུན་བཟླས་ནས་རང་ལ་མཆིལ་མ་མིད་པས་ཆོག །གཞན་ལ་སྔགས་ཆུ་བྱིན་པས་ཕན་དུག་རྣམས་མེད་པར་འགྱུར་ཞིང་། ཞེས་གསུངས། ཡང་དུག་སྔགས་ཟབ་མོ་ནི། ཨོཾ་མ་ཧཱ་བྷིས། ཀ་རུ་ཙ་བྷིས། ཏི་ལི་བྷིསཿ ཞེས་དུག་རིགས་ཐམས་ཅད་ལ་དྲན་པས་ཆོག་པའི་སྔགས་


MR11_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་ནོ། །ཡང་དུག་སྔགས་ནི། ཨོཾ་ཧ་རི་ནི་ས་ཕྱུང་ཕྱུང་ཕཊཿ ཏྲིག་ཀྲིག་ཡེར་སྭཱ་ཧཱཿ ཞེས་བཟླས་སྔགས་ཆུ་ལ་བྱའོ། །འདིའི་ཕན་ཡོན་ནི། །རྩི་དུག་སྦྱར་དུག །བཙན་དུག་ཤ་དུག རིན་པོ་ཆེའི་དུག་ཐམས་ཅད་ཐུབ་བོ། །ཚད་ལྟ་བར་བྱེད་ན་སྐུད་ནག་ལ་མདུད་པ་གསུམ་བྱས་མདུད་པ་རེ་ལ་སྔགས་བརྒྱ་རེ་བཏབ་པས། དུག་གིས་ཟིན་པའི་སྐེད་པར་བཅིངས་པས་འགྱེལ་ལོ། །ཕབ་ལ་བཏབ་ན་ཆང་ལང་མི་ནུས། ནང་པར་ལྟོ་སྟོངས་དུས་བརྒྱ་རྩ་བརྒྱད་བཏབ་པའི་སྔགས་ཆུ་འཐུང་ན། དེ་ཉིན་ཆང་ཅི་འཐུང་ཡང་བཟི་མི་ནུས་སོ། །ནང་པར་ལྟོ་སྟོངས་ལ་སྔགས་བགྲང་ན་དེ་ཉིན་དུག་གི་འཇིགས་པ་མེད་དོ། །འདི་ལག་བླང་གིས་གྲུབ་པ་ཡིན་པས་ཐེ་ཚོམ་མི་བྱ་སྟེ། ཨོ་རྒྱན་པདྨས་མཛད་པ་བྷ་ར་བའི་ལག་ལེན་མ་ཆེས་ཟབ་པའོ། །སྦྱར་དུག་གི་སྔགས་ཟབ། ཨོཾ་ནེ་མ་སྭཱ་ཧཱཿ བཙན་དུག་གི་སྔགས། ཨ་ལི་བུ་སོདཿ ཤ་དུག་གི་སྔགས། ཨ་བྷིག་སོདཿ སྔགས་འདི་གསུམ་བསྡེབས་ནས་རྒྱུན་དུ་བརྒྱ་རེ་ཙམ་འདྲེན། དགོས་དུས་གང་དགོས་རེ་རེ་ནས་བགྲང་ཆོག བཙན་དུག་གི་སྔགས་དེ་བཙན་དུག་སྲན་མ་ཙམ་ལ་སུམ་བརྒྱ་རེ་བཏབ་ནས་ཟོས་ན་དུག་མི་འབྱུང་། གོང་གི་སྔགས་འདི་རྣམས་མང་དྲག་ན་ཁོང་ཁྲག་སྐམ་


MR11_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཉེན་ཡོད། ཁྲག་ངན་གནས་མ་བདེ་ན་འདི་རྣམས་བགྲངས་པས་བསྐམས་ཏེ་ཕན། འདི་ཡི་ཆེ་བ་ནི་རྒྱ་གར་གྱི་ཡུལ་མོ་གང་དུ་སྦྱར་དུག་བྱུང་ནས་བསྣན་དཔྱོད་མི་མང་པོ་འཆི་ལྟས་ཐམས་ཅད་ཚང་བ་ལ་སྔགས་འདི་ཉིན་མཚན་མེད་པར་བཟླས་པས་ནམ་ལང་བ་ལྟར་སངས་སོང་ངོ་། །ཟབ་པའི་མཐར་ཐུག་གོ། ཨོཾ་ཏྲིག་ལེ་ཧྲིཿཧཱུྃ། སྦྱར་དུག་སྲུང་བའི་སྔགས་འདི་ལག་གཡས་སོར་མོ་ལྔ་ལ་ཐེབ་ལྔ། སྲིན་ལག་གི་ཚིགས་གཉིས་ལ་ལན་བདུན་བཏབ་ལ་ལག་པས་གང་ལ་དོག་པ་ཕྱི་བར་བྱས་ན་དུག་ཐམས་ཅད་ཐུབ་བོ། །ཧ་ཀ་རཿ འདི་དུག་སྔགས་འབྲུ་གསུམ་ཟབ་མོ་སྟེ་སྔགས་ཆུས་ཆོག་གོ། ཤ་དུག་གི་སྔགས།ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། བཙན་དུག་གི་སྔགས། ཨོཾ་རྦབ་ཀྱི་སྭཱ་ཧཱ། སྦྱར་དུག་གི་སྔགས། ཨོཾ་ཏྲིང་ཧྲིང་སྭཱ་ཧཱ། འདི་གསུམ་དམ་པའི་སྔགས་ཀྱི་རྟེན་འབྲེལ་གསེར་གྱི་ཆར་པ་ལས་སོ། །ཨོཾ་ཨ་བྷི་ནག་པོ་སོདཿ རང་ཉིད་དམ་པ་རྒྱ་གར་ཕྱག་ན་དུག་གི་བུམ་པ་བསྣམས་པར་བསྐྱེད་ལ་སྔགས་འདི་སུམ་བརྒྱ་བཏབ་ན་ཤ་དུག་ཐུབ། དུག་རིགས་གཞན་ཡང་སེལ་ལོ། །ཤ་དུག་གི་སྔགས། ཛ་ཧི་ནི་གྷུ་ལ་མི་ཀླ་སྐན་ཁྲ་ཁྲཿ འདི་བཟླས་རང་སྲུང་མཆིལ་མ་མིད་པས་ཆོག གཞན་ལ་སྔགས་ཆུ་བཏང་བས་ཤ་དུག་སླེབ་ཆོག་ཡིན། ཤིན་ཏུ་ཟབ་བོ། །ཨི་ཐིཿ ཤ་དུག་བརྟག་པར་ཤ་དེ་གཞན་བས་དམར།


MR11_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ལ་རླན་མི་འགོས། མེ་ཉིས་བསྲོས་པས་མཐའ་ནས་སྔོ་ཞད་འབྱུང་། སྣ་ལ་སྣུམ་ན་སྦྲིད་པ་འོང་། རྩ་ཐོག་གླན་ཏེ་ཕུར་ན་ཚ་ཙེག་འོང་། མིག་ལ་བདུག་ན་སྔོ་དམར་མཐོང་།ལྕགས་སྲེག་ལ་གླན་ན་མི་འབྱར། ཤ་དེ་ཆང་སྦྱར་མིག་ལ་བདུག་ན་མིག་ཚ་བ་འབྱུང་། ཆང་ནང་བཅུག་ན་དབུ་བ་དང་སག་སྒྲ་འོང་བ་ཡིན་པས། དེ་ལ་སྔགས། ཨོཾ་ཐུར་སོད། ནག་པོ་ཐུན་གྱི་སོདཿ འདི་བཟླས་ཏེ་ཤ་ལ་ཁྲམ་བརྒྱབ་ནས་སྔགས་དེ་བརྒྱ་རྩ་བརྒྱད་བཏབ་ན་དུག་མེད་ཅིང་ཟ་རུང་བར་འགྱུར་རོ། །ཡང་ཤ་དུག་ཅན་ལ་རང་རྨ་བྱར་བསྒོམས་ནས། ཤ་དེ་ལ་གྲི་ཡིས་ཁྲམ་གསུམ་བརྒྱབ་ནས། ཨོཾ་བྷི་ཤ་ཟོ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་ལ་བཏབ། དེས་རང་གིས་ཟོས་ན་མི་གནོད་གཞན་ལ་སྦྱིན་ན་སྔགས་སྟོང་བཏབ་དགོས་སོ་གཞན་ལ་མི་སྤེལ་བཀའ་རྒྱ་ཅན་ནོ། །ཡང་ཤ་དུག་བྱུང་ན། བུ་ཆུང་སྐྱེས་མ་ཐག་ཏུ་མ་ཡི་ནུ་ཞོ་མ་འཐུངས་བར་ཤི་བའི་ཁོང་གི་རོ་ཚན་ནམ། ཁྱེའུ་ཆུང་གསོན་པའི་དང་པོར་བཏང་བའི་ཕྱ་ཚན་དང་དཀར་པོ་ཆིག་ཐུབ་སྐམ་པོ་སྦྱར་བ་དེ་ཤ་དུག་སོགས་དུག་རིགས་ཐམས་ཅད། འཇོམས་པའི་མཆོག་ཡིན་པས་ཁོང་དུ་བཏང་ཞིང་། གཞན་ཡང་བྱེའུ་ལ་ཕུག་གི་ཕྱེ་བཏང་ལ་སྲོག་རྩ་ག་བུར་གྱི་སྡོང་པོར་བསྒོམས་ནས་སྔགས་འདི་བཟླ། ཨོཾ་ཨཱཿཧཱུྃ་སད་ཏྲི་སྭཱ་ཧཱཿ ཞེས་བཟླས་པས་ཤ་དུག་འཇོམས་སོ།


MR11_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

།ཡང་དགོས་པ་ཅན་ཉམས་མི་བདེ་བའི་ཤ་ཟན། སྔགས་འདི་བཟླས་ཤིང་འོམ་བུའི་ཁུ་བར་ཤ་བཙོའོ། །ཨོཾ་ཨཱཿཧཱུྃ་ཁྲག་ཉག་དྭངས་ཛ་ནུ་རཾ་སྭཱ་ཧཱཿ དེས་དུག་སེལ་ལོ། །ཡང་ཤ་དུག་གི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཀུ་རུ་བི་ཤི་ཛ་ནུ་ཨོཾ་བ་སྤུ་སྭཱ་ཧཱཿ བདུད་རྩི་སྒོག་སྐྱ་ཞོར། གླ་རྩི་དང་ཚྭ་ལ་བྱ་སྒོང་ཙམ། བ་ཆུར་སྦྱར་ལ་ཁོང་དུ་བཏང་། ཡང་ཡང་སུ་སིག་ཆུ་ཡིས་བཏབ། ཤ་དུག་མ་ལུས་འཇོམས་པར་བྱེད། ཅེས་ཤ་དུག་གི་སྔགས་ཚན་གསུམ་པོ་འདི་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་དུག་མདའ་ཕོག་གམ་དུག་ཟོས་སམ། ཤ་དུག་སོགས་ལ། ཨོཾ་ཀ་ལ་ཧ་ས་ཧཱུྃཿ ཞེས་གོང་བསྙེན་ཁྲི་གཅིག་བཟླས།རང་དབང་ཕྱུག་མཐིང་ནག་མདའ་གཞུ་ནག་པོ་འཛིན་པ་སྐྱིལ་ཀྲུང་ཅན། དབུ་ལ་ཆུ་དར་གྱི་ཐང་ཞུ་དམར་པོ་གསོལ་བ། དར་ནག་གི་ན་བཟའ་ཅན་གྱི་ཞལ་ནས་བདུད་རྩིའི་ཆུ་རྒྱུན་བབ་པས་དུག་ཐམས་ཅད་ཞི་བར་བསམ། སྔགས་ཆུ་བླུད་རྨ་ལ་བཏབ་པས་ཕན་ངེས་སོ་ཟབ། ཡང་དུག་མདས་ཕོག་པར། ན་མོ་ཨོ་ཀ་བིས་ཏ་སྭཱ་ཧཱཿ ར་སོག་ལ་བཟླས་ཏེ་རྨ་ཕྱིས་ན་སོས་པར་འགྱུར་རོ། །བཙན་དུག་གི་སྔགས་ལ། ཨོཾ་ཨཱཿཧཱུྃ་ཀྲུག་ལེ་ཧྲཱི་ཧྲཱིཿའཛའ་ནུཿ སྔགས་འདི་བཟླས་པས་བཙན་དུག་གི་དུག་མེད་པར་བྱེད་དོ། །ཞེས་དང་། ཡང་གཅིག ཨོཾ་ཨཱཿཧཱུྃ་ཀྲིཾ་ཀྲིཾ་སོདཿ ཨོཾ་ཨཱཿཧཱུྃ་པ་


MR11_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་སྭཱ་ཧཱཿ དེས་ཀྱང་བཙན་དུག་འཇོམས་ཞེས་དང་། ཡང་བཙན་དུག་སྔགས། ཨོཾ་ཨཱཿཧཱུྃ། ཨ་འགི་ས་འགི་ཏེཿ ཡི་པི་སིང་མ་རིཿ ཞེས་པ་ལྔ་བརྒྱས་ཞི་ཞིང་སོས་སོ་ཞེས་དང་། ཡང་རིན་པོ་ཆེའི་སྣོད་གཙང་མར་བཙན་དུག་བཟང་པོའི་ཕྱི་སྤུངས་ལ་གསང་སྔགས་རྒྱལ་པོ་འདི་ཁྲི་གཅིག་བཟླ། ཨོཾ་ཨ་ཡུ་ར་ཁྲགཿ མ་ཛེ་ཡུ་ར་ཁྲགཿ པུ་རུ་ཙ་རཿ དྷ་རྟི་རུ་ཧི་ཡཿགུ་རུ་ཨོ་ཏ་ཀོནཿ ཏ་ར་ཧི་ཡཿ ཞེས་བཟླས་པས་དང་པོ་དམར་ཞིང་མཐར་ནག་ན་བཙན་དུག་ཐུལ་རྟགས་ཡིན་ཏེ། དེའི་རིལ་བུ་བྲ་བའི་རིལ་མ་ཙམ་བྱས་ལ། ནད་ཚབས་ཆེན་ལྔ་རེ་བཏང་ཞིང་ལྟོ་སྲུང་།ཚབས་ཆུང་ལ་གསུམ་རེ་བཏང་། དེ་བས་མང་མི་དགོས་ཏེ་ནད་རིགས་བཞི་བརྒྱ་རྩ་བཞི་དང་དུག་སྲུང་རྣམས་ཀྱི་མཆོག་ཏུ་འགྱུར་ཞིང་གདོན་མ་ལུས་པ་ལའང་ཕན། སྨན་ནད་བྱུང་ན། མར་ཅུང་ཟད་བཏབ་པའི་སྐྱོ་མ་བཏང་བས་སེལ་ལོ། །བཙན་དུག་ཁོང་སོང་ལ་གོང་སྔགས་སྟོང་རེ་བཏབ་པས་སོས་སོ། །ཞེས་བཙན་དུག་སྔགས་ཚན་བཞི་པོ་འདི་ལས་ཐམས་ཅད་པའི་རྒྱུད་ལས་གསུངས་པའོ། །ཡང་གཅིག་རང་བྱ་ཁྱུང་དུག་དེ་སྦྲུལ་དུ་བསམ། ཨོཾ་སི་སི་སྭཱ་ཧཱཿ ཨོཾ་ཨཱ་ཤ་བྷི་སྭཱ་ཧཱཿ སྔགས་འདི་ཉམས་སད་ཕྱིར་དྭོ་བ་ལ་བཏབ་པས་ཁ་མི་ཚན་བཙན་དུག་ལ་བཏབ་སྟེ་ཟོས་པས་ཆོག་


MR11_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གོ་གཏེར་མའོ། །ཛ་ཧོ་ཀ་རུ་ནུད་ཏོ། །འབྲུ་དྲུག་སྔགས་རྒོད་འདི་བདུན་བཟླས་དུག་ཕྱིར་ཐོན་བསམ། དེ་ནས་བདུན་གྱིས་དུག་ཞི། དེ་ནས་བདུན་བཏབ་དུག་བདུད་རྩིར་གྱུར་པར་བསམ། རང་ཡི་དམ་གྱི་སྤྱི་བོར་བླ་མ་བསྒོམས་ལ་ཕུད་མཆོད་ཅིང་རང་གིས་ཟོས་པས་ཤ་དུག་མི་འབྱུང་ངོ་ཐེ་ཚོམ་མེད། མོན་དུག་སྲུང་བའི་སྔགས་ནང་ཞོགས་མི་ཚིག་གིས་བར་མ་ཆོད་པར། རང་རྨ་བྱར་བསྒོམས་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླ། ནི་ལ་ཀན་ཐཿ མ་ཡཱུ་ཧུའང་རི་ཀན་ཐཱཿ དེས་ཐུབ་བོ། །གཞན་གསོ་ན་ཉུང་གཞི་ལ་མང་དུ་བཟླས། ནང་རེ་འབྲུ་བདུན་རེ་ཟ། དེའི་ཚེ་ཉིན་གཉིད་བུད་མེད་སྤང་། འགལ་ན་འབྲུ་བདུན་བསྐྱར་ཏེ་བཏང་། དེས་ཡུན་རིང་ན་བའང་སོས་སོ། །སྔགས་ཟབ་མོ་རཏ་གླིང་ཕུར་པའི་ལས་ཚོགས་ལས་སོ། །ཨོཾ་ད་ཧ་ཀྵཾ་ཀྵ་སྭཱ་ཧཱ། སྔགས་འདིས་སྲོག་ཆགས་སྡིག་པས་བཟུང་བའི་དུག་མེད་པར་བྱེད་དོ། །ཞེས་ནོར་བུ་བཟང་པོའི་རྟོགས་པ་ལས་སོ། །སྦྲུལ་གྱིས་བལྡགས་པའི་སོ་དུག་སྔགས་ནི། ཨོཾ་བྱ་ཁྱུང་ཙཀྲ་དུག་ནད་ན་ནའང་སོད་སྭཱ་ཧཱཿ འདིས་ནི་དེར་མ་ཟད་རྨ་གཉན་ཐབ་སྐྲང་སོགས་ལའང་ཕན་ནོ། །དུག་སྦྲུལ་ཁྱི་སྨྱོན་སོགས་ཀྱི་སོ་དུག་སྲུང་བར། གླ་རྩི། བོང་ང་ནག་པོ། གསེར་དངུལ་གྱི་གཡའ། བྱི་ཚེར། ལ་ཆའི་ཕྱེ་མ། དྲི་ཆེན་རྣམས་ལྷན་ཅིག་


MR11_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་ནས་ཐུམ་པོ་བྱས་ལ། ཡི་དམ་རྩ་སྔགས་ཤམ་བུར། ཧ་ལ་བཱི་ཙེ་ཀྲུཾ་ཀྲུཾ་ཤན་ཧཾ། བ་ན་གཱ་ཝ་ཙི་ཧ་ལ་མཱ་ར་ཎ་ཕཊཿ སྟོང་ཕྲག་དྲུག་བཟླས་པས་བསྒྲུབ་སྟེ་ལུས་ལ་བཏགས་པས་སྲུང་ངོ་། །རྒྱ་བལ་གྱི་སྦྱོར་ངན་བསེ་མོ་གཅེས་པའི་དུག་གི་བཅོས་ཐབས་ལ། ནད་དེས་ཟིན་པར་སྔགས་འདི་གྲངས་མང་བཏབ། སྔགས་མར་བྱས་ཏེ་ལུས་ལ་བྱུག །རྡོ་རྗེ་ཆད་ཀྱང་མི་སྐྱོན་ནོ། །ཨོཾ་ནན་སྭཱ་ཧཱཿ ས་ལ་ནན་སྭཱ་ཧཱཿ ཟབ་བོ་གཏེར་མའོ། །ཡང་བསེ་མོག་གི་སྔགས། ཨོཾ་མུ་སེ་མུ་སོད་སྭཱ་ཧཱཿ ཨོཾ་ཏྲི་ཏྲི་སྒུ་གུ་ལ་སྭདཿ ཧ་སེར་ནིར་རྦད་སྭཱ་ཧཱཿ སྨན་པ་ནད་པ་གཉིས་ཀས་གང་མང་བཟླས་ན་ཕན་ཟབ་བོ་གཏེར་མའོ། །ཁྱི་སྨྱོན་གྱི་དུག་ལ་བོང་བུ་ཕོའི་བྲུན་རློན་བཙིར་ཁུར་ཨ་རུ་གསེར་མདོག་ཕྱེ་མ་བཏབ་ལ་བཏང་བ་ཁོ་ནས་ཇི་ལྟར་ཚབས་ཆེ་ཡང་ཐུབ་ངེས། རྫས་འདི་ཟན་བསྲེས་ཁྱི་ལ་བྱིན་ནའང་མི་སྨྱོའོ། །མ་རྙེད་ན་རྟ་གསེབ་སྔོན་པོའི་སྦང་ས་ལ་མ་ལྷུང་བ་རློན་བཙིར་ཁུ་བར་མར་དཀར་བཏབ་སྟེ་སྣ་གཡས་ནས་བླུད་ན་གསང་སྨན་བླ་ན་མེད་པའོ། །སྐར་མ་རྫོགས་ནས་གནམ་མ་མཐོང་བར་བླངས་པའི་ཆུ་ལ། ཨོཾ་ཀི་ཀི་ཅ་ཅ་རཾ་རཾ་གྱི་སྐྱ་རིང་འང་ལིང་མཆེ་བ་ཅན་གྱི་དུག་སོད། སྔགས་འདི་བཏབ་པས་སེལ་བ་གཏེར་མའོ་ཟབ་བོ། །ཡང་ལུགས་གཅིག ཨོཾ་ཀི་ཅ་ཀི་ཅ་


MR11_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་རཾ་ཁྱི་ལཾ་མཆེ་བ་ཅན་གྱི་དུག་སོདཿ སྔགས་ཆུས་ངེས་པར་ཐུབ་སྟེ་གཏེར་མའོ། །སྔགས་འདི་གཉིས་གང་བཟླས་ཀྱང་འདྲའོ། །ཡང་ཁྱི་སྨྱོན་སྔགས་ཟབ་ལ། ཟན་ལ་ཤོ་མིག་གཏོད་པ་བཟོས་ལ།ཨག་སོདཿ ཨིག་སོདཿ མུག་སོདཿ མུག་སེལ་སོདཿ ཁྱི་དུག་སོདཿ ཅེས་བཏབ་གྱུར་མིད་བྱས་པས་ཐུབ། སྨིན་ནས་ཁྱི་སྐད་འདོན་པའི་ཚབས་ཆེན་ལ། ཨོཾ་རི་རི་ལི་ལི་པྲ་མར་ཆུ་ཤད་འབྱུང་པོ་ཁ་ཐཾ། ཁྱི་ཁ་ཆིངསཿ ནད་ཀྱི་སྡོང་པོ་བརླག ཆུ་སེར་སྡོང་པོ་ཕྱུངསཿ ཏྲི་ཏྲིར་གཟིརཿ ཟླུ་གུ་ཟླུ་གུཿ ཁྱི་ཏྲེ་དེ་བྱ་ཏ་ཤ་ཏ་རེ་ཧཱུྃ་ཕཊ་སྭཱ་ཧཱཿ ཞེས་པར་དཀར་འཁྱག་པ་ལ་བཏབ་སྟེ་བྱིན། མེ་ལོང་ལ་བཏབ།རས་ཁ་མ་ཉམས་པས་སྔོན་ལ་མེ་ལོང་ཕྱིས་ལ་རྗེས་ནས་རྨ་ཁ་ཕྱི་བ་སོགས་ཉིན་མཚན་ལན་གསུམ་རེ་བྱས་དེས་ངེས་པར་གྲོལ་ལོ་ཟབ་གཏེར་མའོ། །ཁྱི་སྨྱོན་བསྔགས་དུས་རང་སྲུང་ནི། ཨོཾ་ཁྲུང་ཁྲུང་སྭ་ཧཱུྃཿ ནད་པ་མ་སོས་བར་དུ་ཅི་རིགས་བཟླ། ནད་འདིའི་བདག་པོ་མཁའ་ལ་རྒྱུ་བའི་གདོན་རིགས་ཡིན་པས། ཡས་གདོན་ཕོག་པ་དང་། འཕར་སྤྱང་གིས་བསད་པའི་ཤ་མི་ཟ། ཁྲོམ་འཚོགས་སར་མི་འགྲོ། གྲིབ་ལ་འཛེམ། ཡིད་འཐད་ཀྱི་གྲོགས་བསྟེན། རིམ་གྲོ་དཀར་ཆོས་འབད་ན་གྲོལ་ལོ། །ཡང་ཁྱི་སྨྱོན་གྱིས་རྨུག་ན། ཨོཾ་དྲུང་སྭཱ་ཧཱཿ ཞེས་པའི་སྔགས་འདི་བཏབ་ན་ཁྱི་སྐད་འདོན་པ་


MR11_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྔགས་ཆུ་བྱིན་པས་ཐེ་ཚོམ་མེད་གཏེར་མའོ། །ཁྱི་སྨྱོན་གྱི་དུག་བརྟག་པ། ཟ་ཡིག་སྔགས་སོགས་རྒྱས་པར་ལོགས་སུ་བྲིས་པ་སོགས་ལས་ཤེས། འདི་ཙམ་གྱིས་འགྲུབ་བོ། །སྐྱེས་བུའི་ཚེ་བསྲིང་བར། རྒྱ་རྒྱ་མ་ཁ་གསུམ་གླ་རྩི་སྦྱར་ལ་དར་དཀར་པོའི་ཁུག་མའི་ནང་དུ་སྦ་ཞིང་། ཨོཾ་ཨཱཿཧཱུྃ་ཨཱ་ཡུཿ ཛྙཱ་ན་བུ་ཙ་ཨཱ་པ་ན་ཡ་བྷྲཱུྃཿ སྔགས་དེ་ཐོ་རངས་བརྒྱ་རྩ་བཟླ། དར་མཆན་ཁུང་བཏགས། རྫས་དེ་ལོ་རེ་སོང་ཚེ་ཁ་གསོ། དེས་ཚེ་དཔལ་རིགས་བརྒྱུད་འཕེལ་ལོ་ཞེས་སྐུ་གསུང་ཐུགས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །ཡང་ནང་སྔ་མོར་རང་གི་སྤྱི་གཙུག་ཏུ་རྒྱལ་བ་ཚེ་དཔག་མེད་བསྒོམས་ལ་གསོལ་བ་བཏབ་པས་འཁོར་འདས་ཀྱི་ཚེ་བཅུད་ཕྱག་གི་ཚེ་བུམ་དུ་འདུས་པའི་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་མར་རང་ལུས་གང་བར་བསམ། ཨོཾ་ཨཱ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱཿ བདུན་རེ་སོགས་བཟླས་པས་ཚེ་འཕེལ། རྒྱུན་དུ་བརྒྱ་རེ་མ་ཆག་ན་ཚེ་ཟད་པའང་འཕེལ་ཞིང་འཆི་མེད་གྲུབ་པར་འགྱུར་རོ་ཟབ། རོ་ཙ་བར་བྱེད་ཅིང་ལུས་བཅུད་འཕེལ་བ་ལ། ཅོང་ཞི་ད་བྱིད། ཁྱིམ་བྱའི་སྒོ་ང་། ཚ་བ་གསུམ་སྦྲང་རྣམས་སྦྱར་བར། ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡཿཤུ་ཏྲ་སྭཱ་ཧཱཿ སྟོང་བཟླས་ཟོས་ན་བཅུད་འཕེལ། ས་བོན་བུ་ཕོར་འགྱུར། རྒས་པ་མེད། ཚེ་རིང་།


MR11_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྟོབས་དང་བདེ་བ་རྒྱས་ཞེས་ཟབ་བོ་གཏེར་མའོ། །མོན་སྲན་གྲེའུ་དབང་ལག་ཅོང་ཞི་རྣམས་འོ་མར་བཏབ་ལ་གོང་གི་སྔགས་བཏབ་འཐུངས་པས་ཆགས་པ་རྒྱས། མཆིལ་ཤ་ཏིལ་མོན་སྲན་གྲེའུ།ད་བྱིད་གོ་བྱའི་ཤ་སྦྱར་འོ་མར་བཏབ་ལ་གོང་གི་སྔགས་བཏབ་སྟེ་འཐུངས་ན་རྡོ་རྗེ་འགྲེང་ཞིང་ནུབ་རེ་ལ་བུད་མེད་བརྒྱ་ལ་སྤྱོད་ནུས་པར་འགྱུར་རོ། །བསྐལ་པ་བསྒྱུར་ཐབས། ན་མོ་བྷ་ག་ཝ་ཏེ་སུ་གནྡྷ་པ་ཏ་ནི་ཀ་མི་ནི་ཀ་མི་ཤ་རི་སྭཱ་ཧཱཿ ཞེས་བཟླས་ཕོ་མཚན་ལ་བཏབ་སྟེ་རྒོད་བསླང་བགྱིས་ན་བསྐལ་བ་ངན་པ་རྣམས་བཟང་པོར་འགྱུར་རོ། །སྐྱེས་པའི་ཐིག་ལེ་ལ་ཐེའུ་རང་གི་གནོད་པས་བསྐམས་ནས་རྡོ་རྗེ་འགྱེལ་བ་ན། བུམ་རམ་དཀར་དམར་མ་གི་ཏ་ལ། ཨོཾ་པདྨ་རཀྴ་ཁྲོ་ཏ་སརྦ་བིག་ནན་རྦད་སྭཱ་ཧཱ། ཐེའུ་རང་གནད་སྔགས་འདི་བཟླས་བཏབ་པས་གྲོལ་ལོ་གཏེར་མའོ། །རྨི་ལམ་བྲག་གཡང་ས་དང་སྐས་ལ་མི་ཐར་བ་བུ་ཆུང་རུམ་པ་མི་གཞན་དང་སྦྱོར་བ་ཁང་སྟོང་ས་སྟོང་སོགས་ཐེའུ་རང་གནོད་པའི་རྟགས་སོ། །དབང་ཕྱུག་སྐ་རགས་ཁྲ་བོའི་རྒྱུད་ལས། བུད་མེད་སྐམ་པ་དང་སྐྱེས་པའི་ཕོ་རྟགས་ལངས་མ་བཏུབ་ན། སྔགས་འདི་རྒྱུན་དུ་བགྲངས་པས་ཐུབ་བོ། །ཨོཾ་ཧྲི་ཏྭི་ཛཿ ཧྲི་ཏྲི་ཧྲིང་ཧྲིང་ཛཿ ཐེའུ་རང་གི་མགོ་ཕྱིས་ལ་སྙིང་ཕྱུངསཿ རྦད་ལིང་ཐུན་ཛཿ རྨི་ལམ་དུ་ར་བསད་པ་རྨིས་ན་ཐུལ་རྟགས་སོ། །ཐེའུ་


MR11_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྲོག་སྔགས་ཟབ་མོའོ། །ཡང་ཐིག་ལེ་སྐམ་ན་ཨ་རུ་གསེར་མདོག །དཀར་པོ་ཆིག་ཐུབ། རྒྱ་ཚྭ་གསེར་ཕྱེ། མ་གི་ཏ་སྦྱར་བར་སྔགས་འདི་བཏབ་ལ་ཟ། ཨོཾ་ཁྲོ་ཏ་བྷུ་ཏི་ཏི་ས་མ་ཡ་ཀུ་རུ་ཀུ་རུ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་བཏབ་བཏང་ན་རྡོ་རྗེ་མི་འགྱེལ་བུ་ཡོད་པར་ངེས་སོ་ཞེས་གཏེར་མའོ། །ཡང་ཕོ་ཡི་མཚན་མར་གདོན་ཞུགས་ནས་མི་ལྡང་བ་སྲུང་ཞིང་གསོ་བའི་རྫས། སྲན་མ་དཀར་ནག་སྲན་ཆུང་མོན་སྲན་ཟར་མ། ད་བྱིད་ཕུག་རོན་ཤ་ཁྲག རྒྱ་མཚོའི་ལྦུ་བ། པི་ལིང་། རུ་རྟ། ཅུ་གང་། ཆུ་སྲིན་ལྡེར་མོ། མཆིལ་པའི་ཤ་རྣམས་སྦྱར་ཏེ། བ་དཀར་དང་ར་དཀར་འོ་མས་རིལ་བུ་དྲིལ་བ་ཟོས་ན། རྡོ་རྗེ་ལྡང་ཞིང་ཤིང་ལྟར་རེངས་པར་འགྱུར། སྔགས་ནི། ཨོཾ་ཐར་ཐར་སོདཿ ཐིལ་ཐིལ་སོདཿ ཐེའུ་རང་སོདཿ རྒྱ་གར་ཐེལ་རུ་རང་སོདཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་སོ་གཏེར་མའོ། །མི་འཐིང་པོ་ལྐུགས་པ་ཞ་བོ་བུ་ཆུང་རྣམས་ཐུར་དུ་དེད་པ་སོགས་ཐུབ་རྟགས་སོ། །དོ་འབྲས་དང་ཐང་ཕྲོམ་རིགས་ཀྱི་རྫས་ཀྱི་རང་ཐུམ་པོ་དང་སྔགས་མདུད་ཀྱིས་ཀྱང་སྲུང་ངོ་། །རྒྱས་པར་གུ་རུ་པདྨའི་མན་ངག་གསང་བ་དགུ་འགྱུར་ལས་གསལ་ལོ། །གང་སྦལ་ཕུག་རོན་ཕོ་ཡི་ཤ མཆིལ་ཤ་ར་ཐུག་འབྲས་བུ་དང་། བག་ཕྱེ་ཚྭ་སྣ་རིལ་བུར་དྲིལ།


MR11_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་སྣོད་བཞག་ལ་ཞག་གསུམ་སྔགས། ཨོཾ་ཧྲིང་ཧྲིང་དབང་ལ་ཧྲིང་ཧྲིང་ཧ་རི་ནི་ས་ཧྲིང་སྭཱ་ཧཱཿ འགྲུབ་ན་རིལ་བུ་དམར་པོར་འོང་། ཆང་ཕུལ་ཉིན་མཚན་མེད་པར་རྡོ་རྗེ་འགྲེང་ཞེས་སོ། །ཡང་ཐིག་ལེ་འཕེལ་ཐབས་ལ། ལུག་གི་ཆུ་གདན་གསུམ་མེར་བསྲེགས། ཆམ་དེ་སོང་བ་དང་བཏོན་ནས་སྔགས་གང་ནུས་བཏབ། ནགྟ་རཀྟ་པུས་པ་ཏ་ཡེ་སྭཱ་ཧཱཿ སྨྲ་བཅད་བཟླས་བཏབ་ལྟོ་སྟོངས་ཟོས་ན་ཐིག་ལེ་འཕེལ། ཁྱི་དཀར་ལིང་ག་འབྲས་བུར་བཅས་པ་དང་། ཕུག་རོན་བྲུན་ཤིང་མངར་། ག་བུར། ཙན་དན་དཀར་པོ། སྐྱེས་པའི་ས་བོན། སྦྲང་སྨྱོན་སྦྱར་བ་ཞིབ་ཏུ་བཏགས་ལ། ཨོཾ་གི་རི་ཧི་རི་ཙི་རི་ཨ་ཨ་ཤུ་མ་ཤ་མ་སྭཱ་ཧཱཿ ཞེས་བཟླས་རྫས་ལ་བཏབ་སྟེ་རྡོ་རྗེར་བྱུགས་ནས་སྤྱད་པས་བདེ་བ་མཆོག་ཏུ་འཕེལ་ལོ་ཞེས་གཏེར་མའོ། །ཡང་ན་སྔགས་གོང་ལྟར་ལ་རྫས་སྦྲང་རྒོད། ཐང་ཕྲོམ་འབྲས་བུ། ར་ཚིལ་དངུལ་ཆུ་རྣམས་བསྡུས་པའི་རིལ་བུ་སྲན་མ་ཙམ་མར་རྙིང་སྦྱར་ཏེ་རྡོ་རྗེར་བྱུགས་ནས་མཚན་མོར་སྤྱད་ན་ཡུམ་བདེ་སྐྱེད་ཀྱི་མཁའ་འགྲོའི་གསང་རྫས་ཟབ་མོ་གསེར་གྱི་བཀའ་རྒྱ་ཅན་ནོ། །དེ་དག་གིས་དལ་འབྱོར་མི་ཡི་འགྲོ་བའི་རྡོ་རྗེ་ལུས་ཀྱི་འབྱུང་འཁྲུག་གི་ནད་གསོ་བའི་སྔགས་ཟབ་མོ་རྣམས་ཡན་ལག་བརྒྱད་ཀྱིས་ཁོངས་སུ་བསྡུས་ཏེ་བཀོད་པ་སོང་ནས།


MR11_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཕྱུགས་ཀྱི་ནད་སྔགས་སྐོར་ལས། ཐོག་མར་སྲུང་བ་ལ། རྟ་སྲུང་ཟབ་མོ་ནི། ཨོཾ་ནནྐི་ས་ར་ནནྐི་ས་ཏྲཿ སྣོད་དུ་ཆུ་བླུགས་པར་སྔགས་འདི་སུམ་བརྒྱ་བཏབ་སྟེ་རྟའི་སྣ་བུག་ཏུ་བླུག །རྟའི་རྣ་བ་གཉིས་སུ་སྔགས་བརྒྱ་ཐོས་པར་བགྲངས ། སྔགས་པའི་བུམ་ཆུའི་རྒྱུན་མགོ་ནས་མཇུག་མའི་བར་དུ་བླུག དེ་ལྟར་ལན་ཉེར་གཅིག་བྱ། དེ་ནས་སྔགས་བརྒྱ་བགྲང་སྟེ་རྟའི་མགོ་ནས་མཇུག་མའི་བར་ལག་པ་གཡས་ཀྱིས་ཞོམ་ཞོམ་བྱ། དེས་རྟའི་ཁོང་སྦོས་སོགས་ཁོང་ནད་ཐམས་ཅད་ཞི་བར་འགྱུར་རྟ་ནད་མེད་པའི་རྣ་བར་སྔགས་འདི་བརྒྱ་བགྲང་ན་ལོ་དྲུག་ཏུ་རྟ་དེ་ནད་མི་འབྱུང་ངོ་།།མན་ངག་ཟབ་མོ་འདི་ནི་པཎྜི་ཏ་རིན་ཆེན་ཚལ་གྱིས་གནང་བའོ། །རྟ་ཡི་བཙན་སྲུང་དར་དམར་ལ་རྡོར་མདུད་གསུམ་བྱས། མདུད་པ་རེ་ལ། ནཱ་ག་ཁྱུང་གིས་གཙང་མགོ་དམར་པོ་སོདཿ ཞེས་པའི་སྔགས་སྟོང་ཚོ་རེ་བཏབ། རྟེན་སྙིང་གིས་རབ་གནས་བྱས་ཏེ་ཕོ་གཡས་མོ་གཡོན་རྣ་བའི་ཐད་ཀྱི་རྔོག་མར་བཏགས་པས་ཐུབ་བོ། །རྟ་ཕོ་རྒོད་མོ་རྒོད་བཙན་སྲུང་ལ། ཧག་ཐམ་ཧག་ཐམ་བཙན་མཱ་ར་ཡ་ཧ་ཡ་གྷྲི་ཝས་སྲུངས་ཤིག་རཀྵཿ ཕོའི་རྣ་བ་གཡས། མོའི་གཡོན་དུ་བཅིངས་ཤིང་། ཀུ་དང་ཕུས་བཏབ་ནས་སྔགས་བརྒྱ་ཚོ་གསུམ་བཟླས་ན་ཐེ་ཚོམ་མེད་དོ་ཞེས་དགོངས་འདུས་ཐེམ་མེད་ལས་


MR11_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཕྱུགས་སྲུང་ཟབ་མོ་ནི། ཨོཾ་གུ་རུ་ཧ་རི་ནི་ས་ནག་པོ་རྦད་རྦདཿ དུ་ན་ཡ་རྦད་རྦདཿ མ་ཧཱ་པཉྫ་རྦད་རྦདཿ ཐུཾ་རིལ་ཛ་རྦད་རྦདཿ སྔགས་འདི་ཁྲི་བཟླས་ཏེ། གུ་གུལ་དཀར་ནག་གླ་རྩི་ཤིང་ཀུན་སྒོག་སྐྱ་མི་སྐྲ་ཡུངས་ཀར་མི་རུས་ཐལ་ཆེན་སྦྱར་བ་ལ་བཏབ། རྫས་དེ་གང་གི་མགུལ་དུ་བཏགས་པའམ། ཁོང་དུ་བཏང་བ་དང་། སྣར་བདུག་པ་སྔགས་ཆུ་བྱས་པས་ཀྱང་རུང་སྟེ། མི་ཕྱུགས་གང་གི་ཡང་འགོ་བའི་ནད་རིགས་ཐམས་ཅད་སྲུང་བ་དང་། གསོ་བའི་མན་ངག་ཁྱད་པར་ཅན་གཏེར་མའོ་ཟབ་རྒྱཿ སྔགས་འདིས་ནག་པོ་དགུ་སྦྱོར་རམ། ཁྱུང་ལྔ་སོགས་ལ་བསྔགས་ནའང་གོང་དང་འདྲའོ། །ཧོན་སྲུང་བ་ན། སྟག་ཤམ་གཏེར་ཁ་ལས་ཕྱུགས་ནད་ཏྲེ་ཏྲེ་ཧོན་ཞེས་པ་ཕྱུགས་ཐམས་ཅད་ཁ་བཏགས་པར་བྱེད་པ་དེ་བྱུང་ན། འཐབ་འཁོན་སྐྱས་ནག་བན་བཙུན་ཧྲལ་པོ་བུད་མེད་འཛེམ། འབར་ཆོག་ཆུ་གཏེར་གོང་མདོས་ཞི་དཀར་ལྷ་བསང་ཕྱྭ་གཡང་བཀུག་སྔགས་པས་ཟ་ལམ་བཏང་། ཐུན་རྡོ་བརྒྱབ། སྲུང་བ་ནི་དུག་ཤོག་ལ་ནག་པོ་དགུ་སྦྱོར་གྱིས་སྔགས་འདི་ཚེག་མེད་འཕྲེང་གཅིག་བྲི། ཏདྱ་ཐཱཿདྷརྨ་རི་རྦད་ཆོད་ཐུན་བྷྱོ་པདྨ་ཧྱ་གྷཱི་ཝ་ས་མ་ཡ་ཛ་ཛཿ རུ་ལུ་རི་མ་ཏི་བྷྱོ་ཛ་ཛཿ ཕྱུགས་ནད་ལ་ཛ་ཛཿ རྦད་ཆོད་རྦད་ནནཿ འཆང་བ་ལ་སྲུངས་ཤིག་རཀྵཿ རྟེན་སྙིང་གིས་རབ་གནས་བྱ། མཇུག་ནས་


MR11_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་དྲིལ་ཕྱུགས་ལ་བཏགས་པས་སྲུང་། ཡང་བཙན་དུག་ཐང་ཕྲོམ་འབྲས་བུ་རྒྱ་སྣག་བསྲེས་པས། བསོ་ཀིང་ཀིང་ཆོ་ཆོ་རྨུག་རྨུག་གོད་འདྲའི་སྲོག་ལ་ཟ་ཟ་རྦད་རྦད་གོད་འདྲེ་སོད་སོད་འཆང་བའི་ཕྱུགས་ནོར་འདི་ཀུན་ལ་གོད་འདྲེའི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵཿ ཞེས་འཕྲེང་གཅིག་བྲིས་ལ་རེ་བས་དྲིལ་ཏེ་སྒོ་ཁྱིའི་སྐེ་ལ་བཏགས་པས་ཕན། ཡང་ཡུངས་ཀར་གྲི་ཤ་རྒྱ་སྣག་བསྲེས་པས་འདི་བྲིས། ཐ་ཐ་ཤ་རི་མ་མ་སོད་གནོད་བྱེད་ལས་སྲུངས། ཚ་རྒ་རྣ་བྷཿ འདི་འཕྲེང་གཅིག་བྲིས་རེ་བས་དྲིལ་ཁྱིམ་གྱི་སྒོ་ལ་བཏགས། ཨོཾ་པརྞ་ཤ་བ་རི་པི་ཤཱ་ཙི་སྭཱ་ཧཱཿ ཤ་བ་རིའི་གཟུངས་འདི་སྟོང་ཚོ་གསུམ་གྱིས་རྡོ་ཐུན་བསྔགས་ལ་ཕྱུགས་རྣམས་ལ་བྲབ། དེ་རྣམས་ཀྱིས་མཆོག་ཏུ་སྲུང་བར་བྱེད་པར་འགྱུར་རོ་ཞེས་གསུངས། ན་བའི་ཕྱུགས་དེའི་དཔྲལ་དཀྱིལ་མེ་བཙའ་བཏབ་ན་གཞན་ལ་མི་འཕྲོ་གསུང་། ཡང་ཧོན་སོགས་སྲུང་བ་ལ། གླ་རྩི་ཤིང་ཀུན་གུ་གུལ་མུ་ཟི་ནག་པོ་རྒྱ་སྣག་ཤུ་དག་ནག་པོ་བོང་ང་ནག་པོ་སྒོག་གཅིག་མ་ཨ་རུ་གསེར་མདོག་མུ་ཟི་སེར་པོ་རྣམས་ཞིབ་བཏགས་ལོ་བརྒྱད་ཀྱི་ཆུས་ཁུ་བ་བྱས་ཏེ་ལྕགས་སྣོད་དུ་བརྟུལ་བའི་སྣག་ཚས་སྔགས་འདི་གཟབ་མ་ཚེག་མེད་དུ་འཕྲེང་གཅིག་བྲི།


MR11_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། ཨ་ལི་མ་ཏ་ལི་ཧ་ལ་ན་མ་ཧཱ་མ་ཧཱི་མ་ཧཱ་དང་། འཆང་བ་འདི་ལ། ཛ་རན་ཙནྡྷ་ལི། ཨ་ཀ་ཧ་ཏི། ཀ་ན་དེ་ཧི། ཀ་ན་ཙ་དུ་ག་ཐཱ། མུ་ནི་ཨཱཪྱ་སྭཱ་ཧཱཿ འཆང་བ་འདི་ལ་ཧོན་སྲུང་དུ་གསོལཿ སྔར་གྱི་རྫས་རྣམས་ཀྱི་ཁུ་བ་སླ་མོས་ཀྱང་བྱུག་སྟེ་རང་སྔགས་བརྒྱ་རྩས་རབ་གནས་བྱ་ཞིང་རྟེན་འབྲེལ་སྙིང་པོ་བརྗོད། དེ་ནས་སྲིད་པ་དཀར་ནག་ཕྱིར་བསྒྲིལ་བའི་སྐུད་པས་ཡི་གེ་གཤམ་ནས་ཡར་དྲིལ་བ་ལ་དམ་དུ་བཅིངས། མགོ་མཇུག་མ་ལོག་པར་རྣ་བའི་ནང་དུ་བཏགས། དེས་ཧོན་གྱི་གནོད་པ་སྲུང་ཞེས་གཏེར་མའོ། །སྔགས་འདི་ནི་དེ་ཙམ་དུ་མ་ཟད་མི་ཕྱུགས་གང་གི་ཡང་འགོས་རིམས་སྲུང་བ་ཟབ་མོ་སྟེ། ཏདྱ་ཐཱ་ཨ་ལི་མ་ཏི་ལི་ཧི་ལ་ན་ཆེ་གེ་མོ་ལ་ཛ་རན་ཙནྡྷ་ལི་སོགས་གང་བཞིན་སྭཱ་ཧཱའི་བར་གྱི་སྔགས་དེ་ཉི་མ་ཤར་དུས་གླ་རྩི་ཤུ་དག་རྒྱ་སྣག་གསུམ་སྦྱར་བས་འཕྲེང་གཅིག་བྱས་ལ་བྲི། བྲི་དུས་དེ་ལས་མ་ལང་བར་མཇུག་ནས་ཡར་དྲིལ་མི་ལག་མི་བརྒྱུད་པར་མི་གང་གི་མགུལ་དུ་བཏགས་ན། རིམས་ཐམས་ཅད་དང་ཁྱད་པར་གག་ལྷོག་རྒྱུ་གཟེར་ཐུབ། ཟླ་བ་གསུམ་ནས་གསར་པ་རེས་བརྗེས་ན་ལེགས། འདི་ཕྱུགས་ལ་བཏགས་ན་ཡང་ཕྱུགས་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད་ཅེས་གསུངས། ཡང་དཔེ་ལ་ལ་ན་སྔགས་འདི་


MR11_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་གཅིག་བྲིས་པར་ཁྱུང་ལྔ་བྱུག་སྟེ་ཡེ་དྷར་མས་རབ་གནས་བྱས་མཇུག་ནས་ཡར་དྲིལ་ཏེ་རྣ་ཐོག་བྱབས་པས་ཕྱུགས་ཀྱི་ཨོག་འགག་སྲུང་བ་དང་། ཡང་དེས་ལུག་གི་ཨོལ་འགག་སྲུང་བའི་རྣ་ཐོག་ཏུ་གསུང་། མདོར་ན་ཕྱུགས་ནད་འགོས་རིམས་གང་ཡང་སྲུང་བའི་མན་ངག་ཟབ་མོའོ། །འདི་ལ་སྔགས་འདྲ་མིན་ཡིན་ནམ། དཔེ་མ་དག་པ་ཡིན་མ་ངེས་ཀྱང་ཅུང་ཟད་མི་འདྲ་བ་མང་པོ་འདུག་མོད་དཔེ་འགའ་བསྡུར་ནས་མཐུན་ཤོས་བཟུང་སྟེ་དག་ཁུལ་དུ་བྲིས་པ་ཡིན་ནོ་ཟབ་བོ། །བཀའ་ལས་རིམས་སྲུང་གཟུངས་ནི། ཏདྱ་ཐཱ། ཨི་ལི་མི་ཏི་མི་ལི། ཧ་ནེ་སུ་ཧ་ནེ། ཨ་མུ་ཀ་ཛྭ་ར་བནྡྷ་མི། ཨེ་ཀ་ཧི་ཀཾ ཏྲི་ཧི་ཀཾ ཙ་ཏུ་རྩ་ཀཾ ནིཏྱ་ཛ་རཾ་སྭཱ་ཧཱ། ཞེས་སོ། །འདི་ནི་གོང་གི་རིམས་སྲུང་དང་ཆ་འདྲ་ལ་གོང་གི་སྔགས་རྣམས་ཀྱང་དེ་བཞིན་དུ་བྲིས་པས་ནུས་པ་འབྱུང་བར་མཐོང་བས་འདི་དང་བསྟུན་མི་དགོས་སོ། །ཕྱུགས་ཀྱི་གློ་གོར་གཉིས་སྲུང་ན། གུ་གུལ་དཀར་ནག་གླ་རྩི་ཤིང་ཀུན་སྒོག་སྐྱ་ཡུངས་ཀར་མི་སྐྲ་མི་རུས་ཐལ་ཆེན་རྣམས་ཆ་མཉམ་ཞིབ་བཏགས་ལ། ཨོཾ་སསཪྺ་ནི་འུབ་འུབ་གཉན་ལ་འུབཿ གཏུབས་གཏུབསཿ ནཱ་ག་ཀ་ས་པ་ན་ཡ་མ་ལེ་སྭཱ་ཧཱ༔ སྔགས་སྟོང་བཟླས་ཏེ་བཏབ་པའི་ཕྱེ་ཐུམ་ཕྱུགས་ཀྱི་


MR11_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་དུ་བཏགས། ལྟོ་རུ་བཏང་། ཁ་སྣར་བདུགས་པས་ཐུབ་བོ་གཏེར་མའོ། །ཕྱུགས་ཀྱི་སྨྱོ་ནད་མགོ་འཁོར་སྲུང་ན། གྲི་རས་བསྲེས་པའི་རྒྱ་སྣག་གིས། ཨོཾ་རལ་གྲིས་རྦད་རལ་གྲིས་གཏུབས་རལ་གྲི་འབར་བས་མགོ་འཁོར་ཆོད་རཀྵཿ ཡེ་དྷར་རབ་གནས་བྱ་མཇུག་ནས་ཡར་དྲིལ་ཕོ་གཡས་མོ་གཡོན་བཏགས་པས་ཐུབ་བོ་གཏེར་མའོ། །སེམས་ཅན་སྨྱོ་སྲུང་ཟབ་མོ་འདི་བཏགས་པས་སྲུང་ངེས་སོ། །ཡང་། ཨོཾ་ཁལ་ཁལ་ཁོལ་ཚངས་ཁོལ་བསྙོ་འདྲེ་མགོ་འཁོར་གཟའ་ཐལ་གྱི་སྙིང་ལ་མཱ་ར་ཡ་ཕྱིར་བཟློག་ཅིག་རཀྵཿ ཞེས་ཕྲེང་གཅིག་བྲིས་མཇུག་ནས་ཡར་དྲིལ་ཁྱི་ནག་སྐུད་པས་ལུང་བྱ། རབ་གནས་ཚད་ལྡན་བྱས་ལ་རྣ་ཐོག་ཏུ་བཏགས་ན་སྨྱོ་ནད་མགོ་འཁོར་ཐུབ་ལག་བླང་མ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་མའོ། །ལྷོག་པའི་གདང་སྲུང་སྔགས་འདི་དབུ་ཅན་དུ་བྲིས། བོང་ནག །ཟི་ར་ནག་པོ། གུ་གུལ། མུ་ཟི་ནག་པོ། ཏིལ་ནག གླང་ཆེན་རྩི། ཤུ་དག །སྟག་ཤ །སྦྲུལ་ཤ །གཙོད་རུ་རྣམས་ཞིབ་བཏགས་ཡི་གེ་ལ་བྱུགས། མཐའ་ནས་ཡར་དྲིལ་རང་སྔགས་རྟེན་སྙིང་རབ་གནས་བྱ། ཨཱོཾ་ས་སྲིན་ནག་པོའི་སྲོག་ལ་རྦདཿ གནོད་བྱེད་ལྷོག་པའི་སྙིང་ལ་རྦདཿ རྡང་གང་གི་ནོར་ལ་སྲུང་ཅིགཿ རྡང་མགོ་ནས་མར་བཏགས་པའམ།


MR11_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་དུད་འགྲོ་ཤ་བཟང་གཅིག་ལ་བཏགས་ན་སྐྱ་ཐོག་སྔོ་ཐོག་རེ་ལ་ཐུབ་པར་འགྱུར་རོ་ཞེས་ཁྱུང་དྲག་རྡོ་རྗེའི་གཏེར་མའོ། །འདི་རྒྱ་སྣག་སླད་མེད་ཀྱིས་བྲིས་ལ་རྡོ་རྗེའི་འགྲོས་ཅན་བྱ་རོག་གྱི་ཤས་བྱུག མན་ངག་བརྒྱ་རྩས་རབ་གནས་བྱ་ཚོན་སྐུད་ཀྱིས་བཅིངས་ཏེ་བཏགས་ན་མི་ཕྱུགས་གང་ཡིན་ཡང་ལྷོག་ནད་སྲུང་བར་འགྱུར་ཞེས་ལས་རབ་རྩལ་གྱི་གཏེར་མ་ཟབ་བོ། །ཡང་ལྷོག་པ་སྲུང་བར། དུང་དང་སྦལ་སྦྲུལ་གྱི་ཤ་སྟག་ཤ་གུ་གུལ་གླ་རྩི་ཤུ་དག་འཛིན་པ་རྟ་བོན་ར་ཐུག་ལུག་ཐུག་གི་ཁྲབ་མ་སྟེ། རྫས་སྣ་བཅུ་གཉིས་ལ།ཨོཾ་ཁྲོོཾ་ཁྲོཾ་ཁྲུས་ཁྲུས་ལྷང་ལྷང་ཚེར་ཚེར་དྷ་དྷ་ཕུག་རྦད་སྭཱ་ཧཱཿ ངག་བཅད་ལ་སྔགས་འདི་བརྒྱ་རྩ་བཏབ། གནམ་ལོ་གང་ཡིན་དེའི་དགྲ་མདོག་གི་ཐུམ་བྱས་ནས་སྐེ་ལ་བཏགས་ན། མི་ཕྱུགས་གང་ཡིན་ཀྱང་སྲུང་ངོ་ཞེས་སོ། །ལྷོག་པའི་རྣ་ཐོག་འབྲུ་ལྔ་པ་ནི། ཁ་ས་ཡ་ན་བྷྱོ་བཟློགཿ ལྕུང་ཁྲའམ་ཕོ་རོག་ཤས་བྱུག་ཤ་ཁྲག་མ་ཟོས་པར་སྨྲ་བཅད་སྔགས་སྟོང་བཟླས་ལ་ཕུས་བཏབ། མཇུག་ནས་དྲིལ་མི་ལག་མི་བརྒྱུད་བཏགས་པས་ཐུབ། འདི་རྣ་ཐོག་དང་ཟ་ཡིག་གང་ཡིན་བྱས་ཀྱང་ཆོག་གོ། ཡང་མཚེར་ས་རེའི་ལྷོག་སྲུང་ནི། ཨོཾ་ཁོལ་ཁོལ་ལྷོག་པ་དམར་པོ་སོདཿ ཨོཾ་བྲ་མ་བྲ་མ་


MR11_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སོདཿ སྔགས་འདིས་ཚོས་ཀྱི་རོ་མ་དང་ལ་ཆ་སྔགས། ཨོཾ་སྤྲ་རུ་གང་ཆེན་འགྱིང་བས་ལྷོག་པ་དམར་པོའི་སྲོག་རྩ་ཆོདཿ སྔགས་འདི་ལན་དགུར་བཟླས་ཏེ་མེ་ལྕགས་ལ་བཏབ། ཐ་མ་མེ་སྟག་དགུ་ཟིས་ལྷོག་པ་དམར་པོའི་སྲོག་རྩ་ཆོདཿ འདི་དགུ་བཟླས་ཏེ་མེ་རྡོ་བསྔགས། དེ་ནས་མེ་བརྡབ་པ་དེས་མེ་ཁ་དང་པོར་གསོས་ནས་ཚོས་རོ་དང་ལ་ཆ་བསྲེག ཞག་གསུམ་ཚུན་དམར་གྱི་རིགས་བཙོ་བསྲེག་མི་བྱ། དེས་མཚེར་ཁ་དེར་འདུག་རིང་ལྷོག་པ་ཐུབ་ངེས་ཡིན་ནོ། །ཞེས་སོ། །དེ་བཞིན་མཚེར་སྲུང་ཕུར་པ་སྔགས་རྒྱུ་སོགས་མང་པོ་འདུག་ཀྱང་འདིར་དེ་ཙམ་གྱིས་ཆོག་གོ །སློབ་དཔོན་པདྨས་གདམས་པ་ལས། སྙིགས་དུས་རྒྱ་ནད་ཨོལ་འགག་ཅེས་བྱ་བས་མི་དང་དུད་འགྲོ་ཁ་བཏགས་གཏོང་བས། དེ་ལས་བསང་ཞི་བ་ལྷ་གསོལ་བྱས་ལ། ཚོན་སྐུད་སྣ་ལྔའི་འུར་རྡོ།གྲིར་ཤིའི་ལྤགས་པའི་འུར་མཐིལ། ཡུགས་མོའི་སྐྲའི་ཚག་ལྕེ་ཅན་གྱི་མཐིལ་དུ་རྡོ་ལ་སྔགས་འདི་བཏབ་ལ་འཕེན། བྷྱོ་ཧེ་ལ་ནག་མོ་རུ་ཏྲི་ཡ་མ་འགག་འདྲེ་དབུགས་ཐུམ་སརྦ་མཱ་ར་ཡ་ཕཊཿ ཅེས་བཟླས་ཤིང་འཕངས་པས་ཟློག་པར་བྱེད་གསུངས་ཟབ་བོ། །སྐེ་འགག་སྲུང་བ་ནི། ཨོཾ་ཨ་ཏི་མུག་ཏི་ཨ་དི་མི་ཏི་ལྷོག་ཏི་ནག་པོ་རྦད་གག་པ་ནག་པོ་རུ་པ་ཙ་ཧ་ས་བྦ བྦྦནྦྣཧྷྷསྤྭཿ ཛྷྱགྦྦཿཁྷྷབྷྷཧྣྱིཿ འདི་འཕྲེང་


MR11_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱས་པས་ཕྱུགས་ནད་ཨོལ་འགག་ཐུབ་བོ། །ཡང་སྐེ་འགག་གདངས་སྲུང་། འདི་ལ་རྫས་ཁྱུང་ལྔ་བྱུག་གཡོག་དམར་པོ་བྱ་ཕོ་གཡས་མོ་གཡོན་རྣ་ཐོག་བྱས་པས་ཐུབ་པར་འགྱུར་གཏེར་མའོ། །ཏདྱ་ཐཱ། ཨ་ལི་མ་ཏ་ལི་ཧ། འཆང་བ་ལ་ཛ་ར་ན་ཙན་དྷ་ལི། ཨ་ཀ་ན། དྷེ་ཧི་ཀ་ན་ཙ། དུག་ཐ་མུ་ནི་ཨཧྱ་སྭཱ་ཧཱཿ འཕྲེང་གཅིག་བྲིས་ལ་ཁྱུང་ལྔ་བྱུགས་ཡེ་དྷར་རབ་གནས་བྱས་མཇུག་ནས་དྲིལ་ཏེ་རྣ་ཐོག་བྱས་པས་ཨོལ་འགག་སྲུང་། ཁ་ཚ་དང་ནི་ས་སྲུང་ན། རྒྱ་སྣག་ར་ཁྲག་བསྲེས་པས།ཏདྱ་ཐཱཿ བུད་མེད་ནག་མོ་མེ་རུམ་མ་མཆུའི་དཔལ་གྱི་སོདཿ འཆང་བ་ལ་སྲུངས་ཤིགཿ འཕྲེང་གཅིག་བྱས་ཏེ་བཏགས་པས་ཐུབ། ༨ ༡༥ ༢ ༧༦ ༣ ༡༨ ༡༡༡༤ ༩ ༨ ༡༢༣ ༥ ༡༠ ༡༣འཁོར་ལོ་འདི་བྲིས་ནས་གཡག་སོགས་ཀྱི་རྭའམ་ཟེ་བ་ལ་བཏགས་ན་ཁ་ཚ་ཟེར་བའི་ཕྱུགས་ནད་ལ་ཕན་ཞེས་འཕགས་ཡུལ་པའི་གདམས་པའོ། །ཡང་ཁ་ཚའི་སྔགས་ཐབ་ནི། བརྩེགས་ཡིག་འདི་བྲིས་པ་ལ། ཨོཾ་ནག་པོ་དྷ་ཤང་སྭཱ་ཧཱཿ ཞེས་པའི་སྔགས་འདི་ཇི་མང་བཏབ། མཐའ་ནས་ཡར་དྲིལ་ཕྲུག་ཁྲ་བོའི་གཡོགས་རྒྱབ་ཕོ་གཡས་མོ་


MR11_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བཏགས་པས་ཁ་ཚ་ཐུབ་ངེས་སོ། །ཡང་ཁ་ཚ་དང་ནས་ཚ་སྲུང་ཐབས། གླ་རྩི་མཚལ་དཀར་མུ་ཟི། ངང་པ་བྱ་རྒོད་ཉ་ཡི་ཤ་ཤ་ཆེན་རྣམས་སྲུང་བའི་ནང་དུ་བཏུམ་རང་དང་སྲུང་བའི་ཡིག་འབྲུ་རེ་རེ་བཞིན་རྟ་མགྲིན་ནག་པོའི་སྐུར་བསྒོམ། ཡིག་རྒོད་འདི་འཕྲེང་གཅིག་བྲིས། གབ་པའི་སྔགས། ཨོཾ་ཡཀྵ་ནག་པོ་པུ་ཏྲ་ཡ་ཡཾ་ཡཾ་ཧ་ལ་ནག་པོ་མུ་ནེ་ཡེ་སྭཱ་ཧཱཿ ཞེས་པས་ཅི་མང་བསྔགས། རྟེན་སྙིང་གིས་རབ་གནས་བྱ། རྫས་དང་ཡིག་རྒོད་མགུལ་དུ་བཏགས་པས་ཐུབ་ཅེས་ལས་རབ་རྩལ་གྱི་གཏེར་མའོ། །འདི་ལ་ཁྱུང་ལྔ་བྱུག་སྟེ་བཏགས་ཁ་ཚའི་རྣ་ཐོག་གོ། ཕ་དམ་པའི་མན་ངག་སེམས་ཅན་ཁ་ཚ་སྲུང་བ་ལ། དུད་ཁ་དགུའི་ཐལ་བ་གཞན་གྱིས་མི་མཐོང་བར་བླངས་ནས་སླ་ངའི་ནང་དུ་བླུག་སྟེ་དེ་ལ་དཔེའུ་རིས་འདི་ལྟར་བྲིས་ལ་ཐབ་ཐོག་བཙུགས་ལ་མི་བཏང་ནོར་སྤུ་རྟགས་ཅན་གྱི་གཅིན་དེ་སྟེང་བླུགས་ནས་ཐབ་ཨོཾ་མ་མ་ཀ་མཾ་སྭཱ་ཧཱ ཞ ལ ས པ ཨ ངུ མ ཡ ཧཱུྃ་ཧྲཱི་ཨོཾ་ཨཱ་ཏཱཾ་ཏཱཾ་ཨཱཿ གསུར་བཅས་དེ་ལ་བཙག་དམར་བླུགས་ནས་ཕྱུགས་ཕོ་ཡི་རྭ་གཡས་དང་། མོ་ལ་གཡོན་དུ་བྱུགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།


MR11_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཚའི་སྔགས་ནི། ཨོཾ་ཉ་འབུ་ཉི་ཙེ་སོདཿ ཆུ་ལ་སྔགས་ནས་ཁོང་དུ་བཏང་བས་ཕན་ནོ། །ཡང་གཅིག །ཨོཾ་ཉ་ཕུར་ཉ་མ་སྭཱ་ཧཱཿ སྲུང་སྐུད་ཁྲ་བོ་ལ་མདུད་པ་ཉེར་གཅིག་བྱས་ལ་མདུད་གྲངས་སྔགས་བཏབ་ནས་བཏགས་པས་ཕན་ནོ། །ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀོ་གངྒ་ཡེ་མུ་ནཱ་སཱ་དྷ་པ་ཏི་གཽ་ཙ་ར་ཁེ་གཽ་རཱ་ཥ་ཛ་ཏི་ན་ཨ་ཝཻ། མུ་ཁ་ན་པཱ་ཀེ་ཥུ་རེ། གོ་ལཱ་ལ་ཀི། བཱ་ཙ་ཕུ་རཱི། མེ་རི་བྷ་ཀྟ། གུ་རུ་ཀཱི། ཤཀྟི། ཕུ་རོ་མནྟྲ་པ་ཌཱུ་སྭཱ་ཧཱ། སྔགས་འདི་གཟའ་ཉི་མའི་ཉིན་ལྒ་སེར་གྱིས་ཚེག་སྤངས་ཏེ་བྲིས་ལ་རང་སྔགས་ལན་བདུན་བཟླས་ནས་འཁོར་ལོ་ལ་ཕུས་བཏབ་སྟེ་ཕྱུགས་ཀྱི་ར་བའི་དབུས་སུ་སྦས་ན། ཁ་ཚ་སོགས་ཕྱུགས་ནད་ཐམས་ཅད་ཐུབ། དེ་ཡང་མ་བྱུང་གོང་དུ་བྱས་ན་སྲུང་ཐུབ། བྱུང་ནས་བྱས་ན་དེས་ཞི་ཞིང་སླར་མི་འབྱུང་བར་ངེས་སོ་ཞེས་འཕགས་ཡུལ་གྲུབ་དབང་གི་གདམས་པ་བསྟན་འགྱུར་ཁྲོད་དུ་བཞུགས་པ་ལས་སོ། །ལུག་ནད་སྲུང་བ་སློབ་དཔོན་པདྨས་མཛད་པ་ནི། ལུག་རྣམས་ཀྱི་མཐའ་ལ་མེས་བསྐོར། ལྷོ་ཕྱོགས་ནས། གུ་གུལ་གྱི་འཁྲུལ་གྱིས་ཟེར་ཡིས་ལྡོག་གམ་སྲས་དུད་པས་བདུག ཆུ་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་པ་ལུག་རྣམས་ལ་གཏོར་བས་ཐུབ། སྔགས་འདི་ལ་གོང་བསྙེན་སྟོང་ཕྲག་བརྒྱད་བྱའོ། །ཤྲཱི་ཡཀྵེ་བཟློག་


MR11_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནེ་བཟློག མ་མ་ཡ་ཤ་བཟློག ཅེས་སོ་ཟབ། ཡང་ལུག་ནད་སྲུང་བ། རང་དབང་ཕྱུག་ཆེན་པོས་ནད་བདག་བརླགས་པར་བསམ། སྲམ་དང་སྲིན་བྱ་གོང་མོ་བྱ་རྒོད་བཞིའི་ཤ་སྤུ་གང་རྙེད།གླ་རྩི་མུ་ཟི་རྟ་ཤ་དེ་རྣམས་བསགས་ལ་སྔགས་སྟོང་ཕྲག་གསུམ་བཏབ། ནང་མ་གསུམ་དུ་རྫས་དེའི་དུ་བས་བདུག །ཨོཾ་མ་ཏྲི་མ་ཏྲི་མ་ཏ་མ་ཏ་འདུ་ན་འདུ་ན་ཤན་ཏྲི་ནག་པོ་རྦད་དུ་སོད། གོད་འདྲེ་གདུག་པ་ཅན་གྱི་ཁ་ཆིངས། དུ་མཱ་ར་ཡ་རྦདཿ དེ་རྩྭ་སྐྱ་ཐོག་སྔོ་ཐོག་རེ་ལ་བསྐྱར་ན་ལུག་ནད་ཐམས་ཅད་ཐུབ་བོ་ཟབ། ཡང་ལུག་ནད་སྲུང་བ་རང་ཨ་ཙ་ར་མེ་ཆེན་དམར་འུ་རུ་རུ་འབར་བར་བསྒོམ།ལུག་རྣམས་མེའི་ཚ་ཚ་རེ་རེར་བསམ། ལྷ་སྐུའི་ས། ཁང་པའི་ས། ཐབ་ཀྱི་ས། གནས་གཞིའི་ས། མཆོད་རྟེན་ས་སྟེ་ས་སྣ་ལྔ་ལ་བསྔགས་ནས་ཆུ་ལ་བཏབ་སྟེ་ཉི་མ་འགྲོ་ཕྱོགས་སུ་ལུག་རྣམས་ལ་གཏོར་བར་བྱའོ། །སྔགས་ནི། ཨོཾ་དུག་ཆུ་ཁོལ་མ་ནད་ལ་ཐིམསཿ མེ་ཆེན་འབར་བ་དུག་ལ་ཐིམས༔ ས་ཆེན་འཁྲུག་པ་སོད་དུ་སྭཱ་ཧཱ། རྦད་དུ་སྭཱ་ཧཱཿ དེས་ལུག་ནད་ཐམས་ཅད་སྲུང་ངོ་། །ལུག་གི་ཨོལ་འགག་སྲུང་བ་གོང་བཤད། ཨ་ལི་མ་ཏ་ལི་སོགས་སྔགས་ཀྱི་ཤོག་དྲིལ་བཏགས། གཞན་ཡང་ཨོཾ་ནག་པོ་ཐུཾ་ཐུཾ་དིར་རྦད་སོདཿ སྔགས་འདིས་ཆུ་སྔགས་ལ་


MR11_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཟ་ཡིག་འདི་ཕུལ་ལ་བཏགས་པས་ཐུབ་བོ། །ཡང་རྟ་ཕྱུགས་གོད་སྲུང་འདི་རིན་པོ་ཆེའི་སྣག་ཚས་ཤུག་བྱང་ལ་བྲིས། མེ་དུར་ཧཱུྃ་བྷྲཱུྃ་བྲུཾ་པྲོཾ་སྲོཾཿ མེ་ཁ་ལ་བྷྱོ་ཕཊཿ མ་ཁི་ལ་བྷྱོ་ཡ་ཕཊཿ ཆེ་གེ་མོ་ལ་གནོད་པ་ཐམས་ཅད་སྲུངས་ཤིགཿ མི་ནོར་རྟ་ཕྱུགས་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱཿ རང་སྔགས་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། གདོན་བགེགས་ལ་གཏོར་མ་བྱིན་ནས་བདེན་སྟོབས་བརྗོད་མ ཧཾ ལ ས ཊ ཅིང་དྲག་སྔགས་ཀྱིས་བསྐྲད། སྲུང་བའི་འཁོར་ལོ་བསྒོམས་ནས་རྟ་ཕྱུགས་སོགས་གང་ཡིན་གྱི་ར་བའམ་རྐེ་ལ་བཏགས་ནས་གོད་ཀྱི་རིགས་ཐམས་ཅད་སྲུང་བའི་གདམས་པ་ཤིན་ཏུ་ཟབ་པ་གཏེར་མའོ། །ཡང་གོད་ཁ་ཆོད་ཐབས། ཕོ་ཤིང་གི་བྱང་བུ་ལ། མེ་བར་ཧཱུྃཿ གྲུཾ་ཕྲོཾ་ཕྲོཾ་ཀཱི་ལ་ཡ་བྷྱོ་ཕཊཿ བདག་ཆེ་གེ་མོའི་རྟ་ཕྱུགས་ནོར་གསུམ་གྱི་གོད་ཁ་ཐམས་ཅད་སྲུངས་ཤིག་རཀྵཿ ཞེས་བྲིས་སྒོ་ཁྱིའི་སྐེ་ལ་བཏགས་པས་གོད་ཁ་ཆོད་དོ། །གཏེར་མའོ། །སེམས་ཅན་འཕྱིལ་བའམ་འཇུར་བ་སྟེ་ཕྲུག་གུ་ཤོར་བ་སྲུང་བ་ལ། ཨོཾ་མོག་བོ་བུའི་སྐད་ཐང་ཐུཾ་སྔགས་འདིས་སྲུང་སྐུད་ཁྲ་བོར་མདུད་པ་དགུ་བརྒྱབ་པ་བསྔགས་ནས་བཏགས་པས་ཐུབ་བོ། །ཨོཾ་མར་ཡེ་མུར་ཡེ་སེམས་ཅན་འདིའི་སྟུའི་ཁ་ཐཾ་ཅིག ཨོཾ་ཏྲི་ཁ་ཡེ་སྭཱ་ཧཱཿ བིལ་ཁ་སྲུང་ཅིགཿ སྔགས་


MR11_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྲིས་ཏེ་བཏགས་ན་ཐུབ་པར་ཐེ་ཚོམ་མི་དགོས། ལག་བླང་མ་ཡིན་ཞེས་འདུག ཡང་འཇུར་སྲུང་ལ། སྐུད་པ་གཅིག་ལ་མདུད་པ་དགུ་བྱས། ཨོཾ་ཡེ་མོ་གུ་ཐུཾ། མདུད་པ་རེ་ལ་སྔགས་འདི་བརྒྱ་རྩ་རེ་བཏབ། མུན་རུབ་བྱ་བྱེའུ་ཚང་དུ་ཞུགས་ཚར་དུས་རྔ་མ་ལ་བཏགས་པས་ཐུབ་ངེས་སོ། །ཡང་གཅིག ཨོཾ་ཀིག་ཀིག་སྭཱ་ཧཱཿ བལ་ནག་སྲུང་སྐུད་ལ་མདུད་པ་གསུམ་བརྒྱབ་ལ་སྔགས་བཏབ་སྟེ་མི་ཡི་རྐང་པ་དུད་འགྲོའི་མཇུག་མར་བཏགས་ན་ཕྲུ་གུ་མི་ཆོར་ཟབ། སྐྱེ་བར་རྩོམ་དུས་སྲུང་བ་བཀྲོལ་དགོས་ཏེ་མ་བཀྲོལ་ན་བཙའ་མི་ཐུབ་བོ། །ཤིན་ཏུ་ཟབ་བོ། །ཡང་རྟ་ནོར་འཕྱིལ་སྲུང་། བསྭོ་ཧུར་ར་ཡེ་མུ་ར་ཡེ་གུ་གསལ། བསྭོ་ཧུ་ར་ཡེ་མུ་ར་ཡེ་གུ་ཐཾཿ བསྭོ་ཧུ་ར་ཡེ་མུ་ར་ཡེ་བུག་ཚུམཿ སྔགས་འདི་ཚེག་མེད་ཡིག་རྒོད་འཕྲེང་གཅིག་ཉ་གཟུགས་ཀྱི་ཁོག་པར་བྲིས་ཏེ་རང་སྔགས་སྟོང་ཕྲག་གཅིག་བཏབ། རྫས་ཟོག་ལུག་མང་པོའི་དབོར་མཆུ་བཅིངས་པའི་ཐག་པའི་དུམ་བུ་དང་། ཟམ་ཆེན་ཤིང་དུམ་བཅས་གང་སྲུང་བའི་རྔ་མར་བཏགས་པས་སྲུང་ངེས་ཏེ་མན་ངག་གསེར་རིན་མ་ཟབ་མོའོ། །ཡང་མངལ་སྲུང་སྐུད་པ་དཀར་དམར་ནག་གསུམ་ལ་མདུད་པ་དགུ་བརྒྱབ། མདུད་པ་རེ་རེ་རྡོ་རྗེ་རྒྱ་གྲམ་མེ་འབར་བ་རེ་རེར་བསམས་ལ་སྔགས་སྟོང་ཚོ་དགུ་འགྲོ་


MR11_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་བྱ། ཨོཾ་འུབ་འུབ་འདུས་འདུས་སུམ་སུམ་སྭཱ་ཧཱ། སྲུང་སྐུད་རྔ་མར་བཏགས་པས་ཐུབ། གུ་རུ་ཆོས་དབང་གི་གཏེར་མའོ། །རྔ་སྲུང་འདི་ལ་ཉ་ཤ་བྱུགས་མཇུག་ནས་ཡར་དྲིལ་གཡོགས་བརྒྱབ་ནས་རྔ་མ་ལ་བཏགས་པས་འགོང་པོ་དང་འཇུར་བསྲུང་ངོ་། །འཕྱིལ་སྲུང་འདིའི་རྫས་ལ་ཉ་ཤ་སྦྲུལ་ཤ་བྱུགས། ཡེ་དྷར་རབ་གནས་བྱས་ཏེ། རྔ་མར་བཏགས་པས་ཐུབ་ངེས་སོ། །ཕྱུགས་ལ་སྤྱང་ཀི་སྲུང་བ་ལ། ཨོཾ་ཡ་ཡེ་ཡ་ཡེ་སྭཱ་ཧཱཿ ས་ལ་སྟོང་བཟླས་དུད་འགྲོ་ལ་གཏོར་བས་ཐུབ་ངེས་གཏེར་མའོ། །ཡང་། ཨོཾ་ཨཱཿཧཱུྃ་པྲ་དུ་པྲ་མ་ཎ་ཡེ་ཆིངསཿ རུ་ཙ་པྲ་མ་ཎ་ཡེ་སྭཱ་ཧཱཿ སྲད་བུ་ནག་པོར་ཤིང་ཀུན་བྱུགས་ལ་སྔགས་བཏབ། ར་ལུག་སོགས་ལ་བཏགས་ན་སྤྱང་ཀི་སོགས་ཀྱིས་ཁ་མི་འདེབས་སོ། །ཕྱུགས་ལ་གཅན་གཟན་སྲུང་བར། ཨོཾ་ར་ཙ་ཐུམཿ གཅན་གཟན་ཁ་ཆིངས་ཤིགཿ སྲུང་སྐུད་དམར་པོར་མདུད་པ་བདུན་{ཨ་ས་ཧ་ཤ་ལོ}{ཨོཾ་སརྦ་དཀྲ་ཏྲི་ནི་ཧཱུྃ་ཛ་ཤན་ཏྲི་ནི་ཧཱུྃ་ཛ་སུ་ཏྲི་ནི་ཧཱུྃ་ཛཿཛ་ཨོཾ་སུ་ཡེ་སུ་ཡེ་ཛཱཾ}བྱས། སྔགས་སྟོང་ཚོ་རེ་བཏབ། ཕྱུགས་ཀྱི་གཙོ་བོ་གཅིག་གི་མགུལ་དུ་བཏགས་པས་ཐུབ། ཡི་དམ་གྱི་སྔགས་ལ་སྦྱར་ཏེ་བཟླས་ན་ཟབ་བོ། །ཕ་དམ་པའི་ལུགས་ཀྱི་སྤྱང་སྲུང་


MR11_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་དགུ་པ་འདི་བཏགས་པ་ཙམ་གྱིས་སྤྱང་ཀི་སྲུང་བར་འགྱུར་རོ། །ཨོཾ་ཤ་ནི་དུ་རུ་བྷི་སི་པ་སྭཱ་ཧཱཿ ཞེས་སོ། །ཕྱུགས་ཀྱི་འོ་མ་མི་སྟེར་ན། ཤིང་གི་བྱང་བུ་ལ་འདི་བྲིས་ལ། དེའི་རྒྱབ་ངོས། ཨོཾ་ཨཱཿཧཱུྃ་བྲིས། ཡེ་དྷར་རབ་གནས་བྱས་ཏེ་ཕྱུགས་ཀྱི་སྐེར་བཏགས་པས་འོ་མ་འབེབས་ཅེས་གཏེར་མའོ། །ཡང་ཕྱུགས་ཀྱི་འོ་མ་མི་སྟེར་བ་ལ། སྙིང་བལ་ནག་སྲུང་སྐུད་ལ་མདུད་པ་ཉེར་གཅིག་བརྒྱབ། རང་དབང་ཕྱུག་ཆེན་པོར་བསྒོམ། ཨོཾ་ཧ་ས་དེ་བ་ཧཱུྃ་ཕཊཿ སྔགས་འདི་བཏབ། འཕག་ན་སྒྱིད་པ་བརྡུང་ན་རྭ་གཡོན་འོ་མ་མི་སྟེར་ན་མཇུག་མར་བཏགས་པས་ངེས་པར་ཐུབ་བོ། །ཡང་འདྲ་མིན། ཨོཾ་ཧ་ས་དྷེ་ཝ་སིདྡྷི་ཛཿ སྔགས་འདི་ལན་ཚྭ་ལ་སྔགས་དེ་བླུད་པས་འོ་མ་འབེབས་སོ།།གཏེར་མའོ། །ཡང་། མ་ཀ་ལོ་ཧ། ཞེས་པས་ཚ་སྔགས་ནས་བྱིན་པས་འོ་མ་སྟེར་རོ། །ཡང་འོ་མ་འབེབས་པ་ལ། དམ་པོ་གསུམ་གྱི་སྤུ་རྩིད་ཀྱི་སྲད་བུར། ཨོཾ་ཨཱཿཧཱུྃ། པདྨ་དྷཱ་རི་ཀྵ་སྭཱ་ཧཱཿཞེས་བཏབ་ཞོ་ཟོ་ལ་བཏགས་ན་འོ་མ་འབེབས་སོ་ཞེས་རྒྱུད་དང་གཏེར་མའི་མན་ངག་གོ། ཡང་གཅིག ཨོཾ་འགོང་ཏི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊཿ སྔགས་འདིས་ཚྭ་བསྔགས་ནས་བྱིན་ན་བེའུ་


MR11_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལེན་པ་དང་འོ་མ་མི་སྟེར་བ་ལ་ཕན་ངེས་སོ། །ཡི་དམ་སྔགས་ཤམ་དུ་བཏགས་ཏེ་བཟླས་{ཤ ནི དུ ཨོཾ རུ པ སི བྷི སྭཱ་ཧཱ}{གྲ་རྟེན་སྙིང་གྲིཿབུ་ཚད་བར་འུ་བུའང}ཀྱང་ལེགས་སོ། །ཡང་ན་ར་འབྲི་མཛོ་མོའི་འོ་མ་མི་སྟེར་ན། བསྒྲུབ་བྱ་དེའི་སོག་པ་གཡས་པའི་སྤུ་ཚོམ་གཅིག་ཟན་ཁམ་གང་གི་ནང་དུ་བཏུམ་ནས་སྔགས་འདི་བཏབ། ནག་པོ་མཐིང་མོ་ནག་པོ་ལྷུབཿ དེ་མོ་རང་ལ་བྱིན་པས་ཞོ་འབེབས་ངེས་སོ། །ཡང་སེམས་ཅན་འོ་མ་མི་སྟེར་བ་ལ་ཚྭ་སྔགས་ལ་བླུད། སྔགས་ནི། ཨོཾ་ཏྲི་ཏྲི་ཤང་ཤང་གཏུབ་གཏུབ་སྭཱ་ཧཱཿ སྟོང་ཕྲག་གཅིག་བསྔགས་པས་ཕན་ངེས་སོ། །ཡང་ལུག་ནག་སོག་བལ་ལ་སྲུང་མདུད་ཉེར་གཅིག་བྱས་ལ་དེ་ཉིད་ལྷ་དབང་ཕྱུག་ཆེན་པོ་སྔོན་པོ་གཡས་ཌཱ་མ་རུ་དང་གཡོན་ཁ་ཊྭཱཾ་འཛིན་པ་ཉེར་གཅིག་བསྐྱེད། མདུད་པ་རེ་ལ་སྔགས་བརྒྱ་རེ་འདེབས། ཨཱོཾ་ཨ་ར་ཏི་ནག་པོ་ནནཿ དུར་ཏི་ནག་པོ་རྦདཿ ཅེས་སོ། །བཞོ་མ་བཏུབ་ན་རྭ་ལ་འདོགས། འོ་མ་མི་སྟེར་ན་རྣ་བ་གཡོན་པ། འཁྲབ་ན་མཇུག་མ། ཞོ་ཉེས་ཞོ་ཟོ། ཆང་ཉེས་ཆང་སྣོད། དེར་མ་ཟད་སྐྱེས་པ་ཐིག་ལེ་འཛག་པར་སྐེད་པར།བྱིས་པ་མཚན་ངུས་བྱེད་པའི་སྐེ་ལ། འཁྲུ་ན་རྐང་པ་ལ་བཏགས། གྲང་བ་ལ་མར་སྔགས་ཏེ་སྐེད་པར་བྱུགས་པས་ཕན་ནོ། །ཟབ་བོ། །ཨོཾ་ན་པ་འདི་བཾ་སྭཱ་ཧཱཿ བལ་ནག་སྲུང་སྐུད་ལ།


MR11_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་ཉེར་གཅིག་བྱས་པར་བཏབ་སྟེ་མཇུག་མར་བཏགས་པས་འོ་མ་སྟེར་བར་འགྱུར་རོ། །ཞོ་ཆུར་མར་ལ་གནོད་པ་བྱུང་ན། སྙུག་སྦུབས་སོགས་སུ་སྔགས་འདི་བྲིས་ལ་གཞུག སྐུད་པ་སྣ་ལྔ་དཀྲི།ཁ་དམ་པར་བཅད། ཞོ་སྣོད་སོགས་ཀྱི་ནང་ངམ་ལུང་ལ་བཏགས། ཨོཾ་བ་ཡ་བ་ཡ་སྭཱ་ཧཱཿ ཛ་ཡ་ཛ་ཡ་སྭཱ་ཧཱཿ ཞོ་ཆུར་མར་ལ་གནོད་པའི་འདྲེ་གདོན་ཐམས་ཅད་སྲུངས་ཤིག་རཀྵ་རཀྵཿ ཞེས་སོ།།རང་སྔགས་དང་རྟེན་སྙིང་གིས་རབ་གནས་བྱས་ནའང་ལེགས་པར་སྣང་ངོ་། །ཞོ་ཆང་ཕྱུགས་སོགས་ལ་འགོང་པོ་སོགས་ཀྱིས་གནོད་པ་སྲུང་ན། ཨོཾ་ཐར་ནི་ཐར་ནི་མ་ཧཱ་ཐར་ནི་གནོད་བྱེད་འབྱུང་པོ་ཐམས་ཅད་ཁ་ཆིངསཿ ཞེས་པ་མང་དུ་བཟླས་པའི་སྲུང་སྐུད་སྒོ་ཐེམ་མམ། སྣོད་ཀྱི་ཁ། ཟོ་བའི་ལུང་ལ་བཏགས་པས་ཐུབ་བོ། །ཡང་གཅིག ཨོཾ་བྲཾ་བྲཾ་ནན་བྲཾ་ཛ་བྲཾ་ཛ་ནན་ཚ་མ་ཧཱུྃ་ཕཊ་མི་ལ་འགོང་པོ་འོ་རྐུན་གྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱཿ འཆང་བ་པོ་ལ་འགོང་པོའི་གནོད་པ་སྲུངས་ཤིག་རཀྵཿ སྔགས་འདི་དབུ་ཅན་ཚེག་མེད་འཕྲེང་གཅིག་བྱས་ལ་བྲིས། མཇུག་ནས་ཡར་དྲིལ་ཏེ་བཏགས་པས་འགོང་པོ་སྲུང་སྟེ། དེ་ཡང་བཞོ་མ་ཐུབ་ན་སྐེ་ལ་བཏགས། འོ་མ་མེད་ན་ཟོ་བ། མར་མེད་ན་རྐྱལ་པ། འཁོར་མ་ཐུབ་ན་རྔ་མར་བཏགས་པས་ཐུབ་བོ། །ཞོ་


MR11_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་སྲུང་བར་རྡེའུ་དཀར་ནག་གཉིས་ལ། ཨོཾ་ཨཱཿཧཱུྃ་ཁ་ཤི་ཁ་ཤི་སྭཱ་ཧཱཿ བརྒྱ་འམ་སྟོང་བཟླས་ལ་ཞོ་ཆང་གི་སྣོད་ནང་བཞག་པས་ངེས་པར་ཐུབ་བོ། །ཡང་ཆུ་བོ་རྒྱུན་འབབ་ནང་གི་རྡེའུ་དཀར་ནག་གཉིས་ལ། ཨོཾ་ཨཱཿཧཱུྃ་ཨ་མྲྀ་ཏ་ས་མནྟ་སིདྡྷི་སྭཱ་ཧཱཿ ཞེས་བཟླས་ཞོ་ཆང་གི་ནང་དུ་བཅུག་ན་སྲུང་ཞིང་ཞིམ་ལ་བཟང་ཞིང་བཅུད་དང་ལྡན་པར་འགྱུར་རོ། །ཡང་འོ་མའི་ནང་ནས་མར་མི་འབུད་ན། རྡོ་དཀར་པོའམ་ནས་འབྲུ་བདུན་ལ་བསྔགས་ནས་རྐྱལ་བའི་ནང་དུ་བླུགས་ན་མར་འབྱུང་ངོ་། །ཨོཾ་བྲཾ་ཚེ་བྲཾ་ཚེ་བྲུཾ་ཚེ་ན་ག་ཛ་ན་ག་ཛ་ཡེ་སྭཱ་ཧཱཿ ཞེས་སོ། །ཡང་དཀར་འགོང་གིས་མར་ཆེར་མི་འབྱུང་བ་ལ། ཨོཾ་ཡུར་ཙུ་ཡུར་ཙུ་བུར་ཙུ་རྒྱ་དོ་ནེ་ཡེ་སྭཱ་ཧཱཿ པདྨ་འབར་བ་མེ་སྭཱ་ཧཱཿ སྔགས་འདིས་རྡེའུ་དཀར་ནག་གཉིས་བསྔགས་ནས་རྐྱལ་པའི་ནང་དུ་འཕངས་ན་དཀར་འགོང་སྲུང་བ་དང་མར་ལེགས་པར་འབུད་པར་འགྱུར་རོ། །འདི་ཐམས་ཅད་གཏེར་མའོ། །ཕྱུགས་ཤེ་ལ་འགྲོ་བའི་ཐབས། ཨོཾ་མུ་ལུ་མུ་ལུ་མ་ཧཱ་མུ་ལུ་གུ་རུ་སིདྡྷི་སྭཱ་ཧཱཿ ཟན་ཆང་གཅིག་ལ་སྔགས་འདི་སྟོང་བཏབ་ནས་ཕྱུགས་ལ་བྱིན་པས་ཤེ་ལ་འགྲོའོ་ཞེས་རཏ་གཏེར་རོ། །བགྲོལ་བའི་ཐབས། ཨོཾ་ལིང་ལིང་འུར་འུར་སིང་སིང་སྭཱ་ཧཱཿ ཚྭ་དང་ཁ་ཤོག་པའི་འབྲུ་གུར་བསྔགས་ནས་བྱིན་པས་


MR11_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ནོ་གཏེར་མའོ། །འོ་འབེབས་ནས་འདིའི་བར་ཞར་བྱུང་དུ་ཉེར་མཁོར་བཀོད་པ་ཡིན་ལ། གཞན་ཡང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་རང་རྡོ་རྗེ་སེམས་དཔར་བསྒོམས་ནས་རྟ་སོགས་ཞོན་ན་བཞོན་པ་དེ་དུལ་བ་དང་སྲུང་བར་བྱེད་པ་དང་། གསོ་བའི་བྱ་སོགས་ཀྱི་རྣ་བར་རྡོ་རྗེ་སེམས་དཔའི་མཚན་བརྗོད་ན། དེ་དག་ཚེ་རིང་བར་གསུངས་པ་བཞིན། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་པས་རང་གིས་བཀོལ་བའི་དུད་འགྲོ་ཐམས་ཅད་བསྔགས་ཤིང་རྣ་བར་བསྒྲགས་ན་ཚེ་རིང་ཞིང་ཕན་ཐོགས་པ་དང་། གནས་སྐབས་སྐྱིད་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དེ་ལྟར་བྱེད་པ་གལ་ཆེའོ། །རང་གི་སྒོ་ཁྱི་ལ་ཁྱི་སྨྱོན་འབྱུང་བ་སྲུང་ན། ཨོཾ་ཀུ་ཀུ་ར་ཙ་ཁ་ཐཾ། ཀུ་ཀུ་ར་ཙའི་ཁ་ནད་ཞི། ས་ལེ་སུ་ལེ། སྦུ་ཤག་ན་ལེ་ཏིཥྛ་སྭཱ་ཧཱཿ ཟན་ལ་བསྔགས་ཏེ་སྒོ་ཁྱི་ལ་བྱིན་ན་མི་སྨྱོ་བ་མྱོང་གྲུབ་བོ། །ཁྱི་ནད་སྔགས་འཛུད། ཕྱུགས་ཀྱི་འགོས་ནད་ཀུན་ལ། ཨོཾ་པརྞ་ཤ་བ་རི་པི་ཤ་ཙི་སྭཱ་ཧཱཿ ཨོཾ་བཛྲ་ཤཱནྟིཾ་གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་སྭཱ་ཧཱཿ ཞེས་པ་བརྒྱ་འམ་ཉེར་གཅིག་གིས་ཆུ་དང་ཡུངས་ཀར་ལ་བསྔགས་ཏེ་གཏོར་བས་ཕན་ངེས་ཟབ། ཨཱོཾ་ཨ་མེ་ཡུ་པེ་ཡུ་པེ་ཨ་མེ་ཧཱུྃ། སྔགས་འདིས་ཤིང་ལ་བསྔགས་ནས་བདུག་གམ་ཆུ་ལ་སྔགས་ནས་བླུད་ན་གློ་གོར་ཧོན་


MR11_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནད་སྤྱི་ལ་ཕན། ཤིང་ངམ་ཆུ་དེ་གུར་དྲག་ཏུ་བསྒོམས་ལ་དེས་འགོས་ནད་བཅད་པར་བསམ་གནམ་ཆོས་མི་འགྱུར་རྡོ་རྗེའི་ལུགས་སོ། །རྟ་ཕྱུགས་ཀྱི་དུག་ཟོས་པའི་སྔགས། ཨོཾ་མ་རི་ཁཾ་སྭཱ་ཧཱཿ སྔགས་འདི་བཟླས་ནས་ཆུ་ལ་བཏབ་སྟེ་བླུད་པས་སེལ་ལོ། །ཡང་རྟ་ཟོག་དུག་སྔགས། ཨ་བྷི་ནག་པོ་སོདཿ ཞེས་བཟླས་པས་ཐུབ་ཡང་རྟ་བོང་དུག་སྔགས།ཨོཾ་པ་ཏྲི་སོད། རང་རྨ་བྱར་བསྒོམས་ཏེ་ཆུ་དང་ཟས་ལ་བཏབ་ནས་བཏང་། ལག་པ་གཡས་ཀྱིས་མགོ་ནས་མཇུག་མའི་བར་དུ་བྱབས། འགྲམ་པ་ནས་རྐང་པ་གཡས་གཡོན་གྱི་བར་དུ་ཕྱི་བར་བྱས་པས་ཕན་ངེས་ཟབ་གསུངས་སོ། །རྩ་དུག་སྔགས། ཨ་རི་མི་རི་ཏི་ཡེ་སྭཱ་ཧཱཿ ཚྭ་ལ་སྔགས་ཏེ་བྱིན་པས་ཕན་ནོ། །ཡང་། ཧྲིང་ཏི་དུག་སོདཿ རང་རྨ་བྱར་བསྒོམས་ལ་སྔགས་འདི་ཆུ་ལ་བཟླས་ནས་བཏང་བས་རྟ་ཕྱུགས་ཀྱིས་དུག་ཟོས་པ་ཐམས་ཅད་སོས། །སྨན་ཆེན་ལ་སྔགས་འདི་བཏབ་ནས་ནང་རེ་བཞིན་ནས་ཙམ་རེ་ཟོས་ན་རིམས་ནད་ཐམས་ཅད་ཐུབ་བོ། །རྟ་བོང་སྦྲེ་དུག་གིས་ན་བའི་སྔགས། ཏདྱ་ཐཱ་བོ་ཟན་ཏྲོ་སྭཱ་ཧཱ། སྲན་ཕྱེ་ལ་བཟླས་ནས་སྣ་བུག་ཏུ་བདུགས་ན་སོས་སོ། །རྟ་ལ་ཆུ་ནད་བྱུང་ན། ཨོཾ་ཨཱཿཧཱུྃ། བྱ་སྨི་ལེ་ཨ་ལེ་མ་ཧཱ་ཨ་ག་ན་སྭཱ་ཧཱཿ ཆུ་ལ་བཟླས་ཏེ་སྣར་བླུགས་པས་


MR11_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །རྟ་རྩ་ཡིས་བསྣངས་ན། ཆུ་དང་རྟ་བོན་སྦྱར་ནས་སྣ་བུག་གཡོན་པར་བླུགས་པས་སྦྲིད་པ་ཤར་གྱིས་འོངས་ཏེ་གྲོལ། རྟ་ཆད་ན་སྔགས་འདི་ཉིད་རྣ་བར་བཏབ་པས་སོས། ཨོཾ་ཨཱཿཧཱུྃ་ཛ་ནུར་ར་ར་གྱུ་སྒྱུ་སླེབས་ཤིག་སླེབསཿ ཞེས་སོ། །རྟ་ཡི་རྔོག་མ་ན་ན་བུད་མེད་རྟ་ལོ་མ་གསུམ་དང་སྐྱེས་པ་གཅིག་གི་ཆུར་བཟླས་བསྐུ། ཨོཾ་ཨཱཿཧཱུྃ། ཛ་ནུ་ན་ག་ལྷུབས་ཛ་ནུ་ན་ག་ལྷུབསཿ དེ་ཡིས་ཇེ་བཟང་ཇེ་བཟང་འགྲོ། ཞེས་འདི་རྣམས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །རྟ་ཡི་བཙན་ལྷེབ་སྔགས། ཨོཾ་བཙན་ཁྲམ་ནག་པོ་ཐོག་ལྟར་རྒྱུག་པ་སོདཿ རང་གི་ཕུ་དུང་ལ་སྔགས་ནས་རྟ་ལ་བྲབས་པས་ཕན་ཞེས་གཏེར་མའོ། །ཡང་ལྕག་ཚན་ལ་སྔགས་འདི་བཏབ། བཙན་ཏྲི་དམར་པོ་ཐོག་ལྟར་རྒྱུག་པ་སོདཿ དེས་རྟ་ལ་བྲབས་པས་ཕན་ཞེས་གཏེར་མའོ། །རྟ་བཙན་ལྷོད་སྔགས་བྱི་ཁུང་ས་དང་ཆུ་ཆེན་བྱེ་མ་བསྔགས་ལ་བྲབ། བྱེ་མ་རཀྴ་སོདཿ བྱེ་མ་རཀྴ་གཏུབསཿ ཡང་རྨིག་ཟླུམ་ལ་བཙན་གནོད་ན། ཨོཾ་གུ་རུ་ར་ལཿ བཙན་སོདཿ རལ་གྲི་ལ་བསྔགས་ནས་ཐོད་པ་དང་རྨིག་བཞི་ལ་ཁྲམ་བཏབ་ཚུལ་བྱས་པས་ཕན་ནོ། །འདི་དག་ལག་བླང་མའོ་ཞེས་འདུག །ཡང་རྟ་ཡི་བཙན་སྔགས་མདའ་ལ་སྔགས་འདི་བཏབ། ཨོཾ་བཙན་སོད་བཙན་གྱི་རལ་གྲི་དམར་


MR11_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སོདཿ ཅེས་བཟླས་མདས་བྱབས་པས་ཕན་ཏེ། གླིང་རྗེ་གེ་སར་གྱི་མདོ་བ་རོ་སློང་ཡིན་ནོ། །ཨ་སྟག་ཀླུ་མོའི་རྟ་ཡི་ཟེར་སྔགས་ལ། ནམ་མཁའི་ཐོག་གིས་ས་གཞིའི་ཟེར་སོད། བྱེ་མ་ལ་སྔགས་བཏབ་ནས་གཏོར། རྟ་སྤང་རི་མེ་འབར་བར་བསམས་ཏེ་ནད་མེས་བཏོན་པར་བསམ་མོ། །ཡང་གཅིག །ལ་ཁའི་བཙན་བདུད་དམར་པོ་སོད། ཕྲེང་སྐོར་རེ་སོང་དུས་ཕུ་གསུམ་རེ་བྱ། ཅོག་རོ་བཟའི་མན་ངག་གོ། རྟ་ནད་ཨོག་ཉིལ་ལ། ཤ་བའི་རྭ་ཅོ་མེ་ལ་བསྲེགས་ནས་ཨོག་ཏིལ་རྒྱབ་ཏུ་རི་མོ་རྒྱ་གྲམ་ཚུལ་དུ་བསྲེག་སྔགས་ནི། ཨོཾ་པེ་ལེ་བེ་ལེ་གནོད་བྱེད་ཨོག་ཏིལ་སྙིང་ལ་མཱ་ར་ཡ་རྦདཿ ཅི་མང་བཟླས་ནས་ཟན་ལ་བཏབ་སྟེ་ནང་སྔ་སྐར་མ་མ་གྱེས་གོང་བྱིན་པས་ཕན་ནོ། །རྟ་ནད་ཨོལ་ཏིལ་སྲུང་ན། ཨོཾ་ཡཾ་ཕྱེ་སོདཿ ཅེས་སྤྲ་བ་ལ་སྟོང་བསྔགས་ནས་རྟའི་དཔྲལ་བར་མེ་བཙའ་རེ་བཏབ་པས་སྲུང་བར་འགྱུར་རོ། །ཡང་ཁ་ཤའི་རྭ་ཅོ་མེར་བསྲེགས་པས་ཨོག་བརྟིས་རྒྱབ་ཏུ་རྒྱ་གྲམ་ཚུགས་རིས་བྱ། སྔགས། ཨོཾ་ཁྱུ་གུ་ནི་སོདཿ ཅེས་བྱ་རྒོད་ཤ་ལ་ཁྲི་གསུམ་བསྔགས་ནས་བདུགས་པས། སྐྱ་ཐོག་སྔོ་ཐོག་རེ་ལ་ཕན་པ་ལག་བླང་མའོ། །རྟའི་ཨོལ་ཆམ་སྔགས། ཨོཾ་གྷ་གྷ་ཉེར་ཉེར་གྱུར་གྱུར་འདུས་འདུས་སྭཱ་ཧཱཿ གླ་རྩི་དང་སྔགས་ཆུ་ལ་བཏབ་


MR11_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བླུད་ཅིང་ཕྱི་ནས་བླུགས་པས་ཕན་ནོ། །རྟ་ཡི་ལོང་ནད་ལ། རང་ལྕགས་ཀྱི་བྱ་ཁྱུང་མཆུ་སྡེར་རྣོ་བས་ཆུ་སེར་འཇིབ་པར་བསམ་ལ། ཨོཾ་ཐེ་མེར་ཡིས་རྦདཿ སྔགས་ཆུ་ཁོང་དུ་བཏང་། རྒ་བ་ཀྲུས་ཁུ་བ་ཁོང་དུ་བཏབ་པས་ཕན་ནོ། །རྟ་ཐོག་རྨ་ལ་ཐིག་ཤོར་སྔགས། ཨོཾ་རྩ་ཐིག་རླུང་ཐིག་ནན་རྦད་སོདཿ སྔགས་ཆུས་ཕན་ནོ། །རྟ་ནོར་སོགས་དུད་འགྲོ་མནངས་པའི་འགག་པ་སེལ་བའི་སྔགས། ཧུ་སྲུད་ཡཿ ཞེས་བཟླས་པས་སེལ་ལོ། །ཡང་དུད་འགྲོ་མནངས་སྔགས། དམིགས་བྱ་མཚོ། མནངས་ཟས་ཉ། ཕུ་དང་སྔགས་ཆུ་སྲམ་མམ་དུང་དུ་བསྒོམ། སྲམ་མམ་དུང་གིས་ཉ་དེད་པར་བསམ། ཛ་ཉ་དུང་ཁ་ལ་ཤད་ཤད་སྭཱ་ཧཱཿ ཞེས་བཟླས་པས་ཐུབ་བོ་ཟབ། རྟ་མནངས་སྔགས། ཨོཾ་སྒྲ་སྒྲ་སྒྲེ་སྒྲེ་ཕུ་ཧགཿ ཅེས་བཏབ། སྔགས་ཆུ་བླུད། རྟའི་མིག་རུ་ལང་པའི་སྔགས། ཨ་དཀར་བཙན་སོདཿ བཙན་ཏྲི་དུ་ཏྲི་སོད། ཨ་ར་རྟ་ཧར་སྙིང་ནས་འཚེརཿ མགོ་ནས་མར་ཕུ་གདབ། བསྒང་པ་བཤིགས་སྔགས། ཨོཾ་ནེར་ཚིག་ཙིག་ཏིག་ཏིག་དྲོ་ཕུག་སྭཱ་ཧཱཿ རང་གི་དྲི་ཆུར་བསྔགས་ནས་རྟ་ལ་བླུད། རྟ་རྒྱབ་ཆུ་ཤོར་ན། སྒལ་བའི་མཐར་འདི་བྲིས། རང་ཁྱུང་ནག་གིས་ཆུ་སེར་འཇིབ་པར་བསམ་ལ། སེང་གེ་དཔལ་ཀྱ་ཀྱུ། ཤ་མ་རི་ལ་ཕྲཾ་ཕྲཾ་སྒལ་


MR11_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆུ་སེར་གཏིང་ནས་དྲོངསཿ ཞེས་བཟླས་ལ་བཏབ། ཡེ་ཉེ་ཟབ་པ་ལག་བླང་མའོ། །རྟ་ཕྱུགས་མིད་པར་ཆུ་ཤོར་ན། ཨོཾ་བྱི་ཏྲི་བྱི་ཁྲི་འང་བྱི་ནན་ཐུཾ་ཐུཾ་ནནཿ ཆང་ངམ་ཆུར་བཏབ་སྟེ་བླུད་ན་ཕན། རྟ་རྒྱབ་ལ་བཙག་གིས་འདི་བྲིས་ན་མི་སྐྲང་བའི་ཐབས་སུ་འགྱུར་རོ། །རྟ་རྒྱབ་སྐྲང་བ་ལ། ཨོཾ་དྲི་ལ་ཤུདཿ ཅེས་བཟླས་ཕུས་བཏབ་པས་ཕན་ནོ། །ཡང་གཅིག རྟ་རྒྱབ་སྐྲང་བའི་སྔགས། ཨོཾ་འབར་མ་འབར་ལྕམ་ནན་སོད་སྭཱ་ཧཱ། ཆུ་ཕོར་གང་ལ་བསྔགས་ནས་ལག་པ་གཡས་པས་བྱུག་གཡོན་པའི་ལག་རྒྱབ་ཀྱིས་བཅག་བཅག་ལན་མང་བྱ། རྔ་མ་དང་སྒལ་བ་ལ་བྱུགས་པས་སེལ་ལོ། །ལྡུམ་བུ་སྟག་ཤ་སྒ་ཞབས་རྟ་རྒྱབ་ལ་གླེན་ཏེ་བཞག་ན་རྟ་རྒྱབ་མི་སྐྲང་{ཉེ ཉེ ཡེ ཡེང ཤང ཨན ཨ ཡ}བ་དང་། སྐྲང་བ་ཞི་བར་ཕན། རྟ་ཡི་སྒལ་རྨ་གསོ་བའི་སྔགས་འདི་ཆུ་ལ་བཏབ་སྟེ་བྱུགས་པས་ཕན། ཨོཾ་ཆུ་ཆུ་ལང་། སརྦ་འུབ་ཏ་ནན། སརྦ་འདུས་སྭཱ་ཧཱ། ཟབ་བོ། །རྟ་རྒྱབ་ཚག་བྱུང་ན་ཚ་དང་མར་སྔགས་ནས་རྨ་ནང་བཅུག ཨོཾ་ཇ་ཐོག་ཐོར་ཐོར་སོད། ཇ་མོ་ཐོག་ཐོར་སོད། ཅེས་བཟླས་པས་ཕན་ནོ། །ཡང་ཚག་རྨའི་སྔགས། ཨོཾ་ཚག་ཞི་འབུར་ནན་སྭཱ་ཧཱཿ སྔགས་ཆུས་ཕན་ནོ། །རྟ་དྲེལ་བོང་བུ་སོགས་ཀྱི་སྒལ་བའི་རྨ་མི་འཕར་


MR11_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། ཙཀྲ་འདི་རྨའམ་སྐྲང་བའི་ཐད་དུ་བཀབ་པས་ཐུབ་བོ། །རྟ་བུར་ན་སྐུད་པ་ཁྲ་བོར་མདུད་པ་དགུ་བྱས་ལ། རྟ་སུག་ལ་དཀྲི་སྔགས་ནི། ཨོཾ་ཀྲིག་ཀྲིག་དུམ་དུམ་སེར་སེར་ཆུ་སེར་ནག་པོའི་སྙིང་ལ་རྦདཿ ཅེས་ཤིན་ཏུ་ཟབ། ཡང་གཅིག །ཨོཾ་གུར་གུར་ཁྲས་ཁྲས་སྭཱ་ཧཱ། སྲུང་སྐུད་སྔགས་ལ་བཏགས་པས་ཐུབ། ཡང་གཅིག ཤ་བུར་སོད། རུས་བུར་སོདཿ བརྒྱ་བཟླས་མེ་འབར་བ་ཆུས་བསད་པར་བསམས་ལ། མཐེ་བོང་བསྔགས་ལ་རྩ་རྒྱུད་མཉེས་པས་ཞིའོ། །ཡང་གཅིག རྩ་བུར་སོད་རྩ་ནག་པོ་གཏིང་ནས་སྐམཿ ཅེས་དང་ཡང་། ཆུ་སེར་གྱི་བུ་མོ་རྩ་ལ་རྒྱུག་པ་སོདཿ ཞེས་སོ། །ཡང་རྟ་ཡི་བུར་བཅོས་ལ། རྡོ་ལ་གཡུང་དྲུང་རི་མོ་བྲིས། ལྕག་ཚན་སྦྲུལ་ལྷས་མ་ལ་འགྲོ་མདུད་གཅིག་རྒྱབ། སྔགས་འདི་བཏབ། ཨོཾ་བྱ་བུར་སོདཿ བྱེའུ་ལའང་བུར་སྐོམཿ བྱ་བྱ་སོདཿ བྱུ་བྱུ་སོདཿརྟའི་རྐང་ལག་གང་བུར་བའི་འོག་ཏུ་གཡུ་དྲུང་བཅུག་ལ། ལྕག་ཚན་ལན་དགུ་བརྒྱབ། ངག་ཏུ་ཚིག་ཆུད་ཅེས་བརྗོད་དོ། །ཟབ་བོ། །ཡང་། ཁྲག་རྩ་སོད། {ཨོ ཤ ཀ ང མ}བུར་རྩ་ནནཿ གླང་མའི་བྱང་བུར་བསྔགས་ལ་བུར་སྟེང་བཞག་པས་ཕན། ཡང་གཅིག ཨོཾ་ན་ག་ཤྲི་རྦདཿ ལྕག་ཚན་ལ་བསྔགས་ནས་རྟ་ལ་བྱུགས་པས་ཕན། ཡང་ན་ལྕག་ཚན་ལ་སྔགས་


MR11_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྲིས་ཀྱང་ཕན། རྟ་ཡི་འཐེང་གཅོད་འདོད་ན། ཨོཾ་ཏྲི་ཡ་སོད་སྭཱ་ཧཱཿ མང་པོ་བསྔགས་ཏེ་རྟ་རྒྱབ་ལ་ལག་པས་ཡང་ཡང་དུ་བྱུག་ན་ཕན། རྟེའུའི་ཚ་ནུ་འཐོག་ན།ཨོཾ་རི་ལུ་རྩ་ཀྲི་སྭཱ་ཧཱཿ ལྕུམ་རྩའི་ཁུ་བར་བསྔགས་ལ་བླུད་པས་ཕན་ནོ། །རྟ་ནད་མ་ངེས་པ་ལ། དཀར་གཏོར་དམར་གཏོར་གླུད་བྱས་བཏང་། ཨོཾ་ཨཱཿཧཱུྃ་ཧེ་ཧེ་འཛའ་ནུ་བུ་ཡེའང་དཔྱད་ཧེཿ ཧི་ཧི་ནི་ཧྲཱི་ཧྲཱིཿཏོ་ཧཱུྃ་ཕཊཿ ཆུ་དང་ཡུངས་ཀར་བསྲེས་པར་སྔགས་བཏབ། ཕྲུམ་ཕྲུམ་འཇུག་མ་སྒལ་རྒྱུད་རྣམས་ལ་སྔགས་ཆུ་བྱུགས་པས། མགོ་སྤྲུག་ན་མི་འཆི་བས། མགོ་མ་སྤྲུག་གི་བར་དུ་བཟླ་ཞེས་ལས་ཐམས་ཅད་པའི་རྒྱུད་ཀྱི་སྔགས་ཟབ་མོའོ། །ཕྱུགས་ཀྱི་གློ་ནད་ལ་རྒྱ་མཚལ་རྒྱ་སྣག་མི་དམ་མཁྲིས་པ་ཁོང་དུ་བཏང་ཞག་གསུམ་གོང་ནས་ཆང་བྲེ་གང་བླུད་པས་ཟླ་གཅིག་ཐུབ། ནད་པ་གསོ་ན་གངས་ཆུ་ལ།ཨོཾ་པར་ཤི་པར་ཤི་གོ་ཤན་རྦད་སྭཱ་ཧཱཿ སྔགས་སྟོང་བཟླས་ཨུག་ཆོས་མེ་ཏོག་རྩ་བ་སྡོང་པོ་བཅས་བརྡུངས་ལ་བླུད་པས་ཕན། གླ་རྩི་བཏང་ཐབས་གཞན་དུ་གསལ། ཡང་ཕྱུགས་ཀྱི་གློ་སྔགས་ནི། ཨོཾ་གློ་ཁ་ཁྲ་སོདཿ ར་སྒྲ་སོད། རུ་སྒྲ་སོད། གློ་སྒྲ་ནག་པོ་རྩད་ནས་སྐམཿ ཞེས་པ་ཅི་ནུས་བཟླས། གུ་གུལ་ཆུ་ལ་བསྔགས་ནས་སྣ་བུག་ཏུ་བླུག་ན། གློ་ནད་ཀྱིས་མི་འཆིའོ། །ཡང་གློ་སྔགས་


MR11_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧ་ར་ཕཊཿ ས་ར་ནནཿ ཝར་ཞི། ཝ་ར་ཕ་ལ་ནན་གྱིས་ནན་སྭཱ་ཧཱཿ ཤུ་དག་དཀར་པོའམ། ཡང་ན་ཅུ་གང་ལ་བསྔགས་པའི་ཆུ་བླུད་ན། མཆིན་གློ་ཁྲག་གློ་གག་གློ་སོགས་གློ་རིགས་ཐམས་ཅད་ལ་ཐེང་བས་ཆོག །དགོངས་འདུས་ཐེམ་མེད་སྔགས་ལས་སོ། །ཕྱུགས་ཀྱི་གོར་སྲུང་བ་དང་། ཞི་བའི་སྔགས། གོར་ལོང་ག་རུ་ཊ་ཧཱུྃ་ཕཊཿ སྡིག་པའི་ཤ་དང་སྐྱི་བའི་འབྲུ་གུ་ལ་བཟླས་ཏེ་བཏབ་ནས་སྒལ་པ་ལ་བྱུག སྣ་ནས་བླུད་ན་སོས་སོ། །རྡོ་གོར་ཞེས་རྒྱུ་མར་བབ་པ་གཞུང་པ་ས་ལ་འགྲེ་ལྡོག་བྱེད། རྒྱུ་མ་འཁྲིལ་ཞིང་ཁྲག་བླུགས་ནས་ནད་ཆེ་བ་ལ། ནད་དེ་ཕོག་མ་ཐག་ཡུགས་སའི་ལྷམ་སྐྲད་རྨང་གཞོབ་བདུག མི་ཁྱིས་མ་འགོམ་པོ་ཐོ་གཅིག་འདྲ། གཉིས་ཟླུམ་པོ་བྱས་ནས་སྔགས་འདིས་ཁྲི་གཅིག་བསྔགས། ཨོཾ་གཤིན་རྗེ་ནག་པོ་གྷོ་ཚལ་པར་རྦདཿ བོ་ཐོ་དེས་ལྟེ་བའི་ཐད་དུ་ལན་དགུ་བརྒྱབ་ལྷམ་རྒྱབ་ཏུ་བཀལ་དང་བའི་ཤ་སྤུ་བདུག །མ་ཐུབ་ན་གཞང་ནང་ནས་ཡར་ལ་སྤུད་ཤན་གྱི་མཆུ་བཙུགས་ནས་ལན་དགུ་འབུད། དེ་དག་གིས་ཕན་ནོ། །དུད་འགྲོ་རྒྱུ་འཁྲིལ་དང་རྒྱུ་ནད་ལང་བར། ཨོཾ་ཨ་འགུ་ནག་པོའི་ཐག་ལ་ཤིག་ཤིགཿ ཅེས་བོ་ཐོ་དགུ་བསྔགས་ནས་ཕོ་བར་བརྒྱབ་པས་སེལ་ལོ། །ཡང་ཕྱུགས་ཀྱི་རྒྱུ་གཟེར་ལ། སུ་རུ་སུ་རུ་མ་མ་ཀུ་རུ་ལོ་ཡ་ཕཊ་


MR11_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱཿ ཆུ་ལ་སྟོང་བཟླས་ཏེ་བཏང་བས་སེལ་ལོ། །ཧོན་ནད་ལ་རྦད་བཞི་མ་སྲུང་བའི་སྐབས་སུ་གོང་བསྟན་རྫས་བཅས་མང་དུ་སྔགས་པ་ཁོང་དུ་བཏང་བས་ཕན་ནོ། །གློ་གོར་ཧོན་གསུམ་བཅད་ཐབས་ལ། རང་ཉིད་རྒྱ་རྗེ་རོ་ཁ་སྐུ་མདོག་མཐིང་ནག གཡས་ལྕགས་ཀྱི་ཐོ་བ་དང་། གཡོན་ལྕགས་ཀྱུ་བསྣམས་པའི་གོད་འདྲེ་རྣམས་བཟུང་ཞིང་མགོ་བོ་བཅོམ་པ། ཞབས་གཉིས་ཀྱིས་གོད་འདྲེ་མནན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བར་བསྒོམས་ལ་སྔགས། ཨཱོཾ་རྒྱ་རྗེ་རོ་ཁ་ད་མེ་ར་དུར་ལིང་ཏྲི་ཏྲི་ཞང་བཛྲ་རཀྴ་གློ་གོར་ཧོན་གསུམ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱཿ སྔགས་ཆུའི་ནང་དུ་གླ་རྩི་ནག་པོ་བཏབ། སྔགས་ཆུའི་ཁ་ཟ་འོག་གིས་བཀབ། མེད་ན་རས་སྔོན་པོས་བྱ། སྔགས་ཆུ་བླུད་ཅིང་ཙན་དན་དྲི་བཟང་སྔགས་ལ་བདུགས་པས་ཐུབ་བོ། །ཟབ་བོ། །ཡང་ཕྱུགས་ཧོན་གྱིས་ན་བ་ལ། ཨོཾ་ཧི་ལི་མི་ལི་ཙ་གུ་སྭཱ་ཧཱཿ ཡུངས་ཐུན་ལ་བསྔགས་ཏེ་བྲབ། མེ་ཙ་ཐུན་ཐུན་ཚ་རྦདཿ མཛུབ་མོར་བཟླས་ཏེ་བརྡེགས་པས་མེ་ལོང་གཡའ་ཕྱིས་པ་ལྟར་གྱུར་པར་བསམ། ཡང་ཧོན་དང་གོར་དང་གློ་དང་། ཁ་ཚ་ནིས་ཚ་ཐམས་ཅད་ལ། རང་མཁའ་འགྲོ་མ་སེང་གེའི་གདོང་ཅན་དུ་བསྒོམ། སྔགས་ཆུ་ཡེ་ཤེས་ཀྱི་བདུད་རྩིས་གང་ལ་བྱ་བའི་ལུས་ཤེལ་གོང་ལྟར་དག་པར་བསམ་ལ།


MR11_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཁ་ར་ཁ་ར་ཧ་ར་ཧ་ར་རཾ་སྭཱ་ཧཱཿ སྔགས་འདི་བཏབ་པས་མ་བྱུང་བ་ལ་སྲུང་བ་དང་། བྱུང་ཟིན་རྗེས་བཅད་གཉིས་ཀར་འགྱུར་རོ། །ཡང་ཧོན་གྱི་སྔགས། ཨོཾ་ཉ་ཕུ་ནི་ལི་སོད་སྭཱ་ཧཱཿ བརྒྱ་ཚོ་གསུམ་བཟླས་པས་ཕན་ནོ་ཟབ། མི་ཕྱུགས་གང་ལ་ལྷོག་པ་བྱུང་ཡང་། རྦད་རྦད་གར་ལྷོག་སོད། གིར་ལྷོག་སོདཿ ཅེས་པ་ནད་ཚབས་ཆེ་ན་ཁྲིའམ་སྟོང་གིས་སྔགས་ཆུ་བྱ། དེ་ནས་ནམ་དགོས་བརྒྱ་རེ་བཟླས་པས་ཐུབ། འདི་བཏབ་ན་ལྷོག་རོ་བཤས་ཀྱང་མི་འགོས་སོ། །ཟབ་བོ། །གཞན་སྔར་བསྟན་པའི་ལྷོག་སྔགས་ཐམས་ཅད་མི་ཕྱུགས་གང་ལ་ཡང་ཁྱད་མེད་དོ། །དེ་བཞིན་རྨ་སྐྲང་ཐབ་དུག་ལ་སོགས་པ་ཀུན་ཀྱང་ཤེས་པར་བྱའོ། །སྐེ་འགག་སྔགས། ཨོཾ་ཨ་ཏི་ནག་པོའི་སྲོག་ལ་རྦདཿ འབྲུམ་ཏི་ནག་པོའི་སྲོག་ལ་རྦདཿ ནག་པོ་ཛ་ལའི་སྲོག་ལ་རྦདཿ སྲོག་བདག་ནག་པོའི་སྙིང་ལ་མཱ་ར་ཡ། གཉན་གྱི་དུག་མདའ་ནག་པོ་སོདཿ ཅེས་བཟླས་པས་འཇོམས་ཏེ་སྔགས་ཆུས་གསོད། གཞན་ཡང་ནད་དེའི་སྨན་དཔྱད་གང་ལ་བཏབ་ཀྱང་ཕན་ནོ། །སྔགས་འདི་ལ་བཟླས་པ་མང་དུ་སོང་ན་འགག་ཐུབ་ངེས་སོ་ཟབ། ཡང་སྐེ་འགག་གིས་ན་བའི་སྔགས་ནི། ཨོཾ་ལ་རྒ་ན་སོདཿ ལ་རྒ་བརྗོདཿ ལ་རྒན་བརྗོད་ལ་སོདཿ ནཾ་ནཾ་གྲིབ་གྲིབ་སོདཿ ཕུག་རཾ་གྲིབ་ལ་སྐམཿ སྔགས་ཆུ་བྱས་པས་ཐེ་ཚོམ་མེད་


MR11_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པར་སོས་སོ། །ཨ་ཏི་མུག་ཏི་ལྷོག་ཏི་སོདཿ སྔགས་འདིས་གག་ལྷོག་ཐམས་ཅད་ཐུབ་པས་ཕྱུགས་ཀྱི་ཨོལ་འགག་ཀྱང་ཐུབ་བོ། །ཡང་ཕྱུགས་ཀྱི་སྐེ་འགག་ལ། ནང་མོ་ཡེ་དྷརྨ་བརྒྱ་བཟླས། དེ་ནས། ཨོཾ་བྱད་བྱེ་མ་འམ། མ་བྱད་མ་རཀྴ་རཀྴ་རྦད་ཆོདཿ བྱེ་མ་ལ་བསྔགས་ནས་གཏོར། ཨོཾ་ཨ་ཤོ་རི་མོ་མ་མ་གཏལ་ཏྲིག་སུམ་བརྒྱ་དྲུག་ཅུ་ཤིག་ཤིག་མཱ་ར་ཡ་སྭཱ་ཧཱཿཤུག་པ་བསྔགས་ལ་བདུག དགོང་མོ་མདོ་བཟློག་ཚར་གསུམ་བྱ། དེས་ན་བ་རྣམས་འཆད་དོ། །ཡང་འགག་སྔགས་ལ། ཨོཾ་བཛྲ་ཀུན་ན་ར་ཡེ་ཀནྟེ་སརྦ་དུག་ཕྱུངས་ཡེ་སྭཱ་ཧཱཿ སྲུང་སྐུད་ནག་པོར་མདུད་པ་དགུ་བྱས་ལ་སྔགས་བཏབ་ལྕགས་སྡིག་ནག་པོ་མགོ་དགུས་གནོད་བྱེད་ཟ་བར་བསམས་ལ། བསྲུང་བྱའི་མགུལ་དུ་བཏགས་པས་ཕན་པ་ཁྱད་ཆོས་ཅན་ནོ། །ཡང་ཨོལ་འགག་སྔགས། ཨོཾ་ཨག་ཐིར་སོདཿ ཨུག་ཐིར་སོདཿ ཧཱུྃ་ཧཱུྃ་རཾ་རཾ་ཕཊ་ཕཊ་སྭཱ་ཧཱཿ བདུད་འདུལ་རྡོ་རྗེའི་གཏེར་མ་ཟབ་བོ། །ཡང་ཨོལ་འགག་སྔགས། ཨོཾ་དབལ་མོ་དབལ་ཆུང་ཁྱུང་སྤུ་གྲི་སའང་ཆོམསཿ ཡང་ཕྱུགས་ཀྱི་གག་པ་ཨོལ་འགག་གི་སྔགས། ཨོཾ་ཏྲི་སོད་ཏྲི་ཏྲི་སོད་གག་པ་སྤུན་དགུའི་སྲོག་ལ་མཱ་ར་ཡ་རྦད། ལྷོག་པ་སྤུན་དགུའི་སྲོག་ལ་མཱ་ར་ཡ་རྦདཿ ཀ་ཀ་ལྷོག་


MR11_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོག་གཉེན་གཉེན་བསྡུས་བསྡུསཿ སྔགས་ཆུ་བྱས་པས་ཐུབ་བོ། །ཡང་གག་སྔགས། པི་ལིང་ཤིག་སོདཿ དབུགས་མ་ཆད་ཚུན་ཆད་སྔགས་འདིས་སླེབས་པས་ཆོག་གོ། ཡང་ནོར་གྱི་སྐེ་འགག་སྔགས། ཨོཾ་ས་རྦད་ཛ་རྦད། དུར་རྦད། མ་ཧཱ་ནད་རྦདཿ ཨོལ་འགག་དང་པོ་བྱུང་བ་གག་པའི་དུས་སུ་སྐེ་ལ་ཁྲག་གཏར་ནས་ཁྲག་དོང་དུ་མནན། སྔགས་ཆུ་མང་པོ་ཚིམ་པར་བླུད་པས་ཕན་པ་ལག་བླང་མའོ་ཞེས་འདུག །ཡང་ཨོལ་འགག་སྔགས། ཨོཾ་ཏུར་ཏི་ནག་པོ་རྦད་རྦདཿ མ་ཛྙ་ག་ཤེད་ཐུན་ཛྙ་རྦད་སྭཱ་ཧཱཿ སྔགས་འདི་སྔགས་པ་འགས་ལག་བླང་ཡིད་ཆེས་མའོ། །ཟབ་བོ། །ལུག་གི་ཨོལ་འགག་གསོ་སྔགས། ཨོཾ་ཐར་ཐར་སོད། ཐུར་ཐུར་སོད། བྱ་ཁྱུང་ནག་པོ་སོད། བ་ནུར་བ་ས་སོད། ཕཊ་ཤིག་ཤིག་སོད། ཕུར་ཤིག་ཤིག་སོད། ཁྲག་ནག་འགག་ཤིག་ཤིག་སོད་སྭཱ་ཧཱ། སྔགས་ཆུ་བྱས་ལ་བླུད་པས་ཕན་ངེས་སོ། །སྔགས་ཆུའི་ནང་སྤྱང་ལྕེ་འཛིན་པ་ཝཏྟ་ཤུ་དག་གླ་རྩི་རྣམས་བསྲེས་ན་བཟང་སྨིན་མཚམས་སྤུ་འཁྱིལ་མེས་བསྲེག་ན་ཕན་ནོ། །ལུག་ནད་གཏལ་བ་བཅད་ཐབས་ལ། གུ་གུལ་མུ་ཟི་ནག་པོ། སྡོང་རོས། ཁྱི་ལུད། རྟིས་ལོའི་ཤ སྲེ་མོང་གི་ཤ །ཚིལ་ཆེན། བུད་མེད་ལྷམ་


MR11_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་རྣམས་ལ་སྔགས་འདི་བཏབ། ཨོཾ་ཕཊ་ཕཊ་སང་སང་། ནུར་ནུར། དུག་སོད། ནད་ཞི། རཾ་རཾ། ཐོག་ཐོག །ནད་ཀྱི་སྙིང་ལ་རྒྱོབཿ ཅེས་བྱས་ནས་རྫས་དེའི་དུ་བ་བདུགས་པས་ལུག་ནད་འཆད་དོ། །ཡང་ལུག་ནད་ལ་ཤུག་ཕྱེ་ལ་སྔགས་འདི་བཏབ་ལ་བདུག །ཨོཾ་འཛུ་ལ་ལ་མ་མ་ཀི་ཏྲི་ཀིཾ་ཛ་ཛཿ ཞེས་སོ། །ཡང་གཅིག །ཨོཾ་ཏྲི་ཏྲི་ལྷོག་ལྷོག་ཟློག་ཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ་སྲུངས་ཤིག་སྭཱ་ཧཱཿ བྱེ་མ་བསྔགས་ནས་ལུག་ལྷས་སུ་བཙུད་དེ་ཀུན་ལ་གཏོར། ཡང་གཅིག །ཁོ་མོ་ཁོ་མོ་ཁུ་ཏེ་སྭཱ་ཧཱཿ རྒོད་ཤ་བསྔགས་ནས་བདུག་ན་ལུག་ནད་ལ་ཕན་ནོ་ཟབ།ཡང་ལུག་ནད་བཅད་ཅིང་སྲུང་བའི་སྔགས་ནི། ཨོཾ་ཧ་ལ་ཧ་ལ་ཡེ་སྭཱ་ཧཱ། ཧུ་ལུ་ཧུ་ལུ་ཡེ་སྭཱ་ཧཱ། མ་མོའི་དལ་ཡམས་ལ་སྭཱ་ཧཱཿ མ་མོའི་གཟེར་ནད་ལ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་སྔགས་ཆུ་གཏོར་ཤིན་ཏུ་ཟབ་བོ། །དུད་འགྲོ་མགོ་འཁོར་སྨྱོ་སྔགས་ལ། སྔགས་འདི་འབུམ་བཟླས། རྡོ་རྗེ་འཛམ་གླིང་ཉི་མ་མགོ་འཁོར་གཏིང་ནས་དྲོངསཿ ཤིག་ཤིག་ཕྱུངས་ཕྱུངས་ཧ་ན་ཀོ་བྷི་ར་རྦད།སྔགས་ཆུ་སྣ་ནས་བླུད། རང་འཐག་ལ་མཚལ་གྱིས་གཡུང་དྲུང་བྲིས་ལ། དུད་འགྲོ་དེའི་མགོ་གཡས་སུ་འཁོར་ན་གཡོན་དང་། གཡོན་དུ་འཁོར་ན་གཡས་སུ་བསྐོར། དཔྲལ་བར་མེ་བཙའ་


MR11_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པས་ཐུབ་བོ། །ཡང་ཕྱུགས་ཀྱི་སྨྱོ་སྔགས། ཨོཾ་ཧྲུག་ག་ཧྲུག་གཿ སྙིང་ཁ་ལ་རྦད་དུ་སོདཿ ས་གཙང་མ་ཁ་ཤར་དུ་གྱུར་ནས་བླང་བར་སྔགས་ཁྲི་གཅིག་བཏང་སྟེ་བྲབ། རོ་ལོ་ཁ་ལ་མ་སོང་བོང་བ་ཞིགཿ ཅེས་སྤྲ་བ་ལ་སྔགས་ནས་དཔྲལ་བའི་དཀྱིལ་དུ་མེ་བཙའ་གཅིག་བཞག་པས་ཐུབ་པ་ལག་བླང་མའོ། །ཡང་ཕྱུགས་མགོ་འཁོར་སྔགས། ཨོཾ་ཨག་ཐཾ་སྭཱ་ཧཱཿ རྨུགས་རྨུགས་སེམས་ཅན་མགོ་འཁོར་རཀྴ་རཀྴཿ སྔགས་བརྒྱ་རྩ་རེ་བཟླས་ཏེ་བཏབ་བོ། །ཡང་གཅིག་སྨྱོ་མགོ་འཁོར་སྔགས། ཨོཾ་འབར་བ་སོད། ཨོཾ་འབར་བ་མེ་ཐིས་སོདཿ ཨོཾ་འབར་བ་ཆུས་ཐིས་སོདཿ ཨོཾ་འབར་བ་ཁྲག་ཐིས་སོདཿ ཨོཾ་འབར་བ་རླུང་ཐིས་སོདཿ ཅེས་དྲེད་མོང་གི་སྤུ་དང་། ལུག་མགོ་ནག་གི་སྤུ་གཉིས་འཁལ་བའི་སྐུད་པར་སྔགས་བཏབ་སྟེ་བཏགས་པས་ཐུབ་པ་ལག་བླང་མའོ། །ཞེས་སོ། །ཕྱུགས་གཞོན་རྣམས་ལ་སྨྱོ་འདྲེ་སོགས་སྲུང་བ། ཨོཾ་སྨྱོ་འདྲེ་ཨ་ཀ་ར་ཤག་སོདཿ ཨཱོཾ་སྨྱོ་འདྲེ་ཨ་ཀ་ར་ཤག་རྦདཿ ཨེ་རྦདཿ ཨོཾ་སྨྱོ་འདྲེ་ཨ་ཀ་ར་ཤག་ཛ་ཛཿ འཆང་བ་པོ་སྲུངས་ཤིག་རཀྵ་རཀྵཿ རྐང་བཞི་འདི་ལ་སྨྱོ་རྣུ་རྔོ་ཤིག་གི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵཿ འདི་ཚེག་མེད་བྲིས་ལ་མཇུག་ནས་ཡར་དྲིལ་


MR11_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དགུ་སྦྱོར་བྱུགས་ལ་བཏགས། སྲུང་སྐུད་ནག་པོ་ལ་སྔགས་གྲངས་མང་བཏབ་སྟེ་བཏགས་པས་ཐུབ་བོ། །ཡང་ལྷོག་པ་སོགས་ཕྱུགས་ཀྱི་ཚད་ནད་རིགས་ལ། ཨོཾ་ཨ་ལོ་དཀར་པོ་ཤེས་ཧཱུྃ་ཕཊཿ ཞི་ཞི་དུལ་དུལ་སྭཱ་ཧཱཿ ཁྲི་གསུམ་བསྔགས་པའི་ཆུ་བླུད་པས་སེལ་ལོ། །ཕྱུགས་ལ་གཟའ་ཕོག་པ་ལ་ལན་དགུ་འགོམ་ཞིང་། དྲ་ཤ་ནཱ་ག་ལ་སོདཿ ལན་དགུ་བཏབ་པས་ཐུབ། ལུས་གཅུས་པ་ལ། ཨོཾ་ཁ་ཏྲ་ནཱ་ག་རཀྵ་རུག་ནནཿ སྟོང་ཕྲག་གསུམ་བཟླས་པའི་སྔགས་ཆུ་བླུད། སྙིང་ལ་མེ་བཙའ་གདབ་བོ། །ཁ་ཚ་ནེ་ཚ་ན་བ་གསོ་ན་མ་རྙེད་ན་སྐར་ཆུ་གངས་ཆུ་ལ། ནག་མོ་མེ་རུམ་སོདཿ མེ་ལྟར་འབར་བ་སོདཿ དམར་མོ་ལྕེ་དུར་སོདཿ ནག་མོ་རྐང་ལྡག་སོདཿ ཆུ་ལྟར་ཁོལ་པ་སོདཿ རཾ་ཞི་རི་སོདཿ སྟོང་ཕྲག་གཅིག་བསྔགས་ལ་བླུད།ཕྱུགས་ལ་ཆུ་དཀར་གཏོར་བས་ཐུབ། ཡང་ཕྱུགས་ཀྱི་ཁ་ཚའི་སྔགས། ཨོཾ་ནལ་བུ་སོདཿ ནལ་བུའི་བུ་སོདཿ ཨོཾ་ཡོ་འབུས་ཁ་ཚ་འགོ་ནད་སོདཿ ཆུ་ལ་ཚ་འབུ་སོདཿ ཨོཾ་ཏྲི་རཱ་ཛ་ནག་པོ་སྲོག་ལ་ཆིངསཿ མར་ལ་སྔགས་ནས་རྭ་ཅོ་དང་རྨིག་པ་སོགས་ལ་བྱུགས་པས་ཕན་པ་ལག་བླང་མའོ། །ཞེས་སོ། །ཆུ་དུག་གི་སྔགས། ཨོཾ་སུ་རུ་སུ་རུ་མ་རུ་ཀུ་རུ་ལེ་ཧཱུྃ་ཕཊཿ སྔགས་སྟོང་


MR11_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག་ལས་མང་བར་བཟླས་པའི་སྔགས་ཆུས་ཕན། ཕྱུགས་ལ་རྔོ་བྱུང་བར་རྔོ་ཁུ་ལ། ཨོ་རྒྱ་འདྲེ་ནག་པོ་བ་ལུམ་སོདཿ ཁྲི་གསུམ་བསྔགས་ནས་བླུད། རུས་པ་སྣ་ཚོགས་བཙོས་ཁུས་ལུས་ཀུན་བྱུགས། སྨན་རྒྱ་ཚི་དུག་ལོ་འཕྱི་བའི་ཚིལ་དང་མཁྲིས་པ་སྦྱར་ལ་ཁོང་དུ་བཏང་བས་ཐུབ་བོ། །ཡང་རྔོ་སྔགས། ཏེ་ཆུམ་ནནཿ ཧ་སི་སོདཿ རང་ཨ་ཙར་དམར་པོ་གཅིག་བསྒོམས་ལ་སྔགས་བཏབ་པས་ཐུབ་བོ། །ཡང་རྔོ་དང་རྣུ་སྔགས་ནི། ཨོཾ་འབར་བ་སོདཿ ཁྲག་རྩ་འབར་བ་སོདཿ ཁྲག་གི་རི་ལ་མར་མེའི་མེ་འབར་བ་སོདཿ ཞི་བ་སོདཿ འཇམ་པ་སོདཿ ཅེས་བཟླས། དུང་རོ། རྭ་བཞར། རྒྱ་དུད་རྣམས་མར་རྙིང་བསྲེས་ལ་བསྔགས་ནས་བསྐུའོ། །ཐུ་ཚབས་ཆེ་ན་ཆང་ཕོར་གསུམ་ཙམ་སྔགས་བཏབ་བླུད། ཟབ་བོ། །རྣུ་དང་པོ་རྣ་བར་ཞུགས་ནས་མཐར་སྙིང་མཆིན་ལ་འབབ་པས། དེ་སྲུང་བའི་ཕྱིར་ལོ་མར་དུད་པ་བསྲེས་ནས་རྣ་དྲུང་དང་རྣ་བར་བྱུགས། བྱུང་བ་གསོ་ན་མཚུར་ནག་མི་སོག་བསྲེགས་ཐལ་བསྲེས་པ་ཐར་ནུའི་ཁུ་བས་སྦང་སྟེ་རྣ་བར་བྱུགས་པས་ཕན། ཤིག་ལ་ཤིག་ལྟུམ་གྲིབ་བསྐམ་ཤ་ཚིལ་སྦྱར་ལ་ལུས་ཀུན་བྱུགས་པས་ཐུབ། དུད་འགྲོའི་ཕྲུ་གུ་མ་ཐོན་ན་མ ར་ལ། ཨོཾ་ཉ་ལྟར་རྔ་མ་ཤ་རུས་གཏིང་ནས་དྲོངས། སྔགས་འདི་བཏབ་


MR11_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བྱིན་པས་གྲོལ་ལོ། །མི་ནོར་རྟ་ལུག་སོགས་ཀྱི་ཤམ་མཐོན་ན། ཨོཾ་པ་ཏི་ཤ་མ་ནི་སྭཱ་ཧཱཿ ཆུ་ལ་སྔགས་ནས་བྱིན་པས་ཚེགས་མེད་དུ་འགྲོལ་ལོ། །ཡང་བུད་མེད་དང་བུའམ་དུད་འགྲོའི་ཤམ་འཐོགས་ན། སྤྱང་བྲུན་བྱ་བལ་མ་ཆང་དང་སྦྱར་ལ་སྔགས་འདི་བཏབ། ཏྲ་ནི་ཏྲ་ནི་ཤག་ཕྱུངསཿ དེ་ཁོང་དུ་བཏང་བས་ཕན་ངེས་སོ། །འདི་ཤིང་ལེབ་ལ་བྲིས་ནས། རྟེན་སྙིང་གིས་རབ་གནས་བྱས་ཏེ་མི་ཕྱུགས་གང་ཡིན་གྱི་མཚན་མའི་ཐད་དུ་བཏགས་ན། བུ་དང་བུ་རོ་ཤམ་འཐོགས་པ་སོགས་འབྱིན་ནོ་ཟབ། ཕྱུགས་རྡུང་མཁན་ལ། ཨོཾ་ས་མ་ལ་བ་ཏི་སྭཱ་ཧཱཿ སྔགས་འདིས་རྡེའུ་ལ་བསྔགས་ནས་རྟེན་སྙིང་གིས་རབ་གནས་བྱས་ཏེ་མི་གཞན་གྱིས་མི་མཐོང་བར་ནོར་དེ་ལ་བརྒྱབ་པས་ཐུབ་བོ། །དུད་འགྲོ་ཆུ་ཆེན་ལས་མ་ཐོན་ན། ཨོཾ་ན་ག་ཀ་ནི་ཡ་མ་ཡེ་ཧཱུྃ་ཕཊཿ ས་དང་བྱེ་མ་སོགས་བསྔགས་ལ་གདོང་དུ་ཕར་གཏོར་བས་ཕན་ནོ། །ཆུ་ལ་ཨ་དཀར་པོའི་ཟམ་པ་བཙུགས་པར་བསམ། ཡང་སྔགས་འདྲ་མིན་གཅིག་ལ་གཞན་སྔར་འདྲ། ཨོཾ་ན་ག་ཀ་ནི་སོ་མ་ཧཱུྃ་ཕཊཿ ཤིན་ཏུ་ཟབ་བོ། །ཕྱུགས་སོགས་{ཨ མ བི ས པ མ གླ ས} ལ་གཅན་གཟན་སྲུང་ན། སྦྱིན་སྲེག་གི་ས་དང་ས་གཙང་བསྲེས་ལ་སྔགས་འདི་སྟོང་བཏབ། ཨོཾ་ཨཱཿ


MR11_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་རི་ཏི་ཤྲི་ཏི་སྭཱ་ཧཱཿ གང་ལ་གཏོར་བས་སྟག་དྲེད་སོགས་གཅན་གཟན་ཐམས་ཅད་སྲུང་ངོ་། །སྤྱང་ཀི་སྲུང་ན། ཨོཾ་ཨཱཿཧཱུྃ་ཡ་ལེ་ཡ་ལེ་སྭཱ་ཧཱཿ སྔགས་འདི་ས་ལ་བཟླས་ཏེ་གཏོར་བས་ཐུབ། གཞན་སྤྱང་སྲུང་སོགས་དང་རྐུན་སྲུང་སོགས་གཞན་ལས་ཤེས་པར་བྱའོ། །དུད་འགྲོ་ཆུ་ཆེན་ལས་མ་ཐོན་ན། ཏི་ཏི་ནི་ནི་སྭཱ་ཧཱཿ ཁྲི་བཟླས་སྔགས་ཆུ་བླུད། ཅུང་ཆད་དམ་རྟག །རྒྱ་རུ་བརྡར་ནས་སྔགས་ཏེ་བླུད་པས་ཕན་ནོ། །བེའུ་ཆུང་འཁྲུ་སྔགས། ཨོཾ་དམར་ཆུང་ཟི་ར་སོདཿ གཅོང་ནད་རྒྱུ་གཟེར་སོད་སྭཱ་ཧཱཿ ཞེས་བཟླས་སྲུང་སྐུད་དམར་པོ་ལ་མདུད་པ་དགུ་བྱས། སྔགས་བརྒྱ་རེ་བཏབ་ནས་བཏགས། མར་ལ་བསྔགས་ནས་བྱིན་པས་ཐུབ་བོ། །ཡང་དུད་འགྲོ་ཁོང་ཐབ་རྒྱག་པའི་སྔགས་ཏི་ཏི་སོགས་རེད་ཟེར། བེའུ་ནད་སྔགས། ཨོཾ་ནག་པོ་དུར་ཏྲི་རྦད་སོདཿ མར་བསྔགས་ལ་བྱིན་པས་ཐུབ་བོ། །བེའུའི་ཚིག་ནད་སྔགས། སྐུད་པ་དམར་པོ་ལ་མདུད་པ་གསུམ་བྱས་རྔ་མ་ལ་བཏགས། ཨོཾ་སརྦ་རྦད་ཆོད་རྦུད་ནན་ཞེས་སོ། །མ་འོ་མ་འཐུངས་གོང་དུ་བྱས་ན་ཕན་ངེས་སོ། །བེའུའི་གཉང་ནད་ལ། ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱཿ གཉང་ནད་སརྦ་རཀྵཿ ཤུག་པའི་འབྲས་བུའི་ཕྱེ་དང་ཤར་དྲིལ་དཀར་དམར་རྩ་བ་ལ་བསྔགས་ནས་མར་དཀར་གྱི་ཞུན་བསྐོལ་ཏེ་བླུད་ན་ཕན་ནོ། །ཡང་བེའུ་


MR11_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གཅོད་པའི་སྔགས། ཨོཾ་ཨ་ཏི་ནག་པོ་ནན། ཏུ་ཏི་ནག་པོ་སོདཿ སྐུད་དམར་ལ་སྔགས་བཏབ་རྔ་མར་བཅིངས་པས་ཐུབ་བོ། །ཕྱུགས་ཀྱི་གོད་ཁ་གཅོད་པའི་ཕྱག་རྒྱའོ། །ཕྱུགས་མི་སྟོར་བའི་ཕྱག་རྒྱ་ལྷས་དང་ཁྱིམ་གཉིས་ཀྱི་བར་དུ་བཙུགས་པས་ཕན་ནོ། །ཕྱག་རྒྱ་འདི་ནོར་ཕྱུགས་མ་ཉན་པ་བྱུང་ན་འབྲིའམ་ལུག་ཚེ་ཐར་དཀར་མཚན་ཅན་ལ་བཏགས་པས་ཕན་ནོ། །ས་སྐྱོན་སྲུང་བའི་ཤུག་བྱང་ཟབ་མོ་གང་སྲུང་བར་འདོད་པའི་ཕྱོགས་སུ་གཟུགས་སོ།། སྟག་ཤམས་གཏེར་མ་ཕྱུགས་བཅོས་སྐོར་གྱིས་མཚོན་པས་གཏེར་ཁ་རྣམས་སུ་ཕྱུགས་ཀྱི་ནད་སྔགས་ཤིན་ཏུ་མང་པོ་བྱུང་བ་ལས། འདིར་ཉེར་མཁོ་ཅུང་ཟད་ཕྱོགས་གཅིག་བཏུས་པའོ། །རྟ་ཕྱུགས་ཁྱི་སོགས་དུད་འགྲོ་རྣམས་ཀྱི་གག་ལྷོག་གཟེར་དང་རྨ་འབྲུ་སོགས་ནད་རིགས་ཐམས་ཅད་ལ་སྔགས་རྒོད་རིམས་སྲུང་བྷེ་ཏུ་མ་ཟབ་སྟེ་དེ་ནི་ལོགས་སུ་བཀོད་པ་ལས་ཤེས་སོ། །ནད་ཀྱི་མཁྱུད་སྤྱད་རིགས་ཟུར་དུ་ཤེས་པར་བྱའོ། །ནད་ཀྱི་རིགས་སུ་གྱུར་པ་ཞི་བར་འདོད་པས། བདེ་གཤེགས་སྨན་པའི་རྒྱལ་པོ་དང་། བྱང་སེམས་སྨན་གྱི་རྒྱལ་པོ་སོགས་རྒྱལ་བ་སྲས་བཅས་མངོན་སུམ་དམིགས་ནས། བདག་དང་སེམས་


MR11_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་ནད་ཞི་བའི་གསོལ་བ་བཏབ་ལ། དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་ན། སྔོན་ལས་དང་འཕྲལ་རྐྱེན་ལས་གྱུར་པའི་ནད་ཐམས་ཅད་ཞི་ཞིང་གང་བཟླས་པའི་སྔགས་ཐམས་ཅད་འགྲུབ་པའི་ཐབས་སུའང་འགྱུར་བའི་ཕྱིར་རྒྱུན་དུའམ་སྐབས་ནམ་བདེར་ཅི་ནུས་བཟླ་བར་བྱའོ། །དེ་ལྟར་སྔགས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་ཚུལ་བཞིན་འབད་ན་ནད་སྣ་ཚོགས་ངེས་པར་ཞི་བར་འགྱུར་ཏེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། མེ་ཡི་རང་བཞིན་གནད་རྣམས་འདྲལ་བའི་དུག །མཚོན་དང་མེ་དང་གཟི་བརྗིད་མཚུངས་པ་དང་། །ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞིག་གྱུར་པ། །དེ་ལྟར་སྨན་པས་སྦྱོར་བས་མི་ནུས་སོ། །ཞེས་དང་། རྒྱལ་བ་ལ་དད་གཞན་ལ་ཕན་བརྩོན་པའི། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང་། །གྲུབ་པར་བཅས་པས་སྔགས་བཤད་གང་ཡིན་པ། །དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། །མ་འོངས་སེམས་ཅན་མགོན་སྐྱབས་མེད་རྣམས་ལ། །རབ་ཏུ་གཟིགས་ནས་བྱིན་གྱིས་བརླབས་པར་མཛད། །ཅེས་དང་། བདག་ཉིད་ཆེན་པོའི་མུན་པ་སེལ་བ་ཡི། །གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་དེ་ལ། །འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡིས། །གསང་སྔགས་མཐུ་ཡིས་དེ་ལ་བསྐྱོད་དུ་མེད། །ཅེས་གསུངས་པ་བཞིན་ནོ། །འདིར་སྨྲས་པ།


MR11_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་རྒྱལ་སྲས་རིག་འཛིན་གྲུབ་ཚོགས་ཀྱིས། །འགྲོ་ཕན་སྔགས་ཀྱི་རྣམ་གྲངས་མུ་མེད་ལས། །ཉེར་མཁོ་ཅི་རིགས་བཏུས་འདིས་སྐྱེ་དགུ་ལ། །ཕན་པ་ཆེ་འབྱུང་མཐར་ཐུག་སངས་རྒྱས་ཤོག །ཅེས་པ་འདི་ནི་ནད་སྔགས་རེ་རེ་ལའང་རྣམ་པ་སྣ་ཚོགས་མི་འདྲ་བ་མང་དུ་མཐོང་ཕྱིར་དེ་ཐམས་ཅད་བསྡུ་བར་མི་ནུས་ལ། སྔགས་མང་པོ་དག་དེ་སྙེད་ལག་ལེན་བྱེད་པའང་མི་འོང་ཞིང་། ཟབ་མོའི་སྔགས་གང་རུང་གཅིག་ལེགས་པར་བཟླས་པས་དོན་ཐམས་ཅད་འགྲུབ་པ་ཡིན་མོད་ཀྱི། གསར་རྙིང་མཁས་གྲུབ་རྣམས་ཀྱི་མན་ངག་སྣ་ཚོགས་རྒྱ་ཆེ་བ་དང་ཁྱད་པར་གུ་རུ་པདྨའི་གདམས་པའི་སྔགས་གཏེར་ཁ་རེ་རེ་ན་ཡང་རྒྱ་ཆེ་མུ་མེད་དུ་མཆིས་མོད། ཐམས་ཅད་ཀྱི་དཔེ་ཕྱོགས་གཅིག་འབྱོར་བར་ཡང་དཀའ་ལ། ཡིག་སྐྱོན་སོགས་ཀྱི་ཐེ་ཚོམ་ཆོད་ངེས་དང་ཁུངས་བཙུན་ཟབ་མོ་གང་ཡིན་ཆ་མི་འབྱེད་པ་སོགས་ཀྱིས་ལག་ལེན་ཐེབ་པ་དཀོན་ཕྱིར། གཞན་ལ་གཅིག་ཏུ་ཕན་པའི་བསམ་པས། སྔགས་དག་ཤོས་དང་ལག་ལེན་སླ་ཟབ་ཁུངས་བཙུན་རྣམས་ཉེར་མཁོ་ཅི་རིགས་ཚང་བར་བསྡུ་བ་པོ་ནི། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས། སྔ་མོ་ཞིག་ནས་སྔགས་སྣ་ཚོགས་གང་རྙེད་ཐད་ཀར་དཔེ་བཤུས་པའི་ཚོགས་རྣམས་སླར་ཡང་རབ་ཚེས་དགེ་བྱེད་ཆུ་སྟག་ཁྲུམ་ཟླའི་ཚེས་བཅུ་བདུན་ནས་གོ་རིམ་བསྒྲིགས་ཏེ་གཞུང་གཅིག་ཏུ་བྱས་པ། ཟླ་བ་དེའི་ཚེས་ཉེར་གསུམ་ལ་གྲུབ་པར་གྱུར་པ་ལ་སླར་ཡང་བསྣན་ཆ་མང་ཞིག་བགྱིས་པའི་མ་དཔེ་ལས་མེ་ལུག་ཟླ་ཚེས་༣ལ་བུ་དཔེར་ལེགས་པར་བཤུས་པ་འདིས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་རྒྱུན་ཆད་དེ་འཇིགས་མེད་བདེ་བ་ཆེན་པོ་རྒྱལ་བ་སྨན་གྱི་བླ་མའི་གོ་འཕང་རྟག་པ་དམ་པ་འགྲུབ་པར་གྱུར་ཅིག །སུ་ཤྲཱི་མོ་བྷ་བ་ཏུ། སླར་ཡང་འདིར་མ་འདུས་པའི་ནད་རིགས་འགའ་ཡི་སྔགས་ཟབ་མོ་རེ་ཟུང་ཡིད་ཆེས་ཁུངས་བཙུན་རྙེད་པའང། འདིའི་ཁ་སྐོང་དུ་བསྡུ་དགོས་ངེས་སུ་མཐོང་ན། སྐལ་བཟང་དག་གིས་དེ་ལྟར་གྱིས་ཤིག་དགེ་ལེགས་འཕེལ། མངྒ་ལཾ། །སྔགས་ཡིག་ཚན་གསུམ་ཀའི་སྔགས་རྣམས་ཕྱག་དཔེ་དངོས་དང་གཏུགས་ནས་ཡིད་རྟོན་ཕེར་བར་བྱས་ཟིན། །


no previousནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་བ།next