Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
ཚེ་སྒྲུབ་རྡོ་རྗེ་ཡང་རྫོང་ལས༔ འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ།
   
   
   
   
   
   
   
   
   


 
previousཚེ་སྒྲུབ་རྡོ་རྗེ་ཡང་རྫོང་ལས༔ འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ།next

ཚེ་སྒྲུབ་རྡོ་རྗེ་ཡང་རྫོང་ལས༔ འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ།


MR11_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་རྡོ་རྗེ་ཡང་རྫོང་ལས༔ འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ་བཞུགས་སོ། །


MR11_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ དྲག་སྔགས་མེ་དཔུང་རྡོ་རྗེའི་མཚོན༔ ནད་རིམས་མེ་ལྟར་འབར་བའི་གཤེད༔ ནད་བདག་དཔུང་འཇོམས་དྲག་སྔགས་འདི༔རབ་ཏུ་གཅེས་སོ་ཤིན་ཏུ་ཟབ༔ ཨོཾ་པི་ཤཱ་ཙི་པརྑ་ཤ་ཝ་རི་སརྦ་ཨཱ་པྲ་ཤ་མ་ནི་སྭཱ་ཧཱ༔ ཨོཾ་ཁྲོམ་བཛྲ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་ན་མོ་བུདྡྷཱ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ན་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ཨོཾ་ཀ་ཤ་ཀ་པྲ་གི་ཚ་ལ་ཤག་ནན༔ ནད་ཀྱི་སྙིང་མགོ་དཀར་པོ་ཆོད་སྭཱ་ཧཱ༔ ཨོཾ་ཛྭ་ལ་ཛ་ལ་པྲ་ཛྭ་ལ་པྲ་ཤ་མ་ཎི་རིམས་ནད་ཐམས་ཅད་ཞི་བར་གྱུར་ཅིག༔ ཨོཾ་སྒྲུབ་སྭཱ་ཧཱ༔ནེར་སེང་ཡེར་རྦད༔ ཀ་ཁ་ས་ཊ་ཧཱུྃ་སྭཱ་ཧཱ༔ རམ་རམ་སོད༔ ལྷོག་པ་དམར་པོ་སོད༔ གཉན་ཁྲ་བོ་སོད༔ སྭལ་བ་ནག་པོ་སོད༔ མ་ཧཱ་གུ་རུ་ཏྲི་གུ་རུ་ཏྲི་ནི་གྷ་གྷ་ཤད་ཡ༔ རམ་རམ་ན་ག་ཐུལ་ཐུལ༔


MR11_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་གའི་ཙི་ཏ་ཕོས༔ ནཱ་ག་རྦུད་ལིང་ཤག་མྱོགས་སོད༔ ཨོཾ་ཐིམ་ཐར་ཏི་ས་དུནྟེ་ཛྭ་ལ་རམ་པ་ཡེ་སྭཱ་ཧཱ༔ ཨོཾ་གུག་ཏི་གུག་ནན་རང་ནད་རང་ལ་དུ་དུ་ཤིག༔ ཨོཾ་ར་སོད༔ རུ་སོད༔ཁྲག་སོད༔ ཁྲག་ནད་སོད༔ རྒྱུ་གཟེར་སོད༔ རྒྱ་གར་གྱི་ཆུ་བོ་གངྒཱའི་བུ་ལྔ་ཡོད་པའི་དཀྱིལ་གྱི་དམར་ནད་ངན་པ་དེ་སོད༔ ཨོཾ་ན་མ་ལིང་ཡེར་རྦད༔ ཨོཾ་ཨཱཿཧཱུྃ༔ ད་ཡ་ཐིམ༔ ཙིཏྟ་ཡ་གཾ༔ དུ་ག་པ་ཏི༔ སརྦ་ཨ་ཏ་ལི༔ ཁྲོཾ་ཧཱུྃ་ཁྲོཾ་བྷྱོ་ཁྲོཾ་ཕཊ་སྭཱ་ཧཱ༔ ཨོཾ་ཚི་བརྟུལ་བརྟུལ༔ རྨུག་ཤིག་ཤིག༔ ཧྲི་སྐྲཾ་ཙཀྚ་རྦད་རྦད་ཕཊ༔ ཨོཾ་ནག་པོ་རྦད༔ དུ་ན་ཡ་རྦད༔ མ་ཧཱ་པཉྩ་རྦད༔ ཐུམ་ཧྲིལ་ཛ་རྦད་སྭཱ་ཧཱ༔ ཨོཾ་ནག་པོ་ཐུན་བྷྱོ་རྦད༔ ཆད་རིགས་མགོ་གཟེར་དུར་ཡ་རྦད༔ ནག་པོ་སྙིང་གཟེར་མ་ཧཱ་པཉྩ་རྦད༔ དམར་ནད་རྒྱུ་གཟེར་ཐུམ་རིལ་ཛ་རྦད༔ གྷུ་དི་ནན་ནན་དུ་དུ་ཤིག་ཤིག་སྭཱ་ཧཱ༔ ཨོཾ་དམར་ཆུང་དུ་ཏྲི་སྭཱ་ཧཱ༔


MR11_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དུན་བྷྱོ་རྦད༔ ཨོཾ་ནཱ་ག་ལ་ཤྲཱི་རྦད་སོད༔ ཁ་ཐམ་ཤྲི་རྦད་སོད༔ ཐུན་ནན་ཤྲི་རྦད་སོད༔ པདྨ་ག་ཡེ་ཀའང་སྭཱ་ཧཱ༔ སྔགས་རྣམས་དཔེ་འགའ་དང་བསྡུར་དག་སྙམ། རང་ཉིད་སྲུང་བར་བྱེད་པ་ལ༔ ཡུལ་དེའི་མི་རྣམས་མ་ལྡང་དང༔ དུ་བ་མ་བཏང་ཐོ་རངས་དུས༔ སྔགས་ནི་ནན་བཟླས་སྒོ་དགུར་བྱུག༔ ཡང་ན་ནུས་སྨིན་སྔགས་ཆུ་བསྟེན༔ དེ་ནི་བསྲུང་བ་མཆོག་ཏུ་འགྱུར༔ ཤིན་ཏུ་ནུས་ལྡན་སྔགས་ཀྱི་ཆུ༔ ནད་པས་ཡང་ཡང་མང་དུ་བསྟེན༔ ཡུན་དུ་བསྲིངས་ན་འཚོ་ཡང་སྲིད༔ཡུངས་དཀར་ལ་སོགས་ཐུན་ལ་བསྔགས༔ དྲག་སྔགས་བཟླས་ཤིང་གདོང་བཟློག་བྱ༔ སྔགས་ཆུས་མི་ནོར་གང་ཡིན་བྲན༔ རི་ཀླུང་ཁང་ཁྱིམ་ཁྲུས་ཀྱིས་བྲན༔ འགོས་ནད་ཡམས་རིམས་རྒྱུན་ཆད་འགྱུར༔ དུག་ཁྲག་རྫས་རྒོད་སྔགས་ཀྱིས་བླན༔ སྐེར་བཏགས་དགོས་དུས་དུ་བ་གཏོང༔ ནད་བདག་འབྱུང་པོ་བྱེར་ཞིང་བྲོས༔ དྲག་སྔགས་མེ་དཔུང་མཚོན་ཆ་འདིས༔ མི་ཕྱུག་ནད་རིམས་རྩད་ནས་གཅོད༔ ཚག་མེད་དབུ་ཅན་ནར་མོར་འབྲི༔ གྲི་ཁྲག་རྒོག་གཅིག་ཡུང་བ་དང༔ ཤུ་དག་སྨན་ཆེན་གུ་གུལ་སྦྱར༔ ཤིང་ཀུན་མུ་ཟི་ནག་པོར་བཅས༔ ལོ་བརྒྱད་དྲི་ཆུས་མནུར་ཞིང་བྱུག༔ རང་སྔགས་རྟེན་འབྲེལ་སྙིང་པོ་ཡིས༔ རབ་ཏུ་གནས་ཤིང་མགུལ་དུ་བཏགས༔ ལོ་གཅིག་འགོས་ནད་ཐམས་ཅད་ཐུབ༔ བསྲུང་བའི་མན་ངག་དམ་པའོ༔ ཤིང་བྱང་ལ་བྲིས་རྫས་སྔགས་བཅས༔ རི་བོའི་རྩེ་དང་སྲང་མདོ་དང་༔ ཁྱིམ་དང་སྒོ་རུ་གཟུགས་པར་བྱ༔ ནད་བདག་དམག་དཔུང་འཇོམས་པར་འགྱུར༔ སྙིགས་མའི་སེམས་ཅན་ལས་ངན་ལ༔


MR11_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་མཛོད་ཅིག་འགྲོ་འདུལ་རྣམས༔ རྒྱབ་ཚེས་རྨེ་བརྩེགས་རྣམ་འཇོམས་ཀྱི༔ གཟུང་བཟླས་ཁྲུས་བྱ་ནང་དུ་འཐུང༔ ཡུལ་གྲུ་རྒྱལ་ཁམས་རྣམས་སུ་འཐོར༔ འབར་མའི་མདོས་དང་ཡས་མང་གཏོང༔ནད་བདག་སྐྱས་འདེབས་ཡང་ཡང་བསྐྱར༔ ཀུ་ཅོ་འཐབ་རྩོད་དམར་སློང་སྤངས༔ བསད་དང་ཞི་བ་དཀར་ཆོག་འབུངས༔ སེམས་ཅན་ཡོངས་ལ་ཕན་ཐོགས་ཤོག༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ ཨི་ཐྀ༔ དགེ་སློང་ངག་དབང་བསམ་འཕེལ་གྱིས་བསྐུལ་བ་ལ་བརྟེན་ནས༔ རྡོ་རྗེ་གྲོ་ལོད་རྩལ་གྱི་རྗེས་འཇུག་དྲག་པོ་སྔགས་ཀྱི་རྣལ་འབྱོར་བ་རིག་རྩལ་ཐོགས་མེད་གླིང་པ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་ཆོས་རྒྱལ་སྡེ་དགེའི་གདན་ས་ཆེན་པོར་ལྷུན་གྲུབ་སྟེང་དུ་སྦེལ་བ་ཛ་ཡནྟུ།། །།༈ དུས་ངན་ནད་རིགས་ཀུན་འཇོམས་སྔགས་འབུམ་རྡོ་རྗེ་མེ་འབར་བཞུགས།། ༈ །།ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ས་ནཱ་ག་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་གཟིར་སྦུར་ནན་འདྲིད་ཕྱུངས་ཧྲི་ཤག་རྦད༔ ཨོཾ་པྲ་སོད༔ ཆུ་སོད༔ དུརྟ་སོད༔ དུར་མི་སོད༔ སྙིང་མགོ་ལ་ཆོད༔ ཁ་ལ་ཛ༔ ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱ་ཧཱ༔ ཨོཾ་བཛྲ་ཙཎྚ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཧྲི་དེ་བ་ལེ་ཁ་ཕུར་ཨ་ཏི་ཕུར༔ པི་ཕུར་སོད༔ པི་ཧུབ་སོད༔ མུར་ཡ་སོད༔ ཀུ་མ་ར་ཡ་སོད༔ ལ་ཙི་སོད༔ བནྡྷ་བནྡྷ་སོད༔ བཛྲ་པ་ནེ་པ་ནེ་སོད༔ ཧྲི་དེ་ཧྲི་དེ་སོད༔ ཏི་ཀ་ཛྙཱ་ན་སོད༔ མ་མ་དུ་རུ་སོད༔ པུ་ཙ་ཡོ་གི་ནི་སོད༔ ཨོཾ་མུག་ཐུཾ་སརྦ་མུག་ཐུཾ༔ ཏེ་ཙ་མུག་ཐུཾ༔ ཐེ་ཕུར་སོད༔ ནི་ཕུར་སོད༔ བྱ་


MR11_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་སོད༔ ནད་སོད༔ རིམས་སོད༔ དལ་སོད༔ ཡམས་སོད་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་བཛྲེ་བཛྲ་མ་ཧཱ་ཚད་རིམས་བཛྲེ༔ སརྦ་བྱཱ་དྷི་ཏ་ཧ་ན་ཧ་ན་བཛྲེ་ན་སྭཱ་ཧཱ༔ ཐུང་ཟིམ་བུ་ཐུང་ཟིམ་བུ་སོད༔ ལང་ལང་ལིང་ལིང་སོད༔ མེ་མེ་སོད༔ ལམ་ལམ་སོད༔ དབལ་སོད༔ ཚ་བ་མེ་ཡི་དབལ་སོད༔ ཨོཾ་ལྷང་གག་ལྷོག་སྲུང་བ། ལྷང་ཙེར་ཙེར་ཀྲི་ཏ་ཀྲི་ཏ་ཤག་ཤག་ཤེལ་ཤེལ་ཐུཾ་ཐུཾ༔ བེ་དུ་བེ་དུ༔ ལྷོག་པའི་བུ་སྤུན་བདུན་དང་འབྲས་ཀྱི་བུ་སྤུན་གསུམ་དང༔ མཛེ་སོད༔ མཛེ་སོད༔ ད་ཧོ་ད་ཧོ༔ བྱ་ཀྲི་བྱ་ཀྲི༔ མུགས་རྒོད་པོ་ཆིག་བདུད་སཱ་ཧཱ༔ ཨོཾ་ཨ་ཆམས་ལོ་དཀར་པོ་ཤེ་ས་ཧཱུྃ་ཕཊ༔ ཨོཾ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ༔ ཧི་ར་ཧོ༔ ཏྲི་ན་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ ཨོཾ་ཧྲཱིཿ{ཆོས་རྒྱལ་གླིང་པའི་པདྨ་དབང་ཆེན་ལས་ཚོགས།}པདྨཱནྟ་ཀྲི་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛ་ཛ་ཧྲཱིཾ་ཧྲཱིཾ་རྦད་རྦད་རྦུད་རྦུད་ཉལ་ཉལ་ཉོབ་ཉོབ་ཙིར་ཙིར་སོད་སོད་ཧབ་ཧབ་ཧུབ་ཧུབ་ཆེམ་ཆེམ་མྱོག་མྱོག་མྱོས་མྱོས་རྨུགས་རྨུགས་ཤག་ཤག་ཀེ་ཀེ་ཚལ་ཚལ་ཐལ་ཐལ༔ དལ་བྷྱོ༔ ཡམས་བྷྱོ༔ འབྲས་གཟེར་བྷྱོ༔ འབྲུམ་གཟེར་བྷྱོ༔ ལྷོག་གཟེར་བྷྱོ༔ རྒྱུ་གཟེར་བྷྱོ༔ སྙིང་གཟེར་བྷྱོ༔ ནཱ་ག་རཾ་རཾ་ཏྲི་ཙ་རྦད་རྦད་རཱ་ཛ་སོད་སོད༔ གཉན་ལ་ཆོམས་ཆོམས༔ ནཱ་ག་དུ་ཙནྡྷི་ཙནྡྷི་མི་ལི་མི་ལི་བནྡྷ་བནྡྷ་ནཱ་ག་ནི་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་པདྨ་ཤ་བ་རི་ཧཱུྃ་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ་ཧ་ན་ཧ་ན་བཛྲེ་ན་ཨོཾ་ཐུཾ་ཐུཾ་རྦད་ཁཾ་ཀྵི་ར༔ རཀྵ་རཀྵ་མཾ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷ་ཀཱི་ཀྲོ་ཏི་ཀཱ་ལི་བཾ་ཧ་རི་ནི་སམ་མ་ཏྲ་ཀྵ་མ་ཏྲི་ཀྲོ་ཏ་ནི་ལ་ངྷཱ་ར་ཧཱུྃ་ཕཊ༔ མ་ཏིའི་ཁྱུད་དམར་སྔགས་ཨོཾ་ཨཱཿཧཱུྃ་ཨོཾ་ཁྲོཾ་


MR11_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ག་རུ་ཏྲ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་པྲ་ཛྙཱ་ཧ་སྟ་ཨོཾ་ཁྲོཾམ་ག་རུ་ཎ་ཧཱུྃ༔ རྨ་བྱ་{མ་ཡཱུར་འང}ཁྱུང་ཁྱུང༔ ཧ་ལ་ཧ་ལ༔ ཕྱུངས་ཕྱུངས༔ ཤིག་ཤིག༔ སརྦ་སཏྭམྦྷ་ཡ་ནན༔ ཨོཾ་སི་ལི་སི་ལི་ནན༔ བཛྲ་ཏི་ཤི་རིའང་ནན༔ བར་ཞུམ་ཧ་ར་ནན༔ རི་ལི་ལིའང་ཙི་ལི་ཙི་ལི༔ ཙི་ལི་ལི། ཡཾ་ཡཾ་ནན༔ ལཾ་ལཾ༔ སད་སད༔ སོད་སོད༔ ཧབ་ཕྱུངས༔ ཧུབ་ཕྱུངས༔ ནན་ནན་སོད༔ ཕུག་ཕུག་སོད༔ ཕཊ་ཕཊ་སོད༔ ཕཊ་ཕཊ་སྭཱ་ཧཱ༔ ཁྲོལ་ཁྲོལ་སྭཱ་ཧཱ༔ ཨོཾ་པ་ཀྵིཾ་སྭཱ་ཧཱ༔ ཨོཾ་ནག་པོ་ཀཱ་ཁྱུང་སྔགས་ལ་རཀྵ་རྦད་རྦད་སོད་སོད་ཕྱུངས་ཕྱུངས༔ སྤུ་གྲིས་ཟུང་ཟུང་ལྕགས་ཀྱི་སྡེར་མོས་གནོད་བྱེད་གཉན་དང་ཡ་མའི་ཤ་ལ་ཟོ༔ ནཱ་ག་བྱིར་ཡ་སོད༔ ནཱ་ག་བྱི་མ་ལིང་སོད༔ ཨོཾ་ཤྲཱི་ཀུ་རུ་ལྷ་ལེགས་བདུད་རྒྱལ་སྔགས། རྦད༔ མྱོག་ཚལ་པ་རྦད༔ ཧུར་ཐུཾ་སྲོག་ལ་རྦད༔ སྙིང་ཁྲག་ཚལ་པ་རྦད༔ ལུས་གདོན་ཙཀྲ་རྦད༔ ཁྱུང་རཀྵ་རྦད༔ ནག་པོ་ཀཱ་ལ་རག་ཤ་རྦད་རྦད༔ སྤུ་གྲིས་ཟོས་ཟོས༔ ལྕགས་ཀྱི་སྡེར་མོས་སྙིང་ཕྱུངས༔ གནོད་བྱེད་འགོ་བའི་ནད་རིགས་ཐམས་ཅད་ཀྱི་སྙིང་ལ་མཱ་ར་ཡ་ནན་སོད་སོད་རྦད་རྦད༔ ༈ ཐིབས་ནད་བརྒྱ་སྔགས་གཅིག་སོ་ཐིབས་སོ་བྷྲི་ཝ་ཐིབས་སོ༔ རྒྱུང་ན་རྒྱུང་ན་ཤིལ་ལ་རྒྱུང་ན༔ གྲམ་ན་གྲམ་ན་ཤེལ་ལ་གྲམ་ན༔ ཤིགས་སོ་ཤིགས་སོ་ཚལ་ལོ་ཚལ་ལོ༔ ཐེད་ཐེད༔ ཉི་ཕུར་ཐིས༔ ཟླ་ཕུར་ཐིས༔ སྐར་ཕུར་ཐིས༔ ནད་ཐམས་ཅད་ཞི་བར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཁར་ཁར་ཧ་ར་ཧ་ར་སྭཱ་ཧཱ༔ ཨོཾ་ཁྲོམ་རཏྣའི་ཁྱུང་བཛྲ་ག་རུ་ཊ་ཧཱུྃ་ཕཊ༔ ཏ་ན་མ་ཤ་པ༔ ནཱ་ག་སྡེ་བརྒྱད་སྲོག་ལ་གཏུབས་ལིང་ཐུབ་


MR11_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་སོད་ཡ༔ ཨོཾ་ག་རུ་དྷ་ར་{དྲེགས་འདུལ་གཏུམ་པོའི་འདྲེ་འདུལ་སྔགས།}དྷ་ཀ་རཀྵ་ཏྲི་ས་ཡ་ཏྲི་ས་ཡ་ཛི་ལི་ཐར་ཕྲོཾ་རྦད༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཤིག་ཤིག་རྦད་ནན༔ རུམ་རུམ་རྦད་ནན༔ གནོད་བྱེད་གསོན་འདྲེ་ཕོ་མོ་དང་འགོ་བའི་ཡམས་རིམས་ཀྱི་ནད་བདག་ཕོ་མོའི་སྲོག་ལ་ཨེ་ཧུར་ཐུཾ་ཏྲིག་ནན་མ་ར་ཡ་རྦད་རྦད༔ ཨོཾ་གུག་ཏི་གུག་ནན༔ རང་ནད་རང་ལ་དུ་དུ་ཤིག་ཤིག༔ ཨོཾ་རྦད་བཞི་ནག་པོ་རྦད་རྦད༔ དུ་ན་ཡ་རྦད་རྦད༔ མ་ཧཱ་པཉྩ་རྦད་རྦད༔ ཐུཾ་རིལ་ཛ་རྦད་རྦད༔ ཨོཾ་ལྷང་ལྷང་ཚེར་ཁྱུང་ནག་ཚེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ་ཐུཾ་ཐུཾ་གས་བུར་ནན་སོད་སོད༔ ཨོཾ་ནཱ་ག་ཤར་སྟག་ཤ་སྐཾ༔ མམ་ཀོ་ཤན་ཙ་རོ་ཁོད་ནི་བཛྲ་ཧཱུྃ་ཕཊ༔ ཨོཾ་འུབ་འུབ་དགོངས་འདུས་ནད་བརྒྱ་སྔགས་གཅིག་མའོ། །ཆུམ་ཆུམ་རིལ་རིལ་ཉོལ་ཉོལ་སོད་སོད༔པྲ་མོ་ཉ་པྲ་མོ་དུན་བྷྱོ༔ དུན་སོད༔ པྲ་མོས་སྙིང་ལ་ཐིས༔ པྲ་མོས་ཤ་ལ་ཐིས༔ པྲ་མོས་ཁྲག་ལ་ཐིས༔ པྲ་མོས་རུས་ལ་ཐིས༔ ཆོམ་གཏུབས་ཁོས་ཕུང་སོད་ཅིག་སྭཱ་ཧཱ༔ ཨོཾ་ཁ་ཆུ་ལེ་ཁ་ཆུ་ལེ༔ཆུ་ཁ་ཆུ་ལེ་རྦད་སོད་ཅིག་སྭཱ་ཧཱ༔ ཨོཾ་ཡ་ཁ་འཇིགས་འཇིགས་སྲོག་ལ་སོད༔ ནག་པོ་འཇིགས་འཇིགས་སྲོག་ལ་རྦད༔ ཤ་ནད་སྲོག་ལ་རྦད༔ རུས་ནད་སྲོག་ལ་རྦད༔ ཐབ་ནད་སྲོག་ལ་རྦད༔ གག་ལྷོག་གཟེར་གསུམ་སྲོག་ལ་རྦད༔ གཉན་ལྷོག་སྤུན་དགུའི་སྲོག་ལ་རྦད༔ གཉན་དང་ལྷོག་པ་སྲིན་བུའི་སྲོག་ལ་རྦད༔ ཨོཾ་རྐུཾ་མ་ཧཱ་པྲཱ་ཎ་ཡ་་རྩི་རྐི་བི་མ་ན་སེ་ཨུ་ཙུཥྨ་བྷི་ཏ་ཀྲོ་དྷཱི་ཀྲོ་དྷའང་ཧཱུྃ་ཕཊ༔ ཨོཾ་ཤིམ་གྷོ་ཁུང་ལིང་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་རྑུང་རླུང་ཧོ་ར་ཏེ་ནི་ཧོ་ལ་ཡ་བྷྱོ༔


MR11_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་ཁ་ཧི༔ བྷི་བྷི་མོ་ན་ཡ་མོ༔ ཤིང་མོ་ཀུ་ལུ་ཀུ་ལུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་་རྐུཾ་མ་ཧཱ་པྲཱ་ཎཱ་ཡ༔ རྩི་རྑཾ་བི་མ་ན་སེ་ཨུ་ཙུཥྨཀྲོ་དྷ་ཧཱུྃ་ཕཊ༔ སྔགས་འདི་རྣམས་ཀྱིས་དུས་ངན་གྱི་ནད་རིམས་པརྦ་ཏ་ནག་པོ་སུམ་འདྲིལ།ཕྱི་ནད་གཉན་ཆེན། གག་ལྷོག་གཉན་གཟེར། བལ་ནད་འབྲུམ་པ་དམར་བཤལ་སོགས་རིམས་དྲག་པོ་ནས་སྣ་ཆམ་གྱི་བར་གྱི་མདོར་ན་འགོ་བའི་ནད་ངན་གང་དང་ཅི་ཡིན་ཀྱང་ཐུབ་ངེས་པ་དང་། ནད་པ་ལའང་སྔགས་ཆུ་བཏང་བས་ནད་རིམས་དྲག་པོ་ཐམས་ཅད་དང་། དུས་ངན་གྱི་ནད་གདོན་རྐྱེན་ཆེ་བ་ངོས་བཟུང་སྨན་དཔྱད་མི་ཤེས་པའི་རིགས་ཐམས་ཅད་དང་། ཤིན་ཏུ་ཡ་ང་བའི་ནད་རིགས་བཅོས་སྡུག་དང་། ས་བདག་ཀླུ་གཉན་གྱི་ནད་དང་། རྒྱལ་གདོན་ཤི་འདྲེ་སོགས་གདོན་གྱི་ཟུག་རྔུ་དྲག་པོ། མཛེ་དང་ཕོ་ཐོག་འབྲས་དང་སྐྲངས་ཤུ་ཕོལ་མིག་དྲེག་གྲུམ་སུཪྻ་སྲིན་ཚད་པ་སྨྱོ་རྒོད་དམུ་ཆུ་རྨ་གཉན་ཐབ་དང་དུག་སོགས་མདོར་ན་ནད་དང་བྱད་གཏད་གདོན་གྱི་རིགས་ཡིན་ནོ་ཅོག་ལ་ཐེང་ཆོག་ཡིན། ཡུལ་དུ་ནད་རིམས་ཡོད་པའི་ཚེ། རང་སྲུང་ཞོགས་པ་སྔ་མོར་བརྒྱ་རྩ་བཟླ། སྣར་འབུད་རང་གི་དྲི་ཆུ་ལ་བཏབ་སྟེ་བཏུང་བའམ། སྔགས་ཆུ་འཐུང་། རྐང་མཐིལ་གྱི་དྲི་མ་མཆིལ་མས་བསྣུར་ཏེ་སྲིན་ལག་གིས་སྣ་སྒོ་སོགས་སྒོ་དགུར་བྱུག །རྒྱུན་དུ་འདོན་པ་ལ་ནི་ནད་གདོན་ཅི་ཡིས་ཀྱང་མི་ཚུགས་སོ། །གཞན་ལའང་སྔགས་ཆུ་དང་རྫས་རྣམས་སྔགས་པ་བཏགས་པ་སོགས་ཀྱིས་སྲུང་། དམིགས་པ་ཡི་དམ་གང་བྱེད་ཀྱི་སྐུ་ལས་མེ་འབར་ཕག་སྡིག་ཁྱུང་གི་ཚ་ཚ་འཕྲོ་བས་གནོད་བྱེད་བསད་བཅད་གཏུབ་ཟོས་བསྲེགས་པར་བསམ།


MR11_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རིམས་དྲག་པོར་འུར་འདོན་བྱ་ཞིང་སྔགས་ཆུ་བཏང་། འདིས་མི་ནད་ཕྱུགས་ནད་རྒྱུན་ཆད་པའོ། །གདོན་འུར་འདེད་བྱེད། བྱིན་རླབས་ནུས་པའི་ཆེ་བ་མངོན་སུམ་མཐོང་ནས་ཡིད་ཆེས་བསྐྱེད་པར་བྱེད་དོ། །འདི་འདྲའི་དྲག་སྔགས་རྡོ་རྗེའི་མེ་དཔུང་འབར་བ་ཡོད་ཕྱོགས་ལྷ་སྲིན་སྡེ་བརྒྱད་ཉེ་མི་ནུས་ཤིང་ནད་ཀྱི་སྟོབས་རྩྭ་སྦུར་མེས་བསྲེགས་པ་བཞིན་འཇོམས་ཏེ། འདི་ལ་བརྟེན་ན་ནད་གདོན་ཅི་ལ་ཉམ་མི་ང་བ་ཕྱག་ན་རྡོ་རྗེ་དང་འདྲ་བ་ཉིད་དོ། །རྒྱལ་དབང་པདྨའི་མན་ངག་རྣམས་རབ་ཚེས་ས་ཁྱི་ཟླ་༥ཚེས་༥ལ་འཇམ་དཔལ་རྡོ་རྗེས་བསྡེབས་པ་དགེ། གཞན་རིམས་སྲུང་ཚེ་གོང་གི་འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ་དང་སྦྲིལ་ཏེ་བཟླས་ནའང་ལེགས། སྐབས་སུ་རིམས་ཞིའི་གཟུངས་བདུད་རྩིའི་ཆར་བའང་ཅི་རིགས་བཟླས་དེས་ཐེ་ཚོམ་མེད་དོ། །རྒྱུན་དུ་སྔགས་རྒོད་རྡོ་རྗེ་མེ་འབར་འདི་ལ་ཅི་ལྕོགས་ནན་ཏན་བཟླས་ན། ནད་མི་ཞི་བ་མེད། གདོན་མི་ཐུབ་པ་མེད། རིམས་མི་སྲུང་བ་མེད། རྐྱེན་ངན་མི་ཟློག་པ་གཅིག་ཀྱང་མེད་དེ་ལག་ཏུ་བླངས་ན་ཡིད་ཆེས་པར་འགྱུར་རོ། །ནད་བརྒྱ་སྔགས་གཅིག་གི་སྔགས་འབུམ་བཀའ་རྒྱ་ཡིན། གུཧྱ་མནྟྲ། ཨྠ༔ མངྒ་ལཾ།། ༈ །།ནད་རིམས་གནོད་པ་ཐམས་ཅད་ཉེ་བར་ཞི་བའི་གཟུངས་འབུམ་བདུད་རྩིའི་ཆར་བ་ནི། ཨོཾ་ན་མོ་དྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སཾགྷཱ་ཡ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ག་ཏེ་ག་ཏེ། པཱ་ར་ག་ཏེ། པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཨོཾ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་མ་ཧཱ་བྷེ་ཥ་ཛྱེ་བྷ་ཛྱེ་རཱ་ཛཱ་ཡ་ས་མུད་ག་ཏེ་སྭཱ་ཧཱ། ཨོཾ་ཝཱ་གཱི་ཤྭ་རི་མཱུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་


MR11_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ཧཱུྃ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་{གདུགས་དཀར་}སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ༔ ཨོཾ་མ་མ་ཧཱུྃ་ནི་སྭཱ་ཧཱ༔ ཨོཾ་མ་{སྟོང་ཆེན་རབ་འཇོམས}ཧཱ་ས་ཧ་སྲ་པྲ་མ་རྔ་ན་པཱ་ར་སིདྡྷི་ད་མཱི་ཀེ་མ་ཎི་བཛྲ་ཎི་ཧཱུྃ་ཕཊ་སྭཱ་ཧཱཿ ཨོཾ་མ་{རྨ་བྱ་ཆེན་པོ་}ཧཱ་མཱ་ཡཱུ་རི་བཱིདྱ་རཛྙི་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མ་ཎི་{སོར་འབྲང་}དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱཿ ཨོཾ་{བསིལ་ཚལ་}ཨཱཿཤི་ཏ་པྲ་ཏི་ཛྲཱེ་ཧཱུྃ༔ ཨོཾ་{གསང་སྔགས་རྗེས་འཛིན།}ཨཱཿམ་ཧཱ་མནྟྲ་ཨ་ནུ་ས་རི་ཎི་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་བཱིདྱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་ཀི་རི་ཀི་རི་མཱ་མ་ཀི་ཧཱུྃ༔ ཨོཾ་རྐུ་{སྨེ་བརྩེགས།}ཏི་ཕཊ༔ ཧཱུྃ་བཛྲ་བིད་སྭཱ་ཧཱ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ཕཊ༔ ན་མཿཙནྡྲི་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་པི་ཤཱ་ཙི་{རི་ཁྲོད་མ།}པརྣ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨ་པྲ་ཏི་ཧ་ཏ་བ་ལ་ཧཱུྃ་ཕཊ༔ ཨོཾ་སརྦ་བིགྷྣཾ་ཨནྟ་རྭ་ཡ་བི་ནཱ་ཤ་ཀ་ར་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་མཱ་རཱི་ཙཻ་སྭཱ་ཧཱ༔ ཨོཾ་བྷྲཱུྃ་སྭཱ་ཧཱ༔ {རྡོ་རྗེ་ལུ་གུ་རྒྱུད།}ཨོཾ་བཛྲ་ཤྲིཾ་ཁཱ་ལེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ན་མཿཤ་ར་ཤ་རེ། བི་ཤ་རེ། བི་ཤ་རེ། སརྦ་བི་ཥ་གྷཱ་ཏ་ནི་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཨོཾ་ན་མ་ཏ་པ་ཤ་ནི་ཧཱུྃ་ཕཊ༔ སྡེ་བརྒྱད་འབྱུང་པོའི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་ཞི་གཟུངས། ཏདྱ་ཐཱ། ཙི་ལེ་མི། ཙི་ལེ་མི། པ་ན་ཀོ་ཀི་ལི། ཤྲཱི་མ་ཏི། ཀུཎྚ་ལི། དུནྡུ་བྷི། ཨིནྡྲ་ནི། མུ་ཁེ་སྭཱ་ཧཱ། ཏདྱ་ཐཱ། ཨི་ལི་མི་ཏི་མི་ལེ། ཧ་ནེ་


MR11_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

་སུ་ཧ་ནེ། ཨ་མུ་ཀ་ཛྭ་ར་བྷནྡྷ་མི། ཨེ་ཀ་ཧི་ཀཾ ཏྲི་ཧི་ཀཾ ཙ་དུ་རྩ་ཀ ནིདྱ་ཛྭ་རཾ་སྭཱ་ཧཱ། ཏདྱ་ཐཱ། ཛྭ་ལ་ཛྭ་ལ་ནི། པྲ་ཛྭ་ལ་ནི། པྲ་ཏི་པ་ནི་པྲ་ཤ་མ་ནི། བདག་གི་རིམས་ནད་སོངས་ཤིག མ་འདུག་ཅིག་སྭཱ་ཧཱ། བདེན་པ་དང་བདེན་པའི་ཚིག་གང་གིས་འཇིག་རྟེན་ན་སངས་རྒྱས་དང་ཆོས་དང་དགེ་འདུན་བླ་ན་མེད་པའི་བདེན་པ་དང་བདེན་པའི་ཚིག་གིས་བདག་གི་རིམས་ནད་སོངས་ཤིག །མ་འདུག་ཅིག་སྭཱ་ཧཱ། སིད་དྷྱཱནྟུ་མནྟ་པ་དཻ་ཏ་ར་ཏུ་བིདྱཱ་ཏཾ་པྲཧྨ་ཨ་ནུ་མོ་ཏེ་སྭ་ཧཱ། ཨོཾ་{རིམས་དང་སྲོག་ཆགས་མི་ཚུགས་སྔགས།}ཛ་ཛ་རེ་པརྣ་ཤ་བ་རི་སྭཱ་ཧཱ། ན་མཿསིདྡྷ་བྱ་གྷྲ་རཀྵ་ཏ་རཀྵུ། ཁ་ཐིན་དྲཱ་མེ་ཁ་མེ་ཁ་ཙ་ཏི་ཧི་བ་ཏ་ཡེ་རོ་ག་ནི་ཏཱི་པ་ས་ཏ་ཡེ་སྭཱ་ཧཱ། ཨོཾ་སརྦ་{བདུད་སྐྲག་བྱེད་གཟུངས།}ཏ་ཐཱ་ག་ཏཱ་མརྑི་ཤ་ཏ་{དཀར་ཕྱོགས་དཀར་ནག་ཕྱོགས་བདུད་དང་དྲེགས་པ་ལ་བདུགས་པས་བརྒྱལ་ལོ།}དཱི་པྟི་ལྟི་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་མ་ཎི་མ་ཎི་མ་ཧཱ་མ་ཎི་ཧྲི་ད་ཡ་མ་ཎི་སྭཱ་ཧཱ།ཨོཾ་ཤྲི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་སྭཱ་ཧཱ། ན་མཿ ཤྲཱི་མ་ཧཱ་ཀཱ་ལ་ག་ནེ་གུ་ཏི་ཤཱ་ཡ། ན་མོ་ཡོ་གི་ན་ཎཱི་ན། ཏདྱ་ཐཱ། ཨོཾ་ཧི་ལེ་ཧི་ལེ། ཀི་ཏེ་ཀི་ཏེ་ནི། ཙི་དེ་ཙི་དེ་ནི་སྭཱ་ཧཱ། མགོན་པོའི་རིམས་ཞིའི་གཟུངས། ཏདྱ་ཐཱ། ཧ་ན་ཧ་ན་རཱ་ཛ་དྷཱུ་ཏེ་ན། ད་ཧ་ད་ཧ་རཱ་ཛ་དྷཱུ་ཏེ་ན། པ་ཙ་པ་ཙ་རཱ་ཛ་དྷཱ་ཏེ་ན། བ་ཧུ་ཤྲ་པེ། བ་ཧུ་པ་རེ་པཱ་རི། བ་ཧུ་པ་རི་ཤོ་དྷ་ནེ་ཨི་མཾ། ཛྭ་ར་ཙཎྚ་ལཾ་ཧ་ན་ཧ་ན། ཨོཾ་སུམ་བྷ་ནི་སུམ་བྷ་ཤི་ར་མུཉྩ། ཙཀྵུ་མུཾ་ཙ་ཤྲོ་ཏྲ་མུཾ་ཙ་གྷྲཱ་ཎ་མུཾ་ཙ་ཛི་ཧྭཱ་མུ་ཙ་ཀ་ཎ་ཋ་མུཾ་ཙ་གྲཱི་བ་མུཾ་ཙ་པྲིཥྛ་མུཾ་ཙ་ཐམས་ཅད་མུཉྩ་ཡིན། ཀཱ་ཊི་ཀཱ་མུཾ་ཙ་ཀུ་ཀྵ་མུཾ་ཙ་ཨཱུ་རུ་མུ་ཙ་ཛ་ནཽ་མུཾ་ཙ་ཧ་སྟ་མུཾ་ཙ་པཱ་དཱཽ་མུཾ་ཙ་ཨཾ་གུ་ལི་མུཾ་ཙ་ཨཾ་ག་པྲ་ཏྱཾ་གི་མུཾ་


MR11_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཨ་བ་ས་ར་ཨནྱ་སཱི་མུཾ་ཙ་གཙྪ། ཛྭ་ར་མུཾ་ཏོ་སི་བདག་ལ་སྭཱ་ཧཱ། ཨོཾ་ཛྭཱ་ལ་མཱ་ཨཾ་གུ་ལི་ཧཱུྃ། སརྦ་ཛྭ་རཱ་ནན་ཕཊ། ཕྱོགས་གང་དང་གང་དུ་བལྟས་པ་དེར་བདག་ལ་རིམས་ནད་མེད་པར་གྱུར་ཅིག་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་{མཁའ་འགྲོའི་སྔགས་རིམས་ཀྱང་སེལ་ལོ།}རུ་རུ་བི་ཏིཥྛ་བ་དྷོ་སི་རུ་རུ་རོ་རུ་བི་ཏིཥྛ་བ་དྷོ་ཏྶ་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། རིམས་དང་ནད་དང་མིངས་དང་ཉེས་པ་ཐམས་ཅད་དང་མཛེ་དང་ཕོལ་མིག་དང་གཡན་པ་ལ་སོགས་པའི་ནད་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྐ་ཝརྟི་བྷྲཱུྃ་བྷྲཱུྃ་བྷྲ྄ཱུྃཿ ཧཱུྃ་གརྫ་གརྫ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བྷནྡྷ་བྷནྡྷ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་ཚིནྡྷ་ཚིནྡྷ་བྷིནྡྷ་བྷིནྡྷ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊཿ བདག་འཁོར་དང་བཅས་པ་ལ་རཀྵ་རཀྵ་ཡེ་སྭཱ་ཧཱ། རིམས་ནད་ཐམས་ཅད་ཟློག་བྷྱོཿ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སོགས་རིག་པའི་ལྷ་མོ་ལྔ་དང་རྡོ་རྗེའི་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་འཁོར་དང་བཅས་པ་ཐམས་ཅད་འཇིགས་པ་དང་འགོ་བའི་ནད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག འཇིགས་པ་དང་། འགོ་བའི་རིམས་དྲག་པོ་སོགས་ནད་ཐམས་ཅད་དང་། གདོན་མ་རུངས་པ་དང་། དགྲ་དང་། བྱད་ལྟེམས་སོགས་ཉེ་བར་འཚེ་བ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ་། །ཕྱག་རྒྱས་མནན་ནོ། །རྡོ་རྗེ་སྡེར་མོ་ན་མཿས་མནྟ་བུདྡྷཱ་ནཱ། ཀཱ་ཡ་ཝཱཀྩིཏྟ་བཛྲ་ཎཱཾ། ཨོཾ་གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏཱ་ཡ་སརྦ་དུཥྚཾ། བདག་གི་


MR11_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་དང་འགོ་བའི་རིམས་ནད་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ་ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཕཊ༔ ཨོཾ་ཨཱ་ཀྲོ་དྷེ་ཀ་མུངྒ་ར་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་{སྟོབས་པོ་ཆེ།}མ་ཧཱ་བཱ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷྭ་ན་ས་ཡ་ཛཱ་ཊི་ལམྦོ་དཱ་ར་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་རུ་རུ་སྭུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུཿ ཥེ་སྭཱ་ཧཱ༔ ཨོཾ་བྷཱུ་ར་་བ་སྭཿ སྭ་སྟི་ན་མ་སྭཱ་ཧཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མ་དྷ་ལེ་མཎྚ་ལེ་སྭཱ་ཧཱ། ཨོཾ་སརྦ་ཏི་ཐི་ནཱ་ཀྵ་ཏྲ་གྲ་ཧེ་མངྒ་ལེ་བྷྱཿ སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ བདག་འཁོར་དང་བཅས་པའི་ཉེ་བར་འཚེ་བ་དང་འགོ་བའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཕྱོགས་དང་དུས་ཐམས་ཅད་དུ་འཇིགས་པ་མེད་པ་དང་ཞི་བ་དང་བཀྲ་ཤིས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བདེན་པ་ཆེན་པོའི་བཀའ་འདི་གྲུབ་བོ་འགྲུབ་པར་གྱུར་ཅིག བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམས་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་བསམས་པ། སློབ་པ་ཐམས་ཅད་ཀྱིས་བསམས་པ། ཉན་ཐོས་ཐམས་ཅད་ཀྱིས་བསམས་པ།


MR11_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ། ཆོས་ཐམས་ཅད་ཀྱིས་བསམས་པ། ཚངས་པས་བསམས་པ། ཚངས་པ་སོ་སོས་བསམས་པ། འདོད་པའི་དབང་ཕྱུག་གིས་བསམས་པ། དབང་པོས་བསམས་པ། ལྷས་བསམས་པ། ལྷ་མ་ཡིན་གྱི་དབང་པོས་བསམས་པ། ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ། ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ། འབྱུང་པོ་ཐམས་ཅད་ཀྱིས་བསམས་པ། བི་ས་ར་ཏ། བི་ས་ར་ཏ། བི་ས་ར་ཏ། བིས་ར་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། མུཉྩ་ཏ། མུཉྩ་ཏ། མུཉྩ་ཏ། མུཉྩ་ཏ། རྒྱུད་འབུམ་ན་བཞི་ཡོད། གཞན་ཀུན་ན་གཉིས། མ་འདུག་ཅིག །ཡམས་ཀྱི་ནད་རྣམ་པར་ཞི་བར་གྱུར་ཅིག ནི་རྒཙྪ་ཏ།ནི་རྒཙྪ་ཏ། ནི་རྒཙྪ་ཏ། ནི་རྒཙྪ་ཏ། སངས་རྒྱས་ལྷ་ཆེན་པོ། ལྷའི་ཡང་ལྷ། ལྷའི་བླ་མ་གཤེགས་ཤིང་། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་རྣམས་དང་། དབང་བདག་དང་བཅས་པ་རྣམས་དང་། སྐྱེ་རྒུའི་བདག་པོ་དང་བཅས་པ་རྣམས་དང་། འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་། ལྷ་འབུམ་ཕྲག་དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་དག་ཀྱང་འོང་། བཅོམ་ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་དུ་མ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་རྣམས་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས། ནི་རྒཙྪ་ཏ། ནི་རྒཙྪ་ཏ། ནི་རྒཙྪ་ཏ། ནི་རྒཙྪ་ཏ། མྱུར་


MR11_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། སྲུང་བར་འཇུག་པར་འདོད་པ་དེ་དག་ནི་འཁོད་ཅིག །ལུས་ལ་ཡང་འཇུག་པར་གྱིས་ཤིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་ སུ་མུ་ སུ་མུ་ སུ་མུ་ སུ་མུ། སུ་མུ་རུ་ སུ་མུ་རུ་ སུ་མུ་རུ་ སུ་མུ་རུ་ སུ་མུ་རུ་ སུ་མུ་རུ་ སུ་མུ་རུ་ སུ་མུ་རུ།མུ་རུ་ མུ་རུ་ མུ་རུ་ མུ་རུ་ མུ་རུ་ མུ་རུ་ མུ་རུ་ མུ་རུ། མི་རི་ མི་རི་ མི་རི་ མི་རི་ མི་རི་ མི་རི་ མི་རི་ མི་རི། མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་ མུ་རུ་མི་རི་མུ་རུ་མི་རི་ མུ་རུ་མི་རི་མུ་རུ་མི་རི་ མུ་རུ་མི་རི། མུ་རཱུ་རཱི་ཏི། རི་རི་རི་རི་རི་རི། རཱི་རཱི་རཱི་རཱི་རཱི་རཱི་རཱི་ཏི། མི་རི་མི་རི་མི་རི་མི་རི། མི་རི་མི་རི་མི་རི་མི་རི། {རྒྱུད་འབུམ་ན་བརྒྱད་གཞན་ཀུན་ལྔ།}མི་རི་ཏི། ཧ་སི་མི་རི་ མི་རཱི་ཏི་ མི་རི་སི་ སཱི་སཱི་མཱི་ ཀཾ་ཀ་རཱ་ ཀ་ར་ཀ་ཏ་ ཀ་ད་ཀ་རཱ་ ཀ་ར་ཀ་ཚ་ཀཾ་ཀ་རཱ་ ཀཾ་ཀ་རཱ་ {རྒྱུད་འབུམ།} ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ་ ཀཾ་ཀ་རཱ ཀཾ་ཀ་རཱ་ ཀཾ་ཀ་རཱ་བཅུ་དྲུག་བྱས། ཀཾ་ཀ་རཱ་བཅུ་བདུན་ཡོད་པའང་འདུག རྒྱུད་འབུམ་ནང་གི་སྔགས་གོང་འོག་མང་ཉུང་མི་འདྲ། བཀའ་འབུམ་དང་མི་འདྲ་བའང་འདུག ཀཾ་ཀ་རོ་ཏཱི་ཏི། ཀུ་རི་ཤོ་ ཀཾ་ཀ་རཱ་ ཀཾ་ཀ་རི་ཤི་ རི་རི་རི་རི་རི་རི། ཏི་རི་ཏེ་ཕུ་སྭཱ། རི་ཕུ་ རི་ཕུ་ རི་ཕུ་ རི་ཕུ་ རི་ཕུ་ རི་ཕུ་ རི་ཕུ་ རི་ཕུ། ཐམས་ཅད་


MR11_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པུ་བྱས་པ་འདུག །འོག་མར་རི་ཕུ་ཡང་བྱས་འདུག །ནཱ་ཐཱ་{གོང་དུ་ནཱ་ཐཱ། ནཱ་ནཱ་ཐཱ་ཐཱ་ཟེར། གོང་དུ་ནཱ་ཐཱ་ཐཱ་གསུངས།} ནཱ་ནཱ་ཐཱ་ཐཱ་རི་ཕཱུ་རི་ཕཱུ། ནཱ་ཐཱ་ཐཱ། ནི་རྒཙྪ་ཏ། རི་ཕུ་རི་ཕུ། ནི་རྒ་ཙྪ་ཏ། པཱ་ལཱ་ཡཱ་ཏཱ། རི་པཱུ་ཕུ་རི་པཱུ་ཕུ། པ་ལཱ་ཡཱ་ཏཱ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན།སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱིས་ཀྵི་ཕྲན་ནིར་གཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་བའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ། །ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་འོ་དེ་དེས།{།རྒྱུད་འབུམ་དེས་ཞེས་གསུངས།}ཁྱེད་ལ་བདེ་ལེགས་མཛད་པར་བོ་འགྱུར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུ་བ་རྒྱུག་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད༴ སྐྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ༴ །གང་ཞིག་འཁོར་


MR11_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴ གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས།།ཁྱེད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པར་རབ་གཡོས་ཤིང་།།སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ བྱང་ཆུབ་སྙིང་པོར་གཤེགས་གང་ཞིག་གིས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་པ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ༴ ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་ནི། །འབྱུང་པོ་ཀུན་ཀྱང་འང་གྱིས་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམས་པ་ཡིས། །ཁྱེད་ཀྱི་རྣམས་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །


MR11_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་རྟག་ཏུ་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་ཕྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ལྡན་པ་རྣམས་བྱེར་ཅིང་། ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོར། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་{འདི་ནི་གཏོང་གྱུར་མཆན། གྱུར་རྒྱུད་འབུམ་གཏོང་}ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། ཅིང་། ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་གཟུངས་སྔགས་ཀྱི་དམ་པ་འདི་རྣམས། རྒྱུན་ནམ་དུས་སུའང་སྔ་མོ་སོགས་སུ་བརྒྱ་རྩ་ལ་སོགས་ཅི་ནུས་བཟླས་པས་རང་སྲུང་བ་དང་། ཡུལ་ཕྱོགས་སུ་ནད་ཡམས་དྲག་པོ་བྱུང་བའི་ཚེ་འུར་འདོན་ནམ་ཅི་ནུས་བཟླས་པར་བྱ། གཟུངས་ཆུ་བཏུང་བ་དང་། ཤོག་བུ་སོགས་ལ་ཕྲེང་གཅིག་གམ་གཉིས་སམ་གསུམ་སོགས་དུ་ཐོག་མཐའི་སྔགས་མཚམས་འགྲིགས་པར་བྱས་ལ་བྲིས་ཏེ་མགུལ་དུ་བཏགས་པ་དང་། སྲུང་སྐུད་དམ། ཡུངས་ཀར་


MR11_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཐུམ་པོ་ལ་སྔགས་བཏབ་སྟེ་ལུས་སམ་ཁྱིམ་དུ་འཆང་བ་དང་། གུ་གུལ་སོགས་དྲི་ལྡན་སྨན་ལ་བཏབ་སྟེ་བདུག་པ་དང་། དུད་དང་དྲིལ་བུ་སོགས་རོལ་མོ་ལ་བསྔགས་ཏེ་སྒྲ་བསྒྲགས་པ་དང་། རས་སོགས་ལ་བྲིས་ཏེ་ཇོ་དར་དུ་ཕྱར་བ་སོགས་ཀྱིས་ཕྱོགས་དེར་རིམས་ནད་དྲག་པོ་རྒྱུན་གཅོད་ཅིང་། གཞན་ཡང་དེར་མ་ཟད་ནད་ཀྱི་རིགས་ཐམས་ཅད་ཀྱི་དབལ་གཅོག་ཅིང་། ནད་བདག་གི་སྟོབས་གཞོམ་ཕྱིར་མང་དུ་བཟླས་ན་ནད་ཅི་ཡང་རུང་སྟེ་དེ་ལས་ཐར་བར་བྱེད་པ་དང་། གདོན་དང་ལྟས་ངན། བྱད་དང་ཐོག་སེར། དགྲ་དང་གཅན་གཟན། ཕྱུགས་ནད་དང་ལོ་དགྲ། འབྱུང་བཞིའི་འཚེ་བ། ཕྱོགས་དུས་ངན་པའི་སྐྱོན་སོགས་འཇིགས་པ་དང་ཉེ་བར་འཚེ་བའི་ཕྱོགས་ཐམས་ཅད་ཞི་ཞིང་བཀྲ་ཤིས་བདེ་ལེགས་སུ་འགྱུར་བའི་ཕན་ཡོན་ཚད་མེད་པའི་ཕྱིར། ཅི་ནས་ཀྱང་སྙིགས་མའི་འགྲོ་བ་རྣམས་ཀྱི་སྐྱབས་སུ་བརྟེན་པར་རིགས་ཤིང་ཕན་ཡོན་ལག་ཏུ་བླངས་པས་གསལ་ལོ། །རབ་ཚེས་ས་ཁྱི་ཟླ་༥ཚེས་༦དགེ་བར་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཕྱོགས་གཅིག་བསྡེབས་པ་མངྒ་ལཾ།། །།༈ རྒྱལ་འགོང་སྲོག་འཇོམས་སྔགས་འབུམ་གནམ་ལྕགས་མེ་འཁོར་བཞུགས། ༈ ན་མོ་པདྨ་ཀ་རཱ་ཡ། འདིར་རྒྱལ་བསེན་དམ་སྲི་འདུལ་བ་ཡི་དམ་གང་རུང་ལ་སྦྱར། རྟེན་བཅས་སུ་བྱེད་ན་གནོད་བྱེད་ཀྱི་ལིངྒ་བྲིས་ལ་དེར་དགུག་བསྟིམ་དྲག་པོ་བྱ། ཐུན་བྲབ། སྔགས་བཟླ། རྟེན་མེད་ན་དྲག་སྔགས་ཀྱི་འཁོར་ལོ་གནོད་བྱེད་ཀྱི་སྙིང་ལ་ཏིང་ངེ་འཛིན་གྱིས་བསྐོར་ལ་བསད། རྟགས་དངོས་ཉམས་རྨི་ལམ་དུ་མ་བྱུང་བར་སྔགས་བགྲང་བར་བྱའོ། །ཡི་དམ་གང་བྱེད་དམ་དྲག་སྔགས་སོ་ལྔ་པ་ལ། ཨོཾ་བཛྲ་


MR11_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ར་ཙའི་ཙིཏྟ་ཟུངས་ཟུངས༔ ཁ་རག་རྨེ་ཤ་རྦད་རྦད༔ འཁུན་དུམ་བུར་ཤིག་ཤིག༔ འདའ་ན་རཱ་ཙའི་ཙིཏྟ་ཕྱུངས་ཕྱུངས༔ ལྡོག་ན་རཀྵ་མྱོགས་སྙོགས་འང་རྦད༔ ཏྲི་གཏུབས་ཏྲི་གཏུབས་མཱ་ར་ཡ༔ རྒྱལ་པོ་བསད་པའི་སྤུ་གྲིའོ༔བསེན་མོ་བསད་པའི་སྤུ་གྲི་ནི༔ ཨོཾ་བཛྲ་ཡ་ཏྲི་ཡ༔ ཡ་ཏྲི་ཡ༔ མ་ཏྲི་ཡ་མ་ཏྲི་ཡ༔ མ་ཞུད་ཏྲི་ཡ་མ་ཞུད་ཏྲི་ཡ༔ ཙིཏྟ་ལ་སིབ་སིབ༔ སྲོག་རྩ་ལ་བྲེང་བྲེང༔ ཀླུ་བསེན་མོའི་ཤ་ལ་མྱགས་མྱགས༔ གནོད་བྱེད་བསིན་མོའི་སྲོག་ལ་རྦད་རྦད༔ གནོད་བྱེད་འདྲེ་མོ་ཐམས་ཅད་བྲམ་ཛ་བྲམ་ཛཿ འདི་ནི་ཕོ་གདོན་མོ་གདོན་སྤྱི་འདུལ་གྱི་ཙཀྲ་རྒྱལ་བསེན་སྲོག་འཇོམས་སྔགས་ཀྱི་ཡང་སྙིང་བཀའ་བརྒྱད་བདེར་འདུས་ལས་གསུངས་པའོ། ༈ །རཏྣའི་རྟ་ནག་གི་ལས་མཐའ་རྒྱལ་འདུལ་ཤིན་ཏུ་ཟབ་པ་ནི། ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་བཛྲ་རུ་དྲ་ཀ་ཀྲོ་དྷ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧྲིཿཛཿབཛྲ་ས་མ་ཡ་སཏྭཾ༔ ཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ ས་མ་ཡ་སཏྭཾ༔ ཨོཾ་ལྷང་ལྷང་ཙེར་ཙེར་ཐུམ་ཐུམ་ཤེལ་ཤེལ་སྭཱ་ཧཱ༔ ཧྲཱིཿབཛྲ་རཀྵ་ར་ཙའི་ཙིཏྟ་ཟུངས༔ ཁ་རག་སྨེ་ཤ་རྦད༔ འཁུ་ན་དུམ་བུར་ཤིག༔ འདའ་ན་རཀྵས་ཙིཏྟ་ཕྱུངས༔ ལྡོག་ན་རཀྵས་ཙིཏྟ་རྦད༔ ཏྲི་གཏུབས་ཛ༔ རཱ་ཙ་ཐུམ༔ ཨ་ཏི་རྦད༔ མཱ་ར་ཡ་ཐུམས༔ མཱ་ར་ཡ་ཛཿ ཤེལ་གིང་དཀར་པོ་མཱ་ར་ཡ་གཏུབས་ཛཿ སྙིང་རྩ་ནན༔ པྲ་མ་བ་ཡ༔ཧཱུྃ་ཧཱུྃ་ནན༔ ར་ཏྲི་ར་ཏྲི་མཱ་ར་ཡ་ཛཿ ཀེཾ་ཀེཾ་ཀ་རུ་ནན༔ པྲ་མ་ཡ་ཧཱུྃ་ནན༔ ར་ཙ་ཁ་ཐུཾ༔ ར་ཙ་ཏྲི་ག་ནན་ཏྲི་ཛཿ སྭཱམྦྷ་ཡ་ནན༔ ཧཱུྃ་ཕཊ༔ བདུན་ནམ་ཉེར་གཅིག་རྟགས་དང་བསྟུན༔ མང་ན་ཁོ་བརྒྱལ་བར་འགྱུར་རོ༔ ཞག་རེ་ལ་ལན་བདུན་རེ་བཟླས་ན་


MR11_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བདུན་ནས་ཐུལ་བའི་རྟགས༔ ལྷ་ཁང་དང་ལྡེར་བཟོ་འབག་སེང་བཅོམ་པ༔ བནྡེ་ཁྱི་དཀར་བྱི་ལ་བསད་བརྡུང་སོགས་རྨིས་ན་ཐུལ་བ་ཡིན་པས་ཚོད་ཟིན་ནས་མནའ་བསག་པར་བྱའོ༔ དེ་བས་མང་ན་ཁོ་རང་སྲོག་དང་བྲལ་བའི་སྡིག་ཆེའོ་གསུངས༔ རྒྱལ་པོའི་སྲོག་འཕྲོག་ཤིན་ཏུ་ཟབ་མོ་ཨི་ཐི༔ ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་ཏ་སརྦ་དུཥྚཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ དྲག་སྔགས་དཔལ་ཆེན་འདུས་པའི་ལས་སྔགས་སོ། །རཱ་ཙའི་ཙིཏྟ་ཙིཏྟ་ས་མ་ཡ་ཐིབ་ཐིབ་ཛཿ རཱ་ཙ་ཨ་ཧོ་བྷྲཱུྃ་རྦད་ཛཿ རཏྣའི་གུར་དྲག་ལས་མཐའ་རྒྱལ་པོ་འདུལ་བའི་ཤམ་བུ་ཡི་གེ་བཅུ་བདུན་པའོ། །འགོང་པོ་ཧབ་ཤ་ཏྲིག་ནན༔ ཐ་ཏྲི་མྱགས་ཐུཾ་རིལ་རྦད༔ རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ནས་གསུངས་པ་འགོང་པོ་ཁ་ཆིངས་ཀྱི་སྔགས་ཁྱད་པར་ཅན་ནོ། །ཨོཾ་བཛྲ་ཙཀྲ་ཨེ༔ སྙིང་ཁ་ཁ་ར་ག་དུནྟེ་རྦད༔ འཕུང་བྱེད་སྲོག་ལ་རྦད༔ འགོང་པོའི་དབུགས་ལ་རྔུབས༔ བདུད་མོའི་ཤ་ལ་ཆེམས༔ འཕུང་བྱེད་འགོང་པོའི་ཤ་རུས་ཁྲག་རྩ་ལ་ནུར་ནུར༔ མ་ཙ་དུ་ཨ་ཡ་ཤ་ལ་ན་ཧབ་ཤཾ༔ བཛྲ་ཏྲི་ཏྲི་ག་མཱ་ར་ཡ་རྦད༔ བཛྲ་ནི་ལི་དྷཱ་ར་རཀྵ༔ བཛྲ་ཨ་རི་ཨ་རི་ནི༔ ན་ག་ཙ་ཏྲི་ག་རྦད་ཏྲི༔ ཧ་རི་ཧ་རི༔ ཏྲི་མ་ཏྲི་མ༔ འཕུང་བྱེད་འགོང་པོའི་སྲོག་རྩ་གཏུབས་གཏུབས༔ འདི་ནི་བྱང་གཏེར་དམ་སྲི་ཨར་གཏད་ཟབ་མོ་སྟེ། རང་ཡི་དམ་གང་རུང་ངམ་རྡོ་རྗེ་དྲག་མཐིང་དུ་གསལ་ལ། ཤར་ནས་དམ་སྲི་འབྱུང་ཕྱིར་གཟུགས་ལ་དགུག་བསྟིམ་སྔགས་ཀྱིས་གཟིར། དྲག་སྔགས་དགུ་བརྒྱ་བརྡེག༔ ནད་འཁྲུག་ཚེའི་འཕྲུལ་བག་རེ་ལ་བརྒྱ་རྩ་བཟླ༔ རྨི་ལམ་ཆོ་འཕྲུལ་ཙམ་ལ་ཉེར་གཅིག་ལས་མང་མི་དགོས༔ སྲོད་དང་ཐོ་རངས་བདུན་རེ༔


MR11_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་སྔགས་ཤམ་ལ་བཏགས་ནས་བཟླས་ན་བར་ཆད་གྲོལ་ལོ་གསུངས་པ་ཟབ་མོ་རྒྱ༔ ༈ རོལ་པའི་རྡོ་རྗེའི་གཏུམ་པོ་དྲེགས་འདུལ་ལས༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྵ་ས་ཏྲི་ཡ་ས་ཏྲི་ཡ༔ ཏྲི་ས་ཡ་ཏྲི་ས་ཡ༔ ཛ་ལི་ཐར་ཕྲོཾ་རྦད༔ སརྦ་དུཥྚཾ་ཏྲིག་ནན༔ ཧུར་ཐུཾ་ཛ་མཱ་ར་རྦད་རྦད༔ གནོད་བྱེད་གསོན་འདྲེ་ཕོ་མོ་མཱ་ར་ཡ་རྦད་རྦད༔ ཧབ་ལོ་ཧོབ་ལེ་ཛཿ གནོད་བྱེད་ཕོ་མོའི་གཏི་མུག་ཤ་ལ་མྱགས་མྱགས༔ འདོད་ཆགས་ཁྲག་ལ་ལྗིབས་ལྗིབས༔ ཞེ་སྡང་རུས་ལ་རྦད་རྦད༔སྤུ་གྲི་འབར་བ་ཤད་ཤད༔ སྙིང་ལ་ཤད༔ རཾ་རཾ་སྲོག་ལ་རཾ༔ སྲོག་རྩ་དམར་པོ་ཏྲི་དུ་ཛཿ མཱ་ར་ཡ་རྦད་རྦད༔ ཅེས་གཟིར་བས་རྨི་ལམ་དུ་གདོན་ཚོགས་དུ་བ་སོགས་ཐུབ་རྟགས་འབྱུང་སྟེ། དམ་སྲི་ཤི་འདྲེ་འདུལ་བའི་སྔགས་སོ།།གཞན་གག་ལྷོག་གཟེར་གསུམ་སོགས་ལ་འཐུབ་ཐུབ་སྔགས་ནི། ཨོཾ་གུག་ཏི་གུག་ནན༔ རང་ནད་རང་ལ་དུ་དུ་ཤིག་ཤིག༔ དྲི་ཆུ་དང་བསྲེས་པའི་སྔགས་ཆུར་བཏབ་ལ་འཐུང་། ཡང་ན་ཁྱུང་ལྔར་བསྔགས་ལ་བཏང་ངོ་། ༈ །ཡང་མྱོ་འབོག་ཅལ་ཅོལ་སྨྲ་བ་སོགས་སྲུང་ན་རྟ་བོན་ལ་སྔགས་འདི་བཏབ་སྟེ་བདུག ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ཏྲི་ས་ཡ་ཏྲི་ས་ཡ་ཛི་ལི་ཐར་ཕྲོཾ་རྦད༔ ཏྲིའུ་གཏུབས་གཏུབས་ཙིཏྟ་ཧུ་ལུ་ཧུ་ལུ་རྦད༔ ཙིཏྟ་རཀྴ་གཏུབས་གཏུབས༔ ཏྲིའུ་ཏྲིའུ་ཧུར་ཐུཾ་ཛ་རྦད༔ ཅེས་པའི་སྔགས་འདི་ཐུན་ལ་བཏབ་སྟེ་སྨྱོ་འབོག་བྱུང་བར་བྲབ། རྫས་རྒོད་དྲེགས་པ་ཀུན་འདུལ་ལ་བསྔགས་ནས་བདུགས་པས་ཕན་ནོ། ༈ །ཡང་གཟའ་གྲིབ་ལྟར་སྦྲིད་སྦྲད་རེངས་མགོ་ཐོམ་སོགས་བྱུང་ན་ཆུ་ལ་སྔགས་འདིས་བསྔགས་ནས་སྙིང་གར་བརྒྱབ།


MR11_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ས་ཏྲི་ཡ་ས་ཏྲི་ཡ་ཛ་ལི་ཐར་ཕྲོཾ་རྦད༔ ཧུར་ཐུཾ་ཧུར་བི་ཤ་མུ་ཁེ༔ དུ་རུ་མ་ཤི་ཀ་ཛཿ ཧྲི་ཤྭ་ས་མ་ཡེ་འུར་འུར་སོད༔ གརྦྷ་ནཱ་ག་ས་ལ་གནོད་བྱེད་ཏྲིག་རྦད༔ གནོད་བྱེད་ཏྲིག་རྦུད་ཁུག་ཛཿ སྔགས་འདི་ཤོག་བུར་བྲིས་ནས་བཏགས་ཀྱང་ཐུབ་བོ། ༈ །ཡང་ཅི་མི་སྙམ་པ་ཁ་ལྐུག་ལུས་འདར་བ་སོགས་ངོས་བཟུང་མེད་པའི་ནད་མ་རུངས་པ་ལ་སྔགས་འདིས་རྫས་རྒོད་དྲེགས་འདུལ་བསྔགས་ནས་བདུག་གོ། ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ཏྲི་ས་ཡ་ཏྲི་ས་ཡ༔ཛི་ལི་ཐར་ཕྲོཾ་རྦད༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཤིག་ཤིག་རྦད་ནན༔ རུཾ་རུཾ་རྦད་ནན༔ གནོད་བྱེད་གསོན་འདྲེ་ཕོ་མོའི་སྲོག་ལ་ཨེ་ཧུར་ཐུཾ་ཏྲིག་ནན་མཱ་ར་ཡ་རྦད་རྦདཿ སྔགས་འདི་བྲིས་ནས་མགུལ་དུ་བཏགས་ན་ཐུབ། སྐྱེར་ཕུར་མ་ཁྱིད་གང་ལ་གོང་གི་སྔགས་རྣམས་བཏབ་སྟེ་འཆང་ན། ཁྱིམ་གང་དུ་འཆང་བ་དེར་དམ་སྲི་འབྱུང་པོ་གསོན་འདྲེ་ཕོ་མོས་མི་ཚུགས་ཞེས་གསུངས། སྔགས་འདི་རྣམས་རོལ་རྡོར་གཏེར་བྱོན་ཡིན་ལ། སྔགས་ཕལ་ཆེར་སྲིད་པའི་གཏེར་ཁྱིམ་གྱི་དྲེགས་པ་འདུལ་བའི་སྔགས་དང་གཅིག་ཅིང་ཟབ་ཁྱད་ཅན་ནོ། །དམ་སྲི་གསོན་འདྲེ་འདུལ་ཐབས་ཟབ་མོ་ས་མ་ཡ་རྒྱ༔ ༈ སྔགས་སྡེབ་སྙིང་གཟེར་ནག་པོ་ལས་གསུངས་པ། རྒྱལ་པོ་དྲེགས་པ་དང་བསད་ཀྱི་སྔགས་ཟབ་པའི་མཐར་ཐུག་ནི། ཨོཾ་བཛྲ་ཙཎྚ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ བཀའ་བརྒྱད་སྔགས་ཟབ་འདིའམ་རང་གང་མོས་ཡི་དམ་རྩ་སྔགས་ཀྱི་ཤམ་དུ།


MR11_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་རྒྱལ་འགོང་དམ་སྲི་ཐམས་ཅད་ཏྲིག་ནན༔ ཧཱ་སྭཱ་མེ་ཤུག་ཨ་ལ་པ་ཙ་ཏྲི༔ རཱ་ཛ་ཧཾ་ཤཾ་ཏྲི་ག་ནན་ཙ་ཏྲི་དུ་སོད༔ ཨོཾ་ཨངྐུ་ཤ་ཛཿ མཱ་ར་ཡ་རྦད༔ ཨུ་ཨུ་ཨུ༔ ཨུ་ནེ་ཨུ་ནེ་ཨུ་ནེ༔ སྟྭ་མྦྷ་ཡ༔ ཀཾ་བྷ་ཡ༔བཛྲ་རཀྴ་ཡཀྴ༔ ཧྲཱིཿཥྚི་མུ་ཁ་ཡེ༔ ཁ་ཐཾ༔ ནཱ་ཤ་ཡ༔ ཁ་ཐཾ༔ ནཱ་ཤ་ཡ༔ རྦད་ཡ༔ རཱ་ཛ་ཧཾ་ཤཾ་ཏྲིག་ནན༔ མྱགས་ཐཾ་རིལ་རྦད༔ ཨེ་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད༔ བཛྲ་ཏྲ་ཐ་ནཱ་ཤ་ཡ༔ རྦད་ཡ༔ ཨ་ཀརྵ་ཡ་ཨཱ་ཀརྵ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ཅེས་སོ། །ནན་ཆེན་སྔགས་སྡེབ་ལས་གསུངས་པ་རྒྱལ་པོ་ཚེ་ཟད་ལས་ཟད་ཀྱི་སྔགས་སོགས་ཀྱིས་གཏེམས་ནས་ལས་མཐའ་མནན་པ་སོགས་ཀྱིས་བསྡུ་བར་བྱའོ། །ས་མ་ཡཱ༔ གཏེར་ཁྱིམ་ནས་གསུངས་པ་རྒྱལ་པོ་ཤི་ས་བསྟན་པའི་སྔགས་ནི། ཏྲི་ཛ་ཡ༔ ཏྲི་ཛ་ཡ༔ སན་ཏྲི་ཛ༔ མཱ་ར་ཡ་ཏྲི་ཛ༔ ཡཀྵ་ཏྲི་བཀྵ༔ དྷ་ཤ་གྲཱི་ཝ་དྷ་ཤ་གྲཱི་ཝ༔ སྲོག་འདྲིལ༔ བླ་འདྲིལ༔ ར་ཙ་ཟློག་ནན་རྦད༔ ཡཀྴ་ཀྲོ་དྷ་ཤར་ཤར༔ ཛ་ལ་ཏྲི་ཡ་རྦད༔ བཛྲ་སརྦ་དུཥྚཾ་ཏྲིག་ནན༔ ཧུར་ཐུཾ་མཱ་ར་ཡ་རྦད༔ ཅེས་སོ། ༈ །རཏྣ་གླིང་པའི་གཏེར་བྱོན་གུར་དྲག་ལས་མཐའ་ལས། རྒྱ་འདྲེ་འབྱུང་ཚུལ་ལུང་བསྟན་དང་དེ་འདུལ་ཐབས་གསུངས་ཏེ། སྔོན་རྒྱ་གར་དུ་གསེར་འདོད་སྲེད་ཅིང་ཆགས་པ་མ་ལོག་པཎྜི་ཏ་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་པ་ཐོབ་ཁར་གཤིན་རྗེ་ཧབ་ཤ་ནག་པོས་སྲོག་བཅད་པ་དེ་ཉིད་རྒྱ་འདྲེ་ནག་པོ་ཧ་ལ་ནག་པོའམ། ཝ་བ་དགུ་བརྩེགས་སུ་གྲགས་པ། འགོང་པོ་སྤུན་བཅས་ཇ་སིག་རང་བརྡར་ནས་རྒྱ་ནག་དང་། རྒྱ་གར་ནས་


MR11_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་ནག་དང་། དེ་ནས་བོད་དུ་བྱུང་སྟེ། བོད་ཀྱི་མི་མ་ཡིན་{འགོང་པོ་དམ་སྲི་}ཕལ་ཆེར་ཁོའི་དབང་དུ་བསྡུས། མི་ཆེན་བླ་དཔོན་གྱི་སྙིང་ལ་ཞུགས་ནས་བཟང་པོའི་ཟོལ་གྱིས་བོད་འཕུང་བྱེད་ཀྱི་བློ་སྣ་འདྲེན་པ། དཔེར་ན་ལྷ་སའི་རབ་གནས་ཉམས་{ས་གནད་མེ་བཙའ་ཉམས། མནན་པ་སློང་། ས་དགྲ་བྱེད།}ཚུལ་སོགས་ཀྱིས་མཚོན་ནས་ལོག་པའི་བློ་སྣ་ཚོགས་རྩོམ། འདྲེ་སྒར་{སྤྱིར་འགྲོ་ཀུན་དང་། ཁྱད་པར་བཤད་གྲྭ་བསྒོམ་གྲྭ་རྣམས་སུ་འཚེ།} གང་དུ་བབ་པའི་ཡུལ་{རྡོ་བོང་སྲུ་སྟང་ལྷ་ཆེན་གཉིས་སོགས་བཞེངས་སོགས།}ཕྱོགས་དེར་ལྟས་ངན་སྡེ་འཁྲུགས་རིམས་ཡམས་སོགས་མི་རུང་སྣ་དགུ་དར་དུས་ཐབས་འདིས་འདུལ་དགོས་ལ། གནོད་ཚབས་ཆེ་ན་དབང་ཕྱུག་ཉེར་བརྒྱད་དང་བོད་སྐྱོང་བརྟན་མ་བཅུ་གཉིས་རྣམས་ཁོའི་གཤེད་དུ་དབབ་དགོས། སྙིགས་མའི་འགྲོ་བ་ཀུན་གྱི་དབུགས་ཁོས་སྡུད་ཀྱང་པདྨའི་བརྒྱུད་འཛིན་ལ་ཕལ་དུ་གནོད་མི་ནུས་ཞེས་གསུངས་ཤིང་། དེའི་ཕྱིར་རྒྱ་འདྲེ་གཙོར་གྱུར་དམ་སྲི་འདུལ་ཐབས་ནི། དྲག་པོའི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས། དམ་སྲིའི་{ཁོའི་རཱུ་བ་འཁོར་ལོ་སྲོག་འཁོར་ཆེན་པོ་ལྟར་གསུངས།}གཟུགས་བྲུབ་འདྲེ་ཅན་དུར་ཁྲོད་པའི་{གྲུ་གསུམ་དུག་ཁྲག་བྱུགས་པའི}ཁུང་ནང་ཁྱི་ཐོད་དུ་བཅུག །ཁ་ལ་བལ་ཚོན་ལྔའི་དྲ་བ་བྱ། རོ་གཡམ་གྱིས་{སྐྱེར་པའི་རྩང་གིས་བསྐོར་}ཁ་བཅད་ལ། རློན་{དུག་ཁྲག་སྣ་ཚོགས་}ཐུན་{ཐོད་ངན་ནང་དུ}གླང་ནག་གི་ཟེ་བའི་ཆུན་པོས་བྲན་སྐམ་{ཡུངས་དཀར་ནག་ཐང་ཕྲོམ་རྡོ་བྱེ་དཀར་ནག}ཐུན་བྲབ། བཟླ་བྱའི་{རང་དྲག་པོའི་སྐྱེད་རིམ་གསལ།} སྔགས་ནི། ཡི་དམ་གྱི་རྩ་སྔགས་ཤམ་བུར། ཏྲིག་ཤོ་ཏྲིག་ཤོ༔


MR11_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཙ་དམ་སྲི་ཐུམ་ལིང༔ གནོད་བྱེད་ཁུག་ཛཿ ཏྲི་ཙི་པ་ལ་ཨ་ཤུག་མེ་མཾ་ལཾ༔ ཤན་ཏྲི་ཛ་ཡ་དུན་དུན༔ ཛ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བཛྲ་རཱ་ཙ་ཏྲི་ཛ་རྦད་རྦད༔ དམ་སྲི་ནག་པོ་ཁ་འདར་འདར༔ སྲོག་འདར་འདར༔ སྙིང་འདར་འདར༔ ཞེ་སྡང་སྙིང་ལ་རྔམས་རྔམས༔ འདོད་ཆགས་ཁྲག་ལ་རྦུད་རྦུད༔ གཏི་མུག་ཤ་ལ་རྦད་རྦད༔ རཱ་ཙ་དམ་སྲི་རྦད་རྦད༔ ཙིཏྟ་གཏུབས་གཏུབས༔ རཱ་ཙ་རྒྱལ་འགོང་མཱ་ར་ཡ་རྦད་ནན༔ ཨ་ཏི་ཐུཾ་རཱ་ཙ་རྦད༔ དམ་སྲིའི་མགོ་ལ་གཟེར་ཐུཾ་ནན༔ དམ་སྲིའི་སྙིང་ལ་གཟེར་ཐུཾ་ནན༔ ཏྲི་ཤང་ཀ་ར༔ ཏྲི་མཱ་ར་ཡ༔ གནོད་བྱེད་རྒྱལ་འགོང་ཐམས་ཅད་ཕྱེ་མ་ཕུར་མ་ཤི་ཏྲི་མཱ་ར་ཡ་རྦད༔ བཟླས་ལ་ཐུན་བྲབ༔ ཡི་དམ་སོགས་བསྟོད་བསྐུལ་དྲག་པོ་བྱ། རྨི་ལམ་དུ་ལྷ་ཁང་འབག་སེང་ལྡེར་བཟོ་བཅོམ་པ། བནྡེ་དང་ཁྱི་དཀར་རྟ་བོང་ཁྱི་མོ་བུད་མེད་བྱི་ལ་རྣམས་བཅོམ་བརྡུང་བཀྱིག་པ་བསད་པ་དང་། བཀའ་ཉན། ཕྱག་འཚལ་བ། ངུ་བ་སྲོག་སྙིང་དབུལ་བ་སོགས་བྱུང་ན་ཁྱི{ལིང་ག་བཅས།} ཐོད་ལྷ་ཐེམ་འོག་ཁང་ངམ། མཆོད་རྟེན་གྱི་འོག །ཟམ་ཆེན་སོགས་ཀྱི་འོག་ཏུ་སྦའོ། །གནོད་ཚབས་ཆེ་ན་ཞག་བདུན་འབྲིང་ལྔ། ཐ་མ་གསུམ་དུ་གཟིར། བཟླས་པའི་རྗེས་ཀུན་ཏུ་ལོག་ཏྲི་པཱ་ལ་བརྒྱ་ཙམ་བཟླས་ལ་ལས་རྗེས་བསྡུའོ། །ཤིན་ཏུ་ཟབ་བོ། །ས་མ་ཡཱ་རྒྱ༔ ༈ གུར་དྲག་གསང་སྒྲུབ་སྲིད་གསུམ་ཟིལ་གནོན་ཆེན་མོ་ལས། ཨོཾ་ཨཱཿཧཱུྃ་ཨ་རྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ་རཀྴ་ཧཱུྃ་ཡཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ༔ རབ་ཀྱིས་འབུམ་གཅིག་འབྲིང་གཉིས་ཐ་མས་གསུམ་ཉི་ཁྲི་བཟླས་པས་སློང་འབྱུང་ལ། དེའི་ཤམ་དུ།


MR11_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་ཐུཾ་ར་ཙ་རྦད༔ སྲོད་བདག་ཨ་ཧབ་ཧབ༔ བསེན་མོ་ཏྲི་དུམ་ལེ་ཛ་ཡ་སོད༔ ཀླུ་བསེན་ན་ག་ཕེ་ལམ་ཕུ་མཱ་ར་ཡ་སོད༔ སྡེ་བརྒྱད་སྲོག་དུང་དུང༔ ལུས་ངག་ཡིད་གསུམ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཱ་ར་ཡ་རྦད་རྦད་སོད༔ ཞེས་བཟླས་པས་ཐུབ། ཟབ་མོ་སྔགས་ཀྱི་ཡང་སྙིང་འདི་ཁོ་ནས་ཀྱང་རྒྱལ་བསེན་དམ་སྲི་གདུག་ཅན་ཐམས་ཅད་ཐུལ་བར་འགྱུར་རོ། ༈ །ཡང་ཟས་ནོར་སྲིས་ལ་འཚེ་བ་ཟ་འདྲེ་འགོང་པོ་འདུལ་བའི་སྔགས་གཏེར་ཁ་རྣམས་ལས་ཕྱུངས་པ་ནི།ཨོཾ་མི་ལ་ཀུ་རུ་ནན༔ བསེ་རག་ཤན་ཏྲི་ནན༔ གོད་འདྲེ་ཙ་ཏྲི་ནན༔ བསེན་མོ་རུ་ཏྲི་ནན༔ ཀ་ལ་ཤན་ཏྲི་ནན༔ སརྦ་ཝ་གི་ཏྲི་གནོད་བྱེད་སྤུན་བཞིའི་སྲོག་ལ་མཱ་ར་ཡ་ནན་ནན༔ འདི་བཟླས་པས་ཟ་འདྲེ་འགོང་པོ་གནོད་བྱེད་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ས་མ་ཡཱ༔ ཡང་རྒྱལ་པོའི་གནོད་པ་ཅིས་ཀྱང་མ་ཐུལ་ན། རང་ཉིད་གནམ་ལྕགས་སྡིག་རྒོད་ཀྱིས་གདོན་བགེགས་ཧབ་ཧབ་ཟོས་པར་བསམ། ཏིང་འཛིན་བརྟུལ་ཞུགས་ངར་བསྐྱེད་དྲག་ཏུ་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃཿཡཀྴ་ཧཱུྃཿརཀྴ་ཧཱུྃཿ ཨོཾ་ཏྲི་རཱ་ཛ་མཱ་ར་ཡ་རྦད༔ ཏྲི་ཆིངས༔ ཏྲི་ནན༔ ཏྲི་ཙིཏྟ་རྦད༔ ཇི་ལྟར་དཀའ་ཡང་ཐེ་ཚོམ་མེད་པར་བཟློག༔ ལས་རབ་རྩལ་གྱི་གཏེར་མའོ། །ཡང་ཡི་དམ་སྔགས་ཤམ་དུ། རཱ་ཙ་ཏྲི་ལིང་ཧུར་ཐུཾ་མྱགས༔ ཙིཏྟ་ས་མ་ཡ་མྱོགས་མྱོགས༔རཱ་ཙ་བཾ་རི་ལི་ལི་མཱ་ར་ཡ་རྦད༔ ཅེས་སོ། །ཟབ་མོའི་སྔགས་འདི་དག་ནི་གང་འདོད་པ་ཁོལ་བུའམ་ཆུན་དྲིལ་ཏེ་བཟླས་པ་གང་འོས་རུང་ལ། དེ་ཡང་རྟེན་བཅས་སུ་ཞག་བདུན་ལ་སོགས་པ་དག་ཏུ་རྟགས་མ་བྱུང་བར་འབད་ཅིང་ལས་རྗེས་


MR11_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པ་བྱེད་པའམ། རྟེན་མེད་ཀྱང་རང་གི་ཡི་དམ་དྲག་པོའི་སྒོ་ནས་དམིགས་པ་གཟིར་ཏེ། དུས་དང་རྒྱུན་དུ་སྔགས་ཁོལ་བུའམ་སྤྱིར་དྲིལ་ནས་བཟླས་ཀྱང་རུང་སྟེ། སྔགས་འདི་དག་གི་དཔེ་ཡོད་སར་རྒྱལ་འགོང་དམ་སྲིས་ཉེ་དཀའ་ན་བཟླས་པས་ལྟ་ཅི་སྨོས། མེ་དང་འདྲ་བ་རྡོ་རྗེ་དྲག་སྔགས་འདི་དག་ནི་རྒྱལ་དབང་པདྨའི་མན་ངག་ཟབ་མོ་ཅི་རིགས་རྣམས་ཕྱོགས་གཅིག་ཏུ་འདུས་པ། གདུག་པ་མེ་སྤྲེལ་གྱི་ལོར་མི་ཕམ་རྣམ་པར་རྒྱལ་བས་དགོས་པའི་དབང་གིས་བསྡེབས་པ་འདིས་དམ་སྲི་རྒྱལ་འགོང་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་མངྒ་ལཾ།། །།


previousཚེ་སྒྲུབ་རྡོ་རྗེ་ཡང་རྫོང་ལས༔ འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ།next