Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
   
   


 
previousགཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།next

གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།


MR11_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །


MR11_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་མཁྱེན་རབ་ནི། །གཅིག་བསྡུས་རྒྱལ་སྲས་གཞོན་ནུས་ཚུལ། །འཇམ་དབྱངས་སྨྲ་བའི་སེང་གེ་ལ། ཀུན་ནས་གུས་པས་ཕྱག་བགྱིས་ཏེ། །བློ་གསལ་རྩིས་ལ་འཇུག་འདོད་ཀྱི། །རྣམ་རྟོག་སྤྲོ་བའི་ས་བོན་དུ། །གཙུག་ལག་སྒོ་འབྱེད་སྔོན་འགྲོ་ནི། །རབ་གསལ་མེ་ལོང་ལྟ་བུ་བྲི། །དེ་ཡང་བརྩི་བྱ་རྩི་བྱེད་དང་། །བརྩི་ཐབས་གསུམ་ལས་དང་པོ་ལ། །རང་བཞིན་གཞི་ཡི་གཙུག་ལག་དང་། །མ་རིག་འཁྲུལ་སྣང་གཙུག་ལག་གཉིས། །དང་པོ་གནས་ལུགས་སྟོང་པ་ཉིད། །ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །སྤྲོས་པའི་དྲྭ་བ་རྣམ་སྤངས་པའོ། །དེ་ལྟར་རྟོགས་ན་རྩིས་ལས་འདས། །གཉིས་པ་སེམས་ཀྱི་རང་སྣང་ལ། །ཆོས་ཅན་རྟེན་འབྲེལ་མ་འགགས་པ། །སྣ་ཚོགས་སྣང་སྲིད་ཆོས་སུ་ཤར། །ཕན་གནོད་བླང་དོར་བྱེད་པའོ། །དེ་ཉིད་རྩི་བར་བྱེད་པ་ལ། །རུས་སྦལ་


MR11_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་མཚོན་པར་བལྟ། །གནས་པའི་རུས་སྦལ་ཆོས་ཀྱི་དབྱིངས། །ཡན་ལག་མེད་པ་རྩིས་ལས་འདས། །དེ་ཉིད་ཇི་བཞིན་རྟོགས་པ་ན། །སོ་སོ་རང་རིག་མི་གཡོ་བའོ། །ཆགས་པའི་རུས་སྦལ་ཞེས་བྱ་བ། །མཁའ་ལས་འབྱུང་བཞི་རིམ་པར་ཆགས། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སེམས་ཅན་ལས་ཀྱི་བཀོད་པར་སྣང་། །དེ་ནས་སྲིད་པའི་རུས་སྦལ་ཞེས། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མ་ཧཱ་གསེར་སྦལ་སེར་པོ་ལས། །སྤར་ཁའི་ལྷ་ཆེན་བརྒྱད་ལ་སོགས། །སྲིད་པའི་ཁམས་རྣམས་རིམ་པར་གྲོལ། །སྣོད་བཅུད་ཕྱོགས་དུས་བླང་དོར་བྱུང་། །གསུམ་པ་སྲིད་པའི་ཆོས་ཚུལ་རྣམས། །མ་འདྲེས་བླང་དོར་བརྩི་ཐབས་གཞུང་། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །སྟོན་ཕྱིར་རྒྱ་ནག་རྩེ་ལྔའི་རིར། །ཏྲི་ཤའི་ཤིང་གི་ལྦ་བ་ལས། །ཐེག་པ་སྣ་


MR11_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །རྒྱལ་སྲས་འཇམ་དབྱངས་བརྫུས་ཏེ་འཁྲུང་། །སྲིད་པའི་རུས་སྦལ་ཇི་བཞིན་དུ། །སྤྲུལ་པའི་རུས་སྦལ་བརྡས་མཚོན་ནས། །ལྷ་ཀླུ་ལྷ་མིན་སྡེ་བརྒྱད་མིའི། །འཁོར་ལྔར་གཙུག་ལག་སྒོ་མོ་གསུང་། །བཟང་ངན་ཤེས་ཤིང་དུས་ཤེས་པས། །དོན་ཀུན་གསལ་ཡང་དགོས་དབང་གིས། །སླར་ཡང་གཏེར་དུ་སྦས་པའི་ཚེ། །གྲུ་འཛིན་བདག་པོའི་བསྐུལ་བ་ཡིས། །ཨོ་ཌི་ཡཱ་ནའི་སློབ་དཔོན་ཆེས། །ཚངས་པ་གདོང་བཞིར་སྤྲུལ་ནས་སུ། །ལྷ་མོ་རྣམ་རྒྱལ་ཀླུ་འཇོག་པོ། །ལ་སོགས་འཁོར་དང་བཅས་པས་ཞུས། །སྐོར་འགོག་བ་ཙེ་མཐའ་ཡས་པ། །བོད་འདིར་འགྱུར་འགོ་གསུམ་དུ་བྱུང་། །རྩབ་དེ་ལས་འཕྲོས་པ་ཡི། །སྣ་ཚོགས་མན་ངག་བརྗོད་ལས་འདས། །ཆོས་ཀུན་རང་བཞིན་སྟོང་ན་ཡང། །མཚན་མའི་བློ་ཅན་འགྲོ་བ་ལ། །ཚད་མར་གྱུར་པ་ཀུན་རྫོབ་རྩིས། །རྟེན་འབྱུང་བསླུ་མེད་ཚུལ་གསལ་བ། ཀུན་ཀྱང་རྩིས་ཀྱི་ལམ་ལ་ཐུག །དེས་ན་ཐབས་འདི་རྒྱལ་བས་བསྟན། ༈ །རྩིས་ཀུན་རུས་སྦལ་ལུས་ལས་བརྩི། །མགོ་བོ་ལྷོར་བསྟན་མཇུག་མ་བྱང་། །གློ་གཡས་ཤར་ལ་གློ་གཡོན་ནུབ། །ཡན་ལག་མཚམས་བསྟན་གན་རྐྱལ་དུའོ། །དབུས་ནས་གནམ་ལྕགས་རི་བོ་ལ། །མེ་ཆུ་ས་ཤིང་རླུང་ནས་དབུས། །ཕྱི་ནང་བར་པའི་རྩིས་ཞེས་པའི། །ལོ་སྤར་སྨེ་བ་འདི་ལྟ་སྟེ། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་འབྲུག་ལ་ལྷོ་སྟོད་སྦྲུལ། །ལྷོ་སྨད་རྟ་ལ་ལྷོ་ནུབ་ལུག །ནུབ་སྟོད་སྤྲེལ་ལ་


MR11_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་སྨད་བྱ། །ནུབ་བྱང་ཁྱི་ལ་བྱང་སྟོད་ཕག །བྱང་སྨད་བྱི་བ་བྱང་ཤར་གླང་། །བྱི་སྟག་འབྲུག་རྟ་སྤེལ་ཁྱི་ཕོ། །དེ་ལྷག་དྲུག་པོ་མོ་ལོ་ཡིན། །ལོ་ཡི་ཐོག་མ་བྱི་བ་སྟེ། །ཟླ་བའི་ཐོག་མ་དཔྱིད་ར་སྟག །དུས་ཚོད་ཐོག་མ་ནམ་ལངས་ཡོས། །དེ་རྣམས་འབྱུང་བ་ལྔ་དང་ལྡན། །སྤར་ཁ་ཕྱོགས་སུ་གནས་ཚུལ་ནི། །ལི་མེ་ཁོན་ས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་གིན་རི་བོ། །ཟིན་ཤིང་ཟོན་རླུང་ཞེས་སུའོ། །ཕྱོགས་བཞི་རང་རང་ཁམས་དང་ནི། །མཚམས་བཞི་ས་ཡི་ཁམས་སུ་འདོད། །སྨེ་བ་གང་བརྩི་དབུས་སུའམ། །ལྔ་སེར་ལྟ་བུ་ལ་མཚོན་ན། །དབུས་ལྔ་གནམ་དྲུག་ལྕགས་བདུན་སོགས། །སྔར་གྱི་དེ་ཀའི་འགྲོས་སུ་བཀོད། །བྱི་བ་ལ་སོགས་བཅུ་གཉིས་པོ། །རིམ་པར་འཁོར་བ་གནམ་ལོ་སྟེ། །དེ་བཞིན་ཟླ་ཞག་དུས་ལའང་འཁོར། །དེ་རྣམས་འབྱུང་ལྔའི་དབང་ཁམས་ཀྱིས། །དབྱེ་བའི་ལོ་ཚོགས་དྲུག་ཅུར་གྲགས། །དེ་རྣམས་དབང་ཐང་ངོས་འཛིན་ནི། །ལོ་དང་ཟླ་བ་སྦྲགས་མ་སྟེ། །ཞག་དང་ཟ་མ་རྐྱང་འདེད་བརྩི། །ལོ་ཟླ་ཞག་དུས་བཞི་པོ་ནི། །རིམ་པར་མ་ལས་བུ་ཚེས་ཉིད། །དེ་ཕྱིར་གནམ་ལོ་ཕོ་མོ་གཉིས། །ཁམས་གཅིག་རིམ་པར་བུ་དེད་ཡིན། །བགྲང་བྱ་དྲུག་ཅུ་དེ་དག་གི། སྲོག་ལུས་ཀླུང་རྟ་ངོས་འཛིན་ནི། །སྲོག་ནི་འབྱུང་བ་གནས་ཕྱོགས་ཏེ། །སྟག་ཡོས་ཤིང་ལ་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །ཁྱི་འབྲུག་གླང་ལུག་བཞི་པོ་ས། །ལུས་ཀྱི་ལྡེ་མིག་


MR11_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། །གླང་ལུག་རྟ་བྱི་ཟིན་ནས་བརྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་ནས་བརྩི། །སྟག་ཡོས་བྱ་སྤྲེལ་ཁམ་ནས་བརྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །དབང་ཐང་ལུས་གཉིས་བབས་ས་བསྟུན། །ཀླུང་རྟའི་ལྡེ་མིག་བསྟན་པ་ནི། །སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །མཐུན་གསུམ་ཀླུང་རྟའི་སྐྱེས་སྨེ་སྦྱོར། །བླ་ནི་སྲོག་གི་མ་རུ་བཞེད། །ཟླ་བའི་དབང་ཐང་ངོས་འཛིན་ནི། །དཔྱིད་ར་སྟག་དང་དཔྱིད་འབྲིང་ཡོས། །གནམ་ལོའི་དབང་གི་བུ་རུ་བརྩི། །དེ་ནས་རིམ་པར་བུ་འདེད་དམ། །ཡང་ན་མགྱོགས་རྩིས་བྱ་འདོད་ན། །སྟག་ཡོས་བྱི་གླང་གནམ་ལོའི་བུ། །འབྲུག་སྦྲུལ་གྲོགས་ལ་རྟ་ལུག་དགྲ། །སྤྲེལ་བྱ་མ་ལ་ཁྱི་ཕག་རང་། །ཞག་གི་དབང་ཐང་ངོས་འཛིན་ནི། །ཚེས་གཅིག་ཟླ་བའི་དབང་གི་བུ། །དེ་ནས་རིམ་པར་དེད་པའམ། །གཅིག་གཅིག་དྲུག་སྟེ་ཟླ་བའི་བུ། །གཉིས་བདུན་གྲོགས་ལ་གསུམ་བརྒྱད་དགྲ། །བཞི་དགུ་མ་ལ་ལྔ་བཅུ་རང་། །ཕོ་དྲུག་སྟག་དང་མོ་དྲུག་གི། ཟླ་བའི་ཚེས་གཅིག་སྤྲེའུའི་ཉི། །དེ་ནས་རིམ་པར་བརྩི་བར་བྱ། །དུས་ཀྱི་དབང་ཐང་ངོས་འཛིན་ནི། །ཡོས་ཉིད་ཞག་ཁམས་བུ་ནས་བརྩི། །ཡོས་སྤྲེལ་གླང་གསུམ་ཉི་མའི་བུ། །འབྲུག་བྱ་སྟག་གསུམ་ཉི་མའི་གྲོགས། །ཁྱི་སྦྲུལ་དགྲ་ལ་རྟ་ཕག་མ། །ལུག་དང་བྱི་བ་རང་དུ་འདོད། །གནམ་སྨེ་གང་ཡིན་དེ་ནས་བཟུང་། །དགུ་བརྒྱད་བདུན་དྲུག་ལྟ་བུར་


MR11_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །གཅིག་དཀར་བཞི་ལྗང་བདུན་དམར་གསུམ། །བྱི་རྟ་བྱ་ཡོས་བཞི་ལ་དབང་། །གསུམ་མཐིང་དྲུག་དཀར་དགུ་སྨུག་གསུམ། །ཁྱི་འབྲུག་གླང་ལུག་བཞི་ལ་དབང་། །གཉིས་ནག་ལྔ་སེར་བརྒྱད་དཀར་གསུམ། །སྟག་སྤྲེལ་ཕག་སྦྲུལ་བཞི་ལ་དབང་། །ཤིང་ཕོ་བྱི་བའི་གཅིག་དཀར་ནས། །ཆུ་མོ་ཕག་གི་གཉིས་ནག་བར། །དྲུག་ཅུ་སྐོར་གསུམ་བརྒྱ་བརྒྱད་ཅུས། །སྨེ་ཕྲེང་གསུམ་རྫོགས་དེ་བཞིན་དུ། །ལོ་ལ་ཆད་ལྷག་མེད་པར་འཁོར། །ཡར་བཞི་སྲོག་ལ་མར་བཞི་དབང་། །གང་སྐྱེས་ལུས་སྨེ་མཐུན་གསུམ་ཀླུང་། །དཀར་གསུམ་ལྕག་ལ་ནག་མཐིང་ཆུ། །ལྔ་ས་བཞི་ཤིང་དམར་གཉིས་མེ། །ཚེས་ལ་གཟའ་སྐར་འཆར་བ་ནི། །སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །གང་གིས་ཚེས་པ་དེ་ཡིས་ཉ། །ཉི་༡མ་ཟླ་༢བ་མིག་ད༣མར་དང་། །ལྷག་༤ པ་ཕུ༥ར་བུ་པ་ཝ་༦སངས། །སྤེན་༧པ་བདུན་ལོ་རེས་ཀྱི་གཟའ། །གདོང་མཇུག་དང་བཅས་གཟའ་དགུའོ། །ཁམས་ནི་ཉི་མ་མིག་དམར་མེ། །ཟླ་ལྷག་ཆུ་ལ་ཕུར་བུ་ཤིང་། །པ་སངས་ལྕགས་ལ་སྤེན་པ་ས། །ཐ་༠སྐར་༡བྲ་ཉེ་སྨི༢ན་དྲུག་དང་། །སྣ༣ར་མ་༤མགོ་དང་ལ༥ག་ནབ༦ས་སོ། །རྒྱ༧ལ་དང་སྐ༨ག་རྟ་ཆེ ༩ན་དང་། །རྟ་༡ཆུ༠ ང་༡ད༡བོ་དང་མེ་༡ བ ༢ཞི་དང་། །ན ༡ག༣་པ་༡ས༤་རི་ས་༡ག༥་དང་། །ལྷ་མཚ༡མ༦ས་སྣྲོན༡༧་དང་སྣུ༡བ༨ས་ཆུ་སྟོ༡ ད༩། །༢ཆུ༠་སྨད་གྲོ་བྱི༢ན༡་མོ༢ན༢་དྲེ་དང་། །མོན་༢གྲུ༣་ཁྲུམ༢ས༤་སྟོད་ཁྲུམས་སྨ༢ད༥་དང་། །ན ༢མ༦་གྲུ་རྒྱུ་སྐར་ཉེར་བརྒྱད་


MR11_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཟླ་བ་གང་འཕྲད་དེ་ཉིན་གྱི། །སྐར་མའོ་གང་ཉ་དེའི་ཟླ་བ། །སྨིན་སོགས་སྐར་དྲུག་ཤར་ཤིང་ཁམས། །མཆུ་སོགས་དྲུག་ནི་ལྷོ་མེ་ཁམས། །ལྷ་མཚམས་སོགས་དྲུག་ནུབ་ཕྱོགས་ལྕགས། །མོན་དྲེ་སོགས་དྲུག་བྱང་ཆུ་ཁམས། །བྲ་ཉེ་སྐག་དང་ས་ག་དང་། །བྱི་བཞིན་བཞི་ནི་ས་ཡི་ཁམས། །ཟླ་སྐར་དང་ནི་དེ་བཞིན་དུ། །སྤར་སྨེ་ཞག་སོགས་འཆར་ཤེས་བྱ། །གཟའ་བཞིའི་ཀླུང་ཞེས་བྱ་བ་ནི། །གཟའ་ལ་རྣམ་གྲངས་མཐའ་ཡས་ཀྱང་། །སྙིང་པོ་ཕྱི་ནང་གསང་གསུམ་ལས། །ཕྱི་གཟའ་ལོ་ནི་དྲུག་ཅུ་སྟེ། །ཤིང་ཕུར་མེ་དམར་ས་ལྕགས་སྤེན། །ཆུ་ཁམས་ལྷག་པ་དག་ཏུ་འདོད། །ནང་གཟའ་ལི་ཁམ་གཉིས་མིག་དམར། །དྭ་ཟིན་སྤེན་པ་ཁོན་གིན་ཕུར། །ཁེན་ཟོན་ལྷག་པ་ཉིད་ཡིན་ནོ། །བར་གཟའ་སྟག་རྟ་ཁྱི་གསུམ་སྤེན། །ཕྱི་འབྲུག་སྤྲེལ་གསུམ་མིག་དམར་ཀླུང་། །བྱ་གླང་སྦྲུལ་གསུམ་ཕུར་བུ་སྟེ། །ཕག་ལུག་ཡོས་གསུམ་ལྷག་པའོ། །ལོ་ངན་ལྕགས་བཞི་མེ་བརྒྱད་སོགས། །རྣམ་གྲངས་སྣ་ཚོགས་བཞན་དུ་ཤེས། །སྲོག་དབང་གཅིག་པ་ཁ་ཡན་ལོ། །སྲོག་མར་དབང་གྱུར་ཁོང་ནོང་སྟེ། །སྲོག་བུར་དབང་གྱུར་སེ་ཞིག་ལོ། །སྲོག་གྲོགས་དབང་གྱུར་ཁ་རལ་ལོ། །སྲོག་དགྲར་དབང་གྱུར་མདུན་ཁུར་ཟེར། །བརྩི་བྱའི་ལོ་བདག་ཤེས་བྱས་ནས། །ལོ་གྲངས་ག་ཙམ་སོང་བ་བརྟག །གཅིག་དང་བཅུ་གསུམ་ཉེར་ལྔ་དང་། །སོ་བདུན་ཉེར་དགུ་རེ་གཅིག་དང་། །དོན་གསུམ་གྱ་ལྔ་གོ་བདུན་རྣམས། །རང་ལོའི་སྟེང་ཡིན་དེ་ནས་བརྩི། །བརྩི་བྱའི་དབང་ཐང་ངོས་འཛིན་ནི། །གང་ཤར་གནམ་ལོ་ཕོ་མོ་ཡི། །


MR11_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནས་གྱེན་དུ་ལོ་གྲངས་བར། །བཀན་ནམ་མགྱོགས་པར་བརྩི་འདོད་ན། །གནམ་ལོ་ཕོ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །དེ་བཞིན་མོ་ལོ་དྲུག་ཤར་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་བཅུ་བུ་རུ་ཤེས་པར་བྱ། །དེ་ལྟར་དབང་ཐང་ངོས་ཟིན་ནས། །ཟླ་ཞག་ལོག་མིན་དུས་རྣམས་ཀྱི། །སྲོག་སོགས་སྔར་གྱི་དེ་བཞིན་བརྩི། །བརྩི་བྱའི་སྤར་ཁ་སྐོར་ལུགས་ལ། །མི་འདྲ་མང་དུ་མཆིས་ན་ཡང་། །སྤར་ཁ་ནང་རུས་ཡིན་པའི་ཕྱིར། །ནང་གིས་གཙོར་བཏོན་འབྲས་བུ་བརྗོད། །གང་ཟག་སྐྱེས་པ་ལི་ནས་གཡས། །བུད་མེད་ཁམ་ནས་གཡོན་དུ་བསྐོར། །ལོ་རེས་སྤར་ཁ་རེ་ལ་འགྲོ། །རང་ལོར་རང་མདུན་རེས་མེས་འབབ། །མགྱོགས་འདོད་དེ་ཡི་མཚམས་ནས་བསྐོར། །བརྩི་བྱའི་སྨེ་བ་ངོས་འཛིན་ནི། །གནམ་སྨེ་དབུས་བཅུག་སྔར་ལྟར་བཀོད། །ལོག་གྲངས་དུ་ལོན་བར་དུ་བགྲངས། །གར་བབ་ལུས་སྨེའོ་མགྱོགས་འདོད་ན། །བཅུ་མཚམས་བསྒྲེས་ལ་ལྷག་རྐྱང་དེད། །བྱས་པས་ཇི་བཞིན་རྟོགས་པ་ཡིན། །ཡར་བཞི་སྲོག་སོགས་སྔར་ལྟར་ཏེ། །སྐྱེས་སྨེ་དབུས་བཞག་བཀོད་པ་ན། །སྲོག་ནི་རུས་སྦལ་ཕྲག་གཡོན་ཁུར། །དབང་ཐང་རྐང་པ་གཡས་པར་བརྒྱན། །ལུས་དེ་ལྟོ་བར་བཀབ་ནས་འགྲོ། །དེ་སོགས་ངོས་འཛིན་ཞལ་ལས་ཤེས། །སྨེ་བ་སྐོར་ལུགས་མང་མཆིས་ཀྱང་། །སྨེ་བ་བར་རྩིས་གཙོར་བཏོན་ནས། །སྐོར་ལུགས་དབུས་ནས་ཤར་དུ་ཐོན། །གང་ཟག་ཕོ་མོ་ཇི་ལྟར་


MR11_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །ཕོ་ལོ་དབུས་ནས་ཤར་ཐོན་ཏེ། །བྱང་ཤར་མཚམས་ཕྱིན་ཤར་ལྷོ་ནས། །དབུས་འཇུག་མོ་ལོ་གཡས་བསྐོར་ཏེ། །དབུས་ནས་ཤར་ཐོན་ཤར་ལྷོར་འགྲོ། །བྱང་ཤར་ནང་དུ་འཇུག་པར་བྱ། །ལོ་རེས་སྨེ་བ་རེ་ལ་འགྲོ། །མགྱོགས་འདོད་བཅུ་མཚམས་བགྲེས་ཚུལ་དཔྱད། །སྤར་ཁའི་བཟང་བཞི་ངན་བཞི་ནི། །གནམ་ནས་ས་བལྟས་ལྕགས་རི་བསྐོར། །རླུང་གིས་ཤིང་བསྐྱོད་མེས་ཆུ་བསྐོལ། །དེ་དག་གནམ་སྨན་རབ་ཀྱི་རབ། །མེ་སྲོག་ཤིང་འཚོ་ས་སྲོག་རི། །རླུང་གིས་ཆུ་བརྟེན་གནམ་ལྕགས་རྙེད། །དེ་ནི་སྲོག་འཚོ་རབ་ཀྱི་འབྲིང་། །མེ་དཔལ་རླུང་བསྐྱེད་ལྕགས་དཔལ་ས། །གནམ་དཔལ་རི་བསྐྱེད་ཤིང་དཔལ་ཆུ། །དཔལ་བསྐྱེད་རབ་ཀྱི་ཐ་མ་ཡིན། །ལི་དྭ་ཁེན་གིན་རང་གི་ཕྱོགས། །ཕྱ་ལོན་འབྲིང་གི་རབ་ཏུ་བརྗོད། །ཆུ་ས་ཤིང་རླུང་རང་ཕྱོགས་སུ། །ཕྱ་མཉམ་འབྲིང་གི་འབྲིང་དུ་བརྗོད། །མེ་རི་རླུང་གནམ་ལྕགས་ཆུ་དང་། །ཤིང་ས་གནོད་པ་འབྲིང་གི་ཐ། །ལྕགས་ལས་འབར་སར་རླུང་འཚུབ་ས། །གནམ་ལས་ཤིང་སྐྱེས་རིར་ཆུ་འབབ། །འདྲེ་ལྔ་ཐ་མའི་རབ་ཡིན་ནོ། །ལི་དང་ཁོན་འགྲས་དྭ་དང་ཟིན། །ཁོན་དང་ཁམ་འགྲས་གིན་དང་ཟོན། །བདུད་གཅོད་ཐ་མའི་འགྲིང་དུ་བརྗོད། །སྨྱོན་མས་འཇོར་ཐོགས་ཕས་ཆུ་བཅུས། །མ་ཡིས་མེ་བུས་སྒོམ་ཆེན་ཤིང་། །འཐུ་བ་ལུས་ཆད་ཐ་མའི་ཐ། །ལོག་མིན་སྐོར་འགོ་སོ་སོ་ཡི། །སྐབས་སུ་གསུངས་དང་སྤྱི་ཁྱབ་ཏུ། །ཕོ་ནི་མེ་སྟག་སྟེང་ནས་ཐུར། །མོ་ནི་ཆུ་སྤྲེལ་སྟེང་ནས་གྱེན། །ལོ་གྲངས་གར་ཕྱིན་ལོག་མིན་ནམ། །བརྩི་བྱའི་དབང་གི་བུ་སྟག་ནས། །སྐྱེས་པ་རྣམས་ནི་ཐུར་


MR11_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦུབ། །བརྩི་བྱའི་དབང་གི་མེ་སྤྲེལ་ནས། །བུད་མེད་གྱེན་དུ་བཀེན་པ་ཡི། །གར་བབས་ལོ་དེར་ལོག་མིན་བརྟག །དེ་ནས་དར་གུད་བཅུ་གཉིས་ནི། །ཤིང་དབུགས་སྤྲེལ་ལ་མེ་དབུགས་ཕག །ས་ཆུ་སྦྲུལ་ལ་ལྕགས་དབུགས་སྟག །འབྱུང་ཁམས་རང་རང་ལོ་དེ་ནས། །དབུགས་རྒྱུ་མངལ་གནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དར་བ་རྒུད་པ་དང་། །ན་བ་ཤི་བ་དུར་ཞུགས་ཞེས། །རིམ་པར་གང་བརྩིའི་ལོ་ལ་གཏུགས། །ལོ་ཟླ་ཞག་དུས་སོགས་ལ་སྦྱར། །གཞན་ཡང་རུས་ལྔ་ཆད་ཆེན་སོགས། །ཕ་མའི་ཀླུང་དང་ལྷ་དཔལ་རྩིས། །བདུན་ཟུར་དགུ་དུར་འདོམས་སྦྲགས་དང་། །སྨེ་བའི་གནམ་སྨན་དཔལ་སྐྱེད་རྩིས། །དུས་ཀྱི་སྤར་སྨེ་ལ་སོགས་པ། །ཚེ་རྩིས་ཀེག་དང་བག་མ་གཤིན། །ནད་རྩིས་ལ་སོགས་སོ་སོ་ཡི། །སྐོར་འགོའི་རང་གཞུང་བཞིན་དུ་ཤེས། །དེ་རྣམས་མ་བུ་དགྲ་གྲོགས་ནི། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །ཡར་དེད་མ་ལ་མར་དེད་བུ། །ཨ་ཕྱི་དགྲ་ལ་ཚ་བོ་གྲོགས། །བརྩི་བྱ་དང་ནི་དེའི་འཐབ་ཟླ། །ཕན་ཚུན་གོ་མ་ལོག་པར་འཐབ། །དཔེར་ན་གནམ་ལོ་བྱི་བ་ལ། །བརྩི་བྱ་སྟག་ལོ་སྲོག་མར་འཕྲད། །དེ་ལྟར་སྦྱར་ལ་བརྩི་བར་བྱ། །མ་དང་འཕྲད་ན་རྡེལ་དཀར་གཉིས། །གྲོགས་ལ་དཀར་གཅིག་དགྲ་ནག་གཉིས། །བུ་ལ་ནག་གཅིག་ནང་འཕྲད་ཁྲ། །ཡང་ན་མ་ལ་དཀར་པོ་གསུམ། །གྲོགས་གཉིས་ས་ཆུ་ནང་འཕྲད་གཅིག །ལ་སོགས་གཞུང་ནས་བཤད་ལྟར་བསྒྲིག །དར་གུད་


MR11_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སོགས་གསུམ་དཀར་གཉིས། །ཁྲུས་སོགས་གཅིག་ལ་རྒུད་སོགས་གསུམ། །ནག་གཉིས་ལྷག་གསུམ་གཅིག་བྱའམ། །དཀར་གསུམ་བྱེད་སོགས་གཞུང་ལྟར་བྱ། །སྲོག་ལ་སྲོག་སོགས་གནས་མཚུངས་འཐབ། །ཁ་དམར་རྡེའུ་བཞག་དུས་སུ། །དཀར་པོ་གསུམ་ཡོད་མ་ཕྲད་ཀྱང་། །གསུམ་ལ་མི་རྩི་དཀར་པོ་གཅིག །དེ་མཚུངས་གནས་དེ་དཀར་ནག་ལས། །རྡེའུའི་རང་གྲངས་བརྩི་མི་དགོས། །སྲོག་སོགས་རྡེལ་ཕྲེང་གནས་དུ་ཡོད། །ཐམས་ཅད་ཁ་དམར་གསུམ་ལ་བསྡུ། །སྤྱིར་བཏང་རྡེའུ་དཀར་ནག་གྲངས་། །གང་མང་སྟོབས་ཆེ་ཉིད་དུ་ཤེས། །དེ་ལྟར་མདོར་ན་བརྩི་བྱ་ཡི། །ལོ་སྤར་སྨེ་བ་རུས་ཁམས་དང་། །ཕྲ་ན་སྐྱེ་དུས་གཟའ་ཚེས་སོགས། །དགོས་ཀྱང་ཡོངས་གྲགས་ལོ་སོགས་དེའོ། །དེ་ལ་འཐབ་ཟླ་ལོ་སྤར་སྨེ། །ལོག་མིན་ཟླ་ཞག་དུས་གཟའ་སྐར། །དགུ་པོ་འདི་དག་གཙོ་བོ་ཡིན། །དེ་ཡང་ལོ་ནི་གནམ་ལོ་སྟེ། །དེ་ཡི་སྲོག་ལ་སོགས་པ་དང་། །བརྩི་བྱའི་སྲོག་ལ་སོགས་པ་སྤྱད། །གང་གང་འཕྲད་པའི་རྡེའུ་བཞག །སྤར་ཁ་ལ་ནི་འཐབ་ལུགས་གསུམ། །གང་བབ་སྤར་ཁ་རྐྱང་པ་དེས། །བརྩི་བྱའི་སྲོག་སོགས་འཐབ་པ་དང་། །ཡང་ན་ལི་ནི་མེ་སྦྲུལ་ཏེ། །ཁོན་ནི་ས་ལུག་དྭ་ལྕགས་སྤྲེལ། །ཁེན་ནི་ས་ཁྱི་ཁམ་ཆུ་ཕག །གིན་ནི་ས་གླང་ཟིན་ཤིང་སྟག །ཟོན་ནི་ས་འབྲུག་བྱས་ཏེ་འཐབ། །ཡང་ན་མཚམས་བཞི་སྔར་ལྟར་ལ། །ཕྱོགས་བཞིར་དཔེར་ན་ལི་ལ་ནི། །ཕོ་ནི་མེ་སྟ་མོ་མེ་སྦྲུལ། །དེས་མཚོན་བརྩི་བྱ་ཕོ་མོ་ལ། །ལོ་ཡང་དེ་


MR11_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྦྱར་བར་བྱ། །ཡང་ནི་མན་ངག་དག་གི་ལུགས། །སྤར་ཁའི་སྲོག་ལུས་དབང་ཐང་དང་། །ཀླུང་རྟ་བླ་གཟའ་ལྔ་པོ་ནི། །སྲོག་རང་ལུས་དགྲ་དབང་ཐང་མ། །ཀླུང་རྟ་བུ་ལ་བླ་གཟའ་གྲོགས། །དེ་གསུམ་གང་རིགས་བྱ་དགོས་པས། །འདི་ལྟར་བྱ་བ་རང་གཞུང་གི། དམིགས་བསལ་ཡོད་དམ་མེད་པ་ལ། །དེང་སང་ཡོངས་སུ་གྲགས་པ་ནི། །བར་མ་དེ་ཡི་དང་པོའོ། །སྨེ་བ་ལ་ཡང་ལུགས་གསུམ་ཏེ། །བརྩི་བྱའི་སྲོག་སོགས་སྨེ་བ་ལ། །དེ་མཚུངས་གནམ་ལོའི་སྨེ་བས་དང་། །སྲོག་སོགས་སྨེ་རང་འཕུར་སྨེ་ལ། །འཐབ་དང་བརྩི་བྱ་གནམ་ལོའི་སྨེའི། །སྲོག་སོགས་མན་ངག་ལྟར་བྱས་པས། །འཐབ་པ་དང་ནི་གསུམ་ཡིན་ཏེ། །དེ་ལ་མན་ངག་ལུགས་ལ་ནི། །སྨེ་བའི་སྲོག་ལུས་དབང་ཐང་དང་། །ཀླང་རྟ་བླ་གཟའ་ལྔ་པོ་ནི། །སྲོག་རང་ལུས་མ་དབང་ཐང་བུ། །ཀླུང་རྟ་གྲོགས་ལ་བླ་གཟའ་དགྲ། དེང་སང་ཡོངས་སུ་གྲགས་སྲོག་སོགས་ཀྱི། །སྨེ་བར་རང་རང་འཕུར་སྨེ་ཡིས། །འཐབ་པ་འདི་ཉིད་གཙོ་བོ་ཡིན། །དམིགས་བསལ་བཤད་ན་དེ་ལྟར་བྱ། །ལོག་མིན་ལ་ཡང་ལུགས་གཉིས་པོ། །སྔར་ལྟར་ཡོངས་གྲགས་ཕྱི་མར་བྱེད། །ཟླ་ཞག་དུས་ཁམས་སྔར་ལྟར་ལ། །མི་འདྲ་གསར་འགྱུར་གསེར་རྩིས་ལུགས། །ཤིང་ཕོ་ས་མོའི་གནམ་ལོ་ལ། །ཟླ་བ་དང་པོ་མེ་ཕོ་སྟག །ཤིང་མོ་ལྕགས་ཕོར་ས་ཕོ་སྟག །མེ་ཕོ་ལྕགས་མོར་ལྕགས་ཕོ་སྟེ། །ས་ཕོ་ཆུ་མོར་ཤིང་ཕོར་བཟུང་། །མེ་མོ་ཆུ་ཕོར་ཆུ་ཡི་སྟག །ཕོ་མོ་གཉིས་གཉིས་སྦྲགས་


MR11_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འདེད་དེ། །གསུམ་པ་མན་ཆད་བུ་དེད་ཡིན། །ཞག་ནི་གསེར་རྩིས་རང་སྐང་བྱ། །དུས་སྡོང་ཉི་དབང་གཞིར་བཞག་ལ། །ཤིང་ཕོ་ས་མོར་ཤིང་བྱི་དང་། །ཤིང་མོ་ལྕགས་ཕོར་མེ་བྱི་སྟེ། །མེ་ཕོ་ལྕགས་མོར་ས་ཕོ་བྱི། །ས་ཕོ་ཆུ་མོར་ཆུ་བྱིར་བཞེད། །མེ་མོ་ཆུ་ཕོར་ལྕགས་བྱིའོ། །དེ་ཡང་གཉིས་གཉིས་སྦྲགས་བུ་དེད། །ཞུབ་པར་གསེར་རྩིས་རི་མོས་ཤེས། །ལོ་ཟླ་ཞག་དུས་སྨེ་བ་ཡང་། །འདི་ཡི་རིང་ལུགས་བཞིན་ཏུ་བྱོས། །དར་གུད་ཅུང་ཟད་འདྲ་མིན་ཁྱད། །ལ་སོགས་རིང་གི་གཞུང་ལྟར་ཤེས། །ཟླ་བ་ལོ་འགོ་བཞེད་ལུགས་ལ། །མི་འདྲ་གསུམ་དུ་བྱུང་བ་ཡང་། །རང་རང་སོ་སོའི་གཞུང་ལྟར་བྱ། །རང་འདོད་ལོ་མགོ་གང་ཡིན་ཟླ། །སྟག་ནས་བཟུང་ལ་བཅུ་གཉིས་རིམ། །ཞག་ནི་ཟླ་བ་དེ་དག་གི། ཚེས་གཅིག་ནས་བཟུང་སྟོང་གི་བར། །དུས་ཚོད་ས་ཡི་ཡན་ལག་ནི། །བཅུ་གཉིས་ཉི་མ་མཉམ་པའི་དུས། །ནམ་ལངས་ཡོས་བུ་ནས་བཟུང་སྟེ། །དུས་ཀུན་གུང་གཉིས་བྱི་རྟ་གཉིས། །ཆུ་ཚོད་ལྔ་རེ་དུས་རེས་ཐོབ། །འདི་ལ་དོན་གྱིས་མི་འདྲ་མེད། །གཟའ་ནི་ནག་རྩིས་རང་ལུགས་སམ། །ཉིན་ཞག་གྲུབ་པའི་རེས་གཟར་སྦྱར། །བརྩི་བྱའི་སྲོག་ལ་སོགས་པ་ལ། །གཟའ་ཁམས་རྐྱང་པས་འཐབ་པར་བྱ། །ཡང་ན་ཕུར་བུ་ཤིང་སྟག་སོགས། །གཟའ་སྐར་ལོ་དང་སྦྱར་བ་ཡོད། །སྐར་མ་ནག་རྩིས་སམ་གྱོ་ཁང་། །ཞིབ་པར་རཱི་ཐུའི་སྐར་མ་ཡིས། །རང་ཁམས་རྐྱང་པས་བརྩི་བྱར་འཐབ། །དེ་དག་རྣམས་ལ་སྤྱིར་འགྲོ་བ། །སྲོགས་ལ་སོགས་པའི་དར་གུད་ནི། །ལོ་སོགས་གང་དང་གང་ཡིན་ལ། །གཏུགས་


MR11_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དར་གུད་བཅུ་གཉིས་ཡོད། །དེ་ལྟར་མ་ནོར་རིག་པས་དཔྱད། །ཀུན་རྫོབ་རྟེན་འབྱུང་བསླུ་མེད་དངོས། །བཅུ་གཉིས་རྟེན་འབྲེལ་ལོ་སོགས་ཏེ། །རྣམ་ཤེས་ཚོགས་བརྒྱད་སྤར་ཁའི་ལྷ། །བུ་ག་དགུ་ཡི་སྨེ་བ་དང་། །འབྱུང་ལྔའི་ཡོན་ཏན་རྒྱལ་པོ་ནི། །ཐབས་ཀྱི་རང་བཞིན་གཟའ་མཆོག་དགུ། །ཤེས་རབ་ཉེར་བརྒྱད་རྒྱུ་སྐར་མོ། །ཇི་སྙེད་ལས་ལ་དབང་བ་ཡི། །དྲེགས་ལྡན་གནས་རྒྱུ་རྣམ་པར་བརྟག །ཀུན་ཀྱང་འབྱུང་ལྔར་འདུས་པའི་ཕྱིར། །འབྱུང་ལྔའི་མཐའ་ལ་རྣམ་པར་དཔྱད། །བརྩི་བྱ་དང་ནི་འཐབ་ཟླ་ལས། །སྐྱེ་དགུའི་བདེ་དོགས་མདོར་བསྡུས་པ། །སྲོག་ནི་ཚེ་དང་ལུས་ནད་སོགས། །དབང་ཐང་ནོར་དང་བུ་སྐལ་དང་། །ཀླུང་ནི་བྱ་བའི་ལམ་འགྲོས་སོགས། །བརྟག་པའི་གཞིར་བཟུང་རིག་པས་དཔྱད། །མང་པོར་སྤྲོས་ལ་དེ་དག་གི། ཁ་དམར་གནད་ཀྱི་འགགས་སུ་དྲིལ། །སྔོན་དུ་ལེགས་པར་བརྟགས་ནས་སུ། །ཁ་དམར་ཐེ་བྱ་ཚང་འཇུག་ལྟར། །ཡོ་འཕྱུགས་མེད་པའི་གནད་ཤེས་ན། །ཀུན་ལ་ཕན་པ་ཚད་མེད་འབྱུང་། །སྤོར་ཐང་རྩིས་ཀྱི་གཙུག་ལག་གི། སྤྱི་ཁྱབ་སྔོན་འགྲོ་འདི་བྲིས་པའི། །དགེ་བས་འཐའ་ཡས་འགྲོ་བ་ཀུན། །རྟེན་འབྲེལ་དེ་ཉིད་རིག་པར་ཤོག །འདི་ཉིད་འཛིན་འཆང་སྦྱང་པ་རྣམས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་ཤིང་། །དོན་གྲུབ་བསམ་པ་འགྲུབ་པར་ཤོག །ཅེས་པ་འདི་ནི་རང་ལོ་ཉེར་གསུམ་པ་ས་འབྲུག་ལོའི་སྨིན་ཟླའི་ཚེས་བཅུ་དགུར་མི་ཕམ་རྒྱ་མཚོ་ཞེས་བྱ་


MR11_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

བས་མོ་ཧོར་དགོན་གྱི་རི་ཁྲོད་དུ་ཤར་མར་བྲིས་པ་ལ་ཕྱིས་སུ་ས་གླང་གི་ལོར་ཅུང་ཟད་བཅོས་བསྣན་བགྱིས་ཏེ་ལེགས་པར་གྲུབ་པ་དགེའོ།། །།སྔོན་འགྲོ་འདི་རྩིས་ལ་སྦྱང་འདོད་རྣམས་ཀྱིས་ཐོག་མར་བྱང་ཆུབ་པ་གལ་ཆེའོ། །མངྒ་ལཾ།། །།


previousགཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།next