Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
རྩིས་སྐོར་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩིས་སྐོར་ནོར་བུའི་ཕྲེང་བ།next

རྩིས་སྐོར་ནོར་བུའི་ཕྲེང་བ།


MR12_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་སྐོར་ནོར་བུའི་ཕྲེང་བ་བཞུགས་སོ། །


MR12_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཚེས་ཀྱི་བླང་དོར་ལ། དགོངས་འདུས་སྐར་མཛོད་ལས། དོན་༡གྲུབ་༧ལོངས་སྤྱོད་༡༣ཟས་༡༩གོས་༢༥འཕྲད་པའི་ཚེས་འདི་རྣམས་བཟང་། འདི་༢རྣམས་༨ངན་བྱ་བ་༡༤མི་བརྩོམ་༢༠ གསུངས། ༢༦ འདི་རྣམས་༣༩ལྷག་པར་༡༥བཟང་༢༡བསམ་པ་༢༧འགྲུབ། གཡང་༤གི་ཉི་མར་༡༠གཡང་༡༦བླན་༢༢སོགས་༢༨ཤིས། བཟང་༥པོའི་ཉི་མར་༡༡གཏན་༢༧སྲིད་༢༣བྱ། ༢༩ ལག་༦སྟོང་༡༢ཉི་མར་༡༨དགྲ་༢༤དང་ཁ་མཆུ་༣༠འོང་། ༈ །རྣམ་སྣང་མངོན་བྱང་ལས།ཞི་བར་ཡར་ངོའི་ཚེ་བཞི་བཅུ་བཅོ་ལྔ་བཟང་། རྒྱས་པར་ཡར་ངོའི་གསུམ་བདུན་བཅོ་ལྔ། དབང་མར་ངོའི་ཚེས་དགུ། དྲག་པོ་མར་ངོའི་བརྒྱད་དང་བཅུ་བཞིར་བརྩམས་ན་ལེགས་གསུངས། སྤྱིར་ཞི་རྒྱས་དཀར་ཆོས་ལ། བརྒྱད་བཅུ་བཞི་བཅོ་ལྔ། དབང་ཡར་མར་གྱི་བརྒྱད་དང་བཅོ་ལྔ། དྲག་པོ་མར་ངོའི་ཉེར་དགུ་མཆོག་གོ ། ༈ ༡གཟའ་ཉི་མ་ཚ་ཟེར་ཅན། བདུན་གྱི་བདུན་པ། ནམ་མཁའི་ཐིག་ལེ། ནམ་མཁའི་མིག སྲིད་པའི་སྒྲོན་མེ། མཆོག་འདོད་ཆར་འབེབ། ནད་མེད་


MR12_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་ཡི་མིང་གི་རྣམ་གྲངས་སོ། །མདོག་དམར་སྐྱའོ། །མི་ལྷའི་རིགས། ཞི་འཇམ་བུད་མེད་ཀླུའི་རིགས། ཆེན་ཡ་རབས་རྒྱལ་པོ་དང་སྐྱེས་པའི་བླ་གཟའ། རྒྱལ་པོར་བསྐོ་བ། གསེར་སྒྲུབ་པ། ལྷ་མཆོད་པ་སོགས་བཟང་དབང་དང་དགུག་ནབས་སོ་སྐྱེས། ལས་འགྲུབ། ཤིང་དང་བག་མ་གཤིན་ལས་ངན། ༈ །༢ ཟླ་བ་ཆགས་བྱེད། སྣར་མའི་བདག་པོ། རྟ་དཀར་སྟེང་ཕུར། རི་བོང་ཅན་བདུད་རྩིའི་ཐིག་ལེ་འོད་དཀར་ཅན་སོགས་ཟེར་ཐ་སྐར་སྐྱེས་རེད། བ་དཀར་སེར་མདོག །བཀྲ་ཤིས། དར་མ་དང་ཀླུ་གཉན་གྱི་གཟའ། ལྷ་མཆོད་སྨན་སྦྱོར་ཞི་བའི་ལས་སྒྲུབ་པ་སོགས་འཇམ་ལས་ཀུན་ལ་དགེ། ཧོམ་སྤར་བ་དང་། དྲག་ལས་དམག་ཇག་རྩུབ་པོ་མི་འགྲུབ་སྤང་། ལུས་དམར། སྟོབས་ལྡན་དམག་དཔོན་དང་སྐྱེས་པ་དང་སྔགས་པ་དྲག་ཤུལ་ཅན་གྱི་བླ་བཟའ་ཡིན། ངོ་བོ་དྲག་རྩུབ་མི་བཟད་མ་རུངས་པ་ཡིན་པས་དྲག་ལས་དང་དམག་སོགས་རྩུབ་མོའི་ལས་ལ་མཆོག་ཏུ་བསྔགས། གྲི་གཟའ་ཡིན་པས་གྲི་ས་སྐྱེས་


MR12_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན། གཞོན་ནུ། འོད་ཟེར་དགུ་པ་གཟའ་པ་སངས་བུ་བཀྲ་ཤིས་ཆུ་སྟོད་སྐྱེས་སོགས་ཟེར། ལྷ་མིན་གྱི་རིགས། མདོག་དམར་ནག་གོ ། ཞི་འཇམ་གྱི་ལས་སྤང་། ཁྱི་གསང་གསོས་ན་དང་ཆེ། ༈ ལྷག་པ་ཕོ་མོ་དར་མ་དང་རྒྱལ་བུ་གཞོན་ནུ་དང་མ་ནིང་དང་ལོངས་སྤྱོད་ཅན་གྱི་བླ་གཟའ་རིག་གནས་བསླབ་པ་དང་། ནོར་ཚུར་ལེན་ཁྱིམ་བཟུང་སོགས་དགེ་ཞིང་ཞི་ལས་ཕལ་ཆེར་ཀུན་ལ་བཟང་ཡང་བག་མ་ལ་གཟའི་གནམ་ཁྱི་ཡིན་པས་ངན་རབས་ཆད་ཀྱིས་གཟའི་ཡིན་སྔོ་བསང་ལུས། མཛའ་ལྷའི་གྲོགས། རྒྱལ་བ་མཁས་པ་གསལ་ལྡན་སོགས་ཟེར། མདོག་སྔོ་ལྗང་ངོ་། །གནོད་སྦྱིན་གྱི་རིགས་སོ། །སྣར་མ་སྐྱེས་ཟེར་ཀྱང་། ཚིམ་བྱེད་སྐྱེས། ལྷ་མཚམས་སྐྱེས། ཐོས་སྣང་སྐྱེས། པས་དུར་མི་གདབ། རྒྱས་པའི་ལས་ཐམས་ཅད་ལ་མཆོག་གོ ། ༈ ༥ཕུར་བུ་མཁས་པ་དང་། ལྷའི་སྒྲ་མཁན། རབ་བྱུང་བན་བཙུན་འཚོ་བྱེད་སྨྲ་མཁས་དཔྱོད་ལྡན། སྔགས་པ་བྱང་སེམས་ཀྱི་བླ་གཟའ། ཕ་བདུན་པ། སྐྱེས་པ་དང་སློབ་དཔོན་གྱི་གཟའ། རབ་བྱུང་དཀྱིལ་འཁོར་བྲི། བདེ་ལས། སྔགས་སྒྲུབ་པ་སོགས་ལས་བློ་ལྡན། ཚིག་བདག །མེ་བཞི་སྐྱེས། རིགས་བྱེད་བདག་པོ་སོགས་ཟེར། བྲམ་ཟེའི་རིགས་ཡིན། མདོག་གསེར་ལྟར་སེར་པོའོ། །བཅུ་གཅིག་འོད་འཕྲོ། ཕལ་ཆེར་ལ་བཟང་། གཙུག་ཕུད་གསུམ་སྣ་ཚོགས་གཟུགས་ཅན། རིག་པ་བསླབ་པར་ལེགས་ཀྱང་སྔོན་བརྒྱ་བྱིན་གྱི་ཚིག་གིས་ཡི་ཆད་པས་སྒྲ་བསླབ་པ་སྤང་གསུངས་ཤིང་གཟའ་ཡིན་སྔགས་ལ་བཟང་ཡང་ཟོར་འཕང་པ་སྤང་གསུངས་དེ་མིན་ཕལ་ལ་ལེགས། ཞི་དྲག་ཕྱེད་མའི་གཟའ་འོ། །རྒྱལ་ལས་ཀྱང་བཟང་བར་རྣམ་སྣང་མངོན་བྱང་ལས་གསུངས་སོ། །བསྐྲད་ལས་ལ་བཟང་།༈ ༦པ་སངས་རྗེ་ལྷ་མིན་བླ་མ། སྙན་ངག་མཁན། ངན་སྤོང་བུ། བཅུ་དྲུག་འོད་ལྡན། བུ་བ་དཀར་པོ་སོགས་ཟེར། སྦྱིན་བྱེད་བླ་མ། ལྷ་མིན་བདག་པོ། ནབས་


MR12_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྐྱེས། མཆུ་སྐྱེས། ངན་ལས་རྒྱལ་ཚིག་བརྒྱའི་དབང་པོ། རིགས་དང་། སྟག་གཟིག་པ། རྒྱལ་བློན་བཙུན་མོ་བུད་མེད་ཀྱི་བླ་གཟའ། སྣ་ཚོགས་མདོག་གོ། བུད་མེད་བགྲོད་པ། བག་མ་ལེན་པ་སོགས་དགེ་ཞིང་ཞི་ལས་ཕལ་ཆེར་བཟང་། ཁྱད་པར་དབང་སྡུད་ཀྱི་ལས་བསྒྲུབ་པ་ལ་མཆོག །ཞི་ལས་ལའང་བཟང་། སྙན་དངགས་སྦྱང་བརྩམས་ལ་ཤིན་ཏུ་བཟང་། ཕྱུགས་ཀྱི་གཟའ་ཡིན་ཕྱུགས་མི་གཏོང་། ༠སྤེན་པ་བྱས་པ་དང་བྲན་དང་དབུལ་པོ་དམངས། འཁྱོང་འགྲོ། གཤིན་རྗེའི་བདག་པོ་མིག་བཟང་མིག །རིགས་ཀྱི་བླ་གཟའ། ཤིན་ཏུ་དལ་ལ་བརྟན་པས་ཁང་རྨིང་འདིང་བ་སོགས་བརྟན་ལས་བྱས་ན་ཡུན་དུ་བརྟན། གཡང་གཟའ་ཡིན་པས་གཡང་སྒྲུབ་འགུག་བཟང་། ངོ་བོ་ཚངས་སྐྱེས། གོས་སྔོན། འོད་ཟེར་བདུན་པ། ཉི་མའི་བུ། གཤིན་རྗེའི་བ་དན། དལ་འགྲོ། མདོག་ནག་སོགས་ཟེར། གཞུ་ཁྱིམ་སྣུབས་ལས་སྐྱེས་པའོ། །དྲག་གཟའ་དང་གཤིན་རྗེའི་རིགས་ཡིན་པས་དྲག་ལས་སྤྱི་དང་ཁྱད་པར་མནན་རྨོང་གི་ལས་བསྒྲུབ་པར་བཟང་། བྲན་བརྟེན་སོགས་ལས་དགེ་ལས་མྱུར་ལས་བསླབ་སྦྱང་སོགས་ལས་དགེ་བ་ཕལ་སྤང་ངོ་། ༧ །རྒྱུ་སྐར་སྨིན་དྲུག་ནི། ཡ་རབས་དང་བུད་མེད་དང་ལུག་གི་བླ་སྐར་སྟེ་ཞི་དྲག་ཕྱེད་མ། སྤྱིར་བཏང་སྙོམས་པའི་སྐར་མ་ཡིན་ཀྱང་བཟོ་གནས་བྱེད་པ་བཟང་། སྦྱིན་སྲེག་མེ་ཡི་ལས། ཁང་པའི་ཐིག་ཚགས་དབང་གི་ལས། བ་ལང་ལྷས་བྱེད། ར་ལུག་ཉོ་བ་སོགས་བཟང་། ཞོ་དཀྲོག་ན་མར་ཆེ། ཀིརྟཀ །སྤུན་དྲུག་སོགས་ཟེར། རྩོད་པ་མི་བྱ། གོས་གསར་པ་བགོ་བ་དང་གཡུལ་འགྱེད་ན་བཟང་། ཚུར་མི་ཉོ། འདི་ཟློས་སྐར་ཡིན་པས་མི་ཤི་ན་མི་ལེགས། ཤིད་སོགས་མི་བྱའོ། ༈ །༣ སྣར་མ་མོ་བེའུ་རྫི། བཙུན་དོན་གྲུབ་སྐྱེ་དགུའི་བདག་པོ། དལ་བའི་ལྷ་ལྡན་མ་ཕྱུགས་ཀྱི་བླ་


MR12_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྐར། གླུ་བྲོ་སྐྱིད་ཀྱི་སྐར། གཡང་སྐར་ཡིན། ཤིན་ཏུ་བརྟན་པས་གཡང་བླན་སོགས་ལ་མཆོག་ཏུ་དགེ། ཞིང་ལས་ཁང་ཁྱིམ། ཕྱུགས་ལྷས། ས་བོན་གདབ་པ། ཕྱུགས་བླང་བ་སོགས་ལ་མཆོག་ཏུ་དགེ། ལས་ཕལ་ལའང་བཟང་། འཇམ་དཀར་གླང་མེད་ཡིན་པས་དམག་ཇག་བརྩམ་ན་དམག་ཇག་མི་ཐེབ་སྟོན་མོ་མི་རུང་ཞེས་ཁྲོམ་རྩིས་བརྒྱད་ཅུ་པ་ལས་གསུངས། གླུ་བྲོ་སྐྱིད་སྐར་ཡིན་ཀྱང་ནོར་བཏང་བས་གཡང་ཉམས་ལ་དགོངས་འདྲའོ། །བུ་ལོན་འདེད་པ་ཆང་འགྱེད་སྤང་། ༤མགོ་ནི། དམེ་སྐར་ཟླ་སྐྱེས། སྨལ་པོ། རི་དྭགས་མགོ སྟག་ཤར་དྲྭ་མ་དང་བཙད་པོའི་བླ་སྐར། མྱུར་ལ་བཟང་བས་རིག་པ་ཚེགས་ཆུང་ངུས་ཁྱད་འཕགས་ཐོབ། དལ་ལས་སོགས་སྣར་མར་བསྟན་ཚད་བྱས་ན་འགྱང་བས་མི་བྱའོ། །རྒྱལ་སར་བསྐོ་བ། རྟ་གླང་འདུལ་པ། བག་མ་ལེན་སོགས་བཟང་། གོས་གསར་མི་བགོ་རྒྱན་མི་གདགས། འདི་སོགས་ཕལ་ཆེར་སྟག་རྣའི་མདོ་ལྟར་ཡིན། ༥ལག་དྲག་པོ་ནག་མོ་དྲག་མོ། དྲག་ཤུལ་མ། དམག་དཔོན་དགྲ་ཟེར། དགྲ་དཔུང་འཇོམས་བྱེད་ཀྱི་སྐར་མ། དམག་དཔོན་དགྲ་འདུལ་ཤན་པ། བྱེས་བགྲོད་དྲག་པོའི་རིགས་ཀྱི་བླ་སྐར། དྲག་པོའི་དོན་གཉེར། ཁྲོན་པ་འདྲུ་བ་བ་བཏུལ་པ། དམག་འགྱེད་སོགས་བཟང་། ༦ནབས་སོ་སྦྱིན་མོའི་ལྷ་མོ། རྒྱལ་སྟོད་ཤུ་ཀྲ་མ། དངོས་གྲུབ་འབྱུང་བྱེད། ཕྱུག་པོ་ནོར་ཡོད། གཡང་སྐར། ལུག་གི་བླ་སྐར། གཙུག་ཕུད་བཞག་པ། བུ་འདོད་ཆུང་མ་ལེན་པ་སོགས་གང་ཡང་མྱུར་དུ་འགྲུབ་ཅིང་ཕ ན་པ་བཀྲ་ཤིས་ཀྱི་སྐར་མ་ཡིན། ཤིད་དང་དྲག་ལས་བསྒྲུབ་ནའང་བཟང་། ནོར་འཇལ་ན་གཡང་འཆོར། འཇམ་ཆེས་པས་དམག་མི་ཐེབས་འཆི་དོགས་ཡོད་པས་གསོ་བའི་ལས་མི་བརྩམ། དེ་མིན་སྤྱིར་བཟང་ངོ་། ༈ །༧རྒྱལ་ཡོན་


MR12_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཀུན་འབྱུང་། གང་བྱས་གྲུབ་པ་བླ་མའི་ལྷ་ལྡན། སྤྱོད་ལྡན་མ། གྲུབ་པ། ཚིམ་བྱེད་ཟེར། ཕན་པ་བཀྲ་ཤིས་པའི་སྐར་མ། ལུག་དང་གཡང་གི་བླ་སྐར། བསོད་ནམས་གྲགས་པ་ཚེ་བསྲིང་། མཆོད་པ་དཀྱིལ་འཁོར་བྲི་བ། བསྙེན་སྒྲུབ་རྩོམ་པ་དབང་བསྐུར་སོགས་སྔགས་ཀྱི་ལས་སྒྲུབ་པ། ཆོས་འཆད་རྩོམ། རྒྱལ་སར་འདོན་པ། རབ་གནས། རྒྱན་གདགས་པ། ཁ་སྤུ་འབྲེག་པ། རྒྱལ་མཚན་འཛུགས་པ་སོགས་དགེ་ལེགས་ཞི་རྒྱས་ཀྱི་ལས་ཀུན་ལ་བཟང་། དབང་གི་ལས་བསྒྲུབ་ནའང་ཆེས་བཟང་། ༨སྐག་ཝ་གདེངས་ཅན་ལྷ་མོ། འཇམ་ཞུད་རོ་འདོན་གཤིན་སྐར་ཁྱི་གཅན་མགྲོན་པོ་ལམ་ཞུགས་ཀྱི་བླ་སྐར་ཡིན། འདིའི་ལྷ་གཤིན་རྗེ་ཡིན་ཅིང་སྤྱིར་འབྲས་བུ་ངན་པ་དྲག་པོའི་རྒྱུ་སྐར་ཡིན་པས་དྲག་ལས་ངན་བྱེད་བྱས་ན་ཐེབས་ཏེ་མི་ལྡོག རྒྱན་བརྡུང་། ར་བ་བརྩིགས་པ། རྫིང་དང་ལམ་བཅད་པ་བཟང་། མགྲོན་སྐར་ཡིན་པས་ལམ་ཞུགས་ལ་སྐྱོན་མེད་པར་ཡང་གསུངས། རོ་འདོན་ལ་འཇམ་སྟེ་བཟང་པར་ཡང་བཤད། ཤི་རྒབ་ཆོད། འདི་ཆོད་སྐར་ཡིན་ཡང་ཤིད་སོགས་གཞན་ཕལ་ཆེར་མི་ལེགས་པས་སྤངས། ཞི་བའི་ལས་སྒྲུབ་པར་བྱས་ན་བཟང་བར་རྣམ་སྣང་མངོན་བྱང་ལས་གསུངས། ༈ ༩རྟ་ཆེན་ཕ་སྤུན་ནང་དམེ་མཆུ་སྙན་དངགས་མཁན། ཕ་མྱེས་ལྷ་སྐྱེས། འགྱེད་པའི་སྐར་མ་སྟོབས་ལྡན་འཇིགས་བྱེད་དགྲ་འདུལ་བའི་སྐར་མ། ཇག་ཕྱུགས་ཀྱི་བླ་སྐར། པའི་བླ་སྐར་ཡིན་པས་དགྲ་ལ་རྒོལ་ན་བཟང་། འབྲུ་ཐམས་ཅད་ཀྱི་ས་བོན་གྱི་དོན་དང་། ཕག་གི་བྱ་བ་དད་པའི་བྱ་བ་བཟང་བརྟན་པའི་དོན་གྲུབ་ཡིན། དྲག་ལས་མི་བྱ་སྤང་། ཞི་ལས་དབང་གི་ལས་ལ་བཟང་བར་རྒྱུད་ལས་གསུངས། ༈ ༡༠རྟ་ཆུང་གྲེ་གྲེ་ཡང་ཟེར། ཕུང་མི་ཟན་འཚོ་བ་སྐྱེས། དམེ་ཕོའི་སྐར་མ། ཇག་


MR12_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དཔའ་བོ་ཁྱུང་གཤོག་སྐར་མ་འདི་ལ། དགྲ་བླ་གསོལ་བ། གོ་མཚོན་བརྡར་བ་བཟང་། དགེ་བ་ཞིང་ལས་སྐྱུ་རུ་ར་སོགས་འབྲས་བུའི་ཁྱད་པར་གྱི་ལས། གཞོན་པ་རྣམས་བཀྲ་ཤིས་ཀྱི་ཁྲུས་བྱ་བ། གནས་བྱ་བ། བག་ཕེབ་པ། བྱིས་པའི་སྐྲ་འཁྲུ་བ། སྐྲ་མཛེས་པར་བྱ་བ། སྐལ་ལྡན་ཉེར་འཚོའི་ལས་ལ་བརྟན་ཞིང་དོན་འགྲུབ་བོ། །ནད་སོགས་ཞི་བའི་ལས་སྒྲུབ་པ་བཟང་པར་རྣམ་སྣང་མངོན་བྱང་ལས་གསུངས། ༈ ༡༡དབོ་གཡུང་པོ་ནོར་འཚོལ་ཇག་པ་དང་ལུག །དགྲ་སྐར་ཀྱང་། བྱེས་བགྲོད་བླ་སྐར། ཁང་རྙིང་གསོ་བ་དང་རབ་གནས་སོགས་ལས་ཐམས་ཅད་བཟང་། རབ་ཏུ་བརྟན་པ་ཡིན། དྲག་ལས་བསྒྲུབ་པ་ལའང་བཟང་རྣམ་སྣང་མངོན་བྱང་ལས། ཞེས་གསུངས། ༈ ༡༢ མེ་བཞི་མྱུར་རིགས་བྱེད་འདོན་པ། མེ་ལྷ་བྱ་མའང་ཟེར། མགྱོགས་གློག་འདྲ་ཚེ་སྤོ་དང་འདྲ་ཟེར། ཉི་མའི་ལྷ་ལྡན། ཕྱི་མོ་བྱང་ཕྲུག་ཟེར་རམ། འདས་གཤིན་པོའི་ལུག་གིའང་། བླ་སྐར་ལ། ལས་ཕྲན་ཐམས་ཅད་དང་གཤིན་ལས་བཟང་། དམག་ཡུན་ཐུང་ལ་བཟང་བར་ཡང་བཤད་བྲམ་ཟེའི་ལས་ཀུན་དང་། གླང་དང་རྫིང་བུའི་ལས་སོགས་ཕལ་ཆེར་ཀུན་ལ་བཟང་ཕན་པ་བཀྲ་ཤིས་འབྱུང་།བརྐུས་ན་འགྲུབ། བག་མ་སོགས་གཞན་འགའ་སྤང་། ༈ ༡༣ ནག་པ་འཇམ་ལ་ཟུག་བརྒྱད་ལྡན་མ། ཟླ་བའི་ཐོག་མ། བྱ་རོག་བྱ་འུ་འང་ཟེར། གཟེར་ཆུང་བའི་སྐར་མ། གནག་དང་ར་སོགས་རྐང་བཞི་དུད་འགྲོའི་བླ་སྐར། མྱུར་ལ་བཟང་བ་ཡིན་པས་བུ་ལོན་འདེད་པ་སོགས་བཟང་། རྒྱལ་སར་འདོན་པ་གོས་བགོ་རྒྱན་རྒྱལ་བུ་དོན་གྲུབ་ལ་ནག་པར་རྒྱན་བཏགས་པར་འདུལ་པར་གསུངས། བཏགས། དམག་ཆས་པ། དྲི་སྤོས་སྦྱར་བ། གླུ་གར་རོལ་མོ། ལག་བཟོ། ཞལ་བ་བྱེད་པ། སྣག་ཚ་འདུལ་བ་སོགས་བཟང་། མདོག་ནག་ལ་ལེགས་ཟེར། ཟློས་སྐར་ཡིན་པས་སླར་བྱེད་པར་མི་


MR12_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་རོ་ལས་ཤིད་སོགས་སྤང་། ༈ ༡༤ས་རི་བནྡེ་རླུང་གི་ལྷ་མོ། སྭཱ་ཏཱི། རླུང་གི་དབང་ཕྱུག སྒོང་ནམ་མཐོང་གོང་མའང་ཟེར། དགོངས་འདུས་སྐར་མཛོད་ལས་གནམ་མཐོང་གོང་མ་ཟེར། སྐར་ཆུང་གནམ་མཐོང་བྱེད་ཡོད་གསུངས། འདྲི་གཡག་ཕྱུགས་ཀྱི་བླ་སྐར། འབྱུང་བ་རླུང་ཁམས་ཀྱི་བླ་སྐར། གཡང་སྐར་ཀྱང་ཡིན། གཞི་བྱེས་ལས་ཀུན་ལ་བཟང་ཞིང་མྱུར་བ་ཡིན། དྲག་ལས་ལའང་ལེགས། རྟ་བོང་དགྱེ་བ། སྟོན་མོ་ཟས་འགྱེད་རྔ་སོགས་རོལ་མོ་བརྡུང་བ། གླུ་ལེན་པ་སོགས་མྱུར་དུ་འགྲུབ། བག་མ་གཏོང་ལེན་ཤིད་ཀྱི་ལས་གྲོགས། གནས། མལ་ཆ། ཁྱིམ་འཇུག་བཟང་། མྱུར་ལ་འགྱུར་སྐར་ཡང་ཡིན་ནོ། ༈ །༡༥ས་ག་སྐར་མའི་ཁྲོ་བོ། བདུད་འདུལ་སྔགས་པའི་དབང་པོའི་ལྷ་ལྡན། བི་ཤྭ་ཁཱ། རྒྱུད་ལྡན་མ། སྒྲུབ་བྱེད་མ། གནམ་མཐོང་འོག་མ་ཟེར། མེ་ཡི་སྐར་མ་ཡིན་ནོ། །བླ་སྐར་ཡིན་པས་མནན་སྲེག་སོགས་དྲག་ལས། དབང་གི་ལས་ལ་གྲུབ་སྐར་ཡིན་བཟང་། ཞིང་གི་བླ་སྐར་ཀྱང་ཡིན། གཞན་དུ་བཏང་སྙོམས་བྱེད་པའང་ཡིན་བཟོ་སོགས་བཟང་། ཁང་ལས། བག་མ་ལེན་པ། སྐྲ་འཁྲུད་པ། གཙང་སྦྲ་བྱེད་པ། གཞན་ནས་དང་གྲོའི་ལས་མཐའ་དང་ཤིད་ཀྱི་ལས་སྤང་དགོས་ཏེ་གདུངས་ཤིང་ཉམས། ཏིལ་སྲན་སོགས་གདབ་པར་བཟང་། ཞིང་ཚུར་ཉོ་བཟང་། ཕར་བཙོང་ངན་སྟེ་དེའི་བླ་སྐར་ཡིན་པས་དེ་བཞིན་བླ་སྐར་གཞན་ལའང་ཤེས་པར་བྱའོ། ༈ །༡༦ལྷ་མཚམས་ཨ་རུ་རཱ་དྷཱ། མཛའ་བོའི་ལྷ། ལག་སོ་ཟེར། འཇམ་པོ་མྱུར་ལ་བཟང་བ། བནྡེ་དང་དམངས་ཕལ་པའི་བླ་སྐར་ཡིན། ཀུན་ལ་སྙོམས་པའི་སྐར་མ་ཡིན་པས་བག་མ་སོགས་ཀུན་ལ་བཟང་། ཟློས་སྐར་ཡིན་པས་བཟང་པོ་འཕེལ། ཤིད་སོགས་སྤང་། འདུམ་བྱ་བ། སྐྲ་བྲེག མཚོན་ལས། བསྐུ་བྱུག་གི་


MR12_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགྲུབ་སྟེ་བརྟན། བརྩོན་འགྲུས་བརྩམ་པར་མཆོག་སྟེ་མི་ལྡོག་བརྟན། ལས་སྤྱི་ལ་དགེ ༈ ༡༧སྣྲོན་དྲག་པོ་བསོ་སྒྲ་འདེབས་པའི་སྐར་ལྡེ་གུ། ཛྱེ་ཥྛ། ལྷ་དབང་ལྡན་ཟེར། གདུ་བུའང་། མ། ར་དང་མགྲོན་པོ་ལམ་ཞུགས་བླ་སྐར། འབྲས་བུ་ངན་པར་གཏོགས་པའང་ཡིན། གོ་བདར། དགྲ་འཇོམས།རྒྱལ་པོ་ཐོག་མར་དབང་བསྐུར་བཟང་། གྲོགས་སོགས་བགོ་བཤའ་བྱེད་པ། རྒྱལ་པོའི་ལས། རྒྱས་པའི་ལས་བསྒྲུབ་པ། ར་བླང་པ། ཁང་པ་བཟུང་བ་བཟང་། དྲག་ལས་མ་གཏོགས་གཞན་པ་ལ་ཅུང་ཞེན་ནོ། ༈ །༡༨ སྣྲུབ་སྔགས་མུ་ལ། པ་ནང་རྩ་བ་ཟེར། དམེ་འགྱེད་པའི་སྐར་མ། དཔུང་པ། དམངས་སོགས་པ། ཀྱི་གྲུ་མོའང་ཟེར། བླ་སྐར། དྲག་པོའི་ལས་སྦྱོར་གྱི་སྐར་མ་ཡིན། མཐུ་བྱེད་པར་བཟང་། དམག་དྲངས་པ་སོགས་དྲག་རྩུབ་ལས་ལ་བཀྲ་ཤིས་སྟེ། བཟང་། ལ་ཕུག་སོགས་རྩ་བ་དོན་དུ་གཉེར་བ། བུད་མེད་ཀྱི་དོན། ཁྲུས་བྱེད། ཕྱེ་བཏག ཆང་སྦྱོར་བཟང་། ནད་བཏབ་འཚོ་དཀའ། གཞན་ངན་སྟེ་འབྲས་བུ་ངན་པའི་རིགས་སོ། ༈ །༡༩ཆུ་སྟོད་འདོད་ཆུ་ལྷ་ལྡན་ཡོན་པུརྦ་ཥ་དྷ། རྫི་བོའང་དཔྱད། ལོངས་སྤྱོད་སྦྱིན་པའི་སྐར་མ། བྲེ་འང་ཟེར། འབྲུ་སྣོད་བང་མཛོད་གཡང་ཤ་མར་ནས་ཀྱི་བླ་སྐར། ལྷ་གསོལ་གཡང་ལེན་ཚེ་ཆོག་གཉེན་བྱ་རྒྱལ་སར་འདོན་པ། ཡུར་བ་དྲང་། ཞིང་ལ་ཆུ་བླུགས། ཆར་འབེབས་སོགས་ཆུའི་ལས་དང་། སློང་བའི་དགོས་པ་སྦྱར་བར་བཟང་། བརྟན་པའི་དོན་འགྲུབ་ཀྱང་ཡིན། དྲག་ལས་ཀྱང་འགྲུབ། དེ་ལ་མེས་ཚིག་ན་འཚོ་དཀའ་འོ། ༈ །༢༠ཆུ་སྨད་ཁ་སྣ་ཚོགས་ལྷ་ལྡན། དྲག་དཔུང་ལྡན་བྱ་མཆུ་འང་། འབྲུ་ཡི་བླ་ཕུལ་ཨུཏྟ་རཱ་ཥ་དྷཱ། སྐར། ཁེ་བསོག་ནོར་ཕྱུགས་སྐྱོང་བའི་སྐར་མ་ལ་ཤིང་བསྐྱེད་རྫིང་འབྲུ་གཡང་ལེན། བག་མའི་ལས་དང་སྲིད་ཀྱི་བྱ་བ་བཟང་།


MR12_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྐར་ཀྱང་ཡིན། ཕྱུགས་གནས་གྲོང་དཔོན་ཚོང་དཔོན་བསྐོ་རྒྱལ་པོའི་དགོས་པ་རྣམས་བཟང་སྟེ་བརྟན་པའི་དོན་གྲུབ་ཡིན། གོས་དྲུབ་པར་བྱ། གྱོན་པར་མི་བྱ། བསྡུ་བསོག་མི་བྱ། ཁྱིམ་མི་ཕུབ། ཚབས་བཏབ་ན་འཚོ་དཀའ་འོ། །༈ ༢༡ གྲོ་བཞིན་སྲོག་མཁར་སྐུ་རྟེན་སྐར་མ་དབྱེ་སྐར། མཚོ་རྫིང་ཡུལ་བའི་བླ་སྐར། བོན་པོའི་བླ་སྐར་འདི་ལ་མཁར་ལས་ཆུ་ལས་གཡུལ་བསྐྲད་རོལ་མོ་བསླབ་པ་བཀླག་པ་རྣམས་མྱུར་དུ་འགྲུབ། ཞི་བའི་ལས་དང་རྣ་ཆ་གདགས་པ་རྒྱལ་པོར་དབང་བསྐུར་བ། བྲམ་ཟེའི་ལས། གཏོར་འཕྲོག་བྱེད། བོན་པོ། བྱ་སྦོ་ཟེར་བ་སྐང་ཆུང་ཡིན་པར་བཤད་བྱ་ཕོ་འང་། ཤྲ་བ་ཎ། མ་གཏོང་བ། དཔུང་ལ་ལྟ་བར་བཟང་། དེ་ལ་སྟོང་པ་མྱུར་དུ་རྙེད། ཟློས་སྐར་ཡིན་པའི་ཤིད་སོགས་སྤང་། ༈ ༢༡བྱི་བཞིན་ཤི་བསྡུར་བང་སོ་རྩིག་སྐར། ཚེ་འདས་གཤིན་གྱི་བླ་སྐར་ཡིན། འདི་ལ་ཚངས་པ་ལྷའི་མཆོད་པ་མི་བྱ། འདི་ཡང་བོན་པོའི་བླ་སྐར། གཤིན་ལས་ལ་བཟང་། ལ་ལར་ཤིད་མི་རུང་ཡང་ཟེར་དཔྱད། མྱུར་ལ་འགྱུར་བ་ཡིན་པས། གཞན་འགྲོ་ཚོང་སོགས་མི་བརྟན་བྱ་བ་བེའུ་འམ། བྱ་གཞུག །སྤུར། བཟང་། ༈ ༢༢མོན་གྲེ་གཡོ་ཞིང་མི་བརྟན་འགྱུར་བའི་སྐར་མ། རྟ་ཕྱུགས་བོང་བུ་ལུག་ནོར་བླ་སྐར། འགྲོན་སྐར་ཡིན། རྟ་ཕྱུགས་ཚུར་ལེན། མཆོད་པ། རིག་བྱེད་བཀླག་པ། ཁྲུས་བྱེད། རྒྱལ་པོར་དབང་བསྐུར། བྲམ་ཟེའི་ལས། ཚོང་དཔོན་བསྐོ་སོགས་བཟང་སྟོར་བརླག །སྒྲོག་སྟོད། ནམ་མཐོང་གོང་། ཐོབ་ལྡར་མ་ཟེར། ཐོས་མཆོག །ནོར་ལྡན། དྷ་ནིཥྛ། བཅིངས་སོགས་སླར་ཐོབ། ༈ ༢༣མོན་གྲུ་གཞི་བྱེས་ཡོངས་ལ་ཤིས་པའི་སྐར་མ། ཆུ་ལྷ་མོ། སྒྲོག་སྨད། ནམ་མཐོང་འོག་ཀྱང་ཟེར། གཡང་སྐར། རྟ་བོང་གི་བླ་སྐར། འགྲོན་སྐར། ཤིན་ཏུ་བརྟན་པའི་སྐར་མ་ཡིན།


MR12_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཞི་སྡོད་ཡུལ་འཛིན་སྡེ་འཛུགས་ཁེ་སྐྱེད་བྱེད་སོགས་བརྟན་ལས་བཟང་། རྒྱས་པའི་ལས་སྒྲུབ་པར་མཆོག སྨན་སྦྱོར། གྲགས་པའི་ལས་སྲིད་སྲུང་། ཟོང་དང་ཆང་འཚོང་ཆུ་འབྱིན། ཏིལ་སྲིན་འདེབས་པ། རྒྱལ་མཚོར་ཚོང་པ་ཆས་པ་བཟང་།རྒྱལ་པོའི་བཀའ་བསྩལ་པ་སྡིག་ལས། ཕོ་ཉ་བཏང་བ། སྒོ་སྲུང་དང་ཡི་གེ་པ་བསྐོ་བ། སྨན་བཏུབ། གཏོང་བ། གཏེར་བརྐོ་བརྫང་མི་བྱའོ། །གཏེར་བཞག་སྨན་བཟའ་བ་བཟང་། འགྲོན་སྐར་ཡིན། འགྲོན་སོགས་སྐྱིད་ཀྱང་འགོར་གཞི་བག་ཙམ་ཡོང་། སྟོར་བ་ཡུན་རིང་བཙལ་ན་རྙེད། ༈ ༢༤ཁྲུམས་སྟོད་ར་ཡི་ལྷ་མོ་གནས་མ། ཕྱེད་ཙེའང་། བྱམ་ཆུའང་དཔྱད། དངོས་གྲུབ་གཡང་གི་སྐར་མ། བནྡེ་དང་གཤིན་གྱི་བླ་སྐར་བརྟན་ཞིང་དོན་གྲུབ་ཡིན། གཉེན་སྦྱོར་ནོར་ཉོ་བྲན་བསྟེན་གཤིན་ལས་བཟང་། དྲག་པོའི་སྦྱོར་བའང་འགྲུབ། སྟོན་མོ་བྱེད་པར་ཅུང་མི་ལེགས། འདི་ལ་སྨས་པ་དང་རིམས་བཏབ་ན་ངན། ༈ ༢༥ཁྲུམས་སྦྲུལ་འཆིང་། ཨུཏཱ་ར། བྷ་དྲ་ས། ཟེའུ་བ་ལང་རྐང་ཁྲུམས་སྟོད་སྨད་སྤྱི་མིང་ཟེར། སྨད་གཤིན་སྐར་སྟེ། དྲག་ཤུལ་ཆེ། ནོར་རྒྱས་ཀྱི་རིགས་ཡིན་མྱུར་ལ་བཟང་། འདི་ལ་གཤིན་ཕྱོགས་ཀྱི་ལས་དང་དམག་ཇག་བརྩམ་པ་བཟང་། ཞི་ལས་ཚེ་རིང་རྒྱས་ལས་ཀྱང་བཟང་། ལྷོ་ཕྱོགས་སུ་འགྲོ་བ་སྤང་། གྲོགས་མི་བཙལ། དེ་ལ་སྐྱེས་ཚད་ལྟོ་སུམ་འགྱུར་ཆེ། འཇིགས་མེད་གྲགས་ལྡན་འོང་། ༈ ༢༦ནམ་གྲུ་བླ་མེད་བྱང་ཆུབ་བསྒྲུབ་ཤེས། རེ་བ་ཏི། བསོ་བའི་ལྷ་མོ། རྒྱས་བྱེད་སོགས་ཟེར། པའི་སྐར་མ། སྟག་ཤར་དྲྭ་མ་དང་། རྩིས་པའི་བླ་སྐར་ཕན་པ་བཀྲ་ཤིས་གྲུབ་པའི་སྐར་མ་ཡིན། འདི་ལ་རྣམ་དཀར་གྱི་ལས་དང་། ཆོས་འཆད་པ། གསེར་སོགས་རིན་པོ་ཆེ་དང་འབྲུ་བསྒྲུབ་པ། མཛོད་བཅའ་བ། རིགས་བརྒྱུད་སྤེལ་བ། ཆང་གི་ལས་


MR12_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ། རྒྱས་བྱེད་སོགས་ཟེར། བཟང་། དེ་དག་གཏོང་བའི་ལས་མི་བྱ། གཞན་ཡང་ལམ་གསར་གཏོད། ཆུ་བསྒྱུར། ཁང་པར་འཇུག་པ། མིག་སྨན་སྦྱར་བ། གོས་གསར་བགོ་བ། དབྱིག་བླང་བ་བཟང་། འཇམ་སྐར་ཡིན་པས་དམག་ཇག་མི་ཐེབས། བག་མ་བླངས་ན་སྲིད་མི་འཕེལ་སོགས་ཀྱི་ཕྱིར་སྤང་། ༈ ༠ཐ་སྐར་དགྲ་བོའི་ཡུལ་འཁོར་གཞོམ་པའི་སྐར་མ། དམག་དཔོན་སོགས་མཚོན་འཛིན་གོ་ཁྲབ་ཅན་གྱི་བླ་སྐར། རྐུན་པོ་དང་རྟ་ཡི་བླ་སྐར་ཡིན། དྲག་པོའི་ལས་བསྒྲུབ་པར་མཆོག །འདི་ལ་རྟ་ཡི་ལས་ཐམས་ཅད་དང་། ཤིང་རྟ་བྱ་བ། སྐྱེས་པ་བུད་མེད་དང་རྟ་སྦྱར་བ། བུ་ལོན་བྱ་བ། ས་གསལ་བའི་བུ་མོ། རྟ་ལྡན་མ། དབྱུག་གུ་གཅིག་མ། རྒོད་མ་ཅན། བོན་གདབ་པ། རྟ་གླང་འདུལ་བ། དགྲར་རྒོལ་བ། སྨན་སྦྱར་བ། སྨན་གཏོང་བ་བཟང་། ཤིད་ཀྱི་ལས་ལ་བཟང་སྟེ་ཆོད་ཀྱང་ཡིན། ༈ ༡བྲ་ཉེ་བདུད་ཀྱི་སྒྱེད་པོ་སུམ་ཚོམ། དྲག་སྐར། དམེ་སྐར། ཤན་པ་ལག་དམར་དང་ར་ཡི་བླ་སྐར་སྟེ། སྤྱིར་འབྲས་བུ་ངན་པ་ཡིན་པས་སྒྱེད་པོ་དང་རང་འཐག་འཛུགས་པ་དྲག་ལས་དང་བྲན་བསྐོར་བ། བྲན་དང་གླ་པ་ཚོལ་བ་མ་གཏོགས་གསོན་གཤིན་གྱི་བྱ་བ་གང་ཡང་ངན། འདི་ལ་གཤིན་རྗེ་མོ། སྒེག་མོ། སྐྱེས་པ་སྡིག་པར་སྤྱོད། སྨས་དང་ནད་བཏབ་འཚོ་དཀའ་སྡུག་བསྔལ་འགྱུར། གཞན་དུ་འགྲོ་སོགས་སྤང་། ཆུང་མ་ལེན་རུང་ཡང་གསུངས། རྒྱུ་སྐར་འདི་ཡི་ལྷ་གཤིན་རྗེ་ཡིན་པས་ཤི་བའི་ཕྱིར་ཟས་སྦྱིན་པ་སོགས་ལ་བཟང་། མནན་པ་བྱས་ན་ཐེབ་ཅིང་མི་ལྡོག་གོ ། ༈ ཕྱོགས་བསྡེབས་སྐར་འབྲས་ནི། མི་བརྟན་༧འགྱུར་༡༢བ་༢༦བཞིར་༠ ཆོས་འཆད་རང་དོན་སོགས་མྱུར་བསྒྲུབ་བཟང་། རབ་༣ཏུ་༡༡ བརྟེན་༢༣པ་བཞིར་༢༠ཡུལ་འཛིན་


MR12_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བསྐོ་སོགས་བརྟན་བྱ་བཟང་། མྱུར་༤ ལ་༢༣བཟང་༡༦ བ་༢༥བཞིར་རྒྱན་རྩེད་སོགས་མྱུར་ལས་བྱ། འབྲས་༥བུ་༨ངན་༡༧པ་༡༨བཞིར་གསོད་འཇོམས་ངན་སྤྱོད་བྱ། མྱུར་༦ལ་༡༤འགྱུར་༢༡བ་ལྔར་༢༡གཞན་༢༢བགྲོད་ཚོང་སོགས་བརྟན་མིན་བྱ་བ་བཟང་། བརྟན་༡ པ་༡༠ དོན་༡༩གྲུབ་བཞིར་༢༤བྲ་ཉེ་དང་ལྔ་བྱེད་ཀྱང་མི་འཐད་གསུངས། གཉེན་སྦྱོར་ཕྱུག་ཉོ་འཁོར་བསྟེན་བཟང་། བཏང་སྙོམས་བྱེད་༢པ་གཉིས་༡༥ལ་ཅི་བྱས་བཏང་སྙོམས། རིན་ཆེན་བཟོ་དང་སྦྱིན་སྲེག་བྱ་བ་བཟང་། དྲག་པོའི་རྒྱུ་སྐར་འབྲས་ངན་བཞི་སྟེ། བྲ་ཉེ་བསྣན་པའོ། །འོག་༡༡ཏུ་ཁྲོམ་བརྩིས་ཀྱི་ཕྱོགས་ལྡེབ་ཀྱང་ཡོད། ལྔར་མནན་སྲེག་བྱས་ན་སླར་མི་ལྡོག་གསུངས།༈ གཟའ་ནི། གང་ཚེས་དེ་དར་བུ་ཡང་དར། །མ་ཞུད་དགྲ་གྱོད་གྲོགས་ནི་གུད། །དར་བ་རབ་ལ་ཞུད་པ་འབྲིང་། །གྱོད་ངན་གུད་པ་ཤིན་ཏུ་ངན། །སྐར་མ་ལ། ཉ་སྐར་དར་ཞིང་སྟོང་སྐར་གྱོད། །གཞན་མ་རྣམས་ནི་གུད་པའོ། །སྨིན་དྲུག་ལ་སོགས་ཤར་སྐར་ཉ། །ཤར་སྐར་དར་ལ་ལྷོ་བྱང་གུད། །ནུབ་སྐར་གྱོད་སོགས་དེ་ལྟར་བརྩི། །རྒྱུད་བསྟན་འཆི་མེད་འགྲུབ་སྦྱོར་བདུན། །ཉི་མ་༡མེ་༡༢བཞི་ཟླ་༢གྲོ་༢༡བཞིན། །མིག་དམར་༣དབྱུག་པ་༠ ལྷག་༧ལྷ་༡༦མཚམས། །ཕུར་བུ་༥ རྒྱལ་༧དང་སངས་༦ནམ་༢༦གྲུ། །སྤེན་པ་༠སྣར་མ་༣འགྲུབ་སྦྱོར་ཏེ། །འདི་དག་ཕུན་ཚོགས་དུས་སྦྱོར་ཡིན། །དེ་བཞིན་བདུད་ཉི་འཆི་སྦྱོར་སོགས། །རྒྱུད་ལས་བསྟན་པ་གཞན་དུ་ཤེས། །༈ དུས་འཁོར་རྡོར་གཙུག་ཟླ་གསང་གི། རྒྱུད་མཐུན་འཕྲོད་སྦྱོར་ངན་པ་ནི། །ཉི་༡མ་ལག་༡༦སོར་རྩེ་ནས་ཟད། །ཟླ་༢བ་རྒྱལ་༧གྱི་ས་ནས་ལྷུང་། །མིག་༣དམར་སྒྲོག་གི་སྨད་༢༣ ཀྱིས་བཅིངས། །ལྷག་༤ པ་དབྱུག་༠པས་དྲག་ཏུ་བརྡུང་། །ཕུར་༥བུ་མགོ་༤ཡི་དཀྱིལ་དུ་བཏབ། །པ་༦སངས་ཝ་༨ཡིས་སྨ་ཕབ་བྱས། །སྤེན་༠པའི་ཕུང་པོ་མེ་༡༢བཞིས་བསྲེགས། །འདི་དུས་གང་བྱས་འཇིགས་པ་དང་། །མི་མཐུན་བདུད་ཀྱི་ཉི་མར་འགྱུར། །


MR12_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཐབས་བྱ་བའི་ལས་ལ་བཟང་། །དགེ་ལས་བྱ་བ་ཐམས་ཅད་སྤང་། །ཉི་མ་༡སྣུབ་༡༨དང་ལྷན་ཅིག་རྩེ། །ཟླ་བ་༢ཝ་༨དང་ལྷན་ཅིག་དགའ། །མིག་དམར་༣ཁྲུམས་སྨད་༢༥དག་དང་འཛོམས། །གཟའ་ལྷག་༤སྨིན་དྲུག་༢མཆོག་ཏུ་འདུམ། །ཕུར་བུ་༥དབོ་དང་༡༡ལྡན་པ་དང་། །པ་སངས་༦རྟ་ཆུང་༡༠ ལྷན་ཅིག་འཛོམས། །སྤེན་པ་༠གྲོ་བཞིན་༢༡འཛོམས་པའི་ཚེ། །འཕྲོད་སོགས་བཞིན་ན་ངན་ཡང་རུང་། །གཟའ་སྐར་ངོ་བོའི་འཕྲོད་སྦྱོར་ནི། །མཐུན་ཞིང་བཀྲ་ཤིས་སྦྱོར་བར་འགྱུར། །དེ་ཕྱིར་བྱ་བ་འགྲུབ་པར་བལྟ། །འཕྲོད་སྦྱོར་མི་འདྲ་མང་ཡོད་ཀྱི། །འདི་གཉིས་ཀུན་མཐུན་སྤང་བླང་བྱ། །དེ་སྟེང་རྒྱུད་ཀྱི་འགྲུབ་སྦྱོར་བདུན། །ཙམ་ཞིག་བརྩིས་ན་ལེགས་པར་མངོན། །འདི་ཡང་མི་ཕམ་རང་ལུགས་ཉིད། ༈ །ཉི་མ་༡སྨིན་དྲུག་༢གནམ་སྒོ་འཛོམས། །དེ་ཡང་བདུད་ཀྱི་ཉི་མ་ཡིན། །བུ་ཁྱིམ་ཕོག་པའི་བདུད་ཉི་སྟེ། །གཞན་མ་ཀུན་ལ་དེ་མི་གནོད། །ཞེས་འདུག དེ་བཞིན་ཟླ་༢བ་༡བྲ་ཉེ་ཇག་པའི་དང་། གཉེན་ཚོལ་བདུད་ཉི་དང་། ཟླ་བས་༢ལྕགས་ཀྱི་བྱ་ཁྲ་༡༡ཞོན། །མོ་བཙུན་བདུད་ཀྱི་ཉི་མར་བཤད། །མིག་དམར་༣ལག་༩ན་སཏྭ་རེ་ཐོགས། །དམག་དཔོན་བདུད་ཉི།ལས་ཀ་བསྐོ་བའི་བདུད་ཉིའང་ཟེར། ལྷག་༤པའི་ལག་༡༩ན་བྲེ་སྟོང་ཐོགས། །ནས་འཇལ་བདུད་ཀྱི་ཉི་མ་ཡིན། །ཡང་ལྷག་༤པས་ལག་༥པ་ཁ་རུ་བཙུད། །གཡུལ་འཁྲུགས་བདུད་ཀྱི་ཉི་མ་ཡིན། །ཞེས་ཀྱང་བཤད། ཕུར་བུ་༥མགོ་༤ཡི་དཀྱིལ་དུ་བཏབ། །བན་བོན་བདུད་ཀྱི་ཉི་མ་ཡིན། །ཡང་། མདོས་བཟློག་བདུད་ཉིར་བཤད། པ་སངས་༦ རྒྱལ་༧གྱི་རུམ་དུ་གཉིད། །ཆེ་བཙན་བདུད་ཀྱི་ཉི་མ་ཡིན། །ཡང་དེ་བག་མའི་བདུད་ཉིར་བཤད། །སྤེན་༠པ་སྒྲོག་༢༣གི་སྨད་ཀྱིས་བཅིངས། །གཡོག་འཁོར་བཀོལ་བའམ་རྟ་ཚོང་བདུད་ཉིར་བཤད། ༈ ཡང་དམིགས་


MR12_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ། །བྱ་བ་ཐམས་ཅད་བཟང་ན་ཡང་། །ཁང་པ་ཕུབ་ན་ཁྱིམ་དེ་ཕུང་། །དེ་བཞིན་ཟླ་གྲོ་དམག་ཇག་ཁ་ཉེས་འོང་། །དམར་དབྱུང་ཕྱུག་པོའི་ནོར་བཏང་གཡང་ར་བསྟོད། །ལྷག་ལྷ་ལྷག་པ་གཟའ་ཡི་གནམ་ཁྱི་འང་ཡིན་ནོ། །བག་བླང་ཁྱོ་སྔོན་འཆི། །རྒྱལ་ཕུར་ཤིད་བྱས་གཡང་ཁ་འགྲམ། །སངས་ནམ་ལ་བག་མ་བླང་ན། །ནམ་གྲུ་བུ་མོ་ཁྲག་སྐམ་མ། །བག་མ་བླང་ན་བུ་མི་འབྱུང་། །ཞེས་དང་། སྤེན་སྣར་བུ་ཚ་མི་ཡུལ་བཏང་ན་རང་ཡུལ་མི་ལྡོག་ཞེས་བཤད། ༧ ཡང་། ཉི་མ་གནམ་སྒོ་དར་ཡང་ཤིད་མི་བྱ། །ཟླ་བ་ཀླུ་སྒོ་དར་ཡང་ཧོམ་མི་སྤར། །དམག་དཔོན་གྲི་གཟའ་དར་ཡང་གྲི་མི་འདུལ། །ལྷག་པར་བས་ཆད་དར་ཡང་དུར་མི་གདབ། །ཕུར་བུ་ཤིད་གཟའ་དར་ཡང་ཟོར་མི་འཕེན། །པ་སངས་ཕྱུག་གཟའ་དར་ཡང་ཕྱུག་མི་སྐྱེལ། །སྤེན་པ་གཡང་གཟའ་དར་ཡང་ནོར་མི་གཏོད། །ཞེས་བཤད། ༧ དགོངས་འདུས་སྐར་མཛོད་ལས། བརྡ་རིས་སུམ་ཅུའི་ལྡན་འབྲས་བཟང་ངན་ནི། །ཟླ་དུས་གཟའ་ཚེས་རྟེན་འབྲེལ་སྐར་མ་དང་། །ཚེས་ཀྱི་ལྷ་མོ་ཉི་མའི་བྱེད་པ་དང་། །དྲང་སྲོང་འབྱུང་པོའི་སྐྱེ་འབྲི་ས་བདག་དང་། །སྟེང་འོག་བར་གསུམ་སྡེ་བརྒྱད་འབྱུང་འཇུག་སྟེ། །ཕྱི་ནང་བྱེད་པ་ཐམས་ཅད་གོ་བསྟུན་ཞིང་། །བསྡོམས་ཏེ་ལྡན་འབྲས་གཏན་ལ་ཕབ་པའོ། །ནོར་བུ་དངོས་གྲུབ་ཀུན་འབྱུང་ཡིད་སྨོན་འགྲུབ། །གཡུང་དྲུང་ཚེ་སོགས་བརྟན་པའི་བྱ་བར་ཤིས། །རྡོ་རྗེ་ལས་ནི་ཡོན་ཏན་བདེ་ལེགས་འབྱུང་། །དཔག་བསམ་ལྗོན་པས་འདོད་ཡོན་རྒྱས་པར་བྱེད། །དུང་གི་ཆོས་ཀྱིས་སྒྲ་གྲགས་འཐོབ་པར་འགྱུར། །པདྨ་དཀར་པོས་རིག་བྱེད་བརྩོན་པར་འོས། །རི་རབ་ལྷུན་པོས་བརྟན་པའི་བྱ་བ་མཆོག །རྒྱ་མཚོ་འཁྱིལ་བས་དངོས་


MR12_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འབྱུང་བར་བྱེད། ༠ །ཐིག་ལེ་དཀར་པོས་བསོད་ནམས་བསག་ལས་རུང་། །གློག་གི་ཞགས་པས་མྱུར་མགྱོགས་ལས་གང་མཆོག །ཅང་ཏེ་འུས་ནི་མཆོད་སོགས་བཀུར་བར་འོས། །སྟོང་རས་དབེན་པའི་གནས་འཛིན་བསམ་གཏན་འཕེལ། །ཕུར་པ་ནག་པོས་མནན་གཏད་བསྒྲལ་ལས་འགྲུབ། །ཁྲམ་ལ་འབྱུང་པོ་བསྐྲད་སོགས་བསྒྲལ་ལས་བརྩམ། །མིག་གིས་ལྟད་མོ་ཁྲོམ་བསྐོར་ཉོ་ཚོང་བྱ། །རལ་གྲིས་ཕ་རོལ་འཇོམས་སོགས་རྒོལ་བར་འོས། །ཐོག་གིས་རྩུབ་ཟོར་ལ་སོགས་མྱུར་ལས་འབད། །ཐོ་བས་མཁར་བཤིག་བརྡུང་སོགས་ཕ་རོལ་འཇོམས། །གྲུ་གསུམ་མེ་འབར་བསྲེག་ཆོག་མནན་ཟོར་བརྡེག །ནག་པོ་གྲུ་གསུམ་བསད་པའི་ལས་རྣམས་བསྔགས། །ཧོམ་ཁུང་སུམ་བརྩེགས་དྲག་ལས་མཐའ་དག་བྱ། །ཞགས་པ་ནག་པོས་མནན་པའི་ལས་གང་འགྲུབ། །ཕྲེང་བ་ནག་པོས་དྲག་སྔགས་ལས་ལ་འཇུག །དབྱུག་ནག་ལ་ནི་བྱེས་ཀྱི་བྱ་བ་སྤང་། །གླིང་ཁྲས་གཞི་ཡི་བྱ་བ་གང་ཡང་བཤོལ། །མེ་ཏོག་ནག་པོས་སོ་ནམས་བྱ་བ་བཤོལ། །མེར་པོ་གྲོགས་རྙེད་བཟའ་བཏུང་ཚོལ་སོགས་བཞག །བུམ་པ་ནག་པོ་སེ་ཞིག་བྱུར་གྱི་རྫོགས། །ཐིག་ལེ་ནག་པོས་མི་དགེའི་བྱ་བྱེད་བརྩོན། །གང་ཡང་མི་རུང་ཐིག་ལེ་ནག་པོ་དགུ། །དེ་ལྟར་ལྡན་འབྲས་བཟང་ངན་བྱེད་བྲག་རྣམས། །སྤང་བླང་ཤེས་པས་གང་ལ་གང་འོས་སྦྱར། །ཅི་སྟེ་ངན་ལས་བསྒྱུར་བ་མ་འཛོམ་མམ། །སྟབས་གའི་དབང་གིས་ངན་ལ་ཕོག་གྱུར་ན། །ཤེས་རབ་སྙིང་པོ་གཙུག་ཏོར་སྣང་བརྒྱད་དང་། །རྣམ་འཇོམས་སྡོང་པོ་བརྒྱན་དང་


MR12_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གཟུངས། །གང་འཛོམ་བཟླས་ཤིང་གཏོར་མ་ཡང་ཡང་བཏང་། །དཀོན་མཆོག་མཆོད་སོགས་རྣམས་ཀྱིས་འཆོས་པར་འགྱུར། །ས་མ་ཡ༔ སྐྲ་བཞར་བ་ལ། ཚེ་ཐུང་། ༡ ཁ་མཆུ་འོང་། ༢ ཕྱུག༣ ༥མལ་འཆོར། ༤ མདངས་ཡལ། ༦ ཁ་མཆུ་ཕམ། ༧ ཚེ་རིང་། ༨ན་ཆུང་མོད།༩ དབང་ཐང་ཆེ། ༡༠ བློ་རྣོ། ༡༡ ངན། ༡༢ བཟང་ཐོབ། ༡༣ ཕྱུག་༡༤པོ་འོང་། ༡༥ ནད་འོང་། ༡༦ ཤ་རྩི་སྔོ་དང་གདོན་གནོད། ༡༧ ནོར་སྟོར་ངན། ༡༨ བཟང་གྲོགས་འཕྲད། ༡༩ ལྟོག་པ་འོང་། ༢༠ ནད་འོང་། ༢༡ ཟས་སྐོམ་༢༢རྙེད། ༢༣ དལ་ཡམས་འོང་། ༢༤ མིག་ཆོག༢༥ །རྟག་ཏུ་༢༦སྐྱིད། ༢༧ འཐབ་མོ་འོང་། ༢༨ བླ་འཁྱམས། ༢༩ གཤིན་དང་འཕྲད། ༣༠ ལི་ཁེན་ཚེས་འཆར་ངན། བརྒྱད་དཀར་ཁྲུས་བྱེད་བཟང་། གཟའ་ཟླ་ལྷག་སངས་གསུམ་བཟང་། གཞན་ངན། སྐར་མ་༡༣༤༣ ༩༡༣༥ ༢༡༧༢ ༧༥༢༡ ༢༢ འདི་རྣམས་བཟང་། ༣༡༢ ༧༠ ༢༡༣༢༥ ༢༤ འདི་རྣམས་ངན། ཉི་མ་སྤྲེལ་ངན་ཁྱི་གླང་བཟང་ཞེས་སོ། ༧ །བྱང་ཆུབ་སེམས་དཔའ་བཟོ་སྐར་ལ། མེས་ཚིག༢ཕྱིན་ཆད་མང་རྙེད། ༣མི་ཁ་གཟན། ༤ཕྱིན་ཆད་མི་རྙེད། ༥འབྲིང་། ༦བཟང་། ༧སྟོར་བར་འགྱུར་༨ཟས་བཙལ་རྙེད་ཀྱང་། འཆི། ༩གོས་མ་ཟད་གོང་དུ། དགྲས་འཁྱེར། ༡༠ཁ་སྨྲ་འོང་། ༡༡དྲི་ཞིམ་ཁ་དོག་སྡུག༡༢བཀྲ་ཤིས་བསམ་ཚད་འགྲུབ། ༡༣ སྐྱིད་ཀྱི་གླུ་གར་ལེན། ༡༤ སྒོ་བཟང་འགྱུར་ལྡོག་མེད། ༡༥ ཕྱིན་ཆད་མང་དུ་རྙེད། ༡༦ གོས་དེ་གྲུབ་སྟོང་པའང་པར་འགྱུར། ༡༧རོ་གོས་འཆིའམ་ནད་འོང་། བྱེད། ༡༨ ནད་དགེ་ཡང་ཟེར། འོང་། ༡༩ ལེགས་དགུ་འབྱུང་། ༢༠ ཆུ་ནད་ལེགས་ཀྱང་། འཆི། ༢༡འབྲིང་ཙམ། ༢༡ཤིན་ཏུ་ངན་༢༢བཟང་ཡང་། ཆུའི་ནང་འཆི། ༢༣བཟང་། ༢༤དགེ་རིན་ཐང་ཆེར། ཡིད་དུ་འོང་། འབྲིང་། ༢༥༢༦འདི་གཉིས་༠གོས་དེ་མ་ཟད་པར་དུ་མི་དེ་དགྲ་དང་འཕྲད། ༢༦ཚེ་ཐུང་། ༠ ཕྱི་ལ་རྙེད།


MR12_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་མཐར་ཐུག་ཞེས་སོ། །ཅེས། ཉི་མར་གོས་དྲས་དགེ ཟླ་བར་ཆུས་བང་མེས་འཚིག མིག་དམར་མི་དགེ ལྷག་པར་ཟས་རྙེད། ཕུར་བུ་དགེ པ་སངས་ཚེ་འཕེལ། སྤེན་པར་ནད་ཀྱིས་འཛིན། དྲ་གྱོན་རྒྱན་འདོགས་གང་ལ་ཡང་ལྷག་ཕུར་སངས་གསུམ་བཟང་། གཞན་བཞི་ངན། སྐར་མ་༣༦༧༩ ༡༡ ༣༤ ༡༡ ༥༦ ༢༢ ༢༥༢༡༠༢༡འདི་རྣམས་བཟང་། ནམ་གྲུ་གྱོན་བཟང་དེ་ལྷག་ངན། ཚེས་བརྒྱད་དང་སྤྲེལ་ཉིར། དྲ་གྱོན་གཉིས་ངན། རྒྱན་འདོགས་དམར་སྤེན་ངན། གཞན་བཟང་།བྲ་ཉེ་དབྱུག་པ་སྐག་མོན་གྲུ་ངན། སྣང་རྟ་ཆེན་ས་རི་ས་ག་ཁྲུམས་སྟོད་རྣམས་བཏང་སྙོམས་སྟེ་བཟང་ངན་བཤད་མི་འདུག དེ་མིན་ཐམས་ཅད་བཟང་བཤད་འདུག མདོ་ལས་རྒྱལ་བུ་དོན་གྲུབ་ལ་སྐར་མ་ནག་པར་བབ་དུས་རྒྱན་བཏགས་ཞེས་འདུག་གོ །༈ ཆགས་མེད་གནའ་གཏམ་ལས། བྱི་ཉིར་མོ་བཏབ་མི་ཐིག བང་མཛོད་བཅའ་ན་བཟང་། གླང་ཉིར་ཚོང་བྱས་སྟོར་བརླག་རྐུན་མ་འོང་། ཆུང་མ་ལེན་བཟང་། སྟག་ལ་ལྷ་གསོལ་གྲིར་འཆི་སེར་བ་འབབ། དམག་འདྲེན་ན་བཟང་། ཡོས་ཉིར་ཞིང་བཏབ་སད་སོགས་མི་དགེ་འོང་། རྒྱལ་ས་བཟུང་ན་ལེགས། འབྲུག་ཉིར་ཟམ་པ་བཙུགས་ན་འདྲེ་རྒྱུ་ཞིང་མི་ཤིས། ལྷ་གསོལ་བཟང་། སྦྲུལ་ཉིར་ཤིང་བཅད་ན་ཀླུའི་ལུས་སྣས་བས་རང་ལ་ན་ཚ་འོང་། ཀླུ་མཆོད་པར་བཟང་། རྟ་ཉིར་ཐོག་ཕུབ་རང་དེར་སྡོད་མི་གྲུ། གྲོགས་བཙལ་བཟང་། ལུག་ཉིར་སྨོན་སྦྱར་ཕན་མེད་ནད་བསྐྱེད། ལུག་རྫི་བཞག་ན་བཟང་། སྤྲེལ་ཉིར་གོས་བཙེམ་གོས་མ་ཟད་གོང་དུ་འཆི། ཤིང་འཛུགས་པ་བཟང་། བྱ་ཉིར་མགྲོན་མི་འབོད་ལ་བ་གླེང་མང་པོ་འབྱུང་། སྨན་དཔྱད་བྱ་བར་བཟང་། ཁྱི་ཉིར་དོན་བསྒྲུབ་མི་འདོད་སྣ་དགུ་


MR12_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། རི་དྭགས་བཤོར་ན་བཟང་། ཕག་ཉིར་ས་རྡོ་ལྷོག་ན་རླུང་རྟ་ཉམས་ས་བདག་གནོད། ཆར་འབེབས་སྟོན་མོ་བཟང་། ཞེས་སོ། །དུས་ཆེན་ཡོང ས་གྲགས། མཆུ་ཟླའི་༡གཅིག་ནས་བཅོ་ལྔ་བར་ཆོ་འཕྲུལ། ནག་༣ཟླའི་བཅོ་ལྔ་དུས་འཁོར་གསུང་། ས་ག་༤ཟླ་བའི་བཅོ་ལྔར་སྐུ་བལྟམས། སངས་རྒྱས། མྱང་འདས་གསུམ་འཛོམ། ཆུ་སྟོད་༦ཟླ་བའི་ཚེས་བཞིར་ཆོས་འཁོར་བསྐོར་བ། དགུ་པ་དབྱུག་ཟླའི་བཅོ་ལྔ་ཟེར་ཡང་ཉེར་གཉིས་ལྷ་བབ་ཀྱི་དུས་ཆེན་ནོ། ༧ །རད་གླིང་གིས་ཉི་ལོག་རྒྱལ་ཟླའི་ཚེས་གཅིག་ནས་ཉ་བར་ཆོ་འཕྲུལ་དེའི་ཉ་ནས་ཞག་དྲུག་ཅུ་འདས་པ། ཡང་ཕྱིའི་ཉ་༢གཅིག་པོ་བྱང་ཆུབ་པ། དེ་ནས་ཞག་ཞེ་དགུ་འདས་༤པ་ཚེས་ལྔ་སྐར་མ་རྒྱལ་འཛོམས་ཆོས་འཁོར། དེ་ནས་ཞག་བརྒྱ་ཐམ་པ་འདས་པ། བདུན་པའི་བཅོ་ལྔ་ཉིན་༡༥གཅིག་ལྷ་བབ་དུས་ཞེས་གསུངས། སངས་རྒྱས་མཛད་པ་འཁྲུལ་མེད་གཏེར་ཞེས་པར་ཆོ་འཕྲུལ་རྒྱལ་ཟླའི་དཀར་ཕྱོགས་ལ་ངོས་བཟུང་སྣང་། དུས་ཆེན་རྣམས་ལ་དགེ་བར་འགྱུར་ཁྱད་ཆེ་བས་སངས་རྒྱས་མཆོད་སོགས་བྱའོ། ༧ །ཉི་སྣང་ལས། མིག་དམར་ཞིང་ལུག་སྡིག་སྟེ། དེར་དེ་ཞུགས་དུས་དགུག་པ་དང་དྲག་ལས་འགྲུབ།ལྷག་པ་འཁྲིག་དད་བུ་མོར་ཞུགས་དུས་རྒྱས་ལས་འགྲུབ། ཕུར་བུ་གཞུ་ཀར་བསྐྲད་པ། པ་སངས་གླང་སྲང་དབང་ལ་བསྔགས། སྤེན་པ་ཆུ་སྲིན་བུམ་ཞུགས། བསད་པ། མཇུག་རིང་ཀརྚར། རིངས་རྨང་། ཉི་མ་སེང་ཁྱིམ། ཟླ་བའི་ཞིང་། ཀརྚའོ། ༧ །རང་སྐྱེས་ཁྱིམ་ནི། དཔེར་ན། ༡ཀར་༦༤༥ ༢ལུག་༠༠༣ སེང་༣༩༠༤ སྡིག་༡༣༦༠༥ བུ་མོ་༡༠༢༦འཁྲིག་༦༠༠གཞུ་༡༠༨ ༠གཞུ་༣༤ ༠༥མཇུག་རིང་། སྒྲ་༡༣ ༣༡བུ་མོ། ༣དུས་༦༦༠ །༧ གཟའ་བརྒྱད་རང་ཁྱིམ་རང་ཞིང་ན་ཞུགས་དུས་ལས་མཐུན་འབྲས་བུ་འབྱུང་། གཟའ་གཞན་ཞུགས་ན་འབྲས་བུ་ཕྱོགས་མཐུན་ལས་མི་སྟོན། མིག་དམར་ལྷག་


MR12_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་དགྲ། ཕུར་སངས་དགྲ། སྤེན་མཇུག་རིང་ཉི་ཟླ་གཉིས་པོ་དང་དངོས་ཀྱི་འཐབས་དགྲ་མེད་ཀྱང་། ཟླ་ཞིང་སྤེན་པ་ཞུགས་ན་ཟླ་བའི་རིགས་མཇུག་རིང་འདིས་རྩོད། ཉི་ཞིང་མཇུག་རིང་ཞུགས་ན་དེའི་རིགས་སྤེན་པས་རྩོད།གཟའ་རང་རང་གི་ཞིང་དང་ཁྱིམ་ལ་དགྲ་ཟླ་ཞུགས་དུས་སོ་སོ་རང་གིས་རྩོད་པར་བྱེད་ཀྱི་གཞན་དུ་མི་རྩོད་ཞེས་གསུངས། ༧ དུས་སྦྱོར་ལུག་ཀར་སྲང་ཆུ་བཞི་གཡོ་བ་སྟེ་དེ་དུས་མྱུར་ལས་བྱ། གླང་སེང་སྡིག་བུམ་བརྟན་པ་སྟེ། མཆོད་རྟེན་བརྩིགས་སོགས་བརྟན་ལས་བྱ། འཁྲིག་བུ་མོ་གཞུ་ཉ་བཞི་བར་གཡོ་བརྟན་གཉིས་ཀ་ཅན་ཏེ། མ་སྟེ། ལམ་འཇུག་སོགས་བཟང་། ལམ་འཇུག་དུས་གར་འགྲོའི་ཕྱོགས་དེར་ཐལ་སྦྱར། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་རྒྱུ་སྐར་ཡུད་ཙམ་གྱི་བདག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ནཀྵ་ཏྲེ་ནཀྵ་སརྦ་ཏི་ཐི་མཱུ་རྟི་ནཀྵ་ཏྲ་ན་མ་ས་དུནྟེ་ཧི་བྷ་ཝནྟུ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་དོན་འགྲུབ་བོ། །གཞན་ཡང་རྟག་ཏུ་བཟང་བའི་སྙིང་པོ་འདི་བཟླ། ན་མོ་རཏྣ་ཏྲ་ཡཱ་ཡ།ན་མས་ས་ཧ་རཱ་ཛེ་བྷྱོ་དེ་ཝ་སུ་ཏ་ས་ཧུ་ཏ་ན་ཏ་རེ་སུ་ཏི་ནི་སྭཱ་ཧཱ། བཟླས་པས་གར་འགྲོ་ན་ཡང་དགེ་ཞེས་ཉི་སྣང་ལས་སོ། །ལམ་མཇུག་དུས་ཡི་གེའི་རྟེན་འབྲེལ་ཡོད་དོ། ༧ །བིཥྚེ་ས་གནོད་ན། ཕོ་ཤིང་དབྱུག་ཐོའི་རྣམ་པ་ལ། མོ་ཤིང་རྩ་རྩེ་མ་ལོག་པའི་ཡུ་བ་བྱས། དབྱུག་ཐོའི་ཕྱོགས་བཞིར་ཤར་ནས་བརྩམས་སྟེ་རིམ་བཞིན། བོང་བུའི་རྒྱབ་ཏུ་རྩེ་གསུམ། སེང་གེའི་རྒྱབ་ཏུ་རལ་གྲི། སྟག་གི་རྒྱབ་ཏུ་འཕང་མདུང་། ཁྭ་ཏའི་རྒྱབ་ཏུ་གཡུང་དྲུང་བྲིས། མགོ་བོའི་ཕྱོགས་མཚམས་བརྒྱད་དུ་ཤར་ནས་བརྩམ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་བྲི། ཟུར་བཞིར་སྦྲུལ་ནག་


MR12_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་རྒྱུག་བྲི། དབྱུག་ཐོའི་མགོར་རིང་བསྲེལ་གཞུགས་པས་ཚེས་སོགས་བིཥྚིའི་གནོད་པ་སྲུང་གསུངས། བུམ་སྟོང་ཉེས་སྲུང་རིན་ཆེན་བུམ་པ་གཉིས་བྱས་ལ་འབྲུ་སྣ་རིན་ཆེན་སྣ་ཚོགས་བླུག །སྲོག་གའམ་ཤོག་གུར། ཨོཾ་བཛྲ་སཱུརྱ་ཙནྡྲ་མངྒ་ལཾ་བུདྡྷ་པྲྀ་ཧ་སྤ་ཏི་ཤུ་དྲ་ན་མ་ཤྩ་རཱ་ཡ་མ་མ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བྲིས་སྒྲིལ་བུམ་ནང་གཞུག །གཅིག་བུམ་སྟོང་ཕྱོགས་སུ་བཞག །གཅིག་བསྲུང་བྱའི་མགུལ་དུ་བཏགས། ཡང་ན་ཕྱོགས་དེར་བཞག་ཀྱང་རུང་། དེ་ཡིས་བསམ་དོན་འགྲུབ། འདིར་ཟླ་ལྷག་ཕུར་སངས་གི་མནྟྲ་གཞུག་གསུང་ཡང་། འདིར་གཟའ་བདུན་སྔགས་ཡོད་འདུག །ཡང་ན་རིན་ཆེན་བུམ་པའི་ནང་འབྲུ་སྨན་རིན་ཆེན་སྣ་ལྔ་དང་ཆང་གིས་བཀང་། རྨ་བྱའི་སྒྲོས་ཁ་བརྒྱན་ཏེ་བུམ་སྟོང་ཕྱོགས་བཞག་པས་ཐུབ། ཉི་སྣང་ལས་སོ། ༧ །ཉི་སྤར་ཚེས་ཀྱི་ས་བདག་ངན་པ་བཟློག་ཐབས་ཀྱི་སྔགས་བཟླ་བ་རང་འཇམ་དཔལ་དུ་བསྒོམ། ཡང་ན་ཡི་དམ་གང་རུང་དུའོ། །ཀོན་ཁམ་ཡང་ཡང་ཤིང་ཀོམ། ཨོཾ་ས་ཏོ་བྱེད་སྭཱ་ཧཱ། བཟློག་བཟློག་ཞེས་པ་བརྒྱ་སྟོང་བཟླས་རྗེས་སྣང་བརྒྱད་སྙིང་པོ་བརྒྱ་སྟོང་བཟླ། དེ་ཡིས་མི་བཟློག་གང་ཡང་མེད།སྲུང་བ་ཉེས་སེལ་འཁོར་ལོ་རྒྱས་བསྡུས་འཆང་བ། སྒྲིབ་ཤིང་སོ་སོའི་འོ། །ཉི་སྣང་ལས་སོ། །སྤྱིར་ལྷ་སྐུ་སྒོམ་སྟོང་ཉིད་དང་གནས་པས་སོ། ༧ །ཞག་དུས་ས་བདག་སྒྲིབ་ཐབས་སྔར་གྱི་འཁོར་ལོ་རུས་སྦལ་ཁོག་པར་བཅུག་པ་དང་ལྷན་ཅིག སྦ་ལྕག་ཚིགས་གསུམ་པ། སེང་ལྡེང་ཕུར་བུ། རྨ་བྱའི་མདངས་བཅས་བཅང་བར་བྱས་ན། ནམ་མཁའ་སྟོང་པ་འདྲ་བར་མཐོང་གསུངས་ཉི་སྣང་ལས་སོ། །དགེའོ། ༧ །ཉི་སྣང་ལས། ཁྲོམ་རྩིས་ལེའུ་ལས། སྐར་༡༣མ་༢༡གྲོ་འདི་རྣམས་༡ ལ་༩རྒྱལ་ས་ཆེ་འདོན་རབ་


MR12_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྤང་། ༥ ༡༢ ༢༢ ༡༦ ༢༦ ༢ ༡༩ ༢༠འདི་རྣམས་ལ་བག་བླང་ཁྱོ་འཆི། སྟོན་མོ་༡༩བྱས་༡༦ན་ཤུལ་༢༤ཕུང་། ༣ བྱི་༡ཤིད་༨ བྱས་ན་༡༥ལོ་མི་འགོར་འཆི། འཇམ་༦སྐར་༡༡ཀླད་༢༦མེད་འདི་༣རྣམས་ལ་དམག་ཇག་བྱས་ན་མི་ཐོབ་ཕམ། ༦ ༧ ༡༩ ༡༡ ༡༢ ༢༦ ༢༠ ༤ ཕན་པ་བཀྲ་ཤིས་ཀྱི་སྐར་མ་བརྒྱད་ལ། རྒྱལ་སར་འདོན་དང་རབ་གནས་བྱ། འདི་༤རྣམས་༡༥བག་༢༠མའི་ལས་ལ་ཤིས། འདི་༦རྣམས་༠ཤིད་ཀྱི་༡༤ལས་ལ་ཤིས། འདི་རྣམས་༥དམག་༡༢ཇག་༢༥ལ་ཤིས། བྱ་ལམ་ཞུགས་ངན་པ།སྲོ་ཤར་༢༡དུ་༡༨ངན། ལྷོར ༠ ༢༠། ནུབ༣ ༧། བྱང་༡༡ དུ་༡༢ངན། གྲུབ་༡༤སྐར་༢༠ བཞི་༢༦གང་༧ཡང་བཟང་། དམེ་༡སྐར་༤བཞི་གང་༡༠ཡང་༡༨ངན། གཡང་༦སྐར་༡༤བཞིར་༡༩ནོར་༣མི་འཇལ། དགྲ་༠ ༥སྐར་༩བཞིར་༡༡དགྲ་རྒོལ་བཟང་། འགྲོན་༨ ༡༧ སྐར་༢༢བཞིར་ལམ་༢༣ཞུགས་བཟང་། གཤིན་༡༢སྐར་༢༡བཞི་ལ་༢༤གཤིན་༢༥ལས་བྱ། ༢ ༡༦ ༢༡ ༡༣ ཟློས་སྐར་བཞིར་ཤིད་སོགས་སྤང་། སྤྱིར་མེ་རླུང་ངན་ས་ཆུ་བཟང་། རང་སྐྱེས་སྐར་མ་དེ་ལ་སྐྲ་བཞར་དོན་གཉེར་སོགས་ངན། སེམས་དགེ་བསོད་ནམས་བསགས་པ་ལས། ལས་གཞན་གང་ཡང་མི་རུང་གསུངས། སྐར་འབྲས་ངན་ན་གཟའ་འབྲས་ཀྱིས་བསྒྱུར་གསུངས། སྐར་རྩིས་ལུགས་རྒྱུད་ཀྱི་འགྲུབ་སྦྱོར་སོགས། འབྱུང་རྩིས་ལུགས་བདུད་ཉི་འཇིག་ཉི་སོགས་གསུངས། ཉི་སྣང་ལས་སོ། །དེ་བཞིན་དེ་ལས། རྣམ་སྣང་མངོན་བྱང་ལས་གསུང་ལས་བཞི་སོ་སོའི་རྩིས་སྐོར་ནོར་བུའི་ཕྲེང་བ། བ་འབྲས་རྩིས། ཡར་ངོའི་ཚེས། ༤ ༥ ༡༠ ༡༥ སྐར་མ། ༢༥ ༡༠ ༨ ༩ གཟའ་༢ ༦འདི་རྣམས་ཞི་བ་ལའོ། །ཡར་ངོའི་ཚེས། ༣ ༧ ༡༥ སྐར་མ། གྲོ་༢༡ ༢༣ ༡༧གཟའ་༤ ༥ འདི་རྣམས་རྒྱས་པར། མར་ངོའི་ཚེས། ༩ སྐར་མ། ༧ ༢ ༩ ༡༥གཟའ་༡༣འདི་རྣམས་དབང་གི་དུས། མར་ངོའི་ཚེས། ༨ ༡༤སྐར་མ། ༡༢


MR12_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༡༣༠༡༡༦༡༤གཟའ་༣ ༠འདི་རྣམས་དྲག་པོའི་ལས་སོ་ཞེས་གསུངས། ༧ སྤྱིར་༡ཞི་རྒྱས་༤དབང་༦དྲག་༣གཟའ་བཟང་ངོ་མངྒ་ལཾ། ༈ །དུས་གཉན་བཞི་ཚེས་བརྒྱད་བརྒྱ་བྱིན་ཉེ་དབང་བཅས་ཆོས་ཀྱི་སྟོན་མོ་མཛད་པས་གཉན། བཅོ་ལྔ་རི་རབ་ཁོང་སེང་ནས་བདུད་དགའ་རབ་དབང་ཕྱུག་འཁོར་བཅས་ལྷ་ལ་དམག་འདྲེན། ཉེར་གཉིས་ཁྱབ་འཇུག་སྡེ་བརྒྱད་བཅས་སྐྱེ་འགྲོ་ཁྲམ་འདེབས། གནམ་གང་རྒྱ་མཚོ་ནས་ཀླུ་མ་དྲོས་དཔོན་བྱས་ཀླུ་རྣམས་འཁྲུགས་པར་འཚོགས་པས་གཉན་ཟླ་བ་ཐམས་ཅད་ཀྱི་དུས་བཞི་འདི་དུས་ནད་ཐེབས་འདུ་ལོང་བྱ་བ་རྔམས་ཆེན་འཛེམ་ཞེས་བཤད། བླ་གནས་ཡིག་གཟུགས་དུས་འཁོར་དེ་ཚིག་ལ་གནས་པ་རང་དེའང་མི་འདྲ་འདུག །༈ སྒྲ་ཡི་རིག་པ་བསླབ་པའི་དུས་གཉན་བཞི། ཚེས་༡ལ་ནི་དཔོན་སློབ་རིགས་གནས་བཅས། ཐམས་ཅད་འཇོམས། བརྒྱད་༨ལ་སློབ་དཔོན་འཇོམས། བཅུ་བཞི་༡༤སློབ་མ་གནམ་༣༠སྟོང་རིག་པ་འཇོམས་ཞེས་བཤད། ཕུར་བུས་འདི་བཞིར་མི་འཆད་དམ་བཅས་ཟེར། ཡང་དེ་སྟེང་བཅོ་ལྔ་བཅུ་དྲུག །ཉེར་གསུམ་ཉེར་དགུ་རྣམས་སྒྲ་སྤྱིའི་སྤང་དུས་དང་། པ་ཎི་པར་དེ་སྟེང་བཅུ་གསུམ་ཉེར་བརྒྱད།དབྱངས་ཅན་བཅུ་གཉིས་དང་ཉེར་བདུན་འཛེམ་ཞེས་བཻ་དཀར་བཤད། ཚེས་གཅིག་ནི་སྒྲར་མ་ཟད་རིག་གནས་སྤྱིའི་དུས་གཉན་དུ་འཕགས་ཡུལ་པས་བཤད་གསུངས་སོ། ༈ །ཚེས་གཉན་རོ་དགུ་དང་གཟའ་བདུད་ཟས་འཚོལ་ཕོ་ཉ་འགྱེད་པ། བར་ཁྱི་གསུམ་པོ་བྱམ་གུང་རྒྱལ་དང་རྒྱུ་བ་གཅིག་པས། འདི་དུས་དྲག་ལས་མ་གཏོགས་གཞན་ཀུན་འཇོམ། ཉེན་ཆེ་གཉན་པའི་དུས་ཡིན། བར་ཁྱི་ལ་བག་མ་རོ་བསྲེག་ཐོག་ཕུབ། རབ་གནས་མཁར་ལས་སྒྱེད་འཛུགས་ལྟད་སྟོན་དོན་གཉེར་སྡང་བཅོས་ཧལ་ཁྱི་བཞིན་དུ་བཅོས་པས་ཐུབ།


MR12_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་བདུན་ཟས་འཚོལ་སོགས་ལ་ཁྱེའུའི་དགའ་སྟོན་བག་མ་རོ་ཤིད་མཁར་སོགས་ངན། ཕུང་བྱེད་ངན་སྔགས་བཟང་རྡེའུ་ཤིང་བུ་ཕོག་ཀྱང་ཉེན་ཆེ། ༈ ཕུང་པོ་ཟོར་ཐོགས་ནི། སྟག་ཡོས་ཟླ་བའི་ཚེས། ༨ འབྲུག ༩ །སྦྲུལ། ༣ རྟ། ༢༣ ལུག ༩ །སྤྲེལ། ༧ བྱ། ༡༧ཁྱི། ༨ ཕག ༡ བྱི། ༡༦ གླང་༩ལ་རྒྱུ་ཡང་ལུགས་གཅིག་དཔྱིད་༡༨ ༨ ༩གསུམ་རིམ་པར། དབྱར་༣ ༡༣ ༩གསུམ་གྱི། སྟོན་༧ ༡༧ ༢༨གསུམ་གྱི། དགུན་༡ ༡༦ ༩གསུམ་གྱི། ཚེས་འདི་དག་ལ་རྒྱུ་བར་བཞེད། འདི་དུས་དོན་གཉེར་ཡུལ་སྤོ་སྟོན་མོ་དབང་བསྐུར་སྡོམ་འབོག །གཏམ་བཤད་གཏོ་ཕྱོགས་རོ་བག་དུར་ཤིད། བུ་ལོན་འཇལ་བ། མཁར་ལས། འདུ་ལོང་སོགས་དགེ་ལས་འཛེམ། གཤིན་ལས་སྤང་ངོ་། ༈ །ཧལ་ཁྱི་ནག་པོ་ཟས་འཚོལ། སྟག་གི་བྱ་དུས། ༨ ཡོས་རྟ་༡༦ འབྲུག་སྟག་༢༤ སྦྲུལ་གླང་༩ རྟ་ཕག་༡༨ ལུག་བྱ་༢༧ སྤྲེལ་སྦྲུལ་༡༠ བྱ་འབྲུག་༢༠ ཁྱི་སྟག་༣༠ ཕག་བྱ་༡༡ བྱི་བ་སྤྲེལ་༢༢ གླང་ཡོས་༣འདི་རྩིས་སྐོར་ནོར་བུའི་ཕྲེང་བ། དུས་བག་མ་མཁར་ལས་ལྟད་སྟོན་ཤིད་དམག་རོ་ལས་དང་། ཁྱི་ཡི་གཏོང་ལེན་འཕོ་སྐྱས་གཏམ་བཤད་དགེ་ལས་འཛེམ། མཐུ་བྱད་ངན་བྱེད་རྣམས་ལ་བཟང་ངོ་། ༈ །གནམ་ཁྱི་ནག་པོ་རྒྱུ་བ་ནི། དཔྱིད་རའི། འབྲུག་ལུག་ཉིའི་ཉི་དྲོས།ཐོ་རངས་ཀྱང་། དཔྱིད་འབྲིང་། སྦྲུལ་སྤྲོད། ཉི་ཕྱེད་ནམ་ཕྱེད་ཀྱང་། དཔྱིད་ཐ། རྟ་བྱ་སྟག །ཐོ་རངས། དབྱར་ར། ཁྱི་ཡོས་ལུག་སྤྲེལ། མྱུར་ཁ། དབྱར་འབྲིང་། ཕག་འབྲུག་སྦྲུལ་ལུག །རྩེ་ཤར། དབྱར་ཐ། བྱི་རྟ་སྤྲེལ་བྱ། སྲོད། སྟོན་ར། འབྲུག་རྟ་ལུག་སྦྲུལ། སྲོད། སྟོན་འབྲིང་།སྟག་འབྲུག་རྟ་ལུག །ཉི་དྲོས། སྟོན་ཐ། བྱི་ཡོས་སྤྲེལ། ནམ་ཕྱེད། དགུན་ར། གླང་སྟག་བྱི་འབྲུག་སྦྲུལ། ཉི་མྱུར། བཻཌཱུ་སྦ་དུམ། ༢༤༧ དགུན་འབྲིང་། སྟག་འབྲུག་ཁྱི་གླང་། ཉི་ནུབ་སྲོད། དགུན་ཐ་མ། སྟག་ཕག་ཡོས་བྱི། ཕྱི་དྲོ་སྲོད། རྒྱུ་བ་སྟེ། འདི་ལུགས་གསུམ་འདྲ་མིན་བསྡོམས་པ་སྟེ།


MR12_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བདེར་བརྗོད་ན། དཔྱིད་ར་སྟག་གི་༡༣ ༣༦༤༢༥ ༩༡༡༨༣༡༡༧༥ ༡༣༦༠༢༦ ༢༥ ༢༧ ༢༨རྣམས་ལ་རྒྱུ། དཔྱིད་འབྲིང་གི་༡ ༡༠ ༡༣ ༢༢ འདི་ཀུན་ཏུ་འདྲ། ༢༥ ལ་རྒྱུ། དཔྱིད་ཐ་མའི་༡ ༥ ༨ ༡༧༣ ༡༨༧ ༢༠ ༢༧༥ ༢༢ ༩༤ལ་རྒྱུ། དཔྱིད་ར་བའི་༡༣༦༨ ༢༩༠ ༡༡ ༣༨༡༢༥༠༢༣༠༠༢༤༢༥༢༢ལ་རྒྱུ། དབྱར་འབྲིང་པོའི་༣ ༤ ༦༤ ༡༠༡༠༡༡༥༦༡༢༦༢༡༢༨༨ ༢༢༢༧༢༨༣༠ལ་རྒྱུ། དབྱར་ཐ་མའི་༡༡༢༠༥༥༥༡༡༡༡༡༣༡༡༣༧༡༢༤༣༡༡༧༥༢༢༣༩ ༢༥༢༦༢༩ལ་རྒྱུ། སྟོན་ར་བའི་༣༢༤༦༥༡༦༥༡༥༡༡༦༨༡༢༧༧ ༡༨༢༧༢༨༢༩༣༠ལ་རྒྱུ། སྟོན་འབྲིང་པོའི་༤ ༧༤ ༩༧ ༡༡༡༢ ༢༦༡༡༦༩ ༡༢ ༩༤༢༢༡༨ ༢༣ ༢༤ ༢༨ ལ་རྒྱུ། སྟོན་ཐ་མའི་༢༢ ༧༧ ༡༡ ༡༡ ༡༡ ༤༤ ༡༡ ༩༩༢༢༣༣ ༢༢ ༦༦ ལ་ཀུན་འདྲ། རྒྱུ། དགུན་ར་བའི་༣༣ ༦༦༧༧༩༩༡༡༥༥༡༡༥༨༡༡༨༩༡༢༩༡༢༢༡༧༢༣༢༠༢༧ ༣༠ལ་རྒྱུ། དགུན་འབྲིང་པོའི་༡༡ ༣༣ ༤༩༩༡༡༣ ༢༡༡༥༢ ༣༥༡༢༥༦༡༡༢༤ ༢༥ ༢༧ ༢༨ལ་རྒྱུ། དགུན་ཐ་མའི་༤༤༥༥༧༧༨༨༡༡༦༦༡༡༧༧༡༡༩༩༢༢༠༠༢༢༨༨༢༢༩༩ ལ་རྒྱུ། འདི་རྒྱུ་དུས་གསོན་གཤིན་ལས་དང་བག་མ་མཁར་ལས་རོ་འདོན་སོགས་ཧལ་ཁྱི་བཞིན་དུ་འཛེམ། ཁྱད་པར་བག་དམག་ལྟད་སོགས་ངན་ཀྱང་ཟེར། མཆན་འདི་ལྟར་བརྩི་བ་ཡིན། རྩིས་ཚེས་ཀྱི་གནམ་ཁྱི་ལྟ། ༧ གནམ་སྦྱོར་༨དཔྱིད་༧ གསུམ་༤ལ་རིམ་བཞིན། ༧ ༧ ༢༦དབྱར་གསུམ། སྟོན་གསུམ། ༡༩ ༡༩ ༧ དགུན་གསུམ། ༡༦ ༡༩ ༢༤ འདི་དུས་བཟའ་གསར་མཉམ་སྦྱོར། བག་རོ་ངན། བག་མ་སྐམ། བཅོས་གནམ་ཁྱི་བཞིན་ནོ། ༧ །གཟའ་རྒོད་འབྱུང་བ་ཟས་འཚོལ་བུ་བག་ལས་སོགས་ངན། རྩུབ་དྲག་ལས་ལ་བཟང་། ༧ དབུལ་པོ་ལག་སྟོང་། སྟག་༡༦༡༡༡༩ཡོས་༢༡༤༢༢༡༤འབྲུག་༣༨སྦྲུལ་༤༡༨ ༥རྟ་༥༡ ༡༥༡ ལུག་༦༢༢༡༢སྤྲེལ་༧༡༥༩༡༦ བྱ་༨༢༡༦༩ ཁྱི་༢༡༢༢༢༢༩༡


MR12_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་༡༦༡༡༩༧ བྱི་བ་༡༢༡༧༦༢༠༡༠གླང་༩༢༩ལ་རྒྱུ། འདི་དུས་སྟོན་མོ་དང་ནོར་བཏང་ན་དབུལ། མཁར་ལས་བག་མ་བུ་འབོགས་སྒྱེད་འཛུག་བཤད་གསར་རྟེན་བཞེངས་རབ་གནས། ལྟད་མོ་ཐོག་འབུབ་དར་ཕྱར་རོ་འདོན་ཞིང་འདེབས་མཛོད་ཕྱེ་སོགས་གསོན་གཤིན་ལས་ཕལ་ཆེར་འཛེམ། གཟའ་བདུན་ཟས་འཚོལ་ངན། གཟའ་རྒོད་འབྱུང་བ། འབྲུག་ལུག་༡༨ཟླ་བའི། ཕག་༡༦སྦྲུལ། ༢༢ རྟ་༡༣སྤྲེལ་༩ཟླའི་༢༢རྒྱུ། འདི་དུས་བག་མ་ལེན་ན་བུ་བཙས་ནད་ཐེབས་ངན། རོ་བཏང་ལྔར་ཟློས་རྡོ་ཤིང་ཕོག་ཀྱང་གཉན་དྲག་ལས་བཟང་། ༈ ངམ་ཤིང་ནི། དཔྱིད་ར་སྟོན་རའི་ཚེས་བཅུར་ཤར་ནས་ནུབ། །དཔྱིད་འབྲིང་སྟོན་འབྲིང་ཉི་ཤུར་ཤར་ནས་ནུབ། །དབྱར་འབྲིང་དགུན་འབྲིང་གནམ་གང་ལྷོ་ནས་བྱང་། །དབྱར་ཐ་དགུན་ཐའི་རྩིས་སྐོར་ནོར་བུའི་ཕྲེང་བ། བཅུ་གཉིས་ཤར་ནས་ནུབ། །འདི་དུས་དགེ་བཤེས་དང་ཆེ་འདོན། །ཁྲི་བརྩིགས། བཤད་གསར། མཁན་སློབ་བསུ་སྐྱེལ་བསྟོད་བཀུར། བག་མ་བུ་སྲིང་ལས་མི་རུང་། སྒེར་བཅོས་མེད། འདི་བཀུར་བསྟི་ལ་འཛེམ། ༈ ཀ་ཁྱུང་ཀི་ཀང་ནི། སྟག་རྟ་༡༡ཁྱི་གསུམ་གྱི་ཟླ་༢༧བར། ཕག་ལུག་ཡོས་༢༤གསུམ། བྱི་འབྲུག་༢༨སྤྲེལ། བྱ་གླང་སྦྲུལ་གསུམ་༢༦། འདི་དུས་གསོན་གཤིན་བྱ་བ་དང་མཁར་ལས་ལྟད་སྟོན་དམག་ཤིད་བབ། ཆུང་དུར་འབུལ། འཇལ་ངན་ཟེར། སྒྲིབ་བཅོས་མ་བཤད། དྲག་ལས་མ་གཏོགས་སྤང་། བྲ་ཆེན་ནི། སྦྲུལ་༢༥ཟླའི། ལུག་༡༥བྱ་༡༢༡ཁྱི་༢༡ཕག་༩ལ་རྒྱུ། སྟོན་མོ་བག་མ། རོ་བསྒུལ་བསྐྱོད་དམག་སོགས་གསོན་གཤིན་བྱ་རིགས་འཛེམ། སྒྲིབ་བཅོས་མ་བཤད། ༈ རཱ་ཧུ། དཔྱིད་ར་༡༡༢༨། འབྲིང་༢། ཐ་༡༨དབྱར་ར་༡༢༦༢འབྲིང་༡ ༡༣ཐ་༢སྟོན་ར་༢༨འབྲིང་༡༦ཐ་༡དགུན་ར་༢འབྲིང་༡༨ཐ་ཆུང་ལ་ཟས་ཚོལ་མེད་དེ་རྒྱུ་དུས་ཟས་འཚོལ་ཡིན། འདི་དུས་གསོན་


MR12_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་བྱ་བ་ཆེ་ཆུང་འཛེམ་ཟོར་འཕེན་དྲག་ལས་ཤིས། སྒྲིབ་ན་གཟའ་ཡུམ་ཀློག །ཕྱག་རྡོར་སྐུ་བསྟན་ཐུབ་གསུངས། ༈ དགོངས་འདུས་སྐར་མཛོད་ལས། ལོ་ནག་གཉིས་ནག་དབུས་ཞུགས་ལ་གཏན་སྲིད་མི་རུང་། ཟླ་ནག་ཞག་ནག་འདྲ། ཟླ་ནག་ལ་ཡུལ་གསར་འཛིན་སོགས་དཀར་ལས་སྤང་། ཞག་ནག །བཟང་པོའི་བྱ་བ་སྤང་། གཟའ་ཡི་ཉི་ནག་ཉི་མ་ནག་ཆེན་འདྲ། གཉན་གྱི་ཉི་ནག་དཔྱིད་རའི་དྲུག །འབྲིང་བཅོ་བརྒྱད། ཐ་མའི་ཉེར་བརྒྱད་སོགས་འདུག དམིགས་གསར་མ་ཤིས། ཕུང་ཟོར་ཧལ་ཁྱི་འདིར་མཐུན་དབུལ་ལག་མང་། འུ་ཕུང་གཤང་ཕུང་ཟེར་སོགས་འདུག །སྤྱིར་འདྲ་ལ་ཅུང་འདྲ་མིན་ཡོད་འདྲ། མངྒ་ལཾ། ༈ །ཟླ་འཁོར་ས་བདག་ནི། དུས་བཞིའི་རྒྱལ་མོ་བཞི་ནི། རེ་མ་ཏིའི་སྤྲུལ་པ་སྟེ། དཔྱིད་གསུམ་ཤར་དུ་འཚོགས་པས་དེ་ཕྱོགས་བག་མ་དམག་སྟོན་ཤིད་སྤང་། དབྱར་གསུམ་ལྷོར་ཚོགས་སེར་བ་གཏད་ཁྲོམ་དེ་ཕྱོགས་ངན། སྟོན་གསུམ་ནུབ་ཚོགས་བོན་མདོས་སྤང་། དགུན་གསུམ་བྱང་ཚོགས་དེ་ཕྱོགས་སྐྱས་དང་མཁར་ལས་སྤང་། ལྷ་ལྔ་ནི་ཕྱོགས་བཞིར་སྟག་དཀར་སོགས་བཞི་དབུས་ས་ཡི་ལྷ་མོའམ། དབུས་མཚམས་སྦལ་མགོ་སྟེ། ལྔ་འདི་ལ་གྲོལ་པུ་ལྷ་ལྔའམ། ཟླ་འཁོར་ས་བདག་ཆེན་མོ་ཟེར། གཡོན་སྐོར་སྟག་རྟ་ཁྱི་ཟླར་ཤར་དུ་འཚོགས། ཕག་ལུག་ཡོས་ལྷོ། བྱི་འབྲུག་སྤྲེལ་ནུབ། བྱ་གླང་སྦྲུལ་བྱང་དུ་ཚོགས། དེ་ཕྱོགས་རོ་དུར་མཁར་ཁྲོམ་ཤིད་ལྟང་སྟོན་འཇལ་དམག་ཇག་མཚོན་ཁ་སྟོན་པ། སྐྱས་ཕྱོགས་འཛེམ། ལྷ་དགུ་ཞེས་བྱ་བ། ཞག་དུས་ཁྱིམ་ལྷ་ཐབས་ཤིད་སེ་རོ་ལམ་ལྷ་སྤྱི་ལྷ་གཏད་ལྷའང་ཟེར། སྟག་རྟ་ཁྱི་ཟླར་ནུབ། ཕག་ལུག་ཡོས་ལྷོ། བྱི་འབྲུག་སྤྲེལ་ཤར། བྱ་གླང་སྦྲུལ་ཟླར་


MR12_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་འཚོགས། བུམ་སྟོང་ཞེས་པ་དབྱངས་འཆར་ལུགས། ལུག་སེང་གཞུ་ཤར། གླང་བུ་མོ་ཆུ་སྲིན་ལྷོ། འཁྲིག་བུམ་སྲང་གསུམ་ནུབ། ཀར་སྡིག་ཉ་བྱང་དུ་བཀོད་ལ། ནས་ཁྱིམ་གང་དུ་ཉི་མ་གནས་དེར་རོ་གཏོང་དུར་འདེབས་མཁར་ལས་ཁྲོམ་པའི་ཕྱོགས་དེ་བུམ་སྟོང་། གཞན་གསུམ་གང་བའི་བུམ་པ་ཟེར། སྟོང་བུམ་ཕྱོགས་སུ་དོན་གཉེར། གྲལ་དཔོན་གྱི་ཁ་ལྟ་ཕྱོགས་སོགས་ངན། སྤོར་ཐང་ལུགས་ལ། སྟག་རྟ་ཁྱི་ཤིད་དམག་སོགས་འཛེམ། ཐབས་ལྷ་སེ་གསུམ་ལ་བུམ་སྟོང་ཤར། ཕག་ལུག་ཡོས་ལྷོ། བྱི་འབྲུག་སྤྲེལ་ལ་ནུབ། བྱ་གླང་སྦྲུལ་གསུམ་བྱང་དུ་གནས་ཏེ། བུམ་པ་དེ་ཡི་ཁ་ལ་ཐེ་སེ། མགུལ་འབྲུག་ལྷ། བུམ་ནང་ནང་ལྷ་ཤར་ཞེས་པ་དཔྱིད་ཤར། དབྱར་ལྷོ། སྟོན་གྲོལ་བུ། ལྟོ་བར་ས་ཡི་ལྷ་མོ། མཆུ་ལ་ཁྱིམ་ལྷ་གེ་ཐུང་གནས་པས་དེ་ཕྱོགས་ལས་དང་བྱ་བ་ཕལ་ཆེར་འཛེམ་སྟེ་ངན་གསུངས། འབྱུང་བའི་ལྷ་ལྔ་ནི་འགོག་ཀུ་ལྷ་ལྔ་ཟེར་ཏེ། འབྱུང་ནུབ། དགུན་བྱང་གནས་དེ་ཕྱོགས་ཐབ་ཁ་ལྔ་རང་མདོག་མཁའ་འགྲོ་རང་མཚན་ཐོགས་པ་ལྔ། སྟག་ཡོས་ལོ་ཟླ་ཞག་དུས་བཞིར་ཤར་དུ་གནས་པ་དང་། མཚམས་བཞིར་རང་རང་ཐོག་སོགས་ལོ་རང་ཐོག་དེར་གནས། ལས་ཀུན་དང་རང་འཐག་འཛུགས་པ་ངན། ལ་ཀོ་ལོང་བསྡོམས་པས་འཛེམ། འབྱུང་བའི་ལྷ་དེ་དག་ཡོད་ཕྱོགས་སུ་དེ་ལ་མཆོད་པ་ཕུལ་བ་བཟང་། གཞན་ཡང་གབ་པའི་ལྷ་བཅུ་གཉིས་ནི་བྱི་བའི་ལོ་ཟླ་ཞག་དུས་ཀྱི་སྟེང་ན་གཉན་ཁྲ་


MR12_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་སོགས་ལོ་རང་རང་སྟེང་ན་ཡོད་པ་འདི་དག་ཤིན་ཏུ་གཉེན་པས་དེ་ཐོག་རོ་འདྲེན་མི་རུང་ངོ་། །དེར་མ་ཟད་ས་བདག་ཕལ་མོ་ཆེ་དག་ལོ་ཟླ་ཞག་དུས་རང་ཐོག་ན་གནས་པ་མང་བས་དེ་ཕྱོགས་ལ་འཛེམ་བརྟེན་བྱ་ཚུལ་གཅེས་སོ། །གདགས་ཀྱི་ལྷ་དྲུག །གསལ་ཁང་གསེར་དབང་རྣམ་མཛོད་ཤེལ་ཁང་རྣམ་ཐོས་ཚེ་དབང་། བྱི་རྟ་གཉིས་ཀྱི་ཟླ་བར་བྱ་བྱི་བ་འབྲུག་ཡོས་གླང་རྟ། གླང་ལུག་གཉིས་ཀྱི་ཕག་སྟག་རྟ་སྦྲུལ་ཡོས་སྤྲེལ། སྟག་སྤྲེལ་གཉིས་ཀྱི་གླང་འབྲུག་སྤྲེལ་ལུག་སྦྲུལ་ཁྱི། བྱ་ཡོས་གཉིས་ཀྱི་ཡོས་རྟ་ཁྱི་བྱ་ལུག་བྱི་བ། ཁྱི་འབྲུག་གཉིས་ཀྱི་སྦྲུལ་སྤྲེལ་བྱི་བ་ཕག་བྱ་སྟག །ཕག་སྦྲུལ་གཉིས་ཀྱི་ལུག་ཁྱི་གླང་སྟག་ཕག་འབྲུག །སྲིབས་ཀྱི་ལྷ་དྲུག་འབྲུག །སྔོན་གནམ་གཤེད་ཆུ་ཚགས་སྟག་དཀར་ཧང་བུ་ཀེ་ཚིགས། བྱི་རྟ་གཉིས་ཀྱི་ཟླ་བར་སྤྲེལ་ཁྱི་ཕག་སྟག་སྦྲུལ་ལུག །གླང་ལུག་གཉིས་ཀྱི་ཁྱི་བྱི་བ་གླང་འབྲུག་ལུག་བྱ། སྟག་སྤྲེལ་གཉིས་ཀྱི་བྱི་བ་སྟག་ཡོས་རྟ་བྱ་ཕག །བྱ་ཡོས་གཉིས་ཀྱི་སྟག་འབྲུག་སྦྲུལ་སྤྲེལ་ཕག་གླང་། ཁྱི་འབྲུག་གཉིས་ཀྱི་འབྲུག་རྟ་ལུག་ཁྱི་གླང་ཡོས། ཕག་སྦྲུལ་གཉིས་ཀྱི་རྟ་སྤྲེལ་བྱ་བྱི་བ་ཡོས་སྦྲུལ། གནམ་ཐིག་སེར་ནག་ཞེས་པ་གདགས་ཀྱི་ལྷ་དྲུག་དཀར་དྲུག་ཀྱང་ཟེར། དང་སྲིབས་ཀྱི་ལྷ་ནག་དྲུག་དྲུག་ནི་རེའུ་མིག་ལྟར་ཟླ་བ་སོ་སོའི་དུས། སུ་ལོ་དེ་དག་གི་ཕྱོགས་སུ་ལྷ་དེ་དག་གནས་པ་སྟེ། གདགས་ཀྱི་ལྷ་དྲུག་གང་ཡོད་དེ་ཕྱོགས་སུ། རོ་ལམ་བག་མ་མཁར་ལས་སོགས་གསོན་གཤིན་གྱི་ལས་ཐམས་ཅད་བཟང་སྟེ། འདི་ལ་ཁ་ལྟ་ཕྱོགས་དང་ལས་སྒྲུབ་ཕྱོགས་བྱས་ན། བཀྲ་ཤིས་སྲིད་སྨེ་ཁྱེའུ་འཛིན་པས་ལས་་སྨེ་ཁྱེའུ་འཛིན་པས་ལས་


MR12_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱེད་ཀྱང་འདི་ལ་ཕྱོགས་ཏེ་བྱ། ཟོར་སོགས་རང་དཔྱད་ཡོད་ཏེ། དྲག་ལས་མ་གཏོགས་ཅི་ལའང་དགེ་ཞིང་བཟང་ངོ་། །སྲིབས་ཀྱི་ལྷ་དྲུག་ཡོད་ཕྱོགས་སུ་རོ་ལམ་བག་མ་མཁར་ལས་སོགས་གསོན་གཤིན་གྱི་ལས་ཀུན་ལ་ངན་ཁྱད་པར་དུ་རོ་ལམ་འདི་དག་ལས་བཟུར་དགོས། བྱེ་བྲག་ཏུ་འབྲུག་སྔོན་ལ་བརྡོས་ན་གཟའ་དཔོན་འཆི། གནམ་གཤེད་ལ་མི་ཕྱུགས་གློ་བུར་ནད་ཀྱིས་འདེབས་ཅིང་རྐྱེན་ཁ་ཡོག་གོད་ཁ་འབྱུང་། ཆུ་ཚགས་ལ་ཁ་ཡོག་ཞལ་ལྕེ་རྒྱུན་མི་འཆད། སྟག་དཀར་ལ་མའམ་བྲན་མོ་སྐྱེས་པ་གློ་བུར་འཆི།འདི་རོ་འདོད་ཡིན་ཏེ། རུས་བུ་ཡོད་ན་བཏོན་ལ་བསྐྱལ། ཧང་བུ་རོ་འདོད་བུ་ལ་སྡང་། ཤི་ཁ་བྱེ་གོད་ཁ་འོང་། ཀེ་ཚེགས་ཕྱུགས་དང་རྐང་བྲན་འཆི། ནོར་གོད་ཆེའོ། །དེ་ནི་ཕྱི་ཡི་ནག་དྲུག་སྟེ། ནང་ལྟར་འདི་ཟླ་བའམ་དཔྱད། ན། བྱི་བར་བང་བ། གླང་ཁང་རྨད། སྟག་ཕྱི་སྒོ། ཡོས་གཡག་ཤིང་། འབྲུག་རང་འཐག སྦྲུལ་ཐག་པ། རྟ་སྒ། ལུག་གཞོང་པ། སྤྲེལ་གྲི། བྱ་སྡེར་མ། ཁྱི་ཡ་ཐེམ་ཕག་འཇོར་ལ་གནས་པས་དེ་ལ་རོ་ཐུག་པ་སྤང་བར་བྱའོ། །ལོ་ཟླ་ཞག་དུས་ས་བདག རྣམས་མིང་དང་རྒྱུ་ཕྱོགས་ཕྱོགས་འདྲ་ལ་མི་འདྲ་དེང་སང་གི་རྒྱ་ནག་རྩིས་ངན་སྣང་། ཧ་ཧ། ༧ ལྟོ་འཕྱེ་ཆེན་པོ་ནི་གང་ཤར་ཟླ་བ་དེ་སྟེང་མགོ་བོ། དེ་ཡི་བདུན་ཟུར་ལ་མཇུག་མ་གནས། གཞོག་གཡོན་འོག་བཅུག་གཡས་སྐོར་རོ། །ཟླ་བའི་ཧལ་ཁྱི་ནི་ཟླ་བ་སྔ་མའི་ཀླུང་རྟའི་ལོ་སྟེང་ཡོད། རོ་སོགས་འཛེམ། ཡང་མདོ་བྱང་མ་བུ་ལས། ཧལ་ཁྱི་དཔྱིད་གསུམ་ཤར་ན་མགོ་ཡོད་ཅིང་ཁ་ལྷོར་བལྟ། དེ་ཡང་ཟིན་ཐོག་ན་ཁ་ཡོད། གིན་མཆེ་གཡས། ཟོན་མཆེ་གཡོན། དེ་བཞིན་དབྱར་གསུམ་མགོ་ལྷོ་ན་ཡོད་དེ། ལི་ལ་ཁ། ཟོན། ཁོན་མཆེ་བ་གཡས་གཡོན། ཁ་ནུབ་ཏུ་བལྟ། སྟོན་གསུམ་


MR12_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ནུབ། ཁོན། དྭ་ཁེན་ལ་ཁ་མཆེ། ཁ་བྱང་དུ་བལྟ། དགུན་གསུམ་མགོ་བྱང་། ཁེན་ཁམ་གིང་ལ་གོང་བཞིན་ཁ་ཤར་དུ་བལྟ་བས། འདིའི་མཆེ་བ་གཡས་ཀྱི་སྟེང་དུ་རོ་མི་དྲང་། གཡོན་ལ་གཏད་མི་བྱ། ཁ་ལ་བག་མ་སྤང་གསུངས་འདི་གལ་ཆེ། ལོ་ཟླའི་ཧལ་ཁྱི་དང་འགྲིགས་དུས་ཧལ་ཁྱིར་གཏད་ན་ཟབ་པ་རང་གིས་རྟོགས་སོ། །ཡང་ས་བདག་ཝང་ཁྱི་ཞེས་བྱ་བ་འབྲུག་སོགས་ཐ་ཆུང་བཞི་ཡི་བཞོན་པ་ཞོན་ནས། ལག་ན་ཁྱི་ཡི་རྒྱལ་མཚན་སོགས་བཞོན་པའི་བདུན་ཟུར་གྱི་རྒྱལ་མཚན་ཐོགས་པ་ཁ་མིག་སྤར་ཁ་དང་གཟས་འཇིགས་པར་བྱས་པ་སྟེ། ཐ་ཆུང་བཞི་ཡི་ལོ་ལ་གནས་ཏེ། དཔྱིད་ཐ་ཆུང་ཁྱི་ཡི་ཟླ་བའི་ཁྱི་ཡི་ཉི་མ་དང་དུས་ལ་ཤར་དུ་ཁོ་ཡི་ཁ་བལྟ། དེའི་ཚེ་ཁ་ཤར་དུ་བལྟས་ནས་མནའ་བསྐྱལ་ན་མི་རུང་། དེ་བཞིན་དབྱར་ཐ་ཆུང་གླང་གི་ཟླ་བའི་གླང་གི་ཉི་དུས་ལ་ཁ་ལྷོ་བལྟ།སྟོན་ཐ་འབྲུག་ཟླའི་འབྲུག་གི་ཉི་དུས་ལ་ཁ་ནུབ་ཏུ་བལྟ། དགུན་ཐ་ལུག་ཟླའི་ལུག་གི་ཉི་དུས་ལ་ཁ་བྱང་དུ་བལྟ། དེའི་ཁ་བལྟ་ཕྱོགས་སུ་བཤད་པ་གང་ཡིན་པ་དེར། ལས་སྤྱི་དང་ཁྱད་པར་མནལ་སྐྱེལ་པར་མི་བྱ་སྟེ། འདི་མནའ་ཡི་གཤད་པོ་ཡིན་པར་བཤད། མནའ་ཟན་གཏད་ན་སྙམ་རང་ཧ། ༈ །ཞག་གི་ས་བདག་གསེར་མཛོད་ཞག་ལྷ་སུམ་བརྒྱ་དྲུག་ཅུ་བཅས། སྟག་གི་ཞག་ལ་ཤར་སྟོད་སོགས་ཞག་གང་ཡིན་དེའི་རང་ཐོག་ཏུ་གནས། དེའི་ཕྱོགས་རོ་བག་དང་རང་འཐག་འཛུགས་པ་མཁར་ལས་སྐས་འཛུག་བང་པ་བཅའ་བ། སྐྱས་བྱེད་པ། ནས་འབྲས་སྐམ་ནོར་འཇལ་བ། དམག་དང་ཁྱིམ་གྱི་བྱ་བ་འཛེམ། ནང་ལྟར་བྱི་བའི་ཉི་མར་ཆང་རྫར་གནས་པས་གཤིན་གྱི་ལས་སུ་ཆད་མི་བཙག །དེ་བཞིན་གླང་ཉིར་མཛོད། སྟག་ལ་སྒོ། ཡོས་ལ་གཡག་ཤིང་། འབྲུག་ལ་རང་འཐག །སྦྲུལ་ལ་ཐག་པ། རྟ་ལ་


MR12_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྒ། ལུག་ལ་གཞོང་པ། སྤྲེལ་ལ་གྲི་དང་སྟ་རེ། བྱ་ལ་སྡེར་མ། ཁྱི་ལ་ཡ་ཐེམ་མ་ཐེམ། ཕག་ཉིད་འཇོར་ལ་གནས་པས། ནང་གི་གནས་པའི་སྤྱད་ཆ་འདི་དག་གཤིན་ལས་ཀྱི་དོན་དུ་དེ་དག་གི་ལས་བྱེད་པ་དང་རོ་དེ་རྣམས་དང་ཐུག་པ་སོགས་ངན་པས་སྤང་། ཉམས་བཅོས་ཀོ་ལོང་སོགས་ནང་གསེས་མང་པོ་འདུག །མཁར་ལས་ལའང་དེ་དང་འདྲ་ཞེས་བཤད། དུས་ལའང་དེ་ལྟར་ཞེས་བཤད། ཞག་གི་བླ་མཁྱེན་ཐབ་ལྷ་སེ་ཤེར། ཞག་ལྷ་གསེར་མཛོད་རྣམ་འགྱུར་མི་འདྲ་གཉིས། ཞག་ལྷ་ངོ་བོ་བཞི། གབ་པ་བཅུ་གཉིས་བཅས་སོ། ༈ །དུས་ཀྱི་ལྷ་གཡུ་མཛོད་སྔོན་མོ་རྣམ་འགྱུར་མི་འདྲ་གཉིས་སྟོན། དུས་གང་ཡིན་རང་ཐོག་ན་གནས་དེ་ཕྱོགས། བག་མ་གཏོང་ལེན། རོ་ཤིད་ཀྱི་ཟན་གཏོང་། དམར་ལས་ཐབ། དུ་འདེབས། མཁར་ལས་སྐྱས་སོགས་ངན།༈ དུས་ཀྱི་བླ་མཁྱེན་དུས་དེའི་མཐུན་གསུམ་ཀླུང་རྟའི་སྟེང་ན་གནས་འཛེམ་བཅོས་ལོ་ཡི་སྐབས་དང་འདྲ། ༈ ཁང་བརྩེགས་མཚོ་སྔོན་གཉིས་དུས་རང་སྟེང་གནས། ཁང་བརྩེགས་ལ་གྲལ་གདན་འདིང་བ་མཚོ་སྔོན་ལ་བག་མ་རོ་ལས་ངན། ༈ དུས་ནག་ཉི་མའི་བཞི་གཤེད་དུས་སོ། །སྤྱིར་ལོ་ཟླ་ཞག་དུས་རང་ཐོག་གཉན་ཞེས་རང་དགེ ༈ ས་བདག་ལྟོ་འཕྱེ་ནི་ནག་རྩིས་ལྟར་ན། སྟོད་མི་སྨད་སྦྲུལ་སྦྲུལ་གདེངས་སྦྲུལ་སློག་གསོལ་བ་མཐིང་ནག །གཡས་གཏེར་བུམ། གཡོན་སྣར་བཀབ། གཡོན་སར་ཕབ་འཕྱེས་ནས་འགྲོ་བའང་། ཡང་ན་མི་ལུས་གླང་མགོ རྭ་གཡས་གསེར། གཡོན་གཡུ། གཡུ་ཡི་སྐྲ་ཅན། མདོག་སེར་པོ། མེ་ཡི་ལྕེ་ཅན། མཇུག་སྦྲུལ་ཅན། གཡོན་ཉལ་གཟུགས་སུ་བཤད། གང་ཤར་ཟླ་སྟེང་མཇུག །དེའི་བདུན་ཟུར་མགོ་བོ་གནས། དེས་ན་


MR12_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་ཕྱེའི་རྒྱབ་ལ། རྒྱབ་བསྟན་ནས་ལག་གཡོན་འཇོར་ཐོགས་ཏེ། གསུས་པར་མདུན་བསྟན། ལྟོ་ཚིལ་བྲུ་ཚུལ་ཁམ་གསུམ་བརྐོ། དེ་ནས་ཅི་བདེར་སྤྱད་ཆོག་གསུངས། འདི་ལ་གང་ཤར་མགོ་བོ། དེའི་བདུན་ཟུར་མཇུག་མ་གནས་པར་ཡང་བཤད། རིན་ཆེན་ཀུན་འདུས་ནས། དཔྱིད་གསུམ་མགོ་བྱང་མཇུག་མ་ལྷོ། ལྟོ་བ་ཤར་ནུབ་ཕྱོགས་རྒྱབ། དབྱར་གསུམ་མགོ་ནུབ་མཇུག་ཤར། ལྟོ་བ་བྱང་རྒྱབ་ལྷོར་བསྟན། སྟོན་གསུམ་མགོ་ལྷོ་མཇུག་བྱང་། ལྟོ་བ་ནུབ་རྒྱབ་ཤར། དགུན་གསུམ་མགོ་ཤར་མཇུག་ནུབ།རྒྱབ་བྱང་ལྟོ་བ་ལྷོར་བསྟན་གསུངས། མགོ་མཇུག་སྙིང་ག་རྒྱབ་ལྟོ་བརྟག །འདིའི་མགོ་ལ་ཕོག་ན་ཕོ་དང་ཕ་མ་ཆུང་མ་བུ་ཚ་འཆི། ཁྱད་པར་སྔགས་པ་རང་ལ་ངན། ཟེ་བར་བདག་དང་། ཁ་ལ་ཕ་ཚན་ལ་ངན། རྭ་ལ་འཐབ་མོ་འོང་། མཇུག་མར་ཡུལ་འཆོར་ནོར་ལ་ངན། ལྟོ་བ་བྲུས་ན་དངོས་གྲུབ་འབྱུང་། རྒྱ་ལ་རང་ཉིད་ནུ་མས་བུ་མོ་སྙིང་གས་བུ་འཆི་ཟེར་ཡང་ཁུངས་དང་ཅུང་མི་འགྲིགས་གསུངས། དཀྱིལ་འཁོར་མཁར་ལས་མནན་གཏད། ཤིང་འཛུགས་སོགས་ཀུན་ལ་གལ་ཆེ་གསུངས། ༈ རྩིས་ཕལ་ཆེར་ལས་མི་རྟའི་བླ་གནས། ༡ མི་ཡི་རྐང་པའི་མཐེ་བོང་རྟ་སོགས་རྐང་མཐིལ། ༢ མི་ཡི་རྐང་བོལ་ཚིགས་རྟ་སོགས་ཚིལ། ༣ མི་ཡི་བྱིན་ཉྭ་རྟ་སོགས་ངར་གདོང་། ༤ མིའི་སྐེད་པ་རྟ་ཡི་སྲེ་ལོང་། ༥ མི་ཡི་སྒྱིད་ཁུག་རྟ་སོགས་སེར་རུས། ༦ མི་ཡི་བརླ་སུལ་རྟ་སོགས་དཔྱི་མིག ༧ མི་ཡི་དཔྱི་མིག་ཚིགས་རྟ་སོགས་ཀྱི་གྲུ་མགོར་གནས། ༨ མི་ཡི་མཁལ་མ་རྟ་ལ་སོགས་པའི་མཁལ་ཁུང་། ༩ མི་ཡི་རྩིབ་ལོག་རྟ་སོགས་ལག་མཐིལ། ༡༠ མི་ཡི་དཔུང་སོག་རྟ་སོགས་ལག་མཐིལ། ༡༡ མི་ཡི་ལག་ངར་


MR12_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རྟ་སོགས་ཚིལ། ༡༢ མི་ཡི་ལག་མཐིལ་རྟ་སོགས་ལག་ངར། ༡༣ མི་ཡི་རྐེ་མགུལ་རྟ་སོགས་རྩ་དཀར། ༡༤ མི་ཡི་རྣ་ལྟག་དང་ཟ་འགྲམ་རྟ་སོགས་དཔུང་པ། ༡༥ མི་ཡི་སོག་པ་རྟ་སོགས་ལུས་སྤྱི། ༡༦ མི་ཡི་ལྟག་པ་དང་ཟ་འགྲམ་རྟ་སོགས་རྐེ་མཇིང་། ༡༧ མི་རྟའི་རྐེ་མཇིང་། ༡༨ མི་ཡི་ལག་མཐིལ་རྟ་སོགས་ཟེ་བ། ༡༩ མི་ཡི་ལག་ངར་རྟ་སོགས་ལྟག་སྒོ། ༢༠ མི་ཡི་དཔུང་སོགས་རྟ་སོགས་དཔུང་པ། ༢༡ མི་ཡི་རྩིབས་མ་རྟ་སོགས་ཀྱི་སོ་ལའོ། ༢༢ །མི་ཡི་མཁལ་མ་རྟ་སོགས་རྐན། ༢༣ མི་ཡི་དཔྱི་མིག་ཚིགས་རྟ་སོགས་ལྕེ། ༢༤ མི་ཡི་བརླ་སུལ་རྟ་སོགས་མིག་དང་དཔྲལ་བ། ༢༥ མི་ཡི་སྒྱིད་ཁུག་རྟ་སོགས་བྲང་ཟེ། ༢༦ མི་ཡི་པུས་མོ་རྟ་སོགས་ཨོལ་སྟོང་། ༢༧ མི་ཡི་བྱིན་ཉ་རྟ་སོགས་མཚན་མ། ༢༨མི་ཡི་ལོང་ཚིགས་རྟ་སོགས་སྒྲོ་བ། ༢༩ མི་ཡི་ངར་གདོང་རྟ་སོགས་སྦང་ཁུང་། ༣༠ གནམ་གང་མི་རྟའི་ལུས་སྤྱིར་ཁྱབ་ཅེས་སོ། །མངྒ་ལཾ། ༈ །དཀར་པོའི་འཁོར་ལོ་དབང་ལ་བརྩི། མཛེས་གཟུགས་ཐལ་སྦྱར་ལ། དཀར་པོའི་འཁྱོད་པ་ནས་བརྩམ་གསུམ་རེ། སྤྱི་བོ། མིག ཁ། མགྲིན་པ། ལག་གཉིས། ཐལ་མོ། རྐང་པ། གསང་བ། སྙིང་གར་བཀོད། རང་གི་སྐྱེས་མིང་དང་། ཟླ་སྐར་ནི། སྤྱི་བོའི་དུས་སུ་གང་དབང་འདོད། བྲམ་ཟེ་དབང་དུ་བྱ་ན་རིག་བྱེད་ཆོས་ཀྱིས་བཀུར། བུད་མེད་བསྟེན་ན་ཆུང་མར་བྱེད། །བློན་པོས་ནོར་སྟེར་ཕུན་སུམ་ཚོགས། །མིག་གིས་བྲན་དང་བུད་མེད་འདུ། །རང་ལ་འདུད་ཅིང་དགའ་བ་དང་། །ཆུང་མ་ནོར་དང་བཀྲ་ཤིས་བྱེད། །ཁ་ལ་རྒྱལ་རིགས་མ་ནིང་གིས། །མགོ་སྐོར་སྨྲ་དགོས་ལུས་


MR12_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་འབབ། །མགྲིན་པར་རྗེའུ་རིགས་རྒྱལ་རྣམས་དང་། །བུད་མེད་ལ་ནི་སྨྲས་པ་ན། །ནོར་དང་བུད་མེད་ཐམས་ཅད་འདུ། །ལག་གཉིས་སྐར་མ་གང་སོང་བ། །རྒྱལ་དང་དམག་དཔོན་སྐྱེས་པ་ལ། །རང་ལ་ལྟས་ངན་འབབ་པ་དང་། །ཡུལ་འཁོར་དང་ནི་སྐྱེ་བོས་སྡང་། །ཐལ་མོ་ལ་ནི་གང་དབང་པ། །ཕལ་པ་དང་ནི་མ་ནིང་གིས། །བླ་མ་ལྷ་རྣམས་མཆོད་པ་དང་། །ཆོས་སྦྱིན་དང་ནི་རྒྱལ་རྣམས་འགྲུབ། །རྐང་པས་བྲམ་ཟེ་བློན་པོ་དང་། །སྐྱེས་པ་དག་ལ་རིམ་བཞིན་དུ། །ནོར་ཟད་ཆུང་མས་སྤང་བ་དང་། །དགྲ་ཡི་དབང་དུ་འགྲོ་བར་འགྱུར། །གསད་པའི་དུས་ལ་གད་དག་འདོད། །བྲན་རྣམས་དང་ནི་བུད་མེད་དང་། །ཡོན་ཏན་ཅན་འཁོར་ཆུང་མས་འབོར། །སྙིང་གའི་དུས་ལ་དབང་བྱས་པ། །བྲམ་ཟེ་མ་ནིང་དབང་བྱས་ན། །གཉན་གྲོགས་སྤང་ནས་རང་ལ་འདུད། །ནོར་དང་བྲམ་ཟེ་བུད་མེད་རྙེད། །ཅི་ཙམ་ཐོབ་ཡུན། ཁ་ཆུ་ཚོད། ལག་པ་ཞག །མིག་ལོ་གཞན་རྣམས་ཟླ་བའོ། །དེ་ཡི་ངེས་པ་སྔར་འདས་ཀྱི། །དྲུག་ཅུའི་ལྷག་མ་གར་ཡིན་པ། །མགྲིན་ལག་དྲང་པོ་མིག་ལ་གཅིག །སྙིང་ཕྱེད་ཐལ་མོ་གཉིས་ཁ་དྲུག །རྐང་དགུ་གསང་གནས་དྲུག་ཏུ་བརྩི། །ཉིན་ཞག་དཀྱིལ་འཁོར་མཉམ་དུས་ན། །ཇི་སྲིད་གཞན་ལ་མ་འཕོས་པ། །དེ་ཡི་འབྲས་བུ་མཉམ་པར་མཐོང་། །ཞེས། མདོར་ན་རིགས་དང་ཡུལ་ཁྱད་སྦྱར། །རང་མིང་སྙིང་སོགས་སྤྱི་བོར་ཟླ་སྐར་བབ་སོགས་དུས་སྨྲ་ཕྲད་དབང་སྔགས་བྱའོ། །ཧེ། ༈ གོང་མ་བསྟན་ན་སེ་བའི་ཙཀྲ། གཡོག་པོས་དཔོན་ནམ་སློབ་མས་བླ་མ་བསྟན་ན། མི་གཟུགས་ཀྱི་སྤྱི་བོ་ནས་བརྩམ། བསྟན་བྱ་དེའི་མིང་སྐར་ནས་བརྩམ། སྤྱི་བོ། རྒྱབ། སྙིང་ག །རྐང་པར་བདུན་རེ་བཀོད། སྟེན་བྱེད་


MR12_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མིང་སྐར་མགོར་སོང་ན་ལེགས་པ་སྟེར་ཞིང་ཕན། ཁྱད་པར་མིང་སྐར་གཅིག་ན་དགེ། རྒྱབ་སོང་རེ་བའི་བཅུ་ཆ་ཙམ་ཐོབ། སྙིང་སོང་རང་ཉིད་དཔོན་དེའི་དབང་དུ་འགྱུར། །ཅི་གསུང་སྒྲུབ་དགོས་ངལ་བརྒྱ་མཐོང་། །རྐང་པར་ཕན་མེད་རེ་ཐག་ཆད། །འདི་ཡིས་དཔོན་སོགས་གང་ཕན་ཤེས། ༈ །ལས་གང་ལ་ཡང་རཱ་ཧུ་གདོང་གི་ཙཀྲ་ནི། སྒྲ་གཅན་གྱི་མགོ་བྲིས་ལ་གདོང་འཁྱུད་ཁ་ལ་བྲི། མཆེ་བར་གཉིས། སྣ་བུག་ལ་གཉིས། སྣ་སྒང་གཉིས། མིག་ལ་གཉིས། རྣ་གཡོན་བཞི། གཡས་ལ་བཞི།དཔྲལ་བར་ལྔ། སྤྱི་བོར་གཅིག །ཀོས་ཀོ་གཅིག མགྲིན་པར་བཞི་བཀོད། འདྲི་བྱེད་སྐར་མ། ཉི་མ་ཟླ་སྐར་ལའང་། ཁ་ལ་སྡུག་བསྔལ་སྣ་ཚོགས་འབྱུང་། མཆེ་བར་ནད། སྣ་བུག་བཙོན་འཛིན། སྣ་སྒང་མི་མཐུན་པ་ཡང་མཇལ། མིག་འདོད་འབྲས་འབྱུང་། རྣ་གཡོན་ནོར་འཛད། གཡས་པས་འདོད་དོན་ཐོབ། དཔྲལ་བར་བུ་ཐོབ་ཡང་དག་བདེ། སྤྱི་བོར་རང་འདོད་གནས་ཐོབ། ཀོས་ཀོ་འབྲུ་བཟའ་བཏུང་རྙེད། མགྲིན་པར་རྩོད་བརྡེག་འབྱུང་ངོ་། །ཚེས་རས་གཟའ་རྒྱུ་སྐར་གྲངས། བསྡོམས་ལ་གནས་གསུམ་མིག་མེ་མཚོས། བསྒྱུར་ལ་དྲུག་བདུན་བརྒྱད་ཀྱིས་བགོས། དང་པོ་སྟོང་ན་དོན་ཉམས། གཉིས་སྟོང་དགྲ་འོང་། གསུམ་སྟོང་འཆི། ལྷག་ཡོད་ན་བཟང་། ལོ་ཆེན་རིན་བཟང་ལ། སྤྲུལ་པའི་ཛོ་ཀི་ཞིག་གིས་ཕུལ། ༈ དགོས་དོན་ཅི་ལའང་།ཚེས་གཟའ་རྒྱུ་སྐར་དྲུང་གནས་ལ། །དྲིས་དབྱངས་བསྟན་ལ་བདུན་ལྷག་བརྟག །ཞི་བཟང་དྲག་པོས་མི་དགེར་བྱེད། །ཨ་ཛི་ཏ་ཡིས་བློ་ལས་ཤར། ཧ། ༈ ནད་པར་འདྲི་དུས་ཟླ་སྐར་ནས་བརྩམ། སྤྲུལ་གྱི་ཁ་མདུན་གསུས་དབྱི་མཇུག་མགུལ་དཔུང་སྟེ་གསང་


MR12_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རེ་བཀོད་ནད་པའི་མིང་སྐར། ཁ་སྟེར་སོང་ན་ནོར་རྙེད་ནད་ཞི། དཔུང་པར་རྒྱལ། མགུལ་པས་འཆི། གསུས་པར་ཡུན་རིང་གནར་བར་འགྱུར། མཇུག་མདུན་མནར་ནས་འཆི། གསང་བར་དོན་ཉམས། དཔྱི་ལ་ཡུན་རིང་མི་བདེའོ། །༈ གཡས་རྒྱུར་དབང་དྲག །གཡོན་རྒྱུར་ཞི་རྒྱས་བཟང་། དྲིན་གཡས་ངན་གཡོན་པ་བཟང་། འཐོན་ངན་འཇུག་བཟང་ཤེས་པར་བྱ། ༈ བི་ཚིན་རཱ་ཧུ་ནི། ཁ་ལ་གཅིག གདོང་སྐར་ནས། སྤྱི་བོར་གསུམ། མགྲིན་པར་བཞི། རྒྱབ་གསུམ། མཇུག་གསུམ་བཀོད། རང་ལྷག་མ་བཏང་སྙོམས་མཆན། གི་སྐར་མཁར་སོང་གནས་ལས།ཉམས། བུད་མེད་འཆི་བཅིང་བཅོམ་ཕྱུགས་ཟད། མགོར་ཁྱིམ་ཚིག་ནོར་ཉམས། འཐབ་རྩོད་འབྱུང་། ལྐོག་མར་ཆོས་རྙེད། ནོར་རྙེད། དོན་འགྲུབ། གཉེན་འགྲོགས། རཱ་ཧུའི་དངོས་གྲུབ་འབྱུང་། རྒྱབ་སོང་འཆི། རང་གཉེན་བཅས་གསུས་ནད། དོན་ཉམས་སོགས་འབྱུང་། མཇུག་མར་ལྕགས་སྒྲོག་བཅིང་འགྱེལ། ལྟུང་དུས་སྣང་། གནས་ནས་གཡོ། ཀླུ་གནོད། འཇིགས་ཆེན་འབྱུང་། སྙིང་ནད་འབྱུང་། ༈ །བྱ་ཁྱུང་འཁོར་ལོ་ནི་ཉི་སྐར་ནས་བརྩམས་གཅིག་མཆུ་ལ།བརྒྱད་རྐང་པ། མིག་ལ་གཉིས། སྤྱི་བོར་གསུམ། སྙིང་གར་ལྔ། གཤོག་གཉིས་བརྒྱད་བརྩི་བྱའི་སྐར། མཆུར་ལུས་ནད། རྐང་པས་དོན་མེད། མི་དགེ་འབྱུང་། མིག་གཉིས་ལ་ནོར་རྙེད། སྤྱི་བོས་དགྲ་འཇོམས། སྙིང་གས་བུད་མེད་སྦྱོར།གཤོགས་པས་འཇིགས་པ་ཆེན་པོ་འབྱུང་། འཁོར་ལོ་འདིས་དོན་རྣམས་བརྟག ༈ ཉི་མ་ཁྱིམ་གང་དུ་གནས་ཕྱོགས་བུམ་སྟོང་ངོ་། །དེ་སྟེང་མན་ངག་སྒྲ་གཅན་བསྐོར་བས་སྲིད་གསུམ་རྣམ་རྒྱལ་དང་འགྲིགས་ན་ར བ། མིན་ཀྱང་དྲག་གཟའ་རྣམས་དང་


MR12_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བུམ་རྒྱབ་དུ་རབ། མིན་ཀྱང་གཡས་གཡོན་གང་བུམ་ཞི་གཟའ་གནས་པ། མདུན་དུ་འཁོར་དུས་གང་བརྩམས་འགྲུབ། ཨི་ཐིཿ སྨིན་སྣར་འཆར་དཀྱིལ་ཤར། ནུབ་དཀྱིལ་དབུས་དྲང་ནུབ། སྨེ་བདུན་འཆར་ནུབ་དཀྱིལ་དབུས་དྲང་བྱང་། རི་ཥི་འཆར་ནུབ་དཀྱིལ་དྲང་ལྷོ་ཞེས་བཻཌཱུར་ས་དཔྱད་ལས་སོ། །དྲང་པོ་བཞིན་རྡོ་གཡག་ཙམ་རེ་བཞག ཤར་དུ་དྲི་བཟང་གི་གཏོར་མ་ཡུལ་འཁོར་སྲུང་ལ་ཕུལ། ཤར་གྱི་སྲུང་མཚམས་བཅོལ། རྡོ་དཀར་ཕྱག་གང་བ་ལ་སྟག་སྐྱ་བསྟིམ། བུ་ཚ་འཕན་མཛད་རྟ་གནག་རྐང་བྲན་འཕེལ་བའི་ལྷར་གསོལ་མཚམས་བཞིའི་ས་དགྲ་ཐུབ་པར་བཅོལ། ལྷོར་ཤ་ཁྲག་གཏོར་མ་འཕགས་སྐྱེས་པོར་ཕུལ། རྡོ་སྔོན་འབྲུག་སྔོན་བསྟིམ། བུ་ཚ་ཉེ་དྲུང་ཡིག་ཚང་དབང་ཐང་སྤེལ་ལྷར་གསོལ། ནུབ་ཀྱི་ས་དགྲ་ཐུབ་པར་བཅོལ། ནུབ་ཏུ་དཀར་གཏོར་ཀླུ་དང་མིག་མི་བཟང་ལ་ཕུལ། རྡོ་དམར་བྱ་དམར་བསྟིམ། འབྲས་འབྲུ་འཕེལ་ལྷར་གསོལ། ཤར་གྱི་ས་དགྲ་ཐུབ་པར་བཅོལ། བྱང་དུ་མངར་གཏོར་གནོད་སྦྱིན་བཅས་རྣམས་སྲས་ལ་ཕུལ། རྡོ་ནག་རུས་སྦལ་ནག་པོ་ཁྱིམ་བདག་ལ་བུ་ཚ་འཕེལ་ཚེ་རིང་སྲིད་འཕེལ་དར་རྒྱས་ལྷར་གསོལ། ལྷོའི་ས་དགྲ་ཐུབ་པར་གསོལ། ཡོན་བདག་གི་ཆད་ཆེན་ཕྱོགས་ན་ས་རྡོ་སེར་པོ་བླངས་དབུས་སུ་བཞག །དབུས་ཀྱི་གསེར་སྤྲེལ་སྤྱན་དྲངས་བསྟིམ། དྭ་ཕྲུག་མི་འབྱུང་ལྷར་གསོལ། བྱང་གི་ས་དགྲ་ཐུབ་པར་གསོལ། དེ་བཞིན་ཆད་ཆུང་ཕྱོགས་ནས་ཁམས་མཐུན་རྡོ་ས་ཡི་ལྷ་མོར་མངའ་གསོལ་སོགས་ཡོད་དོ། །བཻཌཱུར་ས་དཔྱད་ཁང་པ་བརྩིགས་པའི་ཆོ་ག་ལེགས་འདི་ནག་རྩིས་ཡིན་ཀྱང་འདིར་བྲི་རྒྱུ་རེད་སོང་། ༈ འདིར་རྩིས་ཀྱི་གནད་ཕན་བྱ་དང་། གནོད་བྱ་གཉིས་སུ་དོན་དྲིལ་ལ། ཕྱོགས་


MR12_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་རྟེན་འབྲེལ་བསྒྲིགས་ཤེས་ན་དོན་གང་ཡང་འགྲུབ་པས། དང་པོ་ལ་རང་ལ་ལྟོས་པ་དང་། མི་ལྟོས་པའོ། །དང་པོ་ནི། རང་ངམ་ཡོན་བདག་གི་དབང་དུ་བྱས་ཏེ། ལོ་སྤར་སྨེ་བ་གཟའ་སྐར་རྣམས་ནི་རང་གི་ཕན་པའི་ལྷ་ཡིན་པས། དེ་ཕྱོགས་བཟང་པོའི་བྱ་བ་དང་མཆོད་སོགས་བྱ་ཟོར་སོགས་དྲག་ལས་མི་བྱ། བརྩི་བྱའི་སྲོག་ལུས་དབང་ཀླུང་སྐྱོབ་ཅིང་དར་བ། སྤྱི་དང་ཚེ་ལ་སྲོག །སྨན་གཏོང་ནད་ཞི་སོགས་དང་སྲིའུ་ལ་ལུས། ལོངས་སྤྱོད་སྲིད་སྤེལ་ལ་དབང་། བྱ་བ་ལས་ཤུགས་ལ་ཀླུང་རྟ་གཙོ་བོར་བཟུང་།དེ་དག་གཙོར་བྱས་གཞན་གསུམ་གྲོགས་བྱས་ལ། དེ་དུས་ཀྱི་ལོ་ཟླ་ཞག་དུས་གཟའ་སྐར་སྤར་སྨེར་འཐབ་པས་ཚུར་སྐྱོབས་མ་གྲོགས་ཤར་བ། སྲོག་སོགས་བཞི་དེ་ལོ་ཟླ་ཞག་དུས་སྟེང་ཁྱེར་དར་དྲུག་བབ་པ། ལོ་ཟླ་ཞག་དུས་ལ་རང་གི་བཞི་བཤེད་བདུན་ཟུར་མེད་པ། དགུ་མིག་དུར་མིག་མ་ཐུག་པ། གཟའ་སྐར་སོགས་དུས་སྦྱོར་དགེ་བ། ཞག་གི་རྒྱུ་བ་ངན་པ་མེད་པ། དེ་ལྟ་བུ་ལ་འཇུག་པ་ནི་དུས་ཀྱི་ཕན་བྱའོ། །བྱེ་བྲག་ལས་གང་བྱེད་དང་མཐུན་པའི་གཟའ་སྐར་སོགས་ལ་བརྩམ་མོ། །ཕྱོགས་ཀྱི་ཕན་བྱ་ནི། བུམ་པ་གང་བ། ས་བདག་གདུག་པ་མེད་པ་རང་ལོའི་གཤེད་བདུད་ཀྱི་ཕྱོགས་དང་། ཁྱད་པར་སྤར་ཁའི་བཟང་བཞི་གང་རུང་ལ་ཐོག་མར་ཁ་བལྟ་ཞིང་འགྲོ་བ་སོགས་དོན་གཉེར་བྱའོ། །རང་ལ་མི་ལྟོས་པ་ནི་གང་ཟག་སུ་ལའང་རུང་སྟེ་འཛེམ་དགོས་པ།ཉི་ནག་པི་ལིང་སོགས་རྒྱུ་དུས་ངན་པ། གཟའ་སྐར་བྱེད་སྦྱོར་སོགས་ངན་པ་ལ་བྱོལ་ནས་བཟང་པོ་ལ་འཇུག་པ་ནི་ཕན་བྱའི་རྟེན་འབྲེལ་ལོ། །གནོད་བྱ་ནི་དེ་ལས་བཟློག་སྟེ། དྲག་ལས་ལྟ་བུ་ལ་ས་བདག་གདུག་ཅན་རྒྱུ་བ་སོགས་ཐེབས་བསྟུན་ཁ་ལྟ་ཕྱོགས་བྱ།


MR12_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་འཕེན་ཕྱོགས་དྲག་པོ་རྒྱུ་བའི་གདོང་དང་ཐུག་པ་དང་། རང་གི་ལོ་ལྷ་སོགས་ཀྱི་ཕྱོགས་སུ་འཛེམ། རང་གི་འདྲེ་ལྔ་བདུད་གཅོད་དང་དགྲ་ཡོད་ཕྱོགས་ལ་རྒྱུ་ཐེབས་འགྲིགས་དུ་བསྟུན་ལ་ཟོར་སོགས་འཕེན། དེ་དུས་རང་གི་སྲོག་སོགས་དར་གེགས་མེད་པ་དང་། དགྲ་ཡི་གཤེད་བདུད་དང་། ཁྱད་པར་དུར་ཉི་དུར་ཁང་གནད་དུ་བརྩི། བསྡུས་ཙམ་བྱེད་ན་རེས་གཟའི་ཤན་པ་རྔ་ཟོར་ཙམ་བརྩི། མདོར་ན་རང་དར་དགྲ་གུད་དྲེགས་པ་རྣམས་རང་གི་རྒྱབ་བརྟེན་བྱས་ན་ཐེབ་ངེས་སོ། །ཡང་གླུད་ནི་འདྲེ་ལྔ་ཕྱོགས་སུ་བརྫང་།གླུད་ལ་ཕྱོགས་ཀྱི་རྒྱུ་བས་ཉེས་པ་ཆུང་། ཟོར་སོགས་ལ་ལེགས་ཉེས་ཆེ། མཆོད་དུས་དྲེགས་བྱེད་ཀྱི་མདུན་དུ་ཁ་བལྟས་ཏེ་མཆོད། རྦད་དུས་རྒྱབ་བརྟེན་བྱས་ཏེ་རྦད། སྲིད་གསུམ་རྣམ་རྒྱལ་ཁྱད་པར་ཅན་དང་རྒྱུ་ཐེབས་གཞན་བསྟུན་སྔར་ནས་ལོ་གཅིག་གི་གོང་ནས་གང་ལེགས་གདམས་ཏེ་རྩིས་ནས་ཟོར་སོགས་བརྩམས་ན་ཡ་མཚན་བྱ་བ་འགྲུབ། གང་བུམ་ཟླ་ལྷག་ཕུར་སངས་ལྡན་པ་ས་བདག་ངན་མེད་གདགས་ལྷ་དང་རང་ལྷ་ཡོད་ཕྱོགས་དུས་བཟང་ནམ་འགྲིགས་ལོ་གཅིག་གི་ཞག་གང་ཡོད་སྔར་ནས་བརྩིས་ལ། གཡང་བླན་སོགས་བྱས་ན་དོན་ཆེ། རང་ལ་ཀེག་ཉེན་ཆེ་དུས་གླུད་དང་བསྒྱུར་གཏོ་རེ་བོར། དགྲ་ལ་ཀེག་ཉེན་པའི་དུས་དེ་ཡི་ལིང་ག་བྲི་ཐུན་འཕེན་པ་སོགས་བྱ། རང་དར་དུས་ཆོ་ག་ཡང་སྒྲུབ་རླུང་རྟ་བསྐྱེད། དགྲ་དར་དུས་དེ་ལ་ངན་ལས་མི་བརྩམ་ལྷ་དབྱེ་བྱ། རང་དགྲ་ལོ་སོགས་གཅིག་ན་ཕ་རོལ་ལྷ་རང་ལ་བསྡུ། རང་ཀེག་གཞན་བསྒྱུར་གཏོ་བྱ། ཕྱོགས་ངན་དུ་མགྲོན་ཐོག་མར་བཟང་སར་གོམ་པ་བརྒྱད་ཅུར་འགྲོ། སངས་རྒྱས་ཡིད་ལ་བྱ། ཞི་སྔགས་སརྦ་ཏི་ཐི་སོགས་བརྗོད། མཛུབ་མོ་ལ་ཡི་གེའི་རྟེན་འབྲེལ་བྲི། རྟེན་སྙིང་བཟླ་བཀྲ་ཤིས་བརྗོད། གོང་བཤད་འདི་དག་ཤིན་ཏུ་གནད་ཆེ་དོན་འདུས་ཞིག་ཡིན་ཏེ་མི་ཕམ་པས་ས་ཁྱི་ཟླ་བ་གསུམ་ཚེས་བཅུ་


MR12_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་མོ་ཧོར་དགོན་དུ་འཕྲལ་བྲིས། མངྒ་ལཾ། །ཤར་ལྷོ་དཔལ་སྐྱེད་ལྷོ་ཕྱ་ལོན་ལུས་ཆད་འདྲེ་ལྔ་ལྷོ་ལུས་ཆད་ཕྱ་མཉམ་ཤར་སྲོག་འཚོ་ལི་འདྲེ་ལྔ་གནོད་པ་ཁོན་དཔལ་སྐྱེད་གནོད་པ་གནམ་སྨན་བདུད་གཅོད་སྲོག་འཚོ་བདུད་གཅོད་གནམ་སྨན་སྲོག་འཚོ་གནམ་སྨན་བདུད་གཅོད་བདུད་གཅོད་གནོད་པ་སྲོག་འཚོ་ཤར་དཔལ་སྐྱེད་ཁམ་གནོད་པ་ལུས་ཆད་གིང་གནམ་སྨན་བྱང་ཤར་འདྲེ་ལྔ་ཕྱ་མཉམ་བྱང་ལུས་ཆད་ཕྱ་ལོན་འདྲེ་ལྔ་བྱང་དཔལ་སྐྱེད་ལུས་ཆད་ལྷོ་འདྲེ་ལྔ་དཔལ་སྐྱེད་གནོད་པ་ལྷོ་བདུད་གཅོད་གནམ་སྨན་ལྷོ་ནུབ་བདུད་གཅོད་དྭ་ཕྱ་ལོན་འདྲེ་ལྔ་ཁེན་སྲོག་འཚོ་ནུབ་གནམ་སྨན་གནོད་པ་སྲོག་འཚོ་དཔལ་སྐྱེད་ལུས་ཆད་ཕྱ་ལོན་གནམ་སྨན་སྲོག་འཚོ་གནོད་པ་ཕྱ་མཉམ་དཔལ་སྐྱེད འདྲེ་ལྔ་ཕྱ་མཉམ་ཟིན་བདུད་གཅོད་གནམ་སྨན་ཟོན་ལུས་ཆད་ནུབ་ལུས་ཆད་དཔལ་སྐྱེད་བྱང་འདྲེ་ལྔ་བདུད་གཅོད་སྲོག་འཚོ་བྱང་གནོད་པ་ནུབ་བྱང་སྦར་ཁའི་ཉེན་བཅོས་སོགས་ལོ་རེ་བཞིན་གཙོ་བོར་བཟུང་ན་ལེགས། ཁྱད་པར་ནད་པ་སོགས་ལ་གལ་ཆེ་བརྩི་དགོས་དགེ གནམ་སྨན་ཕྱོགས་ནས་གཉེན་བཙལ་ནོར་ཉོ། བུད་མེད་ཆས་བཟང་ལ་ཟས་བསླང་། སྨན་སྦྱོར་རྟེན་འཛུགས། སྨན་དང་ནོར་བཙལ་དོན་གཉེར་རང་མཐུན་ལས་བཟང་། སྲོག་འཚོར་སྔས་བསྟན་ཟས་བླང་། ཞལ་བསྲོ་གྲོས་བྱ་གཉེན་བསགས་བག་མ་གཏོང་ལེན་བྱིས་པ་སྒོར་ཁྲིད་ལམ་རིང་པོ་འགྲོ་ཕྱོགས་རྣམས་བཟང་། དཔལ་སྐྱེད་ཕྱོགས་སུ་ལྷ་གསོལ་གཡང་ལེན་བག་མ་གཏོང་ལེན་ཁྱེའུའི་དགའ་སྟོན་སྒོར་ཁྲིད། ལམ་ཞུགས་དོན་གཉེར་སོགས་མཐུན་ལས་བཟང་། ཕྱ་ལོན་ཕྱ་མཉམ་ཕྱོགས་སུ་ཞིང་བཙལ། སྔས་སྟོན་ནོར་གཡང་ལེན། འབྲུ་སྤེལ་ལམ་ཞུགས་དོན་གཉེར། བག་མའི་ལས། ནད་པའི་རིམ་གྲོ་པ་


MR12_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དེ་ཕྱོགས་ནས་བཀུག་ན་བཟང་། གནོད་པའི་ཕྱོགས་སུ་དོན་གཉེར་ན་དགྲ་འོང་ངམ་སྨ་འབེབ། སྦྲུམ་མས་ཕྱིན་ན་བུ་འཆོར། ནད་འབྱུང་སྟོར་བརླག་དེ་ཕྱོགས་ནས་གཡུ་མི་ཉོ། བག་ལས་ནད་པའི་སྔས་སྟོན་འགྲོ་ཕྱོགས་སྦད་དགོས་སོ། །འདྲེ་ལྔ་སར། དོན་མི་གཉེར་སྔས་བསྟན་ན་འདྲེ་དང་འཕྲད། ལས་སྤྱི་དང་ནད་པའི་རིམ་གྲོ་པ་འབད་པ་ཕྱོགས་དེ་ནས་མི་བཀུག །བཀུག་ན་ཕྱོགས་བསྐོར་བྱས་ནས་འཁྲིད། བདུད་གཅོད་ཕྱོགས་སུ་དོན་གཉེར་མི་རུང་། སྦྲུམ་མས་ཕྱིན་ན་ཁྲག་གིས་འབོབ། ཡང་ན་ཁྱེའུ་བུ་མོར་འགྲོ། ཡང་ན་འཆི་ཞིང་ནད་ཀྱི་ཐེབས། སྐྱེས་པས་ཕྱིན་ན་རྐྱེན་ངན་འོང་། མྱ་ངན་གློ་བུར་ཡེ་འདྲོག་འོང་བས་དེ་ཕྱོགས་འགྲོ་མི་རུང་། དེ་ཕྱོགས་ཕྱིན་ན་ལོ་དེར་ཉེས་པ་མེད་ཀྱང་ལོ་ཕྱི་མ་ལ་ཉེས་བ་འབྱུང་ངོ་། །ལུས་ཆད་ཡོད་སར་ཕྱིན་ན་དགྲ་དང་ཆོམ་པོ་འབྱུང་། བུད་མེད་ཀྱིས་ཕྱིན་ན་ཁྲག་ཚབ་ནད་དམ། ནད་གཞན་འབྱུང་། བྱིས་པ་ཆགས་པ་ལྟེ་བ་འགྱུར། ན་ཚ་སྟོར་བརླག་འོང་བས་འཛེམ། དེ་བཞིན་བབ་སྨེ་ལོག་མིན་གྱི་སྤང་བླང་སྟེ། ལོ་སྤར་སྨེ་གསུམ་སྤང་ལོ་རེ་བཞིན་བྱ་དགོས། བཟང་ངན་དགུ་པོ་འདི་རིམ་བཞིན། རབ་ཀྱི་བཟང་འབྲིང་ཐ་གསུམ་སོགས། འབྲིང་གི་གསུམ། ཐ་མའི་གསུམ་དུ་བཤད་དོ། །དགེའོ། །སྤྱིར་ཕྱ་ལོན་ཕྱ་མཉམ་གཅིག་བརྩིས་དེ་ཡན་བཟང་བཞི། དེ་མན་ངན་བཞིའོ། །མངྒ་ལཾ། །༈ སྤར་ཁའི་སྤང་བླང་མདོར་བསྡུས་སྙིང་པོ་ནི། སྤར་ཁ་ལི་ལ་བབ་དུས། སྤང་ཁ་སེར་ཟླ་བ་བརྒྱད་པ་འདྲ། དུས་སུ་སྐག །ནུབ་ཏུ་མགོ་ཆག་གཉན། བཙན་དང་རྒྱལ་པོས་གནོད། འཕྲད་མི་རུང་བ་ལོང་བ་རྫ་མཁན། ཉོ་མི་རུང་བ་ཕྱུགས་རྒོད་མ་དམར་ཞུར་ཞྭ་ཕྱིང་


MR12_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་གཡོག རྫས་གཡུ་དང་ཟངས། ཟས་རྟ་རྐྱང་གི་ཤ །བྱ་བ་མི་རུང་བ་རོ་བསྲེག་མེ་ལས། སྐྱོབ་བྱེད་རྡོ་རྗེ་རྣམ་མཚན་བརྗོད། འཇོམས། ཆོ་ག་ཡུམ་ཆོག མདོས་དབང་ཕྱུག་ཟོར་མདོས། གཏོ་འདྲེ་དགུ་སྐྱས་འདེབ། ཕན་ཐོགས་ཀྱི་མི་སྔགས་དང་། སྒོ་ནི་བྱེ་བྲག་གི་སྒོ།མགོ་ལ་གཏར་སྲེག་མི་བྱ་བ་སོགས་གཞན་ལ་འགྲེ། ཁོན་ལ་རོལ་པོ་ཁ་ནག་གསུམ་པའི་བཅུ་དྲུག དུས་སྐག ལུག་གིས་བརྡུང་ན་གཉན། མ་མོ་དམ་སྲིད་གནོད། ལྐུག་གྱང་མཁན་དང་། པ་དང་མི་འཕྲད། བ་ལུག་སེར་པོ་མི་ཉོ། ཡུག་གོས་དང་རྒན་མོའི་ནོར་མི་ལེན། མོ་དུར་གྱི་ཟས་མི་ཟ། ས་བརྐོས་ལས་མཁོན་འཐབ་ཀྱང་། སྤང་། ཆོས་གཙུག་ཏོར་རྣམ་རྒྱལ་གསེར་འོད་སྒྲོལ་མ་བགྲེས་ཞུས། ས་སྙིང་འདོན། ཆོ་ག་བརྒྱ་བཞི། མ་མདོས་ཕུར་མདོས་གཤིན་རྗེ་ཚོང་བཟློག་བྱ། ཁོན་ས་སྒོ་ཡིན་པས་ས་སྒོ་བཅད། ཕན་རྣལ་འབྱོར་པས་ཐོགས། དྭ་འཁྱགས་པ་ཧྲབ་ཧྲིབ་དུས་ཟླ་བ་བཅུ་པ། སྐག ནམ་ཕྱེད་སོལ་མལ་ཉལ། མགལ་བའི་ལག་ཆ་ཕོག་ན་ངན། གྲེ་བོ། བདུད་བཙན་གནོད། མགར་བ་དང་ད མེ་ཕོ་འཕྲད་མི་རུང་། ར་མི་ཉོ། མཚོན་ཆ་ཁྲབ་རྨོག་ལྕགས་དཔྱད་མི་ལེན། རོ་ལས་མི་བྱ། ཆོས་ཁྱེའུས་ཞུས་མདོ། རྡོ་གཅོད་རྡོ་རྗེ་མཆུ། སྣང་བརྒྱད་མཚན་བརྗོད། བརྒྱད་སྟོང་པ་བཀླག་ཚེ་ཆོག་བྱ། སྡེ་བརྒྱད་ཁེང་ལོག་མདོས་དང་། དགྲ་ཡི་དྲག་མདོས་དགྲ་ལྷའི་གྲལ་མདོས་ཏེ་བེ་ཧར་མདོས། བཏང་། གྲི་ཁ་མཚོན་བསྒྱུར་བྱ། གྲེ་བོ་བྲུབ། དགེ་སློང་གིས་ཕན་ཐོགས། གྲི་སྒོ་ཡོད། ཁེན་གནམ་སྔོ་ས་སྔོ་དུས་ལྔ་པའི་དགུ། སྐག་ཉིན་ཕྱེད་ཁྱིས་བཟུང་ན་གཉན། གནམ་ཐེའུ་དང་ཕ་མས་དུར་སྲི་གནོད། མི་ཞ་འཐེང་བོན་རྒན། ཁྱི་ཁྲིད་འཕྲད་མི་རུང་། བོན་གོས་རྐང་ལྷྭམ་བོན་ཆས་སལ་སིལ།


MR12_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ཁྱི་མི་ལེན། རྩིག་མཁན་མི་བཙལ། བོན་པོ་མི་རྒན་ཟས་སྤང་། ཁྱི་ཕག་གི་ཤ་མི་ཟ། མེ་ཆ་མི་ཉོ། ལས་བྱ་རང་འཐག་པ་དང་། ལམ་འཕྲང་ཟམ་པ་བརྩིགས་པ་མི་བྱ། ཆོས་ཉི་ཁྲི་ཤེར་སྙིང་ནམ་སྙིང་མདོ་འདོན།ཀུན་རིག་གཤེད་དམར་ཁྱུང་ནག་གཟའ་ཡུམ་དབང་ཞུ། གནམ་ཐིལ་དང་གནམ་ཁྱིའི་མདོས་བྱ། གསས་མཁར་བསྟོད། རླུང་རྟ་བཀྱག །དུར་སྲི་བྲུབ་བསྒྱུར་བྱ། མི་རྒན་སྔགས་འདོན་པས་ཕན། འདི་གནམ་སྒོ་སྟེ་ཐོག་དང་གཟའ་སོགས་གནོད་པས་གནམ་སྒོ་བཅད་དོ། །ཁམ་ཆུ་བོ་གཞུང་རྒྱས་དུས་དྲུག་པའི་ཉེར་བདུན། སྐག་ཕྱེད་ཡོལ་བས་བརྡུང་། ཆུ་འདྲེ་འདྲེ་མོ་ཀླུ་ས་བདག་བསེན་མོ་གནོད། གྲུ་བ་བུད་མེད་ཆད་ཚོང་ནལ་མ་མི་ཞ་བོ་རྒུར་བ་དང་མི་འཕྲད། ཕག་མི་ཉོ། སྦྲ་ནག་སྤྱད་ནག་གོས་ནག་ཐག་ནག་ཆུ་སྣོད་ཐོང་གཤོལ་སྤང་། ཆུ་ཤ་མི་ཟ། ལས་མཁར་ལས་ཆུ་ལས་ཆུ་བརྒལ་གྲུ་འཛུགས་སོགས། སྤང་། ཆོས་སྤྲིན་ཆེན་མདོ། འབུམ་ཀླུ་འབུམ་འདོན། ཕྱག་རྡོར་དབང་ཞུ། ཆོ་ག་ཆབ་གཏོར་བརྒྱ་རྩ་བརྒྱད་བྱ། མཚོ་སྨན་མདོས་འཕང་། མོ་འདྲེ་བཀར་ཡས་ཆུ་ལ་བོར། བོན་པོ་དང་འཕྲད་ན་ཕན་ཐོགས། ཁམ་ལ་མྱ་ངན་གྱི་སྒོ་ཡོད། གིང་མེ་ཏོག་བཀྲ་དུས་སྐག །ཉི་ཤར་གླང་གིས་བརྡུང་ན་གཉེན། ཆུ་བོ་དར་ཆགས་བཅུ་པའི་གནམ་སྟོང་བཻ་དཀར་དུས་སོ། །བན་བྱད་རབས་ཆད་དུར་སྲི་གནོད། ཆོས་ལོག་བན་འཆལ་དང་འཕྲད་སྒོམ་ཆེན་རབ་ཏུ་བྱུང་བ། མི་རུང་། གླང་མཛོ། དམར་མི་ཉོ། དར་སེར་བན་གོས་མཆོད་ཆ་དཔེ་ཆ་སྤང་། གླང་ཤ་མི་ཟ། རི་བཤིག་མཁར་ལས་དཀོར་ཁང་བྱ་བ་འཛེམ། ཆོས་གླང་རུ་ལུང་བསྟན། རི་རབ་ཟོམ། གྲ་ཏོག་


MR12_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གསུམ། ཀླུ་མཆོད་ས་བདག་བཅོས། རྒྱལ་མདོས་བྱ། སྒོམ་ཆེན་པས་ཕན་ཐོགས། དུར་སྒོ་ཡོད་པས་བཅད། ཟིན་ཤིང་ལོ་ཁ་འབུས་གཉིས་པའི་ཉེར་བཞི། སྐག་ཉི་མྱུར་མདའ་ཕོག གཉན་དང་འགག་གྲི་དྲང་སྲོང་གནོད། མཛེ་ཕོ་དང་ཤིང་མཁན་མི་འཕྲད། ནོར་བོང་དྲིལ། རྫས་སྟ་རེ་སོག་ལེ་ཤིད་དཔྱད། གོས་གཅན་གཟན་གོས་དང་སྐད་ཆ། ཟས་རི་བོང་ཤ་དང་། སྡེར་ཆགས་ཀྱི་ཤ་བུ་སྲིད་ཟས་སྤང་། ལས་ཤིང་ཤིང་གཉན་བཅད་པ་སོགས། གི་བྱ་བ་སྤང་། ལང་གཤེགས་སྡོང་བརྒྱན་སྟག་མོས་ཞུས་བ། དཀོན་བརྩེགས་བཀླག །ཀླུ་ཆོག་གཉན་བཅོས་བྱ།ས་བདག་དབང་ཆེན་བྱ། ཀླུ་བཙན་མདོས་བཏང་། བདུད་བསྒྱུར་འགག་སྲིབ་ཀར། རི་ཁྲོད་པ་དང་འགྲོགས་ན་ཕན། ཟིན་ལ་གློ་བུར་སྒོ་ཡོད། ཟོན་སྙིམ་ཚབ་ཚུབ་དང་། སྦུར་མ་རླུང་ཁྱེར་ཀྱང་། ལོ་གསར་རྙིང་རི་འཁྱག་རླུང་འཁྱག་བདུན་པའི་བཅོ་བརྒྱད་བཻ་དཀར་ནས་སོ། །མཚམས་སུ་སྐག །ཐོ་རེངས་མཛོ་དྲིལ་གྱིས་རྒྱག་ན་གཉན། མ་མོ་དང་སྨྱོ་འདྲེ་གནོད། སྨྱོན་པ་དང་མི་འཕྲད། རྟོལ་མི་ཉོ། ཐབ་ཆ་ཐོ་བ་ཟ་འོག གཤོར་དང་སྦུད་པ། སྨྱོན་མའི་ནོར་སྤང་། སྨྱོན་མའི་ཟས་རྔ་བྲན་རྟོལ་ཤ་སྨྱོ་ཤ་མི་ཟ། ལས་སྨྱོ་འདུལ་ཐུན་ཟོར་དྲག་ལས་མི་བྱ། གདུགས་དཀར་འུར་འདོན་བྱ། སྟོབས་པོ་ཆེ། གཙུག་ཏོར་ཆོ་ག་བྱ། མགོ་གསུམ་མདོས་བྱ། ཐུན་མདོས་རྒྱལ་མདོས་རྫ་མདོས་བྱ། གཏོ་བདུད་བཟློག་བྱ། འདི་ལ་སྙིང་སྟོང་གི་སྒོ་ཡོད། དཀའ་ཐུབ་པ་འགྲོགས་ན་ཕན་ཐོགས་སོ། །མངྒ་ལཾ། ༈ །དབྱངས་འཆར་ལས་བཞིའི་མན་ངག །ལོ་གཅིག་གི་ནི་ཉ་གཅིག་ལ། །སྲིད་གསུམ་རྣམ་པར་རྒྱལ་བའི་དུས། །འདི་ནི་ཀུན་གྱི་གཞི་མ་སྟེ། །


MR12_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལྟ་བ་དེ་དང་བསྟུན། །མདུན་དཀྱིལ་བདུད་རྩིའི་ཐིག་ལེའོ། །ལྷག་ཕུར་སངས་གསུམ་ཟླ་ཁྱིམ་དང་། །མིག་སྤེན་ཉི་མའི་ཁྱིམ་དུའོ། །སྒྲ་གཅན་ལུས་ཆར་གནས་པ་རབ། །ལུག་སྡིག་དམར་གནས་དེའི་ཏརྐལ། །འཆར་བ་འཛོམས་ན་དགུག་སོགས་ཤིས། །བསྒྲུབ་བྱའི་སྐར་མའམ་ཉི་ཞག་གི། སྐར་མ་དེ་ཕྱོགས་ཁ་བལྟས་ལ། །གང་གི་མིང་སྐར་དེར་གྱུར་པ། །ཟླ་སོགས་སྔགས་ཀྱིས་ཁྲུས་བྱ་སོགས། །ཞི་བ་ལ་ནི་དེ་ལྟར་བསྔགས། །ཟླ་སྙིང་ལེགས་ཤིང་སྐྱེས་མིང་ཟླ་གནས་དུས། །གོས་རྒྱན་དཀར་བཅས་རིན་ཆེན་བུམ་པར་ནི། །ཞི་རྫས་དང་བཅས་ཞི་སྔགས་སྦྱོར་བར་བྱ། །ཞི་བའི་ལས་དེ་དེ་ཡི་མོད་ལ་འགྲུབ། །ཟླ་བར་ཁ་བལྟས་གང་བུམ་དང་། །འགྲིགས་པ་དེ་སྟེང་ཞི་གཟའ་རྣམས། །དེར་ཡོད་དྲག་པོ་མི་གནས་ན། །དབྱུག་གུ་ལྔ་ཡི་དུས་དེ་ལ། །རིན་ཆེན་བུམ་པར་ལྔ་ལྔའི་རྫས། །ཟླ་ལྷག་ཕུར་སངས་མནྟྲ་དང་། །རྒྱལ་སྔགས་རྟེན་སྙིང་སོགས་ཀྱི་མཐར། །མ་མ་ཨཱ་ཡུཪྫྙཱ་ན་པུཎྱེ་བ་སུ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ། ནཱ་ནཱ་ཁ་དྷེ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཞེས་བྲིས་དར་སྣས་དྲིལ་བ་དང་། །རྟེན་འབྲེལ་ཕྱ་གཡང་རྫས་ཀྱང་བཞག །གོས་རྒྱན་སེར་པོ་དང་བཅས་ཏེ། །རྒྱས་པའི་དུས་སྦྱོར་འཆར་དང་བསྟུན། །ཕྱ་གཡང་བུམ་པར་བཀུག་ནས་བསྟིམ། །རྟེན་བཞུགས་བཀྲ་ཤིས་ཆོ་ག་བྱ། །བུམ་པ་དེ་འཆང་དཔལ་འབྱོར་འཕེལ། །ཁྱིམ་དེར་སྐྱེས་མིང་ཡོད་པ་ན། །ལྷག་པར་ཕན་པ་རྒྱས་པར་བྱེད། །གཞན་ཡང་རྒྱས་པའི་ལས་ཀུན་འགྲུབ། །ཚེ་ལ་སོགས་པར་ཁ་སྒྱུར་འགྲུབ། །དཀར་པོ་གླང་དང་སྲང་ཁྱིམ་ཞུགས། །དཀར་པོའི་ཙཀྲ་དག་ལས་ནི། །སྙིང་གསང་སྤྱི་བོར་རང་མིང་དང་། །ཟླ་སྐར་གང་རུང་སོང་བ་དང་། །ཟླ་༢གནས་སྔར་༡བཞིན་ཁ་༣བལྟས་ཏེ། །རུ་པ་དམར་


MR12_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟག་རྫས་ཅན། །མིང་སྤེལ་དཀར་ཟླའི་སྔགས་བཅས་གཞུག །གོས་རྒྱན་དམར་ཞིང་དབང་ལྷ་ཡི། །སྔགས་དང་དམིགས་པས་ཀུན་དབང་བྱེད། །ལྷག་པར་ཟླ་ཁྱིམ་མིང་ཡོད་པ། །དེ་ནི་ལག་པའི་མཐིལ་ན་གནས། །ཚུལ་འདིས་དབང་གི་རྫས་སོགས་བསྒྲུབ། །དྲག་པོར་ཟླ་བར་ཁ་བལྟས་ལ། །དགྲ་བོ་གར་གནས་དེ་ཕྱོགས་བསྟན། །ཐུན་ཕྱེད་ལ་སོགས་ཅི་འགྲིགས་སྟོབས། །དགྲ་མིང་གདོང་མཆེ་སོགས་སྐྱོན་ལོག །རང་དབྱངས་དར་ཞིང་མཆེ་སོགས་མེད། །ལུག་སྡིག་དམར་ཞུགས་དེ་འཆར་བའི། །ཏརྐཱལ་ལ་དང་འགྲིགས་པ་ན། །དྲག་ལས་བརྩམས་པ་ཙམ་གྱིས་ཀྱང་། །དེ་ཕྱོགས་དེ་མིང་ཡོད་པ་བརླག །དུས་ཀྱི་ལྷ་དང་ཕྱོགས་ཀྱི་སྟོབས། །ཅི་ཙམ་གྲོགས་འགྱུར་དེ་ཙམ་སྟོབས། །གཙོ་བོ་སྲིད་གསུམ་རྣམ་རྒྱལ་ཡིན། །ཉ་དུས་མིན་ཡང་ཆ་མཚུངས་བརྩི། །མིང་དང་པོའམ་ཆ་ཤས་ཀྱང་། །ཉིན་མོ་ཉི་གྲིབ་བཞིན་དུ་འཁོར། །མཚན་མོ་ཟླ་བ་མདུན་བཞག་སྟེ། །ཉིན་ཞག་གཅིག་གི་ལས་མཐར་འབྱིན། །ལས་ཀུན་ཚེགས་མེད་མན་ངག་འདིར། །འཛམ་གླིང་འབྱོར་བ་ཡོན་དུ་ཆུང་། །མེ་སྤྲེལ་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ལ་དྷཱིས་སོ། །གཞན་ཡང་ཕྲན་རྩིས་ནི། །ཆོས་གཅིག་བརྒྱད་དང་བཅོ་ལྔ་ཉེར་དགུ་རྣམས། །རིམ་བཞིན་ཞི་སོགས་དུས་ཏེ་ཟླ་ལྷག་སངས། །དམར་པོ་དེ་བཞིན་གཟའ་དེའི་འགྲུབ་སྦྱོར་བཟང་། །ཟླ་སྙིང་གང་བུམ་དཀར་འཁོར་རྭ་ཧུའི་ཐེབས། །གཙོར་བཟུང་ཞི་སོགས་ལས་བྱས་དགའ་སྟོན་མྱོང་། །འདི་ཡང་དྷཱིས་སོ། ༈ །བུམ་ཤད་དགྲ་གཤེད་ཟབ་མོ་ནི། །རྟ་སྦྲུལ་ལོ་ཟླ་ཞག་དུས་ལ། །འབྱུང་བའི་ལྷ་ལྔ་མིའི་རྣམ་པས། །རང་ལོ་དེ་སྟེང་འཚོགས་པས་ན། །དེ་དུས་བྱ་སྤྲེལ་ལོ་པ་ལ། །སྲོག་མཐུ་ལྕགས་ཕྱེ་མེ་ལ་བསྲེག །རཾ་རཾ་ཆེ་


MR12_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གེ་མོའི་སྲོག་ལ་རྦད། །ཞེས་པ་བདུན་བཟླས་མེ་ཟོར་འཕང་། །སྲོག་ལ་འབར། དེ་ཡང་སྦྲུལ་ལ་སྤྲེལ་སྲོག་གཅད། །རྟ་ལ་བྱ་ཡི་གཤེད་དབབ་ཤིས། །ལྷོ་ནས་ནུབ་ལྟས་རྒྱུ་ཐེབས་བསྟུན། །ཐེ་ཚོམ་མེད་དོ་ཨི་ཐི་རྒྱཿ མཚམས་བཞི་བྱི་ཕག་དག་ལ་སྟེ། །ས་གཏོར་ཁྱད་སུཾ་སུཾ། པར་དུད་འབྲུག་ཤིས། །བྱ་སྤྲེལ་ལྕགས་ཟོར་ཤིང་ལ་འཕང་། །སྤྲེལ་གྱིས་ཀ་ར་ཀ་ར། ཀེམ་ཀེཾ། སྟག་དང་བྱས་ཡོས་བསད། །བྱི་ཕག་དུས་སུ་མེ་སྲོག་ཆད། །ཆུ་ཟོར་འཕང་ཞིང་། ཁཾ་ཁཾ་སམ་བཾ་བཾ། དེ་ཡང་བདུན་ཟུར་སྤྲད་པ་གཅེས། །སྟག་ཡོས་དུས་སུ་ས་སྲོག་བཅད། །སྟག་གིས་ཁྱི་དང་འབྲུག་ལ་གཅོད། །ཡོས་བུས་གླང་དང་ལུག་ལ་བརྩམ། །ཤིང་གི་ཕུར་བུས་འབིགས་ཟོར་བྱ། །ལོ་གཅིག་ཞག་གཉིས་ཁོ་ན་འདི། །རྒྱལ་ཟླ་སྟག་གི་ཟླ་བར་བརྩི། །རྟེན་འབྲེལ་ཟབ་མོས་ཚར་བཅད་དོ། ༧ །མཚམས་བཞི་ལོ་པས་རྟ་སྦྲུལ་དུས་བཞི་ལ། །མེ་དང་དམར་པོའི་ཟས་རྒྱན་བསྲེལ། དབང་ཞུ་ཅོད་པཎ་དམར་པོ་གདགས། །དེ་ཡིས་སྲོག་སྐྱེད་རྟེན་འབྲེལ་ཡིན། །བྱི་ཕག་ལོ་པས་མེ་ཡི་དུས། །དམར་པོའི་རིགས་ལེན་གྲོགས་འབུལ་ཆོག །དེས་མཚོན་མ་ལས་སྲོག་སྐྱེད་ཅིང་། །རང་དུས་འབྱུང་བོའི་ལྷ་མོ་མཆོད། །གྲོགས་དུས་གྲོགས་བཙལ་རྟེན་འབྲེལ་བརྩམ། །གཞན་ཡང་དགྲ་སྡེ་གཞོམ་པར་བྱ། །བུ་ལ་གཞན་གྱི་དབང་ཐང་བརླན། །དགྲ་ལ་ཕ་རོལ་དགྲ་སྲོག་བཅད། །རང་དུར་གླུད་འཇལ་གོད་འདྲེ་བགར། །དགྲ་ལ་ཟོར་འཕེན་བཟློག་པ་བྱ། །ས་བྱི་ཟླ་བ་བཞི་པའི་ཚེས་བཅུ་བདུན་ཉི་ཐ་མ་དྷཱིས་སོ། །ཤུ་བྷཾ་མངྒ་ལཾ། ༈ །གནམ་ཁྱི་ནི་བག་རྩིས་སྐབས་སུ། །བག་མ་ལོ་གྲངས་བཅོ་བརྒྱད། །གནམ་ལོ་སྟག་རྟ་ཁྱི་གསུམ། །ཟླ་བ་སྟོན་ཐ་ཆུང་། ཞག་སྟག་རྟ་ཁྱི་གསུམ་ཉི་ནག་བཅས་དང་། དུས་ཚོད་སྨེ་བདུན་


MR12_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུས་བག་མ་དེ་ཕྱོགས་བྱང་བལྟས་སོང་ན་འཆི། སྟག་རྟ་ཁྱི་ཡི་ལོ་ཟླ་ཞག་དུས་ལ་ཟས་ཚོལ་བས་ངན། ཞེས་སྔ་འགྱུར་ལུགས། སྤར་ཁའི་གནམ་ཁྱི་ཁེན་ཟོན་ལི་ཐོག་བག་འགྲོ། རེས་གཟའ་ལྷག་པ་དང་ར་ཧུ་ཡོད་དུས། ས་བདག་གནམ་ཁྱི་ཧལ་ཁྱི་སྟེ་ཁྱི་བདུན་ཟུག་པའི་ཁ་ལ་བྱོལ་ཞེས་སོ། །རྩིས་རྙིང་ལུགས་ཟླ་བའི་ཁ་འཁོར་ལུགས། ལོ་ཟླ་ཞག་དུས་ཀྱི་གང་ཤར་དེ་ལ་མགོ་བོ་དེའི་བདུན་ཟུར་ལ་མཇུག་སོགས་ལུས་བཤད་ཡོད། སྤར་ཁ་མཆེ་སོགས་བཤད་འདུག ༈ །མི་ལ་ཡན་ལག་ལྷག་ཆད་དང་། རླིང་བུའི་གཟུགས་སམ་ལྟས་ངན་རིགས་སྐྱེས་ན་འབུམ་གྱིས་བཟློག་པར་བྱ། རྟ་ལ་སྐྱེས་ན་དཀོན་བརྩེགས་འདོན། བའམ་འབྲི་ལ་བྱུང་ན་ཉི་ཁྲིས་བཟློག །དེ་བཞིན་བོང་བུ་ལ་སྐྱེས་ན་ཏོག་གཟུངས། ར་ལུག་ལ་སྐྱེས་ན་གཙུག་ཏོར་དཀར་ནག་གིས་བཟློག །བོན་པོའི་ཤ་བ་རུ་རྒྱས་ཀྱི་གཏོ་དང་། མི་ཁ་དང་ཁྲམ་ཁ་ཞལ་བསྒྱུར། མདེའུ་ཐུང་གི་བཟློག་པ། ཤ་བརྒྱ་ཟན་བརྒྱ་བྱས་པས་བཟློག །ཤ་ཕོ་རུ་འཛིང་འབུམ་གྱིས་བཟློག །བྱ་རྒོད་སྡེར་འཛིང་ཤ་བས། ཝ་རོ་ཁ་ཆག་ལ་བྱོལ་མདོས། ཤིང་ཆག་ལ་ཞལ་བསྒྱུར། ཉ་རོ་ཆུས་ཁྱེར་དང་མགོ་བཅད་རོ་ལ་གཏོར་མས་བཟློག །ཞིང་ལ་ཤྭ་སྣ་བྱུང་ཉི་ཁྲིས་བཟློག །སྲིན་བྱ་འུག་པར་ཏོག་གཟུངས། སྒོང་ཁ་ཡོད་མདེའུ་ཐུང་སྒོང་ཟོར་འཕང་བས་བཟློག །ཁྱི་ལ་རྩོད་པ་བྱུང་ན་ཁྱི་ཡི་ཐོད་པར་སྲི་རྩིས་སྐོར་ནོར་བུའི་ཕྲེང་བ། མནན་ཆུ་ལ་སྦྱར། རས་སྐར་མ་ཅན་ལ་གཏོར་དོར་ཟེར་བཟློག་བྱ། ལུག་ལ་རོ་ཁལ་བྱུང་ན་འཐོམ་དུ་གཞུག །སྲེ་མོང་སྲིན་བྱ་སོགས་ཀྱིས་འབུ་རོ་ཁྱེར་བྱུང་ན་མདོ་སྒྲུབ་བརྒྱབ། ཁྱི་ངུ་བ་ཆུ་ལ་རྐྱལ་བཅུག །སྤྱིར་ལྟས་ངན་གང་བྱུང་ཡང་ཏོག་གཟུངས་ཀྱིས་བཟློག་པར་འགྱུར་རོ། །ཞེས་དཔེ་ཞིག་ན་སྣང་། ༈ །ཉི་མ་ཀརྐ་ཊ་ཡི་ཁྱིམ། །ནབས་སོའི་ཞེ་


MR12_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་༦༤༥འདས་མཚམས་སྐྱེས། །ཞིང་ནི་སེང་གེའི་ཁྱིམ་ཡིན་ནོ། །ཟླ་བ་ལུག་ཁྱིམ་ཐ་༠༠སྐར་གྱི། །ཐོག་མར་སྐྱེས་ཏེ་ཞིང་ཀརྚ། །མིག་དམར་སེང་ཁྱིམ་༩༠༠མཆུའི་ཕྱེད་སྐྱེས། །ཞིང་ནི་ལུག་དང་སྡིག་པ་ཡིན། །གཟའ་ལྷག་སྡིག་ཁྱིམ་༢༦༣༠ལྷ་མཚམས་ཁྱེད། །ཞིང་ནི་འཁྲིག་པ་བུ་མོའོ། །ཕུར་བུ་བུ་མོའི་ཁྱིམ་གྱི་ནི། །མེ་བཞིའི་ཐོག་མ་དག་༡༢༠ལ་སྐྱེས། །ཞིང་ནི་གཞུ་དང་ཉ་ཡི་ཁྱིམ། །པ་སངས་འཁྲིག་པའི་ཁྱིམ་དག་གི། ནབས་སོ་ཐོག་༦༠མ་ཉིད་དུ་སྐྱེས། །ཧ་ཞིང་ནི་གླང་དང་སྲང་ཡིན་ནོ། །སྤེན་པ་གཞུ་ཁྱིམ་སྣུབ་༡༨༠ཐོག་སྐྱེས། ཞིང་ནི་ཆུ་སྲིན་བུམ་པར་བརྗོད། །མཇུག་རིང་གཞུའི་མཐའི་ཆུ་སྨད་ཀྱི། །རྐང་པ་བཞི་ཆ་གཅིག་༢༠༡༥མཚམས་སྐྱེས། །ཞིང་ནི་ཀརྐ་ཊ་རུ་དྲན། །སྒྲ་གཅན་གདོང་ནི་བུ་མོའི་མཐར། །ནག་པའི་རྐང་པ་ཕྱེད་༡༣༣༠མཚམས་སྐྱེས། །དུས་མེ་ཉ་ཡི་མཐའ་མར་ནི། །ནམ་གྲུའི་རྐང་བཞིའི་༡༦༦༠ ཐ་མར་སྐྱེས། །ཉི་ཟླ་གཉིས་པོ་རང་ཞིང་ཞུགས། །དེ་ཚེ་ཞི་བའི་ལས་བརྩམས་འགྲུབ། །དེ་བཞིན་སོ་སོའི་ཞིང་ཞུགས་འབྲས། །མིག་དམར་དགུག་དང་དྲག་པོའི་ལས། །ལྷག་རྒྱས་ཕུར་བསྐྲད་པ་སངས་དབང་། །སྤེན་གསོད་མཇུག་རིང་རེངས་རྨོངས་བསྔགས། །མིག་དམར་ལྷག་པ་ཕན་ཚུན་དགྲ། །ཕུར་སངས་དེ་བཞིན་མཇུག་རིངས་སྤེན། །འདི་དག་རང་རང་ཞིང་དང་ནི། །རང་རང་སྐྱེས་ཁྱིམ་དག་ལ་རྩོད། །ཁྱིམ་གཞན་ལ་ནི་རྩོད་པ་མིན། །ཉི་ཟླ་གཉིས་ལ་འཐབ་ཟླ་མེད། །འོན་ཀྱང་ཟླ་ཞིང་སྤེན་ཞུགས་ཚེ། །མཇུག་རིང་གིས་རྩོད་ཉི་ཞིང་ལ། །མཇུག་རིང་ཞུགས་ན་སྤེན་པས་རྩོད། །དེ་གཉིས་ཉི་ཟླའི་རིགས་ཡིན་ནོ། །རང་ཞིང་ཁྱིམ་དུ་བདག་པོ་ཞུགས། །དུས་དེར་ལས་མཐུན་འབྲས་བུ་འགྲུབ། །ཞེས་སོ། ༈ །ཉི་ནག་ནི། དཔྱིད་རའི་ཚེས་བདུན་


MR12_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཆེན་བྱུར་གྱི་ཉི་མ་འཆར་བས། ཤར་དུ་དོན་མི་གཉེར། ཤིང་ལས་མི་བྱ། ཡུགས་ས་མའི་དོན་མི་བྱ། ཁ་སྨྲས་གླིང་གཞིའི་ཟས་མི་ཟ་བ་དང་། གཞི་འོང་། ཆོས་དུང་མི་རྒྱལ་བའི་བཀའ་མི་སྒྲོག་བསྒྲག་འབྲེང་པོའི་བཅུ་བཞིར་དྲག་པོ་དགྲ་ཡི་དམག་མི་དྲང་། ཉི་མ། འབྱུང་བ་ས་ཡི་ལས་མི་བྱ། མཁར་ཡུལ་དང་ཞིང་ས་མི་བཙོང་། ལས་མཁར་ཉོ། ཞིང་རྨོ་འཕྲུ་རློག་མི་བྱ། སྲོག་མི་བཅད། ཤ་ཡི་ལས་མི་བྱ། ཡུགས་མོས་སྤྱད་པའི་ཤ་དམར་མི་ཟ། ནད་པའི་སྔས་སུ་མདོས་མི་བྱ། དེ་རྣམས་གང་བྱས་ཀྱང་གཏིང་དུ་འཁྲུགས་པ་ཆེན་པོ་ལྡང་། ཐ་ཆུང་ཉེར་གཅིག་ཆུ་བདུད་རྒྱལ་པོ་དགྲར་ལང་བས་ཆུ་ལས་མི་བྱ། ཟངས་གསར་མི་བཅད། ཆུ་གཏིང་མི་འདོན། ཀླུ་སྤྱན་དྲང་བ། ཆུ་གཏོར་ཀླུ་མཆོད་མི་བྱ། དེ་རྣམས་བྱས་ན་མེ་ཆུ་བཤེས་ཆེ། དབྱར་རའི་ཚེས་བརྒྱད་མེ་ལྷ་ཨགྣི་རཱ་ཛས་གདན་བཏིང་བའི་ཉི་མར། འབྱུང་བ་མེ་ལས་མི་བྱ། རོ་བསྲེག་ཐབ་ནད་པའི་ཡོལ་སྒོ་འབྱེད་སར་མི་འགྲོ། ཀ་སྦྱིན་སྲེག་མི་བྱ། འབྲིང་པོའི་བཅུ་དྲུག་ལ་བཙོན་བུ་ལྕགས་སྒྲོག་ཏུ་བཅུག་པའི་ཉི་མ། བྱང་དུ་རྟ་མི་རྒྱུག གཡུལ་ཆེན་མི་བྱ། ཤར་དུ་དོན་ནུབ་ཏུ་གཡུ་མི་ཉོ། མི་གཉེར། ལྷོ་རུ་བཀའ་མི་སྒྲོགས། གླུ་མི་བླང་། དེ་བྱས་བྱང་ནས་ལྕགས་ཁྱི་གསུམ་འོང་དོགས་ཡོད། ནོར་རྣམས་དགྲ་ཡིས་ཁྱེར་ནས་འགྲོ། །ཐ་ཆུང་གི་ཉེར་བཞི་ལ། རིན་པོ་ཆེའི་ལས་མི་བྱ། གསེར་ཡིག་དངུལ་ཡིག་མི་བྲི། བྱང་དུ་རྟ་མི་རྒྱུག །སྟོན་ར་པའི་ཚེས་དགུ་ལ། དམག་མི་དྲངས། དྲངས་ན་ལན་དགུར་འཐབ་དགོས། ཁ་སྨྲས་འོང་། ཡུལ་མཁར་དང་ཞིང་མི་བཙོང་། བཙོང་ན་ལན་དགུར་མེད་པ་བྱེད། འབྲིང་པོའི་བཅོ་བརྒྱད་ལ། རྟ་ཤ་སློའི་སྟེང་དུ་རྟ་མི་བཤའ། མི་འགྲོ། དེར་སོང་ན་རང་ཁྱིམ་


MR12_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ལས་ཀྱི་ཡོས་མི་རྔོ་། ལ་ནད་པ་མི་གཤིན་བོན་ཁྱིམ་དུ་མི་འགྲོ། འཆད། ཐ་ཆུང་གི་ཉེར་བདུན་ལ་སྦྲ་གུར་དང་ཁང་པ་མི་གསོ། གསོས་ན་ཁྱིམ་དེ་རྒྱལ་འགོང་གིས་གང་། ནད་ཞ་གྲུམ་འོང་ཁྱི་གསར་མི་ཉོ། ཡོ་ལང་མི་བྱེད་བ་དང་། གནམ་ལྷ་དཀར་པོ་རྩིས་བབ་ལུག་དོགས་ཡོད། དགུན་རའི་ཚེས་བཅུར་རྒྱལ་ས་བདག་རྒྱལ་པོ་དགྲར་ལྡང་། པོར་གདན་མི་བསྙེན་བཀུར་མི་བྱ། འདིང་། བཏིང་ན་སྐྱིད་བསགས་མི་ཁོམ། སྐྱིད་པོ་ལོག་ཡོང་། ཟླ་བ་བློན་པོའི་བཀའ་འབེབ་པའི་ཉེན་ཡོད། འབྲིང་པོའི་ཉི་ཤུ་ལ་ནོར་གཡང་ཅན་མི་བཙོང་། བཙོང་ན་ཆུ་བདུད་རྒྱལ་པོ་དགྲར་ལྡང་། ཆུ་ལས་མི་བྱ། ཆུ་ཆེན་མི་བརྒལ་ཀྱང་། ར་བསྟོད་དོགས་ཡོད་ཆུ་ཆེན་མི་བརྒལ་ཆུ་བདུད་ནག་པོ་དགྲ་རུ་ལྡང་། ཁྱིམ་ཡུགས་སས་གང་དོགས་ཡོད། ཐ་ཆུང་གི་གནམ་གང་ལ་དགའ་བའི་རྩེད་མོ་མི་བྱ། ནོར་དང་བློ་དང་གཉེན་མང་ངོ་། །ཉེ་གཞི་གཉེན་མི་བྱ། དང་དྲུང་པ་དགྲར་ལྡང་དོགས་ཡོད། འདི་ཉིན་དམག་གི་སྟོན་མོ་དང་འཕྲུ་འདོགས་སོགས་ཅི་བྱེད་ཀྱང་སྐྱེས་པ་གཅིག་མི་འཆི་ཀ་མེད་ཡིན། འདི་རྣམས་ལ་འཛེམ་པ་གལ་ཆེའོ། ༧ །སྲིད་པའི་ཉུལ་ལེ་ཆེན་པོ་པི་ལིང་འཕར་མ་མི་ནག་མཐེ་བོང་ཙམ་པ་རྟ་ནག་བྱི་བ་ཙམ་ཞོན། རུ་དར་ནག་པོ་འཕྱར་བ་འདི། དཔྱིད་གསུམ་བརྒྱད་གསུམ་ཤར་ནས་ནུབ། །དབྱར་གསུམ་ལྔ་གསུམ་ལྷོ་ནས་བྱང་། །སྟོན་གསུམ་གཅིག་གསུམ་ནུབ་ནས་ཤར། །དགུན་གསུམ་དགུ་གསུམ་བྱང་ནས་ལྷོར་རྒྱུ། ཉི་མ་རྩེ་ཤར་ཤར་ནས་རྒྱུ། ཉིན་ཕྱེད་ལྷོ་ནས་རྒྱུ། དགོངས་ཀ་ནུབ་ནས། ནམ་ཕྱེད་བྱང་ནས་རྒྱུ། རྒྱུ་ཕྱོགས་ཁ་བསྟན་ནས་འགྲོ་སོགས་མི་རུང་། །དེ་དུས་ལེགས་པའི་བྱ་བ་དང་། སྦྲ་བཟོ་བ། བག་མ་གཏོང་ལེན། མཁར་ལས་སྟོན་མོ། །ཤིད་བྱེད་མི་རུང་། དྲག་ལས་ཐུན་ཟོར་དམག་ལས་སོགས་དགྲར་རྒོལ་ན་རྒྱབ་བརྟེན་བྱས་ན་བཟང་ངོ་། །


MR12_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༈ འདི་ལྟར་ཟླ་བ་གང་ཡིན་སྟེང་ནས་ཕོ་དྲུག་གི་ཚེས་གྲངས་ནག་པོ་དང་མོ་དྲུག་གི་ཚེས་གྲངས་ཐམས་ཅད་དམར་པོ་ལྟར་དེད་པས་ཉི་མ་བཅུ་གཉིས་ཤེས་དེའི་སྟེང་ནས་ཞག་བཅུ་གཉིས་ལ་རྒྱུ་བར་བསྟན་པའི་ས་བདག་གང་ཡིན་དད་པས་ཤེས་སླའོ། །འདི་འབྱུང་རྩིས་པའི་ལུགས་སོ། །དྷཱིས་མེ་རྟ་ཟླ་བ་གསུམ་པའི་ཚེས་བཅུ་དགུ་ལ་བཀོད་པ་དགེ། །།ཟླ་བ། དཔྱིད་གསུམ་དབྱར་གསུམ་སྟོན་གསུམ་དགུན་གསུམ་ཚེས སྟག་༡༠༡༡༡༢༡ཡོས་༡༢༡༢འབྲུག་༡༢༣སྦྲུལ་༢༣༤རྟ་༣༤༥ལུག་༤༥༦སྤྲེལ་༥༦༧བྱ་༦༧༨ཁྱི་༧༨༩ཕག་༨༩༡༠བྱི་བ༩༡༠༡༡གླང་༡༠༡༡༡༢གྲངས་༡༡༣༢༥༧༡༩༢༡༤༢༦༨༢༠༣༡༥༢༧༩༢༡༤༡༦༢༨༡༠༢༢༥༡༧༢༩༡༡༢༣༦༡༨༣༠༡༢༢༤༧༡༩༡༡༣༢༥༨༢༠༢༡༤༢༦༩༢༡༣༡༥༢༧༡༠༢༢༤༡༦༢༨༡༡༢༣༥༡༧༢༩༡༢༢༤༦༡༨༣༠སྨད་དཔྱིད་ཀ་སོས་ཀ་དབྱར་ཀ་དཔྱིད་ར་བ་འབྲིང་པོ་ཐ་ཆུང་དབྱར་ར་བ འབྲིང་པོ་ཐ་ཆུང་པ་ལྦུ་ན་ཙི་ཏྲ་བི་ཤཱཁ ཛྱེ་ཥཱ་ཨ་ཥཱ་རྡ་ཤྲཱ་བ་ཎ་དབོ་ཟླ་ནག་ཟླ་ས་ག་ཟླ་བ སྣྲོན་ཟླ་ཆུ་སྟོད་ཟླ་བ་གྲོ་བཞིན་སྟོན་ཀ་དགུན་སྟོད་དགུན་སྟོན་ར་བ་འབྲིང་པོ་ཐ་ཆུང་དགུན་ར་བ་འབྲིང་པོ་ཐུ་ཆུང་བྷཱ་དྲ་པ་ད་ཨ་ཤི་ན་ཀཱརྟི་ཀ་མཱ་རྒ་ཤཱི་པཽ་ཥཿ མཱ་གྷཿཁྲུམ་སྟོད་ཟླ་ཐ་ཀར་ཟླ་བ་སྨིན་དྲུག་ཟླ་བ མགོ་ཟླ་བ་རྒྱལ་ཟླ་བ་ཆུ་ཡི་ཟླ་བ་འདི་རྒྱ་གར་བའི་ཡུལ་ལུགས་ཡོངས་གྲགས་འཆི་མེད་མཛོད་ནས་གསུངས་པ་སྟེ། མདོ་འདུལ་ནས་དཔྱིད་ར་འབྲིང་སོགས་ཀྱི་ཐ་སྙད་གསུངས་པ་འདི་དང་མཐུན་པར་བྱ་དགོས་ལ། ཉ་སྐར་དེ་ལའང་མར་ངོ་སྔོན་འགྲོའི་དབང་བྱས་ཚེས་བཅོ་ལྔའི་ཉ་སྐར་དེ་ཟླ་བ་དེ་རྫོགས་པའི་དབང་དུ་བྱས་པ་བསྟན་བཅོས་པའི་ལུགས་ཡིན་ལ། ཡར་ངོ་སྔོན་འགྲོའི་ཉ་སྐར་དེ་ཟླ་བ་དེའི་དཀྱིལ་སྒང་ཡིན་པ་འཇིག་རྟེན་པའི་ལུགས་སོ། །དུས་འཁོར་ནས་ཡར་ངོ་སྔོན་འགྲོའི་ནག་ཟླ་དཔྱིད་འབྲིང་དང་དབྱངས་འཆར་ལས་དབོ་ཟླའི་བཅུ་དྲུག་ནས་ནག་ཟླའི་ཉ་བར་དཔྱིད་འབྲིང་བརྩིས་ཏེ་མར་ངོ་སྔོན་འགྲོའི་ལུགས་ཡིན། དྷཱིས་


MR12_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱ་ཟླ་བ་བཞི་པའི་ཚེས་ཉེར་ལྔ་ལ་བཀོད་པ་དགེ ༈ སྐར་མ་མགོ་ལ་ལོ་ཡི་དང་པོ་ཞེས་བྱ་སྟེ། མགོ་ལ་ཟླ་བ་ཉ་བ་དེ་ལོའི་དང་པོར་བརྗོད་པས་ཉེ་བར་སྤྱོད་པ་ལས་སོ་ཞེས་འདོད་འཇོར་གསུངས།། །།རྡོར་གཙུག་༡༡༡༢༡ ༡༢༡༢སྐར་མཛོད་ལུགས་ཀྱི་ཀླུའི་ཐེབས་ལྡོག་ལགས། ཟླ་བ་ཚེས་གྲངས་སོ། །དཔྱིད་སྟག་ར་༡༥སོགས་ལྡོག་པའི་ཚེས་མིན་པ་ཐམས་ཅད་ལ་ཐེབ་༡༤ཐེབས་ཆེན་ཡོད་འབྲིང་ཡོས་པོ་རབ་དྲག་འབད་འཇམ་ཚུལ་སྲུང་ཚེས་བྱེད༢༨༢༢ལྡོག་ཟེར་བ་ཡོད་ཚེས་བྱེད། དཔྱིད་གསུམ་ཡང་ཉལ། ༡༢༣ ༢༣༤ ༣༤༥ཐ་འབྲུག་ཆུང་༢༥ཐེབས་དེ་མིན་ཀུན་ལ། དྲན་པ་སྙིགས་ནས། དབྱར་སྦྲུལ་ར་བ་ཟེས་འཚོལ་ལགས། རྗེའུ་༡༥ ༡༨རིགས་ལ། གཉེན་ལ་འགྲོ། རྒྱལ་རིགས་ལ་འབྲིང་རྟ་པོ་འཇམ་ཐེབས་མི་ལ་ཟས་ཚོལ། ལྡོག་རལ་པོ་༢༠ ༢༥སོགས་ཤེས་ཁོང་འདི་ཀུན་ལ་ལྡོག༨༡༥དབྱར་གསུམ་ལྡང་༣༡ ༡༡༢༦ ༥༤ ༡༡༨༧ ༡ ༠ ༢༢༢༥ ༤༥ ༢༡༤༩ ༡༣༥༠ ༡༡༢༡ ༢༢༥༦ ༠ ༡༡༧༤ ༢༢༩༧༨༠༨༢༠༠༥༢༠ ༠༢༢༥༢༤ ༥༦ ༥ ༦༧ ༦༧༨ ༧༨༩ཐ་ལུག་ཆུང་༧དྲག་ཐེབས་༨ཞི་ཐེབས། ༡༥སྲིད་པའི་རྒྱལ་པོའི་ལས་བྱེད་སྟོན་སྤྲེལ་ར་བ་༩ ༡༠ ༡༩ ༠ ཟས་ཚོལ་ཐེབས་སོ། །འབྲིང་བྱ་པོ་༥ ༠ འབྲུ་བཅུད་སྡུད་༡༠༥ ཐ་ཁྱི་ཆུང་གོས་གྱོན་༢༡གནས་ཚོལ། གདོལ་བ། ༡༡ ༡༣ ལུས་ལ་ཁྲུས་བྱེད། ༡༥ སོགས་ཀུན་ལ་ལྡོག་༥༦༡༠༡༦དྲན་པ་མེད། ༣ སོགས་ཀུན་ལ་ལྡོག ༦ སྟོན་གསུམ་དར་༡༩༣༡༦༣འང་༩༡༠འང་༡༩༢༩༨ ༩༡༠ ༩༡༠༡༡ ༡༠༡༡༡༢དགུན་ཕག་ར་བ་འང་རྩི་ཤིང་བཅུད་སྡུད། ༧༨༠༡༡ ༥༧ འབྲིང་བྱི་བ་པོ་༢༢༠༡འང་། ཐ་གླང་ཆུང་ཟླ་བ་འདི་ལ་ཀླུ་ཉལ་བས་ཕན་གནོད་གང་ནཱ་གའི་༩ ༡༠ ༠ ༡༩ ༢༦ ༢ ༣ ༦༠ ༡༦༠ ༢༠༠༢༦དགུན་གསུམ་ཤི། ཡང་མེད་མི་ཐེབས། ཐེབས་ལྡོག །


MR12_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ཐེབས་ལྡོག་དཔྱིད་ར་སྟག ཡོས། འབྲུག༤ མ་མོ་བཅས། ༡༢ ཡོས་དུས་ནུབ་ནས་༡༤ ཤར་དུ་ཐེབས༡༥འང་། ༡༦ ཕག་དུས་བདུད་ཤར་ནས་ནུབ་ཏུའོ། ༢༢ ཕག་དུས་ལྷོ་ནས་བྱང་། བདུད་བཙན། ༡༧ ༡༧སྤྲེལ་གླང་དུས་ཉིན་ཕྱེད་ལྡོག ༧འང་དཔྱད། ༨༡༠ ༡༡ ༢༨ ༡༨༠ ༢༡༩འང་༣༠ ༠༡༢༨༡༡༥༡༥༨༡༥ ༡༡༨༧སྦྲུལ། རྟ། ཟླ་བ་འདིར་མ་མོ་ལུག་བཅས་སྟན་མོར་གཡེངས༨ཡོས་དུས་གཟའ་དང་བཅས། ༡༥འབྲུག་དུས་ལྷོ་ནུབ་ནས་བྱང་ཤར། ཀླུ་བརྒྱད། ཟླ་བ་འདི་རིལ་པོར་མི་ཐེབས་སྔགས་པ་ཁ་རུལ་ཟེར། ༨༩ཐེབས་ཙམ་བརྩི་བ་ཡོད། ༢ བྱི་བའི་༥དུས། སྦྲུལ་༧༠དུས་༡༡རྟ་དུས། ༡༧འང་། བརྒྱད་ཚོགས། དགུ་ཐེབས་ཚོད། སྤྲེལ། བྱ། ཁྱིམ་མོ་བཅས། ༢༣འབྲུག་དུས་ཤར་ལྷོ་ནས་ནུབ་བྱང་། ༡༣ ༡༤ ༡༥རྒྱུ་སྐར་བཅས། ༡༧ནས་སྟོང་བར་༢༣མ་གཏོགས་ཐེབས་ཆེན་བྱི་ཡོས་དུས་ནུབ་ནས་ཤར། ༡༠འང་ལྷ་ཆེན་བརྒྱད་༨ནས་སྟོང་གི་བར་རྟ་བྱའི་དུས་ཤར་ལྷོ་ནས་ནུབ་བྱང་། ༨༢༨ ༣༠ཁྱད་པར་ཐེབས་ཆེན། ༢༥ གླང་དུས། ༣༠ གླང་དུས། ༡༠འང་། ༡༣འང་། ༢༣འང་། ༢༠ཡོས་དུས། ༡འང་། ༢༨འང་། ཕག བྱི་བ གླང་གནོད་སྦྱིན་༡༣ནས་༡༦བར་སྤྲེལ་གླང་དུས་ལྷོ་ནས་བྱང་དུའོ། གཤིན་རྗེ་༢༢ནས་སྟོང་བར་བྱི་རྟའི་དུས་ནུབ་བྱང་ནས་ཤར་ལྷོར་ཁ་ཅིག་གིས་༡༨ནས་༢༢བར་ཟེར། ༡༧འང་༢༧མ་གཏོགས་ཟླ་བ་རིལ་པོར་ཐེབས་སྔགས་པ་ཟོར་འཕེན་ཟླ་བ་ཟེར། མགོ་ཟླ་ཕུར་བུ༨ ༠བྱི་བའི་དུས། ༩འང་། ༡༨འང་། ༢༦འང་། ༢༠༠བྱ་དུས༢༩ཟེར། ༡༥འབྲུག་དུས་བྱང་ཤར་ཐེབས་ཟེར་དཔྱད། ༢༧ཁྱི་དུས་ལྡོག ༢༢ ༢༩སྐྱེ་འགྲོ་སྲང་འདེབས་༣༠ལོ་གཅིག་ནང་འཆི་ཚང་ཁྲམ་འདེབས། རྩིས་ཕྲན་སྐོར། ཀརྨ་བདུད་འདུལ་རྡོ་རྗེ་བཀའ་འབུམ་ན། སྟོར་བ་འཚོལ་ན། སྣར་མ་སོགས་


MR12_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལོང་བ། གྲེ་སོགས་བདུན་མིག་ཚག །སྣྲོན་སོགས་བདུན་ཞར་བ། ༦༡༦ ༡༢༨༨འང་། མོན་གྲུ་སོགས་བདུན་ལྷ་མིག་སྟེ་ལོང་བར་རྫས་རྙེད། མིག་ཚག་ལ་འབད་པས་རྙེད། ཞར་བར་གཏམ་ཐོས། ལྷ་མིག་ལ་ནམ་ཡང་མི་རྙེད། འདི་ཟླ་སྐར་ལ་བརྟག །ཉི་ཟླ་མཐུན་ན་བསླུ་མེད་ཡིན་གསུང་། སྟོར་དུས་ན་དྲ་སྙམ་རང་། ༧ རྐང་བཞི་འཚོལ་བའི་གདམས་ཟབ་དམ་པའི་མན་ངག་བཀའ་རྒྱ་མ་ནི། ཕོ་དྲུག་ཟླ་བར་གཡས་ནས་མར་བགྲང་། ཚེས་གྲངས་གང་བབ་ལྟ་བ་སྟེ། དཀར་པོར་བབ་ན་བཙལ་མི་དགོས། ཁྲ་བོ་བཙལ་བས་རྙེད། ནག་པོར་བཙལ་ཀྱང་མི་རྙེད། མོ་དྲུག་གཡོན་ནས་ཡར་བགྲང་ཞེས་པར་བཀོད། ༡༠༡༦ ༢༠༡༧ ༣༠༡༨སོགས ༡༥༠༣༠༡༥༠༣༠ ༡༤༠༢༩ ༡༣ ༠ ༢༨ ༡ ༠ ༡༦ཚེས་གྲངས་ཀྱི་རེའུ་མིག་གཉིས་གཉིས་བཀོད་པ་འབྱུང་ལྡོག་གཉིས་འདུག་ཀྱང་། དོན་ལ་ཕོ་དྲུག་ལ་ཚེས་གཅིག་ནས་རིམ་པར་ངན་འབྲིང་། བཟང་ཞེས་བགྲང་བ་དང་། མོ་དྲུག་ལ་ཚེས་གཅིག་ནས་བཟང་འབྲིང་ཞེས། ཞེས་རེས་མོས་བགྲང་བས་གར་བབ་རེ་འདུག །འདི་ལ་སྟག་ཟླ་ངོས་འཛིན་གལ་ཆེ་གསུང་འདུག ༈ །སློབ་དཔོན་དུ་ཧར་ནག་པོ་འཇམ་དཔལ་གྱི་ཞལ་གཟིགས་པ། ཁྲི་སྲོང་ལྡེའུ་བཙན་དུས་བྱོན། གནོད་སྦྱིན་དྲང་རྐུན་དང་། ཀླུ་མོ་ཁ་སྦྱིན་མི་སྡུག་གཉིས་བསྡེབས་པ་ལ་བུ་ཚ་མིང་སྲིད་བདུད་བཞི་བཙས། ཆེ་བ་ལྷ་བདུད་གནམ་ཁྱི་ནག །སྲིད་ལ་འཁྲེན་པའི་ས་བདག་དང་། །འབྲིང་པོ་འཆི་བདག་ཧལ་ཁྱི་ནག །རོལ་ཐ་ཆུང་ཉོན་བདུད་སེ་ཤར་དམར། །རོ་དམག་འཁྲེན་པའི་ས༴ །སྲིང་མོ་ལུང་པོ་འདོད་ཆགས་བདུད། །ཐེ་ཁྱིམ་བག་འཁྲེན་ས་བདག་བཞི། །བརྟུལ་ནས་འབྱུང་བའི་ཕན་ལྷ་ཤར་སྟག་སྐྱ་བོ་སོགས་བཞིར་བྱས་པ་དེས་རིན་ཆེན་གསལ་བའི་སྒྲོན་མེ་བརྩམས་པའོ། །ཞེས་


MR12_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ༧ ལྕགས་བཞི་ནི། ལྕགས་ཁྱི་ལྕགས་ཕག་རྔ་ཟོར་ལོ། །ལྕགས་བྱི་ལྕགས་གླང་རོ་ཁལ་སྟེ། །དམེ་སྲིའི་ཀླུང་བཞི་མེ་བརྒྱད་ནི། མེ་ཏ་མེ་ལུག་གྲུ་ཁྱེར་ལོ་དོན་ཀུན་འགྱུར་ལྡོག་ཆེ། མེ་སྟག་མེ་ཡོས་རུས་གཅོད་དེ་བུ་ཚའི་དབང་ཐང་འབྲི། མེ་འབྲུག་མེ་སྦྲུལ་མདུན་བབ་སྟེ་རྟག་ཏུ་མྱ་ངན་འཁོར་ལ་ངན། མེ་སྤྲེལ་མེ་བྱ་བྱེ་བྲལ་ལོ་བྱེ་ཞིག་མང་། མེ་བརྒྱད་ལྕགས་བཞི་ལོ་ངན་བཅུ་གཉིས་སོ། །གཟའ་བཞི་དུར་ཞུགས་ངན་ཀླུང་བཅུ་གཉིས་ཟེར། ལྟས་ངན་ལོ་བདུན་མེ་བུས་ཤུལ་མེད་སྦྲུལ། ཆུ་བཅུས་རྗེས་མེད་ཆུ་ཕག །བྱ་ལམ་རྗེས་མེད་ཆུ་བྱ། རྨང་པོ་རྒབ་ཆད་ཤིད་བྱ། ཁ་ཉེས་གཟོང་བརྡལ་ལྕགས་ལུག །གནམ་སའི་རུ་འཛིན་ས་བྱ། སྲིད་པའི་རྔ་ཟོར་ལྕགས་ཕག་གོ། དཀར་ཆུང་ལོ་དྲུག་བདུད་ཁྱི་གནམ་ཟུག་ལྕགས་ཁྱི། ཤེལ་བྱ་གཤོག་རྡེབ་ལྕགས་བྱ། ཟངས་རྔ་གཡོབ་པ་མེ་གླང་། མི་དམར་གར་བྱེད་མེ་སྤྲེལ། མི་སེར་གླུ་ལེན་ས་འབྲུག །མཐིང་སྦྲུལ་ལྕེ་རྡེབ་ཆུ་སྦྲུལ་ལོ། །འདི་དག་ལྕགས་བཞི་མེ་བརྒྱད་དང་འདྲ། ཐན་པ་མི་བདུན་ནི། ས་འབྲུག་ནོར་རྫས་ཀྱི་དུར་འབོད་དེ་བཞིན། ལྕགས་ལུག་མ་ཕྱིའི་དུར། ས་སྤྲེལ་བུ་ཚའི༴ །ལྕགས་བྱ་ཞང་ཉེའི༴ ལུགས་ཁྱི་བུའི༴ །མེ་ཕག་སྲིད་མོའི༴ མེ་གླང་གཟའ་ཚང་གི་དུར་འབོད་དོ། །གནམ་སའི་བྱ་ར་བ་གཉིས་ནི། མེ་རྟ་གནམ་ཆུ་བྱི་སའི་སྟེང་དུ་རང་མགོ་དྲགས་སྡེ་འཁོར་ལ་གཟན་ཞེས་གསུངས། ཡང་ཐན་སྐྱེལ་བཅུ་གཉིས། ལྕགས་བྱི་ནས་ལྕགས་ཕག་བར། ལྕགས་གླང་ཤིང་ལུག་མེ་ཁྱི་ཆུ་འབྲུག་དུར་མི་ནག་པོ་བཞི། ཆུ་ཡི་སྟག་སྦྲུལ་ལྕགས་སྤྲེལ་ལྡིང་ནག་བུ་གསུམ། གཉིས་ནག་སྐྱེས་པ་ལོ་ནག་མཆེ་ཅན། ཆུ་ཡི་བྱི་རྟ་བྱ་ཡོས་གླང་ལྔ། ས་ཡི་ཕག་འབྲུག་བྱ་ཡོས། མེ་ཡི་


MR12_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་བྱ་རྣམས་སྲིན་ཁྱེར་ལོ་རྟ་བཅུ་གཅིག །མེ་རྟ་ཆུ་བྱ་ཤིང་ཡོས་ལྕགས་བྱ་ཐེར་འདྲེ་མི་བཞི། སྲིན་ཁྱེར་བྱུང་བབ་ཐེར་འདྲེ་རྣམས་རང་ལ་ངན་པའི་ལོ་རྟའོ། །ཀླུ་ས་སྲིན་གནོན་ཀླུ་ནད་འབྱུང་། ཁྱད་པར་སྲིན་ཁྱེར་ལོ་ལ་ངེས། འབྱུང་བ་ལྔ་ལྡན་དར་གུད་ཤིན་ཏུ་ཆེ། ལྕགས་ཀྱི་སྤྲེལ་ཕག་མེའི་འབྲུག་སྦྲུལ། ས་ལུག་ལྕགས་ཁྱི་ཤིང་སྦྲུལ་མེ་བྱ་ཡུག་སའི་ལོ་བརྒྱད། ཤིང་སྟག་ལྕགས་སྤྲེལ། ཆུ་ཡི་སྟག་སྤྲེལ་སྦྲུལ་མེ་སྟག ས་ཁྱི་དྭ་ཕྲུག་ལོ། ཕ་མ་ཡུག་ལོ་ལ་བུ་དྭ་ཕྲུག་བྱུང་བ་དང་ཕ་མ་འཆིའམ་བྱིས་པ་འཆི་ཡུག་སར་འབབ། ཕོ་ཡི་རབ་ཆད་སྒོ་ལྔ། མོ་ཡི་གཡང་ཤམ་སྒོ་ལྔ། ལོ་སྤར་སྦྱར་བ་སྟེ། དེ་འཕྲད་རབ་ཆད་དོ། །སྤར་ཁ་ལ་ཁེན་སྐྱེས་མ་ལ་ངན་སོགས། སྤར་རང་གནོད་འདྲེ། སྨེ་བ་དགུ་དམར་གཡང་། བདུན་དམར་བཙན། བརྒྱད་དཀར་བཀྲ་ཤིས། བཞི་ལྗང་ཀླུ། གཉིས་ནག་བདུད་སྨེ། དཀར་གཞན་བརྒྱད་དཀར་ཆ་འདྲ། གསུམ་ནག་ཆ་འདྲ། ལྔ་ས་བདག་སྨེ་བ་ཀུན་སྙོམས། ༧ མ་མོ་སྲིད་པའི་བེམ་ལས། ལུག་སྤྲེལ་གཉེན་བྱས་རབས་ཆད་ལོ། དེ་བཞིན་ཕག་བྱི་གཉེན་བྱས་ན། ཕོ་སར་རབས་ཆད་རོ་དུར་འདེབས།གླང་འབྲུག་རི་ཉིལ་སར་ལྷུང་ཞེས་ཁ་སྨྲས་འབྱུང་སྒོ་ཁྱི་ཡང་མི་ཆགས། བར་དུ་ལྷ་མ་ཆགས་པས་མི་རུང་ངོ་། །སྟག་སྦྲུལ་ཁང་རྡིབ་སྟེ། དགྲ་ཁང་ཁྱིམ་ལ་ཞུགས་པའི་ལོ་ཡིན་ངན། སྟག་ཕག་སྲོག་ལུས་སྟོར་བའི་ལོ་སྟེ་ངན། བྱ་སྦྲུལ་ཁ་ཡན་ལོ་སྟེ་བྱེ་བྲལ་དང་ཡུག་ས་བྱེད་སླ། བྱ་སྤྲེལ་ཕོ་གཡས་སྟོང་མོ་གཡོན་སྟོང་བྱ་བ་ཡིན། ཁྱི་ཡོས་ས་རལ་ཤིང་ཆད་ལོ། །སྟག་ལུག་ཤི་ཤིང་ཟད་པ་ཞེས་རང་ལ་ཁ་ཟུག་པའོ། །ཞེས་གསུངས་བག་རྩིས་ལ་མཁོ་སྙམ་བྲིས། ༧ བག་རྩིས་ལོ་འདི་ཙམ་ལ་སྤང་བྱ་བྱ། ཕན་ཚུན་སྲོག་ཀླུང་མོས་


MR12_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་སྐྱོབ། ལུས་དབང་ཕོས་མོ་སྐྱོབ་བམ། བཞི་བདུན་མིན་པའི་མཐུན་གསུམ་ལྟ་བུ་བླང་བྱ་བྱ། སྤར་ཁ་མ་ཀླུང་བཟང་བཞི་དང་། སྡེབ་དུས་བཟང་འཕྲད་ཁོ་ནར་གཙོར་བཟུང་། སྨེ་བ་སྐྱེས་སྨེ་བཟང་བཞིར་འཕྲད་ན་དེས་ཆོག་གོ། ༠ སྐར་གསུམ་རྟ་མགོའི་མགུལ་ཟས་ཤ་དང་སྦྲང་རྩི། ༡ སྐར་གསུམ་མོ་མཚན་དབྱིབས་ཏིལ་འབྲས། ༢ སྐར་དྲུག་སྤུ་གྲི། ཟས་ཞོ། ༩སྐར་དྲུག་ཆུ་བོ། ཟས་ཏིལ་ཐུག ༡༠སྐར་གཉིས་མི་རྐང་ལྟ་བུ། འབྲས་དང་ཏིལ་གྱི་ཚིགས་མ་བིལ་པ། ༡༡སྐར་གཉིས་ཁྲི། ཁྲེ་དང་༡༨སྐར་དགུ་སྡིག་པའི་དབྱིབས་ཟས་འོ་མ་དང་འབྲས་བུ། ༡༩སྐར་བཞི་མཆོད་རྟེན་དབྱིབས་ཤིང་ནྱ་གྲོ་དྷའི་ཐང་ཆུ། ༢༠ཆུ་སྨད་སྐར་བཞི་བྲེ་དབྱིབས་སྦྲང་ཡོས། ༣སྐར་ལྔ་ཤིང་རྟ། ཟས་ཞོ་སྦྲང་། ༤སྐར་གསུམ་རི་དྭགས་མགོ་རི་དྭགས་ཤད། ༥སྐར་གཅིག་ཐིག་ལེ། ཁྲག་ཆུ། ༡༢སྐར་ལྔ་ལག་པའི་དབྱིབས་ཟས་བྱ་ཤ སྲེད། ༡༣སྐར་གཅིག་བད་སྣོད་ཤིང་ཏོག༡༤སྐར་གཅིག་ནོརབུའི་དབྱིབས་ཕྱེ་དང་ཏིལ་ཐུག་བལ་སྲན། ༢༡སྐར་གསུམ་བྲེ་ལྟ་བུ་ཟས་མར་བྱ་ཤ༢༡སྐར་གསུམ་གླང་མགོའི་དབྱིབས་ཟས་རླུང་། ༢༢སྐར་བཞི་བྱ་དབྱིབས་རྒྱ་སྲན་བྱི་ལའི་ཤ༦སྐར་གཉིས་ཁྲི་རྐང་། འཁུར་བ། ༧སྐར་གསུམ་རིལ་བ། སྦྲང་ཡོས། ༨ སྐར་དྲུག་གདེངས་ཀ་སྦྲུལ་ཤ༢༦ སྐར་མ་སོ་གཉིས་གྲུ་དབྱིབས་ཟས་ཕྱེ་དང་ཤའོ། །༡༥ སྐར་བཞི་མགོའི་དབྱིབས་ཟས་ཏིལ་རྒྱ་སྲན་དང་མེ་ཏོག། ༡༦ སྐར་བཞི་གླང་པོའི་དབྱིབས་སྲན་ཆུང་སྦྲང་རྩི་ཆང་། ༡༧ གསུམ་ཐེམ་སྐས་དབྱིབས་འབྲས་དམར་འབྲས་ཐུག༢༣ མི་རིང་ངམ་མེ་ཏོག་ལྟ་བུ་ཟས་ར་ཤ༢༤ སྐར་གཉིས་ཤིང་རྟའི་དབྱིབས་ལུག་གི་ཤ་ཁྲག༢༥ སྐར་གཉིས་རྣ་བའི་དབྱིབས་ཟས་བབ་སྲན།


MR12_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བསྡུས་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། སྤྲོས་ན་ཤིན་ཏུ་མང་མོད་དེ། །བསྡུ་ན་གལ་ཆེན་འགག་འདི་ཙམ། །མི་རྩི་ཐབས་མེད་ཡིན་པས་ན། །རྩིས་པ་ཀུན་གྱི་ཐུགས་ལ་ཞོག །ཚེ་རབས་ལས་རྩིས་བསྡུས་པ་ནི། །ཕ་མའི་སྲོག་ལུས་དབང་ཀླུང་ལ། །བུ་ཡི་དེ་བཞིས་འཐབ་པ་དང་། །དེ་ལོའི་ཕ་མའི་བབ་སྤར་དང་། །འཕུར་སྨེས་བུ་རང་སྲོག་སོགས་འཐབ། །རང་དང་ཕ་མེས་སྲོག་ལ་སོགས། །དར་གུད་སྐྱེས་དུ ས་ལོ་སོགས་གཏུག །གནམ་ལོ་མ་ཀླུང་སྤར་ཁའི་འབྲས། །དེ་བཞིན་སྨེ་བའི་འབྲས་བཤད་བལྟ། །སྐྱེས་དུས་གཟའ་སྐར་བཅས་པ་བརྟག །ཚེ་གང་བདེ་སྡུག་སྤྱི་ཁྱབ་རྟོགས། ༈ །ལོ་གཅིག་སྐེག་རྩིས་བྱ་བ་ལ། །ལོ་དང་ལོག་མིན་སྤར་སྨེ་དང་། །དར་གུད་དུས་ཚོད་དྲུག་དང་སྦྱར། །བརྩི་བྱའི་སྲོག་སོགས་འཇམ་རྩུབ་བཤད། །དེ་སྟེང་དགུ་དུར་སྤར་སྨེ་ནི། །གང་བབ་བལྟས་ལ་བཅོས་རིམ་འབོག ༈ །གཟའ་མི་མཐུན་སྦྱོར་བག་མའི་རྩིས། །སྐྱེས་པའི་ལོ་དང་བག་མའི་ལོའི། །སྲོག་ཀླུང་སྐྱེས་པ་ལུས་དབང་མོ། །བརྩི་བྱར་བྱས་ལ་འཐབ་རྡེལ་བཞག །སྐྱེས་དུས་མ་ཡི་ལོག་མིན་གཉིས། །དེ་ཡང་གོང་དང་འདྲ་བར་བརྟག །བུ་བག་སྲོག་སོགས་སྨེ་བ་བཞི། །རབ་འབྲིང་ཐ་མའི་ཕྲད་ཚུལ་བརྟག །དེ་བཞིན་མ་ཀླུང་སྤར་ཁ་སྤྲད། །སྲོག་ཀླུང་ཕོ་དང་ལུས་དབང་མོའི། །དར་རྒུད་ཕན་ཚུན་སྦྱར་བ་དང་། །རུས་དང་ལོ་ཡི་སྐྱོན་ངན་མེད། །དེ་འདྲའི་བག་ལམ་དང་པོར་བརྟག །དེ་ནས་ལམ་དུ་འཇུག་པ་ལ། །ལོ་ནི་ནག་དང་གཤེད་ཟུར་སྤང་། །ཟླ་བ་རང་གཤད་བདུན་ཟུར་ནག །ཞག་ནག་རྒྱུ་ངན་སོགས་སྤངས་ཏེ། །གཟའ་སྐར་དགེ་ཞིང་ཁྱད་པར་དུ། །གནམ་ཁྱིའི་གནོད་པ་ངེས་པར་སྤངས། །བུ་བག་བབ་སྤར་


MR12_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ལོར། །འབར་མའི་ལྷ་དགུ་བཟང་བ་ལ། །ཟླ་ཞག་དུས་ཀྱི་ཆ་ཡིས་ནི། །བག་མའི་སྲོག་སོགས་གསོ་བའི་དུས། །བག་མའི་སྲོག་སྐྱེད་དར་ཐོད་བཅིངས། །ཀླུང་བསྐྱེད་མདའ་དར་སྐ་རགས་བཅིངས། །དབང་ཐང་བསྐྱེད་པའི་གོས་བཀོན་ལ། །ལུས་ཁམས་མདོག་མཚུངས་འོག་རྟ་ཞོན། །ལུས་བསྐྱེད་པ་ཡི་ཁ་ཁྲིད་ནས། །ཟླ་མོ་མཐུན་གསུམ་སྲོག་སོགས་གསོ། །གནམ་ཁྱིའི་གདོང་ཐུག་ངེས་པར་སྤངས། །ཐེ་ཁྱིམ་སོགས་མེད་བཟང་བའི་སར། །སྲིད་ཕྱག་ཀུན་ཐུབ་བཅས་ཏེ་རྫོངས། །སྣ་བོན་བག་མའི་བདུན་ཟུར་དང་། །ཀླུང་དགྲར་གྱུར་པ་ནུས་ལྡན་བྱ། །སླེབ་སར་བླ་གབ་ཅན་ཁྱིམ་དུ། །གདགས་ལྷ་གང་བུམ་ཡོད་པ་དང་། །སྤར་ཁའི་བཟང་སར་ཁ་ཕྱོགས་ལ། །སྲོག་སྐྱེད་མ་ཡི་གདན་ལ་ནི། །འབྲུ་དཀར་རྡོ་རྗེ་གཡུང་དྲུང་སོགས། །བྲིས་པའི་སྟེང་འདུག་དབང་གསོ་བའི། །བཀྲ་ཤིས་ཟས་ཀྱིས་ཞལ་བསྲོ་བྱ། །སྤར་ཁ་གང་ལ་སོང་བ་དེ། །བུག་པའི་ཕ་མིང་དེ་རིམ་འབོགས། །སྣ་སར་སྤར་ཁ་མི་མཐུན་པའི། །བཅོས་བྱ་གཡང་འགུགས་སྣང་བརྒྱད་དང་། །བཀྲ་བརྩེགས་འདོན་པ་ཐུན་མོང་དུའོ། །རྒྱས་པར་གཞུང་ཆེན་རྣམས་དང་བསྟུན། །འདི་ཙམ་བྱས་ཀྱང་དགེ་ལ་ཤིས། ༈ །གཤིན་རྩིས་གསོན་ལ་སྤར་ཁ་ནི། །གདན་ཐུག་ཡོད་པ་ལ་སོགས་བཅོས། །ཤི་སྤར་དེ་ཡི་གཏོ་རིམ་འབད། །ལོ་སྤར་ལོག་མིན་སྨེ་བ་དང་། །གཟའ་སྐར་གང་ལ་ཤི་འབྲས་བརྟག །ཤི་བའི་ལོ་ཟླ་ཞག་དུས་དང་། །སྤར་སྨེ་གཟའ་སྐར་ལོག་མེན་ལ། །གཤིན་སྲོག་སོགས་བཞིས་འཐབ་རྡེལ་བཀོད། །དེ་ཡིས་ཀེག་ཆག་ཆེ་ཆུང་བལྟ། །དུར་ལྔ་ཤི་བའི་སྤར་ཁས་དཔྱད། །རོ་ལམ་ཧལ་ཁྱི་གཙོར་བཟུང་ཞིང་། །དྲངས་དུས་གསོན་ལོ་ཁྱད་པར་དུ། །


MR12_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐང་གཅིག་པའི་དུས་ཕྱོགས་སྤངས། །སྤོམ་གཏའ་སྒམ་ཆིངས་ནན་ཏན་བྱ། །དེ་ཡིས་འགྲམས་འཁྲུགས་ཉེས་སྐྱོན་ཞི། །གཤིན་གསོན་བྱ་བ་གང་རྩོམ་ཀྱང་། །ཉེས་སེལ་བཀྲ་བརྩེགས་སྣང་བརྒྱད་དང་། །མདོ་ཐིག་རྣམ་འཇོམས་མཚན་བརྗོད་དང་། །བཀྲ་ཤིས་ཚིགས་སུ་བཅད་པ་བཀླག །འབྱུང་བཞི་ཨུར་མནན་སྤོམ་གཏའ་སོགས། །གྲུབ་ན་དགེ་ཞིང་ཤིས་པར་འགྱུར། ༈ །ས་ནི་ཤར་ཕྱེས་ལྷོ་སྤུངས་ལ། །ནུབ་འདན་བྱང་ནི་གཡོར་བ་ཡི། །རྒྱབ་རི་རྒྱུད་བཟང་མཐོ་བ་དང་། །མདུན་རི་ཚུར་འདུད་ཕྱོགས་ཀུན་སྣུམ། །གནམ་ཟླུམ་ཡོ་མེད་ཉི་ལམ་རིང་། །ས་གཞི་ཀུན་ནས་བརྡལ་ལེགས་ཤིང་། །ཕུ་བཟང་ཡངས་ལ་མདའ་བསྣོལ་བ། །ཤར་དང་ལྷོར་ལམ་ཆུ་ཤིང་བཟང་། །རི་བྲག་ཤིང་དང་གནམ་སྐྲོན་དང་། །ལན་ཞབས་བཅུད་ཤོར་མདོག་དབྱིབས་ངན། །རྩུབ་གཟེངས་མི་སྡུག་མཚན་མ་སྤངས། །གང་དུ་ཕྱིན་ན་ཡིད་དགའ་ལ། །ཕྱོགས་ཀུན་ཚུར་ལ་རང་ཕྱོགས་འདུད། །འཇམ་ཞིང་ཁོད་སྙོམས་དེ་འདྲའི་སར། །གང་དེར་ཤ་འུད་བྲག་རལ་དང་། །ལམ་སོགས་གདོང་སྣ་མ་ཟུག་པའི། །ཁྲི་འཕང་ཉལ་དམིགས་ལྟ་བུའི་གནས། །བརྟན་བརླིང་དབུས་དམིགས་བཟུང་བྱས་ན། །ས་དེར་གང་གནས་བསམ་པ་འགྲུབ། །འདི་ནི་ས་དཔྱད་སྙིང་པོ་ཡིན། ༈ །གཞི་རྩིས་རྒྱས་པར་ཁྱིམ་དེའི་གཙོ། །དེ་ལ་ལོ་སོགས་བཅུ་བརྟག་པའམ། །རྒྱ་ནག་རྡེལ་སྐོར་བྱ་བའམ། །བསྡུ་ན་གཟའ་ཚང་ཐམས་ཅད་ཀྱི། །སྤར་སྨེ་ལོ་འགྲམས་དུར་ངོ་ནི། །ཡོད་མེད་སྤྱིར་བརྟག་དེ་སྟེང་དུ། །བརྩི་བྱ་གཙོ་བོའི་སྲོག་སོགས་ལ། །ལོ་ཟླ་ཞག་དུས་བཞིས་འཐབས་ཤིང་། །དར་གུད་བཞི་པོ་ལོ་སོགས་གཏུག །རྟ་ནོར་དགྲ་ཕྱ་ལ་སོགས་པ། །སྤར་ཁ་གང་ནས་


MR12_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །གཟའ་དང་ལོ་གྲངས་ཙམ་བསྐོར་བའི། །ཉེས་ཆག་ཡོད་མེད་ཤེས་བྱས་ནས། །དེ་དང་བསྟུན་པའི་རིམ་གྲོ་འབོག །ཕྲལ་ཕྲལ་དགོས་དོན་དྲི་བ་ལ། །རྒྱས་ན་ཞག་དུས་བསྡུ་ན་ནི། །དུས་ཚོད་བརྩི་བྱ་འཐབ་པ་དང་། །དར་གུད་དང་བཅས་རྩིས་མོ་རྩི། །དུས་རིང་ཁོག་ཆེན་ལོ་སོགས་དང་། །དུས་ཐུང་དོན་ཆུང་དུས་ཀྱིས་ཤེས། །གང་ལྟར་བརྩིས་ཀྱང་ཅི་ལའང་ཐིག །ནད་རྩིས་ཐང་ཤིང་ཙམ་ཞིག་གམ། །བསྡུས་ན་ལོ་ཟླ་ཞག་དུས་དང་། །སྤར་སྨེ་གཟའ་སྐར་དར་གུད་དགུས། །སྲོག་ལུས་གཉིས་པོ་ཁོ་ནར་བརྟག །ན་ཉིན་ཚེས་དང་གཟའ་སྐར་དང་། །སྤར་སྨེ་དང་བཅས་འབྲས་བུ་སྦྱར། །ན་བའི་ཉེན་ནི་སྤར་ཁས་བརྟག །གདོན་ཕྱ་བགེགས་ཀྱི་སྤུ་གྲི་འང་བལྟ། །མགྲོན་པོ་ཚངས་པའི་རྩིས་ཀྱིས་ཤེས། །བོར་སྟོར་ལུས་དང་དུས་ལུས་འཐབ། །རྩོད་པ་ཀླུང་དང་དུས་ཀླུང་འགྱེད། །དེ་སོགས་མན་ངག་སྣ་རེས་དཔྱད། །རྩིས་ནི་རྟེན་འབྲེལ་མེ་ལོང་སྟེ། །གང་ཤར་བརྡ་ལས་ངེས་རྙེད་ན། །བླང་དོར་འབྲས་བུ་དུ་མ་མཐོང་། །དེ་ལས་གཞན་ཕན་ཁ་དམར་སྒྲོགས། །སྤོང་ཐང་ལུགས་ལ་འཇུག་རྣམས་ཀྱི། །ཤིན་ཏུ་མདོར་བསྡུས་ལག་ལེན་གནད། །ཚིག་ཉུང་བ་ཡིས་བཀྲོལ་བ་འདི། །མི་ཕམ་ཞེས་བྱས་བྲིས་པ་དགེ། །།


previousརྩིས་སྐོར་ནོར་བུའི་ཕྲེང་བ།next