Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
མཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁོལ་ཕྱུང་གཅེས་བཏུས།
   
   
   
   
   
   
   
   
   
   
   
   
   
   


 
previousམཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁོལ་ཕྱུང་གཅེས་བཏུས།next

མཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁོལ་ཕྱུང་གཅེས་བཏུས།


MR12_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁོལ་ཕྱུང་གཅེས་བཏུས་བཞུགས་སོ། །


MR12_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཡོངས་རྫོགས་པ། །བདེ་བར་གཤེགས་པ་ཡེ་ཤེས་སྐུ་ཅན་གྱི། །སྙིང་རྗེ་ཆེན་པོས་ཚོགས་གཉིས་མཐར་ཕྱིན་པའི། །འོད་ཟེར་ཆོ་འཕྲུལ་ཆེན་པོ་དྲན་བྱས་ནས། །བདག་མེད་ངང་ནས་བྱམས་སོགས་བཞི་ལྡན་པར། །འོད་ཀྱིས་ཀུན་ཏུ་ཁྱབ་དམིགས་གསང་སྔགས་བཟླ། །ཨ་ར་པ་ཙ་བཟླ། ཡང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྟོན་པ་བཀའ་དྲིན་ཅན་འདི་དང་པོར་དྲན་ཅིང་ཕྱག་འཚལ། མཚན་ཐོས་པ་ཐམས་ཅད་ཕྱིར་མི་ལྡོག་པར་གསུངས། དེ་བཞིན་དུ་ཀུན་ཀྱི་ཐོག་མར་བཅོམ་ལྡན་འདས་ནས་སངས་རྒྱས་བར་དང་། མང་ན་དེ་བཞིན་གཤེགས་པ་ཙམ་དང་། མཐར་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་འམ་ཕྱག་འཚལ་ལོ་ཞེས་སྦྱར་ལ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་


MR12_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ༴ འདིས་བྱང་ཆུབ་ལ་གཞོལ་ཞིང་སྔགས་འགྲུབ། འོད་དཔག་མེད༴ རིན་ཆེན་ཏོག་ལ༴ དེ་གཉིས་ཀྱང་གོང་དང་འདྲ། བྱང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དཔལ་རྩེགས་པ་ན། དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ༴ མཚན་འདི་མོས་པ་ཁོ་ནས་ཕྱིར་མི་ལྡོག་སོགས། བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྡོ་རྗེའི་སྙིང་པོ་ཅན་ན། རྡོ་རྗེ་རབ་ཏུ་འཇོམས་པ་ལ༴ གོང་འདྲ། ཟླ་འོད་ལ༴ བྱང་ཆུབ་སེམས་ནམ་ཡང་མི་བརྗེད། འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ༴ སྡིག་པ་ཀུན་ཚེ་འདིར་འབྱང་། བྱང་ཆུབ་བར་དགེ་རྩ་མི་འཛད། མིག་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ༴ ཏདྱ་ཐཱ། ཙཀྵུ་ཙཀྵུ་ཛྙཱ་ན་ཙཀྵུ་སྭཱ་ཧཱ། ལྷའི་མིག་ལྟར་འགྱུར་དགེ་རྩ་མི་ཟད་རང་གི་མིག་དག་ཕྱིར་ཡོང་། མེ་ཏོག་དཔལ་ལ༴ ཏདྱ་ཐཱ། པུཥྤེ་པུཥྤེ་སུ་པུཥྤེ་སྭཱ་ཧཱ། མེ་ཏོག་ཇི་ལྟར་བཤམས་པར་ཉེར་གཅིག་བསྔགས་ལ་མཆོད་རྟེན་ལ་གཏོར་ན་སྒྲིབ་པ་ཀུན་བྱང་བསམ་པ་ཐམས་ཅད་རྫོགས། ས་འཛིན་རྒྱལ་པོ་ལ༴ ཏདྱ་ཐཱ།


MR12_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་རེ་དྷ་རེ་དྷ་རེ་ཎི་བནྡྷེ་སྭཱ་ཧཱ། འདིས་ཇི་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས། རིན་ཆེན་གཙུག་ཏོར་ཅན་ལ༴ དུད་འགྲོས་ཐོས་ཀྱང་མཐོ་རིས་སྐྱེ་སོགས། མི་འཁྲུགས་པ་ལ༴ སྒྲིབ་བྱང་བདུད་འཇོམས་སེར་བ་བཟློག་སོགས། བདེ་བ་ཆེན་པོ་ཐོབ་པ་ལ༴ འགྲོ་ཀུན་བདེར་གྲོལ་བསོད་ནམས་ཚད་མེད་ཐོབ། ཟླ་བ་ལྟར་དཀར་བ་ལ༴ །ཆོས་དཀར་ཟླ་ལྟར་ཕྱིར་མི་ལྡོག །སངས་རྒྱས་ཉི་འོད་ལ༴ ཆོས་དཀར་ཉི་ལྟར་བདུད་དང་མུ་སྟེགས་ཀུན་འཇིགས། སངས་རྒྱས་པདྨོའི་བླ་མ་ལ༴ འཇིག་རྟེན་ན་པདྨ་དང་འདྲ་བར་དགེ་ཆོས་འཕགས་སོ། །སངས་རྒྱས་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ༴ སངས་རྒྱས་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ༴ སངས་རྒྱས་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ལ༴ སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ལ༴ སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ལ༴ སངས་རྒྱས་རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ༴ སངས་རྒྱས་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ལ༴ སངས་རྒྱས་འདི་དྲུག་གི་མཚན་གྱིས་ཚེ་བརྗེས་ནས་འཁོར་བསྒྱུར་ཐོབ། སངས་རྒྱས་ཚད་མེད་མཆོད། ཆོས་འཛིན། ནམ་ཡང་ཐེ་ཚོམ་སེར་སྣ་རྨོངས་སེམས་མེད། ཚེ་རབས་དྲན། རྒྱལ་དང་བྱང་སེམས་ཀྱིས་དགོངས་བྱིན་གྱིས་རློབ། བདུད་ཚར་ཆོད། ཉན་རང་གི་ས་ལས་འདས། སེམས་ཅན་སེམས་ཀྱི་དྲི་མ་སེལ་ཆོས་ལ་འགོད། སངས་རྒྱས་དང་བྱང་སེམས་སྤྱོད་པ་མི་འབྲལ། རྫོགས་སྨིན་སྦྱང་པ་མཐར་ཕྱིན། སྒྲིབ་ཀུན་བྱང་། ལུས་མཚན་ཀྱང་རྡོ་རྗེ་ལྟར་འཁྲེགས་གསེར་མདོག་འོད་དང་དྲི་འབྱུང་། ཚངས་དབྱངས་ཐོབ། ནད་དང་ཡིད་མི་བདེ་མི་འབྱུང་། མངོན་ཤེས་སོགས་ཐོབ། འཆི་ཚེ་སངས་རྒྱས་མཐོང་། རང་བླ་མེད་བྱང་ཆུབ་ལས་མི་


MR12_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་གཞན་དེར་འགོད་སོགས་ཕན་ཡོན་གྲངས་མེད་གསུངས་སོ། །གསེར་ལྟར་སྣང་བ་ལ༴ ཆོས་ཀུན་མིག་ཡོར་ལྟར་སྟོན་ཡིད་བདེ་བར་བྱེད། ཡན་ལག་བླ་མ་ལ༴ སྲེད་པའི་ཆུ་ལ་འགྲོ་ཀུན་མྱ་ངན་མེད་པར་གྲོལ། མེ་ཏོག་འདྲ་བར་ཀུན་ཀྱིས་བཀུར། ལུས་མ་ཁྲེགས་ཕྱིར་མི་ལྡོག །བུད་མེད་ལས་ལྡོག་གོ། དཔའ་བརྟེན་པའི་སྡེ་མཚོན་ཆས་ཉོན་མོངས་པ་སེལ་བ་ལ༴ རྡོ་རྗེ་ལྟར་འགྱུར་བདུད་ལས་རྒྱལ། རྨི་ལམ་དུ་མཚན་དེ་གྲགས་ནའང་སེམས་ཅན་མང་པོའི་དོན་བྱེད་སངས་རྒྱས་ཐོབ་སོགས་སོ། །དཔལ་གྱི་སྙིང་པོར་སྣང་བ་ལ༴ ངན་སོང་མེད། ཇི་སྨོན་བཞིན་ཐེག་ཆེན་གྱིས་འཚང་རྒྱ། བདེ་ལྡན་སོགས་ཕན་ཡོན་ཚད་མེད། སངས་རྒྱས་ཉི་ཟླ་སྒྲོན་མ་ལ༴ དེ་ཐོས་སངས་རྒྱ ས་མཐོང་གང་ཐོས་བླ་མེད་བྱང་ཆུབ་ལས་མི་ལྡོག །བདུད་དང་བར་ཆད་མེད་སོགས། སངས་རྒྱས་ཀུན་ཏུ་སྤོས་ཞེས་བྱ་བ་ལ༴ ལུས་ལ་དྲི་ཡིད་འོང་འབྱུང་། བདུད་ཀྱིས་མི་གནོད་དགོངས་ཏེ་གསུངས་པ་ཤེས། རིན་ཆེན་བཟང་སོགས་ལས་འཕགས། སྨན་གྱི་བླ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ༴ ནད་ཞི་ཉོན་མོངས་བྱང་སོགས་ཕན་ཡོན་ཚད་མེད། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལ༴ ཐོས་པ་ཙམ་གྱིས་ཕན་ཡོན་དཔག་མེད་སྐྱེད། རྣམ་པར་སྣང་མཛད་ལ༴ འདིའི་བ་སྤུའི་ཡོན་ཏན་ཀྱང་ཚད་མེད་མཚན་ཐོས་པས་བསོད་ནམས་ཚད་མེད་སྐྱེད། དོན་ཐམས་ཅད་གྲུབ་པ་ལ༴ ཞིང་དང་བྱིན་བས་ཚད་མེད་མཚན་ཐོས་ཕྱིར་མི་ལྡོག །སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ༴ །ཡིད་མི་བདེ་དང་སྡུག་བསྔལ་བྲལ་ཞིང་ཚེ་རིང་། མནར་མེད་ནས་ཐར་བྱང་ཆུབ་བར་ལྷ་མིའི་བདེ་མྱོང་། ལྷའི་བདག་པོ་དང་ཡོ་བྱད་ཀུན་ལྡན། ནད་གདོན་ཀུན་ལས་ཐར། ༈ སངས་རྒྱས་སེམས་ཅན་ཐམས་ཅད་སྡུག་པར་མཐོང་བ་ལ༴ །འཇིག་རྟེན་ཐམས་ཅད་མངོན་པར་


MR12_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དགའོ། །སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་ལ༴ སངས་རྒྱས་ཀྱི་ཆོས་ཀྱིས་གཟུགས་བཟང་པོར་འགྱུར ། སངས་རྒྱས་བཟང་པོ་དམ་པའི་དཔལ་ལ༴ ཕྱིར་མི་ལྡོག ཀུན་དགའ་ཞིང་འདུ། ཚིག་འཛིན་འོས། སྤོབས་པ་ཟབ། ཆོས་བསྟན་ན་ཀུན་མོས། པདྨོ་ལ་བཞུད་པ་ལ༴ འཕོས་ནས་གཟུགས་མཛེས་ཐམས་ཅད་དགའ་ཞིང་སྡུག་ལ་ཡིད་དུ་འོང་། བླ་མེད་སྤོབས་པ་ལྡན། ཚེ་རབས་དྲན། སྨོན་ལམ་དང་མིག་དག་གོ། སངས་རྒྱས་ཡོན་ཏན་ཐམས་ཅད་འབྱུང་བ་ལ༴ དབང་པོ་རྣམ་པར་ཕྱེ་བ་འཛིན་ཅིང་ཡན་ལག་ཐམས་ཅད་མཛེས། བྱད་བཟང་ལྟ་ན་སྡུག་མཐོང་དགའ་བ་ཤིན་ཏུ་ཕྱེ་བའི་ལུས་སུ་འགྱུར་དཔལ་གྱིས་འབར་ཞིང་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །ལུས་དག་པའི་སངས་རྒྱས་ཀྱི་མཚན་སྐོར་རོ། །སངས་རྒྱས་ཟླ་བ་རྒྱས་པ་དྲི་མ་མེད་པ་ལ༴ ཉོན་མོངས་པ་ཐམས་ཅད་ལས་གྲོལ། སངས་རྒྱས་མྱ་ངན་མེད་པ་ལ༴ ཉོན་མོངས་པས་མི་གོས་མྱ་ངན་མེད། སེམས་ཅན་མང་པོ་མྱ་ངན་མེད་པར་བྱེད། སངས་རྒྱས་སྣང་བ་ཡོངས་སུ་དག་པ་ལ༴ སངས་རྒྱས་མཆོད་སོགས་ལས་འཕགས། འཁོར་བ་རྒྱབ་ཕྱོགས་ཡེ་ཤེས་ཐོབ། སངས་རྒྱས་ཆོས་ཀྱི་བླ་མ་ལ༴ སངས་རྒྱས་ཀྱི་ཆོས་འདི་ལ་གྲུབ་པར་བྱ་ཕྱིར་སློབ་པར་འགྱུར་རོ། །སངས་རྒྱས་ཡོན་ཏན་ཆེན་པོ་ལ༴ སངས་རྒྱས་ཀྱི་ཆོས་ཐམས་ཅད་གྲུབ་པར་བྱེད་པར་འགྱུར་རོ། །སངས་རྒྱས་མེ་འོད་ལ༴ ཆོས་ཀྱི་སྒྲོན་མེ་ཐོགས། སེམས་ཅན་འཁོར་བ་ལས་སྒྲོལ། སེམས་ཅན་ལ་ཕན་འདོགས་པས་ཉན་མཚན་འདའ་འོ། །སངས་རྒྱས་མཆོག་མཛད་ལ༴ ལྷ་མིར་བཅས་པའི་འཇིག་རྟེན་གྱི་མཆོག་ཏུ་འགྱུར། སངས་རྒྱས་པདྨའི་སྡེ་ལ༴ ཆུ་ཡི་པདྨ་བཞིན་དུ་ཁམས་གསུམ་ལས་འཕགས་སོ། །སངས་རྒྱས་ཡང་དག་པར་བླངས་པ་ཐམས་ཅད་ལས་རྒལ་པ་ཐེ་ཚོམ་གཅོད་པ་ལ༴ ཇི་སྐད་སྨྲས་བཞིན་བྱེད། བདུད་དང་ཕས་རྒོལ་བཅོམ་ཐེ་ཚོམ་


MR12_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་སངས་རྒྱས་སུ་འགྱུར་རོ། །སངས་རྒྱས་པདྨ་དམ་པ་རྣམ་པར་འཕྲུལ་པའི་དཔལ་ལ༴ ངན་སོང་མེད་སངས་རྒྱས་ཆོས་ཀྱི་མེ་ཏོག་རྒྱས། འཚང་རྒྱ་ལ་ཕྱིར་མི་ལྡོག །ཞ་ལོང་ལྐུག་པར་མི་འགྱུར། རྣམ་དག་བསོད་ནམས་འཕེལ། གྲོགས་ངན་མི་འབྱུང་བཤེས་རྙེད་བྱང་ཆུབ་ལ་སོམ་ཉི་མེད་པར་འགྱུར།སངས་རྒྱས་རིན་ཆེན་དག་པ་འབྱུང་བའི་དཔལ་ལ༴ བྱང་ཆུབ་ཀྱི་ཡན་ལག་རིན་ཆེན་བདུན་འཐོབ་བོ། །སངས་རྒྱས་ཏཱ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ལ༴ སེམས་ཅན་ཐམས་ཅད་ལས་མངོན་པར་འཕགས། སངས་རྒྱས་ཆོས་ནམ་མཁའི་སྒྲོན་མ་ལ༴ སངས་རྒྱས་ཞིང་འགྲོ་ཚེ་འདིར་སངས་རྒྱས་མཐོང་། མཁས་པའི་སེམས་ཅན་རྙེད་པ་སོགས་ཚེ་འདིར་ཐོབ། སངས་རྒྱས་རིན་ཆེན་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་འཛིན་པ་ལ༴ འཁོར་བར་མི་འཁོར་ཕྱིར་མི་ལྡོག་ཆོས་སྤྱན་རྣམ་པར་དག སངས་རྒྱས་སྒྲོན་མེའི་རྒྱལ་པོ་ལ༴ སངས་རྒྱས་རྩལ་བརྟན་དོན་གྲུབ་དགོངས་པ་ལ༴ སངས་རྒྱས་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན་ལ༴ སངས་རྒྱས་བྱམས་པའི་རྒྱན་གྱི་དཔལ་ལ༴ སངས་རྒྱས་དགེ་བར་གྲགས་པ་དཔལ་དམ་པ་ལ༴ སངས་རྒྱས་ལྷུན་པོ་ལྟར་འཕགས་པ་རྩལ་གྲགས་པའི་དཔལ་ལ༴ སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་ལ༴ སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ལ༴ ཤར་ཕྱོགས་སུ་བཞུགས་པའི་སངས་རྒྱས་བརྒྱད་པོ་འདི་ནི་བཀྲ་ཤིས་བརྒྱད་པའི་མདོ་ལས་གསུངས་ཏེ། ལས་བྱེད་པའི་སྔར་བརྗོད་ན་འཕེལ་ཞིང་མི་འགྲིབ་བགེགས་དང་རྨི་ངན་འཇིགས་པ་མེད། གཡུལ་ལས་རྒྱལ། ཟིལ་གྱིས་མི་ནོན། ཚིག་མི་བཟློག །གདུང་བ་དང་བག་ཚ་བ་མེད་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ།


MR12_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོཿསཾ་གྷཱ་ཡ། འདི་ཐོས་ངན་སོང་མི་འགྲོ་སངས་རྒྱས་ཞིང་དུ་སྐྱེ། སྐྱེ་མེད་ཆོས་ལ་བཟོད་པ་རིམ་གྱིས་ཐོབ་བོ། །སྐྱེ་བ་ཐམས་ཅད་དུ་གཟུགས་སྡུག་པ་སོགས་ཡོན་ཏན་ཚད་མེད་འཐོབ་པའི་སངས་རྒྱས་ཀྱི་མཚན་ནི། དེ་བཞིན་གཤེགས་པ་ཡང་དག་རྫོགས་སངས་རྒྱས། །སེམས་ཅན་ཐམས་ཅད་སྡུག་པར་མཐོང་བ་དང་། །སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་དང་ནི། །བདེ་བར་གཤེགས་པ་བཟང་པོ་དམ་པའི་དཔལ། །དེ་བཞིན་གཤེགས་པ་པདྨོ་ལ་བཞུད་པ། །སངས་རྒྱས་ཡོན་ཏན་ཐམས་ཅད་འབྱུང་བ་སོགས། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཐམས་ཅད་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལི་ཙ་བི་དྲི་མ་མེད་པས་ཞུས་མདོ་ལས། སངས་རྒྱས་རིན་ཆེན་འོད་ཟེར་ཟླ་བས་བརྒྱན། །མཁས་པ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་རྒྱལ། །མེ་ཏོག་འོད་ཀྱིས་རྣམ་རོལ་མངོན་པར་མཁྱེན། །མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་དང་། །ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་དང་། །རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་ནི། །དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་དང་། །བརྩོན་འགྲུས་གྲངས་མེད་ཡང་དག་རབ་གནས་སོགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ཉོན་མོངས་ཞི་བའི་མཚན་སྐོར། དེ་བཞིན་གཤེགས་པ་ཡང་དག་རྫོགས་སངས་རྒྱས། །མི་འཁྲུགས་འོད་དཔག་མེད་དང་རིན་ཆེན་ཏོག །ཟླ་འོད་ཉི་འོད་པདྨོའི་བླ་མ་དང་། །སྨན་གྱི་བླ་དང་ཡན་ལག་བླ་མ་དང་། །ཟླ་བ་རྒྱས་པ་དྲི་མ་མེད་པ་དང་། །དཔའ་བརྟན་པའི་སྡེ་མཚོན་ཆས་ཉོན་མོངས་སེལ། །བདེ་ཆེན་ཐོབ་དང་རིན་ཆེན་གཙུག་ཏོར་ཅན། །འགྲོ་བ་ཐམས་ཅད་ཡོངས་སྐྱོང་རྒྱལ་པོ་སོགས། །ཕྱོགས་བཅུའི་


MR12_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་དང་བཅས་པ་ནི། །འགྲོ་ཀུན་ཉོན་མོངས་ཉེས་པ་སེལ་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་སྲས་དང་བཅས་པའི་ཞབས་ཀྱི་པདྨ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཞིང་མ་ལུས་པའི་རྡུལ་གྱི་གྲངས་སྙེད་ཀྱི་ལུས་ཀྱིས་མཆོག་ཏུ་བཏུད་དེ་གུས་པ་ཆེན་པོས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཆེད་དུ་བདག་གིས་སྔགས་གྲུབ་ཅིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་རྒྱ་མཚོ་མ་ལུས་པ་བདག་གཅིག་པུས་སྤྱོད་ནུས་པར་བྱིན་གྱིས་རློབས་ཤིག །སོགས་སྨོན་ལམ་སྣ་ཚོགས་སྙིང་ནས་གདབ་བོ། །འདི་ཡང་མཚན་འབུམ་ནོར་བུའི་ཕྲེང་བ་ལས་རང་གི་ཁ་ཐོན་དུ་མི་ཕམ་པས་བཏུས་པར་དགེ་ལེགས་འཕེལ་ལོ། །ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་སྔར་བརྩམས་ཐོ་ལས་ཤིང་ལུག་ཟླ་༧ཚེས་༢༠ལ་དཔེར་ཤུས་པ་མངྒ་ལཾ། ༈ །ལས་སྒྲིབ་རྒྱུན་གཅོད་སྐབས་དང་པོ། ཧོ། བཅོམ་ལྡན་ཞི་ཁྲོ་འདིའམ་སོ་སོར་ཁ་བསྒྱུར་རབ་འབྱམས་དགོངས་སུ་གསོལ། །ཡེ་ཤེས་ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །བདག་སོགས་དམ་ཚིག་ཉམས་ཆགས་ཐམས་ཅད་ཀུན། །ཐུགས་དམ་ཆེན་པོའི་དབང་གིས་དག་པར་མཛོད། །ཅེས་དང་། ཧོ། རྗེ་བཙུན་བྱམས་མགོན་ཁ་བསྒྱུར་རང་བྱུང་ཡེ་ཤེས་སྐུ། །སྙིང་ལ་དབྱེར་མེད་བཞུགས་པའི་འོད་ཟེར་གྱིས། །འཁྲུལ་སྣང་འཁོར་བའི་མུན་པ་མ་ལུས་པ། །མཉམ་ཉིད་བདེ་ཆེན་དབྱིངས་སུ་དག་པར་མཛོད། །ཅེས་གསོལ་བ་བཏབ་ལ་སྔགས་བཟླ་མཇུག་ཏུ། འདི་ནས་བྱང་ཆུབ་ཁ་བསྒྱུར་


MR12_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་མཆིས་ཀྱི་བར། །རྗེ་བཙུན་བྱམས་པ་ཁ་བསྒྱུར་མགོན་པོས་རྗེས་བཟུང་ནས། །དོན་གཉིས་ལྷུན་གྲུབ་ཕུན་ཚོགས་དཔལ་ཡོན་འཕེལ། །ཐེག་ཆེན་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཤོག །ཅེས་དང་། །བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ནད་གདོན་རྒུད་སོགས་གཞན་དབང་མི་འགྱུར་ཞིང་། །འཇིགས་མེད་རང་དབང་ཕུན་སུམ་ཚོགས་པ་ཐོབ། །བསྟན་འགྲོའི་དོན་ལ་མཐུ་དང་ལྡན་པར་ཤོག །ཅེས་དང་། རྗེ་བཙུན་ཁ་བསྒྱུར་བྱམས་མགོན་ཁྱེད་ཀྱི་ཐུགས་སྐྱེད་དང་། །སོགས་དང་། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས༴ ནད་གདོན༴ ཆོས་དང་བཀྲ་ཤིས་སོགས་དང་། དགེ་བ་འདི་ཡིས་མྱུར་དུ་བདག་ཉིད་ཀྱིས། །རྗེ་བཙུན་ཁ་བསྒྱུར་བྱམས་པ་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡིས་ས་ལ་འགོད་པར་ཤོག །ཅེས་དང་། ནམ་མཁའི་མཐར་ཐུག་མཐའ་ཡས་སོགས་ཚིག་བཅད་དང་། ཡེ་དྷར་དང་བཀྲ་ཤིས་ནི། ཧོ། བདེ་བ་ཆེན་པོ་རྟག་ཁྱབ་ཡེ་ཤེས་སྐུ། །རྗེ་བཙུན་ཁ་བསྒྱུར་བྱམས་མགོན་བཀྲ་ཤིས་དཔལ་འབར་བས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་རྒྱུན་འབེབ། །གང་བསམ་ཡིད་བཞིན་གྲུབ་པའི་བཀྲ་ཤིས་ཤོག །ཚིག་བཅད་དྲུག་བརྗོད་དྷཱི་མིང་པས་སོ། ༈ །ཉེ་སྲས་སྒྲུབ་དུས་སུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ནམ་མཁའི་ས་ཡི་སྙིང་པོ་ཁ་བསྒྱུར་སྙིང་པོ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ལྷག་པ་ཡི་ནི་ལྷ་ཉིད་ལ། །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །རང་བྱུང་རྣམས་ཀྱི་མཆོད་པ་ཀུན། །


MR12_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཀུན་ཀྱི་སྐབས་ན་དཔལ། །མཆོད་པའོ། །དངོས་པོ་ཀུན་ཀྱིས་ཁྱོད་ལ་འདུད། །རྟོག་པའི་ནད་ཀྱིས་ཟིན་པ་ལ། །མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །འདུ་འབྲལ་མེད་པར་བྱིན་གྱིས་རློབས། །སེམས་ལ་དབང་ཐོབ་གསང་སྔགས་གྲུབ། །འཇམ་པའི་དཔལ་གྱི་ངང་གྱུར་ནས། །ཐམས་ཅད་དོན་ནི་ཕུན་སུམ་ཚོགས། །དེ་འབྲས་ཡིད་བཞིན་གྲུབ་པར་མཛོད། །ཅེས་པ་རང་འདོད་འདོད་གསོལ་དྷཱི་མིང་བྲིས། ༈ །ཡང་དག་པའི་ཡན་ལག་བདུན་པ་བཞུགས། ཨོཾ། སྣང་སྲིད་རྣམ་དག་མཉམ་ཉིད་ཆོས་སྐུའི་ཀློང་། །གདོད་ནས་རྣམ་གྲོལ་ཆེན་པོར་ཕྱག་འཚལ་ལོ། །གང་སྣང་བདེ་ཆེན་རྡོ་རྗེའི་རང་བཞིན་གྱིས། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པ་འབུལ། །རང་སེམས་རྣམ་རྟོག་འཁྲུལ་བའི་ཉེས་པ་ཡིས། །མ་དག་ནོངས་པར་བཟུང་བ་མཐོལ་ལོ་བཤགས། །འདི་ལྟར་བདེ་ཆེན་ཆོས་སྐུར་རོ་གཅིག་པའི། །ཡང་དག་དོན་ལ་མི་ཕྱེད་ཡི་རང་ངོ་། །མཉམ་ཉིད་དང་ནས་ཐུགས་རྗེའི་རོལ་པ་ཡིས། །ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར། །སྐུ་གསུམ་རོལ་པ་ནམ་ཡང་མི་ཟད་པའི། །རྟག་པ་ཆེན་པོར་བཞུགས་ལ་གསོལ་བ་འདེབས། །ཐམས་ཅད་མ་ལུས་དགེ་ཞིང་ལེགས་པའི་ལམ། །རང་གྲོལ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །ལྕགས་བྱི་ཟླ་༨ཚེས་༡༤ལ་ཞེ་འཛོད་དུ་དྷཱིས་བྲིས་པ་དགེ །༈ གཟུངས་སྔགས་སྣ་ཚོགས། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། སངས་རྒྱས་ཤཱཀྱ་ཐུབ་པའི་སྙིང་པོའོ། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཚེ་བསྙེན་རྨ་བྱ་ཆེན་མོའི་སྙིང་པོའོ། །སྒྲ་མི་སྙན་གྱི་ཚེ་གཟུངས། ན་མོ་བུདྡྷཱ་ཡ་ན་མོ་དྷརྨཱ་ཡ་ན་མཿ སཾ་གྷཱ་ཡ་ཏདྱ་ཐཱ་ཨིཊྚེ། བཊྚེ།


MR12_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ནཊྚེ། ཀུན་ཊྚེ། ཊཀྐེ། ཐཀྐེ། ཐ་རཀྐེ། སུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧི་ལླི། མི་ཝི། སཔྤ་ཛྙཱ་དུ་པ་དགྒ། ན་མཿ སཔྤ། སམྨ། ས་མུ་ཛྙཱ་ནི། སིཛྙཱ་ནྟུ། མེ་མནྟྲ་པཱ་དཱ་སྭཱ་ཧཱ། ཡང་མི་ལླིའི་རྗེས་སུ། སརྦ་ཛྙཱ་སྩི་བི་ས་དགྒ། ན་མཿསམྨ། ས་མ་བུདྡྷཱ་ནཾ།སིདྡྷུ་ནྟུ་མེ་མནྟ་པཱ་ད་སྭཱ་ཧཱ། སྐྱབས་སེམས་སྟོང་ངང་པཾ་ལས་པད་དཀར་འདབ་བཞིར། གསེར་རྡོར་རྩེ་ལྔའི་ལྟེ་བར་ཚེ་དཔག་མེད་དེའི་སྐུ་ལུས་དྲང་པོར་སྲོག་རྩ་ལྕགས་ཀྱི་སྲོག་ཤིང་རྡོ་རྗེ་རྩེ་ལྔ་པ་ལྟ་བུའི་ལྟེ་བར་རང་སེམས་ཧཱུྃ་མཐིང་ནག་བསམ། དེ་ལ་སྔགས་ཕྲེང་གཡས་སྐོར་དུ་ཡོད་པར་སེམས་གཏད། གོང་སྔགས་ལན་གསུམ་བཟླ། འདི་བསླབ་བཏུས་ལུས་སྲུང་སྔགས་དང་གཅིག་ཡི་གེ་ང་བདུན་ཚད་དེ། ཨིཊྚེ་མན་ཆད་དོ། །ཨཏྟེ་ཝ་དྷེ་སོགས་འདྲ་མིན་ཡོད། ཨོཾ་བཛྲ་ཨཱ་ཡུཿཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཞེས་ལན་གསུམ་གསོལ་བ་བཏབ་བོ། །རྒྱུད་ལས་གསུངས་པ་རྡོ་རྗེ་ལྷ་མོའི་སྔགས། ཨོཾ་ཨ་མྲྀ་ཏ་སཾ་ཛཱི་བཱ་ནི། འཆི་མེད་ཉེ་བར་རྩོལ་མ། མ་ཧཱ་ཨ་མྲྀ་ཏ་འཆི་མེད་ཆེན་པོ་སུ་མུ་ཁེ་ལགས་པས་ཞལ་དུ་ཛཱི་ཝཾ་འཚོ་བ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཕོབ་ཅིག་ཕོབ་ཅིག སརྦ་ཐམས་ཅད། བཛྲ་པདྨ་ས་མ་ཡོ་གི། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ། མ་ཧཱ་བོ་དྷི་ཙིཏྟ་བྱང་ཆུབ་ཀྱི་སེམས་ཆེན་པོ། བིསྡྱཱ་སི་ཏ་རྣམ་པར་གནས་པ་སྦྱོང་བ། མཱུཏྟེ་སྐུ། ཧཱུྃ་ཧཱུྃ་ཐབས་ཤེས། ཨ་ཨཱ་ཨྃ་ཨཿཧ་ཚེ་སྒྲུབ་སྔགས་ཤམ། སྭཱ་ཧཱ་གཞི་ཚུགས། ཁྲི་བཟླས་འཆི་བ་འཇོམས་རྡོ་རྗེ་ལྷ་མོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་མ་འོང་ངོ་། །རྡོ་རྗེ་གུད་ལས་བསྲུང་བ་ལྷ་ལྔ་སོགས་ཀྱི་སྔགས། ཨོཾ་མ་ཧཱ་ས་ཧ་སྲ་པྲ་མརྡ་ནཱ་བ་ར་སིདྡྷི་ད་མཱི་ཀེ་མ་ཎི་བཛྲ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། སྟོང་ཆེན་པོ་རབ་འཇོམས་ཀྱི་སྙིང་པོའོ། །ཨོཾ་བྷ་ག་ཝ་ཏི་དྷྭ་ཛཱ་གྲ་ཀེ་ཡུ་རེ་པ་ར་སཻ་ནྱ། བ་དྷཱནྶ་ན་ཀྲཱ་སྭཱ་སཻནྱ་པ་རི་ལ་ནི། ཨུ་ལུ་ཀཱ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི། པ་ར་སཻནྱ་མ་ཨ་ནནྟ་


MR12_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྷུ་ཛི། ཨ་ནནྟ་མུ་ཁེ། པྲ་ཧ་ར་པྲ་ཧ་ར་ཧཱུྃ་ཕཊ་སྭཱ་ཧཱ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྔགས་སོ། །ཨོཾ་མཱ་རཱི་ཙྱེ་སྭཱ་ཧཱ། འོད་ཟེར་ཅན་མའི་སྙིང་པའོ། །ཨོཾ་མ་ཎི་དྷཱ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སོ་སོར་འབྲངས་མའི་སྙིང་པོའོ། །ཨོཾ་པི་ཤཱ་ཙི་པརྣ་ཤ་བ་རི་སརྦ་མ་རིའམ། ཛཱ་རའམ་ཉེར་འཚེ་ཁ་བསྒྱུར་པྲ་ཤ་མ་ནི་སྭཱ་ཧཱ། སྭཱ་ཧཱའི་ཚབ་དུ་ཁ་ཅིག་ཧཱུྃ་ཕཊ། རི་ཁྲོད་ལོ་མ་ཅན་མའི་གཟུངས་སོ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱ་མ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ་ཏིཥྛ་ཏིཥྛ་ཕཊ་ཕཊ།སརྦ་དུར་ནི་མི་ཏ་དུར་སྭ་སྣ་ཤཱནྟིངྐུ་རུ་སྭཱ་ཧཱ། གཙུག་ཏོར་འབར་བའི་སྔགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མའི་སྙིང་པོ་ཡི་གེ་བཅུའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿཡེ་སྭཱ་ཧཱ། རྟེན་འབྲེལ་སྙིང་པོ་འདི་ལ་ཇོ་བོའི་དག་ཐེམ། གསུམ་བརྒྱད་བཅུ་གཉིས་བཅུ་བཞི་ཉེར་གཅིག་ཉེར་དགུ་སུམ་ཅུ་སོ་གཉིས་རྣམས་རིང་། ད་ཧ་རྗེས་བཤད། ཎཿརྣམ་བཅད། ཡ་བཏགས་ཧྱ་གཉིས་བདུན་ཉེར་དྲུག་འཐུག་བོ། བཞི་དགུ་བཅུ་བདུན་སོ་གཉིས་ཧ་བཅུ་གཉིས་ཉེར་གཅིག་སོ་ལྔ་ཕྱིར་ལོག རིང་ཆ་འ་བརྒྱད། ཤད་གཅིག་ཚེག་བྲག་གཅིག །ཡ་བཏགས་གཅིག་དང་ཧ་བདུན་ནི་རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཡིན། ཡེ་ནས་ཎའི་བར་ཡིག་འབྲུ་སོ་ལྔ་འཐུག་པོ་གསུམ་ལོག་པ་གསུམ་སོགས་བཤད། ཨ་ཏི་ཤ་ལས་ནག་ཚོས་བསྒྱུར་ཟེར་བ་ཆོས་སྤྱོད་འགྲེལ་པ་ཞིག་ན་སྣང་། ༈ རིག་པ་ཕུག་རོན་གཟུངས་ཞེས་གཟུངས་འཁྲུགས་སོགས་དུག་སེལ་ནི། ན་མཿས་མནྟ་བུདྡྷ་ནཱཾ། ཨ་ཙིནྟྱ་ཏ་བྷཱུ་ཏ་རཱུ་པི་ནི་ཨོཾ་ཏཱ་རེ་སྭཱ་ཧཱ། ཞེས་སོ། །རྨ་བྱ་ཆེན་པོའི་སྔགས། ཨོཾ་ཨཿམ་ཧཱ་མཱ་ཡུ་རི་བིདྱ་ར་ཛྙཱི་ཧཱུྃ་ཧཱུྃ་ཕཊ། ཞེས་སོ། །བསིལ་ཚལ་སྙིང་པོ། ཨོཾ་ཨཱཿ


MR12_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱི་ཏ་པྲ་ཏི་ཛྲིཾ་ཧཱུྃ། གསང་སྔགས་རྗེས་འཛིན་ནི། ཨོཾ་ཨཱཿམ་ཧཱ་མནྟྲ་ཨ་ནུ་སཱ་རི་ཎི་ཧཱུྃ་ཧཱུྃ་ཧཱུྃ། སྟོང་ཆེན་རབ་འབྱམས་ནི། ཨོཾ་ཨཱཿམ་ཧཱ་ས་ཧ་ས་པྲ་མརྡ་ནི་བུཾ་ཧཱུྃ། ཞེས་སོ། །སོར་འབྲངས་གོང་དུ་ཡོད། ནོར་རྒྱུན་མའི་སྔགས། ཨོཾ་བཱ་སུདྷཱ་རི་མ་ཧཱ་བཱ་སུ་པྲིཥྚི་ནི་པ་ཏ་ནི་བཱ་སུ་སྭཱ་ཧཱ། རྡོ་རྗེ་གུར་ལས་གསུངས་པ་སྒྲོལ་མའི་གཟུངས་ནི། ཨོཾ་ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་དུཥྚན་པྲ་དུཥྚ་ན་མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སཏྭཾ་བྷ་ཡ། རྣམ་སྣང་སྒྱུ་དྲྭར་བ་སུའི་རིང་ཆ་མེད། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚན་སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་སོ། །ཨོཾ་ཙནྜ་མ་ཧཱ་རོ་ཁ་ཎ་ཧཱུྃ་ཕཊ། མི་གཡོ་བའི་སྙིང་པོའོ། །ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། རྣམ་རྒྱལ་མའི་སྙིང་པོ། གཙུག་ཏོར་དྲི་མེད་གཟུངས་ཐུང་སོགས། སྔགས་བརྒྱ་པར་ཡོད། གསང་བ་རིང་སྲེལ་གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་དྷཱ་ཏུ་མུ་དྲཱ་ཎི་སརྦ་ཏ་ཐཱ་ག་ཏ་དྷརྨ་ཏུ་བི་བྷཱུ་ཥི་ཏེ་ཨ་དྷིཥྛི་ཏེ་ཧུ་རུ་ཧུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་སོ། །བྱང་ཆུབ་རྒྱན་འབུམ་གཟུངས་ཐུང་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བྱཱ་བ་ལོ་ཀི་ཏེ་ཛ་ཡ་ཛ་ཡ་སྭཱ་ཧཱ། ཨོཾ་ཧུ་རུ་ཧུ་རུ་ཛ་ཡ། མུ་ཁེ་སྭཱ་ཧཱ། ཉེ་སྙིང་ཡང་། ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། ཞེས་སོ། །གསེར་ཅན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཀུ་ཊི་ཀུ་ཊི་ནི། ཨི་མི་རི་ཏོ་ཀོ་ཥ་ཎི། ཨི་མི་རི་ཎི་ཨི་རི་སྭཱ་ཧཱ། དུས་གསུམ་སངས་རྒྱས་སྐྱེད་པ་འདི་ཇི་བསམ་འགྲུབ་ནོར་འཕེལ་སོགས་ཕན་ཡོན་ཚད། ཉེ་སྙིང་། མེད་དོ། །འཇམ་དཔལ་རྩ་རྒྱུད་ལས་གསུངས་སངས་རྒྱས་འོད་སྲུང་གི་ཟས་གཟུངས་ནི། ན་མཿསརྦ་བུདྡྷ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱི། ཏདྱ་ཐཱ། ཨོཾ་ག་ག་ནེ་ག་ག་ན་གཉྫ་ཨཱ་ན་ལ་སརྦཾ། ལ་ཧུ་ལ་ཧུ་ས་མ་ཡ་མ་ནུ་སྨ་ར་ཨཱ་


MR12_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྵ་ཎི་མཱ་བི་ལམྤ་མི་བི་ལམྤ། ཡ་ཐེ་པ་སྟཾ་མེ་སཾ་པཱ་དཱ་ཡ་སྭཱ་ཧཱ། ཟས་ཆར་འབེབས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཛམ་བྷ་ལའི་སྙིང་པོ་ཕན་ཡོན་ཚད་མེད་པ་གནོད་གནས་དབང་པོའི་རྟོགས་བ་ལས་སོ། །མཆོད་པའི་སྤྲིན་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སྭཱ་ར་པྲ་མརྡ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཾཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱེ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནྡྲོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་སོ། །མཆོད་སྤྲིན་འབྱུང་བའི་སྔགས། ན་མཿསརྦ་བུདྡྷཱ་བོདྷི་ས་ཏྭ་བྷྱེཿ སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨ་ཝརྟ་ཡ་སྭཱ་ཧཱ། ཞེས་སོ། །ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཀུན་འབྱུང་མཆོད་པའི་སྔགས་སོ། །གཟི་བརྗིད་ཚད་མེད་པའི་དབང་དུ་གྱུར་པའི་འོད་ཟེར་རྣམ་པར་རྒྱལ་བའི་སྐུ་གསུང་ཐུགས་ཞེས་བྱ་བའི་གཟུངས་ནི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གཟུངས་བདུན་བཟླས་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ན་ཁ་ཟས་གཏོར་མ་སོགས་ཡི་དྭགས་ལ་ཚད་མེད་ཐོབ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རཥྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་སྙིང་པོ་བདུན་བཟླས་ལག་གཡས་ཁྱོར་ཆུ་གཏོར་ན་སངས་རྒྱས་སྤྱན་གྱིས་གཟིགས་པའི་ཡི་དྭགས་ཇི་སྙེད་ལ་ལྷའི་བཟའ་བཏུང་མཆོག་ཐོབ་གསུངས། དཀོན་མཆོག་ཏཱ་ལ་ལའི་གཟུངས། དེ་བཞིན་གཤེགས་པ༴ སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མཾ་བྷ་ར་ཏེ་བྷ་ར་ཏེ་


MR12_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ར་བྷ་ར་ན་ཏེ་སྭཱ་ཧཱ། ཞེས་སོ། །བདེ་མཆོག་ཉེ་སྙིང་། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཡང་བདེ་མཆོག་སྙིང་པོ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ། ཞེས་སོ། །གསང་འདུས་མི་སྐྱོད་རྡོ་རྗེའི་སྙིང་པོ། ཨོཾ་ཨཱཿབཛྲ་དྷྲྀག་ཧཱུྃ། འཇམ་རྡོར་སྙིང་པོ།ཨོཾ་ཨཱཿམཱཾ་ཧཱུྃ། ཞེས་སོ། །ཀྱཻ་རྡོར་གྱི། ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སཾ་བུ་ཊའི་རྡོ་རྗེ་དབྱིངས་ཀྱི་སྙིང་པོ། ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱུྃ་སྭཱ་ཧཱ། ཀྱེ་རྡོར་ལྷ་བཅུ་བདུན་མའི་སྤྱི་སྙིང་། ཨོཾ་ཨོཾ་སྭཱ་ཧཱ། རིགས་བྱེད་མའི། ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ། གདན་བཞིའི་རྣལ་འབྱོར་ནམ་མཁའི་སྙིང་པོ། ཨོཾ་ཧཱུྃ་ཧ་སྭཱ་ཧཱ། ཨོཾ་གྷུཾ་གྷ་སྭཱ་ཧཱ། ཨོཾ་ཧྲཱིཿསྭཱ་ཧཱ། ཨོཾ་བི་ཏཱ་ལི་ཧཱུྃ་སྭཱ་ཧཱ། མངོན་བརྗོད་བླ་མའི་སྐུ་དཀྱིལ་གྱི་ཧེ་རུ་ཀའི་སྙིང་པོ། ཨོཾ་བྷྲཱུྃ་ཧྃ་ཧོ་བྷྲཱུྃ་ཧཱུྃ་ཕཊ། གསུང་གི་ཉེ་སྙིང་། ཨོཾ་ཨ་རོ་ལི་ཀ་ཧྲཱིཿཧཱུྃ་ཕཊ། ཐུགས་སྙིང་བདེ་མཆོག་སྙིང་པོ་ཡི་གེ་བདུན་ནོ། །མཁའ་འགྲོ་རྒྱ་མཚོའི་སྙིང་པོ། ཨོཾ་བུདྡྷཱ་ཀ་པཱ་ལ་ནཱི་ཨཱཿཧྲཱིཿཧེ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་པའི་སྔགས་སོ། །ཨོཾ་མ་ཧཱ་བཛྲ་ཛྙཱ་ན་ཏི་ལ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རིག་གི་ཨཱ་ར་ལིའི་སྙིང་པོ། ཨོཾ་ཨཱ་ར་ལཱི་བྷྱོ་བྷྱོ་ཧ་ཧ་ཧ་ཧ་སི་སི་སི་སི་ཉེ་སྙིང་ཧ་ཧ་ཧ་ཞེས་སོ། །མངོན་བརྗོད་བླ་མའི་རྒྱུད་ལས་འཇམ་པའི་རྡོ་རྗེའི་སྙིང་པོ། ཨོཾ་ཤྲཱི་མ་ཧཱ་སུ་ཁ་མཉྫུ་བཛྲ་ཨ་མཾ་ཧཱུྃ་ཌཱ་ཀི་ནཱི་ཛྭ་ལ་སམྦ་ར་སྭཱ་ཧཱ། ཞེས་སོ། །ཨོཾ་ཧྲཱི་ཥྚཱཾ་བི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ། འཇིགས་བྱེད་དགྲ་གདོང་སྒྱུ་དྲའི་འཇམ་རྡོར་རྣམས་ཀྱི་སྙིང་པོའོ། །ཉེ་སྙིང་ནི། ཨོཾ་ཡ་མནྟ་ཀ་ཧཱུྃ་ཕཊ། ཅེས་སོ། །ཀུན་རིག་ཉེ་སྙིང་།ཨོཾ་སརྦ་བིཏ་སྭཱ་ཧཱ། ཞེས་སོ། །རིག་པ་ཆེན་པོའི་སྔགས། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཞེས་སོ། །གསང་སྙིང་རྒྱུད་ལས་སྨེ་བརྩེགས་སྔགས། ཨོཾ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ་ཞེས་སོ། །སྨེ་བརྩེགས་ཉེ་སྙིང་མདོ་དགོངས་འདུས་ལས་གསུངས་བ། ཨོཾ་རྐུ་ཏི་ཕཊ།


MR12_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །བཀའ་བརྒྱད་དང་རྡོར་གཙུག་ཁྲོ་བོ་སྤྱི་དྲིལ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཆེ་མཆོག་ཀ་བཛྲ་ཀྲོ་དྷ་སྙིང་པོའམ་ཡང་དག་ཡ་མཱནྟ་གཤིན་རྗེ་གཤེད། ཀ་ཧ་ཡ་གྲཱྀ་རྟ་མགྲིན། བ་བཛྲ་ཀཱི་ཕུར་པ། ལི་ཀཱི་ལ་ཡ་མ་མ་ཡོ་མ་མོ། གི་ནཱི་རུ་ལུ་རུ་ལུ་བཛྲ་པཱ་ཕྱག་རྡོར། ཎི་ག་རུ་ཎ་ཁྱུང་། ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཞེས་སོ། །རིགས་ལྔའི་གཟུངས། ཨོཾ་བེ་རོ་ཙ་ན་ཨོཾ་སྭཱ་ཧཱ། ཨོཾ་ཨ་ཀྵོ་བྷྱེ་ཧཱུྃ་སྭཱ་ཧཱ། ཨོཾ་རཏྣ་སཾ་བྷ་བ་ཏྲཱཾ་སྭཱ་ཧཱ། ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿསྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷི་ཨཱཿསྭཱ་ཧཱ། སངས་རྒྱས་སྤྱན་མའི་སྔགས་གསོ་བའི་དམ་པ་ནི། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཡང་སྤྱན་མའི་སྔགས། ཨོཾ་ག་ག་རྣམ་སྣང་སྒྱུ་དྲྭ་ལས། ན་ལོ་ཙ་ནི་ཧཱུྃ་ཡང་ན་ཨོཾ་ལོ་ཙ་ནི་དུས་འཁོར། བ་སུ་དེ་སྭཱ་ཧཱ། མཱ་མ་ཀཱིའི་སྔགས། ཨོཾ་ཤྃ་ཀ་རེ་ཤཱནྟིང་ཀ་རེ་གྷུ་ཊ་གྷུ་ཊ་གྷུ་ཊི་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷཱུ་ཏ་ཡ་གྷཱུ་ཊི་ནི་སྭཱ་ཧཱ། ཞེས་དང་སྙིང་པོ། ཨོཾ་མཱ་མ་ཀཱི་ཀི་རི་ཀི་རི་སྭཱ་ཧཱ། བགེགས་བཞོམ་སྲུང་སྟོབས་བསྐྱེད་པའོ། །ཡང་ན། ཨོཾ་ཀུ་ལཾ་དྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། ཅེས་སོ། །དེའི་ཁུག་གཙངས་ན། ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཏྲ་དྷཱ་ར་ཎཱི་སིདྡྷི་ཏྠེ་སྭཱ་ཧཱ། ཞེས་སོ་ཆོ་ག་གཞན་དུ་ཡོད།གོས་དཀར་མོའི་སྔགས་ནད་ཞི་དབང་བྱེད་ནི། ཨོཾ་ཀ་གསང་འདུས་ལས། ཊི་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ཤིན་ཏུ་ཟད་པ་གསོ་ཚེ་འཕེལ། ཀ་ཊ་འཚོ་བ་ལའོ། །སེང་གེ་སྦྲའི་གཟུངས་དང་ཁོག་འདྲ་བར་སྣང་ངོ་། །གོས་དཀར་སྙིང་པོ། ཨོཾ་པཱ་ཎ་ཌ་ར་བཱ་སི་ནཱི་བ་ར་དེ་སྭཱ་ཧཱ། ཞེས་སོ། །ཨོཾ་བཛྲ་དྷཱ་ཏཱི་ཤྭ་རཱི་ཧཱུྃ། རྡོ་རྗེ་དབྱིངས་ཕྱུག་མའི་སྙིང་པོའོ། །འཚེ་བ་ཀུན་འཆིང་བ་རྡོ་རྗེ་ལུ་གུ་རྒྱུད་མའི་སྔགས། ཨོཾ་བཛྲ་ཤྲཱིཾ་ཁཱ་ལེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོ། །ཁྲོ་བོ་སྟོབས་པོ་ཆེའི་སྔགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷཱནྶ་ཡ་ཛ་ཊི་ལཾ་


MR12_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ད་ར་ཨུཙྪུཥྨ་ཀྲོ་དྷ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོ། །ཨོཾ་ཤཱུ་ལི་ནི་སྭཱ་ཧཱ། རྡོ་རྗེ་རྒྱལ་མོའི་སྔགས་ཀླུ་ཐམས་ཅད་དགུག་ཅིང་མཆོག་ཏུ་ཟབ་པའོ། །གཟའ་ཡུམ་རིག་པ་ཆེན་མོའི་སྔགས། ཨོཾ་སརྦ་བིདྱཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉི་མའི། ཨོཾ་མེ་གྷོ་ལ་ཀཱ་ཡ་སྭཱ་ཧཱ། ཟླ་བའི། ཨོཾ་ཤཱ་ཏིང་ཤ་བེ་སྭཱ་ཧཱ། མིག་དམར་གྱི། ཨོཾ་རཀྟ་ཨཾ་ག་ར་ཀུ་མཱ་རཱ་ཡ་སྭཱ་ཧཱ། ལྷག་པའི། ཨོཾ་བུདྡྷཱ་ཡ་སྭཱ་ཧཱ། ཕུར་བུའི། ཨོཾ་ཤྲཱྀ་ཧ་སྤ་ཏ་ཡེ་སྭཱ་ཧཱ། པ་སངས་ཀྱི། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། སྤེན་པའི། ཨོཾ་ཀྲྀཥྞ་པརྞཱ་ཡ་སྭཱ་ཧཱ། སྒྲ་གཅན་གདོང་གི། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། མཇུག་དུས་མེའི། ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། །ཞེས་སོ། །སྲིད་པའི་རུ་སྦལ་སྔགས། ཨོཾ་མ་ཧཱ་ཀཱ་ལི་མོ་ཏ་ཡེ་སྭཱ་ཧཱ། སྣང་བརྒྱད་སྙིང་པོ། ཨོཾ་ཨ་ཀ་ནི་ནི་ཀ་ནི། ཨ་བྱི་ལ་མེ་དྷ་ལ་མཎྚ་ལེ་སྭཱ་ཧཱ། ཞེས་སོ། །ཨོཾ་མུཾཿ སླར་དཀྲོལ་བ། ཨ་བྷུ་ཁཾ། ས་གཞི་སྦྱོང་བའི་སྔགས་སོ། །ཨོཾ་མ་ཎི་བཛྲེ་ཧཱུྃ།དྲི་མེས་འོད་ཀྱི་སྙིང་པོ་འོང་ངོ་། །ཨོཾ་རུ་རུ་རོ་རུ་ཏཱི་ཀྵ་ན་རྡོ་སི་སྭཱ་ཧཱ། དཔལ་ལྷ་མོའི་སྔགས་སོ། །ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། སྐུལ་བྱེད་མའི་སྔགས། ལུས་ཡང་ཕྱིར་བཟླས་ན་རྨི་ལམ་དུ་ལུས་ལས་ཁྲག་ནག་པོ་ཟག་རྨིས་འགྲུབ་ཅེས་ཤམ་བྷ་ལའི་ལམ་ཡིག་ལས་སོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྔགས། ཨོཾ་བཛྲ་ ནོར་བུ་རྒྱས་པའི་སྙིང་པོ་འོང་ངོ་། དྷྭ་ཛ་ཨ་གྲ་གུ་ཧྱ་ཧཱུྃ། ཨོཾ་བྷུར་བྷུ་བ་སྭཱ། སྭ་སྟི་ནཱ་མ་སྭཱ་ཧཱ། དཔལ་མཆོག་དང་པོ་མིང་པོ་གསུམ་སྒྲུབ་ལས་གསུངས། ཚངས་དྲག་ཁྱབ་སོགས་འཇིག་རྟེན་པའི་གསུམ་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་སྙིང་པོ་འདི་ལན་ཉེར་གཅིག་བཟླས་པས་འཁོར་བཅས་འོངས། གཏོར་མ་བྱིན་པས་འགྲུབ་བོ་ཞེས་གསུངས་སོ། །སྲིང་མོ་བཞིའི་སྔགས། ཨོཾ་ཛ་ཡེ་སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཨ་ཛི་ཏེ་སྭཱ་ཧཱ། ཨ་པ་རྭ་ཛི་ཏེ་སྭཱ་ཧཱ། བྱང་ཆུབ་རྗེས་འགྲོ་བ་ཀུན་རྣམ་འགྲོ་ཀུན་ལ་རྗེས་འཛིན་བྱེད། བསམ་ཀུན་རྫོགས་བྱེད་ཅེས་འཇམ་དཔལ་རྩ་བརྒྱུད་ལས་


MR12_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་དག་གི་མིང་པོ་གཏུམ་བུ་རུ་ཞེས་གྲགས། །ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོ་ལས་གསུངས་ཚེས་གཟའ་རྒྱུ་སྐར་གྱི་སྔགས། ཨོཾ་སརྦྦ་ཏི་ཐི་ནཱ་ཀྵ་ཏྲ་གྲ་ཧེ་མངྒ་ལེ་བྷྱཿསྭཱ་ཧཱ། ཞེས་སོ། །ཨོཾ་ཧཱུྃ་ཛྫཿ ཡི་གེ་གསུམ་པ་འདི་གདོང་དྲུག་དང་འཇམ་དཔལ་ཐུན་མོང་སྔགས།ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐད་སྦྱོར་སྔགས། ཧཱུྃ་བཛྲ་ཕཊ། འབྱུང་པོ་འདུལ་བྱེད་སྔགས། ན་མཿསརྦ་བུདྡྷཱ་ནཱཾ་ཨོཾ་གཱི་རིགས་བྱེད་མའི་སྙིང་པོའི་མཆོག་ཡི་གེ་གཅིག་པའོ། །སྔགས་རྣམས་རེ་ཞིག་རྫོགས་སོ།། །།མངྒ་ལཾ།།


previousམཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁོལ་ཕྱུང་གཅེས་བཏུས།next