cover

གླེགས་བམ་བཅུ་དྲུག་པ།

པོད། ཇ༽

འཇམ་མགོན་མི་ཕམ་རིན་པོ་ཆེ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


MR16_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་བཞུགས། །


MR16_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ས རྦ ཛི ཏཿ པྲ ཛྙ ཏ མཿ ཛཻ ན ཏུ ཀཽ མཱ རི དྷ རཿ
རྒྱལ་བ་ཀུན་གྱི་མཁྱེན་རབ་མཆོག །རྒྱལ་སྲས་གཞོན་ནུའི་ཚུལ་འཆང་བ། །


MR16_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པྲ ཛྙ ཡ དེ བོ ཏྟ ར ཝཱ ཙ྄ དཱ ཏྟ མ ནཱ རྵི ཎ མཿ
ཤེས་རབ་ངག་གི་ལྷ་མཆོག་གང་། །ཤེས་མཐོང་སྩོལ་ལ་ཕྱག་འཚལ་ལོ། །


MR16_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་གཤེན་ལ་སོགས་ཐེག་པ་དགུས། །གདུལ་བྱའི་དོན་མཛད་ཐུགས་རྗེའི་གཏེར། །སྟོན་པ་གཤེན་རབ་མི་བོ་ནི། །བརྒྱུད་པར་བཅས་ལ་གུས་ཕྱག་འཚལ། །སྲིད་པ་འཕྲུལ་གྱི་གསས་མཁར་ན། །བརྟན་གཡོའི་དྭངས་བཅུད་ལས་འཁྲུངས་པ། །སྣང་སྲིད་ཀུན་གསལ་ཝེར་མའི་ཚོགས། །རྣོ་མཐོང་སྟོན་ལའང་བདག་བསྟོད་དོ། །སྣོད་བཅུད་ཁམས་ཀྱི་རྟེན་འབྲེལ་ལས། །བླང་དོར་བསླུ་བ་མེད་པའི་ལུང་། །སྲིད་པ་འཕྲུལ་གྱི་ཇུ་ཐིག་གི །དཔྱད་དོན་སྣང་གསལ་སྒྲོན་མེ་བྲི། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྐུ། །མཉམ་ཉིད་མཁའ་ལྟར་ཁྱབ་པ་ཉིད། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གཟུགས། །བསམ་གྱིས་མི་ཁྱབ་སྣང་བ་ལས། །རེ་ཤིག་ཚུལ་འདིས་གདུལ་བའི་ཞིང་། །གཤེན་ཡུལ་འོལ་མོ་གླིང་ཆེན་དུ། །སྟོན་པ་གཤེན་རབ་མི་པོ་ཆེ། །བལྟམས་ནས་གཤེན་ལོ་གཅིག་གི་དུས། །ཕྱ་གཤེན་ལེགས་རྒྱལ་ཐང་པོ་སོགས། །སྐལ་ལྡན་འཁོར་གྱིས་ཞུས་པའི་ངོར། །ཐེག་དགུའི་དང་པོ་ཕྱ་གཤེན་བོན། །བཀྲིད་དྲང་ལམ་གྱི་སྒོ་རུ་བསྟན། །ཕྱ་གཤེན་དེ་ལའང་རྣམ་པ་བཞི། །པྲ་


MR16_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་མོ་དང་སྣང་མཐོང་རྩིས། །ནད་གསོ་དཔྱད་དང་འཆི་བསླུ་གཏོ། །མོ་ལའང་རྣམ་པ་བཞི་ཡོད་དེ། །ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། །ཡེ་མཁྱེན་དགྲ་བླའི་མངོན་ཤེས་དང་། །ཡེ་རྗེ་སྨོན་པའི་རྨི་ལམ་དང་། །ཡེ་དབང་ལྷ་ཡི་བཀའ་བབ་བོ། །ཀུན་ལས་སྔ་བ་མོ་འདི་ནི། །ཞང་ཞོང་ཐང་པོ་ཆེ་ཞེས་བར། །ཁྱུང་ལུང་དངུལ་གྱི་མཁར་ནང་དུ། །སྟོན་པའི་སྐུ་ལས་སྤྲུལ་པ་ཡིན། །འཕྲུལ་གཤེན་ཀུན་ཤེས་ཐིང་པོས་བསྟན། །དེ་ནས་རིམ་པར་བརྒྱུད་པ་ཡི། །བཀའ་དང་གཏེར་གྱི་ཚུལ་དུ་བྱུང་། །འགྲོ་བའི་བླང་དོར་མིག་ཏུ་གྱུར། །མཁའ་དང་མཚོ་ལྟར་རྒྱ་ཆེ་བའི། །རྣམ་གྲངས་བསམ་མི་ཁྱབ་པ་ལས། །ལུང་བཞིན་རང་བཟོ་སྤངས་ནས་ནི། །སྙིང་པོ་བསྡུས་ཏེ་འདིར་བརྗོད་ན། །སྦྱོར་བ་དངོས་གཞི་རྗེས་དང་གསུམ། །དང་པོ་ལ་ཡང་རྟེན་བཅའ་བ། །རྣོ་མཐོང་བསྒྲུབ་པ་གཉིས་སུ་བསྟན། །རྟེན་བཅའ་ཇུ་ཐིག་བཟོ་བའི་ཚུལ། །རྒྱུ་དང་བྱ་བ་རྒྱན་གདགས་ལུགས། །ཟུར་དུ་ཤེས་པར་བྱ་བ་ཡིན། །གཉིས་པ་ཕུ་ཝེར་ལྕམ་དྲལ་དང་། །ཡང་ན་ཕྱའུ་གཡང་དཀར་གྱི། །རྣོ་མཐོང་སྒྲུབ་པ་ཚུལ་བཞིན་བྱ། །དེ་ལྟར་བྱས་ན་བླང་དོར་གནས། །ལག་མཐིལ་རྫས་བཞིན་གསལ་བར་འགྱུར། །དངོས་གཞི་མོ་བརྡར་བྱ་བ་དང་། །དེ་ནས་ཚུལ་བཞིན་གདབ་པའོ། །དང་པོ་ལ་ཡང་རྟེན་དགོང་དང་། །བདེན་པ་བདར་བ་གཉིས་སུ་བསྟན། །རྟེན་ནི་བསང་ཁྲུས་མཆོད་བརྔན་རྫས། །གཞུང་ནས་འབྱུང་བ་བཞིན་དུ་བསགས། །གཉིས་པ་བགེགས་བསྐྲད་ལ་སོགས་དང་། །སྨྲེང་གྱེར་སྒྲིབ་བསལ་བདར་བ་བཞི། །གཞུང་ནས་འབྱུང་བ་བཞིན་དུ་བྱ། །དེ་ནས་གདབ་པར་བྱ་བ་ལ། །སྤྱིར་བཏང་བཅུ་གསུམ་ཚུགས་སུ་ནི། །གནས་མལ་སོ་སོའི་སྨྲེང་གྱེར་བཅས། །མཐོང་


MR16_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བཞིན་དུ་ལེགས་པར་གདབ། །ཇུས་ཆེན་བཅུ་གསུམ་འཁོར་ཆེན་གྱི། །ཚུལ་དུ་ཡང་ནི་གདབ་པར་གསུངས། །རྗེས་ལ་གང་བབ་ཚུལ་བསྟུན་པའི། །ཁ་དམར་འབྲས་བུ་བསྟན་པ་ལ། །སྤྱི་དང་བྱེ་བྲག་དམིགས་བསལ་གསུམ། །དང་པོ་ལའང་གཉིས་ཡོད་དེ། །བབ་པ་གནས་ཀྱི་ཁྱད་པར་དང་། །གང་བབ་མདུད་པའི་བྱེ་བྲག་གོ། །དང་པོ་གནས་ཀྱི་ཁྱད་པར་ནི། །གཅིག་འདི་ཆང་ངབ་དང་པོ་ཡིན། །མོ་བབ་ཡོངས་ཀྱི་གཞི་མ་ཡིན། །དཔྱད་ཀྱི་དང་པོ་མཁར་གྱི་རྨིང་། །སྲིད་པའི་ལྟེ་བ་འབྱུང་བའི་ཕུག །ས་བདག་མཛོད་དེ་ཉི་ཤར་རྩེ། །ཤར་ཕྱོགས་ཤིང་གི་རྗེའུ་ཡིན། །དགྲ་བླ་དར་མ་རྐྱ་གཅིག་ཡིན། །གཞི་ལ་འཐོར་ཞིག་ལྟ་ས་ཡིན། །ཕྱོགས་ནི་ཤར་སྨད་བྱི་བའི་ལོ། །སྟག་ཟླ་ཡོས་དུས་གཟའ་ཕུར་བུ། །སྐར་མ་སྨིན་དྲུག་དག་གི་གནས། །རུས་སྦལ་འདོམ་སྟེ་ཁྱུང་གི་མཇུག །རྫུ་འཕྲུལ་བ་ཡི་རྔ་མ་ཡིན། །སྐྱམ་ནག་བྱ་རལ་ལི་ཡན་དང་། །སེ་སྟོང་དང་མ་བྱ་བུར་སོགས། །ངན་པའི་སྙིགས་མ་བབ་པ་ན། །གཞི་རྨང་འགྱེལ་བས་ཤིན་ཏུ་ངན། །དིང་དིང་སྐྱིན་དིང་ཀལྤར་དང་། །གཡུང་དྲུང་རིང་སྙན་ལ་སོགས་པ། །བཟང་རིགས་བརྟན་པའི་སྡེབ་བ་ན། །བཟང་ཞིང་ཁྱད་པར་བརྒྱག་བཟང་བཅས། །སྲིད་པའི་གཞི་མ་ཚུགས་ཏེ་ལེགས། །གཞི་འཛིན་རི་བས་ལྕི་ན་བཟང་། །རྒྱལ་པོ་གདན་ལ་བཞུགས་འདྲ་དགོས། །ལད་ན་ཁང་དུར་གཞི་ལ་ངན། །ས་བདག་འཁྲུགས་པ་ཡོ་བཅོས་བྱ། །ཆབ་གཏོར་བཏང་ཞིང་རི་གཉན་བཅོས།། །།གཉིས་འདི་སྒོ་ཡི་ཕྱི་ནང་མཚམས། །མི་འགྱུར་ཤར་གྱི་དགྲ་ས་ཡིན། །ཁྱིམ་མཚེས་ར་བ་སྒོ་སྤྲོད་དང་། །བྲན་དང་སྒོ་ཁྱི་བུ་མོའི་ས། །ཤར་ཕྱོགས་ནག་པོ་རྒྱ་ཡི་བླ། །ལོ་གླང་ཡོས་ཟླ་དུས་ཚོད་འབྲུག །གཟའ་སྐར་པ་སངས་སྣར་མའི་གནས། །གླང་ལོའི་


MR16_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མ་ལས་སྒོ་ཡིན། །སྦལ་པའི་རྐང་གཡས་བའི་སྲིད་སྒོ། །ཁྱུང་གི་རྐང་གཡོན་ཕྱོགས་ཤར་སྟོད། །ཕྱི་ས་བཞི་ཡི་ཆུང་བ་ཡིན། །སྒོ་གདན་ཨི་འགུལ་ལྟ་ས་ཡིན། །སྒོ་ཁྱིའི་མཇུག་མ་སྒྲིལ་ས་ཡིན། །འདི་ལ་སྐྱེར་བུན་རབ་རྒྱག་ན། །བདུད་ཀྱི་ཚེར་ཕུང་བབ་པ་ཡིན། །སྐྱེར་གསུམ་ས་འོག་འདྲེ་མོ་ལང་། །ཆུ་སྤར་ལྡི་བུར་བབ་པ་ན། །གཤིན་གྱི་དུ་བ་འཐུལ་བ་ཡིན། །ན་འབན་གཉན་གྱི་རོ་དུད་འཐུལ། །ཕུང་ཁད་བདུད་ཀྱི་རྐུན་མ་ཆས། །དེ་སོགས་གཉིས་འདི་ལད་པ་ན། །བུ་སྲིང་བྲན་སོགས་ས་ལ་ངན། །ས་གཡོ་འབྱུང་ངམ་ཁྱིམ་མཚེས་རྩུབ། །དིང་དིང་སྒོ་བརྒྱག་ས་སྒོ་འབེབ། །སྐྱིན་དིང་གོར་མོ་བབ་པ་ན། །ཤི་གསོན་བར་གྱི་གཟུ་རྡོ་ཡིན། །བག་ཚོ་ཙོ་རི་བབ་པ་ན། །གཡོག་གི་རྐང་གྲངས་མ་ཞིག་ངོ་། །ད་རོག་རྒྱལ་མོ་བབ་པ་ན། །བུ་མོའི་སྟག་ཤར་མ་ཆད་ངོ་། །ཤིང་ཤག་བྱ་རལ་བབ་པ་ན། །སྒོ་ཁྱིའི་ལྕགས་ལུང་མ་འཐོར་ངོ་། །སྐྱེར་གྱི་ཀུ་ཡེ་བབ་པ་ན། །ཁྱིམ་མཚེ་ར་སྒོ་མ་ཞིག་ངོ་། །ཐམ་སོ་བཞི་ཡི་དང་པོ་འདི། །བོང་བུའི་ར་བ་ནད་པ་ཡི། །མལ་རྟེན་ཡིན་ཕྱིར་བརླིང་ན་ལེགས། །དུར་གྱི་མོ་ལ་ས་སྒོ་ཡིན། །ས་སྒོ་མ་བྱེ་དམ་ན་དགའ། །ཇག་པའི་མོ་ལ་ཕྱི་ནང་མཚམས། །མ་འགྱོད་མ་འཇིགས་བར་མ་དགོས། །མཚེར་མོ་ལྷས་གཞུག་རྐུན་མའི་ས། །སྐྱེར་གྱི་བྱ་ཡུན་རྐུན་མའི་ངོ་། །སྤར་ཁ་གང་རི་སེར་པོ་བཤད།། །།གསུམ་འདི་སྙིང་དགའ་དང་པོ་ཡིན། །རྒྱལ་བུ་མཐིང་གི་བ་ཁོག་སྟེ། །བ་ཁོག་གསུམ་གྱི་ཆུང་བ་ཡིན། །གཅེས་པའི་བུ་ཆུང་རྩེ་ས་ཡིན། །རྨང་གི་རྟེལ་ཆུང་རྒྱུག་ས་ཡིན། །བུ་ཚའི་གླིང་རི་མི་གྲངས་མཁར། །སྨྲ་བ་ཚིག་གསུམ་བརྗོད་ས་ཡིན། །ཁྱིམ་ས་གསུམ་གྱི་ཆུང་བ་སྟེ། །སྒྱེད་པུ་སུམ་ཚུགས་


MR16_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་ཡིན། །ར་ལུག་རྐང་བྲན་ས་མལ་ཡིན། །སྟག་ལོ་པ་ཡི་ལོ་ཁྱིམ་ཡིན། །ལོ་སྟག་འབྲུག་ཟླ་དུས་ཚོད་སྦྲུལ། །ཕྱོགས་ནི་ཉི་མ་ཤར་ལྷོའི་མཚམས། །རུལ་སྦལ་རྩིབ་གཡས་པའི་ལྟེ་བ། །ཁྱུང་གི་རྐང་པ་གཡས་པ་ཡིན། །ཆུང་གསུམ་དག་གི་རྩེ་ར་འདིར། །རོ་བསྲེག་རྡོ་དམར་མ་བབ་དགོས། །བླ་ནི་ཆུ་སྤར་ལྡི་བུར་ཡིན། །མུན་པ་རིམ་དགུས་མ་གཡོགས་དགོས། །བླ་ནི་སོ་ཡོན་ནག་མོ་ཡིན། །འདབ་ཆགས་གཤོག་ལྕག་མ་ཕོག་དགོས། །བླ་ནི་བྱ་ཡུན་ནག་མོ་ཡིན། །བུ་ཚ་ཆུང་སྲིས་མ་ཕྲོག་དགོས། །བླ་ནི་ཆུ་སྤར་སྤུན་གསུམ་ཡིན། །ཐབ་ལྷ་སྒོ་རུ་མ་བྲོས་དགོས། །བླ་ནི་མ་ཟེ་སྒོ་བཞི་ཡིན། །དེ་སོགས་ངན་སྙིགས་སྙིང་སྟོང་ངོ་། །བུ་ཚ་ལ་སོགས་དག་ལ་རྩུབ། །ཞི་བསང་ཆུང་སྲི་མནན་པ་བྱ། །གསུམ་ལ་གཡུང་དྲུང་སྒྱེད་པུ་དགོས། །བླ་ནི་སུམ་མཉམ་སུམ་བརྒྱག་ཡིན། །གཡུ་སྦྲང་ཐབ་ལ་འཁོར་ན་བཟང་། །བླ་ནི་སྐྱེར་གྱི་ལེ་དུན་ཡིན། །བག་མ་སྲིད་ཀྱི་ཆུ་མིག་དགོས། །སྐྱམ་རག་དཀར་མོ་རིང་ཆུ་ཡིན། །ཇག་མོར་ཤར་གྱི་དོན་ས་སྟེ། །ཚེ་ཚེ་ར་ཡི་ས་ལ་དཔྱད། །སྨན་པའི་སྨན་སྣོད་ཤ་སྒྲོ་ཡིན། །དཀར་ཁམས་འདོག་རིགས་གང་བབ་བཟང་།། །།བཞི་འདི་གཡང་གི་ར་བ་ཡིན། །ནོར་གྱི་ཀ་བ་བཙུགས་ས་ཡིན། །སྲིད་ཀྱི་ཆུ་མིག་རྡོལ་ས་ཡིན། །ཕྱྭ་ལྕམ་བླ་མཚོ་དཀར་མོ་ཡིན། །གཡང་གི་ལྡིང་ཕུར་བཙུགས་ས་ཡིན། །གྲོག་གི་རྒྱ་མཚོར་བསྐྱིལ་ས་ཡིན། །དཀོར་ནོར་སྣ་ཐག་དཀྲི་ས་ཡིན། །རྟ་ནོར་ལུག་གསུམ་འཕེལ་ས་ཡིན། །མནའ་མའི་གླིང་རི་དཀར་པོ་ཡིན། །རྒྱ་མཚོ་ཀླུ་ཡི་ལྟོ་བ་ཡིན། །ཡོས་བུ་ལོ་པའི་ལོ་ཁྱིམ་སྟེ། །ལོ་ཡོས་སྦྲུལ་ཟླ་དུས་ཚོད་རྟ། །ཕྱོགས་ནི་ཉི་མ་ལྷོ་སྟོད་ཡིན། །རུས་སྦལ་མཁལ་གཡས་པའི་ནུ་མ། །བྱ་རྒྱལ་ཁྱུང་


MR16_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕོ་བ་ཡིན། །བ་དཀར་ནུ་མ་མ་ཚིག་དགོས། །བླ་ནི་སེ་སྟོད་དམར་ཐོག་ཡིན། །ཡང་ན་ཕུང་བར་ཨ་ཁད་ཡིན། །གཡང་གི་ར་བ་ཕྱུགས་མོ་རུ། །འཇང་བ་ལྟོ་དམར་མ་བབ་དགོས། །བླ་ནི་སྐྱེར་གསུམ་སྒོ་བརྒྱག་ཡིན། །གཡང་གི་བང་སྒོ་མ་ཆག་དགོས། །བླ་ནི་བྱ་རལ་གང་རུང་ཡིན། །རྒྱ་མཚོ་གཏིང་ནས་མ་སྐམ་དགོས། །བླ་ནི་ལི་ཡན་སྐྱ་མོ་ཡིན། །ལྕོང་རྔས་རྒྱ་མཚོ་མ་དཀྲུག་དགོས། །བླ་ནི་མ་ཟེར་སྒོ་བཞི་ཡིན། །ལྷོ་ཕྱོགས་ཀླུ་ཡི་ཀ་བ་དེ། །མི་འགྱུར་ལྷོ་ནས་བཙུགས་ན་བཟང་། །བླ་ནི་ཡར་ལྡིང་དཔའ་བོ་ཡིན། །མར་ལྡིང་བབ་ན་འགྱེལ་བ་ཡིན། །སྐྱིན་དིང་བབ་ན་བྲེས་པ་ཡིན། །ན་འབན་བབ་ན་འཐོར་བ་ཡིན། །བཞི་ལ་བག་གི་བྱ་བུར་ན། །དུང་ཕོ་ཨ་གྲགས་རྒྱ་མཚོ་བསྲུངས། །བཞི་ལ་རྩེ་ར་བབ་པ་ན། །ཁུ་བྱུག་གསུང་སྙན་ལྷོ་ནས་གྲགས། །སྐ་བྲག་རུ་སོད་བབ་པ་ན། །གྲི་བྱའི་སྐད་ངན་ལྷོ་ནས་གྲགས། །ལྷོ་ཕྱོགས་གདོན་དང་དགྲ་ངོ་ཡིན། །མ་དྲོས་མཚོ་ལ་གཡང་ཞག་འཁྱིལ། །བླ་ནི་ཚོལ་ཚེ་བུ་བརྒྱག་ཡིན། །བཞི་ལ་དཀར་ཐོག་གཡུང་དྲུང་ན། །རྫུ་འཕྲུལ་བ་ཡི་ནུ་མ་རྒྱས། །བཞི་ཡི་སྟེང་གི་སྐྱེར་དགར་འདི། །འཛམ་བུ་གླིང་པའི་མོ་མདུད་ཡིན། །རྨིག་པ་ཁ་བྲག་མོ་ལ་བཟང་། །དེ་ལྟར་བཞི་འདིར་བཟང་སྡེ་ཡི། །བརྒྱག་ཁ་གཡང་ཅན་བབ་ན་བཟང་། །ཞིག་རལ་གོད་སྟོང་ངོ་བབ་ན། །གཡང་ཉམས་ནོར་གོད་འོང་བའི་ངོ་། །ཀླུ་དང་འདྲེས་པས་ཀླུ་མཆོད་བྱ། །གཡང་འགུགས་བྱ་ཞིང་བསེ་རག་བཀར།། །།ལྔ་འདི་མི་འགྱུར་དགྲ་ས་ཡིན། །ལྷོ་ཕྱོགས་འཇང་གི་གཡུལ་སོ་ཡིན། །སྲིན་པོ་ཕག་ནག་ཞོན་པའི་ས། །སྲིན་མོ་མི་རྐུན་ཆས་པའི་ས། །གནམ་གྱི་གཡས་རུ་གྲུམ་པའི་ས། །ས་ཡི་གཡོན་ཤ་བརྡར་བའི་ས། །ཐུག་དམར་བུ་དགུ་ལང་བའི་ས། །ངས་


MR16_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱི་བ་གཡུ་མཐུར་ས། །བུ་སྲིང་མག་པའི་གླིང་རི་ཡིན། །འབྲུག་ལོ་པ་ཡི་ལོ་ཁྱིམ་སྟེ། །འབྲུག་ལོ་རྟ་ཟླ་ལུག་གི་དུས། །རུས་སྦལ་ལག་གཡས་པའི་སྦོ་འཇིང་། །ཁྱུང་གི་སོག་པ་གཡོན་པ་ཡིན། །བླ་གཟའ་ཟླ་བ་སྤར་བ་ཟོན། །ཕྱོགས་ནི་ཉི་མ་ལྷོ་སྨད་ཡིན། །ལྷོ་ཕྱོགས་གཤིན་ལམ་སྐྱ་མོ་དེ། །འགུལ་དང་མི་འགུལ་ལྟ་ས་ཡིན། །གཏམ་ལམ་འགུལ་དང་མི་འགུལ་ས། །ཉེ་རིང་ཟམ་སོ་ལྷོའི་དགྲ་ས། །ནད་པར་མཁལ་མའི་དཔྱང་ཐག་སྟེ། །མཚེར་མོར་ལྷོ་ཡི་གཟས་རི་ལ། །དགྲ་སྤྱང་འཇབ་བུ་ཨི་བྱེད་བལྟ། །བཟང་དྲག་དགྲ་གདོན་དྲག་པོའི་ངོ་། །ཧ་ཅང་ལད་ན་འབྲུག་ལོ་དང་། །བུ་སྲིང་མག་པ་དག་ལ་ངན། །ཕྱིས་སུ་ཤི་བའི་འདྲེ་སྲི་དང་། །དུར་སྲི་སྨྱོ་འདྲེ་རབས་ཆད་གདོན། །སྡུག་བསྔལ་ཅན་དང་འབྲེལ་ཆགས་ལེན། །རྟ་ཚང་མཛོ་སྣ་ཞིག་ཅེས་ངན། །རབས་ཆད་བྱེ་བྲལ་ཧྲུལ་བསྡུས་དང་། །མཛེ་ཚང་བསྡུས་པས་བརླག་གཞི་བྱེད། །ཇག་པའི་མོ་ལ་ཤིན་ཏུ་ངན། །བན་བོན་བསྡུས་ལ་གཏོ་ཡས་འབོར། །ཁྲམ་ཁ་བསྒྱུར་བའི་ཆོ་ག་བྱ།། །།དྲུག་འདི་བ་ཁོག་འབྲིང་པོ་ཡིན། །ཁྱིམ་ས་གསུམ་གྱི་བར་མ་ཡིན། །མོ་བཙུན་དར་མའི་ས་མལ་ཡིན། །མི་གྲངས་ཀ་བ་བཙུགས་ས་ཡིན། །ཆུང་མ་གཞོན་པའི་ས་མལ་ཡིན། །མ་འབྲི་རྒོད་གསུམ་ས་མལ་ཡིན། །མོ་བཙུན་ཐབ་གཡང་ཆགས་ས་ཡིན། །སྦྲུལ་ལོ་པ་ཡི་ལོ་མལ་ཡིན། །སྦྲུལ་ལོ་ལུག་ཟླ་སྤྲེལ་གྱི་དུས། །མིག་དམར་རྒྱལ་དང་སྤར་ཁ་ལི། །རུས་སྦལ་སྐེ་མཆེན་བའི་ཁོག་པ། །ཁྱུང་གི་གཤོག་པ་གཡས་པ་ཡིན། །ཕྱོགས་ནི་ཉི་མ་ལྷོ་ནུབ་མཚམས། །རྒྱལ་པོ་གདན་དང་མ་ཕྱེ་དགོས། །བུད་མེད་མདུན་ཞུ་མ་གྱོན་དགོས། །བླ་ནི་སོ་ཡོན་སྤོ་བར་ཡིན། །གནང་བཙན་བྲང་ལ་མ་བརྡུང་དགོས། །བླ་ནི་གེ་སྟོང་བབ་ན་ཡིན། །བྱིའུ་ཆུང་རྡོ་དང་མ་ཕྲད་དགོས། །


MR16_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་ཚེའི་ལན་གྱི་བག་ལྡི་ཡིན། །གྱོད་གླང་ཁལ་ཁུར་མ་བབ་དགོས། །བླ་ནི་ཕུང་སྐྱམ་རེ་ལོག་ཡིན། །དྲོང་རིགས་བབ་ན་མཛོ་ལ་ངན། །སྤོ་བྲག་བབ་ན་རྟ་ལ་ངན། །སང་བྲག་བབ་ན་བུ་མོར་ངན། །སྐྱེར་བབ་ཉ་ཆེན་ཡོར་མོ་ཡིས། །རྒྱ་མཚོ་ཆེན་པོ་བསྲུང་བ་ཡིན། །དམུ་དག་མུ་ས་གང་ཡང་བཟང་། །ངན་སྙིགས་བབ་ན་བུད་མེད་དང་། །ཐབ་གཞོབ་ནལ་ཡུག་གྲིབ་ཀྱི་ངོ་། །བ་ནག་ཐུར་སེལ་རྒྱལ་མདོས་བྱ།། །།བདུན་འདི་མོ་ཡི་གློ་ཕུག་ཡིན། །སྐྱེས་བུ་དར་མའི་བློ་རྩ་ཡིན། །ཕུ་ནུ་ཕ་ཚོའི་བང་མཛོད་ཡིན། །ཉིས་ཁུག་མོ་ཡི་མགོ་བོ་ཡིན། །སྐྱེས་ཀྱི་ཕོ་བློ་གཏད་ས་ཡིན། །འོག་རྟ་འགེལ་མཛོའི་ས་མལ་ཡིན། །དབུས་ཀྱི་རི་བོ་མཆོག་རབ་ཡིན། །གཟའ་དཔོན་རྗེ་ཡི་གླིང་རི་ཡིན། །དོན་དེ་ཨེ་འགྲུབ་ལྟ་ས་ཡིན། །རྟ་ལོ་པ་ཡི་ལོ་ཁྱིམ་ཡིན། །རྟ་ལོ་སྤྲེལ་ཟླ་བྱ་ཡི་དུས། །གཟའ་ནི་པ་སངས་སྤར་ཁ་ལི། །རུས་སྦལ་མགོ་བོ་བ་ཡི་མིག །བྱ་རྒྱལ་ཁྱུང་གི་ལྟོ་བ་ཡིན། །ཕྱོགས་ནི་ཉི་མ་ནུབ་སྟོད་དོ། །སྤྲེལ་དམག་མེ་ཁྱེར་མ་བབ་དགོས། །བླ་ནི་བྱ་མེད་སེ་སྟོད་ཡིན། །གཡའ་སྤང་རྟ་ལས་མ་ལྷུང་དགོས། །བླ་ནི་གནམ་ས་ཕུང་བར་ཡིན། །ཚོང་དཔོན་དབྱུག་པ་མ་བཟུང་དགོས། །བླ་ནི་སྐྱམ་དཀར་ལི་ཡན་ཡིན། །ཚོང་དཔོན་ཚོང་ཟོང་མ་ཟད་དགོས། །བླ་ནི་ལི་ཡན་ཁོག་སྟོང་ཡིན། །བདུན་ལ་ཡར་ལྡིང་དཔའ་བོ་བབ། །ནུབ་ཕྱོགས་བདུད་ཀྱི་ཀ་བ་ཚུགས། །དྲོང་གི་མ་ཟེ་འགྱེལ་བ་ཡིན། །བདུན་ལ་བྱ་ཡུན་བརྒྱག་ཅན་ན། །ནུབ་ཕྱོགས་ཐེ་བས་གཏམ་སྙན་བསྒྲག །མགྲོན་པོ་སླེབ་ཁའི་གཏམ་སྙན་ངོ་། །དྲོང་གི་ཨ་ཁད་རྩེ་མ་ན། །ཟངས་ཁྲས་ནུབ་ཕྱོགས་གཏམ་ངན་ཁྱེར། །ནུབ་ནས་དགྲ་དང་གདོན་གྱི་ངོ་། །ཝ་ཚོ་བདུད་ཀྱི་གདུང་མ་བྲེས། །ཕུང་རལ་བབ་ན་ཆགས་པ་ཡིན། །བདུན་གྱི་


MR16_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཁད་རྩེ་མ་ན། །རྒྱ་སྟག་དམར་པོས་ནགས་ཚལ་བསྲུང་། །འཛང་གི་ལྕེ་རྩ་བརྐྱང་པས་བཟང་། །བྱོད་ཕུར་གཡའ་སྤང་བྱ་ར་ཡིན། །བྱ་ཡུན་བབ་ན་སོ་བ་ཡིན། །དིང་དིང་བབ་ན་ར་བ་ཡིན། །དེ་སོགས་བཟང་རིགས་སྣང་ཁམས་བཟང་། །ངན་སྙིགས་བློ་འཛིན་གྲོང་དཔོན་ངན། །བརྒྱད་འདི་མོ་ཡི་མིག་ཡིན་ཞིང་། །ནོར་གྱི་གཡང་ར་གོང་མ་ཡིན། །ཨ་སུ་ར་ཡི་བྲག་ཕུག་ཡིན། །བཅོམ་ལྡན་འདས་ཀྱི་བཞུགས་ས་ཡིན། །སངས་རྒྱས་ཆོས་ཀྱི་གདན་ཁྲི་ཡིན། །གཡུང་དྲུང་བོན་གྱི་དབལ་ཁང་ཡིན། །བཟའ་དཔོན་སྤུན་གྱི་གླིང་རི་ཡིན། །ཇག་དཔོན་མགྲོན་དཔོན་ས་མལ་ཡིན། །དགྲ་བླ་རྣམས་ཀྱི་བང་མཛོད་ཡིན། །དགེ་སློང་ཆོས་གོས་ཅན་གྱི་ས། །ཕྱོགས་ནི་ཉི་མ་ནུབ་སྨད་ཡིན། །གདོན་ཕྱ་གདོན་གྱི་ཁང་པ་ཡིན། །ལུག་ལོ་པ་ཡི་ལོ་ཁྱིམ་སྟེ། །ལུག་ལོ་བྱ་ཟླ་ཁྱི་ཡི་དུས། །གཟའ་ནི་སྤེན་པ་སྤར་ཁ་ཁོན། །རུས་སྦལ་མཆིན་པ་བའི་དོན་སྙིང་། །འདབ་ལྡན་ཁྱུང་གི་མིག་འབྲས་ཡིན། །སྐྱམ་ནག་སེ་སྟོད་མ་བབ་དགོས། །སྲིན་པོ་ངུས་པའི་མཆི་མ་ཡིན། །མི་ཡི་སྙིང་དེ་མ་བུད་དགོས། །བླ་ནི་ཆུ་དོ་ལི་ཡན་ཡིན། །རྒྱལ་པོ་གདན་དང་མ་ཕྱེས་དགོས། །བླ་ནི་ཕུང་བར་བྱ་རལ་ཡིན། །དེ་སོགས་ངན་སྙིགས་བབ་པ་ན། །བན་བོན་ལྷ་སྲུང་མ་དགྱེས་ཤིང་། །ཆག་ཉམས་ཕ་སྤུན་གཡང་ཉམས་ངོ་། །དིང་དིང་ཨ་ཁད་ཚོལ་ཚེ་གསུམ། །བརྒྱད་ཀྱི་སྟེང་དུ་བབ་པ་ན། །སྙིང་མ་བུད་པའི་རྫིའུ་ཡིན། །གལ་བར་བྲེ་མོ་ཐོད་དཀར་སྟེ། །བརྒྱད་ཀྱི་སྟེང་དུ་བབ་པ་ན། །ཕན་གླང་སྨུག་པོས་རི་རབ་བསྲུངས། །ལོ་བརྒྱད་བར་དུ་གཞིས་མོ་གཡོན།། །།དགུ་འདི་ལེའུ་ཞང་པོ་དང་། །ཁུ་བོ་བོན་གྱི་གླིང་རི་ཡིན། །གཡུང་དྲུང་བོན་གྱི་གདན་ཁྲི་ཡིན། །གཤེན་རབ་ཕྱག་ཤིང་བཙུགས་ས་ཡིན། །ལྷ་གཞི་གསས་མཁར་བརྟོད་


MR16_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡིན། །སྤྲེལ་ལོ་བ་ཡི་ལོ་ཁྱིམ་ཡིན། །སྤྲེལ་ལོ་ཁྱི་ཟླ་ཕག་གི་དུས། །བླ་གཟའ་ཉི་མ་སྤར་ཁ་དྭ། །རྒྱུ་སྐར་རྟ་ཆུང་ཕྱོགས་ནུབ་བྱང་། །ལྷ་ངོ་ཨི་མཐོ་ལྟ་ས་ཡིན། །ཕྱི་མ་ནང་གི་ཟམ་སོ་ཡིན། །ལྷ་ས་འདྲེ་ཡི་མ་ཕྲོག་དགོས། །སྐྱེར་ནག་མགོ་ལྡུམ་བབ་ན་ཕྲོག །གཤེན་རབ་གདན་ཁྲི་མ་ཞིག་དགོས། །ཤིང་ཤག་བྱ་རལ་བབ་ན་ཞིག །ལེའུ་མདུན་ངོ་མ་ཕོག་དགོས། །སྐྱེར་གསུམ་སྒོ་བརྒྱག་བབ་ན་ཕོག །མཐུན་གཉིས་བར་གྱི་ཕུང་སྲི་ནི། །ཕུང་བར་བྱ་རལ་བབ་ན་ཡིན། །ལྷ་ས་སྲིན་མོས་མ་བླང་དགོས། །སྐྱེར་གྱི་ངན་རིགས་བབ་ན་ཡིན། །དེ་སོགས་ངན་པ་བབ་གྱུར་ན། །ལེའུ་ཞང་པོའི་ཕྱོགས་ལ་ངན། །གཡུང་དྲུང་བོན་དང་འགྲས་པའི་མོ། །དུར་སྲི་མནན་ལ་གསས་མཁར་བརྟོད། །སད་ཀྱི་མུ་ལེ་ཟུར་གསུམ་གྱི། །གཡུང་དྲུང་ཨ་ཁད་ཅེས་བྱ་བ། །བབ་ན་བོན་གྱི་རྫིའུ་ཡིན། །དེ་སོགས་བཟང་སྡེ་བབ་ན་ལེགས། །བཅུ་འདི་སྨོན་ལམ་བྲག་ཐོག་ཡིན། །སྲིད་པའི་རྒན་རྒོན་ས་མལ་ཡིན། །མོ་ཡི་ལ་ཁ་གནམ་སྒོ་ཡིན། །དགུང་སྔོན་མཐོན་པོའི་ཡང་སྟེང་ཡིན། །གཡུ་ཡི་ཤུག་པ་སྐྱེ་ས་ཡིན། །ཁྱིམ་ས་གསུམ་གྱི་ཆེ་བ་དང་། །བ་ཁོག་གསུམ་གྱི་ཆེ་བ་ཡིན། །ཕྱི་ས་གསུམ་གྱི་ཁ་གནོན་ཡིན། །རང་ས་གསུམ་གྱི་ཁ་འཛིན་ཡིན། །ཕྱི་མོ་མནང་ཆེན་གནས་མལ་དང་། །མ་སྲུ་རྒན་རིམ་ས་མལ་ཡིན། །བྱ་ལོ་པ་ཡི་ལོ་ཁྱིམ་ཡིན། །བྱ་ལོ་ཕག་ཟླ་བྱི་བའི་དུས། །གཟའ་སྐར་ཟླ་བ་ཆུ་སྟོད་དེ། །སྤར་ཁ་དྭ་སྟེ་ཕྱོགས་བྱང་སྟོད། །མགྲོན་གྱི་ལམ་སྒོ་ཚོང་རྒྱབ་ཁལ། །རུས་སྦལ་རྩིབ་ལོག་བའི་ཟ་འགྲམ། །ཁྱུང་གི་རྣ་བ་གཡས་པ་ཡིན། །གནམ་སྒོ་མ་ཕྱེ་དམ་ན་བཟང་། །སྐྱམ་རིགས་དངས་མ་བཟང་ན་ཡང་། །སྐྱམ་ནག་ལེའུ་མི་རུང་ངོ་། །གྲོང་གི་མ་ཟེ་བབ་པ་ན། །བྱང་ཕྱོགས་བཙན་


MR16_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཀ་བ་འགྱེལ། །ད་རོག་བབ་ན་བྱང་ཕྱོགས་ནས། །མཆོང་གི་གདུང་མ་བྲེས་པ་ཡིན། །ཕུང་བར་བབ་ན་གདུང་མ་ཆག །བཅུ་ཡི་ཨ་ཁད་རྩེ་མ་ན། །བྱང་ཕྱོགས་གཡུ་རི་སྔོན་པོའི་རྩེར། །རྒྱ་བྱ་ཁྲ་བོས་གཏམ་སྙན་ཐོས། །བུ་སྐྱེ་རྟ་མགྱོགས་གཏམ་སྙན་འོང་། །བཅུ་ལ་བྱ་རལ་བབ་གྱུར་ན། །འོལ་བས་བྱང་གི་གཏམ་ངན་ཡིན། །གནམ་གྱི་སྐར་ཁུང་མ་བཙང་དགོས། །བླ་ནི་ཕུང་སྐྱམ་རེ་ལོག་ཡིན། །སད་ཀྱི་སྲང་ཚེ་བབ་པ་ན། །བྱང་ཕྱོགས་ཅོ་གའི་གཏམ་སྙན་ཡིན། །བཅུ་ཡི་སྲང་ཟེ་ཁ་ཡངས་ན། །གཡུ་འབྲུག་སྔོན་མོས་ནམ་མཁའ་བསྲུངས། །བཅུ་ལད་རྒན་རིམ་མ་ཕྱིར་ངན།། །།བཅུ་གཅིག་མོ་ཡི་སྲོག་ཡིན་ལ། །དགྲ་བླའི་གནས་མལ་གོང་མ་ཡིན། །ཁྲ་རྒན་ཉི་མ་འདེ་ས་ཡིན། །ཁྲ་མོའི་གཤོག་པ་རྐྱོང་ས་ཡིན། །ཁྲ་ཕྲུག་རྩེད་མོ་རྩེ་ས་ཡིན། །ཁྲམ་བུས་བྱིན་ལེན་སྤྲད་ས་ཡིན། །དོན་ག་རེ་འདི་རེ་ལྟས་ཡིན། །སྒོ་ཁྱིའི་རྔ་ཡོག་བྱེད་ས་ཡིན། །བུད་མེད་སྒོ་ལྟས་བྱེད་ས་ཡིན། །ནད་པའི་སྲོག་གི་སྐུངས་ས་ཡིན། །ཕོ་ལྷའི་བཙན་མཁར་གོང་མ་ཡིན། །དགྲ་བླའི་རྒྱུག་ལམ་དང་པོ་ཡིན། །དགྲ་བླའི་གླིང་རི་དཀར་པོ་ཡིན། །ཕོ་ལྷ་དུང་ཁྱུང་འབབ་ས་ཡིན། །དུང་ཁྱུང་གཤོག་པ་རྐྱོང་ས་ཡིན། །དྲ་མ་སྐྱ་གཅིག་ཆས་ས་ཡིན། །ཁྲོ་ཆུ་མུ་མེན་མཁར་སྒོ་ཡིན། །ཡབ་ལྷ་མཆེད་དྲུག་འདུ་ས་ཡིན། །དགྲ་བླའི་གློག་དམར་འགྱུར་ས་ཡིན། །དམག་དཔོན་དར་འཛིན་དག་དང་ནི། །གཙོ་བོ་བློ་འཛིན་གྲོས་ར་ཡིན། །ཕམ་རྒྱལ་མི་བོའི་ཆེ་ས་ཡིན། །དགྲ་བླའི་དར་ཆེན་ཕྱར་ས་ཡིན། །ཕོ་ལྷས་དུང་ཆེན་འབུད་ས་ཡིན། །ཁྱི་ལོ་པ་ཡི་ལོ་ཁྱིམ་སྟེ། །ཁྱི་ལོ་བྱི་ཟླ་གླང་གི་དུས། །ཕུར་བུ་དབོ་དང་ཁན་གྱི་ས། །རུས་སྦལ་རྐང་གཡོན་པའི་རྭ་གཡས། །དུང་ཁྱུང་མཆུ་ཡི་གནས་མལ་ཡིན། །བདུད་ཀྱི་ཞབས་རྡོ་


MR16_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་ཡིན། །དགྲ་བླ་ནལ་གྱིས་མ་མནོལ་དགོས། །དམུ་ངམ་ལྡི་བུར་བབ་ན་མནོལ། །ཕོ་ལྷ་དམེ་ཡིས་མ་མནོལ་དགོས། །སྐྱམ་དང་སེ་སྟོད་བབ་ན་མནོལ། །གནམ་གྱི་དམུ་གབ་མ་བཀབ་དགོས། །ལི་ཡན་སེ་སྟོད་བབ་ན་ཡིན། །བཅུ་གཅིག་སྟེང་གི་ཡར་ལྡིང་དེ། །སེང་གེ་དཀར་མོས་གངས་རི་བསྲུངས། །ལི་ཡན་བག་ལྡི་ཕུང་རལ་སོགས། །བཅུ་གཅིག་ལད་ན་དགྲ་བླ་ཁྲོས། །བསང་མཆོད་དགྲ་བླ་དཔང་བསྟོད་བྱ།། །།བཅུ་གཉིས་ཡེ་ངམ་འཁྲུགས་སོ་ཡིན། །ངམ་གྱི་མགར་བའི་ཚོགས་ར་ཡིན། །ཉ་ར་ཁྱི་ཡི་ཐོད་པ་ཡིན། །ངམ་གྱི་སྦྲུལ་ནག་འཚོགས་ས་ཡིན། །ཤ་བ་ཡུ་མོའི་བརྡུང་ར་ཡིན། །ཨ་བ་གླང་མགོའི་བྲེས་ར་ཡིན། །ཨ་བ་ཧོར་གྱི་དགྲ་ས་ཡིན། །ཁ་དྲག་དགྲ་དང་ངོ་དྲག་གདོན། །བྱིངས་ཆེན་བྱང་གི་དགྲ་ས་ཡིན། །གཤིན་ལམ་བྱེས་ཀྱི་བྱང་ལམ་ཡིན། །ཕག་ལོ་པ་ཡི་ལོ་མལ་ཏེ། །ཕག་ལོ་གླང་ཟླ་སྟག་གི་དུས། །རུས་སྦལ་མཇུག་མ་བ་ཡི་ལྟག །ཁྱུང་གི་ར་རྩེ་གཡོན་པ་ཡིན། །གཤིན་གྱི་དུ་བ་མ་འཐུལ་དགོས། །ན་འབན་བབ་ན་དུ་བ་འཐུལ། །བཙན་གྱི་ཇག་པ་མ་ཆས་དགོས། །མ་ཟེ་སྒོ་བཞི་བབ་ན་ཆས། །ཡང་ན་ཕུང་བར་ཨ་ཁད་ཡིན། །བཅུ་གཉིས་ལད་ན་གཤིན་ལམ་ཕྱེས། །དུར་ཕྱ་མགྲོན་ཕྱ་རྟ་རྒྱུག་ངན། །སྟོང་གསུམ་འཁྲུགས་པ་ཡོ་བཅོས་བྱ།། །།བཅུ་གསུམ་སྤྱི་ཚིས་སྟོང་བཞག་ཡིན། །དགུང་སྔོན་གནམ་གྱི་འཇུ་ཐག་ཡིན། །དཔག་བསམ་ཤིང་གི་རྩེ་མོ་ཡིན། །མཉེས་མཚུན་རྣམས་ཀྱི་བླ་རི་ཡིན། །དུང་ཁྱུང་དབུ་ཡི་ནོར་བུ་ཡིན། །རྫུ་འཕྲུལ་བ་ཡི་སྣ་ཐག་ཡིན། །རི་མགོར་ལ་བཙས་བརྩིགས་མི་ཡིན། །ཚུར་འོང་རང་གི་ཕ་ཁྱིམ་དུ། །ཁ་དགའ་གཏམ་སྙན་བྱེད་ས་ཡིན། །མི་ཚེ་རིང་ཐུང་དཔྱད་ས་ཡིན། །སྔ་དྲོ་གཙོ་བོ་བརྒྱ་


MR16_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཀྱང་། །ཕྱི་དྲོ་དབང་ཆེན་གཅིག་གིས་བྱེད། །ཡང་འཁོར་ལྷ་ལམ་དཀར་པོ་ཡིན། །རྣམ་པར་རྒྱལ་བའི་ཁང་བཟང་ཡིན། །སུམ་ཅུ་གྲུབ་པའི་ལྷ་གནས་ཡིན། །མགོན་པོའི་བྱ་ལྡང་རྩེ་མོ་ཡིན། །མ་སངས་གཉན་གྱི་སྐུ་མཁར་ཡིན། །ཕྱི་ཕུག་ངོ་སོ་ལྟ་ས་ཡིན། །ནམ་ཕུག་རྒྱལ་ཁ་རྩོད་ས་ཡིན། །བླ་མ་གདུགས་ཐོགས་ཅན་གྱི་ས། །དམག་དཔོན་དར་འཕྲུ་ཅན་གྱི་ས། །རིགས་བརྒྱུད་ཡོན་ཏན་ཅན་གྱི་ས། །ཡུལ་རྗེ་གྲོང་གི་དཔོན་པོའི་ས། །བཅུ་གསུམ་བཟང་ན་བཟང་ངེས་ཡིན། །བཅུ་གསུམ་ངན་ན་ངན་ངེས་ཡིན། །བཟོས་བཟོས་གོས་ཀྱི་གོང་བ་ཡིན། །བརྩིགས་བརྩིགས་མཁར་གྱི་རྩེ་མོ་ཡིན། །གནས་མལ་ཀུན་གྱི་རྩེ་འཛིན་འདིར། །སྤྱི་བོར་རྡོ་ལེབ་མ་མནན་དགོས། །སྐྱིན་དིང་གལ་བར་བབ་ན་ཡིན། །གནམ་ལྕགས་སེར་བ་མ་བབ་དགོས། །མ་ཟེ་ན་འབན་བབ་ན་ཡིན། །རི་རྒྱལ་མགོ་ནས་མ་ནིབ་དགོས། །གནམ་ས་བྱ་རལ་བབ་ན་ཡིན། །སྲིན་བྱ་སྟེང་ནས་མ་བགད་དགོས། །ཕུང་བར་ཐམས་ཅད་བབ་ན་ཡིན། །བཅུ་གསུམ་སྟེང་གི་བབ་ལུགས་ལ། །མོ་ཆེ་དགུ་རིང་བཅུ་བབ་ན་ལེགས། །ཀྱེ་བ་ད་རོག་དམུ་དབལ་གསུམ། །ཚེ་ར་ཝ་ཚོ་ཡར་ལྡིང་གསུམ། །ལྡི་བུར་ཧྲང་ཟེ་སྐྱེད་དང་གསུམ། །མོ་ཡི་ཆེ་དགུ་དེ་སྟེང་དུ། །ཕ་ཆེན་དིང་དིང་བསྣན་པས་བཅུ། །གཞན་ཡང་སོ་བ་རྣམ་པ་ལྔ། །རྐང་སྤར་མཚུན་གྱི་སོ་བ་ཡིན། །སད་ཁམས་ལྷ་ཡི་སོ་པ་ཡིན། །བྱོད་ཕུར་ལྷ་ཡི་སོ་བ་ཡིན། །ད་རོག་ཕྱུག་གི་སོ་བ་ཡིན། །ཀྱེ་བ་ལེའུའི་སོ་པ་ཡིན། །མོ་དང་མ་ཡར་ཡར་བབ་ན་བཟང་། །བཅུ་གསུམ་སྟེང་གི་དུང་ཁྱུང་དེ། །དཔག་བསམ་རྩེ་མོ་ཁྱུང་གིས་བསྲུངས། །ཁ་དྲག་མོ་ཡི་སྲུངས་ཤིག་ཡིན། །གཉན་དང་མཛེ་ནད་མི་འོང་བའི། །རྫིའུ་རང་གི་ཀླད་ལ་འཁོར། །བཀྲ་ཤིས་


MR16_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བསམ་འགྲུབ་པ་ཡིན།། །།ཆང་ངབ་བརྒྱད་དང་བཅུ་གཅིག་གསུམ། །མོ་ཡི་སྙིང་མིག་སྲོག་གསུམ་ཡིན། །གཅིག་མིག་བརྒྱད་སྙིང་བཅུ་གཅིག་སྲོག །འདི་བཞིན་རྩི་བའི་མོ་མ་དཀོན། །གཅིག་སྲོག་བརྒྱད་སྙིང་བཅུ་གཅིག་མིག །བློན་པོ་ལ་ནི་དེ་ལྟར་རྩི། །བཅུ་གཅིག་སྲོག་ཏུ་བྱེད་པ་ནི། །མཁས་པའི་བཞེད་པ་ཡིན་ཞེས་བཤད། །གསུམ་དང་དྲུག་དང་བཅུ་རྣམས་ནི། །མོ་ཡི་བ་ཁོག་རྣམ་གསུམ་ཡིན། །ཆང་ངབ་བརྒྱད་དང་བཅུ་པ་གསུམ། །མོ་ཡི་གནས་མལ་རྣམ་གསུམ་ཡིན། །བཞི་དང་བརྒྱད་དང་བཅུ་གཅིག་པོ། །མོ་ཡི་རྒྱལ་པོ་རྣམ་གསུམ་ཡིན། །བདུན་དེ་མོ་ཡི་བློན་པོ་ཡིན། །གསུམ་དང་དྲུག་དང་དགུ་གསུམ་ནི། །སྐྱེ་འཕེལ་བཙུན་མོ་རྣམ་གསུམ་ཡིན། །གཉིས་ལྔ་དགུ་དང་བཅུ་གཉིས་ལ། །མོ་ཡི་སྒོ་བཞི་ཞེས་སུ་བཤད། །ཕྱིས་བཞི་དང་ཟ་མ་སོ་བཞི། །གཡུལ་ངོ་བཞི་ལ་སོགས་པ་ནི། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །རྒྱས་པར་བཅུ་གསུམ་འཁོར་རྩིས་ཚུལ། །ཁོག་ཆེན་འཕྲུལ་གྱི་རྒྱལ་པོ་སོགས། །གཞུང་གཞན་དག་ལས་ཤེས་པར་བྱ།། །།གཉིས་པ་མདུད་པའི་རྣམ་གྲངས་ལ། །རྣལ་མ་སྐྱ་ཞིབ་འཚུབ་བ་བྲག །བརྒྱག་ཁས་བསྒྱུར་ཏེ་སྣ་ཚོགས་འོང་། །ཐོག་མར་སྡོམ་གྱིས་མདོར་བསྟན་པ། །ཨ་སྔོན་དགུང་གི་བླ་མདུད་ནི། །མི་འགྱུར་རྒྱལ་པོ་དིང་དིང་༦༡གཅིག །དོག་མོ་ས་ཡི་གཞི་མ་ནི། །སྐྱིན་དིང་ས་གཞི་བརྡལ་བ་གཅིག །དབུས་ཀྱི་རི་བོ་མཆོག་རབ་བླ། །གལ་བར་རི་རྒྱལ་ལྷུན་པོ་གཅིག །གསེར་གྱི་ཁྲི་གདུགས་ཉི་མའི་བླ། །བྱ་༤༧ཡུན་བྱ་ཁྲ་མཆེད་བརྒྱད་དང་། །དུང་གི་ཟླ་བའི་བླ་མདུད་ནི། །བྱ་བུར་དུང་༥༣ཟླ་རང་ཤར་གཅིག །དེ་ལ་དཔའ་སྡར་མཛང་གསུམ་ཡོད། །ཤེལ་གྱི་སྐར་མའི་བླ་མདུད་ནི། །མུས་ཤེལ་དཀར་སྤུན་དྲུག་དང་། །མཐའ་


MR16_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྒྱ་མཚོ་ཆེན་པོ་སྟེ། །ཝ་ཚོ་མདུང་མོ་༦༡སྡེ་བཞི་དང་། །དཔག་བསམ་ལྗོན་པའི་སྡོང་པོ་སྟེ། །སྤོ་ཚེ་ཤིང་ལོ་དགུ་༦༤ འགྱུར་དང་། །བཏགས་པ་རྣམས་ཀྱི་རྒྱལ་པོ་སྟེ། །དམུ་༦༩དག་ཚེ་མདའ་དར་བརྒྱན་གཅིག །སྲིད་པ་ཡོད་ཀྱི་གཞི་མ་སྟེ། །སྐྱེར་དཀར་ལྷང་ལྷང་མཆེད་བརྒྱད་དང་། །གཡང་གི་འབྲི་མར་སེར་པོ་སྟེ། །ཚོལ་ཚེ་ལྕགས་༨༠མདོག་དྲུག་པོ་དང་། །གཡང་མོ་ལུག་གི་བླ་མདུད་དེ། །སད་དཀར་ཚོལ་ཚེ་སྤུན་དྲུག་དང་། །ལྷོ་སྤྲིན་ཕྱུག་མོའི་བླ་མདུད་དེ། །བག་ཚོ་༨༣ སྤྲིན་དཀར་ལྡིང་བ་གཅིག །དེ་ལྟར་ཚོལ་རྩེ་བཅུ་གསུམ་དང་། །ཁྱུང་དཀར་མཛོ་ཡི་བླ་མདུད་དེ། །ཁྱུང་བརྒྱད་༨༤དུང་མཚོ་སྡེ་བཞི་དང་། །འབར་བ་མེ་ཡི་བླ་མདུད་ནི། །ཨ་ཁད་༨༦མཁས་བདར་མཆེད་བརྒྱད་དང་། །སྙན་པ་གསུམ་གྱི་སྔ་བ་དེ། །རང་སྙན་༩༣ལ་སོགས་སྐར་ཕྲན་དང་། །འདྲ་བའི་སད་ཁམས་ཉི་ཤུ་ལྔ། །གཡུ་འབྲུག་སྔོན་མོའི་བླ་རི་སྟེ། །སྲིང་ཟེ་༡༠༠མཚོ་ར་སྡེ་བཞི་དང་། །འཐོར་བ་རྣམས་ཀྱི་གཙོ་བོ་ནི། །སང་གི་རྒྱལ་༡༠༢པོ་བྱོད་ཕུར་གཅིག །དེ་ལ་དཔའ་སྡར་མཛང་གསུམ་གནས། །མཚོན་ཆ་ངར་མའི་བླ་མདུད་ནི། །རྣོ་བའི་མཚོན་དང་འདྲ་བ་ཡི། །ལྡི་བུར་ཉི་ཤུ་༡༡༦རྩ་ལྔ་དང་། །དཔའ་བོ་རྣམས་ཀྱི་ངར་ཆུ་དེ། །ཡར་ལྡིང་གནམ་༡༢༨ ལ་བྱ་ལྡིང་གཅིག །ཤ་ཟན་རི་སྤྱང་བླ་མདུད་དེ། །སུམ་༡༢༩མཉམ་ལྕགས་སྤྱང་སྤུན་དྲུག་དང་། །ཟངས་ཡག་རྫ་རི་སྨུག་པོ་ནི། །རྩེ་ར་གནམ་༡༣༢ལྕགས་རལ་གྲི་གཅིག །ལྷ་མི་གཉིས་ཀྱི་འཕེལ་རྩི་སྟེ། །གཡུང་༡༣༤དྲུང་གསས་ཆེན་སྡེ་ལྔ་དང་། །སྲིད་པ་ལྷ་ཡི་གྲོལ་ཕུག་སྟེ། །ཀྱེ་བ་༡༣༨རི་རབ་ཆེ་གསུམ་དང་། །ཕྱུགས་ཀྱི་ཕྱག་ཡང་འཕེལ་རྩི་སྟེ། །ད་རོག་མཚོ་ཆེན་སྡེ་དགུ་༡༤༠ དང་། །མཐུ་ཆེན་ཝེར་མའི་ཡང་སྙིང་སྟེ། །མུ་དབལ་འཁོར་ལོ་གླིང་༡༤༤ བདུན་དང་། །སྡེ་ཚན་ཉི་ཤུ་རྩ་བཞི་པོ། །དང་མའི་མདུད་པར་བསྟན་པ་ཡིན།། །།སྔོན་མོ་ཆུ་ཡི་བླ་མདུད་དེ། །སྐྱམ་


MR16_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་བྲན་ཉེར་ལྔ་༡༤༨དང་། །ནག་པོ་ཁྱི་ཡི་བླ་མདུད་དེ། །བྱར་༡༡༨ལ་ཆག་འཇིག་ཉེར་བཞི་དང་། །གཡོ་བྱེད་རླུང་གི་བླ་མདུད་དེ། །ལི་༡༡༦ཡན་འཐོར་བྱེད་སྡེ་བརྒྱད་དང་། །རིམ་དགུ་ས་ཡི་མར་ཞབས་ན། །མར་ལྡིང་དུར་༡༧༥ཕག་རོ་ཟན་གཅིག །མྱ་ངན་དམྱལ་བའི་སྡོང་པོ་སྟེ། །སྤོ་བར་༡༧༧གྱོད་རྡོ་ནག་པོ་གཅིག །མུན་པ་ནག་པོའི་ཡོལ་བ་དེ། །སོ་ཡོན་༡༨༣མུན་པ་དྭངས་མེད་གཅིག །ནག་པོ་བདུད་ཀྱི་བླ་གནས་ཏེ། །རུ་སོད་སོལ་ཁྲ་སྨད་༡༨༨དྲུག་དང་། །གློ་བུར་ཧུར་ཐུམ་བླ་གནས་ཏེ། །མ་ཟེ་༡༢༡བཙན་ཁམས་སྒོ་བཞི་དང་། །གནམ་ལྕགས་ཐོག་གི་བླ་མདུད་དེ། །ན་༡༩༣འབན་སེར་བ་རྟ་དེད་གཅིག །དེ་ལྟར་སྡེ་ཚན་དགུ་པོ་ནི། །སྙིགས་མའི་མདུད་པར་བསྟན་པ་ཡིན། །བསྡོམས་པས་སུམ་ཅུ་རྩ་གསུམ་པོ། །མདུད་རྫོང་རྩ་བའི་སྡོམ་ཚིག་སྟེ། །རེ་རེའི་ནང་གི་རྣམ་གྲངས་ནི། །སྐྱ་ཞིབ་རྩ་བའི་མདུད་པ་ཡི། །གཙོ་བོ་དག་གི་བྲེངས་ཀ་ཡིན། །དེ་ལས་རྒྱས་པར་སྤྲོས་པ་ན། །དིང་དིང་ཁོ་ནའི་རྣམ་གྲངས་ལ། །མོག་རོ་རྟ་ཡི་སྤུ་ཙམ་ཡོད། །དིང་དིང་མི་ཤེས་མོ་བ་མེད། །དིང་དིང་ཤེས་པའི་མོ་པ་མེད། །ཞེས་པ་མོ་མཁན་ཡོངས་ལ་གྲགས། །འོན་ཀྱང་རྩ་བ་རགས་བསྡུས་ཀྱི། །རྣམ་གྲངས་དག་ལས་སྤྲོས་ནས་སུ། །བརྒྱག་ཁ་དང་ནི་བྲག་མདུད་དང་། །མདུད་པའི་འབྲེལ་ལུགས་ལ་སོགས་པ། །ཤིན་ཏུ་མང་པོར་དབྱེ་བར་བྱ། །གྲོང་ནི་རྦབ་རྒོད་འདྲ་བ་བཅུ། །སྤོ་བྲག་འཕར་བ་འདྲ་ཉེར་ལྔ། །སོ་བྲག་སྤྱང་ལྟོག་འདྲ་དྲུག་ཅུ། །སང་ནི་སྦྲང་བུ་འདྲ་བརྒྱད་ཅུ། །ཞེས་སོགས་གསུང་བ་རྣམས་ལས་འཕྲོས། །དྭངས་སྙིགས་མདུད་པའི་བྱེ་བྲག་རྣམས། །སོ་སོར་མ་འདྲེས་ངོས་བཟུང་བྱ། །སྤྱིར་དྭངས་མའི་སྡེ་ཚན་ཡིན་ན་ཡང་། །བརྒྱག་ཁ་དང་ནི་མདུད་པ་ཡིས། །བསྒྱུར་ཚེ་ངན་པའི་མོ་ཡོད་ལ། །སྙིགས་མའི་མདུད་པ་དག་ལའང་། །


MR16_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་གིས་བསྒྱུར་ཏེ་བཟང་པོར་འོང་། །གཞན་ཡང་བབ་པའི་གནས་དང་ནི། །གང་ལ་བརྟག་བྱའི་དོན་ཁྱད་ཀྱིས། །མོ་མདུད་ངན་ཀྱང་བཟང་བ་དང་། །བཟང་ཀྱང་ངན་པར་འགྱུར་བ་སོགས། །ལུང་ལས་བཤད་པ་ཇི་བཞིན་དུ། །མ་འདྲེས་ཕྲ་ཞིབ་ཕྱེད་པར་རྟོགས། །སྤྱིར་མོ་མདུད་རྣམ་གྲངས་མང་པོ་ལས། །ཀྱེ་བ་ད་རོག་གཡུང་དྲུང་སོགས། །ལྷ་ཁམས་མདུད་པ་བབ་པར་དཀའ། །འདྲེ་ཁམས་བྲག་མདུད་རིགས་རྣམས་ཀྱང་། །མོ་མ་འདྲེ་ཡི་རིགས་ཅན་དང་། །དམག་ཆེན་འཁྲུགས་པ་སོགས་མིན་པར། །དུས་རྒྱུན་མང་དུ་མི་འབབ་ཅིང་། །དིང་དིང་ལ་སོགས་མི་ཁམས་ཀྱི། །མདུད་པ་ཤས་ཆེར་བབ་པ་ཡིན། །མདུད་རིགས་བསམ་མི་ཁྱབ་ན་ཡང་། །རང་བློར་གང་ཚུད་ཙམ་ཞིག་གི ། མདུད་པ་ལས་ཀྱང་བླང་དོར་སྟོན། །དེ་ཕྱིར་བསྐལ་པ་བཟང་ངན་དང་། །མོ་མའི་བློ་ཡི་རིམ་པ་དང་། །གནས་སྐབས་དུས་ཀྱི་རྗེས་འགྲོ་བར། །ཆུ་སྣོད་ཟླ་བཞིན་བླང་དོར་གནད། །སྟོན་ཅེས་གྲགས་ཤིང་དོན་ལའང་གྲུབ། །མོ་རྟ་གཅིག་པུར་སོང་བ་ལ། །བག་ཅེས་བྱ་བར་གྲགས་པ་ཡིན། །མོ་རྟ་ཁོག་ལ་འཇུས་པ་ལ། །སོ་ཞེས་བྱ་བར་ཡོངས་སུ་གྲགས། །མོ་རྟ་ཐིག་གུ་གཉིས་གཤིབ་བཟུང་། །སྤོ་ཞེས་བྱ་བར་གྲགས་པ་ཡིན། །དེ་སྣ་འབྲེལ་བྱུང་ན་ཀྲོང་ཞེས་ཟེར། །ཐིག་གུ་གཅིག་ནི་ཕྱིར་དོན་པར། །སང་ཞེས་བྱ་བར་ཡོངས་སུ་བརྗོད། །ཐིག་གུ་གཅིག་གམ་གཉིས་སོགས་ཀྱང་། །གཞུང་ལ་འབྲེལ་ན་འདོགས་ཁམས་ཟེར། །ཐིག་གཉིས་སྣ་སྦྲེལ་ལྷུང་བ་ན། །སད་ཅེས་བྱ་བར་ཡོངས་སུ་གྲགས། །ཐིག་གཉིས་གཞུང་འབྲེལ་ལྷུང་བ་ལ། །སྐྱམ་ཞེས་བྱ་བར་ཡོངས་སུ་གྲགས། །དེ་གཞུང་ལ་བཏགས་ན་སྐྱེར་དུ་འགྲོ། །སྐྱ་མ་གཉིས་ལྷུང་ན་སུམ་མཉམ་ཟེར། །སོའམ་ཁོག་ལ་འཇུས་པ་ཡི། །ཐིག་གུ་གསུམ་ཡན་ལྔ་མན་ཆད། །ཕན་ཚུན་གཅིག་ལ་གཅིག་འབྲེལ་བ། །


MR16_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བརྩམ་ཐིག་ཅེས་སུ་བརྗོད། །གསུམ་ཡན་ལྔ་མན་རེ་རེར་འཐོར། །དེ་ལ་འཐོར་བའི་རིགས་ཞེས་འདོགས། །མོ་རྟ་ཅན་གྱི་མོ་ཁོག་ལ། །མ་ཞེས་བྱ་བར་མིང་དུ་བཏགས། །དེ་ལས་ལྷུང་བའི་ཐིག་གུ་ལ། །བུ་དང་ཕྲུ་གུ་ཞེས་ཀྱང་ཟེར། །སྐྱ་ཞིབ་རྩ་བའི་མདུད་པ་ལས། །ཕན་ཚུན་འཐབ་ལུགས་དུ་མ་ཡིས། །རྒྱུན་དུ་བབ་དཀའ་ཕལ་ཆེར་ལ། །བྲག་ཅེས་བྱ་སྟེ་མདུད་ངན་ཡིན། །རྣམ་པ་མང་ཡང་གཙོ་བོ་ནི། །སྤོ་བྲག་སོ་བྲག་གཉིས་སུ་འདུ། །སང་ཀྱང་དེ་བཞིན་གཉིས་སུ་གནས། །ཐིག་གུ་གཅིག་པུར་མདུད་རིགས་ལ། །བརྒྱག་ཡོད་དབྱིས་སམ་རྒྱིས་ཀྱང་ཟེར། །ཁ་ཅིག་ཏུ་ནི་རྦིས་ཀྱང་ཟེར། །བབ་དཀའ་བབ་ན་བཟང་མོད་ཀྱི། །ཐུབ་པར་དཀའ་བས་ངན་པར་བཤད། །སྒོ་བརྒྱག་ལ་སོགས་བརྒྱག་ངན་རིགས། །ཕལ་ལའང་དབྱིག་གམ་དབྱིས་ཀྱང་ཟེར། །མ་ལ་བརྒྱག་ཡོད་མ་བརྒྱག་དང་། །བུ་ལ་བརྒྱག་ཡོད་བུ་བརྒྱག་ཡིན། །སྤོ་ལ་བརྒྱག་ཡོང་སྒོ་བརྒྱག་སྟེ། །མོ་རྟའི་རྩ་བར་བརྒྱག་སོང་ན། །སྒོ་བརྒྱག་ཅེས་གྲགས་དེ་ལ་སོགས། །མོ་ཡི་ཐ་སྙད་རྣམ་མང་པོ། །མདུད་རྫོང་དག་ལས་བལྟས་པས་གསལ། །སང་དང་འདོགས་རིགས་གང་ཡིན་ཀྱང་། །བུ་ལ་ལག་གཡས་འཇུས་པ་བཟང་། །དེ་ཕྱིར་སྐྱེར་སྐྱམ་སད་ཡིན་ན། །སྐྱེར་དཀར་སྐྱམ་དཀར་སད་དཀར་ཟེར། །བྱོད་ཕུར་ཡིན་ན་སྔོན་པོ་དང་། །ལྡི་བུར་ཡིན་ན་རུ་སྔོན་ཟེར། །དཔའ་སྡར་གཉིས་ཀྱི་དཔའ་བོ་ཡིན། །སང་སོགས་ཀྱི་ནི་ཕྲུག་གུའི་ནད། །མོ་ཁོག་བཅུག་པ་དེ་ལ་ནི། །ཞོན་པ་ཞེས་གྲགས་སྡར་མ་ཡིན། །ལམ་ངོ་དག་ལ་མགྱོགས་ངོ་ཟེར། །རང་བཞིན་ས་ལ་ལྷུང་བ་ལ། །མཛང་པ་ཞེས་གྲགས་རྣལ་མའོ། །དེ་བཞིན་དམུ་དག་ལྟ་བུ་ལའང་། །ཐིག་གུ་དང་པོ་ལ་སོགས་པར། །གོང་མ་གོང་མར་བཏགས་པ་བཟང་། །དིང་དིང་ལ་སོགས་


MR16_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེན་ལ། །མོརྟའི་རྩེ་མོ་སྟེང་འོག་ཏུ། །དཀྱུ་བའི་ཚུལ་ལས་གཡས་འཁོར་དང་། །གཡོན་འཁོར་དག་ཏུ་གྲགས་པ་སོགས། །བབས་ལུགས་ཤིན་ཏུ་མང་པོ་སྟེ། །ཞིབ་པར་མཐོང་བརྒྱུད་ངག་ལས་ཤེས། །མོ་རྟ་ཡིན། འདི་དིང་དིང་གཡོན་འཁོར་ཡིན། །འདི་གཡས་འཁོར་ཡིན། །འདི་འབྲེལ་པའི་རྒྱལ་པོ་དིང་དིང་ཡིན། །སྲིད་པ་གང་གི་རིང་ལ་བབས། །སྔོན་བསྐལ་པ་ཆགས་པའི་དུས་ཀྱི་ཚེ། །ཡེ་སྨོན་རྒྱལ་པོའི་རིང་ལ་བབས། །ཕ་དེ་སྣང་བ་འོད་ལྡན་ཡིན། །མ་དེ་མུན་པ་ཟེར་ལྡན་ཡིན། །མེས་པོ་ལྷ་ལུང་དཀར་པོ་ཡིན། །ཕྱི་མོ་ཆུ་ལྕམ་རྒྱལ་མོ་ཡིན། །སྲས་པོ་དིང་དིང་གཙང་མ་ཡིན། །ཡང་ནི་ལྕམ་དྲལ་བཅོ་བརྒྱད་ཡོད། །སྲིད་པ་ཆེ་དྲུག་བླ་གནས་ཡིན། །སུམ་ཅུ་རྩ་དྲུག་ཡང་སྙིང་ཡིན། །ཡི་གེ་ཨ་ཡི་ངོ་བོ་ཡིན། །རྣམ་པར་རྒྱལ་བའི་ཁང་བཟང་ཡིན། །མོ་ཁོག་ཀུན་གྱི་རྒྱལ་པོ་སྟེ། །ལྷ་མི་གཉིས་ཀྱི་ས་བོན་ཡིན། །སྲིད་པ་ཆགས་པའི་གཞི་མ་ཡིན། །ཐིག་དྲུག་འབྲེལ་བ་ཕྱི་སྣོད་དེ། །བརྒྱག་ཁ་དྲུག་དེ་ནང་བཅུད་ཡིན། །འཐོར་བ་རྣམས་ཀྱི་སྡུད་ཁྱིམ་ཡིན། །རལ་བ་རྣམས་ཀྱི་དྲུབ་སྐུད་ཡིན། །བཙན་པོ་རྣམས་ཀྱི་གཉའ་ནོན་ཡིན། །ཁས་དམན་རྣམས་ཀྱི་ཁ་འཛིན་ཡིན། །བྲག་ཁམས་བསྐོར་བའི་ར་བ་ཡིན། །སྐྱ་ཞིབ་སྡུད་པའི་ཁང་བཟང་ཡིན། །གཡུང་དྲུང་བླུགས་པའི་སྣོད་མཆོག་ཡིན། །སད་རིགས་སྐྱེད་པའི་དཔའ་བོ་ཡིན། །དྲོང་གཤིན་རྗེ་ལམ་ཟློག་བྱེད་མི་ཡིན། །ཁུང་འཛུལ་སྲོག་རྩ་གཅོད་མི་ཡིན། །ཕུར་ཐོག་ཕུར་ཁ་བཟློག་མི་ཡིན། །སད་ཁམས་ལྷ་དང་སྤྲད་མཁན་ཡིན། །བུ་བརྒྱག་མ་དང་སྤྲད་མི་ཡིན། །མ་བརྒྱག་ཟ་ཁ་ཚོལ་མི་ཡིན། །སྒོ་བརྒྱག་དམ་ལ་བཏགས་མི་ཡིན། །དབྱིག་ནད་པ་གསོ་བའི་སྨན་པ་ཡིན། །ཁྱབ་འཇུག་གནད་ལ་བོར་མི་ཡིན། །སོ་


MR16_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་རྒྱལ་ཁ་རྩོད་མི་ཡིན། །སྤོ་བར་གྱོད་ཁ་བཟློག་མི་ཡིན། །སྐྱམ་གྱི་མཆི་མ་སྐེམ་མི་ཡིན། །སེ་སྟོད་ཁྲག་མཚོ་སྐེམ་མི་ཡིན། །བཟང་པོ་རྣམས་ཀྱི་འཐེན་ཐག་ཡིན། །ངན་པ་རྣམས་ཀྱི་གཉེན་པོ་ཡིན། །ལྷ་འདྲེ་མི་གསུམ་བླ་གནས་ཡིན། །འབྱུང་བ་ལྔ་ཡི་བླ་གནས་ཡིན། །སེར་ནག་ཁྲ་གསུམ་སྨེ་བའི་ཕོ་བྲང་ཡིན། །ཀུན་དང་མཐུན་པའི་སྤྱི་ས་ཡིན། །གར་ཡང་མཛེས་པའི་རྒྱན་ཆ་ཡིན། །ཀུན་ལ་དགོས་པའི་ཡི་དམ་ལྷ། །སྟོད་སྨད་བར་གསུམ་གང་བབ་ཀྱང་། །ཕྱི་ཐུབ་ནང་ཐུབ་དིང་དིང་ཡིན། །ཡོད་ཀྱི་ལྷ་གནས་དཀར་པོ་སྟེ། །དིང་དིང་གསལ་བའི་མེ་ལོང་ཡིན། །ཕྱི་ཁོག་པ་མོ་ཡི་སྣོད་དེ་ཡིན། །བར་འབྲེལ་ཐག་རྩ་ཡི་སྡོང་པོ་ཡིན། །ནང་ཡང་དག་ལྟ་བའི་རྒྱ་མཚོ་ཡིན། །མོ་ཁོག་གཅིག་ལ་འདི་མེད་ན། །མོ་དམུ་གབ་ཡོད་པ་སྲིད་པ་ཡིན། །ཧ་ཅང་མང་ན་འུར་ཟིང་ངོ་། །དེ་མིན་མི་བཟང་གང་ཡང་མེད། །དིང་དིང་ལྷ་གཡག་དཀར་པོ་ཟེར། །ལྷ་གཡག་ཨི་ཡིན་མི་ཡིན་དེ། །མགོ་ལ་རུ་ཐུར་ཨི་ཚང་ལྟོས། །ལེན་དུ་སྡེ་བུར་ཤིང་རྩེ་ན། །མགོ་ལ་རུ་ཐུར་ཚང་པ་ཡིན། །འདི་མི་རིགས་ནང་གི་ཕ་ཆེན་ཡིན། །རྟ་རིགས་ནང་གི་མདོ་བ་ཡིན། །ཤིང་རིགས་ནང་གི་རྩེ་རྒྱལ་ཡིན། །རྫ་རིགས་ནང་གི་སྟག་གཟིགས་ཡིན།། །།འདི་གཅིག་གི་སྟེང་དུ་བབས་པ་ན། །སྲིད་པ་ཡོད་ཀྱི་གཞི་མ་ཡིན། །ཨར་མོ་ནི་ཀའི་རྡོ་ལེབ་ཡིན། །ལྷུ་དྲུག་པགས་པའི་ཁུད་དུ་ཚང་། །ཕ་ཆེན་གྱི་གཞི་མོ་ཡག་པ་ཡིན། །བསྒུལ་བསྐྱོད་མེད་ན་ལྷག་པར་བརྟན།། །།གཉིས་ཀྱི་སྟེང་དུ་བབས་པ་ན། །དགྲ་མི་ངལ་རྟ་ཆད་རང་ཁྱིམ་ཚུད། །རྒྱ་བོད་མཇལ་འདུམ་བྱས་པ་ཡིན། །ས་སྒོ་ལྕགས་ཀྱི་སྐུད་པས་དྲུབ། །ལྷག་པར་ཤར་ན་དགྲ་མེད་ཡིན། །དུར་སྒོ་མི་འབྱེད་རྫིའུ་ཡིན།། །།གསུམ་གྱི་སྟེང་དུ་བབས་པ་ན། །ཤར་གཡུ་རིར་དར་དཀར་


MR16_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བ་ཡིན། །ཆུང་གསུམ་གནས་མལ་བདེ་བ་དང་། །ཆེ་གསུམ་འདུན་མ་ལེགས་པ་ཡིན། །ཚོ་གསུམ་འཚོ་བའི་རྫིའུ་ཡིན། །གཏམ་སྙན་དང་ཆུང་གསུམ་འཕེལ་བའི་མོ།། །།བཞི་ཡི་སྟེང་དུ་བབས་པ་ན། །མ་དྲོས་གཡང་གི་རྒྱ་མཚོ་ལ། །མར་ཁུའི་ཁ་ཞག་རིམ་དགུ་ཆགས། །ཀླུ་དང་མཚོ་མོ་ལྷན་དུ་རྒྱས། །ཕྱུགས་གཡང་ཟས་ནོར་འཕེལ་བ་ཡིན།། །།ལྔ་ཡི་སྟེང་དུ་བབས་པ་ན། །བོད་འཇང་གཉིས་ཀྱི་ལམ་སོ་བདེ། །དགྲ་སྙིང་མེ་ལོང་མཐིལ་བས་འཇམ། །ཉི་མ་ལྷོ་ནས་དགྲ་མེད་ཡིན།། །།དྲུག་གི་སྟེང་དུ་བབས་པ་ན། །མོ་བཙུན་མཛངས་མ་གཞི་དང་འཕྲད། །ཁྱིམ་ལ་འཐོར་ཞིག་མེད་པས་བཟང་།། །།བདུན་གྱི་སྟེང་དུ་བབས་པ་ན། །ཕ་སྤུན་འོག་རྟ་མཐའ་ནས་རྒྱས། །སྐྱེས་བློ་དམུ་དག་ལྷ་ཡིས་འཐེན། །ལྷ་ཡར་གནས་མ་རལ་མི་འོང་ཞིང་། །མར་འདྲེ་ཡར་ལ་མི་འོང་བར། །བཟའ་ཚོང་མི་འཐོར་རྫིའུ་ཡིན། །སྲིད་པ་གསུམ་པོ་ཡོ་ལོག་ཀྱང་། །སྐྱེས་བུའི་བློ་དེ་འགྱུར་ལྡོག་མེད།། །།བརྒྱད་ཀྱི་སྟེང་དུ་བབས་པ་ན། །ལྷ་ཞལ་དུང་གི་ཟླ་བ་ཚེས། །བྱེས་འཁོར་དགྲ་མེད་དོན་གྲུབ་ཡིན། །མི་ནུབ་སྐྱིད་ཀྱི་རྒྱལ་མཚན་ཚུགས། །གཏན་ཆུས་མི་སྲོག་བརྟན་པ་ཡིན། །དིང་དིང་ཐམས་ཅད་སྔོན་པོ་ཡིན། །བརྒྱད་ཀྱི་སྟེང་དུ་དཀར་པོ་ཡིན། །བྱེས་སྐོར་གཅིག་གི་རྫིའུ་ཡིན།། །།དགུ་ཡི་སྟེང་དུ་བབས་པ་ན། །དགྲ་ཟུན་གཉིས་ལ་འདུན་མ་ཡག །ཕ་ཆེན་བོན་བོའི་མོ་དང་གཅིག །ཁྲིམས་དང་འདུན་མའི་མོ་ལ་བཟང་། །ནོར་གོད་མི་འོང་རྫིའུ་ཡིན།། །།བཅུ་ཡི་སྟེང་དུ་བབས་པ་ན། །ཉི་མ་སྤྲིན་གྱིས་མ་བསྒྲིབས་ཤིང་། །ཟླ་བ་གཟའ་ཡིས་མ་བཟུང་བར། །སྐར་ཕྲན་རླུང་གིས་མ་གཏོར་བས། །རྒྱལ་བོའི་གདན་ས་མི་སྟོང་ངོ་། །ཆེ་རྒྱུད་མོ་ལ་བཟང་བ་ཡིན། །ཡང་དག་བརྒྱག་གཅིག་སོང་བ་ན། །བཙན་པོའི་


MR16_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ལ་བ་གམ་ཐོགས། །དབུལ་བོའི་ར་བ་ནོར་གྱིས་གང་།། །།བཅུ་གཅིག་སྟེང་དུ་བབས་པ་ན། །དགྲ་བླའི་དཔའ་མཚོན་ངར་མ་ལ། །མཐུ་ཆེན་ཝེར་མའི་ངར་ཆུ་བླུད། །དགྲ་བླ་གོང་སྔོན་གཤོག་རིང་རེད། །དགྲ་དྲུག་ཆམ་ལ་ཕབ་སྟེ་བཟང་། །ཕོ་ལྷའི་གནས་མལ་བདེ་བ་ཡིན།། །།བཅུ་གཉིས་སྟེང་དུ་བབས་པ་ན། །ཡེ་རྗེ་སྨོན་པའི་ཕྱག་རྒྱ་ཡིས། །ཡེ་དམ་གཉིས་ཀྱི་ཟམ་སོ་བཅད། །བྱང་གི་མི་རྒན་ཀླད་ཡུ་འཁོར། །ཉི་མ་བྱང་ན་དགྲ་མེད་རེད། །བརྒྱག་གཅིག་སོང་ན་དགྲ་ངོ་ཡིན།། །།བཅུ་གསུམ་སྟེང་དུ་བབས་པ་ན། །གཡུ་འོད་ནམ་མཁའི་གུར་ཁང་ན། །སྲིད་པ་ཆེ་དྲུག་འདུན་མ་ལེགས། །རིགས་དྲུག་ཁ་ལོ་གྱེན་དུ་སྒྱུར། །དགྲ་གྱོད་དྲུག་ལྡོག་པས་ནོན་པ་ཡིན། །ཡང་དག་བརྒྱག་གཅིག་བཅས་པ་ན། །བཙན་པོ་གསུམ་གྱི་མཁར་གསུམ་ལ། །ཤེལ་གྱི་བ་གམ་ཐོགས་པ་ཡིན། །ལོ་གསུམ་བར་དུ་བསྟན་པ་རྒྱས། །བརྒྱ་ཞོན་རོལ་ཁྲིད་ཀྱི་རྫིའུ་ཡིན། །དེ་ལྟར་དིང་དིང་གཙང་མ་འདི། །སྟོད་དུ་བབས་ན་དགུང་སྔོན་ཡིན། །ལན་དུ་གསེར་ཐིག་རང་ཉི་ན། །དགུང་ལ་ཉི་ཟླ་གཟའ་སྐར་ཚེས། །བར་དུ་བབས་ན་འཇའ་ཚོན་ཡིན། །ལན་དུ་བག་ཚོ་ཁྲ་རྒན་ན། །འཇའ་ཚོན་ཆ་ག་དར་བ་ཡིན། །སྨད་དུ་བབ་ན་ས་གཞི་ཡིན། །ལན་དུ་གལ་བར་ཐོད་དཀར་ན། །སྔོ་དམར་མེ་ཏོག་འཁྲུངས་པ་ཡིན། །དིང་དིང་ཡུལ་ལྷ་གཉན་པོ་ལ། །ལན་དུ་ཡུལ་འདྲེ་འཁྱམ་པོ་འཇིག །གྲོང་གི་ཕུང་ཁད་བབ་ན་ཡིན། །ཐང་པོ་ཆེ་ཡི་དཀྱིལ་སྟོད་དེར། །ཤེས་པ་ཅན་གྱི་མི་ཞིག་ཤི ། རིན་ཐང་ཅན་གྱི་རྟ་དེ་བཏང་། །ལུང་བ་འཁྲུག་གིས་གང་བ་ཡིན། །འདི་སྨད་དུ་ཧ་ཅང་བརྟུད་པ་ན། །ས་གཞི་སྦྲུལ་གྱི་རེ་འབྱམས་ཡིན། །ལན་དུ་ཆུ་སྦར་ལྡི་བུར་ན། །རེ་འབྱམས་སྣ་ཡི་མི་རོ་ཡིན། །བར་དུ་ཧ་ཅང་བརྟུད་པ་ན། །བར་སྣང་རླུང་གི་རེ་འབྱམས་


MR16_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ལན་དུ་མེ་རིགས་གང་རུང་ན། །རླུང་དམར་སྣ་ཡི་མེ་དཔུང་ཡིན། །སྟོད་དུ་ཧ་ཅང་བརྟུད་པ་ན། །ནམ་མཁའ་ཁྱུང་གི་རེ་འབྱམས་ཡིན། །ལན་དུ་སོ་ཡོན་ནག་མོ་ན། །ཁྱུང་ཆེན་འཚུབ་མས་བཏུམ་པ་ཡིན། །གཉིས་ནས་ལྔ་བར་དིང་དིང་བརྟུད། །དེ་ཡི་བརྒྱད་ལ་སྐྱམ་རིགས་ན། །ཤར་དུང་མཚོའི་ནང་ནས་དུང་སྦལ་བུད། །ཤར་ནས་བུད་དེ་ལྷོ་རུ་སོང་། །ལྔ་ནས་དགུའི་བར་དིང་དིང་བརྟུད། །བཅུ་གཉིས་བཅུ་གསུམ་རྫིའུ་སྟོར། །ལྷོ་ལྕགས་མཚོའི་ནང་ནས་ལྕགས་སྦལ་བུད། །ལྷོ་ནས་བུད་དེ་ནུབ་ཏུ་སོང་། །དགུ་ནས་བཅུ་གཉིས་བར་དིང་དིང་། །བརྟུད་ནས་བཅུ་གསུམ་རྫིའུ་སྟོར། །ནུབ་ཟངས་མཚོའི་ནང་ནས་ཟངས་སྦལ་བུད། །ནུབ་ནས་བུད་དེ་བྱང་དུ་སོང་། །ས་བདག་ཁྱབ་པ་ཆེན་པོ་དང་། །ས་ཡི་ལྷ་མོ་བརྟན་མ་གཉིས། །སེང་གེ་དཀར་མོ་ཁལ་བཀལ་ནས། །བ་ལང་སྨུག་པོ་ཆིབས་སུ་ཆིབ། །གསེར་ཤ་རུ་རིང་རོལ་དུ་ཁྲིད། །ས་བདག་རྒྱལ་པོ་ཡུལ་བུད་ཡིན། །ཝེར་མ་ཁྲི་ཤོད་འདས་པ་ཡིན། །འཁོར་ཆེན་ལ་ནི་གཅིག་ཚོ་སོགས། །འགྲིགས་སུ་བབས་ན་འཚུབ་པར་བཤད། །ལར་འགྲིགས་སུ་བརྟུད་དེ་བབ་བ་རྣམས། །མི་མང་ཚོགས་དང་སྟོན་ཆེན་བཤམས། །རབ་མདའ་རྒྱུག་འུར་དཀྱིལ་འཁོར་བཤམས། །བཀོད་པ་འདྲ་འདྲ་བསྒྲིག་ངོ་ཡིན། །སྙིང་མིག་སྲོག་གསུམ་མམ་པ་ཁོག་གསུམ། །ཡང་ན་ཕྱི་བཞིར་དིང་དིང་བརྟུད། །དགུ་དང་བཅུ་གཉིས་ལ་ཐལ་ན། །ཝེར་མས་ཁྲི་ཤོད་འདས་པའི་མོ། །དོམ་རྒྱུག་ལ་མ་དོད་པའི་མོ། །ཡུན་རིང་ནད་པ་འགྲོ་བའི་མོ། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །ཕྱི་ས་བརྟུད་ནས་རང་སར་འོང་། །དགྲ་ཕྱེད་ཟུན་ལ་གྲུབ་པ་ཡིན། །གཅིག་གི་དིང་དིང་གཉིས་བྱར་ལ། །ཤར་ཕྱོགས་ལྷ་ཡི་བཀའ་སྒོ་ཕྱེས། །རྟ་ནོར་ལུག་གསུམ་འཕེལ་སྒབ་ཆད། །ཀླུ་ལ་བུམ་གཏེར་གཞུག་པར་བྱ། །བཞི་ཡི་དིང་དིང་ལྔའི་


MR16_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་ལ། །ལྷོ་ཕྱོགས་ཀླུ་ཡི་བང་མཛོད་ཕྱེས། །བུད་མེད་སྲིད་རྒབ་ཆད་པ་ཡིན། །སྲི་མནན་ཀླུ་མཆོད་འདྲེ་བཀར་བྱ། །བརྒྱད་ལ་དིང་དིང་དགུ་བྱ་རལ། །ནུབ་ཕྱོགས་གཉེན་གྱི་བང་སྒོ་ཕྱེས། །མི་ནོར་ན་ཚ་རྒྱུན་ཆད་མེད། །གསུང་རབ་བྲི་བཞེངས་གཏོ་བསྒྱུར་བྱ། །བཅུ་གཅིག་དིང་དིང་བཅུ་གཉིས་ལ། །བྱ་རལ་བབ་ན་བྱང་ཕྱོགས་ཀྱི། །མི་ཡི་རཱ་སྒོ་ཕྱེ་ས་ཡིན། །གོད་དང་མི་ཁ་དགྲ་སྣ་འོང་། །དགྲ་བྲུབ་བྱ་ཞིང་ཤུག་མགོན་བརྔན། །གཉིས་ལྔ་དགུ་ལ་དིང་དིང་བབ། །དེ་ཡི་བཅུ་ལ་བྱ་རལ་ན། །མི་རབས་རྒྱུད་ལ་གེགས་སྲི་ཞུགས། །མི་རབས་དགུ་རིང་མར་ལ་གྱུ། །ལྷ་ལ་ནལ་གྱིས་མནོལ་བས་སྡིག །གཏོ་ལ་ཡུ་མོ་དགུ་སེལ་བྱ། །ལ་རྩེ་བརྟོད་ལ་གསས་མཁར་བརྩིགས། །གཉིས་ལྔ་དགུ་ཡི་དིང་དིང་ལན། །བཅུ་གསུམ་བྱ་རལ་བབ་པ་ན། །མི་རབས་བཅུ་གསུམ་མར་ལ་གྱུ། །མི་ནོར་གཉིས་ཀ་བརླག་ངོ་ཡིན། །མཛོ་ཤི་གཡང་ཉམས་སྲི་ཁ་ཞུགས། །གཏོ་ལ་ན་སེལ་ཤི་སེལ་བྱ། །གཡང་སྐྱབས་བྱ་ཞིང་ཙ་ཏི་བརྩིགས། །ལྔ་དགུ་བཅུ་ལ་དིང་དིང་བབ། །བཅུ་གཅིག་བྱ་རལ་བབ་པ་ན། །མི་རབས་དགུ་ལ་གེགས་སྲི་ཞུགས། །ལྷ་ལ་ནལ་གྱིས་ཕོག་བས་ལན། །མི་རབས་དགུ་ལ་མར་ལ་གྱུ། །དེ་ནས་རབས་ཀྱང་ཆད་པར་འགྱུར། །དིང་དིང་ལྔ་བརྟུད་དྲུག་བྱ་རལ། །མོ་བཙུན་མུ་གེས་འཆི་བའི་ངོ་། །དིང་དིང་བདུན་བརྟུད་བརྒྱད་བྱ་རལ། །བན་བཙུན་དམེ་གྲིས་འཆི་བ་ཡིན། །ཁྱི་སྤུ་སྒང་ནས་ཕྱི་བ་ཡིན། །མི་ནོར་བརླག་ཅིང་ཁྱི་ལ་ཐུག །བག་སྣ་གྱོས་ལ་ཕོག་པ་ཡིན། །གཏོ་ལ་སེལ་བྱ་བྱ་ལྡང་བཀྱག །གཅིག་ནས་བཅུའི་བར་དིང་དིང་ལ། །བཅུ་གཅིག་བྱ་རལ་བབས་པ་ན། །མི་རབས་བཅུའི་རིང་མར་ལ་གྱུ། །མ་མགོན་གསོལ་ཞིང་གཡག་རུ་བྲུབ། །དམུས་ལོང་ཐང་ལ་འཁྱམས་པ་ཡིན། །རྟ་སྔོན་འུ་ར་ཡོད་དུས་བརླག །


MR16_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཁྱི་ངུ་འབོད་བྱེད་དུས་བརླག །གསུམ་ལ་དིང་དིང་བཞི་བྱ་རལ། །ཆུང་རྒྱུད་ཚང་གི་སྲིད་སྒབ་ཆད། །བདུན་གྱི་དིང་དིང་བརྒྱད་སྐྱིན་དིང་། །འབྲིང་རྒྱུད་ཚང་ལ་རྩུབ་པའི་མོ། །ཕུ་རུང་ནང་ནས་གྲུ་མོ་ཆག །མ་བསམ་གྱོད་འོང་ཐན་ལྟས་ངོ་། །ལྷག་པར་རྟ་ལོ་པ་ལ་ངན། །བཅུ་ཡི་དིང་དིང་བཅུ་གཅིག་སྐྱིན་དིང་ན། །ཆེ་རྒྱུད་ཚང་ལ་རྩུབ་པའི་མོ། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །དེ་ཡི་བཅུ་གསུམ་སྐྱིན་དིང་ན། །རྗེ་དཔོན་བྲན་གྱིས་བསད་པ་ཡིན། །ནས་ས་ལྡུམ་གྱིས་ཕྲོག་པ་ཡིན། །སང་ཕོད་ང་ཡིས་ཅི་ཟ་ཟེར། །ལག་པས་བྲང་བརྡུང་ཆོ་ངེ་འདོན། །ཐན་དང་ལྟས་ངན་འོང་དུས་ངན། །རྟ་སྔོན་འུ་ར་ཉོས་དུས་བརླག །མི་ཡི་འོག་ཏུ་མགོ་ཤོར་ཡིན། །རྟ་ཡི་འོག་ནས་ཆུ་འཐུང་ཡིན། །མགོ་གཡོག་ཞབས་ཀྱི་སོ་ནམ་ཡིན། །དམག་དཔོན་ཆེན་པོའི་ཞབས་ནས་བརླག །ཅི་ལ་བཏབ་ཀྱང་ངན་པ་ལ། །དམག་ཆེན་དྲ་མ་ཆ་ཉིན་བཟང་། །གནམ་ས་གཉིས་ཀྱི་བྱིན་ལེན་འཕྲོད། །ཤར་ཕྱོགས་སྒང་རི་དིལ་དཀར་ལ། །ཁྲི་ལམ་སྟོང་ཤུལ་བྱེད་ངོ་ཡིན། །ལུང་གསུམ་ནོར་ལ་ཁ་བགོས་བྱེད། །ཡ་མ་ནད་པའི་མོ་ལ་བཟང་། །མཛོ་མོ་ཡུ་ལུ་བཅུ་གསུམ་ལ། །སྒ་སྟན་བཅུ་གསུམ་བརྟད་ནས་སུ། །མི་ཁའི་རྫས་ཁལ་བཅུ་གསུམ་བཀལ། །གཉན་ཤིང་གཅིག་ལ་ཡུ་ལུའི་མགོ ། བཅུ་གསུམ་བཀལ་ལ་མནན་པ་བྱ། །ལར་ལ་དགྲ་བླ་དགུ་སེལ་བྱ། །ལབ་རྩེ་གཅིག་ལ་བྱ་ལྡང་བཀྱག །སྐྱིན་དིང་ལན་དུ་དིང་དིང་ན། །བྲན་མགོ་རྗེ་ཡིས་མནན་པ་ཡིན། །གནམ་ས་ཁད་དུ་ཆགས་པ་ཡིན། །ཅི་ལ་བཏབ་ཀྱང་ལེགས་པ་ཡིན། །གསུམ་གྱི་དིང་དིང་བཞི་ན་འབན། །ཡོད་ཀྱི་ལྷ་གཞི་དཀར་པོ་ལ། །དམ་གྱི་ཐོག་སེར་ལྷུང་བ་ཡིན། །ཆུང་རྒྱུད་ཚང་ལ་ཐོག་གི་ངོ་། །སྔར་མེད་ཕྱི་ནས་ལྷུང་དོགས་ཡོད། །ལྷོག་གཉན་གློ་བུར་འོང་ངོ་ཡོད། །གཉན་


MR16_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མགྱོགས་ཆེན་བཀྱག་པར་བྱ། །ཡེ་ངམ་སེལ་བྱ་དགྲ་ཆོས་བྱ། །ཡན་བཏང་རྣམ་རྒྱལ་འབར་མ་འདོན། །བདུན་གྱི་དིང་དིང་བརྒྱད་ན་འབན། །དེ་བཞིན་འབྲིང་རྒྱུད་ཐོག་གི་ངོ་། །རྟ་ནི་རག་པ་ཡོད་དུས་དང་། །བུ་ཚ་ཁ་ཤོ་སྐྱེ་དུས་ལ། །གྱོད་དང་གློ་བུར་ན་ཚ་འོང་། །དར་མ་ཐོག་གིས་བསད་ཀྱང་སྲིད། །གཏོ་ལ་གནམ་གྱི་དར་མགྱོགས་བྱ། །སེལ་བྱ་གནམ་སྒོ་བཅད་པར་བྱ། །ཁམས་ཆེན་དང་ནི་འབུམ་བཏོན་ལ། །གཏོར་བཟློག་ཆོས་འདོན་བྱ་བར་དགོས། །གཅིག་བརྒྱད་བཅུ་གཅིག་ལ་དིང་དིང་། །དེ་ཡི་བཅུ་གསུམ་ན་འབན་ན། །ལྷ་གཞིར་ངམ་གྱི་ཐོག་སེར་ལྷུང་། །སྔར་མེད་ཕྱི་ནས་ལྷུང་དོགས་ཡོད། །རི་བཅུའི་མགོ་ལ་དར་ཆེན་བཙུགས། །ལོ་གསུམ་ཡར་གྱི་གནམ་སྒོ་བཅད། །དམག་ཇག་གཉིས་ཀྱི་མོ་ལ་བཟང་། །དགྲ་ཡི་ཕ་ཞིང་ཡུར་མོ་ལ། །ཟུན་གྱི་སེར་བས་བཅོམ་པ་ཡིན། །དམག་མི་རེས་རྟ་རེ་ཐོབ་པ་ཡིན། །གསུམ་དྲུག་བཅུ་ཡི་དིང་དིང་དང་། །བཅུ་གཅིག་སྟེང་གི་ན་འབན་འདི། །དམག་ཇག་གཉིས་ཀྱི་མོ་ལ་བཟང་། །སེར་བའི་ནང་ནས་རྟ་ཁྱུ་ཐོབ། །བ་ཁོག་རྣམ་གསུམ་ན་འབན་དང་། །དེ་ཡི་བཅུ་གསུམ་དིང་དིང་ན། །གཡང་མོ་བསྟར་ལ་འགྲིག་པ་ཡིན། །སྙིང་མིག་ཕྲོག་གསུམ་ན་འབན་གསུམ། །དེ་ཡི་བཅུ་གསུམ་དིང་དིང་ན། །དེ་ཡང་གཡང་མོ་བསྟར་འགྲིག་ཡིན། །གཅིག་གི་དིང་དིང་སྔོན་མོ་ལ། །བཅུ་གཅིག་སྟེང་གི་ལན་དཔྱད་དགོས། །བཅུ་གཅིག་དམུ་ཐག་བབ་པ་ན། །སྲིད་པ་ཕ་བློ་བུ་ཡིས་འདྲེན། །རྨང་སེལ་བྱེད་ན་ལྷག་པར་བཟང་། །དེ་བཞིན་བཅུ་གཅིག་སྟེང་དག་ཏུ། །དཀར་ཐོག་མཚོ་ལ་འབྲས་བུ་སྨིན། །སྤྲ་རྒན་ནད་པ་མིན་པ་ཀུན་ལ་བཟང་། །ཡར་ལྡིང་སྲིད་པའི་འཕེལ་གཞི་རྒྱས། །གཡུང་དྲུང་ལྗོན་ཤིང་ལོ་འདབ་རྒྱས། །མི་ནོར་གཉིས་ཀ་འཕེལ་བ་ཡིན། །ཝ་ཚོ་མཚོ་ལ་ལྗོན་ཤིང་


MR16_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། །སྨོན་པའི་མཚོ་ལ་དཔའ་མདུང་ཚུགས། །མི་རབས་དགུ་ལ་མདུང་ལས་བཟང་། །ཤིང་ཤག་ཐུག་དཀར་བབ་པ་ན། །རིན་ཆེན་དཔའ་རྡོའི་འོད་ཟེར་དེ། །རྒྱ་མཚོའི་དབུས་སུ་བཙུགས་པ་ཡིན། །དཔའ་བོའི་མགོ་ལ་གཡུ་བུན་འཐུལ། །མི་རབས་དགུ་ལ་སྨྲ་མཁས་སྐྱེ། །ད་རོག་མཚོ་རྒྱལ་རིང་ནམ་ན། །སྨོན་ལམ་མཚོ་དང་རྡོ་རྗེའི་བྲག །སྲིད་ཀྱི་མཚོ་མོ་གཏིང་ནས་རྒྱས། །མི་རབས་དགུ་ཡི་བར་དག་ཏུ། །ཕོ་མཚར་མོ་མཚར་རྒྱུན་མི་འཆད། །ཀོང་ཙེ་དུན་དུན་བབ་པ་ན། །གནམ་བཞོས་རྒྱ་མཚོའི་གཏིང་དུ་ཕྲད། །ནམ་ཟླའི་རྒྱལ་མོ་དབྱར་དང་མཇལ། །སྐྱིད་ཐག་ཅན་ལ་དཔའ་རྟགས་དང་། །ཚོལ་ཚེ་འདན་དཀར་བབ་པ་ན། །མཚོ་ལ་ཁ་ཞག་ཆགས་པ་ལ། །ཕྱུག་པོ་ནོར་གྱི་དཔལ་ཁ་རྒྱས། །དྲལ་དཀར་བབ་ན་འཕན་པོའི་མི་གཡང་རྒྱས། །སྲིང་ཟེ་ཁ་ལང་བབ་པ་ན། །གཡུ་འབྲུག་ངར་སྐད་དགུང་དུ་སྒྲོགས། །བྱི་མིག་རྣམ་གསུམ་བབ་པ་ན། །ཕོ་ལྷ་དུང་ཁྱུང་དཀར་པོ་དེས། །མི་ཡི་མཆེད་གྲོགས་བྱེད་པ་ཡིན། །རྐང་སྤར་ལྡི་བུར་བབ་པ་ན། །དུང་སེང་མགོ་ལ་གཡུ་རལ་རྒྱས། །སྡེར་བཞིའི་བར་ནས་གློག་དམར་འཁྱུག །གངས་དཀར་ཀློང་ནས་དཔའ་ཤེད་རྒྱས། །ཕ་མྱེས་མཚུན་གྱིས་ཁ་འཛིན་ལེགས། །དེ་ལ་གལ་བར་བབ་པ་ན། །གཡུ་མཚོ་སྔོན་མོའི་ཁ་ལ་ནི། །དགྲ་བླའི་རྦ་ཀློང་ཤེད་མོད་རྫོགས། །ཀྱེ་བ་རང་ཤག་བབ་པ་ན། །གཡུ་མཚོ་སྔོན་མོའི་འགྲམ་ཤེད་ན། །ཕྱད་མུ་གཙུག་གསུམ་རྒྱུད་དུ་གྲོལ། །བཅུ་གཅིག་དིང་དིང་བཅུ་གསུམ་སྐྱམ། །མི་ཚེ་རིང་ཡང་ཟོག་ཚེ་ཐུང་། །དཔག་བསམ་རྩེ་མོ་ཆུ་ཡིས་ཟོས། །ཕྱི་ས་བཞི་ལ་གསེར་བྱ་དང་། །ལན་དུ་རང་སར་དིང་དིང་ན། །ས་མཎྜལ་འདྲ་བའི་ཐང་དཀྱིལ་དུ། །མི་བཅོམ་ལྡན་ཤཱཀ་ཐུབ་འདྲ་བ་ཐོབ། །རྟ་ཅང་ཤེས་བསྔགས་ལྡན་འདྲ་བ་ཐོབ། །


MR16_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཤོ་ན་གྲུ་བཞི་འདྲ་བ་ཐོབ། །བནྡེ་བོན་པོ་བཟང་པོ་ཐོབ། །གསེར་དངུལ་རིན་ཆེན་ཐོབ་ཀྱང་ཐང་། །ཕྱི་བཞིར་དིང་དིང་རང་ས་ལ། །གསེར་བྱ་བབ་ན་གོང་ལས་བཟློག །མི་རྟ་གོས་གསུམ་ཤོར་ཞེས་བྱ། །བྱེས་ལད་དགྲ་ཡི་བཙོན་ངོ་ཡིན། །ཕྱི་ས་བཞི་ལ་དིང་དིང་བཞི། །དིང་དིང་འཁོར་ལོ་ཆེ་བ་ཡིན། །བཅུ་གསུམ་རྩེ་མོ་མ་ལད་ན། །སྐྱིད་ཀྱི་འཁོར་ལོ་བར་མེད་ཡིན། །ལད་ན་སྡུག་གི་འཁོར་ལོ་སྟེ། །དོ་ཚིགས་འཁོར་ལོ་སྒོ་ན་ཡོད། །སང་ཕོད་འཁོར་ལོ་ཁྱིམ་ན་ཡོད། །དོ་ཚིགས་མི་སྐྱོན་སང་ཕོད་ཡིན། །སང་ཕོད་བར་དུ་རྗེས་བཞག་ཆོག །ཡང་ན་དགྲ་ངོ་འགྱུར་མེད་ཡིན། །ཡར་མགྲོན་མཆོད་ལ་དགྲ་བྲུབ་བྱ། །བཀའ་འགྱུར་ཀློག་ལ་རྡུལ་སྤྲུགས་དང་། །ཡུལ་གཉན་གསུམ་ལ་སྟོན་མོ་བྱ། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །བཅུ་གསུམ་རྩེ་མོའང་དིང་དིང་བབ། །འཁོར་ལོ་བཞི་བརྩེགས་འབྲིང་པོ་ཡིན། །བ་ཁོག་གསུམ་དང་རྩེ་འཛིན་ལ། །དིང་དིང་བབ་ན་འཁོར་ལོ་ཆུང་། །འདི་གསུམ་གང་ཡང་ཆེས་ཐལ་ཡིན། །དེ་སོགས་དམིགས་བསལ་བབ་ལན་ཏེ། །སྤྱིར་དིང་དིང་ལན་དུ་དིང་དིང་ན། །ངམ་གྱི་སྒྲིབ་ཤིང་རྩད་ནས་བཅད། །དིང་དིང་ལན་དུ་སྐྱིན་དང་ན། །གནམ་གྱི་ཁ་ཡོག་ས་ལ་ཕོག །དགྲ་ལ་ཟས་ནོར་ཤོར་ངོ་ཡིན། །དིང་དིང་ལན་དུ་གལ་བར་ན། །ས་ལ་ལྷུན་པོ་བརྟན་པ་ཡིན། །དིང་དིང་ལན་དུ་བྱ་ཡུན་ན། །རྒྱ་མཚོའི་ནང་དུ་སྒྲོན་མེ་ཤར། །དིང་དིང་ལན་དུ་བག་བྱ་ན། །སྐྱིད་ཀྱི་ཉི་མ་འཁོར་འདས་ཡིན། །དིང་དིང་ལན་དུ་བྱ་བུར་ན། །མཁའ་ལ་དུང་ཟླ་ཚེས་པ་ཡིན། །དིང་དིང་ལན་དུ་མུ་ས་ན། །ཤེལ་གྱི་སྐར་མ་བཀྲ་བ་ཡིན། །དིང་དིང་ལན་དུ་ཝ་ཆོ་ན། །ཐང་ཤིང་ཡལ་ག་རྒྱས་པ་ཡིན། །དིང་དིང་ལན་དུ་སྤོ་ཚེ་ན། །མ་སངས་རྟ་ཡི་གཡང་ཕུར་ཚུགས། །དིང་དིང་ལན་དུ་དམུ་དག་ན། །རྒྱ་


MR16_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ནང་ནས་སྨྱུག་ཕྲན་འཁྲུངས། །མི་ནོར་བརྟེན་པའི་མོ་མདུད་ཡིན། །དིང་དིང་ལན་དུ་སྐྱེར་དཀར་ན། །ཡོད་ཀྱི་གཞི་མ་བཏིང་བ་ཡིན། །དིང་དིང་ལན་དུ་ཐང་ལེ་ན། །གནམ་གྱི་དལ་ཁ་ས་ལ་བབས། །མ་ཉེས་ཁ་ཡོག་ནོར་བརླག་འོང་། །དིང་དིང་ལན་དུ་ཚོལ་རྩེ་ན། །མཚོ་ལ་ན་བུན་ཆགས་པ་ཡིན། །ཁ་ཟས་འདོད་དགུ་རྒྱས་པ་ཡིན། །དིང་དིང་ལན་དུ་ཁྱུང་བརྒྱང་ན། །ཕོ་སྐམ་མོ་སྐམ་ཕྲད་པས་བཟང་། །དིང་དིང་ལན་དུ་ཨ་ཁད་ན། །ཙནྡན་ནགས་རི་འཐུག་པོའི་གླིང་། །རྒྱ་སྟག་མ་བུའི་སོ་སྐུང་ཚུགས། །དིང་དིང་ལན་དུ་རང་སྙན་ན། །ཐང་ཆེན་སྙན་པའི་གཏམ་གྱིས་གང་། །དིང་དིང་ལན་དུ་སད་ཁམས་ན། །དགྲ་བླ་འདུས་པའི་དར་ཆེན་ཡིན། །དིང་དིང་ལན་དུ་སྲང་ཟེ་ན། །གཡུ་འབྲུག་ནམ་མཁར་གྲགས་པ་ཡིན། །དིང་དིང་ལན་དུ་བྱོད་ཕུར་ན། །ཡེ་སྨོན་རྒྱལ་མོའི་མཁར་ནང་ནས། །དུང་གི་ལུ་གུ་རྩེ་བ་ཡིན། །སྤང་དཀར་མེ་ལོང་དཀྱིལ་སྟོད་དེར། །ཉི་ག་རིམ་བུའི་སོ་སྐུངས་ཚུགས། །དིང་དིང་ལན་དུ་སེ་སྟོད་ན། །མཁའ་ལ་སྤྲིན་དམར་ཚྭ་ཚྭ་འཐོར། །ཡུལ་དུ་ནད་ཡམས་འོང་བའི་ངོ་། །དཀར་ཐོག་མི་ནོར་འཕེལ་བ་ཡིན། །དིང་དིང་ལན་དུ་ལྡི་བུར་ན། །དགུང་ལ་སྐར་ཆེན་བཀྲ་བ་ཡིན། །དིང་དིང་ལན་དུ་རྐང་སྤར་ན། །གངས་རི་དཀར་པོའི་དཀྱིལ་སྟོད་དེར། །སེང་གེ་མ་བུའི་སོ་སྐུངས་ཚུགས། །དིང་དིང་ལན་དུ་ཆུ་སྤར་ན། །ཕྱིང་དཀར་འོག་གི་རོ་དུད་ཡིན། །དར་མ་གཅིག་ལ་ལྷག་པར་ངན། །དིང་དིང་ལན་དུ་ལར་ལྡིང་ན། །ཤིང་ཡར་སྐྱེས་རྩེ་མོ་དགུང་དང་མཉམ། །དིང་དིང་ལན་དུ་སུམ་མཉམ་ན། །ཐང་ལ་སྤྱང་མོ་སུམ་འགྲོལ་ཡིན། །དིང་དིང་ལན་དུ་རྩེ་་ར་ན། །གཡུ་ཤུག་བྲག་ལ་སྐྱེས་པ་ཡིན། །དིང་དིང་ལན་དུ་གཡུང་དྲུང་ན། །ཡུལ་ལ་མི་ཆེན་གདན་འཇག་ཡིན། །དིང་དིང་ལན་དུ་ཀྱེ་བ་ན། །


MR16_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མི་གྲངས་འཕེལ་བའི་མོ་བླ་ཡིན། །དིང་དིང་ལན་དུ་ད་རོག་ན། །ནོར་གཡང་མི་ལ་བབས་པ་ཡིན། །དིང་དིང་ལན་དུ་དམུ་དབལ་ན། །སྐུ་གཤེན་བོན་རྒྱུད་འཕེལ་བ་ཡིན། །དིང་དིང་ལན་དུ་སྐྱམ་རིགས་ན། །རྒྱ་མཚོ་བསོགས་པ་ཐིག་པར་ཟད། །བསག་པའི་ཟས་ནོར་བརླག་ངོ་ཡིན། །དིང་དིང་ལན་དུ་བྱ་རལ་ན། །དགུང་སྔོན་ཁད་དུ་ཆགས་པ་ལ། །ཞྭ་རྨོག་ཕོར་ཙམ་ཞིག་ཁོལ་དུ་བུད། །ཤི་ཆད་འགྱེལ་བུབ་འོང་ངོ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ནད་པ་ཡུལ་བུད་གཉིས་ལ་བཟང་། །དིང་དིང་ལན་དུ་ལི་ཡན་ན། །དགུང་ལ་མུག་གི་ན་བུན་འཐིབ། །མི་མཐའ་མུག་གི་བཟུང་ཉེན་ཡོད། །དིང་དིང་ལན་དུ་གསེར་བྱ་ན། །ངང་པ་མཚོ་ནས་བུད་ངོ་ཡིན། །ལྷ་སྨན་བཟང་མོ་ཤི་ངོ་ཡིན། །དིང་དིང་ལན་དུ་མར་ལྡིང་ན། །གནམ་སའི་ཀ་གདུང་ཆག་པ་ཡིན། །དིང་དིང་ལན་དུ་སྤོ་བར་ན། །གྱོད་ཀྱི་སྒོ་ཉལ་བྱས་པ་ཡིན། །བྲོས་ཀྱང་མི་ཐར་གྱོད་ཀྱི་ངོ་། །དིང་དིང་ལན་དུ་སོ་ཡོན་ན། །སྨོན་པའི་གོ་ང་ངམ་ལ་ཤོར། །ཐ་མ་ཆུས་ཤོར་ནོར་བརླག་ངོ་། །དིང་དིང་ལན་དུ་རུ་སོད་ན། །དགུང་སྔོན་དུམ་བུ་གསུམ་དུ་འཐོར། །ཕ་ནོར་བགོས་ལ་མི་འཆམ་པའི། །སྤུན་གསུམ་ལུང་པ་གསུམ་དུ་འགྲོ། །དིང་དིང་ལན་དུ་མ་ཟེ་ན། །ནང་ཆ་བུ་དགུ་རུལ་པ་ཡིན། །ཡུལ་དུ་ནང་འཁྲུགས་འོང་བའི་མོ། །དིང་དིང་ལན་དུ་ན་འབན་ན། །གཟའ་དྲུག་ཐར་གྱིས་འཐོར་ངོ་ཡིན། །ཡོད་ཀྱི་ལྷ་གཞི་དཀར་པོའི་སྟེང་། །དམ་གྱི་ཐོག་ཟེར་ལྷུང་བའི་མོ། །བདེ་བའི་ཡུལ་དེ་འཆོར་ངོ་ཡིན། །མི་བདེ་དགྲ་དང་འཕྲད་ངོ་ཡིན། །དིང་དིང་ལན་དུ་དྲོད་རིགས་ན། །གཤིན་རྗེའི་བསུ་མ་སླེབས་པ་ཡིན། །ཕ་ཚན་གཅིག་ལ་གྱོད་སྣ་གསུམ། །དིང་དིང་ལན་དུ་བྲག་ནག་ན། །ལྷ་ཆེན་སྣང་བ་འོད་ལྡན་


MR16_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །མུན་པ་ནག་པོས་ཁྱེར་བ་ཡིན། །བསད་བཟུང་གཉིས་ཀ་དུས་གཅིག་འོང་། །ལྷག་པར་དམག་ཆེན་ཆས་ན་ངན། །ལར་ཀྱེ་བ་ད་རོག་དམུ་དབལ་གསུམ། །དིང་དིང་ཆེ་བའི་ཆེ་རོག་ཡིན། །གལ་བར་སྐྱེར་དང་ཡར་ལྡིང་གསུམ། །དིང་དིང་མཉམ་པའི་མཉམ་རོག་ཡིན། །ཝ་ཚོ་དམུ་དག་མུ་ས་གསུམ། །དིང་དིང་སྡུད་པའི་ཁ་ཤད་ཡིན། །སང་དང་བྱ་ཡུན་སད་ཁམས་གསུམ། །དིང་དིང་གསལ་བའི་སྒྲོན་མེ་ཡིན། །ཧྲང་ཟེ་གཡུང་དྲུང་སྤོ་ཚེ་གསུམ། །དིང་དིང་གསོལ་བའི་བདུད་རྩི་ཡིན། །དཀར་ཐོག་ཤིང་རིགས་བུ་བརྒྱག་གསུམ། །དིང་དིང་འཕེལ་བའི་དབལ་ཁ་ཡིན། །རིན་ཆེན་རྩེ་མ་གསེར་ཐིག་གསུམ། །དིང་དིང་དཔའ་བའི་སྐད་སྙན་ཡིན། །སྤོ་མདངས་དངུལ་མདངས་དངུལ་རྒོད་གསུམ། །དིང་དིང་ཕྱུགས་ཀྱི་རུ་མ་ཡིན། །དཀར་ཐོག་གཡུང་དྲུང་སྤུན་གསུམ་དེ། །དིང་དིང་གཡང་གི་ཟོ་བ་ཡིན། །དིང་དིང་ཆད་ཁུང་འོད་གསལ་ལྷ། །དིང་དིང་གྲོལ་ཕུག་མདུད་པོ་ཆེ། །དིང་དིང་སྲོག་གཅོད་ན་འབན་ཡིན། །དིང་དིང་མནོལ་རྫས་སོ་ཡོན་ཡིན། །དིང་དིང་སྙིང་སྟོང་ལི་ཡན་ཡིན། །དིང་དིང་འདི་ལ་བདུད་གསུམ་ཡོད། །སྐྱམ་རྒན་སྒོ་ལ་བརྒྱག་བཅས་དང་། །སྐྱེར་ནག་ཕུང་མ་མགོ་བཏུམ་དང་། །དམུ་ནམ་བྱ་རྒོད་བྱ་རལ་ཏེ། །མཐའ་མིག་ཡང་དག་འདི་གསུམ་ཡིན། །ཡོད་པའི་ལྷ་ཁམས་དཀར་པོ་ལ། །མེད་པའི་རུ་མ་བླུག་པ་ཡིན། །སྣོད་ཞིག་བཅུད་འཐོར་ཡུལ་བཟུང་ངན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །དིང་དིང་འཕེལ་བ་རྣམས་གསུམ་ལ། །སྐོང་དཀར་གཡུང་དྲུང་ལྡི་བུར་དང་། །དཀར་ཐོག་གཡུང་དྲུང་ལྷ་ཁམས་བརྒྱག །དཀར་ཐོག་སྤུན་གསུམ་གང་བབས་ཀྱང་། །མི་གཅིག་མི་བརྒྱ་འཕེལ་བ་དང་། །རྟ་གཅིག་རྟ་བརྒྱ་རེད་པ་ཡིན། །ཐིག་པ་བསགས་པ་རྒྱ་མཚོར་གྱུར། །དགྲ་གཞི་དུར་གསུམ་


MR16_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བཟང་། །བཀྲ་དང་མཚུན་གྱི་མོ་ལ་ངན། །དིང་དིང་ན་འཐེན་ཐག་རྣམ་གསུམ་ནི། །དམུ་དག་གལ་བར་སྐྱེར་དང་གསུམ། །ཤིང་སྐྱེས་ལོ་མ་དགུང་དང་མཉམ། །སྲིད་པ་བརྒྱུད་གསུམ་མཐའ་རུ་ཕྱིན། །བཀྲ་རྒན་ཡང་ཚ་མཐོང་བ་དང་། །རྒན་མོ་ཞེ་ཚ་མཐོང་བས་བཟང་། །དེ་དིང་དིང་མན་ངག་ཡང་དག་གོ ། དིང་དིང་ལྷ་གཞི་དཀྱིལ་འཁོར་ཏེ། །གཅིག་གི་དིང་དིང་ལ་སོགས་པའི། །བཅུ་གསུམ་ལ་གང་བབ་འབྲས་བུ་ནི། །བྱ་བུར་གསེར་ཐིག་བབ་པ་ན། །དཀྱིལ་འཁོར་སྟེང་གི་དུང་ཕོར་ཡིན། །སྐྱམ་སྔོན་ཡོན་ཆབ་གཙང་མ་ཡིན། །བཅུ་གསུམ་ཨ་ཁད་མར་མེ་ཡིན། །བྱོད་ཕུར་ལྷ་བཤོས་བཀྲམ་བ་ཡིན། །ཁྱུང་བརྒྱད་མཚལ་ཐིག་དྲི་ཆབ་ཡིན། །འདིར་དིང་དིང་དག་གི་ལན་དུ་ནི། །སྡེ་ཚན་སུམ་ཅུ་རྩ་གསུམ་པོ། །གོ་རིམ་བཞིན་དུ་བཤད་པ་སྟེ། །སྡེ་ཚན་ནང་གི་བྱེ་བྲག་འགའི། །བཤད་པ་རྙེད་པའང་སོ་སོ་ཡི། །སྡེ་ཚན་ཁོངས་སུ་བྲིས་པ་ཡིན། །བབ་ལན་སོགས་དམིགས་བསལ་མ་བཤད་པ། །སྤྱི་ལ་བརྟགས་ཏེ་བཟང་ངན་དཔྱད། །བབ་ལན་བཟང་བར་བཤད་པ་ཡང་། །བརྒྱག་ངན་བྱུང་ན་ངན་པར་རྩི། །ངན་པར་བཤད་པའི་མདུད་པ་ལ། །བརྒྱག་བཟང་བྱུང་ན་བཟང་པོར་རྩི། །བཟང་ལ་བརྒྱག་བཟང་ལྷག་པར་བཟང་། །ངན་ལ་བརྒྱག་ངན་ལྷག་པར་ངན། །དངོས་སུ་བཤད་པ་མེད་ན་ཡང་། །ཕན་ཚུན་བླ་རྟགས་བབ་ལུགས་ཀྱིས། །དཔལ་དང་གཤེད་དུ་སོང་བ་ཡང་། །རང་གི་རིག་པས་དཔྱད་དེ་སྨྲ། །མོ་རྟེན་འབྲེལ་འཆར་སྒོ་ཡིན་པའི་ཕྱིར། །རིག་པ་གསལ་ན་ཅི་ཡང་འཆར། །བབ་དང་ལན་གྱི་མོ་མདུད་དེ། །ཁེར་འདུག་གསལ་བོར་བྱུང་ན་ངེས། །བབ་ལེན་བཟང་ངན་ཇི་བཞིན་དུ། །སྙིང་མིག་སྲོག་གསུམ་པ་ཁོག་གསུམ། །ཕྱི་ས་བཞི་ལ་སོགས་པ་རུ། །མདུད་པ་གང་རུང་གཅིག་


MR16_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ན། །དེ་ཡི་ལན་དུ་གྱུར་པ་ཡི། །རྩེ་འཛིན་ལ་སོགས་གནས་རྣམས་སུ། །བབ་ལན་བཟང་ངན་གང་བྱུང་བ། །མང་པོའི་ལན་དུ་གཅིག་ཆོག་སྟེ། །གང་འོག་འཕྲུལ་སྡེབ་ཤེས་པར་བྱ། །འོག་མའི་སྡེ་ཚན་ཐམས་ཅད་དུ། །འདི་བཞིན་སྦྱར་ཏེ་དཔྱད་པ་ན། །མངོན་ཤེས་གནད་ཀྱི་འགག་མདུད་ཟིན། །གཤེན་བོན་ཐུགས་རྗེའི་ཟླ་ཟེར་བཅུད། །སྙིང་ལ་འཇག་པ་བདག་ཉིད་ཀྱི། །མན་ངག་ཞིག་འདི་རུ་སྨྲས་པ་ཡིན། །དིང་དིང་གཙང་མ་འདི་ཉིད་ལ། །རིགས་ཀྱི་སྒོ་ནས་དབྱེ་བ་བཤད། །མོ་རྟ་མ་ཡིན་ཅིག་ཤོས་ཀྱི། །མཁར་ཁ་ལག་པས་ཟིན་གྱུར་ན། །དིང་དིང་གཤམ་དཀར་བུམ་པ་ཟེར། །གཉིས་པ་ལག་གིས་ཟིན་གྱུར་ན། །དིང་དིང་གཡུ་གུར་སྔོན་པོ་ཡིན། །གསུམ་པ་ལག་གིས་ཟིན་གྱུར་ན། །དིང་དིང་བ་སྣ་སུག་བཞི་འམ། །བརྒྱག་ན་བ་སྣ་ཁྱུང་མཆུ་ཟེར། །དོན་ལ་བ་སྦལ་ཁྱུང་གསུམ་ཚང་། །མགུལ་བ་རིང་བ་ཁྱུང་དང་འདྲ། །ལྟོ་བ་ཆེ་བ་སྦལ་པ་འདྲ། །མཇུག་མ་རིང་བ་བ་ཡིན་ཏེ། །བ་ཡི་རྟགས་སུ་རྔ་མ་ཡོད། །ཁྱུང་གི་རྟགས་སུ་གཞུག་སྒྲོ་ཡོད། །སྦལ་པའི་རྟགས་སུ་འབྲུམ་རིས་ཡོད། །དིང་དིང་ཁ་མཉམ་ལག་མཉམ་འདི། །མ་ཡར་བ་ཡི་སང་གཅིག་ཡིན། །མ་བཅས་པ་ཡི་བརྒྱག་གཅིག་ཡིན། །དགྲ་གཞི་སྐོར་གསུམ་ཀུན་ལ་བཟང་། །མོ་རྟ་ཞབས་སུ་འཁོར་བ་ན། །དིང་དིང་གཡས་འཁོར་ཞེས་སུ་འབོད། །མོ་རྟ་སྟེང་དུ་འཁོར་བ་ན། །དིང་དིང་གཡོན་འཁོར་བྱ་བ་ཡིན། །རླུང་ནད་ཅན་དེ་རི་ཁར་བུད། །མགོ་འཁོར་ཀླད་ནས་འཁོར་བ་ཡིན། །ཡུན་རིང་ནད་པར་ཤ་རྩི་ཟོས། །སྨན་གཏོང་རྒྱབ་ནས་གཏོང་བ་ཡིན། །གཡོན་འཁོར་དེ་ཡི་མོ་རྟའི་རྩེ། །ལག་བས་ཟིན་ན་གཤམ་དཀར་སོགས། །སྔ་མ་བཞིན་དུ་མིང་འདོགས་བྱ། །ཆེ་བའི་རྒྱལ་པོ་དིང་དིང་གི ། མོ་རྟའི་རྩེ་མོ་མ་ཡིན་པའི། །


MR16_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་རྩེ་དེ་ལ་བརྒྱག་སོང་ན། །དིང་དིང་ཁ་ལེ་དཀར་པོ་ཡིན། །ཡོད་ཁམས་ལྷ་ཡི་གྲོལ་ཕུག་ཡིན། །དཀར་པོ་དུང་གི་གཞོང་པ་ཡིན། །དགུང་སྔོན་གནམ་གྱི་ཀ་བ་ཡིན། །ཁམས་ཀྱི་དབང་པོའི་དྭངས་མ་ཡིན། །རྣམ་ཤེས་རིག་པའི་ཤན་འབྱེད་ཡིན། །སྟོང་ཉིད་འོད་གསལ་སྒོམ་མི་ཡིན། །རྩ་རླུང་རྟ་ཁ་བསྒྱུར་མི་ཡིན། །དོག་མོ་ས་ཡི་རྟེན་ཕུར་ཡིན། །རི་རྒྱལ་ལྷུན་པོའི་རྟེན་སྙིང་ཡིན། །ཝེར་མའི་བུ་ཆེན་འོད་འབར་ཡིན། །སུམ་བརྒྱ་དྲུག་ཅུའི་རྩ་བ་ཡིན། །བདུན་བརྒྱ་ཉི་ཤུའི་བླ་གནས་ཡིན། །འབུམ་རྗེ་ཀུན་ཐུབ་འཇིགས་མེད་ཡིན། །འབུམ་ཚོ་ཁྲིམས་ཀྱི་རྔ་བརྡུང་ཡིན། །འབུམ་ཚོ་སྐོས་ལ་འདེབས་མི་ཡིན། །ཁྲི་ཚོའི་མགོ་བོ་འབྲབ་མི་ཡིན། །སྟོང་ཚོས་སྐུ་འཁོར་བྱེད་མི་ཡིན། །སྣོད་ལྷ་རྩ་རུས་གསུམ་འདི་ལ་ཚང་། །སྔ་དྲོ་ལྷ་དང་རྩལ་ཁ་འགྲན། །ལྷ་ཡིས་མ་དོ་དུང་འཕྲུ་ཅན། །ཉིན་གུང་གཉན་དང་ཤང་ཁ་བཀྱེ། །གཉེན་གྱིས་མ་ཐུབ་རྨོག་ཐོད་ཅན། །ཕྱི་དྲོ་བདུད་ལ་མདའ་ཁ་བཀྱེ། །བདུད་ཀྱིས་མ་ཐུབ་གཡུ་ཕྲེང་ཅན། །གནས་པ་རི་གསུམ་མགོ་ལ་གནས། །རྒྱུག་ནི་རྒྱ་མཚོའི་གཏིང་ལ་རྒྱུག །ཟས་སུ་ཤ་ཆེན་སྣ་དགུ་ཟ། །གོས་སུ་དུང་གི་ལ་བ་གྱོན། །བཙན་པོ་བརྒྱ་ཡི་གཉའ་ནོན་ཡིན། །ཁས་དམན་སྟོང་གི་འབྲོས་རི་ཡིན། །སུ་དང་སུ་ཡི་རིང་ལ་བབ། །མི་མགོན་དཀར་པོའི་རིང་ལ་བབས། །ཕུ་ཡར་བལྟས་གངས་དཀར་དགུང་དང་མཉམ། །མདོ་མར་བལྟས་གཡུ་ཡིན་བུན་འཐུལ། །བར་ཐང་པོ་ཆེ་ཡི་དཀྱིལ་ཤེད་དེར། །ཨུ་དུམྺ་རའི་མེ་ཏོག་འཁྲུངས། །སྔོན་སངས་རྒྱས་འཇིག་རྟེན་བྱོན་ཉིན་བབས། །སྨད་སྙིགས་ནས་སྟོད་དུ་འདི་བབས་ན། །སྐྱིད་ཀྱི་ཉི་མ་འགྲིབ་མེད་ཡིན། །སྨད་དྭངས་མའི་བཅུ་གསུམ་འདི་བབ་ན། །དགུང་གི་ཉི་མ་ཡལ་འདོད་ཡིན། །ཅིས་ཀྱང་མི་ཁྱོགས་ལ་བརྒལ་ངན། །འདི་ལ་དཀར་


MR16_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བཅུ་གསུམ་ཡོད། །ཕུང་ཁྲོལ་ནག་བཤད་བཅུ་གསུམ་ཡོད། །བར་མ་ཁྲ་བཤད་བཅུ་གསུམ་ཡོད།། །།གཅིག་གི་སྟེང་དུ་བབས་པ་ན། །ཁ་ལེ་མི་ནག་ཁ་ལེ་དཀར། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ལྷག་པར་སྲིད་ཀྱི་མོ་ལ་དཀར། །ཐང་ཆེན་གསུམ་གྱི་གོང་བ་ནས། །ཆོས་སྡེ་འདེབས་པའི་ཉིན་མོ་དཀར། །ཤར་ཕྱོགས་དུང་རི་དཀར་པོ་ལ། །སྲིད་ཀྱི་ཆུ་མིག་འདྲུ་ཉིན་དཀར། །ཉི་མ་ཉིན་གཅིག་ནག་པ་ཡོད། །དམག་ཆེན་འདེགས་པའི་ཉིན་མོ་ནག །ཝེར་མ་ཕ་ཆས་བུ་ཆས་ཀྱང་། །ཨོག་དཀར་ཝེར་མ་ཚང་དུ་ཉལ། །སྐུ་མཁར་རྨིང་རྡོ་བཞག་ཉིན་ནག །ས་བདག་སྙིང་ནག་བཅོས་ཉིན་ནག །བྲ་བར་ཐི་བས་སྣ་དགྲ་བྱས།། །།གཉིས་ཀྱི་སྟེང་དུ་བབ་པ་ན། །ཅི་ལ་བཏབ་ཀྱང་ནག་པ་ལ། །ལྷག་པར་བུ་ཁྱིམ་ཕུབ་ཉིན་ནག །བུ་ཁྱིམ་བླང་བས་ཕ་ཁྱིམ་སྡིབ། །མནའ་མ་བསུས་དང་སྒྱུག་མོ་ཤི། །ཉི་མ་ཉིན་གཅིག་དཀར་བ་ཡོད། །རབས་ཆད་ཆུང་མ་ལེན་ཉིན་བཟང་། །རབས་ཆད་མི་རྒྱུད་འཕེལ་ངོ་ཡིན། །དམེ་བྲོད་བག་མ་ལེན་ཉིན་དཀར། །དམེ་རོ་གཙང་མའི་ཁྲུས་ནས་ཐོན།། །།གསུམ་གྱི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་མོ་སྐམ་མོ་ལ་དཀར། །སྲིད་ཀྱི་ཆུ་མིག་རྡོལ་བ་ཡིན། །བུ་མོ་བག་མ་འགྲོ་ན་དཀར། །སྔོན་དུ་སྣ་བཟང་རྒྱབ་ལ་དཀར། །ཉི་མ་ཉིན་གཅིག་ནག་པ་ཡོད། །སྲིའུ་ནད་པའི་མོ་ལ་ནག །སྲི་ཕྲུག་དུར་དུ་ཞུགས་པ་ཡིན།། །།བཞི་ཡི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་ཆར་པ་འབེབ་ན་དཀར། །ཀླུ་འཇོག་པོའི་གཡང་ཆར་འབེབས་པ་ཡིན། །ཕྱ་གཡང་འགུགས་ན་ལྷག་པར་བཟང་། །ཉི་མ་ཉིན་གཅིག་ནག་པ་ཡོད། །ལྷོག་རོ་བཤའ་བའི་མོ་ལ་ནག །ས་སྲིན་ནག་པོ་ལང་ངོ་ཡིན། །ཕོངས་པས་མཛོ་མོ་ཉོ་ཉིན་ནག །ནུ་རོ་ཚལ་


MR16_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བར་གས་པ་ཡིན། །དབུལ་པོའི་ཕྱུགས་ར་བཅའ་ཉིན་ནག །སྐྲ་སྐུད་མི་ལ་སློང་ངོ་ཡིན། །ཡུལ་བ་འབྲོག་ལ་འགྲོ་ཉིན་ནག །ཟོམ་དཀར་ཡག་སྟེ་ནང་བཅུད་མེད།། །།ལྔ་ཡི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་ནག་པ་ལ། །ལྷག་པར་གོད་ཁ་ཅན་ལ་ནག །གོང་མ་མི་འཆད་རྩ་བ་ཡིན། །ཆུ་ལ་ཟམ་པ་བཙུག་ཉིན་ནག །རྐྱལ་མཁན་ཆུ་ལ་ཤི་བ་ཡིན། །རབས་ཆད་ནད་པའི་མོ་ལ་ནག །མཛོ་རྒན་ར་རྩ་ཐང་ལ་རུལ། །རྟ་གསར་བཅོས་པ་གྲི་རུ་འཆི། །ཉི་མ་ཉིན་གཅིག་དཀར་བ་ཡོད། །བུ་ཁྱིམ་འབུབ་པའི་ཉིན་མོ་དཀར། །མ་ལ་བཞོག་ནས་བུ་ལ་བརླན། །དགྲ་ལ་མཐུ་གཏད་བྱེད་ཉིན་དཀར། །གདུག་བྱེད་ཆུ་སྲིན་ཁ་སོ་གདེངས། །དགྲ་དམ་སྲི་མི་ཞིག་སོད་པ་ཡིན། །ཡུལ་ས་བཟུང་བའི་མོ་ལ་དཀར། །སྲིབ་རྒྱ་མཚོ་རིམ་པ་བཅོ་བརྒྱད་ཆགས།། །།དྲུག་གི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་མོ་བཙུན་མོ་ལ་དཀར། །མོ་བཙུན་འཕྲུལ་མོའི་ལྟོ་བ་རུ། །སྲིད་ཀྱི་ཀ་བ་ཚུགས་པ་ཡིན། །ཡུལ་པའི་འབྲོག་གསར་འཛིན་ཉིན་དཀར། །འབྲི་གདང་བེའུ་གདང་མཉམ་དུ་བརྒྱང་། །བུད་མེད་ཁྱིམ་ཐབ་བཟུང་ན་དཀར། །སྨན་ཤ་ཡུ་མོའི་ཐོད་པ་དེས། །གཡང་གི་ཟོ་ཞབས་ཚུགས་པ་ཡིན། །ཉི་མ་ཉིན་གཅིག་ནག་པ་ཡོད། །ཕ་སྤུན་ནང་འཁྲུགས་བྱེད་ཉིན་ནག །གྱོད་བཞི་ས་གཅིག་འདུས་པ་ཡིན། །བུད་མེད་ནད་པའི་མོ་ལ་ནག །ཐུལ་སྒོག་ཤིག་གི་གང་ངོ་ཡིན། །ཡ་མ་ནག་པོའི་མོ་ལ་ནག །ཕྱ་ལྕམ་བྲང་གི་ནུ་ཞོ་སྐམ། །ལྷ་ཁང་ཀ་ཆེན་བསླང་ཉིན་ནག །སྲུང་མདའ་བཙུག་དང་འབྲུ་གདུང་བྲི།། །།བདུན་གྱི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་དོན་ཆེན་སྒྲུབ་ཉིན་དཀར། །ཕ་བཙུན་འཕྲུལ་མོའི་བསམ་པ་སྒྲུབ། །


MR16_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གཉིས་ནང་དུམ་བྱེད་ཉིན་དཀར། །ཉེ་བ་ཤ་འབྲང་མཉེན་མོས་སྦྲེལ། །དུམ་བུར་བཅད་ཀྱང་འཐོར་མི་འགྱུར། །གཉན་སྤྱོད་ཡ་བ་རྐྱ་གཅིག་གིས། །རྡོ་རྟ་གྲོ་མོ་རྩེད་ལས་གྲོལ། །ཉི་མ་ཉིན་གཅིག་ནག་པ་ཡོད། །ཤ་རྟ་ཉོ་བའི་ཉིན་མོ་ནག །ཤ་རྟ་ཤི་རྟ་རེད་པ་ཡིན། །སྨན་པའི་མོ་ལ་འདེབས་ཉིན་ནག །སྡུག་གི་ནད་པ་ཟུངས་ཟད་དང་། །ལྷན་ཅིག་སྨད་པ་མཆི་མ་ཤོར། །ཁྱད་པར་སྨས་མའི་མོ་ལ་ནག །ཕྱི་རྨ་སོས་དང་ནང་སྲོག་ཆད། །ཕྱེ་མར་ཟོས་དང་ནད་པ་ཤི ། དམག་ཆེན་དྲ་མ་བཀྱག་ཉིན་ནག །རོ་དང་སྨས་མས་ལུང་པ་གང་། །གཡའ་སྤང་གཡུ་དམར་དགྲ་ལ་ཤོར།། །།བརྒྱད་ཀྱི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་འདྲེ་གདོན་འདུལ་ཉིན་དཀར། །མཐུ་ལྡན་ཡེ་ཤེས་དབང་ཆེན་གྱིས། །འདྲེ་སྲིན་གཡུལ་ངོ་བཟློག་པ་ཡིན། །བན་སར་མཚམས་ལ་འདུག་ཉིན་དཀར། །སྡིག་ཅན་གྲུབ་པ་ཐོབ་ངོ་ཡིན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ངང་པ་བསྔགས་ལྡན་ཆིབས་སུ་ཆིབ། །བྲན་བུ་མོས་པ་ཕྱག་ཕྱིར་ཁྲིད། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ཉི་མ་ཉིན་གཅིག་ནག་པ་ཡོད། །གསེབ་ཆེན་བྱ་བསྣོལ་བྱེད་ཉིན་ནག །བྱ་ཐག་ཁྱི་ཡིས་ཟོས་པ་ཡིན། །ཕ་མཚུན་གསོལ་མཆོད་བྱེད་པ་དང་། །ཕ་དུར་གདབ་པའི་ཉིན་པར་ནག །གསོས་པའི་བུ་དེ་ཚང་ནས་རུལ། །བཀྲ་རྒན་ནད་པའི་མོ་ལ་ནག །ཁྲི་གདུགས་ཉི་མ་ལ་ཁར་ཐོན།། །།དགུ་ཡི་སྟེང་དུ་བབ་རྟ་ཕོ་རླིག་པ་གཅོད་པའི་མིང་། པ་ན། །ཅི་ལ་གནག་པ་ལ། །ལྷག་པར་ལྷ་བོན་མོ་ལ་གནག །ལེའུའི་ལྷ་རབ་ནོག་པ་ཡིན། །བླ་མཆོད་བཀུག་པའི་མོ་ལ་ནག །ཡོན་བདག་འདྲེ་ཡིས་བླ་མཆོད་བསད། །ཉི་མ་ཉིན་ཅིག་དཀར་བ་ཡོད། །སྦྱིན་སྲེག་བྱེད་པའི་ཉིན་མོ་དཀར། །ཞང་ཞུང་སྒོམ་


MR16_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་མར་མེར་གྱིས། །གནམ་སྲིན་མེ་ལ་བསྲེག་པ་ཡིན། །ཇག་པ་སྐུང་དུ་འཇུག་ཉིན་དཀར། །རྐུང་གཡེལ་སར་བསྡད་ཀྱང་རྐུང་སར་ཟིན།། །།བཅུ་ཡི་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་རབས་ཆད་མ་ལ་དཀར། །ཡ་ཆད་རྒན་མོ་བུ་ལ་འཛུམ། །ཡ་རབ་ཁྱིམ་གསར་ཕུབ་ཉིན་དཀར། །བུ་བཟང་རེ་བཀྲ་སྟག་འདྲ་འབྱུང་། །མི་ཆེན་སྐོར་ཕྱ་འདེབས་ཉིན་དཀར། །ཆེ་རྒྱུད་འཕེལ་ཁ་ཚུགས་པ་ཡིན། །ཉི་མ་ཉིན་གཅིག་ནག་པ་ཡོད། །མི་རྒན་གཅིག་གི་མོ་ལ་གནག །མི་རྒན་ཤི་བའི་མལ་ས་ཡིན། །སྦྲ་སར་ཕུབ་པའི་ཉིན་མོ་ནག །སྒྱེད་པུ་ངོ་གསུམ་མི་ནག་ཅིང་། །གདུང་ཤིང་དྲེག་པས་གོས་མི་ཁོམས། །ལྷ་བསང་གཉེན་པོ་བྱེད་ཉིན་ནག །རྨེ་བཙོག་ཁྲུས་ཀྱིས་མི་དག་ངོ་།། །།བཅུ་གཅིག་སྟེང་གི་ཁ་ལེ་འདི། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་ནད་པའི་མོ་ལ་དཀར། །སྲིད་པ་ཡེ་སྨོན་རྒྱལ་པོ་དེ། །དམ་གྱི་ཡུལ་ནས་ཐར་པ་ཡིན། །ཡ་རབ་བག་མ་ལེན་ཉིན་དཀར། །ཆོས་ཆེན་དབུ་འཛུགས་བྱེད་ཉིན་དཀར། །ཡེ་སྨོན་རྒྱལ་མོས་ཅི་བསམ་འགྲུབ། །ཉི་མ་ཉིན་གཅིག་ནག་པ་ཡོད། །རྟིང་བཟུང་ཤ་ལེན་བྱེད་ཉིན་ནག །ཝེར་མ་ཁ་འཇུམ་མིག་རུབ་ཡིན། །དར་མ་དར་འཛིན་དག་ལ་ངན། །ཝེར་མས་ཕྱི་འབྲོས་རྒྱབ་ངོ་ཡིན།། །།བཅུ་གཉིས་སྟེང་དུ་བབ་པ་ན། །ཅི་བཏབ་ཀུན་ལ་ནག་པ་ལ། །ལྷག་པར་བག་མ་ལེན་ཉིན་ནག །སྣ་བོན་སྣ་ཟས་སྟེར་མི་འཆི། །ལྷག་པར་ཡོ་བཅོས་བྱེད་ན་ནག །ཕྱི་སའི་སྟེང་གི་ཆེས་ཐལ་ཡིན། །ཉི་མ་ཉིན་གཅིག་དཀར་བ་ཡོད། །དམག་ཆེན་རུ་མགོ་མཐོང་ཉིན་དཀར། །ཇག་ཕྱི་ལམ་ནོར་གྱིས་གང་བ་ཡིན།། །།ཕྱི་སར་དགྲ་རུ་གསུང་ལགས་ཀྱང་། །བྱང་གི་མི་རྒན་ཀླད་ཡུ་


MR16_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །དགྲ་ཡོད་སྐད་ཐོས་ཀྱང་དགྲ་ངོ་མེད། །བྱང་དུ་ཚྭ་ཚོང་འགྲོ་ཉིན་དཀར། །ཚོང་པས་དཔའ་སྐད་ཐོན་པ་ཡིན།། །།བཅུ་གསུམ་སྟེང་དུ་བབས་པ་ན། །ཅི་བཏབ་ཀུན་ལ་དཀར་བ་ལ། །ལྷག་པར་མི་ཆེན་མོ་ལ་དཀར། །དཔོན་སྐུ་ཚེ་རིང་ལ་བསམ་དོན་གྲུབ། །རྟེན་ལ་རབ་གནས་བྱེད་ཉིན་དཀར། །བཀྲ་ཤིས་མེ་ཏོག་ནམ་མཁའ་གང་། །དམག་ཆེན་དྲ་མ་ཆ་ཉིན་དཀར། །འབུམ་རྗེ་ཀུན་ཐུབ་འཇིགས་མེད་ཡིན། །ཤེལ་དཀར་མཛེས་པའི་ན་བཟའ་ལ། །རིན་ཆེན་མཛེས་པའི་གསེར་གོང་བཏགས། །འཇའ་ཚོན་མཛེས་པའི་སྐ་རགས་བཅིངས། །དབུ་ལ་ཤེལ་ཀྱི་ཐོད་གཅིག་གསོལ། །ཕྱག་ན་ཁྲིམས་ཀྱི་རྔ་ཆེན་བཟུང་། །རྔམ་འཇིགས་འབྲུག་གི་རྟ་ལ་ཞོན། །མྱུར་མགྱོགས་རླུང་གི་ཞགས་པ་ཐོགས། །ཐོག་རྒོད་འབར་བའི་སྒ་ཞིག་བརྟད། །དགུ་ཚིགས་སྐྱ་མོའི་སྲབ་ཞིག་བསྐོན། །རྒྱལ་གསུམ་གོང་ང་ལེན་མི་ཡིན། །དམག་གི་ཕྱི་ལམ་གཙང་དང་གཅིག །མནང་ལ་ཕྱི་ནང་མེད་དང་གཉིས། །འཁྲུག་པའི་གཡུལ་སོ་ཐོབ་དང་གསུམ། །སྟོང་རིའི་དར་སོ་ཐོབ་དང་ལྔ། །གཏན་ཚིགས་མོ་མདུད་འདི་ལ་བྱེད། །སྨོན་པའི་ཇག་ཡག་སྒོ་རྩར་སླེབས། །བྱ་རྒྱལ་ཁྱུང་གི་གཤེགས་ཤུལ་ལ། །རྔུལ་གྱི་ཟིལ་པ་མི་རིག་གོ། །། ལར་བཅུ་གསུམ་སྟེང་གི་དྲལ་དཀར་འདི། །དམག་ཆེན་ཚོགས་པའི་དུས་དང་གཅིག །ཆུ་ཆེན་གཅོད་པའི་དུས་དང་གཉིས། །ལྷ་ཁང་གསེར་འཕྲུ་བཙུག་དང་གསུམ། །རྒྱལ་པོས་གདན་ས་ནོན་དང་བཞི། །ཡ་རབ་ཆུས་བྱ་འདེབ་དང་ལྔ། །གང་ལ་བབ་ཀྱང་གཡོན་ཆོག་ཡིན། །སུམ་ཅུ་གྲུབ་པའི་ལྷ་གནས་སུ། །ལྷ་དབང་ཕོ་ལྷ་འཇིགས་མེད་ཀྱིས། །ཕྱག་ཆ་གསེར་གྱི་ཕུར་པ་ཡིས། །ལྷ་མིན་གཡུལ་ངོ་ཐུར་དུ་བཟློག །ཉི་མ་ཉིན་གཅིག་ནག་པ་ཡོད། །བཀྲ་རྒན་བཀྲ་བསྡུར་


MR16_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཉིན་ནག །དགུང་གཡུ་འབྲུག་སྔོན་མོའི་ཚེ་ཚད་རྫོགས། །ཕོ་དུར་འདེབ་པའི་ཉིན་བར་ནག །ཕོ་སྲིད་པའི་རྒྱལ་པོའི་བློ་ཉེས་ཡིན། །བན་སྡོམ་མེད་ལ་ཁར་ཕྱིན་ཉིན་ནག །བཙུན་མགོ་མ་རལ་གྱུ་བ་ཡིན། །ཧ་ཅང་ཕྱུག་པོའི་མོ་ལ་ནག །ཤ་རུ་ལག་རྒྱས་ན་འབོག་འདོད་ཡིན། །ཆེས་ཐལ་ཆེ་བས་ཁྱོགས་པར་དཀའ།། །།ཡང་ཁ་ལེ་ཁྲ་བཤད་བཅུ་གསུམ་ནི། །གཞི་མ་བཟུང་ཉིན་གཅིག་ལ་ཁྲ། །གཞི་མའི་སྐུ་མཁར་ཚུགས་པ་ཡིན། །བྲན་གཡོག་བསྐོར་ཉིན་གཉིས་ལ་ཁྲ། །བྲན་མགོ་རྗེ་ཡིས་ནོན་པ་ཡིན། །རྨང་སེལ་བྱེད་ཉིན་གསུམ་ལ་ཁྲ། །ཆུང་གསུམ་འཕེལ་ཁ་རྒྱས་པ་ཡིན། །ལུག་ཕྱ་འདེབས་ཉིན་བཞི་ལ་ཁྲ། །ཀ་བ་ལྷ་ངོ་ལུག་གི་གཡང་། །རབས་ཆད་སྐོར་ཉིན་ལྔ་ལ་ཁྲ། །ཟལ་མོ་འབྲི་ཕྱར་དྲུག་ལ་ཁྲ། །ཟལ་མོའི་གཡང་ཞག་འཁྱིལ་བ་ཡིན། །ཕ་སྤུན་སྐོར་ཕྱ་བདུན་ལ་ཁྲ། །མདོ་བ་རྟ་མཁར་ཚུགས་པ་ཡིན། །གོ་ཁྲབ་བསགས་ཉིན་བརྒྱད་ལ་ཁྲ། །གོ་བས་གོ་གསར་བྱེད་ངོ་ཡིན། །བོན་གསས་མཁར་བཞེངས་ན་དགུ་ལ་ཁྲ། །གསས་མཁར་དཔའ་རུ་རྒྱས་པ་ཡིན། །མ་ཕྱིའི་དུར་ཕྱར་བཅུ་ལ་ཁྲ། །དུར་གྱི་ས་བོན་ཡག་པ་ཡིན། །དམག་ཆེན་ཆ་ཉིན་བཅུ་གཅིག་ཁྲ། །ཨ་བ་ཧོར་དམར་བྱེད་ཉིན་བཅུ་གཉིས་ཁྲ། །གླ་པ་ཟོག་ཚོལ་བཅུ་གསུམ་ཁྲ། །སྡུག་གི་ཁུ་རུ་ཕོག་པ་ཡིན། །ལར་བཅུ་གསུམ་སྟེང་གི་དྲལ་དཀར་འདི། །དམག་ཆེན་བཀྱག་དང་གངས་ཆེན་འབབ། །གུར་ཆེན་ཕུབ་དང་ཆུ་ཆེན་འབྲུབ། །དེ་སོགས་ཆེས་ཐལ་ཅན་གྱི་མོ། །ལྷག་པར་གདོན་ཕྱ་བརྒྱད་ལ་བབ། །བེ་ཧར་རྒྱལ་པོའི་བླ་རི་ཡིན། །བན་བོན་གསས་མཁར་ལྷ་ཁང་གི ། རྫས་དང་ཆ་ཆོ་འོད་ཅན་དང་། །སྟག་གཟིག་ཐིག་ཕྲན་རི་མོ་ཅན། །དེ་སོགས་རྗེས་


MR16_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་རྒྱལ་པོ་གདོན། །སྤྱིར་དིང་དིང་ཁ་ལེ་དཀར་པོ་འདི། །བརྒྱད་དང་བཅུ་གཅིག་གར་བབ་ཀྱང་། །བྱང་ཐང་པོ་ཆེ་ལ་མེ་ཏོག་འཁྲུངས། །སྨན་མཚར་མོ་བུ་དང་ཕྲད་པ་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་རབས་རེ་ལ་རྒྱལ་རྒྱུད་རེ། །བུ་ཚ་དར་ཐོགས་སྐྱེ་བ་ཡིན། །མིང་ཡང་ལྷ་ཁམས་རྒྱལ་དུ་ཐོགས། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །དམག་འབུམ་ཚོ་ཚང་བའི་རྫིའུ་ཡིན། །ཚབ་ཆེན་ནད་པའི་མོ་ལ་ནི། །སྟོད་དུ་མཐོ་སར་བབ་ན་ངན། །གླང་རྒན་རྭ་ལ་དྲུས་གྲངས་ཚང་། །ཅིས་ཀྱང་མི་ཕན་འཆི་ངོ་ཡིན། །ཕྱི་སར་དགྲ་ངོ་གྲི་ངོ་ཡིན། །བོན་བྱ་རུ་ཅན་གྱིས་གྲི་འདུལ་བྱ། །དྲལ་དཀར་ལྷ་གཡག་དཀར་པོ་ཟེར། །ལྷ་གཡག་ཡིན་དང་མ་ཡིན་དེ། །མགོ་ལ་རུ་ཐུར་ཨི་ཚང་ལྟོས། །ལན་དུ་རུ་སོད་ཁ་ལེ་ན། །མགོ་ལ་རུ་ཐུར་ཚང་བ་ཡིན། །ཅི་བཏབ་ཅི་ལ་བཟང་བ་ཡིན། །བརྗེས་ན་ཇི་བཏབ་ཅི་ལ་ངན། །དེ་བཞིན་གཞན་མ་ལྔ་ལའང་། །རང་ལན་བབ་བཟང་བརྗེས་ན་ངན། །ཡང་གཅིག་བཞི་ཡི་དྲལ་དཀར་འདི། །བུད་མེད་གཅིག་གི་མོ་ལ་ངན། །སྲིད་འགབ་རེ་བའི་ནང་དུ་བསོགས། །བེའུ་གཅིག་ཕུར་གཅིག་བཏགས་པའི་མོ། །ཕྱུགས་ཀྱི་སྲིད་སྒབ་ཆད་པ་ཡིན། །གཅིག་གི་དྲལ་དཀར་བཅུ་གཅིག་ལ། །དཀར་ཐོག་གཡུང་དྲུང་བབ་པ་ན། །འབྲས་དྲུག་ལོ་ཐོག་སྐྱེས་པ་ཡིན། །གསུམ་གྱི་ཁ་ལེ་བཞི་དཀར་ཐོག །ཆུང་རྒྱུད་འཕེལ་ཁ་ཡག་པ་ཡིན། །བདུན་ལ་ཁ་ལེ་བརྒྱད་དཀར་ཐོག །འབྲིང་རྒྱུད་འཕེལ་ཁ་ཡག་པ་ཡིན། །བཅུ་དང་བཅུ་གཅིག་དེ་འདྲ་ན། །ཆེ་རྒྱུད་འཕེལ་ཁ་ཡག་པ་ཡིན། །གཅིག་གི་དཀར་ཐོག་བཅུ་གཅིག་གི ། དྲལ་དཀར་བབ་ན་མཚོ་ཆེན་ཆུ། །ཀོ་མོག་ཆབས་སུ་སོང་བ་ཡིན། །གསུམ་བཞི་གོང་ལས་གོ་བཟློག་ན། །ཆུང་གསུམ་


MR16_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཟོག་གི་བང་ར་ཚུགས། །བདུན་བརྒྱད་གོང་ལས་བརྗེས་པ་ན། །འབྲིང་རྒྱུད་ཟོག་གི་བང་ར་ཚུགས། །བཅུ་དང་བཅུ་གཅིག་གོ་བཟློག་ན། །ཆེ་རྒྱུད་ཟོག་གི་བང་ར་ཚུགས། །གསུམ་གྱི་དྲལ་དཀར་བཞི་ཕུང་རལ། །ཆུང་རྒྱུད་ཟོག་གི་བང་ར་ཞིག །བདུན་བརྒྱད་གཉིས་ལ་དེ་ལྟར་བབ། །འབྲིང་རྒྱུད་ཟོག་གི་བང་ར་ཞིག །བཅུ་དང་བཅུ་གཅིག་དེ་འདྲ་ན། །ཆེ་རྒྱུད་ཕྱུགས་ཀྱི་ར་བ་ཞིག །གནོད་སྦྱིན་སྐྱས་ནག་བྱོལ་ནག་གདོན། །ཕྱི་ནང་གཉིས་ཀྱང་དེ་དང་འདྲ། །གསུམ་གྱི་དྲལ་དཀར་བཞི་ལི་ཡན། །ཆུང་རྒྱུད་མུ་གེས་སྐམ་པ་ཡིན། །བདུན་བརྒྱད་གཉིས་ལ་འབྲིང་རྒྱུད་དང་། །བཅུ་དང་བཅུ་གཅིག་དེ་ལྟར་ན། །ཆེ་རྒྱུད་མུ་གེས་སྐམ་པ་ཡིན། །ཕྱི་ནང་གཉིས་ཀྱང་དེ་དང་འདྲ། །གདོན་ནི་མུག་འདྲེ་བསེ་རགས་གདོན། །བསེ་རག་བཀར་ཞིང་མུག་སེལ་བྱ། །གསུམ་གྱི་དྲལ་དཀར་བཞི་ཆུ་རྩོ། །ཆུང་རྒྱུད་ཕྱུགས་ཀྱི་ར་བ་དེ། །སློ་དམར་ཁྲག་གིས་གང་བ་ཡིན། །བདུན་བརྒྱད་དག་ལ་འབྲིང་རྒྱུད་དང་། །བཅུ་དང་བཅུ་གཅིག་ཆེ་རྒྱུད་ཀྱི། །ཕྱུགས་ར་སློ་ཁྲག་གང་ངོ་ཡིན། །ཕྱི་ནང་གཉིས་པོ་དེ་དང་མཚུངས། །གཅིག་གི་དྲལ་དཀར་གཉིས་སེ་སྟོད། །དྲ་མ་སྲིན་ལ་ཡག་པ་ཡིན། །མཚར་དཔེ་རྒྱ་ནག་ཡུལ་ལ་ཁྱེར། །བཞི་ལྔ་དྲ་མ་འཇང་ལ་ཡག །གཏམ་དཔེ་ཐིལ་མོ་ཧོར་ལ་བཞག །བརྒྱད་དགུ་དྲ་མ་སྡོང་ལ་ཡག །ཁ་མཚར་བོད་ཡུལ་མཐིལ་དུ་གླེང་། །བཅུ་གཅིག་བཅུ་གཉིས་དེ་འདྲ་ན། །དྲ་མ་ངམ་ལ་ཡག་པ་ཡིས། །མཚར་ཁ་ཕྱི་རབས་བུ་ལ་བཞག །ཡང་གཅིག་གི་དྲལ་དཀར་གཉིས་ན་འབན། །དྲ་མ་ཤར་ནས་ཡག་པ་ཡིན། །བཞི་དང་ལྔ་ལ་ལྷོ་ནས་ཡག །བརྒྱད་དགུ་ནུབ་དང་བཅུ་གཅིག་དང་། །བཅུ་གཉིས་དྲ་མ་བྱང་ནས་ཡག །གཅིག་གི་དྲལ་དཀར་གཉིས་ཕུང་རལ། །


MR16_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་དྲམ་མུན་ལ་ཡག །དེ་བཞིན་བཞི་ལྔ་བརྒྱད་དགུ་དང་། །བཅུ་གཅིག་བཅུ་གཉིས་དག་ཀྱང་ངོ་། །ཞིབ་ཏུ་རྒྱས་སྤྲོས་དཔག་མེད་ཀྱང་། །མདོར་བསྡུས་ཉུང་དུ་ཙམ་ཞིག་གོ ། གཉིས་པ་འདི་ལ་བརྒྱག་སོང་ན། །ཞང་ཞོང་ཕུག་པས་མཚན་བཏགས་པ། །འབྱུང་བ་ལྕགས་ཀྱི་ཐོ་ཆེན་ཟེར། །ཞང་ཞོང་བར་པས་མིང་བཏགས་པ། །དིང་དིང་སྟག་མོ་གསེར་ཐིག་བྱ། །ཞང་ཞོང་སྒོ་བས་མིང་བཏགས་པ། །དིང་དིང་རྩ་གཏུག་གོང་རྒྱལ་ཡིན། །ཡང་དག་གཤེན་གྱི་མཚན་གསོལ་བ། །ལྕགས་ཁྲ་སྔོན་མོ་དགྲ་འདུལ་ཡིན། །སུ་དང་གང་གི་རིང་ལ་བབས། །ཕྱ་ཡི་ཕྱ་ཡུལ་གསེར་གོང་ནས། །སྟག་ཆག་འལ་འོལ་རིང་ལ་བབ། །ལྕགས་ཁྲ་གནམ་གྱི་ཕོ་ལྷ་ཡིན། །སྤུན་དྲུག་ནང་གི་བཙན་པོ་ཡིན། །ལྕགས་ཁྲ་འབྲུག་གི་ང་རོ་ཡིན། །ལྕགས་ཁྲ་འབྱུང་བའི་ཁ་འོད་ཡིན། །ལྕགས་ཁྲ་ཆོས་ཀྱི་འཁོར་ལོ་ཡིན། །ལྕགས་ཁྲ་དུང་སེང་ཁྲོས་པ་ཡིན། །ལྕགས་ཁྲ་གླང་ཆེན་སྨྱོན་པ་ཡིན། །བུ་དེ་བོའི་ཕ་ཚེ་འཛིན་མི་ཡིན། །དགྲ་ལ་གོང་བ་ལེན་མི་ཡིན། །སྙིང་ནག་གཏིང་ནག་ལེན་མི་ཡིན། །མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །ལྕགས་ཁྲ་ང་ལ་དཔྱད་དྲུག་ཡོད། །གོང་ཨ་བུ་ཡོད་པ་གླེན་པ་ཡིན། །འོག་ནུ་བོ་ཡོད་པ་ལྐུག་པ་ཡིན། །ད་ཕུ་སྐྱིད་རྒྱབ་ཀྱི་ནུ་སྐྱིད་ཡིན། །ངས་ཕུ་བོ་ཡར་ལ་དེད་དེད་ནས། །གངས་དཀར་རི་གསུམ་རྩེ་ལ་བཞག །ནུ་བོ་མར་ལ་དེད་དེད་ནས། །རྒྱ་ནག་པོའི་ཁ་གནོན་བྱས་ནས་བཞག །གོང་ཕུ་བོ་དྲལ་དཀར་གྲལ་མགོར་བཞག །འོག་ནུ་བོ་བྱ་ཤིང་མཛད་པར་བྱས། །སྲིང་མོ་ཞྭ་མཁར་གནས་སུ་བཏང་མི་ཡིན། །གཡས་སྐྱེར་ཟས་སུ་ཟ་མི་ཡིན། །གཡོན་སྐྱེར་ཅོག་ཙེར་འཇོག་མི་ཡིན། །ནབ་ནོབ་གདན་དུ་བཏིང་མི་ཡིན། །ཡོད་ལུང་ར་གསུམ་འདུག་ཡུལ་ཡིན། །མེད་


MR16_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ར་གསུམ་བརྩད་དེ་ཐོབ། །དཔའ་བོའི་ཡ་ཐོད་ཕབ་མི་ཡིན། །སྡར་མའི་གཉའ་ཐག་གཅོད་མི་ཡིན། །རྣོན་པོའི་སོ་ཁ་འགྲིམ་མི་ཡིན། །བཙན་པོའི་མཁར་གྱི་རྫོང་རྡོ་ཡིན། །མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །ལྕགས་ཁྲ་ང་ལ་རྫོང་དྲུག་ཡོད། །ཕུ་གངས་དཀར་རྩེ་མོ་བརྗིད་ཀྱི་རྫོང་། །བར་གཙང་ཆབ་སྔོན་མོ་བཙན་གྱི་རྫོང་། །འོག་ཤིང་ཆེན་སྡོང་པོ་ཕྱུག་གི་རྫོང་། །གཡས་ཞ་མཁར་གཡུ་རྩེ་དཔལ་གྱི་རྫོང་། །གཡོན་སྲིབ་མཁར་དམུ་བྲག་ཁྲོ་ཆུའི་རྫོང་། །མདའ་རྒྱ་ཡེར་སྲིན་པོ་ཤ་ཡི་རྫོང་། །ལྕགས་ཁྲ་ངེད་ཀྱི་རྫོང་དྲུག་ཡིན། །མོ་མ་ཁྱོད་ཀྱིས་དཔྱང་ཤེས་ན། །ལྕགས་ཁྲ་ང་ལ་ཟས་དྲུག་ཡོད། །སེ་སྟོད་ཁྲག་གི་རྐྱལ་པ་གཅིག །མ་ཟེ་ཤ་སྐྱ་མདའ་ཁུར་གཉིས། །རུ་སོད་བདུད་ཀྱི་གློ་བ་གསུམ། །ཚོལ་ཚེ་ཚལ་གྱི་ཐུམ་པོ་བཞི། །སོ་ཡོན་མུན་པ་ཁ་ནག་ལྔ། །སྐྱམ་ནག་ཆང་གི་གྲོད་བུ་དྲུག །ལྕགས་ཁྲ་སྔོན་པོའི་ཟས་དྲུག་ཡིན། །བུ་ངེད་རང་ཚང་གི་ང་སྐྱེས་ཡིན། །དགྲ་ལ་སྨ་ཕབ་བྱེད་མི་ཡིན། །ཟུན་ལ་དཔལ་བསྐྱེད་བྱེད་མི་ཡིན། །ལུག་ལོ་པ་ཡི་ལོ་ལྷ་ཡིན། །ལྕགས་ཁྲ་ཞང་ལྷ་གཉེན་པོ་ཡིན། །ལྷ་ཡི་ནང་གི་ཡང་ལྷ་ཡིན། །ལྕགས་ཁྲ་མི་ཡི་སྐྱེ་འཕེལ་ཡིན། །ལྕགས་ཁྲ་ནོར་གྱི་གསེར་རྩི་ཡིན། །ཨ་སྔོན་དགུང་གི་བཀར་ཤིང་ཡིན། །དོག་མོ་ས་ཡི་དྲིལ་སྙིང་ཡིན། །ཉི་ཟླ་གཉིས་ཀྱི་དུམ་བུ་ཡིན། །རྒྱ་མཚོ་བསྲུབ་པའི་མར་གསར་ཡིན། །ལྕགས་ཁྲ་འཛམ་གླིང་བཞི་རི་ཡིན། །བཙན་ཁ་རི་ལ་གསོལ་མི་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །རྒྱ་སྟག་དགྲ་ལ་རྔམ་པ་ཡིན། །ཤར་ཕྱོགས་དུང་མཁར་དཀར་པོ་དང་། །ལྷོ་ཕྱོགས་གསེར་མཁར་སེར་པོ་དང་། །ནུབ་ཕྱོགས་ཟངས་མཁར་དམར་པོ་དང་། །བྱང་ཕྱོགས་གཡུ་མཁར་སྔོན་པོ་དེ། །


MR16_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁྲ་ངེད་ཀྱི་དཔའ་མཁར་ཡིན། །མཁར་རྫོང་ཐོག་གིས་མི་བཤིག་པའི། །ལྕགས་ཁྲའི་དཔལ་གྱི་ལྷ་བརྒྱད་ཡོད། །ལྕགས་ཁྲ་མི་ཐེག་ལྔ་དགུ་ཡིན། །ཕྱི་སར་བབ་ན་འཇིགས་ངོ་ཆེ། །ལྕགས་ཁྲས་མི་ཐུབ་མ་མཆིས་ཏེ། །ཁྱི་རྒན་ལྕགས་ཁྲས་མི་ཐུབ་བོ། །ལན་དུ་ཕུང་བར་བྱ་རལ་ཡིན། །དགུང་སྔོན་ཁད་དུ་ཆགས་པ་ལ། །ཞྭ་རྨོག་ཕོར་ཙམ་ཞིག་ཁོལ་དུ་ཡར། །ཁྱི་རྒན་འཁྱམས་པོའི་སྤར་ལྕག་ཀྱིས། །ལྕགས་ཁྲ་དུང་སེང་ཁྲོས་པ་བསྒྱེལ། །ཕ་ཆེན་ཡ་རབས་མོ་ལ་ངན། །སྡེ་ཆེན་གཅིག་ལ་གྱོད་སྣ་གསུམ། །འབུམ་འདོན་སཱཙྪ་མར་མེ་བྱ། །ལྕགས་ཁྲ་རྒྱ་སྟག་དམར་པོ་ཟེར། །འཛུམ་དྲུག་ཚང་ན་རྒྱ་སྟག་ཡིན། །ལན་དུ་ཨ་ཁད་རྩེ་མ་ན། །རྒྱ་སྟག་འཛུམ་དྲུག་ཚང་བ་ཡིན། །འདི་གཅིག་གི་སྟེང་དེར་བབ་པ་ན། །དམག་ཆེན་ཆས་པའི་མོ་ལ་བཟང་། །དགྲ་བཏུལ་གནང་ནོར་ལོན་པ་ཡིན། །གཉིས་ལ་ཤར་ཕྱོགས་རྒྱ་ཡུལ་འཁྲུགས་པ་ལང་། །དགྲ་ཁྱི་རི་སྤྱང་མདུར་རྒྱུག་བྱེད། །གསུམ་ལ་ཤར་ཕྱོགས་དུང་མཁར་ལ། །ལྕགས་ཁྲ་ལ་ཉེ་ཡག་པ་ཡིན། །བུ་རྟ་ཆུང་གསུམ་མོ་ལ་བཟང་། །བཞི་ལྷ་ཡི་དྲ་མ་སྲིན་ལ་ཡག །མགོ་དར་འཕྲུ་ལྡེམས་སེ་དྲ་མ་ཡག །ལུས་ཁྲབ་དཀར་སི་ལེ་དྲ་མ་ཡག །གཡང་གི་ར་བ་གང་བ་ཡིན། །ལྔ་ལྷ་སྲིན་འཁྲུགས་པའི་གཞི་མ་ཡིན། །དགྲ་ཡོབ་ཆེན་འཕར་བ་ལྷོ་ནས་ལྡང་། །མིག་ཁྲག་ཕོར་ཙམ་གྱིས་སྡང་མིག་བལྟ། །དྲུག་མ་གཅིག་བུ་གཅིག་མོ་ལ་བཟང་། །བུ་སྟག་དམར་འདྲ་བ་ཚར་ངོ་ཡིན། །བདུན་ཕ་སྤུན་སྟག་རུས་བསྒྲིག་ཉིན་བཟང་། །ཕ་ཚོ་སྟག་ལས་ངར་བའི་ངོ་། །ཕོ་བློ་འགྲུབ་པའི་གཏམ་སྙན་ཡིན། །བརྒྱད་དྲ་མའི་དཔའ་མཁར་ཟིན་པའི་ངོ་། །ལྷ་སྲུང་མའི་ངོ་སོ་དགུང་བས་མཐོ། །དགུ་གཉན་སྡང་འཁྲུགས་


MR16_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་མ་ཡིན། །ཉི་མ་ནུབ་ཀྱི་དགྲ་ངོ་ཡིན། །བཅུ་ཡས་བདུད་མི་འབེབ་རྫིའུ་ཡིན། །ཡར་གྱི་གནམ་སྒོ་བཅད་ཉིན་བཟང་། །གནོད་བྱེད་ཡས་ཀྱིས་ནོན་པ་ཡིན། །བཅུ་གཅིག་དགྲ་བླའི་སོ་སྐུང་ཚུགས། །ལྕགས་སྤྱང་དགྲ་ལ་ཆས་པ་ཡིན། །ཇག་ཆེན་སྐུང་བའི་མོ་ལ་བཟང་། །བཅུ་གཉིས་ཡེ་དམའ་འཁྲུགས་གཞི་ཡིན། །ཉི་མ་བྱང་གི་དགྲ་ངོ་ཡིན། །ཁྱད་པར་དེ་ཡི་བཅུ་གསུམ་ལ། །སྤོ་བར་ལག་བཤལ་བབ་པ་ན། །ཁྲི་ཚོའི་དམག་དེ་ཕྱེད་རལ་འོང་། །བཅུ་གསུམ་སྟེང་གི་ལྕགས་ཁྲ་འདི། །རྒྱལ་བུ་དྲི་མེད་འོད་འབར་ཡིན། །བརྒྱད་ཅུ་དམག་གི་ཝེར་མ་ཡིན། །བརྒྱད་ཅུ་མན་ཆད་མོ་ལ་བཟང་། །མ་གཉིས་བུ་གཉིས་མོ་ལ་བཟང་། །བུ་གཉིས་འབྲོང་རུ་གཡས་གཡོན་གཤིབ། །ལུང་པ་ར་གཉིས་སོ་སོར་འཛིན། །གཞི་འོག་གཙོ་བོའི་མོ་ལ་བཟང་། །འབུམ་ལ་ཁ་ཐིག་རྒྱགས་ཉིན་བཟང་། །ལྷ་ཁང་གསེར་འཕྲུ་བཙུགས་ཉིན་བཟང་།། །།གཅིག་གི་ལྕགས་ཁྲ་བཅུ་གཅིག་གི ། ཨ་ཁད་རྩེ་མ་བབ་པ་ན། །དཔའ་བོ་སྟག་དང་འགྲོལ་བ་ཡིན། །ལན་དུ་རྐང་སྤར་དུང་སྒོང་ན། །དཔའ་བོ་སེང་དང་འགྲོལ་བ་ཡིན། །ལན་དུ་སད་ཁམས་དངས་མ་ན། །དཔའ་བོ་རླུང་དང་འགྲོལ་བ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བུ་ཡི་སྲོག་མཁར་ཚུགས་པ་ཡིན། །ནད་མོར་སྲོག་བདུད་ལངས་པས་ངན། །ལྕགས་ཁྲ་ལྷོ་ཡི་ཁུ་བྱུག་གི ། གསུང་སྙན་འཛམ་གླིང་ཡོངས་ལ་བསྒྲག །ཁུ་བྱུག་ཡིན་ནམ་མ་ཡིན་དེ། །དབུ་ཡི་རྡོ་རྗེ་ཨེ་ཚང་ལྟོས། །དབུ་ཡི་རྡོ་རྗེ་ཚང་བ་ན། །མ་སྲིང་འཕེལ་བའི་རྗེའུ་ཡིན། །དེ་གཅིག་གི་ལྕགས་ཁྲ་སྔོན་པོ་ལ། །བཅུ་གཅིག་བྱ་བུར་གསེར་ཐིག་ཡིན། །དེ་ཡི་ལན་དུ་དེ་བབ་ཡིན། །དེ་བཞིན་ལྕགས་ཁྲའི་ལན་དུ་ནི། །ན་འབན་དཔའ་བོ་ཐོག་གིས་བསད། །རུ་སོད་དཔའ་བོ་བདུད་ཀྱིས་ཁྱེར། །སེ་སྟོད་དཔའ་བོ་དམེ་ཡིས་མནོལ། །ཡང་ན་གྲི་ངོ་ཁྲག་ངོ་ཡིན། །སོ་ཡོན་དཔའ་བོ་མུན་པར་འཐུམ། །སྤོ་པར་དཔའ་


MR16_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གྱོད་ལ་ཐོགས། །སྐྱམ་སྔོན་དཔའ་བོ་ཆུ་ཡིས་ཁྱེར། །བྱ་རལ་དཔའ་བོ་ཁྱི་ལ་བྲོས། །ཤག་ལེ་དཔའ་བོ་གྲེ་རོ་བསྒྲག །སྤོ་རྒན་དཔའ་བོ་རོ་དང་བསྡོས། །ལི་ཡན་དུང་སེང་རླུང་གིས་ཁྱེར། །དྲོང་རིགས་དུང་སེང་དོང་དུ་ལྷུང་། །འདི་རྣམས་དགྲ་གཞི་ནད་མོར་ངན། །གསུམ་གྱི་ལྕགས་ཁྲ་བཞི་སྐྱམ་རྒན། །ཆུང་རྒྱུད་གསེར་ཟོ་ཆུ་ཡིས་ཁྱེར། །མཛོ་མོ་རུ་ཡོན་ཡོད་དུས་བརླག །ད་སྔ་མེད་ན་ད་གདོད་འབྱུང་། །བདུན་གྱི་ལྕགས་ཁྲ་བརྒྱད་སྐྱམ་རྒན། །འབྲིང་རྒྱུད་གསེར་ཟོ་ཆུ་ཡིས་བཤལ། །བཅུ་དང་བཅུ་གཅིག་དེ་འདྲ་ན། །ཆེ་རྒྱུད་གསེར་ཟོ་ཆུ་ཡིས་ཁྱེར། །གཅིག་གི་ལྕགས་ཁྲ་བཅུ་གཅིག་ལ། །སྐྱམ་རྒན་ཕུང་མ་བབ་པ་ན། །ཁྱིམ་ཕུང་རེ་ལོག་བཀལ་བ་ཡིན། །ཆུ་སྦྱིན་ནག་མོ་སྟོང་མདོས་བྱ། །གཅིག་གི་ལྕགས་ཁྲ་བཅུ་གསུམ་ལ། །སྐྱམ་རྒན་ཕུང་མ་བབ་པ་ན། །རི་བོ་ཁང་ཁྱིམ་རྡིབ་པ་ཡིན། །གཅིག་གི་སྐྱམ་རྒན་བཅུ་གཅིག་ལྕགས་ཁྲ་ན། །ཡོད་ཀྱི་ཀ་བ་ཚུགས་པ་ཡིན། །འོན་ཀྱང་སྔོན་ཆད་འབྲི་སྔོན་མོའི། །རྗེས་སུ་གཡང་ཉམས་ནོར་སྲབ་ཐེང་། །གསུམ་གྱི་སྐྱམ་རྒན་བཞིའི་ལྕགས་ཁྲ། །ཆུང་རྒྱུད་དུར་སྲི་མི་ལྡང་ངོ་། །ལོ་བཞི་ཚུན་ཆད་རྫིའུ་ཡིན། །དེ་བཞིན་བདུན་བརྒྱད་འབྲིང་རྒྱུད་དང་། །བཅུ་དང་བཅུ་གཅིག་ཆེ་རྒྱུད་ལའོ། །གཅིག་གི་ལྕགས་ཁྲ་གཉིས་སེ་སྟོད། །ལྕགས་ཁྲའི་ཕྱི་སྡེར་ཁྲག་ལ་ནུབ། །དགྲ་ཐུབ་ནོར་ལེན་གདོན་ལས་རྒྱལ། །དེ་བཞིན་ཕྱི་ནང་གཞན་ལ་སྦྱར། །རང་སའི་དཔའ་བོའི་གཞན་གྱི་སར། །ཟ་གཟན་འདི་བཞིན་གཞན་ལའང་སྤྱར། །གཅིག་གི་ལྕགས་ཁྲ་གཉིས་ཆུ་སློ། །ལྕགས་ཁྲའི་དྲ་མ་ངམ་ལ་ཡག །རྫོང་མཁར་རྩེ་ནས་ཕབ་པ་ཡིན། །ལྔ་དགུ་སོགས་ཀྱང་དེ་དང་འདྲ། །གཅིག་གི་ལྕགས་ཁྲ་གཉིས་ན་འབན། །ཡེ་ཡི་དྲ་མ་ཆས་པ་དེས། །ངམ་ནོར་བང་ར་ཞིག་པ་ཡིན། །སྔ་མ་


MR16_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གོ་ང་ཟིན། །ལྔ་དགུ་ལ་སོགས་དེ་ཡིས་འགྲེ། །གཅིག་གི་ལྕགས་ཁྲ་གཉིས་ཀྱི་ནི། །གནམ་ས་བྱ་རལ་བབ་པ་ན། །དྲ་མ་ཆས་པ་ནོར་གྱིས་འཚེང་། །ལྷག་མ་གསུམ་ཀྱང་དེ་དང་འདྲ། །རྒྱས་བར་ཤིན་ཏུ་མང་མཆིས་ཀྱང་། །གལ་ཆེན་ཐོར་བུ་ཙམ་ཞིག་བཀོད། །གསུམ་པ་དེ་ལ་བརྒྱག་སོང་ན། །ཞང་ཞུང་ཕུག་པའི་ལྷ་རྣམས་ཀྱིས། །འལ་འོལ་དུད་སྤྲིན་ཉི་བརྒྱག་ཟེར། །ཞང་ཞོང་བར་བའི་མི་རྣམས་ཀྱིས། །དུང་ཁྱུང་གསེར་གྱི་གཤོག་པ་ཅན། །ཞང་ཞོང་སྒོ་བའི་མི་རྣམས་ཀྱིས། །དུང་གི་བྱ་ཁྱུང་གསེར་འདབས་སམ། །རྫི་འོད་ངར་ངར་སེར་པོ་བརྒྱག །ཡང་དག་གཤེན་གྱིས་མིང་བཏགས་པ། །དིང་དིང་བྱ་ཁྱུང་ཀེ་རུ་ཟེར། །འདི་གཡས་ནས་འཁོར་ན་དུང་ཁྱུང་ཡིན། །གཡོན་ནས་འཁོར་ན་སོལ་ཁྲ་ཡིན། །སྐེ་བར་དོག་ན་མཆིལ་བ་ཡིན། །ལར་དུང་ཁྱུང་ཡིད་བཞིན་ནོར་བུ་འདི། །འབྱུང་བ་ལྔ་ཡི་དངས་མ་ཡིན། །མ་ཕམ་རྒྱལ་མོའི་ལྟོ་བ་ཡིན། །ཐང་ཆེན་གསུམ་གྱི་གོང་ང་ཡིན། །ཤིང་རིགས་རྣམས་ཀྱི་རྩེ་མོ་ཡིན། །ཕོ་བྲང་རི་རབ་གཞི་མ་ཡིན། །དབུས་ཀྱི་རི་བོ་མཆོག་རབ་ཡིན། །ཨ་སྔོན་གནམ་གྱི་ཀ་བ་ཡིན། །ཕ་ནི་འབྱུང་བཞིའི་ས་བོན་ཡིན། །མ་ནི་ཕྲ་རབ་རྡུལ་དང་བྲལ། །བུ་ནི་དིང་དིང་བྱ་ཤིང་ཡིན། །སྟོང་ཉིད་རྣམ་དག་གུར་ཁྱིམ་ནས། །ཡེ་ཤེས་བྱ་ཁྱུང་རང་གྲུབ་ཡིན། །དུང་ཁྱུང་དཀར་པོ་དུང་ཐིག་ཅན། །བྱ་ལ་གཤོག་དྲུག་རྒྱས་པ་ཡིན། །གཤོག་དྲུག་དགུང་ལ་པུ་རུ་རུ། །སྡེར་དྲུག་ས་ལ་ཁྲ་ལ་ལ། །ནད་རིགས་འདམ་ནས་འདྲེན་པའི་ཚུལ། །སྔོན་དཔག་བསམ་ཤིང་ཆེན་རྒྱས་པ་ལ། །ཤིང་ལོ་ཏོག་འབྲས་བུ་སྨིན་པའི་དུས། །ཕོ་ལྷ་དུང་ཁྱུང་དཀར་པོ་འདི། །ཤིང་ལྗོན་པ་དེ་ཡི་རྩེ་ལ་བབ། །བྱ་ཤིང་ཟེར་དོན་དེ་ནས་བྱུང་། །སྟེང་ཕུ་བོ་གཉིས་ལ་གྲོས་


MR16_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲི། །འོག་ནུ་བོ་གཉིས་ལ་གསུང་མི་ཚོལ། །རྒྱ་ཡེར་བྲག་ལ་ལས་མི་འཚོལ། །ནབ་ནོབ་ཡུལ་གྱི་གདན་མི་སློང་། །དིང་དིང་རིགས་ལ་ཟས་མི་ཚོལ། །ལྕགས་རིགས་མཚོན་ལ་ངར་མི་སློང་། །ཕོ་ལྷ་བྱ་ཤིང་དཀར་པོ་རང་། །དུང་ཁྱུང་མེ་ཏོག་བརྒྱག་ཀྱང་བྱ། །ཁྱུང་ལ་ཡིད་བཞིན་བརྒྱག་ཀྱང་བྱ། །བརྒྱག་ཁ་ལྷ་ནོར་བརྒྱད་ཅུ་དེ། །མོ་མདུད་པ་འདི་ལ་ཚང་བ་ཡིན། །ཀླུ་ས་བདག་གཉིས་ཀྱི་དབུགས་ཀྱང་འབྱིན། །འདི་སྙིང་མིག་སྲོག་གསུམ་གར་བབ་ཀྱང་། །མི་གྲངས་འཕེལ་ལ་མི་འབྲུ་བཟང་། །ཁྱུང་གི་ཕྲུག་གུ་ཚར་ངོ་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་ནོར་གཉིས་ཀ་དུས་གཅིག་འཕེལ། །ཕྱི་ས་གཡུལ་བཞི་གར་བབ་ཀྱང་། །སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །དམ་གྱི་དམག་ཚོགས་དགྲ་རུ་ལྡང་། །དགྲ་ཆོས་དང་ནི་དགྲ་མནན་བྱ། །དིང་དིང་བྱ་ཁྱུང་ཀེ་རུ་འདི། །མགོ་ནོར་བུ་ཡོད་ན་བྱ་ཁྱུང་ཡིན། །ལན་དུ་བྱ་རལ་རིན་ཆེན་ན། །བྱ་ཁྱུང་མགོ་ལ་ནོར་བུ་ཚང་། །གཅིག་གི་སྟེང་དེར་བབ་པ་ན། །བུ་ཆུང་སྲོག་ཕྱ་འདེབས་ཉིན་བཟང་། །ས་འོག་ལྗང་ལོ་འཁྲུངས་པ་ཡིན། །ཁྲ་རྒོད་བུ་ཚར་ལ་ཅན་གྱིས། །གོ་མཐའ་འཁོར་བ་མི་འཆད་དོ། །གཉིས་ལ་ཤར་ཕྱོགས་དུང་རི་ནས། །དུང་སེང་དཀར་མོས་དགྲ་ངོ་ཡིན། །གསུམ་ཀླུ་གཉན་གཉིས་ཀྱི་གཡང་ཁ་ཡིན། །མི་ནོར་གཉིས་ཀྱི་འཕེལ་ཁ་ཡིན། །བུ་སྟག་རལ་ཅན་གྱི་རྒྱུན་མི་འཆད། །བཞི་གཡང་གི་བང་བ་ནོར་གྱིས་གང་། །སྲིང་བྱི་ཆུ་མིག་སྔོན་མོ་དེ། །ད་ལོ་ས་ཡི་འོག་ན་ཡོད། །སད་ཕོད་ཆུ་མིག་ས་ཁར་བུད། །གཞི་ཕོད་ཆུ་མིག་གཞུང་དྲུག་རྒྱས། །མི་རབས་བཞི་ལ་སྲིད་འཕེལ་ངོ་། །ལྔ་ལྷོ་ཕྱོགས་གཡུ་རི་སྔོན་པོ་ལ། །འབྲུག་སྔོན་པོ་ངུར་བའི་དགྲ་ངོ་ཡིན། །དྲུག་ཕྱྭ་ལྕམ་དབང་གི་ལྕང་ལོ་འབུར། །མོ་བཙུན་སྲིད་དང་སྲོག་ཕྱར་བཟང་། །བདུན་མདོ་བ་རྟ་ཡི་མོ་


MR16_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་། །མི་རབས་བདུན་ལ་རྟ་གཡང་འཕེལ། །ཕ་སྤུན་སྐོར་ཕྱ་འདེབས་ཉིན་བཟང་། །བརྒྱད་བན་གསར་ཆོས་ལ་འཛུག་ཉིན་བཟང་། །མགོ་ནག་མི་ཡི་གདན་ས་ཟིན། །སངས་རྒྱས་ཆོས་ཀྱི་ཕོ་ལྷ་དར། །དགུ་བོན་པོས་ཁྱུང་ནག་སྒྲུབ་ཉིན་བཟང་། །ནུབ་ཟངས་རི་དམར་པོར་ཟངས་བྱ་ལྡིང་། །བོན་ཁྱུང་རུ་དགུང་བས་མཐོ་ངོ་ཡིན། །བཅུ་ཕོ་ལྷ་དུང་ཁྱུང་མཁའ་ལ་ལྡིང་། །སྒྲོ་གཤོག་སྡེར་རྒྱས་པས་བར་སྣང་ཁེབ། །ཡར་གྱི་གནམ་སྒོ་བཅད་ཉིན་བཟང་། །བཅུ་གཅིག་དུང་ཁྱུང་ངམ་ལ་ཆས། །ཇག་པ་རྟ་ལ་རྒྱུག་ཉིན་བཟང་། །ཡོ་མོ་ཁྱུ་ནས་རྫོགས་ངོ་ཡིན། །སྔོན་མོ་ལྕགས་ཞུན་ཐོབ་ངོ་ཡིན། །བརྒྱག་ཁ་གང་དུ་ཡོ་བའི་ཕྱོགས། །རྟ་དེའི་རྔ་རྔོག་དེ་རུ་ཡོ། །དེ་མོ་མ་ངེད་ལ་དར་སོ་དགོས། །བཅུ་གཉིས་དུང་ཁྱུང་ངམ་ཡུལ་ཤོར། །རང་རྒྱུད་དགྲ་ཡི་ཕོ་ལྷར་སོང་། །རང་ཟས་གྱོད་ཀྱི་ཕོག་ཏུ་ཤོར། །ཅི་ལ་བཏབ་ཀྱང་དགྲ་ངོ་ཡིན། །བཅུ་གསུམ་སྟེང་གི་བྱ་ཤིང་འདི། །བརྒྱ་ཚོ་དམག་གི་རྫིའུ་ཡིན། །སྟོང་ཚོ་དམག་གི་ཁ་འཛིན་ཡིན། །དུང་ཁྱུང་རང་ལ་མགོན་པ་ཡིན། །སྲིད་ཕྱྭ་འདེབས་པའི་མོ་ལ་བཟང་། །ལོ་བཅུ་གསུམ་ལོན་པའི་ཡར་སྟེང་ནས། །བུ་རལ་པ་ཅན་གྱི་གོ་མཐའ་འཁོར། །ལར་བཅུ་གསུམ་སྟེང་གི་བྱ་ཤིང་འདི། །གཞི་ཕྱྭ་མཚེར་ཕྱྭ་གཉེན་ཕྱྭ་དང་། །ཇག་ཕྱྭ་རྣམས་ལ་གཡོན་ཆོག་ཡིན། །དཔག་བསམ་ཤིང་གི་རྩེ་མོ་ན། །ཁྱུང་ཕྲུག་རལ་བ་ཉི་ལི་ལི། །མི་ཆེན་གྲོས་ལ་ཚོགས་ཉིན་ངན། །མི་གཅིག་དམུ་ཐག་དགུ་རུ་ཆད། །རྟ་གཅིག་སྲབ་མདའ་དགུ་རུ་ཆད། །གཙོ་བོ་ནད་པའི་མོ་ལ་ངན། །དུ་བ་སྔོན་པོའི་འཕྲུ་བཙུགས་ཡིན། །བན་བོན་ནད་པའི་མོ་ལ་ངན། །ཡེ་ཤེས་ཕོ་ལྷ་དུང་ཁྱུང་ལ། །འོག་མིན་གནས་སུ་བསུ་བ་སླེབ། །


MR16_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ནས་ལྷ་གནས་འཁྲུངས་ངོ་ཡིན། །མཁའ་འགྲོའི་སུན་མ་འོང་བའི་རྟགས། །བྱ་རྒོད་མང་པོ་དངོས་སུ་འོང་། །རྟ་སྔོན་ཤི་བའི་དོ་མར་གཏོང་། །བརྒྱག་ཁ་གར་ཡོར་རྔ་རྔོ་གཡོ། །ཕོ་ལྷ་དུང་ཁྱུང་དཀར་པོ་ལ། །དབུ་ཡི་ནོར་བུ་ཨི་ཚང་ལྟོས། །དབུ་ཡི་ནོར་བུ་ཚོང་བ་ན། །རྟ་ཁྱུ་ཚངས་པའི་རྫིའུ་ཡིན། །དགུ་ཡི་ཕོ་ལྷ་བྱ་ཤིང་ལ། །བཅུ་ཡི་བྱ་རལ་རིན་ཆེན་ཡིན། །དགུ་བཅུ་མིན་ཀྱང་བབ་ལན་བཟང་། །བྱ་ཤིང་བྱ་ཡི་འདབ་མ་ཡིན། །བྱ་འདབ་རླུང་གིས་བསྐྱོད་ན་བཟང་། །ལི་ཡན་ལན་དུ་བྱ་ཤིང་ཡིན། །བྱ་ཤིང་དུང་གི་སྦྲང་ཆར་ཡིན། །ཆར་དང་ས་གཞི་ཕྲད་ན་བཟང་། །སྐྱིན་དིང་ལན་དུ་བྱ་ཤིང་ཡིན། །བྱ་ཤིང་ཆུ་བོ་གཞུང་རྒྱས་ཡིན། །ཆུ་བོ་རྒྱ་མཚོར་ཕྲད་ན་བཟང་། །སྐྱམ་གྱི་ལན་དུ་བྱ་ཤིང་ཡིན། །དྲལ་དཀར་ལན་དུ་བྱ་ཤིང་ན། །བུ་སྐྱེ་གཞི་ནས་སྐྱེས་པ་ཡིན། །ཇག་ཡག་བྱེས་སུ་ཡག་པ་ཡིན། །རང་སར་ཕོ་ལྷ་བྱ་ཤིང་བབ། །ཕྱི་སར་མ་ཟེ་སྒོ་བཞི་ན། །སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །བདུད་ཤིང་ཕྲད་སྤྱན་ཟུར་དགྲ་རུ་ལང་། །བྱ་ཤིང་དཔག་བསམ་ལྗོན་པ་ཡིན། །ལྗོན་པ་སྟ་རེ་མ་ཕྲད་དགོས། །བྱ་ཤིང་ལན་དུ་ཏྲོང་སྲིང་ཟེ། །བྱ་ཤིང་ཁྲི་གདུགས་ཉི་མ་ཡིན། །ཉི་མ་གཟའ་ཡིས་མ་བཟུང་དགོས། །བྱ་ཤིང་ལན་དུ་ཤོར་ཁུང་ཡིན། །བྱ་ཤིང་འབྲས་དཀར་རི་བོ་ཡིན། །རི་བོ་ཐོག་གིས་མ་བཤིག་དགོས། །ལན་དུ་ན་འབན་བབ་ན་བཤིག །བྱ་ཤིང་ཡིད་བཞིན་ནོར་བུ་ཡིན། །ནོར་བུ་འདྲེ་མོས་མ་ཁྱེར་དགོས། །ལན་དུ་ཝ་སྐྱམ་བབ་ན་ཁྱེར། །བྱ་ཤིང་རྗེ་མོ་དུང་ཕྲེང་ཡིན། །དུང་ཕྲེང་མི་ཁས་མ་ཕོག་དགོས། །ཕུང་ཁད་བབ་ན་མི་ཁས་ཕོག །བྱ་ཤིང་མེ་ཏོག་གཞོན་ནུ་ཡིན། །མེ་ཏོག་སད་ཀྱིས་མ་ཁྱེར་དགོས། །ལན་དུ་ཆུ་སྤར་སྐྱམ་བབ་ཁྱེར། །བྱ་ཤིང་གསེར་གྱི་སྤང་བཟང་ཡིན། །སྤང་བཟང་


MR16_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཞོར་གྱིས་མ་བསྐོས་དགོས། །ལན་དུ་རྩེ་ར་བབ་ན་བརྐོས། །བྱ་ཤིང་ཕོ་ལྷ་དུང་ཁྱུང་ཡིན། །དུང་ཁྱུང་དམེ་ཡིས་མ་མནོལ་དགོས། །ལན་དུ་སེ་སྟོད་བབ་ན་མནོལ། །བྱ་ཤིང་སྟག་མོ་རི་བཀྲ་ཡིན། །སྟག་མོ་རྔོ་མདས་མ་ཕོག་དགོས། །ལན་དུ་དྲོང་ཁང་བབ་ན་ཕོག །ཕྱི་སར་བྱ་ཤིང་བབ་པ་འདི། །དམག་ཆེན་ཡུལ་དུ་འོང་བའི་མོ། །ཡུལ་ཕུང་བརླག་གཞི་བྱེད་པའི་མོ། །བབ་ལན་བཟང་ན་ཐུབ་ཀྱང་སྲིད། །དིང་དིང་བྱ་ཤིང་ཀེ་རུ་འདི། །ལོ་མལ་བཅུ་གཉིས་གར་བབ་ཀྱང་། །ལོ་པ་དེ་ལ་བུ་སྐྱེས་ངོ་། །གསུམ་ལ་ཆུང་རྒྱུད་དྲུག་འབྲིང་རྒྱུད། །བཅུ་ལ་ཆེ་རྒྱུད་མི་ནོར་འཕེལ། །བཅུ་གསུམ་རྩེ་མོ་བཟང་བར་དགོས། །སྙིང་མིག་སྲོག་གསུམ་བྱ་ཤིང་གསུམ། །བཅུ་གསུམ་འདོགས་རིགས་དྭངས་མ་ན། །མི་རབས་གསུམ་དུ་མི་རྒྱུད་དར། །བ་ཁོགས་གསུམ་ཀྱང་དེ་དང་འདྲ། །གསུམ་ལ་བྱ་ཤིང་བཅུའི་དཀར་ཐོག །ཆུང་རྒྱུད་ཚང་གི་མི་ནོར་འཕེལ། །བདུན་དང་བརྒྱད་ལ་འབྲིང་རྒྱུད་ཚང་། །བཅུ་དང་བཅུ་གཅིག་ཆེ་རྒྱུད་ཀྱི། །མི་ནོར་གྲངས་སུ་འཕེལ་བ་ཡིན། །སྨད་དུ་ཕྱི་སར་བབ་ནས་སུ། །སྟོད་དུ་རང་སར་འཁོར་བ་ན། །ལྷ་ཡི་དུང་ཁྱུང་དཀར་པོ་དེ། །ངམ་གྱི་ཡུལ་དུ་འཁོར་འཁོར་ནས། །སྨོན་པའི་མཁར་རྩེར་བབ་པ་ཡིན། །ཇག་མོར་རྟ་སྔོན་འདྲེས་པའི་ཁྱུ། །ཐོབ་ཅིང་ཇག་ཡག་ཡུལ་དུ་སླེབས། །བཟློག་ན་ཁ་དམར་བཟློག་སྟེ་སྨྲ། །སྙིང་མིག་སྲོག་གསུམ་བྱ་ཤིང་གསུམ། །སྒོ་བཞི་དམ་ནས་དེའི་བཅུ་གསུམ། །དིང་དིང་བྱ་ཤིང་ཀེ་རུ་ན། །གང་སོང་འདྲ་མིན་ཅན་གཅིག་འོང་། །ཕོ་གྲགས་པ་ཅན་ལ་སྡེ་དྲུག་འཁོར། །མོ་ཤོང་ཡངས་ཅན་ལ་བཟའ་མགྲོན་འཁོར། །རི་སྨུག་པ་ཅན་ལ་ཤ་རྐྱང་འཁོར། །ཆུ་རླངས་པ་ཅན་ལ་ཉ་སྲམ་འཁོར། །ཕྱི་བཞིར་ངན་སྙིགས་བབ་ནས་སུ། །


MR16_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ཕོ་ལྷ་བྱ་ཤིང་ན། །དེ་ཡང་དེ་དང་འདྲ་བར་བཟང་། །ཕྱི་སར་གའུ་རང་གི་སར། །དྲལ་དཀར་བབ་ནས་རྩེ་མོ་ལད། །བོད་ཀྱི་ལྷ་ཐང་དཀར་པོ་ལ། །བདུད་གཡག་ཁམ་བས་རུ་བརྡར་ངོ་། །གཅིག་གི་སྟེང་དུ་བྱ་ཤིང་བབ། །དེ་ཡི་བཞི་ལ་ཕུང་བར་དང་། །ཏྲོང་གི་ཨ་ཁད་ལ་སོགས་པ། །ངན་སྙིགས་རིགས་རྣམས་གང་བབ་ཀྱང་། །དུང་ཁྱུང་དཀར་པོའི་དབུ་རལ་ལ། །ན་རོ་སྤྲེལ་གྱི་ཚང་མལ་བཅས། །སྐྱ་ཀའི་རིགས་ཀྱི་བྱ་ཐན་འོང་། །ཞལ་ལྕེས་མདུན་བསྐོར་བྱེད་ན་ཐང་། །སྒོ་ཁྱིས་ངུ་ཟུག་བྱེད་ན་ཐང་། །མཛོ་ཕོས་ལྡང་ངུར་བྱེད་ན་ཐང་། །འོག་རྟ་མཚན་མཚེར་བྱེད་ན་ཐང་། །དེ་སོགས་ཐན་དང་ལྟས་ངན་འོང་། །དེ་དུས་རིམ་གྲོ་དྲག་པོ་གཅེས། །ལྷག་པར་ཆུང་རྒྱུད་དག་ལ་ངན། །མདུན་གྱི་ཞྭ་ཏོག་བཅད་ངོ་ཡིན། །དྲུག་དང་བདུན་ལ་གོང་བཞིན་ན། །ཐན་དང་ལྟས་ངན་སྔ་མ་བཞིན། །ལྷག་པར་འབྲིང་རྒྱུད་དར་མར་རྩུབ། །ཡང་ན་མེ་ཤོར་འཚིག་ཀྱང་ཐང་། །སྦྲུལ་ཐན་འོང་སྲིད་ལོ་གསུམ་མམ། །ལོ་བརྒྱད་ཚུན་ལ་མི་བསླུའོ། །བཅུ་དང་བཅུ་གཅིག་དེ་བཞིན་ན། །ཆེ་རྒྱུད་མདུན་ཕོག་ཐན་ལྟས་ངོ་། །རྩུབ་ཚད་ལོ་གསུམ་ལོ་བཅུ་ཡིན། །བཅུ་གཅིག་བཅུ་གསུམ་དེ་འདྲ་ན། །འོག་བལྟ་རུ་མེད་པའི་ཕོ་བྲང་ནས། །གཡུང་དྲུང་བོན་གྱི་གདན་ཁྲི་ཞིག །སློབ་མ་མང་པོའི་སློབ་དཔོན་ཤི ། དམག་མི་མང་པོའི་དམག་དཔོན་ཤི ། བཟའ་ཚང་ནང་གི་བཟའ་དཔོན་ཤི ། བྱ་ཐང་དཀར་འདྲ་བ་རྦབ་ནས་ཤི ། ཁྱི་ཕོ་ལུང་དྲུད་དེ་ལུས་པ་ཡིན། །ཤི་འཕྲོ་ཅན་གྱི་མོ་ལ་བཟང་། །ལོ་གསུམ་ཤི་འཕྲོ་ཆོད་ངོ་ཡིན། །ཕྱིས་ཡུལ་བཞིར་བྱ་ཤིང་བབ། །ལན་དུ་རང་སར་ཕུང་བར་ཀྲོང་ཨ་ཁད། །ངན་རིགས་སྙིགས་ཁམས་གང་བབ་ཀྱང་། །དགྲ་དུང་ཁྱུང་དཀར་མོའི་གཤོག་ལྕག་གིས། །ཟུན་སྐྱ་ཀ་


MR16_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་མོའི་སྟག་རིས་ཕུད། །ཟུན་ལ་བྲོས་ཁོམ་མི་འོང་ངོ་། །དེ་གཉིས་གོ་ས་བརྗེས་པ་ན། །ཟུན་དུང་ཁྱུང་དཀར་པོའི་གཤོག་ལྕག་གིས། །དགྲ་སྐྱ་ཀ་ཁྲ་མོའི་སྟག་རིས་ཕུད། །དགྲ་ལ་བྲོས་ཁོམ་མི་འོང་ངོ་། །གཅིག་དང་བརྒྱད་ལ་དུང་ཁྱུང་བབ། །དེ་ཡི་བཅུ་གསུམ་ཕུང་ཁད་དེ། །དམག་དཔུང་ཤ་ལེན་མོ་ལ་ངན། །དུར་བྱས་སྐད་ངན་དགུང་ནས་སྒྲོགས། །གྱོད་ངན་རྩོད་པའི་མོ་ལ་བཟང་། །ཕ་རོལ་མི་ཆེན་མཇལ་ན་བཟང་། །སྟག་མོ་འཕྱོང་བ་གནམ་མཐར་སླེབས། །གཅིག་ལ་རེ་སེ་ཀྱུ་ནེ་དང་། །གཉིས་ལ་ཕོ་ལྷ་བྱ་ཤིང་བབ། །ཤར་ཕྱོགས་དུང་ཆུའི་རབ་སོ་ནས། །མི་གཅེས་པ་དགྲ་ལ་བཙོན་དུ་འཆོར། །གཉིས་ལ་རེ་སེ་ཀྱུ་ནེ་དང་། །ལྔ་ལ་ཕོ་ལྷ་བྱ་ཤིང་བབས། །དེ་ཡི་དྲུག་བདུན་བརྒྱད་བཅུ་གཅིག །རེ་སེ་ཀྱུ་ནེ་བབ་པ་ན། །ལྷོ་གཡུ་འབྲུག་སྔོན་པོས་ཐོབ་ཤ་བགོས། །ལྷོ་ནས་དགྲ་རྒྱུག་མི་ནོར་འཁྱེར། །བུ་སྲིང་མག་པ་དགྲ་རུ་ལྡང་། །བརྒྱད་དང་བཅུ་གཅིག་རེ་སེ་ཀྱུ་ནེ་དང་། །དེ་ཡི་དགུ་ལ་ཕོ་ལྷ་བབ། །ནུབ་ཀླུ་གླང་དམར་པོས་རུ་བདར་བྱུང་། །ནུབ་ནས་དགྲ་ལྡང་མི་ནོར་འཆོར། །ཁང་པ་དང་ལེའུའི་ཕྱོགས་དག་ནས། །མ་བབ་དགྲ་རུ་ལྡང་ཀྱང་སྲིད། །བཅུ་གཉིས་ཕོ་ལྷ་བྱ་ཤིང་བབ། །དེ་ཡི་དྲུག་དང་བཅུ་གཅིག་དང་། །བཅུ་གསུམ་རེ་སེ་ཀྱུ་ནེ་ན། །བྱང་ཀླུ་ནག་གདོལ་པས་ཐོབ་ཤ་བགོས། །བྱང་ནས་དགྲ་རྒྱུག་བཙོན་དུ་འཁྱེར། །དཀར་དམར་ནག་གསུམ་མནང་དུ་ལེན། །ཧོར་དང་མི་ཤ་ཕྱོགས་ཀྱི་དགྲ། །ལར་བཅུ་གཉིས་དིང་དིང་བྱ་ཤིང་དེ། །ཡེ་སྨོན་ཕོ་ལྷ་ངམ་ལ་འགྱུར། །སྨོན་པའི་གོང་བ་ངམ་ལ་ཤོར། །ཅི་བཏབ་མོ་ལ་དགྲ་ངོ་ཡིན། །ཡང་གཅིག་དང་གསུམ་ལ་གང་རུང་འདྲ་བྱ་ཤིང་དང་། །གཉིས་ལ་རེ་སེ་ཀྱུ་ནེ་ན། །དུང་ཁྱུང་དྲ་མ་དམག་ལ་ཡག །ཤར་ཕྱོགས་དགྲ་ཡི་བཙོན་ཐར་ཐོབ། །དྲུག་


MR16_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བཅུ་གཅིག་དེ་དང་འདྲ། །བརྒྱད་དང་བཅུ་གཅིག་བྱ་ཤིང་ལ། །བཅུ་གཉིས་རེ་སེ་ཀྱུ་ནེ་ན། །ལྕགས་ཁྱུང་དྲ་མ་དམག་ལ་ཡག །བྱང་ཕྱོགས་དགྲ་ཡི་བཙོན་ཐར་ངོ་། །ལུག་བརྒྱའི་ནང་གི་དོན་པོ་ལྟ་བུ་ཡིན། །དགྲ་མི་བཙོན་དུ་ཟིན་ངོ་ཡིན། །ངམ་གྱི་ཕོ་ལྷ་སྨོན་ལ་འགྱུར། །གཅིག་གི་རེ་སེ་བརྒྱད་བྱ་ཤིང་། །གཉན་གྱི་བང་མཛོད་སྐམ་པ་ཡིན། །གསུམ་བཞི་ལ་སོགས་སྟོད་སྨད་ཀྱི། །ཁ་ལེན་ཐམས་ཅད་དེ་དང་འདྲ། །བཅུ་གཅིག་རེ་སེ་བཅུ་གསུམ་དུ། །བྱ་ཤིང་བབ་ན་གཏོད་བདག་གི ། བང་མཛོད་གཉན་པོ་སྐམ་པ་ཡིན། །ལར་མི་འགྱུར་དེ་ཚུགས་བབ་པ་ན། །ཕ་མྱེས་རྒན་རབས་མན་ཆད་རིང་། །གསས་མཁར་ཁྱུང་མགོ་གསར་བྱས་དང་། །ས་བཟུང་ཡུལ་བྲོས་བྱས་པ་དང་། །ཡུལ་གྱི་ལྟོག་རོ་སྐམ་ལ་འཐོར། །དེ་འདྲ་མེད་ན་ཕྱིས་འབྱུང་དོགས། །ཅི་ལ་བཏབ་ཀྱང་ཞན་ཙམ་ལ། །མཛེ་བོས་ཁྱུང་སྔགས་བྱས་ན་བཟང་། །མཛེ་ནད་འུར་རྡོས་འདེད་ངོ་ཡིན། །ཕོ་ལྷ་དིང་དིང་བྱ་ཤིང་དེ། །སྟོད་སྨད་བར་གསུམ་གར་བབ་ཀྱང་། །དེ་ལན་ར་སེ་ཀྱུ་ནེ་ན། །ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས། །མི་ནོར་མཐའ་རྒབ་སྤེལ་བས་བཟང་། །གཅིག་ལ་མ་ཟེ་སྒོ་བཞི་དང་། །རུ་སོད་ངན་རིགས་གང་བབ་ཀྱང་། །གཉིས་ལ་ཕུར་ཐོགས་རིགས་ཞིག་བབ། །བཅུ་གསུམ་ཕོ་ལྷ་དུང་ཁྱུང་ན། །འོག་རྟ་ཉོ་བའི་མོ་ལ་ངན། །ཤར་ཕྱོགས་ཁ་བལྟས་ལོང་བ་རུ། །ཇག་ཉེས་མི་རྟ་ཤར་དུ་ལུས། །བཞི་དྲུག་མ་ཟེ་སྒོ་བཞི་དང་། །རུ་སོད་ངན་རིགས་གང་བབ་ཀྱང་། །ལྔ་ལ་ཕུར་ཐོགས་རིགས་ཞིག་སྣང་། །དེ་ཡི་བཅུ་གསུམ་ཕོ་ལྷ་ན། །ལྷོ་ཕྱོགས་ལུང་པར་མི་རྟ་ལུས། །བརྒྱད་བཅུར་འཐོར་བ་སྡེ་དྲུག་བབ། །དགུ་ལ་ཕུར་ཐོགས་བཅུ་གསུམ་ཁྱུང་། །ནུབ་ཕྱོགས་ལུང་པར་དེ་བཞིན་ནོ། །བཅུ་གཅིག་འཐོར་སྡེ་བཅུ་གཉིས་ལ། །ཕུར་ཐོགས་བཅུ་གསུམ་དུང་ཁྱུང་ན། །བྱང་


MR16_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལུང་པར་དེ་བཞིན་ནོ། །ཕྱི་བཞིར་འཐོར་རིགས་རང་ས་ལ། །ཕུར་ཐོགས་བཅུ་གསུམ་ཁྱུང་བབ་ན། །སུམ་བརྒྱ་དྲུག་ཅུའི་མོ་ལ་བཟང་། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །དེ་ཡི་བཅུ་གསུམ་བྱ་ཤིང་ན། །དགུང་སྔོན་ཀླད་ནས་ཞོམ་པ་ཡིན། །དར་དར་འདྲ་ཡང་མཐའ་མ་བརླག །གཅིག་སོགས་རང་སར་བྱ་ཤིང་བབ། །གཉིས་སོགས་ཕྱི་ས་གང་རུང་དུ། །བྱ་རལ་རིན་ཆེན་བབ་པ་ན། །དེ་དེའི་ཕྱོགས་ནས་ནོར་ཐོབ་ངོ་། །གསུམ་ལ་བྱ་ཤིང་བཞི་རེ་སེ། །ཆུང་རྒྱུད་མཛོད་བདག་ཀ་བ་ཚུགས། །དེ་བཞིན་བཞི་བརྒྱད་འབྲིང་རྒྱུད་དང་། །བཅུ་དང་བཅུ་གཅིག་ཆེ་རྒྱུད་བཟང་། །དེ་དམིགས་བསལ་བཤད་པ་རྒྱ་མཚོ་ཙམ། །ཡོད་ལས་མདོ་ཙམ་གནད་འགའ་བརྗོད། །བཞི་པ་དེ་ལ་བརྒྱག་བྱུང་ན། །དིང་དིང་གའུ་གསེར་མཁར་ཡིན། །ཞང་ཞོང་ཕུག་པས་མིང་བཏགས་པ། །དིང་དིང་དུང་ཁྱུང་འོད་འབར་ཟེར། །ཞང་ཞོང་བར་པས་མིང་བཏགས་བ། །དིང་དིང་དུང་མཁར་གཡུ་འོད་ཟེར། །ཞང་ཞོང་སྒོ་བས་མིང་བཏག་པ། །མཁར་ཆེན་ཡིད་བཞིན་ནོར་བུ་བརྒྱག །ཡང་དག་གཤེན་གྱིས་མཚན་གསོལ་བ། །གའུ་ཏོག་ལྡན་ཁ་དཀར་བརྒྱག །སྲིད་པ་གང་གི་རིང་ལ་བབ། །དུང་མི་འདན་དཀར་རིང་ལ་བབ། །སྔོན་མ་སང་གཉན་གྱི་སྐུ་རིང་ལ། །ཡེ་ངམ་མཁར་རྨིང་བརྩིགས་ཉིན་བབ། །སྔོན་གྱི་སྲིད་པ་བཤད་ཙ་ན། །དང་པོ་ཡེ་མེད་སྟོང་པར་སྲིད། །དེ་ལ་ནམ་མཁའ་སྔོན་པོ་སྲིད། །མཁའ་ལས་དབང་ཆེན་ས་གཞི་ཆགས། །ས་ལ་བརྟེན་པའི་མཁར་ཞིག་ཆགས། །མཁར་ནི་རིན་ཆེན་གསེར་གྱི་མཁར། །དབང་ནི་མཐོན་པོ་དགུང་དང་མཉམ། །བ་དན་ཕྱར་ན་དགུང་བས་མཐོ། །རྒྱ་ནི་དོག་མོ་ས་དང་མཉམ། །ལྕགས་རི་བསྐོར་ན་ས་བས་ཆེ། །མཁར་རྩེ་དེ་ལ་བྱ་


MR16_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བབ། །བྱ་ནི་དཔག་བསམ་ནོར་བུའི་བྱ། །བྱ་དེས་སྒོ་ང་ཡིད་ཀྱིས་བསྐྱེད། །དུང་སྒོང་དཀར་པོ་གཅིག་ཏུ་སྲིད། །སྒོ་ང་རྡོལ་པའི་ནང་ཤེད་ན། །དུང་མི་འདབ་དཀར་གཅིག་ཏུ་སྲིད། །སྒོ་ང་བར་གྱི་བདར་ཤ་ལ། །དུང་མཁར་དཀར་པོ་གཅིག་ཀྱང་སྲིད། །སྒོ་ངའི་ནང་གི་སྒོང་ཆུ་ལ། །དུང་གི་མཚོ་ཆུང་གཅིག་ཏུ་སྲིད། །མཁར་དེ་ལ་གའུ་གསེར་རྫོང་བཏགས། །དེ་དུས་གའུ་གསེར་རྫོང་དང་། །རིན་ཆེན་དུང་གི་མཚོ་ཆུང་དང་། །དུང་མི་འདན་དཀར་མཆེད་གསུམ་པོ། །སྟེང་ལྷ་ཡིས་མཐོང་ན་ལྷ་ཁམས་དགའ། །བར་མི་ཡིས་མཐོང་ན་མི་ཡང་དགའ། །འོག་ཀླུ་ཡིས་མཐོང་ན་ཀླུ་ཁམས་དགའ། །གའུ་མ་ཡིན་དགའུ་ཡིན། །དགའ་ནི་མ་ལྟར་མཐོང་བ་ཡིན། །བུ་ནི་བུ་ལྟར་གཅེས་པ་ཡིན། །མཁར་ཁ་དེ་ལ་གཡུ་ཞིག་བཞག །དེ་ཕྱིར་ཞ་མ་གཡུ་རྩེ་ཡིན། །ཤར་ན་རྒྱ་སྟག་འཛུམ་མདངས་ངོམ། །ལྷོ་ན་གཡུ་འབྲུག་གསུང་སྙན་ལྡིར། །ནུབ་ན་སྦལ་པས་རྟ་སྐད་འཚེར། །བྱང་ན་རྨ་བྱའི་ཟློས་གར་བསྒྱུར། །ནང་ན་སྨོན་པའི་གོ་རྩེ་བྱེད། །སྟེང་ན་དུང་ཁྱུང་ལ་ཉེ་རྩི། །ཡེ་སྨོན་རྒྱལ་པོའི་སྐུ་མཁར་ཡིན། །མ་སང་གཉན་གྱི་བླ་མཁར་ཡིན། །ཨ་སྔོན་དགུང་གི་གཞི་མཁར་ཡིན། །དོག་མོ་ས་ཡི་རྨིང་མཁར་ཡིན། །སྔོན་སྨོན་སྲས་ལྷའུ་གཡང་དཀར་གྱིས། །སྲིན་པོའི་དམག་དཔུང་བྱུང་དོགས་པས། །ཞང་པོའི་ཡུལ་གྱི་མཁར་འདི་ཐོབ། །མཁར་དེའི་རྩེ་ལ་མདའ་ཞིག་བཙུགས། །མདའ་དེའི་རྩེ་ལ་གཡུ་ཞིག་བཏགས། །ཞང་མཁར་གཡུ་རྩེ་དེ་ནས་ཐོགས། །གསེར་མཁར་གཡུ་མཁར་བསེ་མཁར་དང་། །ལྕགས་མཁར་གའུ་རྣམ་བཞི་སྲིད། །དུང་དཀར་པོ་སྟོང་གི་བ་དན་ཕྱར། །གསེར་སེར་པོ་སྟོང་གི་རྒྱལ་མཚན་བཙུགས། །ཤེལ་ཚང་མ་སྟོང་གི་སྐར་མ་བཀྲ། །གཡས་ན་གཤེན་རབ་གསུང་


MR16_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བསྒྱུར། །གཡོན་ན་དྲོང་མཁན་གླུ་དབྱངས་ལེན། །སྒོ་བཞིར་གླང་པོ་སྟོབས་ལྡན་འགྱེད། །བཞེངས་ནི་སྨོན་པའི་ཡུལ་དུ་བཞེངས། །ད་ལྟ་ངོམ་གྱི་ཡུལ་ན་ཡོད། །ཁ་འཁོར་བ་སྨོན་པའི་ཡུལ་དུ་འཁོར། །གའུ་མ་ཡིན་དགའུ་ཟེར། །དིང་དིང་བརྒྱག་བཟང་མང་ན་ཡང་། །གྲོགས་དོན་དང་ལྡན་པ་ཞང་མཁར་ཡིན། །གཞི་ཟིན་དོན་གྲུབ་ཞང་མཁར་ཡིན། །བུ་སྐྱེ་ཚ་འཁྲུངས་ཞང་མཁར་ཡིན། །བཀྲ་ཤིས་དོན་ལྡན་ཞང་མཁར་ཡིན། །བརྒྱ་ཚང་སྟོང་ཚང་ཞང་མཁར་ཡིན། །ཐག་རིང་མགྲོན་སླེབས་ཞང་མཁར་ཡིན། །ཡུན་རིང་ནད་སོས་ཞང་མཁར་ཡིན། །དབུ་ཐོན་ཚེ་རིང་ཞང་མཁར་ཡིན། །གཏམ་སྙིང་དགའ་ཐོས་པའི་ཞང་མཁར་ཡིན། །ལྕགས་ཁྲ་ཆེ་སྟེ་ཞང་མཁར་བཙན། །བཟང་ལ་འཇམ་ཞིང་དཔའ་ལ་བརྟན། །བུ་སྟག་འཕྲུ་ཅན་གྱི་བླ་མདུད་ཡིན། །བུ་མོ་སྟག་ཤར་ཅན་གྱི་ཁམ་གོན་ཡིན། །དགྲ་ཟུན་ས་མཁར་ཐུན་མོང་ཡིན། །ཡེ་ངམ་མིག་མང་བཞག་པའི་ཉིན། །སྲིད་པ་ཡེ་སྨོན་རྒྱལ་པོས་ཐོབ། །ས་བཟུང་ཡུལ་རྩོད་བྱེད་ཉིན་བཟང་། །དམག་ཆེན་བྱོ་བླུགས་བྱེད་ཉིན་བཟང་། །གཡུལ་ཆེན་འཁྲུགས་པ་འགྱེད་ཉིན་བཟང་། །གཡས་དེ་དར་ན་ཟུན་རྒྱལ་ཡིན། །གཡོན་ཕྱོགས་དར་ན་དགྲ་རྒྱལ་ལོ། །ཕྱི་སར་ཤོར་ན་དྲ་མ་བཤོལ། །དིང་དིང་མཁར་སྒོང་དཀར་པོ་འདི། །བ་གམ་ཡོད་ན་དུང་མཁར་ཡིན། །ལན་དུ་དཀར་ཐོག་བབ་པ་ན། །མཁར་ལ་བ་གམ་ཐོགས་པ་ཡིན། །འདི་གཅིག་ལ་སྲིད་པའི་སྐུ་མཁར་ཚུགས། །རྨིང་ནི་ཕ་ལམ་རྡོ་ལས་བྱས། །གཞི་མཚེར་འཛིན་དང་མཁར་བརྩིགས་བཟང་། །གཉིས་ལ་བོད་ཀྱི་སྐུ་མཁར་དེ། །ནག་པོ་རྒྱ་ཡིས་ཁྱེར་བ་ཡིན། །མི་གཡང་བུ་མོས་ཁྱེར་ངོ་ཡིན། །གསུམ་ལ་ཁྱིམ་གསར་ཕུབ་ཉིན་བཟང་། །ཆུང་གསུམ་སྲོག་རྟེན་ཚུགས་


MR16_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །བཞི་ལ་ནོར་གྱི་བང་མཛོད་ཚུགས། །ལྷག་པར་ནོར་ཕྱར་འདེབས་ཉིན་བཟང་། །ལྔ་ལྷ་ཡི་སྐུ་མཁར་སྲིན་ལ་ཤོར། །མི་ནོར་གཉིས་ཀྱི་འཕེལ་གཡང་ཉམས། །དྲུག་མོ་བཙུན་ཁྱིམ་དང་ཕྲད་ངོ་ཡིན། །སྦྲ་དང་གུར་ཆེན་ཕུབ་ངོ་ཡིན། །བདུན་ལ་ཕོ་ལྷའི་སྐུ་མཁར་ཚུགས། །སྐྱེས་བུའི་ཕོ་བློ་འགྲུབ་པ་ཡིན། །བརྒྱད་བན་དེའི་སྒོམ་ཁང་བྲག་ལ་ཚུགས། །བནྡེ་དབུས་ལ་འགྲོ་ཉིན་བཟང་། །དགུ་བོན་པོའི་སྐུ་མཁར་བརྩིགས་ཉིན་བཟང་། །གཡུང་དྲུང་བོན་ལ་དར་རྒྱས་འོང་། །བཅུ་ལ་མི་ཡི་འཕེལ་ཁ་ཚུགས། །མ་ཕྱིའི་སྐུ་མཁར་གཡང་གིས་གང་། །བཅུ་གཅིག་ཇག་པའི་སོ་སྐུང་ཚུགས། །དགྲ་བླའི་ངོ་སོ་མཐོ་བ་ཡིན། །བཅུ་གཉིས་སྨོན་པའི་སྐུ་མཁར་དེ། །ནག་པོ་ངམ་ལ་ཤོར་བ་ཡིན། །ཟས་ནོར་ཕྱིར་ལ་ཤོར་དོགས་ཡོད། །བཅུ་གསུམ་དུང་མི་ལྡན་དཀར་གྱིས། །དུང་མཁར་དཀར་པོ་ཟིན་པ་ཡིན། །བོད་མགོ་ནག་སྐྱེ་རྒྱུད་གྲོལ་བ་ཡིན། །སྲོག་མཁར་ཚུགས་པས་ཅི་བཏབ་བཟང་། །འདི་གོང་མོ་བྱང་ན་གྲགས་པ་ཡིན། །གོང་མོ་ཡིན་ནམ་མ་ཡིན་དེ། །མཇུག་མའི་རྒྱ་གྲམ་ཨེ་ཚང་ལྟོས། །ལན་དུ་སྐྱེར་ཡ་བུ་བརྒྱག་ན། །མཇུག་མའི་རྒྱ་གྲམ་ཚང་བ་ཡིན། །གཡང་གི་རྒྱ་མཚོ་མགྲོན་དུ་ཁུག །ལྷག་པར་ནོར་མོ་འདེབས་ན་བཟང་། །འདི་ཡི་ལན་དུ་ཝ་ཚོ་ན། །མཁར་ཁར་དཔའ་མདུང་ཕྱར་བ་ཡིན། །ལན་དུ་སད་ཁམས་དྭངས་མ་ན། །མཁར་ལ་བ་དན་བཏགས་པ་ཡིན། །ལན་དུ་བྱ་ཡུན་དཀར་མོ་ན། །དུང་མཁར་ཁ་ལ་ཉི་མ་ཤར། །ལན་དུ་བྱ་བུར་གསེར་ཐིག་ན། །དུང་མཁར་ཁ་ལ་ཟླ་བ་ཚེས། །ལན་དུ་མུ་ས་རྟ་རྣ་ན། །དུང་མཁར་ཁ་ལ་སྐར་ཆེན་བཀྲ། །ལན་དུ་སྲང་ཟེ་ཁ་ལ་ངན། །དུང་མཁར་ཁ་ལ་གཡུ་འབྲུག་གྲགས། །ལན་དུ་ཨ་ཁད་རྩེ་མ་ན། །དུང་མཁར་ཁ་ལ་རྒྱ་སྟག་འཕྱོ། །


MR16_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་སྡེ་བུར་ཤིང་རྩེ་ན། །དུང་མཁར་ཁ་ལ་དུང་ཁྲ་ལྡང་། །ལན་དུ་ཝ་ཚོ་བྱ་ཡུན་ན། །དུང་མཁར་ཁ་ལ་མདུད་དར་ཕྱར། །དེ་རྣམས་ཅི་ལ་བཏབ་ཀྱང་བཟང་། །ལྷག་པར་མཁར་བརྩིགས་མོ་ལ་བཟང་། །འདི་ཡི་ལན་དུ་སོ་ཡོན་ན། །དུང་མཁར་སྨུག་པས་གཏུམ་པ་ཡིན། །ན་འབན་དུང་མཁར་ཐོགས་གིས་བཤིག །རུ་སོད་དུང་མཁར་བདུད་ཀྱིས་བཅོམ། །མ་ཟེ་དུང་མཁར་བཙན་གྱིས་གང་། །བྱ་རལ་དུང་མཁར་ས་མཁར་རེད། །ལི་ཡན་དུང་མཁར་རླུང་གིས་ཁྱེར། །སྐྱམ་ངན་རིགས་དུང་མཁར་ཆུ་ཡིས་ཁྱེར། །ཕུང་ཁད་དུང་མཁར་མེ་ཡིས་ཚིག །དེ་རྣམས་ཅི་བཏབ་མོ་ལ་ངན། །གསུམ་གྱི་གའུ་བཞིའི་སྦས་རྒན། །ཆུང་རྒྱུད་ཚང་གི་དུར་ངོ་ཡིན། །དུར་དུ་མ་ཟད་བདུད་ཀྱང་ཡིན། །བདུན་བརྒྱད་འབྲིང་རྒྱུད་གྲི་དུར་ངོ་། །བཅུ་དང་བཅུ་གཅིག་ཆེ་རྒྱུད་གྲི་དུར་ངོ་། །གཅིག་གི་གའུ་བཅུ་གསུམ་ལ། །སྤོ་རྒན་དཀར་པོ་ལུ་གུའི་མགོ ། བློ་འཛིན་རོ་དང་བརྡོས་པ་ཡིན། །གཏོ་ལ་ཝེར་མ་གསོལ་མཆོད་བྱ། །གསུམ་ལ་གའུ་བཞི་ཤོར་ཁུང་། །ཆུང་རྒྱུད་ཚང་ལ་ཤི་ཆད་ངོ་། །བདུན་དང་བརྒྱད་ལ་འབྲིང་རྒྱུད་དང་། །བཅུ་དང་བཅུ་གཅིག་ཆེ་རྒྱུད་ལའོ། །བཞི་ཡི་གའུ་ལྔ་ཕུང་རལ། །ཡང་ན་ནེ་ཆུ་སེ་སྟོད་བབ། །ལྷ་ཡི་དཔལ་ཁ་སྲིན་ལས་ལོན། །བརྒྱད་ཀྱི་གའུ་དགུ་ནེ་ཆུ། །གཉན་གྱི་དྲ་མ་སྡོང་ལ་ཡག །བཅུ་གཅིག་བཅུ་གཉིས་དེ་འདྲ་ན། །ཡེ་ཡི་དྲ་མ་ངམ་ལ་བརྗིད། །བརྒྱད་ཀྱི་གའུ་དགུའི་རྦས་རྒན། །བོད་ཀྱི་རྒྱལ་ཁ་སྲིན་ལས་ལོན། །བཅུ་གཅིག་བཅུ་གཉིས་དེ་དང་འདྲ། །ཡེ་ཡི་རྒྱལ་ཁ་ངམ་ལས་ལོན། །གཅིག་གི་གའུ་གཉིས་ཤོར་ཁུང་། །བོད་ཀྱི་བཙོན་མཁར་སྒོ་མེད་དུ། །རྒྱ་ཡི་ཤ་བཙོན་ཆུད་པ་ཡིན། །བརྒྱད་དགུ་ལྡོང་གིས་གཉན་བཙོན་ཟིན། །བཅུ་དང་བཅུ་གཅིག་དེ་འདྲ་


MR16_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཡེ་ཡི་བཙོན་རར་ངམ་བཙོན་ཆུད། །གཉིས་གྱི་གའུ་བཞི་ཤོར་ཁུང་། །བོད་མི་རྒྱ་ཡི་ལག་ཏུ་ཤོར། །དགུ་བཅུ་བཅུ་གཉིས་བཅུ་གསུམ་ལ། །དེ་འདྲ་གོང་ལས་བཟློག་སྟེ་ངན། །གཅིག་གི་གའུ་གཉིས་ཆུ་སློ། །བོད་ཀྱི་བཙན་པོའི་སྒྱོག་མདའ་ཡིས། །དགྲ་ཡི་རི་རྫོང་ཐལ་བར་བརླག །བཞི་ལྔ་ལྷ་ཡི་སྒྱོག་མདའ་ཡིས། །འཇང་བཙན་པོའི་ཆུ་རྫོང་བཤིག་པ་ཡིན། །བརྒྱད་དགུ་གཉིས་ལ་ལྡོང་སྒྱོག་གིས། །གཉན་གྱི་ཐོག་རྫོང་ཕྱེ་མར་འཐག །བཅུ་གཅིག་བཅུ་གཉིས་ཡེ་སྒྱོག་གིས། །ངམ་གྱི་བྲག་རྫོང་ས་ལ་ཕབ། །བརྗེས་ན་བཤད་པ་གོ་ལོག་བྱ། །ཡང་གཅིག་ལ་གའུ་གཉིས་ཆུ་སློ། །བོད་ཀྱི་དམག་གིས་རྒྱ་དམག་བཅོམ། །གཉིས་དང་ལྔ་ལ་དེ་ཚུགས་བབ། །ལྷ་ཡི་དམག་གིས་འཇང་དམག་བཅོམ། །བརྒྱད་དང་དགུ་ལ་དེ་འདྲ་ན། །སྡོང་གི་དམག་གིས་གཉན་ཡུལ་བཅོམ། །བཅུ་གཅིག་བཅུ་གཉིས་དེ་འདྲ་ན། །ཡེ་ཡི་ཕོ་ལྷས་ངམ་ཁམས་བཅོམ། །དེ་སོགས་སྟོད་སྨད་ཕྱི་ནང་གི ། བབ་ལན་གང་ལ་གང་འོས་དཔྱད། །གནད་གལ་ཆེ་ཙམ་ཞིག་བསྡུས་པ་ཡིན། །མོ་རྟའི་རྩེ་མོ་གང་ཡིན་པའི། །ལྔ་པ་དེ་ལ་བརྒྱག་གཅིག་སོང་། །ཞང་ཞོང་ཕུག་པས་མིང་བཏགས་པ། །དིང་དིང་སྲིན་དར་ནག་པོ་ཡིན། །ཞང་ཞོང་བར་པས་མིང་བཏགས་པ། །དིང་དིང་གཡོན་བརྒྱག་སྲིན་པོ་ཡིན། །ཞང་ཞོང་སྒོ་བས་མིང་བཏགས་པ། །དིང་དིང་འུག་པ་གསེར་མིག་བརྒྱག །ཡང་དག་གཤེན་གྱིས་མིང་བཏགས་པ། །དིང་དིང་སྲིན་ཐོག་ནག་པོ་ཟེར། །སྲིད་པ་གང་གི་རིང་ལ་བབ། །འདྲེ་རྒོད་མི་རྐུན་རིང་ལ་བབ། །ངམ་གྱི་བྱི་བ་རྫ་ཟན་བྲག །དིང་དིང་ཉ་ར་ཁྱི་ཐོད་ཡིན། །སྲིན་པོ་མི་རྐུན་མཁར་ཀྱང་བྱ། །བུ་ངན་པ་དགྲ་ཡི་ནང་ཡན་ཡིན། །ཟླ་དཀར་ཟོག་གི་ནང་ཡན་ཡིན། །གསོས་


MR16_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གླ་པ་སྙིང་རིང་དེས། །གཅེས་པའི་ནོར་བུ་ཁྱེར་བའི་བླ། །བསྐྱེད་པའི་བིལ་ཆུང་ཁམས་པ་དེས། །བདག་པོའི་རྒྱུ་མ་ཕུད་པའི་བླ། །རང་རྒྱུད་གཅེས་པའི་བུ་ཕྲུག་གིས། །ཐ་མར་སྲོག་གཅོད་ལག་དམར་བླ། །སྲིད་པོ་མི་རྐུན་མཁར་ནང་ནས། །འདྲེ་རྒོད་ཕུག་ཏུ་ཉལ་བ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །མགོ་ནག་མི་ཡི་བདུད་ཁུང་ཡིན། །མདོ་བ་རྟ་ཡི་ལག་དོང་ཡིན། །བཤན་པ་སྟོང་གི་དམེ་གྲི་ཡིན། །སྡིག་པ་ཅན་གྱི་མནོལ་ཆུ་ཡིན། །གཏང་ན་གློ་བ་ཕུག་མཁན་ཡིན། །གྲོས་ན་བློ་ངན་བསླེབ་མི་ཡིན། །བཅོལ་ན་སྲོག་ལ་རྒོལ་མི་ཡིན། །བསླང་ན་བཙན་དུག་སྟེར་མི་ཡིན། །ཁ་དཀར་བ་འོ་མའི་ཟང་ང་ཡིན། །གཏིང་ནག་སོལ་བའི་ཁྲོན་པ་འདྲ། །ཅི་བཏབ་ཅི་ལ་ཐ་ཆད་ཡིན། །ལྷག་པར་ནད་པའི་མོ་ལ་ངན། །རྟ་རྒྱུག་བྱེད་ན་དེ་བས་ངན། །བདག་པོ་འཆི་ཞིང་འོག་རྟ་འབྲལ། །ཕོ་བ་ཅན་གྱི་སླེ་ངོ་ཡིན། །ལྷ་གསོལ་བྱེད་པའི་མོ་ལ་ངན། །རྔ་ནང་བརྡུང་རྔ་མཚང་ཕྱི་རུ་གྲགས། །རྫིའུ་འཇོག་ན་དེ་བས་ངན། །རྟ་ཟོག་པགས་པ་བཤུ་ངོ་ཡིན། །རྐུན་མ་འགྲོ་ན་དེ་བས་ངན། །ཚུར་ཐོབ་ལས་ཀྱང་ཕར་ཤོར་མང་། །ཡུལ་མཁར་སྤོ་ན་དེ་བས་ངན། །ད་ལོའི་མཚེར་ལ་སང་ཕོད་དམོད། །ལོ་མལ་བཅུ་གཉིས་གར་བབ་ཀྱང་། །ལོ་པ་དེ་ལ་བདུད་ཆད་ཡིན། །ཅི་བཏབ་ཀུན་ལ་ངན་པ་ལ། །ཡ་མ་ནག་པོ་བཅོས་ཉིན་བཟང་། །ཡ་མ་གེགས་ལས་ཐར་ངོ་ཡིན། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །རྔོན་པའི་ཡོབ་ཆེན་ཁྲག་གིས་གང་། །མགྱོགས་པའི་ཤ་ཁྱི་ཉོ་ཉིན་བཟང་། །མཆེ་སྡེར་ཅན་གྱི་གཤེད་མ་ཡིན། །ལྷག་པར་འདི་ལན་དམར་ཐོག་ན། །མགྱོག་གི་ཤ་ཁྱི་གཟེན་དང་ཕྲད། །དིང་དིང་སྲིན་མཁར་དམར་པོ་འདིའི། །ཁ་ལ་སོལ་རིས་ཆགས་ན་བཟང་། །


MR16_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་ནག་ཐོག་བབ་པ་ན། །སྲིན་མཁར་ཁ་ལ་སོལ་རིས་ཆགས། །འདི་གཅིག་ལ་གཞི་འཛིན་ནད་ཀྱིས་ཟིན། །གཞི་ལ་དམེ་དང་བཙོག་གི་ངོ་། །གཉིས་ལ་བྲན་ས་འདྲེ་ཡིས་བཟུང་། །སྒོ་ཕྱི་ནང་བར་གྱི་འདྲེ་ངོ་ཡིན། །གསུམ་ལ་ཆུང་གསུམ་བཙན་གྱིས་ཁྱེར། །དེའི་ནད་དང་དུར་སྲི་ལང་ངོ་ཡིན། །བཞི་ལ་མཛོད་ཁང་འདྲེ་ཡིས་བཟུང་། །ནོར་ཕྱུགས་མོ་ལ་ལྷག་པར་ངན། །ལྔ་ལ་སྲིན་པོ་མི་རྐུན་ཆས། །མག་པ་བུ་སྲིང་ཕྱོགས་ཀྱི་འདྲེ་ངོ་ཡིན། །དྲུག་ལ་ཁྱིམ་ས་འདྲེ་ཡིས་བཟུང་། །ཕྱུགས་པོའི་གཞི་ཕྱ་འདེབས་ཉིན་ངན། །བདུན་ལ་མདོ་བ་གཅོང་གིས་ཟིན། །ཕ་ཆེན་བློ་ཕྱྭ་འདེབས་ཉིན་ངན། །བརྒྱད་ལ་ལྷ་ས་འདྲེ་ཡིས་བཟུང་། །བནྡེ་ནད་པའི་མོ་ལ་ངན། །དགུ་ལ་བོན་པོའི་དབལ་རུ་ཆག །བོན་པོའི་སྒྲུབ་པ་བྱེད་ཉིན་ངན། །བཅུ་ལ་ཁྱིམ་ས་སྲིན་གྱིས་ཕྲོག །མ་ཕྱི་ནང་མའི་མོ་ལ་ངན། །བཅུ་གཅིག་ལྷ་ས་འདྲེ་ཡིས་བཟུང་། །དམེ་མནོལ་བཙོག་གི་བསྐལ་པ་དར། །བཅུ་གཉིས་ལ་ནི་ཚེ་ཟད་མི། །བྱང་འདྲེ་འཁྱམས་པོས་བྱང་དུ་ཁྱེར། །བཅུ་གསུམ་དཔག་བསམ་ཤིང་གི་རྩེར། །འདྲེ་སྲིན་བྱུར་ཚང་བཅས་པ་ཡིན། །ཅི་བཏབ་ཀུན་ལ་ལྷག་པར་ངན། །ཡ་མ་ནག་པོ་ཨི་ཐར་དང་། །མགྱོགས་པའི་ཤ་ཁྱི་ཉོ་པ་དང་། །རྔོན་པ་ཁྱི་ཁྲིད་མོ་དང་ནི། །ཤ་ལེན་གཏིས་བཀུག་བྱེད་པ་དང་། །དུན་དུན་ནད་པའི་མོ་དང་ནི། །རྣམ་པ་ལྔ་ལ་བཟང་བར་བཤད། །ལད་འཁྲུགས་ཅན་གྱི་མོ་ལ་བཟང་། །འདྲེ་སྲིན་བྲག་གིས་བཅད་པ་ཡིན། །ནད་པ་སྲིན་མཁར་ནང་དུ་ཚུད། །དུན་དུན་ནད་པ་མི་འཆི་ཟེར། །འདི་ཡི་ལན་དུ་བྱ་ཡུན་ན། །སྲིན་མཁར་ཁ་ལ་ཉི་ཤར་སོགས། །ཕལ་ཆེར་ཞང་མཁར་སྐབས་དང་འདྲ། །ལན་དུ་དམུ་དག་བབ་པ་ན། །སྲིན་མཁར་ཁ་ལ་ལྗོན་ཤིང་འཁྲུངས། །གསུམ་གྱི་སྲིན་ཐོག་བཞི་


MR16_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡུན། །གལ་བར་བབ་ན་ཆུང་གསུམ་གྱི། །སྐུ་མཁར་རྨིང་ནས་ཚུགས་པ་ཡིན། །བཞི་བརྒྱད་དང་ནི་བཅུ་བཅུ་གཅིག །དེ་བཞིན་འབྲིང་རྒྱུད་ཆེ་རྒྱུད་བཟང་། །གཅིག་ལ་སྲིན་ཐོག་བཅུ་གཅིག་གི ། གལ་བར་ཐོད་དཀར་བབ་པ་ན། །ས་བདག་སྐུ་མཁར་ཚུགས་པ་ཡིན། །གསུམ་གྱི་སྲིན་ཐོག་བཞི་གལ་བར། །ཆུང་གསུམ་སྐུ་མཁར་ཚུགས་པ་ཡིན། །སྲིན་མཁར་ཁ་ལ་དཔའ་མཁར་བརྩིགས། །གསུམ་གྱི་གལ་བར་བཞི་སྲིན་ཐོག །ཆུང་གསུམ་སྐུ་མཁར་སྲིན་པོས་ཕྲོག །བདུན་བརྒྱད་དང་ནི་བཅུ་བཅུ་གཅིག །དེ་དང་འདི་བར་བསྒྲེས་ཏེ་ཤེས། །གཅིག་གི་གལ་བར་ཐོད་དཀར་དང་། །བཅུ་གཅིག་སྲིན་པོ་མི་ཉོ་བབ། །བོད་ཀྱི་སྐུ་མཁར་སྲིན་པོས་བསྒྱེལ། །གདོན་ནི་ཡུལ་པའི་སྐྱས་ནག་གདོན། །གསུམ་གྱི་སྲིན་ཐོག་བཞི་མུ་ས། །ཡར་གྱི་དིང་མོ་གལ་བབ་ན། །ཆུང་གསུམ་སྐུ་མཁར་ཚུགས་པ་ཡིན། །ཆུང་གསུམ་མི་ཟོག་དར་ཡང་ཐང་། །བདུན་བརྒྱད་འབྲིང་རྒྱུད་བཅུ་བཅུ་གཅིག །ཆེ་རྒྱུད་མི་ཟོག་དར་ཡང་ཐང་། །བརྗེས་ན་མི་རབས་བརླག་ཡུལ་བཟུང་། །བུ་མཚེ་མ་དག་ནི་ཡོད་དུས་སུ། །སྐག་ཆེན་བཟློག་པའི་རིམ་གྲོ་གྱིས། །གསས་མཁར་བརྩིགས་ལ་ལ་གསོས་བྱ། །གཅིག་གི་གའུ་གཉིས་སྲིན་ཐོག །བོད་མཁར་ནག་པོ་རྒྱ་ཡིས་བཅོམ། །བཞི་ལྔ་བོད་མཁར་འཇང་གིས་བཅོམ། །བརྒྱད་དགུ་བོད་མཁར་གཉན་གྱིས་བཅོམ། །བཅུ་དང་བཅུ་གཅིག་དེ་འདྲ་ན། །བོད་མཁར་ནག་པོ་ངམ་གྱིས་བཅོམ། །གཅིག་གི་ཁ་ལང་གཉིས་སྲིན་ཐོག །བོད་ཀྱི་གཡུ་འབྲུག་སྔོན་མོ་དེས། །རྒྱ་ཡི་བཙན་མཁར་བཅོམ་པ་ཡིན། །དེ་བཞིན་བཞི་དང་ལྔ་ལ་སོགས། །ཕྱི་ནང་བབ་ལན་བསྒྲེས་ཏེ་ཤེས། །དམག་ཇག་གཉིས་ཀྱི་མོ་ལ་བཟང་། །ལར་སྟོད་སྨད་ཕྱི་ནང་གར་བབ་ཀྱང་། །མཐའ་མིག་ཁ་འཛིན་ཤེད་


MR16_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དང་། །ཁ་ལན་རྒྱང་ལན་བབ་ཚུལ་སོགས། །ཞིབ་པར་བརྟགས་ལ་ཁ་དམར་གདགས། །མོ་རྟའི་རྩ་བ་ཕྱོགས་ཀྱི་ནི། །མཁར་སྒོ་འདི་ལ་བརྒྱག་སོང་བར། །ཞང་ཞོང་ཕུག་པས་མིང་བཏགས་པ། །དིང་དིང་རམ་རམ་ནག་པོ་ཟེར། །ཞང་ཞོང་བར་པས་མིང་བཏགས་པ། །དིང་དིང་ལ་ཚེམ་དགུ་རིས་ཡིན། །ཞང་ཞོང་སྒོ་བས་མིང་བཏགས་པ། །སྲིན་ནག་ཆུ་མི་སློ་དམར་ཡིན། །ཡང་དག་གཤེན་གྱིས་མིང་བཏགས་པ། །ཆུ་རྩོ་ཁྲག་གི་ཁ་ཕྲུ་ཅན། །ཕ་ནི་སྟག་རྒྱལ་རིང་མོ་ཡིན། །མ་ནི་སྔགས་ཆུང་མཁན་མོ་ཡིན། །བུ་ནི་ཆུ་སློ་གཏོས་དམར་ཡིན། །དིང་དིང་ཟད་པའི་མཐར་ཐུག་ཡིན། །ནག་པོ་དམུ་ཡི་ཕུང་སྲི་ཡིན། །དིང་དིང་རྒྱ་ཡེར་ཆུ་མཐའི་བྲག །བྲག་སེ་སྟོད་རྒན་པོ་བཅོ་བརྒྱད་ཀྱི། །གྲོལ་ཕུག་ཅན་གྱི་ཕ་དེ་ཡིན། །ཤ་བ་ཚེ་ཟད་མཐའ་ལ་ཞེན། །སྨན་ཁྲ་མོ་འབྱོར་དུས་བྱེད་པའི་བྲག །མི་རྒན་ཤི་བའི་དོ་མ་ཡིན། །རྟ་རྒན་སྒྲོག་གི་སུམ་ལག་ཡིན། །གཡག་རྒན་བཤའ་བའི་གྲི་དམར་ཡིན། །ངམ་གཡག་བཤས་པའི་སློ་དམར་ཡིན། །ཚེ་ཟད་བྲག་ལ་ཡར་བ་ཡིན། །རྒོད་རྒན་འདབ་མ་ཟད་པ་ཡིན། །སློ་བྲག་ཏྲོང་གསུམ་འདི་ལ་ཚང་། །ཕྱི་ནང་གར་ཡང་འགུལ་མི་རུང་། །གལ་ཏེ་བབ་ན་བསྐང་བརྒྱ་དང་། །མར་མེ་འབུལ་ཞིང་བསྒྱུར་གཏོ་བྱ། །རང་གི་གཉན་ས་གར་བབ་ཀྱང་། །གཞི་ཕྱྭར་བཏབ་ན་མི་ནོར་བརླག །གཞི་དེ་ལན་གསུམ་འཐོར་ངོ་ཡིན། །ཆུས་ཕྱྭར་བཏབ་ན་ཆུས་འཆོར་ངོ་། །གནག་ཕྱྭར་བཏབ་ན་བཤའ་གྲི་ཡིན། །ནོར་གྱི་གཡང་བརླག་གོད་སྟོང་ངོ་། །རྟ་ཕྱྭར་བཏབ་ན་ཤི་འཐོར་རོ། །ལོ་ཕྱྭར་བཏབ་ན་ལོ་ཉེས་ཡིན། །དམག་ཇག་གཉིས་ལ་མདུན་ངོ་ཡིན། །ཁྱད་པར་སྟག་རྟ་ཁྱི་གསུམ་པོ། །འཆི་བར་ངེས་པའི་ལོ་བྲག་ཡིན། །བཅུ་གཅིག་བཅུ་གསུམ་ལ་བབ་ན། །མི་རྒན་ཤི་དང་གཡག་རྒན་


MR16_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཤའ། །རྟ་རྒན་མི་གཏོང་ཀ་མེད་ཡིན། །མནའ་དང་རོ་ཤིད་བྱས་པས་ལན། །ཡང་ན་དམེ་མནོལ་བཙོག་གིས་ལན། །གཅིག་ལ་གཞི་འཛིན་དུར་སྲི་ལང་། །གཞི་དེ་དགུང་ལ་ཡར་ངོ་ཡིན། །གཞི་འཛིན་ལོ་ཡི་ཚེ་ཚད་ཡིན། །ཅི་བཏབ་ངན་ཀྱང་རྔོན་པ་ཁྱི་ཁྲིད་བཟང་། །མི་ཁྱགས་ཁུ་རུ་ཁྱི་ལ་བཀལ། །ཡ་མ་ནག་པོའི་མོ་ལ་བཟང་། །ཡ་མ་ནག་པོ་རྟ་ཐོག་ཕུད། །གཉིས་ལ་བྲན་གྱི་དུར་སྲི་ལང་། །ཆུང་སྲིས་སྒོ་ཉལ་བྱས་པ་ཡིན། །ཁྱད་པར་བུ་མོའི་ཚེ་ཚད་ཡིན། །བྲན་ཁྱི་ཉོ་ཚོང་བྱས་པས་སྡིག །གསུམ་ལ་ཆུང་གསུམ་དུར་ཁ་ཕྱེ། །བུ་ཚ་གཅེས་པའི་ཚེ་ཚད་རྫོགས། །ཆུང་སྲི་དུར་སྲིས་འགྲམ་ལྕགས་བརྡེག །ཁྱད་པར་གཞི་ཕྱྭ་ཆུང་གསུམ་ངན། །བཞི་མཚུན་གྱི་གཡང་ར་སློ་ཁྲག་གང་། །ཕྱུག་པོའི་ནོར་ཕྱྭ་འདེབས་ཉིན་ངན། །ཚོང་པའི་མོ་ལ་བཟང་བ་སྟེ། །ཤ་སྒྲོ་ཁ་སྦྱོར་ནས་ཀྱིས་གང་། །ལྔ་བུ་སྲིང་མག་པའི་དུར་ངོ་ཡིན། །རྔོན་པ་གཅིག་གི་མོ་ལ་བཟང་། །དྲུག་མོ་བཙུན་དར་མའི་དུར་ངོ་ཡིན། །ཁྱིམ་ཕྱྭ་བུ་མོའི་སྲིད་འགབ་ཆད། །བདུན་པ་སྤུན་གྲི་རོ་རྟ་ལ་བཀལ། །གཞི་སོགས་ཅི་བཏབ་ངན་ན་ཡང་། །ཤ་རྟ་ཉོ་བའི་ཉིན་པར་བཟང་། །ཤ་རྟའི་གོང་ནས་ཤ་ལན་ལོན། །བརྒྱད་ལ་བནྡེ་ནད་པར་ངན། །ཁྱད་པར་ལྷ་སྲུང་སྒྲུབ་ཉིན་ངན། །ཕ་མྱེས་ལྷ་སྲུང་མུན་པར་འཐུམ། །དགུ་ལ་བོན་གྱི་གསས་མཁར་ཞིག །བོན་པོ་ནད་པའི་མོ་ལ་ངན། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །རྔོན་པའི་ཤ་ཁུར་རི་བས་ལྕི། །བཅུ་མ་ཕྱི་ཆེ་རྒྱུད་མོ་ལ་ངན། །སྲིད་འཆད་བུད་མེད་འགག་གྲིའི་ངོ་། །ཅི་བཏབ་ཅི་ལ་ངན་པ་ལ། །སྤྲང་པོ་ཁེ་ཚོང་མོ་ལ་བཟང་། །བཅུ་གཅིག་ལྷ་ས་འདྲེ་ཡིས་བཟུང་། །མི་ཆེན་ནད་པའི་མོ་ལ་ངན། །དོ་མ་རྟ་རྒྱུག་མོ་ལ་བཟང་། །དྲ་མ་ཡང་ལྡབ་བྱེད་ན་བཟང་། །རྨས་མ་ཁྲག་ཟད་མོ་ལ་བཟང་། །ཤ་


MR16_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རུས་འཚོབ་ནས་སྨས་མ་སོས། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །སྒྱེ་སྣོད་ཤ་ཡིས་གང་ངོ་ཡིན། །ཆུང་གསུམ་ནད་པར་བབ་པ་ན། །ཕྱུགས་ཀྱི་སློ་གསུམ་ཐང་ལ་ཕོས། །དེ་ཡིས་ནད་པ་སོས་པའི་གཏོ། །ཡ་མ་ནག་པོའི་མོ་ལ་བཟང་། །ས་བདག་མགོ་བོ་དུར་ནག་ཡིན། །བཅུ་གཉིས་དམག་ཆེན་དགྲ་ལ་ཆ་ཉིན་བཟང་། །དགྲ་མཁར་ཕབ་ནས་དགྲ་བོ་བསད། །བཅུ་གསུམ་སྟེང་དུ་བབ་པ་ན། །ཕ་རྒན་ཤི་ནས་གཡག་རྒན་བཤས། །རྟ་རྒན་མི་གཏོང་ཀ་མེད་ཡིན། །མནའ་དང་སྡིག་པ་བྱས་པས་ལེན། །རྔོན་པ་ཁྱི་ཁྲིད་ཤ་དང་ཕྲད། །ཡ་མ་ནག་པོའི་མོ་ལ་བཟང་། །མོ་དུར་འདེབས་པའི་མོ་ལ་བཟང་། །དེ་མིན་ཀུན་ལ་ངན་པ་ཡིན། །དིང་དིང་འུག་པ་རྒྱ་ཡེར་བྲག །འུག་པ་ཡིན་ནམ་མ་ཡིན་དེ། །བྲག་ལ་རྒྱ་རི་ཨི་བཀྲ་བལྟ། །ལན་དུ་སེ་སྟོད་ནག་ཐོག་ན། །བྲག་ལ་རྒྱ་རི་བཀྲ་བ་ཡིན། །དགྲ་གཞི་དཀོར་གསུམ་ཀུན་ལ་བཟང་། །ལྷག་པར་ཆུས་ཕྱ་འདེབས་ན་བཟང་། །བརྗེས་ན་ཅི་ལ་བཏབ་ཀྱང་ངན། །གཅིག་གི་ཆུ་སློའི་ལན་སད་ཁམས། །མེ་འོད་བསྐལ་པའི་ཉི་མ་ཤར། །བཅུ་གཅིག་ཆུ་སློའི་ལན་གལ་པར། །མི་རབས་རྨིང་གི་རྨང་མདུད་གྲོལ། །གཅིག་གི་གའུ་གཉིས་ཆུ་སློ། །བོད་ཀྱི་སྐུ་མཁར་རྒྱ་ཡིས་བཅོམ། །དེ་བཞིན་བཞི་ལྔ་སོགས་ལ་བསྒྲེས། །གཅིག་གི་ལྕགས་ཁྲ་གཉིས་ཆུ་སློ། །བོད་ཀྱི་སྐུ་མཁར་རྒྱ་ཡིས་བཅོམ། །བཞི་ལྔ་ལ་སོགས་དེ་བཞིན་བསྒྲེས། །རང་སར་དཔའ་བོ་ཁས་དྲག་བབ། །ཟུན་གྱི་སྐུ་མཁར་ངོ་སོ་མཐོ། །རང་གི་དཔའ་བོའི་མདུང་རལ་གྱིས། །དགྲ་ཡི་མཁར་རྫོང་རྩེ་ནས་བཅོམ། །གསུམ་གྱི་ཆུ་སློ་བཞི་དངས་མ། །ཆུང་རྒྱུད་འཕེལ་ཁ་ཚུགས་པའི་མོ། །བདུན་བརྒྱད་དང་ནི་བཅུ་བཅུ་གཅིག །འབྲིང་རྒྱུད་དང་ནི་ཆེ་རྒྱུད་དོ། །གཅིག་གི་ཆུ་སློ་བཅུ་


MR16_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། །སད་ཁམས་དངས་མ་བབ་པ་ན། །དགུང་སྔོན་འཕེལ་ཁ་ཚུགས་པ་ཡིན། །སྐར་ཕྲན་མཁའ་ནས་ཤར་བ་ཡིན། །བདུད་ཀྱི་ཆུ་སློ་བརྒྱད་སད་ལིང་། །དཀར་ཐོག་མི་གྲངས་རྨང་མདུད་གྲོལ། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །དེ་བཞིན་ལན་རྣམས་ཅི་རིགས་པར། །ཕལ་ཆེར་སྲིན་ཐོག་སྐབས་ལྟར་དཔྱད། །སྤྲོས་ན་ཤིན་ཏུ་མང་མོད་ཀྱི། །ཅུང་ཟད་ཙམ་ཞིག་འདིར་བསྟན་པའོ། །དིང་དིང་གཡས་ལ་ཁོག་བརྒྱག་སོང་། །ལག་པ་གཡས་ཕྱོགས་མདུད་མགོ་གཉིས། །གཡོན་ལ་ལྷག་མ་བཞི་ཡོད་ན། །ཡ་ཚ་གྲོག་གི་སྤུང་རི་ཡིན། །ཡ་ཚ་རྒོད་ཀྱི་མཁལ་ཁེབ་ཡིན། །གསལ་པ་འོད་ཀྱི་ཕྲོ་བྲང་ཡིན། །གཡས་སྐྱེར་ལྷ་ཡི་དཔའ་དར་ཡིན། །དིང་དིང་ཚང་གི་ཕ་རྒན་ཡིན། །ཡ་ཚ་སྐྱེར་མགོ་དཀར་པོ་འདི། །སྲིད་པ་ཕྱྭ་ཡི་གསོལ་ཟན་ཡིན། །དགྲ་གཞི་སྐོར་གསུམ་ཀུན་ལ་བཟང་། །གཡོན་མོ་རྟ་ངོས་སུ་ཁོག་བརྒྱག་ན། །གཡོན་སྐྱེར་དམུ་ཡི་དཔའ་དར་ཡིན། །དིང་དིང་ཚང་གི་མ་རྒན་ཡིན། །དིང་དིང་མ་ཚ་སྐྱེར་མགོ་ཡིན། །མ་ཚ་བུ་བོར་ཞེས་ཀྱང་ཟེར། །མ་ཚ་བྱུང་གྱི་ཤ་ཆང་ཡིན། །མདོ་ཁམས་མུན་པའི་གླིང་པར་ཡིན། །གྱོད་ཀྱི་གཞི་མ་ཚང་ངོ་ཡིན། །བརྒྱག་ཁ་ལག་གིས་མ་ཟིན་ཀྱང་། །གཡས་ཀྱི་ཕྱོགས་སུ་ཉེ་བ་ན། །བ་མཁལ་གཡས་པ་ཞེས་ཀྱང་བྱ། །བ་མཁལ་གཡས་ནོར་གྱི་བླ་རྟགས་ཡིན། །དེ་བཞིན་གཡོན་གྱི་ཕྱོགས་སུ་ཉེ། །བུ་མཁལ་གཡོན་པ་ཞེས་ཀྱང་བྱ། །མཁལ་གཡོན་གྱོད་ཀྱི་སྣ་ཐག་ཡིན། །གཡས་གཡོན་མདུད་སྒོ་གསུམ་གསུམ་སྟེ། །དིང་དིང་དབུས་ལ་བརྒྱག་སོང་ན། །དབུས་སྐྱེར་བྱ་ཡི་དཔའ་དར་ཡིན། །ཕྱྭ་དམུ་གཙུག་གསུམ་གྲོལ་ཕུག་ཡིན། །


MR16_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དིང་དིང་རྒྱལ་པོ་བརྒྱག་ཅན་ཟེར། །ལ་ལས་བསེ་རུ་གྲོག་རྐེད་ཟེར། །བུ་ཚ་ཕ་ལ་ལྡང་མི་ཡིན། །ཕ་བུ་རི་འཁང་བྱེད་པའི་བརྒྱག །མཛོ་རྟ་བཤའ་བའི་བཤའ་གྲི་ཡིན། །མཛོ་རྒན་རྟ་རྒན་མོ་ལ་ངན། །རྙེད་པ་ཚོལ་བའི་མོ་ལ་བཟང་། །སྲོག་སྔར་སོང་བས་ཀྱང་ཕྱི་འོང་ཆེ། །སྟེང་དུ་མདུད་མགོ་གཉིས་ཡོད་ལ། །འོག་ཏུ་བཞི་ཡོད་དེ་ལས་ནི། །གོ་ལྡོག་དང་བཅས་གཉིས་པོ་འདི། །དིང་དིང་ལད་ཚ་འཕྲེད་སྐྱེས་ཟེར། །དགྲ་གཞི་སྐོར་གསུམ་ཀུན་ལ་ཁ་ཅིག་འདི་གཉིས་ལ་ཡ་ཚ་མ་ཚ་ཟེར་ཀྱང་མི་ལེགས་འདྲ་བཟང་། །ཡ་ཚ་མ་ཚ་གཉིས་འདོམ་མམ། །བ་མཁལ་གཡས་གཡོན་གཉིས་འདོམ་ན། །དིང་དིང་གྲོད་པ་རྩུ་གསུམ་ཟེར། །སྙན་མ་བུ་འཕྲད་པའི་འགྲེལ་ཐག་ཡིན། །གྱིངས་དང་མདུན་མ་བསྒྲིག་ན་བཟང་། །སྟེང་འོག་གཉིས་སུ་ཁོག་བརྒྱག་རེ། །ཡོད་པ་ཡོད་ལུང་ར་གསུམ་ཟེར། །ཡོད་ནི་སྐྱེར་གསུམ་ཚུལ་དུ་ཡོད། །སྐྱེས་བུའི་འཁོར་གསུམ་བསྐོར་བ་འདྲ། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཡོད་ལུང་ནང་ན་མེར་མི་སྲིད། །དབུལ་པོ་ནོར་ཚོལ་མོ་ལ་བཟང་། །ཡང་སྐྱམ་རྒན་འདྲ་བ་གཅིག་འོང་ན། །མེད་ལུང་ར་གསུམ་བྱ་བ་ཡིན། །མེད་ལུང་སྟོང་པ་སྒོ་བཅར་ཡིན། །ཕ་ཕྱུགས་པོ་རྒུད་པའི་དབུལ་འདྲེ་ཡིན། །འདི་ལྟར་དིང་དིང་ཡིན་པ་ལ། །གླིང་ལ་ཕར་འདུས་ཚུར་འདུས་ནས། །ནག་ནོག་མང་པོར་གྱུར་པ་ན། །དིང་དིང་ནབ་ར་ནབ་རེ་ཟེར། །ངམ་གཡག་བཤའ་བའི་རྒྱུ་མ་ཡིན། །ནོར་གྱི་མོ་ལ་བཤའ་གྲི་ཡིན། །གོད་ཁ་དང་ནི་སད་སེར་ངོ་། །གཙང་བཙོག་བཟང་ངན་འདྲེས་པ་ཡིན། །ལྷ་འདྲེ་འཁྲུགས་པའི་གཞི་མ་ཡིན། །ལར་དིང་དིང་


MR16_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་གི་བརྒྱག་ཚུལ་ལའང་། །མདུད་སྒོ་ལག་པས་ཟིན་ཚུལ་སོགས། །ཞིབ་ཏུ་སྤུ་རིས་ཕྱེ་བ་ན། །རྣམ་པ་མང་ཞིག་མཆིས་མོད་ཀྱི། །འདིར་མདོ་ཙམ་རགས་པར་བརྗོད་པ་ཡིན། །དེ་ནས་ར་གཉིས་བརྒྱག་ཚུལ་ལ། །ཁ་ལེ་ལྕགས་ཁྲ་གཉིས་བརྒྱག་ན། །དིང་དིང་ག་སྤལ་གོ་སྤལ་བརྒྱག །ཝེར་མ་མི་ལུས་འབྲུག་མགོ་ཅན། །དམག་ཆེན་མིན་པས་མི་ཁྱག་གོ ། ཡུལ་དྲོ་ས་འཇམ་མོ་ལ་ངན། །ཡ་རབ་ཚེ་རིང་མོ་ལ་བཟང་། །མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར། །རི་སྨུག་པ་ཅན་ལ་ཤ་རྐྱང་འཁོར། །དེ་བཞིན་ཁ་ལེ་བྱ་ཤིང་འདོམ། །ཁ་ལེ་གའུ་འདོམ་པ་ན། །དིང་དིང་ལྷོ་སྤྲིན་ཕྱུགས་མོ་ཡིན། །ལྷ་རྣམས་ཀུན་གྱི་དམག་བསྡུས་ནས། །དམག་དཔོན་ལྷ་དབང་བརྒྱ་བྱིན་ཆས། །དགྲ་གཞི་གང་གི་མོ་ལ་བཟང་། །ཁ་ལེ་སྲིན་ཐོག་གཉིས་བརྒྱག་ན། །དིང་དིང་ལྷ་ཕུག་སྲིན་ཕུག་བརྒྱག །གསེར་མཁར་བཙན་པའི་འོབ་ཀྱིས་བསྐོར། །མཐོ་བྱེད་འཕུལ་འཇུག་བྱེད་མི་ཡིན། །དཔའ་བྱེད་དམག་སྣ་ཁྲིད་མི་ཡིན། །འོག་ན་མུན་པ་ནག་པོ་བྲེས། །སྟེང་ན་ཤེལ་གྱི་སྐར་མ་བཀྲ། །ནག་པོ་དགྲ་ཡིས་མི་ཐུབ་པའི། །ཕྱོགས་བཞིར་སོ་བ་བཞག་ནས་ཡོད། །འཇའ་རྐྱེན་རྐུན་མས་མི་ཚུགས་པའི། །ཉན་པའི་ཁྱི་བཞིས་བསྐོར་ནས་ཡོད། །ཟུར་ལ་ཐོག་གིས་མི་འཇིགས་པའི། །ཡེ་ཤེས་ཁྲོ་བོའི་ཕྱག་རྒྱ་ཡོད། །ཕྱོགས་བཞིའི་དགྲ་བཞིས་མི་ཚུགས་པའི། །ཁྲོ་ཆུ་ངར་མའི་ཕ་བོང་ཡོད། །འདི་བ་ཁོག་གསུམ་བབ་མི་ནོར་འཕེལ། །གནས་མལ་གསུམ་དུ་བབ་པ་ན། །དམག་ཇག་གཉིས་ལ་གང་རྒྱལ་བལྟ། །དེ་ཡང་འདི་ལྟར་བཤད་པ་ཡོད། །དྲལ་དཀར་སྨོན་པའི་ཉིན་ལ་རྩེ། །


MR16_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ཐོག་ངམ་གྱི་སྲིབ་ལ་འགྲིམ། །ཉིན་གྱི་སྐྱ་བོ་རུ་རིང་དང་། །སྲིབ་ཀྱི་ནག་པོ་ཁུ་ཡོར་གཉིས། །མ་གཅིག་སྐས་ལ་ཆད་པ་ནས། །མ་ཐུག་མ་ཐུག་ཉིན་གཅིག་ཐུག །སྔ་དྲོ་སྐྱིད་ཀྱི་རྩེ་མོ་རྩེས། །ཕྱི་དྲོ་སྡུག་གི་རུ་འཛིང་བྱུང་། །དགྲ་རོ་ཁ་བ་བབ་པ་འདྲ། །ཟུན་རོ་སྤྲང་མ་ཉིལ་བ་འདྲ། །ཞང་མཚན་གཉིས་ལ་དམེ་ཤི་འོང་། །དགྲ་ཟུན་གཉིས་ལ་དམེ་ཤི་འོང་། །འདིར་བརྒྱག་ཁའི་སྐེ་ལ་གང་རིང་བལྟ། །དྲལ་དཀར་རིང་ན་རང་རྒྱལ་ལ། །སྲིན་ཐོག་རིང་ན་དགྲ་རྒྱལ་ལོ། །ཕྱི་ས་བཞི་པོ་གར་བབ་ཀྱང་། །ཟས་ནོར་གཉིས་ཀ་དགྲ་ལ་ཤོར། །ནད་པ་ཚབ་ཆེན་འཕྲལ་དུ་འཆི། །གྲི་འདུལ་སྔགས་པ་འགྲུལ་དུ་འཆི། །བོན་སྟག་སློག་ཅན་གྱི་དུར་སོ་ཡིན། །ཁ་ལེ་ཆུ་རྩོ་ཡང་དེ་འདྲ། །དིང་དིང་གཤད་སྲེ་གར་བྱེད་ཡིན། །སྲི་ཕྲུག་གསོས་ན་མི་ནོར་དར། །ལྕགས་ཁྲ་བྱ་ཤིང་གཉིས་བརྒྱག་ན། །བཤད་པ་ཁ་ལེ་བྱ་ཤིང་དང་། །ཕྱོགས་འདྲ་བཟང་བའི་མོ་མདུད་ཡིན། །ལྕགས་ཁྲ་གའུ་འདོམ་པ་ན། །དིང་དིང་ཉི་འོད་གསལ་བ་ཡིན། །ཉི་ཟླ་ཁ་སྤྲོད་ཅེས་ཀྱང་ཟེར། །ལྕགས་ཁྲ་ལག་གི་ཟིན་པ་ན། །དིང་དིང་གཡུ་མིག་ཆབ་མ་བརྒྱག །ཕུ་ཡི་ལྷ་བྲག་དཀར་པོ་ལ། །རྒོད་གླག་གཉིས་ཀྱི་ཚང་བཅས་ནས། །ཚང་ལ་རླུང་དང་ཐོག་མི་འཇིགས། །བཙན་པོའི་རྫོང་མཁར་འཛིན་ན་བཟང་། །དབུས་ཕ་མ་ཚེར་འཛིན་ན་བཟང་། །མདའ་ཡི་མ་ཕམ་གཡུ་མཚོ་ལ། །ཉ་སྲམ་གཉིས་ཀྱི་ཚང་བཅས་པས། །ཚང་ལ་དོལ་དང་རྒྱས་མི་འཇིགས། །ལོ་གསུམ་ནང་ནས་ཡང་ཚ་མཐོང་། །ཡུལ་བཟུང་མཁར་རྩིག་བྱེད་ན་བཟང་། །ཉིན་གྱི་ཤུག་པ་ལོ་རྒྱས་ལ། །བྱ་ཁྱུང་ཆེན་ཚང་བཅས་གསུང་སྙན་སྒྲོགས། །ཕྲུག་གུ་ལྔ་གསུམ་བཅོ་ལྔ་ཚར། །སྐད་སྙན་ཐོས་


MR16_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲིན་པ་སླེབ། །སྲིབ་ཀྱི་སུ་རུ་དོན་གླིང་དེར། །ཤ་བ་ཡུ་མོས་ཤེའུ་བསྐུང་། །བསྐུང་ལ་ཐོག་ཤལ་མེད་པ་འོང་། །ཚུགས་སུ་བབ་པའི་ལོ་གྲངས་བཞིན། །བུ་དང་ཚ་བོ་འཕེལ་ངོ་ཡིན། །གཞི་ཕྱར་བབ་ན་བུ་ནོར་འཕེལ། །དགྲ་ཕྱར་བབ་ན་དགྲ་བོ་ཐུལ། །ཆུས་ཐོབ་ནོར་ལོན་གཉིས་ཀ་ནུས། །ཕྱི་སར་ཤོར་དུ་མི་རུང་ངོ་། །ལྕགས་ཁྲ་སྲིན་ཐོག་འདོམ་པ་དང་། །ལྕགས་ཁྲ་ཆུ་རྩོའང་སྔ་མའི་འགྲོས། །དེ་བཞིན་བྱ་ཤིང་གའུ་ཡི། །རང་རང་ལྷག་མར་འདོམ་ཚུལ་ཀྱང་། །ཕལ་ཆེར་གོང་དང་སྤྱི་ཕྱོགས་མཚུངས། །བྱ་ཁྱུང་སྒོ་ལ་བརྒྱག་བཅས་ན། །གནམ་གྱི་བྱ་ཁྱུང་གཤོག་རྡེབ་ཡིན། །ཡ་བདུད་ལྷ་རུ་ཆེས་མི་ཡིན། །ཁ་ལེ་ལྕགས་ཁྲ་འདོམ་པ་ནས། །གའུ་ཆུ་སློ་འདོམ་པའི་བར། །མདོར་ན་བཅུ་བཞི་ཡོད་པ་དེ། །དངས་མ་བཟང་པོའི་མདུད་པར་རྩི། །སྲིན་ཐོག་ཆུ་སློ་གཉིས་འདོམ་ན། །དིང་དིང་འདྲེ་སྲིན་ཁ་སྤྲོད་ཟེར། །དིང་དིང་ར་གཉིས་བརྒྱག་ཚུལ་ལ། །བཅོ་ལྔ་ཡོད་པའི་ཐ་ཆད་ཡིན། །དུར་ཕག་ནག་པོ་ས་སྒོ་བརྒྱག །མི་ཕོང་སྡུག་གྲིར་ཤི་ངོ་ཡིན། །ཆུས་ཕྱྭར་བབ་ན་ཆུས་འཆོར་ངོ་། །དམག་ཇག་གཉིས་ལ་རྗེས་མེད་ཡིན། །ལོ་ཕྱྭར་རྒྱལ་ཁམས་ལོ་ཉེས་ངོ་། །མི་ཤི་བསགས་པའི་ཟས་ནོར་འཛད། །སྡུག་གི་མུན་པ་དང་མེད་ཡིན། །སྐྱིད་ཀྱི་ཉི་མ་འཆར་མེད་ཡིན། །དགྲ་གཞི་སྐོར་གསུམ་ཅི་བཏབ་ཀྱང་། །དིང་དིང་བརྒྱག་ལ་འདིའི་ངན་མེད། །དེ་ལྟར་ར་གཉིས་བརྒྱག་ཚུལ་ལ། །བཅོ་ལྔ་ཡོད་པར་སྤྱི་མིང་དུ། །དིང་དིང་ཁྲ་གཤོག་ཁྱུང་གཤོག་ཟེར། །དེ་ལྟར་དངས་མ་བཅུ་བཞི་པོ། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་ནོར་གཉིས་ཀྱི་འཕེལ་ཁ་ཡིན། །ཡུལ་བཟུང་མཁར་བརྩིགས་


MR16_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་བཟང་། །སྙིང་མིག་སྲོག་གསུམ་གར་བབ་ཀྱང་། །དགྲ་ཐུལ་ནོར་ལོན་དོན་ཀུན་འགྲུབ། །ཕྱི་ས་ཡུལ་བཞི་གར་བབ་ཀྱང་། །ཟས་ནོར་མི་སྲོག་དགྲ་ལ་འཆོར། །ནད་བ་ཚབ་ཆེན་འཆི་བ་དང་། །གྲི་ངོ་ཡིན་པས་གྲི་བྲུབ་བྱ། །ཕྱི་སར་ཤོར་དུ་མི་རུང་ངོ་། །ལར་ནི་བཟང་དྲག་ཐུབ་པར་དཀའ། །དེ་ནས་ར་གསུམ་བརྒྱག་ཚུལ་ལ། །ཁ་ལེ་ལྕགས་ཁྲ་བྱ་ཤིང་གསུམ། །འདོམ་ན་ཉི་ཟླ་སྐར་གསུམ་ཟེར། །གཡས་གསུམ་ཕྱ་རྒྱུད་ལྷ་མདའ་ཡིན། །ཕྱི་ཡི་ཐིག་དྲུག་འབྲེལ་བ་དེ། །དགུང་སྔོན་ཁད་དུ་བརྡལ་བ་ཡིན། །ནང་དུ་བརྒྱག་གསུམ་བཅས་པ་དེ། །ལྷ་ཁང་མང་པོ་བཞེངས་པའི་ནང་། །ལྷ་དབང་རྒྱལ་པོའི་ཕྱག་རྒྱ་ལ། །ལྷ་བྲན་མང་པོས་བསྐོར་བ་བྱེད། །རྒྱལ་པོ་གཏན་ཆུས་བདེ་བ་དང་། །འཁོར་དང་ལོངས་སྤྱོད་འཕེལ་ངོ་ཡིན། །རྣམ་པར་རྒྱལ་བའི་ཁང་བཟང་ལ། །རིན་ཆེན་སྣ་ཚོགས་རྩིག་པ་བྱས། །ཨར་མོ་ནི་ཀའི་རྨིང་འགྲམ་བཏིང་། །དཔག་བསམ་ཤིང་གི་ཀ་གདུང་བྱས། །ཉི་མ་སྐར་མའི་གསལ་ཁུང་གཏོད། །སྣ་ཚོགས་ནོར་བུའི་དྲྭ་ཕྱེད་དཔྱང་། །རྒྱལ་ཆེན་སྡེ་བཞི་སྒོ་སྲུང་བཞག །དུས་དང་བསྐལ་པ་ཞིག་གྱུར་ཀྱང་། །ཁང་བཟང་འདི་ལ་གཡོ་འགུལ་མེད། །འདི་ལ་བཟང་བཤད་བསམ་མི་ཁྱབ། །ཕྱི་སར་ཤོར་དུ་མི་རུང་ངོ་། །བརྒྱ་ལ་ཕྱི་སར་ཤོར་གྱུར་ན། །དགྲ་བོ་ཁ་བ་བུ་ཡུག་བཞིན། །མྱུར་མགྱོགས་ཅན་གྱི་དགྲ་ངོ་ཡིན། །བྱ་ཤིང་ཞིང་མཁར་སྲིན་ཐོགས་གསུམ། །གཡོན་གསུམ་མི་ནོར་ཆུས་གསུམ་ཡིན། །གངས་དཀར་རིན་ཆེན་རྩེ་མཐོ་ལ། །སེང་དཀར་བུ་དགུ་མ་དང་བཅུ། །དཔའ་སྩལ་གཡུ་རལ་གསུམ་ཀ་རྒྱས། །མདའ་ཡི་ཕྱ་ལུང་གསེར་ལྡི་འདིར། །ཕྱྭ་མི་མགོན་བུ་དགུ་ཕ་དང་བཅུ། །ཆུས་དང་མི་ནོར་དུས་གཅིག་འཛོམས། །མར་གྱི་ས་


MR16_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོང་དྲུག་དེར། །ཝ་ཞང་རྒྱལ་སྙན་གྱི་གདུང་རྒྱུད་ལ། །གཉན་དམག་ཁྲོམ་དུ་ལྷག་པ་ཡིན། །སྟོད་སྨད་གར་ཡང་དམག་ངོ་ཡིན། །དགྲ་ཟུན་ཕམ་རྒྱལ་ལན་བུ་ལྟོས། །བ་ཁོག་གནས་མལ་གར་ཡང་བཟང་། །ཚབ་ཆེན་ནད་པར་གར་ཡང་ངན། །ཕྱི་སར་ཤོར་དུ་མི་རུང་ངོ་། །ཁ་ལེ་བྱ་ཤིང་སྲིན་ཐོག་གསུམ། །དིང་དིང་ང་གསུམ་ཐལ་བ་བརྒྱག །ལོ་མལ་གནས་མལ་གར་བབ་བཟང་། །ཁ་ལེ་བྱ་ཤིང་གའུ་གསུམ། །དིང་དིང་རྒྱལ་བུ་མཆེད་གསུམ་ཡིན། །མ་གཅིག་བུ་གསུམ་སྐྱེ་ངོ་ཡིན། །དེ་སོགས་གསུམ་བརྒྱག་རྣམ་གྲངས་ལ། །མི་འདྲ་བཅོ་བརྒྱད་ཙམ་དུ་འོང་། །དེ་དག་ཀུན་གྱི་སྤྱི་མིང་དུ། །དིང་དིང་མི་ནོར་ཟས་གསུམ་ཟེར། །ནང་གསེས་བཟང་ངན་དབྱེ་བ་ཡང་། །གོང་ལས་དཔག་སྟེ་རིགས་པས་ཤེས། །ཐམས་ཅད་བཟང་དྲག་ཆེ་བས་ན། །དམག་ཆེན་འུར་ཟིང་སོགས་ཀྱི་ངོ་། །དེ་ནས་ར་བཞི་བརྒྱག་ཚུལ་ལ། །དང་པོ་བཞི་པོ་བརྒྱག་ལ་སོགས། །འདྲ་མིན་རྣམ་གྲངས་དགུ་ཙམ་མཆིས། །ཤཱཀྱ་གུར་ཆུང་ཞེས་སུ་འབོད། །མི་འཇིགས་དགྲ་བླའི་དཔའ་མཁར་ཡིན། །མཐོ་བྱེད་དར་འཕྲུ་བཙུགས་མི་ཡིན། །རང་ས་རྣམས་སུ་ཤིན་ཏུ་བཟང་། །ཕྱི་སར་བབ་ཏུ་མི་རུང་ངོ་། །ཁ་ལེ་ལྕགས་ཁྲ་ག་འུ་དང་། །སྲིན་ཐོག་བཞི་པོ་བརྒྱག་པ་ན། །དིང་དིང་སྲིད་པ་སྒོ་བཞི་བརྒྱག །སྒོ་བཞིར་འབྲོས་པའི་ས་རྟགས་མེད། །ཁ་ལེ་ལྕགས་ཁྲ་མ་གཏོགས་པའི། །ཐ་མ་བཞི་པོ་བརྒྱག་པ་ན། །དིང་དིང་ཁ་ནག་རལ་གསུམ་བརྒྱག །ཁ་དཀར་མྱ་ངན་ཅན་གྱི་བླ། །དེ་ཡི་འགྲོས་སུ་ཤེས་པར་བྱ། །ར་ལྔ་བརྒྱག་པའི་རྣམ་གྲངས་ལ། །མི་འདྲ་དྲུག་ལས་གཞན་དུ་མེད། །དིང་དིང་ཤཱཀྱ་གུར་འབྲིང་སྟེ། །རྨ་ཆེན་ཆོས་


MR16_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབུམ་སྡེ་བརྒྱག །ཐེག་དྲུག་རིགས་དྲུག་བླ་རྟགས་ཡིན། །བརྒྱག་ལྔ་རྒྱུད་ལྔའི་དཔལ་ཁ་ཡིན། །འཁོར་ལོས་བསྒྱུར་བའི་ཁང་བཟང་ཡིན། །རྒོལ་བ་གང་གིས་མི་ཚུགས་པའི། །བཟང་བཤད་ཡོན་ཏན་བསམ་མི་ཁྱབ། །ཕྱི་སར་ཤོར་དུ་མི་རུང་ངོ་། །མདུད་སྒོ་དྲུག་པོ་བརྒྱག་པ་ན། །དིང་དིང་ཤཱཀྱ་གུར་ཆེན་ཡིན། །ཕྱི་སྣོད་འཇིག་རྟེན་འདི་ལ་ཆགས། །ནང་བཅུད་སེམས་ཅན་འདི་ལས་གྲོལ། །ཐི་གུ་དྲུག་དེ་ཕྱི་སྣོད་ཡིན། །བརྒྱག་ཁ་དྲུག་དེ་ནང་བཅུད་ཡིན། །ཤཱཀྱ་ཐུབ་པ་ལ་སོགས་པ། །རིགས་དྲུག་ཐུབ་པའི་བླ་མདུད་ཡིན། །ནམ་མཁའ་གཡུ་འོད་དང་བ་ལ། །ཉི་ཟླ་སྐར་གསུམ་བཀྲམ་པ་འདྲ། །ཐང་པོ་ཆེ་ཡི་དཀྱིལ་ཤེད་ན། །དགེ་སློང་གྲལ་དུ་གཤིབ་པ་འདྲ། །མཚོ་ལ་ཁ་ཞག་ཆགས་པ་འདྲ། །གསས་མཁར་གསེར་འཕྲུ་བཙུགས་པ་འདྲ། །རྒྱལ་པོའི་ལ་ཐོད་བཅིངས་པ་འདྲ། །རྒྱལ་མོའི་བྲང་རྒྱན་བཏགས་པ་འདྲ། །རྒྱལ་བུ་ཟུར་ཕུད་བཏགས་པ་འདྲ། །གླིང་བཞི་ཤིང་རྟས་བསྐོར་བ་འདྲ། །དམག་དཔོན་ཁྲོམ་དུ་ལྷག་པ་འདྲ། །སྤང་ལ་མེ་ཏོག་རྒྱས་པ་འདྲ། །ཤིང་ལ་ལོ་འདབ་རྒྱས་པ་འདྲ། །བཀྲ་ཤིས་རྟགས་བརྒྱད་བྲིས་པ་འདྲ། །དཀྱིལ་འཁོར་ཚོམ་བུ་བཀོད་པ་འདྲ། །མུ་ཏིག་བསྟར་ལ་བརྒྱུས་པ་འདྲ། །འདི་སྔོན་གྱི་བསྐལ་པ་དང་པོ་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིས། །དང་པོ་ཐུགས་མཆོག་བསྐྱེད་དུས་བབས། །བར་གྱི་བསྐལ་པ་དབུས་མ་ལ། །སངས་རྒྱས་ཤཱཀྱ་ཐུབ་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་དུས་བབས། །སྟོན་པ་གཤེན་རབ་མི་བོ་དེས། །བོན་སྒོ་བཞི་མཛོད་ལྔ་བཤད་ཉིན་བབས། །རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་དེས། །དཀར་ནག་གབ་ཚེ་བཏིང་ཉིན་བབས། །འདི་འབྱུང་བ་ལྔ་ཡི་གཞི་མ་ཡིན། །ཁམས་སེར་ནག་འཛིན་


MR16_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོ་ཡིན། །མ་འོངས་བསྐལ་པའི་ཐ་མ་ལ། །འཁོར་བ་དོང་སྤྲུག་དུས་སུ་བབས། །ད་ལྟ་བབ་པའི་དུས་བྱུང་ན། །དམག་ཆེན་ཆ་དང་སྡེ་ཆེན་འཁྲུགས། །ས་གཡོ་ཐོག་སེར་དྲག་པོ་དང་། །མི་ཁྱག་ཁུ་རུ་འབབ་པ་སོགས། །ཆེས་ཐལ་ཆེ་བས་ཁྱོགས་པར་དཀའ། །འདི་གནམ་གྱིས་མི་ཁྱོགས་གཞུང་ནས་རལ། །ས་ཡིས་མི་ཁྱོགས་མཐའ་ནས་རྡོལ། །རི་ཡིས་མི་ཁྱོགས་རྐེད་པ་ཉག །ཉི་ཟླས་མི་ཁྱོགས་གཟའ་ཡིས་ཟིན། །སྤྲིན་གྱིས་མི་ཁྱོགས་རླུང་གིས་གཏོར། །མི་ཁྱོགས་མཚན་ཉིད་དེ་ལྟར་ཡིན། །རིམ་གྲོ་ཆོས་ལ་རྩལ་སྤྲུགས་ཤིང་། །བཀའ་འགྱུར་རོ་ཅོག་ལ་རྡུལ་སྤྲུགས་བྱ། །འདི་ཝེར་མ་གནམ་སའི་བདག་པོ་ཡིན། །མ་ཆས་ཡུལ་དུ་འདུག་ཙམ་ན། །ལྷ་ཁང་ཟུར་བཞི་ལོག་བརྒྱད་ལ། །གསེར་འཕྲུ་ཁྱུང་མགོ་བཙུགས་པ་འདྲ། །ཆས་ནས་ལམ་དུ་ཞུགས་ཙ་ན། །རེ་འབྱམས་གཟན་ལ་རྒྱུག་པ་འདྲ། །ལན་ཅིག་ཐང་ལ་བསྡད་ཙམ་ན། །སྤྲ་རི་གུར་ཆེན་ཕུབ་པ་འདྲ། །ལན་གཅིག་ལ་ཁར་བྱོན་ཙམ་ན། །བཅོ་བརྒྱད་ལ་ཁར་ཕྱིན་པ་འདྲ། །དགྲ་ཡི་རི་མགོ་མཐོང་ཙམ་ན། །གནམ་ནས་ཐོག་རྒོད་འཕེན་པ་འདྲ། །ཡོབ་ཆེན་རྐང་གིས་མནན་ཙ་ན། །བར་སྣང་གཟའ་རྒོད་རྒྱུག་པ་འདྲ། །ཤ་གྲི་མཐེབ་ཀྱིས་མནན་ཙ་ན། །སྤང་ལ་མེ་ཆེན་མཆེད་པ་འདྲ། །ལན་གཅིག་དགྲ་ལ་འགྱེད་ཙ་ན། །ཉི་ཟླ་སྤྲིན་གྱིས་གཡོག་པ་འདྲ། །ལྷ་ཁང་ཁྱུང་མགོ་འཛུགས་པ་དང་། །གསེར་འཕྲུ་འོད་དང་ལྡན་པ་དང་། །གྱོ་མོ་ཆར་གྱི་འཁྲུ་བ་གསུམ། །མོ་མདུད་པ་འདི་ལ་ཚང་བ་ཡིན། །མ་རབ་ཕ་ཚོ་ཆུང་བ་དང་། །ཤི་འཕྲོ་ཅན་གྱིས་འདི་མི་ཁྱགས། །བཙན་ཕྱུག་འཕེན་དར་འཛོམ་ལ་གཅེས། །དེ་ལྟར་དིང་དིང་རབ་རྒྱག་ལ། །ལྔ་བཅུ་རྩ་ལྔ་ལས་


MR16_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད། །དེ་སྟེང་སྟེང་འོག་གཡས་གཡོན་དབུས། །ཁོང་བརྒྱག་ལྔ་དང་དེ་འདོམ་བཅས། །དིང་དིང་ནམ་མཁའ་འདྲ་གཅིག་ལ། །བརྒྱག་ཁ་ནམ་མཁའི་ནོར་བུ་དང་། །འདྲ་བ་རེ་གཅིག་ཅེས་ཀྱང་བཤད། །འདི་ཡི་ར་བརྒྱག་ཐམས་ཅད་ལ། །ཁོག་བརྒྱག་འབྱུང་བ་ཉུང་བས་ན། །རྒྱས་པར་བཤད་པ་མེད་ན་ཡང་། །གྲོག་སྐེད་སྒོ་ལ་བརྒྱག་སོང་ན། །དིང་དིང་སྡུག་གི་མཚོ་མོ་ཡིན། །རྒྱ་ཡི་གྲོག་མ་སྐེད་ཉག་ཟེར། །བ་མཁལ་མདུད་སྒོ་གཉིས་བརྒྱག་ན། །གཡས་པར་ལྷ་དར་དཀར་པོ་ཟེར། །གཡོན་པར་སྲིན་དར་ནག་པོ་ཟེར། །ལད་ཚའི་འོག་གི་ར་གཉིས་བརྒྱག །དིང་དིང་གཉན་དར་ཁྲ་བོ་ཟེར། །དེ་སོགས་རྣམ་པ་མང་ཡོད་ཀྱང་། །བཟང་ངན་རྩ་བའི་རིགས་ལས་བསྒྲེས། །རྒྱས་པར་བརྒྱ་ཕྲག་དུ་མར་འགྱུར། །དེ་ཡིས་དིང་དིང་སྡེ་ཚན་རྫོགས། །དིང་དིང་སྤུན་དྲུག་མཁར་བཤད་དང་། །འབྱུང་ཁམས་སོགས་ཀྱི་བཤད་པའང་། །སྣང་མོད་སྦྲོ་ན་གཞན་དུ་ལྟོས། །གཉིས་པ་སྐྱིན་དིང་དབྱེ་བ་ལ། །ཐིག་གུ་ལྔ་པོ་ཟླུམ་པོར་འབྲེལ། །མོ་རྟ་བག་ལ་སོང་བ་ན། །སྐྱིན་དིང་ས་གཞི་བརྡལ་བ་ཟེར། །དོག་མོ་ས་ཡི་བླ་མདུད་ཡིན། །སྨུག་པོ་མཆིན་པའི་རྫིའུ་ཡིན། །སྙིགས་མའི་ནང་ནས་དྭངས་མ་ཡིན། །རུས་སྦལ་མཆིན་པའི་ཤ་ལས་ཆད། །འདི་སྲིད་པ་གང་གི་རིང་ལ་བབས། །སྔོན་འབྱུང་བ་སྲིད་པའི་སྔ་རོལ་ནས། །བརྟན་གཡོའི་དྭངས་མ་འདུས་བ་ལས། །གཡོ་བྱེད་ང་གི་རྒྱ་གྲམ་ཆགས། །དིང་དིང་གུར་ཁྱིམ་སྔོན་པོ་དང་། །སྐྱིན་དིང་ས་གཞི་བརྡལ་བ་གཉིས། །འབྱུང་བ་ལྔ་ཡི་ཕ་མ་ཡིན། །


MR16_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་དེ་གསེར་སྤལ་སེར་པོ་ཡིན། །མ་དེ་གཡུ་སྤལ་སྔོན་པོ་ཡིན། །བུ་ཁོ་རང་འཁྲུལ་གྱི་སྦལ་པ་ཡིན། །སྟག་མོ་མཁར་ཡག་རིང་ལ་བབས། །འཐོར་བ་སྡེ་དྲུག་ཞང་པོ་ཡིན། །སྙིགས་མ་བཀྲུ་བའི་བདུད་རྩི་ཡིན། །སང་ཁམས་བསྡུ་བའི་ཕྱག་ཆ་ཡིན། །ཡར་ལ་ལྷ་མཆོད་འཕེན་མི་ཡིན། །འདྲེ་ལ་མར་གླུད་འཇལ་མི་ཡིན། །ཟས་ལ་ཁ་བགོས་བྱེད་མི་ཡིན། །གཏམ་ལ་ཤག་སྣ་ལེན་མི་ཡིན། །ཁེབ་རྒྱ་ཆེ་བ་དོག་མོ་ས། །དཔའ་ཞིང་བརྟན་པ་གོར་མོ་རྡོ། །འདི་སྨད་དུ་བབ་ན་ས་གཞི་ཡིན། །ས་གཞི་སྙིང་ནས་མ་གས་དགོས། །ལན་དུ་ཐང་ལེ་བབ་ན་གས། །བར་དུ་ཡོངས་འདུས་ས་བརྟོལ་ཡིན། །ཡོངས་འདུ་ཟོར་བས་མ་བརྔས་དགོས། །ལན་དུ་ཆུ་སྤར་ལྡི་བུར་བརྔས། །སྟོད་དུ་མུན་པའི་ཁང་པ་ཡིན། །མུན་ཁང་སྒྲོན་མེ་བཀྱག་ན་བཟང་། །ལན་དུ་བྱ་ཡུན་དང་རྩེ་ཡིན། །སྐྱིན་དིང་ར་གཅིག་བརྒྱག་པ་ན། །སྐྱིན་དིང་གཡུ་ཐོག་སྔོན་མོ་ཟེར། །ཡང་ན་ལྕོག་དཀར་མོ་ཟེར། །ས་མཁར་བདག་པོས་ཟིན་པ་ཡིན། །སྐྱིན་དིང་ར་གཉིས་བརྒྱག་པ་ན། །དགུང་ལ་གསེར་གྱི་ཡང་ཐོག་གམ། །སྐྱིན་དིང་གསེར་མིག་འཁྱིལ་བ་ཡིན། །རྒུར་པོས་འབྲི་སྦྲེལ་རྙེད་ངོ་ཡིན། །འདི་ལ་བརྒྱག་ལུགས་འདྲ་མིན་གཉིས། །སྐྱིན་དིང་ར་གསུམ་བརྒྱག་པ་ན། །གཡང་གི་སྒྲོ་བ་དཀར་མོ་ཟེར། །ཡང་ན་གོ་མོར་དགུ་འབུམ་ཟེར། །གསེར་ལ་གཡུ་ཡི་ཕྲ་རྒྱན་སྤྲས། །ཕྱུག་པོ་ཡང་ཕྱུགས་རེད་པ་ཡིན། །འདི་ལ་བརྒྱག་ལུགས་འདྲ་མིན་གཉིས། །ར་བཞི་བརྒྱག་པར་གྱུར་པ་དེ། །རྨ་ཁྲམ་གསེར་གྱི་བྱ་རུ་ཅན། །ཡང་ན་སྲིད་པ་སྒོ་བཞི་བརྒྱག །ར་ལྔ་བརྒྱག་དང་བཅས་པ་ན། །སྐྱིན་དིང་འཁོར་བ་འབུམ་སྡེ་བརྒྱག །དོག་མོ་ས་ཡི་བླ་མདུད་ལ། །


MR16_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཐོག་བཅུད་ཀྱི་སྙིང་པོ་རྒྱས། །འདི་ནི་སྐྱིན་དིང་གསེར་ཁུ་ཡིན། །ཁོག་ལ་བརྒྱག་གཅིག་སོང་བ་ན། །སྐྱིན་དིང་མཁལ་མ་གླིང་བརྒྱག་ཡིན། །དེ་ལྟར་བརྒྱག་ཚུལ་རྣམ་བརྒྱད་ཡོད། །གཡས་པས་གང་ཟིན་མཁར་སྒོ་ནས། །བརྒྱག་ཁབ་རྩིས་ཏེ་མིང་འདོགས་ལུགས། །སྣང་ཡང་དགོས་པ་ཆུང་བས་བཞག །།ལར་ཆང་ངབ་སྟེང་གི་སྐྱིན་དིང་འདི། །གསེར་སྦལ་སེར་པོས་ས་གཞི་བསྲུང་། །སྐྱིད་སར་ཡོད་པའི་མི་དལ་ཡིན། །ཤར་ཕྱོགས་གཉན་གྱི་བང་མཛོད་གང་། །ཡུལ་ས་དགྲ་ལ་མི་འཆོར་བའི། །རྫིའུ་ཡང་དག་འཁྲུལ་མེད་ཡིན། །བརྒྱག་གཅིག་བྱུང་ན་ངེས་པ་ཡིན། །ཅི་བཏབ་ཅི་ལ་བཟང་བ་ལ། །རྒྱལ་པོ་ནད་པའི་མོ་ལ་ངན། །གཉེན་གྱི་བེར་ཀ་ཆགས་པ་ཡིན། །འདི་ལ་འཇབ་པའི་དགྲ་བཞི་ཡོད། །བཅུ་གཅིག་བྱ་ཡུན་སྒོ་བརྒྱག་ན། །གསེར་སྦལ་དགྲ་ཡི་ཁྱུང་གིས་ཁྱེར། །བཅུ་གཅིག་ཆུ་སྤར་ལྡི་བུར་ན། །དུང་སྦལ་དགྲ་ཡི་འོལ་བས་བསད། །བཅུ་གཅིག་ཆུ་སྤར་སྐྱམ་ནག་དེ། །ཟུན་གྱི་བུ་དེ་དགྲ་ཡིས་བསད། །བཅུ་གཅིག་སེ་སྟོད་བབ་པ་ན། །བང་སྒོ་ཁྲག་གིས་གང་བ་ཡིན། །གཉིས་ལ་སྲིན་མགོ་རྡོ་ཡིས་ཁེབ། །ས་གཞི་རང་གནས་བབ་པས་བཟང་། །ཕོ་ཉ་བཏང་ནས་ལམ་ལོག་ངོ་། །འདི་ལ་བརྒྱག་གཅིག་བཅས་པ་ན། །དཀར་ནག་མཚམས་ཀྱི་རྫིའུ་སྟེ། །དུར་སྒོ་མི་འབྱེད་ཡོན་ཏན་ཡོད། །གསུམ་ལ་གསེར་གྱི་ཕ་བོང་གིས། །འབྲོག་སྲིན་ཁ་ནས་ཐུར་དུ་མནན། །ནད་ཡམས་མི་འོང་རྫིའུ་ཡིན། །ཆུང་གསུམ་ནད་པ་ཡིན་ན་ངན། །སྒེའུ་ཆུང་མཐའ་ལ་ཡར་ངོ་ཡིན། །བཞི་ཤ་སྒྲོ་ནས་ཀྱིས་གང་ངོ་ཡིན། །ས་ནག་ལོ་ཏོག་རྒྱས་པ་ཡིན། །འབྲོང་བསད་འགྲོ་ན་ངན་པ་སྟེ། །དེ་མིན་ཅི་བཏབ་ཅི་ལ་བཟང་། །འདི་ལ་བརྒྱག་གཅིག་བཅས་པ་ན། །ལྷོ་ཕྱོགས་ཀླུ་ཚང་མཐའ་ནས་རྒྱས། །རྒྱ་མཚོ་མི་


MR16_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་རྫིའུ་ཡིན། །ལྔ་དགྲ་བྲ་མོའི་ཕུབ་ལ་རྫི་ཁུར་བྱས། །ལྷོ་ཡི་ས་སྒོ་འདན་ཕྱིར་བཟང་། །ཉེ་བ་གཞན་དུ་འགྲོ་ན་ངན། །ཉེ་བ་དགྲ་དང་ཕྲད་ངོ་ཡིན། །འདི་ལ་བརྒྱག་གཅིག་བཅས་པ་ན། །ལྷ་སྲིན་མཚམས་ཀྱི་རྫིའུ་ཡིན། །དགྲ་འཕྲལ་དུ་མི་ཡོང་གཏམ་དུ་སོང་། །དྲུག་སྨན་ཤར་ལུས་ལ་གསེར་གཡུས་བརྒྱན། །རྒྱན་ཁྲ་མོ་མི་འབྲལ་རྫིའུ་ཡིན། །བུད་མེད་ནད་པ་ཡིན་ན་ངན། །ཐུལ་སྒོག་ཤིག་གི་ཕོ་བྲང་བཅའ། །འདི་ལ་བརྒྱག་གཅིག་བཅས་པ་ན། །རྩ་དཀར་འགྲོལ་བའི་ཡོན་ཏན་ཡོད། །དངུལ་གཞོང་ནང་གི་མར་ཁུ་ཡིན། །ཟལ་དཀར་འབྲི་ལུག་འཕེལ་ངོ་ཡིན། །བདུན་ཕོ་བློ་གསེར་གྱི་ཕ་བོང་གཏང་། །རྒྱབ་རི་ཡི་དམ་ལྷ་ཡིས་བྱེད། །བློ་མི་འགྱུར་ཅི་བཏབ་བཟང་ན་ཡང་། །ས་རྡོ་བཀོད་པའི་མོ་ལ་ངན། །གཏོད་ཀྱི་རྒྱལ་པོ་འཁྲུགས་ངོ་ཡིན། །འདི་ལ་བརྒྱག་གཅིག་བཅས་པ་ན། །སྐྱེས་སྲོག་མི་འགྱུར་རྫིའུ་ཡིན། །བརྒྱད་རི་རབ་ལྷུན་པོའི་རྩེ་མོ་རུ། །ལྷ་རྒྱལ་གཉན་གྱི་དཔའ་མཁར་བརྩིགས། །ལྕགས་ཀྱི་སྐུ་མཁར་སྒོ་མེད་ན། །རྒྱལ་པོ་སྲོག་མེད་འདུག་པ་ཡིན། །ཁྱད་པར་སྲོག་ཕྱའི་མོ་ལ་བཟང་། །སྔགས་པ་གཅིག་གི་མོ་ལ་བཟང་། །དོམ་ཞྭ་གྱོན་ནས་བཙོ་དམར་འཕེན། །བནྡེ་ནད་པར་ནད་ཡུན་རིང་། །འདི་ལ་བརྒྱག་གཅིག་བཅས་པ་ན། །ཡབ་ལྷ་བདལ་དྲུག་གདན་ས་དེར། །བུ་ལྷ་སྲས་ཀུན་གྱིས་ཟིན་པ་དང་། །མོ་བློ་ཁུག་མའི་ནང་ནས་རྙེད། །དགུ་སྟོན་པ་གཤེན་རབ་མི་བོ་དེས། །ནུབ་ཕྱོགས་བདུད་སྒོ་ཕྱག་རྒྱས་བཅད། །ཤི་ཁ་མི་འབྱེད་རྫིའུ་ཡིན། །བོན་པོའི་མོ་ལ་བཟང་ན་ཡང་། །བོན་པོ་ནད་པར་ནད་ཡུན་རིང་། །འདི་ལ་བརྒྱག་གཅིག་བཅས་པ་ན། །མོ་མའི་ལག་པ་སྣུམ་དང་འདྲེས། །གོར་ཕ་ཝང་མི་སྐད་སྨྲ་བ་སྟེ། །ཤི་གསོན་མཚམས་ཀྱི་རྫིའུ་ཡིན། །བཅུ་མ་ཕྱིའི་གསས་མཁར་སེར་


MR16_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །མ་ཕྱིའི་སྲོག་ཕྱར་བཟང་ན་ཡང་། །གནམ་ས་གོ་ལོག་འབྲིང་ཙམ་ཡིན། །ཁྱད་པར་གྲོས་རིང་བྱེད་ན་ངན། །འདི་ལ་བརྒྱག་གཅིག་བཅས་པ་དེ། །ཕྱ་གྲུམ་ཁབ་མི་ཡི་རྫིའུ་ཡིན། །བཅུ་གཅིག་དགྲ་བླའི་དཔའ་མདུད་དེ། །གྲིབ་ཀྱི་སླང་ནག་པོས་བཀབ། །མི་རྒྱུད་འཕེལ་ཁ་བགབ་པ་ཡིན། །ནད་པའི་སྲོག་གི་སྐུང་ས་ཐོབ། །བརྒྱག་བྱུང་ན་རྒོད་ཕྲུག་སྲི་ལས་ཐར། །ནད་པ་མི་འཆིའི་རྫིའུ་ཡིན། །བཅུ་གཉིས་ངམ་གྱི་མགར་བ་དེ། །གཉིད་ལོག་པས་དགྲ་བོ་མི་འོང་ངོ་། །ཐག་རིང་མགྲོན་པོའི་མོ་ལ་བཟང་། །སྡུག་གི་གོང་ཐག་ལྷོད་པ་ཡིན། །ནང་པར་རྟ་རྒྱུག་མོ་ལ་བཟང་། །འགུལ་འཚེར་རྒད་པོལ་ཁར་ཕྱིན། །རྨང་པོས་བག་མ་བསུ་ན་བཟང་། །ཇོ་ལོག་བཞག་ན་བུ་གསུམ་སྐྱེ། །འདི་ལ་བརྒྱག་གཅིག་བཅས་པ་ན། །ཡོད་མེད་མཚམས་ཀྱི་རྫིའུ་ཡིན། །བཅུ་གསུམ་དཔག་བསམ་ཤིང་གི་རྩེ། །ཨར་མོ་ལི་ཀའི་རྡོ་ཡིས་མནན། །མི་རབས་གསུམ་གྱི་འཕེལ་ཁ་བཀག །བློ་ཉེས་སྐྱེས་སྣ་ཐུར་དུ་ཁྲིད། །ཅི་བཏབ་ཅི་ལ་ངན་པ་ལ། །ནད་པ་གཅིག་གི་མོ་ལ་བཟང་། །རུས་སྦལ་རྒྱལ་པོ་ལ་ཁར་བུད། །ཁ་མིག་ཐུར་དུ་བལྟས་པ་ཡིན། །བནྡེ་གླང་ཞོན་མ་ལ་བཟང་། །བནྡེ་སྐྲ་བཞར་རྒྱུན་མི་འཆད། །ཁུག་རོ་རྟ་ཡི་མོ་ལ་བཟང་། །རྟ་རྒོད་མགོ་བཏུམ་རྒྱུན་མི་འཆད། །བྲན་གཡོག་དག་གི་མོ་ལ་བཟང་། །ལྟག་པའི་གཉའ་ཤིང་ཆགས་པ་ཡིན། །འདི་ལ་བརྒྱག་གཅིག་བཅས་པ་ན། །གསེར་གྱི་ཕ་བོང་གྱེན་དུ་འདྲིལ། །གཡག་པོ་ངུར་བས་ལ་དགུ་བརྒལ། །རྡོ་ཨར་མོ་ལི་ཀའི་བླ་མདུད་ཡིན།། །།སྐྱིན་དིང་ལན་དུ་དིང་དིང་ན། །གནམ་ས་ཀ་གདུང་འགྲིག་པ་ཡིན། །ལོ་གསུམ་བར་དུ་དགྲ་མི་འོང་། །སྐྱིན་དིང་ལན་དུ་སྐྱིན་དིང་ན། །གོར་མོ་འཕྲེད་ལ་བསྒྲིག་པ་ཡིན། །སྐྱིན་དིང་ལན་དུ་གལ་བར་ན། །


MR16_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་རི་བོ་འབུར་བ་ཡིན། །སྐྱིན་དིང་ལན་དུ་བྱ་ཡུན་ན། །བྱ་བརྒྱ་གྱོད་ལས་ཐར་པ་ཡིན། །སྐྱིན་དིང་ལན་དུ་བྱ་བུར་ན། །རྡོ་བཟང་རྨང་འགྲམ་བྱས་པ་ཡིན། །སྐྱིན་དིང་ལན་དུ་མུ་ས་ན། །ས་ལ་མེ་ཏོག་བཀྲ་བ་ཡིན། །སྐྱིན་དིང་ལན་དུ་ཝ་ཚོ་ན། །སྐུ་མཁར་རྩེ་ལ་དར་དཀར་ཕྱར། །སྐྱིན་དིང་ལན་དུ་སྤོ་ཚེ་ན། །གསེར་སྦལ་ཁ་ལ་སྐྱེ་ཤིང་སྐྱེས། །རྨང་པོར་བུ་གཅིག་སྐྱེ་ངོ་ཡིན། །སྐྱིན་དིང་ལན་དུ་དམུ་ཐག་ན། །རྒྱལ་པོ་ས་མཁར་མི་ནོར་འཕེལ། །མཁར་ལ་བ་དན་ཚུགས་པ་ཡིན། །བརྒྱག་ཅན་ཡིན་ན་ལྷག་པར་བཟང་། །སྐྱིན་དིང་ལན་དུ་སྐྱེར་དཀར་ན། །ཕྱ་དམུ་གཙུག་གསུམ་བླ་ཤིང་ཚུགས། །ཐང་ལེ་ཏི་ཙ་ཁབ་ཏུ་ཟད། །མགར་བ་གཅིག་གི་མོ་ལ་ངན། །སྐྱེར་ནག་དམེ་རྡོ་ནག་པོ་ལྷུང་། །སྐྱིན་དིང་ལན་དུ་ཚོལ་ཚེ་ན། །རྨང་པོ་འཕན་པོ་རེད་པ་ཡིན། །སྐྱིན་དིང་ལན་དུ་ཁྱུང་བརྒྱང་ན། །ཐང་ལ་ཕྱུགས་ཀྱི་ར་བ་བསྒྲིག །སྐྱིན་དིང་ལན་དུ་ཨ་ཁད་ན། །ཤི་ཁ་ཆད་ལ་ཡ་མ་ཐར། །སྐྱིན་དིང་ལན་དུ་སང་ཁམས་ན། །ས་ལ་རྩྭི་ཐོག་ཡག་པ་ཡིན། །སྐྱིན་དིང་ལན་དུ་སྲང་ཟེ་ན། །རྒྱལ་པོ་ཁྲི་ཐོག་འདུག་པ་ཡིན། །སྐྱིན་དིང་ལན་དུ་བྱོད་ཕུར་ན། །གོར་ཕ་འོང་མི་སྐད་སྨྲ་བ་ལ། །བུ་ཆུང་སྨྲ་ལྕེ་བདེ་བ་སྐྱེ། །གདུང་མ་སྟོང་ཐུབ་རྫིའུ་ཡིན། །བདེ་དལ་མོ་དང་སྲོག་ཕྱར་བཟང་། །བླ་སྒོམ་ནང་ནས་བྱིའུ་འཕུར། །ནད་པར་འདི་བས་ངན་པ་མེད། །ཞིང་ལྷས་རྒུམ་བུ་འཐུ་བ་ཞེས། །ཡུལ་པ་གཅིག་གི་མོ་ལ་ངན། །ཁྲོ་ཆུའི་སླ་ང་བྱི་བས་ཕུག །སྐྱིན་དིང་ལན་དུ་ལྡི་བུར་ན། །ཡུ་བོར་ར་ཅོ་སྐྱེས་པ་ཡིན། །ལན་དུ་རྐང་སྤར་གཡས་རུ་ན། །སེངྒེའི་གྱད་ལག་ས་ལ་ཐོན། །སྐྱིན་དིང་ལན་དུ་ཡར་དིང་ན། །མཁར་ལ་ཡང་ཐོགས་ཚུགས་པ་ཡིན། །སྐྱིན་དིང་ལན་དུ་སུམ་མཉམ་ན། །ཐང་ལ་ལམ་ཆེན་དོད་པ་ཡིན། །སྐྱིན་དིང་


MR16_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་ཙེ་ར་ན། །ཕ་ཝང་དག་ལ་སྤུ་སྐྱེས་ཡིན། །སྐྱིན་དིང་ལན་དུ་གཡུང་དྲུང་ན། །བྲག་ལ་མི་འགྱུར་གསེར་ཡིག་ཤར། །སྐྱིན་དིང་ལན་དུ་ཀྱེ་བ་ན། །ཟླ་བ་ཡར་ཚེས་རྨང་པོ་འཕེན། །སྐྱིན་དིང་ལན་དུ་ད་རོག་ན། །སྦལ་པ་མཚོ་དང་འཕྲད་པ་ཡིན། །གསེར་རྩི་མི་ཡིས་ལོན་པ་ཡིན། །སྐྱིན་དིང་ལན་དུ་དམུ་དབལ་ན། །འཕེལ་བའི་ཐོག་ཏུ་ཡང་འཕེལ་ཡིན། །སྐྱིན་དིང་ལན་དུ་སྐྱམ་རིགས་ན། །སྲིད་པའི་རྒྱལ་མོ་སྐྱེས་ལ་ཆས། །བུད་མེད་འཕོ་སྐྱེས་བྱེད་ངོ་ཡིན། །སྐྱིན་དིང་ལན་དུ་བྱ་རལ་ན། །གསེར་གྱི་ས་གཞི་སྦུབ་ནས་གས། །འབྲས་དྲུག་སད་ཀྱིས་ཁྱེར་བ་ཡིན། །ཅི་བཏབ་ཅི་ལ་ངན་པ་ལ། །དམག་ཆེན་ཆས་པའི་མོ་ལ་བཟང་། །མདོ་བ་རྟ་ཡི་རྨིག་མཁར་བཤིག །ཚོང་ཆེན་ཆས་པའི་མོ་ལ་བཟང་། །ཁྱུང་དཀར་མཛོ་ཡིས་བྱ་ལམ་བགྲོད། །གཙོ་བོ་བློ་ཉེས་མོ་ལ་བཟང་། །མི་རྒན་བློ་ཁ་བདེ་བ་ཡིན། །སྐྱིད་དགའ་ཅན་གྱི་མོ་ལ་ངན། །ཕྱྭ་ཡི་གསེར་མཁར་ཞིག་པ་ཡིན། །ཡུལ་བརྗེ་འབུམ་འདོན་སེལ་ནག་ཕྱེ། །གསས་མཁར་བརྩིགས་ལ་བྱ་ཁྲི་བཏེགས། །བཅུ་གསུམ་བཟང་ན་གཏོ་ཡིས་འགྱུར། །སྐྱིན་དིང་ལན་དུ་ལི་ཡན་ན། །སྲིད་པའི་གཞི་མ་རླུང་གིས་ཁྱེར། །སྐྱིན་དིང་ལན་དུ་མར་དིང་ན། །ཐང་ཆེན་ཨ་བྲས་གཟད་པ་ཡིན། །སྐྱིན་དིང་ལན་དུ་སྤོ་བར་ན། །ས་བདག་རྒྱལ་པོ་ནད་ཀྱིས་བཏབ། །སྐྱིན་དིང་ལན་དུ་སོ་ཡོན་ན། །ས་གཞི་མུན་པས་གཡོག་པ་ཡིན། །སྐྱིན་དིང་ལན་དུ་རུ་སོད་ན། །ས་བདག་ཁྲོས་པས་མི་བདེ་འོང་། །སྐྱིན་དིང་ལ ན་དུ་མ་ཟེ་ན། །ཡུལ་གྱི་བཙན་རྒོད་གནོད་ངོ་ཡིན། །སྐྱིན་དིང་ལན་དུ་ན་འབན་ན། །ཕ་བོང་ཐོག་གིས་བཤིག་པ་ཡིན། །སྐྱིན་དིང་ལན་དུ་དྲོང་རིགས་ན། །ཡུལ་ལ་ཤི་ཆད་འོང་ངོ་ཡིན། །སྐྱིན་དིང་ལན་དུ་བྲག་ནག་ན། །གཏད་མནན་མི་ཁ་སོགས་ཀྱི་རོ། །སེ་སྟོད་གསེར་སྦལ་དུག་གིས་ཤི།། །།


MR16_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལར་སྐྱིན་དིང་ས་ཡིས་མི་ཐེག་པ། །སོ་ཡོན་ཐང་ལེ་ལི་ཡན་གསུམ། །དེ་གསུམ་གང་རུང་ལན་དུ་བབ། །ས་ཟད་ཐང་ཟད་ཅི་ལ་ངན། །སྤྱིར་སྐྱིན་དིང་གསེར་གྱི་ས་གཞི་འདི། །སྟོད་དུ་བབ་ན་གཡའ་རི་ལ། །གཡའ་རིར་བྱ་ཚང་བཅས་ན་བཟང་། །ལན་དུ་བྱ་ཡུན་བབ་ན་ཡིན། །སྨད་དུ་བབ་ན་ཡུལ་བཟུང་ངོ་། །ཞིང་རྨོ་འཕྲུལ་འདུལ་བྱེད་ན་བཟང་། །ཆོས་འབྱུང་འདྲ་བ་གཉིས་སྤྲེལ་ན། །གལ་བར་ཞེས་སུ་གྲགས་པ་སྟེ། །ཡབ་ལྷ་བདལ་དྲུག་བླ་གནས་ཡིན། །དབུས་ཀྱི་རི་རྒྱལ་ལྷུན་པོ་ཡིན། །བྱ་རལ་ཆགས་འཇིག་ཉི་ཤུ་ལྔ། །སྐུ་མཁར་འདི་ལ་བརྟེན་པ་ཡིན། །འདི་ཡེ་སྨོན་སྲིད་པའི་རིང་ལ་བབ། །ཡེ་ངམ་གཉིས་ཀྱི་ས་མཚམས་ན། །མཐུ་ཆེན་ཝེར་མས་མཁར་ཞིག་བརྩིགས། །མཁར་སྒོ་ཤར་གྱི་ཕྱོགས་སུ་གཏད། །སྒོ་བཞི་ལོག་བཞི་ཟུར་བརྒྱད་པ། །རིན་ཆེན་དུང་གི་བ་གམ་ཅན། །རྨང་གཞི་ཕ་ལམ་ཡ་ཁེབ་གསེར། །ཟུར་བཞི་ཁྲོ་ཆུ་ངར་མར་གྲུབ། །རྩེར་དགྲ་བླ་བྱ་ཁྱུང་ཚང་ཞིག་བཅས། །དུང་ཁྱུང་དགོང་དུ་འཕུར་ཙ་ན། །དུང་གི་བྱ་བུན་ཉི་ལི་ལི། །དེ་ལ་དུང་གི་དམག་མི་འབུམ། །ཤར་ཕྱོགས་སྲུང་བའི་ཝེར་མ་ཡིན། །མཐུ་ཆེན་མཁར་གྱི་ལྷོ་ཕྱོགས་ན། །དགྲ་བླ་ཞེ་སྡང་མགར་ནག་གིས། །མུན་པའི་མཁར་ཚང་དགུ་རིམ་བྱས། །ཝེར་མའི་མགར་ཚང་དེ་ལ་བྱ། །མཁར་གྱི་ལོག་རེར་ཁྲོ་བོ་རེ། །གླང་དཀར་ཁྲི་ཡི་གདན་ལ་བཞུགས། །ཁྲོ་བོ་སྟོང་དང་དགུ་བརྒྱར་སྤྲུལ། །སྟོད་ན་གློག་གི་ཞགས་པ་འཁྱིལ། །སྨད་ན་བསྐལ་པའི་མུན་པ་འཁྲིག །སྐེད་པ་རེ་འབྱམས་སྤྲུལ་གྱིས་དཀྲིས། །སྤྲེལ་དཀར་འབུམ་གྱི་ཕྱག་བརྙན་བྱེད། །ལྷོ་ཕྱོགས་སྲུང་བའི་ཝེར་མ་ཡིན། །མཐུ་ཆེན་མཁར་གྱི་ནུབ་ཕྱོགས་སུ། །དགྲ་བླ་དུང་ཁྲས་ཚང་ཡང་བཅས། །ཁྲ་ཆེན་སེར་བ་འབེབ་པ་


MR16_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཁྲ་ཕྲུག་ཁུ་འཕང་འདྲིལ་བ་འདྲ། །ཁྲ་མོ་བུ་ཡུག་འཚུབས་འཚུབས་བྱེད། །གཤོག་པ་རེ་རེ་སྤྲུགས་པ་ལས། །གཟི་ཡི་བྱ་བུན་ཐོ་རོ་རོ། །དེ་ལས་གཟི་ཡི་དམག་མི་འབུམ། །སྟག་མོ་འབུམ་གྱི་གདན་ལ་བཞུགས། །ནུབ་ཕྱོགས་སྲུང་བའི་ཝེར་མ་ཡིན། །མཐུ་ཆེན་མཁར་གྱི་བྱང་སྒོ་ན། །ལྕོག་ཆུང་དཀར་མོའི་ཚང་ཡང་བཅས། །དུང་གི་ལྕོག་ཆུང་དགུ་འབུམ་རེ། །འགྱུར་སྐད་བཏོན་ནས་འཕུར་བ་ན། །གཡུ་བུན་སྔོན་པོ་ཐུ་ལུ་ལུ། །དེ་ལས་གཡུ་ཡི་དམག་མི་འབུམ། །བྱང་ཕྱོགས་སྲུང་བའི་ཝེར་མ་ཡིན། །སྐུ་མཁར་དེ་ཡི་ནད་ཤེད་ན། །མཐུ་ཆེན་མགོན་པོ་ལྕམ་དྲལ་བཞུགས། །མཐུ་ཆེན་ལྕམ་དྲལ་མཚན་ཉིད་ནི། །སྐུ་སྟོད་མི་ལ་སྐུ་སྨད་འབྲུག །ཆུ་སྲིན་སོ་ལ་གློག་གི་ལྕེ། །སེང་གེའི་མགོ་ལ་ཟངས་ཀྱི་ཁ། །རྐེད་པ་ང་གི་འཁོར་ལོ་ཅན། །རྒྱུག་ནི་གླིང་བཞིའི་བར་སྣང་རྒྱུག །གནས་པ་མཐུ་ཆེན་མཁའ་ལ་གནས། །བརྒྱག་བཟང་བྱུང་ན་དེ་ལ་བླ། །དམག་ཆེན་དྲ་མ་ཆ་ཉིན་དགོས། །ཕོ་ལྷ་དགྲ་ལྷ་གཉན་པོ་ཡིན། །སྲིད་པའི་རེ་འབྱམས་གཟེན་ལ་ཆས། །རེ་ནི་དམག་གི་ཕོ་ལྷ་རེ། །འབྱམས་ནི་བདུད་དང་ངམ་ལ་འབྱམས། །རེ་འབྱམས་བྱ་བའི་གཏན་ཚིགས་སོ། །བརྒྱ་ཚོའི་ཤ་ཡིས་ལྟོ་མི་གང་། །སྟོང་ཚོའི་ཁྲག་གིས་ཁ་མི་དམར། །དེ་ཕྱིར་རང་སའི་བཙན་སར་དགོས། །གཏད་ན་མི་ཕུག་བློ་འཛིན་ཡིན། །ཕྱི་ས་སྒོ་བཞིར་འདི་བབ་ན། །རེ་འབྱམས་འདྲ་བའི་དགྲ་ངོ་ཡིན། །མཁར་རྩེ་དེ་ལ་བརྒྱག་སོང་ན། །གལྤར་ལ་སེ་ཁྲོ་བོ་འམ། །སྟག་རི་ཁྲ་མོ་ཞེས་ཀྱང་བྱ། །ཡང་ན་དུང་གླང་དཀར་པོ་ཟེར། །གཉིས་པ་བརྒྱག་ན་བ་གླང་སྨུག་པོའམ། །གལ་བར་འུག་པ་གསེར་མིག་ཡིན། །ལྷག་པར་བཙན་འགྲོས་བྱེད་ན་བཟང་། །དེ་གཉིས་བཟང་བའི་སྡེ་ཚན་ཡིན། །


MR16_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བརྒྱག་ངུར་གླང་ནག་པོའམ། །ཡང་ན་ཤ་གྲི་ལྡེམ་དཀར་ཟེར། །སྨོན་པའི་དུང་གླང་རྟོལ་གྱིས་བསད། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །འདི་སྲིན་པོའི་གློ་མདའ་ཡིན་པས་ན། །སྙིང་མིག་སྲོག་གསུམ་རྩེ་འཛིན་བཞིར། །བབ་ན་གློ་མདས་ཕོག་པ་ཡིན། །ཕྱི་སར་གློ་མདའ་དགྲ་ལ་ཕོག །མ་ལ་བརྒྱག་གཉིས་འབྱུང་ཚུལ་ལ། །རྣམ་གྲངས་གསུམ་ཡོད་གསུམ་བརྒྱག་གཅིག །དེ་དག་གལྤར་གླང་ཆེན་ཡིན། །བཟང་ངན་རིམ་པ་རིག་པས་ཤེས། །དེ་ཡི་ལན་དུ་མ་ཟེ་ན། །དུང་གླང་རྡོ་ཡིས་བརྡུང་བ་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །འགག་གྲིར་ཤི་བའི་སྲི་ངན་གྱིས། །མོ་བཙུན་རང་ཉིད་འགག་ཀྱང་སྲིད། །ལོ་མལ་གང་བབ་ནད་པར་རྩུབ། །གལ་བར་བུ་ལ་བརྒྱག་གཅིག་བྱུང་། །གལ་བར་གླང་ཆེན་ཐོད་དཀར་ཟེར། །ཞང་ཞོང་ཕུག་པས་མིང་བཏགས་པ། །རང་བྱུང་ཉི་མ་འོད་ཟེར་བརྐྱག །ཞང་ཞོང་བར་པས་མིང་བཏགས་པ། །ཀུན་གསལ་ཤེལ་གྱི་མེ་འོད་བརྒྱག །ཞང་ཞོང་སྒོ་བས་མིང་བཏགས་པ། །གལ་བར་བདུད་རྩིའི་ཐིག་པ་ཟེར། །ཡང་དག་གཤེན་གྱིས་མིང་བཏགས་པ། །གལ་བར་ལ་སེ་འབྲུག་རིས་བརྒྱག །སྲིད་པ་དང་པོའི་དུས་ཀྱི་ཚེ། །དཔལ་བོན་ར་ལྗགས་རིང་ལ་བབ། །དཔལ་བོན་མཁས་པར་ལྗགས་ཀྱི་ས། །ལྕགས་ཀྱི་ཐེའུ་རང་བཏུལ་ནས་སུ། །གྲི་ཁམས་མ་ལུས་དབང་དུ་བསྡུས། །སྲིད་པ་ཐ་མའི་དུས་ཀྱི་ཚེ། །གླང་ཆེན་ས་ལ་རབ་བརྟན་གྱིས། །ས་གཞི་སེར་པོ་བསྲུང་ཉིན་བབས། །འདི་དགྲ་བླ་གླང་དཀར་ཤེད་རྒྱས་ཡིན། །ཕུབ་ཁུང་རྣམས་ཀྱི་ཝེར་མ་ཡིན། །བུ་ལ་བརྒྱག་གཉིས་བྱུང་བ་ན། །ཐལ་དཀར་མཆེ་བ་དྲུག་ལྔན་བརྒྱག །བུ་ལ་བརྒྱག་གསུམ་བྱུང་བ་ན། །ཁྱུ་


MR16_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ས་སྲུང་དབང་པོ་བརྒྱག །དེ་ལྟར་བུ་བརྒྱག་རྣམ་གྲངས་གསུམ། །ཤིན་ཏུ་བཟང་བའི་མོ་མདུད་ཡིན། །གལ་བར་མ་ཡི་ཁོག་བརྒྱག་ལ། །བདུད་རྩི་ཐིག་པ་ཞེས་ཀྱང་ཟེར། །ཐིག་པ་དགྲ་ལ་མ་ཤོར་དགོས། །སྒོ་བཞིར་བབ་ན་ཤོར་བ་ཡིན། །བུ་ཡི་ཁོག་བརྒྱག་ཐོད་དཀར་ཟེར། །ལྕགས་མཁར་དགུ་རིམ་སྒོ་སྲུང་བའི། །ཝེར་མ་དུང་གི་ཡ་ཐོད་ཅན། །ངོམ་ཁམས་གནོན་པའི་ཕོ་ལྷ་ཡིན། །ཕོ་ལྷ་གཤེད་དུ་མ་བབ་དགོས། །ཕྱི་སར་ཤོར་ན་གཤེད་དུ་བབ། །ལན་གྱིས་མི་ཐུབ་དགྲ་ངོ་ཡིན། །དེ་ནས་མ་བུའི་བརྒྱག་འདོམ་ཚུལ། །མཁར་རྩེ་བརྒྱག་པ་གཞིར་བཞག་ལ། །བུ་བརྒྱག་གསུམ་པོས་བསྒྱུར་ནས་སུ། །དུང་གླང་ཐོད་དཀར་ལ་སོགས་པའི། །མིང་འདོགས་རིག་པས་སྦྱར་ཏེ་ཤེས། །དེ་བཞིན་བན་གླང་ཐོད་དཀར་སོགས། །གཉིས་པ་ལ་ཡང་རྣམ་གྲངས་བསྒྲེ། །སྒོ་བརྒྱག་ལ་ཡང་དེ་བཞིན་དུ། །ངམ་གླང་གིས་དྲངས་མིང་གཞན་སྦྱར། །མ་ཡི་གཉིས་བརྒྱག་གསུམ་པོ་དང་། །བུ་བརྒྱག་གསུམ་སྦྱར་རྣམ་གྲངས་དགུ། །མ་བརྒྱག་གསུམ་པ་གཅིག་པོ་ལ། །བུ་བརྒྱག་གསུམ་སྦྱར་རྣམ་གྲངས་གསུམ། །སོ་སོའི་མིང་འདོགས་གོང་ལྟར་སྦྱར། །དེ་བཞིན་ཁོག་བརྒྱག་ལ་ཡང་འགྲེ། །མིང་འདོགས་མི་འདྲ་སྣ་ཚོགས་དང་། །བཤད་པ་སྣ་ཚོགས་ཅི་རིགས་ཀྱང་། །གོང་ལས་དཔག་སྟེ་ཤེས་པར་བྱ། །འདིར་ནི་སྙིང་པོ་མདོར་བསྡུས་པའོ། །མ་བུའི་ར་དྲུག་བརྒྱག་པ་ན། །གལ་བར་བརྒྱག་དྲུག་ཁ་སྤྲོད་ཟེར། །གླང་ཆེན་ས་ལ་རབ་བརྟན་ཡིན། །ཡང་དག་དྲྭ་བ་ཆེན་མོ་ཡིན། །གལ་བར་འཁོར་ལོ་རང་གྲུབ་སྟེ། །གནམ་ལ་འཁོར་ལོ་འབུམ་སྡེ་བརྒྱག །ཡང་དག་དྲྭ་བ་འབུམ་ཤོང་བརྒྱག །དགྲ་བླའི་གླང་དཀར་


MR16_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མཚལ་ཐིག་ཡིན། །དམག་ཆེན་འགྱེད་ན་ལྷག་པར་བཟང་། །ལར་ཅི་བཏབ་ཅི་ཡི་མོ་ལ་ཡང་། །ཆེས་ཐལ་མེད་ན་ཤིན་ཏུ་བཟང་། །དེ་ལྟར་གལ་བར་བརྒྱག་བཟང་རིགས། །ཕས་རྒོལ་གང་གིས་མི་ཚུགས་པའི། །ལྷ་དབང་ཞོན་པ་གླང་ཆེན་ཡིན། །གསེར་རི་རི་རབ་བླ་མདུད་དེ། །མི་གཅིག་མི་བརྒྱ་འཕེལ་བའི་མོ། །མི་ནོར་ཆོས་གསུམ་དུས་གཅིག་འཛོམས། །གང་བསམ་འགྲུབ་ཅིང་ཕོ་བློ་བརྟན། །བསྟན་ཆུས་རྒྱ་མཚོ་བཞིན་དུ་འཕེལ། །རང་སར་བཟང་ཞིང་ཕྱི་སར་ངན། །ལར་གཅིག་གི་སྟེང་དུ་གལ་བར་ན། །ས་ཡི་རྟེན་ཕུར་ཚུགས་པ་ཡིན། །རི་རབ་མི་འགྱེལ་རྫིའུ་ཡིན། །ཡུལ་གྱིས་བཟུང་མཁར་རྩིགས་དང་། །མགྲོན་པོ་ཆ་བའི་མོ་ལ་བཟང་། །གཉིས་ལ་ཕ་མེས་དུར་ས་བདེ། །གཅོང་ནད་ཅན་གྱི་མོ་ལ་བཟང་། །དགྲ་ཕྱར་དགྲ་ཡི་ངོ་ཡང་ཡིན། །སྒོ་བརྒྱག་ཆུང་སྲིའི་སྒྱེད་པུ་བཙུག །གསུམ་ལ་བརྟན་པའི་རི་བོ་ཚུགས། །བུ་ཡི་སྲིད་མཐའ་འཕེལ་བ་ཡིན། །རྨང་པོའི་མི་སྒབ་ལྷ་ཡིས་སྤེལ། །བཞི་ལ་ཀླུ་རྒྱལ་ནོར་རྒྱས་ཡིན། །གསེར་གྱི་ཕ་འོང་གྱེན་ལ་འདྲིལ། །ནོར་གཡང་མི་ཉམས་རྫིའུ་ཡིན། །དགྲ་བླའི་ཕུབ་སྡང་ཚུགས་པ་ཡིན། །ཅི་བཏབ་ཅི་ལ་བཟང་ན་ཡང་། །དམང་པོས་ལྟེ་བསྒྱུར་བྱེད་ན་ངན། །སྐྲན་ནད་ཅན་ལ་ལྷག་པར་ངན། །གཅོང་གི་སྐྲན་རྡོ་རི་ཡིས་ལྗི། །ལྔ་ལ་དགྲ་བོ་རི་ཙམ་གཡོ། །མདོ་སྒྲོགས་དབང་ཕྱུག་ཟོར་མདོས་དང་། །བརྒྱ་བཞི་ལྷོ་ཕྱོགས་བོར་བ་དགོས། །དྲུག་ལ་དཔལ་གྱི་རི་བོ་ཡིན། །བ་གླང་སྨུག་པོས་རང་ས་ཟིན། །ཕྱ་ལྕམ་རྒྱལ་མོའི་བླ་རི་སྟེ། །ཁྱིམ་སའི་རྟེན་ཕུར་ཚུགས་པ་ཡིན། །ཐོད་དཀར་བབ་ན་དེ་བས་བཟང་། །བདུན་སྐྱེས་པའི་བློ་མཐའ་བྲག་ལ་གཏད། །སྐྱེས་པ་ཚེ་རིང་ནད་དང་བྲལ། །ཕ་ཚན་ཆེ་ལ་མི་གྲངས་འཕེལ། །


MR16_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བན་གླང་སྨུག་པོས་རི་རབ་བཟུང་། །རྒྱལ་པོའི་གདན་ས་མི་འཆོར་ཞིང་། །ངན་པ་དགུ་ཐུབ་རྫིའུ་ཡིན། །སྲོག་ཕྱ་བརྟན་ཅིང་གཞི་ལ་བརླིང་། །དགུ་གསས་མཁར་སྲིན་གྱིས་བཟུང་བ་ཡིན། །ལྷ་མཆོད་དང་ནི་ཁྲུས་གསོལ་བྱ། །ཤི་སྒབ་ཡོད་ན་ཆོད་པ་ཡིན། །གཤེན་རབ་ཕྱག་རྒྱས་ནུབ་སྒོ་བཅད། །བཅུ་ཁྱིམ་ས་སྲིན་གྱིས་མ་ཕྲོག་ཞིང་། །འབྱུང་བ་གདགས་སྲིབ་མ་ལོག་བཟང་། །ལོ་གསུམ་བར་དུ་ཁྱིམ་ཕྱ་ཚུགས། །བཅུ་གཅིག་སྲུང་མ་རྟག་ཏུ་འགོ ། ཁྱུང་ཁྱུང་དཀར་པོའི་བླ་གནས་དར། །ལྷག་པར་བྲག་བཙན་འགོ་བ་ཡིན། །གླང་ཆེན་རི་རབ་རྩེ་ལ་བུད། །འདྲེ་སྲིན་ཕྱག་རྒྱའི་འོག་ཏུ་མནན། །བཅུ་གཉིས་ངམ་གྱི་ཤ་མཐའ་བྲག་དམར་ཡིན། །བྱང་ནས་དགྲ་ཆེན་འགུལ་བ་ཡིན། །བདུད་བཅོས་བྱ་ཞིང་དཀོན་བརྩེགས་འདོན། །ལྷག་པར་བརྒྱག་ཁ་ཡོད་ན་ངན། །གལ་བར་ཐོད་དཀར་བབ་པ་ན། །བླ་མཆོད་ལེན་པའི་མོ་ལ་ངན། །ནོར་ལ་གློ་རྩི་བརྒྱབ་ན་ངན། །བཅུ་གསུམ་རི་འཕང་གནམ་དུ་སླེབས། །རྩེ་མོར་ལྷ་ཡི་ཕོ་བྲང་ཚུགས། །སྨོན་པའི་དུང་གླང་དཀར་པོ་དེའི། །དཔའ་སྐེད་རི་བོའི་རྩེ་ནས་བཏོན། །འདི་བརྒྱག་ཅན་རང་སར་བབ་པ་ན། །གསེར་ལ་གཡུ་ཡིས་སྤྲས་པ་ཡིན། །ཕྱི་སར་ངམ་གླང་ར་གཡུག་བྱས། །དུར་གླང་ངར་སྐད་འབྱིན་པ་ཡིན། །དགྲ་ངོ་ཡོད་པས་དགྲ་བཅོས་བྱ། །གལ་བར་ལན་དུ་དིང་དིང་ན། །ཟས་ནོར་འཕེལ་བའི་མོ་མདུད་ཡིན། །སྐྱིན་དིང་བྲེ་སྲང་འགྲེ་ལོག་བྱས། །ཡུལ་ལ་སྟོང་ཆེན་ལྔ་བརྒྱ་བྱས། །གལ་བར་ལན་དུ་གལ་བར་ན། །བྱ་ཡི་གསེར་མཁར་ཚང་བ་ཡིན། །གལྤར་ལན་དུ་བྱ་ཡུན་ན། །བླ་བྱ་དཀར་པོ་གཤོག་པ་རྒྱས། །གཞན་ལ་ཁོང་ཁྲེལ་སྐྱེས་པས་བཟང་། །བག་བྱ་རི་ལ་གསེར་ཉི་ཤར། །བྱ་བུར་མཁར་རྩེར་ཟླ་བ་ཤར། །ཁྲབ་མོའི་རང་འོད་ཟླ་ལྟར་གསལ། །མུ་ས་


MR16_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་དཔའ་ཤེད་རྒྱས། །མུ་ས་བྱ་ཡུན་ས་སྲིན་ཀླུ་སྲིན་གནོད། །ཝ་ཚོ་ཁྲབ་ཅན་དགྲ་ལས་རྒྱལ། །མཁར་ལ་དཔའ་མདུང་ཚུགས་ངོ་ཡིན། །སྤོ་ཚེ་གླང་ཆེན་སྤུ་ཐོག་རྒྱས། །དམུ་དག་གླང་ཆེན་ཚ་སྣར་བྱས། །ཡབ་ལྷ་ཚེ་རིང་ལྷ་ཁྱིམ་ཕུབ། །སྐྱེར་དཀར་གླང་ཆེན་མཚོ་ལ་བསྐྱལ། །བྱ་བ་དག་ལ་ཕྱི་དལ་ཡིན། །སྐྱེར་གྱི་ཨ་མོ་གྷ་གྷ་ན། །སྲིད་པའི་རྟེན་ཕུར་བུད་པ་ཡིན། །བསྐལ་པའི་སྲོག་ཤིང་ཆག་པ་ཡིན། །གལ་བར་ཡབ་ལྷ་བདལ་དྲུག་ལ། །ལན་དུ་ཐེའུ་རང་རྐང་གཅིག་འཇིགས། །སུམ་སྐྱེར་བབ་ན་དེ་ལ་ཟེར། །དམ་སྲི་ཐེའུ་རང་མདོས་ཀྱིས་བཀར། །སྐྱེར་ནག་རི་བོ་གུར་ཁྱིམ་རྡིབ། །ཚོལ་ཚེ་ཁོང་པ་སྙིང་གང་བཟང་། །བྲག་ལ་ཁྲ་ཚང་བཅས་པ་བཙན། །བག་ཚོ་གཉན་གྱི་ཕ་ནོར་ཐོབ། །ཁྱུང་བརྒྱང་མཁར་རྩེར་བྱ་ཁྱུང་ལྡིང་། །ཨ་ཁད་རི་ནགས་མེ་ཡིས་འཚིག །ཨ་ཁད་རྩེ་མ་བབ་ན་བཟང་། །དམ་དང་འཁྲུགས་ངུས་བཀོད་པ་ཡིན། །ཕུང་ཁང་ལྷ་ཁྱིམ་ཕུག་ནས་རྡིབ། །སད་ཁམས་ཡབ་ལྷའི་དབང་སྡུད་བཟང་། །སྲང་ཟེ་ཡབ་ལྷའི་དཔའ་སྐད་སྒྲོགས། །བྱོད་ཕུར་ཁུ་བྱུག་སྔོན་པོ་ཡག་ལ་གྲགས། །ལྡི་བུར་ཀླུ་གླང་ར་རྒྱས་བཟང་། །གླང་ཆེན་མགོ་རུས་བརྩན་ཀྱང་ཟེར། །ཡར་ལྡིང་མཁར་ལ་ཡང་ཐོག་བརྩིགས། །སུམ་མཉམ་མཁར་རྩར་མགྲོན་ལམ་དོད། །ཙེ་ར་བྲག་ལ་གཡུ་ཤུག་བརྟན། །གཡུང་དྲུང་མཁར་ལ་རྒྱལ་པོ་བཞུགས། །ཀྱེ་བ་མི་ཡི་སྐུ་མཁར་བརྟན། །ད་རོག་ཕྱུགས་ཀྱི་ར་བ་བཙན། །མུ་དབལ་གཤེན་གྱི་ཕ་མཁར་རྩིགས། །སྐྱམ་བབ་ཆུ་གླང་སྣ་རྩེ་ཟག །རི་རབ་རྩ་བ་ཆུ་ཡིས་བཤིག །ཅི་ལ་བཏབ་ཀྱང་ངན་པ་ལ། །སྡུག་བསྔལ་ཅན་གྱི་མོ་ལ་བཟང་། །སྐྱམ་སེ་གླང་ཆེན་རྡིབ་གྲིར་ཤི ། སྐྱམ་ཆད་སྲོད་ལ་གླང་པོ་སྟོར། །སྐྱམ་ནག་སྐྱེ་ཤིང་རྩེ་ལ་གྲི་བྱ་བབས། །བྱ་རལ་རི་རབ་རྡུལ་དུ་ཞིག །གནང་


MR16_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མི་དང་མཁོན་རྩོད་ཡོད། །སྟོད་སྨད་གང་ཡིན་དེ་ལྟར་ནི། །འཐོར་ཞིག་བྱེ་བྲལ་སྡུག་བསྔལ་ངོ་། །གནམ་ས་བྱ་རལ་ཕྱ་རྗེ་བདུད་ཀྱིས་བསད། །ཤིང་ཤག་བྱ་རལ་གནམ་སའི་དམུ་དག་ཆད། །ལི་ཡན་རི་རབ་བང་རིམ་འཆུག །ཡབ་ལྷ་བདུད་དང་ཕྲད་པ་ཡིན། །ཕྱུག་པོའི་བང་མཛོད་སྟོང་པ་ཡིན། །མར་ལྡིངས་ཁྱིས་ས་གཡོས་སྤྲུགས་པ་ཡིན། །སྤོ་བར་ཡེ་རྗེ་ངམ་ཤོར་ངན། །སྤོ་སྟོད་གསེར་ཁྲི་རྐེད་དུ་ཆག །གལ་པར་ལན་དུ་སོ་ཡོན་ན། །རྒན་མོ་རྒས་ནས་བུ་ཤི་ཡིན། །རུ་སོད་དཔའ་མཁར་བདུད་ཀྱིས་བཅོམ། །མ་ཟེ་བྱ་བུ་བདུད་ཀྱིས་བསད། །ན་འབན་གསས་མཁར་ཐོག་གིས་བཤིག །དྲོང་རིགས་མཁར་ལ་སྒྱོག་རྡོ་ཕོག །སང་རིགས་ཟེ་མ་ཡེ་ཡོང་ཉན། །བྲག་རིགས་སྐུ་མཁར་དགྲ་ཡིས་ཁྱེར། །སེ་སྟོད་འབྲོང་བུ་གཡང་ལ་ལྷུང་། །བརྒྱག་བཟང་དང་མ་གང་བྱུང་བཟང་། །ཐིག་གུ་གཅིག་འཇུས་གཅིག་ལྷུང་བ། །བྱ་ཡུན་ཞེས་སུ་གྲགས་པ་སྟེ། །གསལ་བའི་ཉི་མ་རང་ཤར་ཡིན། །ལྷ་གཟིགས་པ་སྤྱན་རྣོའི་རིང་ལ་བབས། །ཕ་དེ་ལྷ་རླུང་དཀར་པོ་ཡིན། །མ་ནི་རྫི་ཡི་བུ་མོ་ཡིན། །ཁོ་རང་རྫུ་འཕྲུལ་བྱ་དཀར་ཡིན། །མེས་པོ་ངད་ཀྱི་རྒྱལ་པོ་ཡིན། །ཕྱི་མོ་འོད་ཀྱི་སྒྲོན་མེ་ཡིན། །མུན་ཁམས་སེལ་ཞིང་ངམ་ཁམས་འདུལ། །ཕོ་ལྷའི་ནང་གི་ཡང་ལྷ་ཡིན། །གནམ་ས་གཉིས་ཀྱི་སྒྲོན་མེ་ཡིན། །དྲོ་གསལ་གཉིས་ཀྱི་གྲོལ་ཕུག་ཡིན། །དྲན་པ་སེམས་ཀྱི་མཚོན་རྣོན་ཡིན། །འདི་ཡིས་མི་ཐུབ་ཅི་ཡང་མེད། །སེམས་ལ་མི་ཤེས་གཅིག་ཀྱང་མེད། །དྲན་པས་མ་བྱས་གཅིག་ཀྱང་མེད། །ཕྱ་ལུང་བྲག་དཀར་རྩེ་མོ་དེར། །བྱ་མ་བུའི་བྱ་ཚང་བཅས་པ་ཡིན། །བྱ་བ་སྨོན་ལམ་བྲག་ལ་བཏབ། །བྱ་དཀར་དངུལ་གཤོག་འདབ་བརྒྱ་སྲིད། །ཁྱད་པར་གཡས་སུ་བཏགས་ན་བཟང་། །བྱ་


MR16_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་དང་རྩེ་དཀར་མོ་ཟེར། །རྒྱལ་ཁམས་གསལ་བའི་སྒྲོན་མ་ཡིན། །སོ་ཡོན་མུན་པ་གསལ་མི་ཡིན། །དབྱིས་ཀྱི་ཁྲག་མཚོ་སྐམ་མི་ཡིན། །སྨོན་པའི་ལྷ་བྱ་དཀར་པོ་དེ། །སྨོན་མཁར་རྩེ་ནས་བབ་པ་ཡིན། །ཕྱི་ཡི་ཐིག་གུ་བཞི་འབྲེལ་པ། །སྨོན་མཁར་གྲུ་བཞི་ཡོད་པ་ཡིན། །སང་གཅིག་ས་ལ་ཡར་བ་དེ། །དུང་སྒོང་ས་ལ་འཕར་བ་ཡིན། །དམུ་ཐག་གྱེན་དུ་འཇུས་པ་ནི། །ཡེ་སྨོན་ཁ་འཛིན་བྱེད་པ་ཡིན། །ཐི་གུ་དང་པོར་དམུ་ཐག་འཇུས། །བྱ་ཡུན་དཀར་པོ་དྲང་ཤིང་ཡིན། །གཉིས་པར་ལྷ་མདའ་ལྡེམ་པ་ཡིན། །གསུམ་པར་བྱ་ཡུན་དམར་པོ་ཡིན། །མོ་རྟ་དག་ལ་འཇུས་པ་ན། །བྱ་ཡུན་རོག་མོ་བྱ་བ་ཡིན། །རོག་པ་ཁ་འཐམ་བདུད་ཀྱི་བྱ། །ཟས་དེ་ཡེ་ལ་ཟ་བ་ཡིན། །ཁ་འཛིན་ངམ་ལ་བྱེད་པ་ཡིན། །འཇུས་རིགས་བཟང་ངན་ཐམས་ཅད་ཀྱང་། །དེ་ཡི་ཚུལ་དུ་ཤེས་པར་བྱ། །བྱ་ཡུན་གྲོལ་ཕུག་མུ་ས་ཡིན། །གཡུང་དྲུང་དིང་མོ་གལ་ཆེན་ཡིན། །བྱ་ཡུན་ལྟག་བདུད་སྲང་ཟེ་ཡིན། །བྱ་ཡུན་གཟན་དེ་སེ་སྟོད་ཡིན། །ཚོལ་ཚེ་ལྕགས་མདོག་དྲུག་པོ་ཡི། །འདུས་སོ་བྱ་ཡུན་དང་རྩེ་ཡིན། །གཅིག་གི་སྟེང་དུ་བྱ་ཡུན་ན། །བསོད་ནམས་མེ་ལྟར་འབར་བ་ཡིན། །ཀླུང་རྟའི་ཀ་བ་ཚུགས་པ་ཡིན། །གཉིས་དགྲ་མེད་ཡུལ་ནས་བྱ་བཏང་འོང་། །མི་གཉིས་གཏམ་ཁྱེར་ཤར་ནས་འབྱུང་། །གསུམ་སྣང་གསལ་སྒྲོན་མེ་བཏེགས་པ་ཡིན། །གླེན་ལྐུག་མི་འོང་རྫིའུ་ཡིན། །བཞི་ཉི་མའི་འོད་ཀྱིས་གཡང་ཁང་གསལ། །ནོར་འོད་ཅན་ལག་ཏུ་ལོན་ངོ་ཡིན། །ལྔ་ལ་མི་བློ་སྲིན་ལ་ཤོར། །བུད་མེད་སྐྱེས་པ་གཞན་དང་འགྲོག །དཔལ་གསོ་ཤེར་སྙིང་ཏོག་གཟུང་སྒྲོགས། །དྲུག་སྨན་མཛངས་མའི་མགོ་ལ་ཉི་མ་ཤར། །ཁྱིམ་ས་མི་འཐོར་རྫིའུ་ཡིན། །ལོ་གཅིག་བར་དུ་རོ་མི་ཡོང་། །བདུན་གྲགས་ཅན་མགོན་སྐྱབས་བཙན་གྱིས་བྱེད། །བློ་མྱུར་


MR16_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གསལ་སྒྲོན་མེ་ཡིན། །བརྒྱད་མི་ཆེན་གྱིས་མགོན་སྐྱབས་བྱེད་པ་ཡིན། །དགྲ་བོས་མི་ཚུགས་རྫིའུ་ཡིན། །དགུ་བེ་དཀར་ཕུགས་སུ་ཞུགས་པ་ཡིན། །གདོན་དྲག་པོ་སྐྱེས་པའི་སྙིང་ལ་འཇུག །དཀོན་བརྩེགས་འདོན་ཞིང་གཉན་བཅོས་བྱ། །བཅུ་ཕྱ་ལྕམ་ལུས་ལ་དར་གྱིས་བརྒྱན། །མདུན་ངོ་མེད་པའི་རྫིའུ་ཡིན། །བྱ་ཡུན་ངོ་སོ་བཅུ་ལ་ཡོད། །བཅུ་གཅིག་དགྲ་བླ་ཉི་ཟེར་ཞོན། །བློ་བདེ་ནད་མེད་རྫིའུ་ཡིན། །བཅུ་གཉིས་ཉི་མ་ས་འོག་སོང་། །སྨོན་པའི་གསས་མཁར་ངམ་གྱིས་ཁྱེར། །གདོན་སྙིང་འཇུག་ཀླུ་བཤོལ་གཟེར་མིག་འདོན། །བཅུ་གསུམ་ཉི་མ་དགུང་ནས་ཤར། །ངན་དགུ་ཐུབ་པའི་རྫིའུ་ཡིན། །ལོ་གསུམ་བར་དུ་མདུན་མི་ཕོག །དུན་དུན་ནད་པ་མིན་པ་ཀུན་ལ་བཟང་། །སྤྱིར་བརྒྱད་དང་བཅུ་གཅིག་འདི་བབ་ནས། །བཅུ་གསུམ་རྩེ་མོ་མ་ལད་ན། །བྱ་མཁར་ཚུགས་ནས་བྱ་ཕྲུག་ཚར། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །སྨོན་ལམ་སྲོག་གི་རྫིའུ་ཡིན། །གནས་མལ་རྣམ་གསུམ་གར་བབས་ཀྱང་། །བློ་མི་ཉེས་པའི་གཏན་ཚིགས་ཡིན། །ཕྱི་ས་ཡུལ་བཞི་གར་བབ་ཀྱང་། །དགྲ་བོ་སོ་ལ་ཆས་པ་ཡིན། །སོ་ལེན་སོ་འཛུགས་མོ་ལ་ངན། །བྱ་ཡུན་བརྒྱག་ཁ་དང་པོ་ནི། །བྱ་ཡུན་དངུལ་དཀར་ཆབ་མིག་ཡིན། །ཞང་ཞོང་ཕུག་པས་མིང་བཏགས་པ། །བྱ་བཟང་འདབ་དཀར་ཆོ་ལོ་རིས། །ཞང་ཞོང་བར་པས་མིང་བཏགས་པ། །གསེར་འདབ་དཔའ་བོ་དུང་ལོ་བརྒྱག །ཞང་ཞོང་སྒོ་བས་མིང་བཏགས་པ། །ལྷ་བྱ་ལི་མ་མདངས་བཟང་བཀྲ། །ཡང་དག་གཤེན་གྱི་མཚན་གསོལ་བ། །བྱ་ཡུན་དངས་རྩེ་དཀར་མོ་ཡིན། །གཞན་ཡང་བ་དཀར་གསེར་ལོ་བརྒྱག །ལ་སོགས་མིང་འདོགས་སྣ་ཚོགས་ཡོད། །དྲོ་ལ་གསལ་པའི་ཉི་མ་ཡིན། །ཡང་ལ་འཇམ་པའི་དར་གོས་ཡིན། །མཛེས་ལ་སྡུག་པའི་མ་བྱ་ཡིན། །སྐྱིད་


MR16_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉི་མ་རང་ཤར་ཡིན། །སྨོན་མཁར་གྲུ་བཞིའི་ཡར་རྩེ་ན། །དུང་གི་བྱ་བུན་ཉི་ལི་ལི། །བྱ་བུན་རེ་ལ་ཕོ་ལྷ་རེ། །ངམ་གྱི་གཡུལ་སོ་ཐུར་དུ་དྲིལ། །འདི་ཤིང་དྲུག་བས་ཀྱང་རྩེ་རེ་རྣོ། །མེ་དྲུག་བས་ཀྱང་འོད་རེ་གསལ། །ས་དྲུག་བས་ཀྱང་རྒྱ་རེ་ཆེ། །ལྕགས་དྲུག་བས་ཀྱང་སྲོག་རེ་སྲ། །ཆུ་དྲུག་བས་ཀྱང་མཐའ་རེ་རིང་། །ཡོད་ཁམས་ལྷ་ཡི་བྱ་ཞིག་ཡིན། །འདབ་ཆགས་ཐེ་སེ་མགོན་ནེ་ཡིན། །བྱ་ཚང་ནམ་མཁར་བསགས་པ་ལ། །གཡང་ལྷུང་མེད་པའི་ཕོ་ཚོད་ཡོད། །བྱ་བརྒྱས་བསྐོར་བའི་བསོད་ནམས་ཡོད། །ལྟོག་སྐོམ་མེད་པའི་དཔལ་འབྱོར་ཡོད། །དམྱལ་བའི་འགྲོ་བ་འདྲེན་མཁན་ཡིན། །ཡོད་བཞི་ཚང་བའི་མོ་མདུད་ཡིན། །དགྲ་གཞི་དོན་གསུམ་ཆུས་ཕྱ་དང་། །ཡ་མ་རྟ་རྒྱུག་ཇག་རྐུན་ལ། །རང་སའི་བཙན་ས་གར་བབ་ཀྱང་། །ཧ་ཧ་རྒོད་པའི་ནོར་ཐོབ་ཅིང་། །ཕྱི་ཕུག་རྒྱལ་བའི་ཆུས་ལེགས་ཐོབ། །སྲིད་པའི་བུ་སྐྱེ་མི་ནོར་འཕེལ། །མི་གཡང་ཀླུ་རྒྱལ་སྙན་དུ་ཐོས། །ནམ་ལང་ཉི་ཤར་དུས་གཅིག་འཛོམས། །འཕྲུ་སྔོན་མགོ་ལ་ཉི་མ་ཤར། །ཆུས་དང་བསྟན་པ་དར་རྒྱས་འོང་། །བརྒྱག་ནང་ཐིག་གུ་འཇུས་པ་ན། །དངུལ་དཀར་ཆབ་མིག་སྒྲོགས་པ་ཡིན། །དམག་མགྲོན་དོན་གྲུབ་ཝེར་མ་ཡིན། །སོ་སོར་གནས་ན་བུ་ལྟར་བབ། །བུ་ལྟར་བབ་ན་བུ་བས་གཅེས། །དེ་བཞིན་འོག་མ་ལ་ཡང་འགྲེ། །གཉིས་པར་བརྒྱག་ན་དམུ་མང་ཟེར། །བྱ་ཡུན་སྨུག་མོ་གཡང་མཚོ་འདི། །བྱ་ཡུན་དངུལ་དཀར་མེ་ལོང་བརྒྱག །དངུལ་དཀར་མེ་ལོང་ཕྱིས་ན་གསལ། །ལྷ་མོ་ཀླུ་མོ་མཆོད་ན་མགོན། །ཕོ་ལྷ་རྟ་ལ་ཞོན་པ་ཡིན། །ཝེར་མ་སྒོ་བལྟས་བྱས་པ་ཡིན། །ཐག་རིང་མགྲོན་པོ་སླེབས་པ་ལ། །སྐད་སྙན་གྲོག་དང་བཅས་ངོ་ཡིན། །བཟང་གསུམ་ལྷ་གསོལ་བྱེད་པ་


MR16_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རླུང་ཁ་བཟང་པོ་འོང་ངོ་ཡིན། །བྱ་གླང་ལོ་པའི་ལྷ་སྨན་ཡིན། །མི་ནོར་ཟས་གསུམ་ཚང་ངོ་ཡིན། །དཀར་པོ་དུང་གི་འདན་བུ་ཡིན། །བ་ཁོག་གནས་མལ་གར་ཡང་བརླིང་། །དགྲ་གཞི་དོན་གསུམ་ཀུན་ལ་བཟང་། །རྟ་རྒྱུག་བྱས་ན་ཟེག་དཀར་འབུད། །གསུམ་པ་འདི་ལ་བརྒྱག་སོང་ན། །བྱ་ཡུན་སྒྲོ་མོ་གོང་མོ་བརྒྱག །གོང་མོའི་ལུས་ལ་གཤོག་དྲུག་རྒྱས། །སྤང་དཀར་བརྐོས་པས་མོན་དཀར་ལོན། །སྤང་མཁར་བརྩིགས་པས་གསེར་མཁར་ཐོན། །འདི་ཡང་གསལ་བ་གྲོག་གི་ངོ་། །ཁ་ཅིག་འདྲེ་བྱ་དམར་མོ་ཞེས། །ངན་བཤད་ཡོད་ཀྱང་མི་ངན་བཟང་། །བྱ་ཡུན་སྒོ་ལ་བརྒྱག་བཅས་ན། །བྱ་ཡུན་སྔོན་མོ་ཤ་ཟན་ནམ། །ཡང་ན་འདྲེ་བྱ་ནག་མོ་ཟེར། །གོད་ཤ་ཟ་བའི་གླག་མོ་ཡིན། །བྱ་ཡུན་ནང་གི་སེ་སྟོད་ཡིན། །བྱ་དཀར་གྲིབ་མ་ནག་པོ་ཡིན། །རྟ་ཐོད་བྱ་ཡིས་བཏོགས་ངོ་ཡིན། །བརྒྱ་ཚོའི་ཤ་ཡིས་ཡིད་མ་ཚིམ། །སྟོང་ཚོའི་ཁྲག་གི་སྐོམ་མ་སོད། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །ལྷག་པར་རྟ་ནད་མོ་ལ་ངན། །མགྲོན་པོ་ཡིན་ན་ལམ་ལོག་ངོ་། །དམག་ཆེན་ཡིན་ན་འཁྱིལ་སྡུག་ཡིན། །གྲོང་པ་ནང་འཐབ་འོ་ངོ་ཡིན། །ཅི་བཏབ་ཅི་ལ་ངན་པ་ལ། །གཏར་ཁ་བྱེད་པའི་མོ་ལ་བཟང་། །རྩ་ཆེན་རྐང་དང་འདྲ་བ་ལ། །ཁྲབ་ཆེན་དར་ཡུག་ཕྱར་བ་ཡིན། །ནད་ཕྲག་ཁུངས་ནས་ཐོན་པ་ཡིན། །ལན་དུ་ངན་སྙིགས་བབ་པ་ན། །སྟོང་ནད་ཕན་ཡང་སྨད་ནད་འཕེལ། །འགོ་ནད་ཅན་དེ་འཆི་ངོ་ཡིན། །དེ་ལྟར་བརྒྱག་ཁ་བཞི་པོ་དེ། །ཕན་ཚུན་འདོམས་པའི་ཚུལ་ལས་ན། །གཉིས་འདོམ་དངུལ་དཀར་ཆབ་མིག་དེ། །འོག་མ་གསུམ་ལ་འདོམ་པ་གསུམ། །གཡང་མཚོ་འོག་མ་གཉིས་འདོམ་གཉིས། །གོང་མོ་སྒོ་བརྒྱག་འདོམ་པ་གཅིག །གསུམ་


MR16_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་དངུལ་དཀར་གཞིར་བཞག་ལ། །འོག་མ་གསུམ་པོ་གང་རུང་དེ། །སྟོང་པར་བྱས་པ་གསུམ་ཡོད་ལ། །གཡང་མཚོ་འོག་གཉིས་འདོམ་པ་གཅིག །དེ་ལྟར་རྣམ་གྲངས་བཅུ་ཡོད་པའི། །ནང་ནས་མོ་སྒོ་མ་གཏོགས་གཞན། །བརྒྱག་ན་དངུལ་དཀར་ཆབ་གསུམ་ཟེར། །བྱ་ཡུན་བྱ་ཁྲ་ཆེན་མོའམ། །རིན་ཆེན་བྱ་དཀར་མཚལ་ཐིག་བརྒྱག །འཛམ་གླིང་གསལ་བའི་སྒྲོན་མེ་ཡིན། །འདིས་མི་གསལ་མི་ཐུབ་གཅིག་ཀྱང་མེད། །འདི་ལན་གཅིག་བབ་པའི་དུས་བྱུང་ན། །བུ་གངས་ལ་སེང་ཁྱུ་མང་པོ་རྩེ། །ཉིན་དུང་བྲག་རྒོད་ཁྱུ་གཤོག་རྩལ་བསྒྱུར། །ཡུལ་སྨོན་གླིང་ཚོ་དྲུག་སྐྱིད་བྲོ་བརྡུང་། །བ་ཁོག་གསུམ་བབ་མི་རྒྱུད་འཕེལ། །བཅུ་གཅིག་བཅུ་གསུམ་ཆུས་དམག་ལེགས། །རང་ས་དག་ཏུ་འདི་བབ་ནས། །བཅུ་གསུམ་སད་ཁམས་དངས་མ་ན། །དགྲ་ཡུལ་ཟུན་གྱིས་ཕྲོག་པ་ཡིན། །ཕྱི་ས་བཞི་ལ་དགྲ་ཆེན་ངོ་། །དགྲ་བྲུབ་བྱ་ཞིང་ཤུགས་མགོན་བརྔན། །རྟ་དཀར་དར་དཀར་ལུག་དཀར་ཕུལ། །བརྒྱག་གཞན་ལའང་གོང་དང་འདྲེས། །འདྲེས་པའི་མིང་འདོག་རིགས་པ་བསྒྱུར། །སྒོ་བརྒྱག་འདྲེས་པ་མ་གཏོགས་པའི། །གཞན་པ་ཐམས་ཅད་ཤིན་ཏུ་བཟང་། །ཐམས་ཅད་བརྒྱག་ན་བྱ་ཡུན་ནི། །དངུལ་དཀར་ཆབ་བཞི་ཞེས་སུ་བརྗོད། །ཆེས་ཐལ་མེད་ན་ཅི་ལའང་བཟང་། །བྱ་ཡུན་ལན་དུ་དིང་དིང་ན། །རྒོད་པོ་གནམ་འཕང་ཆོད་པ་ཡིན། །སྐྱིན་དིང་བྱ་བརྒྱ་གྱོད་ཀྱིས་ཟིན། །གལ་བར་བྱ་བརྒྱ་མཁར་ན་རྩེ། །ཕོ་གསར་མཚན་མོ་དགྲ་ལ་བྲོས་ཀྱང་ཟེར། །བྱ་ཡུན་ལན་དུ་བྱ་ཡུན་ན། །ལྷ་ཁང་གསལ་བའི་སྒྲོན་མེ་ཡིན། །བྱ་བུར་ཉི་ཟླ་ཟུང་དུ་ཚོགས། །མུ་ས་བླ་སློབ་འཁོར་འབངས་རྒྱས། །ཝ་


MR16_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་བྱ་བརྒྱ་ཤིང་ལ་འཁོར། །སྤོ་ཚོ་མོ་སྨན་རྒྱན་དང་ལྡན། །དམུ་དག་ལྷ་ཁང་དར་ལ་ཡག །སྐྱེར་དཀར་ལྷ་མོ་དར་དཀར་འཐག །བག་སྐྱེར་བྱ་བཟུང་ལག་པ་སྟོང་། །སྐྱེར་ནག་རྔོན་པས་ཤ་ཁྱི་བོར། །ཚོལ་ཚེ་མར་མེ་གསལ་བས་ནོར་དང་སྤྲད། །ཁྱུང་བརྒྱད་བྱ་རྒོད་གནམ་འཕང་བདེ། །ཨ་ཁད་བྱ་ཚང་མེ་ལ་ཤོར། །བརྒྱག་བཟང་ཚེར་མའི་དུ་བར་གཡུ་མདངས་འཐུལ། །ལན་དུ་ཨ་ཁང་ཙེ་མ་ན། །གསལ་བྱེད་སྒྲོན་མེ་རང་འབར་ཡིན། །ཕུང་ཁད་མར་མེ་སྨུག་གིས་བསྒྲིབ། །ལན་དུ་སད་ཁམས་བྱ་བརྒྱའི་སྙན་ལམ་ཡིན། །སྲང་ཟེ་བྱ་དང་བྱེའུ་རྩེ། །བྱ་ཡུན་ལན་དུ་བྱོད་ཕུར་ན། །ན་ཉིན་བྱ་སྒྲོ་མཆང་གང་ལ། །ད་ལོ་བྱ་སྒྲོ་ཉག་གཅིག་རེད། །ཕ་གཅིག་བུ་གཅིག་ཡིན་ན་མི་སྐྱོན་ནོ། །སེ་སྟོད་ཉི་མ་སྤྲིན་གྱིས་གཡོགས། །ལན་དུ་བྱི་ལ་སྦྲུལ་འཇུས་ན། །བྱུར་གྱི་ཤ་ཆང་ནག་པོ་ཡིན། །ལྡི་བུར་ཁྱུང་གིས་གནམ་འཕང་ཆོད། །སྐྱམ་བྲག་ལྡི་བུར་བབ་པ་ན། །བྱ་ཁྲ་དམེ་བྱ་ཧོར་པས་བཅོམ། །དགྲ་གྱོད་ཁ་རྡེབ་དུས་གཅིག་འོང་། །ཡར་ལྡིང་གཉན་རྗེ་གོང་སྔོན་དར། །སུམ་མཉམ་བྱ་ལམ་ཕྱོགས་བཞིར་དོད། །ཙེ་ར་བྱ་རྗེ་མངའ་དབང་བཙན། །གཡུང་དྲུང་བྱ་བརྒྱའི་འདུན་མ་ལེགས། །ཀྱེ་བ་མི་རབ་སྐྱེ་གཟུགས་ལེགས། །ད་རོག་གྲོག་ནོར་གཏམ་སྙན་ཐོས། །དམུ་དབལ་གཤེན་རྒྱུད་བསྟན་བ་དར། །སྐྱམ་བ་བསྐྱིད་ཀྱི་མགོ་བོ་བུད། །སྡུག་གི་མགོ་བོ་རྒྱས་པས་ངན། །བྱ་རལ་ཕོ་རོག་གྱོད་ལ་ཐོགས། །རྒྱལ་བློན་བརྒྱ་ཡི་གདན་གྲལ་ཞིག །ཅི་ལ་བཏབ་ཀྱང་ངན་པ་ལ། །ལུང་གསུམ་ཇག་བས་འབྲོས་དེད་དང་། །རྟེའུ་འདུལ་བའི་ཉིན་པར་བཟང་། །ལི་ཡན་མར་མེ་ང་གིས་བསད། །མར་ལྡིང་བྱ་བརྒྱ་སྙི་ཡིས་བཟུང་། །སྤོ་བར་བྱ་བརྒྱ་གྱོད་ལ་འཐོགས། །སོ་ཡོན་བྱ་བརྒྱ་མུན་པས་བསྒྲིབ། །སོ་བྱ་བབ་ན་ལྷག་པར་ངན། །རུ་སོད་

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


MR16_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཚང་སྒྱོག་གིས་གཏོར། །མ་ཟེ་བྱ་བརྒྱ་གདོས་ལ་འཐོགས། །ན་འབན་བྱ་བརྒྱ་ཐོགས་གིས་བསད། །དྲོང་རིགས་སྨོན་སྲས་དམེ་ཡིས་གྲོང་། །བྲག་རིགས་བྱ་དཀར་གྲིབ་མ་ནག །སྤྱིར་བྱ་ཡུན་གསལ་བ་སྡེ་བཞི་ལ། །སོ་བ་དམུ་གབ་སྤུན་གསུམ་འཇིགས། །དེ་སོ་ཡོན་དང་ནི་སེ་སྟོད་དང་། །སྤོ་བར་ངན་རིགས་བབ་ན་ཡིན། །རང་སར་གསལ་དང་ཕྱི་སར་རྨུག །དམུ་གབ་དགྲ་ལ་བསྐོན་པ་ཡིན། །གོ་ལྡོག་བྱུང་ན་རང་ལ་ངན། །ལྷ་གསོལ་ལྷ་བསང་དགྲ་བྲུབ་བྱ། །བཅུ་གཉིས་དམུ་གབ་སྤུན་གསུམ་ལ། །བཅུ་གསུམ་གསལ་བ་སྡེ་བཞི་ན། །ཐང་དཀར་རྒོད་པོ་ཚང་ནས་བུད། །ཇག་པ་དཔུང་ཆུང་རྒྱུག་ཉིན་བཟང་། །སྲིབ་ཀྱི་ཡང་རྩེ་ལང་ལོང་ན། །ཟེག་དཀར་འདྲེས་པ་ཁྱུ་གཅིག་ཐོབ། །ཟེག་དཀར་རྔོག་མ་འཁྱིལ་ཡག་ལ། །མོ་སྟོན་ངེད་ཀྱི་ཇུ་ཐིག་འདོགས། །དེ་མོ་མ་ང་ལ་མོ་ཡོན་དགོས། །ཚངས་བུད་དེ་ཡི་རྣོ་རྟགས་ཡིན། །ལྷ་གསོལ་གཡང་ལོན་བྱེད་ན་བཟང་། །ལར་བྱ་ཡུན་གསལ་བའི་སྒྲོན་མེ་འདི། །ས་དྲུག་ལན་དུ་བབ་ན་བརྟན། །ལྕགས་དྲུག་ལན་དུ་བསྲེག་པ་ཡིན། །ཆུ་དྲུག་ལན་དུ་མཐའ་རིང་ཡིན། །མེ་དྲུག་ལན་དུ་འོད་གསལ་ཡིན། །ཤིང་དྲུག་ལན་དུ་རྩེ་རྒྱས་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །ཇི་བཏབ་ཅི་ལ་བཟང་ན་ཡང་། །ཐུང་ཐུང་ནད་པའི་མོ་ལ་ངན། །ཤི་རོ་སྔས་ཀྱི་མར་མེ་ཡིན། །བྱ་ཡུན་མང་དུ་བརྟུད་པ་ན། །བྱ་ཡུན་དར་སོ་ཆད་ཅེས་ངན། །རྒྱས་པ་འབུམ་ལ་ཐང་རྒྱུན་བྱ། །ཡང་ན་མེ་ཁམས་ཚ་བ་དར། །ད་བྱ་ཡུན་དེ་ཡི་རྣམ་གྲངས་ལ། །མོ་རྟ་བག་ལ་སོང་གྱུར་ན། །བག་གི་བྱ་ཡུན་ཞེས་སུ་གྲགས། །གསེར་གྱི་ཉི་མ་སེར་པོ་ཡིན། །རི་དྭགས་ཀྲྀཥྞ་སཱ་ར་ཡིན། །དགེ་བསྙེན་ཚུལ་ཁྲིམས་བསྲུང་མི་ཡིན། །གླིང་ཆེན་གསལ་བའི་སྒྲོན་མེ་ཡིན། །དྭངས་མ་གསལ་བའི་མར་མེ་ཡིན། །


MR16_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བཏབ་ཅི་ལ་བཟང་བ་ལ། །ཚད་ནད་བཅོས་པའི་མོ་ལ་ངན། །འདི་ལ་བརྒྱག་གཅིག་བཅས་པ་ན། །བག་བྱ་ཉི་མ་རང་ཤར་རམ། །ཡང་ན་གསེར་གྱི་ཉི་མ་ཟེར། །རང་ཉི་འོད་གཤོག་ལྡེམ་པ་ཡིན། །ཉི་མའི་བུ་མོ་ཁྲོ་ཆུང་ཡིན། །ངང་དུར་འདབ་རྒྱས་སྐད་སྙན་སྒྲོགས། །ཁ་ཕོ་ཡང་གཅིག་ཡང་གཅིག་བྱེད། །གོམ་པ་ཡང་གཅིག་ཡང་གཅིག་འདུར། །མགོ་ལ་གཡུ་ཡི་བྱ་རུ་ལྡེམ། །ཞབས་ན་ཤིང་རྟ་འཁོར་ལོ་འདྲིལ། །ཁ་ན་མི་འཛད་ཕྱེ་མར་ཟ། །དར་འཕྲུ་རྒོད་འཕྲུ་འཚོ་མི་ཡིན། །བ་ཁོག་བཙན་ཁྱིམ་གར་བབ་བཟང་། །དམག་ཇག་མགྲོན་པོ་གང་ཡིན་ལ། །ལྷག་པར་བཅུ་གསུམ་སྟེང་དུ་གཅེས། །དོན་གྲུབ་སྐད་སྙན་གཉིས་ཀ་ནུས། །རྟ་རྒྱུག་བྱེད་ན་ཟེ་སྔོན་འབུད། །དབྱིས་དང་སེ་སྟོད་གར་བབ་ཀྱང་། །དེ་ཡི་ལན་དུ་འདི་བབ་ན། །དབྱིས་ཁྲག་མཚོ་འདྲ་བ་སུམ་བརྒྱ་དྲུག་ཅུ་དེ། །སྟོད་ཉི་ཟེར་གཅིག་གིས་བསྐམ་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་དང་ནི། །ནད་པ་ཡ་མ་ཀུན་ལ་བཟང་། །གཉིས་བརྒྱག་ཉི་འོད་རྒོད་གཤོག་ལྡེམ། །ཡང་ན་ཉི་འོད་འཁྱིལ་གདུག་བརྒྱག །ཡང་ཁྲི་གདུགས་ཉི་མའི་ཁ་ཆུ་བརྒྱག །དགུང་སྔོན་གནམ་གྱི་ཡ་རོལ་དེ། །ཐུགས་ཀར་བུ་དགུ་ཡབ་དང་བཅུ། །རྫུ་འཕྲུལ་འོད་ཀྱི་རྟ་ལ་ཞོན། །ཐོག་རྒོད་འབར་བའི་མདའ་བཀང་ནས། །ཐུག་དམར་བུ་དགུ་བསད་པ་ཡིན། །ལན་གཅིག་བབ་པའི་དུས་བྱུང་ན། །རིན་ཆེན་དངུལ་གྱི་མི་པོ་ཡི། །ཉི་ཟེར་འབར་བའི་རྟ་ལ་ཞོན། །སྐུ་ལ་མདོག་མཛེས་ན་བཟའ་གསོལ། །དར་མདུང་དཀར་པོ་ཕྱག་ན་བསྣམས། །རྩེ་ལ་ཕོ་ལྷའི་དུང་ཁྲ་འཛུམ། །དམག་མི་འཚོ་ཞིང་གོ་མཚོན་སྲུང་། །ཡང་དག་དམག་གི་ཝེར་མ་ཡིན། །བཅུ་གསུམ་སྟེང་དུ་བབ་ན་གཅེས། །དམག་དཔོན་


MR16_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ནས་དམག་མི་ཚང་། །འདི་ལ་བརྒྱག་གསུམ་བཅས་པ་ན། །རང་ཉི་འོད་ཁྲ་ཆེན་གཤོགས་རྒྱས་སམ། །ཁྲ་ཡང་ཆེན་ཁྲི་གདུགས་ཉི་མ་བརྒྱག །རྫུ་འཕྲུལ་ལྷ་ཡི་ཡང་ལྷ་ཡིན། །ལྷ་ཆེན་རྫུ་འཕྲུལ་མི་བོ་ཡིས། །སྟོབས་ཆེན་ནམ་མཁའི་རྟ་ཕོ་ལ། །ལྷོ་སྤྲིན་སྨུག་པོའི་སྒ་སྟན་བཞག །ཐོག་རྒོད་འབར་བའི་སྒ་གཅིག་བཙུགས། །དགུ་ཚིགས་སྐྱ་མོའི་གློ་གཅིག་བསྡམ། །མོན་གྱི་ཐུལ་ཁྲོམ་ཡོབ་ཆེན་བཏགས། །ཉི་འོད་འབར་བའི་མཐུར་མགོ་ལ། །ཟླ་འོད་འབར་བའི་སྲབ་གཅིག་བརྒྱུས། །འཇའ་ཚོན་ཁྲ་མོའི་མཐུར་མདའ་ཅན། །དེ་འདྲའི་རྟ་ཕོ་ཞབས་སུ་ཞོན། །གློག་ལྕམ་འཕར་མའི་ལྕག་གིས་བྲབ། །མྱུར་མགྱོགས་རླུང་གིས་སྣ་ཁྲིད་ནས། །ངམ་གྱི་རྫོང་མཁར་རིམ་དགུ་བཅོམ། །རྫོང་བཅོམ་ནང་ནས་གནང་གསུམ་ཐོབ། །གསེར་ཉི་མ་ཙམ་པ་བཅུ་གསུམ་དང་། །དངུལ་ཟླ་བ་ཙམ་པ་བཅུ་གསུམ་དང་། །ཤེལ་སྐར་མ་ཙམ་པ་བཅུ་གསུམ་ཐོབ། །གཡུ་ཕུག་རོན་ཙམ་པ་བཅུ་གསུམ་དང་། །སྤ་ལེ་དུང་ཕོ་ཨ་གྲགས་དང་། །རྔ་ཆེན་གྲམ་པོ་གཞུང་རྒྱས་དང་། །འཇའ་ཚོན་གུར་ཁྱིམ་ཁྲ་མོ་དང་། །ནོར་བུ་རིན་ཆེན་གཟི་འབར་ཐོབ། །སལ་སལ་སིལ་སིལ་ནོར་སྣ་དང་། །གནང་རིགས་མི་གཅིག་བཅོ་བརྒྱད་ཐོབ། །བཙན་ས་སྟོད་དུ་འདི་བབས་ནས། །ཕྱི་སར་སློ་བྲག་ངན་རིགས་ན། །དམག་ལེགས་ཆུས་ཐོབ་ནོར་ལོན་ནུས། །ལར་གཅིག་གི་སྟེང་དུ་བག་བྱ་ན། །རང་གི་ལྷ་ངོ་དཀར་བ་ཡིན། །གཉིས་ལ་རང་ཁྱིམ་མིས་བཟུང་ངན། །ཕ་མྱེས་དུར་ས་འཐོར་བ་ཡིན། །གསུམ་གཞོན་གསུམ་བསོད་ནམས་མེ་ལྟར་འབར། །མཁའ་བྱ་འཕུར་གཤོག་པ་ང་གིས་བཏེགས། །བཞི་ཀླུ་ཚང་ནང་དུ་ཉི་མ་ཤར། །གཉན་བྱ་ཁྲུང་ཁྲུང་དཀར་མོ་དེ། །ཀླད་ཀྱི་རྫིའུ་མ་སྟོར་བཟང་། །ལྔ་


MR16_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལས་ཁྱིམ་མཚེས་ངོ་སོ་མཐོ། །བཟང་ལན་ངན་འཇལ་དགེ་བྱས་སྡིག །དྲུག་ཁྱིམ་བདག་མོ་ཡིས་ཡུལ་མཁར་འཛིན། །སྐྱེས་པས་ཕྱི་ནས་གྲོགས་རྙེད་ཡིན། །དོན་ནི་རང་སར་འགྲུབ་པ་ཡིན། །བདུན་གནམ་ས་ཡོ་བ་ཆོས་པ་ཡིན། །རང་ས་ཟིན་ཞིང་དཔའ་ཚན་ཡོད། །ཕྱི་ནོར་རང་གི་ཕྱོགས་སུ་ཁུག །བརྒྱད་ལྷ་སར་ལྷ་ཡིག་གནས་མལ་ཚུགས། །ལྷ་སྲུང་ངོ་སོ་མཐོ་བ་ཡིན། །དགུ་བན་བོན་ས་ནས་འོང་བ་ཡི། །དཀོར་བདག་རྒྱལ་པོ་གདོན་ངོ་ཡིན། །བཅུ་གནམ་གྱི་འཇུ་ཐག་མ་ཆད་ཅིང་། །དཔལ་ཞག་ཆགས་པས་ཅི་ལའང་བཟང་། །བཅུ་གཅིག་དགྲ་བླའི་དཔའ་མཁར་ཟིན། །ལྷ་རྒྱལ་ཞེས་ཐོ་ལེ་ལན་གསུམ་བོས་པ་ཡིན། །བཅུ་གཉིས་ཕྱི་དགྲ་ནང་དུ་ཚུད། །ཁ་དཀར་སྙིང་ནག་དོན་མི་འགྲུབ། །བཅུ་གསུམ་གནམ་སྒོ་མ་ཕྱེས་ཤིང་། །ནམ་མཁའི་མཐོངས་སུ་ཉི་མ་ཤར། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །དམིགས་བསལ་ཅི་རིགས་མ་གཏོགས་པར། །ལན་ནི་སྤྱི་ཡི་སྐབས་ལྟར་དཔྱད། །སོ་ཡོན་ཤོར་ཁུང་བབ་མི་རུང་། །བྱ་ཡུན་དེ་ལ་སོས་བཀུག་ན། །སོ་ཡོན་བྱ་ཡུན་ལང་ཐང་རྩེ། །མི་ནི་ཁམས་པ་ཤེལ་མིག་གིས། །རྟ་ནི་རག་པ་སྔོ་ནག་ཞོན། །ཁ་ནས་རྒྱོབ་ཅིག་སོད་ཅིག་ཟེར། །སེམས་ལ་འབྲོས་ས་གར་འདུག་ལྟ། །སྡར་མ་འབྲོས་པའི་སང་གཅིག་ཡིན། །ལང་ཐང་དེ་ལ་བརྒྱག་གཅིག་བཅས། །སོ་ཡོན་ལང་ཐང་སྡེར་ཁུག་སང་། །ལྕོག་ཆུང་ལུས་ལ་གཤོག་དྲུག་རྒྱས། །འགྱུར་སྐད་བཏོན་ནས་དྲ་མ་ལེགས། །དེ་ལ་བརྒྱག་གཉིས་བཅས་པ་ན། །ལང་ཐང་ལྕོག་ཆུང་འོད་བརྒྱ་སང་། །ཤ་བཙོན་ཐར་ནས་མི་ཤ་ལོན། །མི་ནོར་འཕེལ་ནས་མི་སྒབ་དར། །སང་ཕྲན་བསམ་པ་བཟང་བཟང་ཡིན། །གཅིག་གི་སོ་ཡོན་བྱ་ཡུན་ན། །སྲིན་ཚང་མཚང་ནས་ལངས་པ་ཡིན། །གཉིས་


MR16_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་གྱི་སྲིན་ཚང་སྟོང་པ་ནས། །སྲི་ཅན་མ་བུའི་དགྲ་ངོ་ཡིན། །གསུམ་དུར་བྱ་མ་བུ་རྒུམ་བུ་འཐུ། །བཞི་ངུར་བྱའི་ཕྱི་མོ་ལྟོག་ཉལ་བྱེད། །ལྔ་བྲབ་མ་བདུན་ཚང་སྒོ་དེར། །དྲེལ་བོང་ཁྱུང་ཆེན་ཚང་ཡང་བཅས། །དྲུག་གཡུ་རལ་སྔོན་མོའི་ཚང་སྒོ་དེར། །འཕར་བ་དམར་མོའི་ཚང་ཡང་བཅས། །བརྒྱད་ཕ་དང་བནྡེ་ལྷ་དང་ཕྱེ། །དགུ་ལྷ་བདག་ལེའུ་ལྷ་དང་ཕྱེ། །བཅུ་དུར་བྱ་ཀངྐའི་གྲེ་བ་གང་། །བཅུ་གཅིག་དགྲ་བླ་གཉན་པོའི་ཐེམས་སྐས་ཆད། །བཅུ་གཉིས་སྲིན་བོན་ཁྲོས་ནས་སྲིན་ལམ་ཟུག །བཅུ་གསུམ་ཆུང་སྲིའི་ཁ་ལ་ཁ་ཕུར་འཆུག །སོ་དེ་གཞུང་དང་ཕྲུ་གུར་བཀུག །སང་གི་སྐབས་སུ་ཤེས་པར་བྱ། །གཞན་ཡང་སྐྱེར་དང་མུ་ས་དང་། །མུ་ས་ཙམ་ཐིག་བྱ་ཡུན་དང་། །སང་ཀྱི་ཉི་མ་དུང་འོད་དང་། །ཝ་ཚོ་བྱ་ཡུན་ལྔ་དང་བཅས། །བརྒྱག་མེད་རྩ་བའི་མདུད་པ་རྒྱག །བྱ་ཡུན་མཆེད་བརྒྱད་ཅེས་གྲགས་ཀྱང་། །ངོས་ཟིན་སླ་ཕྱིར་དགོས་དབང་གིས། །གཞན་རྣམས་རང་རང་སྡེར་འཆད་དོ། །གཅིག་འཇུས་མོ་རྟ་བག་ལ་སོང་། །བྱ་བུར་ཞེས་སུ་གྲགས་པ་དེ། །དུང་གི་ཟླ་བ་འོད་ཆེན་དང་། །དུང་ཕོ་ཨ་གྲགས་ཞེས་ཀྱང་བྱ། །རིན་ཆེན་བྲག་གི་རྫོང་རྡོ་ཡིན། །ནག་པོ་དམུ་ལ་གློ་མདའ་ཡིན། །སྲིད་ཀྱི་མཁར་སོ་བཙུགས་མི་ཡིན། །བྲག་ནག་རྐོ་བའི་ལྕགས་ངར་ཡིན། །བདེ་སྐྱིད་ཟླ་བ་འོད་ཆེན་ཡིན། །དེ་ཡི་ར་གཅིག་བརྒྱག་པ་ན། །ནག་མོ་གསེར་གྱི་ཐིག་ཕྲན་ཅན། །གསེར་ཐིག་ཁ་ཞག་བརྒྱག་ཀྱང་ཟེར། །དུང་ཟླ་འོད་དཀར་བྲག་ནག་སེལ། །ནག་རིགས་རྣམས་ཀྱི་གཉེན་པོ་ཡིན། །ཆོས་ཀྱི་དབུ་འཕང་བསྟོད་མི་ཡིན། །གྲི་ཞགས་སྣ་ཡི་ཤ་ཟུང་ཡིན། །བཏབ་ན་མི་ཐེབས་གཅིག་ཀྱང་མེད། །ཐེབས་ནས་མི་ཐུབ་


MR16_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང་མེད། །དཔའ་བོའི་ལག་གི་ཉག་ཕྲན་ཡིན། །བརྒྱབ་ན་མི་ཕིག་གང་ཡང་མེད། །གླང་ཆེན་སྣ་ཡི་རལ་གྲི་ཡིན། །འཕྲད་ན་མི་གཅོད་གང་ཡང་མེད། །ར་གཉིས་བརྒྱག་ལ་རྣམ་གྲངས་གཉིས། །བྱ་བུར་མུ་ཐིག་རྩག་རྩིག་གམ། །གསེར་ལ་གཡུ་ཡི་ཡང་ཐོགས་བརྒྱག །ཡང་ན་དུང་ཟླ་ཆེན་མོ་ཟེར། །གླང་པོ་ཐལ་དཀར་ཞེས་ཀྱང་བྱ། །གླང་ཆེན་གངས་ལ་མ་ཤོར་ན། །དཔའ་བོས་གཡུལ་གྱིས་མི་འཇོམས་སོ། །ཕྱི་བཞིར་བབ་ན་གངས་ལ་ཤོར། །ར་གསུམ་བརྒྱག་ན་བྱ་བུར་ནི། །བཅོ་ལྔའི་ཟླ་བ་ཉ་ཆེན་བརྒྱག །ལ་ལས་ཉི་ཟླ་སྐར་གསུམ་ཟེར། །ལ་ལས་གསེར་འདབ་གཡུ་རྩེ་ཟེར། །དམུ་ཡི་ཕག་རྒོད་ཟེ་བ་ཅན། །རྒོད་པོས་བདས་ཀྱང་རྗེས་མི་ཟིན། །ཟེར་མ་ང་གིས་བང་མི་དོ། །རེ་འབྱམས་རྒྱུག་པའི་ཁ་གནོན་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ཡང་། །རང་སའི་གཉན་ས་རྣམས་སུ་བབས། །གཡོན་ཆོག་མོ་མདུད་བཟང་པོ་ཡིན། །ཡང་གཅིག་འདི་ལ་མཚན་གསོལ་བ། །བྱ་བུར་འཁོར་ལོ་བཀྲ་ཤིས་སམ། །ཆུ་སྲིན་རྔམ་པའི་ཡ་མཁལ་བརྒྱག །གནམ་ས་བར་གྱི་སྐད་ཆེན་ཡིན། །འདི་ལན་གཅིག་བབས་པའི་དུས་བྱུང་ན། །ཆུ་སྲིན་ལུས་ལ་རྔམ་རྩལ་རྫོགས། །དུང་ཕྲུག་ལུས་ལ་སྐད་ཆེན་རྫོགས། །རོ་སྟོད་ཁ་ལ་རོ་སྨད་སྒྱེ། །གནམ་ས་རི་བྲག་ཟོས་ཀྱང་ཐུབ། །བཞི་བརྒྱག་གླིང་བཞི་འཁོར་མའམ། །འཁོར་བ་གླིང་ཆེན་ཞེས་ཀྱང་བྱ། །གླིང་བཞི་དབང་དུ་བསྡུ་མི་ཡིན། །གླིང་ཕྲན་ཁྱུར་མིད་བྱེད་མི་ཡིན། །ཝེར་མ་དུང་ཕོ་སྐད་ཆེན་ཡིན། །ལ་ལས་འབུམ་རྗེ་ཀུན་ཐུབ་ཟེར། །དགྲ་མི་བསད་ལག་དམར་བྱ་བ་ལ། །ཟུན་ཝེར་མས་ཉམས་ཉུལ་བྱེད་པ་


MR16_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ལག་དམར་ཁྱིམ་མཚེས་བྱས་པ་ཡིན། །ཤལ་ཆེན་དམག་གི་མོ་ལ་བཟང་། །ཡུལ་དྲོ་ས་འཇམ་མོ ལ་ཁྱོགས་པར་དཀའ། །བྱ་བུར་ཁྱོག་བརྒྱག་གསེར་ཐིག་ཟེར། །དེ་དང་ར་བརྒྱག་འདོམ་པའང་ཡོད། །དེ་ལྟར་བྱ་བུར་བརྒྱག་བཟང་རྣམས། །དངུལ་དང་རིན་ཆེན་ཟླ་བའི་བླ། །རང་སར་ཅི་ལ་བཟང་ན་ཡང་། །བཅུ་གསུམ་སྟེང་དུ་ནད་པར་ངན། །ད་གཅིག་གི་སྟེང་དུ་བྱ་བུར་ན། །ས་ཡི་རྟན་ཕུར་མ་བུད་བཟང་། །ས་བདག་རྒྱལ་པོས་ཁ་མགོན་བྱེད། །བརྒྱག་བཅས་ཡུལ་མཁར་གླིང་རྫིའུ་ཡིན། །གཉིས་ལ་ཟླ་བ་ས་འོག་སོང་། །དགྲ་གདོན་རྐུན་མ་སོགས་ཀྱི་ངོ་། །གསུམ་ལྷ་མདའ་སྒྲོ་དཀར་ཚུགས་པ་ཡིན། །བརྒྱག་བཅས་ལྷ་མདའ་ལྷ་རྟེན་འཛོམས། །བཞི་དུང་པོ་ཨ་གྲགས་ངར་སྐད་སྒྲོགས། །བརྒྱག་བཅས་དུང་དང་རྒྱ་མཚོ་ཕྲད། །མི་དང་ཡུལ་གཞིས་མི་འབྲལ་ངོ་། །ལྔ་སྐྱེས་བུ་དགྲ་ཡི་ཡུལ་དུ་འཁྱམས། །བརྒྱག་བཅས་ཟུན་སྲོག་དགྲ་ལག་ཤོར། །དྲུག་སྨན་ཁྲ་མོ་རྒྱན་དང་བཅས་པ་ཐོབ། །བརྒྱག་བཅས་པང་དུ་བུ་ཚ་སྐྱེས། །བདུན་སྐྱེས་བུའི་ཁོང་གི་སྲོག་རྩ་ཡིན། །རྒྱག་བཅས་སྲོག་རྩ་མི་འཆད་བཟང་། །བརྒྱད་རྣོ་ངར་ལྕགས་ཀྱི་གཟོར་བུ་ཡིན། །བརྒྱག་བཅས་དམག་དཔོན་ངར་སྐད་ཐོན། །དགུ་གཤེན་ཀྱི་ལྷ་མདའ་སྒྲོ་དཀར་ཡིན། །བརྒྱག་བཅས་གཤེན་གྱི་བསྟན་པ་དར། །བཅུ་ཕྱ་རྒྱུད་རྒྱལ་ཁ་གྲོལ་བ་ཡིན། །བརྒྱག་བཅས་ཕྱ་ལྕམ་བུ་སྐྱེ་ངོ་། །བཅུ་གཅིག་སྨོན་པའི་གསེར་མདའ་གཡུ་སྒྲོ་ཡིན། །བརྒྱག་བཅས་དགྲ་བླ་རང་ཆས་ཡིན། །བཅུ་གཉིས་སྨོན་མདའ་ངམ་ལ་ཤོར། །ཤ་ཤོར་མི་ཤ་ལེན་དུས་ངན། །བརྒྱག་དང་བཅས་ན་དེ་བས་ངན། །བཅུ་གསུམ་གཡུང་དྲུང་དཔལ་ཕུར་ཚུགས། །རྒྱལ་པོའི་དབུ་ལ་དར་


MR16_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་བརྒྱན། །ཆུས་དང་བསྟན་པ་དར་བ་ཡིན། །ཐིག་བཞི་ལྕགས་ཐག་སྣེ་སྤྲེལ་འདྲ། །གཅིག་ལ་ཕྲུ་གུ་གཅིག་འཇུས་ནས། །མོ་རྟ་བག་ལ་སོང་བ་དེ། །བྱ་བུར་འཁོར་བ་གླིང་བཞི་ཡིན། །ཝེར་མས་ཁུར་བའི་ཕུབ་ཆེན་ཡིན། །བསེ་མདུང་མཚམས་རིང་མིན་པས་མི་ཕིགས་སོ། །དེ་ཡི་གཉིས་ལ་ཕྲུ་གུས་འཇུས། །གཡུང་དྲུང་བག་ཆེན་བྱ་བུར་ཡིན། །དེ་ལྟར་བརྒྱག་མེད་རྩ་བ་གསུམ། །བྱ་བུར་དཔའ་དར་མཛང་གསུམ་ཡིན། །བྱ་བུར་ལན་དུ་དིང་དིང་ན། །ཕྱུག་པོས་གནམ་མཐོང་བྱས་བ་ཡིན། །སྐྱིན་དིང་བྱ་རྒྱལ་འདམ་ལ་ཟུག །གལ་བར་གཞོན་ནུའི་སྐུ་མཁར་བཙན། །བྱ་ཡུན་མདའ་ལ་རྒོད་སྒྲོ་བཏགས། །བྱ་བུར་ལྷ་ཕུར་ཀླུ་ཕུར་འཕྲད། །མུ་ས་ཟླ་བ་སྐར་མ་འཛོམས། །ཤོར་ཁུང་ཟླ་བ་གཟའ་ཡིས་ཟིན། །ཝ་ཚོ་དར་ལ་དགྲ་བླ་འཁོར། །སྤོ་ཚེ་ལྗོན་ཤིང་ལོ་མ་དགུ་འགྱུར་སྐྱེས། །དམུ་དག་མི་ནོར་གྱི་དཔལ་ཐག་ཟུགས། །སྐྱེར་དཀར་མཁར་གྱི་ཞལ་བ་ཡག །ཐང་ལེ་ཟླ་རྒྱས་ཧ་ལས་བསྒྲིབ། །ཚོལ་ཚེ་བུ་ཚ་འཕེལ་རྩ་དར། །ཁྱུང་བརྒྱང་མཚོ་ལ་ལྗོན་ཤིང་རྒྱས། །ཨ་ཁད་དགྲ་བླའི་མགོ་ལ་དར་འཕྲུ་སྐྱེས། །རང་སྙན་ཡ་རབ་ཁ་ནས་གཏམ་སྙན་ཡིན། །ཆུ་སྤར་མི་རྒན་ཤི་ནས་གཡག་རྒན་བཤའ། །སྲང་ཟེ་ཡུལ་འཁོར་མི་ཡིས་གང་། །བྱོད་ཕུར་རྟ་ཁྲབ་སྔོན་དུ་བུད། །སེ་སྟོད་ཟླ་བ་གཟའ་ཡིས་ཟིན། །ལྡི་བུར་དུང་ཕོ་ངར་སྐད་ཆེ། །ཡར་ལྡིང་གཡུལ་ཆེན་རྒྱལ་ཁ་ཐོབ། །སུམ་མཉམ་མཁར་སྒོར་སྒོ་ཁྱི་བཙན། །ཙ་ར་མཁར་ལ་སྒོ་སྲུང་བཞག །གཡུང་དྲུང་ཡ་རབ་རིགས་རྒྱུད་འཕེལ། །ཀྱེ་བ་ཕ་ཆེན་མི་རབས་དང་། །ད་རོ་གནང་ནོར་སྙིང་དགའ་ཐོབ། །དམུ་དབལ་གཤེན་རབ་གཏམ་སྙན་སྒྲོགས། །སྐྱམ་གཤེན་གྱི་བུ་མོ་བདུད་ཀྱིས་བསླུས། །ཆུ་སྤར་རྒྱལ་པོའི་


MR16_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ཤོར། །བྱ་རལ་ཤ་བ་མཐའ་ལ་ཚུད། །ལི་ཡན་རྒོད་ལྷས་ཞང་པོ་བསླུས། །ཁྲེལ་དང་མགོ་གཡོགས་འོང་ངོ་ཡིན། །བྱ་མེད་སྐེད་ཆད་ཟླ་བ་རྒས། །བསྟན་པ་མར་ལ་འགྲིབ་པ་ཡིན། །མར་ལྡིང་ཡུལ་མཁར་ཚར་ནས་བདག་པོ་ཤི ། སྤོ་བར་མ་གཅིག་བུ་ལྔ་སྟག་འདྲ་དེ། །ལུང་གསུམ་མདོ་རུ་བརླག་པ་ཡིན། །གསེར་འོད་སོགས་འདོན་སེལ་ནག་ཕྱེ། །ཕྱུག་པོའི་བུ་ཚ་སྡུག་པའི་མོ། །སྤོ་རྒོད་དུང་དཀར་འབུ་ཡིས་ཟོས། །སོ་ཡོན་ཟླ་བ་མུན་པས་བསྒྲིབ། །རུ་སོད་དུང་ལ་ཆག་གད་བྱུང་། །མ་ཟེ་དུང་སྒོང་ཁྲག་གིས་གོས། །ན་འབན་སྐྱིད་གྲོང་སྡུག་གིས་གང་། །དྲོང་རིགས་མེ་ཏོག་སད་ཀྱིས་ཁྱེར། །བྲག་ནག་རྨ་བྱ་རྦབ་ལ་ལྷུང་། །བརྒྱག་མེད་རྩ་བའི་མདུད་པ་ལ། །བྱ་བུར་དཔའ་སྡར་མཛང་གསུམ་ཡོད། །ཡང་ན་ཕྲུག་གུ་ལག་གཡས་ཟིན་པ་དཔའ། །ས་ལ་ལྷུང་བ་མཛང་བ་ཡིན། །ཁོག་ལ་ཞོན་ན་སྡར་མ་ཟེར། །བྱ་བུར་དཔའ་སྡར་མཛང་གསུམ་དེ། །བཅུ་པོ་མན་ཆད་གར་བབས་ཀྱང་། །བཅུ་གཅིག་ཀྱེ་བ་ལ་ཝེར་གྲོང་ཀྲིག་ན། །བྱ་བུར་དཔའ་སྡར་མཛང་གསུམ་དེ། །ཁ་ལྕེ་དབྱེན་ལས་བྱེད་པ་ཡིན། །བྱ་འབུར་འོད་དང་བྲལ་བ་ཡིན། །ཤིང་བར་ཆུ་དང་མི་བར་དབྱེན། །ལ་ཐོད་རྩེ་ལ་མུན་པ་འཁྲིགས། །ཕ་ཆེན་པོའི་བུ་ལ་ནང་དམེ་འབྱུང་། །མི་རྒན་སྤྱང་ཞུ་ཅན་ལ་སྤྲང་པོ་འབྱུང་། །གཞོན་སྟག་རལ་ཅན་ལ་འབུབ་ཁུང་ཡོད། །སྨན་གཡུ་ཕུད་ཅན་ལ་ཁྲེལ་མདའ་ཕོག །རྫོང་རབ་ཅན་ལ་ཁ་རལ་བྱུང་། །ས་དོག་མོ་བཟང་ཡང་ལོ་ཐོག་ཉེས། །གཏོ་ལ་མདོས་དང་ཀུན་རིག་བཙུགས། །ཅི་བཏབ་ཅི་ལ་ངན་པ་ལ། །ཞལ་ལྕེ་མཁོན་འཐབ་རྩོད་ཉིན་བཟང་། །རྒན་སྤྱང་ཞུ་ཅན་གྱིས་མདའ་བཟུང་བརྡུང་། །བཅུ་པོ་མན་ཆད་བྱ་བུར་ལ། །བཅུ་གཅིག་ཛ་ཝང་ཛུ་ཝང་ན། །


MR16_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཕུར་འོད་ཟེར་གནས་དང་ཕྲད། །ལ་ཐོད་རྩེ་ལ་ཉི་འོད་འཕྲོ། །གོང་ལས་བཟློག་སྟེ་བཟང་འབྲས་སྒྲ། །མགྲོན་རེས་གཅིག་ལ་དཔའ་མདའ་གསུམ། །མི་གཅིག་རིང་ལ་ཐེང་གསུམ་དར། །ཕ་གཅིག་བུ་ལ་དཔའ་བོ་གསུམ། །ས་དོག་མོ་བཟང་ལ་ལོ་ཏོག་འཕེལ། །གངས་ལ་གཡུ་བུན་འཐིབ་པ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ནད་པའི་མོ་ལ་ངན་ཙམ་ཡིན། །ཐིག་གུ་གཉིས་ཀྱིས་ཁོག་ལ་འཇུས། །མུ་ས་ཞེས་སུ་གྲགས་པ་སྟེ། །གཉིས་ཀ་བསྒྲིག་ན་རྟ་རྣ་ཡིན། །མདུད་མགོས་བར་བཅད་ཤེལ་རྣ་ཡིན། །གཉིས་ཀྱིས་བར་བཅད་གསེར་རྣ་ཡིན། །དེ་ཡང་མཁར་ཁ་ནས་བརྩམ་པའི། །ནང་གི་བཟང་རིམ་དབྱེ་བ་ཡོད། །ཡང་ན་སྟེང་དུ་རྟ་རྣ་སྟེ། །ཕྲེད་ལ་ཤེའུ་རྣ་འོག་ཏུ་ནི། །གླང་པོའི་རྣ་བ་འདྲ་བར་བཤད། །དེ་དག་འདྲ་བའི་སྒོ་ནས་ཡིན། །ཕྲུག་གུའང་ཕན་ཚུན་བརྫུས་པ་ན། །མུ་ས་བརྩམ་ཐིག་ཡིན་པ་ལྟར། །བརྩམ་ཐིག་གཞན་ཀྱང་དེ་ལྟར་ཤེས། །མུ་ས་འདི་ཤེལ་གྱི་སྐར་མའི་བླ་མདུད་ཡིན། །ཁྱུང་དཀར་མཛོ་མོ་སྣ་སྦྲེལ་ཡིན། །ཡང་ན་ཡ་རབ་བུ་མོ་ཡིན། །བ་ཁོག་རྣམ་གསུམ་གར་བབ་བཟང་། །ལྷག་པར་ཡ་རབ་ནོར་ཕྱར་བཟང་། །ཤར་ན་གསེར་གྱི་ལྷ་ཁང་ཡིན། །ལྷོ་ན་གོ་ཁྲབ་བརྩིགས་ཡག་ཡིན། །ནུབ་ན་ཆོས་ཀྱི་སྒོམ་ཁང་ཡིན། །བྱང་ན་མགར་བའི་སོལ་ཁང་ཡིན། །ཕ་ནི་གཡུ་འབྲུག་སྔོན་མོ་ཡིན། །མ་ནི་ས་བདག་རྒྱལ་མོ་ཡིན། །ཁོ་རང་ཤེལ་གྱི་སྐར་མ་ཡིན། །འདི་གཅིག་གི་སྟེང་དུ་བབས་པ་ན། །ཡུལ་ཁ་གཉིས་སུ་འཛིན་པའི་མོ། །མི་ལམ་བས་ཀྱང་ལྷ་ལམ་མཐོ། །མི་དཔོན་གཉིས་ཀྱི་ངོ་སྲུང་དགོས། །གཉིས་ཕ་ཁང་གཉིས་ཀྱི་བུ་ཚ་བྱེད། །ཕ་ཚེ་རིང་


MR16_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བུ་ཚེ་དར། །གསུམ་ཁྱིམ་ཁ་གཉིས་སུ་འཛིན་པའི་ངོ་། །ཕ་ཚར་མ་ཚར་མི་གཅིག་ཡིན། །བཞི་ཀླུ་ཚངས་སྐར་ཕྲན་རྒྱས་ཞེས་བྱ། །མཆོག་ཏུ་འོད་ཟེར་གསལ་ངོ་ཡིན། །ལྔ་དགྲ་རུ་མི་སྤུན་གཉིས་པ་ལྡང་། །དགྲ་སྲི་སྒོ་ཐེམས་འོག་ཏུ་མནན། །དྲུག་ནག་མོ་གདོང་པ་དཀར་བ་ཡིན། །བཙུན་མོས་རང་ཐོབ་འཛིན་པ་ཡིན། །བདུན་གནམ་གྱི་ཡན་ལག་མ་སྟོང་སྟེ། །ས་ཡི་ཁ་ཞག་མ་བོ་བཟང་། །བརྒྱད་བརྟེན་པའི་ལྷ་སྲུང་ངོ་སོ་མཐོ། །དགུ་མོ་མས་གྲོག་ཤོར་དེ་ནས་རྙེད། །བཅུ་ལོ་གསུམ་བར་དུ་གཡང་མི་ཉམས། །བཅུ་གཅིག་མཐོངས་ཀྱི་བྱ་ར་བྱེད། །གནམ་ས་ཡུལ་སྲིད་འཛིན་པ་ཡིན། །བཅུ་གཉིས་ཕྱི་བློན་ནང་དུ་ཞུགས། །རྒྱལ་དབང་བློན་ལ་ཤོར་དོགས་ཡོད། །བཅུ་གསུམ་ཉི་ཟླ་སྐར་གསུམ་མཁའ་ལ་རྒྱས། །མཁར་རྩེ་འདི་ལ་བརྒྱག་སོང་ན། །མུ་ས་ཡ་རུ་དིལ་དཀར་ཡིན། །གཡས་པ་དུང་ལོ་ལྗོན་པ་བརྒྱག །སྨན་ཤ་ཡུ་མོའི་མཁྲིས་པ་ཡིན། །མོ་རྒོད་བཙན་སྲི་འདུལ་མི་ཡིན། །རང་སའི་བཙན་ས་གར་བབས་ཀྱང་། །དགྲ་ཐུབ་ཆུས་རྒྱལ་ནོར་ལོན་ཡིན། །ཕྱི་སར་བབས་ན་དགྲ་གྱོད་ངོ་། །དེ་འོག་ཡ་རུ་དིལ་སྨུག་ཟེར། །ལི་ཕྱིན་སྐར་མ་མདངས་ཀྱང་ཟེར། །གཡང་སྒོམ་ནོར་གྱི་བང་མཛོད་ཡིན། །བདུད་རྩི་འོ་མའི་བཞོ་ཟོ་ཡིན། །ཟལ་དཀར་འབྲི་ཡི་བླ་མདུད་དང་། །འཛོམས་ན་ཤིན་ཏུ་ལེགས་པ་ཡིན། །དགྲ་གཞི་དཀོར་གསུམ་ཀུན་ལ་བཟང་། །དབུས་མ་བརྒྱད་ཀྱི་ཆེ་བཤད་ལས། །མུ་ས་དབུས་མ་བཟང་བར་བཤད། །གསུམ་པ་བརྒྱག་དངས་བཅས་གྱུར་ན། །མུ་ས་ཡ་རུ་དིལ་དམར་ཡིན། །མུ་སའི་ནང་གི་སེ་སྟོད་ཡིན། །ཀུན་དང་ཁྱད་པར་ནད་མོ་ངན། །ཡ་མ་ནག་པོའི་མོ་ལ་བཟང་། །སྒོ་བརྒྱག་


MR16_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་རུ་དིལ་ནག་ཡིན། །ཕྱུགས་བརྒྱ་ནད་ཀྱིས་ཐེབས་ངོ་ཡིན། །རྟ་བརྒྱ་གཡང་ལ་ལྷུང་བ་ཡིན། །བྱ་རྒོད་སྙི་ལ་ཐོགས་པ་ཡིན། །བྱ་རང་སྲོག་རང་གིས་བཅད་པ་ཡིན། །བཟང་ལན་ངན་འཇལ་ཅི་བཏབ་ངན། །བརྒྱག་གཉིས་བཅས་ལ་དང་པོ་གསུམ། །དིལ་སྨུག་ཅན་ལ་གཉིས་དང་ནི། །དིལ་དམར་སྒོ་བརྒྱག་འདོམས་པ་གཅིག །ཁོག་བརྒྱག་དང་ནི་དེ་དང་གཞན། །འདོམ་ཚུལ་དང་ནི་ཐི་གུ་གཉིས། །འཇུ་སའི་གནས་ཀྱི་ཁྱད་པར་གྱི། །དབྱེ་སྒོ་སྣ་ཚོགས་ཡོད་ན་ཡང་། །མིང་འདོགས་བཟང་ངན་ཁེར་བརྒྱག་ལ། །དཔག་སྟེ་ཤེས་པར་བྱ་བ་ཡིན། །གཉིས་བརྒྱག་བཟང་བའི་རིགས་བབས་ན། །དམུ་ས་ཐང་ཀར་གླིང་རིང་ན། །ཤེལ་གོང་བྲ་བ་དུན་ཏིང་བརྒྱག །བེའུ་རྒྱས་པ་འབྲོང་བུར་སོང་། །བ་ཁོག་གསུམ་དུ་བབས་པ་ན། །མ་གཅིག་པང་ན་བུ་གཉིས་ཡོང་། །བུ་གཉིས་ལུང་པ་ཁ་གཉིས་འཛིན། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །བརྒྱག་གསུམ་དུང་གི་སྐར་མ་བརྒྱག །སྐར་མ་ཕོད་དཀར་མི་བོ་ཡིན། །སྐར་མདའ་མགྱོགས་བྱེད་རྟ་ལ་ཞོན། །སྐར་མའི་ཚོམ་བུའི་ན་བཟའ་ལ། །དགུ་ཚིགས་སྐྱ་མོའི་སྐ་རགས་བཅིང་། །ཤར་ནུབ་གཉིས་ལ་སྐད་ཅིག་བགྲོད། །ལྷོ་བྱང་གཉིས་ལ་སྐྱས་རེས་བྱེད། །དམག་ཇག་འདུལ་བའི་ཝེར་མ་ཡིན། །བཞི་བརྒྱག་སྐར་ཆེན་འོད་དཀར་བརྒྱག །དེ་ལྟར་མུ་སའི་བརྒྱག་བཟང་རིགས། །མཁའ་ལ་རྒྱུ་སྐར་ཉེར་བརྒྱད་ལ། །སྐར་མ་འབུམ་གྱིས་བསྐོར་བ་ཡི། །འོད་ཀྱིས་འཇིག་རྟེན་གསལ་ངོ་ཡིན། །དགྲ་གཞི་དཀོར་གསུམ་གང་ལ་ཡང་། །སྐར་ཚོགས་ལྟ་བུར་རྒྱས་ངོ་ཡིན། །བཅུ་གསུམ་སྟེང་དུ་ནད་པར་ངན། །ཐི་གུ་གསུམ་གྱིས་འཇུས་པ་ན། །མུ་ས་ཅོད་པན་ཞེས་སུ་གྲགས། །གཡུང་དྲུང་དིང་མོ་གལ་ཀྱང་ཟེར། །གསེར་ཉི་དུང་ཟླ་ཤེལ་


MR16_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ། །དུས་གཅིག་མཁའ་ལ་ཤར་བ་ཡིན། །དམུ་རྗེ་བཙན་པོའི་དམུ་གཡག་ཡིན། །བདུད་རྗེའི་གླ་བ་རོག་པོ་ཡིན། །ཇི་བཏབ་ཅི་ལ་བཟང་བ་ཡིན། །མི་གྲངས་འཕེལ་བའི་རྫིའུ་ཡིན། །དེ་ཡི་མཁར་མགོ་བརྒྱག་བྱུང་ན། །མུ་ས་ཅོད་པན་དུང་སོ་བརྒྱག །ཉི་ཟླ་གཉིས་ཀྱི་བླ་མདུད་ཡིན། །རང་སར་ཅི་ལ་བཏབ་ཀྱང་བཟང་། །དེ་འོག་མཆོང་སོ་བརྒྱག་ཅེས་བྱ། །གཡང་འཕེལ་ཅི་ལ་བཏབ་ཀྱང་བཟང་། །བརྒྱག་གཅིག་བཟང་པོ་སྤྱི་མིང་དུ། །མུ་ས་ལི་ཕྱིན་དཀར་མོ་ཟེར། །རྒོད་ལྡེར་ཁྱུང་ཚང་ནང་ནས་ཐོན། །དགྲ་བླའི་གོ་མཚོན་སྣ་དགུ་ལོན། །ཡིག་ཚང་ཅན་གྱི་མི་ཡང་ཟིན། །མདོ་རིགས་ཅན་གྱི་རྟ་ཡང་ཐོབ། །དགྲ་བཙན་པོ་ཐུར་ནས་གནང་ལོན་ངོ་། །སྒོ་བརྒྱག་ཅི་ལ་བཏབ་ཀྱང་ངན། །ཁྱད་པར་ས་ཁམས་ནད་པའི་དགྲ། །དུང་མཆོང་གཉིས་པོ་འདོམ་པ་ན། །མུ་ས་བཀྲ་བ་ཤིང་ལོ་བརྒྱག །འཇའ་ཚོན་ཁྲ་མོའི་གུར་ནང་ན། །གནམ་སྨན་བཀྲ་ཤིས་ཚེ་རིང་མས། །དུང་བྱ་ཁྲུང་ཁྲུང་རྟ་རུ་ཞོན། །གནམ་མཐའ་འཁོར་བའི་སྨོན་ལམ་འདེབས། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་གྲངས་དང་ནི་ཕྱུགས་རྩི་འཕེལ། །ཕྱི་སར་ཤོར་ན་བདེ་སྐྱིད་ཤོར། །བརྒྱག་གཉིས་ཅོད་པན་གཡུང་དྲུང་རིས། །ཕྱ་རྒྱུད་གཡུང་དྲུང་ཕྱི་མོ་ཡིན། །ཡོར་པོ་རུ་མང་འགྲན་ཟླ་མེད། །བརྒྱད་དང་བཅུ་གཅིག་གར་བབས་ཀྱང་། །གཡུང་དྲུང་མི་དར་ཆུ་འགྲུབ་ཡིན། །དུར་སྲི་རྟ་ནག་རལ་ཅན་ནི། །འདི་ཡི་ལན་དུ་བབས་ན་འཇིག །རུ་སོད་ངན་རིགས་བབས་ན་ཡིན། །དར་འཕྲུ་ཐེག་པའི་མི་ལ་ངན། །སྟག་རས་ཐེག་པའི་རྟ་ལ་ངན། །གཞན་ཡང་སྒོ་བརྒྱག་འདོམ་པ་གཉིས། །གཉིས་བརྒྱ་གནང་གི་སྙིགས་མ་ཡིན། །གསུམ་བརྒྱག་མུ་ས་ཅོད་པན་ནི། །ཉི་ཟླ་སྐར་གསུམ་བརྒྱག་ཅེས་བྱ། །བཤད་པ་མུ་ཕྱའི་བརྒྱག་གསུམ་


MR16_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །འདི་ཡི་ལན་དུ་རུ་སོད་ན། །གཡག་ཤི་འབྲིང་པ་ཆད་པ་ཡིན། །ཅོད་པན་ལན་དུ་རིང་སྙན་ན། །མདའ་གཅིག་རྙེད་ཀྱང་མདུང་གཅིག་ཆག །ལྷག་པར་སྤུན་གསུམ་མོ་ལ་ངན། །གཞན་ཀུན་མུ་ས་སྤྱི་ལྟར་དཔྱད། །ཅོད་པན་ཐིག་གཅིག་ས་ལ་ལྷུང་། །མུ་ས་བྱ་ཡུན་ཤེའུ་རྣ་སང་། །གཡུ་ཡི་ཁུ་བྱུག་སྔོན་མོ་ཡིན། །སྐད་སྙན་སྒྲོགས་པའི་བྱ་རྒྱལ་ཡིན། །བྱ་འུན་འཕྲིན་པ་དངས་རྩེ་ཡིན། །ལྷ་དམག་སྡུད་པའི་བྱ་ཡུན་ཡིན། །འདི་རང་སའི་བཙན་ས་རྣམས་སུ་བཟང་། །ཇག་མགྲོན་གཉིས་ལ་སྟོད་དུ་གཅེས། །སོ་ལེན་གཏོང་ན་བཅུ་གསུམ་གཅེས། །ཕྱི་སར་རྨུག་པ་སྤུན་གསུམ་མམ། །དམུ་གབ་སྤུན་གསུམ་བབས་ནས་སུ། །བཅུ་གསུམ་སྟེང་དུ་འདི་བབས་ན། །རྨང་སྡུག་དབུལ་གསུམ་སྔོན་དུ་སོང་། །འཕན་བདེ་ཕྱུག་གསུམ་རྒྱབ་ནས་ཡོང་། །འཕྲལ་དུ་ངན་ཀྱང་ཕུགས་སུ་བཟང་། །དེ་ཡི་དང་པོར་བརྒྱག་བྱུང་ན། །བྱ་ཡུན་ལྷ་མེ་རང་འབར་རམ། །ཡང་ན་མུ་བྱ་དངུལ་ཆབ་བརྒྱག །བསྐལ་མུན་འཁྲིག་ཀྱང་སྒྲོན་མེས་སེལ། །ཡུལ་ལྷ་ལྷ་རྒྱལ་གཉན་རྗེ་ལ། །མི་གྲངས་ཡུལ་བས་བྱིན་པ་ཡིན། །ལན་དུ་དམུ་གབ་སྤུན་གསུམ་ངན། །ལྷ་ཡུལ་ནེ་གྲོང་བྱ་བ་དེར། །གྱོད་ཀྱི་བ་མོས་ཐོག་བརྫིས་ཡིན། །འདི་བརྒྱད་དང་བཅུ་གཅིག་གར་བབས་ཀྱང་། །གསལ་བྱེད་མཆོང་གི་མི་བོ་དེ། །སྐད་སྙན་ཁུ་བྱུག་རྟ་ལ་ཞོན། །ལྕོག་ག་གྲོ་མོ་རོལ་དུ་ཁྲིད། །དར་དཀར་ལེའུ་སྐུ་ལ་གསོལ། །ཀ་ཏན་མཛེས་པའི་ཆ་ག་བཏགས། །ཕྱག་ན་སྤ་མཁར་གླིང་བུ་འབུད། །མ་ལྷ་འབོད་པའི་གཏམ་སྙན་ཡིན། །བ་ཁོག་བཙན་ཁྱིམ་གར་བབས་ཀྱང་། །དམུ་གབ་མེད་ཅིང་ཅི་བཏབ་བཟང་། །འཆི་མེད་རྡོ་རྗེའི་སྐུ་དེ་ཡིན། །དེ་འོག་བརྒྱག་ན་དམུ་བྱ་ནི། །སྨུག་མོ་གཡང་མཚོ་


MR16_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་ཀྱང་ཟེར། །ཅི་བཏབ་ཅི་ལ་བཟང་བ་ཡིན། །བརྒྱག་བཟང་གཅིག་པའི་སྤྱི་མིང་དུ། །གསལ་བྱེད་ལྷ་ཡི་སྒྲོན་མ་ཟེར། །ཅི་བཏབ་མོ་ལ་རང་སར་བཟང་། །སྒོ་བརྒྱག་ཅི་བཏབ་ཅི་ལ་ངན། །བྱ་ཕོ་རྒད་པོས་ཁྲུང་ཁྲུང་བཟུང་། །དགོད་པོར་ཆུ་ཟངས་ནང་དུ་བཅུག །འོག་ནས་སོལ་བའི་མེ་སྦར་བས། །བྱ་རང་སྲོག་རང་གིས་བཅད་ངོ་ཡིན། །ཕོ་ལྷས་མི་སྲོག་འདྲེ་ལ་བཙོང་། །དཔོན་དང་ཡུལ་མི་དགྲ་རུ་ལྡང་། །གསེར་དང་བོང་བའི་འདམ་ཁ་ནོར། །གཞན་མུ་ས་སྒོ་བརྒྱག་བཤད་པ་འདྲ། །དང་པོ་གཉིས་པོ་བརྒྱག་གྱུར་ན། །དམུ་བྱ་དུང་ལོ་རྩག་རྩིག་གམ། །ཤིང་ལོ་བཀྲ་ཤིས་སྐར་མ་བརྒྱག །བཤད་པ་མུ་ས་ཅོད་པན་གྱི། །དང་པོ་གཉིས་བརྒྱག་དེ་ཀ་ཡིན། །སྒོ་བརྒྱག་དང་འདོམ་གཉིས་པོ་ཞན། །བརྒྱག་གསུམ་གསེར་ལོ་དངུལ་དཀར་རམ། །ཁ་གྲགས་ཉི་ཟླ་སྐར་གསུམ་བརྒྱག །རིན་ཆེན་མི་ཕོ་མཛེས་པ་གཅིག །རྫི་ང་འཕྱོ་བའི་རྟ་ལ་ཞོན། །སྣ་ཚོགས་མཛེས་པའི་ན་བཟའ་ལ། །གུ་ལང་དར་གྱི་ཆ་ག་ཅན། །བཻཌཱུར་ཡ་ཡི་ཆུན་པོས་བརྒྱན། །ཨིནྡྲ་ནཱི་ལའི་སྟོད་གཡོགས་ལ། །སྨུག་ཆུང་སྲམ་གྱི་ཆ་ག་བཏགས། །དཀར་སེར་དམར་ལྗང་དར་གྱིས་བརྒྱན། །ཡ་མཚན་ཆེ་བའི་ན་བཟའ་མནབ། །ལྷ་ཡི་བ་དན་འཕྲག་ལ་བཀལ། །བ་དན་ལན་གཅིག་བརྐྱང་ཙམ་ན། །གསལ་བའི་མེ་འབར་ལྷབས་སེ་ལྷབས། །གཡུ་དུད་སྤྲིན་པ་ཐུ་ལུ་ལུ། །ལས་ཀྱི་དཔལ་མདུང་ཚུབས་སེ་ཚུབས། །བྱ་བོན་འཕྲིན་པ་དི་རི་རི། །འདི་མི་འབབ་མི་འབབ་ཐེང་གཅིག་འབབ། །ལན་གཅིག་བབས་པའི་དུས་བྱུང་ན། །མི་གྲངས་སྐར་མ་བས་ཀྱང་མང་། །ནོར་གྲངས་རྩི་ཤིང་བས་ཀྱང་འཐུག །མཁར་ཆེན་ནམ་མཁའ་བས་ཀྱང་མཐོ། །ཚེ་སྲོག་ཆུ་རྒྱུན་བས་ཀྱང་རིང་། །


MR16_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བཀྲ་རྒན་ནད་པའི་མོ་ལ་ངན། །ཆོས་ཁྲི་གསེར་ཁྲི་གཡུ་ཁྲི་གསུམ། །ཁྲི་གསུམ་དུས་གཅིག་སྟོང་ངོ་ཡིན། །ཤལ་ཆེན་དམག་ལ་སྟོད་དུ་གཅེས། །དམག་དཔོན་རྒྱལ་ནས་དམག་མི་ཚང་། །གོ་ཁྲབ་ཚང་ནས་རྣོ་མཚོན་དར། །འོག་རྟ་ཚང་ནས་བདེ་དང་ལྡན། །མུ་ས་བྱ་ཡུན་ཕྲུ་གུ་འབྲེལ། །མུ་ས་ཙམ་ཐིག་བྱ་ཡུན་ནམ། །ཁོང་རྒྱུན་བྱ་ཡུན་ཞེས་ཀྱང་བྱ། །གྲུ་གསུམ་ནང་དུ་གཉིས་འཇུས་ནས། །མོ་རྟ་བག་ལ་སོང་གྱུར་ན། །བག་གི་མུ་ས་ཞེས་སུ་གྲགས། །ཤེལ་གྱི་བག་བྱ་ཞེས་ཀྱང་ཟེར། །ཤར་ན་རྔ་དར་དུང་གསུམ་ཡིན། །ལྷོ་ན་གཉན་གྱི་རི་བདུན་ཡིན། །ནུབ་ན་བསེ་ཡི་རི་བདུན་ཡིན། །བྱང་ན་དུང་ཤ་དཀར་མོ་ཡིན། །ཇི་བཏབ་ཀུན་ལ་བཟང་བ་ཡིན། །ཤར་གྱི་སྐར་མ་སྨིན་དྲུག་ཡིན། །ལྡི་བུར་དཔའ་དང་སྤྲད་མི་ཡིན། །དྲོང་ལ་ལྷ་གསོལ་བྱེད་མི་ཡིན། །སོ་ཡོན་གསལ་བའི་སྒྲོན་མེ་ཡིན། །སྤོ་བར་གྱོད་ཁ་བརྡུང་མི་ཡིན། །ཐང་ལེ་སྒ་ཆག་བཅོས་མི་ཡིན། །བྱ་རལ་ཞིག་གསོས་བྱེད་མི་ཡིན། །དེ་ལ་བརྒྱག་གཅིག་བརྒྱག་གཉིས་དང་། །བརྒྱག་གསུམ་མུ་བྱའི་བརྒྱག་བཟང་མཚུངས། །དེ་ཡི་མོ་རྟ་སོ་བཀུག་ན། །མུ་ས་ཤོར་ཁུང་ཞེས་སུ་བརྗོད། །གཟའ་རཱ་ཧུ་ལ་ཡི་བླ་མདུད་ཡིན། །སྔོན་གྱི་བསྐལ་པ་དང་པོ་ལ། །ཤིང་རྩེར་དུང་ཁྱུང་ཀེ་རུ་དང་། །མཚོ་གཏིང་ཆུ་སྲིན་རྔམ་པ་གཉིས། །འདོད་ཆགས་སྡེབ་པའི་སྲིད་པ་ལ། །མྱེས་པོ་ཡཀྴ་ཛྭ་ལ་དང་། །ཕྱི་མོ་ཏབ་ཤབ་སེ་གདོང་གཉིས། །འདོད་ཆགས་སྡེབ་པའི་བུ་བྱུང་བ། །ཡབ་དེ་ཡཀྴ་མེ་འབར་དང་། །ཡུམ་དེ་སྦལ་མགོ་ཁྲག་མིག་མ། །སྤྱན་གྱི་ཡར་མར་ལྟད་མོ་གཟིགས། །དཔག་བསམ་ཤིང་གི་རྩེ་མོ་ནས། །ཡབ་འདོད་


MR16_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཆིལ་མ་རྒྱ་མཚོར་བསྐྱུར། །ཡུམ་ཀླུ་མོས་ཆགས་པས་གྱུར་མིད་བྱས། །ཞག་གསུམ་དྲོས་བཞི་ནང་པར་ནི། །ཁྲག་གྲོད་སྐྱེས་བ་རྡོལ་བ་ལས། །མི་ལུས་བྱ་མགོ་མཆེ་གཤོག་ཅན། །སྤྲུལ་པའི་གཟའ་བདུད་ཆེན་པོ་བྱུང་། །གདན་ཡོད་པ་རྒྱ་མཚོ་མེད་པ་ཡིན། །ཟན་ཡོད་པ་གྲི་བདུད་ཤ་ཁྲག་ཡིན། །ཁ་ཕོར་མཛེ་ཐོད་སྐྱ་བོ་ཡིན། །གདོང་བཞི་བདུད་དང་སྲས་གསུམ་ཡོད། །ལན་རེ་སྤྲུལ་པ་འགྱེད་ཙ་ན། །དགུང་ཨ་སྔོན་དྲིལ་ནས་སྔ་ཤད་བྱེད། །ས་དོག་མོ་དྲིལ་ནས་ཕྱི་ཤད་བྱེད། །ཉི་ཟླ་མཁུར་ཁུག་གཡས་གཡོན་བཅུག །སྐར་མ་གྲངས་མེད་སོ་ཡིས་བཟུང་། །གནམ་ལྕགས་ཐོག་གི་སེར་བ་འབེབ། །ཤོར་ཁུང་མ་ཡིན་ཤོར་རྒོད་ཡིན། །སྔ་དྲོ་ཤ་རོ་བརྒྱ་རེ་ཟ། །ཕྱི་དྲོ་དགོ་རོ་བརྒྱ་རེ་ཟ། །མོ་སྲི་གདུག་པ་ཅོ་ཟད་ཡིན། །ཕོ་སྲི་གདུག་པ་རལ་ཟད་ཡིན། །གང་ལ་བབ་ཀྱང་སྤུ་གྲི་ཡིན། །ཤ་ལ་རྔམ་ཞིང་ཁྲག་ལ་དད། །སྡེ་བརྒྱད་ལས་ལ་འབོད་པའི་རྟགས། །གཡོན་པ་རྭ་ཡི་མདའ་གཞུ་འཛིན། །ལྷ་སྲིན་དམག་དཔོན་བྱེད་པའི་རྟགས། །ལུས་ཀུན་མིག་གིས་གང་བ་སྟེ། །བསྟན་དགྲ་མཐོང་བའི་དུག་གིས་གསོད། །མཇུག་མ་སྤྲུལ་འཁྱིལ་ཀླུ་ནད་གཏོང་། །སྡེ་བརྒྱད་འགྱེད་ཅིང་ཕྱོགས་ཀུན་རྒྱུག །སྲིང་མོ་གདོང་མོ་མཆེད་བཞི་ཡོད། །བླ་ནི་མ་ཟེ་སྒོ་བཞི་ཡིན། །ཕོ་ཉ་ཐེའུ་རང་སྤུན་དགུ་ཡོད། །བླ་ནི་བྲག་ལྡི་སྐྱ་བོ་ཡིན། །ནང་བློན་རྒྱལ་པོ་གྲང་ཤལ་ཡོད། །བླ་ནི་གསེར་བྱ་རྐེད་ཆད་ཡིན། །ལས་མཁན་མ་ཧཱ་དེ་བ་ཡོད། །བླ་ནི་དམུ་ནག་ཐེ་སད་ཡིན། །ཤན་པ་དུ་བ་མཇུག་རིང་ཡོད། །བླ་ནི་སྤོ་ཡོ་སྒོ་བརྒྱག་ཡིན། །ཕྱི་བློན་གཟའ་རྒོད་མིག་དམར་ཡོད། །བླ་ནི་ངད་པ་ཤ་ཟན་ཡིན། །ཕྱག་བརྙན་དགེ་བསྙེན་ཕུར་བུ་ཡོད། །བླ་ནི་ཁ་བུར་སྒོ་བརྒྱག་ཡིན། །ཕྱག་ཚང་གཟའ་ཆེན་སྤེན་པ་ཡོད། །བླ་ནི་བྱི་ལ་སྦྲུལ་འཇུག་ཡིན། །པོ་སང་གསོད་པའི་ཚེ་འཛིན་ཡོད། །བླ་ནི་མུན་དམར་གྲི་ཐོག་ཡིན། །འདི་ཤར་ནས་ནུབ་ཏུ་རྒྱུག་ཙ་ན། །ཉི་ཟེར་འབར་བའི་རྟ་ལ་ཞོན། །ཞོང་ལ་


MR16_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་ནད་ཆར་ལྟར་འབེབས། །ནུབ་ནས་ཤར་དུ་རྒྱུག་ཙ་ན། །དྲི་བཙན་ཡེར་མོའི་རྟ་ལ་ཞོན། །ཞོར་ལ་མ་མོའི་ཁྲག་ནད་གཏོང་། །བྱང་ནས་ལྷོ་རུ་རྒྱུག་ཙམ་ན། །སྐྱི་སེར་ང་གི་རྟ་ལ་ཞོན། །ཞོར་ལ་ཁ་ཆར་བུ་ཡུག་གཏོང་། །ཡུལ་ཁམས་ཐམས་ཅད་འཁྲུགས་པ་སློང་། །ལྷོ་ནས་བྱང་དུ་རྒྱུག་ཙམ་ན། །གཡུ་འབྲུག་སྔོན་མོའི་རྟ་ལ་ཞོན། །ཞོར་ལ་བཙའ་སད་སེར་གསུམ་གཏོང་། །མཚམས་ནས་མཚམས་སུ་རྒྱུག་ཙ་ན། །དགུ་ཚིགས་སྐྱ་མོའི་རྟ་ལ་ཞོན། །ཞོར་ལ་ནད་ཡམས་སྣ་ཚོགས་གཏོང་། །འོག་ནས་སྟེང་དུ་རྒྱུག་ཙམ་ན། །ཁུ་ང་སྤྲིན་གྱི་རྟ་ལ་ཞོན། །ཞོར་ལ་ཐབ་གཞོབ་མི་ཁ་གཏོང་། །སྟེང་ནས་འོག་ཏུ་རྒྱུག་ཙ་ན། །སེར་བ་དྲག་པོའི་རྟ་ལ་ཞོན། །ཞོར་ལ་ཐོག་རྒོད་མདའ་ལྟར་འཕེན། །ཡུལ་ས་དྲོ་འཇོམ་མོ་འདེབས་ན། །ཕོ་ཤི་མོ་ཤི་མདུན་ངོ་ཡིན། །ཕྱི་ས་གཡུལ་བཞི་གར་བབ་ཀྱང་། །དགྲ་དང་མི་ཁ་ཆེན་པོའི་ངོ་། །ལོ་མལ་བབས་ན་ལོ་བྲག་ཡིན། །གཏོ་དང་རིམ་གྲོ་ཆེ་བར་དགོས། །དགྲ་དང་གཡུལ་ཆེན་འགྱེད་དུས་དེར། །རང་སའི་བཙན་སར་འདི་བབས་ནས། །ཕྱི་སར་སློ་བྲག་སེ་སྟོད་ན། །དགྲ་རལ་པ་ཅན་ལ་གྲངས་མེད་སོད། །ཕོ་བརྒྱའི་ཡ་ཐོད་ཐང་ལ་རྒོག །མོ་བརྒྱའི་ལན་ཕྲན་ས་ལ་རུལ། །རལ་པ་ཅན་དང་བནྡེ་བཟུང་། །གནང་ནི་ཅི་འདོད་སྣ་དགུ་ཐོབ། །ཚབ་ཆེན་ནད་པའི་མོ་འདེབས་ན། །བཙན་ས་ལོ་མལ་གར་བབས་ཀྱང་། །ཤི་རོའི་སྔས་ཀྱི་བོན་པོ་ཡིན། །བ་ཁོག་གནས་མལ་འདི་བབས་ན། །ལན་ལད་ནས་ཆུང་མས་ཁྱོ་པོ་གསོད། །གཅིག་གི་སྟེང་དུ་འདི་བབས་ནས། །གཉིས་ལ་སྐྱམ་གྱི་ངན་རིགས་ན། །བྱི་མོས་བྱི་ཕོ་བསད་པ་ཡིན། །གཉིས་ལ་འདི་དང་གསུམ་ལ་ནི། །ཆུ་སྤར་བག་ལྡི་བབ་པ་ན། །ནུ་བོས་ཕུ་བོ་བསད་པ་ཡིན། །ཤོར་ཁུང་ཆུ་སྤར་བག་ལྡི་གཉིས། །དེ་བཞིན་སྦྱར་ཏེ་རིམ་


MR16_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏུ། །གསུམ་བཞིར་མནའ་མས་སྒྱུག་མོ་བསད། །བཞི་ལྔར་མག་པས་གྱོས་པོ་བསད། །ལྔ་དྲུག་བུ་ཚས་དཔོན་པོ་བསད། །དྲུག་བདུན་ཕ་སྤུན་གྱིས་མ་སྤུན་བསད། །བདུན་བརྒྱད་བླ་མས་ཉེ་གནས་བསད། །བརྒྱད་དགུ་ཞང་པོས་ཚ་བོ་བསད། །དགུ་བཅུ་ཨ་མས་བུ་ཚ་བསད། །བཅུ་བཅུ་གཅིག་ཁུ་བོས་ཚ་བོ་བསད། །བཅུ་གཅིག་བཅུ་གཉིས་གཡོག་པོས་དཔོན་པོ་བསད། །བཅུ་གཉིས་བཅུ་གསུམ་དེ་ལྟར་ན། །ཡུལ་གྲོང་དགུ་ཡི་འཁྲུགས་པ་ལང་། །འཁྲུགས་པ་རྣམས་ཀྱི་ཆེ་བ་ཡིན། །ཡུལ་དུན་ད་ཡམས་ཆར་ལྟར་འབབ། །ལར་ཤོར་ཁུང་འདི་ཡིས་མི་ཐུབ་པ། །ཆུ་སྤར་བག་གི་ལྡི་བུར་ཡིན། །དེ་ཚུགས་བབས་ན་རིམ་གྲོ་ནི། །གཟའ་ཀླུ་འཁྲུགས་པ་ཡོ་བཅོས་བྱ། །ཀླུ་འབུམ་དང་ནི་གཉན་འབུམ་འདོན། །ཚེ་ཐར་གཏོང་ཞིང་སྣང་བརྒྱད་སྒྲོགས། །ལར་ཤོར་ཁུང་གཟའ་རྒོད་ཆེན་པོ་འདི། །གཡུལ་ཆེན་དྲག་པོ་བཀྱེ་དུས་དགོས། །དགྲ་ལ་ཤག་ཆེན་འགྱེད་དུས་དགོས། །ཡ་མ་སྐྲ་ཟད་ཅན་ལ་དགོས། །དུག་གསུམ་ནད་ཀྱི་སྟེང་དུ་དགོས། །སྲོག་སེར་ལྟས་ངན་བསྒྲུབ་ན་དགོས། །དེ་མིན་ཅི་ལ་རྩུབ་པ་ཡིན། །ལན་དུ་འབྲེལ་བ་བཟང་སྡེ་ན། །ཡུལ་འཁྲུགས་ཞི་ཞིང་ནད་ཡམས་ཆར་པ་ཆད། །ཚེ་ཟད་དར་མཐུང་བཀའ་ལོག་ལྷ་དང་འཕྲད། །ནལ་ཐོག་པང་སླེབ་ངན་དགུའི་ཐག་པ་ཆད། །བཟང་དགུའི་མགོ་ཟིན་ཅི་བྱས་ལམ་འགྲོ་བཟང་། །ཤོར་ཁུང་དེ་ལ་བརྒྱག་རིགས་ནི། །གཅིག་བརྒྱག་གཉིས་བརྒྱག་གསུམ་བརྒྱག་གསུམ། །མུན་པའི་ནང་གི་མར་མེ་ཡིན། །ཞི་གཟའ་གསུམ་གྱི་བླ་མདུད་ཡིན། །གཟའ་ཁྱབ་འཇུག་དགྱེས་བའི་དངོས་གྲུབ་ཡིན། །ཅི་བཏབ་ཅི་ལ་ཤིན་ཏུ་བཟང་། །གཞན་ཡང་ད་རོག་མུ་དབལ་དང་། །མུ་ལེ་ཤོར་ཁུང་གསུམ་ཡོད་པ། །སོ་སོའི་སྡེ་ཚན་ནང་དུ་འཆད། །མུ་ས་བག་གི་མུ་ས་དང་། །


MR16_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་གསུམ་དང་དེ་གསུམ་ཀའི། །ཙམ་ཐིག་སོང་བཅས་དྲུག་པོ་ལ། །མུ་ས་ཤེལ་དཀར་སྤུན་དྲུག་ཟེར། །ཅོད་པན་གསུམ་ཀར་ཙམ་ཐིག་བྱུང་། །གཡུང་དྲུང་དག་གི་རིགས་སུ་འགྲོ། །ཤོར་ཁུང་བྲག་གི་སྡེ་ཚན་ཡིན་ནའང་། །འདི་རུ་དགོས་པའི་དབང་གིས་བཤད།། །།ད་ནི་མུ་སའི་དཔྱད་དོན་ལ། །མུ་ས་དང་པོ་བ་ནས་བྱུང་། །བ་རུ་གཡས་གཡོན་ཡིན་པ་ལ། །བ་ངན་སྦྲང་བུས་མ་བསད་དགོས། །ལན་དུ་དགྲ་ངན་སྤུན་གསུམ་ན། །འཕྲལ་དུ་ཡེ་འདྲོགས་བྲེལ་རིགས་འོང་། །སྐྱེར་མའུ་དུན་སང་དེ་དང་གཅིག །སྤོ་ཁྱུང་ཀུན་རྒྱལ་པོ་མར་ནམ་སང་། །སོ་ཡོན་བྱ་འུན་ལང་ཐང་རྩེ། །འདི་གསུམ་དགྲ་ངན་སྤུན་གསུམ་ཡིན། །ཡང་མུ་ས་ཁྱུང་རུ་གཡས་གཡོན་ལ། །ལེན་དུ་སྐྱེར་ནག་རིགས་བབས་ན། །ཁྱུང་རུ་གདུག་བྱེད་ངམས་ཀྱིས་བཅད། །གཏོ་ལ་དགྲ་མནན་དགྲ་ཆོས་བྱ། །མུ་ས་འདོད་འཇོའི་བ་མོ་དེ། །བྱུར་གྱི་རྒན་མོས་མ་བཞོས་དགོས། །ལན་དུ་ཝ་སྐྱམ་བབས་ན་ཡིན། །གཏོ་གཏོང་ཡུལ་བུད་འཁྲུགས་པ་འོང་། །གཏོལ་ཝ་སྐྱམ་ནག་མོའི་སྒུར་བཟློག་བྱ། །ལར་མུ་སའི་ལན་དུ་དིང་དིང་ན། །སྐར་མའི་ཚོམ་བུ་བཀྲ་བ་ཡིན། །སྐྱིན་དིང་མི་རབས་འཕེལ་ཁ་ཆད། །གར་བར་གཟིག་མོ་ས་ཁུང་བསྙེགས། །བྱ་ཡུན་སྟག་གི་མཆེ་ཡ་ཆག །འབྲོང་གི་རུ་ཡ་གོག་པ་ཡིན། །དར་མ་གྲིར་འཆི་ཁྱད་པར་དུ། །མིང་ཨ་དང་དཔལ་ལས་དྲས་པར་རྩུབ། །བྱ་བུར་སྐར་ནང་ཟླ་བ་མཛེས། །མུ་ས་མི་རབ་མང་དུ་གྲོལ། །ཝ་ཚོ་མི་གྲངས་འཕེལ་ཤིང་བརྟན། །སྤོ་ཚེ་མི་འཕེལ་རྟ་ཧྲག་འབྱུང་། །དམུ་དག་མི་སྲོག་ལྕགས་ལ་བརྟེན། །སྐྱེར་དཀར་ཤིང་རྩ་ས་ལ་བརྟེན། །ཚོལ་ཚེ་ཤིང་ལ་ཟིལ་པ་ཆགས། །ཁྱུང་བརྒྱད་ནོར་འདོད་ཕྱུགས་དང་འཕྲད། །ཨ་ཁད་ཐོས་འདོད་གཏམ་གསལ་གོ ། སད་ཁམས་འགྲོ་འདོད་ལམ་དུ་ཞུགས། །སྲང་ཟེ་སྤུན་གཉིས་ཕ་ཞིང་


MR16_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བགོ ། བྱོད་ཕུར་བསྙབ་པའི་ལག་པ་ཆད། །སེ་སྟོད་ཉི་ཟླ་སྤྲིན་གྱིས་བསྒྲིག །ལྡི་བུར་འདོད་འཇོའི་བ་མོ་དེ། །བྱང་སྲིན་མོ་དམར་མོས་ཁྲིད་པ་ཡོད། །མི་སྤུན་གཉིས་པའི་མོ་ལ་ངན། །ངན་བྱེད་འཁྲུགས་པ་ཡོད་ངོ་ཡིན། །ལྷ་མིའི་བུ་ཚ་བདུད་ཀྱིས་ཁྱེར། །བདུད་བཙན་ཁྲམ་ཁ་མ་མོའི་དལ་ཁ་འབེབས། །ཡར་ལྡིང་བུ་ཚའི་ཁྱིམ་ཐབས་བཙན། །སུམ་མཉམ་རི་ལ་སྐྱ་ལམ་དོད། །ཙེ་ར་སྤུན་གྲངས་བཙན་ཕྱུག་ལྡན། །གཡུང་དྲུང་མི་ཡི་རབས་རྒྱུད་དར། །ཀྱེ་བ་བོད་ཁམས་སྟོད་དུ་འཁྲུགས། །ད་རོག་བོད་ཁམས་སྨད་དུ་བསྟན་པ་དར། །མུ་དབལ་མི་འཕེལ་བསྟན་པ་རྒྱས། །སྐྱམ་སྐར་མ་མུན་པས་གཡོགས་པ་ཡིན། །བྱ་རལ་མི་ས་ཁྱི་ཡི་བཟུང་། །ལི་ཡན་ཐོ་རེངས་སྐར་མ་ཡལ། །མར་ལྡིང་མི་རབས་མར་ལ་གྱུ། །སྤོ་བར་མཁོན་རྩོད་གཏམ་ངན་འབྱུང་། །སོ་ཡོན་ཉི་ཟླ་ངམ་ལ་ཤོར། །རུ་སོད་གཡག་ཤི་འབྲོང་ཆད་ཡིན། །མ་ཟེ་སྐྱེ་ཤིང་སྲིན་གྱིས་ཟ། །ན་འབན་སྐྱེད་ཚལ་གླང་གིས་བརྫིས། །འཐོར་ཁམས་ཕའུ་བཅུ་གཉིས་དེ། །ལུང་གསུམ་མདོར་བརླག་མི་བདེ་འོང་། །བྲག་དང་གྲོང་རིགས་སང་རིགས་གང་ཡང་ངན། །འགྲེལ་ཁམས་བརྒྱག་བཟང་གང་ཡང་བཟང་། །། ཐི་གུ་གཉིས་སྦྲེལ་ཁོག་ལ་འཇུས། །ཝ་ཚོ་ཞེས་སུ་གྲགས་པ་སྟེ། །དགྲ་བླའི་དར་མདུང་དཀར་པོ་ཡིན། །མདུང་མོ་རྣམས་ཀྱི་གྲོལ་ཕུག་ཡིན། །རྒྱ་མཚོ་ཆེན་པོའི་བླ་མདུད་ཡིན། །གནམ་ལྕགས་ཐོག་གི་སྤུན་ཟླ་ཡིན། །བྱ་རྒྱལ་ཁྱུང་གི་ནུ་བོ་ཡིན། །། གནམ་ལྷ་དཀར་མོའི་མིང་པོ་ཡིན། །ཤར་ན་རྡོ་རྗེའི་བྲག་དཀར་ཡིན། །ལྷོ་ན་མདུང་ལ་དར་བཏགས་ཡིན། །ནུབ་ན་རྨོག་དང་གོ་གྱོན་ཡིན། །བྱང་ན་མདུང་དང་རལ་གྲི་ཡིན། །སྟོད་དུ་བབས་ན་གསེར་མདུང་ཡིན། །བར་དུ་བབས་ན་བསེ་མདུང་ཡིན། །


MR16_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་དུ་བབས་ན་འཕང་གྲལ་ཡིན། །རི་ལ་བྲག་གི་ཟེ་བ་ཡིན། །བྱ་ལ་བྱ་རྗེ་ཁུ་བྱུག་ཡིན། །མཚོན་གྱི་ནང་ནས་དཔའ་མདུང་ཡིན། །ཨ་ཁད་ལྷ་དང་སྤྲད་མི་ཡིན། །དགྲ་བླའི་མདུང་མོ་རིང་འབིགས་འདི། །བརྒྱབ་ན་རྡོ་རྗེའི་བྲག་ཀྱང་ཤིག །ཕྱར་ན་མ་སང་གཉན་ཀྱང་བསྡངས། །གཟེས་ན་ཡུངས་ཀར་ཁ་དགུར་གཏོར། །དགྲ་བླ་མདུང་ལ་བརྟེན་པ་ཡིན། །མདུང་སྙིང་གཏིང་ནས་མ་གས་དགོས། །ལན་དུ་བག་ལྡི་བབ་ན་གས། །འདི་ཡི་གཡས་ལ་བརྒྱག་སོང་བ། །ཝ་ཚོ་དགྲ་བླའི་དཔའ་མདུང་ངམ། །དུང་ལོ་དཀར་པོ་ཞེས་ཀྱང་ཟེར། །ཁ་ཅིག་དུང་རུ་དཀར་པོར་འབོད། །གསེར་མདུང་སེར་པོ་འོད་འབར་ཡིན། །རྩེ་ལ་གནམ་ལྕགས་མདུང་མོ་བསྒྲོན། །དོམ་ནག་ཁྲོས་པའི་སྨ་རས་བརྒྱན། །ཅི་ལ་བརྒྱབ་ཀྱང་ཐུབ་ངོ་ཡིན། །བྱ་བརྒྱ་མདུང་ལ་བརྟེན་ངོ་ཡིན། །རང་སའི་བཙན་ས་གར་བབས་ཀྱང་། །བུ་སྐྱེ་ཇག་ཡག་དོན་གྲུབ་ནུས། །དེ་འོག་མཆོང་ལོ་སྨུག་པོའམ། །མཆོང་རུ་སྨུག་པོ་ཞེས་བྱ་བ། །རྣོ་མཚོན་ངར་གྱི་རྣོ་གཡང་ཡིན། །དབུ་མ་བརྒྱད་ཀྱི་ཆེ་བཤད་ལས། །ཝ་ཚོ་བུས་མ་བཟང་བར་བཤད། །ལྷ་གསོལ་རབ་གནས་གཡང་འབོད་དང་། །དགའ་སྟོན་བྱེད་པའི་མོ་ལ་བཟང་། །ཁྱིམ་སར་བབས་ན་མི་ནོར་འཕེལ། །ཅི་བཏབ་ཅི་ལ་བཟང་བ་ཡིན། །གསུམ་པ་ཟངས་རུ་དམར་པོ་འདི། །ཡ་མ་ནག་པོ་རྔོན་པ་དང་། །དམེ་ལས་བྱེད་པ་མ་གཏོགས་པ། །དགྲ་གཞི་ཀུན་ལ་ངན་པ་ཡིན། །ཝ་ཚོ་སྒོ་ལ་བརྒྱག་སོང་ན། །ཝ་ཚོ་མདུང་ལ་གྲི་འཆང་རྒྱག །མདུང་དགྲ་ལ་འདེབས་ཁར་སྐེད་དུ་ཆག །དགྲ་གཞི་སྐོར་གསུམ་ཀུན་ལ་ངན། །ལྷག་པར་མདུང་ཁ་འགྱེད་ན་ངན། །ཕྱི་སར་དགྲ་ཡི་མདུང་ཆག་བཟང་། །ས་ཁམས་


MR16_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པའི་ལོ་བྲག་ཡིན། །ཁོག་བརྒྱག་སྟག་རྣ་གཟིག་རྣ་ཟེར། །དགྲ་གཞི་དཀོར་གསུམ་ཀུན་ལ་བཟང་། །དང་པོ་གཉིས་པོ་བརྒྱག་བཅས་ན། །ཝ་ཚོ་དུང་ལོ་ལྗོན་པ་བརྒྱག །ཡང་ན་དཔའ་བོ་ཐུན་ཐུན་ཟེར། །མདུང་ལ་དར་བཏགས་ལྷོ་སྤྲིན་བརྒྱག །ཅང་སེ་ཕོ་ལྷའི་ཕྱག་མདུང་ཡིན། །ཅི་བཏབ་ཅི་ལ་བཏབ་ཀྱང་བཟང་། །དེ་བཞིན་གཉིས་བརྒྱག་རྣམ་གྲངས་ལ། །དང་པོ་ལ་གསུམ་དེ་འོག་གཉིས། །གསུམ་པར་གཅིག་དང་གསུམ་བརྒྱག་བཞི། །བཟང་ངན་མིང་འདོགས་རྩ་བས་ཤེས། །ཐམས་ཅད་བརྒྱག་ན་ཝ་ཚོ་ནི། །མདུང་མོ་སྡེ་བཞི་བརྒྱག་ཀྱང་ཟེར། །ཐི་གུ་གསུམ་སྦྲེལ་འཇུས་པ་ནི། །ཝ་ཚོ་དཔའ་མདུང་སུམ་བརྩེགས་ཡིན། །སྨོན་པའི་སྦ་མདུང་དྲང་ཤིང་ཡིན། །དམ་གླང་བཤས་པའི་སྲོག་རྩ་ལ། །ཡང་དག་མདུང་གཅིག་སྲིད་པ་སྟེ། །རྫུ་འཕྲུལ་ལྷ་མདུང་འདི་ཡིན་ནོ། །དཔའ་མདུང་རྩེ་མོ་བྱུང་རྒྱལ་ཡིན། །མདུང་གི་ཁ་ལ་དཔའ་དར་ཚུགས། །རང་སར་ཅི་བཏབ་ཅི་ལ་བཟང་། །དེ་ཡི་མཁར་ཁ་བརྒྱག་བཅས་ན། །དཔའ་མདུང་དུང་རུ་དཀར་པོ་ཟེར། །དགྲ་བླའི་དཔའ་མདུང་རང་འབེབ་ཡིན། །དཔའ་མདུང་རྩེ་ལ་ཐོག་རྒོད་བརྒྱག །ཐུགས་ཀར་བུ་དགུའི་ཕྱག་མདུང་ཡིན། །ཐུག་དམར་བསད་པའི་དཔའ་མདུང་ཡིན། །ལྷ་དང་དགྲ་བླ་ཝེར་མ་གསུམ། །ཕྱག་རྟགས་འདི་ལ་ཚང་བ་ཡིན། །དེ་འོག་བརྒྱག་དང་སྒོ་བརྒྱག་སོགས། །གོང་གི་ཝ་ཚོའི་རིགས་ལས་ཤེས། །དང་པོ་གཉིས་བརྒྱག་ཕོ་ལྷ་གནམ་གྲགས་བརྒྱག །དུང་ཁྱུང་དཀར་པོའི་ནོར་བུ་བརྒྱག །དཔའ་མདུང་ལ་བ་དན་རྩེ་བརྒྱད་བཏགས། །རྩེ་ལ་སྨོན་པའི་དུང་ཁྱུང་ལྡིང་། །ཟུར་ལ་ཕ་ཝང་སྒོམ་གྱེར་སྨྲ། །ལོག་ལ་ལྕགས་ཀྱི་བྱ་ཁྲ་འཚེར། །


MR16_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ལས་ཐོག་སེར་ཚྭ་ཚྭ་འཕྲོ། །བཅུ་གཅིག་བཅུ་གསུམ་གར་བབས་དེས། །བྱོ་བ་གསུམ་གྱི་དམག་ལེགས་ནས། །འབུམ་ཚོ་གསུམ་གྱི་གནང་ཐོབ་ནུས། །ཅི་བཏབ་ཅི་ལ་བཟང་བ་ཡིན། །ལྷག་མ་ཝ་ཚོ་ལྟ་བུར་དཔྱད། །ཝ་ཚོའི་ཟུར་དུ་ཡང་གཅིག་འཇུས། །ཝ་ཚོ་རྒྱལ་བ་ཡབ་སྲས་ཟེར། །མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །འཕེལ་རྩ་སྤུན་གསུམ་ཡོད་པ་ཡིན། །ཡང་དག་བཟང་བ་འདི་དག་ཡིན། །སྨོན་པའི་ནོར་ཕྱུགས་ཆོ་དགུ་རྣམས། །དམ་གྱི་ཇག་པས་དེད་པ་ལ། །སྨོན་པའི་དམག་གིས་རྒྱབ་མ་སྤྲད། །དམ་དམག་འབུམ་ཚོ་བསད་བཟུང་བྱས། །ནོར་ཕྱུགས་ཚུར་ལ་ཐོབ་ཉིན་བབས། །བརྒྱད་དང་བཅུ་གཅིག་གར་བབས་ཀྱང་། །དགྲ་ཕྱེད་བསད་ཕྱེད་བཟུང་བྱས་པ་ཡིན། །གོ་མཚོན་གནང་དུ་ལོན་ངོ་ཡིན། །ཕྱི་སར་ཤོར་དུ་མི་རུང་ངོ་། །དེ་ཡི་སྒོ་བརྒྱག་མ་གཏོགས་པའི། །བརྒྱག་བཟང་ལྷ་སྨན་ཡིན་པས་བཟང་། །དེ་ཡི་ཕྲུ་གུ་ས་ལ་ལྷུང་། །ཝ་ཚོ་བྱ་ཡུན་ཞེས་སུ་འབོད། །གསལ་བའི་ཉི་མ་རང་ཤར་ཡིན། །དགྲ་གཞི་ཀུན་ལ་བཟང་བ་ཡིན། །དེ་ཡི་མཁར་རྩེ་བརྒྱག་བྱུང་ན། །ཝ་ཚོ་བྱ་ཡུན་ལྷ་རྒྱལ་བརྒྱག །གནམ་འཕང་གཅོད་པའི་ཐང་དཀར་ཡིན། །དགྲ་ཤ་ཟ་བའི་གླག་མོ་ཡིན། །བྱ་དཀར་ཕོ་ལྷ་གསེར་མིག་ཡིན། །བྱ་ཡུན་ནང་གི་བྱ་ཡུན་ཡིན། །དེ་འོག་ལྷ་རྒྱལ་སྨུག་པོ་སོགས། །བཟང་ངན་ཝ་ཚོ་དག་དང་ནི། །བྱ་ཡུན་རིགས་ལས་བསྒྲེས་ཏེ་ཤེས། །སྒོ་བརྒྱག་ཁ་ཏའི་ཨག་རྒྱང་ངན། །གཉིས་བརྒྱག་ཝ་ཚོ་བྱ་ཡུན་ཁྲ་ཆེན་ཟེར། །བྱ་དཀར་ཚེ་རིང་རྒྱལ་པོ་ཡིན། །བྱ་བ་ཆོས་ལ་བྱེད་མི་ཡིན། །རྫུ་འཕྲུལ་བྱ་དཀར་གཤོག་རྒྱས་ཡིན། །བ་ཁོག་བཙན་ཁྱིམ་གར་བབས་ཀྱང་། །ལྷ་ཡི་སོ་པ་མི་ལ་ཆས། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །


MR16_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་ཁ་ཕོ་རྒྱལ་ཁ་ལོན། །དེ་བཞིན་བཟང་ངན་རིགས་པས་འགྲེ། །ཝ་ཚོའི་མོ་རྟ་བག་ལ་སོང་། །བག་ཝ་ཚོ་ཤིང་མདུང་སྐྱ་མོ་ཟེར། །དགྲ་གཞི་ཀུན་ལ་འབྲིང་ཙམ་ཡིན། །དེ་ཡི་མཁར་རྩེ་བརྒྱག་བྱུང་ན། །བག་ཝ་ཚོ་ལྷ་རྒྱལ་དཀར་པོ་ཟེར། །ལྷ་ཡི་ཕྱག་མདུང་རིང་མོ་ཡིན། །དམག་ཆེན་ཕམ་རྒྱལ་རྩོད་ཉིན་གཅེས། །ལྷག་མ་བཟང་ངན་རིགས་པས་ཤེས། །གསུམ་ཀ་བརྐྱག་པར་གྱུར་པ་ན། །ཝ་ཚོ་ལྷ་རྒྱལ་ཡང་རྒྱལ་ཡིན། །རྒྱལ་ཐོག་རྒྱལ་བཞག་ཚོམ་བུ་བརྒྱག །ལྷ་གེ་ཁོད་དཀར་པོའི་ཕྱག་མདུང་ཡིན། །མདུང་ལ་ཉི་མའི་ངར་ཆུ་བརྒྱག །རྫས་ལས་གྲུབ་པ་མ་ཡིན་ཏེ། །ཡིད་ལས་གྲུབ་པའི་ལྷ་མདུང་ཡིན། །རང་སའི་བཙན་ས་གར་བབས་བཟང་། །མོ་རྟ་སོ་རུ་བཀུག་པ་ན། །ཝ་ཚོ་ཤོར་ཁུང་ཞེས་སུ་བྱ། །གཟའ་ཡི་བླ་མདུད་ཤིན་ཏུ་ངན། །དེ་བརྒྱག་བཟང་བྱུང་ན་ཅི་ལ་བཟང་། །ལར་ཝ་ཚོ་བཟང་བའི་མོ་མདུད་རྣམས། །གཅིག་ལ་ཤར་ཕྱོགས་རི་བོ་རལ། །གཉིས་ལ་རོ་ཁུང་གྲི་མདུང་ཡིན། །གསུམ་ལ་རྣོ་མཚོན་དཔལ་ངར་ལྡན། །བཞི་ལ་ཀླུ་ཤིང་ལོ་འདབ་རྒྱས། །ལྔ་ལ་སྲིན་མདུང་རིང་མོ་ཡིན། །དྲུག་ལ་བབ་ཙུན་རྩ་དཀར་འཕེལ། །བདུན་ལ་སྦ་དཀར་དྲང་ཤིང་རྒྱས། །བརྒྱད་ལ་བོ་ལྷའི་དཔའ་མདུང་ཡིན། །དགུ་འདུར་གཤེན་བོན་གྱི་བླ་གནས་དར། །བཅུ་གཉན་རྗེ་རྒྱལ་པོ་ཕྱིར་བུད་ཡིན། །བཅུ་གཅིག་སྲིད་པའི་འཇུ་ཐག་ཚུགས། །བཅུ་གཉིས་འདུར་གཤེན་དུར་དུ་འདས། །བཅུ་གསུམ་མདུང་རྩེར་དགྲ་བླ་འཁོར། །ཝ་ཚོ་དང་ནི་དཔའ་མདུང་དང་། །བག་ཝ་ཚོ་རྒྱལ་བ་ཡབ་སྲས་བཞི། །ཝ་ཚོ་མདུང་མོ་སྡེ་བཞི་ཡིན། །འཕྲེད་བཏགས་མུ་ས་ཙམ་ཐིག་ཡིན། །དཔའ་མདུང་འདོགས་གཞན་གཡུང་དྲུང་ཡིན། །ཤོར་ཁུང་བྲག་གི་སྡེ་རུ་གཏོགས། །


MR16_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཚོའི་ལན་དུ་དིང་དིང་ན། །སྤྱིར་བཟང་ཞིང་ཡག་ཉེས་མེད་པའི་མོ། །དགྲ་ལ་ཤིག་ཙམ་མི་སོད་ལ། །ཟུན་ལ་ཁབ་ཙམ་མི་ཉོ་ཟེར། །སྐྱིན་དིང་ཝ་ཚོ་དགྲ་འཕྲད་ཡིན། །གལ་བར་དགྲ་བླ་གླང་ཞོན་ཡིན། །བྱ་ཡུན་མཁར་པའི་གཡང་ཐོད་ཤོང་དུ་ལྷུང་། །མི་རབས་སྐྱ་རྒྱུད་ཆད་དོགས་ཡོད། །མིང་ཨ་དང་ཆོས་ལ་གྲས་པར་ངན། །བྱ་ཡུན་གཡས་བརྒྱག་བྱུང་བ་ན། །མདུང་ལ་བ་དན་བཏགས་ཏེ་བཟང་། །ཤིང་ལ་བྱ་ཚང་ཡག་པ་ཡིན། །བྱ་ཕུར་མདུང་ལ་དར་དཀར་བཏགས། །མུ་ས་མི་བུ་རང་ཁྱིམ་བདེ། །ཝ་ཚོ་ས་གཞི་དམག་གིས་བརྒྱན། །སྤོ་ཚེ་དགྲ་བླར་རྒོད་འཕྲུ་ཙུགས། །དམུ་དག་མདུང་མོ་དཔའ་ཐག་འཕྲད། །སྐྱེར་དཀར་མདུང་མོ་གདང་ལ་བཀལ། །ཚོལ་ཚེ་དར་མདུང་རྩེ་ལ་དགྲ་བླ་འཁོར། །ཁྱུང་བརྒྱད་དགྲ་བླས་དགྲ་ལ་དམག་རྒྱལ་ཐོབ། །ཨ་ཁད་དགྲ་བླ་མདུང་དམར་རྒྱས། །རིང་སྙན་ལ་སོགས་སད་ཁམས་ན། །མགར་གྱི་མི་རྒྱུད་དར་བ་ཡིན། །དར་སོ་ཁྱུང་ལ་བྱེད་ཀྱང་ཟེར། །མདུད་ཆད་རིགས་ཡིན་ཅུང་ཞན་སྙམ། །སྲང་ཟེ་དར་མདུང་རྩེ་ལ་གཡུ་འབྲུག་གྲགས། །བྱོད་ཕུར་དར་མདུང་རྩེ་ལ་ཁུ་བྱུག་གྲགས། །ལོ་གཉིས་བར་ལ་དགྲ་མི་ལྡང་། །སེ་སྟོད་ཝ་ཚོའི་མྱ་ངན་ཡིན། །དར་འཕྲུ་ཁྲག་དང་འདྲེས་པ་ཡིན། །ལྡི་བུར་ཝ་ཚོའི་སྲོག་གཅོད་ཡིན། །དར་ལ་དར་འཕྲུ་ལྡེམ་པས་བཟང་ཡང་ཟེར། །གློགས་དམར་བབས་ན་དཔའ་གྲོགས་ཡིན་པས་བཟང་། །རྐང་སྤར་གཡུལ་སོ་དགྲ་ལ་ཐེབ། །ཡར་ལྡིང་ཝེར་མའི་མགོ་ཡི་སྟག་འཕྲུ་ཡིན། །སུམ་མཉམ་མདུང་མོ་བཟུང་ཀྱང་ཕྱར་ས་མེད། །ཙེ་ར་མདུང་མོ་རྩེ་རྒྱལ་ལེགས། །གཡུང་དྲུང་མདུང་སྙིང་ལྕགས་བས་སྲ། །ཀྱེ་བ་རི་ལ་ཤ་རྐྱང་འཁོར། །ད་རོག་མི་ལ་ཀླུ་གཡང་འབེབ། །དམུ་དབལ་ལེའུའི་སྲུང་མདའ་ཚུགས། །སྐྱམ་རིགས་ཝ་ཚོའི་བདུད་ཆད་ཡིན། །བྱ་རལ་མགར་གྱི་གདུང་རྒྱུད་ཆད། །ལི་ཡན་དར་ལྕེ་ང་གིས་


MR16_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །མར་ལྡིང་མི་རྒྱུད་མཐའ་ནས་བུད། །སྤོ་བར་དཔའ་མདུང་གྱོད་རྡོས་མནན། །སོ་ཡོན་དཔའ་མདུང་སོལ་བར་སོང་། །རུ་སོད་གཉན་གླང་ར་རྩེ་ཆག །མ་ཟེ་གཉན་སྲས་ལྡོང་གིས་བསད། །ན་འབན་ཝ་ཚོའི་གཤེད་མ་ཡིན། །སྨོན་སྲས་ངམ་གྱིས་ཁྱེར་ངོ་ཡིན། །ཀྲོང་རིགས་ཝ་ཚོའི་མཐའ་མིག་ཡིན། །སངས་རིགས་ལྕགས་སངས་དགྲ་ལ་ཆས། །ལན་ངན་ན་ཐུག་དཀར་བྱ་ལྡིང་བཀྱག །གསས་མཁར་རྩེ་ལ་མདུང་དར་འཛུགས། །མདོ་སྡེ་བསྐལ་པ་བཟང་པོ་འདོན། །ཡོན་དུ་རྟ་གཡག་ལུག་གསུམ་བྱིན། །དེ་ལྟར་ཝ་ཚོ་བྱ་ཡུན་དང་། །ཝ་ཚོ་ཤོར་ཁུང་མ་གཏོགས་པའི། །ཝ་ཚོ་མདུང་མོ་སྡེ་བཞི་ལ། །བརྒྱག་སོགས་རྣམ་གྲངས་དབྱེ་བ་མང་། །ཐི་གུ་གྲུ་བཞི་ས་ལ་ལྷུང་། །སྦོ་ཉིད་དྲང་པོར་གཤིབ་སྟེ་གནས། །སྤོ་ཚེའམ་ཅོ་ཚེ་ཞེས་ཀྱང་ཟེར། །སྤོ་ཚེ་ཤིང་ལོ་དགུ་འགྱུར་འདི། །ཤིང་ཆེན་ལོ་འདབ་རྒྱས་པ་ཡིན། །སྡོང་ཆེན་རྩ་བ་བརྟན་པ་ཡིན། །སྲིད་པ་གང་གི་རིང་ལ་བབས། །དབང་ཆེན་ས་གཞི་ཆགས་ཉིན་བབས། །ཕ་ནི་ལྷ་རླུང་དཀར་པོ་ཡིན། །མ་ནི་ཆུ་ལྕམ་སྔོན་མོ་ཡིན། །སྲས་དེ་དཔག་བསམ་སྡོང་པོ་ཡིན། །མྱེས་པོ་གནམ་གྱི་སྤྲིན་སྔོན་ཡིན། །ཕྱི་མོ་གླུ་བདག་རྒྱལ་མོ་ཡིན། །འདི་རང་སྤེན་མ་སེར་པོ་ཡིན། །སྟོད་དུ་བབས་ན་གནམ་རྟ་ཡིན། །གནམ་རྟའི་གཡུ་གཤོག་མ་ཆད་དགོས། །བར་དུ་བབས་ན་ཆུ་རྟ་ཡིན། །ཆུ་རྟ་ཟེ་བ་མ་ལོག་དགོས། །སྨད་དུ་བབས་ན་ས་རྟ་ཡིན། །ས་རྟ་རྨིག་བཞི་མ་ཉམས་དགོས། །སྤོ་ཚེ་རྟ་ཡི་ཁ་པུར་ཡིན། །ཁ་བུར་རྐེད་ནས་མ་ཆག་དགོས། །སྤོ་ཚེ་ཤིང་གི་ཐོག་བུ་ཡིན། །ཐོག་གུ་དགུང་དུ་མ་ཡར་དགོས། །སྤོ་ཚེ་རྟ་བླ་འཕན་པོ་འདི། །ཤར་ན་ཙནྡན་ནགས་ཀླུངས་ཡིན། །ལྷོ་ན་སྤྲིན་ནག་གྲོང་ཁྱེར་ཡིན། །ནུབ་ན་གཉན་གྱི་ལོ་འདབ་ཡིན། །བྱང་ན་སྤ་གླིང་ཁྲ་མོ་


MR16_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྨད་ན་བདེ་ཆེན་ཐང་ཞེས་བྱ། །ཐང་ལ་རྩི་ཐོག་ཨེ་རྒྱས་ལྟོས། །ལན་དུ་བྱ་ཡུན་དང་རྩེ་ན། །ཐང་ལ་རྩི་ཐོག་རྒྱས་པ་ཡིན། །སྟོད་དུ་མ་སང་སྐུ་མཁར་ཡིན། །མཁར་ལ་གཡུ་ཐོག་ཨེ་འགེལ་ལྟོས། །ལན་དུ་དཔའ་བོ་སྡེ་དྲུག་ན། །མཁར་ལ་གཡུ་བད་ཐོགས་པ་ཡིན། །འདི་རྟ་རྐྱང་གཉིས་ཀྱི་གཡུང་དྲུང་ཡིན། །ལུག་དགོ་བ་གཉིས་ཀྱི་སློ་བྲག་ཡིན། །ལྷག་པར་ལུག་གི་མོ་ལ་ངན། །དེ་མིན་ཅི་བཏབ་ཅི་ལ་བཟང་། །འདི་ཡི་བུ་ལ་བརྒྱག་གཅིག་སོང་། །སྤོ་ཚེ་མདུང་བུ་བྱ་བ་ཡིན། །ཕུག་པས་རྩེ་རྒྱལ་འོད་པོ་སང་སང་ཟེར། །ཕར་པས་དིང་ཆེན་ཀུ་རུ་ཁ་འོད་བརྒྱག །སྒོ་བས་དམུ་ཤིང་ལོ་མ་སྤྲ་ཁེབ་བརྒྱག །གཤིན་གྱིས་སྤོ་ཚེ་མདུང་བུ་ཉི་ཤར་ཟེར། །ཤིང་ལ་ལོ་འདབ་རྒྱས་པ་ཡིན། །ཅང་ཤེས་རྟ་ཡི་བླ་མདུད་ཡིན། །འདི་ཡི་ཟུར་ལ་བརྒྱག་གཉིས་ན། །སྤོ་ཚེ་ལ་ཝང་གཡུ་གཤོག་ཟེར། །དངས་མ་སྤོ་ཚེ་འཕུར་ཤེས་བརྒྱག །རྒོད་མ་གཅིག་ལ་རྟེལ་ཕོ་གཉིས། །རྟེལ་ཕོ་གཉིས་ལ་དང་ཐོབ་རེ། །སྤུན་གཉིས་ཆུས་དང་ནོར་ལ་དབང་། །བརྒྱག་གཉིས་བསྒྲིག་སྟེ་བྱུང་བ་ན། །རུས་སྦལ་ཁྱབ་བྱེད་ཅེས་སུ་འབོད། །དེ་ཡང་ཤིན་ཏུ་བཟང་བ་ཡིན། །བརྒྱག་གསུམ་ལ་ཝང་གཡུ་ལྡབ་བམ། །ཁྲི་མདུན་རྩེ་རལ་བ་ཙ་ན། །བྲེ་བུ་སྔོན་མོ་ཞེས་ཀྱང་ཟེར། །འཛམ་བུ་གླིང་གི་སུམ་གཉིས་ཡིན། །སྟོང་གསུམ་འཇིག་རྟེན་རྟ་ལ་ཕྱུགས། །བུ་བཅུ་རྟ་བརྒྱའི་བདག་པོ་བྱེད། །བཞི་བརྒྱག་གླིང་བཞི་སྡེར་ཆེན་ནན། །གླིང་བཞི་གསེར་ཐིག་ཅེས་ཀྱང་ཟེར། །འཕྲུལ་ཤིང་གབ་ཙེ་དམུ་སྒོར་བརྒྱག །གླིང་བཞི་བུ་རྟས་གང་ངོ་ཡིན། །ཁོག་བརྒྱག་འདི་ཡང་དངས་མར་འདོད། །འདི་ལ་ཁྲི་མ་གླིང་བརྒྱག་ཟེར། །ལར་གཅིག་གི་སྟེང་དུ་སྤོ་ཚེ་ན། །སྐྱེ་ཤིང་སྦོམ་པོའི་རྩ་བ་


MR16_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མི་རབས་མཐའ་ནས་དར་བ་ཡིན། །བརྒྱག་ན་རྩ་བ་གཏན་ཟུག་ཡིན། །གཉིས་ལ་དགྲ་རྐུན་འོང་དོགས་ཡོད། །བརྒྱག་ན་དགྲ་མགྱོགས་ལམ་དུ་ཞུགས། །གསུམ་དཔག་བསམ་མུ་ལེ་འཁྲུལ་ཤིང་རྒྱས། །བརྒྱག་ན་བུ་ཚའི་བླ་རི་དང་། །བཞི་ལ་ཀླུ་ཤིང་ལོ་འདབ་བརྒྱས། །བརྒྱག་ན་ནོར་གྱི་གཡང་ཁ་དར། །ལྔ་ལ་ཤིང་སྐྱ་སྐྱེད་མེད་ཡིན། །བརྒྱག་ན་གཤིན་ཆས་ཁྲ་མོའི་ངོ་། །དྲུག་གཡུང་དྲུང་འབྲུ་ཡི་བང་བ་ཡིན། །བརྒྱག་ན་བང་བ་ནས་ཀྱིས་གང་། །བདུན་ལ་ཙནྡན་སྡོང་པོ་སྐྱེས། །བརྒྱག་ན་ཡལ་ག་ལོ་འདབ་རྒྱས། །བརྒྱད་འཚལ་པའི་ཤིང་གཉན་སྟག་པ་ཡིན། །བརྒྱག་ན་ནད་མེད་ལྷ་ངོ་མཐོ། །དགུ་ནུབ་ཀྱི་ཕྱོགས་ཀྱི་གཡུ་ཤུག་ཡིན། །བརྒྱག་ན་གོད་སྒོ་དུར་སྒོ་ཕྱེ། །བཅུ་གྱི་ལིང་རྟ་ཡི་དབང་པོ་རྣོ། །བརྒྱག་ན་མདོ་བ་རླུང་ལྟར་མགྱོགས། །བཅུ་གཅིག་རི་རྩེར་ལྗོན་པ་རྒྱས། །བརྒྱག་ན་དགྲ་ལྷ་ངོ་སོ་མཐོ། །བཅུ་གཉིས་སྲབ་མདའ་ཕྱིར་བུད་ཡིན། །བརྒྱག་ན་རྟ་ཕོ་གཞན་ལག་འགྲོ། །བཅུ་གསུམ་སྐྱེ་ཤིང་ལོ་འདབ་རྒྱས། །བརྒྱག་ན་ཚེ་བཅུད་འབྲས་བཟང་སྨིན། །འདི་ཡི་སྤོ་ལ་བརྒྱག་སོང་ན། །སྤོ་ཚེ་ཞར་བ་རྟ་ལ་ངན། །སྤོ་ཚེ་སྲབ་ཆད་ཅེས་ཀྱང་ཟེར། །སྤོ་དེ་ཏྲོང་དུ་སོང་བ་ན། །ཏྲོང་གི་སྤོ་ཚེ་ཞེས་བྱ་སྟེ། །ཏྲོང་ཅོག་ཙེ་སྐྱ་བོ་ཞེས་ཀྱང་བྱ། །འདི་གཉིས་སྤོ་ཚེའི་སྙིགས་མ་ཡིན། །འབྲས་བུ་མེད་པའི་ཤིང་སྐམ་ཡིན། །དགྲ་གཞི་དཀོར་གསུམ་ཀུན་ལ་ངན། །ཁྱད་པར་ས་ཁམས་ནད་པའི་བདུད། །གཅིག་ལ་ཀྲོང་གི་སྤོ་ཚེ་དེ། །གཤིན་རྗེའི་ཉུལ་མ་ལྷག་པ་ཡིན། །གཉིས་ལ་དུར་སྲི་ས་ནས་ལང་། །གསུམ་ལ་ཆུང་གསུམ་དུར་སྲི་ལང་། །བཞི་ལ་གཡང་ལྷ་འགོང་པོས་བསླུས། །ལྔ་ལ་དགྲ་ལྕེ་ཐུར་མས་གྲུས། །དྲུག་ལ་ཉལ་ས་ཚང་སྡུག་ཡིན། །བདུན་ལ་འོག་རྟ་རྨིག་པ་འཐུམ། །


MR16_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་སྨོན་པའི་མདུང་དར་ཆག །དགུ་ལ་གཉན་གྱི་རྣ་བ་ཆད། །བཅུ་ལ་ཕོ་དུར་མོ་འདྲེ་ལང་། །བཅུ་གཅིག་སྐྱེ་ཤིང་འབུ་ཡིས་ཟོས། །བཅུ་གཉིས་ངམ་གྱི་སྟོང་སྐོར་བྱེད། །བཅུ་གསུམ་མི་ཆེན་མུན་འོག་གབ། །ལྷ་བདུད་བབས་བས་ལྷ་གསོལ་ལྷ་ཁྲུས་བྱ། །སྐྱམ་གཉིས་ཁོག་འབྲེལ་ས་ལ་ལྷུང་། །ཤ་རིང་སྤོ་ཚེ་བསམ་འགྲུབ་ཡིན། །རྟ་དང་མཁར་གྱི་བླ་མདུད་ཡིན། །མ་སང་བརྟེན་པའི་མཁར་གཅིག་ཡིན། །དགྲ་བླའི་སྐུ་མཁར་མཐོན་པོ་ཡིན། །རི་དྭགས་ཤ་བའི་བླ་མདུང་ཡིན། །གཅིག་གི་སྟེང་དུ་འདི་བབས་ན། །ཤར་གྱི་ཤེལ་བྲག་རྟ་སོ་ལ། །དུང་བྱ་ཁྲུང་ཁྲུང་ཚང་ཡང་བཅས། །བརྒྱག་ན་དུང་བྱ་མ་བུ་ཚང་དུ་བདེ། །གཉིས་བདུད་ཀྱི་བྲག་ནག་སྟག་སོ་ལ། །འདྲེ་བྱ་སྐྱུང་གའི་ཚང་གཅིག་བཅའ། །བརྒྱག་ན་འདྲེ་གདོན་ཤར་ནས་གནོད། །གསུམ་ཉིན་གྱི་བྲེ་གུ་མདའ་སྒྲོ་ལ། །གཡུ་བྱ་ཁུ་བྱུག་ཚང་ཞིག་བཅའ། །བརྒྱག་ན་ཕ་མཁར་བུ་ཡིས་བཟུང་། །བཞི་གཡང་གི་བྲག་དཀར་གྲུ་བཞི་ལ། །དུང་བྱ་ཐང་དཀར་ཚང་གཅིག་བཅས། །བརྒྱག་ན་བུ་མོས་མ་ཁྱིམ་ཟིན། །ལྔ་སྲིན་གྱི་བྲག་དམར་ཟང་ཡག་ལ། །སྲིན་བྱ་འུག་པའི་ཚང་བཅས་ཡིན། །བརྒྱག་ན་ལྷོ་རྫོང་དགྲ་ཡིས་འཛིན། །དྲུག་གཡའ་སྤང་གཉིས་ཀྱི་ས་མཚམས་སུ། །ལྷ་བྱ་གོང་མོའི་ཚང་ཤིག་བཅས། །བརྒྱག་ན་ཁྱིམ་བདག་ལྷ་ཁྱིམ་ཟིན། །བདུན་དབུས་ཀྱི་བྲག་དམར་བསམ་ཡས་ལ། །ལྕགས་ཁྲ་ཧོར་པའི་ཚང་བཅས་ཡིན། །བརྒྱག་ན་རང་རྫོང་བདག་པོས་ཟིན། །བརྒྱད་དགྲ་བླའི་ཁྱུང་ཚེང་བྲག་དམར་ལ། །དགྲ་བླ་དུང་ཁྲའི་ཚང་བཅས་ཡིན། །བརྒྱག་ན་གཟའ་དཔོན་སྐུ་ཚེ་རིང་། །དགུ་སྲིན་གྱི་དུར་བྲག་ནག་པོ་ལ། །དུར་བྱ་ཀང་ཀའི་ཚང་ཞིག་བཅས། །བརྒྱག་ན་ནུབ་མཁར་དགྲ་ཡིས་འཛིན། །བཅུ་ཤེལ་བྲག་དཀར་པོའི་རྩེ་མོ་དེར། །དགྲ་བླའི་དཔལ་ཚང་


MR16_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཡིན། །བརྒྱག་ན་བཙུན་མོས་རྒྱལ་ས་ཟིན། །བཅུ་གཅིག་ཕུ་ཡི་དུང་བྲག་ལ། །བྱ་དཀར་མཚལ་ཐིག་ཚང་ཡག་ཡིན། །བརྒྱག་ན་རྗེ་དཔོན་གདན་ཁྲི་ནོན། །བཅུ་གཉིས་ངམ་ཤིང་མགོ་བཏུམ་ལ། །ཐོལ་ཁྲ་རོག་པོའི་ཚང་ཞིག་བཅས། །བརྒྱག་ན་ཡུལ་རྟ་དགྲ་ལ་འཆོར། །བཅུ་གསུམ་དཔག་བསམ་ཤིང་གི་རྩེར། །ཕོ་ལྷ་དུང་ཁྱུང་ཚང་བཙས་ཡིན། །རྫོང་རལ་པ་ཅན་ལ་བཅུ་གསུམ་ཐོབ། །ཡང་དག་བརྒྱག་གཅིག་བཅས་པ་ན། །མཁར་སྤེ་ཞོལ་འདྲེས་པ་བཅུ་གསུམ་ཐོབ། །རྟ་མཛོ་དྲེལ་གསུམ་ཁྱུ་དེད་བྱེད། །རྒྱལ་པོ་གཏན་ཆུས་འཕེལ་བ་ཡིན། །ཤ་རིང་བུ་ལ་བརྒྱག་གཅིག་བཅས། །ཤ་རིང་སྤོ་ཚེ་མཁལ་མ་བརྒྱག །ཡང་ན་ཀ་ཆུ་ར་བརྒྱག་ཟེར། །རྨ་རྒྱལ་སྤོམ་རའི་ལྷ་ཆབ་ཡིན། །མི་ནོར་གཉིས་ཀྱི་བདུད་རྩི་ཡིན། །སྐྱིན་ཐིང་འཕྲུལ་གྱི་གློག་མོ་ཡིན། །མི་ཤ་རྟིང་རྩོད་བྱེད་ན་བཟང་། །ས་འཛིན་ཡུལ་བགོས་བྱེད་ན་བཟང་། །མ་སང་འཕྲུལ་གྱི་སྐུ་མཁར་ཡིན། །མོ་འདི་བབས་ས་བརྒྱད་ལ་གཅེས། །མཁར་གྱི་ནང་ནས་བཙན་མཁར་ཡིན། །བརྒྱད་དང་བཅུ་གཅིག་འདི་བབས་ནས། །བཅུ་གསུམ་བཏགས་གསལ་བཟང་སྡེ་ན། །ལྷ་བུ་སྤྱི་གཙུག་རྒྱལ་བ་དེས། །སྨོན་ལམ་མཐའ་རུ་ཕྱིན་པ་ཡིན། །ལན་དུ་ཆུ་དོ་ལི་ཡན་ན། །སྨོན་ལམ་ལོག་པར་སོང་བ་ཡིན། །མ་རབ་མི་ཡི་མོ་ལ་བཟང་། །མཐུ་དང་དམོད་པ་བྱེད་ན་བཟང་། །ཤ་རིང་བུ་གཉིས་བརྒྱག་པ་ན། །ཤ་རིང་མཁལ་མ་བློ་རིངས་སམ། །མཁར་ལ་ཉི་ཟླ་འོད་ཟེར་བརྒྱག །ཡང་ན་འཁོར་ལོ་རང་གྲུབ་ཟེར། །ཤ་རིང་གསས་མཁར་ཆེན་མོ་སྟེ། །ཡང་དག་ལྕགས་རྫོང་ཕུག་ཆེན་ཡིན། །ཁྲ་ཚང་བཅས་པའི་བྲག་དམར་ཡིན། །མ་སང་བུ་དགུའི་སྐུ་མཁར་ཡིན། །བཙན་སའི་སྟོད་དུ་


MR16_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གར་བབས་ཀྱང་། །ཁྲ་གླག་ཁྱུང་གསུམ་འདི་ལ་ཚང་། །རྒྱལ་ཆུས་ནོར་གསུམ་དུས་གཅིག་ཐོབ། །ཕྱི་སར་ཤོར་དུ་མི་རུང་ངོ་། །མ་བུ་གསུམ་ཀ་བརྒྱག་པ་ན། །ཀ་ཆུ་འཁོར་ལེ་རིན་ཆེན་བརྒྱག །ཡང་ན་ཤིང་རིགས་ཁྲ་མ་ཟེར། །འདི་ཡང་བཟང་བའི་མདུད་པར་གཏོགས། །བུ་ཡི་སྒོ་བཞི་བརྒྱག་པ་ན། །ཤ་རིང་གླིང་བཞི་ཆེན་མོ་ན། །ཕྱོགས་བཞི་རྒྱལ་པོའི་དཀོར་མཛོད་བརྒྱག །རྒྱལ་ཆེན་སྡེ་བཞིའི་ཕྱག་རྫས་ཡིན། །བསྐལ་པ་གསུམ་ལ་འཛད་མི་སྲིད། །སྲིད་པ་གསུམ་ལ་ཆུས་མི་འཆོར། །རང་ས་མ་གཏོགས་བབས་མི་རུང་། །ཤ་རིང་སྤོ་ལ་བརྒྱག་སོང་ན། །མཁར་བརྒྱ་བཙན་ཀྱང་རྨིང་ནས་འཇིག །རྟ་བརྒྱ་ཡོད་ཀྱང་གཅིག་མི་དབང་། །རང་སྲོག་རང་གིས་བཅད་པ་ཡིན། །སྤོ་དེ་ཏྲོང་དུ་སོང་བ་ན། །ཏྲོང་གི་ཤ་རིང་སྤོ་ཚེ་ཟེར། །ཏྲོང་སྦལ་རྒན་ཧེ་རུ་དག་ཀྱང་ཟེར། །སྤོ་ཚེའི་ནང་གི་སྙིགས་མ་ཡིན། །མཁར་བརྒྱ་ཞིག་པའི་ས་ཕུང་ཡིན། །དགྲ་གཞི་ཀུན་དང་མཁར་ལ་ངན། །སྤྱིར་ལི་ཡན་བྱ་རལ་ཐང་ལེ་གསུམ། །ཤ་རིང་ཁ་དབུགས་ལེན་མི་ཡིན། །ཏྲོང་དང་མ་ཟེ་སུམ་མཉམ་གསུམ། །ཤ་རིང་གསོད་པའི་བདུད་གསུམ་ཡིན། །བྲག་ནག་སྤོ་བར་སོ་ཡོན་གསུམ། །ཤ་རིང་གནོན་པའི་དམུ་གབ་ཡིན། །སེ་སྟོད་གླེས་སྨི་གསེར་བྱ་གསུམ། །ཤ་རིང་ཁོང་སྲོག་གཅོད་མི་ཡིན། །ཤ་རིང་མཁར་ལ་སྒྱོག་རྡོ་འཇིགས། །ལན་དུ་སྐྱིན་དིང་ནག་མོ་ཡིན། །ཤ་རིང་མཁར་ལ་གྱད་རྡོ་འཇིགས། །ལན་དུ་ཤ་བག་ལི་ཡན་ཡིན། །མོ་འདི་རྣམས་འདི་བཞིན་བབས་པ་ན། །ཆུས་ཤོར་ནོར་ཤོར་ཡུལ་ཤོར་ཡིན། །རང་སར་འདྲེས་ན་མི་ཤི་འོང་། །ཕྱི་ནང་འདྲེས་ན་དགྲ་གོད་འོང་། །སྤོང་


MR16_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཚོགས་བསགས་ལམ་བསལ་བྱ། །སེལ་ཕྱེ་མདོ་འདོན་མར་མེ་ཕུལ། །རྩེ་མ་བྱ་ཡུན་བུ་བརྒྱག་གསུམ། །ཤ་རིང་གསོ་བའི་བདུད་རྩི་ཡིན། །འདི་ད་རོག་རང་རྣམས་སྤོ་ཚེ་ཡིན། །ད་རོག་མུན་རུམ་སྤོ་ཚེའང་ཟེར། །སྨོན་པའི་དུང་རྟ་ཆད་མེད་ཡིན། །ལྷག་པར་རྟ་ཡི་མོ་ལ་བཟང་། །འདི་ཡི་བུ་ལ་བརྒྱག་གཅིག་བྱུང་བ་ན། །ཤེལ་རྟ་གཡུ་སྔོན་ཉི་མ་བརྒྱག །ལ་ལས་དངུལ་ཞུང་ཁྲ་མོ་ཟེར། །བརྒྱག་གཉིས་ལྷ་མོ་ཀླུ་མོ་བྲོ་གར་བརྒྱག །སྒོ་བརྒྱག་རྟ་བརྒྱ་འཐེང་ནད་ཕོག །ད་རོག་རང་ནམ་སྤོ་ཚེ་ཡི། །ཕྲུ་གུར་བརྩོམ་ཐིག་བྱུང་བ་ན། །སྨིག་གི་མཚལ་བུ་སྨྲ་ཤེས་ཡིན། །གཡུང་དྲུང་རིགས་ཡིན་ཅི་ལ་བཟང་། །ད་རོག་རང་ནམ་ཏྲོང་ཏྲིག་ལ། །དེ་བྱུང་ཅི་ལི་ཏྲོང་བུ་མ་ཚ་བྲག །གཡུང་དྲུང་ནང་གི་ཏྲོང་བྲག་ཡིན། །རྟ་རྐྱང་བོང་གསུམ་གྲོས་བྱས་ནས། །འབྲོང་ལ་ཕ་ཤ་ལེན་དུ་ཕྱིན། །ཕ་ཤ་མ་ལོན་ཕ་ཆུས་འཕུང་། །ད་ལྟ་རྟ་བོང་རྐྱང་ལ་ངན། །འདི་རང་སར་མི་ཐུབ་ཕྱི་སར་དབང་། །དེ་བཞིན་གཞན་ལའང་བཟང་ངན་ཤེས། །ཙམ་ཐིག་བྱུང་བ་དེ་དག་ནི། །རྩ་བ་དགུ་རུ་བགྲང་བ་མིན། །འདི་ལ་ད་རོག་ཧྲངས་ཀྱི་སྤོ་ཚེའམ། །ད་རོག་དམུ་རོག་དམུ་རྒྱང་སྤོ་ཚེ་ཟེར། །འོག་ཁམས་ཤེལ་ལེའི་རིང་ལ་བབས། །ཧོར་སོག་རུ་བའི་ཁྲ་ཁྱུ་ཐོབ། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །གཞི་ཕྱ་བ་ཁོག་གསུམ་དུ་གཅེས། །བརྒྱག་གཅིག་གྱི་ལིང་འཕུར་ཤེས་བརྒྱག །དམག་ལ་བཙན་ས་གཞི་ཕྱར་བ་ཁོག་གཅེས། །གཉིས་བརྒྱག་གནམ་ལྕགས་ཀ་བ་དགུ་སྒྲིལ་བརྒྱག །གལ་ཏེ་ད་རོག་སྤོ་ཚེ་ཡི། །སྤོ་ཉིད་ཏྲོང་དུ་སོང་བ་ན། །ཏྲོང་ད་རོག་ཧྲངས་ཀྱི་སྦོ་ཚེ་ཡིན། །བད་མཁྲིས་ནད་ཀྱི་རྩ་བ་ཡིན། །ད་རོག་རང་ནམ་ཏྲོང་ཏྲིག་ན། །སྤོ་རོ་འབྲོང་


MR16_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཤོར་ཤི་ངོ་ཡིན། །བ་ཁོག་བཙན་ཁྱིམ་གར་ཡང་ངན། །དེ་ཡི་བུ་ལ་བརྒྱག་སོང་ན། །ཏྲོང་གི་ལི་ཤོ་དཀར་མོ་བརྒྱག །གཅིག་ལ་གསུམ་འཇུས་ས་ལ་ལྷུང་། །དམུ་དབལ་རི་ནམ་སྤོ་ཚེ་ཡིན། །དམུ་དབལ་ཁ་བརྒད་སྤོ་ཚེའང་ཟེར། །ཡོད་ཁམས་ལྷ་ཡི་དཔལ་དེ་ཡིན། །ཡེ་གཤེན་བོན་གྱི་ཁ་འཛིན་ཡིན། །ཤེལ་གྱི་འབྲུག་རྟ་སྔོན་པོ་ཡིན། །ཅི་ལ་བཏབ་ཀྱང་བབ་ཆོག་ཡིན། །ཚབ་ཆེན་ནད་པའི་མོ་ལ་ངན། །དེ་ཡི་སྤོ་དེ་ཏྲོང་དུ་སོང་། །དམུ་དབལ་རང་ནམ་ཏྲོང་ཏྲིག་ཡིན། །གཤིན་རྗེ་རྨིག་པ་གཡག་མགོ་ཡིན། །གཤིན་རྗེ་ཡོངས་ཀྱི་གྲོལ་ཕུག་ཡིན། །ཐིག་བཞི་མུ་ཁྱུད་ལྟ་བུར་འབྲེལ། །སྤོ་ཚེ་གཡུང་དྲུང་འོད་དཀར་རམ། །སྤོ་ཚེ་གཡུང་དྲུང་འཁྱིལ་བ་ཟེར། །གཅིག་ལ་གསུམ་འཇུས་གསུམ་པོའང་སྦྲེལ། །གཡུང་དྲུང་དྭངས་མ་འཕུར་ཤེས་ཟེར། །ཐིག་བཞི་ལྕགས་ཐག་ལྟར་འབྲེལ་ན། །ཀྱེ་བ་རང་ནམ་སྤོ་ཚེའམ། །ཀྱེ་བ་སད་ཀྱི་སྤོ་ཚེ་ཟེར། །དགྲ་བླའི་མཚལ་བུ་སྨྲ་ཤེས་ཡིན། །མཐུ་ཆེན་ཝེར་མའི་ཞོན་རྟ་ཡིན། །དམ་གྱི་རྫོང་འཕྲང་བཅོམ་མི་ཡིན། །དགྲ་བླའི་གནས་མལ་གསུམ་བབས་ན། །ཝེར་མ་རང་ཡུལ་འཛིན་མི་ཡིན། །ཕྱི་སར་ཤོར་དུ་མི་རུང་ངོ་། །སྒོ་བརྒྱག་པ་བེར་རྒྱའུ་སེ་སྟོད་ཡིན། །ཝེར་མའི་གྱི་ལིང་ཤི་ངོ་ཡིན། །ལྷག་པར་རྟ་ཡི་མོ་ལ་ངན། །ཀྱེ་བ་ཏྲོང་སྲིན་སྤོ་ཚེ་འདི། །ལྔ་བརྒྱ་ནད་ཀྱི་བསྐལ་པ་ཡིན། །གྲི་རོ་རྟ་ལ་བཀལ་ངོ་ཡིན། །སྲེག་པས་རྟ་ཁྲག་དྲོན་མོ་ཟོས། །སྲེག་པ་དུག་པས་བྱ་བརྒྱ་འཕུང་། །བུ་ཡི་ཐི་གུ་སུམ་ཚུགས་འབྲེལ། །དེ་གང་རུང་གཅིག་ནང་ཕྲུག་གཅིག་འཇུས། །ཀྱེ་བ་སུམ་བརྒྱད་སྤོ་ཚེ་ཡིན། །འདི་རྣམས་ཏྲོང་དུ་སོང་བ་ན། །ཀྱེ་བ་ཏྲོང་སྲིན་སྤོ་ཚེ་སོགས། །


MR16_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་བསྒྱུར་ཚུལ་ཤེས་པར་བྱ། །བརྒྱག་དང་ཏྲོང་རིགས་མ་བརྩིས་པའི། །སྤོ་ཚེ་རྩ་བའི་མདུད་པ་ནི། །དགུ་པོ་དེ་ལ་སྤོ་ཚོ་ནི། །ཤིང་ལོ་དགུ་འགྱུར་ཞེས་སུ་བཞེད། །དེ་སོགས་ཞིབ་པར་ཕྱེ་བ་ན། །མདུད་པའི་བྱེ་བྲག་ཆེས་མང་ཡང་། །སོ་སོའི་རིགས་དང་བརྒྱག་ཚུལ་བཅས། །ཕན་ཚུན་སྦྱར་ན་མཐའ་དཔོག་ནུས། །དེ་ཕྱིར་སྐབས་གཞན་ངག་ཏུ་ཡང་། །དེ་དང་འདྲ་བར་ཤེས་བྱས་ནས། །མཐའ་མེད་མོ་མདུད་རྒྱ་མཚོའི་མཇིང་། །རྣམ་དཔྱོད་གྲུ་ཡིས་བརྒལ་བར་བྱོས། །ཏྲོང་རིགས་སྒོ་བརྒྱག་མ་གཏོགས་པའི། །སྤོ་ཚེ་འདི་རྣམས་དྭངས་མ་ཡིན། །རང་ས་རྣམས་སུ་བབས་ན་བཟང་། །ཏྲོད་རིགས་སྤོ་ཚེ་གང་ཡང་རུང་། །གཅིག་ལ་རྗེ་རྒྱལ་དགུང་དུ་གཤེགས། །ཕ་རྒན་བུ་ཡིས་བསད་ངོ་ཡིན། །གཉིས་ལ་ཁྱིམ་མཚེས་མི་གཅིག་འཆི། །ཡང་ན་བྲན་གྱིས་རྗེ་བོ་གསོད། །གསུམ་ལ་བུ་ཚ་འཆི་བའམ། །ཁུ་བོས་ཚ་བོ་བསད་ངོ་ཡིན། །བཞི་རྟ་རྫི་གསེབ་ཀྱིས་གསོད་པའམ། །བུ་མོ་ཨ་མས་བསད་ངོ་ཡིན། །ལྔ་ལ་དགྲ་མཁར་ཐོག་གིས་བཤིག །མུ་སྲིང་མག་པ་ཤི་ངོ་ཡིན། །དྲུག་མཛོ་མོས་བདག་མོ་གསོད་པ་དང་། །ཆུན་མས་ཆེན་མ་གསོད་ངོ་ཡིན། །བདུན་རང་མཚོན་རང་ལ་ཟུག་པའམ། །ཕ་སྤུན་ནང་དམེ་བྱེད་དོ་ཡིན། །བརྒྱད་མཐུ་བོ་ཆེ་ལ་དམ་ལོག་དང་། །དབང་པོ་ཆེ་ལ་བློ་ནོར་འབྱུང་། །དགུ་ཞང་པོས་ཚ་བོ་བསད་པའམ། །ལེའུས་དམ་ལོག་བྱེད་པའི་ངོ་། །བཅུ་ཆེན་མས་ཆུན་མ་གསོད་པའམ། །ཡང་ན་གཡུང་དྲུང་དུར་དུ་འཆི། །བཅུ་གཅིག་དགྲ་བླས་རང་ཉིད་གསོད། །ཡང་ན་ཕ་སྤུན་ནང་དམེ་འབྱུང་། །བཅུ་གཉིས་བྱང་གི་དགྲ་བགེགས་ཕུང་། །ཡང་ན་ཡེ་ངམ་འཁྲུགས་རྩོད་དར། །བཅུ་གསུམ་མི་ཆེན་དུར་དུ་ཞུགས། །ཅི་བཏབ་ཀུན་ལ་ངན་པ་ཡིན། །ཏྲོང་གི་ད་རོག་སྤོ་ཚེའི་རིགས། །བུ་བརྒྱག་བྱུང་ན་བཟང་བ་ཡིན། །དེ་ལྟར་སྤོ་ཚོ་རྩ་བ་ཡི། །མདུད་པའི་ལན་


MR16_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔྱད་པ་ལ། །སྤོ་ཚོའི་ལན་དུ་དིང་དིང་ན། །ཙནྡན་སྡོང་པོ་གནམ་དུ་མཐོ། །སྐྱིན་དིང་ཤིང་མགོ་རྡོ་ཡིས་མནན། །གལ་བར་གནམ་ས་ཀ་གདུང་འགྲིག །བྱ་ཡུན་རྒོད་པོ་ཤིང་རྩེར་ཐོན། །བྱ་བུར་གྱི་ལིང་སྲབ་ཏུ་བཅུག །མུ་ས་རྒོད་ཕྲུག་འདབ་གཤོག་རྒྱས། །ཝ་ཚོ་ཤིང་ལ་མདུང་མོ་གྲུབ། །སྤོ་ཚེ་ཙནྡན་ཤིང་ལ་ཤིང་ཕྲན་འཁྲུངས། །དམུ་དག་ཤིང་ཆེན་དྲང་པོར་སྐྱེས། །ཤིང་ལོ་དགུ་འགྱུར་འདི་ལ་བརྟེན། །འགྲོ་འདོད་ལྕགས་ལ་བཅུག་པ་ཡིན། །སྐྱེར་དཀར་ཀ་བས་གདུང་མ་མ་ཐོག་དན། །ཚོལ་ཚེ་ཇ་ཞིང་ཡག་པའི་མོ། །ལྕགས་ཀྱིས་ཤིང་བྲེག་ངོ་ཡང་ཡིན། །ཁྱུང་བརྒྱད་ཤིང་རྩེར་ལྕོ་ག་གསུང་སྙན་སྒྲོགས། །ཨ་ཁད་མེ་འབར་ཁ་ལ་ཤིང་བསྣན་བཟང་། །རང་སྙན་ནགས་ལ་ཁུ་བྱུག་གྲགས། །སྲད་ཟེ་ཤིང་ལ་སྨན་འབྲས་འཁྲུངས། །བྱོད་ཕུར་དགོ་བ་མ་བུ་འགྲོགས། །སྐྱེས་བུ་རྟ་རྒྱུག་མགྱོགས་པ་ཡིན། །སེ་སྟོད་གཉན་ནད་སེར་ལྟར་འཐོར། །ལྡི་བུར་ཤིང་ལ་བྱ་ཚང་ཡག །ཡར་ལྡིང་ཤིང་ལོ་ཡར་ལ་རྒྱས། །སུམ་མཉམ་དགོ་ལམ་ཁྱི་ཡིས་འཕྲོག །ཙེ་ར་གཡུ་ཤུག་རྩེ་རྒྱལ་མཐོ། །གཡུང་དྲུང་རྟ་ལ་བྲེས་རབ་རྩིགས། །ཀྱེ་བ་རྟ་ཁ་དར་གྱིས་བརྒྱག །ད་རོག་ཤིང་ལ་གསེར་རྩི་ཡག །དམུ་དབལ་གཤེན་རབ་རྡེའུ་ཆུང་སྙན། །སྐྱམ་སྔོན་གསེར་བྱ་འདམ་ལ་བཟུང་། །བྱ་རལ་ཤིང་སྡོང་སྟ་རེས་བཅད། །ལི་ཡན་ཤིང་ཆེན་ང་གིས་བསྐྱོད། །བ་དཀར་འོ་མ་སྐམ་པ་ཡིན། །མར་ལྡིང་གྱི་ལིང་སྒྲོགས་སུ་ཆུད། །སྤོ་བར་མི་ནད་རྟ་ནད་ལྷག་པར་དར། །སྤོ་མདོང་བུ་ཡི་ལན་དུ་ཁ་བུར་ན། །གསེར་ལ་ཐང་མ་རེད་པ་ཡིན། །བྲིས་པ་གཅིག་གི་མོ་ལ་ངན། །གཏོ་ལ་གྲ་ཏོག་གསེར་གསུམ་འདོན། །སྤོ་བར་སྒོ་བརྒྱག་ཤིང་ཆེན་ཐང་དུ་འགྱེལ། །སོ་ཡོན་གྱི་ལིང་འདམ་དུ་ཚུད། །རུ་ཡོད་ཤིང་ལོ་སད་ཀྱིས་ཁྱེར། །མ་ཟེ་ཀླུ་ཤིང་འབུ་ཡིས་ཟོས། །ན་འབན་རྟ་ཕོ་རྔོ་ཡིས་ཟིན། །ཏྲོང་རིགས་ཤིང་


MR16_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྐེད་ནས་ཆད། །བྲག་རིགས་ཤིང་ནགས་མཐའ་ནས་སྐམ། །ཐིག་གུ་གཅིག་ནི་ཁོག་ལ་འཇུས། །དམུ་དག་ཅེས་སུ་བྱ་བ་སྟེ། །དམུ་ཐག་དགྲ་བླའི་དཔའ་ཐག་ཡིན། །རལ་བ་རྣམས་ཀྱི་དྲུབ་སྐུད་ཡིན། །མོ་མདུད་པ་སུམ་བརྒྱ་དྲུག་ཅུ་ལ། །རྫིའུ་སུམ་བརྒྱ་དྲུག་ཅུ་ཡོད། །ཤེས་ན་མདུད་པ་འདི་ལ་ཚང་། །རྒྱལ་པོ་གསུམ་གྱི་ཡ་གྱལ་ནི། །བཏགས་པའི་རྒྱལ་པོ་དམུ་དག་ཡིན། །སྨྱུག་དྲང་པོར་སྐྱེས་པའི་རྩེ་མོ་ཡིན། །སྟོད་དུ་བབས་ན་སྦ་སྙུག་ཡིན། །བར་དུ་བབས་ན་ཐང་ཤིང་ཡིན། །སྨད་དུ་སྲིད་ཤིང་སྤེན་མ་ཡིན། །ཡང་མྱེས་ལྷ་བྲག་དཀར་པོ་ཡིན། །མྱེས་པོ་འཇའ་ཚོན་ལྡེམ་པ་ཡིན། །ཕ་ནི་གསེར་ཤིང་སེར་པོ་ཡིན། །མ་ནི་གཡུ་ཡི་ནེའུ་གསིང་ཡིན། །བུ་རང་ཉིད་སྦ་དཀར་ལྡེམ་མོ་ཡིན། །རལ་བ་སྲུབས་སུ་དྲུབ་མི་དེ། །དམུ་ཐག་དུང་སྐུད་དཀར་པོ་ཡིན། །ཆད་པ་རྣམས་ཀྱི་མཐུད་མ་ཡིན། །ནོར་བུ་རྣམས་ཀྱི་ལུང་ཐག་ཡིན། །ནོར་ཕྱུགས་རྣམས་ཀྱི་སྣ་ཐག་ཡིན། །མདོ་བ་རྟ་ཡི་སྲབ་མདའ་ཡིན། །རྣོ་མཚོན་རྣམས་ཀྱི་ཡུ་བ་ཡིན། །འཐོར་བ་རྣམས་ཀྱི་སྡུད་མ་ཡིན། །མི་གྲངས་འཕེལ་བའི་སྐྱེ་ཤིང་ཡིན། །ཁ་དྲག་བསེའུ་རུ་གཅིག་ཡིན། །ཡང་དག་བསེ་རུ་མ་ཡིན་ཏེ། །ཤིང་ལས་སྐྱེས་པའི་བསེ་རུ་ཡིན། །བསྐལ་པ་དུས་ཀྱི་ཁུག་པ་ལ། །ཤིང་ཆེན་ཁ་ལེ་སྟོང་འབྱམས་སོགས། །མིང་དགུ་མཚན་དགུར་གྲགས་པ་ཡིན། །མོ་མདུད་སུམ་བརྒྱ་དྲུག་ཅུ་དེ། །རྫིའུ་གཅིག་པུ་འདི་ལ་བརྟེན། །ཚེ་འཛིན་གཡང་གི་རྟོད་ཕུར་ཡིན། །དཔག་བསམ་ཤིང་གི་སྡོང་པོ་ཡིན། །མུ་མེན་སྡོང་པོ་མཐིང་ག་ལ། །ནག་པོ་ལྕགས་ཀྱི་རྩ་མ་བརྟན། །དམར་པོ་བྱེ་རུའི་ཡལ་ག་དོད། །ལྗང་གུ་གཡུ་ཡི་ལོ་འདབ་རྒྱས། །སེར་པོ་གསེར་གྱི་མེ་ཏོག་མཛེས། །སྨུག་པོ་མཆོང་གི་འབྲས་བུས་བརྒྱན། །དཀར་པོ་དུང་གི་ཟིལ་པ་ཆགས། །འདོད་


MR16_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་འབྱུང་བའི་དངོས་གྲུབ་ཡོད། །རྩ་བ་ཀླུ་རྒྱལ་གཙུག་གིས་འདུད། །སྐེད་པ་ཡེ་སྨོན་མི་གྲངས་གྲོལ། །རྩེ་ལྷ་ཆེན་འོད་ལྡན་ཕྱག་གིས་བརྟེན། །ཁུ་བ་བཟང་པོ་ཇ་དང་ཆང་། །ཐོག་བུ་བཟང་པོ་ལི་དང་རྒུན། །ཤུན་པ་བཟང་པོ་དར་དང་ཟབ། །ལྷ་ཁང་བཀྱག་པའི་ཀ་བ་ཡིན། །གསེར་ཁང་བཀྱག་པའི་གདུང་ཆེན་ཡིན། །སྤྲེལ་ཧ་ནུ་མནྠའི་བཞུགས་གནས་ཡིན། །ཤིང་དྲང་པོར་སྐྱེས་པ་དམུ་དག་ལ། །འཁྱོག་པོར་སྐྱེས་པ་ཏྲོང་དམར་ཡིན། །བཟུར་པོར་སྐྱེས་པ་སྤོ་བར་ཡིན། །ཡོ་བོར་སྐྱེས་པ་སྤོ་ཡོ་ཡིན། །སྐྱེར་འདི་རྩ་བ་བརྟན་པའི་ཤིང་། །སྤོ་ཚེ་ལོ་མ་རྒྱས་པའི་ཤིང་། །ཁྱུང་བརྒྱད་ནམ་མཁའ་གཅོད་པའི་ཤིང་། །འདི་དམུ་དག་མ་ཡིན་དམུས་བཏགས་ཡིན། །ཞང་པོ་དམུ་ཡིས་བཏགས་པས་དམུ་བཏགས་ཟེར། །སྒོང་གསུམ་ཆུང་གསུམ་འཁྲུངས་ས་ཡིན། །རི་གསུམ་ཤིང་གསུམ་སྐྱེ་དོ་ཡིན། །མི་གཅིག་ལྷ་ལ་སྐྱབས་པ་ཡིན། །རྟ་གཅིག་བྲེས་ན་འཚེར་བ་ཡིན། །སྨོན་པའི་ཡུལ་དཔོན་རྒྱལ་པོ་ཡིན། །ཁས་དྲག་བསེའུ་རུ་གཅིག་འདི། །རྭ་རྩེ་སྲིད་པའི་རྩེ་དང་མཉམ། །ཞབས་ཀྱིས་འབྱུང་བའི་མཐའ་མ་མནན། །དང་པོ་ཨ་ཡི་སྐུ་དང་མཉམ། །བར་དུ་ང་གི་ངད་དང་མཚུངས། །དེ་ནས་མི་ལུས་སྤྲུལ་པ་ཅན། །སྐུ་གསུམ་འདུས་པའི་བསེའུ་ཡིན། །སུམ་བརྒྱ་དྲུག་ཅུའི་འཐེན་ཐག་ཡིན། །དིང་དིང་དཔལ་གྱི་དྲ་བ་རྣམས། །སྡུད་པའི་ཁ་ཤད་དམུ་དག་ཡིན། །ལྡི་བུར་ཁྲ་རྒོད་འཁྲིགས་པ་ལ། །འཛིན་པའི་ཨག་ཐག་དམུ་དག་ཡིན། །སང་རིགས་སྦྲང་ལྟར་འཚུབས་པ་ལ། །འཛིན་པའི་འགུ་གུ་དམུ་དག་ཡིན། །བྱ་རལ་ཕྱེ་ཞིག་ལང་པ་དེ། །རལ་བའི་དྲུབ་སྐུད་དམུ་དག་ཡིན། །བྲག་ནག་ཤ་རུ་འཛེང་བ་ལ། །གསེར་གྱི་འཛེར་བུ་དམུ་དག་ཡིན། །བརྒྱག་རིགས་རྣམས་དང་ཐུག་ཙམ་ན། །བྱ་རྒོད་སྙི་ལ་ཟིན་པ་ཡིན། །བྲག་རིགས་རྣམས་དང་ཐུག་ཙ་ན། །ཁྱི་རྒོད་རྟོད་ལ་བསྐོར་


MR16_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །འཐོར་བ་རྣམས་དང་ཐུག་ཙམ་ན། །བརྒྱ་ལོན་པ་གཅིག་གི་སྐལ་བ་ཡིན། །འདི་ཡི་འདོགས་ལུགས་དཔྱད་པ་ན། །ཉིན་དུ་བཏགས་པ་ལྷ་ཡི་ངོ་། །སྲིབ་མོ་སྒོ་ཕྱོགས་སུ་བཏགས་པ་འདྲེ་ཡི་ངོ་། །དཀྱིལ་དུ་བཏགས་པ་མི་ཡི་ངོ་། །བརྒྱག་ཁ་སྲིབ་ཏུ་བཅས་པ་ལ། །བཏགས་པ་ཉིན་དུ་བྱུང་བ་ན། །གྲོགས་ལེན་ཡིན་པས་བཟང་བར་བཤད། །བཟློག་ན་ནང་གྲོགས་ཕྱིར་ཤོར་ངན། །ཝ་ཚོ་མུ་ས་བྱ་ཡུན་སོགས། །བཏགས་པ་ཀུན་ལ་དེ་ཡིས་འགྲེ། །ཐི་གུ་མཁར་མགོར་གོན་བ་ན། །དམུ་དག་དྲང་ཤིང་ལྡེམ་པ་ཟེར། །ལ་ལས་ནམ་མཁའི་ཁྱུང་སླེབ་ཟེར། །དེ་འོག་གཉིས་པར་གོན་པ་ན། །དགྲ་བླའི་དཔལ་ཐག་ཁྲ་བོ་ཟེར། །ལ་ལས་རྒོད་པོ་བྲག་རྩེབ་ཟེར། །ཕོ་ལྷ་རྣམས་ཀྱི་མདངས་ཞིག་ཡིན། །ཝེར་མ་རྣམས་ཀྱི་འོད་ཞིག་ཡིན། །མདངས་འོད་ཅན་གྱི་ཝེར་མ་ཡིན། །གསུམ་པར་ནག་ཆུང་ཕོ་ཐོག་དུང་ཐོད་ཟེར། །ལ་ལས་སེང་གེ་གངས་རྩེབ་ཟེར། །བཞི་པར་གོན་ན་དཔའ་མཚན་ཡིན། །སྟག་མོ་ནག་རྩེབ་ཅེས་ཀྱང་བྱ། །ལྔར་གོན་དམུ་དག་སྡོམ་བུ་ཡིན། །སྡོམ་བུ་ཆུ་རྩེབ་ཅེས་ཀྱང་ཟེར། །སྔ་མ་སྔ་མ་བཟང་བར་འདོད། །ལར་དམུ་དག་རྒྱལ་བུ་མཐིང་གེ་ཡིན། །འདི་གཅིག་གི་སྟེང་དུ་བབས་པ་ན། །མུ་ལེ་གྲུམ་ཤིང་ཚུགས་པ་ཡིན། །ས་འོག་ནས་འབྲུ་མགོ་ཐོན་ཡིན། །རྒྱལ་པོ་གསེར་ཁྲིའི་ཁ་ན་བདེ། །མི་འཕེལ་ནས་འཕེལ་མང་བ་ཡིན། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །ཕར་འགྲོའི་མོ་ལ་ཤོལ་ངོ་ཡིན། །དབྱར་གྱི་ཚད་པ་ཞག་གསུམ་ནང་། །བ་རྔ་ཉག་གཅིག་འཁྱག་གིས་བཟུང་། །ཡང་དག་བརྒྱག་གཅིག་བཅས་པ་ན། །ཤིང་ལ་འབྲས་བུ་སྨིན་པ་ཡིན། །ཅི་བཏབ་ཅི་ལ་བཟང་བ་ཡིན། །གཉིས་མི་རྒྱུད་རྩད་ནས་མ་ཆད་ཅིང་། །གཤིན་པོ་དུར་གནས་བདེ་བ་ཡིན། །ཕྱི་ནང་ཟམ་སོ་


MR16_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆད་པའི། །ཁ་སྨྲས་གླེང་གཞི་མེད་པ་ཡིན། །བརྒྱག་ན་ལྔ་བདུན་གང་བཟང་གཅིག་གི་གྲོགས། །གསུམ་ལ་རྒྱལ་བུ་མཐིང་གི་བ་ཁོག་ཏུ། །ཁྱུང་ལུང་དངུལ་མཁར་གྱི་ཀ་བ་ཚུགས། །སྲིད་ཀྱི་ཆུ་མིག་རྡོལ་བ་ཡིན། །ཆུང་གསུམ་ཚེ་ཡི་དམུ་ཐག་ཡིན། །མི་མཐའ་མཐའ་ནས་དར་བ་ཡིན། །ཁྱིམ་གསར་ཕུབ་པའི་མོ་ལ་བཟང་། །བག་མ་སོ་མའི་འཕེལ་ཁ་ཡིན། །བརྒྱག་བཟང་སྲིད་ཁ་བུ་རུ་སྐྱེ། །ཁོག་བརྒྱག་བུ་མོར་སྐྱེ་བ་ཡིན། །བཞི་ཀླུ་ཤིང་ལོ་འབྲས་རྒྱས་པ་དང་། །གཡང་ཐག་འབྲི་གདང་རྒྱུན་མི་འཆད། །རྨ་སྤོམ་རའི་མགོ་ཡི་ལྷ་ཆབ་ཡིན། །མི་མི་འཆི་བ་ཡི་རྫིའུ་ཡིན། །ལྷ་རུ་ཤར་ནས་ཀླུ་མོ་འགོ ། ནད་པ་ཚབ་ཆེན་མོ་ལ་བཟང་། །གཅིག་ཏུ་འཕར་ལྡང་མེད་ན་ངེས། །བརྒྱག་བཟང་ཀླུ་ནོར་མི་ལ་བྱིན། །ལྔ་བོང་ཆུང་ཡང་སྟག་ཕྲུག་ཁྱིས་མི་ཐུབ། །རོད་ངན་ཡང་ཕ་ཚན་མིས་མི་ཐུབ། །ཕྲ་ཡང་ལྕགས་ཐག་གྲིས་མི་ཆོད། །བྱུར་གྱི་ཐག་པ་བཏགས་པ་ཡིན། །ཁ་མཆུ་ལབ་རྙིང་ལང་དོགས་ཡོད། །བརྒྱག་གཅིག་སོང་ན་ངེས་པར་ཡིན། །དགྲ་ཆོས་དང་ནི་དགྲ་མནན་བྱ། །ར་མདའ་རྗེས་གཅོད་བྱེད་ན་བཟང་། །དྲུག་ཡབ་ལྷ་བདལ་དྲུག་པ་ཁོག་ཏུ། །ཁྱུང་ལུང་དངུལ་མཁར་གྱི་ཀ་བ་ཚུགས། །སྲིད་ཕྱ་གཅིག་ལ་བབས་ན་བཟང་། །གསལ་བའི་མེ་ལོང་འཚོགས་པ་ལ། །དར་ཚོན་སྣ་ལྔས་བརྒྱན་པ་ཡིན། །བུ་མོ་གཅིག་གི་བླ་མདུད་ཡིན། །སྐྱེས་ཁྱོ་གའི་བློ་ཁ་ནག་མོས་བསྒྱུར། །མིང་པོ་བས་ཀྱང་སྲིང་མོ་རྒོད། །མ་ལས་སྲུ་མོ་བྱམས་པ་ཡིན། །རང་ཡུལ་བས་ཀྱང་མི་ཡུལ་སྐྱིད། །དབུལ་པོ་གཅིག་གི་མོ་ལ་བཟང་། །བ་ནོར་བདུན་ལ་མགོ་ཐག་བྱེད། །བརྒྱག་བཟང་གསེར་ལ་གཡུས་སྤྲས་ཡིན། །བདུན་ཡབ་ལྷ་ཚེ་ཡི་དམུ་ཐག་ཡིན། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །བར་ཆད་མེད་ལ་འདྲེ་སྲིན་བྱམས། །མདོ་བ་རྟ་ཡི་སྲབ་མདའ་ཚུད། །རྟ་བྲེས་རྟ་ཡི་གང་ངོ་


MR16_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བརྒྱག་ན་ལོ་བརྒྱ་ཐུབ་པའི་རྫིའུ་ཡིན། །བརྒྱད་བྲག་སྐམ་ལོགས་ལ་ཤིང་དྲུག་སྐྱེས། །དབུལ་པོ་ནོར་མེད་ཕྱུག་པོར་འགྱུར། །སངས་རྒྱས་ཆོས་ཀྱི་གདན་ཁྲི་རུ། །བྱང་ཆུབ་ཤིང་གི་ལོ་འདབ་རྒྱས། །པདྨ་འབྱུང་གནས་སྒོམ་ཁང་དུ། །མཁའ་འགྲོ་སྡེ་ལྔས་ཚོགས་འཁོར་བསྐོར། །བརྒྱག་བཟང་བསྟན་པ་མི་འགྱུར་རྫིའུ་ཡིན། །དགུ་བོན་གྱི་གསས་མདའ་བྲག་ལ་བཙུགས། །ལེའུ་ལྷ་ཡིས་སྲུང་བར་བྱེད། །གཙུག་ལག་ཁང་ཆེན་སྒོག་པོ་ནས། །གདོན་དུ་དམ་སྲི་གཉིས་བསྡོངས་གནོད། །ཡང་དག་བརྒྱག་གཅིག་བཅས་པ་ན། །དམ་སྲིའི་ཁ་དེ་ཐག་པས་བཅིང་། །གཏོ་ཅི་བྱས་ལམ་དུ་འགྲོ་ངོ་ཡིན། །བཅུ་ཡེ་སྨོན་རྒྱལ་མོའི་བ་ཁོག་ཏུ། །རིན་པོ་ཆེ་ཡི་ཀ་བ་ཚུགས། །མི་རབས་འཕེལ་ཁ་ཆེ་བ་ཡིན། །འཕན་པོའི་བུ་ལ་སྐྱེ་བ་བཟང་། །ཁྱིམ་ས་འདྲེ་ལ་མི་འཆོར་ཞིང་། །ཡུལ་མཁར་རང་གིས་ཟིན་པ་ཡིན། །གཤོང་ཞིང་མི་ལ་མི་འཆོར་ངོ་། །བརྒྱག་བཟང་མི་ནོར་ཆུས་གསུམ་འཕེལ། །བཅུ་གཅིག་དགྲ་བླའི་དཔའ་མདུང་ལ། །དར་སྣ་ལྔ་ཡི་བ་དན་བཏགས། །ཡོད་རི་དིལ་དཀར་རྩེ་ལ་བཙུགས། །དམུ་ཐག་ལྷ་ཡི་ཚེ་མདའ་ཡིན། །སྡོང་གྲོགས་དཔལ་གྱིས་བྱེད་པ་ཡིན། །དགྲ་ཕྱ་སྲིད་ཕྱ་ཀུན་ལ་བཟང་། །བུ་སྐྱེ་རྟ་མགྱོགས་ནད་པ་སོས། །བརྒྱག་བཟང་ལྗོན་ཤིང་ལོ་འདབ་རྒྱས། །བཅུ་གཉིས་མྱ་ངན་མདུན་ཞུ་གྱོན། །བྱུར་གྱི་ཐག་པ་བཏགས་པ་ཡིན། །དགྲ་དྲག་པོ་ཐད་དུ་རྒྱུག་པ་དང་། །མི་དམར་པོ་གླང་ཡུ་འཁོར་བ་ཡིན། །རྟ་དམར་པོ་སྒྲོག་ཏུ་བཅུག་པ་ཡིན། །བརྒྱག་ཁ་བཟང་ན་ལྷག་པར་ངན། །ལུས་བསྒྱུར་བྱ་ཞིང་ཚེ་མདོ་སྒྲོགས། །སྐྱེས་པ་བླ་ཚེ་ཉམས་པས་ན། །བླ་བསླུ་འཆི་བསླུ་ཉེ་འདོན་དང་། །ཚེ་ཐར་བྱ་ཞིང་ཚེ་མདོ་འདོན། །ལུས་བརྗེ་མིང་བསྒྱུར་སྡོམ་པ་ཞུ། །དམུ་དག་སྒོ་


MR16_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་དགྲ་མེད་ཡིན། །བཅུ་གསུམ་སྟེང་གི་དམུ་དག་ནི། །ལུས་ཀྱི་རྩ་གནས་སོ་སོར་བདེ། །འབྱུང་བ་རྒྱས་ཤིང་ཁོག་མི་འཁྱག །ཚ་བ་དྲོད་ཀྱི་བཅུད་མ་ཤོར། །ནམ་མཁའ་སྟོང་པའི་ཀློང་ཡངས་ནས། །འོད་གསལ་ཉི་ཟླ་བཀྲག་མ་ཡལ། །འདོད་གསུམ་འདོད་ཀྱི་ལ་ཁ་ན། །འདོད་པའི་བ་རྒན་སྣ་ནས་ཟིན། །ཅི་བསམ་ལག་ཏུ་འོང་ངོ་ཡིན། །ང་དག་བརྒྱག་གཅིག་བཅས་པ་ན། །ལོ་ནི་བཅུ་གསུམ་ཚུན་ཆད་དུ། །བསྟན་པ་མི་འགྱུར་རྫིའུ་ཡིན། །འབྱུང་བ་ཤིང་གི་ཐོག་གུ་དེ། །དཔག་བསམ་ཤིང་གི་རྩེ་ལ་སྐྱེས། །རྣམ་རྒྱལ་ཁང་བཟང་འདྲ་བ་ཡི། །ཕ་ཤུལ་བུ་ཡི་ཟིན་པ་ཡིན། །མི་མཆོག་རྒྱལ་བུ་དགེ་དོན་དེས། །རྟ་མཆོག་ངང་པ་བསྔགས་ལྡན་ཆིབས། །ལས་ཅི་བྱས་ལམ་དུ་འགྲོ་བ་ཡིན། །སྐྱེས་བུའི་བློ་ཁ་མདའ་ཡིས་དྲང་། །ས་འོག་ཞབས་ནས་ནོར་བུ་ཐོན། །དགྲ་ཡི་ལག་ནས་ཟས་ནོར་ལོན། །བདུད་ཀྱི་ལག་ནས་ཚེ་སྲོག་ཐོབ། །གསེར་ཁྲིའི་སྟེང་དུ་རྒྱལ་པོ་བཞུགས། །ལ་ཐོད་བཅིངས་པའི་རྒྱལ་ས་གནོན། །དཔའ་མཁར་ཁ་ནས་དཔའ་དར་བཙུགས། །ཅི་བཏབ་ཅི་ལ་བཟང་བ་ཡིན། །དུར་མོ་གཅིག་ལ་ངན་པ་ཡིན། །དུར་གཞུག་ཐག་པ་བཏགས་པས་དུར་མི་འཆད། །དེ་ཡི་མཁར་རྩེར་བརྒྱག་སོང་ན། །དམུ་དག་གསེར་སྣ་ཞེས་པའམ། །དམུ་དག་ཆང་རྟ་དཀར་པོ་ཟེར། །ཤར་སེང་གེ་དཀར་མོ་གཡུ་རལ་བརྒྱག །ཡང་ན་དུང་སྒོང་དཀར་པོ་ཟེར། །དཀར་པོ་ལྷ་ཡི་ལྟེ་ཐག་ཡིན། །འཛམ་གླིང་མི་ཡི་དམུ་དག་ཡིན། །ནག་པོ་དམུ་ཡི་འཐེན་ཐག་ཡིན། །གཉིས་པ་བརྒྱག་ན་དམུ་དག་ནི། །སེངྒེ་ཐོད་པ་ཞེས་པའམ། །བྱང་སྟག་མོའི་ལུས་ལ་འཛུམ་དྲུག་བརྒྱག །ཡང་ན་གསེར་སྒོང་སེར་པོ་ཟེར། །བུ་དཔའ་བོ་བརྒྱ་ཡི་གོ་ཕུབ་ཡིན། །འཕྲུ་དཀར་པོ་ཅན་གྱི་ཝེར་མ་ཡིན། །ས་འོག་


MR16_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་རྙེད་ཅི་བཏབ་བཟང་། །གསུམ་པར་བརྒྱག་ན་གཡུ་སྒོང་སྔོན་མོའམ། །ནུབ་གཟིག་ཆེན་ཐིག་ལེ་པདྨ་བརྒྱག །ཡང་ན་དམུ་དག་གླིང་བཞི་ཟེར། །ཁ་ཅིག་འབྲོང་བུ་དར་མར་འབོད། །སྲིད་ཕྱ་གཡང་འབོད་སོགས་ལ་བཟང་། །བཞིར་བརྒྱག་སྟག་མོ་ཁ་ཆང་ངམ། །ལྷོ་དཀར་རི་བང་མིག་བརྒྱག་ཅེས་ཀྱང་བྱ། །དམུ་དག་གཡུ་ཡི་ཕོ་རོག་ཟེར། །ཡོངས་གྲགས་སྲིན་སྒོང་དམར་པོ་ཡིན། །དམུ་དག་ནང་གི་སྙིགས་མ་ཡིན། །སྒོ་བརྒྱག་སྟག་མོ་ཁྲེལ་ཁུངས་སམ། །སྲིན་མོ་ཐག་བཤལ་ཞེས་ཀྱང་བྱ། །ཡང་ན་སྲིན་བུ་མཆུ་དམར་ཟེར། །དམུ་ཐག་ནང་གི་སེ་སྟོད་ཡིན། །བཟང་པོ་རང་ལ་མ་ཕན་པ། །དམུ་དག་གཤིན་ཆུ་བརྒལ་བ་ཡིན། །མི་ནོར་འཕེལ་ཁ་འགག་ཐག་ཡིན། །ཤིང་གི་འཛེར་པ་ནག་པོ་ཡིན། །བརྒྱག་གར་ཡོད་དེ་རུ་བཏགས་པ་ན། །དམུ་དག་གསེར་གྱི་སྣ་འཇུ་ཟེར། །དམུ་དག་བརྒྱག་ཁ་འདོམ་པའི་རིགས། །གཉིས་བརྒྱག་གསུམ་བརྒྱག་བཞི་བརྒྱག་དང་། །ལྔ་ཀ་བརྒྱག་པའི་རྣམ་གྲངས་ལ། །གཉིས་བརྒྱག་རིན་ཆེན་རྣམ་གཉིས་ཟེར། །དེ་ལ་བརྒྱག་ཚུལ་བཅུ་ཡོད་པ། །གསེར་སྒོང་གཡུ་སྒོང་གཉིས་འདོམ་ན། །གསེར་གཡུ་ཁ་སྤྲོད་ཅེས་པ་སོགས། །བཟང་ངན་མིང་འདོགས་རིག་པས་ཤེས། །གསུམ་བརྒྱག་རིན་ཆེན་རྣམ་གསུམ་ཟེར། །དེ་ལ་བརྒྱག་ཚུལ་བཅུ་ཡོད་པ། །གསེར་གཡུ་དུང་གསུམ་ཟེར་བ་སོགས། །བཟང་ངན་མིང་འདོགས་གོང་གིས་ཤེས། །བཞི་བརྒྱག་རིན་ཆེན་སྣ་བཞི་ཟེར། །དེ་ལ་ལྔ་ཡོད་གོང་བཞིན་ཤེས། །ལྔ་བརྒྱག་གཅིག་སྟེ་དེ་ཡི་མིང་། །དམུ་དག་རིན་ཆེན་སྣ་ལྔ་ཟེར། །དམུ་དག་བརྒྱག་ཁ་བཟང་པོའི་རིགས། །སྟོད་གསུམ་བཙན་ས་གར་བབས་ཀྱང་། །ནོར་གྱི་གཡང་ར་མ་ཉམས་སོ། །བ་ཁོག་བཙན་ཁྱིམ་གར་བབས་བཟང་། །སྲིན་སྒོང་དང་ནི་


MR16_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བརྒྱག་གཉིས། །དགྲ་གཞི་སྐོར་གསུམ་ཀུན་ལ་ངན། །ཡ་མ་ནག་པོ་རྔོན་པར་བཟང་། །ས་ཁམས་ནད་པའི་བདུད་ཆད་ཡིན། །དམུ་དག་ཕྲུ་གུར་བརྒྱག་སོང་ན། །ནེ་ཚ་ཟེར་ཏེ་དབྱིག་རིགས་ཡིན། །བསམ་པ་སེམས་ཀྱི་རང་བཞིན་བརྒྱག །ཤིང་ལོ་འདབ་ཁ་ཞག་ཉི་མ་བརྒྱག །བཟང་དྲག་ཐུབ་པར་དཀའ་ཙམ་ཡིན། །དམུ་དག་ལན་དུ་དིང་དིང་ན། །གནམ་གྱི་ཀ་བ་ཚུགས་པ་ཡིན། །ས་ཡི་རྟེན་ཕུར་བརྟན་པ་ཡིན། །སྐྱིན་དིང་ཤིང་མགོ་རྡོ་ཡིས་མནན། །གལ་བར་གནམ་ས་ཀ་གདུང་འགྲིག །སྲིད་པ་གཏོད་ཀྱི་ཐག་པ་ཡིན། །ཀ་བ་ཕྲ་མོས་གདུང་ཆེན་ཐེག །བྱ་ཡུན་ན་ནིང་བྱ་སྒྲོ་ཉག་གཅིག་དེ། །ད་ལོ་བྱ་སྒྲོ་ཚང་གང་རེད། །བག་བྱ་མི་གྲངས་ལྷ་ཡིས་མཚོ། །བྱ་བུར་ལོ་གསུམ་མི་འཆི་རྫིའུ་ཡིན། །མུ་ས་དཔག་བསམ་ལྗོན་ཤིང་རྒྱས། །མུ་བྱ་རྒོད་འཕྲུ་ཚུགས་པ་ཡིན། །ཝ་ཚོ་བུ་དཔའ་རྟ་མགྱོགས་ཡིན། །སྤོ་ཚེ་རྟ་གཅིག་རྟ་བརྒྱར་འཕེལ། །ལྕུག་ཕྲན་ལོ་འདབ་རྒྱས་པ་ཡིན། །དམུ་དག་ལོ་གཅིག་སྲུང་བའི་རྫིའུ་ཡིན། །དམུ་དག་སྒོ་བརྒྱག་མདའ་མོ་སྟོང་ནས་གས། །སྐྱེར་དཀར་ཕྱ་ལྕམ་བླ་གནས་དར། །སྐྱེར་ནག་སྣ་ཐག་དགྲ་ལ་ཤོར། །ཚོལ་ཚེ་རྒྱལ་བུ་དྲན་ཆུ་སངས་པ་ཡིན། །ཚོལ་ཚེ་བུ་བརྒྱག་རྒྱལ་པོའི་དྲན་ཆུ་སངས། །ཁྱུང་བརྒྱད་ཤིང་ལ་ཁྱུང་ཚང་བཅས། །ཨ་ཁད་སྐག་ཆེན་སྐེག་ལས་ཐར། །ཏྲང་ཟེ་ཨ་ཁད་དོམ་བུ་མདའ་དང་འཕྲད། །ཕུང་ཁད་དྲང་ཤིང་ཁ་ལ་གཉན་ཆེན་འགྱོད། །རང་སྙན་རྒྱལ་བུ་སྒང་སྨན་འཕྲད། །སྲང་ཟེ་ལྗོན་ཤིང་ལོ་འདབ་རྒྱས། །བྱོད་ཕུར་ལུག་ཡུ་ལུ་སྟན་ནས་བུད་པ་ཡིན། །དཀར་ཐོག་རྨང་པོ་འཕེན་པོ་རེད། །ལྡི་བུར་སྲིད་ཀྱི་དཔལ་ཐག་ཆད། །ཡར་ལྡིང་སྐྱེ་ཤིང་རྩེ་མོ་མཐོ། །སུམ་མཉམ་སྒོ་ཁྱི་ཤིང་ལ་བརྟོད། །ཙེ་ར་སྐྱེ་ཤིང་མདའ་བས་དྲངས། །གཡུང་དྲུང་དམུ་དག་ལྷ་དང་འབྲེལ། །ཀྱེ་བ་མི་ནོར་གཉིས་ཀ་འཕེལ། །ད་རོག་མི་གྲངས་འཕེལ་


MR16_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་བླ་ཡིན། །དམུ་དབལ་གཤེན་གྱི་དགྲ་བླ་དར། །སྐྱམ་སྐྱིན་ཐང་ཆབ་ཀྱིས་ཁྱེར་ཏེ་ངན། །དམུ་དག་ལན་དུ་བྱ་རལ་ན། །ཡལ་ག་སྟ་རེས་བཅད་པ་ཡིན། །གཞན་མ་ཅི་ལ་ངན་ན་ཡང་། །ལམ་དེ་ལས་རིང་བ་མེད་ན་ཡང་། །ཁྱི་ཡི་སྤོ་རུ་མ་སླེབ་བར། །འགྲུལ་བས་ལམ་སྣ་ཟིན་པ་ཡིན། །ཕུང་བྱལ་མི་རྒྱུད་མཐའ་ནས་ཆད། །ཀློག་འདོན་ལམ་བསལ་སཱཙྪ་བཏབ། །མི་ཁ་རྒྱས་འདེབས་དགྲ་ཆོས་དང་། །འཁྲུགས་འདྲེ་ནག་མོའི་སྐྱས་འདེགས་བྱ། །ལི་ཡན་ནམ་མཁར་ལྷོ་བུར་སྔོན་པོ་ལང་། །དེའི་ངན་རིགས་གནམ་གྱི་ཐེལ་མོས་བསླུས། །མར་ལྡིང་སྐྱེ་ཤིང་ཐུར་དུ་གུག །སྤོ་བར་སྲབ་མདའ་དགྲ་ལ་ཤོར། །སྡོང་རྒན་གཅིག་གི་འགྱེལ་ཉེས་ཀྱིས། །སྟོང་གསུམ་མགྲོན་ལམ་བཀག་ཀྱང་ཟེར། །སོ་ཡོན་སྦྲུལ་ལྕུག་སྲང་ཁོངས་སུ་ཤི་བ་ཡིན། །མི་ཡི་དམུ་ཐག་བདུད་ཀྱིས་བཅད། །རུ་སོད་བ་ཕུར་རྐེད་ནས་ཆད། །མ་ཟེ་ཤིང་ལོ་སད་ཀྱིས་ཁྱེར། །ན་འབན་མི་ཡི་དམུ་ཐག་རྐེད་ནས་ཆད། །ཏྲོང་རིགས་ཐང་ཤིང་རྦབ་ཀྱིས་བསྒྱེལ། །སངས་རིགས་པ་ཡི་སྣ་ཐག་ཤོར། །བྲག་རིགས་གཡང་ནོར་བདུད་ཀྱིས་བརྐུས། །ཐི་གུ་ལྟོ་འབྲེལ་ཁོག་ལ་འཇུས། །སྐྱེར་དཀར་ཞེས་སུ་གྲགས་པ་སྟེ། །ཡེ་སྨོན་རྒྱལ་པོའི་རིང་ལ་བབས། །སྐྱ་བོ་ཤིང་གི་བླ་མདུད་ཡིན། །སྐྱེར་དཀར་ཡེ་སྨོན་རྒྱལ་པོ་འདི། །འོད་གསལ་ལྷ་ལས་ཆད་པའི་སྲས། །སྲིད་པ་ཕྱ་རྣམས་གྲོལ་བའི་གླིང་། །ཟལ་མོ་འབྲི་ཡི་བླ་མདུད་ཡིན། །ཉུང་ན་ཕ་ཝཾ་རྡོ་ཡིས་ལྗི། །མང་ན་ཡུལ་འདྲེ་འཁྱམས་པོ་ཡིན། །ཡང་ན་སྐྱེར་གྱི་ཉ་ཚོང་འགུལ། །མདོ་བ་རྟ་ངོ་ཡིན་ཀྱང་སྲིད། །བབས་ས་བ་ཁོག་གསུམ་དུ་གཅེས། །སྲོག་ཕྱ་སྟོད་དུ་ཚེ་རིང་ཡིན། །འགུལ་འཚེར་རྒན་མོ་ལ་ཁར་ཐོན། །བཀྲ་རྒན་ནད་པ་ཡིན་ན་ངན། །སྐྱེར་དཀར་ཡོད་ཀྱི་གཞི་མ་འདི། །བརྟན་ལ་བརླིང་བ་རི་དང་འདྲ། །


MR16_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ལ་མཉེན་པ་མར་དང་འདྲ། །དལ་ལ་འཁྱིལ་བ་མཚོ་དང་འདྲ། །རང་སར་ཁེར་བབས་བརྟན་ལ་ལྕི། །ཕྱི་སར་དགྲ་བོ་གཉིད་དུ་སོང་། །གང་བབས་སོས་དལ་བྲེལ་རྒྱུག་མེད། །མི་འགུལ་ཁ་རོག་འདུག་པ་ཡིན། །མི་རྣམས་འདུག་པའི་འདུག་གནས་ཡིན། །ཕྱུགས་རྣམས་འཚོ་བའི་བྲེས་ར་ཡིན། །དགྲ་བླ་བཞུགས་པའི་སྐུ་མཁར་ཡིན། །བརྟན་ན་འཕོ་འཆུག་མེད་པ་ཡིན། །འདི་གཅིག་གི་སྟེང་དུ་བབས་པ་ན། །མི་འདུག་ཡུལ་ན་འདུག་པ་ཡིན། །བྱ་འདུག་ཚང་ན་འདུག་པ་ཡིན། །རང་ཡུལ་རང་ཟིན་རང་ཟས་རང་གིས་ཟ། །སྐྱེར་དཀར་འདུག་པའི་གཞི་མ་ཡིན། །གྲིབ་ངོ་ཅུང་ཟད་ཡོད་སྲིད་པས། །རྣམ་འཇོམས་ཁྲུས་དང་མཁོན་བསང་བྱ། །གཉིས་ཀྱི་སྟེང་གི་སྐྱེར་ལེབ་ན། །ལམ་ཁའི་རྡོ་ཚོགས་ལང་བ་ཡིན། །གགས་སེ་ལངས་ནས་ཙོག་གེ་བསྡད། །སྐེ་རག་བཅིངས་པས་ལྷྭམ་སྒྲོག་བཀྲོལ། །ཨ་རོག་ཕྱེད་ཆོས་ཕྱེད་མ་ཆོས། །མཚལ་བུ་སྒ་བརྟད་གློ་མ་བསྡམ། །ཆས་ཆས་པ་གཅིག་བཤོལ་ངོ་ཡིན། །བསྒུག་བསྒུག་པ་གཅིག་འོང་ངོ་ཡིན། །ཤི་མིག་གསོན་བལྟས་དུར་བཅོས་བྱ། །འདི་ལ་སྐྱེར་དེ་ཁེར་འདུག་ན། །མ་རབ་ནད་པ་ལྷྭམ་ལ་ཆགས། །གསུམ་བློ་ཉེས་མི་འོང་རྫིའུ་ཡིན། །མ་ཕྱི་བུ་ཚའི་བླ་གནས་དར། །བྱ་བ་ཕྱི་དལ་ཅན་དང་ནི། །བུད་མེད་དབང་ཆེན་འབྱུང་བའི་ངོ་། །བཞི་འཛམ་བུ་གླིང་གི་བླ་མདུད་ཡིན། །ཉ་མོ་མཚོ་དང་འཕྲད་པ་ཡིན། །གཡང་ར་ཀླུ་མཛོད་རྒྱས་པ་ཡིན། །རྨིག་པ་ཁ་དབྲག་མོ་ལ་བཟང་། །ལྔ་དགྲ་རྐེ་ཐག་པས་བཅིངས་པ་ཡིན། །དགྲ་ཡོད་བུད་མེད་རེད་པ་ཡིན། །དྲུག་ཁྱིམ་ལ་བོ་ཞིག་མེད་པ་ཡིན། །དཔལ་མོའི་བླ་རི་བུ་རྫི་ཚེ་སྲུང་ཡིན། །བདུན་སྐྱེས་བུ་ཁ་ཤ་སྐྱེངས་པ་ཡིན། །དོན་བསྒྲུབ་ན་ཕྱི་འགྱང་ཤིན་ཏུ་ཆེ། །གཡོ་མེད་གཞི་ཡི་དོན་ལ་བཟང་། །ཡེ་སྨོན་རང་གི་ཡུལ་ན་འདུག །


MR16_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཡང་མེད་ལ་སྲོག་ཀྱང་མེད། །ནད་པ་གཤིན་རྗེའི་ཁ་ནས་ལོན་ཏེ་བཟང་། །བརྒྱད་ལྷ་གཡག་གངས་ལ་འགྱིང་བ་དང་། །དགྲ་བླ་ཐད་ནས་ཆས་པ་ཡིན། །འུག་པ་མགོ་ལེབ་བྲག་ལ་ཉལ། །བྱ་བརྒྱས་བོས་ཀྱང་སྐད་མི་སྟེར། །ཇག་པ་སྐུངས་ལ་ཞེན་ཉིན་བཟང་། །བན་བོན་སྲོག་གི་ཆ་ལ་བཟང་། །དགུ་སྲིན་གྱི་རལ་གྲི་ཁ་འཐམ་པས། །ཉི་མ་ནུབ་ནས་དགྲ་མེད་ཡིན། །དགྲ་བོ་ཕྱི་ཐལ་དབང་དུ་འགྲོ། །བཅུ་འུག་པ་སེར་པོ་བྲག་ལ་གནས། །བྱ་བརྒྱས་གླགས་མི་རྙེད་ངོ་ཡིན། །རྫོང་བཙན་འཛིན་པའི་མོ་ལ་བཟང་། །མོ་བཙུན་ང་རྟ་དར་བ་དང་། །མ་མོ་ཀླུ་སྨན་འགོ་བ་ཡིན། །སྐབས་འགར་ཆུ་བྲག་འཐབ་པའི་སར། །གཏད་ཀྱི་ངོ་ཡོད་འགྲོལ་ཆོག་བྱ། །བཅུ་གཅིག་ཝེར་མ་ཕ་ཆས་བུ་ཆས་ཀྱང་། །ཨ་དཀར་ཝེར་མ་ཚང་དུ་ཉལ། །ཕོ་ལྷས་ཕྱི་ཐལ་བྱས་པ་ཡིན། །དགྲ་བླས་གཉའ་ལག་བསྐུམ་པ་ཡིན། །ཝེར་མ་དཀའ་ཉལ་བྱས་པ་ཡིན། །ཅི་ལ་བཏབ་ཀྱང་ཕྱི་འགྱང་ངོ་། །ལྷ་ལ་གཏང་རག་བཏང་ན་བཟང་། །དགྲ་བླས་བདུད་རྣམས་ནོན་ངོ་ཡིན། །ནད་པ་གཅིག་གི་མོ་ལ་བཟང་། །གཡུང་པོའི་ཁྱི་སྲོག་ཀ་བར་བཏགས། །དགྲ་བླ་ཤུག་མགོན་བརྔན་བསྐུལ་བྱ། །བཅུ་གཉིས་བྱང་གི་གྲིབ་ཤིང་ཁུ་ཡོར་ལ། །གྲིབ་བྱ་ཕོ་རོག་གཉིད་དུ་སོང་། །མགོ་བོར་ཚིལ་གྱིས་འཕུར་གྱུར་ཀྱང་། །ཀྲོག་ཀྲོག་མི་ཟེར་གཏན་ཚིགས་ཡིན། །ཉི་མ་བྱང་ནས་དགྲ་མེད་དོ། །བཅུ་གསུམ་དཔའ་བོ་གྱད་རྡོ་ལ་ཁར་ཐོན། །ཡེ་སྨོན་སྐུ་ཚེ་མཐའ་རུ་ཕྱིན། །གཏམ་དང་རྣ་བ་ང་ཁ་གསུམ། །དུས་གཅིག་ལ་ཁར་ཐོན་པ་འདྲ། །དཔའ་མདུང་དཔའ་དར་ལ་བཙས་གསུམ། །དུས་གཅིག་ལ་ཁར་ཐོན་པ་འདྲ། །ཅི་བཏབ་ཅི་ལ་བཟང་ན་ཡང་། །མི་ཆེན་འདུན་གྲོས་བྱེད་ཉིན་ངན། །ཐང་ཆེན་དཔལ་མོ་དཔལ་ཐང་དུ། །མི་ཆེན་


MR16_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་ཡུ་འཁོར་བ་ཡིན། །སྐྱེར་འདི་འཐམ་པ་མགོ་འཁོར་ཡིན། །མི་རྒན་ནད་པའི་མོ་ལ་ངན། །འདི་ལ་སྐྱེར་དཀར་གཅིག་འདུག་ན། །ཡ་རབ་ནད་པ་ཞྭ་ལ་ཆག །གཡས་མཁར་གྱི་རྩེ་ལ་བརྒྱག་སོང་ན། །སྐྱེར་གྱི་སྟོང་རི་བུད་དཀར་ཟེར། །བུ་ཚའི་མགོ་ཡི་སྟག་འཕྲུ་ཡིན། །བུ་མོའི་མགོ་ཡིག་ཡུ་རལ་ཡིན། །རྟ་ནག་མགོ་ཡི་གསེར་སྲབ་ཡིན། །ལྷ་ལ་དམ་ཚིག་བསྲུང་མི་ཡིན། །མི་ལ་ཆད་མདོ་བཙན་མི་ཡིན། །འདྲེ་ལ་ཕྱག་རྒྱས་གནོན་མི་ཡིན། །ཕ་རྒྱུད་བུ་ཡིས་ཟིན་པ་ཡིན། །ལི་ཡན་འཐོར་བྱེད་བརྒྱད་པོ་དེ། །གསེར་ལུང་འདི་ལ་འདུས་པ་ཡིན། །ལན་དུ་སྐྱ་མ་རིགས་བབས་མི་རུང་། །དེ་འོག་མའུ་ཕུད་ཁྲའམ། །སྟོང་རི་བར་མ་ཞེས་ཀྱང་ཟེར། །ཡང་ན་ཁྲི་ཐོག་སྨུག་པོ་ཡིན། །དབུ་མ་བརྒྱད་ཀྱི་ཆེ་བཤད་ལས། །སྐྱེར་གྱི་དབུ་མ་བཟང་བར་བཤད། །གསུམ་པ་གཡོན་དུ་བརྒྱག་བཅས་ན། །སྐྱེར་ལོ་ཤུ་ཟུར་ཕུར་ནག་གམ། །སྐྱེར་གྱི་ཨོག་དམར་ཞེས་ཀྱང་ཟེར། །ལ་ལས་མའུ་ཕུད་དམར་ཟེར། །ཕྱུགས་ཀྱི་སྤྱང་ཀི་མའི་འགོང་པོ་ཡིན། །ལྟོ་བ་འགྲངས་ཀྱང་སྣང་བ་སྐྱོ། །སྒོ་བརྒྱག་ས་ལེ་གླང་གཞུ་གཟེར། །སྐྱེར་དམར་འབྱུང་པོ་ཤ་ཟན་ཡིན། །དམག་ཁྲི་ཚོ་འགག་པའི་འགག་ཐག་ཡིན། །སྐྱེར་གྱི་བུ་ལ་བརྒྱག་སོང་ན། །སྐྱེར་དཀར་ཀུ་ཡེ་བྱིས་ཚང་ངམ། །ཁུ་བྱུག་བྱེའུ་ཚང་ཞེས་ཀྱང་བྱ། །རིན་ཆེན་སྟོང་རི་ཐོད་དཀར་ཟེར། །འབྲི་གཅིག་འབྲི་བརྒྱ་རེད་པའི་མོ། །འབྲི་ཡེ་སྨོན་ཁྲི་མཁར་ཚུགས་པ་ཡིན། །རང་སར་བབས་ན་ཅི་བཏབ་བཟང་། །ཕྱི་སར་ཤོར་དུ་མི་རུང་ངོ་། །དེ་ཡི་གཉིས་བརྒྱག་དྲུག་དང་ནི། །གསུམ་བརྒྱག་བཞི་དང་བཞི་བརྒྱག་གཅིག །བུ་བརྒྱག་དང་བཅས་འདོམ་ཚུལ་ལ། །བཟང་ངན་མིང་འདོགས་རིགས་འདྲེ་བྱ། །ལྔ་


MR16_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་ལྷ་ཁང་འབུམ་སྡེ་བརྒྱག །དམག་ཆེན་འདེགས་དང་ལྷ་ཁང་བཞེངས། །ཆོས་ཆེན་འབྲི་ཀློག་བྱེད་ན་བཟང་། །ཕྱི་སར་བབས་སུ་མི་རུང་ངོ་། །གཞན་ཡང་ཡར་དིང་མར་དིང་གཉིས། །སྐྱེར་གྱི་རིགས་སུ་གཏོགས་མོད་ཀྱི། །འདིར་ནི་སོ་སོའི་སྡེ་རུ་བཀོད། །སྐྱེར་གྱི་མ་ལ་ཐིག་གཅིག་འཇུས། །སྐྱེར་སྨད་ཅེས་སུ་བྱ་བ་ཡིན། །རྐོས་དང་སྲིན་དུ་བསྡེབས་པ་ལས། །ཁྲོ་ཆུའི་སྒོ་ང་གཅིག་ཏུ་སྲིད། །ཕ་མའི་དྲོད་ལ་བཅར་ཀྱང་མ་བསྡད་པར། །གཡུ་འབྲུག་སྔོན་མོའི་ཚང་དུ་འཕུར། །དེར་མ་བསྡད་རྒྱ་སྟག་ཚང་དུ་འཕུར། །ཡང་རེ་འབྱམས་ཚང་དང་དུང་ཁྱུང་ཚང་། །དུང་ཚང་སེང་གེའི་ཚང་དུ་འཕུར། །དེ་ནས་གཟི་ཆེན་མཚོ་ནང་དུ། །འཕུར་བས་ཆུ་གླང་རྭ་ལ་ཕོག །གླང་གི་འུར་སྐད་ཐང་གསུམ་ཤོར། །དེ་ནས་སྒོ་ང་རྡོལ་བ་ལས། །གསེར་ཉ་གཡུ་གཤོག་ཅན་གཅིག་བྱུང་། །དེ་སྔ་མའི་ཚང་རྣམས་འགྲིམ་པ་ལས། །ངར་སྐད་འབྲུག་ལས་ཆེ་བ་བྱུང་། །ཉ་ལ་གཡུ་རལ་ཡོད་པ་བྱུང་། །སྐུ་སྟོད་སྟག་རིས་བཀྲ་བ་བྱུང་། །སྐུ་སྨད་ཐིག་ལེ་བཀྲ་བ་བྱུང་། །ཉ་སྤོ་དུང་ལས་དཀར་བ་བྱུང་། །ཉ་ལ་གཤོག་པ་རྒྱས་པ་བྱུང་། །མ་ཡི་དྲོད་ལ་བཅར་བ་ལས། །ཉ་ལ་ཡ་སོ་ཡོད་པ་བྱུང་། །ཉ་ཕ་ལས་མ་གྲོལ་མ་ལས་གྲོལ། །ཉོ་བོ་ཉོ་མོ་དེ་དང་གཉིས། །སེ་བ་གཏུམ་ཆེན་གཉིས་དང་བཞི། །རྩ་དང་སྨན་དང་གཉིས་ཏེ་དྲུག །འཁར་བ་གཡུ་འགྱུར་གཉིས་དང་བརྒྱད། །ཉེའུ་ཆུང་ཟུར་ཕུད་ཅན་དང་དགུ་རུ་གྲོལ། །ཡི་གྲལ་བཞུགས་པའི་སྟོན་ཆེན་ཀུན། །ཉ་འདི་ལ་ལྷ་གཅིག་ཡོད་དམ་མེད། །ཉ་འདི་ལ་ལྷ་གཅིག་ལོས་ཀྱང་ཡོད། །འདི་ཡི་ལན་དུ་དིང་དིང་ན། །ཉ་ཆུ་འདོད་ཆུ་དང་འཕྲད་པ་ཡིན། །སྐྱམ་དང་དིང་དིང་སུམ་མཉམ་གསུམ། །འབྱུང་བ་ཆུ་ཡི་བླ་མདུད་ཡིན། །ཆར་འབེབས་


MR16_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འདོན་ཉིན་པར་བཟང་། །ཆུ་བསོགས་ནད་པའི་མོ་ལ་ངན། །འདི་ཡི་བདུད་དེ་སེ་སྟོད་ཡིན། །ལན་དུ་སེ་སྟོད་བབས་པ་ན། །ཉ་ཤ་འདོད་ཤ་དང་འཕྲད་པ་ཡིན། །ཁྱི་ར་བ་ཡི་མོ་ལ་བཟང་། །གཞན་མ་ཅི་ལ་བཏབ་ཀྱང་ངན། །ལི་ཡན་ཉ་མོ་སྒྱེ་ལུར་བཅུག །ཅི་བཏབ་ཅི་ལ་ངན་པ་ཡིན། །ཚོལ་ཚེ་ཉ་མགོ་སྲམ་གྱིས་བཅད། །མོ་ལ་དེ་བས་ངན་པ་མེད། །ཤིང་ཤག་ཉ་ཁ་ཤིང་གིས་ཆོད། །བྱ་རལ་ཉ་ཚང་བྱེ་བྲལ་འབྱུང་། །ན་འབན་ཉ་ཚང་ཐོག་གིས་བཤིགས། །ཐང་ལེ་ཉ་མོ་སྐམ་ལ་ཡར། །དེ་རྣམས་ལེན་དུ་མ་བབས་དགོས། །དེ་མིན་ཅི་ལ་བཏབ་ཀྱང་བཟང་། །གལ་ཏེ་ནད་པའི་མོ་ཡིན་ན། །གཅིག་ལ་ཉ་ཤི་ཚང་ནས་ཤི། །བཅུ་གསུམ་ཉ་མོ་གངས་ལ་ཐུག །མ་ཐར་ཐུར་ལ་གྱུ་ངོ་ཡི། །སྲོག་བསླུ་ཚེ་ཐར་སྦྱིན་བཏང་དགོས། །ཉ་རྒྱའི་ནང་དུ་མི་ཁའི་རྫས། །བླུགས་ལ་ཆུ་གཞུང་བསྒྱུར་ན་ཐུབ། །མི་ན་རང་སར་བབས་ན་བཟང་། །སྐྱེར་གྱི་འདོགས་གཉིས་ཕྱོགས་གཅིག་ན། །སྐྱེར་སྨད་མ་བུ་ཁ་འཛོམས་ཟེར། །བཟའ་དགུ་མི་ཕོ་འཛོམས་པ་ཡིན། །ལྷག་པར་མ་སྨད་མོ་ལ་བཟང་། །དེ་ཡང་མཁར་ཁ་དང་པོ་སོགས། །སྔ་མ་སྔ་མར་འཛོམས་པ་བཟང་། །དེ་ལའང་བུ་ནི་མཁར་རྩེ་དང་། །མ་ནི་སྒོ་ཕྱོགས་འདུག་ན་བཟང་། །མ་བུའི་མོ་ལ་ཤིན་ཏུ་བརྟག །འདོགས་གཉིས་སོ་སོར་ཕྱེ་བ་ན། །སྐྱེར་སྨད་མ་བུ་ཁ་ཕྲལ་ཟེར། །རྒོད་རྒན་མ་བུ་བྲལ་ངོ་ཡིན། །མོ་སྒོའི་ཕྱོགས་སུ་གང་ཡོད་པ། །དེ་བརྟག་མ་བུ་གང་རྩུབ་དཔྱད། །སྦྲུམ་མ་བཙའ་མི་ཐུབ་པ་ལ། །ཁ་ཕྱེ་བབས་ན་བཙའ་ཐུབ་ངོ་། །མ་བུ་གཉིས་ཀྱང་འབྲེལ་བ་ན། །སྐྱེར་གྱི་མ་བུ་ཁུག་ལེན་ཟེར། །ཤི་རོ་ཁུང་ནས་དབྱུང་མི་ཐུབ། །དེ་མིན་མ་བུ་མི་ཕྱེ་བཟང་། །


MR16_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་རྩེ་ལ་ནི་བརྒྱག་སོང་ན། །སྐྱེར་སྨད་ཉ་མོ་ལྟོ་དཀར་ཡིན། །ལ་ལས་ཉི་མ་རང་ཤར་ཟེར། །ཉ་ཆུང་ཁ་སེར་ཁོག་པ་བརྒྱག །མ་ཉ་མོ་ལྟོ་དཀར་འདྲ་བ་ལ། །བུ་གསེར་ཉ་འདྲ་བ་སྐྱེ་ངོ་ཡིན། །དེ་འོག་བརྒྱག་ཀྱང་དེ་ཕྱོགས་འདྲ། །སྒོ་བརྒྱག་བྱུང་ན་ངན་པ་ཡིན། །བུ་བརྒྱག་ཉ་ཆེན་ཡོར་མོ་ཡིན། །གཙང་ཉ་གཡུ་གཤོག་ཅེས་ཀྱང་ཟེར། །དུང་རྟ་གཡུ་ཡི་རྔ་རྔོག་ཅན། །ཆུ་ཆེན་བརྒལ་བའི་ཝེར་མ་ཡིན། །མ་ཁོག་བརྒྱག་སྐྱེར་སྨད་གྲུབ་མཁར་ཡིན། །མ་ལ་བརྒྱག་བཟང་གཉིས་བྱུང་ན། །སྐྱེར་སྨད་ཉ་མོ་གསེར་མིག་བརྒྱག །གཞི་ཕྱ་བ་ཁོག་གསུམ་དྲུག་གཅེས། །བུ་ལ་བརྒྱག་གཉིས་བྱུང་བ་ན། །སྐྱེར་སྨད་ཝེར་མ་ཉ་ཆེན་བརྒྱག །གཡུལ་ཆེན་ཁ་སྤྲོད་བྱེད་ཉིན་བཟང་། །འབུམ་ཚོ་གསུམ་གྱི་དམག་ལེགས་ནས། །ཁྲི་ཚོ་གསུམ་གྱི་གནང་ཐོབ་ནུས། །མ་བརྒྱག་གཉིས་པ་ཅན་ལ་གསུམ། །གསུམ་ཀ་བརྒྱག་དང་བུ་བརྒྱག་དང་། །འདོམས་པའི་མིང་དང་བཟང་ངན་ཀྱང་། །གོང་ལ་དཔག་ནས་ཤེས་པར་བྱོས། །སྐྱེར་སྨད་ཕྲུག་གཅིག་ས་ལ་ལྷུང་། །སྐྱེར་གྱི་བྱ་ཡུན་ཞེས་སུ་འདོད། །སྐྱེར་ཡུན་དགྲ་ལྷའི་ལྕམ་མོ་ཡིན། །རྐུན་བུ་ཞགས་བཟུང་བླ་མདུད་ཡིན། །གཅིག་ལ་ས་བདག་རྒྱལ་མོའི་ཞལ་བྱོན་ཡིན། །བརྒྱག་ན་རྒྱལ་མོའི་དངོས་གྲུབ་ཡོད། །གཉིས་བདུད་ཀྱི་ཚེར་ཕུང་ནག་པོ་ཡིན། །བརྒྱག་ན་ཆུ་འགྲམ་སྲིན་མོ་རྒྱུག །རྐུན་འཇབ་པའི་ངོ་ལ་འཁྲུལ་པ་མེད། །གསུམ་བྱ་བ་འགྲུབ་པའི་བྱིས་ཕྲུག་ཡིན། །བཞི་ཕྱ་ལྕམ་བླ་གཡུ་སྲིན་ནས་ཁུག །ཁྱིམ་ས་བརྟན་པའི་རྫིའུ་ཡིན། །ལྔ་དམ་ལྕམ་ལྷ་མོ་སྲིན་དང་བསྡོང་། །བརྒྱག་ན་གཡའ་འབྲུམ་བླ་གཡུ་སྲིན་ལ་ཤོར། །དྲུག་གཡའ་འབྲུམ་གླིང་གི་རང་ཡུལ་ཟིན། །


MR16_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་བཟང་བླ་གཡུ་སྲིན་ལས་ཁུག །བདུན་གྲོག་ཚོལ་ཝ་མོ་ཟན་དང་འཕྲད། །བརྒྱག་ན་རྨང་པོ་འཕན་པོར་འགྱུར། །བརྒྱད་ཝེར་མ་ཚད་དུ་བདེ་བ་ཡིན། །བརྒྱག་ན་དུང་ཤ་ཆིབས་ནས་བ་ངན་བཟུང་། །ཀུ་ལ་དགའ་ཞིང་བསོ་ལ་དགྱེས། །ཁ་ཕོ་གཏམ་སྙན་ཡོད་ངོ་ཡིན། །དགུ་ནུབ་ཕྱོགས་ཟངས་རི་དམར་པོ་ལ། །སྲིན་བྱ་འུག་པ་སོ་ལ་ཆས། །ནུབ་ཕྱོགས་དགྲ་སྣ་གོད་བྲུབ་དགོས། །བརྒྱག་ན་ནུབ་ནས་གོད་སྒོ་བྱེ། །བཅུ་དགྲ་བླའི་ལྕམ་མོ་སོ་ལ་ཆས། །བརྒྱག་ན་དགྲ་བླའི་ལྕམ་མོ་དེས། །དར་དཀར་ལའུ་གོས་སུ་གྱོན། །དངུལ་དཀར་མེ་ལོང་ཕྱག་ན་བསྣམས། །འདོད་པའི་དངོས་གྲུབ་སྩོལ་ངོ་ཡིན། །བཅུ་གཅིག་དགྲ་བླ་དར་མ་མཐུ་ཆེན་ཡིན། །བརྒྱག་ན་སྤྲུལ་པའི་གོ་ཁྲབ་གྱོན། །རྣ་གཅོད་རལ་གྲི་ཕྱག་ན་བསྣམས། །བདུད་དང་བགེགས་ཀྱི་གཉའ་བ་གནོན། །བཅུ་གཉིས་ཟ་བྱེད་ཕུད་སྟག་དམར་མོ་ཡིན། །བརྒྱག་ན་ཕུང་བྱེད་ངལ་ཡམས་འབེབས། །བཅུ་གསུམ་སྟེང་གི་སྐྱེར་བྱ་ན། །དམེ་ཁྲོད་བུ་ཡིས་ཕ་མཚེར་བསུང་། །བརྒྱག་ན་ཕ་ཤུལ་བུ་ཡིས་ཟིན། །དེ་ཡི་མཁར་རྩེ་བརྒྱག་པ་ན། །སྐྱེར་གྱི་བྱ་མ་དུང་ཁྲའམ། །སྐྱེར་བྱ་དཀར་མོ་ཞེས་སུ་བྱ། །དགྲ་གཞི་ཀུན་ལ་བཟང་བ་ཡིན། །དེ་འོག་སྐྱེར་བྱ་གྲོ་མོའམ། །སྐྱེར་འུན་བྱ་མ་སེ་སྟོད་ཡིན། །དགྲ་གཞི་ཀུན་ལ་འབྲིང་ཙམ་ཡིན། །སྒོ་བརྒྱག་བདུད་ཀྱི་ཚེར་ཕུང་ཡིན། །སྐྱེར་འུན་དུན་ཙེ་སེ་སྟོད་ཟེར། །དགྲ་གཞི་དཀོར་གསུམ་ཀུན་ལ་ངན། །སྐྱེར་བྱ་བུ་ལ་བརྒྱག་གཅིག་ན། །རྡེལ་རྒོད་ཧ་ལ་དུན་ཙེ་ཟེར། །སྐྱེར་ལ་བརྒྱག་གཉིས་བྱུང་བ་ན། །རྡེལ་རྒོད་སྟག་ཤོམས་འཕར་མ་ཟེར། །དེ་གཉིས་ཞེ་སྡང་མེ་ལྕེའི་འཚུབ་མ་བརྒྱག །མཐུ་ཆེན་ཝེར་མའི་ལྕམ་མོ་ཡིན། །རང་སའི་བཙན་སར་བབས་ན་བཟང་། །ཕྱི་ས་གཡུལ་བཞིར་འབབ་མི་རུང་། །བརྒྱག་གཞན་དེ་ལས་འཕྲོས་ཏེ་དཔྱོད། །


MR16_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་དཀར་མོ་རྟ་བག་ལ་སོང་། །བག་སྐྱེར་ཐང་ལེ་ཞེས་བྱ་སྟེ། །ལྐུག་པ་ཞ་བོ་རྐང་མེད་བླ། །ས་གཞི་ཟད་པའི་མཐར་ཐུག་ཡིན། །ཐང་ལེ་མ་ཡིན་གྱོད་ལེ་ཡིན། །སྟོད་གསུམ་རྩེ་འཛིན་དག་ལ་ངན། །བ་ཁོག་གསུམ་དུ་ངོ་སོ་དམའ། །ཅི་ལ་བཏབ་ཀྱང་ངན་པ་ལ། །ནད་པའི་མོ་ལ་བཟང་བ་ཡིན། །ཐང་ལེ་མ་ལ་བརྒྱག་གཅིག་ན། །ས་ཟད་ཐང་ལེ་སྣ་དམར་ཡིན། །བ་བརྒྱག་གནག་སྟོང་ཤི་ངོ་ཡིན། །བཙུན་མ་སྣལ་གྲིར་འཆི་བ་ཡིན། །ཐང་ལེ་མ་ལ་བརྒྱག་གཉིས་ན། །ཐང་ལེ་ཁ་དམར་སྣ་དམར་ཡིན། །འབྲི་བརྒྱ་ཧོན་གྱིས་གསོད་ངོ་ཡིན། །ཐང་ལེ་མ་ལ་བརྒྱག་གསུམ་ན། །སེ་སྟོད་ནག་པོ་ཁྲམ་ཐོགས་ཟེར། །མི་གསུམ་དུས་གཅིག་ཤི་བའི་སློ། །རྟ་གསུམ་དུས་གཅིག་བསད་པའི་གོད། །རང་སར་བབས་ན་གྲི་ངོ་ཡིན། །ཐང་ལེ་བུ་ལ་བརྒྱག་གཅིག་བཅས། །ཐང་ལེ་འོད་དཀར་བྱ་བ་ཡིན། །འབྲི་བརྒྱ་ཧོན་ལས་ཐར་བ་ཡིན། །གལ་ཏེ་བུ་ལ་བརྒྱག་གཉིས་བྱུང་། །ཐང་ལེ་འབྲུག་གཤོག་གཡས་གཡོན་ལ། །ཀོང་ཚེ་འཕྲུལ་རྒྱལ་ཕྱག་རྒྱ་བརྒྱག །རང་སའི་བཙན་ས་གར་བབས་ཀྱང་། །མི་ནོར་གཉིས་ཀྱི་འཕེལ་ཆུ་ཡིན། །ཐང་ལེ་མ་བུ་གཉིས་བརྒྱག་ན། །ས་ལེ་བ་བཤའ་འབྲི་བཞོ་བརྒྱག །ནོར་གཅིག་རྙེད་ན་གནག་གཅིག་འཆི། །མདའ་གཅིག་རྙེད་ཀྱང་མདུང་གཅིག་ཆག །མ་བུའི་བརྒྱག་ཁ་འདོམ་ཚུལ་ཀྱང་། །དེ་བཞིན་ཅི་རིགས་ཤེས་པར་བྱ། །ཐང་ལེ་ཐམས་ཅད་བརྒྱག་པ་ན། །ཐང་ལེ་ས་མདའ་གནམ་མདའ་བྲག །འཁྲུགས་པ་ལན་དགུ་སྤྲད་ནས་འདུམ། །དམག་ཡར་ལ་ཁྱེར་བའི་མོ་ལ་བཟང་། །ལར་གཅིག་གི་སྟེང་དུ་ཐང་ལེ་ན། །ཤིང་ཐང་སྐྱ་བོའི་བེར་ཀ་ཡིན། །གཉིས་མི་བརྒྱ་གངས་ཀྱི་ལམ་ལོག་ཡིན། །གསུམ་ཡེ་བཟའི་བ་ཁོག་སྟོང་པ་


MR16_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བཞི་ཕྱ་ལྕམ་རྒྱལ་མོའི་ནུ་ཞོ་རུལ། །ལྔ་གསེར་ཐག་བཟང་པོས་ཕོ་ཡིད་བཅད། །དྲུག་སྨན་མཚར་འཆི་ཞིང་སྨན་ཤ་བཤས། །བདུན་བུ་མོ་སྐྱེ་པ་ཆུ་ལ་ཤོར། །བརྒྱད་མཐུ་ཆེན་ཝེར་མ་ཚང་དུ་ཉལ། །དགུ་འབྲོང་རྒོད་རྫ་ལ་ངད་རོད་བྱེད། །བཅུ་མོ་སྨན་སྐྱེས་པའི་ཕྱིར་དུ་འཆི། །བཅུ་གཅིག་མགར་བ་ཐོད་དམར་དེས། །དགྲ་བླའི་བྱ་གདང་རྩེ་ནས་བསྙིལ། །བཅུ་གཉིས་སྨོན་ལྕམ་འཕྲུལ་མོ་དེས། །རྒྱ་མཚོ་ཁ་ལྷུད་བློ་རིག་དྲན། །བཅུ་གསུམ་ནལ་ཤིང་དབྱི་མོང་གིས། །དཔག་བསམ་ཤིང་གི་རྩེ་མོ་བཅིངས། །རྗེ་ལ་འབངས་ཀྱི་བློ་ཁ་འཕྲོག །དགྲ་བཞི་དུར་གསུམ་ཀུན་ལ་ངན། །ཁྱི་སྡོམ་འཁྱམས་པོས་གོད་མགོ་རྙེད། །གྲོགས་ལ་དེ་བས་ཆུང་བ་མེད། །གྱོང་ལ་དེ་བས་ཆེ་བ་མེད། །ཤ་རིང་ལྟ་བུ་སྤོ་ལ་བཏགས། །སྐྱེར་གསུམ་ཨ་མོ་གྷ་གྷ་ཡིན། །སྐྱེར་རིགས་རྣམས་ཀྱི་གཞི་མ་ཡིན། །ས་གཡོ་སྟོབས་ཆེན་འབྱུང་བའི་བླ། །ངམ་གྱི་གླང་པོ་སྟོབས་ལྡན་ཡིན། །ས་འོག་འདྲེ་མོ་ནག་མོའི་བླ། །ངམ་གྱི་རྒན་མོ་གླང་འཛག་ཡིན། །ངམ་གྱི་རྒན་མོ་དུན་ཏིང་དེས། །གླང་བུ་སྣ་དམར་རྟ་རུ་ཞོན། །ཤིང་སྐྱ་འུ་ལུ་ལག་ན་བཟུང་། །ར་སྐྱེས་དོ་ཁལ་ཁལ་དུ་བཀལ། །ཡེ་ཡི་ཡུལ་དུ་བསམ་ངན་འཆང་། །སྨོན་པའི་ཡུལ་དུ་ཡར་ལ་སོད། །ངམ་ཟ་དེ་ཡི་ཞལ་ན་རེ། །ཨ་ཞང་སྨོན་སྲས་ཚུར་གསོན་དང་། །མོ་མཚན་ཡར་བྱུག་མར་བྱུག་བྱས། །མ་ཀི་ཡེ་ངམ་ས་མཚམས་ན། །ཆེ་བའི་ལྟད་མོ་རྣམ་ལྔ་མཐོང་། །འདི་ནས་ཆ་གཅིག་མར་སོང་དང་། །ཞ་བོ་གཉིས་ཀྱིས་བང་ཁ་འགྱེད། །དེ་ནས་མར་ལ་སོང་བ་ན། །ལྐུག་པ་གཉིས་ཀྱིས་ཤག་ཁ་འགྱེད། །དེ་ནས་མར་ལ་སོང་བ་ན། །ལོང་བ་གཉིས་ཀྱིས་མིག་མང་འཇོག །དེ་ནས་ཆ་གཅིག་མར་སོང་དུས། །མདའ་སྟོང་ཙམ་གྱི་ཉག་ག་ལ། །རྟ་རྔ་ཙམ་གྱི་ལམ་ཞིག་ཏུ། །སྲིད་སྡེ་བརྒྱ་འགྲོ་སྟོང་འགྲོ་རེད། །དེ་ནས་རིམ་


MR16_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ས་ཞབས་སུ། །བུད་མེད་ནག་མོ་ཕུང་པ་ཙམ། །ནལ་དང་མཁོན་གཉིས་དུས་གཅིག་བྱེད། །དེ་རྣམས་ལྟད་མོ་ལྟ་རུ་མཆི། །དེ་སྐད་ཞང་ལ་ཞུས་པ་དང་། །སྨོན་མི་དབུ་ནག་སྐུངས་ཡར་བུད། །གནམ་ས་གཉིས་ཀྱི་མཐའ་ཡར་ཕྱེས། །མུན་ཁང་ནང་དུ་བཙོག་ནལ་བྱས། །མཐར་ཟངས་ལྕགས་གཉིས་ཀྱི་གའུར་བཅུག །གདུག་པ་ངམ་གྱི་ཡུལ་དུ་ཁྱེར། །དུས་དང་བསྐལ་པ་དེ་ཙམ་ན། །ཞང་མཚན་བཙོག་ནལ་བྱས་པ་ལ། །ནལ་ཕྲུག་དབུ་གཡོག་སྤུན་གསུམ་བྱུང་། །ལན་དུ་ཤིང་ཤག་བྱ་རལ་ཡིན། །སྐྱེར་གསུམ་བྱུར་གྱི་ཤ་ཆང་ཟེར། །ཤ་ཁུར་དང་ནི་མདུན་གོས་ངོ་། །སྐྱེར་གསུམ་སྤོ་ལ་བརྒྱག་སོང་ན། །འཇང་གི་བ་དམར་སློ་མགྱོགས་ཡིན། །རྟ་ཤི་སྒ་ཆག་ཤིན་ཏུ་ངན། །དབུས་མའི་བུ་ལ་བརྒྱག་སོང་ན། །ཁྲོ་ཆུ་ངར་མའི་མཁར་ཞིག་ཡིན། །སུམ་སྐྱེར་འོག་མར་བརྒྱག་སོང་ན། །ཝེར་མ་ཁྲི་གཤོགས་འོད་དཀར་ཡིན། །སྐྱེར་གསུམ་བརྒྱག་གསུམ་སོང་བ་ན། །གྱི་ལིང་འཕར་མ་བྱ་བ་ཡིན། །མ་བསྡུས་འབྱུང་བའི་རེ་འབྱམས་ཡིན། །ཝེར་མ་ཁྲོ་ཆུ་ཞ་ཉེ་གསུམ། །གསུམ་ཀ་ཚང་ལུགས་དེ་ལྟར་ཡིན། །ལར་གཅིག་གི་སྟེང་དུ་སྐྱེར་གསུམ་ན། །དུར་སྲི་སྤུན་གསུམ་ཚང་ནས་ལང་། །ལྷ་མི་གཙང་མནོལ་བས་ཁྲུས་སེལ་བྱ། །གཉིས་ཡུལ་ས་ཁ་གསུམ་གྱེས་སམ་འགྱེས། །གཤེན་གྱི་ཟམ་དུ་སུམ་མཐུད་ཡིན། །དུར་ཁ་རྒྱས་འདེབས་དཀོན་མཆོག་མཆོད། །གསུམ་རྒན་གྲོས་གཞོན་བས་མི་ཉན་ངོ་། །ངམ་ལྕམ་རྒྱལ་བུའི་སྲིད་ལ་བརྐུ། །རྒྱལ་མདོས་ལ་སོགས་མདོས་བཏང་བྱ། །གཞི་གཡང་ཉམས་ནོར་གོད་མི་བདེ་འོང་། །གཡང་འགུགས་བརྒྱ་བཞི་གཙུག་ཏོར་འདོན། །ལྔ་ཨག་སེ་


MR16_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་རྒོན་ས་མཐའ་སྲུངས། །དགྲ་བསམ་ངན་ཡོད་ཀྱང་ལྡང་མི་ནུས། །དྲུག་ཁྱིམ་སྟོང་གོད་ཁ་མི་བདེ་འོང་། །ཕུང་སྲི་རྔ་མོང་དཔུང་མདོས་བཀལ། །སྟོབས་པོ་ཆེ་འདོན་བཟློག་པ་བྱ། །བདུན་བློ་ཉེས་མགོ་བསྐོར་འོང་བའི་མོ། །བྱང་ཤར་སྲིན་གྱི་རྟ་ནག་ལ། །རབས་ཆད་ཀྱི་གཤེན་རྫོང་བཀལ་བའི་ངོ་། །རྣམ་རྒྱལ་སྟོང་མཆོད་མི་ཁ་བསྒྱུར། །བརྒྱད་ལྷ་ས་གདོན་གྱིས་འཕྲོག་པ་ཡིན། །བླ་ལ་ཁྲམ་ཤིང་ཟུག་པ་ཡིན། །ལྷ་མཆོད་བྱས་ལ་འདྲེ་གདོན་བཀལ། །དགུ་སྔགས་བོན་གཏོ་ཁ་སྲིན་གྱིས་བརྐུས། །ཁྱི་ཡིས་བོན་པོའི་ལྷ་ཆ་བཅག །བཟློག་པ་རིམ་གྲོ་ཅི་མང་བྱ། །བཅུ་རིམ་གྲོ་དམིགས་སུ་མི་ཁེལ་བས། །དབུ་དུམ་འདོན་ཅིང་ཡུལ་ལྷ་མཆོད། །བ་འགར་གླང་གསུམ་གྱི་མ་ལྷ་འཕུང་། །བཅུ་གཅིག་ལྷ་དུ་མཁོན་འཐབ་མོ། །ཕུང་སྲི་རྔ་མོ་འཁུན་སྐད་ཀྱིས། །གཡུ་འབྲུག་སྔོན་མོའི་སྒྲ་སྐད་བཅོམ། །ཐབ་སེལ་གཞོབ་སེལ་བསང་ཁྲུས་བྱ། །བཅུ་གཉིས་ཕུང་གི་མཛོ་མོ་སྟག་ཡུ་དེས། །དགྲ་ལམ་མཐའ་བཞི་བཅད་པ་ཡིན། །བཅུ་གསུམ་རང་བློ་གུད་ཅིང་དགྲ་བློ་དར། །ཐམས་ཅད་མི་འཆམ་གྱོད་དུ་འོང་། །ནལ་འདྲེ་མི་ཟན་སྤུན་གསུམ་དེས། །མི་གྲངས་མཁར་བུ་བཅོམ་པ་ཡིན། །ལར་སྐྱེར་གསུམ་འགྱོད་པ་མྱ་ངན་ངོ་། །རྐུན་ཇག་ལ་རང་སར་བབས་ན་བཟང་། །ཕྱི་སར་བཅོན་དུ་འཆོར་ངོ་ཡིན། །གྲོགས་ཕྱ་ལ་ཕྱིར་ཤོར་དོན་ཕྱར་འགྱོང་། །སྤྱིར་རང་ས་ཕྱི་ས་གར་བབས་ཀྱང་། །ཁ་འགྱོད་སེམས་ལས་ཆེན་པོའི་ངོ་། །ནད་པའི་མོ་ལ་ནད་གཞི་ཆེ། །བསྟུད་ན་ཞག་གསུམ་ཆེ་ཚད་ཡིན། །ལན་ངན་ན་ཉིན་ཞག་དེ་ལ་འཆི། །ཉིན་གཅིག་ཐག་ཆོད་ཞལ་ལྕེ་ལ། །ཉན་དུ་འགྲོ་ན་གཏམ་ཐོས་བཟང་། །དེ་མིན་སྤྱི་ལ་ངན་པ་ཡིན། །སྐྱེར་གཉིས་སྤོ་ལ་བཏགས་པ་ན། །སྐྱེར་ནག་ཕུང་མ་རེ་ལོག་ཟེར། །སྐྱམ་རྒན་གཞུང་འཛིངས་ཞེས་ཀྱང་བྱ། །ས་གཡོས་


MR16_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་སྣ་རིང་ཡིན། །བ་ཤི་གླང་ཤི་འོང་བའི་བྲག །བཙོག་ནལ་འབྱུང་ངོ་འཁྲུལ་མེད་ཡིན། །དགྲ་གཞི་ཀུན་ལ་ངན་པ་ཡིན། །ཁྱད་པར་བུ་གཉིས་ཀྱང་འབྲེལ་ན། །ཕ་བུ་གྲི་རོ་མགོ་བློས་ཡིན། །ཅི་བཏབ་ཀུན་ལ་ཁྱད་པར་ངན། །དེ་ཡི་བུ་གཅིག་བརྒྱག་པ་ན། །ཝེར་མ་ཕྲུམ་བུ་རུ་རིང་ཡིན། །ཡང་དག་དམག་གི་ཝེར་མ་ཡིན། །འདི་ཡི་བུ་གཉིས་བརྒྱག་པ་ན། །སྐྱམ་རྒན་བ་མེན་ཁྲི་ཤེལ་བརྒྱག །སྐྱམ་རྒན་ཉི་ཟླ་གསལ་བ་ཡིན། །འཇང་མོ་ཤ་རུ་མཁར་ཞིག་ནས། །འཇང་མོ་བསད་པའི་སྨུག་ཁྱུ་ཐོབ། །འདི་ཡང་དམག་གི་ཝེར་མ་ཡིན། །དམག་ལ་འགྲོ་ན་རང་སར་བཟང་། །འདི་དང་སྐྱེར་གསུམ་ངག་གི་ཡང་། །བུ་གཉིས་སད་དུ་འགྱུར་ཚུལ་ལ། །བཤད་པ་སྣང་ཡང་རེ་ཞིག་བཞག །གཅིག་གི་སྟེང་གི་སྐྱམ་རྒན་ན། །རབས་ཆད་རྒན་རྒོན་ཁང་སྟོང་སྲུང་། །གཉིས་བྱི་བོ་བྱི་མོ་ཁང་སྟོང་འདུས། །གསུམ་ཐེ་མོས་ཕྱ་ལྕམ་སྲིད་ལ་བརྐུ། །བཞི་ཆེན་ཆུན་བྱི་བོ་ཐུན་མོང་ཡོད། །ལྔ་སྲིན་ཕོ་མོ་བྱེ་མའི་གྲུ་གུར་རྩོད། །དྲུག་ཕོ་མོ་གཉིས་ངུར་མིག་གཅིག་ལ་ཞུགས། །བདུན་འབྲོག་ཡུལ་གཉིས་བཙོག་ནལ་སོ་སོར་སྤྱད། །བརྒྱད་ཕན་བོན་གཉིས་མནའ་ཆད་མཁོན་གསུམ་སྡིག །དགུ་དོམ་དྲེད་གཉིས་འཕྲང་གཅིག་གདོང་ཐུག་ཕོག །བཅུ་རྒན་རྒོན་གྱིས་ཨ་མོ་ཐང་དེ་སྲུང་། །བཅུ་གཅིག་མིང་སྲིང་བཙོག་ནལ་ལུང་བ་གང་། །བཅུ་གཉིས་དམེ་ཕོ་མོ་ཐང་སྟོང་ལག་སྦྲེལ་འཁྱམས། །བཅུ་གསུམ་བུ་དང་མན་འམ་དུས་གཅིག་ཤི། གལ་ཏེ་སྐྱེར་ལེབ་སོས་བཀུག་ན། །སོ་བྲག་སྐྱེར་ཞེས་བྱ་བ་སྟེ། །ཅི་བཏབ་གང་ལ་ངན་ན་ཡང་། །དམག་ཆེན་ཕར་ལ་ཆ་ན་བཟང་། །གཅིག་གཡུལ་ཆེན་འགྱོད་པའི་བེར་ཀ་ཡིན། །གཉིས་མིག་རྒྱང་གང་གི་ལམ་ལོག་ཡིན། །གསུམ་ཡེབ་


MR16_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་བ་ཁོག་སྟོང་། །བཞི་ལ་ཕྱ་ལྕམ་ནུ་ཞོ་རུལ། །ལྔ་ལ་ལྷོ་ཕྱོགས་དུར་སྒོ་འདན། །དྲུག་ལ་སྨན་ཤ་ཡུ་མོ་ཤི ། བདུན་ལ་ཝ་མོ་ཆབ་ལ་སྡུག །བརྒྱད་མཐུ་ཆེན་ཝེར་མ་ཚང་དུ་ཉལ། །དགུ་འབྲོང་རྒོད་རྫ་ལ་རྔམ་པ་ཡིན། །བཅུ་ཕྱ་ལྕམ་མཐུ་བ་ཆད་པ་ཡིན། །བཅུ་གཅིག་དགྲ་བླའི་བྱ་སྡང་ཞིག །བཅུ་གཉིས་དགྲ་མགོ་མུན་པས་ཁེབ། །བཅུ་གསུམ་དཔག་བསམ་རྩེ་མོ་མུན་པས་གཡོགས། །དེ་ཡི་བརྒྱག་ལ་སོགས་པ་ནི། །ཕལ་ཆེར་ཐང་ལེའི་སྐབས་ལྟར་དཔྱད། །གལ་ཏེ་སྐྱེར་ནང་སོས་བཀུག་ན། །སྐྱེར་གྱི་འཐོམ་པ་མགོ་འཁོར་ཟེར། །མ་བརྒྱག་འཐམ་ནག་མགོ་བོ་ཡང་འཁོར་ཡིན། །བུ་བརྒྱག་ཁ་ཚ་ཀླད་དམར་ཡིན། །ཕར་ཆེར་སོ་བྲག་སྐྱེར་ལྟར་དཔྱད། །སྐྱེར་མགོ་འཁོར་ནང་གི་ཡང་འཁོར་དེ། །སྐྱེར་ནག་འཐོམ་པ་འདི་ཡིན་པས། །གྲིབ་མནོལ་རྨུག་འཐིབ་མུན་པ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །དུན་དུན་ནད་པ་སོགས་ལ་བཟང་། །སྐྱེར་གཉིས་ཕྲུ་གུ་གཅིག་གིས་འབྲེལ། །མོ་རྟ་བག་ལ་སོང་བ་ན། །སྐྱེར་གྱི་བྲག་དམར་མགྲོན་བུ་བྲག །ཕོ་བློ་ཉེས་བློ་ལ་ཡག་དུས་མེད། །མོ་ཕུག་མེད་སྲིས་ལ་ཐུབ་དུས་མེད། །བྲག་དམར་ར་གཅིག་བརྒྱག་པ་ན། །གཉའ་རིང་ཁྲག་མཁར་བཙན་པོ་ཟེར། །བདུད་ཀྱི་དམག་གིས་མི་ཐུབ་བོ། །ར་གཉིས་བརྒྱག་པར་གྱུར་པ་ན། །ཝེར་མ་བཞུགས་ས་ཁྲོ་ཆུའི་མཁར། །དམ་དང་སྲིན་གྱི་ཐུབ་མི་སྲིད། །ཙེ་རའི་ཕྲུ་གུ་མེད་ཕྱོགས་ཀྱི། །སྐྱེར་ལ་སོ་ཡིས་བཀུག་པ་ན། །སྐྱེར་དཀར་ཀོང་ཙེ་དུན་དུན་ཡིན། །ཡར་ལ་སོ་ཡིས་བཀུག་པ་དེ། །དགུང་སྔོན་སྟེང་ན་ཡོད་པའི་རྟགས། །མར་ལ་བྱ་བུར་བཏགས་པ་དེ། །དོག་མོ་ཞབས་ལ་བཏིང་བའི་རྟགས། །འདི་སྲིད་པ་ཡེ་སྨོན་རྒྱལ་


MR16_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །གནམ་ས་གཉིས་ཀྱི་ཀ་བ་ཡིན། །བཅུ་གསུམ་སྟེང་དེར་བབས་པ་ན། །ཡེ་ཡི་དམག་དཔོན་བྱ་བ་ཡིན། །ཕྱི་སར་སོ་ཡོན་སོ་བྲག་ན། །ངམ་གྱི་གྲོང་ཁྱེར་བརླག་པ་ཡིན། །འདི་སྐྱེར་གྱི་ནང་ནས་སྐྱེར་ཞིག་ཡིན། །དེ་ཡི་བུ་སྐྱེར་གཅིག་བརྒྱག་ན། །སྐྱེར་དཀར་འབྲུག་མགོ་སྟག་སྙིང་བརྒྱག །དམག་ཆེན་འདེགས་པའི་མོ་ལ་བཟང་། །དམག་དཔོན་བསམ་པ་འགྲུབ་པ་ཡིན། །ར་གཉིས་བརྒྱག་པར་གྱུར་པ་ན། །ལྷ་ཁང་བཤམས་ལེགས་ཚར་བ་འདྲ། །ལན་གཅིག་བབས་པའི་དུས་བྱུང་ན། །ལྷ་ཁང་ཁྱུང་མགོ་ཚར་པ་ཡིན། །བུ་སྟག་བུད་ཅན་ལ་བཅུ་གསུམ་སྐྱེ། །འབུམ་ཚོ་གསུམ་གྱི་དམག་ཡག་ནས། །བྱེ་བ་ཙམ་གྱི་གནང་ཐོབ་ནུས། །སྐྱེར་གྱི་ར་བཞི་བརྒྱག་པ་ན། །ཀོང་ཚེ་རི་བོ་མཆོག་རབ་ན། །ཟུར་ལ་འགྲོ་བ་རིགས་དྲུག་བརྒྱག །སྟེང་སུམ་ཅུ་ལྷ་གནས་ཐམས་ཅད་དེ། །མོ་མདུད་པ་འདི་ལ་ཚང་བ་ཡིན། །ལར་སོ་ལ་བཟང་པོ་མ་མཆིས་ཀྱང་། །འདི་ལ་བཟང་པོའི་བཤད་པ་མང་། །གཞན་ཡང་སྐྱེར་གྱི་རིགས་ཡིན་པ། །སང་དང་བྲག་གི་དབྱེ་བ་ནི། །ཤིན་ཏུ་མང་བར་མཆིས་མོད་ཀྱི། །སོ་སོའི་སྡེ་ཚན་ནང་དུ་འཆད། །སྐྱེར་དང་སྐྱེར་སྨད་ཐང་ལེ་དང་། །སོ་སྐྱེར་སུམ་སྐྱེར་སྐྱམ་རྒན་སྐྱེར། །བྲག་དམར་མགྲོན་བུ་ཀོང་ཙེ་དུན། །སྐྱེར་གྱི་ལྷང་ལྷང་མཆེད་བརྒྱད་ཟེར། །དེ་བཅུ་པ་མན་ཆད་གར་བབས་ཀྱང་། །བཅུ་གཅིག་ཏྲོང་དམར་དག་དང་ནི། །དིང་དིང་སྒོ་བརྒྱག་བབས་པ་ན། །ལོ་མ་རྒྱས་ནས་རྩ་བ་བུད། །རྗེ་སྟོར་བྲན་གཡོག་འཐོར་བ་ཡིན། །མཐུ་བྱད་གཏོང་ན་བཟང་བ་ཡིན། །འབྲི་བརྒྱ་གོད་ཀྱིས་བསད་པ་ཡིན། །བཅུ་གཅིག་ཙེ་ར་མགོ་བཤུག་ན། །སྐྱེར་དཀར་ལྷ་ལུང་གནས་དང་འཕྲད། །རྩ་བ་སྦོམ་ལ་རྩེ་མོ་རིང་། །ཡལ་ག་མང་ལ་འབྲས་བུ་སྨིན། །མ་གཅིག་བུ་བརྒྱད་མཉམ་དུ་དཔའ། །ནད་པ་མིན་པ་ཅི་ལ་བཟང་། །དེ་སྐྱེར་གྱི་ལན་དུ་དིང་དིང་ན། །སྨན་པའི་


MR16_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་སེལ་ཡག་པ་ཡིན། །ཉ་མོ་རྐྱལ་འདོད་མཚོ་དང་འཕྲད། །སྐྱིན་དིང་སྨོན་པ་དམེ་ལ་ཐང་གསུམ་མནོལ། །གལ་བར་སྨོན་པ་མཁར་དང་འཕྲད། །བྱ་ཡུན་དམེ་ཡི་འགགས་ལས་ཐར། །བྱ་བུར་ལྷ་ལྕམ་ཁྲུས་ཀྱིས་དག །མུ་ས་མཚོ་ལས་ནོར་སྣ་ཐོན། །ཝ་ཚོ་བྲག་ལ་ལྗོན་ཤིང་སྐྱེས། །སྤོ་ཚེ་སྨོན་པའི་མུ་ཏིག་དོ་ཤལ་ཡིན། །དམུ་དག་སྨོན་པའི་མགོ་ཡི་མདུན་ཕུད་ཡིན། །སྐྱེ་དཀར་འབྲི་མོ་གདང་ལ་བསྒྲིག །ཐང་ལེ་འབྲི་བརྒྱ་འཕེལ་གཡང་ཆད། །ཚོལ་ཚེ་མི་སྲོག་བདུད་ཀྱིས་བཅད། །བག་ཚོ་དམེ་འདྲེ་དགྲ་བླར་རེད། །ཁྱུང་བརྒྱང་རི་རྒྱལ་རྩེ་མོ་རུ། །བྱ་རྒྱལ་ཁྱུང་གི་བསམ་པ་འགྲུབ། །ཨ་ཁད་སྨོན་སྲས་ཁ་ལྕེ་བདེ། །རང་སྙན་སྨོན་པས་ཕ་ཡུལ་བསྙགས། །སྲང་ཟེ་བརྒྱ་ཁ་ཐལ་མོས་ཁེབ། །བྱོད་ཕུར་བྱེའུ་ཆུང་ཚང་ནས་འཕུར། །དཀར་ཐོག་སྤུན་གསུམ་སྨོན་པའི་མི་གཡང་གྲོལ། །ལྡི་བུར་བ་མཁལ་ཐང་ལ་ལྷུང་། །ཡར་ལྡིང་ཡེ་སྨོན་དུང་འཕྲུ་བཙུགས། །སུམ་མཉམ་དམེ་ཡི་མི་གྲངས་མནོལ། །ཙེ་ར་སྨོན་པའི་རལ་གྲི་ཡ་ཚ་ཡིན། །གཡུང་དྲུང་སྲིད་པའི་འཕེལ་ཤིང་རྒྱས། །ཀྱེ་བ་སྨོན་པའི་མི་གྲངས་གྲོལ། །ད་རོག་ལྷ་གཡང་མི་ལ་བབས། །དམུ་དབལ་གཏོ་ཡིས་དམེ་འདྲེ་ཐུལ། །སྐྱམ་བབས་སྐྱེར་སྲོག་སྐྱམ་གྱིས་བཅད། །བྱ་རལ་མི་རྒན་བྱེས་སུ་ཤི ། སྐྱས་སྣ་ལོག་པའི་ངོ་ཡང་ཡིན། །ལི་ཡན་ཉ་མོ་སྐམ་ལ་ཡར། །མར་ལྡིང་ཡེ་སྨོན་མདུན་གྱིས་ཕོག །སྤོ་བར་རྒན་མོ་རེ་ཕྱར་གྱོན། །སོ་ཡོན་སྨོན་ཡུལ་མུན་པས་ཁེབ། །རུ་སོད་མ་བཙུན་བདུད་ཀྱིས་འཕྲོག །མ་ཟེ་སྨོན་སར་བཙན་ཇག་རྒྱུག །ན་འབན་སྤང་རི་ཐོག་གིས་གཏོར། །ཏྲོང་རིགས་རི་སྣ་ཤ་འུད་བཅད། །སངས་རིགས་གོར་མོ་རྟ་ལྟར་རྒྱུག །བྲག་རིགས་ཡེ་སྨོན་བདུད་ཀྱིས་བསླུས། །བརྒྱག་ཁ་བཟང་སྡེ་གང་བྱུང་ཡང་། །ཡེ་སྨོན་སྐྱིད་ཀྱི་རང་ཡུལ་ཟིན། །སྐྱམ་


MR16_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲུ་གུ་ས་ལ་ལྷུང་། །ཚོལ་ཚེ་ཞེས་སུ་བྱ་བ་སྟེ། །ལྕམ་ཁམས་ནང་གི་དངས་མ་ཡིན། །གཡང་དཀར་ལུག་གི་བླ་མདུད་ཡིན། །སྣུམ་མིག་ཟས་སྐམ་ཡིད་འོང་ཡིན། །གསེར་དངུལ་དོན་འགྲུབ་གྲོགས་ཀྱི་བླ། །མྱེས་པོ་རྨུ་གཉན་འོད་དཀར་ཡིན། །ཕ་ནི་ལྷ་བུ་འཕྲུལ་ལྡན་ཡིན། །ཕྱི་མོ་གསེར་མཚོ་སེར་པོ་ཡིན། །མ་ནི་བ་བཙུན་འཕྲུལ་མོ་ཡིན། །ཁོ་རང་སྒོ་གཉན་མཐུ་ཆེན་ཡིན། །སྲིད་པ་སྒ་ཡི་ཕོ་ལྷ་ཡིན། །སྒ་ལྡང་ལྷ་རྒྱུད་བཀྲོལ་མི་ཡིན། །བར་དུ་མི་རྒྱུད་བགྲོལ་མི་ཡིན། །ཐུག་ཕྲོམ་ཆུ་གྲི་འདུལ་མི་ཡིན། །བ་བཙུན་ནལ་གྲི་འདུལ་མི་ཡིན། །ཚོལ་ཚེ་རྣོ་ངར་ལྡན་པའི་ལྕགས། །ཡང་ནི་འབྲི་མར་སེར་པོ་ཡིན། །སེར་མོའི་ཐིག་པ་གང་ཡང་སྐུད། །ཚོལ་ཚེ་མོ་ཡི་སྙིང་པོ་ཡིན། །བྱང་ཁོག་སྟོད་དུ་བབ་ན་གཅེས། །སྟོད་དུ་སེང་ལ་གཡུ་རལ་རྒྱས། །སྨད་དུ་བྱི་བ་རྩི་ཐོག་རྒྱས། །བར་དུ་སྟག་ལ་ཐང་ཤལ་རྒྱས། །ལྷ་སར་ལྷ་སྙིང་འདྲེ་ལ་མ་བསྟན་བཟང་། །མི་སར་མི་སྙིང་འདྲེ་ལ་མ་ཤོར་བཟང་། །ཁྱིམ་སར་བ་ཁོག་འོ་མས་གང་། །ཕྱི་སར་མི་སྙིང་དགྲ་ལ་ཤོར། །བུད་མེད་བློ་ཁ་འདྲེས་དཀྲུགས་ངན། །འདི་གཅིག་གི་སྟེང་དུ་བབ་པ་ན། །བདུད་རྩི་ཀ་ར་བུ་རམ་ཡིན། །གླང་དཀར་རྨིག་པ་ལྕགས་ལས་སྲ། །བརྒྱག་ན་རོ་བཅུད་ལྡན་པ་ཡིན། །ལྷག་པར་འབྲས་བུ་འདེབས་ན་བཟང་། །གཉིས་རྒྱ་བོད་མཚམས་གྱི་དར་ཟབ་ཡིན། །རྒྱ་བོད་ལག་པ་འཕྲོད་པ་ཡིན། །ལྷག་པར་བྲན་གཡོག་འཇོག་ན་བཟང་། །བྲན་སྙིང་མར་ལས་འཇམ་པ་ཡིན། །གསུམ་སྤང་དཀར་མཐོང་ན་དུང་ལུག་རྩེ། །དངུལ་དཀར་མེ་ལོང་མཐིལ་ལེགས་ཡིན། །བརྒྱག་ན་དུང་གི་ལུག་གུ་དར། །བཞི་རྩི་བཅུད་མར་དཀར་གདར་རུ་ཡིན། །བརྒྱག་བཟང་རིན་ཆེན་ཟོ་བ་གཡང་གིས་གང་། །ལྔ་གཏེར་ཁ་ཕྱི་རུ་ལུད་པས་ངན། །བརྒྱག་ན་གཡང་ཟོའི་མར་ཁུ་བོ། །དྲུག་


MR16_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་དཀར་ལོ་ཐོག་ལེགས་པ་ཡིན། །ཁྱིམ་སར་བུ་གཅིག་སྐྱེ་ངོ་ཡིན། །བརྒྱག་ན་འབྲས་ཟོམ་བདུད་རྩིས་གང་། །བདུན་སྐྱེས་བུ་གཞུ་མཆོག་ཁ་ནས་རྩེ། །ཁོང་སྙིང་ཝ་མོ་བས་ཀྱང་གྲུང་། །བརྒྱག་ན་སྙིང་ཆུ་འཕེལ་བ་ཡིན། །རྟ་རྒྱུག་ན་རྟ་རྨིག་ལྕགས་ལས་སྲ། །བརྒྱད་སྲིད་པ་སྙིང་གི་ལུམ་ལུམ་ཡིན། །ཉིན་བདེ་མཚན་སྐྱིད་བློ་མི་ཉེས། །བརྒྱག་ན་བྱང་ཁོག་མར་ཁུས་གང་། །སྐྱེས་བུའི་དཔའ་སྐད་ཐོན་ངོ་ཡིན། །དགུ་གཡང་རར་མུག་གི་སྲིན་མོ་འཇབ། །བརྒྱག་ན་བཅུད་ཅན་ནུབ་ཏུ་ཤོར། །བོན་པོ་ཟ་འདོད་ལྕེ་གཡང་རྒྱས། །བཅུ་ཕྱ་ལྕམ་ལྷ་ཁྱིམ་ནོར་གྱིས་གང་། །བརྒྱག་ན་མཚོ་ལ་བདུད་རྩིའི་ཁ་ཞག་ཆགས། །བཅུ་གཅིག་དགྲ་བླའི་ར བ་ལུག་གིས་གང་། །དགྲ་བླ་གསོལ་སྡེར་གཟིགས་ནས་བཞེད། །བརྒྱག་ན་དགྲ་བླ་བཅུད་ཀྱིས་མཉེས། །བཅུ་གཉིས་སྣུམ་ཐིག་ཕྱི་ལ་ཤོར། །བརྒྱག་ན་སྙིང་ནོར་དགྲ་ལ་འཆོར། །བཅུ་གསུམ་མཚུན་སྙིང་དར་བས་འཇམ། །ཡེ་སྨོན་གཡང་འཕེལ་བསམ་པ་འགྲུབ། །བརྒྱག་ན་བཙན་ཕྱུག་འཕེན་གསུམ་འཛོམས། །ཅི་བཏབ་ཅི་ལ་བཟང་བ་ཡིན། །དེ་ཡི་མཁར་མགོར་བརྒྱག་བྱུང་ན། །ཚོལ་ཚེ་ལག་དཀར་མཆོག་ཏུ་བཟང་། །ཡང་ན་གོང་སྔོན་གཤོགས་རིང་ཟེར། །མགར་གྱི་བུ་ཁྱིམ་ཕོག་ཉིན་བཟང་། །མཛེས་པ་དངུལ་དཀར་ཕོག་གུ་དེ། །གང་ལ་བཏབ་ཀྱང་མི་མཛེས་མེད། །མ་ཁོང་བུ་ནི་ཆུད་ངོ་ཡིན། །དེ་འོག་ཚོལ་ཚེ་འདན་དཀར་རམ། །འཛེར་དཀར་ཞེས་བྱ་ལག་དམར་ཟེར། །ལ་ལས་ཚོལ་ཚེ་ལུག་ཟན་ཟེར། །ལུག་ཟན་མགྲོན་ཞིག་སླེབས་ལ་ཁད། །ནང་གྲོག་ཕྱི་ལ་འགྲོ་ངོ་ཡིན། །དེ་མིན་ཅི་བཏབ་བཟང་ཀྱང་ཟེར། །སྒོ་བརྒྱག་མུ་དམར་གྲི་ཐོགས་ཡིན། །ཡང་ན་གཡག་ནག་མཆུ་ཆིངས་ཡིན། །ལ་ལས་གཡག་ཟན་ཞེས་སུ་འབོད། །ཚོལ་ཚེ་ནང་གི་སེ་སྟོད་ཡིན། །བརྒྱ་ཚོ་སྐྲ་ཡི་བརྔ་


MR16_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་ཡིན། །སྟོང་ཆོ་ཤི་བའི་འབྲུབ་ཁུང་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །ཁྱད་པར་ཤིང་ཁམས་ལོ་བའི་བདུད། །ཚོལ་ཚེའི་སྐྱམ་ལ་བརྒྱག་བཅས་ན། །ཚོལ་ཚེ་འདན་དཀར་ལུག་གུ་སྙིང་། །ཁོག་པའི་ནང་གི་སྙིང་དེ་ཡིན། །ཟས་ཞིམ་བདུད་རྩི་རོ་མཆོག་ཡིན། །རེག་འཇམ་གོས་ཀྱི་ན་བཟའ་ཡིན། །སྙིང་ལ་དམར་བའི་ནོར་སྣ་ཡིན། །རང་སར་ཅི་ལ་བཏབ་ཀྱང་བཟང་། །གལ་ཏེ་སྐྱམ་ལ་བརྒྱག་གཉིས་ན། །ཚོལ་ལེ་ཡང་སྙིང་གོང་དཀར་ཞེས། །ཡང་དག་བརྟན་པའི་རྒྱལ་པོ་ཡིན། །མ་བུ་གཉིས་ཀའི་བརྒྱག་བཟང་འདི། །ཚོལ་ཚེ་མ་ཁྲ་བུ་ཁྲ་ཡིན། །གཡང་དཀར་མ་རེས་བུ་རེ་ཁྲིད། །ཉི་ཟླ་སྐར་གསུམ་ཤར་བ་ཡིན། །ཁོག་སྙིང་དཔྲལ་བའི་མིག་བཟང་ཡིན། །ཕྱི་ས་བཞི་ལ་བབ་མི་རུང་། །ཁོག་པས་མ་ཚོར་སྙིང་བུད་ཡིན། །ཚོལ་ཚེ་མ་ལ་བརྒྱག་གཉིས་འདི། །ཚོལ་ཚེ་ཚྭ་ལ་མེ་རུམ་ཡིན། །མི་མང་རྟ་ཕྱུག་སྐྱོང་ངོ་ཡིན། །དེ་བཞིན་མ་བརྒྱག་གཞན་པ་ནི། །གཉིས་བརྒྱག་དང་ནི་གསུམ་བརྒྱག་དང་། །མ་བུའི་བརྒྱག་ཁ་འདོམ་ཚུལ་བཅས། །རྩ་བའི་རིགས་ལས་རྗེས་སུ་དཔག །ཚོལ་ཚེའི་མ་ལ་ཕྲུག་གཅིག་འཇུས། །སྐ་བྲག་ཚོལ་ཚེ་ཞེས་སུ་བྱ། །ཁྲོ་ཆུ་ངར་མའི་ལྕགས་ཁམས་ཡིན། །མ་བརྒྱག་སྐ་བྲག་ཞར་བ་ཡིན། །ཡང་ན་ལི་རྒྱོངས་དཀར་པོ་ཟེར། །ཞ་ཉེའི་ཁམས་ཡིན་ཅི་ལ་ངན། །བུ་བརྒྱག་དུང་ཁྲག་ལུག་གུ་སྙིང་། །ཡང་ན་ཁྲོ་ཆུ་ལྕགས་མདའ་ཟེར། །བརྒྱག་གི་ཁ་དྲག་ཡང་དག་ཡིན། །ཚོལ་ཚེའི་མ་ལ་སོ་ཡིས་བཀུག །སྐྱམ་བྲག་ཚོལ་ཚེ་ཀླུ་ཡི་སྙིང་། །སྐྱམ་བྲག་ཚོལ་ཚེའི་མ་བརྒྱག་ན། །སྐྱམ་བྲག་ཚོལ་ཚེ་ཏྲིའོ་བརྒྱག །འདྲེ་སྙིང་ལྷ་ཡིས་བཅུག་པ་ཡིན། །


MR16_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བརྒྱག་འཆི་མེད་བདུད་རྩི་ཡིན། །བཀྲ་ཤིས་ཁྲབ་དཀར་བརྒྱག་ཀྱང་ཟེར། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །མ་བུ་གཉིས་ཀར་བརྒྱག་སོང་ན། །ཚོལ་ཚེ་འཕར་མ་དར་ཆེན་བརྒྱག །གནམ་ལྕགས་དཔལ་གྱི་ཐོག་རྒོད་འདི། །རང་སའི་བཙན་ས་གར་བབ་བཟང་། །བདེ་སྐྱིད་འཕེལ་ཁ་ཆུས་ཐོབ་ཡིན། །ཕྱི་སར་ཤོར་དུ་མི་རུང་ངོ་། །ཕྱི་སར་ཤོར་ནས་ལན་ལད་ན། །བདེ་སྐྱིད་འཕེལ་ཆུས་ཤོར་བ་ཡིན། །རྩེ་མོ་ལད་ན་གཏོ་མེད་ཡིན། །ཚོལ་ཚེའི་མ་ཡི་ཐི་གུ་གཉིས། །མོ་རྟས་བཟུང་ན་དམུ་ངམ་ཚོལ་ཚེ་ཡིན། །བུ་དང་ནེ་ཚ་དང་བཅས་བརྒྱག །དམུ་ངམ་ཨ་མེ་ལི་ཡི་ཚོལ་ཚེ་ཟེར། །པདྨ་ཧ་ལོ་བརྒྱག་ཀྱང་ཟེར། །དབྱིག་མཚོན་གཉིས་ཀ་འདི་ལ་ཚར། །ངར་མའི་ནང་གི་ངར་མ་ཡིན། །དམུ་ངམ་ཚོལ་ཚེའི་ཕྲུ་གུ་གཉིས། །ཕན་ཚུན་ཙམ་ཐིག་ཏུ་སོང་ན། །དམུ་བྲག་ཚོལ་ཚེ་བྱ་བ་ཡིན། །དམུ་བྲག་ཁོང་སེང་ཁྲ་མོའང་ཟེར། །དེ་ཡི་བུ་ལ་བརྒྱག་སོང་ན། །ཁྲ་མོ་འཇའ་ཚོན་རིས་སུ་བརྒྱག །དཔལ་མ་དབལ་དང་མ་བྲལ་བ། །ཐུགས་ཀར་དཔལ་མ་ཡང་དག་ཡིན། །ཚོལ་ཚེའི་མ་ཁོག་ལྕགས་ཐག་ལྟར། །འབྲེལ་ན་ཤིང་ཤག་ཚོལ་རྩེ་ཡིན། །ཤིང་ཤག་ཚོལ་རྩེ་ཤིང་གི་བདུད། །བུ་བརྒྱག་གཟིག་མོ་དར་ཆེན་ཡིན། །བཟང་ཡང་དག་ཚོལ་ཚེ་བསམ་སྙིང་ཡིན། །དེ་ལྟར་ཚོལ་རྩེ་ལྷག་མ་ལྔ། །ཚོལ་ཙེའི་ནང་གི་བྲག་རིགས་ཏེ། །ཅུང་ཟད་རྩུབ་པ་ཡིན་པར་བཤད། །དེ་ཡི་བརྒྱག་བཟང་དངས་མ་རྣམས། །ཐུགས་ཀར་བུ་དགུའི་བླ་མདུད་ཡིན། །རང་སར་བབ་ན་ཤིན་ཏུ་བཟང་། །དེའི་ཕྱི་སར་སློ་བྲག་ངན་སྡེ་ན། །དགྲ་བསད་མགོ་ཁྱེར་དྲ་མ་ཡག །ཡུལ་དགུ་གྲོང་དགུའི་ནོར་ཐོབ་པས། །ལྷག་པར་དམག་གི་མོ་ལ་བཟང་། །འདི་རང་སར་བབ་ནས་རྩེ་འཛིན་


MR16_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །བུ་དགུས་ཡུལ་དགུ་འཛིན་ངོ་ཡིན། །ཚོལ་རྩེའི་སྐྱ མ་དེ་སད་དུ་སོང་། །སད་དཀར་ན་བུན་ཚོལ་རྩེ་ཟེར། །ལྷ་ཡི་ཡང་སྙིང་དཀར་པོ་ཡིན། །ལྷ་ཡི་ནང་གི་ཡང་ལྷ་ཡིན། །དགྲ་བླའི་དྲན་སེམས་དཀར་པོ་ཡིན། །རང་སའི་བཙན་ས་གར་བབ་བཟང་། །དེ་ཡི་མ་ལ་བརྒྱག་ཚུལ་དང་། །མ་ཡི་མདུད་ལུགས་ལ་བརྟེན་ནས། །སྐ་བྲགས་དང་ཀར་ཚོལ་རྩེ་སོགས། །ཚོལ་རྩེའི་སྐབས་སུ་བཤད་ལྟར་ཤེས། །སྐ་བྲག་སད་ཚོ་ལུགས་ཟན་ཡིན། །ཤིང་ཤག་སད་ཚོ་གཡག་ཟན་ཡིན། །སྐྱམ་བྲག་སད་ཚོ་རྟ་ཟན་ཡིན། །དགྲ་བླ་གསོལ་དོ་སྤུན་གསུམ་ཡིན། །དེ་རྣམས་ཕྲུག་གཅིག་བརྒྱག་བྱུང་ན། །སྐ་བྲག་སད་ཚོ་ནེ་ཚ་བརྒྱག །ལ་སོགས་མིང་གིས་འདོགས་པ་ཡིན། །ཡང་རྩེ་ཡང་སྙིང་ཡང་གོང་ཡིན། །ཚོལ་ཚེའི་མོ་རྟ་བག་ལ་སོགས། །བག་ཚོ་སྦྲིན་གྱི་བླ་མདུད་ཡིན། །འཕྱོར་པོ་ནོར་མེད་ཡིན་ཀྱང་ཟེར། །ཡུལ་མོ་ཞིང་གི་འཚོ་རྫི་ཡིན། །དེ་ཡི་བུ་གཅིག་བརྒྱག་པ་ན། །བག་ཚོ་ཁྲ་ཆུང་ཞེས་སུ་བྱ། །ཁྲ་ཆུང་ལྷོ་སྤྲིན་ཁྲ་མོ་འདི། །ཁྲ་ཆུང་མིག་གི་འབྲས་བུ་ཡིན། །སྐྱམ་གཉིས་ཀ་བརྒྱག་ན་ཁྲ་ཆེན་ཡིན། །ཁྲ་གཤོག་རྒྱས་ཁྲ་སྐད་དགྲ་བླ་མཉེས། །བག་ཚོ་མ་དགའ་བུ་སྐྱིད་ཟེར། །ཁྱིམ་སར་ཞང་པོའི་ནོར་གྱིས་འཚེང་། །སྤྲིན་གྱི་བང་མཛོད་ཆར་དུ་འབེབས། །དེ་ཡི་སྐྱམ་གཅིག་སད་དུ་སོང་། །སད་ཀྱི་བག་ཚོ་བྱ་བ་ཡིན། །གཡོག་འཁོར་བག་མའི་བླ་རི་ཡིན། །སྟོད་གསུམ་དག་ཏུ་འདི་བབས་ནས། །ལན་དུ་འབྲེལ་ཁམས་བཟང་རིགས་ན། །མི་ནི་རང་ཡུལ་སྐྱིད་པ་ཡིན། །རྟ་ཁྱུ་བྲེས་སུ་དལ་བ་ཡིན། །སྤྲིན་གྱི་རང་ཡུལ་བདེ་བ་ཡིན། །སྐྱམ་དེ་གཉིས་ཀ་སད་གྱུར་ན། །སད་བག་ཚོ་ཙོ་རི་དཀར་


MR16_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ། །རྒ་ཨ་དཔལ་མཐུ་ཆེན་བླ་མདུད་ཡིན། །རང་སར་བབ་ན་ཅི་ལ་བཟང་། །གཅིག་གི་སྟེང་གི་བག་ཚོ་ན། །ལྷོ་སྤྲིན་ས་ནས་འཐོན་པ་ཡིན། །གཉིས་སྤྲིན་དཀར་ཐིབ་རོ་ས་ལ་བྱིང་། །གསུམ་སྤྲིན་གྱི་བང་མཛོད་ཆོས་པ་ཡིན། །བཞི་ཀླུ་ཚང་གཡུ་སྤྲིན་འཁྲིག་པ་ཡིན། །ལྔ་བུ་སྲིང་མག་རོ་མཐའ་ལ་ཡལ། །དྲུག་ཁྱིམ་ཚང་ནང་དུ་ནོར་སྣ་འཛུགས། །བརྒྱད་སྨོན་པའི་ཁྲབ་ཀྱི་སྲོག་རྟེན་ཚུགས། །དགུ་སྤྲིན་དཀར་ཆུ་སྣ་འཐོར་བ་ཡིན། །བཅུ་མཁའ་ལ་ཆུ་སྤྲིན་འཁྲིགས་ངོ་ཡིན། །བཅུ་གཅིག་སྤྲིན་གསེབ་ཆུ་ཐུམ་འབེབ། །བཅུ་གཉིས་སྤྲིན་མཛོད་རླུང་གིས་གཏོར། །བཅུ་གསུམ་ལྷོ་སྤྲིན་དགུང་དུ་ཁེབས། །བཙལ་དང་སད་ངོ་མེད་པས་བཟང་། །བག་ཚོའི་ལན་དུ་ཀོང་ཙེ་དུན་དུན་བཟང་། །སྲིད་པའི རྟེན་ཤིང་མ་ཆག་ལ། །བསྐལ་པའི་བསྐོས་ཤིང་མི་འགྱུར་བཟང་། །ད་ནི་ཚོལ་ཚེའི་ལན་དཔྱད་ལ། །སྐྱམ་དང་ཕུང་རལ་ལི་ཡན་གསུམ། །ཚོལ་ཚེ་བསད་པའི་བཤན་པ་ཡིན། །ཕུང་ཁད་སེ་སྟོད་སོ་ཡོན་གསུམ། །ཚོལ་ཚེ་བརླག་པའི་ཕུང་འདྲི་ཡིན། །དྲོང་དང་སྤོ་བར་ཐང་ལེ་གསུམ། །ཚོལ་ཚེ་བརྐུ་བའི་རྐུན་བུ་ཡིན། །མར་ལྡིང་བྱ་མེད་སྒོ་བརྒྱག་གསུམ། །ཚོལ་ཚེ་མཐོ་བའི་མཐོ་ནོན་ཡིན། །བག་ལྡི་སོ་སང་གླེས་མི་གསུམ། །ཚོལ་ཚེ་བསད་པའི་དུག་མཚོན་ཡིན། །དེ་རྣམས་བབ་ན་སེལ་བསང་བྱ། །མདོ་འདོན་ལྷ་གསོལ་གསས་མཁར་བརྩིགས། །དིང་དིང་དམུ་དག་སྐྱེར་སྨད་གསུམ། །ཚོལ་ཚེ་གསོ་བའི་བདུད་རྩི་ཡིན། །གལ་བར་ཡར་དིང་ཝ་ཚོ་གསུམ། །ཚོལ་ཚེ་འཕེལ་བའི་འཕེལ་ཁ་ཡིན། །གཡུང་དྲུང་དཀར་ཐོག་སད་ཁམས་གསུམ། །ཚོལ་ཚེ་བཟང་བའི་བཟང་གྲོགས་ཡིན། །དེ་ལྟར་བབས་ན་མི་ནོར་འཕེལ། །ཚོལ་ཚེའི་ལན་དུ་དིང་དིང་ན། །ཚོལ་ཚེ་གསོ་བའི་བདུད་རྩི་ཡིན། །སྐྱིན་དིང་དོག་མོ་མ་འགུལ་བཟང་། །གལ་བར་ཚོལ་ཚེའི་


MR16_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཁ་ཡིན། །བྱ་ཡུན་ཁྲབ་ལ་ཉི་ཤར་བཟང་། །བྱ་བུར་འོ་མའི་མཚོ་མོ་འཁྱིལ། །མུ་ས་ཁྲབ་ཆེན་སྐར་འོད་བཀྲ། །ཝ་ཚོ་མར་ཁུའི་མཚོ་མོ་འཕེལ། །སྤོ་རྩེ་ཤིང་ལྕགས་ཁ་འདམ་བཟང་། །དམུ་དག་ཚོལ་ཚེའི་སྲོག་གསོ་ཡིན། །སྐྱེད་དཀར་ནད་སོས་དགྲ་རྒྱལ་མི་ཕོ་འཕེལ། །སྐྱེར་སྨད་ཚོལ་ཚེའི་བདུད་རྩི་ཡིན། །ཚོལ་ཚེ་ཁྲབ་ཀྱི་རྒྱུན་ཐག་ཡིན། །ཁྱུང་བརྒྱད་ཁྱུང་སྒོང་ནོར་བུས་གང་། །ཨ་ཁད་འཇའ་ཚོན་རི་མོ་བཀྲ། །རང་སྙན་ཁ་ཟས་གཏམ་སྙན་འཕེལ། །སད་ཁམས་ཚོལ་ཚེའི་བཟང་གྲོགས་ཡིན། །སྲང་ཟེ་ཕྱིང་དཀར་སྒྲོགས་བུ་བཏགས། །བྱོད་ཕུར་མགྲོན་ལ་ཕྱེ་མར་བསྒྲིག །དཀར་ཐོག་ཚོལ་ཚེའི་བཟང་ཁ་འཛིན། །ལྡི་བུར་ཤ་ལ་གྲི་ཡིས་བཅད། །ཡར་ལྡིང་ཚེལ་ཚེ་ཡར་ལ་འཕེལ། །སུམ་མཉམ་མར་ཚོང་ལམ་དུ་ཞུགས། །ཙེ་ར་བང་མཛོད་ནོར་གྱིས་གང་། །གཡུང་དྲུང་ལྷ་ཡིས་སྡོང་གྲོགས་བྱེད། །ཀྱེ་བ་མདུད་ལ་དར་ཆེན་བཏགས། །ད་རོག་ཁྲབ་ལ་གསེར་རྩི་བྱུག །དམུ་དབལ་མདུང་ལ་རྣོ་ངར་བརྒྱན། །སྐྱམ་རིགས་བཟང་སྡེ་ཆར་ཆུ་དུས་སུ་འབབ། །བྱ་རལ་འབྲི་མར་ཁྱི་ཡིས་ཟོས། །འཇའ་སྦྲིན་རླུང་གིས་གཏོར་བ་ཡིན། །ལི་ཡན་འབྲི་མར་འགོང་པོས་བརྐུས། །ཤག་ལེ་ཕྱིད་དཀར་རླུང་གིས་ཁྱེར། །མར་ལྡིང་མར་ཁུ་ཐང་ལ་ཕོ། །སྤོ་བར་ཕྱི་སྣོད་དུམ་བུར་འཐོར། །སོ་ཡོན་དམུ་གཉན་གང་ལ་ཐོགས། །རུ་སོད་ལྕགས་མཁར་བདུད་ཀྱིས་ཕྲོག །མ་ཟེ་གསེར་སྤྲུལ་དུག་གིས་བསད། །ན་འབན་ཁྲབ་བྱང་དུམ་བུར་འཐོར། །སེ་སྟོད་མར་ཁུ་ཁྲག་མཚོར་སོང་། །ཏྲོང་བྲག་ངན་རིགས་གང་ཡང་ངན། །བརྒྱག་ཁ་བཟང་སྡེ་གར་བྱུང་བཟང་། །མོ་ཁོག་སྤོ་རུ་སོང་བ་ལ། །གྲུ་གསུམ་ཐིག་འཇུས་ས་ལ་ལྷུང་། །ཁྱུང་བརྒྱད་མཛོ་ཕོ་རུ་རིང་ཡིན། །ཁྱུང་དཀར་མཛོ་


MR16_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བླ་མདུད་ཡིན། །མཁའ་ལྡིང་ཁྱུང་གི་མོ་མདུད་ཡིན། །ཀླུ་གཉན་མཛེ་ལྷོག་འདུལ་མི་ཡིན། །སྟེང་དུ་བབ་ན་ཁྱུང་ཕྲུག་ཡིན། །ཁྱུང་གཤོག་དྲུག་རྒྱས་པས་བར་སྣང་ཁེབས། །སྨད་དུ་བབ་ན་ལྕོག་ཆུང་ཡིན། །ལྕོག་ཆུང་འགྱུར་སྐད་ཁྲ་ལ་ལ། །བར་དུ་རྒྱ་ཁྲ་ཧོར་པ་ཡིན། །རྒྱ་ཁྲ་ཡང་རྩལ་རྫོགས་པ་ཡིན། །ཕ་ནི་གནམ་ལྷ་རྗེ་རྒྱལ་ཡིན། །མ་ནི་མཚོ་སྨན་ལྷ་མོ་ཡིན། །བུ་དེ་བྱ་ཁྱུང་རུ་རིང་ཡིན། །ཤར་ན་རྡོ་རྗེའི་བྱ་ཁྱུང་ཡིན། །ལྷོ་ན་རིན་ཆེན་བྱ་ཁྱུང་ཡིན། །ནུབ་ན་དབང་གི་བྱ་ཁྱུང་ཡིན། །བྱང་ན་ཕྲིན་ལས་བྱ་ཁྱུང་ཡིན། །དབུས་ན་ཡེ་ཤེས་བྱ་ཁྱུང་ཡིན། །རང་ས་བཙན་ས་གར་བབ་བཟང་། །འདི་ཡི་བུ་ལ་བརྒྱག་གཅིག་བཅས། །ཁྱུང་བརྒྱད་དངུལ་མདངས་ཟླ་བ་རིས། །བོན་དང་ཁྱུང་པོའི་བླ་མདུད་ཡིན། །ཁྱུང་ལ་ཕྲུག་གུ་གཅིག་ལས་མེད། །ཁྱུང་མི་གྲངས་ཉུང་སྟེ་མི་འབྲུ་བཟང་། །བཅུ་གསུམ་སྟེང་དུ་བབ་པ་ན། །དཔག་བསམ་རྩེ་མོ་ཁྱུང་གིས་བསྲུང་། །ཁ་དྲག་མོ་ཡི་སྲུང་ཅིག་ཡིན། །དེ་ཡི་ར་གཉིས་བརྒྱག་བྱུང་ན། །ཁྱུང་བརྒྱད་ཁྱུང་ཆེན་དབང་ལྡིང་ངམ། །ཕོ་ལྷའི་བྱ་དཀར་མཚལ་ཐིག་བརྒྱག །ཡོངས་གྲགས་ཁྱུང་བརྒྱང་མཚལ་ཐིག་ཟེར། །ཁྱུང་ལ་གཤོག་དྲུག་རྒྱས་པ་ཡིན། །སྤྱི་དཔོན་ཆུས་བདག་མོ་ལ་བཟང་། །ཚབ་ཆེན་ནད་པའི་མོ་ལ་ངན། །ཁྱུང་གཤོག་དྲུག་རྒྱས་ན་འཕུར་འདོད་ཡིན། །གསུམ་བརྒྱག་ན་ཁྲལ་ཁྲོལ་ཆེན་པོའམ། །མཁའ་ལྡིང་དུང་ཁྱུང་ནོར་བུ་བརྒྱག །བཅུ་གཅིག་བཅུ་གསུམ་འདི་བབ་ནས། །ཕྱི་སར་གཅོད་སྟར་སྦུན་དགུ་ན། །བྱ་རྒྱལ་ཁྱུང་ཆེན་ཚང་ནས་བཞེངས། །ཀླུ་རྒྱལ་གཙུག་གི་ནོར་བུ་ཕྲོད། །ཀླུ་ཡི་གྲོང་ཁྱེར་བརྒྱད་ཅུ་བཅོམ། །ཆུས་རྒྱལ་ནོར་ཐོབ་དགྲ་གསོད་ནུས། །འདི་ཡང་དམག་གི་མོ་ལ་བཟང་། །སྒོ་བརྒྱག་ཁྱུང་ཞར་ཁྲེལ་ཐག་


MR16_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག །དུང་ཁྱུང་ཤིང་གི་རྩེ་ནས་ལྷུང་། །ཁྱུང་གི་སྤོ་ཏེ་ཏྲོང་དུ་སོང་། །ཏྲོང་ཁྱུང་བརྒྱད་དུང་ཁྱུང་གཤོག་ཆད་ཡིན། །གཤོག་དྲུག་ཡོད་ཀྱང་འཕུར་ཐབས་མེད། །ཁྱད་པར་མཛོ་ཡི་མོ་ལ་ངན། །རང་སར་ཏྲོང་ཁྱུང་བབ་ནས་སུ། །བྱི་སར་བཏགས་པ་བཟང་སྡེ་ན། །ཁྱུང་པོའི་མཛོ་གདང་ཞིག་པ་ཡིན། །ཏྲོང་ཁྱུང་བུ་ལ་བརྒྱག་གཅིག་སོང་། །ཏྲོང་ཁྱུང་འཕུར་ལྡིང་རྒྱུག་འཛུལ་ཟེར། །ཏྲོང་ཁྱུང་ནང་གི་སྤྱི་ཐོག་རྗེ། །དུང་ཁྱུང་ལུས་ལ་གཤོག་དྲུག་རྒྱས། །ཁྱུང་ཚང་གོང་མར་བབ་ན་གཅེས། །ཁྱུང་ཚང་གོང་མ་བཅུ་གསུམ་ཡིན། །དམག་ཇག་གཉིས་ལས་རྒྱལ་ངོ་ཡིན། །བརྒྱག་གཉིས་ཏྲོང་ཁྱུང་ཡིད་བཞིན་ནོར་བུ་བརྒྱག །ཁྱུང་གི་གཙུགས་ལ་ནོར་བུ་ཐོབ། །རྒྱལ་ཁ་ལན་གསུམ་ཐོབ་ངོ་ཡིན། །འདི་ཕྱི་སར་བབ་ནས་ལན་ལད་ན། །དགྲ་ཡི་དུང་ཁྲ་གཤོག་དྲུག་རྒྱས། །བརྒྱག་གསུམ་ཏྲོང་ཁྱུང་གནམ་ས་རི་རབ་བརྒྱག །བརྒྱ་ལ་ལན་གཅིག་བབ་སྲིད་ན། །རང་སའི་བཙན་ཁྱིམ་གར་ཡང་བཟང་། །སྒ་རྗེའི་ཁྱུང་ཚང་ཕབ་ངོ་ཡིན། །ཁྱུང་ཚང་ནང་ནས་སལ་སིལ་ཐོབ། །གོ་མཚོན་སྣ་དགུ་གནང་དུ་ལོན། །ཞོན་རྟ་ཁྱུང་ལ་བྱས་ནས་སུ། །ཁྱུང་མགོ་ཙོང་གིས་བྲབ་ནས་ནི། །གནམ་མཐའ་ལན་གསུམ་བསྐོར་བྱས་ནས། །རང་གི་ཡུལ་དུ་ཐལ་གྱིས་སླེབས། །དགྲ་སོད་དོན་གྲུབ་གནངས་ཀྱིས་འཚེངས། །ཁྱུང་བརྒྱད་བུ་གསུམ་སུམ་ཚུགས་འབྲེལ། །དེ་ཡི་གང་རུང་ཕྲུག་གུས་འཇུས། །ཁྱུང་བརྒྱད་ཁྲ་མོ་ཁོང་སེང་ཟེར། །བདུད་རྩིའི་གླ་བ་རོག་པོ་ཡིན། །དེ་ཡི་སྤོ་དེ་ཏྲོང་དུ་སོང་། །ཏྲོང་ཁྱུང་རིན་ཆེན་ལུ་གུ་རྒྱུད། །ཀླུ་གདོལ་པ་འདུལ་བའི་གཉེན་པོ་ཡིན། །དེ་ལྟར་བརྒྱག་མེད་རྩ་བ་བཞི། །ཁྱུང་བརྒྱད་དུང་མཚོ་སྡེ་བཞིར་བཤད། །ད་གཅིག་གི་སྟེང་དུ་ཁྱུང་


MR16_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱང་ན། །རྒྱལ་པོ་གདན་ལ་བཞུགས་པ་ཡིན། །བརྒྱག་ན་ཐམས་ཅད་དབང་དུ་བྱེད། །གཉིས་ཤིང་སྤེན་ནེའི་མགོ་ལ་བྱ་ཁྱུང་བབ། །བརྒྱག་ན་ར་ཚང་ནང་དུ་རྒྱལ་པོ་བྱོན། །གསུམ་ཁྱུང་ཕྲུག་སྒོ་ངའི་ནང་ན་འཕེལ། །བཞི་ཀླུ་ཚུང་ནང་དུ་ཁྱུང་ཆེན་ཕེབ། །བརྒྱག་ན་ཀླུ་སྲིན་ཐུལ་བ་ཡིན། །ལྔ་ཁྱུང་གཤོག་ངམ་གྱི་བྲག་ལ་བརྡེབ། །བརྒྱག་ན་ཅི་བྱས་ལམ་མི་འགྲོ། །དྲུག་བ་བཙུན་འདུག་ས་ཁྱུང་གིས་ཕྲོག །བརྒྱག་ན་གཏོ་སེལ་ལམ་མི་འགྲོ། །བདུན་བྲག་དམར་དབུས་ལ་ཁྱུང་ཚང་བཅས། །བརྒྱག་ན་མགྲོན་ལེགས་དགྲ་བླ་ཡིན། །བརྒྱད་ཤེལ་བྲག་དུང་ཁྱུང་དཀར་པོས་བསྲུང་། །བརྒྱག་ན་དམག་ཆེན་དགྲ་བླ་ཡིན། །དགུ་སྲིན་གྱི་དུར་བྱ་སོ་ལ་ཆས། །བརྒྱག་ན་ཤིང་ཆད་དུར་ངོ་ཡིན། །བོན་གྱིས་གཏོ་དཔྱད་བྱེད་ན་བཟང་། །བཅུ་མ་ལྷས་སྐྱབས་པས་ཁྱིམ་ས་བརྟན། །བརྒྱག་ན་དབང་ཐང་དར་བ་ཡིན། །བཅུ་གཅིག་དུང་ཁྱུང་ཤ་ཁྲིའི་སྟེང་ན་འདུག །མི་ཤ་ལེན་པའི་མོ་ལ་བཟང་། །བརྒྱག་ན་དུང་ཁྱུང་སོ་ལ་ཆས། །དུང་ཁྱུང་གྲེ་བ་ཤ་ཡིས་གང་། །འདི་ལ་ཏྲོད་དང་སྒོ་བརྒྱག་ན། །རབས་ཆད་མཛོ་ཕོ་འགབ་ནག་ཡིན། །བཅུ་གཉིས་སོལ་ཁྲ་རོག་པོའི་དབང་ཐང་དར། །བརྒྱག་ན་རབས་ཆད་མཛོ་ཕོ་ནག་པོ་ཡིན། །མི་གྲངས་མུག་གིས་ནོན་ངོ་ཡིན། །བཅུ་གསུམ་དཔག་བསམ་རྩེ་མོ་ཁྱུང་གིས་བསྲུང་། །ལོ་སྐོར་གཅིག་ལ་སྐྱོན་མེད་ངེས། །བརྒྱག་ན་ཁྱུང་ཆེན་གནམ་ལ་འཕུར། །མི་རབས་གསུམ་དུ་མི་སྤུས་བཟང་། །ལར་ཕུང་ཁད་ཕུང་སྐྱམ་ཕུད་རལ་གསུམ། །ཁྱུང་བརྒྱང་གསོད་པའི་བཤན་པ་ཡིན། །སོ་བྲག་སོ་ཡོན་སེ་སྟོད་གསུམ། །ཁྱུང་བརྒྱང་ཉམས་པའི་ན་ངོ་ཡིན། །བྱ་རལ་ལི་ཡན་ཐང་ལེ་གསུམ། །ཁྱུང་ཚང་བཤིག་པའི་བདུད་གསུམ་ཡིན། །མ་ཟེ་ན་འབན་རུ་སོད་གསུམ། །ཁྱུང་ཚང་གཏོར་བའི་འདྲེ་གསུམ་ཡིན། །སྤོ་བར་སེ་རྟོད་མར་ལྡིང་གསུམ། །


MR16_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་བརྒྱང་གདོས་ཐག་ནག་པོ་ཡིན། །དེ་ཚུགས་བབ་ན་ཀུན་ལ་ངན། །གངས་དཀར་ཏི་སེས་མ་ཚོར་བར། །ཁྱུང་གི་ར་ཡ་ཆག་པ་དེ། །ཁྱུང་ལན་སྤོ་བར་གྲི་ཕྱར་ཡིན། །ཝ་ཚོ་རྩེ་ར་ཡར་ལྡིང་གསུམ། །དུང་ཁྱུང་འཐེན་པའི་ལྷ་གསུམ་ཡིན། །སྤོ་ཚེ་མུ་ས་མུ་དག་གསུམ། །དུང་ཁྱུང་འབབ་པའི་ཤིང་གསུམ་ཡིན། །བུ་བརྒྱག་སད་ཁམས་དཀར་ཐོག་གསུམ། །དུང་ཁྱུང་གསོ་བའི་གསོས་སྨན་ཡིན། །སང་དང་བྱ་ཡུན་སད་ཁམས་རྣམས། །དུང་ཁྱུང་གཤོག་དྲུག་རྒྱས་པ་ཡིན། །འདི་རྣམས་ཅི་ལ་བཏབ་ཀྱང་བཟང་། །ཁྱུང་བརྒྱད་དུང་མཚོ་སྡེ་བཞི་ང་། །སྡེ་སྣོད་གཅིག་ལ་འདུས་པ་ནི། །ལན་དུ་སྤོ་ཚེ་མདུད་བུ་ཡིན། །ཅི་བཏབ་ཅི་ལ་བཟང་བ་ཡིན། །ད་ཁྱུང་བརྒྱང་ལན་དུ་དིང་དིང་ན། །ཁྱུང་ཕྲུག་དགུང་མཐོང་བྱེད་པ་ཡིན། །སྐྱིན་དིང་མཛོ་མོ་ཐང་ལ་འཁྱམས། །གལ་བར་མཛོལ་རྒྱབ་ཁ་ལ་འགྲིག །བྱ་ཡུན་ཁྱུང་ཕྲུག་གཤོག་པ་རྒྱས། །བྱ་བུར་ཁྱུང་ལ་ཐེའུ་ཕྲན་མཛེས། །མུ་ས་རྨང་པོ་འཕེན་པར་འགྲོ། །ཝ་ཚོ་ཁྱུང་རུ་གནམ་དུ་གཟིང་། །སྤོ་ཚེ་མཛོ་ཕོ་སྒ་དང་ཆས། །དམུ་དག་མཛོ་ཕོ་སྣ་ཐག་བཙན། །སྐྱེར་དཀར་མཛོ་ཕོ་སྒ་ཆས་སྤྲད། །ཚོལ་ཚེ་ནོར་མེད་ནོར་དང་འཕྲད། །བལ་ཚོ་མཚར་མོ་ནོར་མེད་མོ་བླ་ཡིན། །ཁྱུང་བརྒྱང་མཛོ་ལ་ཤ་ཁལ་བཀལ། །ཨ་ཁད་བྱ་འཕུར་གཤོག་པ་ཆད། །རྔ་མོང་རྔེའུ་སྐྱེ་ཡང་ཟེར། །རང་སྙན་ཁྱུང་སྐད་གནམ་ན་སྙན། །སྲོང་ཟེ་བྱ་ཡི་གཤོག་པ་ཟད། །རབས་ཆད་རྒད་པོར་བུ་གཅིག་སྐྱེ། །བྱོད་ཕུར་ཕན་ན་བྱེས་སུ་འཁྱམས། །སེ་སྟོད་ཁྱུང་གི་རྭ་ཡ་བུད། །ལྡི་བུར་མཛོ་ལ་གཡག་ར་རྒྱས། །ཡར་ལྡིང་དུང་ཁྱུང་ཇེ་མཐོར་ཕྱིན། །ཧ་ལ་གཡུ་གཤོག་ཁྱུང་གིས་གནམ་འཕང་བཅད། །སུམ་མཉམ་དགོ་བ་སྙི་ལ་ཟིན། །ཙེ་ར་ཁྱུང་ཆང་བྲག་ལ་ཡག །གཡུང་དྲུང་མི་སྲོག་ལྕགས་ལས་སྲ། །ཀྱེ་བ་ཕ་ཆུས་


MR16_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ཡིན། །ད་རོ་གནང་ནོར་དཀོར་མཛོད་རྒྱས། །དམུ་དཔལ་གཤེན་གྱི་ཁྱུང་འཕྲུ་མཐོ། །སྐྱམ་སྔོན་ཡེ་བུ་ངམ་གྱིས་ཁྱེར། །བྱ་རལ་ཁྱི་ནག་འབོ་དེས་ཁྱུང་ཆེན་བསད། །མཛོ་ལ་གློ་གོར་བྱུང་བ་ཡིན། །ལི་ཡན་ཁྱུང་གཤོག་རླུང་གིས་བཅད། །མར་ལྡིང་ཁྱུང་ཆེན་གདོས་ལ་ཚུད། །རབས་ཆད་རྒད་པོ་ཤི་བ་ཡིན། །སྤོ་བར་གྱད་ལག་ས་ལ་ཟུག །མདོ་ཁལ་ཐང་ལ་ལྷུང་བ་ཡིན། །སོ་ཡོན་ཁྱུང་ཆེན་མུན་པས་གཡོགས། །རུ་སོད་མཛོ་ལ་ཧོན་ནད་འབྱུང་། །མ་ཟེ་མཛོ་ཁྱུང་གཅན་སྤྱང་ཞུགས། །ན་འབན་ཁྱུང་ལ་ཨན་ཐག་བཏགས། །རྔ་མོང་སྐེད་པ་ཆད་པ་ཡིན། །སེ་སྟོད་མ་ཧེ་རྦབ་ཀྱིས་བསད། །སངས་རིགས་ཤ་བ་མདའ་ཡིས་བསད། །བྲག་རིགས་ཤ་བ་མཐའ་ལ་ལྷུང་། །ཁྱུང་ལན་ངན་ན་ཕྲལ་ཕུག་ངན། །མཉམ་པས་མཉམ་པ་བརླག་པ་དེ། །ཏྲོང་ཁྱུང་ངན་པས་ཁྱུང་བཟང་བསླད། །བསམ་སྦྱོར་བཟང་པོ་རང་མི་ཕན། །མི་ཤིད་བྱེད་ན་བཟང་བར་བཤད། །དེ་མིན་རྒྱས་པའི་འབུམ་འདོན་དགོས། །བཅུ་མན་ཁྱུང་བརྒྱད་སྡེ་བཞི་ལ། །བཅུ་གཅིག་སྤོ་ཚེ་གཡས་བརྒྱག་ན། །བྱ་ཁྱུང་དྲང་ཤིང་རྩེ་དང་འཕྲད། །མི་འཕན་རྟ་ཧྲག་སྐྱེ་ངོ་ཡིན། །གྲུ་གསུམ་གཅིག་དང་ཐི་གུ་གཅིག །ས་ལ་ལྷུང་བ་ཨ་ཁད་ཡིན། །འབྱུང་བ་མེ་ཡི་དངས་མ་ཡིན། །རྒྱ་སྟག་དམར་པོའི་བླ་མདུད་ཡིན། །གཅན་ཟན་རྣམས་ཀྱི་རྒྱལ་པོ་ཡིན། །དཔའ་བོ་སྟག་གི་རི་མོ་ཡིན། །སྨད་དུ་བབ་ན་ཁམ་ཆུ་བཙུགས། །བར་དུ་བབ་ན་ནོར་ངོ་ཡིན། །སྟོད་དུ་བབ་ན་ཁ་ཕོ་ཡིན། །ཁ་ཕོ་ལ་ཁར་ཐོན་ན་བཟང་། །སྲིད་པ་གང་གི་རིང་ལ་བབས། །གཟིག་ཁྲི་རྒོད་འབར་བའི་རིང་ལ་བབས། །ཕུག་པས་ཁ་ཚེ་ཁུ་ཚེ་ཨ་ལེ་ཤ ། བར་པས་མེ་འོད་གློག་མདའ་དམར་པོ་ཟེར། །སྒོ་བས་གཟིག་ཆེན་ང་རོ་སྟག་འཐབ་བྱ། །གཤེན་གྱིས་ཨ་ཁད་མེ་འོད་གློག་ཕྲེང་བཏགས། །འདི་དམུ་ཡི་དབལ་མེ་རང་འབར་ཡིན། །


MR16_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལར་ཨ་ཁད་མེ་ལྕེ་འབར་བ་ཡིན། །མང་ན་ཚ་བ་མེ་ཡི་ནད། །ཨ་ཁད་སྐད་ཀྱི་རྫིའུ་ཡིན། །མང་ན་གྲེ་བ་འཛེར་བ་ཡིན། །ཨ་ཁད་ཁ་བདེ་ལྕེ་རྣོ་ཡིན། །མང་ན་གྱོད་དང་ཁ་མཆུའི་ངོ་། །གཅིག་ལ་སྟག་མོའི་རང་ཡུལ་ཟིན། །གཉེན་མོར་སྐྱིད་ཀྱི་རྟ་ལས་བབ། །སྡུག་གི་གླང་ཞོན་ཟེར་ཏེ་ངན། །ཞལ་ལྕེར་བདུད་ལ་ཤག་ཐེབ་བཟང་། །བརྒྱག་ན་ཕ་ལ་བུ་གཅིག་སྐྱེ། །ཁ་ལྕེ་བདེ་ལ་མྱུར་བ་ཡིན། །གཉིས་དགྲ་ཁྱིམ་ལ་དགྲ་ཚང་བཅས་པ་ཡིན། །ན་ཆུང་བག་ལ་འགྲོ་ན་ངན། །སྒོ་ཁའི་སྐྱོར་ཕུང་ལྕོག་ཚང་བཅས། །ཆུང་སྲི་ཆེ་ལ་ལྡང་བ་ཡིན། །བརྒྱག་ན་ཆུང་སྲི་འཇབ་པས་ར་བ་སྟོང་། །ཨ་ཁད་རྩེ་མ་བབ་པ་ན། །གཞན་མ་ཅི་ལ་ངན་ན་ཡང་། །སྒོ་སྲུང་སྟག་ལས་བྱས་པ་ཟེར། །ནུབ་གཅིག་སྐུང་སར་དགྲ་མེད་ཡིན། །གསུམ་སྟག་མོའི་སྟག་ཕྲུག་ཚང་ནས་ཚར། །གཉན་ཆེན་ཐང་ལྷའི་བླ་མོ་ཡིན། །བརྒྱག་ན་ངར་སྐད་དགུང་དུ་སྒྲོགས། །མོ་སྨན་རྒྱན་ཆ་ལེགས་དགུ་བསྒྲོན། །བཞི་ཀླུ་ཚང་ནང་དུ་མེ་འབར་ཀྱང་། །བོད་ཡུལ་དབུས་སུ་ཆར་པ་འབབ། །ཀླུ་ནོར་མི་ཡིས་འཕྲོག་པ་ཡིན། །གྱོང་ཕོའི་སྐུད་ལ་ཕག་ཚིལ་ཡིན། །ཀླུ་ལ་ཕོག་ཐུག་ཡོང་ན་ཐང་། །དེ་ཡང་གསུམ་ལ་དིང་དིང་ན། །འཁྱག་ཐོག་མེ་ཕེར་ཉེས་པ་ལེགས་པོར་འགྱུར། །ཀླུ་མི་དགྱེས་མེད་དེ་ཀླུ་ཞལ་འཛུམ། །གསུམ་ལ་སེ་སྟོད་བབ་པ་ན། །ཀླུ་ཚང་ཁྲག་ཤོར་ཀླུ་མེས་ཚིག །ཀླུ་ལ་ཕོག་ཐུག་སོང་བ་ཡིན། །བརྒྱག་ན་སྟག་མོ་ལྷོ་ནགས་འགྱིང་། །ལྔ་དགྲ་སྨྲ་མཁས་ཁ་ལྕེ་བདར་བ་ཡིན། །བརྒྱག་ན་སྙིང་འདྲའི་ནོར་ལ་ངན། །དྲུག་བུད་མེད་ཁ་བོ་ཐོན་པ་ཡིན། །ཕོ་བས་མོ་ཡི་ཁ་ཤོམ་ཆེ། །བརྒྱག་ན་མོ་ཆས་སྣ་དགུ་འཛོམས། །ཅི་བཏབ་ཀུན་དང་ཁྱིམ་བྱ་བཟང་། །བདུན་གཡའ་སྤང་ཁ་ཕོ་ཐོན་ཏེ་བཟང་། །བརྒྱག་ན་སྐྱེས་བུའི་དཔའ་སྐད་ཡིན། །ཅི་བཏབ་ཅི་ལ་བཟང་བ་ཡིན། །གལ་ཏེ་སྒོ་བརྒྱག་རིགས་བབ་ན། །རྟ་ཕོ་ཆེན་གཡག་སྟེང་རྒྱུག་ན་ངན། །


MR16_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཆད་གཡག་གིས་མནན་པ་ཡིན། །བརྒྱད་ལྷ་བྲག་ངོས་ལ་ལྷ་བརྒྱ་གནས། །བརྒྱག་ན་ལྷ་བརྒྱ་ངོ་སོ་མཐོ། །དཔའ་བོ་ཇག་ལ་འགྲོ་ན་བཟང་། །དགུ་མོ་ཐོན་ལེའུའི་སྨྲ་ལྕེ་དར། །བརྒྱག་ན་བོན་ཀྱི་སྟག་རལ་གྱོན། །སྒོ་བརྒྱག་ངན་རིགས་བབ་པ་ན། །རི་སྐེད་ཆུ་མིག་ནགས་ཚལ་ཅན། །ཕ་བོང་གད་པ་ཙག་ཙིག་ཏུ། །སྔགས་པས་གཏད་མནན་ཡོད་པ་ཡིན། །ནོར་གོད་ཞོ་ཆང་ཉེས་སོགས་འོང་། །དེ་ལ་ཟློག་པ་རིམ་གྲོ་བྱ། །བཅུ་སྟག་མོ་འཛུམ་དྲུག་རྒྱས་པ་ཡིན། །ལྕོ་ག་བྱང་ནས་གཏམ་སྙན་སྒྲོགས། །དེ་ལ་བརྒྱག་བཟང་བཅས་པ་ན། །ཨ་ཁད་རྒྱལ་ས་བཅུ་ཡིན་པས། །སྨོན་ལམ་བྲག་གི་ཡང་སྟེང་དུ། །སྨོན་པ་མ་བུ་འཛོམས་པ་ཡིན། །བཅུ་གཅིག་སྨོན་པའི་སྒྲོན་མེ་བཏེགས། །བརྒྱག་བཟང་དཔའ་བོའི་སྟག་སྐད་ཐོན། །དགྲ་བླའི་དཔའ་མེ་རང་འབར་ཡིན། །དཔའ་བོ་གཡུལ་དུ་འཇུག་ན་བཟང་། །གཏམ་སྙན་ཐོས་པའི་ཝེར་མ་ཡིན། །བཅུ་གསུམ་བཟང་ན་ངེས་པ་ཡིན། །བཅུ་གཉིས་བྱང་གི་བྱེ་རི་ལ། །རྒྱ་སྟག་དམར་པོས་ལག་པ་བརྡེབ། །སྐད་རིགས་མི་གཅིག་དུ་མ་ཡིས། །ཁ་ལྕེའི་གདོང་ཟུར་སྟོན་ངེ་ཡིན། །ཧོར་སོགས་གདོང་དྲག་བྱུང་ན་ཐུབ། །དེ་མིན་མཐའ་མི་དབུས་ཡོང་ངོ་། །ཡང་ན་དགྲ་སྣ་བཤད་གཏམ་ཡིན། །བརྒྱག་ན་དམར་ཞུར་རྟ་པ་དང་། །དམར་མཚན་ཅན་གྱི་དགྲ་བོ་ནི། །རྒྱ་སྟག་འདྲ་བ་ལང་ངོ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ལས་དཀར་པོའི་ཁྲིམས་ས་སྙོགས་ན་བཟང་། །བཅུ་གསུམ་དཔའ་ལ་སྟག་འཕྲུ་ཚུགས། །དཔའ་གཡེར་དགུང་ལ་གྲགས་པ་ཡིན། །སྨྲ་མཁན་འཕྲུལ་གྱི་རི་མོ་ཅན། །འཕྲུལ་རྒྱུད་མི་ཆད་རྫིའུ་ཡིན། །ཁྱད་པར་དམ་ཆོས་བསླབ་ན་བཟང་། །སྒྲ་མཁན་རིགས་ལས་སྒྲ་མཁན་སྐྱེ། །དམ་ཆོས་ཁ་ལ་མེ་ལྟར་འབར། །ཚིག་འབྲུ་ལྕེ་ལ་གློག་ལྟར་འཁྱུག །བརྒྱག་ན་སྟག་འཕྲུ་དགུང་དུ་རེག །འཁྲུག་པའི་གཡུལ་རྒྱལ་ཐོབ་པ་ཡིན། །དགུང་སྨན་


MR16_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚ་མཐོང་བ་ཡིན། །ཁ་ཕོ་ལ་ཁར་ཐོན་པས་བཟང་། །ཨ་ཁད་སྐད་ཀྱི་རྫིའུ་སྟེ། །གཏམ་སྙན་མང་པོའི་སྒོ་ཡིན་པས། །དཔའ་བོ་དམག་ལ་འགྲོ་བ་དང་། །བཤེས་གཉེན་ཆོས་འཁོར་བསྐོར་བ་དང་། །རྒྱལ་པོ་རྒྱལ་ས་འཛིན་ན་བཟང་། །མི་རབས་གསུམ་ལ་གཏམ་རབས་སྙན། །ལར་ཨ་ཁད་བཤད་གཏམ་ལྕེ་བདར་རོ། །མང་ན་བཤད་གཏམ་ཁ་མཆུའི་རོ། །ཡང་ན་ཁྱིམ་ལ་མེ་འཆོར་ངན། །བཟང་རིགས་བཟང་སར་ཁེར་འདུག་བཙོན། །ཁུ་ལ་བརྒྱག་གཅིག་སོང་བ་ན། །ཨ་ཁད་རྩེ་མ་རྒྱ་སྟག་ཡིན། །གཏམ་སྙན་ཐོས་པའི་ཝེར་མ་ཡིན། །ཤག་གིས་ཐུབ་པའི་ཕ་ཝཾ་ཡིན། །མེ་དར་ཞིང་ཡུན་དུ་འབར་བ་ཡིན། །བཞི་ལ་སྨན་ཕོར་བདུད་རྩིས་གང་། །བདུན་ལ་རྒྱ་སྟག་ནགས་ཚལ་སྲུང་། །བརྒྱད་ལ་སྙིང་གི་རྫིའུ་ཡིན། །བཅུ་ལ་བྱང་ནས་གཏམ་སྙན་ངོ་། །བརྒྱག་གཉིས་རྒྱ་སྟག་རི་བྲའམ། །བྱི་བ་སྔོན་པོ་གཡུ་རུ་བརྒྱག །རྒྱ་སྟག་དམག་མགྲོན་ལེགས་པའི་ངོ་། །ར་གསུམ་ལྷན་ཅིག་བརྒྱག་པ་ན། །ཨ་ཁང་ལྷ་མེ་རང་འབར་རམ། །དར་ལ་མེ་འབར་ཚྭ་ཚྭ་བརྒྱག །ཡང་ན་མེ་ཤེལ་དམར་པོ་ཟེར། །ཨ་ཁད་མཚལ་སྟག་ཁྲ་བོ་ལ། །སྟག་ལ་འཛུམ་དྲུག་རྒྱས་པའི་བརྒྱག །ཡང་དག་ཇག་གི་ཝེར་མ་ཡིན། །རང་གི་བཙན་ས་གར་བབ་ཀྱང་། །ཁྲི་ཚོ་དགུ་ཡི་དམག་ཆུས་ལེགས། །འབུམ་ཚོ་དགུ་ཡི་གནངས་ཐོབ་ནུས། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་སྟག་ཕུད་ཅན་གྱི་མཁར་ཁ་ཁེངས། །འདི་གསུམ་མོ་ཡི་ནོར་བུ་ཡིན། །རང་སར་གཏམ་སྙན་འབྱུང་བས་བཟང་། །ཨ་ཁད་མའམ་སྤོ་དེ་བརྒྱག །ཨ་ཁད་སྨྲ་ལྕེ་དིག་པ་ཟེར། །ཨ་ཁད་ཞར་བ་ཞེས་ཀྱང་བྱ། །དྲང་པོར་བཤད་ཀྱང་ཉན་མཁན་ཉུང་། །འཇམ་པོར་བསྡད་ཀྱང་དགྲར་འཛིན་མང་། །སྒྲོན་མེ་མུན་པར་བྱིང་ངོ་ཡིན། །ཨ་ཁད་སྤོ་དེ་ཏྲོང་དུ་སོང་། །


MR16_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲོང་ཁད་སྟག་མོ་རྡོ་བྱུང་ཡིན། །དཔའ་རྩལ་ཆེ་སྟེ་འཛུམ་དྲུག་མེད། །དགོ་བ་འདེད་པའི་ཝེར་མ་ཡིན། །དགོ་ཕོ་གཅིག་གི་རོ་ཐོག་ཏུ། །ཁྱི་གསུམ་དམར་འཛིང་བྱེད་ངོ་ཡིན། །རང་སར་དགྲ་གཞི་ཀུན་ལ་ངན། །ཕྱི་སར་ཇག་པས་ནོར་ཐོབ་ཀྱང་། །གནངས་ལ་ནང་འཛིང་བྱེད་པའི་ངོ་། །དེ་ཡི་ར་གཅིག་བརྒྱག་པ་ན། །ཏྲོང་ནམ་མཁའ་འོད་ཀྱི་རྩེ་མོ་ཡིན། །ནམ་མཁའ་འོད་ཀྱི་འཇའ་ཚོན་ལ། །སྔོ་དམར་རི་མོ་བཀྲ་བ་ཡིན། །གཏམ་སྙན་ཐོས་པའི་ཕྲིན་པ་ཡིན། །ནམ་ལང་བའི་ཁ་ལ་ཉི་མ་ཤར། །བོང་རིང་བའི་ཁ་ལ་སྔ་རྟིང་བཙུགས། །རང་སའི་བཙན་ས་གར་བབ་བཟང་། །བརྒྱག་གཉིས་ཏྲོང་དམར་ནམ་མཁའ་རམ་རམ་ཟེར། །ཁ་ཅིག་སྟག་མོ་གཟིག་སྣ་ཟེར། །ལ་ལས་ནམ་མཁའ་རྩེ་འབྲིང་ཟེར། །ནམ་མཁར་ཐོག་གི་ཚྭ་ཚྭ་བརྒྱག །དམག་ཇག་ཆུས་གསུམ་སྟོད་དུ་གཅེས། །ཟུན་ཐོག་རྒོད་འདྲ་བའི་དམག་ཆས་ནས། །དགྲ་མཁར་བསྒྱེལ་ནས་གནང་ཐོབ་པ། །སྟོད་ཀྱི་ལྷ་རྟེན་གསེར་འཕན་གཅིག །བར་གྱི་དངུལ་ཁྲབ་འོད་དཀར་གཉིས། །ཟངས་འཕན་གསེར་གྱི་གང་བུ་གསུམ། །ཁྱད་པར་ཆེ་བ་དེ་གསུམ་ཐོབ། །གཞན་ཡང་གཏམ་སྙན་ཆུས་གསུམ་ལོན། །ཏྲོང་ཁད་ར་གསུམ་བརྒྱག་གྱུར་ན། །ཏྲོང་ཆེན་ཅ་ཅ་ཅི་ཅི་ཟེར། །ལ་ལས་སྟག་མོ་དུང་ཐིག་ཟེར། །ལ་ལས་མཁའ་འོད་རྩེ་ཆེན་ཟེར། །ཞེ་སྡང་མེ་ལྕེ་འཚུབ་མ་རྒྱག །འཇའ་ཚོན་སྐར་མའི་ཚོམ་ཆེན་ཅན། །ནམ་མཁའ་ཐོག་གི་ཝེར་མ་ཡིན། །བར་སྣང་འཇའ་ཡི་ཝེར་མ་ཡིན། །ས་གཞི་མེ་ཡི་ཝིར་མ་ཡིན། །དམག་གི་དར་འཕྲུ་རིང་མོ་ཡིན། །དམག་ལ་སྟོད་དུ་བབ་པ་གཅེས། །འདི་ལན་གཅིག་བབ་པའི་དུས་སྲིད་ན། །ཐོག་འཇའ་ཞུགས་གསུམ་དུས་གཅིག་ཆས། །དགྲ་ཡི་ཡུལ་ཁམས་གཞོབ་ཏུ་བཏང་། །ཟུན་གྱི་ཐོག་འཇའ་མེ་གསུམ་


MR16_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྦར། །ཡང་གསལ་སྟེང་གི་སྒྲོན་མེ་ཡིན། །མདུད་པ་རྟ་དང་གཡག་གིས་གྲོལ། །ཐུགས་ཀར་བྱ་ཞིང་ལེགས་པ་བརྗོད། །གྲུ་གསུམ་སྐྱམ་ལ་གཅིག་འཇུས་སོང་། །ཕུང་བར་ཨ་ཁད་གཏམ་ངན་ཡིན། །མྱེས་པོ་གནམ་གྱི་མཆུ་རིང་ཡིན། །ཕྱི་མོ་དོག་རྗེས་ལྕ་མ་ཡིན། །ཕ་ནི་མི་ཁའི་རྒྱལ་པོ་ཡིན། །མ་ནི་མི་ཁའི་རྒྱལ་མོ་ཡིན། །བུ་ཁོ་རང་མི་ཁ་བྲ་མཆུ་ཡིན། །ཡར་གཏོ་བྱེད་ན་སྣ་ལ་འགྲོ། །མར་གཏོ་བྱེད་ན་ཕྱི་ལ་འབྲངས། །ཕྱིངས་པ་བྱེད་ན་ང་ལ་བསྐུར། །མི་ཟད་པ་རྣམས་ཀྱི་མཐར་ཐུག་ཡིན། །བཟང་ལ་མི་དགའ་ངན་ལ་དགའ། །མང་ན་མི་དགའ་ཉུང་ན་དགའ། །ཡོད་ལ་མི་དགའ་མེད་ལ་དགའ། །གང་ལ་མི་དགའ་སྟོང་ལ་དགའ། །ཕུངས་ཁད་ཟངས་སྤྲེལ་དམར་པོ་འདི། །མི་ཡི་ནང་ནས་བུད་མེད་ཡིན། །གླུ་དང་གཞེས་ལ་དགའ་བ་ཡིན། །རྟ་རིགས་ནང་ནས་རྒོད་མ་ཡིན། །དམར་པོ་ར་རི་ཡོད་པ་ཡིན། །གོས་ཀྱི་ནང་ན་གོས་དམར་ཡིན། །དུད་འགྲོ་ར་དང་བོང་བུ་ཡིན། །སྣོད་ཀྱི་ནང་ན་རྫ་དམར་ཡིན། །འདི་ཁ་གཅིག་ནང་གི་ལྕེ་གཉིས་ཡིན། །བཟའ་ཚང་བར་གྱི་འཐབ་འདྲེ་ཡིན། །ཕྱི་ཚུལ་སྐྱ་ག་ཁྲ་མོ་འདྲ། །ནང་ཚུལ་བག་མ་སྦུར་མཐོང་འདྲ། །འདོད་ཆགས་ར་ཕོ་ཅི་ཙི་འདྲ། །འདི་ངམ་གྱི་བླ་རི་དཔུང་ཁྲ་ཡིན། །མི་བརྒྱའི་ནང་དུ་འོང་ཙ་ན། །མི་བརྒྱས་རྣ་བ་ལག་པས་འགེབ། །མི་བརྒྱའི་ཕུང་སྲི་མར་སོང་ཟེར། །རྟ་བརྒྱའི་ནང་དུ་འོང་ཙ་ན། །རྟ་བརྒྱ་ཟུར་བལྟས་གདོང་འདྲོག་བྱེད། །རྟ་བརྒྱའི་ཕུང་སྲི་མར་སོང་ཟེར། །ལུག་བརྒྱའི་ནང་དུ་འོང་ཙ་ན། །ལུག་བརྒྱ་ཟུར་བལྟས་ཞོག་འདྲོག་བྱེད། །ལུག་བརྒྱའི་ཕུང་སྲི་མར་སོང་ཟེར། །གཏམ་སྙན་པོ་སྨྲས་ཀྱང་མི་ཁའི་རྒྱུ། །གོས་འཇམ་པོ་བགོས་ཀྱང་ཚེར་མས་རྩུབ། །གོམ་ཡར་ལ་སྤོས་ཀྱང་ཕྱིར་ལ་འབྱེད། །མཁོན་གྱི་བུ་མོ་མིག་དམར་འདི། །བྲ་བ་སྣ་


MR16_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཆིབས་སུ་ཆིབ། །ཚྭ་གཡེར་ཐུམ་གཅིག་རྒྱབ་ལ་ཁུར། །ཟངས་ཀྱི་ཟེར་མ་མགོ་ལ་གྱོན། །མིག་མང་དགུ་རིས་གདན་དུ་བཏིང་། །ལྕགས་སྤྲེལ་ཅོ་ཟད་ཕྱི་ལ་ཁྲིད། །སྟེ་ལོ་གྭ་མ་རྗེས་སུ་འབྲང་། །མུ་ཟི་ཐུམ་གཅིག་གློ་ལ་བཏགས། །ཡེ་ཡི་ཡུལ་དུ་ཡར་ལ་སོང་། །ཡེ་སྨོན་དེ་ལ་དྲི་བ་བྱས། །ཁྱེད་ཀྱི་གནམ་ཕུབ་མི་དེ་སུ་ཡིན་ཟེར། །ངའི་བུ་དགུང་མཁན་ཡིན་ནོ་བྱས། །དེ་ད་ལྟ་གང་ན་འདུག་གོ་ཟེར། །ཕ་ཀི་རི་ལ་མཛུབ་མོ་བཙུག །མིག་གིས་མཚོ་ལ་བལྟས་པ་ཡིས། །དགུང་མཁན་མཚོ་ལ་ཡོད་པར་ཤེས། །ཟླ་བྱེད་ངམ་བཟའ་དམར་མོ་དེས། །སྨན་མཚོའི་འགྲམ་སོང་གླུ་འདི་བླངས། །ཡེ་བུ་དགུང་མཁན་ཡར་ལོངས་དང་། །ཡ་མཚན་ཆེ་བའི་ལྟད་མོ་ཡོད། །ཡེ་ངམ་གཉིས་ཀྱི་ས་མཚམས་ན། །ཡ་མཚན་ཆེ་བའི་བུད་མེད་ཞིག །ཡ་མཚན་ཆེ་བའི་རི་དྭགས་ཞོན། །དེ་ལ་ལྟད་མོ་ལྟ་བར་མཛོད། །ཞེས་སྨྲས་ཡེ་བུ་དགུང་མཁན་དེ། །དེ་ལ་ཡེངས་ཏེ་ཆགས་པའི་ཚེ། །དགུང་མཁན་བསླུ་བའི་མོ་བླ་ཡིན། །ངམ་ཟ་དམར་མོའི་རྫུན་ཚིག་ཡིན། །འདི་མེ་ངས་འབུད་ཟེར་བའི་ཁས་ལེན་མ། །ཆུ་ངས་ལེན་ཟེར་བའི་བང་མགྱོགས་མ། །བཅོ་ལྔའི་ནུབ་མོ་མི་ཚོལ་མ། །ཉི་ཤུ་དགུ་ལ་ནལ་བྱེད་མ། །ཡར་ལང་ཕ་ཁུའི་རྟ་དེ་བཀྲོག །མར་ལྡང་མ་སྲུའི་འབྲི་དེ་བཀྲོག །སྨད་དུ་གཏམ་ངན་འཕྲིན་སྐྱེལ་ཡིན། །བར་དུ་རྐུན་བཅོམ་འཕྲིན་པ་ཡིན། །སྟོད་དུ་འཁྲུག་ཆེན་སྤྲད་མི་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །འུར་ཆོམས་འདྲེས་པའི་ཝེར་མ་ཡིན། །འདི་གཅིག་གི་སྟེང་དུ་བབ་པ་ན། །མི་ཁའི་རྒྱལ་མོ་སོ་ལ་ཆས། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཁྱི་གསར་འགྱེད་པའི་མོ་ལ་བཟང་། །ལུང་པ་འུར་ཚོམས་གང་བ་ཡིན། །ཇག་པས་ཚོང་པ་གཏོར་ན་དཀར། །དྲེལ་རྟ་དམར་པོའི་གསེར་སྒ་ཕོག །གཉིས་མི་ཁ་ལམ་གྱི་རྡོ་འཚོགས་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །གྲོ་མ་


MR16_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཐུས་བྱེད་ན་བཟང་། །ཕག་ཚང་བཅའ་བའི་ཉིན་པར་བཟང་། །སྲིད་པ་བུ་དགུས་ས་མཐའ་གང་། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །ཁྱིམ་སར་ཁྱི་དགུ་རྒྱུན་ཟུག་བྱེད། །གསུམ་ཚ་ཞང་མེས་གསུམ་ནོར་བགོས་བྱེད། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྒང་ཆེན་འདེགས་པའི་ཉིན་མོ་བཟང་། །གུར་ཆེན་ཤ་ཡིས་གང་བ་ཡིན། །ཡ་མ་ནག་པོའི་མོ་ལ་བཟང་། །ཆུང་སྲིའི་སྒྱེད་པུ་འགྱེལ་བ་ཡིན། །བཞི་ཡུལ་ལ་ཁ་མཆུ་རྒྱུན་མི་འཆད། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཡ་མ་ནག་པོ་གེགས་ལས་ཐར། །ལིང་ཆེན་འདེབས་ན་ཤ་འགྱེད་ཐོབ། །ཡུག་ས་གཞག་ན་བུ་སྐྱེ་བཟང་། །ལྔ་དགྲ་ལག་ཐག་པས་བཅིང་བ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ལྷག་པར་ཆང་མོ་འདེབས་ན་བཟང་། །ཆང་འདྲེ་སྒོ་རུ་བུད་པ་ཡིན། །སྲི་མནན་དམ་སྲི་དོང་དུ་སོད། །བུད་མེད་ནད་པ་སོས་ངོ་ཡིན། །དྲུག་ཁྱིམ་བདག་མོ་ལ་ཁ་སྨྲ་བྱུང་། །མཁོན་གྱི་རྒྱལ་མོ་ངུ་བྲང་བརྡུང་། །ཤམ་སེར་མོ་དེ་སྒོ་རུ་ལྷག །མགྲོན་ལ་ཕྱིན་དུས་བྱི་པོ་བྱེད། །ཅི་ལ་བཏབ་ཀྱང་ངན་པ་ལ། །རབས་ཆད་ནག་མོའི་མོ་ལ་བཟང་། །རབས་ཆད་མི་མཐའ་འཕེལ་རོ་ཡིན། །དགྲ་ཡི་རུ་མགོ་རིག་ཉིན་བཟང་། །བུད་མེད་དར་མའི་ནད་མོར་བཟང་། །བདུན་དྲེའུ་འཕག་པས་གསེར་སྒ་བཅག །ཅི་ལ་བཏབ་ཀྱང་ངན་པ་ལ། །རྟ་རྒྱུག་བྱེད་ན་རྟ་ཕོ་མགྱོགས། །ཕ་སྤུན་གཏུག་ཤེར་བྱེད་ན་བཟང་། །ཕ་སྤུན་ཤགས་ཀྱིས་ཐུབ་པ་ཡིན། །འདི་ཀུ་རུའི་མགོ་ཡི་སྲབ་ཕུད་ཡིན། །རྟ་ཕོ་ཉོ་ཚོང་བྱེད་ན་གྲུ། །བརྒྱད་རྨ་སྤོམ་རའི་ཤ་རྒན་ཤི་སྐད་ཤོར། །ཅི་ལ་བཏབ་ཀྱང་ངན་པ་ལ། །གསེབ་ཆེན་བྱ་བསྣོལ་བྱེད་ཉིན་བཟང་། །ཕོ་ཆེན་རྒོད་མ་རེད་པ་ཡིན། །གཏའ་མ་གཏིས་བཟུང་བྱེད་ན་བཟང་། །ཕྱུག་པོའི་སྐྱེས་ཆེན་འདེགས་ན་བཟང་། །དགུ་ལེའུས་ལྷ་ལོག་བྱས་པ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཤི་རྒབ་གཅོད་


MR16_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོ་ལ་བཟང་། །འདུར་བོན་སྒོ་རུ་བུད་པ་ཡིན། །བནྡེས་བོན་ལ་དམོད་ན་བཟང་། །ཤ་མཁོན་བསྡུར་ན་རང་འདུམ་ཡིན། །རྟ་རྒྱུག་བྱེད་པའི་ཉིན་མོ་བཟང་། །རྒོད་ཁྲ་ཐང་ལ་ལྷག་པ་ཡིན། །བཅུ་ལ་མོ་བཙུན་དུར་དུ་ཞུགས། །གཏམ་ངན་རི་གསུམ་རྩེ་ལ་སྒྲོགས། །ཅི་ལ་བཏབ་ཀྱང་ངན་པ་ལ། །བག་མ་ལེན་པའི་མོ་ལ་བཟང་། །ངུ་ཆུང་གླུ་རུ་འགྱུར་བ་ཡིན། །ཁང་རྒན་དུ་བ་རིམ་དགུ་ཆགས། །ས་བཟུང་མེ་འབུད་བྱེད་ན་བཟང་། །མ་སྲུ་གཏུག་ཤེར་བྱེད་ན་བཟང་། །བཅུ་གཅིག་ཅང་སེ་བཙོན་དུ་བཟུང་། །དགྲ་བླ་མི་ཁས་ཕོག་པ་ཡིན། །གཡུ་འབྲུག་ཟེ་བ་མེ་ཡིས་ཚིག །དཔལ་བོན་བཅོལ་ན་འདྲེ་ལ་འབོད། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཡོ་མའི་རྟེའུ་ཚང་བཅའ་ཉིན་བཟང་། །རྒོད་མའི་ཁྱུ་ཆེན་འཚོས་པ་ཡིན། །ཞལ་ལྕེ་གཅོད་ན་ཐག་ཆོད་ངོ་། །བཅུ་གཉིས་དགྲ་གདོན་མི་ཁས་ཐབས། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ལྷག་པར་དགྲ་ལ་རྒོལ་ཉིན་བཟང་། །མཚན་ཐུང་བྱས་ན་གྲོང་དཔོན་སོད། །བཅུ་གསུམ་གཏམ་ངན་དགུང་དུ་བསྒྲག ། ཅི་ལ་བཏབ་ཀྱང་ངན་པ་ལ། །སྡེ་ཆེན་རྩོད་པའི་ཉིན་མོ་བཟང་། །གྱོད་སྣ་གསུམ་གྱོད་མཐའ་ཆུ་བས་རིང་། །དམག་ཆེན་བྱེ་བླུག་བྱེད་ཉིན་བཟང་། །དྲག་སྔགས་དགྲ་ལ་རྦད་ཉིན་བཟང་། །དགྲ་ཕུང་སྐད་གནམ་དུ་གྲགས་པ་ཡིན། །ཞལ་ལྕེ་ཁ་མཆུའི་མོ་ལ་བཟང་། །གཏམ་ངན་མཚངས་ནས་ཐོན་པ་ཡིན། །མི་མགོ་སྐམ་པོས་དཔའ་སྐད་ཐོན། །སྔ་དྲོ་མི་ཁ་རི་རྩེར་གྲམ། །ཕྱི་དྲོ་རྒྱལ་ཁ་རང་ལ་འོང་། །དགྲ་ལྕེ་ཟུན་བཅད་སྟག་སྐད་འདོན། །མི་ཤ་རྩོད་ལེན་བྱེད་ཉིན་བཟང་། །སྟག་མོར་ས་མདའ་འཛུགས་ན་བཟང་། །སྲིའུ་ཡིན་ན་གྱོད་ཐར་ཡིན། །ནད་པ་ཡིན་ན་གཡོན་ཆོག་ཡིན། །ཤ་བ་ཤི་སྐད་ཤོར་ནས་ཐར། །ནད་པ་ཁ་ཆེམས་བཞག་ནས་སོས། །ཇག་པ་རྟ་ལ་རྒྱུག་ན་བཟང་། །


MR16_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བུ་ལ་བརྒྱག་སོང་ན། །མུ་ཙ་མེད་ལི་ཤོད་དམར་མོ་ཟེར། །ལ་ལས་སྟག་འཕྲུ་རིང་མོ་ཟེར། །ལྷ་སྨན་འབུམ་གྱི་གྲོལ་ཕུག་ཡིན། །ལྕགས་ཀླད་ལ་གཡུག་པའི་ཝེར་མ་ཡིན། །དཔའ་བརྟན་ལྡོག་མེད་མཚོན་ཆ་ཡིན། །འདས་དང་མ་འདས་མཚམས་ལ་དབང་། །དར་དཀར་ལ་དུ་གོས་སུ་གྱོན། །རྦ་དཀར་གླིང་བུ་ལག་ན་འབུད། །བཤུག་པའི་གླུ་ལེན་ཤ་ར་ར། །དུང་གི་བྱ་བུན་ཧི་ལི་ལི། །རེས་འགའ་རི་བོའི་རྩེ་ན་རྒྱུག །ལྷ་ཆེན་རྣམས་དང་རྩེད་མོ་རྩེ། །རེས་འགའ་རྒྱ་མཚོའི་ཀློང་ན་འཕྱོ། །འཆི་བདག་བདུད་དང་བང་རྩལ་འགྲན། །གང་ལ་བབ་ཀྱང་ཐོག་རྒོད་ཡིན། །ལྷ་ལྕམ་དགུ་ཡི་མིང་པོ་ཡིན། །ཕུ་བོ་བརྒྱད་ཀྱི་ནུ་བོ་ཡིན། །རྟ་མདོ་བ་དགུ་ཡི་རྒྱབ་ཤས་ཡིན། །མཛོ་ཁྱུང་དཀར་དགུ་ཡི་བླ་ཁལ་ཡིན། །ཁྱི་མགྱོགས་སྐྱེན་དགུ་ཡི་ཁ་ཤས་ཡིན། །དམུ་ཙ་མི་མ་ཡིན་བཙའ་མི་ཡིན། །དགྲ་ལ་དམར་མོའི་ཤག་ལེན་ཡིན། །ཟུན་ལ་ངར་ཆུ་བླུད་མི་ཡིན། །འཁྲུགས་ན་ཡོངས་ཀྱི་སྔོན་མ་ཡིན། །གཅིག་ལ་ཕོ་ལྷའི་དཔའ་དར་ཕྱར། །གཉིས་ལ་བདུད་ཀྱི་རུ་དར་ཡིན། །གསུམ་ལ་ཆུང་རྒྱུད་སྲིད་མཁར་ཡིན། །བཞི་ལ་གཡང་གི་ར་བ་ཡིན། །ལྔ་ལ་འཇང་གི་བླ་དར་ཡིན། །དྲུག་ལ་མོ་བཙུན་སྲིད་མཐུ་ཡིན། །བདུན་ལ་སྐྱེས་བློ་བརྟན་མི་ཡིན། །བརྒྱད་ལ་བནྡེའི་ཕུར་དར་ཡིན། །དགུ་ལ་བོན་གྱི་བཙོ་དར་ཡིན། །བཅུ་ལ་མ་ཕྱིའི་ལྷ་དར་ཡིན། །བཅུ་གཅིག་ཕོ་ལྷའི་བཙན་མཁར་ཡིན། །བཅུ་གཉིས་ཧོར་ཀྱི་དམག་དར་ཡིན། །བཅུ་གསུམ་ཁྱུང་གི་རུ་དར་ཡིན། །འདི་རང་སའི་བཙན་ས་གར་བབ་ཀྱང་། །དགྲ་གཞི་དཀོར་གསུམ་ཅི་བཏབ་བཟང་། །བུ་ལ་བརྒྱག་གཉིས་སོང་བ་ན། །ཨ་ཁད་ཝུར་བ་འཛུམ་དྲུག་ཡིན། །འཇིགས་པ་སྲིན་མོ་མཚོན་གྱི་བརྒྱག །འདི་ཡང་རྙེད་པའི་རྫིའུ་ཡིན། །རང་སར་བབ་ན་ཅི་ལ་བཟང་། །བུ་ལ་བརྒྱག་གཉིས་སོང་བ་དང་། །ཕྲུག་གུར་ནེ་ཚ་བཅས་བྱུང་ན། །


MR16_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་རྟ་ལ་ཁྱུ་ཕྱག་བྱེད། །ཁྱད་པར་དམག་ཇག་གཉིས་ལ་བཟང་། །ཕུང་ཁད་མ་ལ་བརྒྱག་སོང་ན། །ཕུང་ཁད་ཞར་བ་དྲེལ་ལ་ངན། །ཞར་བས་གཏམ་ངན་སྐྱེལ་ངོ་ཡིན། །བོང་དྲིལ་རྟ་ལ་ནད་ཀྱིས་འདེབས། །ཕུང་ཁད་ཞར་བ་དྲེའུ་སྔོན་ཅན། །མི་ནད་སྣ་དགུ་སྔ་ཤད་བྱས། །རྟ་ནད་མཚེར་བཅུ་ཕྱི་ཤད་བྱས། །གྲི་རོ་མགོ་སྒྲེལ་ཡོབ་བརྡོ་བྱས། །མི་ཁ་གཏམ་ངན་སྐྱེལ་མི་ཡིན། །ཞར་བས་ཁ་མཆུ་གཏུག་ན་བཟང་། །དེ་མིན་ཅི་ལ་བཏབ་ཀྱང་ངན། །ཕུང་ཁད་སྤོ་དེ་ཏྲོང་དུ་སོང་། །ཏྲོང་གི་ཕུང་བར་ཨ་ཁད་ཟེར། །ཏྲོང་བུ་ཁ་ཆག་ཅེས་ཀྱང་བྱ། །ལ་ལས་ཕུང་མ་ལུང་ཟི་ཟེར། །ངམ་གྱི་ནལ་མ་བུ་ཟན་ཡིན། །གཏམ་ངན་ཤོ་རེའི་བླ་མདུད་ཡིན། །རོ་སྲེག་མེ་ལྕེ་མདོག་ནག་ཡིན། །གཞི་ཕྱ་དང་ནི་ནད་པ་སོགས། །ཅི་བཏབ་ཅི་ལ་བཏབ་ཀྱང་ངན། །ཁ་ཤོས་ཁ་མཆུ་དམོད་བྱེད་བཟང་། །དེ་ཡི་བུ་ལ་བརྒྱག་སོང་ན། །ཨ་ཁད་ཏྲོང་ཞུ་རུ་ལང་ངམ། །ཨ་ཁད་རྡོ་རྗེ་མེ་འབར་བརྒྱག །གནམ་ལྕགས་ངར་གྱི་མེ་འོད་ཡིན། །མཐུ་དང་དྲག་སྔགས་དམོད་ན་བཟང་། །དེ་ལ་བརྒྱག་གཉིས་གལ་ཏེ་བྱུང་། །ཨ་ཁད་སྔོན་མོ་ཉར་ཉེར་ཟེར། །སྐང་ཐང་སྔོན་པོའི་ཟེ་ར་བརྒྱག །སྟོང་གསུམ་གསལ་བའི་མེ་ཆེན་ཡིན། །མེ་ཡང་འབར་ཤིང་གིས་གསོས་པ་ཡིན། །བཅུ་པོ་མན་ཆད་གར་བབ་ཀྱང་། །བཅུ་གཉིས་ངན་རིགས་སློ་བྲག་ན། །ཤེལ་གྱི་བྲག་ལ་སྐས་བཙུགས་ནས། །སྒར་རྡོ་གཉིས་ཀྱི་རྒྱལ་མཚན་ཐོབ། །ཡང་དག་དམག་གི་ཝེར་མ་ཡིན། །རང་སའི་བཙན་སར་བབ་ན་བཟང་། །ཕྱི་སར་ཤོར་དུ་མི་རུང་ངོ་། །ཨ་ཁད་གྲུ་གསུམ་སུམ་ཚུགས་འབྲེལ། །སད་མུ་ལེ་ཟུར་གསུམ་ཨ་ཁད་དམ། །དུན་གཡུང་དྲུང་ཨ་ཁད་བྱ་བ་ཡིན། །དགྲ་བླའི་ལྷ་མེ་རང་གྲུབ་ཡིན། །རང་སའི་བཙན་ས་གར་བབ་བཟང་། །དམག་ཇག་གཉིས་ལ་སྟོད་དུ་གཅས། །གཞི་ཕྱ་བ་ཁོག་གསུམ་དུ་གཅེས། །


MR16_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཁད་རྒྱལ་ཁ་མངོན་དུ་བྱུང་། །དཔའ་སྐད་རྒྱལ་བའི་ཝེར་མ་ཡིན། །དེ་ཡི་སྤོ་དེ་ཏྲོང་དུ་སོང་། །ཏྲོང་ཁད་མུ་ལེ་ཟུར་གསུམ་མམ། །དུན་གཡུང་དྲུང་ཏྲོང་གི་ཨ་ཁད་ཟེར། །གྲུ་གསུམ་ལྕགས་ཐག་ལྟར་སོང་ན། །ཀྱེ་བ་སད་དེ་ཨ་ཁད་ཡིན། །ཀྱེ་བ་རྣམས་ཀྱི་བུ་དེ་ཡིན། །སྨྲ་མཁས་ལྕེ་བདེ་བྱེད་མི་ཡིན། །སྒམ་ཁྱེར་ཕ་ཝང་ཡེར་བའི་བླ། །ལྷ་མི་བར་གྱི་ཕྲིན་པ་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་སྟག་ཕུད་ཅན་གྱིས་མཁར་ཁ་གང་། །བཅུ་གཅིག་སྟེང་དུ་བབ་པ་ན། །བཅུ་གསུམ་རྩེ་མོ་མ་ལད་ཚེ། །ཇག་རེས་གཅིག་ལ་གཡོན་ཆོག་ཡིན། །ཕྱི་སར་དགྲ་ཡི་སོ་པ་མི་ལྔ་ཡིན། །བཅུ་གཉིས་སྟེང་དུ་འདི་བབ་ནས། །བཅུ་གསུམ་རྩེ་མོ་ལད་པ་ན། །བཙན་བརྡུང་ཚུར་ལ་འོང་ངོ་ཡིན། །དེ་ཡི་སྤོ་དེ་ཏྲོང་དུ་སོང་། །སྐྱེ་བ་སད་དེ་ཏྲོང་ཁད་ཡིན། །དེ་ལྟར་བརྒྱག་མེད་རྩ་བ་བརྒྱད། །ཨ་ཁད་དཔའ་སྔར་མཛང་བརྒྱད་དམ། །མཁས་བདར་མཆེད་བརྒྱད་ཅེས་སུ་གྲགས། །ད་ནི་ཨ་ཁད་ལན་དཔྱད་ལ། །སྐྱམ་དང་སེ་སྟོད་ཕུང་རལ་གསུམ། །ཨ་ཁད་གསོད་པའི་བཤན་པ་ཡིན། །སོ་བྲག་སླེས་རྨི་ཏྲོང་ནག་གསུམ། །ཨ་ཁད་གྲོ་མདའ་བྱེད་མི་ཡིན། །རྒྱ་ཡེར་སྣ་དམར་སྐྱིན་དིང་གསུམ། །ཨ་ཁད་མུན་པས་གཏིབ་མི་ཡིན། །སྤོ་བར་མ་ཟེ་རུ་སོད་གསུམ། །ཨ་ཁད་ཕ་ཡུལ་འཕྲོག་མི་ཡིན། །བྱོད་བུར་བྱ་བུར་ལྡི་བུར་གསུམ། །ཨ་ཁད་སྨྲ་ལྕེ་གཅོད་མི་ཡིན། །དེ་རྣམས་དགྲ་གཞི་ཀུན་ལ་ངན། །ཀུན་རིག་ཞི་རྒྱས་མེ་མཆོད་བྱ། །ཡང་ཁྱུང་བརྒྱད་དམུ་དག་མུ་ས་གསུམ། །ཨ་ཁད་འཐེན་པའི་འཐེན་ཐག་ཡིན། །སྐྱེར་དང་གལ་བར་དིང་དིང་གསུམ། །ཨ་ཁད་གུར་ཆེན་ཕུབ་མི་ཡིན། །ཝ་ཚོ་ཙེ་ར་ཡར་ལྡིང་གསུམ། །ཨ་ཁད་ལྷ་ངང་སྤྲད་མི་ཡིན། །སད་ཁམས་སང་དང་བྱ་ཡུན་གསུམ། །ཨ་ཁད་གསལ་བའི་སྒྲོན་མེ་ཡིན། །ཀྱེ་བ་ད་རོག་


MR16_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་དབལ་གསུམ། །ཨ་ཁད་ཆེ་བའི་ཆེ་རོག་ཡིན། །འདི་བཞིན་བབ་ན་ཅི་ལ་བཟང་། །ཆེ་བཙུན་ནད་པ་དག་ལ་ངན། །ད་ཨ་ཁད་ལན་དུ་དིང་དིང་ན། །གཏམ་གྱི་གུར་ཆེན་ཕུབ་པ་ཡིན། །སྒོ་བརྒྱག་ལྕོག་ཆུང་ཁྲ་ཡིས་ཁྱེར། །སྐྱིན་དིང་བརྒྱ་ཁ་ཐལ་བས་བཀབ་སྟེ་ངན། །སྟག་མོས་མདས་ཟིན་ཀྱང་ཟེར། །གལ་བར་དགྲ་བླ་མཁར་དང་འཕྲད། །བྱ་ཡུན་གསལ་བྱེད་སྒྲོན་མ་བཀྱག །གཏོ་སེལ་ཡག་པའི་མོ་བླ་ཡིན། །བྱ་བུར་དཔའ་བོ་དཔའ་བོས་མནན། །མུ་ས་རྒྱ་སྟག་མ་བུ་ཙེ། །ཝ་ཚོ་དགྲ་བླ་སྟག་ལ་ཞོན། །སྤོ་ཚེ་སྟག་མོ་ནགས་དང་འཕྲད། །དམུ་དག་སྟག་མོ་ནགས་དང་ཕྲད། །སྐྱེར་དཀར་སྟག་མོ་ཚང་དུ་ཉལ། །ཚོལ་ཚེ་སྟག་མོ་གཟེན་དང་འཕྲད། །བག་ཚོ་སྟག་ལ་རི་མོ་བཀྲ། །ཁྱུང་བརྒྱང་སྟག་མོ་དཔའ་རྩལ་རྒྱས། །ཨ་ཁད་མཁས་འདོད་སྨྲ་ལྕེ་བདར། །ཕུང་ཁད་གཏམ་ངན་མི་ཁ་བྲགས། །སད་ཁམས་མ་སང་ཕ་ནོར་འཕྲད། །སྲང་ཟེར་དགྲ་བླས་ཆུ་མིག་རྙེད། །བྱོད་ཕུར་ཨ་ཁད་སྨྲ་ལྕེ་ཆད། །སེ་སྟོད་རྒྱ་སྟག་མཆེ་བ་བུད། །ནག་ཐོག་སྟག་མོ་ས་མདས་བསད། །ལྡི་བུར་སྟག་གི་ཆ་རོག་བཅད། །གློག་དམར་རྒྱ་སྟག་རི་མོ་བཀྲ་བས་བཟང་། །རྐང་སྤར་སྟག་དང་སེང་གེ་བསྔོང་། །ཡང་ལྡང་སྟག་མོ་ནགས་ན་བདེ། །སུམ་མཉམ་སྟག་ལ་ཐང་ཤལ་བཀྲ། །སྒོ་བརྒྱག་སྟག་མོ་སྒང་གིས་བསད། །གཏོ་ལ་འཆི་བསླུ་བླ་བསླུ་བྱ། །ཙེ་ར་མཚོན་ཆ་དགྲ་ལ་ཐེབས། །གཡུང་དྲུང་བློན་ཆེན་ཁྲི་ལ་འགྱིང་། །ཀྱེ་བ་སྟག་དང་བྱ་རོག་གཞུང་འབྲེལ་བཟང་། །ད་རོག་མི་ནོར་གོང་དུ་འཕེལ། །དམུ་དབལ་ཨ་ཁད་ཞིང་དུ་གྲུང་། །སྐྱམ་རིགས་གསལ་སྒྲོན་ཆུ་ཡིས་བསད། །བྱ་རལ་རྒྱ་སྟག་ཁྱི་རུ་སོང་། །སྨྲ་ལྕེ་ཐུང་ངུར་སོང་བ་ཡིན། །ལི་ཡན་སྟག་མོ་རྔོ་ཡིས་ཟིན། །གསེར་བྱ་གྲུམ་པ་ཐང་ལ་ཕུད། །མར་ལྡང་སྟག་མོ་འགུགས་སྙིས་བཟུང་། །སྤོ་བར་སྟག་ཚང་སྒང་གིས་


MR16_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས། །ཁ་བུར་རྒྱ་སྟག་འཇོལ་གྱིས་ཟིན། །སོ་ཡོན་ཕ་ཤི་བུ་རྒས་ཡིན། །གཡག་ཆད་ཙ་ན་མདའ་དེ་ཟད། །རུ་སོད་ཕག་རྒོད་དོམ་གྱིས་བསད། །མ་ཟེ་སྨྲ་ལྕེ་འབྲུམ་པས་ཟིན། །ན་འབན་རྒྱ་ཡིས་ཐན་སྣ་ཁྲིད། །དམག་དཔོན་བྲོས་ནས་དར་མདུང་ཤོར། །ཏྲོང་རིགས་རྒྱ་སྟག་རྔོ་ཡིས་ཟིན། །སངས་རིགས་དཔའ་བོ་དགྲ་ལ་འཐབ། །བྲག་རིགས་རྒྱ་སྟག་དཔའ་དང་བྲལ། །ཐི་གུ་སྣ་སྦྲེལ་ཐང་ལ་ལྷུང་། །འདི་རང་སྙན་ལྷ་ཡུང་དཀར་པོ་ཡིན། །རང་སྙན་ལྷ་ཡི་ན་ཆུང་ཡིན། །ཐག་རིང་མགྲོན་པོའི་གཏམ་སྙན་ཡིན། །རང་སྙན་ཁྲི་གདུགས་ཉི་མ་ཡིན། །སྙན་པ་རྣམས་ཀྱི་སྔ་བ་ཡིན། །སྐྱམ་རིགས་འཐེན་པའི་ཐག་པ་ཡིན། །ལྡེ་བུར་དཔའ་དང་སྤྲད་མི་ཡིན། །ལྡི་བུར་རྣོ་མཚོན་འདྲ་བ་ཉེར་ལྔ་པོ། །སད་ཁམས་འདི་ལ་འདུས་པ་ཡིན། །ཏྲོང་ལ་ལྷ་གསོལ་བྱད་མི་ཡིན། །སྦོ་བྲག་རྣམས་ཀྱི་དཔའ་ཐག་ཡིན། །སོ་བྲག་གསོ་བའི་ལྷ་ཆབ་ཡིན། །སྲིད་པ་གང་གི་རིང་ལ་བབ། །གཤེན་རབ་བོན་འཁོར་བསྐོར་ཉིན་བབ། །དགྱེས་པ་གཡུང་དྲུང་བོན་ལ་དགྱེས། །ཁ་འཛིན་སངས་རྒྱས་ཆོས་ལ་བྱེད། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །གཏམ་སྙན་བ་དན་བསྒྲེང་ངོ་ཡིན། །འདི་ཡི་བརྒྱག་ཁ་དང་པོ་ནི། །སད་ཀྱི་ཁ་ཝང་དཀར་ཐོག་ཟེར། །ཕུག་པས་འབྲི་མིག་ཤེས་ཆེན་དུན་དུན་བརྒྱག །བར་པས་སད་ལིང་ཆོས་འཁོར་ཟེར། །སྒོ་བས་འོད་དཀར་གཡུ་ཡི་ཕུག་རོན་བརྒྱག །ཡང་དག་གཤེན་གྱིས་མཚན་གསོལ་བ། །སད་རིན་ཆེན་གསལ་བའི་སྒྲོན་མེ་ཟེར། །དཀར་ཐོག་གསུམ་གྱི་འབྲིང་པོ་ཡིན། །ལྡི་བུར་ཉེར་ལྔ་འདུས་ས་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །དགྲ་བླའི་དཔའ་ཆུ་ངར་མ་ཡིན། །ཕོ་དཔའ་བོས་དགྲ་སྔང་གཉའ་བ་མནན། །སྨན་འཛང་མས་སྲིད་ཀྱི་


MR16_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མིག་བརྡོལ། །བན་མཁས་པས་སངས་རྒྱས་བསྟན་པ་ཟིན། །བོན་བཟངས་པོས་གཤེན་རབ་བརྒྱུད་པ་སྤེལ། །མགྱོགས་པས་བར་སྣང་རླུང་རྗེས་ཟིན། །ཟས་དུག་ཀྱང་སྨན་མཆོག་བདུད་རྩིར་འགྱུར། །བེར་དཀར་ཅན་གྱི་དགྲ་བླ་ཡིན། །ཕྱི་སར་དགྲ་གྱོད་གོད་ཁའི་ངོ་། །གཉིས་པ་ལ་ཝང་སྨུག་ཐོག་ཡིན། །ནོར་གཡང་ཅན་བརྒྱ་ཡི་གཡང་ཐག་ཡིན། །ཟས་བཅུད་ཅན་སྟོང་གི་ཁ་ཞག་ཡིན། །བེར་སྨུག་ཅན་གྱི་དགྲ་བླ་ཡིན། །རང་སར་གཡང་གི་རུ་མ་ཡིན། །ཕྱི་སར་ཤོར་ན་གཡང་ཁ་རལ། །གསུམ་པ་ལ་ཝང་དམར་ཐོག་ཟེར། །ལ་ཝང་ནང་གི་སེ་སྟོད་ཡིན། །དགྲ་ལྷ་དྲ་མ་ཤ་ཟན་ཡིན། །བརྒྱ་ཤ་ཟ་ཞིང་སྟོང་ཁྲག་འཐུང་། །བེར་དམར་ཅན་གྱི་དགྲ་བླ་ཡིན། །རྔོན་དང་ཡ་མ་ནག་པོར་བཟང་། །རང་སར་དམར་ངོ་ཤ་ངོ་ཡིན། །སྒོ་བརྒྱག་ནག་ཐོག་སེ་སྟོད་ཡིན། །ལ་ཝང་བྱི་ལ་འཕར་མ་ཟེར། །ཤི་གསོན་ལག་པ་སྦྲེལ་མི་ཡིན། །ཤི་མིག་གསོན་ལ་བལྟས་པ་ཡིན། །དགྲ་བླ་དམེ་ཤས་མནོལ་བ་ཡིན། །རྐྱང་སེ་རྩི་ཡིས་དུག་པ་ཡིན། །ལྷ་ཡི་བུ་མོ་ཤི་ངོ་ཡིན། །གཅེས་པའི་བུད་མེད་གྲི་སྤུར་ཡིན། །ལོ་མལ་བབ་ན་ན་ངོ་ཡིན། །བརྟུད་ནས་བབ་ན་ཤི་ངོ་ཡིན། །འདི་གཡག་བརྒྱའི་རྔ་མ་གཅོད་པའི་གྲི། །རི་དྭགས་ལིང་ལ་འགྲོ་ཉིན་བཟང་། །ཡ་ཐང་གཡག་བརྒྱའི་རོ་ཡིས་བཀང་། །མ་ཐང་འབྲི་བརྒྱའི་རོ་ཡིས་གང་། །བར་ཐང་བེའུའི་རོ་ཡིས་བཀང་། །ཤ་རུལ་བྱ་ཡིས་མི་ཟ་ཞིང་། །ཀོ་རུལ་འབུས་ཀྱང་མི་གཡེང་ངོ་། །དཀར་ཐོག་ནག་ཐོག་འདོམ་པ་ན། །སྨོན་ལམ་བཟང་པོ་དམོད་མོར་སོང་། །ལྷ་སྲུང་བདུད་དུ་བབ་པ་ཡིན། །དགྲ་བླ་དམོ་དང་གྲིབ་ཀྱིས་འགགས། །ལྷ་གསོལ་ལོག་པར་སོང་ངོ་ཡིན། །སྨུག་ཐོག་ནག་ཐོག་འདོམ་པ་ན། །ལྷ་འདྲེ་ལག་པ་སྦྲེལ་བ་ཡིན། །བཟང་ངན་འདྲེས་པའི་མོ་མདུད་ཡིན། །འཁྲུགས་པ་བྱེད་པའི་མོ་ལ་


MR16_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །ཝེར་མ་ཤ་འགྲངས་ཁྲག་གིས་ངོམས། །ཡུལ་ས་དྲོ་འཇམ་མོ་ལ་ངན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་སྐྱེ་ཚར་དང་མི་འཆི་འོང་། །ནོར་མང་སོགས་ཀྱང་ཞབ་རྡོལ་ཡིན། །ལྷག་པར་ནོང་ཕྱ་དག་ལ་ངན། །དཀར་སྨུག་དམར་ཐོག་གསུམ་འདོམ་ན། །ལ་ཝང་དྲ་མ་མདུད་ཆེན་ཡིན། །དགྲ་བླ་འཛིན་པ་སྟོབས་ཆེན་ཡིན། །ཤལ་ཆེན་དམག་གི་མོ་འདེབས་ན། །བཅུ་གཅིག་བཅུ་གསུམ་སྟེང་དུ་བཅེས། །དགྲ་བླས་དགྲ་བསད་མགོ་བོ་ཁྱེར། །དགྲ་སོད་ནོར་རྙེད་སྙན་པ་རྒྱས། །དེ་བཞིན་གཉིས་བརྒྱག་དྲུག་དང་ནི། །གསུམ་བརྒྱག་བཞི་དང་བཞི་བརྒྱག་གཅིག །བཟང་ངན་མིང་འདོགས་ཤེས་པར་བྱ། །རང་སྙན་ལྷ་རླུང་དཀར་པོ་འདི། །གཅིག་གི་སྟེང་དུ་བབ་པ་ན། །གཏམ་སྙན་ཤར་ནས་འབྱུང་ངོ་ཡིན། །ལྷ་རླུང་དཀར་པོ་ནམ་མཁར་ལྡང་། །ལྷ་གསོལ་བསོད་ནམས་བརྩམ་ན་ལེགས། །གཉིས་རྒྱ་བོད་སྙན་ལམ་འདྲེས་པ་ཡིན། །གཉེན་བཤེས་ཚོང་མགྲོན་མོ་ལ་བཟང་། །གཤིན་པོ་དུར་ས་བདེ་བ་ཡིན། །གསུམ་ཆུང་གསུམ་ཁ་ནས་གཏམ་སྙན་ཡིན། །ཟས་ནོར་གྲོགས་ཀྱི་གཡང་ཁ་ཁུག །ཕྱེ་མར་གལ་ཏ་མགོ་འབྲེལ་ཡིན། །བཞི་ལྷ་སྨན་ལྷ་ཁྱིམ་བསུས་པ་ཡིན། །བང་མཛོད་ནོར་གྱིས་གང་བས་བཟང་། །ལྔ་ཀླུ་སྨན་དཀར་པོ་ཆས་སུ་ཞུགས། །ལྷ་སྲིན་བར་གྱི་འཕྲིན་པ་ཡིན། །དྲུག་ཕྱ་རབ་རྒྱལ་དང་དམུ་ཟ་སྨན། །སྟངས་དང་དཔྱལ་དུ་གྲུབ་པས་བཟང་། །ལྷ་མཚུན་དགྲ་བླས་མགོན་སྐྱབས་བྱེད། །བློ་དང་བྱ་བ་ཅི་སྨོན་འགྲུབ། །བརྒྱད་སྲིད་པའི་ཤེལ་བྲག་དཀར་པོ་ལ། །སྨོན་པའི་དྲངས་ཤིང་ཚུགས་པ་ཡིན། །མི་ཆེན་བླ་མའི་གསུང་སྙན་གནང་། །དགུ་གཉན་སྡོང་བར་གྱི་འཕྲིན་པ་ཡིན། །བཅུ་གནམ་སྨན་དཀར་མོས་ལྡེའུ་མིག་བསྣམས། །སྐྱིན་ཀྱི་གནམ་མཐོང་ཕྱེ་བ་ཡིན། །བཅུ་གཅིག་དགྲ་བླའི་རྟ་


MR16_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གྱེན་དུ་མགྱོགས། །ཕྱོ་མ་ཡེ་སངས་དགྲ་ལ་ཆས། །ཡེ་ངམ་བར་གྱི་འཕྲིན་པ་ཡིན། །དགྲ་ཟུན་བར་གྱི་ལབ་མདའ་ཚུགས། །བཅུ་གསུམ་མི་སྲོག་བྲག་བས་སྲ། །མི་ནོར་བསྟན་པ་དར་རྒྱས་ཡོང་། །ཐི་གུ་གཅིག་དེ་ཁོག་ལ་འཇུས། །སད་ཀྱི་མ་ལ་དུན་ཐག་འདི། །སད་རྒོད་རྨོག་མོ་བྱ་བུར་ཡིན། །གསེར་གྱི་ཉི་མ་ཀླད་ལ་ཤར། །དུང་གི་ཕུབ་མོ་རྒྱབ་ལ་ཁུར། །གཡུ་ཡི་རྨོག་མོ་མགོ་ལ་གྱོན། །སྟོབས་ཀྱི་གླང་པོ་ས་སྲུང་ཆིབ། །མགྱོགས་ཀྱི་གྱི་ལིང་ཁ་དཀར་ཁྲིད། །ལྷ་མདའ་ལི་མ་ལག་ན་གསོར། །ཁ་ནས་མི་དལ་བཤུགས་གླུ་ལེན། །ཐང་རེ་རི་རབ་ཀླད་ལ་བསྐོར། །ཐང་རེ་རྒྱལ་མཚོ་ཧུབ་ཀྱིས་འདྲེན། །ཐང་རེ་བར་སྣང་མཐོ་ལ་འཇལ། །གོམ་པ་མི་དལ་མི་མགྱོགས་འདོར། །ཟས་ནི་མི་ལྟོག་མི་འགྲང་ཟ། །གཏམ་ནི་མི་འཇམ་མི་རྩུབ་སྨྲ། །ཁ་ཕོ་མི་བྱེད་སྙིང་ལ་བརྣག །འདོད་པ་དགྲ་ཡི་ཤ་ལ་འདོད། །གནས་པ་མཁར་གྱི་གློ་ལ་གནས། །དམག་ཇག་གཉིས་ལ་སྟོད་དུ་དགོས། །ཚོང་མགྲོན་གཉིས་ལ་བར་དུ་དགོས། །བག་མ་འགྲོ་ན་སྨད་དུ་དགོས། །ལར་དགྲ་གཞི་དཀོར་གསུམ་ཀུན་ལ་བཟང་། །འདི་རྫུ་འཕྲུལ་གླ་བ་དཀར་མོ་ཡིན། །དགྲ་བླ་མ་ལྷ་བུ་རྫི་ཡིན། །བུ་ཚོ་གསོ་བའི་མ་ལྷ་ཡིན། །དུང་ཁྱུང་དཀར་པོའི་མཆེ་སྡེར་ཡིན། །མཚོན་ཆ་རྣམས་ཀྱི་སྙིང་འཛེར་ཡིན། །སད་ཁམས་རྣམས་ཀྱི་འཐེན་བྲག་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་ཚ་སྙིང་སྡུག་ཚར་ངོ་ཡིན། །བརྒྱད་དང་བཅུ་གཅིག་གར་བབ་ཀྱང་། །མཚོན་ཆ་དགྲ་ལ་མི་འཆོར་རོ། །བསྟུང་ནས་ཕྱི་སར་སོང་བ་ན། །རྣོ་མཚོན་དགྲ་ལ་ཤོར་དོགས་ཡོད། །རྣོ་མཚོན་ངར་མས་དགྲ་བླ་བརྔན། །དགྲ་མནན་མཚོན་ཆ་ཡོན་དུ་བྱིན། །དེ་ཡི་མཁར་ཁར་བརྒྱག་སོང་ན། །སད་ཀྱི་ལི་བྱིན་དན་ཆུ་ཡིན། །


MR16_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་དུང་སེང་དཀར་མོ་ཟེར། །སྲིད་ཚད་མཚོན་གྱི་སྙིང་འཛེར་ཡིན། །དེ་བརྡུང་བ་མ་ཡིན་རང་གྲུབ་ཡིན། །རང་སའི་བཙན་ས་གར་བབ་བཟང་། །ལྷག་པར་ཡ་རབ་མོ་ལ་བསྔགས། །ཕྱི་སར་ཤོར་ནས་ལན་ལད་ན། །དགྲ་བླའི་མིང་ཅན་མི་ཤི་ནས། །རྟ་དམར་ཞུར་སེར་ཞུར་དགྲ་ལ་འཆོར། །ལྡོག་ན་དགྲ་སོད་རྟ་དེ་ལོན། །བ་ཁོག་གསུམ་དུ་བུ་སྐྱེ་ངོ་། །མིང་ཡང་དགྲ་བླ་རྒྱལ་དུ་ཐོགས། །འདི་ཡི་ལན་དུ་སད་ཁམས་ན། །ལྷ་དཔའ་སྐད་ཐོན་ནས་ཆུས་ཆེན་ལེན། །བྱ་ཡུན་དགྲ་བླའི་དར་འཕྲུ་ཚུགས། །དིང་དིང་དགྲ་བླ་གུར་ཁྱིམ་བདེ། །ཨ་ཁད་རྩེ་མ་དགྲ་བླའི་ཁ་པོ་སྒྲོགས། །དེ་གསུམ་དགྲ་བླའི་སྙན་ལམ་དང་། །ཆུས་ཐོབ་དམག་མགོ་ཐོན་པ་ཡིན། །སྐྱམ་ཀྱི་དངས་མ་སྒོ་བརྒྱག་དང་། །སེ་སྟོད་སྒོ་བརྒྱག་ཐང་ལེ་སྣ་དམར་གསུམ། །སྙིང་འཛེར་བཤིག་པའི་བདུད་གསུམ་ཡིན། །སྒོ་མ་གཏོགས་པའི་བརྒྱག་གཉིས་ན། །དུང་ཁྱུང་མཆེ་སྔེར་གཡས་གཡོན་ཡིན། །ལྷ་ཡི་མཚོན་ཆ་རང་གྲུབ་ཡིན། །བརྒྱབ་མི་དགོས་པར་བསམ་པས་ཆོག །མཚོན་ལ་མི་སྲིད་དགུ་སྲིད་ཀྱང་། །བསམ་པས་ཆོག་པ་འདི་ལས་མེད། །འདི་སྐྱམ་རིགས་གསོ་བའི་བདུད་རྩི་ཡིན། །སྤོ་བྲག་འཆོས་པའི་སྨན་པ་ཡིན། །སོ་བྲག་འཐེན་པའི་ཐག་པ་ཡིན། །ཁྲེལ་ཐག་གཅོད་པའི་སྤུ་གྲི་ཡིན། །ངན་སོང་འདྲེན་པའི་སློབ་དཔོན་ཡིན། །དབུལ་འཕོངས་སེལ་བའི་གཏེར་མཛོད་ཡིན། །བདུད་རྩི་དྲི་མཆོག་ག་བུར་ཡིན། །ཙནྡན་སྦྲུལ་གྱི་སྙིང་པོ་ཡིན། །ཚད་པ་སེལ་བའི་སྨན་མཆོག་ཡིན། །སྐྱ་ཞིབ་སྡུད་པའི་ཕྱག་ཆ་ཡིན། །སྨད་དུ་གཞི་ཡི་རྟན་ཕུང་ཡིན། །བར་དུ་མཁར་གྱི་ཀ་གདུང་ཡིན། །སྟོད་དུ་དམག་གི་ཁ་འཛིན་ཡིན། །མ་བུ་དུན་བཏང་སྒོ་ལ་བརྒྱག །མ་ལྷས་བུ་ཚྭ་འདྲེ་ལ་བཙོང་། །ཕོ་ལྷས་མི་སྲིང་བཙོང་བ་ཡིན། །སྲིའུ་ནད་པ་གསོ་བ་དང་། །དམག་ཇག་


MR16_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་ཕྱ་ཀུན་ལ་ངན། །དེ་ཡི་བརྒྱག་ཁ་འདོམས་པའི་རིགས། །གཞན་ཀྱང་རྗེས་སུ་ཤེས་པར་བྱ། །ཁོག་ལ་ཐི་དགུ་གཉིས་འཇུས་སད། །རོག་པ་ཐེ་སད་ཅེས་བྱ་ཡིན། །རོག་པ་ཁུ་རྫོང་སད་ཀྱི་བྱ། །དགུ་བུད་མེད་ནད་པའི་མོ་ལ་ངན། །གཅིག་ལ་ནོར་ཤོར་མོ་ལ་བཟང་། །བཅུ་གསུམ་གྱོད་ལ་གྱོད་འཕེལ་ཡིན། །སྤོ་བརྒྱག་བྱུང་ན་ལྷག་པར་ངན། །དེ་ཡི་ཐིག་གཉིས་ཙམ་ཐིག་འབྲེལ། །རོག་པ་ཙམ་ཐིག་ཐེ་སད་ཟེར། །བ་བྲག་ཐེ་སད་ཅེས་ཀྱང་བྱ། །ཕ་དང་བུ་རུ་ཕྲད་པ་ཡིན། །སོ་ལ་ཐི་གུ་གསུམ་བཀོན་སད། །དམུ་ནམ་ཐུགས་ཀར་སད་ཅེས་བྱ། །ཁ་ཅིག་དམུ་ངམ་སད་ཀྱང་ཟེར། །སྨོན་པའི་ལྷ་དབྱིག་དཀར་པོ་ཡིན། །དེ་ཡི་ཐིག་གཉིས་ཕན་ཚུན་འཇུས། །དམུ་ནམ་དགའ་བྱེད་ཐེ་སད་ཡིན། །མགྱོགས་པའི་བང་ཆེན་སླེབས་ངོ་ཡིན། །དེ་ཡི་ཐིག་གསུམ་ཕན་ཚུན་འཇུས། །དམུ་བྲག་ཐེ་སད་ཅེས་སུ་བྱ། །ངམ་གྱི་ཟངས་གཞུ་ལྕགས་མདའ་ཡིན། །མོ་ཁོག་བཞི་སྦྲེལ་ལྕགས་ཐག་འདྲ། །ཤིང་ཤག་ཐེ་སད་ཅེས་སུ་གྲགས། །ཝེར་མ་དགྲ་ཕུང་ཟུན་ཕུང་ཡིན། །སུམ་སྦྲེལ་དབུས་མར་མོ་རྟས་ཟིན། །དོན་གྲུབ་དབང་གི་ཐེ་སད་ཡིན། །གཅིག་ལ་མི་ནག་མོ་ལ་བཟང་། །གསུམ་ལ་སྲིད་བྱ་བུ་མོ་སྐྱེ། །དེ་ཡི་མོ་རྟས་གཉིས་ཟིན་ན། །མུ་ཁྱུད་རི་ནམ་སད་ཅེས་བྱ། །གཅིག་ལ་ཡུལ་སྤོས་བྱེད་ན་བཟང་། །བརྒྱད་ལ་བནྡེ་དག་ལ་བཟང་། །དགུ་ལ་བོན་པོ་དག་ལ་བཟང་། །གསུམ་པོའི་མཐའ་གཉིས་སོ་ཡིས་བཀུག །ཉི་འོད་འབར་བའི་ཐེ་


MR16_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སད་ཡིན། །ལྷ་ཡི་དབྱིག་རྟ་དཀར་པོ་ཡིན། །མོ་རྟར་གཉིས་སྦྲེལ་གཅིག་འཇུས་ན། །མཁའ་ཀློང་དབྱིངས་ཀྱི་ཐེ་སད་ཡིན། །དམུ་ཆུའི་ལི་ཕྱིན་ཐེ་སད་ཟེར། །ལྷ་ཡི་དུང་དབྱིག་དཀར་པོ་ཡིན། །སུམ་འབྲེལ་གཅིག་ལ་མོ་རྟས་ཟིན། །སད་ཟུར་གསུམ་འཕྲུལ་གྱི་ཐུགས་ཀར་རམ། །མུ་ལེ་ཟུར་གསུམ་སད་ཅེས་བྱ། །དེ་ཡི་གཉིས་ལ་ཟིན་པ་ན། །སད་ཀྱི་ཙར་ལང་དང་ངོད་ཟེར། །གཅིག་ལ་མ་ཕྱིན་བའི་ངོ་། །བདུན་ལ་ཕ་སྤུན་དམེ་སྦྲེལ་འོང་། །དྲུག་ལ་བུད་མེད་ནལ་གྱིས་འཕུང་། །གསུམ་ཟིན་མུ་ཁྱུད་མུ་ལེ་ཟུར་གསུམ་སད། །དམུ་བྲག་མུ་ལེ་ཟུར་གསུམ་སད་ཀྱང་ཟེར། །སྐྱམ་ལ་གཅིག་འཇུས་སོས་བཀུག་པ། །ཀུ་དོ་ཡར་སྐེ་སད་ཅེས་བྱ། །ཡར་རྣམ་ཐེ་སད་ཅེས་ཀྱང་བྱ། །བཅུ་གཅིག་བ་བཙུན་འཕེལ་ཐག་ཆད། །བདུན་ལ་ཕྱུག་པོ་ཡར་ཤིད་ངན། །གཅིག་ལ་མ་རབ་ཆུང་གསུམ་བཟང་། །བཅུ་གཅིག་སྐྱིད་ངན་སྡུག་ལ་བཟང་། །སོ་དེ་ཕྲུ་གུའི་ནང་དུ་བཀུག །ཀུ་དོ་མ་རྐེ་ཐེ་སད་ཟེར། །མར་ནམ་ཐེ་སད་ཅེས་ཀྱང་བྱ། །བཞི་ལ་ཕུགས་སུ་འདྲེ་ཞུགས་ཡིན། །བཅུ་གསུམ་དག་ལ་གྲི་གསུམ་འོང་། །གཅིག་ལ་བྱི་བ་ལོ་པར་ངན། །དེའི་སྐྱམ་དང་ཕྲུ་གུ་གཉིས་ཀ་ལ། །སོས་བཀུག་ཁ་ཁུག་ཐེ་སད་ཟེར། །མུ་ཁ་ཟ་ཡག་ཙམ་ཐིག་ཡིན། །སད་གསུམ་ཐེ་སད་ཅེས་ཀྱང་བྱ། །ཡུལ་ས་དྲོ་འཇམ་མོ་ལ་ངན། །ལྷ་རྔམ་པས་མི་ནི་གསོང་ངོ་དང་། །གཡག་རྔམ་པས་སོ་མ་གསོད་ཅེས་ངན། །འདི་གསུམ་སྐྱེར་ལ་བརྒྱག་སོང་ན། །ལུད་ཕུང་ནང་གི་གསེར་རྙེད་བཟང་། །སྐྱམ་དང་ཕྲུ་གུ་སོ་སོར་ནི། །མོ་རྟ་དག་ལ་འཇུས་པ་


MR16_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དམུ་ཟ་ཁ་ཡག་གི་ཐེ་སད་ཟེར། །སྤོ་ལ་སྐྱམ་བཀོན་སད་དེ་ནི། །སྐྱམ་བྲག་ཐེ་སད་ཅེས་སུ་བྱ། །ཡང་ན་སྐྱམ་བྲག་རིང་ཆུ་ཟེར། །བཅུ་གསུམ་མི་རྒན་ནད་པར་ངན། །ལུག་གི་རུས་པས་མཚུན་གསོལ་བྱ། །སྤོ་ལ་ཐིག་གཉིས་སྦྲེལ་ཏེ་འཇུས། །ཤོ་དོ་ཐུགས་ཀར་ཐེ་སད་ཡིན། །གསུམ་ལ་མི་ནོར་མོ་ལ་བཟང་། །བརྒྱད་ལ་སྲིད་ཕྱ་བུ་ངོ་ཡིན། །བཅུ་གཅིག་གཉེན་གྱི་མོ་ལ་བཟང་། །བཅུ་གསུམ་ཤི་ཆད་མེད་པས་བཟང་། །སྤོ་ལ་བརྒྱག་སོང་ཤིན་ཏུ་ངན། །རང་སྙན་ཁོག་ལ་སོ་བཀུག་ན། །ཆུ་སྤར་ཐེ་སད་བྱ་བ་ཡིན། །མདུན་ཁུར་ངོ་ཡིན་གང་ལ་ངན། །བཅུ་གཅིག་སྡུག་པོའི་མོ་ལ་བཟང་། །སྐྱིད་པོའི་མོ་ལ་ངན་པ་ཡིན། །དེ་ཡི་མ་ལ་བརྒྱག་གཅིག་ན། །གནམ་ལྕགས་སེ་སྟོད་བྱ་བ་ཡིན། །ཡང་ན་སད་ཤེལ་ཝེར་བྱ་དཀར། །སོ་ཡོན་དཀར་མོ་འགྲན་ཟླ་མེད། །རྐུན་ཇག་གཉིས་ཀྱི་དགྲ་བླ་ཡིན། །ཉི་ཟེར་འཕྲུལ་གྱི་ཞགས་པ་ཡིན། །ཟླ་ཟེར་འཕྲུལ་གྱི་ཨ་ལོང་ཡིན། །བཏབ་ན་ཟེར་མའི་རླུང་ཡང་ཟིན། །ཟིན་ན་བཙན་བདུད་གིང་གསུམ་ཐུབ། །ཡང་དག་འཛིན་བྱེད་ཞགས་པ་ཡིན། །ཞགས་པ་ཅན་གྱི་དགྲ་བླ་དེ། །རྐུན་མ་འགྲོ་བའི་ཝེར་མ་ཡིན། །དེ་ལ་བརྒྱག་གཉིས་སོང་བ་ན། །སད་ཤེལ་ཝེར་ཡང་སངས་མཚལ་སྟག་རིས། །དགྲ་བླ་གཏུམ་པོ་ཆུ་སྲིན་མགོ ། ཆུ་སྲིན་མྱོ་ལ་སྦྲུལ་ནག་མཇུག །དགྲ་ལ་མཚན་ཐང་བྱེད་མི་ཡིན། །རིང་བར་མཚན་འགྲོས་བྱེད་ན་བཟང་། །མཚན་འགྲོས་བྱས་ན་དགྲ་དང་ཐུག །དགྲ་དང་ཐུག་ན་འུར་ཆོམ་འཐབ། །གནངས་ཀྱི་སྐ་རགས་གྲོལ་ངོ་བཟང་། །དེ་ལ་བརྒྱག་ཁ་གསུམ་སོང་ན། །སད་ཤེལ་ཝེར་འཁོར་ལོ་པདྨ་བརྒྱག །ཤལ་ཆེན་དྲ་མ་འདེགས་ན་བཟང་། །མཐོ་བའི་


MR16_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་རྩེ་ནས་ཕབ། །མི་རྟ་ཁྱི་གསུམ་བསད་ངོ་ཡིན། །ནོར་ལུག་གནག་ཁྱུ་ཡོ་འདེད་བྱེད། །རང་སྙན་མོ་རྟ་བག་ལ་སོང་། །སྟོན་པ་སད་སྔ་གྱེར་རྒྱུང་ཡིན། །གྲུ་གསུམ་ཟུར་ལ་འབྲེལ་བ་དེ། །ཕྱ་དམུ་གཙུག་གསུམ་དབང་ཐང་ཡིན། །གཉིས་པོ་ལྕགས་ཐག་འབྲེལ་བ་དེ། །སྲིད་པ་ཡེ་སྨོན་རྒྱལ་མོ་དང་། །སྲུ་མོ་ཕྱྭ་ལྕམ་རྒྱལ་མོ་གཉིས། །ཕྱག་རྒྱ་གཅིག་ཏུ་སྡེབ་པ་ཡིན། །མོ་སྒོ་ཟུར་དུ་བུད་བ་དེ། །འདྲེ་སྲིན་བྱུར་གསུམ་བུད་པ་ཡིན། །མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །འདི་བས་སྔ་མ་གཅིག་ཀྱང་མེད། །མིང་ཡང་སད་སྔ་གྱེར་རྒྱུང་ཟེར། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཁྱད་པར་དགུ་ལ་བབ་པ་ན། །གཡུང་དྲུང་བོན་གྱི་གདན་ཁྲི་གནོན། །འདི་ལ་བརྒྱག་གཅིག་བཅས་པ་ན། །སད་སྔ་ཤེལ་ཐོག་དཀར་པོའམ། །སྟག་ལ་བྱ་རོག་བརྒྱག་ཀྱང་ཟེར། །ལ་ལས་ཧ་སྡེར་དཀར་པོ་ཟེར། །སྲིད་གསུམ་གཤེན་རབ་མི་བོ་ཡིན། །ལྷ་འདྲེ་དབང་དུ་སྡུད་མི་ཡིན། །འདྲེ་སྲིན་ཟིལ་གྱིས་གནོན་མི་ཡིན། །བུ་ཚ་གསོ་བའི་ལྷ་གསས་ཡིན། །ནོར་གྲངས་འཕེལ་བའི་རྨ་གཡང་ཡིན། །དམག་ཆེན་འདེགས་པའི་ཁ་འཛིན་ཡིན། །དེ་ལ་བརྒྱག་གཉིས་སོང་བ་ན། །སད་སྔ་ལྷ་བོན་ལྷ་སྲས་ཡིན། །ཡེ་གཤེན་དབང་རྫོགས་བླ་གནས་ཡིན། །ཡོད་ཁམས་ལྷ་དབྱིག་དཀར་པོ་ཡིན། །ཞག་དབྱིག་ལྷ་ཡི་ཚྭ་ཚྭ་འཕྲོ། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །དགྲ་ལྷ་ཆས་པས་དགྲ་ཁམས་བརླག །ཤལ་ཆེན་མོ་ལ་ལྷག་པར་བཟང་། །དེ་ལ་བརྒྱག་གསུམ་སོང་བ་ན། །སད་སྔ་ལྷ་ཡི་ལྷ་གསས་ཟེར། །དབྱིག་ཆེན་སྐར་མ་ཟླ་རིས་བརྒྱག །ཟླ་རིས་སྐར་མའི་ཚོམ་བུ་འདི། །སད་ཁམས་རྣམས་ཀྱི་ཡང་ལྷ་ཡིན། །བོན་ཐེག་པ་རིམ་དགུའི་བང་མཛོད་ཡིན། །དགྲ་བླའི་གྲོལ་ཕུག་


MR16_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཡིན། །འདི་མི་འབབ་ན་ཡང་ལན་གཅིག་འབབ། །ཐེང་གཅིག་བབ་པའི་དུས་བྱུང་ན། །ཕུ་དེར་འབྲོག་པའི་རྟ་སྣ་རིང་། །བར་དེར་བོན་གྱི་བསྟན་པ་དར། །མདའ་དེར་ཞིང་སའི་ལོ་ཐོག་ལེགས། །རྟ་ཡོ་མ་ཁྱུ་བདུན་གསེབ་ཀྱིས་སྐོར། །འབྲི་ཁྱུ་བདུན་འབྲོང་དང་ཁྱུ་འདྲེས་བྱེད། །ལུང་ཁྱུ་ཆེན་བདུན་གྱིས་རི་བདུན་འཁོར། །འབྲུ་སྣ་བདུན་ལ་ལོངས་སྤྱོད་བྱེད། །རིན་ཆེན་སྣ་བདུན་བསམ་ལས་འདས། །གོས་དར་ཟབ་གསུམ་བརྗོད་མི་ལང་། །རྟ་དྲེལ་བོང་གསུམ་བགྲང་མི་ལང་། །ཁྱི་ར་ཕག་གསུམ་སྒོ་ཁ་གང་། །བ་མཁར་རྟོལ་གསུམ་འཚོ་མཁན་མེད། །ཕྱུགས་ལ་གཡང་ནོར་བསམ་མི་ཁྱབ། །ཡང་དག་ཕྱུགས་ཀྱི་གྲོལ་ཕུག་ཡིན། །སད་སྔར་ནེ་ཚ་བྱུང་བ་ན། །སད་སྔ་ནེ་ཚ་དཀར་མོ་ཡིན། །ནེ་ཚ་རྣམས་ཀྱི་གྲོལ་ཕུག་ཡིན། །ལྷ་ཡི་མཚོན་ཆ་རང་གྲུབ་ཡིན། །རྫས་ལས་བཅོས་པ་མ་ཡིན་ནོ། །རང་ས་རྣམས་སུ་བབ་ན་བཟང་། །ཕྱི་སར་ཤོར་དུ་མི་རུང་ངོ་། །སྐྱམ་ལ་ཕྲུ་གུ་གཅིག་བསྐོན་ནས། །མོ་རྟ་བག་ལ་སོང་བ་དེ། །སད་ཀྱི་ཝ་ཚ་ལ་རྔམ་ཡིན། །གསེར་གྱི་རྡོ་རྗེ་རང་གྲུབ་ཡིན། །སད་ཁམས་འཛིན་པའི་ཤ་ཟུང་ཡིན། །བཀྲ་ཤིས་དྲིལ་བུ་གསུང་སྙན་ཡིན། །ཡང་དག་ཆོས་ཀྱི་རྒྱལ་མཚན་ཡིན། །ལྷ་ཁམས་རྣམས་ཀྱི་ཡང་སྙིང་ཡིན། །སྟོང་གསུམ་མཐོ་རིས་ལམ་འདྲེན་ཡིན། །སྨད་གསུམ་བབ་ན་ངན་སོང་སྒོ་གཅོད་ཡིན། །རང་སར་ཅི་བཏབ་ཅི་ལ་བཟང་། །ཕྱི་སར་རོ་སྔས་དྲིལ་བུ་ཡིན། །འདི་ལ་བརྒྱག་གཅིག་བཅས་པ་ན། །ཁྲི་ཏོག་སྟག་རིས་སངས་རྒྱས་ཟེར། །སྟོན་པ་ཤཱཀྱ་ཐུབ་པ་ཡིན། །སད་ཁམས་ཐམས་ཅད་བོན་པོ་ཡིན། །བ་ཙ་ལ་རྔམ་བནྡེ་ཡིན། །རང་སར་བཙན་ས་གར་བབ་བཟང་། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །གཞི་ཕྱ་བ་ཁོག་གསུམ་དུ་གཅེས། །འདི་ཡི་ལན་དུ་གསེར་བྱ་


MR16_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྐེད་ཆད་ངན། །རྡོ་རྗེ་རྐེད་པ་ཆག་པ་ཡིན། །འགྲོ་བ་ཡོངས་ཀྱི་འདྲེན་སྟོན་ཤི ། ཉི་ཟླ་གཟའ་ཡིས་བཟུང་བ་ཡིན། །རང་ས་དག་དུ་འདི་བབ་ཀྱང་། །བཅུ་གསུམ་གསེར་བྱ་སེ་སྟོད་ན། །བཙན་པོའི་བུ་ལོན་བཞག་ན་འཕེལ། །ནམ་ཕུག་རིམ་གྱིས་རྩུབ་ངོ་ཡིན། །མྱུར་དུ་རིམ་གྲོ་དྲག་པོ་འབོད། །རང་སའི་བཙན་སར་འདི་བབ་ནས། །ཕྱི་སར་བྱ་མེད་སེ་སྟོད་ན། །ཁ་ཉེན་ཁ་རོག་བཞག་ན་བཟང་། །དེ་མིན་ཁ་ཡོག་འབྱུང་བ་དང་། །བོན་པོ་སོགས་ལ་ནོར་ཤོར་ངོ་། །ལ་ཆེན་བདུན་ལ་བརྒལ་ན་ཐུབ། །སད་ཀྱི་བ་རྩ་ལ་རྔམ་འདི། །བཅུ་གསུམ་སྟེང་དུ་བབ་པ་ན། །ནད་པ་མིན་པ་ཀུན་ལ་བཟང་། །བཀྲ་རྒན་ནད་པའི་མོ་ལ་ངན། །འདི་ཡི་ལན་དུ་བཟང་ཁམས་ན། །སངས་རྒྱས་བསྟན་པ་དར་བ་ཡིན། །དེ་ལ་གལ་ཏེ་བརྒྱག་གཉིས་སོང་། །གཡུང་དྲུང་སྟག་རིས་ཆེན་པོ་ཟེར། །སངས་རྒྱས་རབས་བདུན་བྱོན་ཉིན་བབ། །ཆོས་ཀྱི་འཁོར་ལོ་བསྐོར་ཉིན་བབ། །སད་ཁམས་རྣམས་ཀྱི་ཆོས་པ་ཡིན། །བསྟན་པ་མི་ནུབ་རྒྱལ་མཚན་ཡིན། །བསྟན་པ་འཛིན་པའི་སྲོག་ཤིང་ཡིན། །ལྷ་ཡི་ནང་གི་ཡང་ལྷ་ཡིན། །སྟོང་པ་བཅུད་ཀྱིས་གང་ངོ་ཡིན། །མི་འབབ་ལན་གཅིག་བབ་དུས་ན། །རང་སའི་བཙན་ས་གར་བབ་ཀྱང་། །བཤད་གྲྭས་ས་གཞི་གང་ངོ་ཡིན། །སྒོམ་གྲྭས་རི་སུལ་གང་ངོ་ཡིན། །བསྟན་པའི་རྒྱལ་མཚན་ཚུགས་ངོ་ཡིན། །ཆོས་ཀྱི་དུང་ཆེན་འབུད་ངོ་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། ༌ ། བུ་ཚོའི་ཕ་ཚོ་ཟིན་ངོ་ཡིན། །སྟག་ལ་ཆ་རོག་རྒྱས་པ་དེ། །ཆུ་ལྕམ་དཀར་མོའི་རྒྱན་དུ་ཆེ། །ཕྱི་ས་བཞི་ལ་འདི་བབ་ནས། །རང་སར་ངན་སྙིགས་སློ་བྲག་ན། །སྟག་འཕྲུ་ཐེག་པའི་མི་འཆི་ཞིང་། །སྟག་གཞུག་ཆོད་པའི་རྟ་ཆད་ངོ་། །ལར་ཚར་ཆེན་ནད་པས་འདི་མི་ཐེག །སྟག་ཤི་སྟག་སྡེར་སྐམ་པ་ཡིན། །དེ་མིན་ཅི་བཏབ་ཅི་ལ་བཟང་། །


MR16_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གསུམ་ལྕགས་ཐག་བཞིན་འབྲེལ་ནས། །མོ་རྟ་བག་ལ་སོང་བའི་སད། །ཀྱེ་བ་བག་ཐོག་སད་ཅེས་སམ། །ཀྱེ་བ་སད་དེ་གེ་ཁོད་ཟེར། །ཀྱེ་བ་རྣམས་ཀྱི་ལྷ་དེ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །དོན་གྲུབ་གཞི་ཟིན་ཇག་ཡག་ནུས། །ལྷ་ཁམས་ཚངས་པའི་རྫིའུ་ཡིན། །གསས་མཁར་ཚངས་པའི་ལྟོ་བ་ཡིན། །ཡང་དག་ལེགས་ཁ་འཛིན་མི་ཡིན། །བཅུ་གསུམ་སྟོང་ཁམས་ལྷ་མགོན་དཀར་པོ་དེས། །འདྲེ་སྲི་བཅུ་གཉིས་འདུལ་ཉིན་བབ། །ལྷག་པར་གསས་མཁར་བསྟོད་ན་བཟང་། །མོ་ཁོག་གྲུ་གསུམ་སུམ་ཚོམ་འབྲེལ། །མོ་རྟ་བག་ལ་སོང་བ་ན། །བག་སད་ཀྱི་མུ་ལེ་ཟུར་གསུམ་ཟེར། །དུན་གཡུང་དྲུང་སད་དེ་རང་གྲུབ་ཡིན། །སད་ཁམས་རྣམས་ཀྱི་ཡང་ལྷ་ཡིན། །ཚང་བ་མཐར་བྱེད་བླ་མདུད་ཡིན། །དགྲ་འདྲེ་རྡུལ་དུ་བརླག་མི་ཡིན། །རང་སའི་བཙན་སར་བབ་ན་གཅེས། །དེ་ལྟར་རང་སྙན་ལ་སོགས་པ། །སད་ཁམས་ཉི་ཤུ་རྩ་ལྔ་ཡིན། །དེ་ནང་མ་ལ་དུན་བཏགས་དང་། །བག་སད་རིགས་རྣམས་བཟང་བ་ཡིན། །ལྷག་མ་སད་ཀྱི་བྲག་རིགས་ཏེ། །ཅུང་ཟད་སྙིགས་མའི་གྲངས་སུ་འགྲོ། །སད་ཁམས་དབྱེ་བ་ལེགས་ཤེས་ན། །ལྡི་བུར་སྐྱམ་རིགས་ཉེར་ལྔ་ཡང་། །འབད་མེད་ཤུགས་ཀྱིས་ཤེས་པར་ནུས། །མ་ལ་དུན་བཏགས་ཞེས་པ་འདི། །སད་ལ་རྨོག་མོ་བྱ་བུར་ཟེར། །སྐྱམ་ལ་སྐྱམ་གྱི་དྭངས་མ་ཡིན། །ལྡི་བུར་རྐང་སྦར་ལྡི་བུང་ཡིན། །རང་སྙན་བག་སོང་གྱིས་རྒྱུད་ཡིན། །སྐྱམ་ལ་བག་སོང་སྐྱམ་ལེ་ཟེར། །ལྡི་བུར་ལ་ནི་བག་ལྡི་ཟེར། །སད་ལ་བ་ཙ་ལ་རྔམ་དེ། །གཞན་གཉིས་ལ་ཝ་རི་སྐྱམ་སོགས་འདོགས། །སྐྱམ་བྲག་སྐྱམ་ལ་སྐྱམ་ཆད་ཟེར། །དེ་མིན་སད་སྐྱམ་ལྡི་བུར་གྱི། །མིང་གི་འགྱུར་སོ་མ་གཏོགས་པ། །ཐུན་མོང་མིང་དུ་འདོག་ལུགས་འདྲ། །ཐུན་མིན་


MR16_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་རྣམ་གྲངས་ནི། །རང་རང་སོ་སོའི་སྐབས་ན་གསལ། །དེ་ཕྱིར་འདི་ཉིད་ལེགས་ཤེས་ནས། །སྐྱམ་དང་ལྡི་བུར་མདུད་པ་ཉེར་ལྔ་པོ། །མ་ནོར་ཤེས་པར་བྱ་བ་གཅེས། །སད་སྐར་ཕྲན་འདྲ་བ་ཅེར་ལྔ་འདིའི། །ཁ་འོད་བཟང་རིགས་གང་ཡིན་པ། །ཕུང་ཐོགས་གླིང་ལ་བཟང་བཞིན་འཚོ། །སྐྱམ་གྱི་གླིང་ལ་ཁྲ་བཞིན་འཕྱོ། །སེ་སྟོད་གླིང་ལ་སྤྱན་བཞིན་འཚོ། །བྱ་རལ་གླིང་ལ་སེང་ལྟར་འགྱིང་། །སོ་ཡོན་གླིང་ལ་ཁྱུང་བཞིན་འཕྱོ། །གྲོང་གི་གླིང་ལ་ལྷ་བཞིན་འཚོ། །སྤོ་བར་གླིང་ལ་བདུད་བཞིན་གནོད། །ཆོ་དགུའི་གླིང་ལ་གྲོགས་བཞིན་བསྔོང་། །ཉི་ཟླའི་སྒོ་ལ་འོད་བཞིན་འཁོར། །བྱོད་ཕུར་ལན་དུ་ཕ་དང་འདྲ། །དིང་དིང་ལན་དུ་དཔལ་དང་འདྲ། །དམུ་དག་ལན་དུ་གྲི་དང་འདྲ། །སྤོ་མགོའི་རིགས་ལ་སྤུན་དང་འདྲ། །ཀྱེ་བའི་ལན་དུ་རྗེ་དང་འདྲ། །དམུ་དབལ་ལན་དུ་བྲན་དང་འདྲ། །ད་རོག་ལན་དུ་མ་དང་འདྲ། །སྒྲོ་བྲག་ལན་དུ་བུ་དང་འདྲ། །ལི་ཡན་ལན་དུ་ཡུལ་དང་འདྲ། །འཐོར་བའི་ལན་དུ་ཁྲབ་དང་འདྲ། །སད་བྲག་བརྡུང་བའི་ཐོ་བ་ཡིན། །སངས་རིགས་འདེགས་པའི་བྱ་རྒྱལ་ཡིན། །ལར་གཅིག་ལ་སད་ཁམས་བཟང་སྡེ་ན། །ཡུལ་ཟིན་ས་ཡི་རྟེན་ཕུར་ཚུགས། །ཤར་ལུས་འཕགས་པོ་ཡི་བླ་མདུད་ཡིན། །རྒྱལ་པོའི་གདན་ནོན་བུ་ཚ་སྐྱེ་འགབ་བཟང་། །བོན་གྱི་གསས་མདའ་བྲག་ལ་ཚུགས། །ལྷ་སྲུང་མཉེས་པའི་རྫིའུ་ཡིན། །གཉིས་དུར་ས་ཉེས་པས་མཚུན་བཅོས་བྱ། །གསུམ་ལ་བུ་ཚ་ལྷག་ཆད་འོང་། །བཞི་ལ་གཡང་གི་ར་བ་གང་། །ལྔ་ལ་ལྷ་བོན་འདྲེ་ལ་ཕྱོགས། །དྲུག་དཔལ་ཁང་གསོས་ཞིང་བུད་མེད་འཕེལ། །བདུན་སྐྱེས་པའི་ཕོ་བློ་ལྷ་ལ་གཏད། །བརྒྱད་པདྨ་འདབ་བརྒྱད་རྒྱས་པ་ཡིན། །དགུ་ལྷ་མདའ་བྲག་ལ་ཚུགས་པ་ཡིན། །བང་མཛོད་ལ་བསེ་རག་མ་ཞུགས་བཟང་། །བཅུ་གཅིག་དགྲ་བླ་ངོ་སོ་མཐོ། །བཅུ་གཉིས་


MR16_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་གྱི་བླ་གནས་དར། །བཅུ་གསུམ་བོན་གྱི་རུ་དར་ཚུགས། །གཞན་ཡང་ཚོལ་ཚེ་ཧྲང་ཟེ་དང་། །སུམ་མཉམ་ལ་སོགས་སད་རྣམས་ཀྱང་། །སད་ཀྱི་ཁམས་སུ་གཏོགས་མོད་ཀྱི། །རང་རང་སྡེ་ཚན་སོ་སོ་ཡིན། །ལར་སད་ཁམས་ལན་དུ་དིང་དིང་ན། །ལྷ་ལམ་དར་ཐང་བདེ་བ་ཡིན། །སྐྱིན་དིང་ལམ་ཁ་རྡོ་ཡིས་བཀག །གལ་བར་དགྲ་བླ་མཁར་ན་འགྱིང་། །བྱ་ཡུན་སྤང་ལ་མེ་ཏོག་སྐྱེས། །བྱ་བུར་དར་དཀར་གནམ་ལ་ཕྱར། །མུ་ས་མང་པོས་དགའ་གླུ་ལེན། །ཤོར་ཁུང་ཟླ་བ་གཟའ་ཡིས་ཟོས། །ཝ་ཚོ་ཕོ་ལྷས་སྙན་དར་བཟུང་། །སྤོ་ཚེ་སྙན་པའི་དར་ཆེན་ཕྱར། །དམུ་དག་ཤིང་ལོ་འབྲས་བཟང་སྨིན། །སྐྱེར་དཀར་ནམ་ཕུག་བདེ་སྐྱིད་ལྡན། །ཚོལ་ཚེ་མོ་བཙུན་མགོ་ཡི་གཡུ་རལ་ཡིན། །བརྒྱག་ན་གལ་ཏ་ཕྱེ་མར་བཀང་། །ཁྱུང་བརྒྱང་དགྲ་བླའི་ཁ་འཛིན་བྱེད། །ཨ་ཁད་སྟག་ལ་རི་མོ་བཀྲ། །སད་ཁམས་ལྷ་དམག་གྲོས་འདུན་བྱེད། །སྲད་ཟེ་རྒྱ་སྟག་ནགས་སུ་སླེབས། །བྱོད་ཕུར་བཙན་གྱི་བྱི་བོ་འཇབ། །ལྡི་བུར་གཉེན་ལྕམ་མཚོན་དང་བྲལ། །ཡར་ལྡིང་བཟང་ལ་སྙན་པས་བརྒྱན། །སུམ་མཉམ་དགྲ་བླ་ལམ་དུ་ཞུགས། །ཙེ་ར་མདུང་ལ་བ་དན་བཏགས། །གཡུང་དྲུང་གཡུ་ཤུག་གནམ་དུ་མཐོ། །ཀྱེ་བ་སད་རིགས་ཉེར་ལྔ་པོ། །རི་བོ་འདི་ལ་འདུས་པ་ཡིན། །ད་རོག་དགྲ་བླ་ནོར་གྱིས་འཚོང་། །དམུ་དབལ་དགྲ་བླའི་དཔའ་སྐད་འདོན། །སྐྱམ་རིགས་དཔའ་མཚོན་འཕང་དུ་སོང་། །སྐྱམ་ནག་གནམ་སྨན་བཙོག་གིས་མནོལ། །བྱ་རལ་ཕྱེ་མར་གལ་ཏ་ཁྱི་ཡིས་ཟ། །ལི་ཡན་དགྲ་བླ་ཁོང་སྙིང་སྟོང་། །མར་ལྡིང་དགྲ་བླའི་གོ་བཀྲག་ཡལ། །སྦོ་བར་གཏམ་སྙན་མི་ཁར་སོང་། །སོ་ཡོན་ཉི་ཟླ་སྐར་གསུམ་མུན་པར་སྟོར། །རུ་སོད་ཟ་ཁར་འགོང་པོ་ཞུགས། །མ་ཟེ་རྒྱུག་ཁའི་ལག་དོང་ཡིན། །ན་འབན་དར་ཐག་སྐེད་ནས་ཆད། །སྤྱིར་བཏང་འཐོར་བ་སྡེ་བཞི་ན། །འབང་སྤྱང་སྐྱ་རི་ལ་འཐོར་


MR16_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །ལན་དུ་ཟད་པ་སྡེ་བཞི་ན། །བསགས་པའི་སྦྲང་རྩི་ཤོར་བ་ཡིན། །སྤོ་དང་སྐྱམ་གཉིས་སོ་སོར་སོང་། །ཕྲུ་གུ་གཉིས་དེ་ཡར་བ་ནི། །སྲང་ཟེ་རུས་པའི་རྒྱལ་པོ་ཡིན། །ཡང་ནི་ལྷང་ཟེ་ཞེས་ཀྱང་བྱ། །ལ་ལས་ཧྲང་ཟེ་ཞེས་སུ་འབོད། །སྲིད་པའི་གཉན་རྒོད་རིང་ལ་བབས། །ཕ་ནི་རི་བོ་གངས་ཅན་ཡིན། །མ་ནི་གདུགས་བྱེད་ཐོད་པ་ཡིན། །ཕོ་བྲང་མི་ཕམ་རྒྱ་མཚོ་ཡིན། །ཁོ་རང་འཚོ་བྱེད་སྨན་པ་ཡིན། །གཡུ་འབྲུག་སྔོན་མོའི་བླ་གནས་ཡིན། །སྙན་གྲགས་ཆེ་བའི་དགྲ་བླ་ཡིན། །སྤྲིན་དང་ན་བུན་ཐོ་ལོ་ལོ། །གློག་དང་སེར་བ་ཐ་ར་ར། །ཆར་རྒྱུན་སིལ་མ་སི་ལི་ལི། །འབྲུག་ངར་སྒྲ་བར་སྣང་ཁམས་ནས་གྲགས། །དགྲ་བླ་དགྱེས་པའི་གད་རྒྱངས་ཡིན། །ཕོ་ལྷ་བཞད་པའི་དཔའ་སྐད་ཡིན། །བར་སྣང་ཁམས་ན་གཤོག་རྩལ་ཆེ། །སྤྲིན་གྱི་ནང་ན་ང་རོ་སྙན། །ས་དོག་མོའི་འབྲས་དྲུག་གསོ་མི་ཡིན། །ནད་བཞི་བརྒྱ་སེལ་བའི་སྨན་པ་ཡིན། །བོར་ཚོལ་མོ་ལ་ཁ་གསལ་ཡིན། །ཡེ་འོང་མོ་ལ་འོང་ངོ་ཡིན། །དེ་ཡི་སྐྱམ་ལ་བརྒྱག་གཅིག་བཅས། །ཁ་ལང་གསེར་ཐིག་ཆེན་མོ་ཡིན། །དྲག་རྩལ་ཐོག་རྒོད་དམར་པོ་འདྲ། །གཉན་དྲང་སྲོང་དཀར་མོའི་རིང་ལ་བབ། །ཟ་འོག་སླེའུ་ཁྲ་མོ་ཡིན། །དཔའ་བོ་སྟག་འཕྲུ་བརྒྱག་པ་འདི། །ཉལ་བ་རྒྱ་མཚོའི་གཏིང་དུ་ཉལ། །འགྲིམ་པ་རི་བོའི་རྩེ་ན་འགྲིམ། །གྲགས་པ་མཐོན་པོ་དགུང་ན་གྲགས། །མི་དཔའ་བོ་ཟེར་ན་ཁ་ཕོ་བྱེད། །ཁ་ཕོ་དགྲ་ལ་མི་འཆོར་དགྲ་བླ་ཡིན། །མཐོ་ནམ་མཁའ་སྲུང་བའི་ཝེར་མ་ཡིན། །རང་སའི་བཙོན་ས་གར་བབ་ཀྱང་། །མི་ནོར་ཆོས་གསུམ་འཕེལ་ངོ་ཡིན། །བཅུ་གསུམ་སྙན་གྲགས་ཆེ་བའི་མོ། །སྐྱམ་ལ་བརྐྱག་གཉིས་གལ་ཏེ་སོང་། །ལྷང་ཟེ་རི་བོ་ཁྲ་འབྲུག་བརྒྱག །ཁྲ་བོ་ལྷོ་སྤྲིན་གཡུ་


MR16_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་བརྒྱག །རང་སའི་བཙན་ས་གར་བབ་ཀྱང་། །ཁྲི་ཚོ་གསུམ་གྱི་དམག་ཡག་ནས། །འབུམ་ཚོ་གསུམ་གྱི་གནང་ཐོབ་ནུས། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་ནོར་ཆུས་གསུམ་དུས་གཅིག་འཕེལ། །ལྷང་ཟེ་སྒོ་ལ་བརྒྱག་བཅས་ན། །ལྷང་ཟེ་ཞར་བ་ཞེས་སུ་བཤད། །མི་སྔོན་རྟ་སྔོན་ཞར་བའི་བླ། །དཔའ་བོ་རྣམས་ལ་སྔར་ཆུ་བླུད། །འདིས་རང་སར་མི་ཐུབ་ཕྱི་སར་དབང་། །ལར་གཅིག་གི་སྟེང་དུ་སྲང་ཟེ་ན། །བསེ་ཡི་གླག་ནག་དགྲ་ལ་ཆས། །དེ་ཡི་གཉིས་ལ་ནག་ཐོགས་སེ་སྟོད་ན། །གླག་ནག་མཆུ་སྡེར་ཁྲག་ལ་འདྲེས། །དགྲ་བོའི་བུ་ཚ་བུད་མེད་སོད། །གཞི་འཛིན་དཔའ་ལས་བྱེད་ངོ་ཡིན། །གཉིས་རྒྱ་བོད་གཉིས་ཀྱི་ས་མཚམས་སུ། །དགྲ་ཡི་སྒང་ཐང་སོ་ལ་ཆས། །དེ་ཡི་གསུམ་ལ་མོ་རྒོད་རྣམ་གསུམ་ན། །སྔ་དྲོ་སྐུངས་ལ་ཐོག་ཤལ་ཡོང་། །གསུམ་རྒྱ་སྟག་ཕྲུ་གུ་ཚང་ནས་ཆས། །དེའི་བཞེར་གློག་དམར་ལྡི་བུར་ན། །ཟུན་གྱི་དཔའ་བོ་དགྲ་ལ་ཆས། །ཆུང་རབས་དཔའ་ལས་བྱེད་ངོ་ཡིན། །བཞི་ལ་མ་སང་གཡུ་མཚོ་ལ། །གཡུ་འབྲུག་སྔོན་མོས་ཞག་འཇམ་བྱས། །ཟས་འདོད་ཟས་དང་འཕྲད་པ་ཡིན། །དེ་ཡི་ལྔ་ལ་ནག་ཐོག་སེ་སྟོད་ན། །དགྲ་བོ་དར་མ་གྲི་རུ་སོང་། །ལྔ་སྙན་རིང་ཁྲག་མིག་རང་སྒ་བརྟད། །གཡུ་འབྲུག་ཞོན་ནས་ཟུན་མ་ཉུལ། །བརྐྱག་བཅས་དགྲ་ངོ་ཐོག་སེར་ཡིན། །དེའི་དྲུག་ལ་མོ་རྒོད་རྣམ་གསུམ་ན། །ཉིན་ཕྱེད་སྐུངས་ལ་ཐོག་ཤལ་འོང་། །དྲུག་ཉིན་གྱི་གཡུ་འབྲུག་སྔོན་མོ་དང་། །མཆོང་གླག་སྨུག་པོ་རོལ་རྩེད་བྱེད། །དགྲ་ཡི་རྟ་གཡུ་ཐོབ་པ་ཡིན། །བདུན་ཉིན་གྱི་གསེར་བྲག་སེར་པོ་ལ། །རྒོད་གླག་གཉིས་ཀྱི་གཤོག་རྩལ་རྩེ། །དེ་ཡི་བརྒྱད་ལ་གློག་དམར་ན། །རང་དང་ཕ་སྤུན་གཉིས་ཀ་དཔའ། །བརྒྱད་ཕུ་བོ་གཡུ་སྔོན་ཅན་གྱིས་བདུད་རྩི་རྙེད། །དེ་ཡི་དགུ་ལ་ནག་ཐོག་སེ་སྟོད་ན། །བཟོ་རྒྱལ་བི་ཤྭ་ཀརྨ་

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


MR16_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །དགྲ་སོད་ནོར་ཐོབ་གཉིས་ཀྱི་ངོ་། །དགུ་ནུབ་ཕྱོགས་ཟངས་རི་དམར་པོ་ལ། །སྲིན་བྱ་འུག་པ་སོ་ལ་ཆས། །དེ་ཡི་བཅུ་ལ་མོ་རྒོད་རྣམ་གསུམ་ན། །ཕྱེད་ཡོལ་སྐུངས་ལ་ཐོག་ཤལ་འོང་། །བཅུ་ལ་གཡུ་འབྲུག་གནས་མལ་བདེ། །ཕུ་ཡི་ལྷ་རི་དིལ་དཀར་ལ། །ཇག་པ་ནང་བགོས་བྱེད་པ་ཡིན། །དེ་ཡི་བཅུ་གཅིག་གློག་དམར་ན། །ཟུན་ལ་དཔའ་སྐད་ཐོན་ངོ་ཡིན། །བཅུ་གཅིག་དགྲ་བླ་གཡུ་འབྲུག་སྔོན་མོ་དེས། །ང་རོ་ཕྱོགས་བཅུར་གྲགས་པས་བཟང་། །དེ་ཡི་བཅུ་གཉིས་སེ་སྟོད་ན། །དགྲ་སོད་ནོར་ཐོབ་གཉིས་ཀ་ནུས། །བཅུ་གཉིས་སྲིད་ཀྱི་ནགས་རི་ལ། །མགོ་དམར་ཅན་གྱི་དགྲ་ངོ་ཡིན། །ཡོ་རོ་ཕུག་གི་ནང་ཤེད་ན། །སྤྲེལ་གྲུམ་པ་གཉིས་ཀྱི་བློ་གྲོས་ནས། །མཐུ་ཆེན་ཝེར་མ་གཡངས་ལ་བསྒྲིལ། །དེ་ཡི་བཅུ་གསུམ་མོ་རྒོད་གསུམ། །ཕྱི་དྲོ་སྐུངས་ལ་ཐོག་ཤལ་འོང་། །བཅུ་གསུམ་དགྲ་བླ་གཡུ་འབྲུག་སྐད་གྲགས་ཡིན། །བན་བརྒྱ་དཀའ་ཐུབ་རབ་ཏུ་བྱུང་། །འདུལ་ཁྲིམས་སྲུང་བའི་མོ་ལ་བཟང་། །སྲིད་པ་བརྟན་ཐུབ་རྫིའུ་ཡིན། །དེ་ཡི་སྤོ་དེ་ཏྲེང་དུ་སོང་། །ཏྲོང་སྲང་ཟེ་གཡུ་འབྲུག་ལྐུག་པ་ཡིན། །ངར་སྐད་ཡོད་ཀྱང་གྲགས་དབང་མེད། །འདི་ཡི་སྐྱམ་ལ་བརྒྱག་སོང་ན། །ཏྲོང་ཁ་ལང་གསེར་ཐིག་ཆེན་པོ་ཡིན། །གནམ་ས་བར་གྱི་གཡུ་འབྲུག་ཡིན། །འདི་ཡི་སྐྱམ་ལ་བརྒྱག་གཉིས་བཅས། །ཏྲོང་ལྷང་ཟེ་རིང་པོ་ཁྲ་འབྲུག་ན། །གཡུ་འབྲུག་མཚལ་གྱི་ཟེ་བ་ཅན། །ལན་གཅིག་ངར་སྐད་གྲགས་ཙམ་ན། །གནམ་ས་རི་བྲག་འཆོལ་ཞིང་ལྡེག །ངར་སྐད་ཅན་གྱི་ཝེར་མ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །དམག་ཇག་ཆུས་གསུམ་གང་ལ་ཡང་། །དགྲ་སོད་ནོར་ཐོབ་གཉིས་ཀ་ནུས། །


MR16_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲང་ཟེའི་སྐྱམ་དེ་སད་དུ་སོང་། །སད་ལྷང་ཟེ་དགྲ་བླ་མངོན་རྒྱུག་ཡིན། །ཞང་ཞོང་མི་རྟ་ལྷ་གསུམ་འཚོ་མི་ཡིན། །གཅིག་ལ་མི་རྟ་ལྷ་གསུམ་གྲལ་གཅིག་འཛོམས། །གཉིས་སྲི་མདུང་སྲི་ཐག་སྲི་མི་དུས་གཅིག་ཚོགས། །གསུམ་ཚེམ་བུ་ཚེམ་ཁབ་ཚེམ་སྐུད་འཛོམས། །བཞི་གཡང་གཞི་གཡང་ཁུག་གཡང་སྒྲོ་འཛོམས། །ལྔ་བཙོན་དང་བཙོན་རྫི་བཙོན་དོང་འཛོམས། །དྲུག་ལྷ་ཁྱིམ་ནོར་དང་བྱན་མོ་འཛོམས། །བདུན་སྐྱེས་བུ་འོག་རྟ་ཕོ་ཆས་འཛོམས། །བརྒྱད་མཚུན་དང་ཡུལ་ས་ཟོ་དོར་འཛོམས། །དགུ་དུར་བོན་དུར་གཤེན་དུར་རྡོ་འཛོམས། །བཅུ་སེལ་བོན་སེལ་གཞི་རྩ་དཀར་འཛོམས། །བཅུ་གཅིག་སྐྱེས་བུ་གོ་ཁྲབ་དགྲ་བླ་འཛོམས། །བཅུ་གཉིས་དོ་མ་དགྲ་དང་དུར་ཁང་འཛོམས། །བཅུ་གསུམ་མཚུན་དང་མཚུན་མགོན་དགྲ་བླ་འཛོམས། །འདི་ཆང་ངབ་དམག་ཆེན་ཕྱི་རུ་འགྲོ། །ཕྱི་སར་ཚུར་ལ་འོང་ངོ་ཡིན། །འདི་ཡི་ལན་དུ་སྐྱེར་གསུམ་ན། །མ་གཅིག་བུ་གསུམ་ཤི་བ་དང་། །རྒོད་མའི་རྟེའུ་གསུམ་འཐོར་པ་ཡིན། །བྲག་བྱ་རལ་གཤེན་གྱི་རབ་ཆད་ཡིན། །ནད་པར་རྔ་བྲན་ཤ་ཡིས་ཉེན། །གཏོ་ལ་གཉན་གྱི་བཅོས་ཀ་བྱེད། །ཏྲོང་དང་སད་འཛོམས་ཧྲང་ཟེ་ན། །ཏྲོང་སད་ཧྲང་ཟེ་ཞེས་བྱའམ། །ལྷང་ཟེ་སྔོན་མོ་ཉེར་ཉེར་ཟེར། །ཏྲོང་གི་ཤོ་བྱི་ཤོ་ཤག་ཟེར། །རྒྱན་ཤོ་རྒྱལ་བའི་ཝེར་མ་ཡིན། །དེ་ལྟར་སྲང་ཟེ་བརྒྱག་མེད་བཞི། །སྲང་ཟེ་མཛོ་ར་སྡེ་བཞི་ཡིན། །འདི་ཡི་ལན་གྱི་དཔྱད་པ་ལ། །ལི་ཡན་སེ་སྟོད་ཕུང་ཁད་གསུམ། །འདི་གསུམ་ལྷང་ཟེའི་མཐའ་མིག་ཡིན། །སོ་ཡོན་ཐང་ལེ་སྐྱིན་དིང་གསུམ། །འདི་གསུམ་ལྷང་ཟེའི་གྱོད་ངོ་ཡིན། །བྲག་དང་མར་ལྡིང་སྣ་དམར་གསུམ། །འདི་གསུམ་ལྷང་ཟེའི་ཚེ་ཚད་ཡིན། །ཡར་ལྡིང་གཡུང་དྲུང་སད་ཁམས་


MR16_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །འདི་གསུམ་ལྷང་ཟེའི་འཐེན་ཐག་ཡན། །ཝ་ཚོ་ཙོ་ར་ཡང་ལྡང་སྟེ། །འདི་གསུམ་ལྷང་ཟེའི་སྲོག་འཛིན་ཡིན། །དཀར་ཐོག་རྩེ་མ་བུ་བརྒྱག་སྟེ། །འདི་གསུམ་ལྷང་ཟེའི་ཚེ་རྫི་ཡིན། །འདི་བཅུ་མན་རང་ས་གར་བབ་ཀྱང་། །བཅུ་གཅིག་ཏྲོང་དང་མ་ཟེ་ན་འབན་ན། །གཡུ་འབྲུག་སྔོན་མོ་ཐོག་གིས་བསད། །གྲི་ངོ་གྱོད་ངོ་ནང་འཁྲུགས་ངོ་། །ཅི་ལ་བཏབ་ཀྱང་ངན་པ་ལ། །བན་བོན་མཐུ་ཟོར་བསྒྲུབ་ན་བཟང་། །དེ་ཡི་བཅུ་གཅིག་སུམ་ཟུར་ལྡི་བུར་ན། །གཡུ་འབྲུག་བར་སྣང་ཁམས་སུ་གྲགས། །དུང་ཁྲ་གསེར་དྲག་ངོས་དང་འཕྲད། །མ་སང་བུ་གཉིས་སྟག་འདྲ་སྐྱེ། །དཔའ་ངར་ཅན་གྱི་ནང་བཅུད་བྱེད། །དགྲ་བཞི་དོན་གསུམ་ཀུན་ལ་བཟང་། །སྲང་ཟེའི་ལན་དུ་དིང་དིང་ན། །གཡུ་འབྲུག་ནམ་མཁར་འགྲོལ་བ་ཡིན། །ཁྱད་པར་བྱ་ཤིང་བབ་ན་ངེས། །སྐྱིན་དིང་དར་མདུང་དཀྱིལ་དུ་ཆག །གལ་བར་སྨོན་པའི་མི་གཡང་ཐོབ། །སྒོ་བརྒྱག་ཤ་བ་བྲག་ལ་ལྷུང་། །བྱ་ཡུན་ཡ་རབ་གཏམ་བྱེད་བཟང་། །བྱ་བུར་རྨང་པོ་འཕན་བོར་རེད། །མུ་ས་གཞོན་ནུ་རྒྱན་གྱིས་བརྒྱན། །ཝ་ཚོ་དཔའ་བོའི་གཡུལ་ཕུར་ཚུགས། །སྤོ་ཚེ་སྨན་པ་སྨན་རྐྱལ་ཕྲད། །ཤ་རིང་བརྡུང་རུ་དཀར་པོ་རྒྱས། །དམུ་དགའ་བྲུག་ལ་ཟི་བ་རྒྱས། །སྐྱིར་དཀར་གཉན་གྱི་སོ་མཁར་ཡིན། །ཚོལ་ཚེ་གཉན་གྱི་ཕ་ནོར་ཐོག །བག་ཚོ་སྤྲིན་ནང་གཡུ་འབྲུག་གྲགས། །ཁྱུང་བརྒྱང་ཁྱུང་འཕྲུར་འབྲུག་མོ་རོལ། །ཨ་ཁད་དགྲ་བླ་དར་མ་ཆས། །རང་སྙན་གཡུ་འབྲུག་སྙན་པས་ཁྱབ། །སད་ཁམས་རྡོ་ལ་གསེར་དུ་འགྱུར། །སྲང་ཟེ་དཔའ་བོ་ཐོག་གི་གཏུམ་རྔམ་ཡིན། །བྱོད་བུར་གཡའ་སྤང་སོ་ལ་ཆས། །ལྡི་བུར་འབྲོང་བུ་མ་དང་འཕྲད། །ཡར་དིང་དཔའ་བོའི་མགོ་ལ་དར་འཕྲུ་ཚུགས། །སུམ་མཉམ་གླག་མོ་ཚང་ན་ཉལ། །ཙེར་དགྲ་བླའི་ངར་མདུང་བསྣམས། །གཡུང་དྲུང་གྲགས་ཆེན་


MR16_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱས། །ཀྱེ་བ་དམུ་གཉེན་འཕེལ་བའི་ལྷ། །ད་རོག་ཀླུ་གཡང་མི་ལ་བབས། །དམུ་དབལ་བསྟན་པ་དབུས་སུ་རྒྱས། །སྐྱམ་གང་བུ་བཙའ་ཡིས་ཕོག་པ་ཡིན། །སྐྱམ་དྭངས་མ་ནོར་ལྷས་ཆུར་ཁུ་འཐུང་སྟེ་ངན། །ཁྱད་པར་འབྲོག་པའི་མོ་ལ་ངན། །ཆུ་སྐྱམ་སྒང་ཐུང་མདའ་ཡིས་བསད། །སྐྱམ་དཀར་སྨོན་པའི་དམེ་ལག་གཙང་། །དོག་ཚང་འབྲུག་གི་ཟེ་བ་རྒྱས། །བྱ་རལ་གཟའ་ཆེན་ཁྱི་ཡིས་བསད། །ལི་ཡན་རེ་འབྱམས་སྔོན་དུ་གླ་རྩི་བླུགས། །མར་ལྡིང་གཡུ་འབྲུག་སྒོང་ནས་ལྷུང་། །སྤོ་བར་གྱོད་གཏམ་ཆུ་ལྟར་འབྲུག །ལར་ལྷང་ཟེ་ལྕང་ར་སྨུག་པོ་འདི། །འཕྲུལ་རུ་གཅིག་ལ་འདུས་པ་དེ། །ལན་དུ་སྤོ་བར་རིང་ཤག་ཡིན། །སོ་ཡོན་ཏི་ཙ་ཁབ་ཏུ་ཟད། །རུ་སོད་བླ་རྡོ་བདུད་ཀྱིས་རྐུས། །མ་ཟེ་གཙོ་བོ་བློ་ཕུག་སྟོར། །ན་འབན་གཡུ་འབྲུག་ཐང་ལ་ལྷུང་། །བྲག་རིགས་གཡུ་འབྲུག་ཚང་ནས་རུལ། །ཀྲོང་རིགས་སྨན་ཤིང་རྐེད་པ་ཆད། །མོ་ཁོག་དིང་དིང་ལྟ་བུ་ལ། །ཐི་གུ་གཅིག་དེ་ས་ལ་ལྷུང་། །བྱོད་ཕུར་གཡའ་སྤང་སྐྱེས་གཅིག་ཡིན། །མ་སང་དཔའ་བོ་གཅིག་རྒྱུག་ཡིན། །གཡའ་སྤང་སྐྱེས་གཅིག་རིང་ལ་བབས། །མྱེས་པོ་གནམ་གཉན་སང་ཆེན་ཡིན། །ཕྱི་མོ་ས་གཉན་ཞེང་ཆེན་ཡིན། །ཕ་གནམ་གྱི་སེར་བ་རོལ་པོ་ཡིན། །མ་ས་ཡི་ཁུ་འཕང་ཞུ་ལུམ་ཡིན། །ཡང་མྱེས་ན་བུན་སྤྲིན་འཁྲིགས་ཡིན། །ཁོ་རང་གཡའ་སྤང་སྐྱེས་གཅིག་ཡིན། །འདུག་ས་ཝེར་མའི་ཁྲོ་ཁང་ཡིན། །ཕུ་བོ་གཉན་རྗེ་གོང་སྔོན་ཡིན། །ནུ་བོ་གཉན་ཕྲན་རྒྱལ་པོ་ཡིན། །སྲུ་མོ་གཡའ་འབྲུམ་སི་ལི་ཡིན། །འོག་རྟ་རྡོ་རྟ་གྲོ་མོ་ཡིན། །སང་དང་ཡར་བའི་རྒྱལ་པོ་ཡིན། །བརྒྱ་ཚོ་ཙམ་གྱི་རྫིའུ་ཡིན། །སྟོང་ཚོ་ཙམ་གྱི་འབྲུབ་ཁུང་ཡིན། །ཐོ་ལ་ཐོབ་པའི་ཝེར་མ་ཡིན། །བརྒྱ་ཡི་ནང་ནས་རང་མགོ་འདོན། །སང་དཔའ་སྡེ་རྣམས་


MR16_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲོ་ལ་ཕུག་ཡིན། །རྨོག་དཀར་མགོ་ལ་གྱོན་ཕྱིན་ཆད། །ང་ལ་གཏད་ན་ང་རང་ཤེས། །ཐོག་སེར་གཉིས་ལ་ཅུང་ཟད་འཇིགས། །དེ་མིན་གང་ལ་འཇིགས་པ་མེད། །འདི་ཡི་སྲིད་ལུགས་བཤད་པ་ན། །སྔོན་ཡེ་ངམ་མི་མཐུན་གཏན་གྱི་དགྲ། །ཡེ་ཡི་ཕོ་ལྷ་བྱ་དཀར་དང་། །ངམ་གྱི་སོལ་ཁྲ་རོག་མོ་གཉིས། །ཤ་ལ་བྱ་འཛིང་འཐབ་པ་ལས། །དྲོད་དང་དངུལ་ཆུའི་ཐིག་པ་ལས། །སངས་རིགས་བརྒྱ་དང་ཉེར་ལྔ་བྱུང་། །དུས་གཅིག་ཡེ་ངམ་འཐབ་པའི་ཚེ། །ངམ་གྱི་དམག་སྟོན་བྱ་བའི་ཆེད། །ངམ་གཡག་ཁམ་པ་རུ་རིང་བཤས། །སོལ་ཁྲ་ཤ་ཚིལ་སྒུམ་བུར་སོང་། །དམ་རྗེས་སོང་རྡེའུ་འཕང་བ་ཡིས། །སོལ་ཁྲ་རོག་མོའི་མཆུ་དེ་བཅག །དེ་ཉིད་ངམ་ལ་ཡི་མ་རངས། །ཕོ་ལྷ་བྱ་དཀར་མཛའ་ཡ་བྱས། །ཡེ་སྨོན་ཁ་འཛིན་བྱེད་དོ་ཞེས། །ཆད་དང་མནའ་ཐོ་དམ་པོར་བྱས། །དེ་དུས་ཡེ་ངམ་འཐབ་པ་ལས། །ཕན་ཚུན་གཅིག་གིས་གཅིག་མ་ཐུབ། །ངམ་རྗི་དཀའ་སྟེ་གཉིད་ལོག་པའི། །ཁ་ནས་སྲོག་རྩ་སོལ་ཁྲས་ཕྱུང་། །ངམ་ཁམས་ཡོངས་ཀྱིས་ཆོ་ངེ་བཏོན། །དེ་ཚེ་ངམ་རྗེ་ཤི་བ་ཡི། །ཁ་དབུགས་གནམ་དུ་ཡལ་མ་ཐག །དུང་གིས་ལྕོག་ཆུང་དཀར་པོ་སྲིད། །ལྕོག་ཆུང་ནམ་མཁར་འཕུར་ཙམ་ན། །དུང་གླིང་དཀར་པོའི་འབུ་སྒྲ་བཏོན། །ལྕོ་ག་དུང་གླིང་མཐུན་པ་ཡི། །གཏན་ཚིགས་དེ་ཡང་དེ་དུས་བྱུང་། །བསྐལ་པ་དེ་ཡི་མོ་མདུད་ནི། །བྱོད་ཕུར་དཔའ་བོ་འདི་ཉིད་ཡིན། །ངམ་རྗེ་རྩོལ་པོའི་གཤེད་མ་ཡིན། །སྲིད་པ་དེ་ཡི་བླ་གནས་ཡིན། །ལྕོག་ཆུང་བར་སྣང་འགྱུ་ཙ་ན། །འགྱུར་སྐད་སུམ་བརྒྱ་དྲུག་ཅུ་འདོན། །འདི་བྱོད་ཕུར་མ་ཡིན་བྱོན་འཕུར་ཡིན། །སྟེང་ལྷ་ཡི་ཡུལ་ནས་བྱོན་པ་ཡིན། །བར་མི་ཡི་ཡུལ་དུ་འཕུར་ཏེ་བསྡད། །ཨ་དཔལ་བྱེའུ་ཆུང་ཞེས་ཀྱང་ཟེར། །ཡང་གཅིག་མིང་གི་རྣམ་གྲངས་ལ། །བྱོད་ཕུར་དུང་གི་ལུ་གུ་


MR16_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །འོད་ཀྱི་བ་ཐག་ཐི་གུས་བཟུང་། །ཡེ་སྨོན་རྒྱལ་པོས་སྤྱོད་པ་ཡིན། །བར་སྣང་འཕུར་འགྱུར་ལྡེམ་ལྡེམ་བྱེད། །སྤྱོད་ཕུར་ཟེར་བ་དེ་ནས་སྲིད། །འདི་དཔའ་བོ་བརྒྱ་སྔོན་གཅིག་འདུག་ཡིན། །རྨང་ནི་ཕ་གཅིག་བུ་གཅིག་རེད། །ས་མདོའི་སྟག་ཕྲུག་ཐང་པོ་དེས། །ལུང་མདོ་བཅོ་བརྒྱད་དུས་གཅིག་བསྲུང་། །ད་མོ་མ་ཁྱོད་ཀྱིས་ཉན་ཤེས་ན། །བྱོད་ཕུར་ང་ལ་ཆེ་བཤད་ཡོད། །བྱ་རལ་ཁྱི་ཁོག་ཕེད་མི་དེ། །ང་སང་གི་རྒྱལ་པོ་བྱོད་ཕུར་ཡིན། །དེ་བཞིན་སང་གི་རྒྱལ་པོ་ང་། །ཨ་ཁད་སྣ་ལྕེ་གཅོད་མི་ཡིན། །ཕུང་ཁད་མགོ་བོ་བརྡུང་མི་ཡིན། །ཏྲོང་གི་སྲི་མདུང་གཅོག་མི་ཡིན། །ལི་ཡན་སྤྲང་སྒྱེ་བཏོལ་མི་ཡིན། །མ་ཟེའི་བཙན་ཁ་བསྡམ་མི་ཡིན། །ལྡི་བུར་བརྡུང་རུ་དབོག་མི་ཡིན། །བག་ལྡི་རྐང་བརྫིས་བྱེད་མི་ཡིན། །རུ་སོད་ལ་ཐོད་མདའ་སྤྲད་མི་ཡིན། །སེ་སྟོད་ཁྲག་མཚོ་སྐེམ་མི་ཡིན། །བྲག་ནག་རི་བོ་བསྐྱེལ་མི་ཡིན། །སྐྱམ་གྱི་ཆུ་དྲོད་བརྟོལ་མི་ཡིན། །སྤོ་བར་གྱོད་ལག་བཅག་མི་ཡིན། །སོ་ཡོན་མུན་པ་སེལ་མི་ཡིན། །ཕུང་ཁད་གཏམ་ངན་བསལ་མི་ཡིན། །ན་འབན་ལ་ཁྲོམ་རྒྱུག་བྱེད་མི་ཡིན། །མར་ལྡིང་རྐེད་པ་ཕུད་མི་ཡིན། །ཐང་ལེའི་སྲོག་རྩ་གཅོད་མི་ཡིན། །ཝ་སྐྱམ་འདྲེ་ལམ་བཀག་མི་ཡིན། །རྒྱ་ཡེར་གདོས་ཐག་གཅོད་མི་ཡིན། །ཏྲོང་བྲག་འགག་ཐག་གཅོད་མི་ཡིན། །སང་རིགས་བྲན་དུ་བཀོལ་མི་ཡིན། །ངན་པ་ཐམས་ཅད་ང་ཡིས་ཐུབ། །འཐོར་བ་རྣམས་ཀྱི་སྡུད་ཤིང་ཡིན། །ངན་པ་རྣམས་ཀྱི་ཤེད་གཅོད་ཡིན། །རལ་བ་རྣམས་ཀྱི་དྲུབ་སྐུད་ཡིན། །གས་པ་རྣམས་ཀྱི་སྦྱར་སྤྱིན་ཡིན། །དིང་དིང་འདྲ་མཉམ་འཛུག་མི་ཡིན། །དམུ་དག་ལོ་འབྲས་བཏོག་མི་ཡིན། །གཡུང་དྲུང་འཕེལ་ཁ་སྐྱི་མི་ཡིན། །སྐྱེར་གྱི་འབྲི་གཡང་ལེན་མི་ཡིན། །ཀྱེ་བའི་སྟེང་དུ་སངས་ཞིག་ཡིན། །ཀྱེ་བའི་གཡུ་ཕུད་བཏོགས་མི་ཡིན། །དམུ་


MR16_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྟེང་དུ་བཙུགས་ཞིག་ཡིན། །གཡས་བརྒྱག་ཐམས་ཅད་གཤགས་མི་ཡིན། །གཡོན་བརྒྱག་ཐམས་ཅད་གཅོད་མི་ཡིན། །བུ་བརྒྱག་ཐམས་ཅད་སྐྱེད་མི་ཡིན། །སྒོ་བརྒྱག་ཐམས་ཅད་བརྐུ་མི་ཡིན། །ངན་པ་བརྒྱ་ཡི་ཁ་གནོན་ཡིན། །བཟང་པོ་བརྒྱ་ཡི་ཁ་འཛིན་ཡིན། །དཔའ་བོ་རྣམས་ཀྱི་དར་ཆུ་ཡིན། །སྡར་མ་རྣམས་ཀྱི་འབྲོས་རི་ཡིན། །མཛང་པ་རྣམས་ཀྱི་བློ་གྲོགས་ཡིན། །ཡ་བོ་མེད་པའི་སྟག་ཞིག་ཡིན། །རུ་ཐུར་མེད་པའི་འབྲོང་ཞིག་ཡིན། །ཐིག་ལེ་མེད་པའི་གཟིག་ཞིག་ཡིན། །དཔའ་བོ་གར་བ་གཅིག་རྒྱུག་ཡིན། །མང་པོའི་རྐང་གྲངས་གཅོག་མི་ཡིན། །མདོར་ན་བཟང་ཁ་རང་གིས་ལེན། །མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །ང་ཡིས་མི་ཐུབ་མ་མཆིས་ཏེ། །མི་ཐུབ་པ་ལ་བཞི་ཙམ་མཆིས། །དགུང་སྔོན་ཞྭ་འདྲ་ངས་མི་ཐུབ། །དེ་དིང་དིང་ཐི་གུ་མདོ་ཟིན་ཡིན། །དོག་མོ་ས་འདྲ་ངས་མི་ཐུབ། །དེ་སྐྱིན་དིང་གོར་མོ་གྱ་གྱུ་ཡིན། །ཁ་ནས་ཚིག་ཤོར་ངས་མི་ཐུབ། །ཕུང་འཁད་ཇོ་མོ་རམ་རམ་ཡིན། །ལག་ནས་རྡོ་ཤོར་ངས་མི་ཐུབ། །ཆུ་དོ་ཤ་བག་ལི་ཡན་ཡིན། །འདི་རྣམས་ཕྱི་ནང་ཕྲད་ཙམ་ན། །མི་དོག་ས་ནས་དོག་པ་ཡིན། །གཏོ་ལ་འབྱུང་བ་དགྲ་ཆོས་དགོས། །དེ་མིན་མི་ཐུབ་གང་ཡང་མེད། །ད་མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །བྱོད་ཕུར་ཁྲ་མོའི་སྤུ་བཤད་ཡོད། །མགོ་ལ་དུང་རུ་སྐྱེས་པ་དེ། །དོན་ཅི་ལ་སྐྱེས་པའི་གཏན་ཚིགས་ཤོད། །སྤྱན་མིག་ཡར་ལ་འགེབ་པ་དང་། །སྐད་རིགས་སུམ་བརྒྱ་དྲུག་ཅུ་འགྱུར་བ་དང་། །སྤུ་ཐོགས་ཁྲ་བོར་འདུག་པ་དང་། །རྐང་པ་སག་རིས་བཀྲ་བ་དང་། །སྡེར་མོ་རེ་རེར་བཀྲམ་པ་རྣམས། །དོན་ཅི་ལྟར་ཡིན་པའི་གཏན་ཚིགས་ཤོད། །དེ་མ་ཤེས་ན་ནི་འདི་ལྟར་ཡིན། །མགོ་ལ་དུང་རུ་འདུག་པ་དེ། །དུང་སེང་ཚང་དུ་སྐྱེས་པའི་རྟགས། །ལན་དུ་རྐང་སྤར་དུང་རྒོང་ཡིན། །སྤྱན་མིག་ཡར་ལ་


MR16_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འགེབ་པ་དེ། །སྲིད་པ་ཁད་དང་རིམ་གྱིས་ཆགས་པའི་རྟགས། །ལན་དུ་དིང་དིང་བྱ་ཤིང་ཡིན། །སྐད་སུམ་བརྒྱ་དྲུག་ཅུ་བསྒྱུར་བ་དེ། །བརྡ་སྐད་ལྷ་ལ་སྤྲོ་བའི་རྟགས། །ལན་དུ་ཛའང་ཛུའང་ཡིན། །རྐང་པ་སག་རིས་གྱོན་པ་དེ། །བསེ་ཡི་ལྷམ་བུ་གྱོན་པ་ཡིན། །ལན་དུ་གལ་བར་སྟག་རིས་ཡིན། །སྡེར་མོ་རྭ་གདངས་བྱས་པ་དེ། །ས་ལ་གྲལ་གདན་བཏིང་བ་ཡིན། །ལན་དུ་ལྡི་བུར་གཡུ་བྱ་ཡིན། །ད་མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །བྱོད་ཕུར་ཁྲ་མོའི་བབ་ལུགས་ཡོད། །ང་སྨད་དུ་བབ་ན་བྲ་བ་ཡིན། །བྲ་བ་སྤུ་ཐོག་ཨེ་རྒྱས་ལྟོས། །ལན་དུ་དཀར་ཐོག་གཡུང་དྲུང་ན། །བྲ་བ་སྤུ་ཐོག་རྒྱས་པ་ཡིན། །འབྲོག་པ་སྐྱས་ཆུང་བྱེད་ན་ལྷག་པར་བཟང་། །བར་དུ་བབ་ན་བྱིའུ་ཡིན། །བྱེའུ་ཆུང་ཟན་དང་ཕྲད་པ་ཡོད། །ལན་དུ་སད་དཀར་ཚོལ་ཚེ་ཡིན། །རྙེད་འཚོལ་མོ་ལ་ལྷག་པར་བཟང་། །སྟོད་དུ་བབ་ན་གོང་མོ་ཡིན། །གོང་མོའི་འགྱུར་སྐད་ཨེ་ཐོན་ལྟོས། །ལན་དུ་མུ་ས་བྱ་ཡུན་ན། །གོང་མོའི་འབྱུང་སྐད་ཐོན་པ་ཡིན། །ཁ་དྲག་ཅན་གྱི་མོ་ལ་བཟང་། །ད་མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །བྱོད་ཕུར་ཁྲ་མོའི་རྐྱང་དཔྱད་ཡོད། །གཅིག་ལ་མ་སང་བྱོད་ཕུར་ན། །ས་ཡི་རྟེན་ཕུར་ཚུགས་པ་ཡིན། །གནམ་གྱི་འཇུ་ཐག་ཟིན་པ་ཡིན། །ཤེལ་གྱི་རྣ་ཕོ་ཐང་གཅིག་གིས། །མཚེར་ལ་རྩ་ཟ་ཆུ་འཐུང་བྱེད། །མཚེར་ཕྱ་གཞི་མོ་བཏབ་ན་བཟང་། །བློ་ཕྱ་ཐེ་ཚོམ་ཅན་གྱི་ངོ་། །ལྷ་བྱ་གོང་མོས་ཡར་ཤོག་ཟེར། །འདྲེ་བྱ་སྲེག་པས་མར་ཤོག་ཟེར། །བློ་ཡར་འཐེན་མར་འཐེན་བྱེད་ངོ་ཡིན། །དཔའ་བོའི་རྡོག་རྟེན་ས་ལ་ཚུགས། །ལྷ་ཐང་ཞེས་པ་རྒྱ་གཅིག་ཞེས་པའི་དོན་ཡིན། སར་ལྷ་ངོ་མཐོ་བ་ཡིན། །ཤར་ཟོ་ཐོག་རྒྱ་པོའི་དབེན་གནས་སུ། །ལྷ་བཙན་གདོང་གིས་མཐུ་བསྒྲུབ་ན། །ཡང་དག་འགྲུབ་པའི་ཐོ་ལེ་ཡིན། །ལར་ཅི་ལ་བཏབ་ཀྱང་བཟང་ན་ཡང་། །ཉི་མ་ཉིན་གཅིག་ངན་པ་ཡོད། །ཡ་


MR16_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནག་པོའི་མོ་ལ་ངན། །ལུག་གུ་སྤྱང་ཚང་སྒོ་ཁ་འགྲིམ། །འབྲོག་པའི་ནོར་ཕྱྭ་འདེབས་ན་ངན། །གོ་དམར་སྟེང་ན་སྦྲང་ནག་འདུ། །གཅིག་གི་བྱོད་ཕུར་ཁེར་འདུག་འདི། །གཅིག་དཀར་ལྷ་ཡི་མེ་ལོང་ཡིན། །རྨང་ཕོ་གཅིག་གི་མོ་ལ་བཟང་། །གཉིས་ལ་ཕ་མེས་དུར་ཁ་བདེ། །དུར་ས་གཉིས་སུ་སོང་བས་ན། །ཕ་མེས་ཡུལ་ཁ་གཉིས་ཡོད་ཐང་། །རྒྱ་ཆུ་མ་མཁར་གྱི་མཁར་སྒོ་ན། །བྱ་ཤང་ཤང་རྒད་པོ་གདོས་ལ་འཐོགས། །བྱ་གྲགས་གྲགས་འདྲ་ཡང་གོ་དུས་མེད། །ཤར་ནས་ལབ་ལོབ་མཆུ་འགུལ་ཡིན། །མཁར་སྒོར་མཆིལ་པ་མི་སྐད་སྨྲ། །རྒྱ་བོད་གཉིས་ཀྱི་ཕྲིན་པ་ཡིན། །ཤར་དུང་རིའི་ཁ་ལ་སོ་བྱ་ཆས། །ཉིན་གཅིག་སྐུངས་ལ་དགྲ་མེད་ཡིན། །གཤེན་རབ་ཕྱག་ཕུར་ངམ་ལ་ཐེབ། །དགྲ་བགེགས་མི་གནོད་བཟང་ན་ཡང་། །བུ་མོ་ཆུང་ངུ་ནད་པར་ངན། །ཆུང་སྲིའི་མགོ་བོ་བཏེགས་པ་ཡིན། །གསུམ་མ་རབ་ཁ་ནས་གཏམ་སྙན་ཡིན། །མི་འབྲིང་གཏམ་སྙན་ཁ་ཕོ་འདོན། །ཡར་སྒྱེད་མགོ་ལ་ཉི་མ་ཤར། །སྐྱེ་ཤིང་མགོ་ལ་ཁུ་བྱུག་གྲགས། །བུ་ཚ་ངག་དིག་མེད་པ་ཡིན། །ཅི་བཏབ་ཅི་ལ་བཟང་ན་ཡང་། །ལྷག་པར་གཏམ་ལབ་བྱེད་ན་བཟང་། །གཏམ་ལ་དགེ་སྒྲོས་ཐོན་པ་ཡིན། །རུ་བ་འཚོལ་བའི་མོ་ལ་བཟང་། །སྐྱེས་བུ་ཇ་ཆང་ཕྲད་པ་ཡིན། །བག་མ་ལེན་པའི་མོ་ལ་བཟང་། །གཉན་ལྕམ་གཉན་ལ་ཁ་དུམ་བྱས། །བུ་དུང་ཕོ་སྐད་ཀྱི་དགྲ་བླ་ཚར། །ཉི་མ་ཉིན་གཅིག་ངན་པ་ཡིན། །ཡ་མ་ནག་པོའི་མོ་ལ་ངན། །ཆུང་སྲི་པང་ན་གནས་པ་ཡིན། །མཚེར་ཕྱ་འདེབས་ན་མཚེར་སྐྱོན་འོང་། །བཞི་གཡུ་བྱས་མཚོ་མཐའ་བསྐོར་བ་ཡིན། །གཟེ་མ་ཁོག་ཚོ་ལྡེ་མིག་གསུམ། །རེས་གཅིག་འཐོར་ཀྱང་འདུས་ངོ་ཡིན། །ཅི་བཏབ་ཀུན་ལ་བཟང་བ་ལ། །ཁྱད་པར་སྨན་མོ་འདེབས་ན་བཟང་། །སྨན་རྒྱལ་


MR16_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རུ་རྣམ་རྒྱལ་གྱིས། །ནད་བཞི་བརྒྱ་རྩ་བཞི་གཏིང་ནས་གྲོལ། །སྟོད་ལ་ནས་ཚོལ་འགྲོ་ན་བཟང་། །སྨད་ལ་ཇག་རྐུན་འགྲོ་ན་བཟང་། །ཕྱུག་པོའི་རྟ་མོ་འདེབས་ན་བཟང་། །ཉི་མ་ཉིན་གཅིག་ངན་པ་ཡོད། །དབུལ་པོའི་གྲོགས་ཀྱི་ཕྱ་ལ་ངན། །ཁ་ཞག་ཉ་མིག་ཙམ་ཞིག་ལ། །འགོང་པོ་གཡག་ཤད་ཙམ་ཞིག་འཁྲི། །ནོར་ཕྱིར་དཀོར་བདག་འབྲངས་ནས་གནོད། །བག་མ་ལེན་པའི་མོལ་ངན། །བག་མའི་སྣ་ལ་སྤུ་གྲི་ཐོགས། །དབུལ་པོ་ལོ་གསུམ་ལྟོག་པས་ངན། །ཕྱུག་པོ་ལོ་གསུམ་བརྟན་དེ་བཟང་། །ཁུ་བྱུག་སྔོན་མོ་ལྷོ་ན་གྲགས། །གཏམ་སྙན་འོང་བའི་རྫིའུ་ཡིན། །དེ་ཡི་ལྔ་ལ་ཏྲོང་མ་ཟེ། །གྲོག་མ་བུ་ཆུང་རྐེད་པ་ཆད། །ལྔ་ཡི་སྟེང་གི་བྱོད་ཕུར་འདི། །དགྲ་མིག་ཕུར་བས་བཏབ་པ་ཡིན། །འདྲེ་མིག་རེ་བས་བཀབ་ངོ་ཡིན། །ཉི་མ་ལྷོ་ནས་དགྲ་མེད་ཡིན། །ཅི་བཏབ་བཟང་ཡང་ཇག་རྐུན་ངན། །མི་ངན་དགྲ་ཡིས་ཁྱེར་བ་ཡིན། །དྲུག་མོ་སྨན་མགོ་ལ་གསེར་གཡུས་བརྒྱན། །ཁྱིམ་ཕྱྭ་ལ་ནི་བཟང་བ་སྟེ། །སྒོམ་ཆེན་རི་ཕུག་འཛིན་ན་བཟང་། །ཡང་དག་བདེ་གནས་རྙེད་པ་ཡིན། །ནུབ་གཅིག་གྲོགས་མོ་འཚོལ་ན་བཟང་། །བྱི་བས་འཕོང་རྐུན་བྱས་པ་ཡིན། །ཆུང་གསུམ་སྲིད་ཕྱྭ་དག་ལ་ངན། །སྨན་ཁྲ་མོ་ཁེར་ཉལ་བྱས་པ་ཡིན། །མར་གོང་ནང་ནས་རུས་འཛེར་ཡིན། །ཁྱིམ་བདག་མོ་ཡིས་གློ་མི་ཐུབ། །རུམ་དུ་བྱི་ཕོ་ཤོར་ངོ་ཡིན། །བདུན་ལ་གཡའ་སྤང་སོ་རིང་འཐེན། །སྐྱེས་པའི་ཁོང་སྲོག་བརྟན་པས་བཟང་། །བྱེས་སུ་ནད་མེད་བདེ་བར་འཁོར། །ཅི་བཏབ་ཅི་ལ་བཟང་ན་ཡང་། །རྔོན་ཁྱི་གསར་ཉོ་བའི་མོ་ལ་ངན། །ཁྱི་ཁ་ཐུར་མས་འཛེར་བ་ཡིན། །བརྒྱད་རྨ་སྤོམ་རའི་ལུག་ལྷས་གང་བ་ཡིན། །ལྷ་གཞིར་ལྷ་མདའ་སྒྲོ་དཀར་ཚུགས། །ལྷ་ངོ་མཐོ་ཞིང་རྒྱལ་ཁ་ཐོབ། །མགོ་གཡོགས་མེད་ཅིང་


MR16_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་གབ་དྭངས། །དབུས་པ་དབུས་ལ་འགྲོ་ཉིན་བཟང་། །རི་ལ་ཞིང་རྨོས་བྱེད་ཉིན་བཟང་། །ཡ་མ་ནག་པོའི་མོ་ལ་ངན། །བློ་ཕྱར་མི་འཆམ་འཐེན་རྩོད་ངོ་། །ཕྱུག་པོའི་ནོར་ཕྱར་དམར་ངོ་ཡིན། །ཡང་དམག་ཆེན་ལམ་དུ་འགྱོད་ངོ་དང་། །ཚོང་ཆེན་བློ་ཁ་གཟེང་ངོ་དང་། །མི་ཆེན་ཤི་མིག་གསོན་བལྟས་ཞེས། །ཡིག་ཆ་འགའ་ཞིག་དག་ན་སྣང་། །དགུ་ལེའུའི་སྲུང་མདའ་བྲག་ལ་ཟུག །ཡབ་ལྷ་གཤེན་གྱི་མཐུ་སྟོབས་ཀྱིས། །དགྲ་འདྲེ་བྱུར་གསུམ་དབང་དུ་བསྡུས། །བོན་པོས་སྲིའུ་གསོ་ན་བཟང་། །ལུང་པ་ཕུ་རུང་ཙམ་ཞིག་ན། །སྐད་དུང་དཀར་ཙམ་ཞིག་འདོན་པས་བཟང་། །ཅི་བཏབ་ཅི་ལ་བཟང་ན་ཡང་། །ཟག་ལ་བྲན་གཡོག་དུར་ངོ་ཡིན། །གདོན་སྔགས་བོན་ཕྱི་ལ་ཐེའུ་རང་འབྲང་། །བཅུ་སུར་བུ་སྐྱ་མོའི་ཡར་སྟེང་དུ། །ལྕོག་ཆུང་ཁྲ་མོ་ཚང་ཡག་ཡིན། །རང་འཚོ་རང་ཟས་ཟ་བ་ཡིན། །ཡུལ་མཁར་བརྟན་པའི་རྫིའུ་ཡིན། །ནག་ཐོགས་སེ་སྟོད་ཁང་ཞིང་འཆོར། །བཅུའི་བྱོད་ཕུར་ཅི་ལ་བཟང་ན་ཡང་། །མ་བྱི་ཆེ་རྒན་མོ་ལ་ངན། །སྐྱིད་ཀྱི་ཉི་མ་ནུབ་པ་ཡིན། །སྡུག་བསྔལ་ཅན་གྱི་མོ་ལ་ངན། །སྡུག་གི་ཞག་ལ་ཟད་མེད་ཡིན། །བཅུ་གཅིག་རྨ་གཉན་སྤོམ་རའི་མགུལ། །ལྕོག་ག་ཚང་ཡག་སྒོང་གསུམ་སྨིན། །དུང་གི་སྒོ་ང་ཕུལ་ཙམ་ཡིན། །ཕུལ་གྱིས་མི་ཚད་བྲེ་ཙམ་ཡིན། །བྲེ་ཡིས་མི་ཚད་ཁལ་ཙམ་ཡིན། །དགྲ་བླ་ངོ་སོ་མཐོ་བ་ཡིན། །བློ་མི་ཉེས་བ་ཡི་རྫིའུ་ཡིན། །ཁ་བ་ཉིན་མཚན་དགུ་བབ་ཀྱང་། །ལྕོག་ཆུང་འགྱུར་སྐད་དགུང་དུ་སྒྲོགས། །སྡེ་ཆུང་གཙོ་བོས་རང་མགོ་ཐོན། །མི་རིང་གཅིག་གི་སྙན་བྱ་ཡིན། །མོ་མིག་མེད་མིག་དང་ལྡན་པ་ཡིན། །རྒན་མོ་ལོང་བས་ཁབ་རྙེད་ཡིན། །ཕུ་མི་འགྱུར་ས་ཡི་ལྟེ་བ་ལ། །རྡོ་དཀར་པོ་ལུག་ཐོང་ཙམ་ཞིག་གདའ། །འདི་གངས་


MR16_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གཡུ་རལ་རྒྱས་པ་སྟེ། །ཅི་ལ་བཏབ་ཀྱང་བཟང་བ་ལ། །སེར་བ་སྲུང་བའི་མོ་ལ་ངན། །སེར་བ་དེ་ནི་ལྕོག་སྒོང་ཙམ། །མ་ཐུབ་ཤོར་བའི་ངོ་ཡང་ཡིན། །སྡུག་བསྔལ་ཅན་གྱི་མོ་ལ་ངན། །བཅུ་གཉིས་དགྲ་འདྲེའི་མིག་ལ་ཕུར་པ་ཐེབས། །ཟུན་སེང་གེ་དཀར་མོས་དགྲ་བོ་བསད། །དམ་ལ་གློ་མདའ་ཕོག་པ་ཡིན། །ཅི་བཏབ་ཀུན་དང་ཁྱད་པར་དུ། །དགྲ་ལ་མགོ་གཡོགས་གཏོང་ན་བཟང་། །གཡུལ་ཆེན་ཇག་པའི་མོ་ལ་ངན། །དགྲ་ཁྱིས་ཟུན་སྟག་བསད་པ་ཡིན། །བཅུ་གསུམ་མི་བརྒྱའི་ནང་ནས་རང་མགོ་ཐོན། །བྱི་བ་གཅིག་གིས་སྐད་བཏོན་པས། །བྱི་བ་བརྒྱ་ཡི་མགོ་ཐོན་ཡིན། །ཁྱིམ་ཕྱ་སྲོག་ཕྱ་བཟང་བ་ཡིན། །གནམ་གཞུང་ནས་མི་རལ་རྫིའུ་ཡིན། །བློ་ཕྱ་འདེབས་ན་དེ་བས་བཟང་། །ཇི་ལྟར་མུན་ནག་ཆར་གཏིབ་ཀྱང་། །རྨ་སྤོམ་རའི་མགོ་ལ་ཉི་མ་ཤར། །ཉི་མའི་ཟེར་ལ་འཇའ་ཚོན་བཀྲ། །འཇའ་ཚོན་ནང་ན་ལྕོག་ཆུང་འགྱུར། །དུང་ཟླ་ཚེས་ཤིང་ཤེལ་གྱི་སྐར་མ་བཀྲ། །གཡུ་ཡི་ཁུ་བྱུག་གྲགས་ངོ་ཡིན། །སྐྱེས་ཕོ་ཕྱ་འདེབས་ན་དེ་བས་བཟང་། །སྐྱེས་དར་མའི་ལུས་ལ་ཕུབ་ཆུང་བཙན། །ཕུབ་རང་བཟུར་མགོ་ལ་རྨོག་མོ་བཙན། །རྨོག་མོའི་མགོ་ལ་བྱིའུ་ཐོག་བཙན། །བྱིའུ་ཐོག་མགོ་ལ་ལྡེམ་འཕྲུ་བཙན། །ལྡེམ་འཕྲུའི་མགོ་ལ་ཉི་མ་ཤར། །རྒྱལ་བུ་མཐིང་གི་བསམ་པ་འགྲུབ། །ཐག་རིང་མགྲོན་པོའི་མོ་ལ་བཟང་། །དཔའ་བོ་རང་རྟ་ཆིབས་ནས་འོང་། །སྐྱེས་བུའི་བློ་ཁ་མདའ་བས་དྲང་། །རྨང་པོ་གཅིག་གི་མོ་ལ་བཟང་། །རྨང་གི་སྲོག་ཤིང་མི་འཆག་ངོ་། །འཕན་པོ་གཅིག་གི་མོ་ལ་ངན། །འཕན་པོ་རྨང་པོ་རེད་པ་ཡིན། །ཚབ་ཆུང་ནད་པའི་མོ་ལ་བཟང་། །རི་མགོའི་སྨུག་པ་ཡར་ཡར་དངས། །དུན་དུན་ནད་པའི་མོ་ལ་ངན། །ཤི་རོའི་སྔས་ཀྱི་མར་མེ་ཡིན། །དམག་ཆེན་འདེགས་པའི་མོ་ལ་ངན། །


MR16_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་མགོ་ཡི་ཞྭ་ཕུད་ཡིན། །བརྒྱག་ཕྱེ་ཟད་རྗེས་སྟོང་ལོག་འོང་། །ཇག་པ་དཔུང་ཆུང་མོ་ལ་བཟང་། །བཅོ་ལྔ་རོལ་ཁྲིད་རྫིའུ་ཡིན། །ལར་བྱོད་ཕུར་གཅིག་རྐྱང་གཅིག་བཙན་འདི། །རང་མགོ་རང་གིས་འདོན་མི་ཡིན། །དེ་ཕྱིར་མི་གཅིག་རྟ་གཅིག་སོགས། །ཉུང་ངུའི་རིགས་ལ་ཆེས་བཟང་བས། །དཔུང་ཆེན་མོ་ལ་མི་ཕན་པ། །བཟང་ངན་དེ་ལྟར་འབྱེད་པ་གཅེས། །བཅུ་གསུམ་སྟེང་གི་བྱོད་ཕུར་དེ། །ནགས་ལ་ཤིང་བཅད་མོ་ལ་ངན། །ཤིང་སྡོང་མགོ་ནས་རྦབ་གྲིར་འཆི། །དེ་རྣམས་བབ་ཀྱི་དཔྱད་པ་ཡིན། །ད་མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །བྱོད་ཕུར་ང་ལ་ལན་དཔྱད་ཡོད། །ལན་དུ་དིང་དིང་བབ་པ་ན། །ཡ་རབ་ཚང་གི་མོ་ལ་བཟང་། །ཉིག་རི་ཐང་དང་འཕྲད་པ་ཡིན། །ཇག་པ་མགྲོན་པོའི་མོ་ལ་བཟང་། །གཡའ་སྤང་སོ་སྐུང་ཚུགས་པ་ཡིན། །ཆུང་གསུམ་ནད་པའི་མོ་ལ་བཟང་། །བྲ་བ་ཟ་འདོད་མ་དང་འཕྲད། །ཕྱུག་པོ་ཚང་གི་མོ་ལ་བཟང་། །ལྷས་འདབ་དུང་གི་ལྕོག་ག་ཚར། །ཇག་པ་སྐུངས་ལ་འདུག་ན་བཟང་། །ཉིག་རི་སོ་སྐུང་ཚུགས་པ་ཡིན། །སྤྱིར་བཏང་ཅི་ལ་བཏབ་ཀྱང་བཟང་། །བྱོད་ཕུར་ལན་དུ་དིང་བརྒྱག་ན། །མཁའ་ལ་སྤྲིན་དཀར་ལྕོག་སྒོང་ཙམ། །དེ་ཇེ་ཆེ་ནམ་མཁའ་གང་ངོ་ཡིན། །བྱོད་ཕུར་བྱ་བུར་དམུ་དག་གི། །ལན་དུ་ཁ་ལེ་བྱ་ཤིང་དང་། །ལྕགས་ཁྲ་གསུམ་པོ་གང་རུང་བབ། །རྒྱ་ཡི་མཐིང་ཤོག་སྔོན་པོ་ལ། །བོད་ཀྱི་གསུང་རབ་ཡི་གེ་བཀོད། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ལྷག་པར་རབ་གནས་མོ་ལ་བཟང་། །བྱོད་ཕུར་ལན་དུ་སྐྱིན་དིང་ན། །དགུང་སྔོན་ཁོལ་དུ་ལྷུང་བ་དང་། །ཤེད་ཆུང་སྟེང་དུ་ཁུར་ཆེན་བབས། །རང་མགོ་རང་གིས་གཡོགས་པ་ཡིན། །ཤིང་མགོ་བལ་གྱིས་བཅིང་བ་ཡིན། །གསེར་གྱི་བྱེའུ་ཆུང་འཕར་མ་དེ། །བྱེ་མའི་རླིབས་སུ་ཤི་བ་ཡིན། །ཅི་བཏབ་ཅི་ལ་ངན་ན་ཡང་། །


MR16_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་མ་རྨོ་བའི་མོ་ལ་བཟང་། །མི་ཁུར་གླང་གི་ཁལ་དུ་འཕེལ། །ཡུན་རིང་ནད་པའི་མོ་ལ་བཟང་། །རྡོ་ལས་ལྕི་བ་བལ་ལས་ཡང་། །བྱི་ལོང་རྡོ་འཛུད་བཙུག་ན་བཟང་། །བྱི་ལོང་རྡོ་ཡི་སྒྲོམ་དུ་ཚུད། །བྱོད་ཕུར་ལན་དུ་གལ་བར་ན། །ལོ་དགུའི་ཁང་རྒན་རྡིབ་པ་དང་། །ཞག་གཅིག་མགྲོན་པོ་ཚེ་ཟད་ཐུག །འདི་ཐག་རིང་མགྲོན་པོའི་མོ་ལ་ངན། །བྲ་སྐྱ་འཛོལ་གྱིས་ཟིན་པ་ཡིན། །གཞི་ཕྱ་འདེབས་ན་བཟང་བ་ཡིན། །སྐུ་མཁར་འོག་ན་གཡའ་སྤང་བདེ། །ཕྱུག་མོར་དཀོར་ནོར་འཕེལ་ཁ་རྒྱས། །ས་མཁར་བརྩིགས་ན་སྐུ་མཁར་གྲུབ། །ཇག་མགྲོན་གང་ཆེན་མགྲོན་ཡག་ཡིན། །ནད་པར་གླང་རྒན་བཤའ་གཞིའི་སྟེང་ནས་ཐང་། །བྱོད་ཕུར་ལན་དུ་བྱ་ཡུན་ན། །གཡའ་སྤང་གི་རྡོ་རྟ་གྲོ་མོ་ལ། །རྒོད་ཀྱི་འཕུར་གཤོག་སྐྱེས་པ་ཡིན། །མདའ་ལ་རྒོད་སྒྲོ་ཐོགས་པ་ཡིན། །བྱོད་ཕུར་ལན་དུ་བྱ་བུར་ན། །བྱེའུ་བྱ་རྒྱལ་རྒོད་པོར་སོང་། །བྱོད་ཕུར་ལན་དུ་མུ་ས་ན། །གཡའ་སྤང་མི་གྲངས་འཕེལ་བ་ཡིན། །གཡའ་སྤང་མི་དང་རྟ་རུ་འབྲེལ། །ཤོར་ཁུང་ཉི་ཟླ་གཟའ་ཡིས་ཟིན། །བླ་མ་གཅིག་གི་མོ་ལ་ངན། །བྱོད་ཕུར་ལན་དུ་ཝ་ཚོ་ན། །མི་གཅིག་མི་བཅུར་འཕེལ་བ་ཡིན། །མདུང་ལ་བ་དན་ཐོགས་པ་ཡིན། །ཁྱད་པར་ཝ་ཚོ་རྒྱལ་བ་ཡབ་སྲས་ན། །ལྡེའུ་སྤྱི་གཙུག་རྒྱལ་བ་དེ། །ཡེ་ཟ་ཁབ་ཏུ་བཞེས་པའི་ཚེ། །བུ་དགུ་ཕ་དང་བཅུ་བྱུང་ཡིན། །ལན་དུ་ཝ་ཚོ་བྱ་ཡུན་ན། །གོང་མོའི་འགྱུར་སྐད་ཐོན་པས་བཟང་། །ལན་དུ་ཝ་ཚོ་དཔའ་མདུང་ན། །ཡེ་སྨོན་དཔལ་གྱི་ས་བོན་ཚུགས། །ཁྱོད་ཕུར་ལན་དུ་སྤོ་ཚེ་ན། །རྒྱལ་བུ་མཆེད་ལྕམ་རྒྱལ་ས་ནོན། །ལན་དུ་སྤོ་ཚེ་མདུང་བུ་ན། །རྟ་ལ་འཕུར་གཤོག་རྒྱས་པ་ཡིན། །ལན་དུ་ཤ་རིང་སྤོ་ཚེ་ན། །ས་བཟུང་མོ་ལ་ཡུལ་སྲིད་ཟིན། །མགྲོན་པོ་དོན་ཡོད་འ དོད་པ་རྙེད། །དུན་དུན་ནད་པའི་མོ་ལ་ངན། །


MR16_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱོད་ཕུར་ལན་དུ་དམུ་དག་ན། །ཅང་སེ་དཀར་པོ་གྱོན་འདུག་ཡིན། །ལུག་ཡུ་པོ་བསྟར་ལ་ཚུད་པ་ཡིན། །རྨང་པོ་ཚང་གི་མོ་ལ་བཟང་། །དམུ་ཤིང་ཡལ་ག་རྒྱས་པ་ཡིན། །དུན་དུན་ནད་པའི་མོ་ལ་བཟང་། །ཚོམ་བུ་དཔལ་ཐག་ཟིན་པ་ཡིན། །ཇག་པ་མགྲོན་པོའི་མོ་ལ་བཟང་། །དགྲ་ཡུ་བོ་གཡག་གིས་བཤའ་ཁུང་བསྙེག །མི་གཅིག་མོ་ལ་གྱོད་ཐར་ཡིན། །རྟ་གཅིག་མོ་ལ་བདུད་ཆད་ཡིན། །འདི་ཡི་ལན་དུ་དུང་སྒོ་ངན། །དམུ་ཤིང་ལོ་འདབ་དགུང་དང་མཉམ། །ལྷག་པར་སྲོག་ཕྱ་འདེབས་ན་བཟང་། །ཡེ་སྨོན་སྐུ་ཚེ་མཐའ་ནས་རྒྱས། །ཐུང་ལ་རིང་གིས་མཐུད་པ་ཡིན། །སྡེ་སྒར་པ་ཁྱུ་ལ་ཚུད་པ་ཡིན། །ཕུ་ནུ་རུས་ལ་འཁོར་བ་ཡིན། །གཡག་ཤི་འབྲིང་ཆད་མེད་པ་ཡིན། །ཇག་པ་མགྲོན་པོའི་མོ་ལ་བཟང་། །མ་སང་དོན་ཚོལ་གྲོག་དང་འཕྲད། །གཉན་རྗེ་གཡའ་སྤང་སྐྱེས་གཅིག་དེ། །གར་བསྒྲོད་ས་རུ་དོན་གསུམ་འགྲུབ། །བྱོད་ཕུར་ལན་དུ་སྐྱེར་ལེབ་ན། །བྱིས་པས་ཕ་རྗེས་ཟིན་པ་ཡིན། །ལན་དུ་སྐྱེར་གྱི་བུ་བརྒྱག་ན། །ཕྱུག་པོའི་ནོར་མོ་འདེབས་ཉིན་བཟང་། །འབྲི་བརྒྱག་དང་ལ་བསྒྲིག་པ་ཡིན། །དུན་དུན་ནད་པའི་མོ་ལ་བཟང་། །མགྲོན་སྔ་རུ་ཅན་གཅིག་ཆས་པ་དེ། །ཕྱི་རུ་ཅན་གྱིས་བཤོལ་ངོ་ཡིན། །ཇག་མགྲོན་གཉིས་ལ་ཕྱི་བཤོལ་ཆེ། །ཆས་ནས་ཇག་པ་རྟ་ལ་རྔམ། །མགྲོན་པོ་ཡུལ་སྙོགས་མོ་ལ་བཟང་། །གཡག་པོ་ངར་བས་ལ་དགུ་ཕུད། །ལན་དུ་སྐྱེར་གྱི་བརྒྱག་ངན་ན། །གཏན་སྲིད་གྲོ་ཟན་བརྗེས་པ་ཡིན། །ཐང་ལི་རྟ་ཤི་སྒ་སྟོང་ཡིན། །བྱོད་ཕུར་ལན་དུ་ཚོལ་ཚེ་ན། །སྐྱེས་བུ་གྲོག་དང་འཕྲད་པ་ཡིན། །དགྲ་ལ་ནན་ཚུགས་མ་རྩོད་ཅིག །དཔའ་སྙིང་ཁ་རུ་ལུད་ཉེན་ཆེ། །ལན་དུ་ཚོལ་རྩེའི་བརྒྱག་བཟང་ན། །གཡང་སྤང་སྐྱིད་ཀྱི་ཕྱེ་མར་གསོལ། །ལན་དུ་ཚོལ་ཚེའི་གསོལ་ངོ་ན། །བྱི་བས་མོ་མཁར་བརྩིགས་པ་ཡིན། །ལན་དུ་སད་


MR16_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཚོལ་ཚེ་ན། །བྱིའུ་ཟན་དང་ཕྲད་པ་ཡིན། །བག་ཚོ་སྟག་ལ་འཛུམ་དྲུག་རྒྱས། །བྱོད་ཕུར་ལན་དུ་ཁྱུང་བརྒྱང་ན། །དུང་ཁྱུང་ནམ་མཁར་བདེ་བ་ཡིན། །ཁྱུང་གི་དབུ་ལ་ནོར་བུ་ཚུགས། །ལན་དུ་ཁྱུང་བརྒྱང་དངུལ་མདངས་ན། །ཁྱུང་གཤོག་རྒྱས་ནམ་མཁའ་འུར་གྱིས་བཀང་། །བྱོད་ཕུར་ལན་དུ་ཨ་ཁད་ན། །གཡའ་སྤང་ཁ་ཕོ་ཐོན་པ་ཡིན། །ལན་དུ་ཨ་ཁད་ཙེ་མ་ན། །ཤེལ་གྱི་རྣ་ཕོ་བརྡུང་རུ་ཅན། །བྲག་དམར་ལོགས་ལ་ཟན་དང་འཕྲད། །ཕུང་ཁད་གཡའ་སྤང་མི་ཁས་ཕོག །ལྷག་པར་རྟ་ལ་ངན་པ་ཡིན། །བྱོད་ཕུར་ལན་དུ་རང་སྙན་ན། །བྲ་བ་སྤུ་ཐོག་རྒྱས་པ་ཡིན། །རྨང་སྡུག་གྲོག་དང་འཕྲད་པ་ཡིན། །དབུལ་པོ་ཕྱུག་པོར་འོང་བ་ཡིན། །མགྲོན་པོ་ཇག་པའི་མོ་ལ་བཟང་། །ཉིན་གྱི་རི་བོང་རྣ་རིངས་ཀྱིས། །སྲིབ་ཀྱི་སྤ་ཐོག་རྙེད་པ་ཡིན། །དུན་དུན་ནད་པའི་མོ་ལ་བཟང་། །ཨ་བྲ་དུར་དུ་སོས་པ་ཡིན། །ཡུན་རིང་ནད་པའི་མོ་ལ་ངན། །སྙན་ལམ་གཤིན་ལ་ཟུག་པ་ཡིན། །ཡུལ་དྲོ་ས་འཇམ་མོ་ལ་བཟང་། །བྱོད་ཕུར་ལན་དུ་སྲང་ཟེ་ན། །གཡའ་སྤང་མི་དར་ཆུ་འབྲུབ་ཡིན། །བྱོད་ཕུར་ལན་དུ་བྱོད་ཕུར་ན། །ནམ་ལང་སོ་བ་བཞག་པ་ཡིན། །བྱོད་ཕུར་ལན་དུ་དཀར་ཐོག་ན། །བྲ་བ་སྤུ་ཐོག་ཡར་ཡར་རྒྱས། །གཡའ་སྤང་དཔའ་སྐད་ཐོན་པ་ཡིན། །བྱོད་ཕུར་ལན་དུ་སེ་སྟོད་ན། །བཤས་ལུག་བཤའ་རའི་ནང་དུ་ཆུག །སྡེ་ཆེན་རུ་ཉུལ་བྱེད་ཉིན་ངན། །འབྲོས་བུས་བཙན་ཁུངས་བསྙེགས་པ་ཡིན། །སྐྱེས་ཕྲན་སྲོག་ཕྱ་འདེབས་ཉིན་ངན། །གཡའ་སྤང་བསྙུན་གྱིས་ཟིན་པ་ཡིན། །གྱོས་པོས་མནའ་མ་འཇོག་ཉིན་བཟང་། །ལྦུ་ལུ་རྒས་པ་རལ་གྲི་རེད། །བནྡེ་བཀའ་ལོག་མོ་ལ་བཟང་། །ཆོས་གོས་བསྒྱུར་ནས་རྐང་སྣམ་གྱོན། །མཐའ་མར་ཤམ་ཐབས་ཚང་གང་རེད། །དམེ་ཕོ་ཚང་གི་མོ་ལ་བཟང་། །དམེ་བུ་ཁྲག་གིས་ངོམ་པ་ཡིན། །


MR16_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཇག་པ་མགྲོན་པོའི་མོ་ལ་བཟང་། །སྙེ་ལོང་འཁྲུངས་པར་འབྲས་བུ་སྐྱེས། །དུན་དུན་ནད་པའི་མོ་ལ་བཟང་། །ནད་པ་དུར་སོ་ཁ་ནས་ལོག །ཡུན་རིང་ནད་པའི་མོ་ལ་ངན། །ས་ཚིག་ལྟེ་དམར་འགུལ་བ་ཡིན། །བྱོད་ཕུར་རྣམ་པོའི་བུ་ལྕེ་ལ། །ལན་དུ་རྒྱ་དར་མིག་དམར་འཇིགས། །དེ་ནི་སེ་སྟོད་སྒོ་བརྒྱག་ཡིན། །བྱོད་ཕུར་ལན་དུ་ལྡི་བུར་ན། །བྱིའུ་བརྒྱག་པ་ཁྲ་རུ་སོང་། །གཡའ་སྤང་མགོ་ལ་བརྡུང་རུ་རྒྱས། །ཤངས་རྩེ་དཔའ་རྩལ་མཛང་གསུམ་འཛོམས། །གཡའ་སྤང་མགོ་ལ་བསེ་རྨོག་གྱོན། །བྱོད་ཕུར་སྲོག་གི་འཇུ་ཐག་ལ། །ལན་དུ་གྲི་ཆུང་རབ་ཆོད་འཇིག །དེ་ནི་ལྡེ་བུར་སྒོ་བརྒྱག་ཡིན། །ལན་དུ་རྐང་སྤར་ལྡི་བུར་ན། །ཁྲ་གཤོག་རྩལ་ཅན་གྱིས་མགྱོགས་དར་ཐོབ། །རྐང་སྤར་བརྒྱག་བཟང་བབ་པ་ན། །སེང་ལ་གཡུ་རལ་རྒྱས་པས་བཟང་། །ཁྱད་པར་རྐང་སྤར་དུད་རྒོད་བབས། །སེང་གཡུ་རལ་རྒྱས་པའི་དགྲ་བླ་ཡིན། །ལྷག་པར་བོན་པོའི་མོ་ལ་བཟང་། །ཨ་བྲག་ཅན་དུ་བརྫུས་པ་ཡིན། །གཅན་མི་ཟན་སེང་གེར་ཐལ་བ་ཡིན། །སྡེ་ཆེན་གོང་བ་རྩོད་ཉིན་བཟང་། །གཅན་གཟན་བརྒྱ་ཡི་གོང་བ་དེར། །གངས་ཀྱི་སེང་ཆེན་འདི་ཡིས་བཟུང་། །ནད་པ་ཤི་སོས་མོ་ལ་ངན། །གངས་སེང་དཔའ་རྩལ་རྫོགས་ནས་ཤི ། བཀྲ་རྒན་ཡིན་ན་བདུད་ཆད་ཡིན། །ཇག་པ་མགྲོན་པོའི་མོ་ལ་བཟང་། །སེང་ཆེན་དོན་ཚོལ་དོན་དང་ཕྲད། །ལྷག་པར་དབུས་བསྒྲོད་མོ་ལ་བཟང་། །གཡའ་སྤང་གར་བསྒྲོད་དོན་གསུམ་འགྲུབ། །ཝ་ལྡི་མདུང་ལ་བ་དན་ཕྱར། །བག་ལྡི་གཡའ་སྤང་བརྡུང་རུ་ཆད། །ཆུ་སྤར་རིགས་རྣ་ཐང་བྲག་ལས་ཡར། །རྣོ་མཚོན་དགྲ་ལ་ཤོར་ངོ་ཡིན། །བྱོད་ཕུར་ལན་དུ་ཡར་ལྡིང་ན། །སེང་གེ་གཡུ་རལ་རྒྱས་པ་ཡིན། །བྱོད་ཕུར་ལན་དུ་སུམ་མཉམ་ན། །བྱོད་ཕུར་དུང་གི་ལུ་གུ་ལ། །ལན་དུ་ངམ་གྱི་


MR16_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྤྱང་འཇིགས། །དེ་ནི་སུམ་མཉམ་སྒོ་བརྒྱག་གམ། །ཡང་ན་ཏྲོང་གི་སུམ་མཉམ་ཡིན། །དུང་གི་ལུ་གུ་དཀར་པོ་དེ། །ལྕགས་སྤྱང་སྔོན་མོ་གཅིག་གིས་ཁྱེར། །ལུག་པ་གཅིག་གི་མོ་ལ་ངན། །སུམ་མཉམ་བརྒྱག་བཟང་རིགས་བབ་ན། །བྱོད་ཕུར་དུང་སྤྱང་དཔའ་ཤེད་རྒྱས། །བྱོད་ཕུར་ལན་དུ་ཙེ་ར་ན། །གཡའ་སྤང་གོ་གྱོན་མཚོན་ཐོགས་ཡིན། །ལན་དུ་ཙེ་ར་ཝང་ཐོག་ན། །གཅན་རིག་པ་ཅན་ལ་ལ་ཉེ་བཟང་། །ལྷག་པར་བང་ཆེན་མོ་ལ་བཟང་། །བྱོད་ཕུང་ལན་དུ་གཡུང་དྲུང་ན། །གཡའ་སྤང་ངོ་སོ་དགུང་བས་མཐོ། །རྨང་པོ་དབུལ་པོའི་མོ་ལ་བཟང་། །སྟོང་པའི་ནང་དུ་འབྲས་དྲུག་འཁྲུངས། །འབྲས་བུའི་ནང་ན་མེ་ཏོག་མཛེས། །དབུལ་པོ་ནོར་གྱིས་འཚེང་བ་ཡིན། །མགྲོན་པོ་འགྲོ་བའི་མོ་ལ་བཟང་། །མཚོ་ཁར་ཅི་འདོད་རྩིས་ཁྲལ་ལེན། །ཡུན་རིང་ནད་པའི་མོ་ལ་ངན། །མི་རྒན་ལྷ་བ་བུད་པ་ཡིན། །ཡ་མ་ཐར་ཁྲུས་བྱས་ནས་ཤི ། ཡུལ་ས་དྲོ་འཇམ་མོ་ལ་བཟང་། །གཡའ་སྤང་བསམ་དོན་འགྲུབ་པ་ཡིན། །བྱོད་ཕུར་ལན་དུ་ཀྱེ་བ་ན། །དའུ་གོས་མེད་གོས་དང་འཕྲད། །འབྲང་བས་འབྲི་སྤྲེལ་རྙེད་པ་ཡིན། །ཇག་པ་མགྲོན་པོའི་མོ་ལ་བཟང་། །ས་བཟང་ལུ་གུ་ཤ་ཚིལ་རྒྱས། །ནད་པ་ཤི་སོས་མོ་ལ་ངན། །གཤིན་རྗེའི་ཤིང་ཁྲི་བརྩིགས་པ་ཡིན། །བུད་མེད་དར་མའི་མོ་ལ་བཟང་། །ཕྱྭ་ལྕམ་པང་ནས་བུ་རྙེད་ཡིན། །བྱོད་ཕུར་ལན་དུ་ད་རོག་ན། །རྒྱལ་པོ་ཁྲི་ཁར་བུད་པ་ཡིན། །མི་ཆེན་སྐུ་ཕྱྭ་འདེབས་ཉིན་བཟང་། །རྒྱལ་ནས་མི་འཕམ་བླ་མདུད་ཡིན། །ཕྱུག་པོའི་གཞིས་ཕྱྭ་འདེབས་ཉིན་བཟང་། །ད་རོག་མཚོ་མོ་གཏིང་ནས་རྒྱས། །གསེར་རྩི་མི་འཆད་རྫིའུ་ཡིན། །དུན་དུན་ནད་པའི་མོ་ལ་ངན། །བྱ་ངང་མོ་འདམ་ལ་ཤི་བ་ཡིན། །ལར་བུད་མེད་སྦྲུམ་མའི་མོ་ལ་ངན། །རྒན་མོ་གཅིན་


MR16_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་ངུ་བ་ཡིན། །ཇག་པ་མགྲོན་པོའི་མོ་ལ་བཟང་། །གཡའ་སྤང་མར་ཁུའི་མཚོ་དང་ཕྲད། །ལན་དུ་ད་རོག་དཔག་ཆེན་མ། །རྨ་བྱ་སྤུ་མདངས་རྒྱས་པ་ཡིན། །བྱོད་ཕུར་ལན་དུ་དམུ་དབལ་ན། །སྐྱེས་གཅིག་གསེར་གྱི་འཁོར་ལོ་བསྐོར། །བསྟན་སྲིད་དབུ་འཕང་མཐོ་ངོ་ཡིན། །དྭངས་མའི་མདུད་པ་བརྒྱག་བཟང་རིགས། །བྱོད་ཕུར་ལན་དུ་བབ་པ་ནི། །ཉག་རས་བང་སྣ་ཐན་པ་ཡིན། །བྱོད་ཕུར་གྱི་མཐོང་བ་བཟང་པོ་དེ། །མོ་མདུད་བཟང་པོའི་གཏན་ཚིགས་ཡིན། །ཆང་ངབ་སྟེང་གི་བྱོད་ཕུར་ལ། །མཐོང་བ་ཉེར་གཅིག་བཤད་པ་སོགས། །དོན་གྱི་བབ་ལན་འདི་ལ་འདུས། །བྱོད་ཕུར་ལན་དུ་སྐྱམ་སྔོན་ན། །རྨང་པོའི་མི་རྒབ་ཆུ་ལ་ཤོར། །ཁྱད་པར་སྐྱམ་གྱི་ངན་རིགས་ན། །གཡའ་སྤང་མི་ཁས་ཕོག་པ་ཡིན། །རྡོ་རྟ་བརྩེད་ཀྱིས་ཟིན་པ་ཡིན། །གཡའ་སྤང་བཙུན་མོ་ངུས་པ་ཡིན། །མགོ་རྗེན་ཆར་པས་གཅེས་པ་ཡིན། །མཆི་མས་སྔས་བྱས་ན་བ་ཡིན། །གླེས་སྨི་ལྕོག་ཆུར་དུག་ལོ་ཟོས་པས་ཕུང་། །ལན་དུ་དམུ་ངམ་སྐྱམ་བབ་ན། །སེང་གེའི་གཡུ་རལ་ས་ལ་ལྷུང་། །སྐྱིད་དགའ་ཅན་གྱི་མོ་ལ་ངན། །མདུན་ཞུ་ལུས་ལ་ཕབ་པ་ཡིན། །སྡུག་མདུན་ཞུ་ཅན་གྱི་མོ་ལ་བཟང་། །མདུན་ཞུའི་མགོ་ལ་བདེ་སྐྱིད་བརྒྱན། །ལྷག་པར་འཕེན་པོའི་མོ་ལ་ངན། །འགྲུ་བུ་དགུ་ཆུ་གྲིར་ཤི་བ་ཡིན། །ནལ་ལ་བག་མ་ལེན་ཉིན་བཟང་། །ནལ་ཕྲུག་ལྷ་ལ་བཏགས་པ་ཡིན། །ཇག་མགྲོན་གཉིས་ཀྱི་མོ་ལ་ངན། །ཇག་མགྲོན་ཆུ་ལ་ཆུ་བས་འཁྱགས། །རྨང་པོ་གཅིག་གི་མོ་ལ་ངན། །རྨང་མཇུག་རྨང་གིས་བཏུམ་པ་ཡིན། །ནད་པ་ཤི་སོས་མོ་ལ་བཟང་། །སྡུག་མཆི་མ་བྱུང་ཀྱང་གད་མོ་བྱས། །ཡུན་རིང་ནད་པའི་མོ་ལ་ངན། །ནད་པ་ཕྱེ་མར་བྱས་ནས་ཤི ། ཡུལ་དྲོ་ས་འཇམ་མོ་ལ་ངན། །བྱོད་


MR16_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་ལན་དུ་བྱ་རལ་ན། །གཡའ་སྤང་སྲུ་མཚན་ཕྱེ་བ་ཡིན། །བྱོད་ཕུར་མཐིང་གི་ཁྱེའུ་ཆུང་ལ། །ལན་དུ་ངམ་གྱི་ཁྱི་ནག་འཇིགས། །དེ་བྱོད་ཕུར་ལན་དུ་བྱ་རལ་ཡིན། །ཀུན་ལ་ངན་སྟེ་སྨན་མོར་བཟང་། །བྱ་རལ་རིན་ཆེན་བབ་པ་ན། །སྐྱིད་ཀྱི་ཉི་མ་ཤར་བ་ཡིན། །བྱོད་ཕུར་མིག་གི་རྒྱལ་མོ་ལ། །ལན་དུ་ལིང་ཐོག་སྐྱ་མོ་འཇིགས། །ལན་དུ་ལི་ཡན་སྐྱ་མོ་ཡིན། །བྱ་རིག་པ་ཅན་ལ་ལམ་ལོག་བྱུང་། །གཡའ་སྤང་ལ་སྙིང་ང་ལང་བ་ཡིན། །ལྕོ་ག་ཁྲ་མོའི་འགྱུར་སྐད་དེ། །སྲེག་པ་སྲེ་བོས་ཕྲོག་པ་ཡིན། །ཉིག་རི་བྲང་སྣ་ཤོར་བ་སྟེ། །སྡེ་ཆེན་ཡུལ་ཤོར་འོང་བ་ཡིན། །ལྷག་པར་སྐྱིད་དགའ་ཅན་ལ་ངན། །ཡུལ་དགུ་འགྲིམས་ཀྱང་ལྟོ་མི་འགྲང་། །དུན་དུན་ནད་པའི་མོ་ལ་བཟང་། །གཤེན་ཡུལ་ནས་གཉན་རྒན་ཤི་ལོག་ཡིན། །མི་ཆེན་འཇལ་འཕྲད་བྱེད་ཉིན་བཟང་། །ཞྭ་ཆུང་ལྟག་པར་བསྒྱུར་བ་ཡིན། །ཇག་པ་མགྲོན་པོའི་མོ་ལ་ངན། །དགྲ་བླའི་ངོ་སོ་ང་གིས་ཁྱེར། །བྱོད་ཕུར་གྲོག་གི་སྤུངས་རི་ལ། །ལན་དུ་ངམ་ང་འཚུབས་མ་འཇིགས། །ལན་དུ་ཤ་བག་ལི་ཡན་ཡིན། །དའུ་གོས་དང་ཕྱེ་བ་ཡིན། །སྐྱིད་དགའ་ཅན་གྱི་མོ་ལ་ངན། །བུ་རྟ་ཁ་ཐུབ་དུས་ཕ་དེ་ཤི། །ཤ་ལེན་གཏིས་རྩོད་མོ་ལ་བཟང་། །སྨོན་པའི་ཕ་ཤ་སྲིན་ལས་ལེན། །ཇག་མགྲོན་བྱེད་སུ་ཤི་བས་ངན། །ཁ་ཆེམས་རླུང་ལ་བཞག་པ་ཡིན། །ནད་པ་ཤི་སོས་མོ་ལ་བཟང་། །གྲོག་བདུད་ཀྱི་ལག་ནས་ཁུག་པ་ཡིན། །ཤག་ལེའི་བརྒྱག་བཟང་བྱུང་བ་ན། །བྱ་ངང་དཀར་ཆུ་ལ་འབྱུང་བ་ཡིན། །སངས་རྒྱས་ཆོས་ཀྱི་ཝེར་མ་ཡིན། །བྱོད་ཕུར་ལན་དུ་མར་ལྡིང་ན། །རྒྱལ་གྱི་ལས་ཀ་ཤོར་བ་ཡིན། །འཕེན་དར་ཅན་གྱི་མོ་ལ་ངན། །ཕ་ཆེན་བློན་བརྒྱུད་མོ་ལ་ངན། །ཕ་སེང་གེའི་བུ་བརྒྱུད་ཁྱི་རུ་སོང་། །བཟང་ཤིང་ན་ལུས་འོང་ངོ་ཡིན། །མ་རབ་ཚང་གི་མོ་ལ་བཟང་། །


MR16_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི་མོང་སྐྱེས་པ་ཤིང་རྩེར་སླེབས། །གླ་བས་ཟས་བསགས་ལྷ་ཁང་བཞེངས། །ལྷ་ཁང་གསས་མཁར་ཕུབ་ཉིན་བཟང་། །ཤིང་རྩེ་མོ་བཅད་ནས་རྩ་བ་བྱས། །དབུས་པ་འགྲོ་བའི་མོ་ལ་བཟང་། །ཞྭ་སྤྱི་བོར་ཕུད་ནས་གླིང་བཞི་བལྟས། །མི་ཆེན་གོང་ལ་འགྲོ་ཉིན་བཟང་། །རྒྱ་བནྡེའི་གོས་ལ་གོང་བ་མེད། །ཇག་པ་མགྲོན་པོའི་མོ་ལ་ངན། །གྲོ་ཕྱེ་ཟད་ནས་ཨ་ཀྲད་འཆའ། །དུན་དུན་ནད་པའི་མོ་ལ་ངན། །མི་ཤི་མགོ་ནས་ཤི་བ་ཡིན། །ཤིང་ཆད་རྐེད་ནས་ཆག་པ་ཡིན། །ཡུན་རིང་ནད་པའི་མོ་ལ་བཟང་། །ཤིང་སྐྱ་ཆག་པ་ཆུ་ཡིས་གསོས། །མི་འཆི་ཁ་སྨན་གྱི་སོས་པ་ཡིན། །བྱོད་ཕུར་ལན་དུ་སྤོ་བར་ན། །གཡའ་སྤང་གྱོད་ཀྱིས་ནོན་པ་ཡིན། །སྤོ་བར་བརྒྱག་ངན་རིགས་བབ་ན། །གཡའ་སྤང་མཛེ་ཡིས་ཟིན་པ་ཡིན། །སྤོ་བར་ལིང་ཀུན་བབ་པ་ན། །ཙང་ཀུན་དགྲ་ལ་ཆས་ཏེ་བཟང་། །བྱོད་ཕུར་གསལ་བའི་སྒྲོན་མེ་ལ། །བདུད་ཀྱི་མུན་པ་ནག་པོ་འཇིགས། །ལན་དུ་སོ་ཡོན་བབ་ན་ཡིན། །གཡའ་སྤང་མགོ་ལ་རེ་ཞ་གྱོན། །ལན་དུ་སོ་ཡོན་ལག་བཤལ་ན། །བྲ་བ་སྤུ་ཐོག་བྱི་བ་ཡིན། །ཕྱུག་པོ་དབུལ་པོར་འགྲོ་བ་ཡིན། །རྨང་པོའི་སྲོག་བྱ་འདེབས་ཉིན་ངན། །བདུད་ཀྱི་ལག་བཤལ་བརྐྱང་བ་ཡིན། །ཇག་པ་མགྲོན་པོའི་མོ་ལ་ངན། །དགྲ་ཡི་མུན་པས་ཟུན་ལ་གཡོགས། །ཁ་སྨྲས་ཁ་མཆུ་འོང་ངོ་ཡིན། །ནད་པ་ཤི་སོས་མོ་ལ་བཟང་། །གཤེན་གྱི་དལ་ཁ་ཆེ་ནས་ཤོལ། །སྦྲུལ་མཇུག་ཅན་ཁོང་དུ་ཤི་ངོ་ཡིན། །བྱོད་ཕུར་ལན་དུ་རུ་སོད་ན། །གཡའ་སྤང་སྲིན་མོས་བསླུས་པ་ཡིན། །རྨང་པོའི་བུ་གཅིག་བདུད་ཀྱིས་ཁྱེར། །གཅིག་ལ་མང་པོས་རུབ་པ་ཡིན། །བྱོད་ཕུར་ལན་དུ་མ་ཟེ་ན། །རི་བོང་གླག་གིས་ཁྱེར་བ་ཡིན། །བུ་ཚ་བཙན་གྱིས་ཁྱེར་ངོ་ཡིན། །བྱོད་ཕུར་ལན་དུ་ན་འབན་ན། །ལྷ་བུ་ཐོག་གིས་བསད་པ་ཡིན། །


MR16_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྱོད་ཕུར་ལན་དུ་ཏྲོང་དམར་ན། །ཤིག་ཚེ་ཟད་དཔྲལ་བར་སླེབ་པ་ཡིན། །བྱོད་ཕུར་གཡའ་སྤང་སྐྱེས་གཅིག་ལ། །ལན་དུ་སྐྱ་རིང་ཁྲག་མིག་འཇིགས། །དེ་ནི་ཏྲོང་དམར་སེ་སྟོད་ཡིན། །བྱོད་ཕུར་ལན་དུ་བྲག་རིགས་ན། །གཡའ་སྤང་མཐའ་ལ་ལྷུང་བ་ཡིན། །ལར་བྱ་རལ་སེ་སྟོད་སྒོ་བརྒྱག་དང་། །སུམ་མཉམ་ལྡི་བུར་གཉིས་སྒོ་བརྒྱག །སོ་ཡོན་ཏྲོང་དམར་སེ་སྟོད་དང་། །བྱ་རལ་ཤ་བག་ལི་ཡན་ཏེ། །འདི་རྣམས་བྱོད་ཕུར་འཇིག་མིག་བརྒྱད། །དེ་སོགས་ངན་སྙིགས་བརྒྱག་ངན་ན། །གཡའ་སྤང་ཁྲེལ་གྱིས་ཕོག་པ་དང་། །འོག་རྟ་རྩེད་ཀྱིས་འཐེང་བ་ཡིན། །གཡའ་འབྲུམ་བླ་གཡུ་སྲིན་ལ་ཤོར། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །དེ་བྱོད་ཕུར་སྤྱན་གྱི་མངོན་ཤེས་ལ། །མཐོང་བ་ངན་པ་ཤར་བ་ཡིན། །རིམ་གྲོ་ཚོགས་བསགས་ཇི་འགྲུབ་བྱ། །སྤྱིར་བྱོད་ཕུར་འདུར་རྒྱུག་མང་བ་ན། །གློ་བུར་འདུར་རྒྱུག་འུར་ཟིང་ངོ་། །ནད་མོང་སྟུད་ནས་ཕྱི་སར་སོང་། །འཚུབ་ཆ་ཆེ་བས་གཏོ་རིམ་འབད། །བནྡེ་ཡིན་ན་མཆོད་རྟེན་བརྩིགས། །བོན་པོ་ཡིན་ན་གསས་མཁར་བཞེངས། །སྐྱེས་པ་ཡིན་ན་ལབ་ཙེ་བསྟོད། །ཆུང་གསུམ་བྱེའུ་ཆུང་འཕུར་མདོས་བྱ། །བུད་མེད་ཡིན་ན་དབང་སྐུར་ཞུ། །ཡ་མ་ཡིན་ན་གྲྭ་ལྔ་བཀླག །ཤེར་ཕྱིན་བརྒྱ་བཞི་སྔོང་མདོས་དང་། །ཚེ་རྫི་ཤུགས་མགོན་བརྔན་ཆེན་བྱ། །གོད་ཁར་ཞི་བའི་སྦྱིན་སྲེག་བྱ། །རུ་སོད་མ་ཟེ་ན་འབན་རྣམས། །རང་སར་བབ་ནས་ཕྱི་ས་རུ། །བྱོད་ཕུར་བབ་ན་དགྲ་ཡི་ཚོགས། །ཟུན་གྱི་བདུད་བབ་གློ་མདའ་ཡིན། །ལྡོག་ན་བཤད་པ་གོ་ལོག་བྱ། །མོ་རྟར་གསུམ་སྦྲེལ་གཅིག་འཇུས་སང་། །མཁའ་ཀློང་དབྱིངས་ཀྱི་བྱོད་ཕུར་ཡིན། །བྱོད་ཕུར་ནང་གི་མཛངས་བ་ཡིན། །མོ་རྟར་བཞི་སྦྲེལ་ལྕགས་ཐག་འདྲ། །ཕྲུ་གུ་ས་ལ་ཡར་བ་དེ། །ཤིང་ཤག་ཤིང་གི་བྱོད་ཕུར་ཡིན། །བྱོད་ཕུར་


MR16_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མ་ཆིག་རྒྱུག་ཡིན། །ནུབ་གྱི་དུར་བྱ་གཤོག་ནག་ཡིན། །ངམ་གྱི་ཤ་སྦྲང་ལྕགས་མཆུ་ཡིན། །དེ་ལྟར་བྱོད་ཕུར་བརྒྱག་མེད་གསུམ། །བྱོད་ཕུར་དཔའ་སྔར་མཛངས་གསུམ་ཡིན། །བྱོད་ཕུར་དཔའ་སྔར་མཛངས་གསུམ་དེ། །དཔའ་སེམས་གཅིག་ལ་འཁོར་བ་ཡོན། །ལན་དུ་ཡར་དིང་སྟག་འཕྲུ་ན། །དཔའ་སེམས་གཅིག་ལ་འཁོར་བ་ཡིད། །ད་མོ་མ་ཁྱོད་ཀྱིས་དཔྱད་ཤེས་ན། །བྱོད་ཕུར་ང་ལ་བརྒྱག་བཤད་ཡོད། །མཁར་རྩེ་དང་པོ་བརྒྱག་པ་ན། །དཀར་ཐོག་གཡུང་དྲུང་ཞེས་སུ་བྱ། །དཀར་ཐོག་སྤུན་གསུམ་ཆེ་བ་ཡིན། །དཀར་ཐོག་སེ་སྟོད་ཅེས་ཀྱང་བྱ། །ཕ་དེ་གལ་བར་ཐོད་དཀར་ཡིན། །མ་ནི་དངས་མ་གཡུ་སྒྲོན་ཡིན། །བུ་ཁོ་རང་དཀར་ཐོག་གཡུང་དྲུང་ཡིན། །རྒྱལ་ཁ་ཐོབ་པའི་དགྲ་བླ་ཡིན། །ཡག་ལ་ཐོབ་པའི་ཝེར་མ་ཡིན། །གནམ་ས་འབྱེད་པའི་བུ་ལུ་ཡིན། །མཐུ་ཆེན་ཝེར་མའི་རྐན་མར་ཡིན། །དུང་སེང་དཀར་མོའི་འོ་མ་ཡིན། །གཡུ་འབྲུག་སྔོན་མོའི་ཁ་ཆུ་ཡིན། །དུང་ཁྱུང་དཀར་མོའི་སྒོང་ཆུ་ཡིན། །བ་བཙུན་འཕྲུལ་གྱི་འོ་མ་ཡིན། །མདུད་པ་བཟང་པོའི་རྩ་བ་ཡིན། །བརྒྱག་ཁ་བཟང་པོའི་ནང་བཅུད་ཡིན། །དབྱིག་དཀར་རྣམས་ཀྱི་དགྲ་བླ་ཡིན། །དབྱིག་ནག་རྣམས་ཀྱི་ཁ་གནོན་ཡིན། །སེ་སྟོད་སྔར་མའི་རྫིའུ་ཡིན། །སང་རྒོད་སྤྲང་གི་ནུ་ཞོ་ཡིན། །དཀོར་མཛོད་ནོར་གྱི་བང་བ་ཡིན། །ནོར་བུ་རྣམས་ཀྱི་ཡང་སྙིང་ཡིན། །ཞང་ཞོང་ཕུག་པས་མིང་བཏགས་པ། །བྱོད་ཕུར་གསེར་བྱ་དཀར་མོ་བརྒྱག །བར་པས་ལང་མ་ལིང་ཚེ་བརྒྱག །སྒོ་བས་དཀར་ཐོག་གསལ་སྒྲོན་ཟེར། །རྫ་བྲག་འདྲེས་པའི་བླ་མདུད་ཡིན། །དཀར་ཐོག་སྤུན་གསུམ་གར་བབ་ཀྱང་། །འཁྲུགས་པའི་རྒྱལ་ཁ་དེ་ན་ཡོད། །སང་དང་བྲག་དང་གཡུང་དྲུང་གསུམ། །


MR16_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མདུད་འདི་ལ་ཚང་བ་ཡིན། །དཀར་ཐོག་ཡིན་པའི་གཡུང་དྲུང་ཡིན། །སེ་སྟོད་སྡེ་ཚན་བྲག་ཏུ་སོང་། །བྱོད་ཕུར་ཡར་བས་སང་གཅིག་ཡིན། །དཀར་ཐོག་སེ་སྟོད་བྱ་བ་འདི། །མིག་ཤ་འགེལ་འཕོག་བྱེད་ཉིན་བཟང་། །ཕྱི་ས་གང་བབ་ཕྱོགས་ཀྱི་དགྲ། །དེ་སྔོན་དྲལ་དཀར་བབ་ན་ནི། །དམག་ཉེས་གཡུལ་བརླག་འོང་ངོ་ཡོད། །གཅིག་གི་སྟེང་དུ་དཀར་ཐོགས་ན། །ཤར་ཕྱོགས་ཤེལ་བྲག་དཀར་པོ་ལ། །དུང་ཁྲ་མ་བུའི་ལ་ཉེ་ཡག །ཤར་རྨ་གཉན་གདན་ཁྲིར་ཆུང་རྒྱུད་འཕེལ། །སྡུག་གི་ཁུ་རུ་ཕོག་པ་ཡིན། །གླ་བ་སྐྱིད་ཚོལ་མོ་ལ་བཟང་། །གཉིས་སྲིན་བུ་ཅ་ཅ་ཅི་ཅི་ཡིས། །བདུད་རྩི་ཟོས་པ་ཐང་ལ་ཕོ། །ཟ་ལ་ཁད་ཀྱི་འགྲམ་ལྕག་དང་། །རྒྱུག་ལ་ཁད་ཀྱི་གདོང་ལྕག་ཡིན། །དགྲ་གྱོད་གཉིས་ཀ་དུས་གཅིག་འོང་། །ཅི་བཏབ་ཀུན་ལ་ངན་པ་ལ། །ཡུལ་པས་ཕ་ཞིང་རྨོ་ན་བཟང་། །གསུམ་གཡུ་འོད་ཁྲི་སང་སྔོན་མོ་ལ། །མེ་ཏོག་ཧ་ལོ་གཡུ་ལོ་སྐྱེས། །བུ་དང་ཚ་བོའི་སྐྱེ་འགབ་བཟང་། །སྨན་སྟག་ལོ་མ་ལ་བུ་གཅིག་འཁྲུངས། །མིང་ཡང་གཡུང་དྲུང་རྒྱལ་དུ་ཐོགས། །བཞི་ཁྱུང་ལུང་དངུལ་གྱི་བ་ཁོག་དེར། །ཀླུ་ཡི་ནོར་གཡང་མི་གཡང་བབས། །མི་ནོར་གཉིས་ཀ་དུས་གཅིག་འཕེལ། །ལྔ་གདུག་པ་ངམ་རྗེ་རྩོལ་པོ་དེས། །རྟ་ནག་བཞོན་ཅིང་རེ་ནག་གྱོན། །གདོང་ལ་ཁྲག་གི་མཆི་རིས་དོད། །ལག་ན་མི་ཤ་ལག་པ་ཁྱེར། །སྨོན་པའི་ཡུལ་སོང་ཡེ་སྨོན་བསླུས། །ཉི་ཟླ་སྐར་གསུམ་གནངས་སུ་བླངས། །སང་ནུབ་ནམ་གྱི་གུང་ཕྱེད་ལ། །ཉེ་སྐོར་དམག་གིས་གང་དོགས་ཡོད། །དགྲ་གཅིག་ཡོད་པར་ཐེ་ཚོམ་མེད། །གཏོ་ལ་མདོས་དང་དགྲ་བཟློག་བྱ། །གཡང་ལྷ་བུ་སྲིང་རྗེས་སུ་འཁྱམས། །སྐྲ་ལ་ཚ་བྲེག་བྱས་པ་ཡིན། །དྲུག་བ་བཙུན་འཕྲུལ་མོའི་བ་ཁོག་ཏུ། །མེ་ཏོག་ཧ་ལོ་སྟོང་ལྡན་འཁྲུངས། །སྨན་སྦྲུལ་ལོ་མ་ལ་བུ་ཚ་སྐྱེ། །


MR16_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྲུ་དཀར་ལྕམ་མཛངས་མའི་རྫིའུ་བྱེད། །མོ་སྐམ་སྲིད་དང་ལྡན་པ་ཡིན། །བདུན་ཕ་སྤུན་སྟག་ལག་གཡས་པ་དེས། །སྡང་དགྲ་བོའི་མགོ་ལ་རལ་གྲི་ཐེབས། །མི་ཤ་ལེན་པའི་མོ་ལ་བཟང་། །ཕ་སྤུན་དར་མའི་རྫིའུ་བྱེད། །བློན་ལ་ཞེ་དུག་མེད་པ་དང་། །གྲོགས་པོ་དཔའ་ལ་བུ་རྟ་མགྱོགས། །བརྒྱད་དུང་རིལ་དུང་ཁྲ་ལ་ཉེ་ཡག །རྒྱ་གར་བྱེའུ་འབུར་རྐྱེན་ལ། །བྱ་ཁྱུང་དཀར་མོའི་སྒོ་ང་འཁྲུངས། །དམ་ཆོས་མི་ནུབ་རྒྱལ་མཚན་ཚུགས། །གཡུང་དྲུང་བོན་གྱི་གསས་མཁར་མཐོ། །མི་སྡིག་ཅན་ཆོས་ལ་ཚུད་པས་བཟང་། །སྡིག་པ་དག་ནས་གྲུབ་པ་ཐོབ། །མི་དཔའ་རྟ་མགྱོགས་གཉིས་ཀ་ནུས། །མི་ནོར་གཉིས་ཀ་དུས་གཅིག་འཕེལ། །དགུ་གཤེན་རབ་སྟོན་པས་བདུད་དམག་བཏུལ། །བོན་མཁས་པའི་ཁ་ལ་ལྕེ་གཡང་འཁོར། །བོན་དང་ཕྱ་གཡང་བརྟེན་ན་བཟང་། །བོན་བྱས་ལམ་དུ་སོང་བ་ཡིན། །བོན་གྱི་བསྟན་པ་དར་བ་ཡིན། །བཅུ་ཕྱྭ་ལྕམ་རྒྱལ་མོའི་ཁང་བཟང་དེ། །རིན་ཆེན་སྣ་ལྔས་བརྩིགས་པ་ཡིན། །རྒྱལ་པོ་སྡེ་བཞིའི་སྒོ་བ་བཞག །རྨང་པོའི་མི་མཐའ་ཆུ་བས་རིང་། །དགྲ་གཞི་དོན་གསུམ་ཀུན་ལ་བཟང་། །བཅུ་གཅིག་ཁ་ལེ་དཀར་བས་བུ་སྐྱེས་ཡིན། །བྱོད་ཕུར་ཡར་བས་རྟ་མགྱོགས་ཡིན། །སེ་སྟོད་ཡིན་པས་དགྲ་གསོད་བྱེད། །གསུམ་ཀ་བསྡོངས་བས་ཇག་ཡག་ནུས། །བུ་སྐྱེ་ནོར་འཕེལ་བཙན་ཕྱུག་དར། །མདུད་པ་གསེར་དང་གཡུ་ཡིས་བཀྲོལ། །དཀར་ཐོག་རྒྱལ་ས་བཅུ་གཅིག་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །བཅུ་གཉིས་རྒྱ་སྟག་མཆེ་བ་ཆག །སྐྱེས་དར་མ་གཅིག་གི་མཐའ་མིག་ཡིན། །སྤྱང་གནམ་མཐོང་ལུང་བར་སྤྱང་ཁྱི་རྒྱུག །ཧོར་བོད་ཇག་པ་དཔུང་རྒྱུག་བྱེད། །ཕོ་སྟག་རལ་ཅན་གཅིག་གྲི་རུ་འཆི། །སྨན་གཡུ་ཕུད་ཅན་ཞིག་ངུ་དགོས་འབྱུང་། །ནོར་རྨ་


MR16_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཅན་ཞིག་འཆོར་ངོ་ཡིན། །གཏོ་ལ་སྦྱིན་སྲེག་དགྲ་ཆོས་བྱ། །ཡོན་ལ་ནང་ནོར་བཀྲག་ཅན་འབུལ། །བཅུ་གསུམ་དུང་མི་ལྡན་དཀར་དེས། །དུང་ལྕམ་དཀར་མོ་ཁབ་ཏུ་བཞེས། །དུང་རི་དཀར་པོའི་རྩེ་ལ་བྱོན། །དེ་ལ་ལྷ་རབ་སྡེ་དགུ་སྲིད། །ལྕམ་སྲིང་བཅོ་བརྒྱད་འཕེལ་ཁ་ཡོད། །སུམ་ཅུ་གྲུབ་པའི་ལྷ་གནས་སུ། །མ་རྨོས་ལོ་ཐོག་འཁྲུངས་པ་ཡིན། །ཕུ་ཡི་ལྷ་བྲག་དཀར་པོ་ལ། །གངས་རྨོག་ཕོར་ཙམ་ཞིག་ཆགས་པ་ཡིན། །ཆུས་དང་བསྟན་པ་དུས་གཅིག་ཐོབ། །གཞན་མ་ཀུན་ལ་བཟང་བ་སྟེ། །མི་རྒན་ནད་པའི་མོ་ལ་ངན། །མར་ཁུ་དགུང་ལ་འཕྱུར་བ་ཡིན། །བཙན་ཕྱུག་ནོར་ལུག་མོ་ལ་ངན། །ཟངས་དཀར་འོ་མས་གང་ནས་འབོ། །གངས་ཉི་མ་ཤར་ན་འཇུ་འདོད་ཡིན། །སྐྱིད་ཀྱི་ལ་བརྒལ་འབྱུང་དོགས་ཡོད། །ཆོས་ཆེན་བཀའ་འདོན་བསྐང་བ་བྱ། །ཡག་ཁ་བརྗོད་ལ་གཏོ་སྐུ་བཙུགས། །ལར་དཀར་ཐོག་མི་ཁྱག་ཕྱི་ས་ཡིན། །གང་བབ་ཕྱོགས་ཀྱི་དགྲ་ངོ་དང་། །མི་ནོར་འཕེལ་གཡང་དེ་རུ་ཤོར། །བ་ཁོག་གསུམ་པོ་གར་བབ་ཀྱང་། །བ་ཁོག་གཡང་གིས་གང་བ་ཡིན། །ལྷ་ས་གསུམ་དུ་བབ་པ་ན། །འཁྲུགས་པའི་གཡུལ་ཆེན་རྒྱལ་བ་ཡིན། །སྙིང་མིག་སྲོག་གསུམ་བབ་པ་ན། །མ་གསུམ་ལྟེ་ཐག་ལྷོད་པ་ཡིན། །བུ་ཚ་བཟང་པོ་སྐྱེ་ངོ་ཡིན། །དཀར་ཐོག་སྲིད་ཀྱི་བླ་མདུད་འདི། །ལོ་མལ་བཅུ་གཉིས་གར་བབ་པའི། །ལོ་པ་དེ་ལ་བུ་སྐྱེ་ངོ་། །ལར་དཀར་ཐོག་གིས་མི་ཐེག་ནག་ཐོག་ཡིན། །སོ་ཡོན་བྱོད་ཕུར་སེ་སྟོད་ན། །དཀར་ཐོག་བསད་པའི་བཤན་པ་ཡིན། །སོ་བྲག་ཏྲོང་བྲག་སྐྱེར་བྲག་གསུམ། །དཀར་ཐོག་འགེབ་པའི་མུན་པ་ཡིན། །སྐྱམ་དང་སྐྱེར་ནག་སྐྱིན་དིང་གསུམ། །དཀར་ཐོག་ན་བའི་ན་འདྲེ་ཡིན། །ལི་ཡན་ཐང་ལེ་བྱ་རལ་གསུམ། །དཀར་ཐོག་དབུལ་བའི་དབུལ་འདྲེ་ཡིན། །འདི་རྣམས་དཀར་ཐོག་


MR16_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་ངན། །ཝ་ཚོ་དམུ་དག་ཡར་ལྡིང་གསུམ། །དཀར་ཐོག་གནས་པའི་མཁར་དེ་ཡིན། །འདི་རྣམས་ལན་དུ་བབ་ན་བཟང་། །གཞན་མ་བྱོད་ཕུར་སྐབས་དང་འདྲ། །མཁར་ཁའི་འོག་ཏུ་བརྒྱག་སོང་ན། །སྡུག་ཐོག་སེ་སྟོད་ཅེས་སུ་བྱ། །སྨུག་ཐོག་གཡང་གི་མཚོ་མོ་ཟེར། །སྨུག་ཐོག་ལ་ཕྱུགས་ཀྱི་གསེར་རྩི་ཡོད། །ཕོངས་པ་ནོར་འཚོལ་བྱེད་ན་བཟང་། །སྤྱིར་དཀར་ཐོག་དུས་ཀྱི་བཤད་པ་ལྟར། །དགྲ་གཞི་ཀུན་ལ་བཟང་མོད་ཀྱང་། །ཁྱད་པར་གཡང་གི་བླ་མདུད་ཡིན། །གསུམ་པར་བརྒྱག་ཁ་བྱུང་བ་ན། །དམར་ཐོག་སེ་སྟོད་བྱ་བའམ། །དམར་ཐོག་ཁྲག་གི་རྒྱ་མཚོ་ཟེར། །དམར་ཐོག་ལ་ཁྲག་མཚོ་ཁོལ་མ་ཡོད། །དགྲ་བླའི་རྐན་མར་ལེན་པ་སྟེ། །དག་པ་གཟན་འཚོལ་མོ་ལ་དགོས། །མོ་སྐམ་སྲིད་ཀྱི་བྱ་ལ་བཟང་། །བཞི་པ་དེ་ལ་བརྒྱག་སོང་ན། །ནག་ཐོག་སེ་སྟོད་བྱ་བ་ཡིན། །ནག་ཐོག་ལ་གྱོད་ཀྱི་གཞི་མ་ཡོད། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །ཡ་མ་ནག་པོའི་མོ་ལ་བཟང་། །སྔགས་ནག་སྲོག་མཐུ་བསྒྲུབ་ན་བཟང་། །ནག་ཐོག་དུག་གི་མཚོ་མོ་ཡིན། །རྨོན་པ་ལིང་ལ་འགྲོ་ཉིན་དགོས། །གར་བ་བགྲངས་ཀྱི་གཡག་རོ་ཡིན། །དེ་མིན་ཅི་ལ་བབ་ཀྱང་ངན། །ལྔ་པ་སྒོ་ལ་བརྒྱག་སོང་ན། །སེ་སྟོད་བྱི་ལ་སྦྲུལ་འཇུས་སམ། །སྐྱམ་ནག་སེ་སྟོད་ཞེས་ཀྱང་ཟེར། །སེ་སྟོད་ནང་གི་སེ་སྟོད་ཡིན། །སེ་སྟོད་ཁྲག་མཚོ་དུག་རླངས་འགྱུར། །སྔགས་བོན་མཐུ་ཆེན་མོ་ལ་བཟང་། །དུད་འགྲོ་སེམས་ཅན་རོ་སྤུར་ཡིན། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །ཡ་མ་ནག་པོའི་མོ་ལ་བཟང་། །དེ་མིན་ཅི་ལ་བཏབ་ཀྱང་ངན། །གཅིག་གི་སྟེང་དུ་སྦྲུལ་འཇུས་ན། །བས་ཀྱི་རྡོ་རིང་ཤོར་བ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ནུབ་གཅིག་གྲོགས་མོ་འཚོལ་ན་བཟང་། །རྡོ་རྗེ་ཁྲག་ལ་འདྲེས་པ་


MR16_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞག་གཅིག་དགྲ་ལ་འདེབས་ན་བཟང་། །ས་བདག་རྒྱལ་པོའི་མ་ཐུབ་གཡར། །གཉིས་སྐྱེས་བུ་ལག་སྣ་དམར་པ་ཡིན། །མོ་བཙུན་སྲིད་དེ་ཉིལ་བ་ཡིན། །གསུམ་ཕུ་ཆུང་ཁ་ཡི་ཁྲག་ཟིལ་ཡིན། །བཞི་ལ་ཀླུ་ཚང་ཁྲག་གིས་གང་། །ལྔ་ལ་དགྲ་མིག་ཁྲག་གིས་བཀང་། །དྲུག་ལ་ཤད་མར་སྒོ་རུ་འོང་། །མོ་བཙུན་ནད་ཀྱིས་ཐེབ་ངོ་ཡིན། །བང་ནལ་གཉན་གྱི་བུ་ཚ་འཐོར། །འོག་རྟ་དང་ལ་ཁྲག་འདྲེས་པ་ཡིན། །བརྒྱད་གསེར་གྱི་རྡོ་རྗེ་འདྲེས་པ་ཡིན། །དགུ་རྔ་གཤང་ཁྲག་ལ་འདྲེས་པ་ཡིན། །ཁྱད་པར་ཞང་པོ་ཤི་ངོ་ཡིན། །བཅུ་ལུས་གོས་ཁྲག་ལ་འདྲེས་པ་ཡིན། །བཅུ་གཅིག་དགྲ་བླའི་ཁྱུད་མཆུ་དམར་བ་ཡིན། །བཅུ་གཉིས་དམ་གྱི་ཤ་མཐའ་དམར་བ་ཡིན། །བཅུ་གསུམ་སྤྱི་བོའི་རྡོ་ལེབ་ཡིན། །གྱོད་དང་དཔོན་ངན་དགྲ་ལྡང་ངོ་། །རབ་མདའ་ཁྱུ་རྒྱུག་བྱེད་ན་བཟང་། །སེ་སྟོད་གཡས་ལ་བརྒྱག་སོང་ན། །དམར་ཡོན་སེ་སྟོད་སློ་རོ་ཡིན། །དཀར་ལ་སྣང་གའི་སེ་སྟོད་ཡིན། །རྨང་པོ་མི་འཚེང་ཁ་མེད་ཡིན། །འདི་ཡི་གཡོན་ལ་བརྒྱག་བཅས་ན། །ནག་ལ་མུན་པའི་སེ་སྟོད་ཡིན། །མང་པོ་མི་འཕུང་ཀ་མེད་ཡིན། །དབུས་མདུད་པའི་ཁ་ནས་སྐེད་པར་བརྒྱག ། སེ་སྟོད་ཁོག་བརྒྱག་བྱ་བའམ། །སྒོ་གཉིས་བསྣོལ་བའི་སེ་སྟོད་ཡིན། །བན་བོན་ཧོམ་ཁུང་ཅན་ལ་བཟང་། །སེ་སྟོད་སེར་བ་དགུ་སྐོར་གྱི། །སེ་སྟོད་ནལ་གྱི་ཤ་མ་ཡིན། །སྔོན་སྨོན་ལྕམ་གར་མ་བྱ་བ་དེས། །ཞང་པོ་སྤྲེའུ་དེ་དང་བསྡོངས། །ནལ་བུ་སྦར་ཀེ་སྤུར་ཀ་བྱུང་། །ཤ་མ་རྒྱ་མཚོའི་ནང་དུ་བསྐྱུར། །ཞག་གསུམ་དྲོས་བཞིའི་ནང་བར་དེར། །ཕུང་བྱེད་སེར་བ་འབྲུ་གསུམ་སྲིད། །དཀར་ཐོག་སྨུག་ཟོག་གཉིས་འདོམ་ན། །གྱ་གྱུ་དཀར་པོའི་སེ་སྟོད་ཟེར། །གཉན་ནད་འཇོམས་པའི་མོ་ལ་བཟང་། །འཛིན་པ་ལག་རིང་སེ་སྟོད་ཟེར། །སྡེ་ཆེན་ཁ་གནོན་བྱེད་ན་བཟང་། །དེ་བཞིན་དཀར་དམར་འདོམ་པའང་བཟང་། །དཀར་ནག་འདོམ་པ་འབྲིང་ཙམ་སྟེ། །དཀར་ཐོག་སྒོ་བརྒྱག་འདོམ་པ་ན། །སེ་སྟོད་


MR16_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་གྲི་འཛིན་ཡིན། །ཉིན་སྲིབ་སྦྲེལ་པའི་སེ་སྟོད་ཡིན། །དགྲ་ཟུན་མདུན་ཁ་བསྒྲིག་ན་བཟང་། །དེ་བཞིན་སྨུག་ཐོག་འདོམ་གསུམ་དང་། །དམར་ཐོག་འདོམ་གཉིས་ནག་ཐོག་གཅིག །བྱོད་ཕུར་གཉིས་བརྒྱག་རྣམ་གྲངས་བཅུར། །སྤྱི་མིང་དཔའ་བོ་སྤུན་གཉིས་ཟེར། །དེ་ནང་དམར་ནག་གཉིས་འདོམ་ན། །སེན་མོ་དུག་གཅོད་སེ་སྟོད་ཟེར། །དུག་མིས་དུག་གཡོས་བྱེད་པ་དང་། །དུག་གི་ཆག་ཚད་ལྟ་ན་བཟང་། །ནག་ཐོག་སྒོ་བརྒྱག་གཉིས་འདོམ་ན། །སེ་སྟོད་སེན་མོ་ཀྱ་ཀྱུའམ། །གྱ་གྱུ་ནག་པོའི་སེ་སྟོད་ཟེར། །བཙན་དུག་སྦྱོར་སྡེ་བྱེད་ན་བཟང་། །སྔགས་པས་མཐུ་ནག་སྒྲུབ་ན་བཟང་། །དེ་བཞིན་ལྷག་མ་རྣམས་ཀྱི་ཡང་། །སོ་སོའི་བཤད་པ་མ་མཐོང་ཡང་། །བཟང་ངན་རིགས་པས་ཤེས་པར་བྱ། །སེ་སྟོད་གསུམ་བརྒྱག་མི་འདྲ་བཅུ། །སྤྱི་མིང་ལིང་ང་ལིང་ཆུང་ཟེར། །དེ་ནང་དང་པོ་གསུམ་བརྒྱག་པ། །དཀར་ལ་ཡང་ཐོག་མགྲོན་བུ་བརྒྱག །དཀར་ཐོག་སྨུག་ཐོག་རྫི་བོ་བརྒྱག་ཀྱང་ཟེར། །སེ་སྟོད་སེ་སྟོད་མ་ཟེར་དང་། །སེ་སྟོད་ལ་མི་ཡི་གཡུང་དྲུང་ཡོད། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །བཞི་བརྒྱག་དེ་ལ་ལྔ་ཡོད་པའི། །སྤྱི་མིང་ལང་ང་ལིང་འབྲིང་ཟེར། །དེ་ནང་སྒོ་མ་གཏོགས་པར་བརྒྱག །སྐར་འཕེན་ཁོང་སེང་གཡུ་རལ་ཅན། །ང་ལ་སེ་སྟོད་མ་ཟེར་ཅིག །སེ་སྟོད་བྱས་ན་སྒྲིབ་པ་འོང་། །སྲིབ་ཀྱི་ནེའུ་ལུང་ཡོན་མོ་ན། །ཁྲབ་ཆེན་སྦར་བཟུང་བྱེད་མི་ཡིན། །གྲོགས་ངོ་བསླུ་བ་མེད་པ་ཡིན། །དེ་བཞིན་གཞན་བཞིའི་བཟང་ངན་དཔྱད། །ལྔ་ཁ་ཚང་བར་བརྒྱག་པ་ན། །བྱོད་ཕུར་ལིང་ང་ལིང་ཆེན་ཟེར། །བཟང་དྲག་ཐུབ་པར་ཤིན་ཏུ་དཀའ། །རང་སར་བབ་ན་ཤིན་ཏུ་བཟང་། །ཕྱི་སར་བབ་ཏུ་མི་རུང་ངོ་། །བྱོད་ཕུར་བརྒྱག་བཟང་རིགས་རྣམས་ནི། །ལྕགས་ནག་པོ་བཞུས་པའི་ཁུ་བ་ལ། །དཀར་པོ་དངུལ་གྱི་མེ་ཏོག་ཐོན། །ལྷ་ཁང་མགོ་ལ་གསེར་འབྲུ་བཙུགས། །སངས་རྒྱས་བསྟན་པ་ཐེང་གསུམ་དར། །སྤྲང་པོས་རྒྱལ་ས་ལན་གསུམ་


MR16_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བླང་། །རྨང་པོའི་མི་སྒབ་ཐང་གསུམ་འཕེལ། །དཔའ་ཐོབ་ཇག་ཡག་ནོར་འཕེལ་ཡིན། །སྤྱིར་སེ་སྟོད་རིགས་ཀྱི་གྲོལ་ཕུག་ལ། །སྔོན་དུས་ཡེ་ངམ་འཁྲུགས་པའི་ཚེ། །ངམ་གྱི་ཁྱི་ནག་ལྕགས་མགོ་དང་། །ཡེ་ཡི་དུང་རྣ་འཁྲུགས་པ་ལས། །ལེ་རྗེས་ངམ་ཁྱི་བསད་པའི་ཕྱིར། །མཐོན་པོའི་གཡང་ནས་རྦབ་དོ་སྒྲིལ། །ཁྱི་ནག་མ་སོད་དུང་རྣ་བསད། །ཡེ་སྨོན་དུང་རྣའི་རོ་ལ་འཇུས་ཏེ་ངུས། །དུང་རྣའི་ནང་དབུགས་མ་ཆད་གོང་། །དབུགས་ཡོད་སེ་སྟོད་བཅུ་གསུམ་སྲིད། །རོ་དེ་ལན་གཅིག་གྱེན་དུ་ཁྱེར། །སྒྲེལ་དཀར་གྱེན་འདུག་བཅུ་གསུམ་བྱུང་། །དེ་ལས་དཀར་ཁམས་སེ་སྟོད་ཆད། །དུང་རྣའི་ཁ་དབུགས་ཐལ་བའི་ཚེ། །དབུགས་མེད་སེ་སྟོད་བཅུ་གསུམ་སྲིད། །དུང་རྣའི་མཚལ་ཁྲག་དམར་པོ་ལ། །ཁྲག་ཡོད་སེ་སྟོད་བཅུ་གསུམ་སྲིད། །དེ་ལ་དམར་ཐོག་སེ་སྟོད་བྱུང་། །དུང་རྣའི་ཆུ་སེར་སྐྱ་བོ་ལ། །ཁྲག་མེད་སེ་སྟོད་བཅུ་གསུམ་བྱུང་། །དུང་རྣའི་གསུས་སློ་མ་ཕོས་གོང་། །སློ་ཁོལ་སེ་སྟོད་བཅུ་གསུམ་བྱུང་། །དུང་རྣའི་གསུས་སློ་ཕོ་བའི་ཚེ། །སེ་སྟོད་ངན་རིགས་བཅུ་གསུམ་བྱུང་། །སྒོ་བརྒྱག་སེ་སྟོད་དེ་ལས་ཆད། །སྨོན་པའི་དུང་རྣའི་རོ་དེ་ཉིད། །ལན་གཅིག་ཐུར་དུ་དྲུད་པ་ལས། །སྦྲུལ་ནག་ཐུར་རྒྱུག་བཅུ་གསུམ་སྲིད། །ངམ་ཁམས་སེ་སྟོད་བཅུ་གསུམ་བྱུང་། །གདུང་སྤུར་འཕྲེད་དུ་དྲུང་པ་ལས། །སྤྲེལ་སྔོན་འཕྲེད་འདུག་བཅུ་གསུམ་སྲིད། །རྨུག་ཐོག་སེ་སྟོད་དེ་ལས་ཆད། །སེ་སྟོད་བརྒྱད་ཅུ་རྩ་བཞི་དང་། །སྒོ་བརྒྱག་དྲུག་ཅུ་རྩ་བཞི་ཡོད། །རྩ་བ་དཀར་ནག་ཁྲ་གསུམ་ཡིན། །བྱོད་ཕུར་དཀར་ཐོག་གཡུང་དྲུང་དང་། །སད་ཀྱི་ལ་ཝང་དཀར་ཐོག་དང་། །སྐྱམ་ཀྱི་ར་ཟི་དཀར་ཐོག་གསུམ། །དཀར་ཐོག་ཆེ་འབྲིང་ཆུང་གསུམ་ཡིན། །སེ་སྟོད་དཀར་ཐོག་སྤུན་གསུམ་དེ། །མི་ཡི་གཡུང་དྲུང་མདོག་བཟང་ཡིན། །ཕྱུགས་ཀྱི་གསེར་རྩི་འཕེལ་ཁ་ཡིན། །རྙེད་ཚོལ་དཀོར་ཕྱྭ་དམག་ལ་བཟང་། །སེ་སྟོད་སྨུག་ཐོག་སྤུན་གསུམ་དེ། །ཁ་


MR16_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་གྲོགས་ཀྱི་སྤུངས་རི་ཡིན། །སེ་སྟོད་དམར་ཐོག་སྤུན་གསུམ་པོ། །དམར་མོ་ཁྲག་གི་ཁ་ཕྲུ་ཡིན། །ཤ་ཆང་ཁེ་བསྐྱེད་མོ་ལ་བཟང་། །རྔོན་པ་ཁྱི་ཁྲིད་མོ་ལ་བཟང་། །སེ་སྟོད་ནག་ཐོག་རིགས་རྣམས་ནི། །སྨོན་པའི་ལིང་གི་གོ་ར་ཡིན། །ཤ་ལེན་ཤ་འགུག་མོ་ལ་བཟང་། །སེ་སྟོད་སྒོ་བརྒྱག་སྤུན་གསུམ་པོ། །དམེ་ངན་དུག་གི་མཚོ་མོ་ཡིན། །སྔགས་པས་དམོད་ངན་བྱེད་ན་བཟང་། །སེ་སྟོད་ཁོག་བརྒྱག་སྤུན་གསུམ་པོ། །ནད་པ་ཡུན་རིང་མོ་ལ་བཟང་། །སེ་སྟོད་དམར་ནག་བཤད་པ་ཡང་། །སྒོ་བརྒྱག་སྐབས་དང་འདྲ་བར་དཔྱད། །ལར་སེ་སྟོད་ཁྲག་མཚོ་དམར་པོ་ཡིན། །སེ་སྟོད་གྱོད་ཕྲུག་ཁ་དམར་ཡིན། །སེ་སྟོད་དུག་གི་རུ་མ་ཡིན། །སེ་སྟོད་ངན་རིགས་དེ་ལྟར་ཡིན། །དེ་ལ་དེ་ཡི་ཁ་གནོན་དགོས། །ནད་པའི་ཁྲག་གི་རྫིའུ་ཡིན། །སེ་སྟོད་ལན་གྱི་དཔྱད་པ་ལ། །སེ་སྟོད་ལན་དུ་དིང་དིང་ན། །ཁྲག་མཚོ་བདུད་རྩིར་འཁྱིལ་བ་ཡིན། །སྐྱིན་དིང་ས་བདག་འཁྲུགས་ནད་ལྕི། །གལ་བར་ཤ་ཡི་རི་བོ་མར་དུ་གྱུར། །བྱ་ཡུན་ཉི་མ་ས་ནས་ཐོན་ཏེ་བཟང་། །བྱ་བུར་མུན་པ་དང་ནས་ཟླ་བ་གསལ། །མུ་ས་མཚོ་ལ་སྐར་མ་ཤར་ཏེ་བཟང་། །ཝ་ཚོ་བྲག་དམར་མདུང་དར་ཚུགས། །སྤོ་ཚེ་ཁྲག་མཚོ་ཤིང་ལོ་འཁྲུངས། །དམུ་དག་དམེ་ཡི་ལག་པ་ལ། །སྨོན་པའི་ལྷ་མདའ་འཕྲད་དེ་བཟང་། །སྐྱེར་དཀར་དམེ་ལམ་སྨོན་པས་བཅད་དེ་བཟང་། །ཚོལ་ཚེ་ཁྲག་མཚོ་མར་ཁུར་འགྱུར། །ཁྱུང་བརྒྱང་གྲི་ཤིང་ཁྱུང་གིས་བཅད། །ཨ་ཁད་ཕ་བོང་ལྗགས་ལ་བདུད་རྩི་འཕྲོ། །རང་སྙན་སྲིད་ཀྱི་མཚོ་མོ་རྒྱས། །སྲང་ཟེ་གྲི་ཡི་སྐྱེ་ཤིང་འབྲུག་གིས་བཅད། །བྱོད་ཕུར་བཤའ་ལུག་བཤས་གདན་སྟེང་ནས་ཐར། །གནོང་ཅན་གྱོད་ལས་ཐར་ངོ་ཡིན། །དཀར་ཐོག་གཡུ་དྲུང་མགོ་ལ་སྟག་འཕྲུ་སྟེ། །ནལ་མ་གསོས་བས་མི་རྒྱུད་གྲོལ། །དམར་ཐོག་ནག་ཐོག་སྒོ་བརྒྱག་གི ། ལན་དུ་རང་རང་བབ་པ་ན། །དམར་


MR16_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་གྱོད་ཐར་སོགས་སུ་བཤད། །ཤ་བཙོན་དོང་ནས་ཐར་བ་ཡིན། །ལྡི་བུར་ནོར་བུ་རང་གིས་ཐོབ། །རྐང་སྤར་གངས་དབྱིས་རྐྱང་ཐོར་ཐོབ། །ལྡི་བུར་བརྒྱག་བཟང་གྲི་ཤིང་མཚོན་གྱིས་བཅད། །ཡར་ལྡིང་གྲི་ཡི་སྐྱེ་ཤིང་དེ། །ལྷ་མགོན་སྟོབས་ཀྱིས་བཅད་པ་ཡིན། །སུམ་མཉམ་རི་སྤྱང་ཇག་ལ་ཆས། །ཁྲག་བཟང་འོ་མར་གྱུར་པས་བཟང་། །ཙེ་ར་གྲི་ཤིང་རལ་གྲིས་བཅད། །མགོ་བཏུམ་ངམ་གྱི་གདུག་པ་ལང་། །གཡུང་དྲུང་ཁྲག་མཚོ་ལྷ་ཡིས་སྐམ། །ཀྱེ་བ་ངམ་ཡུལ་ལྷ་མདའ་ཟུག །ད་རོག་དུག་མཚོ་སྨན་ངས་འཕྱུར། །དམུ་དབལ་དམེ་ལག་འཁོར་ལོས་བཅད། །སྐྱམ་རིགས་གྲི་ཡི་དཔལ་ཆུ་ཁོལ། །གླེས་སྨི་ཝ་སྐྱམ་སྡུག་གི་མཆི་མ་ཡིན། །བྱ་རལ་ཁྲག་མཚོ་རལ་བ་ཡིན། །ནལ་རོ་ཁྱི་ཡིས་ཟོས་པ་ཡིན། །ལི་ཡན་ཁྲག་མཚོ་རླུང་གིས་བསྐྱོད། །ཤག་ལེ་གྲི་རོ་སྒྲོག་གིས་བསྡམ། །མར་ལྡིང་གྲི་ཡི་སྒྱེད་བུ་ཚུགས། །ཕ་རྒས་བུ་ཤི་ཇི་བཏབ་ངན། །མ་ཡར་བུ་ཡར་འདུ་ན་བཟང་། །སྤོ་བར་གྱོད་ཀྱི་གཞི་མ་བཏིང་། །སོ་ཡོན་དུར་བྱ་རོ་ལ་འཛུམ། །རུ་སོད་བདུད་ཀྱི་སེར་བས་ཐོག་བཤལ་ཡིན། །མ་ཟེ་བཙན་གྱི་སེར་བ་དང་། །ན་འབེན་གཉན་གྱི་སེར་བས་ཐོག་བཤལ་ཡིན། །ཏྲོང་རིགས་ནད་ཀྱི་བང་མཛོད་ཡིན། །བྲག་རིགས་མི་ཡི་དུར་སོ་ཡིན། །སངས་རིགས་སེ་སྟོད་གྱོད་ཐར་ཡིན། །སྒོ་བརྒྱག་རྟ་ཡི་ལག་དོང་ཡིན། །བུ་བརྒྱག་བཟང་རིགས་གང་བྱུང་ཡང་། །སེ་སྟོད་རྩ་དཀར་ཆུ་མིག་དེ། །རུ་སོད་ཁ་ལེ་དཀར་པོ་ན། །འབྲུ་ཡི་མི་དར་ཆུ་འབྲུབ་སོགས། །སོ་སོའི་རིགས་ལ་སྦྱར་ཤེས་བྱ། །བྱོད་ཕུར་ཕྲུག་གུར་བརྒྱག་བྱུང་ན། །ནེ་ཚ་དཀར་པོ་ལྷ་ཡི་བརྒྱག །གཞི་ཕྱར་བབ་ན་གྲི་ངོ་ཡིན། །དགྲ་ཕྱར་བཙན་སར་བབ་ན་གཅེས། །ཐི་གུ་གཉིས་དེ་ས་ལ་ཡར། །ལྡི་བུར་ཁྲ་སྐྱ་ཆིག་རྒྱུག་ཡིན། །ཁྲ་རྒོད་ཡོངས་ཀྱི་གྲོལ་ཕུག་ཡིན། །ཕ་དེ་བྱ་ཁྲ་ཧོར་པ་ཡིན། །


MR16_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་བྱའུ་དཀར་མོ་ཡིན། །བུ་ཁོ་རང་གྲི་ཐུང་ངར་མ་ཡིན། །གྲི་དང་ཕུར་བུའི་བླ་མདུད་ཡིན། །གཉན་གཟིགས་པ་སྤྱན་རྣོའི་རིང་ལ་བབས། །མ་སང་གཉན་གྱི་འགྱེད་ཁྲ་ཡིན། །མ་སང་གཉན་ལ་ཁྲ་གསུམ་ཡོད། །ཆེ་བ་དུང་ཁྲ་ཧོར་པ་ཡིན། །འབྲིང་བ་ཡེ་ཚེ་རྒྱབ་དམར་ཡིན། །ཆུང་བ་བན་གླན་ཨོག་སྐྱ་ཡིན། །ཡང་དག་སྡི་བུར་སྔོན་པོ་འདི། །སྐྱ་ཞིབ་བཟང་སྡེའི་ཁས་དྲག་ཡིན། །དཔའ་བོ་རྣམས་ཀྱི་རྣོ་མཚོན་ཡིན། །མདོ་ཕྲུག་རྟ་ཡི་གཡུང་དྲུང་ཡིན། །དགྲ་བླའི་དུང་ཁྲབ་དཀར་མོ་ཡིན། །ཝེར་མའི་སྐྱེས་ཤ་ལེན་མི་ཡིན། །མི་བུ་རིན་ཆེན་མཁར་བུ་ཡིན། །སྨད་དུ་བབ་ན་ཐེ་བ་ཡིན། །ལན་དུ་སད་ཁམས་དྭངས་མ་ན། །ཐེ་བ་འདབ་གཤོག་རྫོགས་པ་ཡིན། །བར་དུ་བབ་ན་དུང་ཁྲ་ཡིན། །ལན་དུ་ཚོལ་ཚེ་གང་བབས་ཀྱང་། །དུང་ཁྲ་གཟན་དང་ཕྲད་པ་ཡིན། །སྟོད་དུ་བབས་ན་རྒོད་གླག་ཡིན། །ལན་དུ་རུ་སོད་རིགས་བབས་ན། །རྒོད་གླག་གཟན་དང་འཕྲད་པ་ཡིན། །ལྡི་བུར་དུང་ཁྲ་དཔའ་བོ་དེ། །ཁྲ་ཚང་གོང་མར་བབ་ན་གཅེས། །ཁྲ་གཤོག་དྲུག་རྒྱས་ནས་འཕུར་འཕུར་ཡིན། །དེ་ཡི་མཁར་རྩེར་བརྒྱག་སོང་ན། །ལྡི་བུར་ཤངས་རྩེ་རུ་དཀར་ཡིན། །ལ་ལས་རུ་སྔོན་ཟང་ཟང་ཟེར། །གོང་དཀར་གཡུང་དྲུང་ལྡི་བུར་ཡིན། །ཕོ་ལྷའི་དུང་ཁྲ་དཀར་པོ་ཡིན། །དགྲ་ལ་རྣམ་པའི་ཤ་ལེན་ཡིན། །འདི་ལ་ཞང་ཞོང་ཕུག་པ་ཡིས། །ཁས་གོང་མ་ཤེས་དུན་དུན་ཆེ། །བར་པས་རྩང་མཁར་གཡུ་བྲག་བརྒྱག །སྒོ་བས་སྣང་གསལ་མིག་དམར་གློག་འོད་ཡིན། །གཤེན་གྱིས་ཙ་ར་སྐར་ཆེན་བརྒྱག །བྱོད་ཕུར་དཔའ་སྡར་མཛང་གསུམ་པོ། །དཔའ་སེམས་མདུད་པ་འདི་ལ་འཁོར། །གཡུང་དུང་བྱ་ཁྱུང་དཀར་པོ་ཡིན། །ཕོ་ལྷའི་དུང་ཁྲ་འཕུར་རྐྱེན་ཡིན། །བུ་སྐྱེ་ཕ་ཡི་དཔའ་མདུང་ཡིན། །


MR16_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་ནང་གི་ཁས་དྲག་ཡིན། །བརྒྱད་དང་བཅུ་གཅིག་གར་བབ་ཀྱང་། །དགྲ་བླ་དུང་ཁྲ་དཀར་པོ་དེ། །དུང་རིའི་ཁ་ནས་ཁྲ་སྐད་འཚེར། །ཁྲ་སྐད་ནམ་མཁར་འཚེར་ཙ་ན། །སོལ་བྱ་རོག་མོའི་ཀླད་པ་འགེམ། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །དེ་འགོ་བརྒྱག་ན་དབུ་མ་སྟག་རྩེའམ། །ལ་ལས་ཤང་རྩེ་རུ་སྨུག་ཟེར། །དགྲ་བླའི་མཆོང་ཁྲ་སྨུག་པོ་ཡིན། །ཤ་ལ་དགའ་བའི་དགྲ་བླ་ཡིན། །ཁྲག་ལ་གདུང་བའི་ཁྲ་རྒོད་ཡིན། །མཆོང་ཁྲ་ལྕགས་ཀྱི་མཆུ་སྡེར་ཅན། །འཕུར་ནི་བར་སྣང་ཁམས་ལ་འཕུར། །ཚང་ནི་བྲག་དམར་ལོགས་ལ་བཅས། །གསོལ་ནི་ཤ་རྒོད་ཁྲག་རྒོད་གསོལ། །བཅོམ་ནི་ངམ་གྱི་རྫོང་ཕྲན་བཅོམ། །འདུལ་ནི་ངམ་གྱི་སོལ་ཁྲ་འདུལ། །འདི་དཔའ་ཐུས་ནང་གི་ངར་མ་ཡིན། །བབ་ས་བཅུ་གཅིག་བཅུ་གསུམ་གཅེས། །དགྲ་ཐུབ་བསམ་པ་འགྲུབ་པ་ཡིན། །བ་ཁོག་གསུམ་བབ་མི་ནོར་འབེལ། །ཕྱི་སར་དགྲ་གྱོང་འཇིགས་ངོ་ཡིན། །གསུམ་པ་དེ་ལ་བརྒྱག་སོང་ན། །དཔའ་བོ་གློག་དམར་ལྡི་བུར་ཟེར། །ལྕགས་ཁྲ་ཟངས་ཀྱི་མཆུ་སྡེར་ཅན། །གནས་ནི་བྲག་དམར་ལོགས་ལ་གནས། །ཚང་ནི་དཔག་བསམ་ཤིང་ལ་བཅའ། །གསོལ་ནི་ཤ་དང་ཁྲག་སྐྱེམས་གསོལ། །འདུལ་ནི་ངམ་སྲིན་མིག་དམར་འདུལ། །དཔའ་ཐུས་ནང་གི་ཡང་རྩེ་ཡིན། །དགྲ་ལ་རྒོལ་ན་སྟོད་དུ་གཅེས། །ལན་དུ་རུ་སོད་བབ་པ་ན། །ཝ་སྐྱ་ཁོང་དུ་བརྒྱལ་བ་ཡིན། །དཔའ་བོ་སྡར་མ་རེད་པ་ཡིན། །སྡར་མ་གཅིག་གི་མོ་ལ་ངན། །སྤོམ་ར་དགྲ་བླའི་རྒྱགས་བརྔན་བྱ། །ལྡི་བུར་སྒོ་ལ་བརྒྱག་བཅས་ན། །ལྡི་བུར་ཆུ་གྲི་མི་སྟག་ཡིན། །ལྡི་བུར་ནང་གི་སེ་སྟོད་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །ཟུན་གྱི་དཔའ་ཤི་རྣོ་ཆག་ཡིན། །ཕྱི་ས་བཞི་པོ་གར་བབ་ཀྱང་། །དགྲ་ཡིད་དཔའ་ཤི་རྣོ་ཆག་ཡིན། །ཁྲ་ཡ་ཚེ་བྲག་ལས་ལྷུང་ངོ་ཡིན། །གྲི་ཡིས་ཁྲག་གཟེར་འཐོར་བ་


MR16_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཡ་མ་ནག་པོ་རྔོན་པར་བཟང་། །ཤང་རྩེ་སྟག་རྩེ་གཉིས་བརྒྱག་ན། །ལྡི་བུར་ཀེ་རུ་ཤབ་ཤིབ་ཟེར། །རྒྱ་སྟག་ཁྲ་མོ་བྱ་རོག་བརྒྱག །རང་སའི་བཙན་ས་བབ་ན་གཅེས། །ཤངས་རྩེ་གློག་དམར་གཉིས་བརྒྱག་ན། །ལྡི་བུར་ཁྲ་ཆེན་གཤོག་རྒྱས་ཟེར། །རང་སའི་བཙན་ས་གར་བབ་ཀྱང་། །འཐབ་བས་ཐུབ་པའི་དཔའ་བོ་ཡིན། །གར་བརྒྱབ་ཆོད་པའི་རྣོ་མཚོན་ཡིན། །དཔའ་བོ་གསུམ་གྱི་བུ་སོད་ནས། །མགྱོགས་པ་གསུམ་གྱི་རྟ་ཐོབ་ནུས། །སྟག་རྩེ་གློག་དམར་གཉིས་འདོམ་ན། །ལྡི་བུར་སྐྱ་ཁྲ་ཞེས་སུ་བྱ། །ཁྲ་རྒོད་ཤ་ལ་དད་ངོ་ཡིན། །སྟག་རྩེ་སྒོ་བརྒྱག་གཉིས་འདོམ་ན། །ལྡི་བུར་དམར་ཁྲ་ཞེས་སུ་འདོད། །མཆོང་ཁྲ་ཁྲག་ལ་རྔམ་པ་ཡིན། །གློག་དམར་སྒོ་བརྒྱག་གཉིས་འདོམ་ན། །ལྡི་བུར་ནག་ཁྲ་ཞེས་སུ་འབོད། །སོལ་བྱ་རུས་ལ་དགའ་བ་ཡིན། །ཤངས་རྩེ་སྒོ་བརྒྱག་གཉིས་འདོམ་ན། །ལྡི་བུར་རྔམ་པ་ཤ་ཟན་ཡིན། །དུན་དྲུག་བརྩེགས་པའི་བརྒྱག་ཅེས་བྱ། །སྨོན་སྲས་དགུང་མཁན་བླ་དེ་ཡིན། །སྒོ་ལ་བརྒྱག་གཅིག་བཅས་པ་དེ། །ཐ་མར་ཤི་སྟངས་ངན་པ་ཡིན། །ཕུག་ན་བརྒྱག་གཅིག་བཅས་པ་དེ། །རྫུ་འཕྲུལ་སྟོང་དང་ལྡན་པ་ཡིན། །ཤར་ཕྱོགས་རོང་ཁུར་ཆུ་འགྲམ་དུ། །དགྲ་ངོ་ཡིན་པས་དགྲ་བྲུབ་བྱ། །དང་པོ་གསུམ་ག་བརྒྱག་གྱུར་ན། །ཁྲ་ཆེན་གནམ་ལྕགས་ངར་མ་བརྒྱག །གནམ་ལྕགས་དཔལ་གྱི་ཁྲ་རྒོད་ཡིན། །དྲན་པ་སེམས་ལས་འབྱུང་བ་ཡིན། །ལྡི་བུར་ནང་གི་མཚོན་ཆ་ཡིན། །ནམ་མཁའ་གསལ་བའི་གུར་ཁང་དེར། །དགྲ་ལྷ་ཁྱུང་ལྡིང་དབང་ཆེན་ཡིན། །དམ་སྲི་སྤུན་དགུའི་ཚང་བཤིག་པས། །ཚང་གི་ནང་ནས་གནངས་གསུམ་ཐོབ། །གནམ་ལྕགས་དཔལ་གྱི་རལ་གྲི་དང་། །དུང་ཁྲབ་དཀར་པོ་འོད་འབར་གཉིས། །རྒྱ་བྱ་ཟེ་དཀར་མགོ་བོ་གསུམ། །གནངས་ཁྱད་འཕགས་དེ་གསུམ་ཐོབ་ངོ་ཡིན། །བབ་ས་


MR16_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་བཅུ་གསུམ་བཟང་། །བཅུ་གཉིས་མེད་ཁམས་སོ་བྲག་བཟང་། །བཞི་ཁ་བརྒྱག་པར་གྱུར་པ་ན། །ཁྲ་ཡང་ཆེན་རྫུ་འཕྲུལ་གཤོག་རྒྱས་བརྒྱག །རང་སའི་བཙན་ས་གར་བབ་བཟང་། །ཕྱི་སར་ཤོར་དུ་ག་ལ་རུང་། །ཁོག་བརྒྱག་དང་ནི་ནེ་ཚ་སོགས། །སྤྱི་ལྟར་བཤད་ཅིང་ཁ་དམར་གདགས། །ལྡི་བུར་ཕྲུ་གུ་གཉིས་ཀ་བརྒྱག །ནེ་ཙོ་ཁྱུང་གཤོག་ལྡི་བུར་ཡིན། །ལྷ་རྗེ་སྲིད་རྗེ་རྒྱལ་མོ་གཉིས། །དུས་གཅིག་གདན་ལ་བྱོན་པ་ཡིན། །དཔལ་བོན་ར་ལྗགས་སྐུ་སྲོག་བརྟན། །བོན་པོའི་མོ་ལ་བུ་ཚ་སྐྱེ། །སྐྱེས་པར་དམག་མི་ཚང་བ་ཡིན། །སྲིད་དང་གཉེན་ཕྱར་བུ་སྐྱེ་ཡང་། །བཟང་དྲག་ཐུབ་དཀའ་དགྲ་གྱོད་འོང་། །ཤང་རྩེ་ལ་སོགས་བརྒྱག་བཟང་རིགས། །བགྱིས་དང་འདོམ་ན་ཆེས་བཟང་བས། །མོ་སྣ་ཁྱོགས་པར་ཤིན་ཏུ་དཀའ། །དེ་འཕྲལ་དར་མཚོན་བལ་མཚོན་བཙུགས། །ལྷ་གསོལ་བཀྲ་ཤིས་ཞལ་བསྲོ་བྱ། །མདུད་པ་རྟ་དང་གཡུ་ཡིས་བཀྲོལ། །བཀྲ་ཤིས་ཡག་ག་བརྗོད་དགོས་སོ། །ཆུ་གྲིའི་ཕྲུ་གུར་ནེ་ཚ་སོང་། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །ཁྱད་པར་ཆུ་གྲིར་འཆི་བའི་ངོ་། །མདུད་པ་གཡུ་ཡིས་བཀྲོལ་བྱས་ལ། །ཇུ་ཐིག་མཚོ་དང་གང་ལ་བསྐྱལ། །ཟློག་གཏོ་རིམ་གྲོ་བྱ་དགོས་སོ། །གཅིག་གི་སྟེང་དུ་ལྡི་བུར་དེ། །རྩེ་གཉིས་ཁབ་ཀྱིས་བཟོ་མི་འགྲུབ། །སྣེ་གཉིས་བློ་ཡིས་དོན་མི་ཐོན། །ཅི་བྱེད་ལད་མོ་བྱེད་ཙམ་ཡིན། །རྐང་ཞབས་ཚེར་མ་ཡིན་པས་ན། །མ་ཉེས་ཁ་ཡོག་འོང་ངོ་ཡོད། །ཡང་ན་ཐག་རིང་མགྲོན་པོ་འོང་། །ཁྱིམ་ཕྱར་རྐང་གཉིས་ས་ལ་བརྟེན་ཀྱང་ཟེར། །ས་མཐའ་བསྐོར་ནས་རང་ཡུལ་སླེབ། །ཨེ་འོང་མོ་ལ་དེ་རིང་འོང་། །དེ་བཞིན་བཅུ་གསུམ་བར་དག་ཏུ། །གང་བབ་ཞག་གྲངས་དེ་ལྟར་དཔྱད། །ཇག་པ་ཆས་པའི་མོ་ལ་བཟང་། །དཔའ་བྱེད་མཚོན་ཆ་དགྲ་ལ་ཆས། །གཉིས་ལ་རོ་འཛིན་ལག་


MR16_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྫེས། །མདུན་དུ་རོ་ཁུར་འོང་ངོ་ཡིན། །ཡང་ན་འགྲུལ་པ་བྲེལ་ཟིང་ངོ་། །བྱ་རོག་རྐན་སྒྲ་རྡེབ་པ་ཡིན། །ལྷག་པར་ནོར་ནད་མོ་ལ་ང ན། །བརྒྱག་ན་ཇག་པའི་ཉུལ་མ་ཡིན། །ལྡི་བུར་ཞོན་པ་ཅན་བྱུང་ན། །རྒྱ་ལམ་རབ་སོའི་ཐུག་ཕྲད་ངོ་། །གསུམ་དུང་བྲག་ལ་དུང་ཁྲ་ཚང་ཡག་ཡིན། །བུ་ཚའི་བླ་གནས་དར་བ་སྟེ། །བུ་ཚ་ཁ་འཇམ་སྐྱེ་ངོ་ཡིན། །བརྒྱག་ན་རྣོ་མཚོན་དགྲ་ལ་ཕྱར། །ཞོན་པ་བུ་ཚ་ནད་པར་ངན། །ཁྲ་གཤོག་རྩལ་རྒྱས་ནས་འཕུར་བ་ཡིན། །བུ་ཚ་མགོ་གཙང་སྲོག་ཕྱར་བཟང་། །ཆུ་སྤར་རོ་བསྲེག་རྡོ་དམར་ཡིན། །བཞི་ཀླུ་གླང་ཀླད་ལ་རྭ་རྒྱས་ཡིན། །ཀླུ་མོ་ལ་གཡང་རྟེན་བཙུགས་ན་བཟང་། །བརྒྱག་བཟང་ཁས་ཞན་བཙན་པོར་འགྱུར། །ལྡ་ངམ་བྱའི་གཤོག་པ་སྨོན་ལ་བརྡབ། །དགྲ་དྲག་རྩལ་ཅན་གྱིས་གཞུ་མོ་བརྡུང་། །དོན་མེད་ཁ་ཡོག་འོང་དོགས་ཡོད། །བརྒྱག་བཟང་དགྲ་མཚོན་ཟུན་ལ་ཟུག །དྲུག་འབྲས་དྲུག་ལོ་ཐོག་སྨིན་པ་ཡིན། །མ་ཅིག་ཐུ་བར་བུ་དྲུག་སྐྱེ། །ཡུལ་ཁ་གཉིས་སུ་འཛིན་ན་ཐང་། །སྟག་དང་བྱ་རོག་གཞུང་འབྲེལ་ཡིན། །དགྲ་ད་ལྟ་ཡོད་ཀྱང་ད་ལྟ་མེད། །བདུན་སྐྱེས་པའི་ཁ་འཛིན་དགྲ་ལྷས་བྱེད། །ཕོ་ཁ་ཞན་ཁ་དྲག་རེད་པ་ཡིན། །བརྒྱག་བཟང་ལྕགས་ཁྲ་ངམ་ལ་ཆས། །བུ་དཔའ་རྟ་མགྱོགས་ཇག་ཡག་ཡིན། །བརྒྱད་ཤེལ་བྲག་དུང་ཁྲའི་ཚང་ཡག་ཡིན། །ཁྲ་སྐད་འཛམ་བུ་གླིང་ལ་སྒྲོགས། །སྐྱོབ་པའི་ལྷ་དགུ་མཉམ་ཆས་ཡིན། །སྡེ་ཆེན་གོང་བ་རྩོད་ན་བཟང་། །འགྲིགས་དང་འདུན་མ་གཏམ་ན་བཟང་། །རྒྱལ་པོའི་བུ་ཆེན་གཏུམ་དྲག་ཆེ། །སྐྱེས་པའི་ལྷ་དེ་དྲག་རྩལ་ཆེ། །བརྒྱག་བཟང་ལྷ་ཆེན་མི་ཆེན་མགོན། །དགུ་བོན་སྲུང་མ་འགོ་བས་མཐུ་རྩལ་ཆེ། །ཡར་བོན་ཡར་མཆོད་བྱེད་ཉིན་བཟང་། །ལྕགས་ཁྲས་གསོལ་ཟས་བླང་པ་ཡིན། །བོན་པོ་ནད་པའི་མོ་ལ་ངན། །གལ་ཏ་མགོ་སྤྲེལ་ཆད་པ་ཡིན། །ཀླུ་ཆུང་གནས་སར་མནའ་ཟོས་


MR16_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་། །མི་དར་མར་བཙན་རྒོད་གནོད་ནས་འཆི། །རྟ་དམར་ཞུར་ཅན་གྱི་དགྲ་ངོ་ཡིན། །བོན་བོས་རབ་བྱུང་བྱེད་ཉིན་བཟང་། །གཤེན་གྱི་བྱ་རུ་བསྐུང་བ་ཡིན། །བཅུ་ལ་སྟག་ཚང་སྟག་ཕྲུག་ཚར། །ཕ་ཆེན་གྲོས་མགོ་རང་གིས་འདོན། །བ་བཙུན་འཕྲུལ་མོ་བྱ་བ་ལ། །སྲས་དགུ་ལྕམ་དང་བཅུ་རུ་སྐྱེས། །ལྷག་པར་གཉེན་བྱེད་མོ་ལ་བཟང་། །མ་མཚུན་བཀྲ་ངུར་བཏབ་ཉིན་བཟང་། །བཅུ་གཅིག་ལྕགས་ཁྲ་སྤུན་བདུན་དེ། །མདུང་མོའི་ཀླད་དུ་འཁོར་བ་ལ། །ལྷ་མི་ལག་པ་སྦྲེལ་བ་ཡིན། །ཁྲ་ཕྲུག་བྲག་སྟོད་ཟིན་པ་ཡིན། །མི་སྲོག་ལྷ་ཡིས་བཟུང་བས་བཟང་། །བརྒྱག་ན་གན་ཐུབ་ལྕགས་ཁྲ་དེའི། །དགྲ་ཁམས་ཆམ་ལ་ཕབ་པ་ཡིན། །ཕུ་མི་འགྱུར་གངས་ཀྱི་ལྟེ་བ་ལ། །སེང་དཀར་མོ་གཡུ་རལ་བསིགས་པ་ཡིན། །ཕ་མཚུན་དགྲ་བླར་བསྡོད་བའི་རྫིའུ་ཡིན། །བཅུ་གཉིས་ངམ་རྗེའི་བླ་གནས་དར། །བྱང་རི་ཆུ་འཐབ་པའི་ཁུག་སོ་ནས། །དགྲ་ཇག་པ་ཁྱུ་རྒྱུག་བྱེད་ངོ་ཡིན། །མདུན་དང་རོ་ཁུར་ངོ་ཡང་ཡིན། །བརྒྱག་ན་སྨོན་པའི་དུང་ཁྱུང་དེས། །ངམ་གྱི་བྱ་ནག་དབང་བསྡུས་ནས། །ན་ར་ཁྱི་ཐོད་མཁར་ནང་བཅུག །ཕྱི་ཡི་ཕྱ་རྟེན་གཡང་རྟེན་དེ། །ངམ་གྱི་ཡུལ་དུ་ཤོར་བ་ཡིན། །རང་མི་བཙོན་དུ་འཆོར་བ་དང་། །རྣོ་མཚོན་འོག་རྟ་དགྲ་ལ་འཆོར། །ནུ་བོས་ལྕེབ་གྲིས་ཕུ་བོ་གསོད། །བཅུ་གཉིས་ལྡི་བུར་ཞོན་པ་ན། །ཁྱིམ་ལ་བྱ་ཐན་བབ་པ་ཡིན། །སྔར་མ་བྱུང་ན་ཕྱིས་ནས་འོང་། །གཏོ་ལ་གཡག་རུ་དགྲ་ཆོས་བྱ། །བཅུ་གསུམ་ཀླད་ལ་རྭ་བཅུ་རྒྱས། །སྐྱ་ཁྲས་དགུང་མཐོང་བྱེད་པ་ཡིན། །ཤ་བ་བརྒྱད་ཕ་ཁུང་འཛུལ་ཀྱང་། །ཀླད་ཀྱི་བརྡུང་རུ་མི་ཕོག་བཟང་། །བརྒྱག་བཟང་དཔག་བསམ་ཤིང་རྩེ་ནས། །སྨོན་པའི་དུང་ཁྱུང་དཀར་པོ་དེས། །བུ་ཡ་མཚན་ལྕགས་ཀྱི་བྱ་ཁྲ་ལ། །ངམ་བདུད་འདུལ་བའི་དབང་ཡང་བསྐུར། །ཡ་མཚན་ལྕགས་ཀྱི་བྱ་ཁྲ་དེ། །ཀུ་ལ་དགའ་ཞིང་བསོ་ལ་དགྱེས། །དེས་ཡེ་ངམ་གཉིས་ཀྱི་


MR16_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སོ་མཚམས་སུ། །སྨོན་པའི་དཔའ་མདུང་རྩེ་ལ་ལྡིང་། །གཤོག་པ་འབུམ་ལ་དགྲ་བླ་རེ། །བྱ་རིགས་འབུམ་གྱི་གཡུལ་ངོ་ཟློག །རྐང་སྤར་དུང་སེང་བ བ་པ་ན། །དུང་སེང་གངས་འགྱིངས་མི་ནོར་འཕེལ། །བརྒྱག་ངན་ལྡི་བུར་ངན་སྡེ་ན། །ངམ་བྱ་སྨོན་མཁར་རྩེ་ལ་བབས། །མཁོན་དང་ཤི་ཆད་སྒབ་འདྲེ་ཡིན། །གཞུང་ལ་གཅིག་བསྐོན་གཉིས་ལྷུང་བ། །རྐང་སྤར་ལྡི་བུར་ཞེས་པ་ཡིན། །དུང་སེང་དཀར་མོའི་བླ་མདུད་ཡིན། །ཡེ་གཤེན་དབང་རྫོགས་རིང་ལ་བབ། །ཕ་དེ་རྫི་ངར་གསས་གྲགས་ཡིན། །མ་དེ་ཡེ་ལྕམ་རྒྱལ་མོ་ཡིན། །བུ་ནི་ཡེ་གཤེན་དབང་རྫོགས་ཡིན། །སྲིད་པ་ཀུན་ལ་དབང་ཡང་བསྒྱུར། །དམ་བདུད་འདུལ་བའི་དབང་ཐོབ་པ། །དེ་ཕྱིར་ཡེ་གཤེན་དབང་རྫོགས་ཡིན། །རྐང་སྤར་ཡེ་གཤེན་དབང་རྫོགས་འདི། །སྨོན་པ་རྒྱལ་པོའི་ཁ་འཛིན་ཡིན། །སྨོན་པའི་དར་སྲི་འདུལ་མི་ཡིན། །ཡུལ་བ་མཐུ་ཆེན་རྒྱལ་པོ་ཡིན། །ཡུལ་འདྲེ་འཁྱམ་པོ་བཏུལ་མི་ཡིན། །བདུད་དང་སྲིན་པོ་འདུལ་མི་ཡིན། །དམག་སྟོང་ཚོ་ཚོགས་པའི་རྫིའུ་ཡིན། །ཆང་ངབ་སྟེང་གི་རྐང་སྤར་ན། །ཡུལ་གྱི་རྒྱལ་པོས་ཡུལ་འདྲེ་ཐུལ། །གཉིས་གངས་དབྱི་དཀར་མོས་ཆུ་ལེན་བཟང་། །བྲན་བཟང་གཞན་ལ་མདུན་ངོ་དག་ཏུའང་བཤད། །གསུམ་གཡའ་འབྲུ་མ་སྐྱེས་བུའི་རྙེད་ཚོལ་ལེགས། །བཞི་ལ་ཀླུ་ཡི་ཟོ་དོར་དར། །ལྔ་གངས་ཀྱི་བྱི་བ་ཤིང་ཐུན་ཡིན། །དྲུག་ཁྱིམ་བདག་མོ་ལ་བུ་སྐྱེ་ཡིན། །བདུན་ཕོ་བློ་གནམ་ལྕགས་ཕ་བོང་ཡིན། །བརྒྱད་ཕ་མཚུན་ཡུལ་ལྷར་བསྡོང་བ་ཡིན། །དགུ་གངས་བྱི་མེ་ལེན་ཆས་པ་ཡིན། །བཅུ་དུང་ཁྲ་དཀར་མོ་དུང་མདོག་ཡིན། །བཅུ་གཅིག་དུང་སེང་གངས་སྟོད་ཟིན། །བཅུ་གཉིས་ཟོ་དོར་གནས་ནས་བསྐྱོད། །བརྒྱག་ན་གྲ་མ་དགྲ་ལ་ཕྱོགས། །ལར་བཅུ་གཉིས་སྟེང་གི་རྐང་སྤར་འདི། །དགྲ་རྐུན་གྱོད་དང་


MR16_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ངོ་ཡོད། །སེར་བ་དྲག་པོ་བྱུང་ན་ཐུབ། །དེ་མིན་རལ་པ་ཅན་གྱི་དགྲ་ངོ་ཡིན། །བཅུ་གསུམ་བོན་གྱི་བཤད་རྒྱུད་འཕེལ། །སྐྱེ་བོའི་དགྲ་བླ་དར་བ་ཡིན། །ལོ་སྐོར་གཅིག་ལ་ཤི་ཆད་མེད། །འདི་ཡི་ལན་དུ་ལི་ཡན་ན། །དུང་སེང་གཡུ་རལ་བྱི་བ་ཡིན། །ན་འབན་སེང་ཁོག་འབུ་ཡིས་གཡེངས། །སྐྱམ་སྔོན་སེང་ཆེན་གནམ་ཆུས་བསད། །སྐྱམ་བྲག་བོན་གྱི་གདུང་རྒྱུད་ཆད། །སྐྱིན་དིང་དུང་སེང་ཆས་པ་ཤོལ། །སེ་སྟོད་བྱ་རལ་རྔ་གཤང་གཞུང་ནས་རལ། །རྐང་སྤར་ཡུལ་ལྷའི་རྒྱལ་པོ་ལ། །གཤེད་དུ་གནོད་སྦྱིན་བུ་མོ་འཇིགས། །ལན་དུ་སྐྱམ་གྱི་དངས་མ་སྒོ་བརྒྱག་ཡིན། །དེ་སོགས་ངན་རིགས་བབས་ན་ངན། །རྐང་སྤར་ལན་དུ་དཀར་ཐོགས་ན། །གངས་རིའི་ངོས་ལ་སེང་ཕྲུག་ཚར། །སེང་ཕྲུག་མགོ་ལ་གཡུ་རལ་རྒྱས། །དེ་སོགས་བཟང་མདུད་བབ་ན་བཟང་། །དེ་ཡི་དང་པོར་བརྒྱག་བྱུང་ན། །རྐང་སྤར་དུང་རྒོད་དཀར་པོ་ཟེར། །དུང་སེང་ཁྲོས་པའི་ཕྲུ་གུ་ཡིན། །ཡུལ་སའི་ཕུང་འདྲེ་འདུལ་མི་ཡིན། །རང་ས་དག་ཏུ་འདི་བབ་ནས། །ཕྱི་སར་སོ་བྲག་སོ་ཡོན་ན། །ཡུལ་འདྲེ་འཁྱམ་པོ་ཐུལ་བ་ཡིན། །གཉིས་བ་དུང་སེང་དཀར་མོའམ། །ཟླ་བ་དུང་གི་ཆག་ཚེ་བརྒྱག །དགྲ་ལྷ་ངར་སང་དཀར་མོ་ཡིན། །ཁྱད་པར་བཅུ་གཅིག་སྟེང་དུ་གཅེས། །སེང་གེས་གངས་སྟོད་བསྲུང་བ་ཡིན། །སྒོ་བརྒྱག་འདྲེ་འཆིང་འགག་ཐག་བརྒྱག །ཁྱུང་ཕྲུག་ཤ་ཟན་ཞེས་ཀྱང་བྱ། །སེང་གེའི་ཕྲུ་གུ་རང་རྔས་འགག །ཁྲི་ཚོ་འགག་པའི་འགག་ཐག་ཡིན། །འགག་གྲི་དང་ནི་གྲེ་འགག་ངོ་། །གཏོ་ལ་འགག་སེལ་ལ་སོགས་བྱ། །བུ་ལ་ནེ་ཚ་བྱུང་བ་ན། །རྐང་སྤར་ཟླ་གམ་ཕྱག་རྩེ་ཟེར། །སེང་དཀར་གཡུ་རལ་ཡང་མཐོ་བརྒྱག །ཡང་ན་དག་པོ་ལི་ཕྱིན་ཟེར། །གལ་ཏེ་བབ་ན་ལན་མི་དགོས། །རང་སར་བབ་ན་ལན་མི་དགོས། །འཇུས་པའི་བུ་ལ་ན་ཚ་བྱུང་། །ཐོད་བརྒྱག་ལི་ཕྱིན་སེང་མགོ་


MR16_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དུང་སེང་དཀར་ཀྱང་གཡུ་རལ་ནག །སེང་རུས་པ་བཟང་སྟེ་ཁོང་ཤེད་མེད། །དམག་ལ་འུར་འཇོམས་བྱེད་ན་ངན། །རྐང་སྤར་དེའི་བརྒྱག་གཉིས་ལ། །རྣམ་གྲངས་གསུམ་ཡོད་གསུམ་བརྒྱག་གཅིག །བཟང་ངན་སྤྱི་ལྟར་ཤེས་པར་བྱ། །རྐང་སྤར་བརྒྱག་སྡེ་བཟང་པོ་རྣམས། །རང་སར་བཟང་ལ་ཕྱི་སར་ངན། །འདི་རོག་པ་ལྡི་བུར་ཁ་འཐམ་ཡིན། །བདུད་ཀྱི་རལ་གྲི་ནག་པོ་ཡིན། །བཅུ་གཅིག་སྡུག་ཅན་མོ་ལ་བཟང་། །བདུན་ལ་ཞིང་ལས་བྱེད་ན་བཟང་། །གསུམ་ལ་སྲིའུ་དག་ལ་བཟང་། །བུ་ལ་ནེ་ཚ་སོང་བ་ན། །རོག་པ་རིན་ཆེན་འཁོར་ལོ་ལ། །ཡ་མཚན་ཐོག་གི་རལ་གྲི་ཡིན། །བཅུ་གསུམ་སྒོ་མ་ནད་པའི་མོ་ལ་བཟང་། །རོག་པ་ཙམ་ཐིག་ལྡི་བུར་འདིར། །ཝ་བྲག་ལྡི་བུར་ཞེས་ཀྱང་བྱ། །གཏུམ་ཅི་སད་དེ་སྟག་འཕྲུ་དེ། །རྡོ་རྗེ་རང་གྲུབ་ལྡ་བུར་ཡིན། །སྨོན་ལམ་བཏབ་པའི་རལ་གྲི་ཡིན། །བུ་ལ་བརྒྱག་གཅིག་བཅས་པ་ན། །གཡུང་དྲུང་དྲྭ་བ་མིག་མང་ན། །བཀྲ་ཤིས་རང་གྲུབ་ལྡི་བུར་ཡིན། །སྨོན་པའི་མཚོན་ལ་སྨོན་ལམ་བཏབ། །དེ་ལ་མཚོན་གཅིག་སྲིད་པ་དེ། །སྨོན་པའི་ཡིད་ཀྱི་རལ་གྲི་ཡིན། །སྒོ་བརྒྱག་ངམ་ལྕམ་བསད་པའི་རལ་གྲི་ཡིན། །འདི་ནི་དམུ་ནམ་ལྡི་བུར་ཡིན། །ཁ་ལྐུག་ལྡི་བུར་ཞེས་ཀྱང་བྱ། །བརྒྱ་མིག་སྤུར་མཐའི་ལྡེའུ་མིག་ཡིན། །མི་ཁོང་རིག་ཅན་དེ་སྨྲ་ལྕེ་ལྐུག ། གསུམ་བུད་མེད་ནད་པ་དག་ལ་ངན། །བརྒྱད་དང་བཅུ་གཅིག་རྨེ་ཡི་ངོ་། །བཅུ་གསུམ་ཡ་རབ་མོ་ལ་ངན། །འདི་དམུ་ནམ་དགའ་བྱེད་ལྡི་བུར་ཡིན། །བརྡུང་བའི་རྣོ་མཚོན་ཆ་མ་ཡིན། །རྫས་ལས་གྲུབ་པའི་རལ་གྲི་ཡིན། །ཕྱ་ཡི་མགར་བས་རྙེད་པ་ཡིན། །འདི་ཡི་མིང་གི་རྣམ་གྲངས་ལ། །དམུ་གྲགས་སད་རྣམས་ལྡི་བུར་རམ། །ཁ་བུར་ལྡི་བུར་ཞེས་ཀྱང་


MR16_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཁ་ནམ་ལྡི་བུར་དག་ཀྱང་ཟེར། །བཅུ་གཅིག་ཚེ་རིང་བདུན་ལ་ངན། །བདུན་ལ་སྲིའུ་གསོ་བ་དང་། །སྡུག་པའི་མི་ལ་བཟང་བ་ཡིན། །འདི་ནི་དམུ་བྲག་ལྡི་བུར་ཡིན། །བཙན་གྱི་དབྱིག་དམར་ཁྲག་འཐུང་ཡིན། །དགྲ་ལྷ་སྡེ་དང་བྱན་ལོག་ཡིན། །ཕྱ་ཚ་ ལྷ་མིའི་དཔལ་སྡེ་ཡིན། །བདུད་པོ་སྙ་རིང་བཤའ་གྲི་ཡིན། །བདུད་ཀྱི་རལ་གྲི་ནག་པོ་ཡིན། །གསོ་ཐབ་མེད་པའི་གྲི་དེ་ཡིན། །ངམ་ཆེན་དོ་མ་བཤས་པའི་གྲི། །མགར་བས་མ་བརྡུང་མཚོན་ཞིག་ཡིན། །ངམ་གྱི་མཚོན་དྲུག་ཕྱི་ས་ལ། །ཡེ་ཡི་མཚོན་དྲུག་རང་སར་བབ། །དགྲ་བོ་བསྒྲལ་བའི་མགོ་བོ་ལ། །ཟུན་གྱི་མཚོན་ཆ་རང་འཁོར་ཡིན། །ཇག་ལེགས་དགྲ་སོད་དྲ་མ་བཟང་། །རྟ་མགྱོགས་སྲིད་ཕྱར་བུ་ཡང་སྐྱེ། །ནད་པ་མི་སྡོད་འཆི་བ་ཡིན། །ཡེ་མཚོན་དང་ནི་ངམ་མཚོན་འདི། །ཕྱི་ནང་མེད་པར་འདྲེས་པ་འདི། །འཁྲུགས་པ་འོང་བའི་སྔ་ལྟས་ཡིན། །གཞི་ཕྱྭ་དག་ལ་དགྲ་ངོ་ཡོད། །རྟ་ཐོད་ནང་དུ་དགྲ་བྲུབ་བྱ། །ངམ་གྱི་གདུག་ཐེབ་མཚོན་ཆ་རྣམས། །རང་སར་འབབ་ཏུ་མི་རུང་ངོ་། །བབ་ན་གྲི་གྲུབ་གྲི་འདུར་བྱ། །ཕྱི་སར་བབ་ན་ཆ་ཡང་རན། །གར་ཡོད་ཕྱོགས་སུ་རྒྱལ་ཁ་ཡོད། །བཅུ་གཅིག་སྐྱིད་ཀྱི་ལ་ཐོད་ཡར། །བཅུ་གསུམ་གྲི་ངོ་ཡིན་པས་ངན། །འདི་ནི་ཤིང་ཤག་ལྡི་བུར་ཡིན། །སྲིན་པོ་སྐྱ་རིང་ཁྲག་མིག་དེས། །ཞང་པོ་བསད་པའི་དམེ་གྲི་ཡིན། །བཅུ་གཅིག་ཡ་རབ་དག་ལ་ངན། །གསུམ་ལ་དགྲ་ཕྱ་སྲིད་ཕྱ་བཟང་། །འདི་དོན་གྲུབ་དབང་གི་ལྡི་བུར་ཡིན། །དམུ་ནམ་ཤ་རྣ་ལྡི་བུར་ཟེར། །ཡང་ན་གཏུམ་ཅི་སད་སྟག་འཕྲུ། །རྡོ་རྗེ་རང་གྲུབ་ལྡི་བུར་འདི། །ཡེ་སྨོན་གྱི་བརྡུང་བའི་རལ་གྲི་ཡིན། །ལྡི་བུར་འབྲོང་འདྲ་ཞེས་ཀྱང་བྱ། །བཞི་ཡ་རབ་དཔོན་པོའི་མོ་ལ་བཟང་། །མ་རབ་དག་ལ་ངན་པ་ཡིན། །བདུན་


MR16_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟ་ཉོ་བྱེད་ན་བཟང་། །གཉིས་བུ་ཚ་ནད་པའི་མོ་ལ་ངན། །འདི་མུ་ཁྱུད་རི་རྣམ་ལྡི་བུར་ཡིན། །ཤེལ་བྲག་ལྡི་བུར་ཞེས་ཀྱང་བྱ། །བཅུ་གཅིག་སྐྱིད་ཁ་ཅན་ལ་ངན། །བརྒྱད་ལ་རལ་ཁ་འགྱེད་ན་བཟང་། །བཅུ་གསུམ་ནད་པ་སྲིའུ་བཟང་། །འདི་ཉི་འོད་འབར་བའི་ལྡི་བུར་ཡིན། །སྦྲུལ་ནམ་ལྡི་བུ་ཞེས་ཀྱང་བྱ། །ལྡི་བུར་ཤན་པ་གྲི་ཐོགས་ན། །བུ་ཚ་ནད་པའི་མོ་ལ་ངན། །གསུམ་ལ་ཆུང་གསུམ་མོ་ལ་བཟང་། །བདུན་གྱི་སྟེང་བབ་རྟ་ཚོང་བཟང་། །བཅུ་གཅིག་སྦྲུམ་མ་དག་ལ་བཟང་། །བཅུ་གསུམ་ཡ་རབ་མར་ལ་འབབ་པས་ངན། །འདི་མཁའ་ཀློང་དབྱིངས་ཀྱི་ལྡི་བུར་ཡིན། །དམུ་ཆུ་ལི་བྱིན་ལྡི་བུར་ཟེར། །ཁྲི་ལེ་དེ་ནི་ཁྲག་ཤར་གྱི། །དབྱི་མར་ཁྲག་འཐུང་བྱ་བ་ཡིན། །ཝེར་མའི་སྤུ་གྲི་ངར་འཇམ་ཡིན། །བཙན་ཡམ་ཤུད་དམར་པོའི་བཤའ་གྲི་ཡིན། །གདུག་པའི་ཚོགས་ཀྱི་དར་ཕོད་དེ། །ཁྲག་གི་རྐྱལ་པ་བཀལ་བ་ཡིན། །བཅུ་གསུམ་ཡ་རབ་དག་ལ་ངན། །བཅུ་གཅིག་རྟ་ཕྱུགས་དམར་ངོ་ཡིན། །ཡ་མ་ནད་པ་དག་ལ་བཟང་། །བརྒྱད་ལ་ནོར་མོ་འདེབས་ན་ངན། །འདི་སད་གསུམ་འཕྲུལ་གྱི་ལྡི་བུར་རམ། །སད་མུ་ལེ་ཟུར་གསུམ་ལྡི་བུར་ཡིན། །དབྱིག་དམར་ལྡི་བུར་ཞེས་ཀྱང་བྱ། །ཕྱྭ་རྗེ་དབྱིག་དམར་ཁྲག་འཐུང་ཡིན། །བདུད་གཡག་རོག་པོའི་བཤས་རི་ཡིན། །གདུག་པ་ཁྲག་གི་ཁ་ཕྲུ་ཡིན། །འདི་རྩར་གློང་ངན་དོད་ལྡི་བུར་ཡིན། །རྣོ་མཚོན་ལྡི་བུར་ཞེས་ཀྱང་བྱ། །བཅུ་གཅིག་ནད་པ་དག་ལ་བཟང་། །བརྒྱད་ལ་ཡུག་མོ་འཇོག་ཉིན་བཟང་། །གཅིག་ལ་གྲི་བོན་བྱེད་པར་བཟང་། །བཅུ་གསུམ་མདུན་མ་ཆད་པས་ངན། །འདི་ཁུ་དོ་ཡར་དགེ་ལྡི་བུར་ཡིན། །ཡར་


MR16_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ལྡི་བུར་ཞེས་ཀྱང་བྱ། །ལ་ལས་ཁྱུང་ཐར་ལྡི་བུར་ཟེར། །གཟེར་མོ་འགྲམ་སྐྱའི་རལ་གྲི་ཡིན། །བརྒྱད་ལ་སྲིད་ཕྱྭ་དག་ལ་བཟང་། །བཅུ་གསུམ་རྟ་ནད་པ་ལ་ངན། །འདི་ཡི་སྐྱམ་ལ་བརྒྱག་སོང་ན། །ཁུ་དོ་ཟངས་མགོ་རི་སྣ་བརྒྱག །མི་ཡི་མགར་བ་སྣ་དམར་ཡིན། །འདི་ཁུ་དོ་མར་དགེ་ལྡི་བུར་ཡིན། །མར་རྣམས་ལྡི་བུར་ཞེས་ཀྱང་བྱ། །བཅུ་གཅིག་ཡུལ་གཅིག་ལན་གཉིས་བརླག །དྲུག་ལ་བུད་མེད་ནལ་གྱིས་འབོག །བཅུ་གསུམ་རྔོན་པའི་མོ་ལ་བཟང་། །ཁྱད་པར་ཡ་མ་བཅོས་ན་བཟང་། །བདུན་པ་རྟ་ཕོ་ཉོ་ན་བཟང་། །འདི་ཡི་སྐྱམ་ལ་བརྒྱག་སོང་ན། །ཁུ་དོ་མར་དགེ་བྱེའུ་བརྒྱག །ཐེའུ་རང་མགར་པའི་ལག་ཆ་ཡིན། །འདི་ལ་ཁ་ཁུག་ལྡི་བུར་ཟེར། །ངམ་གྱི་བཤའ་གྲི་དམར་པོ་ཡིན། །འདི་མུ་ཁ་ཟ་ཡག་ཐུན་ལྡི་བུར་ཡིན། །དམུ་ཡི་མགར་བ་སྙིང་དམར་ཡིན། །འཁྲུགས་པའི་གོང་བ་ཟིན་པ་ཡིན། །འདི་ཡི་སྐྱམ་ལ་བརྒྱག་གཅིག་ན། །ཆུ་གྲི་རྣོ་གཅོང་དོན་གྲུབ་བརྒྱག །དོན་གྲུབ་མི་ཡི་རལ་གྲི་ཡིན། །སྐྱམ་ལ་བརྒྱག་གཉིས་སོང་བ་ན། །མ་གོས་འཁོར་ལོ་པདྨ་བརྒྱག །དུང་ཁྱུང་སྐུ་ལ་སྲིད་པ་ཡིན། །རྣོ་མཚོན་རལ་གྲིའི་གྲོལ་ཕུག་ཡིན། །ཟ་ཁ་ཕོ་དགུ་བརྒྱག་ཀྱང་ཟེར། །ཐེའུ་རང་མགར་བའི་འོག་རྡོ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །ལྷ་བཞེངས་མཁར་བརྩིགས་ཆོས་འབྲི་དང་། །དམག་ཇག་དོན་གཉེར་གང་ཡང་བཟང་། །འདི་ནི་སྐྱམ་བྲག་ལྡི་བུར་ཡིན། །བཅུ་གཅིག་མ་རབ་རེ་འཁང་སྐྱེ། །བདུན་རྨང་བོས་གླང་སེལ་བྱེད་ན་བཟང་། །གསུམ་བུ་ཚ་ནད་པ་དག་ལ་བཟང་། །འདི་གླང་རྣམས་འདུས་པའི་སྐེད་པ་ཡིན། །མཚོན་རྣམས་འདུས་པའི་སྙིགས་མ་ཡིན། །བཅུ་གཅིག་མན་ཆད་རང་ས་རུ། །གཞི་བྱེས་གང་ལ་འཐེན་ཐག་ཡིན། །ངན་པའི་གྲོས་ཀྱིས་


MR16_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཁ་འཐེན། །གྲོགས་ཆེ་ཡང་གྱོད་ངོ་དུམ་ཙམ་ཁུར། །གཞི་ལ་བཏབ་ན་གང་སྟོང་ཕྲན་བུ་འོང་། །དགྲ་ཁ་ཕོ་ཆེ་སྟེ་གནོད་མི་ཚུགས། །ཕྱི་སར་སྟོར་བརླག་རྗེས་ཚོལ་ངོ་། །རྟ་ལ་བཏབ་ན་འབྲིང་ཙམ་ཡིན། །གདོན་ལ་གདོན་ངོ་མཐོ་བ་ཡིན། །བརྒྱད་བཅུ་གཅིག་བཅུ་གསུམ་ཐེ་ཚོམ་ཆེ། །དཔོན་གཉིས་ངོ་འཛིན་དགོས་པ་ཡིན། །དེ་ཡི་སྒོ་ལ་བརྒྱག་སོང་ན། །དུང་གླང་བཤས་པའི་ཀོ་བ་ཡིན། །དེ་ཡང་རྟ་དང་གླང་ལ་ངན། །གླང་ལོ་པ་ཡི་ལོ་བྲག་ཡིན། །དེ་ཡི་སྐྱེར་ལ་བརྒྱག་སོང་ན། །སྐྱམ་བྲག་ལྡི་བུར་སོ་ཤོ་ཐར། །སྙན་ཐུབ་གླང་པོ་རུ་དཀར་ཡིན། །གླང་རྣམས་འདུས་པའི་མགོ་བོ་ཡིན། །ཁྲ་རྣམས་འདུས་པའི་རྐེད་པ་ཡིན། །མཚོན་རྣམས་འདུས་པའི་དྭངས་མ་ཡིན། །དགྲ་གཞི་སྐོར་གསུམ་ཀུན་ལ་བཟང་། །སྐྱམ་ལ་གལ་ཏེ་བརྒྱག་གཉིས་སོང་། །སྐྱམ་བྲག་ཁྲི་སྙན་དངུལ་མགོ་ན། །སྨོན་པའི་དུང་གླང་དཀར་པོ་བརྒྱག །ཕོ་ལྷ་ཡབ་ཡུམ་འཆི་མེད་ཡིན། །ཕྱ་ཡི་གར་དམག་འཚོ་མི་ཡིན། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང། །དགྲ་ཡི་མི་སོད་གོ་ཡང་ཐོབ། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་གྲངས་ནོར་གྲངས་གཉིས་ཀ་འཕེལ། །དེ་ཡི་སྤོ་ལ་བརྒྱག་སོང་ན། །སྐྱམ་བྲག་ལྡི་བུར་སྒོ་བརྒྱག་དེ། །དུར་གླང་བཤས་པའི་གློ་བ་ཡིན། །རྟ་གླང་གཉིས་ཀྱི་མོ་ལ་ངན། །འདི་ནི་ཤོ་དོ་ལྡི་བུར་ཡིན། །སྲིན་སྐྱ་རིང་ཁྲག་མེད་རལ་གྲི་ཡིན། །སྒོ་བརྒྱག་བྱུང་ན་དེ་བས་ངན། །འདི་ནི་ཆུ་སྤར་ལྡི་བུར་ཡིན། །སྲིན་པོ་ཤ་ཟན་རལ་གྲི་ཡིན། །ཕོ་མོའི་དུར་བྱ་ཀངྐ་ཡིན། །རོ་བསྲེག་རྡོ་བ་དམར་པོ་ཡིན། །དུམ་གཅིག་བཙན་གྱི་ཡུལ་དུ་ཡར། །ཡུ་བ་མེད་པའི་གྲི་གུ་ཡིན། །མྱེས་པོ་དགུང་མཁན་བཤས་པའི་གྲི། །གཅིག་ལ་ས་བདག་དུར་བྱ་ལང་། །གཉིས་ལ་ས་འོག་ས་སྲིན་ལང་། །གསུམ་


MR16_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དུར་བྱས་ཆུང་གསུམ་སྐྱེ་རྒྱུད་བཅད། །ཇི་བཏབ་ངན་ཀྱང་ཇག་མོ་ལ། །ཆུང་གསུམ་དཔའ་ལས་བྱེད་ངོ་ཡིན། །བཞི་ལ་དུར་བྱ་ཀླུར་བསྡོང་ཀླུ་ནད་འོང་། །དུར་མོ་དག་ལ་ཤིན་ཏུ་ངན། །ཇག་པའི་མོ་ལ་ཤིན་ཏུ་གཅོད། །ལྔ་དུར་བྱས་ཟུན་གྱི་བོང་བུ་བསད། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཇག་པས་ཟུན་དམག་གསོད་ངོ་ཡིན། །དྲུག་ཀངྐས་དུར་ཁྱིམ་བཟུང་བས་ངན། །ཡུག་སའི་མཆི་མ་མི་སྐམ་ངོ་། །ཡུག་ས་ཡིན་ཟིན་གཅིག་ལ་ནི། །ཡུག་ས་མོ་ལ་བུ་སྐྱེ་ངོ་། །ཇག་པས་ཁྱུ་གཅིག་ཐོབ་ངོ་ཡིན། །བདུན་དུར་བོན་ཐད་དུ་ལང་བ་ཡིན། །ཡུལ་དྲོ་ས་འཇམ་མོ་ལ་ངན། །གདོན་དུ་རྨེ་འདྲེ་གནོད་པ་ཡིན། །རྟ་འཚོ་བའི་མོ་ལ་བཟང་བར་བཤད། །བརྒྱད་དུར་བྱ་ལྷ་སར་བསྙེགས་པ་ཡིན། །ལྷ་བོན་གདན་ས་ཤོར་བ་ཡིན། །ཇག་པའི་མོ་ལ་བཟང་བ་སྟེ། །དུར་བྱིས་གཤོག་བར་ཐོག་སེར་འཕྲོ། །དགྲ་བསད་ནོར་ཐོབ་གཉིས་ཀྱི་ངོ་། །དགུ་ཀང་ཀས་བདུད་དམག་བསྡུས་པ་ཡིན། །མ་ཡམ་ཆུ་ལྟར་བབ་པ་ཡིན། །བོན་པོ་དགུ་ཚོགས་ཤི་ཆད་ངོ་། །བཅུ་དུར་བྱའི་གྲེ་བ་ཤ་ཡིས་གང་། །ཤ་མ་ཟད་པར་དུ་ཤི་ཆད་ངོ་། །ནད་མ་དར་མ་འཕྲལ་དུ་འཆི། །དགྲ་ཕྱྭ་དག་ལ་དགྲ་མེད་ཡིན། །བཅུ་གཅིག་ཀང་ཀའི་མཆུ་རྩ་དམར། །ཡུལ་ས་དྲོ་འཇམ་མོ་ལ་ངན། །སྐྱེས་བའི་སྲོག་ཕྱྭ་འདེབས་ན་ངན། །ཇག་པའི་མོ་ལ་བཟང་བ་སྟེ། །ལྟད་མོ་བལྟས་པས་གནང་གཅིག་ཐོབ། །རྩེད་མོ་བརྩེས་པས་མི་གཅིག་སོད། །བཅུ་གཉིས་དུར་བྱ་བྱང་ནས་ཆས། །གདོན་དུ་བདུད་བཙན་གནོད་ངོ་ཡིན། །བྱང་གི་ཕྱོགས་ནས་དགྲ་ངོ་ཡོད། །ཡང་ན་བྱང་ནས་ཡེ་འདྲོག་འོང་། །བཟློག་པ་རིམ་གྲོ་དྲག་པོ་བྱ། །བཅུ་གསུམ་དུར་བྱ་རི་རྩེ་མཐོན་པོར་ཤི ། ཤི་སྒབ་ཅན་གྱི་མོ་ལ་བཟང་། །ཤི་ཁ་དུར་ཁ་གཉིས་ཀ་ཆེད། །གཞི་མོ་ལ་ནི་ཡེ་འདོག་ངོ་། །གཉེན་གྱི་མོ་ལ་འདུན་སྣ་ཆད། །དགྲ་ཇག་གཉིས་ལ་


MR16_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བཟང་། །སྤྱི་རྗེ་ཁྱུང་ཆེན་ཡེ་ལ་འགོ ། ངམ་དགྲ་འདྲེའི་གཉའ་པ་མནན་པ་ཡིན། །ཆུ་སྤར་བརྒྱག་གཅིག་བཅས་པ་ན། །ཆུ་སྤར་འབྲུག་ཐོག་ལྡི་བུར་ཟེར། །དཔའ་འབྲུག་མགོ་ཆུ་སྲིན་རལ་པ་ཅན། །ཁོ་གག་གིས་ལང་ནས་ཧུར་གྱིས་མཆོང་། །ཆུ་སྲིན་རྒྱལ་མོའི་ལྟག་གཡུ་ཐོབ། །མཚན་བརྡུང་མཚན་རྒྱུག་བྱེད་ན་བཟང་། །མི་ནག་མིག་རྩ་དམར་བ་སོད། །རྟ་ནག་རྔ་རྔོག་འཐུག་པ་ཐོབ། །འདི་ལ་བརྒྱག་གཉིས་བྱུང་བ་ན། །ཆུ་སྤར་འབྲུག་ཐོག་ཁ་སྡོད་ཟེར། །ཆུ་སྲིན་རྔམ་བའི་ལྟོ་བ་བརྒྱག །ཆུ་སྤར་ཆུ་གྲི་ངར་མ་ཡིན། །མཚོན་ཆ་བརྡར་བའི་ཝེར་མ་ཡིན། །མྱེས་པོ་མེ་ཡི་སེང་གེ་དང་། །ཕྱི་མོ་ཆུ་ཡི་བྱ་ཁྱུང་ཡིན། །ཚང་ཡ་ཁྲོ་ཆུའི་ཕོ་རོག་ཡིན། །སྲིང་མོ་ན་ཆུང་གཟི་བརྗིད་ཡིན། །ངར་སྐད་འབྲུག་དང་དུང་ཕོ་ཡིན། །ང་རྒྱལ་སྟག་རྒོད་ཚང་མ་ཡིན། །འདི་རང་སའི་བཙན་ས་གར་བབས་ཀྱང་། །ཁྲི་ཚོ་གསུམ་གྱི་དམག་ཡག་ནས། །འབུམ་ཚོ་གསུམ་གྱི་གནངས་ཐོབ་ནུས། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མི་ནོར་ཆུས་གསུམ་དུས་གཅིག་འཕེལ། །འདི་ལ་བརྒྱག་གསུམ་བཅས་པ་ན། །ཆུ་སྤར་འབྲུག་ཐོག་གཟིག་གསུམ་ཡིན། །དཔའ་ཆུ་སྲིན་འབྲུག་གི་རལ་པ་ཅན། །ཡང་རྣོ་ཡང་ངར་འདི་ལ་ཚང་། །ལན་གཅིག་བབ་པའི་དུས་བྱུང་ན། །ཡང་ན་ལྷ་ཁང་ཁྱུང་མགོ་བཞེངས། །ཡང་ན་དར་མས་འབུམ་གཅིག་བྲི། །ཆུས་ཆེན་མིན་པས་མི་ཐེག་གོ། །ྡི་བུར་མོ་རྟ་བག་ལ་སོང་། །ངག་གི་ལྡི་བུར་ཞེས་སུ་བཤད། །སྔོན་བསེ་ཡི་མི་ཐུང་རིང་ལ་བབ། །འདི་བསེ་ཡི་མི་ཆུང་གྱད་ཆེན་ཡིན། །ས་བདག་རུས་སྦལ་ཁོག་པ་ཡིན། །ཡང་ན་མཚུན་གྱི་བང་ཆེན་ཡིན། །ཡང་ན་བག་མ་རྫོང་མེད་ཡིན། །ཡང་ན་ཐེའུ་རང་ར་ཞོན་ཡིན། །ཡང་ན་རྐང་ཐང་ཁྱི་ཁྲིད་


MR16_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བསོད་ཟད་མ་རབ་བླ་མདུད་ཡིན། །སྐྲན་དང་དམུ་ཆུ་གཉིས་ཀྱི་བླ། །གཅིག་གི་སྟེང་དུ་འདི་བབ་ན། །འདྲེ་ལམ་ཕུགས་སུ་ཚུད་པས་ངན། །གཉིས་རྐུན་མོ་མི་རེང་སྣོད་སྟོང་ཁུར། །ཤར་ནས་རྐུན་ངོ་ཐེའུ་རང་གནོད། །གསུམ་ལྷམ་འབོས་ཆུང་ཅན་གྱི་གོ་མཐའ་བསྐོར། །བུ་ཚ་ཆུང་རྒྱུད་དར་བ་ཡིན། །བཞི་ལ་ཝེར་མ་ཀླུ་དང་བསྡོང་། །བ་ར་བོང་གསུམ་འཕེལ་ངོ་ཡིན། །ལྔ་ཐེའུ་རང་མགོ་བདུན་སྒོ་རུ་སོང་། །འདྲེ་བཀར་བྱེད་པའི་མོ་ལ་བཟང་། །དྲུག་ཕོ་མོ་འདྲེ་ཅན་ཕུགས་སུ་ཚུད། །མི་དོགས་ས་ནས་འདྲེ་གདོན་གྱིས། །བུད་མེད་རྒོད་མ་གཉིས་ལ་གནོད། །བདུན་ལ་གཉེན་གྱི་རྟ་མཁར་ཞིག །རྟ་དགྲར་ཤོར་རྐང་ཐང་སྒ་ཁུར་ཡིན། །བརྒྱད་འདྲེ་འཁྱམས་ལྷ་སར་ཞུགས་པ་ཡིན། །བློ་ཉེས་ཐག་རིང་བསྟན་པ་ཡིན། །ཕ་མེད་དྭ་བུའི་མོ་ལ་བཟང་། །དགུ་ས་མཐོ་ལ་ཁའི་དགྲ་ཇག་རྒྱུག །ནོར་སྣ་ཐག་ཅན་དེ་ཕྱི་ལ་འཆོར། །བཅུ་སྤྱི་བོའི་རྭ་དེ་ཕོག་པ་ཡིན། །ཕ་ཤི་དྭ་བུར་ལུས་དོགས་ཡོད། །རྗེ་ས་འབངས་ཀྱིས་ཕྲོག་ན་བཟང་། །བ་ར་བོང་གསུམ་ཉོ་ན་བཟང་། །བཅུ་གཉིས་བྱང་གི་བྱེ་ལུང་ན། །རྟ་པ་རྐང་ཐང་གིས་བཅོམ་ངོ་། །རྗེས་གཅོད་རྡོག་ར་འགྲིགས་པས་བཟང་། །བཅུ་གསུམ་མགོ་ཡི་ཞྭ་ཕུད་ལག་གི་ལྕགས་ཤོར་ཡིན། །ཕ་རིང་བཟང་ལ་བུ་རིང་གུད། །གཏོ་སྐུ་འཛུག་ཅིང་སྒོ་སེལ་བྱ། །འདི་ཅི་ལ་བཏབ་ཀྱང་ངན་པ་ལ། །བུད་མེད་རབས་ཆད་ནད་མོ་དང་། །ཤ་བ་ཕོ་ཆེན་འགྱེད་ཉིན་བཟང་། །འདི་ཕོ་ཡི་རབས་ཆད་ཐོད་ནག་ཡིན། །འོན་ཀྱང་སྐྱེས་པ་རབ་ཏུ་བྱུང་ཉིན་བཟང་། །ཞྭ་སྐྱི་བུད་ནས་སྒོམ་ཞྭ་གྱོན། །འབྲོག་པ་ཡུལ་ལ་ཞུགས་ཉིན་བཟང་། །ཤ་བརྒྱད་པ་ཁུང་དུ་འཛུལ་བ་ཡིན། །ཆུང་མ་ཉོ་བའི་མོ་ལ་བཟང་། །ལུག་ཐུག་རྭ་རྩ་རྒྱས་པ་ཡིན། །བནྡེ་བཀའ་ལོག་མོ་ལ་བཟང་། །བཀའ་ལོག་བུ་དགུ་ཚར་བ་ཡིན། །དབུལ་པོས་ཐུག་འགྱེད་བྱེད་ན་བཟང་། །ཚེ་


MR16_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ར་ལ་བདུན་སྟོང་འཕེལ། །འོག་རྟ་བྱ་བྱེད་མོ་ལ་བཟང་། །ཐེའུ་རང་རང་རླེག་རང་གིས་བཅད། །ཐེའུ་རང་བསྒྲུབ་པའི་མོ་ལ་བཟང་། །བསྟན་སྲུང་ཐེའུ་རང་བྱེད་པ་ཡིན། །མོ་ཡི་བཤོད་ལུང་གཏན་ཚིགས་རྣམས། །ངན་ཀྱང་རང་རང་དམིགས་བསལ་ལ། །བཟང་པ་དེ་དང་དེ་འདྲ་སོགས། །གང་བབས་གང་མཐུན་ཟུར་གྱིས་དཔྱོད། །དེ་གནས་སྐབས་ཀུན་དུ་སྦྱར་ཤེས་བྱ། །འདིའི་ལན་དུ་ཚོལ་ཚེ་བུ་བརྒྱག་བཟང་། །ཀླུ་ཡི་འཕེལ་གཡང་ལེན་པ་ཡིན། །ན་འབན་རུ་སོད་མ་ཟེ་དང་། །བྱ་རལ་ལི་ཡན་སོགས་བབ་ན། །བསོད་ནམས་མེད་པའི་མི་ངན་ལ། །བློ་ངན་གྲོས་ངན་གྲོགས་ཀྱིས་བསྟན། །དེ་ལ་བརྒྱག་གཅིག་བྱུང་བ་ན། །མགྱོགས་པ་རེ་སེ་ཀྱུ་ནེའམ། །མགྱོགས་པ་རྒྱུག་པ་ཀྱུ་ནེ་ཟེར། །དམག་དཔོན་རྡོ་རྗེ་ལེགས་པ་ཡིན། །དཀར་པོའི་ཁ་འཛིན་བྱེད་མི་ཡིན། །ནག་པོའི་ཁ་གནོན་བྱེད་མི་ཡིན། །དིང་དིང་དཔལ་ཁ་བསྟོད་མི་ཡིན། །དུང་ཁྱུང་ལྷ་ཡི་ཡུལ་དུ་ཕྱིན། །ལྷ་ཡི་ནོར་བུ་དུང་སྒོང་ཐོབ། །བརྒྱག་གཉིས་ཀླུ་སྦྲུལ་འོད་ཅན་ཟེར། །ཡེ་རྟ་ཡེ་མགྱོགས་བླ་མདུད་ཡིན། །འཛུམ་བུ་ཟླ་ཚེས་སེ་སྟོད་ཟེར། །རིང་རིང་ཉར་ཉེར་ཞེས་ཀྱང་བྱ། །སྲིད་པ་ཀླུ་མགོན་གེར་མཛོ་ཡིན། །ཕ་ཞང་རྨ་ཆེན་སྤོམ་ར་ཡིན། །བླ་ནི་གལ་བར་ཐོད་དཀར་ཡིན། །མ་ཞང་འབྲི་ཆེན་རྡུར་དུར་ཡིན། །བླ་ནི་སྐྱེར་གསུམ་བརྒྱག་གཉིས་ཡིན། །སྐུ་ལྷ་ཁྱུང་རྫོང་ངང་སྐྱ་ཡིན། །བླ་ནི་ཁྱུང་བརྒྱད་དངུལ་མདངས་ཡིན། །ཞང་པོ་འབྲོད་ཀྱི་ཚ་བྲེས་ཡིན། །བླ་དེ་མུ་ས་ཅོད་པན་ཡིན། །བུ་རྫི་གནམ་སྨན་དཀར་མོ་ཡིན། །བླ་ནི་ཙ་མེད་ལི་ཤག་དམར། །སྲིང་མོ་ཐ་རེ་འོད་ཕོམ་ཡིན། །བླ་དེ་སྐྱེར་བྱ་རྡེལ་རྒོད་ཡིན། །གཡས་རྒྱན་རྒྱ་སྟག་དམར་མོ་ཡིན། །བླ་དེ་ཨ་ཁད་རྩེ་མ་ཡིན། །གཡོན་རྒྱན་དུང་སེང་དཀར་མོ་ཡིན། །བླ་དེ་རྐང་སྤར་ལྡི་བུར་ཡིན། །བླ་མཚོ་ཆུ་མིག་ནག་རིང་ཡིན། །བློ་དེ་མ་ཟེ་གཡུའི་ཆུ་མིག་


MR16_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་གད་པ་སྐྱ་རེད་ཡིན། །བླ་དེ་སུམ་མཉམ་མཁལ་དཀར་ཡིན། །འོག་རྟ་ཕ་བོང་དྲིལ་དཀར་ཡིན། །བླ་དེ་ཀུ་ཚང་གསེར་ལ་ཡང་ཐོག་ཡིན། །འདི་བཅུ་གཅིག་སྟེང་དེར་བབ་ནས་སུ། །བཅུ་གཉིས་ཝ་ལྡི་ཝ་སྐྱམ་ན། །གཡུ་འབྲུག་ལྡིར་བས་ངམ་རྗེ་བརྒྱལ། །འ་ཞའི་རྫོད་རྗེ་ལྔ་བརྒྱ་བསང་། །དམག་དཔོན་ཝ་དིང་བཙོན་དུ་བཟུང་། །གཞིས་མནང་དངུལ་མདུང་དཀར་པོ་ཡིན། །གཞི་ཁ་གོང་འོག་དེ་དུས་བརྗེས། །འདི་རང་སའི་བཙན་སར་བབ་ན་གཅེས། །ཕྱི་སར་བབ་ཏུ་མི་རུང་ངོ་། །བག་ལྡིར་བརྒྱག་གསུམ་བྱུང་བ་ན། །རེ་སེ་དིང་དིང་མར་མེར་ཟེར། །འོད་དཀར་ཀླུ་ཡི་ནོར་བུ་བརྒྱག །ཀླུ་རྣམས་ཀུན་གྱི་རྒྱལ་པོ་སྟེ། །སྲིད་པ་ཀླུ་མགོན་དཀར་པོའི་བླ། །ཡང་མྱེས་གསེར་རི་སྡེ་ཆེན་ཡིན། །ཡང་ཕྱི་གཡུ་མཚོ་ཕྱུག་མོ་ཡིན། །མྱེས་པོ་སྟག་ཆ་འལ་འོལ་ཡིན། །ཕྱི་མོ་ཚེམ་པ་ཁྱད་ཁྱུད་ཡིན། །ཕ་ནི་གནམ་གཉན་གསེར་མདོག་ཡིན། །མ་ནི་ཀླུ་གཉན་ཕྱུག་མོ་ཡིན། །ཁོ་རང་དྲོང་མཁན་མུན་རུམ་དཀར་པོ་ཡིན། །རང་སའི་བཙན་སར་བབ་ན་གཅེས། །དགྲ་གཞི་དཀོར་གསུམ་ཀུན་ལ་བཟང་། །ལ་ལས་རེ་སེ་སྦྲ་ཆིང་ཟེར། །རེ་བའི་སྦྲ་ཡི་གུང་ཤིང་ཡིན། །སྦྲ་གུར་རིན་ཆེན་འདྲ་བའི་ངོ་། །བ་ཁོག་ཀླུ་གཡང་མི་ལ་འབབ། །ཕྱི་སར་དགྲ་གྱོད་གཡང་ཉམས་ངོ་། །ལར་གཅིག་གི་སྟེང་དུ་རེ་སེ་ན། །ཀླུ་ཡིས་དངོས་གྲུབ་སྟེར་ངོ་ཡིན། །གཉིས་ཐེའུ་རང་མི་རུ་སྤྲུལ་ནས་གནོད། །གསུམ་ལ་ཀླུ་ཡི་རྩ་དཀར་འཕེལ། །བཞི་ལ་ཀླུ་གཡང་མི་ལ་འབབ། །ལྔ་ལ་བདུད་བཙན་མི་ལ་གནོད། །དྲུག་གཉན་སྲས་སྲུང་མཁྱེན་འཁྲུང་བ་ཡིན། །བདུན་དམུ་སྨན་ལྷ་ཡུལ་གནས་སུ་བདེ། །དགུ་ལ་བོན་པོའི་བླ་རྡོ་ཡིན། །བཅུ་ལ་གནམ་སྨན་བདུད་རྩི་ལོན། །བཅུ་གཅིག་མཐོ་བའི་ལ་རྩེར་སླེབ། །བཟང་དྲག་ཐུར་ལ་གྱུ་དོགས་ཆེ། །བཅུ་གཉིས་སྐྱིད་ཀྱི་རྟ་ཁ་ཐུར་དུ་གྱུ། །བཅུ་གསུམ་མགྱོགས་པ་རི་རྩེར་སླེབ། །དེ་བས་


MR16_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་ཐབས་མེད་པས་ན། །བཟང་དྲག་བཙན་ཕྱུག་འཕེན་དང་གསུམ། །དེ་ནས་མར་ལ་གྱུ་དོགས་ཆེ། །གཡང་འགུགས་ལྷ་གསོལ་བཀྲ་ཤིས་བྱ། །གཡང་གཏའ་བུམ་གཏེར་བཞག་ན་བརྟན། །རེ་སེ་མགྱོགས་པ་རྒྱུག་འདོད་འདི། །རེས་འགའ་འབྲི་མར་སེར་མོ་ཡིན། །ལན་དུ་ལི་ཡན་རྐུན་མོས་འཇིགས། །རེས་འགའ་སྨན་གྱི་རྐྱལ་བ་ཡིན། །ལན་དུ་གླེས་སྨི་མཆུ་ནག་ངན་པས་འཇིགས། །རེས་འགའ་རུས་སྦལ་སེར་པོ་ཡིན། །ལན་དུ་སོད་སོལ་ཁྲ་དུར་བྱས་འཇིགས། །རེས་འགའ་ཟངས་དཀར་འོ་མ་ཡིན། །མེ་འབུད་ཉེས་བྱུང་ན་འཕྱུར་བ་ཡིན། །དེ་བཅུ་གསུམ་སྟེང་གི་རེ་སེ་ཡིན། །འདི་ཕུང་བར་ཝ་རི་ལྡི་བུར་ཡིན། །ཝ་རི་ལྡི་བུར་མདའ་གཞུ་ཅན། །ཁ་ཕོ་ཆེ་ཞིང་རི་རྩིབ་འགྲིམ། །འཐབ་ལ་མི་དགའ་འབྲོས་ལ་དགའ། །ཤོ་མོའི་ཕུབ་ཆུང་རྒྱབ་ལ་ཁུར། །འཇག་མའི་མདུང་ཐུང་ལག་ན་བཟུང་། །སྡར་མ་འབྲོས་པའི་ཝེར་མ་ཡིན། །སྔ་དྲོ་དཔའ་བོ་སྟག་འདྲ་ཡིན། །ཉིན་གུང་མགྱོགས་མ་གྱི་ལིང་འདྲ། །ཕྱི་དྲོ་སྡར་མ་ཝ་འདྲ་ཡིན། །ཁ་ནས་རྒྱོབ་ཅིག་སོང་ཅིག་ཟེར། །མིག་གིས་འབྲོས་ས་གར་ཡོད་བལྟ། །འཁྲུགས་པ་བྱེད་པའི་ཉིན་པར་དེ། །གར་བབ་ས་དེ་ཕམ་པ་ཡིན། །ཆུས་ཤོར་སྲོག་ཤོར་བྱུང་དོགས་ཡོད། །དེ་ཕྱིར་རང་ས་དག་ཏུ་ངན། །ཕྱི་སར་བབ་ན་དགྲ་མེད་ཡིན། །དེ་ཡི་སྐྱམ་ལ་བརྒྱག་གཅིག་བྱུང་། །ཝ་རི་དོག་ཚང་ཁྲ་མོ་ཡིན། །སྨན་གསར་ཟུ་ལེའི་རིང་ལ་བབ། །གཡའ་གྲི་གཟད་བཙན་འདུལ་མི་ཡིན། །དམུ་སྨན་རྣམས་ཀྱི་གྲོལ་ཕུག་ཡིན། །སྲིད་པ་ཕྱྭ་ཡི་ཕོ་ལྷ་ཡིན། །དམུ་དང་གཙུག་གི་ཁ་འཛིན་ཡིན། །ཤེལ་གྱི་སྐར་ཚོམ་ཁྲ་མོ་ཡིན། །ཝ་ལྡི་ཐེའུ་རང་སྐྱ་མོ་ལ། །རྙེད་དཀའ་ལྷ་ཡི་ནོར་བུ་བརྒྱག །དོན་གྲུབ་བཀྲ་ཤིས་གྲོགས་ཀྱི་ངོ་། །རང་སར་མོ་བཟང་ཟས་ནོར་ངོ་། །ཕྱི་ས་བཞི་པོ་


MR16_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གར་བབ་ཀྱང་། །དགྲ་འཕེན་རྐྱེན་མཐེབ་མོ་བདུད་དུ་བརྫུས། །དགྲ་དམག་དང་མདའ་ཁབ་ཀྱེ་ངོ་ཡིན། །སྐྱམ་ལ་གལ་ཏེ་བརྒྱག་གཉིས་སོང་། །དོག་ཙམ་ཁྲ་མོ་ངད་ངོད་ཟེར། །བུ་ཡི་ལྷ་སྤང་ཁྲ་བོ་ལ། །ལྷ་སྨན་ཀླུ་སྨན་བྲོ་གར་བྱེད། །མཚོ་སྨན་མི་ལ་གཉེན་དུ་ཆས། །ཡུལ་དེའི་བུད་མེད་ལུས་རིགས་གཙང་། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །ཁྲི་ཚོ་དམག་གིས་གནང་ཐོབ་ནུས། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །ཆེན་ཕྲུག་བས་ཀྱང་ཆུན་ཕྲུག་རྒོད། །མདུང་ལས་མདའ་མོ་རིང་ངོ་ཡིན། །གཅིག་གི་དོག་ཚང་ཁྲ་མོ་ན། །རིན་ཆེན་གཡུ་ཡི་མཚོ་མོ་ལ། །གསེར་གྱི་རུས་སྦལ་གབ་པས་བཟང་། །གཉིས་ཉིན་གྱི་དྲལ་བཙུན་རྨ་བོ་དང་། །སྲིབ་གྱི་ལྕམ་བཙུན་དོ་མོ་གཉིས། །སྲོད་ལ་ཁ་མཚར་ལེན་ལེན་ནས། །ཐོ་རེངས་སོ་སོར་གྱེས་པ་ཡིན། །ཅི་བཏབ་ཕུགས་སུ་མི་བཟང་ཡང་། །བཙུན་པོ་འཇའ་ཡི་མོ་མདུད་དེ། །བུ་སྲིང་གོང་ཆེ་ཐང་ཡང་ཟེར། །གསུམ་གཡུ་ཡི་ནེའུ་སེང་སྔོན་པོ་ལ། །ཤེའུ་ཆེན་ཤེའུ་ཆུང་གྲལ་འགྲིག་ཡིན། །ཆུང་རྒྱུད་སྐྱེ་འཕེལ་དར་བ་ཡིན། །བཞི་དམུ་སྨན་རྒྱལ་མོ་ཆས་སུ་ཞུགས། །རྒྱན་དང་ཁ་དོག་ལེགས་པོ་ཟེར། །མི་གཡང་ནོར་གཡང་འབབ་པ་ཡིན། །ལྔ་བུ་མོ་རྒྱན་དང་བཅས་པ་དེ། །ཕྱིར་ལ་བློ་ཁ་འཆུས་པ་ཡིན། །གཡང་ཉམས་ངོ་ཡོད་ངན་ན་ཡང་། །བུ་སྲིང་མག་པར་ཤིན་ཏུ་བཟང་། །དྲུག་གཡའ་འབྲུམ་སི་ལི་རྒྱན་དང་བཅས། །བཙན་པོའི་ཁབ་ཏུ་བཞེས་པ་ཡིན། །བདུན་སྟག་མོའི་ལྷུམས་སུ་སྟག་ཕྲུག་ཞུགས། །གསོལ་ཐང་ཆེ་ལ་དཔའ་རྩལ་ལྡན། །པོ་ཐང་པོ་གཡེམ་མོས་བསླུས་ཞེས་པས། །ཕོ་བློ་མོ་ཡི་དབང་དུ་འགྲོ། །བརྒྱད་མོ་སྨན་རྒྱན་དང་བཅས་པ་དེ། །ཞིམ་མངར་བཅུད་ལྡན་ཟས་དང་འཕྲད། །དགུ་ཕྱ་ལྕམ་སྲིད་ཀྱི་ཀ་བ་དེ། །ཐེའུ་རང་སྤུན་དགུས་བརྐུས་པ་ཡིན། །བཅུ་ཕྱྭ་ལྕམ་ལྷ་ཁྱིམ་ནོར་གྱིས་གང་། །ཕྱྭ་ལྕམ་འཇའ་གུར་


MR16_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་གོས་གྱོན། །ཅི་ལ་བཏབ་ཀྱང་བཟང་བ་ལ། །སྨན་རིགས་བཟང་ནད་པའི་མོ་ལ་ངན། །མཁའ་འགྲོས་སུན་མ་བྱས་ནས་སུ། །མཁའ་སྦྱོད་གནས་སུ་འབྱོན་དོགས་ཡོད། །བཅུ་གཅིག་དགྲ་བླ་མོ་ཆས་བྱས། །སྐྱེས་དར་མ་གཡང་མོའི་རུམ་དུ་ཞུགས། །ཁྱིམ་དུ་ཟ་ཐང་ཆེ་ན་ཡང་། །ཕྱིས་སུ་སྡར་སྐད་ཤོར་དོགས་ཡོད། །བཅུ་གཉིས་དགྲ་ཡི་བུ་མོ་ལ། །ཟུན་གྱི་བུ་ཕོས་ཆགས་པ་སྤྱད། །རྔན་ལ་འཁོར་གསུམ་བྱིན་པ་ཡིན། །བྱང་སྨན་རྒྱལ་མོ་དུར་དུ་འདས། །བཅུ་གསུམ་བག་མ་ཁྲ་མོ་དེས། །ཕོ་བརྒྱའི་བློ་སེམས་མར་ལྟར་བཞུས། །སླུ་མོས་ཚ་བོའི་ཡིད་འཕྲོག་ནས། །སྲུ་མཚན་བློ་སེམས་གཅིག་ཏུ་འདྲེས། །བུད་མེད་དབང་ཆེན་འབྱུང་ངོ་ཡིན། །ཀྱེ་བ་བག་ཕོག་ལྡི་བུར་འདི། །ཀྱེ་པ་རྣམས་ཀྱི་ཧོར་དེ་ཡིན། །ཕྱྭ་ཡི་འགར་བས་བརྡུང་བ་ཡི། །དགྲ་སྲོག་གཅོད་པའི་རལ་གྲི་ཡིན། །ལྔ་དང་བཅུ་གཉིས་གར་བབ་ཀྱང་། །ལན་ལད་ན་ཧོར་སོགས་དགྲ་ངོ་ཡིན། །གཉིས་ལ་ནལ་མ་མཆི་ངོ་ཡིན། །གསུམ་ལ་དབྱར་ལ་བེའུ་མེད། །བཅུ་གཅིག་བུ་ཚས་དཔའ་ལས་བྱེད། །བཅུ་གསུམ་ཡ་རབ་སྐྱིད་པ་ཡིན། །འདིས་དམུ་ལེ་ཟུར་གསུམ་ལྡི་བུར་རམ། །དུན་གྱི་གཡུང་དྲུང་ལྡི་བུར་ཟེར། །ཕྱི་ན་ར་སེལ་ལེགས་པ་ཡིན། །རྣོ་བ་ཆུ་གྲི་དར་མ་ཡིན། །སྨོན་པའི་ལྕགས་ཁྲ་གཤོག་ནག་ཡིན། །བཅུ་གཅིག་ཡ་རབ་དགུང་དུ་རེག །ནད་པ་ཡོད་ན་ཇེ་ཐུ་ཡིན། །ནོར་ཆ་བརྒྱད་ཀྱི་སྟེང་དུ་བཟང་། །གཡང་གི་རྐང་གྲངས་ཚུགས་པ་ཡིན། །དེ་ལྟར་རྣོ་མཚོན་འདྲ་བ་ཡི། །ལྡི་བུར་ཉི་ཤུ་རྩ་ལྔ་པོ། །བརྒྱག་མེད་རྩ་བའི་མདུད་པ་ཡིན། །ད་ལྡི་བུར་ལན་གྱི་བཤད་པ་ལ། །ལན་ལད་ན་བྱེས་སུ་རྣོ་མཚོན་འཆོར། །གཞི་ལ་བུ་ཚའི་གྱོད་ངོ་ཡིན། །སྐྱམ་དང་བྱ་རལ་སེ་སྟོད་དེ། །འདི་གསུམ་ལྡི་བུར་བདུད་གཅོད་ཡིན། །སྐྱེར་ནག་


MR16_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ཁད་ལི་ཡན་གསུམ། །ལྡི་བུར་གྱི་ནི་ཚེ་ཟད་ཡིན། །སོ་ཡོན་སྤོ་བར་ཏྲོང་རིགས་ཏེ། །འདི་གསུམ་ལྡི་བུར་ལྟག་བདུད་ཡིན། །དིང་དིང་གལ་བར་སྐྱེར་དང་གསུམ། །ལྡི་བུར་གྱི་ནི་འཕེལ་ཁ་ཡིན། །ཝ་ཚོ་ཙེ་ར་མུ་དག་སྟེ། །འདི་གསུམ་ལྡི་བུར་འཐེན་ཐག་ཡིན། །དཀར་ཐོག་རྩེ་མ་བུར་བརྒྱག་གསུམ། །ལྡི་བུར་གྱི་ནི་སྲོག་འཛིན་ཡིན། །ལར་ལྡི་བུར་ལེན་དུ་དིང་དིང་ན། །དུང་ཁྲ་གནམ་དུ་འཕུར་བ་ཡིན། །དིང་ནོག་ཁྲ་རྒན་རྒྱ་ལ་འཐུམ། །སྐྱིན་དིང་རྐང་གཉིས་ས་ལ་བརྟེན། །གལ་བར་སྤུན་གཉིས་གནས་མལ་བདེ། །བྱ་ཡུན་རལ་གྲིར་སྙིང་འཛེར་བསྡམ། །བྱ་བུར་ཡ་ཙ་འོད་མདངས་རྒྱས། །མུ་ས་སྐྱེས་བུ་དཔའ་རྩལ་རྒྱས། །སྤོ་ཚེ་རལ་གྲི་རྒྱན་དང་ལྡན། །དམུ་དག་རྣོ་མཚོན་དཔའ་ལུང་འཛོམ། །སྒྱེར་དཀར་རལ་གྲི་ཤུབ་ཏུ་བཅུག །ཚོལ་ཚེ་གྲི་རྣོན་ཤ་དང་འཕྲད། །ཁྱུང་བརྒྱད་དུང་ཁྲ་ཁྱུང་ལྟར་ལྡིང་། །ཨ་ཁད་ལྕགས་ལ་མེ་འོད་འཕྲོ། །རང་སྙན་རྣོ་མཚོན་ངར་དང་ལྡན། །སྲང་ཟེ་ཁྲ་རྒོད་འབྲུག་ལྟར་སྒྲོགས། །འགྲོ་ན་ཁྲ་རྒོད་སྙི་ལ་འཐོག །ལན་དུ་བྱོད་ཕུར་བབ་པ་ན། །ལྡི་བུར་ཁ་འོད་གཞའ་ཕྲད་བཟང་། །མི་གཅིག་མི་གཉིས་རེད་པ་ཡིན། །ནག་ཐོག་ལྡི་བུར་ར་ཡ་བུད། །ལྡི་བུར་རྣོན་པོ་སོ་བསྒྲིག་ཡིན། །ཆུ་སྤར་རོ་འཛིན་ལག་པ་བརྫིས། །ཇག་པ་མིན་པ་ཀུན་ལ་ངན། །ཡར་ལྡིང་མཚོན་ཆ་གདིང་ལ་མཐོ། །སུམ་མཉམ་རལ་གྲི་སྐེད་ལ་བསྐོར། །རྩེ་ར་རྣོ་མཚོན་སོ་བརྡར་བྱས། །ལྡི་བུར་རྣོ་མཚོན་ཉེར་ལྔ་དེ། །ཤུགས་ཆེན་གོང་ལ་གསོར་བ་ནི། །ལན་དུ་ལི་བྱིན་དན་ཆུང་ཡིན། །གཡུང་དྲུང་གོ་མཚོན་ར་བ་བརྟེན། །ཀྱེ་བ་རྣོ་མཚོན་མི་ལ་འཛོམས། །ད་རོག་མཚོན་ལ་གསེར་རྩི་རྒྱས། །དམུ་དབལ་མཚོན་ཆ་དགྲ་ལ་ཐེབ། །སྐྱམ་སྔོན་ལོང་བས་གླང་རྔ་ཤོར། །བྱ་རལ་ཡུལ་མཁར་དགྲ་ལ་ཤོར། །དེ་ཡང་ནད་པའི་མོ་ལ་བཟང་། །ལྷ་འདྲེ་ཟ་འདོད་ཁ་དེ་རལ། །ལི་ཡན་རྣོ་


MR16_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་སྙིང་འཛེར་བུད། །ཤག་ལེ་འབྲོང་གི་རུ་ལ་ཕོག །མར་ལྡིང་རལ་གྲིའི་སྙིང་འཛེར་བུད། །སྤོ་བར་འབྲོང་སྐྲོག་ཁྱུ་ནས་ཡར། །སོ་ཡོན་ཕ་རྒས་བུ་ཤི་ཡིན། །རུ་སོད་རུ་ལྡི་གདོང་ཐུག་ངན། །མ་ཟེ་རྣོན་མཚོན་བཙའ་ཡིས་ཟིན། །ན་འབན་མཚོན་ཆ་རྐེང་ནས་ཆག །སྐྱེར་དཀར་སྐྱེར་ལ་ཕྲུ་གུ་འཇུས། །སྐྱེར་གྱི་ཡར་ལ་དིང་མོ་གལ། །ད་ལྟ་ཡར་ལྡིང་ཞེས་སུ་འབོད། །སྲིད་པ་གཉན་རྗེ་གོང་སྔོན་ཡིན། །གནམ་ས་གཉིས་ཀྱི་ཀ་བ་ཡིན། །ཤིང་སྐྱེས་ཡར་ལ་སྐྱེས་པ་ཡིན། །མེ་འབར་ཡར་ལ་འབར་བ་ཡིན། །བྱ་འཕུར་ཡར་ལ་འཕུར་བ་ཡིན། །འབྱུང་བ་རྣམས་ཀྱི་དྭངས་མ་ཡིན། །ཡ་རབ་ཡར་འགྲོའི་བླ་མདུད་ཡིན། །ཁ་ནས་གཏམ་སྙན་ཤ་ར་ར། །མགོ་ལ་སྟག་འཕྲུ་ཤིག་གེ་ཤིག །ལུས་ལ་བཀྲག་མདངས་མེ་རེ་རེ། །སེམས་ལ་སྐྱིད་དགའ་ཁོ་རོ་རོ། །ཕོ་ཡ་རབ་བུ་ལ་ནོར་བ་མེད། །གར་བབ་བཟང་གི་སྣ་འདྲེན་ཡིན། །དེ་ཡི་མཁར་རྩེ་གཡས་པ་བརྒྱག །གཉན་ཤིང་ལོ་འདབ་རྒྱས་པ་ཡིན། །མ་དང་སྲུ་མོ་ཚེ་རིང་ཡིན། །དེ་འོག་གཉིས་པར་བརྒྱག་སོང་ན། །མ་དང་བུ་རུ་མཛེས་མ་ཡིན། །སྒོ་བརྒྱག་སེང་གེ་གངས་ལ་ཤ། བུ་ལ་བརྒྱག་གཅིག་བྱུང་བ་ན། །ཡར་ལྡིང་དཔའ་བོ་སྟག་འཕྲུ་ཡིན། །དཔའ་བོའི་སྟག་འཕྲུ་དགུང་དུ་ཚུགས། །སེང་གེའི་ཕྲུ་གུ་ཚར་བ་ཡིན། །འདི་ཡར་དིང་གཉན་ཤིང་རྩ་རྒྱལ་ཡིན། །སྨོན་སྲས་འཕྲུལ་བུའི་བླ་མདུད་ཡིན། །གལ་ཏེ་སྐྱེར་ལ་བརྒྱག་གཉིས་བྱུང་། །ཡར་ལྡིང་དགུང་ལ་ཡང་ཐོག་བརྒྱབ། །སེང་གེ་འདྲ་བའི་མེ་སོད་ནས། །སེང་ཕྲུག་འདྲ་བའི་རྟ་ཕོ་ཐོབ། །རང་སེར་བཟང་ལ་ཕྱི་སར་ངན། །ལར་གཅིག་གི་སྟེང་དུ་ཡར་ལྡིང་ན། །རི་རྒྱལ་སྤོས་རི་ངད་ལྡན་ཡིན། །བརྒྱག་བཟང་གསེར་གྱི་ཀ་བ་ཚུགས། །གཉིས་ཁྱི་


MR16_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བོའི་རྔ་མ་གྱེན་དུ་བསླང་། །མཚུན་སེང་གེའི་གཡུ་རལ་ཐུར་དུ་གུག །རྗེ་ཁ་བློན་གྱིས་བསྒྱུར་བ་ཡིན། །བརྒྱག་ངན་སྙིང་འདྲའི་མི་ལ་ངན། །གསུམ་རྒྱལ་པོའི་བ་ཁོག་དང་པོ་དེར། །རིན་ཆེན་གཡུ་ཡི་ཀ་བ་ཚུགས། །བརྒྱག་བཟང་ཆུང་རྒྱུད་མི་མཐའ་དར། །བཞི་མཐའ་ཡི་རྒྱ་མཚོའི་ལྟེ་བ་དེར། །ནོར་བུ་གཟི་འབར་ཀ་བ་ཚུགས། །བརྒྱག་བཟང་མོ་སྐམ་བུ་སྐྱེ་ངོ་། །ལྔ་བྲག་དམར་རྩ་བར་དཔའ་མཁར་བརྩིགས། །རྫུ་འཕྲུལ་ལྟ་བུ་ངམ་ནས་ཐར། །བརྒྱག་ན་འཁྲུགས་རྩོད་ཆེན་པོ་འོང་། །དྲུག་པ་བཙུན་འཕྲུལ་མོའི་བ་ཁོག་དེར། །ཁྱུང་ལུང་དངུལ་མཁར་ཀ་བ་ཚུགས། །བརྒྱག་ན་འབྲིང་རྒྱུད་མི་མཐའ་དར། །བདུན་གཡའ་སྤང་སྐྱེས་གཅིག་ཀ་བ་ཚུགས། །མ་སང་སྤུན་དགུ་གནས་མལ་བདེ། །བརྒྱག་ན་མཁའ་ལ་བ་གམ་ཐོགས། །སྟག་ཤར་དགྲ་ལ་དཔའ་བའི་མདུད་པ་ཡིན། །བརྒྱད་རི་རབ་ལྷུན་པོའི་སྲོག་ཤིང་ཚུགས། །ཕ་ཚན་རྒྱལ་རབས་གསེར་རྨོག་ཡིན། །བརྒྱག་ན་བཙན་ཕྱུག་འཕན་གསུམ་འཛོམས། །དགུ་ཡེ་ངམ་གཉིས་ཀྱི་གཟུ་བོ་ཡིན། །བརྒྱག་བཅས་རྗེ་ས་བྲན་གྱིས་འཛིན། །བཅུ་ཡེ་སྨོན་རྒྱལ་མོའི་བ་ཁོག་དེར། །རིན་ཆེན་གསེར་གྱི་ཀ་བ་ཚུགས། །ཆེ་རྒྱུད་མི་དར་ཆུ་འབྲུབ་ཡིན། །བརྒྱག་བཟང་སེང་གེའི་འོ་མ་གསེར་ཟོར་བླུག །ཡེ་སྨོན་གཟི་མདངས་རྒྱས་པ་ཡིན། །བཅུ་གཅིག་དགྲ་བླའི་དཔའ་མཁར་ཀ་བ་ཚུགས། །བརྒྱག་གཅིག་མཁར་ལ་དཔའ་དར་ཚུགས། །བཅུ་གཉིས་གཉན་རྒན་ཡི་ཆད་མི་ཡུལ་བསྙགས། །བརྒྱག་ན་ལྷ་བུ་དམ་གྱིས་བརྐུས། །བཅུ་གསུམ་བཅོ་ལྔའི་ཉ་ཆེན་རྒྱས། །བརྒྱག་བཟང་འོད་བཟང་ཕྱོགས་བརྒྱར་གསལ། །ཧ་ཅང་བཟང་དྲག་ཐུབ་དཀའ་བས། །གཡང་གཏའ་བསྡམ་ཞིང་བཀྲ་ཤིས་བརྗོད། །དུན་དུན་ནད་པ་འཆི་ངོ་ཡིན། །དེ་ནས་ལན་གྱི་དཔྱད་པ་ལ། །ཡར་དིང་མོ་ཡི་དངས་མ་ཡིན། །འདི་ལ་


MR16_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་མིག་དགུ་ཙམ་ཡོད། །སྐྱམ་དང་བྱ་རལ་སེ་སྟོད་དང་། །ཏྲོང་དང་སོ་ཡོན་ལི་ཡན་དང་། །སྤོ་བར་གསེར་བྱ་མར་ལྡིང་དགུ། །འབྱུང་བའི་སྙིགས་མ་དེ་དགུ་ངན། །ཀ་བ་ཚུགས་འགྱེལ་བདུན་ཙམ་ཡོད། །གཅིག་ལ་ཡར་ལྡིང་གཉིས་མར་ལྡིང་། །ས་བདག་ཀ་བ་ཚུགས་པ་ཡིན། །གསུམ་ལ་མར་ལྡིང་བཞི་ཡར་ལྡིང་། །ཀླུ་ཡི་ཀ་བ་ཚུགས་པ་ཡིན། །དྲུག་ལ་མར་ལྡིང་བདུན་ཡར་ལྡིང་། །གྲོང་གི་ཀ་བ་ཚུགས་པ་ཡིན། །བདུན་ལ་མར་ལྡིང་བརྒྱད་ཡར་ལྡིང་། །མི་གྲངས་ཀ་བ་ཚུགས་པ་ཡིན། །བརྒྱད་ལ་ཡར་དིང་དགུ་མར་དིང་། །གཉན་གྱི་ཀ་བ་ཚུགས་པ་ཡིན། །བཅུ་ལ་མར་ལྡིང་བཅུ་གཅིག་ཡར་དིང་ན། །དགྲ་བླའི་ཀ་བ་ཚུགས་པ་ཡིན། །བཅུ་གཉིས་སྟེང་དུ་མར་ལྡིང་དང་། །བཅུ་གསུམ་སྟེང་དུ་ཡར་ལྡིང་ན། །མཚུན་གྱི་ཀ་བ་ཚུགས་པ་ཡིན། །གོ་བཟློག་བྱུང་ན་ཀ་བ་འགྱེལ། །མདོར་ན་མར་ལྡིང་ཕྱི་སར་བབ། །ཡར་ལྡིང་རང་སར་བབ་པ་དང་། །རང་སར་མར་ལྡིང་བབ་ན་ཡང་། །ཡར་ལྡིང་ལན་དུ་བབ་ན་བཟང་། །ཡར་ལྡིང་མཐོ་སར་འཕུར་ན་བཟང་། །མར་ལྡིང་དམའ་སར་འཛུལ་ན་བཟང་། །ཡར་དིང་ལན་དུ་དིང་དིང་ན། །ལྗོན་ཤིང་རྩེ་མོ་དགུང་ལ་སྙེགས། །སྐྱིན་དིང་ཀ་མགོ་རྡོ་ཡིས་མནན། །བྱ་ཡུན་ཝེར་མའི་དར་འཕྲུ་ཡིན། །བག་བྱ་རྨོག་ལ་དར་འཕྲུ་ཚུགས། །བྱ་བུར་ཤིང་རྩེར་ལྷ་བྱ་བབས། །མུ་ས་ཀ་བ་ཀ་ཞུ་འཛོམས། །ཝ་ཚོ་སྲོག་གི་ཀ་བ་བརྟན། །སྤོ་ཚེ་ཁང་བཟང་ཀ་བས་ཐེག །དམུ་དག་དགྲ་བླའི་གོ་མཚོན་གསེར་སྐུ་དབྲ། །སྐྱེར་དཀར་ཀ་བ་ཀ་གདན་འཕྲད། །ཚོལ་ཚེ་ཁྲབ་ཅན་དུམ་བུ་གསུམ་དུ་སོང་། །ཁྱུང་བརྒྱར་ཤིང་རྩེར་ཁུ་བྱུག་གྲགས། །ཨ་ཁད་སྟག་འཕྲུ་མེ་ཡིས་ཚིག །རང་སྙན་ཤིང་ལ་ལོ་འདབ་འཁྲུངས། །སྲང་ཟེ་ཝེར་མའི་དར་འཕྲུ་ལྷུང་། །བྱོད་ཕུར་རྨོག་ལ་ཁྱུང་ཐོར་ཆགས། །སེ་སྟོད་


MR16_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་འཕྲུ་ཁྲག་ལ་ནུབ། །ལྡི་བུར་སྟག་འཕྲུ་ཁོལ་དུ་བུད། །སུམ་མཉམ་ཁྲབ་ཀྱི་རྒྱུན་ཐག་ལྷོད། །ཙེ་ར་ལྗོན་ཤིང་རྩེ་རྒྱལ་འཁྲུངས། །གཡུང་དྲུང་ཀ་བ་མི་གཡོ་བརྟན། །ཀྱེ་བ་མི་རྒྱུད་ཡར་ལ་དར། །ད་རོག་ཕྱུགས་ཀྱི་འཕེལ་ཤིང་རྒྱས། །དམུ་དབལ་གཤེན་རབ་ཐར་ལམ་བསྙེགས། །སྐྱམ་རིགས་སྟག་འཕྲུ་འཕང་གིས་བསྒྲིལ། །བྱ་རལ་སྟག་འཕྲུ་རྐེད་དུ་ཆག །ལི་ཡན་སྟག་འཕྲུ་རླུང་གིས་གཏོར། །མར་ལྡིང་རྒྱལ་པོའི་གདན་ས་ཤོར། །མོ་བརྒྱ་ངུས་པའི་མཆི་མ་ཡིན། །རི་རབ་མགོ་མཇུག་ལོག་པ་ཡིན། །དུང་སེང་གཡུ་རལ་ཐུར་དུ་གྱུ། །ཁྱི་ནག་རྔ་མ་གྱེན་དུ་འཁྱིལ། །ཕ་ཁྱིམ་གཡོག་གིས་བཟུང་དོགས་ཡོད། །ཅི་ལ་བཏབ་ཀྱང་ངན་པ་ལ། །དོང་ནང་ཡོད་པའི་བཙོན་ལ་བཟང་། །ས་འོག་མི་ཆུང་ལ་ཁར་ཐོན། །གྱོས་པོས་མནའ་མ་འཇོག་ན་བཟང་། །གོ་ལོག་བྱ་བའི་རིགས་དང་ནི། །རབ་བྱུང་བྱེད་དང་ལྷ་ཁང་ལ། །གསེར་འཕྲུ་བཙུགས་པ་མ་གཏོགས་ངན། །སྤོ་བར་ཀ་གདན་མཐའ་ནས་རུལ། །སོ་ཡོན་ཡུག་སྲི་མཛེ་ཡི་ཕོག་མིག་ལྟ། །མ་ཟེ་ཀ་བ་མེ་ཡིས་ཚིག །ན་འབན་ཀ་བ་རྐེད་ནས་ཆག །ཏྲོང་རིགས་ལྗོན་ཤིང་སྲིན་པོས་བཅད། །བྲག་ནག་ཤིང་སྡོང་རྩ་བ་རུལ། །སྤོ་ལས་སྐྱམ་གཉིས་སོ་སོར་ལྷུང་། །སྐྱམ་ཀྱི་ནང་ནས་སུམ་མཉམ་ཡིན། །སུམ་མཉམ་རི་སྤྱང་རྒྱུག་འདུར་ཅན། །དགྲ་བླ་ལྕགས་སྤྱང་སྔོན་མོ་ཡིན། །སྔོན་ལྷ་བུ་དབུ་དཀར་རིང་ལ་བབ། །སྨོན་པ་ཚང་ལ་བུ་གསུམ་ཡོད། །ཆེ་བ་ཆེ་གསུམ་ཧོར་དྲུག་ཡིན། །དུང་ཁྱུང་གསུམ་གྱི་ཆེ་བ་ཡིན། །བརྒྱད་དང་བཅུ་གཅིག་གར་བབ་ཀྱང་། །དེ་ཡི་ཕྱི་སར་ངན་སྙིགས་བབ། །དགྲ་ལ་མདའ་ཕྱུད་མི་དགོས་ཐུང་། །འབྲིང་བ་ཙ་ཝང་ཙུ་ཝང་ཡིན། །དུང་ཁྱུང་གསུམ་གྱི་འབྲིང་པོ་ཡིན། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །ཟུན་རི་བོང་གིས་དགྲ་ཡི་


MR16_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་བསླུས། །མི་སོད་ནོར་ཐོབ་གཉིས་ཀ་ནུས། །ཆུང་བ་རི་ཁྱི་སྔོན་མོ་ཡིན། །མགྱོགས་པ་བརྒྱ་ཡི་དར་ཐོགས་ཡིན། །ངར་མ་བརྒྱ་ཡི་མཆེ་སྡེར་ཡིན། །བྲོས་ཡུན་ཅན་གྱི་ཝེར་མ་ཡིན། །ལན་དུ་འཇང་ཁྱི་སྔོན་མོ་འཇིགས། །སྐྱམ་སུམ་མཉམ་མི་ཡི་ལམ་ཡིན་ལ། །ནད་པའི་དབུགས་ཀྱི་རྫིའུ་ཡིན། །རོལ་མཚོ་ཆུ་བོའི་བླ་མདུད་ཡིན། །ཅི་ལ་བཏབ་ཀྱང་རང་སར་བཟང་། །འདི་ཡི་སྐྱམ་གཅིག་བརྒྱག་པ་ན། །སུམ་མཉམ་གླག་མོ་མཁལ་དཀར་ཟེར། །སྐྱམ་གཉིས་བརྒྱག་ཁ་བྱུང་བ་ན། །སུམ་མཉམ་དུད་སྦྱང་དཀར་མོ་ཟེར། །དུང་སྦྱང་དངུལ་གྱི་ཚོམ་བུ་ཅན། །ཡང་དག་དགྲ་བླའི་ལྷ་ངོ་ཡིན། །གསུམ་ཀ་ལྷན་ཅིག་བརྒྱག་གྱུར་ན། །སུམ་མཉམ་སེའུ་སྡེར་ཆེན་ཟེར། །དཔའ་བོ་དམག་གི་དགྲ་བླ་ཡིན། །སྒོ་བརྒྱག་མི་ནོར་ཀུན་ལ་ངན། །ལར་གཅིག་གི་སྟེང་གི་སུམ་མཉམ་ན། །ཚ་ཞང་མེས་གསུམ་བླ་གནས་ཡིན། །ཕར་འགྲོ་དང་ནི་ཁྱད་པར་དུ། །ཚུར་འོང་དག་གི་ལམ་ངོ་ཡིན། །རི་སྤྱང་རྒྱུག་འདུར་མགྱོགས་ངོ་ཡིན། །བརྒྱག་ན་ཚ་ཞང་མེས་གསུམ་ཡུལ་གསུམ་ཟིན། །གཉིས་གཤེན་གྱི་ཟ་ལམ་ཐུར་ཟུག་ཡིན། །བརྒྱག་ན་ཟ་ལམ་དོད་པས་ངན། །གསུམ་ལུང་གསུམ་མདོ་ཡི་སྤྱང་སྔོན་ཡིན། །མ་ལ་བྱི་ཕྲུག་སྐྱེ་ངོ་ཡིན། །བརྒྱག་ན་སྔོན་པོ་ཁལ་ཁུར་ཐོབ། །བཞི་མེད་ལུང་རལ་གསུམ་ཡིན་པས་ངན། །གཡང་ཉམས་པས་ཀླུ་གཡང་བུམ་གཏེར་གཞུག །བརྒྱག་ན་མེད་ལུང་ཡོད་ཀྱིས་གང་། །ལྔ་རྐུན་མོ་མི་ལྔའི་ལག་པ་བརྐྱང་། །བརྒྱག་ན་རྐུན་ལག་ནོར་ཤོར་ངན། །དྲུག་བཟའ་ཚང་གསུམ་གྱི་བླ་གནས་ཡིན། །བཟའ་ཚོ་མང་ན་བྱེ་བྲལ་གྱི། །ངོ་ཅུང་ཟད་ཡོད་པར་བཤད་པ་ཡོད། །བརྒྱག་ན་སྒོ་ཕུག་ནོར་གྱིས་གང་། །བདུན་ཕ་སྤུན་ཉེ་བའི་བླ་གནས་དར། །


MR16_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་ན་ཕ་སྤུན་དགྲ་ལ་དཔའ། །བརྒྱད་བུ་རྟ་གཉན་གསུམ་བླ་གནས་ཡིན། །བརྒྱག་ན་སྲིད་པའི་བླ་གནས་དར། །སྒོ་བརྒྱག་མི་ཆེན་ཡུལ་སྲིད་འཆོར། །དགུ་ངམ་གྱི་ལྕགས་སྤྱང་མགོ་དགུ་ཡིན། །བརྒྱག་ན་ལྕགས་སྤྱང་གཟན་ཆས་ངན། །བཅུ་གཉན་ཞིང་རོལ་གསུམ་རྨོ་ལས་བཟང་། བརྒྱག་ན་ཞིང་ལ་འབྲས་དྲུག་སྨིན། །བཅུ་གཅིག་སྨོན་པའི་དུང་སྤྱང་ཡིན། །བརྒྱག་ན་དུང་སྤྱང་རང་ཡུལ་འཁོར། །བཅུ་གཉིས་ཧོར་རྐུན་བླ་གནས་དར། །བརྒྱག་ན་ཧོར་ཇག་བྱང་ནས་འཆོར། །བཅུ་གསུམ་རྒྱལ་པོ་མཆེད་གསུམ་ལག་པ་སྦྲེལ། །མི་རྟ་ལྷ་གསུམ་འཛོམས་པ་ཡིན། །བརྒྱག་ན་ལུང་པ་གསུམ་དུ་ནི། །དུས་གཅིག་དམག་རྟ་ཤ་གསུམ་རྒྱུག །བཟང་དྲག་ཐུབ་པར་ཤིན་ཏུ་དཀའ། །གཡང་ལེན་ལྷ་གསོལ་ཡག་ཁ་བརྗོད། །མགྲོན་པོ་ལ་ནི་ཤིན་ཏུ་བཟང་། །དུང་སྤྱང་མགྲོན་ཡག་ཁྱིམ་དུ་སླེབས། །སུམ་མཉམ་སྤོ་དེ་ཏྲོང་དུ་སོང་། །ཏྲོང་གསུམ་མཉམ་འདྲེ་ལམ་ནག་པོ་ཡིན། །ལྕགས་སྤྱང་སྤུན་གསུམ་ཆུང་བ་ཡིན། །རང་སར་ཅི་ལ་བཏབ་ཀྱང་ངན། །འདི་ཡི་སྐྱིར་གཅིག་བརྒྱག་པ་ན། །ཏྲོང་སུམ་སྨུག་ཐོག་བརྒྱག་ཅེས་བྱ། །ཡང་ན་ཏྲོང་སུམ་མཉམ་གླག་མོ་མཁལ་དཀར་ཟེར། །དུང་ཁྱུང་ཀླུ་དཔའ་ཐབ་པ་ལས། །ཀླུ་ཡི་ནོར་བུ་གཟི་འབར་ཐོབ། །སྐྱེར་གཉིས་བརྒྱག་ན་ཏྲོང་སུམ་མཉམ། །ཟངས་སྤྱང་གསེར་གྱི་ཚོམ་ཅན་ཟེར། །དགྲ་གཞི་ཀུན་ལ་རང་སར་བཟང་། །སུམ་མཉམ་སྐྱེར་གཅིག་སད་དུ་སོང་། །སད་སུམ་མཉམ་ལྷ་ལམ་དཀར་མོ་ཟེར། །ལྕགས་སྤྱང་སྤུན་གསུམ་ཆེ་བ་ཡིན། །ཡང་ན་སྤོལ་རིང་སད་སྐྱམ་ཟེར། །འགྲུལ་བ་ལམ་ཞུགས་མྱུར་དུ་སླེབ། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །འདི་ཡི་སྐྱམ་ལ་བརྒྱག་གཅིག་སོང་། །དུང་སྤྱང་གཡུ་ཡི་ཚོམ་ཅན་ཡིན། །རང་སའི་


MR16_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ས་གར་བབ་ཀྱང་། །བུ་སྐྱེ་མི་ནོར་གཉིས་ཀ་དར། །ཕྱི་སར་ཤོར་ནས་ལན་ལ་ངན། །མི་ཤི་ནོར་ཟད་གཉིས་ཀ་ནུས། །སྐྱེད་ལ་བརྒྱག་གཉིས་སོང་བ་ན། །སད་སུམ་དུང་སྤྱང་དཀར་མོ་ལ། །བདུད་རྩི་འོ་མའི་ཆུ་རྒྱུན་བརྒྱབ། །རྨང་ཕོ་གསུམ་གྱི་མི་འཕེལ་ཞིང་། །དབུལ་པོ་གསུམ་གྱི་ནོར་གཡང་ཁུག །ཤལ་ཆེན་དམག་གི་མོ་འདེབས་ན། །བཅུ་གཅིག་བཅུ་གསུམ་སྟེང་དུ་གཅེས། །ཁྲི་ཚོ་གསུམ་གྱི་དམག་ལེགས་ནས། །འབུམ་ཚོ་གསུམ་གྱི་གནང་ཐོབ་ནུས། །ཕྱི་ས་བཞི་ལ་འདི་བབ་ནས། །རང་སར་སྤོ་བྲག་སོ་བྲག་ན། །ཕོ་ལྷའི་དུང་སྤྱང་གལ་ལ་ཟིན། །སྡེ་ཆེན་ཆུས་ཕྱར་བཏབ་ན་ངན། །སྤྱང་མོ་འདྲ་བའི་རྟ་ཤི་ནས། །འཇའ་ཚོན་འདྲ་བའི་སྒ་ཆག་ཡིན། །ངག་པ་སྟོང་ལོག་སྟོང་རྒྱུག་ཡིན། །སྤོ་རིང་སད་སྐྱམ་འདི་ཡི་ལན། །སྤོ་བར་སྒོ་བརྒྱག་རྒྱལ་གྱི་འདུ་ཁྲོམ་ཞིག །བྱ་རལ་རྒྱལ་པོའི་སྤྲང་ལུས་བླང་། །སྐྱམ་ནག་སེ་སྟོད་དམེ་ཡི་གྱོད་རྡོ་བབ། །མ་ཟེ་ལེའུའི་དམོད་མོ་ལོག །ཚོལ་ཚེ་བུ་བརྒྱག་རྒྱལ་པོའི་རྒྱལ་སྲིད་ཟིན། །སྐྱམ་བརྒྱག་རྒྱལ་བུ་གནངས་དང་འཕྲད། །རང་སའི་བཙན་སར་འདི་བབ་ནས། །ཕྱི་སར་སེ་སྟོད་གཉན་ནོར་ཐོབ། །གཅིག་ལ་འདི་བབ་བཅུ་གཅིག་ལ། །ཨ་ཁད་རྩེ་མ་བབ་པ་ན། །སྟོང་དཔོན་དགྲ་ལྷར་བཅོས་པ་ཡིན། །སད་གསུམ་སྒོ་ལ་བརྒྱག་སོང་ན། །དུང་སྤྱང་རྔམ་པ་ཁ་འཐམ་ཡིན། །ཟ་འདོད་ཁ་ལ་མི་འོང་མོ། །ཅི་བཏབ་ཅི་ལ་ངན་ན་ཡང་། །ལྷག་པར་རྟ་ཕྱྭ་འདེབས་ན་ངན། །རྟ་ཤི་སྒ་ཆག་འབྱུང་ངོ་ཡིན། །ཇག་པ་སྟོང་ལེན་སྟོང་རྒྱུག་ཡིན། །སྐྱམ་གཉིས་སད་དུ་གྱུར་པ་ན། །སད་ཀྱི་ཛ་ཝང་ཛུ་ཝང་ཡིན། །དུང་ཁྱུང་གསུམ་གྱི་འབྲིང་བ་ཡིན། །དགྲ་བླ་དུང་མི་དུང་རྟ་ཡིན། །ཁྱད་པར་ཅན་གྱི་དགྲ་བླ་དེ། །དཔའ་རྩལ་ཅན་གྱི་མི་ལ་འགོ ། མཐུ་དབུང་རྒྱབ་བརྟེན་གཉིས་ཀ་ནུས། །འབྲིང་བ་དོམ་མགོ་གླང་


MR16_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཡིན། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །ཤེལ་གྱི་བྲག་དཀར་གནམ་རྫོང་དེར། །དུང་ཁྱུང་ཤ་ཟན་ཚང་ནས་ཆས། །ཁྱུང་ལས་དྲས་པའི་མི་སོད་ནས། །རྟ་རྐྱང་ཁྲ་འདྲེས་པ་ཁྱུ་གསུམ་ཐོབ། །རྐྱང་ཁྲ་གཟུགས་བཞི་དཀར་པོ་དེ། །མོ་མ་ང་ཡི་མོ་ཡོན་བྱེད། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་སྐྱེ་མི་ནོར་འཕེལ་ངོ་ཡིན། །ནོར་ཕྱ་བཏབ་ན་ནོར་འཕེལ་ཡིན། །ཚབ་ཆེན་ནད་པའི་མོ་ལ་ངན། །ནད་པར་ཕ་མའི་དགྲ་བླ་ཆོས། །སུམ་མཉམ་སྤོ་དེ་ཏྲོང་དུ་སོང་། །སྐྱམ་གཅིག་སད་དུ་སོང་བ་ན། །སད་ཀྱི་ཕྱི་མིག་ལྟག་དགུ་ཡིན། །དུང་ཁྱུང་གསུམ་གྱི་ཆུང་བ་ཡིན། །ཆུང་བ་རྣོ་གཅོད་གཏིང་འབྱིན་ཡིན། །དགྲ་བླའི་རྡོ་རིང་བྱ་བརླག་ཡིན། །མི་ཤ་ལེན་པའི་དགྲ་བླ་ཡིན། །དམག་ཇག་གཉིས་ཀྱི་མོ་ལ་བཟང་། །ཕྱི་སར་ཤོར་དུ་མི་རུང་ངོ་། །ཤལ་ཆེན་ཇག་ལ་ལྷག་པར་བཟང་། །སྟག་གསུམ་དྲ་མ་འཇང་ལ་ཆས། །འཇང་ཕོ་བསད་ནས་སྨག་ཁྱུ་ཐོབ། །ཚབ་ཆེན་ནད་པས་མི་ཐེག་ཅིང་། །ཇག་ཆེན་ཆས་དུས་མ་གཏོགས་པ། །བདེ་དལ་མོ་ལ་ཁྱོགས་པར་དཀའ། །འདི་ཡི་སྐྱེར་ལ་བརྒྱག་སོང་ན། །དགྲ་བླ་དུང་ཁྱུང་དགྲ་འདུལ་ཡིན། །སྤོ་དེ་ཏྲོང་སོང་སྐྱམ་གཉིས་ཀ ། སད་དུ་སོང་བར་གྱུར་པ་ན། །ཏྲོང་སད་ཆེན་ལི་ཤོ་དཀར་བོའམ། །ཏྲོང་ཆེན་ཅ་ཅ་ཅི་ཅི་ཟེར། །སད་གསུམ་ཨ་མོ་གྷ་གྷ་ཟེར། །གསུམ་སད་ཡེ་སྔོན་ཞེས་ཀྱང་བྱ། །ཆེ་བ་ཧོར་དྲུག་ཅེས་ཀྱང་བྱ། །སད་གསུམ་དབལ་ཐོག་ཟེ་ཟེའང་ཟེར། །ཕོ་ལྷའི་དུང་ཁྱུང་དཀར་པོ་ཡིན། །ཆེ་བ་དཔའ་བརྟན་ལྡོག་མེད་ཡིན། །ཁྱུང་ལ་འདི་ལས་ཆེ་བ་མེད། །དུང་ཁྱུང་གསུམ་གྱི་ཆེ་བ་ཡིན། །སད་ཁམས་རྣམས་ཀྱི་གྲོལ་ཕུག་ཡིན། །ཕོ་ལྷ་རྣམས་ཀྱི་ཆེ་བ་ཡིན། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །ལྷ་ཡི་ཡང་ལྷ་ཚང་ནས་ཆས། །དགྲ་ལ་ཆས་ཚེ་དགྲ་ཐུང་


MR16_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རྒོད་པོ་འདི་བས་ངར་བ་མེད། །དཔའ་བོ་མེ་དཔུང་འབར་བ་ཡིན། །ལྷ་དང་རྒྱལ་ལས་གྲས་པ་སོགས། །མི་སོད་ཁྲབ་ལ་ཡོ་འབུན་བྱེད། །དེ་ཕྱིར་རང་གི་བཙན་སར་གཅེས། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །དགྲ་བླས་མི་ངོ་བགྲངས་པ་ཡིན། །ཅི་བཏབ་ཅི་ལ་བཟང་ན་ཡང་། །ཚབ་ཆེན་ནད་པས་ཐེག་པར་དཀའ། །གྲི་བོན་སྟག་སློག་གྱོན་ངོ་ཡིན། །ཡུལ་བདེ་སོས་དལ་གྱིས་ཐིག་པར་དཀའ། །གྲི་ངོ་འུར་ངོ་དཔའ་ལྡང་ངོ་། །ཡང་འདི་བདུད་རྩི་སྨན་གྱི་སྡོང་པོ་སྟེ། །ཀ་ར་བུ་རམ་སྦྲང་རྩི་ཡི། །ཡལ་ག་རྣམ་པ་གསུམ་དང་ལྡན། །གཡས་ཀྱིས་ཚ་བའི་ནད་རྣམས་སེལ། །གཡོན་གྱིས་གྲང་བའི་ནད་རྣམས་སེལ། །དབུས་མས་འདུས་པའི་ནད་རྣམས་སེལ། །སྲིན་མདོག་དྲུག་པོ་འདྲ་བ་རྣམས། །སྨན་སྡོང་འདི་ལ་བསྐོར་ནས་འདུག །དེ་ལྟར་བརྒྱག་མེད་རྩ་བ་ཡི། །མདུད་པ་རྣམ་པ་དྲུག་པོ་འདི། །སུམ་མཉམ་ལྕགས་སྤྱང་སྤུན་དྲུག་ཡིན། །ལ་ལས་སྤུན་གསུམ་སྤུན་བཞིར་བཞེད། །ལྷག་མ་སད་དུ་གཏོགས་པར་མཛད། །དོན་ལ་སུམ་མཉམ་སྤུན་དྲུག་ཡིན། །སུམ་མཉམ་ལན་དུ་དིང་དིང་ན། །ལྕགས་སྤྱང་སྔོན་པོ་འདུར་ནས་དལ། །མགྲོན་པོ་དགྲ་མེད་ལམ་བདེ་ཡིན། །ཟླ་བ་གསུམ་དུ་བྲེལ་རིང་མེད། །སྐྱིན་དིང་སྤྱང་མོ་གལ་ལ་ཟིན། །གལ་བར་སྤྱང་མོ་འཇོལ་འོང་ཤི། །བྱ་ཡུན་ལམ་ལ་ཉི་མ་ཤར། །བྱ་བུར་ལུང་གསུམ་ཟླ་བ་ཤར། །མུ་ས་རྒས་ནས་བུ་སྐྱེ་བཟང་། །ཝ་ཚོ་དགྲ་ལྷ་མདུང་དང་ཕྲད། །སྤོ་ཚེ་དྲེད་མོ་ནགས་དང་འཛོམས། །དམུ་དག་སྤྱང་མོ་གདོས་དང་ཕྱེ། །སྐྱེར་དཀར་རི་སྤྱང་ཚང་ན་ཉལ། །སྐྱེར་ནག་རི་སྤྱང་ཟླ་གདོང་ཚུད། །ཚོལ་ཚེ་སྐྱེས་བུ་གཞུ་མཆོག་ཁ་ནས་བགད། །སྒོ་བརྒྱག་ཤིང་འབྲས་ས་ལ་བྲུལ། །བུ་བརྒྱག་ཤིང་ཐོག་འབྲས་བུ་སྨིན། །ཁྱུང་བརྒྱང་གཉན་རྒན་བུ་ཤ་ལོན། །ཨ་ཁད་དགྲ་མེད་


MR16_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་ལམ་བདེ་ཡིན། །བརྒྱག་བཟང་མགྲོན་པོ་ནོར་དང་འཕྲད། །རང་སྙན་དུང་སྤྱང་གཟན་དང་ཕྲད། །སྲང་ཟེ་རི་སྤྱང་ཚང་ནས་ཆས། །བྱོད་ཕུར་ལུ་གུ་སྤྱང་ཀིའི་ཁ་ནས་ཐར། །ལྡི་བུར་གཅན་གཟན་མཆེ་བ་རྣོ། །ཡར་ལྡིང་གླག་མོ་གནམ་འཕང་གཅོད། །སུམ་མཉམ་དགེ་དོན་སྡིག་གིས་བསྲུང་། །དམེ་ཐོག་དམེ་བཞག་དེ་ལ་ཟེར། །ཙེ་ར་ལྕགས་སྤྱང་རྩལ་དང་ལྡན། །གཡུང་དྲུང་སྤྱང་ཀིའི་ཚང་སྒོ་བཙན། །ཀྱེ་བ་གླག་མོའི་རང་སྲོག་སྲ། །ད་རོག་སྤྱང་ཀི་སྤུ་མདངས་རྒྱས། །དམུ་དབལ་དུང་སྤྱང་མཆེ་སྡེར་རྒྱས། །སྐྱམ་བཟང་སེམས་ཁྲལ་གཉེར་མ་སངས། །བུ་བརྒྱག་མཚོ་ལ་ཁ་ཞག་ཆགས། །བྱ་རལ་ལྷ་བུ་སྟག་གིས་བསང་། །ལི་ཡན་དུང་སྤྱང་རླུང་གིས་ཁྱེར། །མར་དིང་རི་སྤྱང་ཁྱི་རུ་སོང་། །སྤོ་བར་སྤྱང་ཚང་ཤིང་གིས་བསུབ། །སོ་ཡོན་སྦྲུལ་ནག་དུག་གིས་བསད། །རུ་སོད་གླག་སྡེར་རྡོ་ཡིས་བརྡུང་། །མ་ཟེ་ཤུལ་རིང་མགྲོན་པོ་དག་དང་འཕྲད། །ན་འབན་གླག་ཚང་ཐོག་གིས་བཤིག །སྐྱམ་ཁོག་འབྲེལ་གཅིག་ལ་ཐིག་གཅིག་འཇུས། །མོ་རྟ་བག་ལ་སོང་བ་ན། །ཙེ་ར་ཞེས་སུ་གྲགས་པ་དེ། །ཙེ་ར་གནམ་ལྕགས་རལ་གྲི་ཡིན། །ཕྱུག་པོ་རྩེ་མོ་བྱུང་རྒྱལ་ཡིན། །བཙན་པོའི་ཕ་མཁར་བརྩིགས་མི་ཡིན། །རྣོན་པོ་ངར་གྱི་རྒྱལ་མཚན་ཡིན། །བཙན་ཕྱུག་ངར་གསུམ་འདི་ལ་ཚང་། །རང་སའི་བཙན་ས་གར་བབ་བཟང་། །ཕྱི་སར་རྣོ་མཚོན་དགྲ་ལ་འཆོར། །འདི་ལ་བརྒྱག་གཅིག་བཅས་པ་ན། །ཙེ་ར་ཝང་ཐོག་རལ་གྲི་ཡིན། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཡིན། །འདི་ཡི་སྐྱེར་གཉིས་བརྒྱག་བཅས་ན། །ཙེ་ར་འབྲུག་སེང་ཁ་སྤྲོད་ཟེར། །གནམ་ལྕགས་ཀ་བ་དགུ་སྤྲེལ་བརྒྱག །ཀླུ་ཡི་པདྨ་ཁ་ཕྱེ་དེང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་


MR16_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དགོས་འདོད་ཆར་ལྟར་འབེབ་པ་ཡིན། །དམག་ཇག་ཤལ་ཆེན་ཇི་བྱེད་ཀྱང་། །རང་སའི་སྟོད་དུ་བབ་པས་ཆོག །མི་བརྒྱ་བཟུང་ནས་རྟ་སྟོང་ཐོབ། །མཚོན་ཆ་ཁྲི་གཅིག་ཐོབ་ངོ་ཡིན། །ལར་གཅིག་གི་སྟེང་དུ་ཙེ་ར་ན། །རྩི་ཤིང་བྲ་མ་ལོ་བཟང་ཡིན། །བརྒྱག་ན་སྐྱེ་ཤིང་ཀླུ་ལ་ཟུག །གཉིས་ལ་རྡོག་ལམ་ཚེར་མ་ཡིན། །བརྒྱག་ན་རྐང་མཐིལ་ཚེར་མས་ཕུག །མ་རབ་ས་ནས་དགྲ་ངོ་ཡིན། །གསུམ་ཉིན་གྱི་བྲེ་གུ་མདའ་སྒྲོ་ཡིན། །བརྒྱག་ན་བྲག་ལ་ལྷ་ཤིང་འཁྲུངས། །བཞི་གཡང་གི་དཔག་བསམ་ལོ་བཟང་ཡིན། །བརྒྱག་ན་ཤིང་ལ་འབྲས་བུ་སྨིན། །ལྔ་སྲིན་གྱི་གྲམ་ཤིང་རྒྱས་པ་ཡིན། །བརྒྱག་ན་རྣོ་མཚོན་དགྲ་ལ་འཆོར། །དྲུག་ཉིན་གྱི་བྲག་དཀར་རྩེ་མཐོ་ཡིན། །བརྒྱག་ན་ཡུལ་མཁར་རིང་དུ་བརྟན། །བདུན་ཙན་དན་ལྗོན་པ་འདབ་རྒྱས་ཡིན། །བརྒྱག་ན་ཕ་སྤུན་ཡུལ་དབུས་འཛིན། །བརྒྱད་ལྷ་ཡི་གཡུ་ལྕང་འདབ་རྒྱས་ཡིན། །བརྒྱག་ན་གཡུ་སྨན་ལྷ་ནོར་འཕེལ། །དགུ་གཤེན་གཡུ་ཤུག་སྔོན་མོར་ལྷ་གསས་འཁོར། །བརྒྱག་ན་གཤེན་བོན་བདུད་རྩི་ལོན། །ཕལ་གྱི་མོ་ལ་ཕྱི་དགྲ་ཡིན། །བཅུ་ལ་ལྷ་སྨན་ཆེ་བཙུན་ངོ་སོ་མཐོ། །བརྒྱག་ན་མོ་བཙུན་ཆེ་རྒྱུད་དར། །བཅུ་གཅིག་སྨོན་པའི་ཡ་ཚ་དགུང་ལ་འཕྱར། །བརྒྱག་ན་ཟུན་མཚོན་ངར་དང་ལྡན། །བཅུ་གཉིས་གཡུ་ཤུག་དུར་དུ་འདས། །བརྒྱག་ན་བྱང་ནས་གྲི་ངོ་དགྲ་ངོ་ཡོད། །བཅུ་གསུམ་ནས་སྔོན་བང་བ་གང་། །བརྒྱག་ན་མཛོད་འཕེལ་མི་རབས་དར། །བཟང་དྲག་ཐུབ་པར་དགའ་བ་ཡིན། །ད་ཙེ་རས་མི་ཐེག་མདུད་ངན་ནི། །ཐང་ལེ་ཆུ་དོ་ལི་ཡན་དང་། །སོ་ཡོན་སོ་བྲག་ངན་སྡེ་དང་། །བག་ཚོ་སྐྱ་བོ་བབ་ན་ཡིན། །ཟམ་སོ་བཞི་ཡི་ཙེ་རང་ངང་། །རང་སའི་སློ་བྲག་ཏྲོང་གསུམ་ན། །ཤི་མིག་གསོན་ལ་བལྟས་པ་ཡིན། །ཤི་གསོན་ལག་པ་འབྲེལ་བ་ཡིན། །


MR16_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ངབ་སྟེང་གི་ཙེ་ར་ལ། །བཅུ་གཅིག་ཐོག་ཏུ་སང་ཕྲན་ན། །མཚུན་རྟ་འདོད་རྟ་དང་འཕྲད་པ་ཡིན། །སྙིང་མིག་སྲོག་གསུམ་ཙེ་ར་དང་། །ཕྱི་སར་ལི་ཡན་བབ་པ་ན། །ནག་པོ་རྒྱ་ཡི་གཡུལ་འཇོམས་ནུས། །ཆང་ངབ་ཙེ་ར་ཝང་ཐོག་དང་། །དེ་ཡི་བཅུ་གཅིག་དཀར་ཐོག་ན། །རྒྱ་སྐྱེན་པོའི་ས་ཞ་ཐོབ་པ་ཡིན། །ལར་ཙེ་རའི་ལན་དུ་དིང་དིང་ན། །རྣོ་མཚོན་རྩེ་མོ་བྱུང་རྒྱལ་ཡིན། །སྐྱིན་དིང་མདའ་རྩེ་རྡོ་ལ་ཐུག །བྱ་ཡུན་མདའ་ལ་རྒོད་སྒྲོས་བརྒྱན། །བྱ་བུར་བྲག་ལ་མདའ་དར་ཚུགས། །མུ་ས་རལ་གྲི་དར་ལུང་འཕྲད། །ཝ་ཚེ་མཚོན་ལ་སྙིང་འཛེར་སྲ། སྤོ་ཚེ་ལྗོན་ཤིང་ལོ་འདབ་རྒྱས། །དམུ་དག་རྣོ་མཚོན་དཔའ་ལུང་འཛོམས། །སྐྱེར་དཀར་སྨོན་མི་རང་ཡུལ་ཉལ། །ཚོལ་ཚེ་རྨང་པོར་བུ་སྐྱེས་འོག་རྟ་མགྱོགས། །བུ་བརྒྱག་དཔལ་འདོད་དཔལ་དང་འཕྲད། །ཁྱུང་བརྒྱང་རྨོག་ལ་ཁྱུང་འཕྲུ་བཙུགས། །ཨ་ཁད་མདུང་ལ་མེ་འོད་འཕྲོ། །སད་ཁམས་གཞུ་མཆོག་ཁ་ནས་བགད། །སྲང་ཟེ་མདུང་ལ་བ་དན་བཏགས། །བྱོད་ཕུར་སྟོད་དམག་ཁྲེལ་ཐག་ཡིན། །སེ་སྟོད་ནག་པོ་རལ་གྲིའི་སྙིང་འཛེར་བུད། །དཀར་ཐོག་ཡ་ཚ་ཁྲག་གི་དམར། །ལྡི་བུར་རྣོ་ལ་ངར་གྱིས་བརྒྱན། །ཡར་ལྡིང་ས་གཞི་མི་ཡིས་གང་། །སུམ་མཉམ་བང་མཛོད་ལྟད་མོར་སྟོན། །ཙེ་ར་དགྲ་བླར་གཡུ་ཕུར་ཚུགས། །གཡུང་དྲུང་གཡུ་ཤུག་ར་བས་བསྐོར། །ཀྱེ་བ་དཔའ་མདུང་རི་ལ་བཙུགས། །ད་རོག་བང་མཛོད་ནོར་གྱིས་གང་། །དམུ་དབལ་ལྷ་མདའ་བྲག་ལ་ཚུགས། །སྐྱམ་རིགས་སྐྱེས་བུ་གཞུ་མཆོག་ཁ་ནས་ངུས། །བྱ་རལ་སྟག་ཚང་ཁྱི་ཡིས་བརྫིས། །ལི་ཡན་ཙན་དན་དབྱུག་པ་ཆག །གཞུ་མཆོག་ཁ་ནས་སོ་རྡོག་ཡིན། །མར་ལྡིང་རྣོ་མཚོན་རྩེ་མོ་རུལ། །སྤོ་བར་ལྗོན་ཤིང་རྩ་བ་སྐམ། །སོ་ཡོན་བང་མཛོད་མུན་པས་ཁེབ། །རུ་སོད་གཡང་མཛོད་བདུད་ཀྱིས་བརྐུས། །མ་ཟེ་ལྗོན་ཤིང་སྟྭ་རེས་


MR16_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཙེས། །ན་འབན་བང་མཛོད་ཐོག་གིས་བཤིག །གཞན་ཡང་སང་དང་བྲག་རིགས་ལ། །ཙེ་རེའི་མིང་ཐོགས་ཡོད་ན་ཡང་། །སྐྱ་ཞིབ་རྩ་བ་འདིར་མི་གཏོགས། །ཐི་གུ་སུམ་སྦྲེལ་ལྕགས་ཐག་ལྟ་བུ་ཡི། །དབུས་མས་གྲུ་གསུམ་མོ་ཡི་ཁོག་ལ་འཇུས། །དཀར་ལ་རུ་ཐོག་གཡུང་དྲུང་དིང་མོ་གལ། །ཤར་ཕྱོགས་གལ་གསས་བཙན་པོའི་བླ་མདུད་ཡིན། །དུང་སྒོང་ཕྱི་ཕྱི་བདར་བདར་ནས། །མཚལ་གྱི་དྲ་བ་བཅུག་པ་འདྲ། །འདི་ནི་དུང་རྟ་མཚལ་ཁྲ་ཡིན། །ལྷ་རིགས་གཉན་གྱི་དངས་མ་ཡིན། །ཁྱུང་ལ་འདི་བས་ཆེ་བ་མེད། །ཁྱུང་ཚང་གོང་མར་བབ་ན་གཅེས། །ཁྱུང་ཚང་གོང་མ་བཅུ་གཅིག་ཡིན། །བུ་ཚ་དར་ཐོག་ཚར་ངོ་ཡིན། །ཤལ་ཆེན་དམག་གི་མོ་འདེབས་ན། །བཅུ་གཅིག་བཅུ་གསུམ་སྟེང་དུ་གཅེས། །ནམ་མཁའ་གང་བའི་དམག་ལེགས་ནས། །གནམ་ཕྱེད་རལ་གྲིས་གཤག་པ་ཡིན། །ཕྱི་སར་སློ་ཕྲ་གདན་རིགས་ན། །ས་ཕྱེད་གནངས་སུ་ཐོབ་པ་ཡིན། །ཚེ་འདིར་ཅི་བསམ་འགྲུབ་ངོ་ཡིན། །ཕྱི་མ་བདེ་བ་ཐོབ་པ་ཡིན། །གར་གསས་བཙན་པོས་དུང་རྟ་ཆིབས། །ཤར་ཕྱོགས་ཤིང་གི་འདྲེན་སྟོན་བྱེད། །ཤར་དྲི་ཟའི་གདུག་པ་ཁ་གནོན་མཛད། །རྡོ་རྗེ་རིགས་ཀྱི་མོ་མདུད་ཡིན། །བརྒྱག་བཟང་གཡུང་དྲུང་ནོར་བུ་ཡིན། །ཡིད་བཞིན་ནོར་བུ་དངོས་སུ་ཡིན། །སྔ་མའི་ཐི་གུ་གཉིས་ཀྱིས་ཁོག་ལ་འཇུས། །རུ་ལ་དཀར་ཐོག་གཡུང་དྲུང་དིང་མོ་གལ། །ལྷོ་ཕྱོགས་གནམ་སྲས་དབྱིངས་རུམ་བླ་མདུད་ཡིན། །དུང་སྒོང་ཕྱི་ཕྱི་བདར་བདར་ནས། །གཡུ་ཡི་དྲྭ་བར་བཅུག་པ་འདྲ། །འདི་ནི་དུང་རྟ་སྔོ་ཁྲ་ཡིན། །དུང་ཁྱུང་སྐུ་ལ་སྲིད་པ་ཡིན། །ཡིད་བཞིན་ནོར་བུ་འབར་བ་ཡིན། །རྫས་ལས་གྲུབ་པ་མ་ལགས་ཏེ། །ཡང་དག་དོན་གྱི་ནོར་བུ་ཡིན། །གནམ་སྲས་དབྱིངས་རུམ་


MR16_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དེས། །ཕྱག་ན་ཆོས་ཀྱི་པོ་ཏི་བསྣམས། །འཛམ་བུ་གླིང་གིས་འདྲེན་སྟོན་བྱེད། །ལྷོ་ན་གཤིན་རྗེའི་གདུག་པ་འདུལ། །རིན་ཆེན་རིགས་ཀྱི་མོ་མདུད་ཡིན། །བརྒྱག་བཟང་ནོར་བུའི་ཆར་པ་འབེབས། །གསུམ་གའི་དབུས་སུ་མོ་ཁོག་འབྲེལ་བ་ན། །ཧར་ཤ་ཧུར་ཐོག་གཡུང་དྲུང་དིང་མོ་གལ། །ནུབ་ཕྱོགས་གསས་རྗེ་རྨང་པོའི་བླ་མདུད་ཡིན། །དུང་སྒོང་ཕྱི་ཕྱི་བདར་བདར་ནས། །ལྕགས་ཀྱི་དྲྭ་བར་བཅུག་པ་འདྲ། །འདི་ན་དུང་རྟ་ནག་ཁྲ་ཡིན། །མུ་ཏིག་ཕྲེང་བའི་དོ་ཤལ་ཅན། །གཡུང་དྲུང་སིད་པའི་མ་དེ་ཡིན། །གཡུང་དྲུང་ནང་ནས་ཅུང་ཟད་ཞན། །ནུབ་ཕྱོགས་གསས་རྗེ་རྨང་པོ་དེས། །དུང་རྟ་ཆིབས་ནས་ནུབ་ཕྱོགས་འདྲེན། །ནུབ་ཀྱི་ཀླུ་གདོན་གདུག་པ་འདུལ། །པདྨ་རིགས་ཀྱི་མོ་མདུད་ཡིན། །བརྒྱག་བཟང་བཀྲ་ཤིས་ནོར་བུ་ཡི། །འོད་ཟེར་ནམ་མཁའ་ཁྱབ་ངོ་ཡིན། །གསུམ་པོའི་མཐའ་གཉིས་མོ་ཁོག་ལ་འཇུས་ན། །རུ་ཐོག་ཤང་སེ་གཡུང་དྲུང་དིང་མོ་གལ། །ཡང་ན་རུ་ཐོག་རུ་སྐྱེས་གཡུང་དྲུང་ཟེར། །བྱང་ཕྱོགས་རྒོད་སྲས་རྔམས་པའི་བླ་མདུད་ཡིན། །དུང་སྒོང་ཕྱི་ཕྱི་བདར་བདར་ནས། །ཟངས་ཀྱི་དྲྭ་བར་བཅུག་པ་འདྲ། །འདི་ནི་དུང་རྟ་དམར་ཁྲ་ཡིན། །ཤིང་དང་ཀླུ་དང་ཁྱུང་དང་གསུམ། །རྩ་བ་འདི་ལ་ཐུག་པ་ཡིན། །དུང་ཁྱུང་ཀླད་པའི་ནོར་བུ་ཡིན། །ཡང་དག་ནོར་བུ་ཆེ་བ་ཡིན། །རྫས་ཀྱིས་བསྒྲུབ་པ་མ་ལགས་ཏེ། །བསོད་ནམས་སྟོབས་ལས་རང་གྲུབ་ཡིན། །འོད་དང་ཟེར་ལས་གྲུབ་པ་ཡིན། །རྒོད་གསས་ཁམས་པ་གནམ་རྟ་ཅན། །སྒྲ་མི་སྙན་གྱི་འདྲེན་སྟོན་བྱེད། །གནོད་སྦྱིན་འདུལ་ཞིང་ཆུ་ཁམས་དབང་། །ཀརྨ་རིགས་ཀྱི་མོ་མདུད་ཡིན། །བརྒྱག་བཟང་ནོར་བུའི་རྒྱལ་མཚན་ཚུགས། །ཕྲུ་གུ་སུམ་ཚོམ་འབྲེལ་ནས་སུ། །དེ་ཡི་གཉིས་སམ་གཅིག་གིས་ཁོག་ལ་འཇུས། །


MR16_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དོན་གྲུབ་གཡུང་དྲུང་དིང་མོ་གལ། །དབུས་ཀྱི་དབལ་གསས་དབུ་དགུའི་བླ་མདུད་ཡིན། །གཡུང་དྲུང་འཆི་མེད་སྐྱེས་བ་བཙན་པོའི་བླ། །ལ་ལས་གལ་བར་བརྒྱག་དྲུག་ཁ་སྤྲོད་ཟེར། །དུང་སྒོང་ཕྱི་ཕྱི་བདར་བདར་ནས། །མཆོང་གི་དྲྭ་བར་བཅུག་པ་འདྲ། །དཔལ་གྱི་ར་སྐྱེས་ཁམས་པ་ཞོན། །དེ་བཞིན་རྟ་ཡང་ཁམ་པ་ཡིན། །གཡུང་དྲུང་རྣམས་ཀྱི་ཕ་དེ་ཡིན། །སངས་རྒྱས་རིགས་ཀྱི་མོ་མདུད་ཡིན ། བརྒྱག་ན་མཆོག་ཐུན་དངོས་གྲུབ་ཐོབ། །འདི་དབུས་ཕྱོགས་ས་ཁམས་མཁའ་ཁམས་དབང་། །གནམ་སའི་གདོན་འདུལ་འགྲོ་ཀུན་འདྲེན། །སྲིད་པ་ཡོངས་ཀྱི་ལྷ་ཆེན་ཡིན། །དེ་ལྟར་བརྒྱག་མེད་མདུད་པ་ལྔ། །གཡུང་དྲུང་གསས་ཆེན་སྡེ་ལྔ་ཡིན། །གཞན་ཡང་ཐི་གུ་གསུམ་ཕན་ཆད། །སོ་སོ་ཁོག་ལ་འབྲེལ་བ་དང་། །གསུམ་ཕན་ཆད་ལུ་གུ་རྒྱུད་དུ་ནི། །སྣེ་མོ་སྣ་མ་ཆད་པར་འགྲེལ། །འབྲེལ་ལུགས་བཟང་པོ་ཕལ་ཆེ་བ། །གཡུང་དྲུང་རིགས་སུ་གཏོགས་པ་སྟེ། །དཔེར་ན་མུ་ས་ཅོད་པན་དང་། །ཝ་ཆོ་རྒྱལ་བ་ཡབ་སྲས་དང་། །དེ་ཡི་སད་འདོགས་གཉིས་ཀར་ཟིན། །སྐྱེར་སྨད་མ་བུ་ཕན་ཚུན་འབྲེལ། །གཡུང་དྲུང་སྐྱེར་ལེབ་མདུད་པོ་ཆེ། །སྤོ་ཚེ་དང་སམ་འཕུར་ཤེས་དང་། །གཡུང་དྲུང་གཡུ་འོད་ལི་ཡན་དང་། །ཟུར་གསུམ་རིགས་ཀྱི་སད་སྐྱམ་ལྡི། །བྱ་རལ་ཁྱུང་བརྒྱང་བྱ་བུར་སོགས། །སོ་སོའི་མདུད་པའི་སྡེ་ཚན་ལ། །གཡུང་དྲུང་རིགས་སུ་གནས་པ་དག །ཤིན་ཏུ་མང་པོ་ཡོད་པ་ནི། །སོ་སོའི་སྡེ་ཚན་ནང་དུ་གསལ། །བརྒྱག་ལ་དཀར་ཐོག་སྤུན་གསུམ་པོ། །གཡུང་དྲུང་རིགས་སུ་གནས་པ་ཡིན། །བྲག་སང་ཏྲོང་ལའང་འདིའི་རིགས་ཡོད། །འདི་ནི་གཡུང་དྲུང་རང་རྐྱ་བ། །གསས་ཆེན་ལྔ་པོ་ཁོ་ན་ཡིན། །གཡུང་དྲུང་རིགས་སུ་གཏོགས་རྣམས་ཀྱང་། །གཡུང་དྲུང་བཤད་པ་ཐོབ་པ་ཡིན། །གཡུང་དྲུང་


MR16_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་འདྲ་བ་ལ། །བརྒྱད་ཅུ་ཡོད་ཅེས་འགའ་ལས་གསུངས། །ཞིབ་པར་ཕྱེ་ན་མང་དུ་འོང་། །ལར་གཡུང་དྲུང་ལྷ་ཡི་ཡང་ལྷ་ཡིན། །གོ་ཁྲབ་ཡོངས་ཀྱི་རྒྱུན་ཐག་ཡིན། །མཚོན་རྣོན་པོ་རྣམས་ཀྱི་ངར་ཆུ་ཡིན། །བུ་དཔའ་བོ་དག་གི་ཡ་ཐོད་ཡིན། །རྟ་མགྱོགས་པ་རྣམས་ཀྱི་རྨིག་སོ་ཡིན། །སྲོག་གི་དམུ་ཐག་འབྲེལ་བ་ཡིན། །ལུས་ཀྱི་དཔག་བསམ་ལོ་རྒྱས་ཡིན། །ནོར་གྱི་གཡུང་དྲུང་ར་བ་ཡིན། །བསོད་ནམས་ནོར་བུའི་ཕྲེང་བ་ཡིན། །དཔལ་གྱི་ལ་ཐོད་གྱོན་པ་ཡིན། །སྟོབས་ཀྱི་སྐ་རགས་བཅིང་བ་ཡིན། །སྙན་གྲགས་རྔ་རོལ་དུང་བཤད་པ་ཐོབ་པ་ཡིན། །ཆོས་ཀྱི་དཔལ་བེའུ་མིག་མང་ཡིན། །ལྷ་མི་གཤེན་གསུམ་འབྲེལ་བ་ཡིན། །བདེ་སྐྱིད་སྙན་གསུམ་འཛོམས་པ་ཡིན། །ཟས་ནོར་ཆོས་གསུམ་འཇོམས་པ་ཡིན། །བུ་འཁོར་ཚེ་གསུམ་འཛོམས་པ་ཡིན། །གཡུང་དྲུང་ཡུལ་གྱི་མི་ཆེན་ཡིན། །བརྒྱ་ལ་ལན་རེ་བྱོན་ཙ་ན། །དངོས་གྲུབ་བཀྲ་ཤིས་དགའ་སྟོན་ཡོད། །ཡག་ཁ་བརྗོད་ཅིང་སྟོན་མོ་བྱ། །གཡུང་དྲུང་ཡུལ་གྱི་མི་ཆེན་དེ། །རྒྱུག་འདུར་ལང་ན་མི་བཙུན་ནོ། །གཡུང་དྲུང་ཕྱི་ནང་མེད་པར་འདྲེས། །ལན་དུ་གཡུང་དྲུང་རིགས་བབ་ན། །གཡུང་དྲུང་ཐལ་བས་ལན་མེད་ཡིན། །དེ་ལ་གདོས་ཐག་སྤུན་གསུམ་དགོས། །སྐྱེར་དང་སྐྱིན་དིང་གལ་བར་གསུམ། །སྨད་གསུམ་དག་དུ་བབ་ན་ཡིན། །དེ་མེད་ན་བཟང་པོའི་བཅུད་ཤོར་ཡིན། །གཡུང་དྲུང་ཕྱི་ནང་མེད་པར་འདྲེས། །ལན་དུ་ངན་སྙིགས་བབ་པ་ན། །གཡུང་དྲུང་མགོ་སྐོར་བྱུང་བ་ཡིན། །དེ་ལ་སྒམ་པོ་ཕ་ཝང་དྲན་ཆུ་དགོས། །དེ་ཀྱེ་བ་སད་དེ་ཨ་ཁད་ཡིན། །སྨད་གསུམ་དག་ཏུ་གཡུང་དྲུང་རིགས། །སྟོད་གསུམ་སོ་ཡོན་རིགས་བབ་ན། །གཡུང་དྲུང་རི་བོ་འདྲ་བ་དེ། །གནང་ས་མེད་མུན་པར་བཏང་བ་ཡིན། །དེ་ལ་གཡུང་དྲུང་གསལ་བའི་སྒྲོན་མེ་དགོས། །བཅུ་གསུམ་གསལ་བ་སྡེ་བཞི་ཡིན། །དེ་བྱ་ཡུན་བྱ་བུར་


MR16_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ས་དང་། །བང་མགྱོགས་པ་དང་བཞི་པོ་ཡིན། །གཡུང་དྲུང་ཡུལ་གྱི་མི་ཆེན་ལ། །མི་ཆེན་ས་མཐའ་མ་འཁྱལ་དགོས། །གཡུང་དྲུང་བརྟུད་ནས་བྱི་སར་བབས། །ཁྱད་པར་ལན་དུ་བྱ་རལ་ན། །གཡུང་དྲུང་ཁོལ་དུ་བུད་ཅེས་བྱ། །གཡུང་དྲུང་སྐྱིད་པོའི་ས་ཡུལ་དུ། །སྡུག་གིས་མགོ་བཏུམ་བྱས་པ་ཡིན། །ཕ་ཡུལ་མི་ལ་ཤོར་དོགས་ཡོད། །དེ་ལ་གཡུང་དྲུང་འཐུམ་པའི་སྣོད་གཅིག་དགོས། །དེ་ནི་དེ་ལན་དིང་དིང་བབ་ན་ཡིན། །གཡུང་དྲུང་བྱ་རྒྱལ་ཁྱུང་ཆེན་ཡིན། །ཁྱུང་ཆེན་ཐེད་ལ་མ་བབས་དགོས། །དེ་གཡུང་དྲུང་ཕྱི་སར་བབ་པ་ཡིན། །རང་སར་ཟག་ཟེན་གོད་ཁ་འོང་། །དེ་ལ་འཛིན་པའི་འགུག་གུ་དགོས། །རང་སར་ཝ་ཚོ་དཔའ་མདུང་ཡིན། །ལར་གཡུང་དྲུང་རྣམས་ཀྱི་སྡེ་རིགས་ལ། །མི་འགྱེལ་བ་ཡི་ཀ་བ་གསུམ། །ཙེ་ར་ཝ་ཚོ་ཡར་ལྡིང་ཡིན། །མི་འགྱེལ་བ་ཡི་བརྟན་རྨར་གསུམ། །སྐྱིན་དིང་སྐྱེར་དང་གལ་བར་ཡིན། །མི་འཐོར་བ་ཡི་སྣོད་གསུམ་ཡོད། །དིང་དིང་སྤོ་ཚེ་མུ་ས་ཡིན། །གཡུང་དྲུང་ལན་དུ་དིང་དིང་ན། །གཡུང་དྲུང་ནོར་བུའི་ཕྲེང་བ་དེ། །དཔལ་གྱི་སྣོད་དུ་ཆུག་པས་བཟང་། །གཡུང་དྲུང་ལན་དུ་སྐྱིན་དིང་ན། །གཡུང་དྲུང་དཔའ་མཁར་བརྟན་པ་ཡིན། །གལ་བར་གཡུང་དྲུང་རི་བོ་བརྟན། །གཉན་གྱིས་ཁ་འཛིན་བྱས་པ་ཡིན། །བྱ་ཡུན་གཡུང་དྲུང་གསལ་སྒྲོན་ཡིན། །གསེར་ལ་གཡང་ཤུན་བཏགས་པ་ཡིན། །བྱ་བུར་གཡུང་དྲུང་ཟླ་བ་རྒྱས། །བ་སྣ་ཕུར་ལ་ཐོགས་པ་ཡིན། །མུ་ས་གཡུང་དྲུང་སྐར་མ་བཀྲ། །ཝ་ཚོ་གཡུང་དྲུང་དཔའ་མདུང་ཚུགས། །སྤོ་ཚེ་གཡུང་དྲུང་གདན་དང་འཕྲད། །ཀླུ་ཡི་ཁ་འཛིན་བྱས་པ་ཡིན། །དམུ་དག་གཡུང་དྲུང་ལྷ་ལ་བཏགས། །སྐྱེར་དཀར་གཡུང་དྲུང་ར་བ་བརྟན། །ཚོལ་ཚེ་གཡུང་དྲུང་ར་བ་མར་གྱིས་གང་། །ཁྱུང་བརྒྱང་གཡུང་དྲུང་ར་བ་མཛོ་ཡིས་གང་། །ཁྱུང་ལ་གཤོག་དྲུག་ཐོགས་པ་ཡིན། །ཨ་ཁད་རྨང་གི་ལྕེ་གཡང་ཐོབ། །རང་


MR16_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གཡུང་དྲུང་སྙན་ལམ་ཕྱེས། །ཁ་འཛིན་ཕོ་ལྷས་བྱས་པ་ཡིན། །སྲང་ཟེ་གཡུང་དྲུང་འབྲུག་ཏུ་ལྡིར། །བྱོད་ཕུར་གཡུང་དྲུང་མི་གཅིག་ཁ་ལ་ཉན། །ལྡི་བུར་གཡུང་དྲུང་ངར་དང་ལྡན། །ཡར་ལྡིང་གཡུང་དྲུང་ཀ་བ་ཚུགས། །གཉེན་གྱིས་ཁ་འཛིན་བྱེད་པ་ཡིན། །སུམ་མཉམ་གཡུང་དང་དགྲ་བླས་མགོན། །ཙེ་ར་གཡུང་དྲུང་རྩེ་མོ་བྱུང་རྒྱལ་ཡིན། །གཡུང་དྲུང་མི་ཆེན་གྲལ་ལ་བསྒྲིགས། །ཀྱེ་བ་གཡུང་དྲུང་བློ་རྩལ་རྒྱས། །ད་རོག་གཡུང་དྲུང་གཡང་མཛོད་གང་། །དམུ་དབལ་གཡུང་དྲུང་དཔལ་སྙིང་རྒྱས། །བུ་བརྒྱག་འབྲས་དྲུག་ལོ་ཐོག་ལེགས། །དེ་རྣམས་བབ་ན་ཤིན་ཏུ་བཟང་། །ད་ནི་ངན་པའི་དཔྱད་པ་ལ། །གཡུང་དྲུང་འཕེན་པའི་མདའ་མོ་དེ། །རྡོ་ཨར་མོ་ལི་ཀས་མ་མནན་དགོས། །ལན་དུ་སྐྱིན་དིང་བརྒྱག་ངན་ཡིན། །ཐ་མར་མི་སྒབ་གྱེས་དོགས་ཡོད། །གཡུང་དྲུང་དཔའ་བོའི་ཡ་ཐོད་ཡིན། །རྣོན་པོ་མཚོན་གྱིས་མ་བཅོམ་དགོས། །ལན་དུ་ཝ་ཚོ་དཔའ་མདུད་སྒོ་བརྒྱག་ཡིན། །གཡུང་དྲུང་སྐྱིད་པའི་སྐུ་མཁར་ལ། །ཁང་ཧྲུལ་བྱ་ཚང་མ་བཅས་དགོས། །ལན་དུ་སྐྱེར་གྱི་ཐང་ལེ་ཡིན། །ཐ་མ་ཡུལ་གཞིས་ཤོར་དོགས་ཡོད། །གཡུང་དྲུང་སྨྲ་ལྕེ་བདེས་གཤོམས་དེ། །མི་ཁས་སྐད་ཀྱིས་མ་བཅད་དགོས། །ལན་དུ་ཕུང་ཁད་བབ་ན་བཅད། །གཏམ་ངན་ཁམ་ཆུ་ཕོག་དོགས་ཡོད། །གཡུང་དྲུང་གསལ་བའི་སྒྲོན་མེ་ལ། །དམེ་ཡི་ཁྲག་ངས་མ་འཁྲིགས་དགོས། །ལན་དུ་སེ་སྟོད་བབ་ན་འཁྲིགས། །ཐ་མར་ནང་དམེ་བྱུང་དོགས་ཡོད། །གཡུང་དྲུང་འཐབ་པའི་བསྡུམ་ཤིང་དེ། །ངན་བྱེད་འབུ་ཡིས་མ་ཟོས་དགོས། །ལན་དུ་ཕྱི་ལ་སྦྲུལ་འཇུས་ན། །ནང་འཁྲུགས་ཆེན་པོ་འོང་དོགས་ཡོད། །གཡུང་དྲུང་མཐུན་པའི་ཕ་བུ་དེ། །མི་མཐུན་མནའ་མས་མ་འགྱེད་དགོས། །ལན་དུ་ཀ་བྲག་རིགས་བབ་པ་ན། །ཕ་བུ་གཉིས་པོ་ཕྱེ་དོགས་ཡོད། །གཡུང་དྲུང་


MR16_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་པོའི་ཟས་ནོར་དེ། །ཚག་ལ་བཙགས་བཞིན་མ་སོང་དགོས། །ལན་དུ་དམུ་བྲག་རིགས་བབ་ན། །ཟས་ནོར་གཡང་ཉམས་འབྱུང་དོགས་ཡོད། །གཡུང་དྲུང་ཕྱ་ཡི་གར་དམག་དེ། །ཕྱ་ཡི་རི་མགོར་མ་བྲོས་དགོས། །ལན་དུ་ཝ་ལྡི་བབ་ན་བྲོས། །འཁྲུགས་ན་སྡར་མ་འབྲོས་ངོ་ཡིན། །གཡུང་དྲུང་བོན་གྱི་གདན་ཁྲི་དེ། །ནག་པོ་བདུད་ཀྱིས་མ་ཕྲོག་དགོས། །ལན་དུ་ཆུ་སྤར་རིགས་བབ་ན། །བོན་པོའི་བོན་རྒྱུད་ཆད་དོགས་ཡོད། །གཡུང་དྲུང་སྦྲང་དཀར་རོ་མདར་དེས། །ནད་ཀྱི་གཅོང་རོ་མ་བསླང་དགོས། །ལན་དུ་སྐྱམ་གྱི་ངན་རིགས་ཡིན། །གཅོང་དང་དམུ་ཆུའི་ནད་ངོ་ཡོད། །གཡུང་དྲུང་སྐྱིད་ཀྱི་ཆུ་མིག་དེ། །ན་ཆུ་ཙག་ཙིག་དུ་མ་སྐམ་དགོས། །ལན་དུ་ཝ་སྐྱམ་བབ་ན་སྐམ། །ཐ་མར་མི་རབས་ཆད་དོགས་ཡོད། །ལྷག་པར་འཕེན་པོའི་མོ་ལ་ངན། །གཡུང་དྲུང་འཕེན་པོའི་ཆུ་མིག་དེ། །བགོས་ནས་ཡུང་ཆུར་མ་འཐེན་དགོས། །ལན་དུ་སྐྱམ་ཆད་བབ་ན་ཡིན། །མི་འགབ་བུ་མོས་བཟུང་དོགས་ཡོད། །གཡུང་དྲུང་ལྷ་རིའི་རྩེ་མོ་དེར། །ནལ་གྱི་ན་བུན་མ་འཁྲིགས་དགོས། །ལན་དུ་གླེས་སྨི་བབ་པ་ན། །ལྷ་བུ་བཙོག་གིས་བཟུང་དགོས་ཡོད། །ལྷག་པར་ཡར་གཏོ་བྱེད་ན་ངན། །གཡུང་དྲུང་སྐྱིད་ཀྱི་ཕ་ཡུལ་དུ། །སྡུག་གིས་མགོ་བཏུམ་མ་བྱུང་དགོས། །ལན་དུ་བྱ་རལ་བབ་ན་ངན། །ཕ་ཡུལ་མི་ལ་ཤོར་དོགས་ཡོད། །གཡུང་དྲུང་གསེར་གྱི་ས་གཞི་དེ། །རླུང་ནག་འཚུབ་མས་མ་ཁྱེར་དགོས། །ལན་དུ་ལི་ཡན་བབ་ན་ཡིན། །ཡུལ་ལ་འཕོ་འཆུག་འབྱུང་དོགས་ཡོད། །ལྷག་པར་ཡུལ་གསར་འཛིན་ན་ངན། །གཡུང་དྲུང་བན་གྱི་གསེར་རྡོར་དེ། །མེ་ངན་དོང་དུ་མ་ལྷུང་དགོས། །ལན་དུ་གསེར་བྱ་བབ་ན་ངན། །དགེ་སློང་ཚུལ་ཁྲིམས་འཆལ་དོགས་ཡོད། །ལྷག་པར་བནྡེའི་མོ་ལ་ངན། །གཡུང་དྲུང་སྐྱིད་ཀྱི་ཀ་བ་དེ། །མྱ་ངན་མདུན་


MR16_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མ་གུག་དགོས། །ལན་དུ་མར་ལྡིང་བབ་ན་གུག །མི་རབས་མར་ལ་གྱུ་དོགས་ཡོད། །གཡུང་དྲུང་ལྷ་རི་ལྷུན་བཟང་ལ། །སྡུག་གི་མུན་ནག་མ་འཁྲིགས་དགོས། །ལན་དུ་སྤོ་བར་མུན་པ་འཁྲིགས། །དགྲ་གྱོད་གཉིས་ཀ་འབྱུང་དོགས་ཡོད། །གཡུང་དྲུང་བྱ་ཡི་དམག་དཔོན་ལ། །བསླུ་བྲིད་ཅན་གྱིས་མ་བསླུས་དགོས། །ལན་དུ་རྦོབ་ཡོ་བབ་ན་ངན། །དམག་དཔོན་ཁྲེལ་གྱིས་ཕོག་དོགས་ཡོད། །གཡུང་དྲུང་གསལ་བའི་ཉི་ཟླ་དེ། །མུན་པ་ནག་པོས་མ་བསྒྲིབས་དགོས། །ལན་དུ་སོ་ཡོན་བབ་ན་བསྒྲིབས། །བློ་ཉེས་མདུན་ངོ་ཕོག་དོགས་ཡོད། །གཡུང་དྲུང་གསལ་བའི་རི་མོ་ལ། །བདུད་ཀྱི་ཐལ་བས་མ་གཡོགས་དགོས། །ལན་དུ་རུ་སོད་བབ་ན་ཡིན། །ཤི་ཆད་དྲག་པོ་འབྱུང་དོགས་ཡོད། །བདུད་ཀྱི་རུ་སོད་ནག་པོ་འདི། །གཡུང་དྲུང་སྡེ་ལྔའི་མཐའ་མིག་ཡིན། །གཡུང་དྲུང་སྐྱིད་པའི་ཕ་ཡུལ་དེ། །ངན་བྱེད་བཙན་གྱིས་མ་གཏོར་དགོས། །ལན་དུ་མ་ཟེ་བབ་ན་ཡིན། །དཔོན་དང་གཉེན་ཚན་དགྲ་རུལ་ང་། །གཏན་ཆུས་སྒོ་ནོར་ཤོར་དོགས་ཡོད། །གཡུང་དྲུང་གཡུ་ཡི་རི་བོ་དེ། །གཏོད་ཀྱི་ཐོག་གིས་མ་བཤིག་དགོས། །ལན་དུ་ན་འབན་བབ་ན་བཤིག །སྡེ་ཆེན་འཐབ་ནས་འཐོར་དོགས་ཡོད། །གཡུང་དྲུང་རྨ་གཉན་ཐུགས་ཀར་ལ། །དན་རོ་བོན་པོའི་ཁ་ཡོག་མ་བྱུང་དགོས། །ལན་དུ་ཏྲོང་རིགས་བབ་ན་ངན། །དགྲ་ཁམ་ཆུ་ཁ་ཡོག་འོང་དོགས་ཡོད། །གཡུང་དྲུང་ཕ་བུ་ཁ་འཛོམས་ལ། །ཕ་རྒས་བུ་ཤི་མ་བྱུང་དགོས། །ལན་དུ་བྲག་ནག་བབ་ན་ནི། །ཕ་རྒས་བུ་ཤི་འབྱུང་དོགས་ཡོད། །གཡུང་དྲུང་ཚོང་བ་ཁེ་སྐྱེད་ལ། །ཚོང་ཁེ་མེད་རྩ་བ་མ་ཆད་དགོས། །ལན་དུ་སྐྱམ་བྲག་བབ་ན་ངན། །ཐག་རིང་ཚོང་པ་བརླག་དོགས་ཡོད། །གཡུང་དྲུང་འབྲས་དྲུག་ས་བོ ན་དེ། །བ་མོ་སད་ཀྱིས་མ་ཁྱེར་དགོས། །ལན་དུ་སྒོ་བརྒྱག་བབ་ན་ཁྱེར། །འབྲས་དྲུག་ལོ་ཐོག་ཉེས་


MR16_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ཡོད། །གཡུང་དྲུང་ལན་གྱི་མཐའ་མིག་རྣམས། །དེ་ཚུགས་བབ་ན་དགྲ་གྱོད་མུ་གེ་དང་། །ཡུལ་འཆོར་མི་དགེ་སྣ་ཚོགས་འོང་། །རིམ་གྲོར་ཚོགས་བསགས་སྤོང་དག་བྱ། །འགྱེད་གཏོང་འབུམ་དང་བསྐལ་བཟང་འདོན། །ཐུགས་དཀར་གསོལ་ཞིང་བྱ་ལྡང་བཀྱག །གསས་མཁར་བསྟོད་ལ་མར་མེ་འབུལ། །སྲོག་བསླུ་ཅི་མང་སྦྱིན་སྲེག་བྱ། །དེ་ནས་མོ་གཞི་ཇུ་ཐིག་བརྗེས། །སླར་ཡང་མོ་བཏབ་བརྟག་པར་བྱ། །ཐིག་ལྔ་ལྕགས་ཐག་བཞིན་དུ་འབྲེལ། །མོ་རྟ་བག་ལ་སོང་བ་ན། །ཁྱེ་བ་རང་ཤག་དཀར་མོ་ཟེར། །ཀྱེ་བ་རྣམས་ཀྱི་ཕ་དེ་ཡིན། །ཕྱ་མི་མགོན་དཀར་པོའི་བླ་མདུད་ཡིན། །ཕྱ་རྗེའི་རྩིས་ཀྱི་ཕྱག་ཤིང་ཡིན། །ཕྱ་ཀྱེ་བ་གཉིས་ཀྱི་གྲོལ་ཕུག་ཡིན། །སྲིད་པ་ལྷ་ཡི་ཡང་སྙིང་ཡིན། །ནག་པོ་འདྲེ་ཡི་གཉའ་ནོན་ཡིན། །ཡེ་ཁམས་འདུས་པའི་ཕོ་ལྷ་ཡིན། །འོད་གསལ་ལྷ་ཡི་དམག་མི་ལ། །དམག་དཔོན་མི་མགོན་དཀར་པོས་བྱས། །སད་ཁམས་རིགས་རྣམས་ཀྱེ་བའི་དམག །དམུ་བྲག་ཐོད་ཡོར་ཀྱེ་བའི་ཁྱི། །སྤོ་ཚེ་མདུང་བུ་ཀྱེ་བའི་རྟ། །ཙེ་ར་གནམ་ལྕགས་ཀྱི་བའི་གྲི། །གལ་བར་དུང་ཐོད་ཀྱེ་བའི་ཕུང་། །ཝ་ཚེ་ཕོ་ལྷ་ཀྱེ་བའི་དར། །ཝ་ཚོ་དཔའ་མདུང་ཀྱེ་བའི་མདུང་། །ཆོལ་ལེ་ལུ་གུ་དམག་གི་ཟས། །དམག་དེ་ཆ་བ་གང་ནས་ཆ། །དམག་ཆང་རི་རབ་སྐེད་ནས་ཆ། །བདུན་ལ་ཀྱེ་བ་རང་ཤག་ཡིན། །སད་ཁམས་རིགས་སུ་གཏོགས་པ་ཀུན། །རི་བོ་འདི་ལ་འདུས་པ་ཡིན། །བརྒྱད་ལ་བབ་ན་ཕ་ལས་གཅེས། །ལར་འདི་སྟོད་ཀྱི་རང་སར་བབ་ན་བཟང་། །གལ་ཏེ་ལན་གཅིག་བབ་སྲིད་ན། །གནམ་ས་གཉིས་ཀྱི་འཕེན་ལེན་ཐུབ། །འཛམ་བུ་གླིང་གི་ཀ་བ་ནུས། །མདུད་པ་རབ་ཡིན་ཐུབ་པར་དཀའ། །དམག་འབུམ་ཕྲག་གཅིག་གི་དམག་དཔོན་ཐུབ། །ལན་དུ་ཅི་དང་གང་བྱུང་ཡང་། །ཁོ་


MR16_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྩད་ནས་ཐུབ་པ་མེད། །བཟང་བའི་རབ་ཡིན་ཕྱི་སར་ངན། །མི་རབས་སྟོང་གི་རྒྱུད་ཀྱང་འཛིན། །མཁས་པ་རྣམས་ཀྱི་གོང་དུ་སྡོད། །ཡ་རབ་རྣམས་ཀྱི་རྗེ་དཔོན་བྱེད། །དེ་ལ་ནེ་ཚ་སོང་ཚུལ་ལ། །ལག་གིས་ཟིན་པའི་ཕྲུ་གུ་དེ། །བརྒྱག་ན་ཡ་ཆོས་དཀར་པོ་ཟེར། །རང་སར་བབས་ན་བཟང་རབ་ཡིན། །ཕྱི་སར་བབས་ན་ཐུབ་པ་མེད། །དེ་འོག་ཐིག་ཕྲན་དཀར་པོ་ཟེར། །རང་སར་བབས་པའི་ཡོན་ཏན་ནི། །གཞན་གྱིས་བསགས་པ་རང་གིས་སྤྱོད། །ཡིད་ལ་བསམ་པ་ཀུན་ཀྱང་འགྲུབ། །ཕྱི་སར་བབས་ན་རང་ནོར་ནི། །དགྲ་ཡིས་ཁྱེར་ཏེ་ཐུབ་པ་མེད། །དེ་འོག་ཤེལ་མིག་དཀར་ཁྲ་ཟེར། །ཆུས་ཕྱར་ཆུས་ཐོབ་བཟང་བ་ཡིན། །དགྲ་ཕྱ་སྲོག་ཕྱ་གང་ལའང་བཟང་། །ཕྱི་སར་བབས་ན་འདུམ་བྱེད་འོང་། །རྒྱལ་ཕམ་མེད་པའི་ངོ་ཡང་ཡིན། །ཕྱི་མ་གཉིས་པོ་གང་བརྒྱག་ཀྱང་། །ཀྱེ་བ་གཅོད་བྱེད་ནག་པོ་ཟེར། །དམར་མོ་ཁྲག་རིས་མཐུར་རྒྱུག་ཟེར། །རང་སར་བབས་ན་རང་ཕྱོགས་ཕུང་། །ཕྱི་སར་བབས་ན་དགྲ་བོ་འཕུང་། །དགུ་ལ་བབས་ན་མོ་མར་ངན། །ཇུ་ཏིག་གྲི་ཡིས་གཏུབ་ནས་སུ། །ཆུ་ཕོར་གང་གི་ནང་དུ་བླུག །ཕྱོགས་མཚམས་ཁྱབ་པར་གཏོར་ནས་སུ། །ངུ་བོད་གདབ་ཅིང་ཁ་ཧུས་གདབ། །ཁག་བླག་ཕྱོགས་བཞིར་འོ་དོད་བཏང་། །དེ་ལྟར་བྱས་ན་ཐུབ་པར་ངེས། །ཁྱིམས་ནོར་ས་གང་བབ་དེ་ལྟར་བྱ། །དེ་མིན་གཞན་གྱིས་ཐུབ་པར་དཀའ། །གཏོ་རྟེན་འབྲེལ་ཕན་ཡོན་བསམ་མི་ཁྱབ། །ལར་ནེ་ཚ་སོང་བ་དབྱིག་གི་རིགས། །སྲིད་མཐའ་མ་དཀག་ཙམ་ཞིག་ལས། །དུས་རྒྱུན་འབབ་པར་དཀའ་བ་ཡིན། །བབས་ན་བཟང་དྲག་ཐུབ་དཀར་ཞིང་། །དེ་ཡང་མོ་ཁོག་བཟང་ངན་དང་། །བབ་པའི་གནས་དང་བཏབ་བྱའི་ཡུལ། །གཡས་གཡོན་ལ་སོགས་ཁྱད་པར་གྱི། །ཐུབ་དང་མི་ཐུབ་བཟང་ངན་བརྟག །བཟང་ན་དགའ་སྟོན་རྟེན་འབྲེལ་བྱ། །ངན་ན་


MR16_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་བཅོས་རིམ་གྲོ་འབད། །དེ་ཐམས་ཅད་ཀུན་ལ་ཤེས་པར་བྱ། །ཐི་གུ་ལྔ་པོའི་སྣེ་འབྲེལ་ན། །ཀྱེ་བ་རང་ཁུག་སྨུག་པོ་ཟེར། །ཀྱེ་བ་གཡུང་དྲུང་འཁོར་ཆེན་ཡིན། །ཀྱེ་བ་རྣམས་ཀྱི་མ་དེ་ཡིན། །འདི་རི་བོ་བས་ཀྱང་རྒྱ་རེ་ཆེ། །རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ། །འཛད་མེད་གཡང་གི་བང་མཛོད་ཡིན། །མཛོད་མཐའ་ནམ་མཁའི་མཐའ་དང་མཉམ། །རང་སར་ལན་གཅིག་བབ་སྲིད་ན། །རི་བདུན་རྩིག་པའི་རྨང་འགྲམ་བྱེད། །མཚོ་བདུན་བཏུང་བའི་ལོངས་སྤྱོད་བྱེད། །བཞི་དྲུག་བཅུ་ལ་མ་ཁས་གཅིག །ཕྱི་སར་ཤོར་དུ་མི་རུང་ངོ་། །འདི་ལ་ཁ་ཅིག་སྐྱིན་དིང་ནི། །འབྲི་མིག་འཁྱིལ་བ་ཞེས་ཀྱང་ཟེར། །ཐིག་བཞི་ལྕགས་ཐག་ལྟར་འབྲེལ་བའི། །དབུས་མ་གཉིས་ལ་ཕྲུ་གུས་ཟིན། །ཀྱེ་བ་ཀྱེ་ལེ་འོད་དཀར་ཡིན། །ཀྱེ་བ་རྣམས་ཀྱི་སྲས་དེ་ཡིན། །དཔལ་གྱི་རི་བོ་ལྷུན་མཐོ་ཡིན། །རི་ལ་དར་ཆེན་ཕྱར་བ་ཡིན། །གཞན་ཡང་སད་སྐྱམ་ལྡི་བུར་དང་། །ཨ་ཁད་བྱ་རལ་སྤོ་ཚེ་དང་། །ལི་ཡན་རྣམས་ཀྱི་ནང་ན་ནི། །ཐི་གུ་གསུམ་ནས་བཞི་མན་ཆད། །ལྕགས་ཐག་ལྟ་བུར་འབྲེལ་བ་རྣམས། །ཀྱེ་བའི་རིགས་ཡིན་རང་རང་གི ། སྡེ་ཚན་དག་ཏུ་མིང་གིས་གསལ། །འདིར་ནི་ཀྱེ་བ་རང་དབང་བ། །རི་རབ་ཆེ་གསུམ་དག་ཏུ་གནས། །གཅིག་གི་སྟེང་དུ་ཀྱེ་བ་ན། །དཔག་བསམ་ཤིང་སྡོང་རྒྱས་པ་ཡིན། །གཞི་ས་ལྷས་འཛིན་ལྕགས་རི་བསྐོར། །ཇི་བཏབ་ཀུན་ལ་བཟང་མོད་ཀྱི། །རིན་ཆེན་ས་ལ་བཞག་བས་ན། །མི་ཐུབ་གོད་ཁ་འབྱུང་ཀྱང་སྲིད། །གཉིས་རིན་ཆེན་ས་ཡི་འོག་ཏུ་སོང་། །ཤར་ལྕགས་སྒོ་རི་སྦྱང་སྔོན་མོས་ཕྱེས། །དགྲ་མནན་ས་བདག་ཀླུ་མཆོད་བྱ། །གསུམ་རི་གསུམ་ལུང་གསུམ་འདུས་པ་ཡིན། །ཆུ་གསུམ་གྱེན་ལ་བབ་པ་ཡིན། །ཆུང་གསུམ་འཕེལ་ཁ་ཆེ་བ་ཡིན། །ཆེ་ཁ་བས་


MR16_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆུང་ཁ་དྲག །བཞི་ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་ཡིས། །མཐའ་ཡི་རྒྱ་མཚོའི་ཕར་ཁ་ནས། །ཡིད་བཞིན་ནོར་བུ་སྙེད་པ་ཡིན། །དཀོར་ནོར་བཙལ་ན་རྙེད་ངོ་ཡིན། །དགའ་བའི་གྲོག་དང་འཕྲད་ངོ་ཡིན། །ལྔ་མཐའ་ཡི་རྒྱ་མཚོའི་ཁ་འགྲམ་དུ། །གསེར་བྱེའི་ཐང་བདུན་བས་ཀྱིས་གཏོར། །རྔ་གཤང་དུང་གསུམ་ལྐུག་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །དྲུག་པ་བཙུན་ཁོག་པའི་འཕེལ་ཤིང་ཡིན། །སེང་གཡག་དགྲ་བླའི་དཔའ་རྫོང་བཙན། །ན་གཞོན་མའི་གསེར་ཟོ་གང་བས་བཟང་། །བདུན་ལ་གསེར་གྱི་རི་བདུན་ལ། །སྣང་གསལ་ཉི་ཟླ་རྟག་ཏུ་འཁོར། །ཕ་སྤུན་བཙན་ཞིང་ནང་ཁ་གཤིམ། །བརྒྱད་དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གསེར་གྱི་གཡུང་དྲུང་ཁ་ཁྱེར་མཛེས། །གཙོ་བོ་བློ་ཐུབ་རེ་རེ་སྐྱེ། །དགུ་བོན་སྲུང་འགོ་ཞིང་ལྷ་ཡིས་སྐྱོབ། །གཞན་ལ་ཞང་ལྷ་སྲུང་མ་ལོག །བཅུ་གནམ་སྙེགས་ཤུག་པ་ལོ་རྒྱས་ལ། །ཐུགས་དཀར་དུ་དགུ་འཛེགས་པས་བཟང་། །ཁ་རྗེ་ཡར་ལ་དར་ངོ་ཡིན། །བཅུ་གཅིག་ལྷ་བུ་རྣམ་འབྱུང་དཀར་པོ་དེས། །སྲིད་པ་རྐོས་ལ་བཏབ་པས་བཟང་། །སྐོས་ཀྱི་ལས་ལ་དབང་བ་ཡིན། །བཅུ་གཉིས་ཡེ་ངམ་མཚམས་སུ་ཁྱི་ཤིང་བཙུགས། །བཟང་པོའི་མི་རྒྱུད་ངན་དུ་འགྲོ། །ཡེ་ངམ་བར་དུ་གཟུ་བོ་སླེབ། །དགྲ་ཟུན་འཁྲུགས་པ་ཡོད་ན་འདུམ། །བཅུ་གསུམ་ཕྱ་རྗེ་མི་མགོན་དཀར་པོ་དེས། །གནམ་རིམ་པ་བཅུ་གསུམ་ཡང་སྟེང་ལས། །ཡུལ་གྲུ་དགུ་ལ་མི་འདུག་ཟེར། །ཇེ་མཐོ་གནམ་དང མཉམ་པ་ཡིན། །ཧ་ཅང་བཟང་དྲག་ཆེ་བས་ན། །བཙན་ཕྱུག་མཆོག་ཏུ་འཛོམས་པ་ལ། །རྩེ་མོའི་ས་ནས་མར་གྱུ་དོགས། །གཡང་སྒྲུབ་བཀྲ་ཤིས་ཡག་ཀ་བརྗོད། །སྤྱིར་ཀྱེ་བ་ཆེ་དགུའི་རིགས་ཡིན་པས། །ཀྱེ་བའི་རིགས་ཀྱི་བཟང་པོ་རྣམས། །རང་སའི་སྟོད་ཀྱི་བཙན་སར་ཅེས། །ཀྱེ་བའི་ངན་རིགས་ཐམས་ཅད་ནི། །སྟོད་ཀྱི་


MR16_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་སར་བབ་པ་ན། །མི་ཆེན་བླ་མ་ཡོན་ཏན་ཅན། །དམག་ཆེན་ཆུས་ཆེན་རྣམས་ལ་ངན། །ཆུས་འཆོར་དམག་དཔོན་འཆི་ངོ་ཡིན། །གཅིག་གི་སྟེང་དུ་ཀྱེ་བ་དང་། །དེ་ཡི་བཅུ་གཅིག་སྐྱམ་བབ་ན། །ན་ནིང་རྒྱལ་པོ་གདན་ལ་བཞུགས། །ད་ལོ་བློན་པོས་བློ་ཁ་བསྒྱུར། །སོང་ཕོད་རྒྱལ་བློན་གདན་ས་འཆོར། །ད་ལོ་མ་ཡིན་སང་ཕོད་ངན། །བཀའ་འགྱུར་སྒྲོག་ཅིང་སེལ་ཕྱེ་ལ། །གདུགས་དཀར་བཀྲ་ཤིས་བརྩེགས་པ་འདོན། །ཚེ་ཐར་གཏོང་ཞིང་བྱ་ལྡང་བཀྱག །དེ་བཞིན་སྐྱམ་གྱི་ཚབ་ཏུ་ནི། །ལི་ཡན་འཐོར་བ་ལ་སོགས་པའི། །ངན་སྡེ་བབ་ན་དེ་ལྟར་ཡིན། །བཅུ་གཅིག་དིང་དིང་བབ་པ་ན། །གསེར་ཁར་གཡུ་ཡི་ཁ་བད་བཏགས། །ཕ་རིང་ཕྱུག་ལ་བུ་རིང་འཕེན། །ཚ་བོའི་རིང་ལ་བཙན་པོ་ཡིན། །བཙན་ཕྱུག་འཕེན་གསུམ་འཛོམས་པ་ཡིན། །དེ་བཞིན་བཟང་མདུད་བརྒྱག་བཟང་རིགས། །དེ་ཡང་དེ་བཞིན་ཤེས་པར་བྱ། །གཅིག་དང་བཅུ་གཅིག་མིན་ན་ཡང་། །གནས་གཞན་ལ་ཡང་དེ་ལྟར་དཔྱད། །དེ་སྤྱིར་བཏང་མོ་རྣམས་ཀུན་ལ་སྦྱར། །ད་ནི་ལན་གྱི་དཔྱད་པ་ལ། །ཀྱེ་བའི་ལན་དུ་དིང་དིང་ན། །དུང་ཟླ་གནམ་གྱི་དཀྱིལ་དང་འཕྲད། །སྐྱིན་དིང་རི་རྩེ་རྡོ་ཡིས་མནན། །གལ་བར་དུང་བྲག་ཁ་ལ་གླང་ཆེན་འགྱིང་། །བྱ་ཡུན་དུང་བྲག་ཁ་ལ་ཉི་མ་ཤར། །བྱ་བུར་དུང་བྲག་ཁ་ལ་ཟླ་བ་ཤར། །མུ་ས་དུང་བྲག་ཁ་ལ་སྐར་མ་ཤར། །ཝ་རི་དགོ་ཚང་དེ་དང་འདྲ། །ཝ་ཚོ་རི་ལ་མདུང་དར་ཕྱར། །སྤོ་ཚེ་མི་ཆེན་ཁྲི་དང་འཕྲད། །དམུ་དག་རི་ལ་ལྕུག་ཕྲན་འཁྲུངས། །སྐྱེར་དཀར་རི་ལ་ཡེ་སྨོན་བཞུགས། །ཚོལ་ཚེ་རི་མཐའ་ཟས་ཀྱིས་གང་། །ཁྱུང་བརྒྱང་རི་ལ་ཁྱུང་ཚང་བཅས། །ཨ་ཁད་རི་ལ་རྒྱ་སྟག་ངར། །རང་སྙན་ཀྱེ་བ་དམག་ཆུས་བཟང་། །སྲང་ཟེ་རི་ལ་གཡུང་དྲུང་འཁོར། །བྱོད་ཕུར་གཡའ་སྤང་རི་ལ་བུད། །ལྡི་བུར་ཀྱེ་བ་མཚོན་དང་ལྡན། །ཡར་ལྡིང་རི་


MR16_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ནམ་མཁར་མཐོ། །སུམ་མཉམ་ཀྱེ་བ་སྒོ་ཁྱིར་ལྡན། །ཙེ་ར་ཕྱ་རྗེའི་རྣོ་མཚོན་ངར། །གཡུང་དྲུང་ཕྱ་བཅུད་གཡང་དུ་འཁྱིལ། །ཀྱེ་བ་མི་ཆེན་གྲལ་ལ་བསྒྲིག །ཀྱེ་བའི་ངན་རིགས་བབ་པ་ན། །ཀྱེ་བ་རང་སྲོག་རང་གིས་བཅད། །འདི་འདྲ་གཞན་མ་ཀུན་ལའང་སྦྱར། །ད་རོག་རི་ལ་ན་བུན་འཁོར། །གཡང་གི་རྟོད་ཕུར་ཚུགས་པ་ཡིན། །དམུ་དབལ་རི་ལ་དགྲ་བླ་འཁོར། །སྐྱམ་རིགས་བྲག་རི་ཆུ་ཡིས་བཤིག །བྱ་རལ་རི་བོ་རྩེ་ནས་ཉིལ། །ལི་ཡན་རི་བོ་ཁོང་སྟོང་ཡིན། །མར་ལྡིང་རི་རྩ་ཕག་གིས་བརྐོས། །སྤོ་བར་རི་ལ་དུག་ཤིང་སྐྱེས། །སོ་ཡོན་རི་མགོ་མུན་པས་གཡོགས། །རུ་སོད་རི་བོ་དུམ་བུར་འཐོར། །མ་ཟེ་བྲག་རི་མེ་ཡིས་ཚིག །ན་འབན་བྲག་རི་ཐོག་གིས་གཏོར། །སེ་སྟོད་བྲག་རི་དམེ་ཡིས་མནོལ། །དྲོང་རིགས་བྲག་རི་སྐེད་པ་ཆད། །ཝ་སྐྱམ་བྲག་ལ་འདྲེ་ཚང་བཅའ། །དེ་སོགས་རྨེ་བཙོགས་གདོན་གྱི་ནི། །བླ་མདུད་གང་ཡིན་ལན་དུ་ངན། །བརྒྱག་བཟང་མདུད་པའི་དངས་མ་བཟང་། །ཀྱེ་བ་རི་རབ་ལྷུན་པོ་ཡིན། །བཏུད་ཅིང་ལན་ལད་རི་རབ་འགྱེལ། །ཚོགས་བསགས་འགྱེད་སྟོན་མང་པོ་བྱ། །མོ་རྟ་བག་ལ་སོང་ནས་སུ། །སྐྱམ་གྱི་ནང་དུ་ཕྲུ་གུ་གཞག །འཇུས་པ་ད་རོག་ཅེས་སུ་གྲགས། །དེ་ལའང་དབྱེ་བ་འདི་ལྟར་ཡོད། །མོ་རྟ་བག་སོང་སྐྱམ་གཅིག་ལ། །ཕྲུ་གུ་སུམ་བརྩེགས་འཇུས་པ་ན། །ད་རོག་རང་ཤག་དཀར་མོ་ཡིན། །ད་རོག་རྣམས་ཀྱི་གྲོལ་ཕུག་ཡིན། །སྲིད་པ་དམུ་ཡི་ཁོག་པ་ཡིན། །དམུ་ཁམས་ཐམས་ཅད་འདི་ལས་གྲོལ། །ད་རོག་མདོ་ཆུང་གཡུ་ཡི་གླིང་། །ད་རོག་དགའ་ཆུ་མུན་རུམ་ཡིན། །རིན་པོ་ཆེ་ཡི་ཤ་བ་ལ། །ལྷུན་ཆེན་བཅོ་བརྒྱད་ཡོད་པ་ཡིན། །ད་རོག་བོད་ཀྱི་སྡེ་ཚན་ཡིན། །དངུལ་གྱི་མི་ཕོ་དངུལ་རྟ་ཞོན། །རིན་ཆེན་དངུལ་གྱི་བུམ་པ་ལ། །དར་མཚོན་སྣ་ལྔས་སྤྲས་པ་བསྣམས། །


MR16_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དུང་མི་ལྡན་དཀར་བྱ་བ་ཡིན། །སྲིད་པ་ཆགས་པའི་ལྷ་ཞིག་ཡིན། །ལྷ་ཡི་ཡང་ལྷ་དཀར་པོ་ཡིན། །སྔོན་དམུ་རྗེ་རྒྱལ་པོའི་རིང་ལ་བབ། །དམུ་བྲག་དཀར་པོའི་ཡར་སྟེངས་སུ། །ལྷ་ཕྲུག་དུང་གི་སྟག་ཤར་དང་། །དམུ་ཡི་སྨན་ཤར་ལྡེམ་པ་གཉིས། །རྫུ་འཕྲུལ་སྤྲུལ་པས་ཐང་གཅིག་བསྡེབས། །ཤེལ་གྱི་ཁུ་འཕང་རྡོག་གཅིག་བྱུང་། །མངལ་སྒོར་ལྷུང་ནས་མཁའ་ལ་ཡལ། །དང་པོ་མཁའ་ལ་སྐྱ་རིང་ཡིན། །གཉིས་པ་འོད་ཀྱི་རྣོ་ངར་བྱུང་། །དེ་ཡང་ཡར་བ་ཁྱུང་དུ་སོང་། །ཁྱུང་ལ་ཀླུ་ཡིས་བསྙབ་པ་ཡིས། །མ་ཟིན་མཇུག་སྒྲོ་ལག་པར་ཆད། །ཀླུ་ཁྱུང་ཞེ་འགྲས་དེ་ནས་འགྲས། །སྤྲུལ་པ་སྡེབ་ཐང་གསུམ་པ་ལ། །དུང་གི་ཤེའུ་ཆུང་གཡུ་རྭ་ཅན། །རྩ་མཆོག་ཀུ་ཤའི རྩེ་ལ་ཟ། །གཡུ་ཆུ་སྔོན་མོའི་དྭངས་ལ་འཐུང་། །ཕོ་ལྷ་དུང་ཤ་རུ་རིང་ཟེར། །ད་རོག་འཕྲུལ་གྱི་རང་ཤག་ཡིན། །ལན་ཅིག་བབས་པའི་དུས་ཀྱི་ཚེ། །ལྷ་ཁམས་ཆགས་ལས་མི་ཁམས་གྲོལ། །ལྷ་དམག་མི་དམག་ཁྲི་དང་འབུམ། །སྐུ་ཡི་འོད་ལས་སྲིད་པ་ཡིན། །ཐུགས་ལ་ལུང་གི་སྒོ་མོ་གསལ། །ཤལ་ཆེན་དམག་ལ་སྟོད་དུ་དགོས། །སྡེ་སྲིད་འབྲེལ་ན་བར་དུ་དགོས། །ཡུལ་གཞིས་འཛིན་ན་སྨད་དུ་དགོས། །བདུན་སྟོང་དགུ་བརྒྱའི་ཕ་མཁར་ཡིན། །དིང་དིང་ཆེ་བའི་རྒྱལ་པོ་ལ། །འཕྲུལ་གྱི་བློན་པོ་ད་རོག་ཡིན། །ལྷག་པར་ཕྱུག་པོའི་མོ་ལ་བཟང་། །ད་རོག་ཕྱུགས་ཀྱི་གསེར་རྩི་ཡིན། །ད་རོག་གཡང་གི་རུ་མ་ཡིན། །གཡུ་མཚོ་སྔོན་མོའི་གུར་ཁྱིམ་ན། །མཚོ་སྨན་བུ་མོ་མཆེད་ལྔ་ཡིས། །གཡང་གི་ཆར་བ་བབ་པ་ཡིན། །ས་ལ་ལོ་ཐོག་འཁྲུང་བ་ཡིན། །འབྲི་གཅིག་འབྲི་བརྒྱར་འཕེལ་བ་ཡིན། །རྫས་གཅིག་རྫས་འབུམ་འཕེལ་བ་ཡིན། །རྒན་མོས་ཡང་ཚ་མཐོང་བ་ཡིན། །ལྷག་པར་སྡེ་ཆུས་འཛིན་ན་བདེ། །ལྷ་


MR16_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་གཡང་འགུགས་བྱེད་ན་བཟང་། །བྱ་ཁྲི་བྱ་གདང་འཛུགས་ན་བཟང་། །རང་ས་རྣམས་སུ་གར་བབ་ཀྱང་། །དགྲ་གཞི་སྐོར་གསུམ་ཀུན་ལ་བཟང་། །འདི་ཡི་སྐྱམ་ལ་བརྒྱག་གཅིག་བཅས། །ད་རོག་གསེར་གཞོང་སེར་པོ་ཟེར། །རྒྱལ་པོའི་མགོ་ལ་ལ་ཐོད་བརྒྱན། །ཡུལ་ནི་ས་ག་མདོ་དྲུག་དེར། །དམུ་གཤེན་རྔམ་པ་ཐོག་དྲུག་དེས། །འདྲེ་སྲིན་བྱུར་གསུམ་ཕུད་ཉིན་བབས། །རིན་ཆེན་མཆོང་གི་མི་ཕོ་ལ། །ཤེལ་དཀར་ན་བཟའ་སྐུ་ལ་གསོལ། །ཟ་འོག་དར་གྱི་གོང་བ་བཏགས། །མུ་ཏིག་དཀར་དམར་ཚོམ་བུར་བརྒྱན། །དུང་རྨོག་འཇང་རིང་དབུ་ལ་གསོལ། །ཡང་རིང་རྒོད་ཀྱི་ལྡེམ་འཕྲུ་བཙུགས། །ཕྱག་ན་དུང་གི་བ་དན་བསྣམས། །བ་དན་ལན་གཅིག་ཕྱར་བའི་ཚེ། །ཤར་གཡང་གསལ་ལ་དཀར་བ་སྲིད། །ཤར་ལྷ་འོད་དཀར་བྱ་བ་ཡིན། །འདི་ཉིད་རང་སར་རྣམས་ཀྱི་ནི། །སྟོད་དུ་གནམ་གྱི་ཀ་བ་ཚུགས། །བར་དུ་རི་བོ་མཆོག་རབ་བརྟན། །སྨད་དུ་གཡུ་མཚོ་ཕྱུག་མོ་འཁྱིལ། །གལ་ཏེ་དེ་ལ་བརྒྱག་གཉིས་བྱུང་། །དགུང་སྔོན་འབུམ་གྱི་ལྟེ་བ་བརྒྱག །སྟེང་ལྷ་ཁམས་ཀུན་གྱི་གྲོལ་ཕུག་ཡིན། །ད་རོག་རང་ཤག་དཀར་མོ་དེས། །ཕྲུ་གུ་གཉིས་ཀྱིས་ཁོག་ལ་འཇུས། །ད་རོག་ཧྲངས་ཀྱི་རུ་ཐོག་གམ། །རྟ་ལྷ་གཡུང་དྲུང་རྒྱལ་པོ་ཟེར། །བཙན་པོ་གསུམ་གྱི་ཡུལ་ཟིན་ཅིང་། །འཕེན་པོ་གསུམ་གྱི་བུ་དར་ཏེ། །ཕྱུག་པོ་གསུམ་གྱི་མཛོད་འཕེལ་ཡིན། །ལས་ཡིག་ཚོང་ཅན་གྱི་ཀ་བ་ཡིན། །མདོ་རིགས་ཅན་གྱི་རྟ་བདག་ཡིན། །འབྲས་དྲུག་སྨིན་པའི་སྦྲང་ཆར་ཡིན། །ཀླུ་ཡུལ་ནེ་སེང་སྔོན་མོ་དེར། །ཀླུ་དུང་གི་གཙུག་ཕུད་རང་ལ་བབས། །འདི་ལ་བརྒྱག་གཅིག་བཅས་པ་དེ། །བར་སྣང་འཇའ་ཚོན་འོད་འབར་བརྒྱག །ད་རོག་རྣམས་ཀྱི་ཕྱུག་རྩི་ཡིན། །བརྒྱག་གཉིས་ཧྲངས་ལ་གསལ་སྒྲོན་


MR16_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག །ཡང་དག་ཕྱུགས་ཀྱི་གསེར་རྩི ཡིན། །ཕྲུ་གུ་གསུམ་གྱི་དབུས་མས་འཇུས། །ད་རོག་འཕྲུལ་ཤ་རུ་དཀར་ཡིན། །རིན་པོ་ཆེ་ཡི་ཤ་བ་ཡིན། །ཀླུ་དུང་གི་གཙུག་ཕུད་རིང་ལ་བར། །རིན་པོ་ཆེ་ཡི་གཏེར་ཞིག་རྙེད། །ཀླུ་རྒྱལ་འབར་བ་ཁྱམས་ལྡན་ཡིན། །དགྲ་གཞི་དོན་གསུམ་ཀུན་ལ་བཟང་། །རང་སའི་བཙན་ས་གར་བབ་ཀྱང་། །མི་ནོར་གཉིས་ཀྱི་འཕེལ་ཁ་ཡིན། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །ཕྱི་སར་ཤོར་དུ་མི་རུང་ངོ་། །ཕྱི་སར་ཤོར་ནས་ལན་ལད་ན། །མི་ནོར་གཉིས་ཀ་དུས་གཅིག་བརླག །འདི་ལ་བརྒྱག་གཅིག་བྱུང་བ་ན། །འཕྲུལ་ཤ་ཀླུ་ཡི་ནོར་བུ་བརྒྱག །རང་ས་གར་བབ་མི་ནོར་འཕེལ། །ཕྱི་སར་ཤོར་དུ་མི་རུང་ངོ་། །གལ་ཏེ་འདི་ལ་བརྒྱག་གཉིས་བྱུང་། །ད་རོག་ཁྲ་གཤོག་རིང་མོ་ན། །རྒྱལ་པོའི་དབུ་ལ་ལ་ཐོད་བརྒྱག །གཡུ་འབྲུག་རྔམས་པའི་ཡ་ཐོད་ལ། །ཆུ་སྲིན་རྔམས་པའི་ཁོག་སྨད་བརྒྱག །སྦྲུལ་ནག་རེ་འབྱམས་རྔ་མ་བཏགས། །གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །སེང་གེ་དཀར་པོའི་རལ་པ་མཛེས། །ཟངས་ལྕགས་འཐབ་པའི་སེང་ཁྲལ་གྲགས། །མི་འབབ་ལན་གཅིག་བབ་དུས་ན། །མི་མཐའ་ཆུ་བས་རིང་བར་ནུས། །མི་འབྲུ་ནས་བས་འཕེལ་ཀྱང་ནུས། །མི་སྲོག་ལྕགས་ལས་སྲ་ཡང་ནུས། །ཤལ་ཆེན་དམག་ལ་སྟོད་དུ་གཅེས། །ཕྲུག་གསུམ་མཐའ་གཉིས་ཁོག་ལ་འཇུས། །ད་རོག་རང་ཁུག་སྨུག་མོ་ཟེར། །ད་རོག་རྣམས་ཀྱི་མ་དེ་ཡིན། །རྒན་མོས་ཡང་ཚ་མཐོང་ངོ་ཡིན། །ད་རོག་མོ་རིགས་ཡིན་པས་ན། །བ་ཁོག་གསུམ་དུ་བབ་ན་གཅེས། །ད་རོག་དམུ་ཡི་རྒྱལ་མོ་ལ། །གཡང་གི་ར་བ་འགང་མི་དེ། །ད་རོག་རིང་འགུག་སྨུག་པོ་ཡིན། །འདི་ལ་བརྒྱག་གཅིག་བཅས་པ་ན། །མ་ཕམ་གཡུ་མཚོའི་ཁ་ཞག་བརྒྱག །ཀླུ་


MR16_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འབུམ་གྱི་གྲོལ་ཕྲུག་ཡིན། །ནོར་བུའི་ཕྲེང་བ་བརྒྱུས་པ་ཡིན། །ཕྲུ་གུ་གསུམ་ཀས་ཁོག་ལ་འཇུས། །ད་རོག་མུན་རུམ་ཞེས་པའམ། །མཚོ་རྒྱལ་མུན་རུམ་ཞེས་ཀྱང་ཟེར། །ད་རོག་ནང་ནས་ཅུང་ཟད་ཞན། །སྔོན་སྲིད་པ་དམུ་ཡི་སྐུ་རིང་ལ། །ཡུལ་ནི་ཞང་ཞོང་སྒོ་བའི་ཡུལ། །མཁར་ནི་སྟག་རྩེ་གཉན་གྱི་མཁར། །མཁར་ཁ་དགུ་བརྒྱ་གོ་དགུའི་རྩེར། །དམུ་ཡི་དམུ་བཟའ་ཁྲི་ལྕམ་དང་། །འབྲུ་ཡི་བུ་མོ་ལན་ཚར་དང་། །ད་རོག་མཚོ་རྒྱལ་རིང་མོ་གསུམ། །ཟས་སུ་སྤྲང་གི་དྭངས་མ་ཟ། །སྐོམ་དུ་གཡུ་ཆང་དྭངས་མ་འཐུང་། །རེ་རེར་ཞོན་པའི་འོག་རྟ་རེ། །གྱི་ལིང་ཁ་དཀར་དེ་དང་གཅིག །བོང་བུ་རྣ་རིང་དེ་དང་གཉིས། །དྲེའུ་ཁ་སྐྱ་དེ་དང་གསུམ། །དུད་འགྲོར་མ་བཙས་རྟ་གསུམ་ཡོད། །མཚན་མོ་རྟ་ཞོན་གླིང་བཞིར་རྒྱུག །ཉིན་མོ་མཁར་གྱི་ཡང་ཐོག་རྩེ། །དེ་ཚེ་འདྲུ་ཡུལ་དགུ་སྐོར་ན། །ལྟས་ངན་ཤ་བ་རུ་རིང་ཡོད། །བསད་པར་འདོད་ནས་གན་དུ་སོང་། །ངོ་ཡང་ཚ་ནས་ཕྱིར་ལ་བལྟས། །བསད་པའི་ཐབས་ཀྱང་མ་རྙེད་ནས། །སྐ་རགས་བཀྲོལ་ནས་རྭ་ལ་བསྐོན། །འཐེན་པས་མ་ཐུབ་ཤ་བས་དྲུད། །གོས་རྣམས་བཤུས་ནས་གཅེར་བུར་སོང་། །ད་རོག་བུ་མོ་གཅེར་རྒྱུག་གིས། །ཤ་བ་འགགས་ལ་བསད་དོ་ཞེས། །མི་ཁ་འབར་ཤ་ཆུ་ལྟར་འབྲུབ། །སྐལ་པ་དེ་ཡི་མོ་མདུད་ཡིན། །སྐྱམ་ལ་ཕྲུག་གསུམ་སོ་སོར་བསྐོན། །ད་རོག་རྒྱལ་བུ་མཆེད་གསུམ་ཟེར། །མཚོ་ཡི་མཚོ་སྨན་སྔོན་མོ་དང་། །སྲིད་པ་རྒྱལ་བུ་སྡེབ་པ་ལས། །ད་རོག་རྒྱལ་བུ་མཆེད་གསུམ་བྱུང་། །དེ་ཕྱིར་མཚོ་རྒྱལ་རིང་ནམ་ཞེས་ཀྱང་བྱ། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །མ་གཅིག་པང་དུ་བུ་གསུམ་ཚར། །བུ་གསུམ་ཚར་བ་བཟང་མཉམ་གསུམ། །ལྷ་ཁང་གསུམ་ལ་གསེར་འཕྲུ་བཙུགས། །ལུང་གསུམ་


MR16_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་བརྒྱད་ཤིང་ཡིན། །མཚོ་ཆེན་གསུམ་ལ་ཁ་ཡིག་འདེབས། །བུ་དང་ཚ་བོ་ཡང་ཚ་མཐོང་། །ཕུ་དེར་དགོན་པའི་ཆོས་གྲྭ་ཚུགས། །མདའ་དེར་ཡུལ་བའི་ས་མཁར་མཐོ། །བར་དུ་བདེ་བའི་དུང་སྐད་བསྒྲགས། །ཕོ་བཙན་པོ་གསུམ་ལ་སྐྱབས་མི་ཚོལ། །མི་ཕྱུག་པོ་གསུམ་ལ་བུན་མི་ལེན། །བཙན་ཕྱུག་འཕེན་གསུམ་དུས་གཅིག་འཇོམས། །འདི་ལ་བརྒྱག་གཅིག་བཅས་པ་ན། །ད་རོག་མཚོ་རྒྱལ་རིང་ནས་ཟེར། །ཆུ་སྲིན་ཁ་ཡི་ནོར་བུ་བརྒྱག །མི་རབས་གསུམ་དུ་ཕྱུག་པོ་རྒྱུན་མི་འཆད། །རང་སའི་བཙན་སར་བབ་ན་བཟང་། །སྐྱམ་ལ་སད་དང་ཕྲུ་གུས་འདུས། །ད་རོག་རྒྱལ་བུ་ཡབ་སྲས་ཟེར། །ད་རོག་བཀྲ་སྤུན་ཞེས་ཀྱང་ཟེར། །བྱང་སྨན་རྒྱལ་མོའི་བླ་མདུད་ཡིན། །ཡུལ་མཁར་རྩིགས་པའི་མོ་ལ་བཟང་། །ཕྱི་སར་ཤོར་དུ་མི་རུང་ངོ་། །བརྒྱག་ན་བང་མཛོད་ནོར་གང་བཟང་། །དེ་ཡི་སད་དེའི་གཉིས་ཀས་འཇུས། །ད་རོག་རྒྱལ་བུ་རང་ཁྲིམས་ཟེར། །གཡང་མཛོད་ནོར་གྱིས་གང་ངོ་ཡིན། །ཕྲུག་གུ་གསུམ་པོ་སུམ་ཚུགས་འབྲེལ། །དེའི་གཉིས་སམ་གཅིག་གིས་ཁོག་ལ་འཇུས། །ད་རོག་གཡུ་བྱིལ་ཞེས་བྱ་སྟེ། །ཟུར་གསུམ་གཡུང་དྲུང་ད་རོག་ཡིན། །ཐུགས་ཀར་མཆེད་དགུའི་བླ་གནས་ཡིན། །བང་མཛོད་ནོར་བུས་གང་ངོ་ཡིན། །དགྲ་ཐུལ་ཇག་ཡག་ནོར་རྙེད་པས། །རང་སའི་བཙན་སར་བབ་ན་གཅེས། །ད་རོག་ཕྲུ་གུ་སུམ་སྦྲེལ་རིགས། །མདུད་རྫོང་མི་འདྲ་མང་བས་ན། །ཐག་ཆོད་དཀའ་ཡང་འདི་ལྟར་བྲིས། །བརྒྱག་གི་བཤད་པ་འགའ་མ་རྙེད། །གཞན་ཡང་སྤོ་ཚེ་ལི་ཡན་ལ། །བྱུང་སོགས་ད་རོག་རིགས་ཡོད་པ། །རང་རང་སྡེ་ཚན་ནང་དུ་གསལ། །འདིར་ནི་བརྒྱག་མེད་མདུད་པ་དགུ། །ད་རོག་མཚོ་ཆེན་སྡེ་དགུ་ཡིན། །དེ་


MR16_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་ད་རོག་རིགས་འདི་རྣམས། །རྒྱ་ཡི་ཇ་མཁར་བཤིག་མི་ཡིན། །ཧོར་གྱི་རྟ་མཁར་བཤིག་མི་ཡིན། །རིན་ཆེན་གཏེར་ཁ་འབྱེད་མི་ཡིན། །སྡིག་པའི་མུན་པ་སེལ་མི་ཡིན། །གྲི་ཡི་མཚོན་ཆ་འཕྲོག་མི་ཡིན། །རེད་ལ་རྨ་རྩ་གཏོང་མི་ཡིན། །སྡར་མ་དཔའ་བོ་བྱེད་མི་ཡིན། །དབུལ་པོ་ཕྱུག་པོར་བྱེད་མི་ཡིན། །རྨང་པོ་འཕན་པོར་བྱེད་མི་ཡིན། །ངན་པ་བཟང་པོར་བྱེད་མི་ཡིན། །ཉེས་པ་ལེགས་པར་བཅོས་མི་ཡིན། །རང་སར་ཅི་བཏབ་ཀུན་ལ་བཟང་། །གཅིག་གི་སྟེང་དུ་ད་རོག་ན། །གཡུ་ཡི་ནེའུ་སེང་སྔོན་མོ་ཡིན། །བརྒྱག་ན་ནེ་སེང་མེ་ཏོག་འཁྲུངས། །ཟལ་དཀར་འབྲི་ཡི་སྲོག་མདུད་ཡིན། །གཉིས་ཟམ་སོའི་རྐུན་མ་ལག་རིང་གིས། །ནེ་སེང་མེ་ཏོག་བརྐུ་བར་ཤོམ། །བརྒྱག་ན་རྐུན་ལག་མེ་ཏོག་ཤོར། །གསུམ་ཡོད་ཀྱི་ལམ་ར་གྲུ་བཞི་ཡིན། །བརྒྱག་ན་འབྲས་དཀར་མེ་ཏོག་འཁྲུངས། །བཞི་མ་ཕམ་གཡུ་མཚོ་སྔོན་པོ་ལ། །གཡང་གི་ཁ་ཞག་ཆགས་པ་ཡིན། །བརྒྱག་ན་མཚོ་ལ་ནོར་བུ་འཕེལ། །ལྔ་ལ་གཡུ་མཚོ་ཡུར་བར་དྲང་། །བརྒྱག་ན་གཡང་ཉམས་དགྲ་རྐུན་ངོ་། །དྲུག་ལ་གསེར་ཟོ་ནུ་མ་མཛུབ་མོ་འཛོམས། །བརྒྱག་ན་གསེར་ཟོ་འོ་མས་གང་། །བདུན་གཡང་གི་རྟ་མཛོ་ལྡང་ལ་བསྒྲིག །བརྒྱག་ན་རྟ་ཁལ་མཛོ་ཁལ་ནོན། །བརྒྱད་དཀོར་མཛོད་ནོར་གྱི་གང་བ་ཡིན། །བརྒྱག་ན་བང་མཛོད་ནོར་གྱིས་གང་། །དགུ་གཡང་གི་དམུ་དག་སྲིན་གྱིས་བརྐུས། །བརྒྱག་ན་གོད་ཀྱི་སྟྭ་རེ་ཕྱར། །བཅུ་མོ་ལྷའི་གནམ་མཚོ་ཕྱུག་མོ་ཡིན། །བརྒྱག་ན་གནམ་མཚོ་ཁ་ལུད་ཡིན། །བཅུ་གཅིག་གཡུང་དྲུང་འཕེལ་མཚོ་དཀར་མོ་ཡིན། །བརྒྱག་ན་འཕེལ་མཚོ་བདུད་རྩིས་གང་། །བཅུ་གཉིས་གཡང་མཛོད་གཡང་ལྷ་དགྲ་ལ་ཕྱོགས། །བརྒྱག་ན་དཀོར་མཛོད་དགྲ་ལ་འཆོར། །བཅུ་གསུམ་མཚོ་སྨན་དགུང་ནས་བལྟ། །བརྒྱག་ན་མཚོ་ཆེན་རི་རྩེར་


MR16_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །བཟང་དྲག་ཐུབ་པར་དཀའ་བས་ན། །བཙན་ཕྱུག་འཕེན་པོའི་མཐའ་སོན་ནས། །དེ་ནས་མར་ལ་གྱུ་དོགས་ཡོད། །འདི་བབ་སྣ་ཁ་ཁྱོགས་དཀའ་བས། །ཚེ་རིང་གསུམ་གྱི་གཏོ་སྐུ་བཙུགས། །ཚེ་ཟད་གསུམ་གྱི་ཡས་གླུད་བོར། །ཚེ་ཐར་བཅུ་གསུམ་བཏང་ནས་སུ། །གཡང་གཏའ་བཙུགས་ཤིང་གཡང་སྒོ་བསྡམས། །བཀྲ་ཤིས་ཡག་ཁ་བརྗོད་ན་ནི། །མི་སྲིད་སྲིད་པའི་དར་ལུགས་འབྱུང་། །ད་ནི་ད་རོག་དཔྱད་དོན་ལ། །དིང་དིང་གལ་བར་སྐྱེར་དང་གསུམ། །འདི་གསུམ་ད་རོག་འཕེལ་ཁ་ཡིན། །དམུ་ཐག་ཝ་ཚོ་མུ་ས་སྟེ། །འདི་གསུམ་ད་རོག་འཕེན་ཐག་ཡིན། །བྱོད་ཕུར་བྱ་བུར་ལྡི་བུར་གསུམ། །ད་རོག་སྨིན་པའི་འབྲས་བུ་ཡིན། །སང་དང་བྱ་ཡུན་སད་ཁམས་གསུམ། །ད་རོག་སྐྱོབ་པའི་ལྷ་གསུམ་ཡིན། །དཀར་ཐོག་རྩེ་མ་བུ་བརྒྱག་གསུམ། །ད་རོག་ཁ་འཛིན་རྣམ་གསུམ་ཡིན། །ཚོལ་ཚེ་སྲང་ཟེ་གསོལ་ངོ་གསུམ། །ད་རོག་འཚོ་བའི་རྫིའུ་ཡིན། །འདི་རྣམས་ད་རོག་ལན་དུ་བཟང་། །བྱ་རལ་ཐང་ལེ་ལི་ཡན་གསུམ། །ད་རོག་གཡང་འཕྲོག་དབུལ་འདྲེ་ཡིན། །སོ་ཡོན་སྤོ་བར་སེ་སྟོད་གསུམ། །ད་རོག་གྱོད་ལ་བཏགས་མི་ཡིན། །གླེས་སྨེ་ཕུང་ཁད་ཏྲོང་ཁད་གསུམ། །ད་རོག་ཁྲེལ་བའི་གཏམ་ངན་ཡིན། །མ་ཟེ་རུ་སོད་ན་འབན་གསུམ། །ད་རོག་འཇིག་པའི་མཐའ་མིག་ཡིན། །བྲག་ནག་ཏྲོང་ནག་སྐྱམ་ནག་སྟེ། །འདི་གསུམ་ད་རོག་སྲོག་གཅོད་ཡིན། །རྒྱ་ཡེར་བྱི་ལ་སྐྱམ་སེ་གསུམ། །ད་རོག་སྡུག་པའི་འདྲེ་གསུམ་ཡིན། །ད་རོག་རིགས་ཀྱི་ལན་ལད་ན། །མར་ལ་དམུ་མེད་དུག་ཕྱུང་བྱ། །བར་དུ་ཀླུ་བཅོས་ཀླུ་འབུམ་འདོན། །ཡར་ལ་ལྷ་གསོལ་བྱ་སྡང་བཀྱག །ཡོན་དུ་ནང་ནོར་གོ་ཁྲབ་སྦྱིན། །ད་རོག་ལན་དུ་དིང་དིང་ན། །མཚོ་མཐའ་ལྕགས་རིས་བསྐོར་བ་ཡིན། །སྐྱིན་དིང་མཚོ་མཐའ་རྡོ་ཡིས་


MR16_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཏེ་བཟང་། །གལ་བར་མཚོ་མཐའ་གླང་ཆེན་སྐོར། །བྱ་ཡུན་མཚོ་ལ་ཉི་མ་ཤར། །བྱ་བུར་མཚོ་ལ་དུང་ཟླ་ཤར། །མུ་ས་མཚོ་ལ་མེ་ཏོག་འཁྲུངས། །ཝ་ཚོ་དམུ་རྒྱལ་མདུང་དར་ཕྱར། །སྤོ་ཚེ་མཚོ་ལ་ལྗོན་ཤིང་སྐྱེས། །དམུ་དག་དམུ་ཡི་ཚེ་མདའ་ཚུགས། །སྐྱེར་དཀར་མཚོ་ལ་ཉ་མོ་འཁོར། །ཚོལ་ཚེ་མཚོ་ལ་ཁ་ཞག་ཆགས། །ཁྱུང་བརྒྱང་མཚོ་ལ་བྱ་བརྒྱ་རྩེ། །རང་སྙན་དམུ་ལྕམ་ལྷ་དང་འཕྲད། །སྲང་ཟེ་མཚོ་ལ་གཡུང་དྲུང་འཁོར། །བྱོད་ཕུར་མཚོ་མཐར་ལྕོག་ཚང་ཡག །ལྡི་བུར་མཚོ་ལ་ཀླུ་བདག་བཙན། །ཡར་ལྡིང་མཚོ་ཆེན་ཆར་གྱིས་འཕེལ། །ཙེ་ར་མཚོ་སྙིང་ནོར་བུས་འཛིན། །གཡུང་དྲུང་མཚོ་ཆེན་གཏན་དུ་མི་སྐམ་བཟང་། །ཀྱེ་བ་གཡུ་ཡི་སྐུ་མཁར་ལ། །ཀུ་ལང་གསེར་གྱི་བག་མ་བཏགས། །མི་ཡི་གཡུང་དྲུང་ཐོབ་པ་ཡིན། །ཕྱུགས་ལ་གསེར་རྩི་ཆགས་པ་ཡིན། །མི་རབས་དགུ་ལ་དར་བའི་ངོ་། །ད་རོག་ལན་དུ་ད་རོག་ན། །ད་རོག་ཕ་ལ་བུ་བརྟེན་ཡིན། །དམུ་དབལ་བརྒྱད་པ་རུ་ལག་རྒྱས། །སྐྱམ་རིགས་རྒྱ་མཚོ་ཡུར་བར་དྲང་། །བྱ་རལ་གཡང་ཞག་ཁྱི་ཡིས་འཐུང་། །ལི་ཡན་གཡང་མཛོད་འགོང་པོས་བརྐུས། །མར་ལྡིང་མཚོ་ཆེན་ཐན་པས་བསྐམ། །སྤོ་བར་དམུ་རྗེ་གྱོང་ལ་འཐོགས། །སོ་ཡོན་མཚོ་ལ་མུན་པ་འཁྲིགས། །རུ་སོད་སྐྱིད་མཚོ་བདུད་ཀྱིས་བསྐམ། །མ་ཟེ་ཉ་ཤི་མཚོ་སྐམ་ཡིན། །ན་འབན་མཚོ་མོ་གཞུང་ནས་རལ། །སེ་སྟོད་མཚོ་ལ་དུག་ཁྲག་འཐོར། །བྲག་ནག་མཚོ་ལ་དུག་རླངས་འཕྱུར། །ཏྲོང་རིགས་མཚོ་ལ་དམེ་ཟམ་ཚུགས། །སངས་ཀྱི་བརྒྱག་བཟང་བཀྲ་ཤིས་ས་བོན་ཐེབ། །བུ་བརྒྱག་ཕྱུགས་ཀྱི་གསེར་རྩི་ལོན། །མོ་རྟ་བག་ལ་སོང་ནས་སུ། །ཕྲུག་གུ་གཅིག་ལ་ཕྲུག་གུ་བཞི། །སོ་སོར་བསྐོན་པར་གྱུར་པ་ན། །དམུ་དབལ་གླིང་བཞི་འཁོར་ལོ་ཡིན། །དམུ་དབལ་རྣམས་


MR16_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲོལ་ཕུག་ཡིན། །གླིང་བཞི་ཆགས་པའི་གཞི་མ་ཡིན། །སྲིད་པ་གཙུག་གི་གྲོལ་ཕུག་ཡིན། །མུ་དབལ་སྔ་བ་རུ་བཞི་འདིར། །ལྷ་འདྲེ་མི་གསུམ་བོན་དང་བཞི། །མདུད་པ་འདི་ལ་ཚང་བ་ཡིན། །ལྷ་དང་མི་ཡི་དཔུང་རོག་ཡིན། །རྟ་ནི་རག་པ་གཡུ་མདངས་ལ། །མི་ནི་དཀར་པོ་དུང་འཕྲུ་ཅན། །སྦ་དཀར་ཕུབ་མོ་རྒྱབ་ལ་ཁུར། །དར་དཀར་ལའུ་སྐུ་ལ་གསོལ། །འཇའ་ཡི་ཁྲབ་མོ་ལུས་ལ་གྱོན། །ལན་གཅིག་ལ་ཁར་བྱོན་ཙ་ན། །དར་ཆེན་དགུང་དུ་འཕྱར་བ་འདྲ། །ལྷ་མི་མཐོང་ན་འཛུམ་དཀར་སྟོན། །འདྲེ་སྲིན་གཉིས་ལ་སྡང་མིག་བལྟ། །སྙན་པའི་གླིང་བུ་ཀྱུ་རུ་རུ། །རྔ་གཤང་རོལ་མོ་ཁྲོ་ལོ་ལོ། །བསྒྲུབ་ན་ཕྱ་གཤེན་མངོན་ཤེས་སྟོན། །མཆོད་ན་ཁ་འཛིན་སྡོང་གྲོགས་བྱེད། །བསམ་ན་སྣང་གཤེན་ཐུགས་ལ་གསལ། །དྲན་པས་ཆོག་པའི་དགྲ་བླ་ཡིན། །རེས་འགའ་ཉི་མདངས་ལྷག་གེ་ལྷག །རེས་འགའ་ཆར་བ་སི་ལི་ལི། །རེས་འགའ་འཇའ་ཚོན་ལྡེམས་སེ་ལྡེམ། །སྨོན་སྤོས་དྲི་བཟང་ཐུ་ལུ་ལུ། །ལྷ་ཡི་ནང་ནས་ཡང་ལྷ་ཡིན། །མགོན་གྱི་ནང་ནས་ཡང་མགོན་ཡིན། །ཞི་བ་བདུད་རྩིའི་སྦྲང་ཆར་ཡིན། །ཁྲོས་ན་དྲག་པོའི་ཐོག་ཆར་ཡིན། །དགྲ་བླའི་ནང་ནས་ཡང་བླ་ཡིན། །འདི་ལྷ་ཆེན་ཕུ་ཝེར་དཀར་པོ་ཡིན། །པྲ་ལྟས་མོ་ལྷའི་རྒྱལ་པོ་ཡིན། །བ་ཁོག་རྣམ་གསུམ་གར་བབས་ཀྱང་། །སྐྱིད་ཀྱི་དཔག་བསམ་ཤིང་ཆེན་ཡིན། །ཕྱི་སར་ཤོར་དུ་མི་རུང་ངོ་། །སྙིང་མིག་སྲོག་གསུམ་གར་བབ་ཀྱང་། །ཆོས་དང་གྲུབ་པ་ནོར་དང་ནི། །འདོད་དོན་མ་ལུས་ཡིད་བཞིན་འགྲུབ། །དེ་ནས་འཁོར་ལོ་གླིང་བཞི་ལ། །རྩམ་ཐིག་འབྱུང་བའི་ཚུལ་ལས་ནི། །མི་འདྲ་རྣམ་པ་བཞི་ཡོད་པ། །མདུད་རྫོང་དག་ལས་མ་རྙེད་པས། །ཇི་བཞིན་འབྲི་བ་རྔོ་མ་ཐོགས། །རྙེད་ན་སླར་ཡང་འཛུད་པར་བྱོས། །ས་


MR16_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཙམ་དུ་འབྲི་བ་ན། །གཉིས་ནི་ཕན་ཚུན་འབྲེལ་བ་དང་། །གསུམ་འབྲེལ་གཅིག་ནི་རང་སོར་འདུག །བཞི་ཀ་འབྲེལ་བ་འདི་ལ་ནི། །མཐའ་འབྲེལ་མ་འབྲེལ་གཉིས་སྣང་ཡང་། །ས་ཁོངས་གཅིག་ཏུ་བརྩི་བ་ཡིན། །གཉིས་གཉིས་འབྲལ་ཏེ་རྣ་རྒྱན་འདྲ། །དམུ་དབལ་བསེ་རྒོད་ཆོ་ལོ་རིས། །གཡུང་དྲུང་སྟག་ཁྱིམ་གུར་མིག་ན། །ལྷ་བོན་ལྷ་དང་མཇལ་མི་ཡིན། །འདི་ལ་བསེག་འབྲེལ་ཟུར་འབྲེལ་གྱི། །ཅུང་ཟད་ཁྱད་པར་ཡོད་མོད་ཀྱི། །ས་ཁོང་གཅིག་ཏུ་བརྩི་བ་ཡིན། །དེ་ལྟར་བཞི་པོ་དེ་དག་ཀྱང་། །འཁོར་ལོ་གླིང་བཞིར་སྤྱིར་གཏོགས་ཀྱང་། །ནང་གསེས་མིང་དང་དོན་བཤད་པ། །རིགས་པས་ཕྱོགས་ཙམ་རྗེས་དཔོག་ཀྱང་། །རང་བཟོར་འགྱུར་དོགས་འདིར་མ་བྲིས། །དེ་ནང་གསུམ་བཞིའི་ཙམ་ཐིག་ཙན། །དྲག་པོ་ཡིན་བས་དམག་ལ་བཟང་། །བདེ་དལ་མོ་ལ་ཅུང་ཞན་ནོ། །དེ་ནས་ཕྲུ་གུ་གཉིས་དང་ནི། །སད་འཇུས་པ་ཡི་དམུ་དབལ་ལ། །མི་འདྲ་རྣམ་པ་ལྔ་ཡོད་ཀྱང་། །སྣེ་འབྲེལ་གཉིས་པོ་བྱ་བུར་དང་། །དབུས་སུ་ཟིན་པ་ཀྱེ་བ་རུ། །བཤད་ཟིན་ལྷག་མ་གཉིས་པོ་ལས། །མོ་རྟ་བག་ལ་སོང་ནས་སུ། །ཐིག་བཞི་ལྕགས་ཐག་ལྟར་འབྲེལ་བའི། །མཐའ་གཉིས་ཕྲུ་གུས་འཇུས་ན་ནི། །དམུ་དབལ་ཟེ་ཟེ་དཀྱིལ་ཆེན་ཡིན། །གཤེན་གྱི་གྲུབ་པའི་གནས་དེ་ཡིན། །དཀྱིལ་ཆེན་ཕུ་ཝེར་དཀར་པོ་ཡིན། །མ་གཤེན་ཕུར་བུ་རང་གྲུབ་ཡིན། །ལ་ལས་དམུ་དབལ་ཀྱེ་ལེ་རང་ཤག་ཟེར། །ལ་ལས་དམུ་དབལ་གནམ་མདུང་དཀར་པོ་ཡང་ཟེར། །མདོ་ཁྲི་དངུལ་གླིང་ཞེས་ཀྱང་བྱ། །རང་སར་གང་ལ་གཡོན་ཆོག་ཡིན། །དེ་ཡི་དབུས་ཀྱི་གཉིས་པོ་ཡི། །གང་རུང་གཅིག་ལ་ཕྲུ་གུས་ཟིན། །དམུ་དབལ་ཟེ་ཟེ་


MR16_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྲུང་འོད་དཀར་ཡིན། །ལ་ལས་མུ་དབལ་རང་ཤག་དཀར་པོའང་ཟེར། །ལ་ལས་ཤེལ་དཀར་ཕུ་ཝེར་འོད་དཀར་ཟེར། །ཤེལ་ཕུ་ཝེར་དཀར་པོའི་བླ་མདུད་ཡིན། །ལྷ་རྒྱུད་ཡར་ལ་གྲོལ་ངོ་ཡིན། །དམུ་དབལ་གཙུག་གི་རྒྱལ་པོ་ལ། །གཙུག་གི་གཟེར་ཆེན་འདེབ་མི་དེ། །མུ་དབལ་གཡུང་དྲུང་ཟེ་ཟེ་ཡིན། །དེ་ལྟར་མདུད་པ་བདུན་པོ་འདི། །མུ་དབལ་འཁོར་ལོ་གླིང་བདུན་ཡིན། །གཞན་ཡང་ཐི་གུ་གཅིག་གི་ནང་། །གསུམ་འཇུས་ཕན་ཆོད་མུ་དབལ་རིགས། །དཔེར་ན་ཀྱེ་ལེ་འོད་དཀར་དང་། །བྱ་བུར་ལྷག་མ་གཉིས་པོ་དང་། །མུ་དབལ་ཁ་རྒད་སྤོ་ཚེ་དང་། །དམུ་དབལ་ཁ་རྒད་ལི་ཡན་སོགས། །སྤོ་ཚེ་ལི་ཡན་གཉིས་ཀྱི་ནང་། །མུ་དབལ་རིགས་རྣམས་འགའ་ཡོད་པ། །སོ་སོའི་སྡེ་ཚན་ནང་དུ་བསྟན། །དམུ་དབལ་ཕྱི་མ་འདི་གཉིས་ཀྱི། །མདུད་རྫོང་ཕལ་ཆེར་ཤིན་ཏུ་ནི། །ནོར་བ་དཔེར་ན་རྒྱུན་འབྱམས་མང་། །འདིར་ནི་མདུད་རྩ་མ་ནོར་ཀྱང་། །བཤད་ལུགས་མི་འདྲ་མང་བའི་ཕྱིར། །ཡང་དག་ཡིད་ཆེས་དཔེ་རྙེད་ནས། །འདྲ་མིན་ཡོད་ན་བཅོས་པར་བྱའོ། །མུ་དབལ་གཤེན་གྱི་ཁ་འཛིན་འདི། །གཅིག་གི་སྟེང་དུ་བབ་པ་ན། །གཤེན་རབ་ཐང་ལ་འོད་རྒྱལ་དེས། །གཤེན་གྱི་གདན་ཁྲི་ཟིན་པ་ཡིན། །གཉིས་ལ་ཐང་གཤེན་ཕྱྭ་དཀར་དེ། །མཐའ་འཁོབ་ཡུལ་གྱིས་བསླུས་པ་ཡིན། །བོན་གཤེན་འོར་ལྷུང་བཙོན་འཛིན་ངོ་། །གསུམ་འཕྲུལ་སྲས་རྨ་ལོ་གཡུ་ལོ་དེས། །ཆུང་ནས་ཡིག་ཚང་ལོབ་པ་ཡིན། །མཁས་པའི་གྲགས་པ་ཐོབ་པ་ཡིན། །བཞི་གཤེན་རབ་སྲས་མོ་ནེའུ་ཆུང་དེ། །བདུད་ཀྱི་ལག་ནས་ལོན་པ་ཡིན། །མཆོད་པའི་ཞིང་ས་རྒྱས་པ་ཡིན། །ལྔ་ནེའུ་ཆུང་བློ་ཁ་བདུད་ཀྱིས་བསྒྱུར། །བདུད་མཁར་ནང་དུ་མི་ཤོར་ཡིན། །དྲུག་གསེར་ལྕམ་འཕྲུལ་མོས་གསེར་མཛོད་


MR16_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། །ཁྱིམ་བདག་མོ་ལ་ཟས་ནོར་འཛོམས། །བདུན་བོན་གཤེན་བསྟན་པ་ཟིན་པ་ཡིན། །སྐྱེས་བུའི་མི་རབ་འཕེལ་བ་ཡིན། །བརྒྱད་གཤེན་བོན་ཡེ་ངམ་གྱི་གང་དེས། །གཙང་དམེ་དཀར་ནག་ཕྱེས་པ་ཡིན། །གཡུང་དྲུང་གཙུག་གཤེན་རྒྱལ་བ་ཡི། །འདུལ་ཁྲིམས་རྣམ་པར་དག་པ་ཡིན། །དགུ་སེལ་བོན་རྩ་དཀར་འབྱེད་པ་དང་། །སེལ་ཡག་ངོ་སོ་མཐོ་བ་ཡིན། །སེལ་ཕྱེ་ཚེ་ཐར་གཏོང་ན་བཟང་། །བཅུ་ལ་གནམ་བོན་གསེར་མགོ་དེས། །ཡ་བདུད་གནམ་སྒོ་བཅད་པས་བཟང་། །བཅུ་གཅིག་གཤེན་རབ་ངོ་སོ་མཐོ། །རྒྱལ་བུས་བསམ་པ་འགྲུབ་པ་ཡིན། །གཤེན་གྱི་གྲུབ་པ་མཐའ་རུ་ཕྱིན། །བཅུ་གཉིས་སྣང་སྲས་འཕྲུལ་བུ་བདུད་ཀྱིས་ཁྱེར། །སྣང་གཤེན་བོན་པོ་སྟོང་པར་སོང་། །ཡོད་པའི་ཟས་ནོར་དགྲ་ལ་འཆོར། །བཅུ་གསུམ་སྟེང་གི་དམུ་དཔལ་དེ། །བོན་གཤེན་མཚུན་གསུམ་ལ་ཁར་གཤེགས། །ས་བཅུ་བགྲོད་ནས་འགྲོ་དོན་རྫོགས། །ཡེ་གཤེན་དབང་རྫོགས་དགུང་དུ་ཡལ། །བཟང་དྲག་ཐུབ་པར་དཀའ་བས་ན། །གཡང་སྒྲུབ་བཀྲ་ཤིས་ཡག་ཁ་བརྗོད། །བཀྲ་བོན་ནད་པའི་མོ་ལ་ངན། །བོན་གྲུབ་པ་ཐོབ་པའི་རྣལ་འབྱོར་རྣམས། །དོན་གཉིས་འགྲུབ་ནས་མཁའ་སྤྱོད་འགྲིམ། །ལར་ཀྱེ་བ་ད་རོག་དམུ་དབལ་གསུམ། །གཡུང་དྲུང་ཆེ་གསུམ་རིགས་ཡིན་པས། །བཅུ་གསུམ་མ་གཏོགས་རང་སར་བཟང་། །བཅུ་གསུམ་སྟེང་དུ་ཐུབ་པར་དཀའ། །ད་ནི་མུ་དབལ་ལན་དཔྱད་ལ། །ཕྱི་སར་དམུ་དབལ་དངས་མ་ནས། །རང་སར་ལི་ཡན་རིགས་བབ་ན། །སྔོན་ལྷ་རྟེན་འཁྱམས་པས་མ་རུང་ངོ་། །གཏོ་ལ་ཞི་བ་བརྒྱ་རྩ་བྱ། །གཅིག་ལ་མུ་དབལ་རིགས་བབ་ནས། །བཅུ་གཅིག་ཐང་ལེ་སྣ་དམར་ན། །ལེའུ་བོན་པོའི་ལྷ་མཁོན་གྱིས། །སྨོན་ལམ་ལོག་པ་བཏབ་པས་ཕུང་། །གཏོ་ལ་རྔ་གཤང་ལྷ་ཆ་ཡི། །དུམ་བུས་མེ་ལ་


MR16_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་སྦྱིན་བྱ། །ལྕགས་ལ་ལོ་གྲངས་ཁྲམ་བཏབ་སྦྱིན། །དེ་ཡི་བཅུ་གཅིག་ཀྱེ་བ་ན། །བྱེ་རུའི་དཔལ་མཁར་རྩེ་མོ་ལ། །དབལ་ཞུ་དབལ་ཐག་ཁྲ་བོ་བཀལ། །ལྷ་རབས་རྒྱུད་ཀྱི་དགྲ་བླ་འཁོར། །མི་རབས་དགུ་ལ་བོན་པོ་འོང་། །དེ་ཡི་བཅུ་གཅིག་ཨ་ཁད་བཟང་སྡེ་ན། །དབལ་མཁར་རྩེ་མོ་དབལ་སྟག་རྩེ། །ཕོ་གྲགས་པ་ཅན་གྱིས་འཐབ་སྐད་འདོན། །བཅུ་གཅིག་ད་རོག་བཟང་སྡེ་ན། །དངུལ་འབུམ་གཡུ་ཡི་ཆ་ག་བཏགས། །གསེར་དང་མུ་ཏིག་གཏེར་མཛོད་ཚུགས། །མི་རབས་གསུམ་ལ་བློན་རྒྱུད་འཛིན། །ཡང་ནི་བརྒྱ་དང་བཅུ་གཅིག་ཀྱང་། །དེ་དག་རྣམས་དང་འདྲ་བར་དཔྱོད། །རང་སར་དམུ་དབལ་བཟང་རིགས་བབ། །ཕྱི་སར་སྤོ་ཡི་ངན་རིགས་ན། །སྔོན་ཡང་བོན་པོའི་ནོར་གྱིས་འཚེངས། །ད་ལྟ་དེ་འདྲ་འབྱུང་བའམ། །ཆུ་བྲག་འཐབ་པའི་ས་ཕྱོགས་སུ། །བོན་ནོར་གཡང་ཅན་ལག་ཏུ་འོང་། །ཟས་ལ་བཅུད་ལྡན་ནོར་ཕྱུགས་འཕེལ། །དེ་བཞིན་སྣ་ཚོགས་རིགས་པས་དཔྱད། །དམུ་དབལ་ལན་དུ་དིང་དིང་ན། །མདོ་བ་ཐང་དང་འཕྲད་པ་ཡིན། །ལྷག་པར་བར་དུ་བབ་པའི་ལན་ལ་བཟང་། །སྐྱིན་དིང་བདེ་བའི་གནས་མལ་ཚུགས། །གལ་བར་གཉེན་གྱི་སྐུ་མཁར་ཚུགས། །བྱ་ཡུན་གླིང་ལ་ཉི་མ་ཤར། །བྱ་བུར་དུང་ཟླ་མཁའ་ལ་ཚེས། །མུ་ས་གཙུག་གི་ལྷ་རབ་གྲོལ། །ཝ་ཚོ་ཕོ་ལྷ་གོ་དང་འཕྲད། །ལྷག་པར་སྟོད་དུ་བབ་པའི་ལན་ལ་གཅེས། །སྤོ་ཚེ་སྐྱེད་ཚལ་གཡུ་ལྕང་འཁྲུང་། །དམུ་དག་གཤེན་གྱི་ལྷ་མདའ་བྲག་ལ་ཐེབ། །སྐྱེར་དཀར་གཙུག་ལྕམ་སྨོན་ལམ་ལེགས། །ཚོལ་ཚེ་དགྲ་བླ་གཟེན་དང་འཕྲད། །ཁྱུང་བརྒྱད་མདུང་ལ་ཁྱུང་ཆེན་འཁོར། །ཨ་ཁད་མཁར་སྒོ་རྒྱ་སྟག་བསྲུང་། །རང་སྙན་ལྷ་དམག་ལྷ་རྒྱལ་འབོད། །སྲང་ཟེ་དགུང་ལ་གཡུ་འབྲུག་ལྡིར། །བྱོད་ཕུར་གཡའ་སྤང་གླིང་བཞི་བསྲུང་། །ལྡི་བུར་བཟང་རིགས་


MR16_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཚོན་རྣོ། །ངན་རིགས་སྒོ་བརྒྱག་སྟག་གི་མཆེ་བ་ཆགས། །ཡར་ལྡིང་གཤེན་གྱི་བསྟན་པ་དར། །སུམ་མཉམ་ལྕགས་སྤྱང་མཁར་སྒོ་བསྲུང་། །ཙེ་ར་གཙུག་གསས་བཙན་ཕྱུག་ལྡན། །གཡུང་དྲུང་རི་ལ་ཁ་ཁྱེར་བསྐོར། །ཀྱེ་བ་གཤེན་བོན་བྱ་རུ་མཐོ། །ད་རོག་གཤེན་ལ་ཟ་ཁ་དར། །མུ་དབལ་གཤེན་ཆེན་གྲལ་དུ་བསྒྲིག །སྐྱམ་རིགས་རྡ་གཤང་ཆུ་ཡིས་ཁྱེར། །བུ་བརྒྱག་ལྷ་མོས་སྐུ་ཁྲུས་གསོལ། །སྐྱམ་བྲག་རང་ཆུ་དཀར་མོ་ན། །གཡུ་ཡི་སྤང་ལྗོང་ཆར་དང་འཕྲད། །ལྷག་པར་སྨད་དུ་བབ་པའི་ལན་ལ་བཟང་། །བྱ་རལ་གཤེན་ཞྭ་ཁྱི་ཡིས་བརྫིས། །ཁྱད་པར་གཅིག་གི་དམུ་དབལ་ལ། །བཅུ་གཅིག་བྱ་རལ་ངན་སྡེ་དང་། །བཅུ་གསུམ་སྙིགས་མ་གང་བབ་ཀྱང་། །ན་ནིང་གཤེན་བོན་འཁོར་དང་ལྡན། །ད་ལོ་གཤེན་བོན་དབང་བཞི་རྫོགས། །སང་ཕོད་གཤེན་བོན་གྲལ་དུ་ངུ་། །བོན་པོ་སྨན་པའི་ཚེ་ཕུག་ཟད། །ད་ལོ་མི་སྐྱོན་སང་ཕོད་ཡིན། །བཀའ་ཀློག་རིམ་གྲོ་ཅི་འགྲུབ་བྱ། །བྱ་རལ་རིན་ཆེན་བབ་པ་ན། །གཤེན་བོན་དབུ་ལ་ནོར་བུ་ཡིན། །ལི་ཡན་གཙུག་གི་བང་མཛོད་སྟོང་། །མར་ལྡིང་བོན་གྱི་བྱ་རུ་ས་འོག་བྱིངས། །སྤོ་བར་སྐུ་མཁར་གྱོད་རྡོས་བཤིག །སོ་ཡོན་གླིང་བཞི་མུན་པས་ཁེབ། །རུ་སོད་གཤེན་སྲིས་བདུད་ཀྱིས་ཁྱེར། །མ་ཟེ་ལྷ་བྲལ་ཡེ་འདྲོག་འོང་། །ན་འབན་སྐུ་མཁར་ཐོག་གིས་བཤིག །དམུ་དབལ་མཐའ་མིག་ཡང་དག་ཡིན། །སེ་སྟོད་གཤེན་མིག་ཁྲག་གིས་བཀབ། །ཏྲོང་རིགས་གླིང་ལ་སྐྱིད་ཀྱི་སྐེད་ཆོད་འབྱུང་། །བྲག་ནག་གླིང་ལ་རྡོ་ཆར་འབེབ། །དེ་བཞིན་སྒོ་བརྒྱག་ལ་སོགས་ངན། །ཀྱེ་བ་ད་རོག་དམུ་དབལ་གྱི། །རིགས་རྣམས་སོ་ཡིས་བཀུག་པ་ན། །བྲག་གི་རིགས་སུ་འགྲོ་བ་ཡིན། །དེ་བཞིན་གཞན་ལ་ཅི་རིགས་ཤེས། །ད་ནི་སྙིགས་མའི་མདུད་པ་ཡི། །སྡེ་ཚན་དགུ་ཡི་དང་པོ་ལ། །སྐྱམ་རིགས་ཉེར་ལྔ་བཤད་པ་ནི། །


MR16_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཁོག་ཟུ་བཞིར་འབྲེལ་བ་ལས། །ཐི་གུ་ཁ་སྦྱོར་ས་ལ་ལྷུང་། །སྐྱམ་ཞེས་བྱ་བར་གྲགས་པ་སྟེ། །མྱེས་པོ་སྤྲིན་རྣམས་ཀུན་གྱི་རབ་རིབ་ཡིན། །ཕྱི་མོ་སྲིན་གྱི་མཚོ་མོ་ཡིན། །ཕ་དེ་ཡེ་སངས་དཀར་པོ་ཡིན། །མ་དེ་སྨྲིག་གི་མཚོ་མོ་ཡིན། །བུ་མོ་རང་ཉིད་ཀླུ་ཡི་ལྕམ་གཅིག་ཡིན། །སྔོ་རྩེ་ཟིལ་མའི་གཡས་འགྲམ་དེར། །གཉན་ལྕམ་སྐུ་ཁྲུས་བྱོན་ཉིན་བབས། །ཕུག་པས་མཐིང་གི་བུ་མོ་སྒ་ཆ་ཟེར། །བར་པས་མ་སང་གཉན་ལྕམ་ཟེར། །སྒོ་བས་ཀླུ་ལྕམ་སྔོན་མོ་ཟེར། །གཤེན་གྱིས་ལྕམ་སྔོན་ཆུ་རལ་ཅན། །སྔོན་པོ་ཆུ་ཡི་བླ་མདུད་ཡིན། །ལེགས་ན་བདུད་རྩིའི་མཚོ་མོ་ཡིན། །ཉེས་ན་སྲིན་མོ་ངུས་པའི་མཆི་མ་ཡིན། །མི་གཙང་ནལ་དང་མྱ་ངན་ངོ་། །འདི་རྫ་ཆུ་ཟིལ་མའི་ཡ་འགྲམ་དེ། །ན་བཀྲ་སིལ་མའི་མགོ་བོ་ཡིན། །སྨད་དུ་བབ་ན་ཡུལ་ཆུ་ཡིན། །ཡུར་མའི་མགོ་བོ་རིང་ན་བཟང་། །ལན་དུ་དངས་མ་གཡུ་སྒྲོན་ན། །ཡུལ་སའི་ཆུ་ཕུག་རིང་བ་ཡིན། །བར་དུ་བབ་ན་གཙང་པོ་ཡིན། །ལན་དུ་ཀྱེ་བ་ད་རོག་དང་། །བག་སྐྱམ་བཟང་སྡེ་བབ་པ་ན། །བཙང་པོ་གཙང་ལག་རྒྱས་པ་ཡིན། །སྟོད་དུ་བབ་ན་མཚོ་མོ་ཡིན། །ལན་དུ་ཚོལ་ཚེ་བཟང་རིགས་ན། །མཚོ་ལ་ཁ་ཞག་ཆགས་པས་བཟང་། །འདི་བུད་མེད་དང་ནི་མཚོ་སྨན་བླ། །ངན་སྙིགས་གྲང་དམྱལ་བླ་མདུད་ཟེར། །བཟང་སྡེ་དང་ནི་བརྒྱག་བཟང་རིགས། །རོལ་མཚོ་བདུད་རྩི་འོ་ཞོ་མར་ཁུ་དང་། །རོལ་མཚོ་བདུད་རྩི་འོ་ཞོ་མར་ཁུ་དང་། །ལྷ་ཀླུའི་བུ་མོ་བཙུན་མོ་དང་། །ཟ་ཐང་བསོད་ནམས་ཅན་གྱི་བླ། །གཅིག་གི་སྟེང་དུ་སྐྱམ་བབ་ན། །སྟག་སྐྱ་ལམ་དུ་ཞུགས་ངོ་ཡིན། །ཨེ་འོང་མོ་ལ་འོང་ཞེས་བྱ། །ཆུ་སྦྲུལ་སྔོན་མོའི་རྟ་ལ་ཞོན། །ས་སྲིན་མགོ་བོ་བཏེགས་པ་ཡིན། །མཛེ་ནད་ཅན་ཁྱི་མོ་ལ་ངན། །མ་བརྒྱག་བཟང་པོ་སྐྱམ་དཀར་བབ། །ཤར་རིར་སྣང་གསལ་སྒྲོན་མེ་འདེགས། །ཕུ་བོ་སྐྱེ་སྒབ་བཟང་བ་ཡིན། །མ་


MR16_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་ངན་པ་སྐྱམ་སེ་བབ། །འགྲོ་འདོད་གོམ་པ་ང་གིས་ཁྱེར། །བུ་བརྒྱག་བུམ་པ་གསེར་མིག་བབ། །ས་གཞི་གཡུ་ཡི་རྒྱ་མཚོ་འཁྱིལ། །གཉིས་ཨ་རྟ་ཡུ་མོ་ཆབ་ལས་ཐར། །འདྲེ་ངན་བརྡུང་ན་ཐུལ་བ་ཡིན། །དུར་མོར་དུར་ས་ཆུ་ལ་ཤོར། །མོ་རིགས་གཤེན་གྱི་ཟ་ཁ་ཟུག །དུར་བཅོས་ས་བཅོས་བྱ་དགོས་སོ། །བྲན་གཡོག་རྗེ་ལ་གུས་པ་ཡིན། །སྐྱམ་དཀར་བདུད་རྩི་ཐང་ལ་ཕོ། །སྐྱམ་སེ་ཤོལ་སྡོང་འཁྲུགས་རྩོད་ལང་། །བུ་བརྒྱག་གཡང་ཉམས་མི་བདེའི་ངོ་། །གསུམ་སྟག་སྐྱ་ལམ་དུ་ཞུགས་པ་ལ། །གྲུམ་པ་སེ་པོས་གདོང་ལྕགས་བརྒྱག །བློ་ཕྱྭ་ཕྲལ་དུ་རྩོད་འཐེན་ངོ་། །བུ་ཚ་མོ་རིགས་དར་ངོ་ཡིན། །མ་མོའི་བླ་མཚོ་དར་བ་ཡིན། །དཔལ་བགོས་བྱུར་ཕུང་བྱ་བ་དང་། །རྟོག་གཟུང་བཏོན་ན་ཤིས་པ་ཡིན། །བརྒྱག་བཟང་སྤང་ལ་མེ་ཏོག་འཁྲུངས། །བརྒྱག་ངན་ཆུང་སྲི་རྒྱལ་འགོང་གནོད། །བཞི་ཚྭ་མཚོ་དཀར་མོ་གཞུང་ནས་རྒྱས། །ཀླུ་ཚང་གཤེར་དང་མི་འབྲལ་བཟང་། །སྐྱེ་ཤིང་མི་སྐམ་རྫིའུ་ཡིན། །ཟས་ནོར་བརྒྱ་འཕེལ་བླ་མདུད་ཡིན། །ཀླུ་གཏེར་ཀླུ་འབུམ་བྱས་ན་བཟང་། །བརྒྱག་བཟང་གཡུ་མཚོ་ངང་པ་འདུ། །བརྒྱག་ངན་གཡང་མཛོད་རླུང་གིས་ཁྱེར། །ལྔ་དགྲ་ཞིག་ཡོད་པ་བུ་མོར་སོང་། །དགྲ་སྐེད་ཐག་ཆས་བསྐོར་བ་ཡིན། །དགྲ་སྙིང་ཆུ་རུ་སོང་བས་བཟང་། །བརྒྱག་བཟང་བདུད་རྩི་སྲིན་གྱིས་བརྐུས། །བརྒྱག་ངན་དགྲ་ཁྱིམ་རྡིབ་པ་ཡིན། །འདྲེ་གདོན་ཕྱི་ལྟས་མེད་པར་སོང་། །དྲུག་མཛང་མའི་ཁྱིམ་ན་གཡང་ཆུ་རྡོལ། །བུ་བརྒྱག་བྱུང་ན་ཆབ་གཙང་པོ། །མི་འགྱུར་རྫིའུ་ཡང་དག་ཡིན། །ངན་སྙིགས་མཛང་མ་ནལ་གྱིས་ཕོག །དཔལ་མོ་མཆོད་ལ་དམ་སྲི་བཀར། །བརྒྱག་བཟང་རི་ལ་དུང་ཤིང་འཁྲུངས། །བརྒྱག་ངན་ཁྱིམ་སར་གྲིབ་མདུན་ངོ་། །བདུན་ཕོ་བློ་མོ་ཡི་དབང་དུ་སོང་། །བློ་ཕྱྭ་འདུན་མར་མི་ཁ་འཕོག །ཕོ་བློ་ཆུ་བས་གྲང་བ་ཡིན། །ཚྭ་ཚྭ་གདབ་


MR16_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཏོར་མ་གཏོང་། །དཀར་ཐོག་སྣང་གསལ་སྒྲོན་མེ་སྤར། །བརྒྱག་ངན་གྱོད་གོད་བློ་སྟོང་ཡིན། །བུ་བརྒྱག་བློན་ལ་ཞེ་དུག་མེད་པས་བཟང་། །བརྒྱད་ལ་ལྷ་ངོ་ཁྱི་ཡིས་བརྫིས། །ལྷ་ལ་གྲིབ་ཀྱིས་ཕོག་པ་ཡིན། །མ་མོའི་མདོས་དང་གཙུག་ཏོར་འདོན། །བརྒྱག་བཟང་མི་ནོར་དགྲ་བླས་བྱིན། །བརྒྱག་ངན་གྱོད་སྒོ་ལྷ་མཁོན་ཡིན། །དགུ་ལ་གཉན་ལྕམ་ངམ་ལ་བྲོས། །བློ་ཕར་བཏང་ཚུར་ལ་ལོག་པ་འདྲ། །གཤེན་རབ་མཛད་ཆེན་བདུད་ལས་རྒྱལ། །ནད་ལ་སྔགས་འདེབས་མོ་ལ་བཟང་། །གཉན་ནད་གཏིང་ནས་གྲོལ་བ་ཡིན། །བརྒྱག་ན་མ་མོའི་གནོད་པ་ཡོད། །མ་མོ་མཆོད་པ་གྲི་མོ་བཀར། །བརྒྱག་བཟང་རྨངས་དང་གཤེན་ལ་དགེ ། བརྒྱག་ངན་ལེའུ་ལྷ་མནོལ་ཡིན། །བཅུ་ལ་རྒན་མོ་རེ་ལྷྭམ་ཅན་གྱིས་ཀྱང་། །མཚོ་མཐའ་ཐང་གསུམ་འཁོར་བ་ཡིན། །གྱི་གྱི་རང་མཐོང་ཆེ་བ་ཡིན། །སྐྱམ་གྱི་དར་སོ་བཅུ་ལ་ཡོད། །སྐྱམ་དཀར་མི་དར་ཆུ་འབྲུབ་རེད། །ཆུ་ཞལ་བུ་གང་གིས་རྟ་བརྒྱ་ངོམས། །ཁྱིམ་སར་བདུད་རྩི་བབ་པ་ཡིན། །བུད་མེད་གཡང་ཁ་འཕེལ་བ་ཡིན། །བརྒྱག་ངན་མ་ཕྱིའི་སྐུ་མཁར་ཞིག །བརྒྱག་བཟང་དཔག་བསམ་འབྲས་བུ་སྨིན། །ལྷག་པར་སྐྱམ་གྱི་ཕུ་བརྒྱག་ན། །ཕུ་གངས་དཀར་མི་འགྱུར་རྫིའུ་ཡིན། །བཅུ་གཅིག་དགྲ་བླ་ངུས་པའི་མཆི་མ་ཡིན། །ལྷ་ལ་གྲིབ་ཕོག་བསང་ཁྲུས་བྱ། །དགྲ་བླ་མཆོད་ཅིང་ཉི་ཁྲི་འདོན། །བུད་མེད་ངན་མ་དབང་ཆེན་འགྱུར། །བརྒྱག་བཟང་དགྲ་བླའི་བླ་མཚོ་འཕེལ། །བརྒྱག་ངན་དགྲ་བླའི་བླ་མཚོ་སྐམ། །བཅུ་གཉིས་དགྲ་མདའ་ཆུ་ཡིས་ཁྱེར། །དགྲ་ཞིག་ཡོད་པ་རྒན་མོ་རེད། །མཚོན་ཞིག་ཡོད་པ་ཐག་ཆར་སོང་། །དགྲ་ད་ལྟ་ཡོད་ཀྱང་དེ་འཕྲལ་རྒུད། །ལྷག་པར་བརྒྱག་ངན་དགྲ་བོ་གུད། །བརྒྱག་བཟང་སྟག་གི་མཆེ་སྡེར་བུད་པས་ངན། །བཅུ་


MR16_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མི་སྟིང་འདྲེ་ཡིས་བསྒྱུར། །ལས་སྔ་དྲོ་བྱས་ལ་ཕྱི་དྲོ་འགྱོད། །པདྨ་བྲིས་ཀྱང་ཁྱི་རྗེས་རེད། །གོས་གསུམ་གྱོན་ཀྱང་ཆུ་བས་གྲང་། །མི་རབས་བུ་མོས་བཟུང་དོགས་ཡོད། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྨད་དུ་ཤིང་གི་རིགས་བབ་ན། །ཤིང་རྩེར་བདུད་རྩིའི་ཟིལ་པ་ཆགས། །ཀུན་ལ་བཟང་ཞིང་ཁྱད་པར་དུ། །ནད་པ་མི་འཆིའི་མདུད་པ་ཡིན། །བརྒྱག་བཟང་ཟངས་དཀར་གང་ནས་ལུད། །བརྒྱག་ངན་གྲི་རོ་མགོ་རྡོས་ཡིན། །ཉིན་གྱི་དཀར་པོ་རུ་རིང་དང་། །སྲིབ་ཀྱི་ནག་རྟ་ཁུ་ཡོལ་གཉིས། །མདའ་གཅིག་རྩེ་ཡིས་ཕུག་པ་ཡིན། །དམག་དཔོན་གཉིས་ཀྱི་གྲི་ངོ་ཡིན། །སྐྱམ་གྱི་མཁར་རྩེར་བརྒྱག་བྱུང་ན། །སྐྱམ་གྱི་མཁར་ཟི་དཀར་ཐོགས་ཡིན། །དཀར་ཐོགས་གསུམ་གྱི་ཆུང་བ་ཡིན། །དོན་ཕྱྭ་འདེབས་ན་ལྷག་པར་བཟང་། །བ་ཁོག་གསུམ་བབ་སྲིད་ནོར་འཕེལ། །བཙན་སར་དགྲ་ཐུལ་དོན་ཀུན་གྲུབ། །སྨན་ནི་བདུད་རྩི་འགྱུར་བ་ཡིན། །ཕྱི་སར་ནོར་གོད་གཡང་ཉམས་ཡིན། །དེ་འོག་སྨུག་ཐོག་སེ་སྟོད་ཡིན། །དབུ་མ་བརྒྱད་ཀྱི་ཆེ་བཤད་ལས། །སྐྱམ་གྱི་དབུས་མ་བཟང་བར་བཤད། །གཡང་གི་མོ་ཡིན་བཟང་ན་ཡང་། །བྱི་དང་ནལ་གྱི་ངོ་ཡོད་ཅིང་། །ཁྱད་པར་མ་ཡི་བྱིན་ལ་ཡིན། །གསུམ་པ་ནག་ཐོག་སེ་སྟོད་ཡིན། །མནའ་མས་ཐུར་ནལ་བྱེད་ངོ་ཡིན། །ཡ་མ་རྔོན་པ་མ་གཏོགས་ངན། །འདི་ལའང་སྐྱམ་སེ་ཞེས་སུ་འབོད། །སྐྱམ་གྱི་སྒོ་ལ་བརྒྱག་བཅས་ན། །སྐྱམ་སྲིན་མོ་ངུས་པའི་མཆི་མ་ཡིན། །ཅི་བཏབ་ཀུན་ལ་ངན་པ་ཡིན། །བུ་སྲིང་ས་ནས་ནལ་བྱས་པས། །ཕ་མིང་སྲོག་རྩ་གཅོད་ངོ་ཡིན། །བདུད་མོ་མི་རྐུན་བླ་གནས་དེ། །མེ་ཁམས་ནད་པའི་བདུད་ཆད་ཡིན། །དཀར་ཐོག་མ་གཏོགས་གཞན་ཀུན་ལ། །མིང་བསྡུས་སྐྱམ་སེ་ཞེས་སུ་འབོད། །ལྷག་པར་ཕྱི་མ་གཉིས་ཡིན་ནོ། །མ་ཡི་གཡས་བརྒྱག་དཀར་སྤེན་ཁོང་


MR16_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཡིན། །གཡོན་བརྒྱག་དམར་སྤེན་ཁོང་སེང་ཡིན། །ཀླུ་རྒྱལ་རིགས་མི་ལ་ཆས་པ་ཡིན། །བརྒྱག་གཉིས་འདོམ་ལ་རྣམ་པ་དྲུག །གསུམ་འདོམ་བཞི་སྟེ་བཞི་ལ་གཅིག །མིང་འདོགས་བཟང་ངན་རྩ་བས་ཤེས། །ཐམས་ཅད་ནོར་གྱི་བླ་མདུད་ཡིན། །སྐྱམ་གྱི་བུ་ལ་བརྒྱག་སོང་ན། །སྐྱམ་ཆུང་པདྨ་དཀར་པོའམ། །ཡང་ན་གཡུ་ཡི་བུམ་པ་ཟེར། །ཡང་ན་བུམ་པ་གསེར་མིག་ཟེར། །རྨ་སྤོམ་རའི་ལྷ་ཆབ་དཀར་མོ་ཡིན། །མཛེ་ནག་པོའི་གཅོང་ནད་སེལ་མི་ཡིན། །སྐྱེམ་པོ་ཆང་གི་ཝེར་མ་ཡིན། །གལ་ཏེ་སྐྱམ་ལ་བརྒྱག་གཉིས་བྱུང་། །སྐྱམ་ཆུང་པདྨ་ཡང་རིང་ན། །སྲིད་ཀྱི་ཆུ་མིག་རྡོལ་བ་ཡིན། །བུ་བརྒྱག་ཁོག་བརྒྱག་འདོམ་ཚུལ་ལ། །མང་པོ་ཡོད་པར་ཤེས་པར་སླ། །མ་བརྒྱག་བཟང་སྟེང་བུ་བརྒྱག་ན། །སྐྱམ་གྱི་མ་ཁྲ་བུ་ཁྲ་ཡིན། །མ་བུའི་ལོངས་སྤྱོད་འཕེལ་ངོ་ཡིན། །སྐྱམ་གྱི་མ་དགའ་བུ་སྐྱིད་ཡིན། །མ་བརྒྱག་ངན་སྟེང་བུ་བརྒྱག་ན། །སྐྱམ་གྱི་མ་བྱི་བུ་ནལ་ཟེར། །བུད་མེད་གཅིག་ལ་བྱི་ཕོ་གཉིས། །ལྷ་ཁྱིམ་ནལ་གྱིས་བཀང་བ་ཡིན། །འདི་ལ་སྐྱམ་གྱི་དྭངས་མ་ཟེར། །སྟོད་དུ་འཐེན་ཐག་དཀར་པོ་ཡིན། །བར་དུ་འབྲེལ་ཐག་ཁྲ་བོ་ཡིན། །སྨད་དུ་གདོས་ཐག་ནག་པོ་ཡིན། །སྤྱིར་ནི་སྐྱམ་གྱི་བཟང་སྡེ་ཡིན། །གཅིག་ལ་སྐྱམ་གྱི་དྭངས་མ་འདི། །ཁྲམ་གཟུང་འཇོར་ཐོགས་བླ་མདུད་ཡིན། །སྨད་ཀྱི་གདོས་ཐག་བཏགས་པ་ཡིན། །བྱ་འཐེན་འཐེན་རྐང་པ་གདོས་ལ་ཐོགས། །བྱི་བ་ལོ་པའི་ལོ་བདུད་ཡིན། །གྲིབ་ངོ་ཆེ་བས་བསང་སེལ་བྱ། །གཉིས་ལ་སྲིན་མོའི་སྒོ་དོང་ངན། །གསུམ་ཟངས་ཀྱི་སྲེ་མོང་ཚོང་ཚོལ་ཡིན། །ཆུང་གསུམ་མཐའ་འགག་ལྐུག་པ་སྐྱེ། །བཞི་སྲིད་ཀྱི་རྩ་དཀར་འཕེལ་བའི་ས་བོན་ཚུགས། །


MR16_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྲིན་འདྲེ་མི་ནོར་གཉིས་ལ་ཆགས། །དགྲ་ཕྱྭར་དགྲ་བོ་ཐག་པས་བཀྱིག །དྲུག་ཟ་སྲི་ཁྱིམ་དུ་རྫས་ལ་འཁོར། །བདུན་ལ་ཕོ་བློ་མོ་ལ་འཐོག །བརྒྱད་ལ་བནྡེ་ཁྱིམ་པར་དགའ། །དགུ་བོན་པོ་བུད་མེད་གདོས་ལ་འཐོག །བཅུ་གནམ་སྨན་དཀར་མོས་ཁ་འཛིན་བྱེད། །བཅུ་གཅིག་གནམ་གྱི་འཇུ་ཐག་ཡིན་པས་བཟང་། །བཅུ་གཉིས་དཔལ་ཕུར་དགྲ་ལ་ཐེབ། །འདྲེ་གདོན་སྒོ་རུ་བུད་པས་བཟང་། །བཅུ་གསུམ་མགོལ་གཡུ་ཕུད་ཐོགས། །བརྒྱག་ན་དེ་བས་བཟང་བ་ཡིན། །དེ་ཡི་མཁར་རྩེར་བརྒྱག་སོང་ན། །དངས་མ་ལག་དཀར་སེ་སྟོད་དམ། །འདམ་ཐོག་སེང་མོ་བརྒྱག་ཀྱང་ཟེར། །ནད་པ་མི་ཡི་རྫིའུ་ཡིན། །ཐན་པ་མི་འོང་སྦྲང་ཆར་ཡིན། །དེ་འོག་ཁྲ་རིང་སེ་སྟོད་ཡིན། །བུ་མོ་ལྕེབ་པའི་གྲི་སྤུར་ལ། །ཕོ་རོག་གཤོག་འཛུམ་བྱེད་ངོ་ཡིན། །སྒོ་བརྒྱག་བྱུར་གྱི་ཐོག་ཤལ་ཟེར། །དངས་མ་ཁྲག་དྲོད་མགོ་གཉིས་ཏེ། །དམག་དཔོན་ཁྲག་གི་སེ་སྟོད་ཡིན། །གཉིས་བརྒྱག་གསུམ་དང་གསུམ་བརྒྱག་གཅིག །ཡོད་པ་བཟང་ངན་རྩ་བས་ཤེས། །དྭངས་མ་བུ་ལ་བརྒྱག་སོང་ན། །དྭངས་མ་གཡུ་ཡི་སྒྲོན་མེ་ཡིན། །ཡང་དག་ལྷ་ཡི་བདུད་རྩི་ཡིན། །ཐང་ལྷའི་ལྷ་ཆབ་དཀར་མོ་ཡིན། །མཛེ་ནག་གཅོང་ནད་སེལ་མི་ཡིན། །བཞི་བརྒྱ་ནད་ཀྱི་གསོས་སྨན་ཡིན། །ཚེ་ཚེ་ར་ཡི་རུ་ཞིག་ཡིན། །སྨན་ཁྲ་མོའི་མགོ་ཡི་གཡུ་ཕུད་ཡིན། །མ་ཁྲིས་པ་རྣམས་ཀྱི་དྭངས་མ་ཡིན། །གཡུ་ཡི་ཉ་མོ་རྐྱལ་མཁན་ཡིན། །གསེར་མིག་འཁྱིལ་པའི་སྤྱན་དང་ལྡན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་ཧ་ལོ་འདྲ་བ་ཚར་ངོ་ཡིན། །མིང་ལ་ཧ་ལོའམ་གཡུ་ལོ་ཐོགས། །དམག་ཇག་དོན་གཉེར་རྙེད་འཚོལ་ལ། །བརྒྱད་བཅུ་གཅིག་བཅུ་གསུམ་སྟེང་དུ་གཅེས། །བརྐུས་ན་ཐོབ་ལ་འཕྲོག་ན་

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


MR16_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ། །ཚོང་ལེགས་བསམ་དོན་འགྲུབ་པ་ཡིན། །དགྲ་རུ་སྐྱམ་ནག་སེ་སྟོད་འཇིགས། །དྭངས་མ་བུ་ལ་བརྒྱག་གཉིས་བཅས། །དྭངས་མ་གཡུང་དྲུང་ལོ་རྒྱས་ཟེར། །རྒྱ་མཚོ་འཁྱིལ་པའི་ཁ་ཞག་བརྒྱད། །ཡང་ན་འབབ་པའི་རྦ་ཀློང་བརྒྱག །མཐའ་ཡི་རྒྱ་མཚོ་མར་མེར་ལ། །རྦབ་ཀྱི་མར་མེར་ཉར་ཉེར་བརྒྱག །ཀླུ་རྒྱལ་དགའ་བོ་འཇོག་པོ་ཡིས། །འཛམ་གླིང་ཀུན་ལ་སྨོན་ལམ་བཏབ། །ཀུན་ལ་ཕན་པའི་འདོད་ཆར་ཕབ། །ཆར་འདྲ་ཀུན་ཕན་མོ་མདུད་ཡིན། །བ་ཁོག་བཙན་ཁྱིམ་གར་བབ་ཀྱང་། །བབ་ཙམ་འགུལ་ཆོག་མོ་མདུད་ཡིན། །བཀྲ་ཤིས་དོན་ལྡན་མོ་མདུད་ཡིན། །དབུལ་པོས་ནོར་སོགས་རྨང་བུ་ཚར། །ཁས་ཉེན་རྒྱལ་སར་ཕྱིན་ཡང་ནུས། །མ་བུའི་ཁོག་བརྒྱག་འདོམ་ཚུལ་ནི། །རྩ་བ་དེ་ལ་བརྟེན་ཏེ་ཤེས། །དྭངས་མའི་ཀུན་ལ་བརྒྱག་བཅས་ན། །སྐྱམ་དྭངས་མ་བདུད་རྩི་ཆུ་མིག་བརྒྱག །གནམ་ས་གའུ་ཁ་སྦྱོར་བརྒྱག །རི་རབ་གཙང་པོ་རྒྱ་མཚོ་བརྒྱག །རྒྱལ་སྲིད་ནོར་བུ་རིན་ཆེན་བརྒྱག །ཆུ་བོ་འདུས་པའི་མགོ་བོ་བརྒྱག །འདི་ལན་གཅིག་བབ་པའི་དུས་སྲིད་ན། །སྲིད་པ་ཀུན་གྱི་ཡང་ལྷ་ཡིན། །ཡང་ལྷའི་ནང་གི་ཡང་ལྷ་ཡིན། །ཡང་ལྷ་སྲིད་པ་ཆགས་ལྷ་ཡིན། །རིགས་དྲུག་ཆགས་པའི་ལྷ་རྒྱལ་ཡིན། །བ་ཁོག་བཙན་ཁྱིམ་གར་བབ་ཀྱང་། །མི་ནོར་ཆུས་གསུམ་འཕེལ་ཆུ་ཡིན། །དབུལ་པོ་ཕྱུག་ལ་ཁས་ཉེན་བཙན། །ནད་པ་སོས་ཤིང་བེའུ་ལུག་འཕེལ། །འབྲས་དྲུག་སྨིན་ཞིང་རྩི་ཐོག་རྒྱས། །འདི་ནི་རོག་པ་ཐེ་སྐྱམ་ཞེས་བྱ་སྟེ། །རྟ་བདུད་ཅེས་ནི་བྱ་བར་གྲགས། །དེའི་སྤོ་བརྒྱག་སེ་སྟོད་ངན་ཁུར་ཡིན། །ངན་ཁུར་ན་རོ་བློ་ངན་འདི། །རྟ་བརྒྱ་ནད་ཀྱིས་ཤི་ངོ་ཡིན། །རྟེའུ་རྔོ་ཅན་ལུས་ངོ་ཡིན། །སྐྱམ་བརྒྱག་རྒན་པོ་ཕ་ཝང་དྲན་ཆུ་བརྒྱག །ཡང་ན་བུང་བ་སྦྲང་རྩི་བརྒྱག །བུ་ཕ་ཝང་འདྲ་བ་ཚར་ངོ་ཡིན། །གལ་ཏེ་བུ་ལ་བརྒྱག་གཉིས་བྱུང་། །


MR16_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རོག་སྐྱམ་ཟི་མ་གསེར་རྩི་བརྒྱག །རང་སའི་བཙན་ས་གར་བབ་ཀྱང་། །སྟོང་ཚོ་གསུམ་གྱི་དམག་ལེགས་ནུས། །བ་ཁོག་ཏུ་མི་ནོར་འཕེལ་ཆུ་ཡིན། །རོག་ལྕམ་མ་བུ་གཉིས་ཀར་བརྒྱག །རང་རྒྱུད་བཟང་ཀྱང་གཞན་རྒྱུད་ངན། །མི་རྒྱུད་བཟང་ངན་འདྲེས་པ་འོང་། །འདི་ལ་ཝར་བྲག་ཐེས་སྐྱམ་ཡིན་ཏེ། །རོག་པ་ཙམ་ཐིག་སྐྱམ་ཡང་ཟེར། །ཡང་ན་གཏུམ་ཅི་སད་དེ་ཐེ་སྐྱམ་ན། །ཕ་མགོ་བུ་ཡིས་མནན་པ་ཡིན། །སྒོ་བརྒྱག་བྱི་ཕོ་ནལ་མས་བསླུ། །བུ་ལ་བརྒྱག་གཅིག་རིན་ཆེན་གསེར་ཉི་བརྒྱག །ཆུ་སྲིན་རྔམ་པའི་ཁོང་ཁྲག་ཡིན། །མི་ཤ་ལེན་པའི་ཝེར་མ་ཡིན། །གཉིས་བརྒྱག་སྐྱམ་ཆེན་དུང་ཟླ་བརྒྱག །ཟླ་བ་ཤར་ནས་རི་ཀླུང་གསལ། །ཤལ་ཆེན་དྲ་མ་འདེགས་ན་བཟང་། །དམག་ཆེན་ལེགས་ཤིང་བུ་རྟ་ཚང་། །ཁྱད་པར་ཁྱིམ་རྒྱུག་བྱེད་ཉིན་བཟང་། །འདི་ནི་དམུ་ནམ་ཐེས་སྐྱམ་ཡིན། །དམུ་ནམ་གྲི་མཁར་ཐེས་སྐྱམ་ཟེར། །རང་ས་རྣམས་སུ་གྲི་ངོ་ངན། །བུ་བརྒྱག་འཁོར་ལོ་རྟ་རྨིག་བརྒྱག །ཆུ་རིགས་འདུས་པའི་རྒྱ་མཚོ་ཡིན། །ཤལ་ཆེན་དམག་ལ་ལྷག་པར་བཟང་། །འདི་དམུ་ནམ་དགའ་བྱེད་ཐེ་སྐྱམ་ཡིན། །གཏུམ་ཅི་ཏྲོང་སད་གཡུ་སྐྱམ་ཟེར། །འདི་ཡི་སྐྱམ་ལ་བརྒྱག་བཅས་ན། །གཏུམ་ཅི་ཏྲོང་སད་གཡུ་མིག་ཡིན། །འདི་ནི་དམུ་བྲག་ཐེ་སྐྱམ་ཡིན། །གདུག་པ་སྦིར་གྱི་བླ་མདུང་ཡིན། །རྩིར་ནག་ཁ་འཐམ་ཞེས་བྱའང་། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །དེ་ཡི་སྐྱམ་ལ་བརྒྱག་གཅིག་བཅས། །སྐྱམ་གྱི་ཁྲ་མ་དུང་ཆེན་ཡིན། །མི་གྲངས་ནོར་གྲངས་གཉིས་ཀ་འཕེལ། །བརྒྱག་གཉིས་གཡུང་དྲུང་ཆེན་མོ་ཡིན། །རེ་འབྱམས་རྣམས་ཀྱི་བདུད་རྩི་ཡིན། །འདི་ནི་ཤིང་ཤག་ཐེ་སྐྱམ་ཡིན། །ཤིང་སྐྱ་གཟར་བུས་ཆུ་ལེན་ཡིན། །དེ་ཡི་བུ་ལ་བརྒྱག་གཅིག་ན། །


MR16_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱམ་གྱི་གསེར་རྩི་ཆེན་མོ་ཡིན། །ཅི་ལ་བཏབ་ཀྱང བཟང་བ་ཡིན། །འདི་དོན་གྲུབ་དབང་གི་ཐེ་སྐྱམ་ཡིན། །དམུ་ནམ་ཤ་རྣ་སྐྱམ་ཡང་ཟེར། །གཏུམ་ཅི་ཁྲ་གཤོག་ཐེ་སྐྱམ་ཡང་། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །བུ་ལ་བརྒྱག་གཅིག་སོང་བ་དེ། །སྐྱམ་ཆེན་ཟེ་མ་འབུམ་སྡེ་བརྒྱག །སྲིང་མོ་ན་ཆུང་གྱིན་ཡིན། །རང་སའི་བཙན་སར་གར་བབ་ཀྱང་། །མི་རབས་གསུམ་གྱི་འཕེལ་ཆུ་ཡིན། །བརྒྱད་དང་བཅུ་གཅིག་གར་བབ་ཀྱང་། །ཁྲི་ཚོ་གསུམ་གྱི་དམག་ལེགས་ནུས། །འདི་མུ་ཆུད་རང་ནམ་ཐེས་སྐྱམ་ཡིན། །གཅིག་ཡ་མ་ནག་པོའི་མོ་ལ་བཟང་། །དྲུག་ལ་བུད་མེད་ནད་མར་བཟང་། །གསུམ་ལ་ནོར་ནད་ཅན་ལ་བཟང་། །བཅུ་གསུམ་བཙོག་ནལ་མ་ལ་བཟང་། །བརྒྱག་བཤད་མ་རྙེད། །འདི་ཉི་འོད་འབར་བའི་ཐེས་སྐྱམ་ཡིན། །འདི་མཁའ་ཀློང་དབྱིངས་ཀྱི་ཐེས་སྐྱམ་ཡིན། །དམུ་ཆུ་ལི་ཕྱིན་ཐེ་སྐྱམ་ཟེར། །སྐྱམ་རིགས་རྣམས་ཀྱི་གྲོལ་ཕུག་ཡིན། །བདུད་ཀྱི་དབྱིག་ནག་ཁྲག་འཐུང་ཡིན། །འདི་ཟུར་གསུམ་འཕྲུལ་གྱི་ཐེ་སྐྱམ་ཡིན། །དབྱིག་དམར་ཐེ་སྐྱམ་ཞེས་ཀྱང་ཟེར། །འདི་ཡི་བུ་ལ་བརྒྱག་སོང་ན། །འཕྲུལ་སྐྱམ་སྟོད་ལ་གེ་ཤལ་འདི། །མཐུ་ཆེན་ཝེར་མའི་རྐན་ཆུ་ཡིན། །ཆུ་རིགས་རྣམས་ཀྱི་མགོ་བོ་ཡིན། །ཡང་དཀར་གངས་དཀར་ཏི་སེ་ཡིན། །ཞེ་ཟབ་བ་མ་ཕམ་གཡུ་མཚོ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །མི་རབས་གསུམ་ལ་བཙན་ཕྱུག་འཛོམ། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །འབུམ་ཚོ་གསུམ་གྱི་དམག་ལེགས་ནུས། །འདི་ཙར་ལོང་ངར་ངོར་ཐེ་སྐྱམ་ཡིན། །གཡུང་དྲུང་སྐྱམ་ཆེན་འཁོར་ལོའང་ཟེར། །ཡང་ན་རྣོ་མཚོན་ཐེ་སྐྱམ་ཡིན། །འདི་ལ་བརྒྱག་


MR16_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཅས་པ་ན། །སྐྱམ་གྱི་དྲྭ་མིག་བརྒྱག་ཅེས་བྱ། །ཆུ་རིགས་འདུས་པའི་རྒྱ་མཚོ་ཡིན། །ཤལ་ཆེན་དམག་ལ་ལྷག་པར་བཟང་། །འདི་ཁུ་དོ་ཡར་དགེ་ཐེས་སྐྱམ་ཡིན། །སྨོན་རུ་ཐེ་སྐྱམ་ཞེས་ཀྱང་བྱ། །བྲག་ནག་ཐེས་སྐྱམ་ཞེས་ཀྱང་བྱ། །ཡར་རྣམ་ཐེ་སྐྱམ་དབང་པོ་རྣོ། །ཡར་དགེ་མ་ལ་བརྒྱག་བཅས་ན། །བ་དཀར་བེའུ་འབྲང་བ་ཡིན། །དབུལ་པོ་རྣམས་ཀྱི་མོ་ལ་བཟང་། །ཡར་དགེ་བུ་ལ་བརྒྱག་བཅས་ན། །རིན་ཆེན་བཀྲ་ཤིས་རྫས་བརྒྱད་བརྒྱག །ཀླུ་མོ་བཀྲ་ཤིས་བདེ་ལྡན་མས། །ཀླུ་ཕྲུག་ཉི་ཁྲི་ཉིས་སྟོང་ཚར། །བུ་སྐྱེ་ཚེ་རིང་དོན་ལྡན་ནུས། །དགྲ་གཞི་ཅི་ལ་བཏབ་ཀྱང་བཟང་། །ཡར་དགེ་མ་བརྒྱག་བུ་བརྒྱག་ན། །བདུད་རྩི་འོ་མའི་ཆུ་རྒྱུན་བརྒྱག །བྱིན་གྱིས་བརླབས་པའི་ཆུ་བོ་ཡིན། །ངན་སོང་སྡིག་སྒྲིབ་དག་བྱེད་ཡིན། །འདི་ཁུ་ཐོ་མར་ཀེ་ཐེས་སྐྱམ་ཡིན། །ངམ་རུ་ཐེ་སྐྱམ་ཞེས་ཀྱང་བྱ། །སྡིག་པ་ཀ་ར་མ་ཟན་ཡིན། །ནད་དང་དུག་གི་ས་བོན་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །དེའི་མ་བརྒྱག་ཁྱི་ལུང་ནང་གི་གཡུ་ལྗང་ཡིན། །མ་ངན་ལ་བུ་བཟང་སྐྱེ་ངོ་ཡིན། །བུ་བརྒྱག་དུང་འབྲི་དཀར་མོའི་འོ་མ་ཡིན། །བཞི་བརྒྱ་ནད་ཀྱི་འཚོ་སྨན་ཡིན། །མ་བུ་གཉིས་བརྒྱག་ཤིན་ཏུ་བཟང་། །འདི་ནི་ཁ་ཁུག་ཐེ་སྐྱམ་ཡིན། །ལྐུག་པའི་ལྕེ་རྩ་ཤོར་མི་ཡིན། །བརྒྱག་ན་དམག་གི་མོ་ལ་བཟང་། །འདི་དམུ་ཁ་ཟ་ཡག་ཐུན་ཐེས་སྐྱམ་ཡིན། །ཟུར་ཆག་ཟ་ཁ་ཡག་སྐྱམ་ཟེར། །སྦལ་པ་ནག་ཁྲའི་བླ་མདུད་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །འདི་ཡི་སྐྱེར་ལ་བརྒྱག་བཅས་ན། །སྐྱམ་ཆེན་གཡུ་འོད་པདྨ་བརྒྱག །ཀླུ་བུ་དུང་གཙུག་འབར་བ་ཡིན། །འདི་ལ་སྲིད་ཀྱི་ཆུ་མིག་འཁོར། །སྐྱམ་བརྒྱག་རྡོ་རྗེ་བཀྲ་ཤིས་བརྒྱག །དུང་ཕོ་ཨ་གྲགས་ངར་ཆུ་ཡིན། །


MR16_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྐྱམ་ཆད་ཅེས་སུ་གྲགས། །སྨོན་པའི་དྲིལ་རྒན་ཆད་ངོ་ཡིན། །ལ་ནག་རྩ་བར་དྲིལ་ནག་ལུས། །དྲིལ་ནག་ངུས་པའི་མཆི་མ་ཡིན། །མགྲོན་བྱ་མགྲོན་ཁ་གཉིས་སུ་འོང་། །རྟ་རྒན་མཛོ་རྒན་ཆད་ངོ་ཡིན། །མགོ་ཆད་གྱེན་དུ་བསྒྱུར་བ་ཡིན། །སློ་ཆད་ཐུར་དུ་ཕོ་བ་ཡིན། །འདི་དགུང་སྔོན་ངུས་པའི་མཆི་མ་དང་། །ས་དོག་མོའི་དྲོད་ཀྱི་ང་པ་གཉིས། །རྫུ་འཕྲུལ་ལན་གཅིག་བསྡེབས་པ་ལས། །ཤ་ཆང་གྲོད་པ་གཅིག་ཏུ་བྱུང་། །དེ་ཡེ་ངམ་མཚམས་སུ་རྡོལ་བ་ལས། །གདུག་པའི་དྲེལ་ནག་དཔུང་ཁྲ་སྲིད། །ངམ་རྗེ་རྩོལ་པོས་ཁྱེར་བ་ལས། །ལམ་གསུམ་འདུས་པའི་རྩ་བ་དེར། །གདུག་པའི་དྲིལ་ནག་དཔུང་བཀྲ་ཆད། །སྐྱམ་ཆད་བྱ་བའི་མཚན་ཉིད་ཡིན། །འདི་སྨད་དུན་ཆུང་ངུས་པའི་མཆི་མ་ཡིན། །ཁུ་བྱུག་སྙན་ཆུ་བྱས་པ་ཡོད། །བར་དུ་དུག་མཚོ་ནག་པོ་ལ། །སྨན་གྱི་ཁ་ཞག་ཆགས་པ་ཡོད། །སྟོད་དུ་ཆར་སྤྲིན་ཞོད་ཆེན་ལ། །ལོ་འབྲས་དུས་གཅིག་ཡག་པ་ཡོད། །གཅིག་ལ་སྨོན་མཁར་རྨིང་རྡོ་འཆུག ། གྲོས་དང་དོན་གྱི་རྩ་བ་ལད། །གཉིས་སྒོ་ཐེམ་རལ་དང་དུར་ས་རལ། །རྒྱ་བོད་འགྲིམ་ལམ་ཆད་ངོ་ཡིན། །གསུམ་བུ་ཚ་མིང་སྲིང་དུས་གཅིག་ཤི། །སྐྱེ་འགབ་ཆད་ཅིང་ཁ་ཡོག་བློ་འགྱོད་ངོ་། །བཞི་ཀླུ་ཚང་ཐན་དང་ནལ་གྱིལ་བཀང་། །ཀླུ་ནད་འོང་ཞིང་གཡང་ཐག་ཆད། །ལྔ་དགྲ་ཡི་འཁོར་གསུམ་རྐེད་ནས་ཆད། །དགྲ་མགོ་རེ་བས་བཏུམས་ཏེ་བཟང་། །དྲུག་བ་བཙུན་འཕྲུལ་གྱི་སྒྱིད་ཐག་ཆད། །མོ་སར་ཁ་ཉེས་བློ་འགྱོད་འོང་། །བདུན་སྐྱེས་བའི་བློ་ཡི་དཔའ་ཐག་ཆད། །བློ་ཉེས་མི་ཁ་བློ་འགྱོད་འོང་། །བརྒྱད་ལྷ་མི་བར་གྱི་འབྲེལ་ཐག་ཆད། །ལྷ་མཁོན་ཉམས་གྲིབ་དུས་མཆོད་ཆག །དགུ་ལེའུའི་ཕྱྭ་ཐག་ཆད་པ་སྟེ། །མོ་མ་སྨན་བོན་བྱེད་ལ་ངན། །བཅུ་ལ་མོ་བཙུན་


MR16_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཐག་ཆད། །ནོར་གོད་གཡང་ཉམས་འགྱོད་སྟོང་ངོ་། །བཅུ་གཅིག་དགྲ་བླའི་མཚོན་ལུང་ཆད། །དགྲ་བླ་ངུས་པའི་མཆི་མ་ཡིན། །བཅུ་གཉིས་དགྲ་བོའི་སྲོག་ཐག་ཆད། །དགྲ་བརྒྱ་ངུས་པའི་མཆི་མ་ཡིན། །བཅུ་གསུམ་གནམ་སའི་འབྲེལ་ཐག་ཆད། །གྱོད་དང་མདུན་ངོ་རྒན་ལ་ངན། །སྐྱམ་ཆད་སྐྱེར་ལ་བརྒྱག་བཅས་ན། །སྐྱམ་གྱི་སྣམ་བུ་དཀར་སངས་ཡིན། །ཅི་ལ་བཏབ་ཀྱང་བཟང་བར་བཤད། །སྐྱམ་བརྒྱག་སྐྱམ་བྲག་རང་ཆུ་དཀར་མོ་ཟེར། །མི་ནོར་གཉིས་ཀྱི་འཕེལ་ཆུ་ཡིན། །སྐྱམ་སྐྱེར་གཉིས་ཀ་དུས་གཅིག་བརྒྱག །སྐྱམ་ཆད་ལྷ་མོ་ཀླུ་མོ་ཡིན། །རིན་ཆེན་མཛེས་པའི་ནོར་བུ་བརྒྱག །དགྲ་གཞི་དུར་གསུམ་མོ་ལ་བཟང་། །སྤོ་བརྒྱག་སྦྲུལ་ཟན་ཕག་མོ་ལྟོ་དམར་ཡིན། །ཏྲོང་གི་སྟེང་དུ་བབ་ཆོག་ཡིན། །གསུམ་བརྒྱག་མ་རྙེད། །འདི་ནི་ཤོ་དོ་ཐེ་སྐྱམ་ཡིན། །ཤིང་རྒན་རྩ་བའི་ཆུ་མིག་ཡིན། །འདི་ཡི་སྐྱམ་ལ་བརྒྱག་སོང་ན། །དབྱིག་རིགས་རྣམས་ཀྱི་ངར་ཆུ་ཡིན། །ཞུམ་ལ་ངར་ཆུ་བླུད་མི་ཡིན། །དབུལ་པོ་ནོར་དང་སྤྲད་མི་ཡིན། །ཅི་བཏབ་ཀུན་ལ་བཟང་བ་ལ། །མཛེ་རྒྱུད་ཡོད་པའི་མི་ལ་ངན། །མཛེ་མཐའ་ཆུ་བས་རིང་བ་ཡིན། །སྒོ་བརྒྱག་མ་སྲོག་བུ་མོས་བཅད། །མ་བུ་གཉིས་ཀ་བརྒྱག་པ་ན། །བུ་རྟིང་པ་ས་ལ་ཚུགས་ནས་མ་ལ་ངན། །ལར་ཤོ་དོ་ཐེ་སྐྱམ་བརྒྱག་ཅན་རྣམས། །ཆུ་རིགས་རྣམས་ཀྱི་སྙིགས་ཆུ་ཡིན། །ཆུ་བྱ་རོག་མོའི་བླ་མདུད་ཡིན། །སྐྱམ་རིགས་རྣམས་ཀྱི་འཕྲིན་པ་ཡིན། །འདི་ནི་ཆུ་སྤར་ཐེ་སྐྱམ་ཡིན། །ཟ་མ་མོ་ཡི་དུར་ངོ་ཡིན། །བུད་མེད་གྲི་རོ་ཆེན་མོ་ཡིན། །མོ་སྲི་ཤུར་བུད་བླ་དེ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །མ་ལ་བརྒྱག་གཅིག་བྲམ་ཆེན་སེ་སྟོད་ཡིན། །བུད་མེད་ལྕེབ་པའི་གྲི་སྤུར་ཡིན། །བརྒྱག་གཉིས་སྐྱམ་ཆེན་སེ་སྟོད་ཡིན། །མ་བུ་ཤི་བའི་དུར་ངོ་ཡིན། །


MR16_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་ཁྱིམ་བྱའི་མོ་ལ་ངན། །གསུམ་བརྒྱག་མ་རྙེད། ཆུ་སྤར་བུ་ལ་བརྒྱག་སོང་ན། །སྐྱམ་ཡང་དག་ནག་ཆུང་ཟལ་ཟལ་ཡིན། །མི་ནོར་གཉིས་ཀྱི་འཕེལ་ཆུ་ཡིན། །ལ་ལས་བཟང་མིན་ངན་ཀྱང་ཟེར། །ལར་ཆུ་སྐྱམ་གཏིང་ནས་ནག་པས་ན། །མཁོན་ཤ་རྙིང་གཏིང་ནས་ལེན་མི་ཡིན། །གཅིག་གི་སྟེང་དུ་ཆུ་སྐྱམ་ན། །ཡུལ་ཕུང་དཔོན་ཆུང་གདན་ས་ཤོར། །གཉིས་ཁྱིམ་མཚེས་ཤི་སྐད་འཁྲུགས་འདྲེ་ཡིན། །ཁྱད་པར་མོ་ཡི་དུར་སྲི་ལང་། །གསུམ་དཔོན་འབྲིང་གདན་ཤོར་ཆུང་གསུམ་བརླག །བཞི་དུར་ངོ་ནོར་གྱི་ཟླ་གམ་རྡིབ། །ལྔ་བུ་སྲིང་ཕྱོགས་ནས་གནོད་འཁྲུགས་འོང་། །དྲུག་ཁྱིམ་ཞིག་མོ་བཙུན་དུར་ངོ་ཡིན། །བདུན་ཕ་སྤུན་དུར་དང་བློ་ཉེས་འོང་། །བརྒྱད་སེང་ཁོག་འབུས་བཤིག་ལྷ་གྲལ་ཞིག །དགུ་ཞང་བློན་བོན་ངན་ཕྱུགས་རོ་ཡིན། །བཅུ་ཡར་གྱི་གནམ་རྡིབ་ནལ་གྱིས་འཕུང་། །བཅུ་གཅིག་རི་བོང་ལག་གཡབ་བྱས། །སེང་གེ་དཀར་མོའི་སྒྲོག་རུས་བཅག །བཅུ་གཉིས་གདལ་ཡིས་གོད་མགོ་སྙེད། །བཅུ་གསུམ་སྡུག་གི་ཞྭ་ནག་མགོ་ལ་གྱོན། །ལར་ཆུ་སྐྱམ་ངན་པ་གཏིང་ནག་ལ། །བཟང་བཤད་ཡེ་ནས་མེད་ན་ཡང་། །དགྲ་ལ་མ་གཤིན་མཐུ་སྒྲུབ་ན། །ཕྱི་སར་བབ་ན་དགྲ་བོ་སོད། །རང་སར་ཆུ་སྐྱམ་བརྒྱག་བཟང་ན། །དུས་མཚན་ནག་མོའི་བེ་ཅོན་གྱིས། །དགྲ་བརྒྱའི་སྙིང་ཁྲག་ཐང་ལ་ཕོས། །འདི་སྐྱམ་དཀར་ལི་ཡན་ཞེས་སུ་བཤད། །རས་དཀར་པོའི་ལྷན་པ་གྲུ་བཞི་ཡིན། །སྦྲ་རེ་བ་མ་གཏོགས་ཀུན་ལ་མཛེས། །གནས་མལ་བབ་ལུགས་སྐྱམ་དང་འདྲ། །དེའི་གྲུ་གསུམ་དེ་ལ་བརྒྱག་གཅིག་ན། །སྐྱམ་ལེ་ཨག་གི་སེ་སྟོད་ཡིན། །སློད་མི་མཆུ་ནག་ཅེས་ཀྱང་བྱ། །ཟུར་ཆག་གླེས་སྨི་ཞེས་སུ་འབོད། །དེ་ལ་བརྒྱག་གཉིས་བཅས་པ་ན། །སློད་མི་ཕུང་མ་གྲལ་བསྒྲིག་ཡིན། །བརྒྱག་གསུམ་སེ་སློད་ཁྲི་མེན་ལ་རྩེ་


MR16_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག །འདི་གསུམ་མི་བརྒྱ་ནད་ཀྱི་ཟིན་ནས་ཤི། །རྟ་བརྒྱ་གློ་ལུས་བཏབ་པ་ཡིན། །ལུང་སྐམ་རོ་ཡིས་གང་བ་ཡིན། །སྐྱམ་དཀར་བུ་ལ་བརྒྱག་བཅས་ན། །སྐྱམ་དཀར་བ་མེན་ཆུ་ཤེལ་ཡིན། །ཡེ་གྲུབ་བ་དཀར་འོ་མ་ཡིན། །བདག་པོ་ཤར་གཉན་དཀར་པོ་ཡིན། །བརྒྱག་གཉིས་སྐྱམ་དཀར་ཟི་ཟི་ཆེན་པོ་ཡིན། །རྨ་ཆེན་སྤོམ་རའི་ལྷ་ཆབ་བརྒྱག །དུང་ཁྱུང་དཀར་མོའི་སྒོང་ཆུ་ཡིན། །སྐྱམ་དཀར་མ་བུ་གཉིས་བརྒྱག་ན། །སླེས་མི་རེ་འབྱམས་ཁྲ་བོ་ཡིན། །དམག་ཇག་ཤ་ལེན་གཏས་འཛིན་དང་། །གོང་བ་རྩོད་དུས་རང་སར་བཟང་། །ལར་སློད་མི་མཆུ་ནག་ཅེས་པ་འདི། །གཅིག་གི་སྟེང་དུ་བབ་པ་ན། །གཏན་ཆུས་གྲོ་ཟན་བརྗེས་པ་ཡིན། །ཅི་བཏབ་ངན་ཀྱང་སྲིའུ་གསོ་ན་བཟང་། །སྲི་ཕྲུག་སྲི་ལས་ཐར་པ་ཡིན། །གཉིས་རོང་ཁུང་གླ་བ་རྦབ་འདོད་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །མོ་བཙུན་རོག་པོ་ཚོལ་ན་བཟང་། །གྱོད་མྱ་ངན་གཉིས་པོ་ཕྱིར་བུད་ཡིན། །གསུམ་གཙགས་བུའི་རྩེ་མོ་ཆུས་ཁྱེར་ཡིན། །བུ་ཚ་དུར་དུ་འདས་དོགས་ཡོད། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཁ་མཆུ་ཞལ་ལྕེ་གཅོད་ཉིན་བཟང་། །མཛངས་ཀྱི་སྨྲ་ལྕེ་དར་བ་ཡིན། །བཞི་སྨན་རྐྱལ་དུག་གིས་གང་བ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཡུག་ས་བག་མར་ལེན་ཉིན་བཟང་། །མོ་རྫོང་ཁུར་ནས་བུ་ནོར་འཕེལ། །ལྔ་དགྲའི གྲི་གུ་སྤས་བྱས་པ་ཡིན། །ཅི་ལ་བཏབ་ཀྱང བཟང་བ་ལ། །ལྷག་པར་རྐུན་མ་ཆས་ཉིན་བཟང་། །ཞགས་པའི་འཇུར་མིག་གང་བ་ཡིན། །དྲུག་རྒྱལ་མོའི་མགོ་ལ་མདུན་བབ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །མོ་བཙུན་རྒྱན་ཆ་འདོགས་ཉིན་བཟང་། །གསེར་གཡུ་བཀྲག་མདངས་ལྡན་པ་ཡིན། །བདུན་ཕོ་བློ་འབུ་ཡིས་གཡེང་བ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྐྱེས་པ་ཁེ་ཇག་ཆས་ཉིན་བཟང་། །དགྲ་ནོར་ཚུར་ལ་ལོན་པ་


MR16_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། བརྒྱད་སངས་རྒྱས་ཆོས་ཁྲི་ཁྲག་གིས་གང་། །ཅི་ལ་བཏབ་ཀྱང་ངན་པ་ལ། །མ་རབ་རྟ་རྒྱུག་བྱེད་ཉིན་བཟང་། །ཡག་ཁ་ཡར་ལ་ཐོན་པ་ཡིན། །དགུ་གཤེན་རབ་རྔ་ཆེན་བརྡུང་ནས་བུག །ཅི་ལ་བཏབ་ཀྱང་ངན་པ་ལ། །དགྲ་ལ་ཟོར་ཁ་སྟོན་ཉིན་བཟང་། །དགྲ་ཡུལ་ཐན་གྱིས་གང་བ་ཡིན། །བཅུ་རྒྱལ་ཁང་ཁྲག་གིས་གང་བ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །བཙུན་པ་སེར་ཆས་བྱེད་ཉིན་བཟང་། །ཡིད་འོང་ནོར་བུ་ལོན་པ་ཡིན། །བཅུ་གཅིག་དགྲ་བླ་ཅང་སེ་གྲལ་དུ་ངུ་། །ཅི་ལ་བཏབ་ཀྱང་ངན་པ་ལ། །དྭ་ཕྲུག་ཕ་ཤ་ལེན་ཉིན་བཟང་། །དཔའ་མདུང་དགྲ་ལ་ཐེབས་པ་ཡིན། །བཅུ་གཉིས་བྱེས་ཀྱི་ཕྱི་ལམ་ཆོད་བ་དེ། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ལྷག་པར་ཤིད་ཆེན་འགྱེད་ཉིན་བཟང་། །གཡང་ཁ་མི་འགྲམ་རྫིའུ་ཡིན། །བཅུ་གསུམ་དུར་བྱས་གཏམ་ངན་དགུང་དུ་བསྒྲགས། །ཅི་ལ་བཏབ་ཀྱང་ངན་པ་ལ། །བཙོན་ཕྲུག་དོང་ནས་འདོན་ཉིན་བཟང་། །ཁ་ཕོ་གཏམ་སྙན་བཅས་ཏེ་ཐོན། །ལུང་པ་ཀུ་སྒྲས་བཀང་ཉིན་བཟང་། །ཁ་མཆུ་ཞལ་ལྕེ་གཅོད་ཉིན་བཟང་། །དམག་ཆེན་འདེགས་པའི་མོ་ལ་བཟང་། །སྡུག་དང་གྱོད་བྱུང་མོ་ལ་བཟང་། །ཁྱོད་ཀྱི་སྟེང་དུ་བུད་པ་ཡིན། །གཏོ་བས་མི་ཁ་བྲུབ་ན་བཟང་། །དེ་ངན་པ་འདྲ་ལས་བཟང་ངོ་ཡིན། །སྐྱིད་དགའ་གྱོད་མེད་མོ་ལ་ངན། །གྱོད་དང་མི་ཁ་མདུན་ངོ་ཡིན། །དེ་རྣམས་མ་ནོར་ཞིབ་པར་དཔྱོད། །སྐྱམ་དཀར་བུ་བརྒྱག་རང་ས་དང་། །ལྷག་པར་བ་ཁོག་རྣམས་སུ་བཟང་། །ཕྱི་སར་གཡང་ཉམས་གྱོང་གོད་ངོ་། །འདི་ཕུང་བར་ཝ་སྐྱམ་ནག་མོ་ཡིན། །ཝ་རི་ཝ་སྐྱམ་མདའ་གཞུ་ཅན། །མདའ་གཞུ་གཟུང་ནས་བྲོས་པ་ཡིན། །རི་རྩི་འགྲིམ་ཞིང་ཁ་ཕོ་བྱེད། །འཐབ་ལ་མི་དགའ་བྲོས་ལ་དགའ། །ཝ་སྐྱམ་ཐེལ་མོའི་མྱོས་ཆུ་འདི། །སྲིན་མོ་ངུས་པའི་མཆི་མ་ཡིན། །


MR16_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཞེས་བྱ་བ་ཐེའུ་རང་ཡིན། །སྐྱམ་ནི་སྲིན་མོའི་མྱོས་ཆུ་ཡིན། །ཕ་དེ་སྟོང་ཐེལ་ནག་པོ་ཡིན། །མ་དེ་སྟོང་ཐེལ་ནག་མོ་ཡིན། །མོ་རང་འཁྲུགས་གཞི་རྒྱལ་མོ་ཡིན། །ར་ལྤགས་གཡང་གཞི་ལུས་ལ་གྱོན། །རེ་བའི་སྐེ་རགས་སྐེད་ལ་བཅིངས། །ལྟས་ངན་བོང་ལྷམ་རྐང་ལ་གྱོན། །སྡིག་པའི་ཅོ་ཏོ་མགོ་ལ་སྐྱེས། །ཁྲག་གི་མཆི་མ་གདོང་ལ་འཛག །མྱ་ངན་སྨྲེ་སྔགས་ཁ་ནས་འདོན། །ནད་ཡམས་གྲོད་པ་ལག་ན་ཐོགས། །ཕུང་སྲི་བོང་བུ་གྭ་བ་ཞོན། །རེ་སྒྱེ་ནག་པོ་རྒྱབ་ལ་ཁུར། །ཕག་ཤ་ལག་པ་ལག་ན་ཐོགས། །མུ་ཟིའི་ཐུམ་བུ་སྐེ་ལ་བཏགས། །ཏེ་ལོ་གྭ་མ་རོལ་དུ་ཁྲིད། །ཉིན་དུ་འགྲོ་ཞིང་སྲིབ་ཏུ་འབོད། །སྲིད་ཀྱི་འབྲོག་པ་འཁྲུགས་སུ་འཇུག །སྲིབ་ཏུ་འགྲོ་ཞིང་ཉིན་དུ་འབོད། །ཉིན་གྱི་ཡུལ་བ་འཁྲུག་ཏུ་འཇུག །ཕུ་རུ་འགྲོ་ཞིང་མདའ་རུ་འབོད། །མདོ་ཡི་ཞིང་པ་འཁྲུག་ཏུ་འཇུག །མདའ་རུ་འགྲོ་ཞིང་ཕུ་ལ་འབོད། །ཕུ་ཡི་དགོན་པ་འཁྲུག་ཏུ་འཇུག །དགྲ་ཟུན་གཉིས་ལ་འབོད་རེས་བྱེད། །དགྲ་ཟུན་གཉིས་པོ་འཁྲུག་ཏུ་འཇུག །དེ་བའི་ཝ་སྐྱམ་མ་འགུལ་ཅིག །ཕྱི་ནང་གང་ཡང་འཁྲུགས་གཞི་ཡིན། །འཁྲུགས་འདྲེ་ནག་མོ་ཅོ་ཟེད་མ། །ལྟས་ངན་སྡིག་པའི་བུ་མོ་དེ། །སྔོན་དུ་ཡེ་ངམ་འཁྲུགས་འདྲེ་བྱས། །བར་དུ་ལྷ་སྲིན་འཁྲུགས་འདྲེ་བྱས། །ཐ་མར་གཉན་སྡོང་འཁྲུགས་འདྲེ་བྱས། །དེ་བས་ཝ་སྐྱམ་མ་འབབ་ཅིག །ལར་ཝ་ཞེས་བྱ་བ་འཁྲུགས་གཞི་ཡིན། །སྐྱམ་ནི་ངུས་པའི་མཆི་མ་ཡིན། །ཝ་ནི་གཏམ་ངན་གྲོས་ཕུག་ཡིན། །སྐྱམ་ནི་ཟད་པའི་མཐར་ཐུག་ཡིན། །ཝ་ཝ་རྨ་སྲི་རྩ་ནག་ཡིན། །སྐྱམ་སྐྱམ་ཐེལ་མོའི་མྱོས་ཆུ་ཡིན། །ཝ་ཝ་སྐར་མ་ཐ་ཤལ་ཡིན། །སྐྱམ་ནི་མཁར་འདྲེ་ངུ་རྒྱུག་ཡིན། །ཝ་ནི་མི་ལ་ཙཀྲ་ཡིན། །སྐྱམ་ནི་ནག་མོ་གསོད་འདྲེ་ཡིན། །ཝ་སྐྱམ་འཁྲུགས་པའི་གཞི་མ་དེ། །འཁྲུགས་འདྲེ་


MR16_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་རལ་གཅིག་མ། །དེ་བས་ཝ་སྐྱམ་མ་འོང་ཅིག །གཅིག་གི་སྟེང་དུ་ཝ་སྐྱམ་ན། །ཡུལ་ལ་འཕོ་སྐྱས་བྱེད་ངོ་ཡིན། །བུ་ཚ་ཐབ་ཏུ་ཤོར་ངོ་ཡིན། །བུ་ཤིའི་དུར་ལ་ས་བདག་འཁྲུགས། །གཉིས་འཁྲུག་གཞི་ནག་མོས་བྱས་པ་ཡིན། །སྒོ་ཐེམ་བར་ནས་ཕྱི་ནང་འཁྲུག །ཁྱིམ་མཚེས་བུ་མོ་ཤི་ནས་མཛོ་མོ་སྟོར། །གསུམ་བུ་ཚ་དུར་དུ་སོང་བ་ཡིན། །ཆུང་གསུམ་རྟ་ཡིས་བསད་ངོ་ཡིན། །ཆུང་གསུམ་སྤུར་ལ་ཕྱ་ནག་འཁྲུགས། །བཞི་མནའ་མའི་ནལ་གྱིས་གཡང་ལྷ་འཁྲུགས། །ཀླུ་ཚང་ནང་ན་ཀླུ་ཁྱུང་འཁྲུགས། །མནའ་མ་སྣེལ་གྲིས་ཤི་ངོ་ཡོད། །ལྔ་ལྷ་སྲིན་གཉིས་ཀྱི་འཁྲུགས་གཞི་ལང་། །བུ་སྲིང་མག་པའི་ཕྱོགས་ནས་རྩོད། །དྲུག་བཙུན་མ་ཤི་ནས་རོ་ཁལ་ལོག །ཁྱིམ་འཐོར་ཁྱིམ་བདག་མོ་ལ་རྩུབ། །བདུན་ཕོ་བློ་ཁུག་མའི་ནང་དུ་བཏུམ། །ཕ་སྤུན་ནང་འཁྲུག་ལང་ངོ་ཡིན། །བརྒྱད་སེང་གེའི་ཁོག་པ་འབུ་ཡིས་དཀྲུགས། །བློ་འགོང་པོས་བསྒྱུར་བས་གྲོས་ངན་དྲན། །སྡེ་ཆེན་ནང་འཁྲུག་འོང་ངོ་ཡིན། །དགུ་བོན་གྱི་གསས་གྲལ་ཁྱི་ཡིས་བཀག །བོན་གཏམ་བྱས་ཚད་འདྲེ་རུ་སོང་། །བཅུ་མ་སེམས་ལོག་ཕྲུག་གུ་ཟན་དུ་མཐོང་། །མ་ཕྱི་བཙོག་ནལ་འཁྲུགས་འདྲེ་ལང་། །མ་ཡིས་བུ་ནི་གསོད་ངོ་དང་། །མ་ཕྱི་ཐོག་གིས་བསད་ངོ་ཡིན། །བཅུ་གཅིག་རི་བོང་ལག་གཡབ་ཀྱིས། །མཐོན་པོ་དགུང་གི་ཀ་བ་བསྒྱེལ། །བྱ་བ་དེ་བས་ཆུང་བ་མེད། །གྱོད་ལ་དེ་བས་ཆེ་བ་མེད། །བཅུ་གཉིས་བྱང་གི་ཚྭ་ལུང་དེར། །མི་ཐེ་ལེ་འཁྱམས་པོས་གོད་མགོ་རྙེད། །གྲོག་ལ་དེ་བས་ཆུང་བ་མེད། །གྱོད་ལ་དེ་བས་ཆེ་བ་མེད། །བཅུ་གསུམ་སྤེད་ཀྱི་ཕོ་བ་མགོ་ཐོག་ཕྱིན། །མོ་མཚན་ཞྭ་མོ་མགོ་ལ་གྱོན། །དེ་ལ་བྱ་ལྕེའི་འཕྲུ་ཞིག་བཙུག །རྨོང་གི་རྒྱན་ཞིག་བཏགས་པ་ཡིན། །ཐམས་ཅད་ཧ་བགད་ངོ་ཚའི་རྒྱུ། །རི་བོར་སྐྱ་བོའི་སློ་


MR16_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ། །ལྷ་འདྲེ་གཉན་དམག་འདུས་ཤིང་བརྩད། །གནང་ལ་དེ་བས་ཆུང་བ་མེད། །འཁྲུགས་ལ་དེ་བས་ཆེ་བ་མེད། །མིང་མེད་བསད་ཅིང་མིང་མེད་བཟུང་། །ངོ་ཚ་དམག་ཉེས་ཆུས་ཤོར་ངོ་། །ཕོ་ལྷ་བྱེས་སུ་འཁྱམས་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །ཉི་མ་ཉིན་གཅིག་བཟང་བ་ཡོད། །སྡར་མ་འབྲོས་པའི་ཝེར་མ་ཡིན། །དགྲ་ལ་དབྱེན་སྦྱོར་བསྒྲུབ་ན་བཟང་། །འཁྲུགས་པའི་རྒྱལ་མོ་ཆས་པ་ཡིན། །འཐོར་བའི་ལན་དུ་ཝ་སྐྱམ་ན། །དམག་གི་ཁྲོམ་ཚོགས་དཀྲུགས་པ་ཡིན། །འབྲེལ་བའི་ལན་དུ་ཝ་སྐྱམ་ན། །སྣོད་བཟང་དུག་གིས་བཀང་བ་ཡིན། །བཏགས་པའི་ལན་དུ་ཝ་སྐྱམ་ན། །བཟང་པོའི་འདུན་མ་ཞིག་པ་ཡིན། །ཝ་སྐྱམ་ལེན་དུ་བྱ་ཡུན་ན། །ཕུ་རྒོད་བྱ་རྒོད་འདྲ་བ་ཤི་ན་ཡང་། །ནུ་བོ་སྐྱ་ཁྲ་འདྲ་བ་ཚར་ངོ་ཡིན། །དེ་བཞིན་གལ་བར་བྱོད་ཕུར་སོགས། །གླིང་དཀར་ལྕོ་ག་སོགས་སུ་འགྲེས། །ཝ་སྐྱམ་ལན་དུ་ཝ་སྐྱམ་གྱི། །བུ་བརྒྱག་ཝ་སྐྱམ་འཁྲུག་པ་སང་། །ནད་པ་དུག་གི་ཁ་ནས་སོས། །མ་བརྒྱག་འཁྲུགས་པ་འདུམ་དུས་མེད། །ཝ་སྐྱམ་ལན་དུ་ལི་ཡན་ན། །སྨད་ཀྱི་ཁྲོམ་བརླག་བཅོ་བརྒྱད་ཡིན། །ཝ་སྐྱམ་ལན་དུ་སྤོ་བར་ན། །བར་གྱི་གཏིང་བརླག་བཅོ་བརྒྱད་ཡིན། །ཝ་སྐྱམ་ལན་དུ་དཀར་ཐོག་ན། །སྟོད་ཀྱི་རྒྱལ་རྟགས་བཅུ་གསུམ་ཡིན། །བར་དུ་འབྲེལ་བའི་རིགས་བབ་ནས། །བརྒྱད་བཅུ་བཅུ་གཅིག་གང་རུང་ལ། །ཝ་སྐྱམ་བཅུ་གསུམ་དཀར་ཐོག་ན། །ན་ཁུག་སྦལ་པའི་བུ་རྫི་ཡིན། །རྒྱལ་རྟགས་རང་ལ་ཐོབ་པ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །ཝ་སྐྱམ་མ་ལ་བརྒྱག་བཅས་ན། །ངམ་གྱི་ཁྱི་ནག་ལྕགས་མགོ་ཡིན། །ཡང་དག་གླེས་རྨི་ཆེན་མོ་ཡིན། །འཁྲུགས་པ་རྣམས་ཀྱི་འཁྲུག་གཞི་ཡིན། །གལ་ཏེ་མ་ལ་བརྒྱག་གཉིས་ན། །ངམ་གྱི་ཁྱི་ནག་ལྕགས་མགོ་དེ། །


MR16_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་གྱི་ཡུལ་དུ་འཁོར་འཁོར་ནས། །སྨོན་པའི་ཡུལ་བུ་རྡལ་དེ་སླེབས། །སླེབས་ནས་བརྩམས་ཏེ་འཁྲུགས་པ་ལང་། །རང་སའི་བཙན་སར་བབ་པ་ན། །དམག་དང་ཤལ་ཆེན་མོ་ལ་ངན། །འཁྲུག་པའི་རྒྱུན་ལ་ཆད་དུས་མེད། །གཞི་ཕྱྭ་བ་ཁོག་གསུམ་དུ་ངན། །མཁོན་དང་རྩོད་པ་རྒྱུན་མི་འཆད། །ཝ་སྐྱམ་བུ་ལ་བརྒྱག་བཅས་ན། །ནག་ཆུང་ཟལ་ཟལ་ཆེན་པོ་ཡིན། །ཡང་ན་ཁྲ་མོ་དུང་ཆུང་ཟེར། །གཡུ་འབྲུག་སྔོན་མོའི་ཁ་ཆུ་ཡིན། །སྨོན་པའི་ཤིག་ཞུག་གཅོད་མི་ཡིན། །གཅོང་ཆེན་མཛེ་རྨ་གསོ་མ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །འཁྲུག་འདྲེའི་རྒྱུད་ལ་བྱམས་པ་སྐྱེས། །དུག་སྡོང་སྨན་གྱི་འབྲས་བཟང་སྨིན། །གཉིས་བརྒྱག་ཁྲ་མོ་དུང་ཆེན་ཟེར། །དགྲ་གཞི་ཀུན་ལ་ཤིན་ཏུ་བཟང་། །འདི་ཀྱེ་བ་བག་ལེ་ཐེ་སྐྱམ་ཡིན། །ཀྱེ་བ་རྣམས་ཀྱི་བུ་མོ་ཡིན། །བུ་མོ་ཡིན་ཏེ་བུ་སྐྱེ་ནུས། །བདུད་རྩི་ཆུ་ཡི་དྭངས་མ་ཡིན། །ཡེ་གྲུབ་པ་དགར་འོ་མ་ཡིན། །སྐྱམ་གྱི་ནང་ན་དྭངས་མ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །བ་ཁོག་གསུམ་དུ་བབས་ན་གཅེས། །སྨོན་ལྕམ་སྐུ་ཚེ་རིང་ངོ་ཡིན། །ཀླུ་བཅོས་བྱས་ན་མི་གྲངས་འཕེལ། །འདི་ཡི་བུ་ལ་བརྒྱག་སོང་ན། །བག་ལེ་སྐྱམ་གྱི་དྲན་ཆུ་བརྒྱག །དོན་གྲུབ་གྲོགས་ཀྱི་ངོ་སོ་ཡིན། །གཡུང་དྲུང་སྐྱིད་ཀྱི་བྲེ་ཆུ་བརྒྱག །སེང་གེ་དཀར་མོའི་འོ་མ་ཡིན། །ཝེར་མ་མཉེས་པའི་གསོལ་ཆུ་ཡིན། །དགྲ་བླ་འགྲང་བའི་དྲན་ཆུ་ཡིན། །ཅང་སེ་ཚན་གྱིས་སླེབས་ངོ་ཡིན། །དམེ་མནོལ་བསང་བའི་ལྷ་ཆབ་ཡིན། །རྩི་ཡི་མཁྲིས་པ་ཆེན་མོ་ཡིན། །འཐུང་ན་རོ་སོས་བདུད་རྩི་ཡིན། །བཅང་ན་དབུལ་སེལ་གཏེར་ཁ་ཡིན། །ནད་བཞི་བརྒྱ་གསོ་བའི་སྨན་པ་ཡིན། །ཀླུ་མོ་རྣམས་ཀྱི་གྲོལ་ཕུག་ཡིན། །བ་ཁོག་གསུམ་བབས་མི་ནོར་འཕེལ། །བཅུ་པ་མན་ཆད་འཁྲུགས་


MR16_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱལ། །འདི་སད་མུ་ལེ་ཟུར་གསུམ་ཐེ་སྐྱམ་མམ། །དུན་གཡུང་དྲུང་ཐེ་སྐྱམ་ཞེས་སུ་བྱ། །ལྷ་མོ་དུན་ཏིང་དཀར་མོ་ཡིན། །ལྷ་དབྱིག་དཀར་པོ་རང་གྲུབ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །འདི་ཡི་སྐྱམ་ལ་བརྒྱག་གཅིག་ན། །གཡུང་དྲུང་རབ་གྲུབ་བདུད་རྩིའི་ཆུ་མིག་བརྒྱག །བརྒྱག་རྩི་ཐོག་འདྲ་བ་བརྒྱད་ཅུའི་བཅུད། །མོ་མདུད་འདི་ཡིས་ཁྱེར་བ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །ལོ་ལེགས་ཚོང་ལེགས་ཆུས་ལེགས་ནུས། །མི་ནོར་གཉིས་ཀྱི་འཕེལ་ཁ་ཡིན། །བུ་ལ་བརྒྱག་གཉིས་གལ་ཏེ་བྱུང་། །སད་མུ་ལེ་སུམ་ཟུར་ཐེ་སྐྱམ་ལ། །གཡུང་དྲུང་སྟོད་ལ་དགེ་ཤར་བརྒྱག །གཡུང་དྲུང་ཡོངས་ཀྱི་མ་དེ་ཡིན། །གཡུང་དྲུང་སྐྱིད་པའི་ཆུ་མིག་ལ། །ལྷ་མོ་ཀླུ་མོ་ཁྲུས་བྱས་ནས། །དྲི་མ་དག་ཅིང་ཁ་དོག་གསལ། །ལྷག་པར་ཆུས་ཆེན་རྩོད་པ་དང་། །མཁོན་སེལ་གྲིབ་ཁྲུས་བྱེད་ན་བཟང་། །དེ་ལྟར་བརྒྱག་མེད་རྩ་བ་ཡི། །མདུད་པ་ཉི་ཤུ་རྩ་ལྔ་པོ། །སྐྱམ་ཆུ་བྲན་འདྲ་བ་ཉེར་ལྔ་ཡིན། །སྐྱམ་གྱི་ལན་དུ་དིང་དིང་ན། །ཆུ་ཐིག་བསག་པ་རྒྱ་མཚོར་སོང་། །མི་གཅིག་རིང་ལ་སྡེ་གསུམ་འཛིན། །རྟེའུ་དྭ་གཅིག་ལ་ཁྱུ་གསུམ་ཚུགས། །སྐྱིན་དིང་གློ་བ་སྙིང་དང་བཅས་པས་བཟང་། །མོ་འདྲེ་ངན་པ་ནོན་པ་ཡིན། །གལ་བར་གླང་ཆེན་ཆུ་ལ་དཔའ་རྩལ་རྫོགས། །ཕྱྭ་ཡི་མི་གྲངས་འཕེལ་ངོ་ཡིན། །བྱ་ཡུན་སྐྱིད་ཀྱི་གནས་སྒོ་ཡིན། །བག་བྱ་ཉི་མས་རྒྱ་མཚོ་སྐེམ། །བྱ་བུར་ཆུ་སྙིང་ཟླ་བ་མཛེས། །མུ་ས་དབུལ་པོ་ཕྱུག་པོར་འོང་། །ཝ་ཚོ་དཔའ་དར་མཚོ་ལ་ཕྱར། །སྤོ་ཚེ་སྐྱེ་ཤིང་ལོ་འདབ་རྒྱས། །དམུ་དག་མཚོ་ནང་ལྕུག་ཕྲན་སྐྱེས། །རྒྱལ་པོའི་མི་གྲངས་གེགས་ལས་ཐར། །སྐྱེར་དཀར་སྐྱམ་སྲོག་སྐྱེར་གྱིས་བཟུང་། །ཆུ་ཕོར་འོ་མར་ཡོང་བ་ཡིན། །ཚོལ་ཚེ་ཆུར་ཁུ་མར་ཁུར་སོང་། །ཁྱུང་བརྒྱད་ཀླུ་ཁྱུང་གཉེན་དུ་འདུམ། །


MR16_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཁད་མཚོ་ནང་སྒྲོན་མེ་བཏེག །རང་སྙན་གཏམ་ངན་རྒས་པ་གཏམ་སྙན་རེད། །སྲང་ཟེ་གདོང་གི་མཆི་མ་ཆད། །བྱོད་བུར་རྨང་པོ་མི་འགབ་ཆུ་ནས་ཐོན། །ལྡི་བུར་ལང་བས་གླང་མཇུག་ཟིན། །བག་ལྡི་ནད་པ་སྨན་པས་བསྐྱལ། །ཡར་ལྡིང་ཆུ་ལ་ཁ་ཞག་ཆགས། །སུམ་མཉམ་གྱོད་ཀྱི་སྐ་རགས་ཆད། །ཙེ་ར་མཚོ་ལ་སྐྱེ་ཤིང་ཚུགས། །གཡུང་དྲུང་ཆུ་བྲན་རྒྱ་མཚོར་འཁྱིལ། །ཀྱེ་བ་ཆུ་ལྕམ་མི་གྲངས་འཕེལ། །ད་རོག་ཡུལ་ཆུ་རྒྱ་མཚོར་འཁྱིལ། །མུ་དབལ་ཕྱ་གཤེན་ཁྲུས་ལ་བྱོན། །སྐྱམ་རོ་བག་བཙོག་འདྲེ་ལང་བ་ཡིན། །ནད་པ་ཡིན་ན་མི་འཆིའོ། །བྱ་རལ་ནལ་རོ་ཁྱི་ཡིས་ཟ། །ནད་པ་ནད་ཡུན་རིང་ཙམ་ཡིན། །ལི་ཡན་བུ་མོ་སོབ་མ་ལ། །ནང་ནོར་ཆུ་དགུའི་ཕུག་ནས་ཤོར། །མར་ལྡིང་བུ་སྲིང་གཡུ་ཕུད་པོར། །སྤོ་བར་མོ་བཙུན་གྱོད་ལ་ཐོགས། །སོ་ཡོན་ཆུ་ཀླུང་བསྐལ་པ་འཁྲུགས། །རུ་སོད་ཆུ་ལ་བདུད་ཟམ་ཚུགས། །མ་ཟེ་སྨན་ལ་བཙན་ལམ་དོད། །ན་འབན་ཆུ་བོ་གཞུང་ནས་རལ། །གྲུ་གསུམ་གཉིས་དེ་སོ་སོར་སོང་། །བྱ་རལ་ཞེས་སུ་གྲགས་པ་སྟེ། །བྱ་རལ་འཇང་ཁྱི་རྔ་ཚར་ཅན། །སྲིད་པ་དབྲ་ཡི་རིང་ལ་བབས། །དབྲ་ཡི་དབྲ་ལྷ་རི་བཀྲ་དེ། །ནལ་དང་བཙོག་གིས་མནོལ་ཉིན་བབས། །ཕ་དེ་རི་སྤྱང་ངུར་མོ་ཡིན། །མ་ནི་གློག་ལྕམ་འཕར་མ་ཡིན། །ཁོ་རང་ཁྱི་ཡི་རྒྱལ་པོ་ཡིན། །ངམ་རྗེ་རྩོལ་པོའི་སྒོ་ཁྱི་ཡིན། །ནོར་སྲུང་ཁྱི་ཡི་བླ་མདུད་འདི། །བྱ་རལ་མ་ཡིན་བྱེ་བྲལ་ཡིན། །བྱེ་བྲལ་ཀུན་གྱི་རྩ་བ་ཡིན། །ཟད་པ་མཐར་ཐུག་རྩ་བ་ཡིན། །ཕ་དེ་ཤ་ཟད་རུས་པ་ཡིན། །མ་ནི་ས་ཟད་རྡོ་བ་ཡིན། །བུ་མར་ཟད་སྐོག་པ་སྐྱ་མོ་ཡིན། །གནམ་ས་ཟད་པའི་དུམ་བུ་ཡིན། །ཁྱི་ཁ་སྤུ་ཅན་གྱི་པགས་པ་ཡིན། །ཁྱི་ཁ་རུས་ཀྱིས་བཅད་པ་ཡིན། །སྤྲེའུ་རིགས་རྣམས་ཀྱི་ངན་སྡེ་ཡིན། །གནམ་ས་བྱེ་བའི་རྩ་བ་ཡིན། །ལས་ཀྱི་ང་ནག་མེ་ཁྱེར་ཡིན། །


MR16_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོ་འབྱེད་པའི་འབྱེད་འདྲེ་ཡིན། །ངམ་གྱི་ཁྱི་ནག་ལྕགས་མགོ་ཡིན། །དགྲ་གཞི་དོན་གསུམ་ཀུན་ལ་ངན། །དེ་ཡི་གཡས་ལ་བརྒྱག་སོང་ན། །བྱ་རལ་ལག་དཀར་ཐོང་ཁ་བརྒྱག །ཁྱི་ནག་དང་ཁ་དཀར་བའི་བླ། །དེ་འོག་ནག་མོ་གྲི་ཁྱེར་ཟེར། །ལ་ལས་བྱ་རལ་ལག་ནག་ཟེར། །ཁྱི་ནག་ལུམ་བུས་བརྒྱག་པའི་མོ། །ཡུངས་མ་འདེབས་ན་ཡག་ངོ་ཟེར། །བྱ་རལ་ལུམ་སྲུང་ཞེས་ཀྱང་ཟེར། །སྒོ་བརྒྱག་ཁྱི་རྔ་འཕྱངས་བས་ལྷ་ཞལ་མནོལ། །བཙོག་དང་ནལ་གྱིས་ལྷ་མནོལ་ངོ་། །བྱ་རལ་བུ་ལ་བརྒྱག་གཅིག་ན། །བྱ་རལ་རིན་ཆེན་བྱ་བ་ཡིན། །དུང་ཁྱུང་ཀླད་ཀྱི་ནོར་བུ་ཡིན། །མོ་ལ་ནོར་བུ་མང་ཡོད་ཀྱང་། །རིན་ཆེན་ནོར་བུ་འདི་ལས་མེད། །འདི་མ་སང་སྐུ་མཁར་རྩིག་པ་ལ། །མཁར་ཕྱིར་འོབ་ཀྱིས་བསྐོར་ཉིན་བབ། །འདི་སྨད་དུ་བྲ་བ་ལ་ལིང་ཡིན། །ལན་དུ་བྱོད་བུར་བབ་པ་ན། །བྲ་བ་སྤུ་ཐོག་རྒྱས་པ་ཡིན། །བར་དུ་ཀོ་མོག་ཁྱལ་ཁྱིལ་ལ། །ལན་དུ་ལྡི་བུར་བབ་པ་ན། །ཀྱུར་སྲམ་གཉིས་ཀྱི་ཚང་ཡག་བཟང་། །སྟོད་དུ་གད་པ་ཁྱག་ཁྱིག་ལ། །ཆུ་མིག་མགོ་བོ་རྡོལ་ན་བཟང་། །ལན་དུ་ཚོལ་རྩེ་འདན་དཀར་ན། །སྔོ་སང་ལི་མ་རྡོལ་བ་ཡིན། །ལི་ཡན་ང་བེང་སྲུབས་སུ་རལ། །དགུན་ཟླ་གསུམ་གྱི་མོ་ལ་ངན། །བཅུ་གསུམ་སྟེང་དུ་འདི་བབ་ན། །མཐའ་ཡི་རྒྱ་མཚོའི་ཕ་མཐའ་ནས། །མི་མཆོག་རྒྱལ་བུ་དགེ་དོན་དེས། །ཡིད་བཞིན་ནོར་བུ་ལོན་པ་ཡིན། །བརྒྱད་དང་བཅུ་གཅིག་གར་བབ་ཀྱང་། །བུ་ནོར་རིན་ཆེན་ཚང་བ་ཡིན། །གནས་མལ་རྣམ་གསུམ་གར་བབ་ཀྱང་། །ཕ་མཚེར་བུ་ཡིས་ཟིན་ངོ་ཡིན། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །གནང་ལ་གསེར་དངུལ་གཡུ་གསུམ་ཐོབ། །ཆུས་ལ་ས་ཕྱེད་གནམ་ཕྱེད་ཐོབ། །བྱ་རལ་བུ་ལ་བརྒྱག་གཉིས་བྱུང་། །བྱ་རལ་གསེར་དངུལ་ཉི་ཤར་ན། །ཡིད་བཞིན་ནོར་བུ་འབར་བ་


MR16_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག །ཡང་ན་རྒྱ་གྲམ་ཁ་སྤྲོད་ཟེར། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །རྒྱལ་པོ་གསུམ་གྱི་བུ་སོད་ནས། །སྟག་མགོ་རྔ་ཐུག་ལག་རྟགས་ཐོབ། །གསེར་ཐམ་དངུལ་ཐམ་མོ་ཡོན་བྱེད། །དེ་ཡང་ཕྱི་སར་སློ་བྲག་གཅོད་རྟ་དགོས། །བྱ་རལ་བུ་ལ་བརྒྱག་གསུམ་བཅས། །བྱ་རལ་སྤྲེལ་སྟག་དོམ་གསུམ་ལ། །སྟོང་གསུམ་འཁོར་ལོ་དྲྭ་བ་བརྒྱག །ཡང་ན་གསེར་རྩི་ཆེན་པོ་ཟེར། །ལྷོ་འཛམ་བུ་གླིང་གི་བྱང་ངོས་ན། །རྣམ་ཐོས་སྲས་ཀྱི་བང་མཛོད་བརྒྱག །གླིང་བཞིའི་ནོར་གྱི་ཆེ་བ་ཡིན། །ནོར་ལ་མི་སྲིད་དགུ་སྲིད་ཀྱང་། །ཁམས་གསུམ་གསོ་བའི་ནོར་འདི་ཡིན། །སྟོང་གསུམ་གང་བའི་ནོར་ཡིན་ནོ། །སྤྲེལ་གྱི་མེས་པོ་མི་ཡི་ཡབ། །མགོ་ནག་མི་ཡི་གྲོལ་ཕུག་ཡིན། །བྱ་རལ་མ་བརྒྱག་བུ་བརྒྱག་ན། །བྱ་རལ་བྱ་མོ་རམ་རམ་ཟེར། །ཕྱུག་པོ་སྐྱས་ཆེན་བརྒྱག་ཅེས་བྱ། །ཝ་རྒན་བྲ་བ་ཁ་ཆེ་ཡིན། །ཝེར་མ་སྟོད་ཁ་སྨད་སྐྱེ་ཡིན། །དགྲའི་ཡུལ་མཁར་ཁྱུར་མིད་བྱེད་མི་ཡིན། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །མ་བུ་གཉིས་ཀའི་ཁོག་བརྒྱག་ན། །བྱ་རལ་མ་ཁྲ་བུ་ཁྲ་ཡིན། །དེ་ཡང་ཤལ་ཆེན་དམག་ལ་བཟང་། །བུ་དེ་སྐྱམ་ལ་ཕྲུ་གུས་འཇུས། །ཕུང་བར་བྱ་རལ་ཞེས་བྱ་སྟེ། །གནམ་ས་ཕྱེ་བའི་བྱ་རལ་ཡིན། །ངམ་གྱི་སྤྲེལ་ནག་ཉེ་འབྱེད་ཡིན། །སྤྲེལ་ངན་བྱེད་རྣམས་ཀྱི་གྲོལ་ཕུག་ཡིན། །སྨན་པའི་བློ་རྐུན་སྤྲེལ་ནག་ཡིན། །ལོ་མལ་གང་བབ་མི་ཤི་ནུས། །བ་ཁོག་བབ་ན་གཞིས་ཤོར་ཡིན། །ནོར་ཕྱྭ་བཏབ་ན་ནོར་ཤོར་ཡིན། །སྟོད་དུ་བབ་ན་ཆུས་ཤོར་ནུས། །ཕུང་བྱ་ལ་མཁར་ཁ་བརྒྱག་པ་དེ། །ཕུང་བར་ནེའུ་ཆུང་ལག་དཀར་ཡིན། །གླ་བ་བརྒྱག་ན་གླང་དང་འགྲོགས། །བྲན་དང་བློན་པོ་འཇོག་ན་བཟང་། །དེ་འོག་ནེའུ་ཆུང་སེ་སྟོད་ཡིན། །སྤྲེལ་ནག་ཤི་བའི་གྲི་སྤུར་ཡིན། །སྤྲེལ་ལོ་པ་ལ་གྲི་ངོ་ཡོད། །རྔོན་པ་ཁྱི་ཁྲིད་མོ་


MR16_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་། །གཞན་མ་ཅི་ལ་བཏབ་ཀྱང་ངན། །སྒོ་བརྒྱག་ནེ་ཆུ་སེ་སྟོད་ཀྱི། །སྤྲེལ་ནག་ལྕེ་ལ་བྱུར་ཐག་བརྒྱག །མི་འགག་ནས་འཆིའམ་ལྕེབས་ནས་འཆི། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །ཕུང་བྱལ་བུ་ལ་བརྒྱག་བཅས་ན། །ཕུང་བར་འུག་པ་གསེར་མིག་ན། །འཁྲུག་བྱེད་ཟངས་ཀྱི་འདབ་མ་བརྒྱག །སྤྲེལ་སྟག་འུག་པ་གསེར་མིག་འདི། །འདུ་འདུ་སྤྲེལ་གྱི་ཕ་རྒན་ཡིན། །ཡབ་སྤྲེལ་དཀར་གསེར་མགོའི་བླ་དེ་ཡིན། །འཁྲུགས་པའི་མོ་ལ་སྟོད་དུ་གཅེས། །ཕྱི་སར་སློ་བྲག་ངན་སྡེ་ན། །དཔའ་བོ་བསང་ནས་སྤྲེལ་དམག་བཟློག །དགྲ་དམག་བཟློག་པའི་སྤྲེལ་དེ་ཡིན། །བརྒྱག་གཉིས་གནམ་སའི་བར་གྱི་འོད་ཟེར་ལས། །རྫུ་འཕྲུལ་སྤྲུལ་པའི་སྤྲེལ་ཞིག་སྲིད། །ཕུང་བར་གསེར་སྤྲེལ་དངུལ་གཤོག་བརྒྱག །ནག་རིགས་བརྒྱག་གི་ཆེ་སྡེ་ཡིན། །འདུ་འདུ་སྤྲེལ་གྱི་གྲོལ་ཕུག་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །ཕྱི་སར་སྤྲེལ་རིགས་ངན་སྡེ་ནས། །རྩེ་མོ་སང་དང་སང་ཁམས་ན། །སྤྲེལ་དཀར་གསེར་མགོ་གག་གིས་ལང་། །གག་གིས་ལང་ནས་ཁྱུར་ཏེ་མཆོང་། །བཅུ་གསུམ་གོང་གི་ཡང་སྟེང་ན། །གཡུ་འབྲུག་སྔོན་མོའི་ཟེ་བ་བཀོག །གློག་ལྕམ་འཕར་མའི་བསེ་ཕུད་བཅད། །བལ་པོ་སྤྲིན་གྱི་རྒྱ་ཐག་བཀྲལ། །དགུ་ཚིགས་ཁྲ་མོའི་སྐེད་ཚིགས་ཕུད། །གནང་ལ་འདི་བས་ཆེ་བ་མེད། །ཆུས་ལ་འདི་བས་མཐོ་བ་མེད། །ཕུང་བར་ཕྲུག་གུར་བརྒྱག་སོང་ན། །ཕུང་བར་ནེ་ཚ་དཔའ་བོ་སངས། །དུང་སྤྲེལ་མགོ་ལ་ཐོར་ཚུགས་བརྒྱག །འདི་སྤྲེལ་དཀར་ཡེ་ནས་དཀར་བ་ལ། །ཐོར་ཚུགས་གསེར་ལས་བྱས་པ་ཡིན། །འདི་ཡང་དག་སྤྲེལ་གྱི་ཝེར་མ་ཡིན། །དགྲ་ལ་རྔམ་པའི་དགྲ་བླ་ཡིན། །ཟུན་ལ་སྐྱབས་པའི་ཝེར་མ་ཡིན། །དགྲ་རྫོང་འཇོམས་པའི་ཐོ་བ་ཡིན། །གནང་ཕུག་ནས་འདོན་པའི་རྐུང་ཕུད་


MR16_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དུང་སྤྲེལ་དཀར་པོའི་ལུས་པོ་ལ། །རིན་ཆེན་གསེར་གྱི་ཐོར་ཚུགས་ཅན། །རྣོ་མཚོན་ལྕགས་ཀྱི་སྡེར་མོ་ཅན། །གདུག་བྱེད་སྤྲེལ་གྱི་དམག་འདུས་ཀྱང་། །བཅུ་པོ་མན་ཆད་འདི་བབ་ན། །སྤྲེལ་དམག་ལོག་ནས་ཤིང་ཐོག་ལོན། །དགྲ་སོད་གནང་ཐོབ་གཉིས་ཀ་ནུས། །ཕུང་བྱལ་མ་བུ་ཀུན་བརྒྱག་ན། །གནམ་ས་གའུ་ཁ་སྦྱོར་བརྒྱག །རིན་ཆེན་འདུས་པའི་སྤྲེའུ་ཡིན། །ལྟོང་མོ་དབྱི་ཐུམ་ལྤགས་པ་གྱོན། །གནམ་ལྕགས་དཔལ་གྱི་ཤམ་ཐབས་བཏགས། །འཇའ་ཚོན་ཁྲ་མོའི་སྐ་རགས་བཅིང་། །གནས་ལྕགས་སཏྭ་གྲི་ཕྱག་ན་བསྣམས། །དགྲ་མཁར་བསྒྱེལ་བའི་ཝེར་མ་ཡིན། །སྨད་དུ་སྤྲེལ་གྱི་ངན་སྡེ་ནས། །སྟོད་དུ་སྦྲེལ་ཆེན་འདི་བབས་ན། །ས་གཞི་ཙམ་གྱི་དམག་བཟློག་ནས། །ནམ་མཁའ་ཙམ་གྱི་གནང་ཐོབ་ནུས། །རི་རབ་ཙམ་གྱི་ཟས་ཟོས་ནས། །རྒྱ་མཚོ་ཙམ་གྱི་སྐོམ་འཐུང་ནུས། །འདི་སྤྲེལ་གྱི་དམག་དཔོན་ཟོ་དོར་ཡིན། །བུ་དེ་ལྕགས་ཐག་གསུམ་འབྲེལ་ན། །ཀྱེ་བ་སུམ་ཁྱུང་བྱ་རལ་ཡིན། །ལ་ལས་སུམ་བརྒྱང་བྱ་རལ་ཟེར། །ཝེར་ཁྱི་དང་ལེ་དུང་ལེ་ཡིན། །ཁྱི་གསར་མགྱོགས་པའི་ཝེར་མ་ཡིན། །སུམ་ཁྱུང་མ་ལ་བརྒྱག་བཅས་ན། །ཁྱུང་ཆེན་སེ་སྟོད་བྱ་བ་ཡིན། །ཁྱུང་གཤོག་དྲུག་རྒྱས་ནས་དོང་དུ་ལྷུང་། །ནད་པ་ཁ་ཕོ་བྱས་ནས་ཤི། །འཁྲུག་པ་རྒྱལ་བ་ཐོབ་ནས་ལད། །དོན་ཁ་གཉིས་བསྒྲུབ་ན་ཕྱི་རེས་ལད། །ཕྲུ་གུ་སུམ་ཚོམ་ཕན་ཚུན་འབྲེལ། །སད་མུ་ལེ་ཟུར་གསུམ་བྱ་རལ་ལམ། །དུན་གཡུང་དྲུང་བྱ་རལ་ཞེས་ཀྱང་བྱ། །གཡུ་སྤྲེལ་མཆོང་གི་སྡེར་མོ་ཅན། །སྤྲེལ་རིགས་རྣམས་ཀྱི་དགྲ་བླ་ཡིན། །ཕྱི་སར་སྤྲེལ་རིགས་ངན་སྡེ་ནས། །རང་སའི་བཙན་སར་འདི་བབ་ན། །ཁྲི་ཚོ་སྤྲེལ་གྱི་དམག་བསྡུས་ནས། །ས་བདག་ཡུལ་དུ་དམག་དྲང་བས། །ཐེ་སེ་རྒྱལ་


MR16_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བུ་ཚ་བསད། །ས་བདག་ནོར་གནང་མང་པོ་ཐོབ། །དགྲ་གཞི་དོན་གསུམ་ཀུན་ལ་བཟང་། །དེ་ཡི་མཁར་རྩེར་བརྒྱག་སོང་ན། །ཡ་རབ་བུ་སད་བྱ་བྲལ་ལ། །གཡུང་དྲུང་ཐུགས་ཀར་བྱ་རལ་བརྒྱག །སྟེང་ལྷ་ཡི་སྤྲེལ་དཀར་དངུལ་མདོག་ཡིན། །མུ་ཏིག་དཀར་དམར་རྣ་ཚར་བརྒྱན། གནམ་ལྕགས་གཏུན་བུ་ཕྱག་ན་བསྣམས། །དགྲ་མཁར་བསྒྱེལ་བའི་ཝེར་མ་ཡིན། །ཕྱི་སར་བྲག་དང་སེ་སྟོད་ནས། །རང་སའི་བཙན་སར་འདི་བབ་ན། །ཡ་རབ་གསུམ་གྱི་རྒྱལ་ཁ་ཐོབ། །མི་རབས་གསུམ་གྱི་ཕྱུག་རྫི་ནུས། །གཉིས་སོགས་མ་རྙེད། འདི་རྣམས་ཀྱི་བརྒྱག་བཤད་མ་རྙེད་རིགས་ལ་བཟང་ངན་བྱ་རལ་ཁོག་དང་མཚུངས་པར་སྦྱར་བ་སོགས་རིགས་མཐུན་སྦྱར་ཤེས་པར་མཛོད། མོ་ཁོག་སྦོ་ལ་གཅིག་འཇུས་ནས། །བུ་དེ་གྲུ་གསུམ་འདུག་པ་ནི། །སྐ་བྲག་བྱ་རལ་བྱ་བ་ཡིན། །དེ་ཡི་བུ་ལ་བརྒྱག་གཅིག་ན། །སྐ་བྲག་རིན་ཆེན་ཁྲི་འོད་ཟེར། །རིན་ཆེན་འོད་འབར་སྤྲེལ་གྱི་རྗེ། །སྲ་བརྟན་ཁྲོ་ཆུའི་སྤྲེའུ་ལ། །དམར་འབར་ཟངས་ཀྱི་མཆེ་སྡེར་ཅན། །རྫུ་འཕྲུལ་ཟེར་གྱི་ན་བཟའ་གསོལ། །གནམ་ལྕགས་ཟངས་ཀྱི་ཤ་ཟུང་བསྣམས། །དགྲ་སྙིང་འཛིན་པའི་ཝེར་མ་ཡིན། །ལྷག་པར་ཤ་ལེན་མོ་ལ་བཟང་། །རང་སར་སྟོད་དུ་འདི་བབ་ན། །དགྲ་ཐུབ་ཆུས་རྒྱལ་གནང་གིས་འཚེངས། །ཕྱི་སར་ཤོལ་དུ་མི་རུང་ངོ་། །གཉིས་བརྒྱག་ལ་སོགས་དེ་བས་བཟང་། །དཔེར་ན་བྱ་རལ་རིན་ཆེན་བཞིན། །མ་དེ་སྔ་མ་ལྟ་བུ་ལ། །ཕྲུག་གུ་སྐྱམ་ལ་གཅིག་འཇུས་པ། །སྐ་བྲག་ཕུང་བར་བྱ་རལ་ཡིན། །ཀུ་ཅང་དབྱིག་གུ་བྲག་ཅེས་བྱ། །དགྲ་གཞི་ཅི་ལ་བཏབ་ཀྱང་ངན། །འདི་གནམ་ས་བྱ་རལ་ཞེས་བྱ་སྟེ། །བཟའ་ཚང་བྱེ་བའི་བྱེ་བྲལ་ཡིན། །དེ་བཞིན་དབོན་གཡོག་གཉེན་ཕ་ཚན། །སྟོང་ཁམས་བྱེ་བའི་བྱ་རལ་ཡིན། །མཁའ་དང་གཡུ་འབྲུག་ཕྱེ་མི་ཡིན། །གངས་དང་སེང་གེ་ནགས་དང་སྟག །དཔའ་


MR16_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཚོན་དང་སྡར་མ་དགྲ། །རྗེ་དཔོན་ཡུལ་དང་ཕྱེ་མི་ཡིན། །བདུན་ལ་ཚབ་ཆེ་རོ་བདུན་ཡོད། །འབྲིང་ལ་རྒོད་མ་བདུན་འཆི་ཞིང་། །ཐ་ན་གཡག་གཉིས་ཤི་ངོ་ཡིན། །ནད་པར་རྟ་ཁྱི་གཡག་ནག་སོགས། །དུད་འགྲོ་དང་ནི་སྤྱད་ཆའི་རིགས། །རྫ་ཟངས་སྣམ་ལྕགས་རེ་བ་སོགས། །དོས་ནག་མགོ་བརྡོས་གདོན་ངོ་ཡོད། །ལོ་མལ་གང་བབ་བདུད་ཆད་ཡིན། །བ་ཁོག་གསུམ་དུ་ཕ་སྦྲ་བསྐྱུར་དོགས་ཡོད། །གཡག་ནག་སྣ་སྦྲེལ་སྦྲ་ནག་སོགས། །དོས་ནག་བཀལ་ལ་འབུལ་ན་ཐུབ། །འདི་ཡི་བུ་ལ་བརྒྱག་གཅིག་ན། །ཀུ་ཅང་གསེར་གྱི་ཡང་ཐོག་ཟེར། །ཡང་ན་གནམ་ས་སྟག་མོ་སྟར་ཆེན་ཡིན། །མདུད་པ་སུམ་བརྒྱ་དྲུག་ཅུ་ལ། །འདི་བས་བཙན་པ་གཅིག་ཀྱང་མེད། །བཙན་པོའི་ནང་གི་ཁྲེལ་མེད་ཡིན། །བཅུ་གསུམ་ཐོག་ཏུ་བབ་པ་ན། །ཕོ་ཁྲེལ་མེད་ཡ་ཐོད་གནམ་དེ་གཤགས། །མོ་ཁྲེལ་མེད་གཅིན་གྱིས་ས་སྙིང་བཀས། །མ་བུ་གཉིས་ལ་བརྒྱག་བཅས་ན། །ཀུ་ཅང་གྲོང་འཇོམས་ཁ་སྤྲོད་རྒྱག །དམག་དང་དྲག་སྔགས་བབ་ཆོག་ཡིན། །སྒོ་བརྒྱག་ཀུ་ཅང་སྡིག་པའི་ར་ཅོ་བརྒྱག །དམྱལ་བའི་འོག་གི་རླུང་ནག་ཡིན། །ཅི་ལ་བཏབ་ཀྱང་ལྷག་པར་ངན། །ལོ་མལ་གང་བབ་བདུད་གཤེད་ཡིན། །མ་དེ་སྔ་མ་ལྟ་བུ་ལ། །ཕྲུ་གུ་གསུམ་འབྲེལ་ལྕགས་ཐག་འདྲ། །སྐ་བྲག་སུམ་ཁྱུང་བྱ་རལ་ཡིན། །ཡང་ན་ཀྱེ་བ་ལག་ཆག་བྱ་རལ་ཟེར། །མི་ཟད་མགོ་བོ་ཀླད་ལ་ཐུག །བློ་ཟད་རྗེས་སུ་ལྷ་ལ་འཁངས། །སྤོས་ཟད་དུད་པ་ལ་ཆས་བྱས། །རྟ་ཆད་མགོ་བོ་ལྕགས་གིས་འབྲབ། །སྒོ་བརྒྱག་མི་རྟའི་གྲི་བདུད་ཡིན། །མ་དེ་སྔ་མ་ཇི་བཞིན་དེ། །བུ་དེ་གྲུ་གསུམ་གཡུང་དྲུང་འབྲེལ། །སྐ་བྲག་ཟུར་གསུམ་བྱ་རལ་ཡིན། །བྱ་རལ་གནམ་ཁྱི་རྐང་རིང་ཟེར། །མར་གཏོའི་སེལ་གཞི་ཡག་པ་ཡིན། །སྒོ་བརྒྱག་བྱུང་


MR16_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤིན་ཏུ་ངན། །སོ་ལ་ཐིག་གཉིས་སོ་སོར་འཇུས། །བུ་དེ་གྲུ་གསུམ་འཇུག་པ་ན། །དམུ་ནམ་བྱ་རལ་བྱ་བ་ཡིན། །ལ་ལས་དམུ་ངམ་བྱ་རལ་འབོད། །དམུ་ནམ་བྱ་རལ་བྱ་ཁོག་ཡིན། །དམུ་ནམ་ཤེའུ་རྣ་བྱ་རལ་ཟེར། །སྨོན་པའི་སྤྲེལ་ནག་བློ་རྐུན་ཡིན། །ལོ་མར་བབ་ན་མི་ཤི་ནུས། །བ་ཁོག་བབ་ན་གཞི་བརླག་ནུས། །སྟོད་དུ་བབ་ན་ཆུས་ཤོར་ནུས། །ནོར་ཕྱྭ་ར་བཏབ་ན་ནོར་ཤོར་ཡིན། །བུ་བརྒྱག་མིང་འདོགས་མ་རྙེད་ཀྱང་། །རིན་ཆེན་སྐབས་དང་ཕྱོགས་མཚུངས་དཔྱད། །མ་དེ་སྔ་མ་ལྟ་བུ་ལ། །བུ་དེ་ཕུང་བར་དུ་སོང་ན། །དམུ་ནམ་ཕུང་བར་བྱ་རལ་ཡིན། །བྱ་རལ་བང་མཛོད་ལག་གཅིག་ཡིན། །བུ་ལ་བརྒྱག་གཅིག་བཅས་པ་ན། །དམུ་བྱལ་བཙན་གྱི་ཐོར་ཚུགས་ཅན། །དམག་ཇག་གཉིས་ལ་སྟོད་དུ་བཟང་། །མ་དེ་དམུ་ནམ་བུ་སུམ་བརྒྱང་། །དམུ་ནམ་སུམ་ཁྱུང་བྱ་རལ་ཡིན། །ཡང་ཀྱེ་བ་ཤ་རྣ་བྱ་རལ་ཟེར། །ཕུགས་སུ་བཅུག་ན་སྒོ་རུ་འབུད། །ཡར་ལ་བཞག་ན་མ་རལ་འདྲིལ། །ལྷ་རྡོ་བྱས་ཀྱང་འདྲེ་རྡོ་རེད། །སྐྱོན་རྣམས་རང་ལ་ཚང་བའི་ངོ་། །མ་དེ་དམུ་ནམ་བུ་སུམ་ཟུར། །དམུ་ནམ་སུམ་ཟུར་བྱ་རལ་ཡིན། །རླུང་གི་བང་ཆེན་རྐང་མགྱོགས་ཡིན། །བྱེ་བ་ཁྲེམ་རུམ་བྱར་ལ་ཟེར། །རྣོ་མཚོན་མེད་པར་གཡུལ་དུ་ཞུགས། །དམ་ཚིག་ཉམས་པས་དབང་བསྐུར་བྱེད། །སྨན་བཟང་དྲུག་མེད་པས་ནད་པ་བཅོས། །མི་ཕུང་རང་བརླག་རེད་པའི་ངོ་། །མ་དེ་སད་ཀྱི་གཉིས་ཀར་འཇུས། །དོན་ལ་དམུ་ངམ་ཙམ་ཐིག་སོང་། །བུ་དེ་གྲུ་གསུམ་དུ་འདུག་པ། །དམུ་བྲག་བྱ་རལ་ཞེས་སུ་བྱ། །ཁ་དྲག་གྱོད་ཀྱི་རླུང་ནག་ཡིན། །ཕན་ཚུན་འབྱེད་པའི་ལྡེ་མིག་ཡིན། །བློ་དུག་དུག་གི་ཚེར་ཕུང་ཡིན། །ལྷ་མི་ཕྱེ་བའི་བྱ་རལ་ཡིན། །


MR16_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བུ་ལ་བརྒྱག་གཅིག་སོང་། །དམུ་བྲག་བྱ་རལ་རིན་ཆེན་འདི། །ལྕགས་སྤྲེལ་ཟངས་ཀྱི་ཟེ་བ་ཅན། །རྫུ་འཕྲུལ་རླུང་གི་རྟ་ལ་ཞོན། །སྲིན་ཡུལ་ནག་པོ་ཁུ་ཡུར་དུ། །སྲིན་པོ་ལངྐ་མགྲིན་བཅུ་བསད། །སྲིན་མོ་དཀར་ཤམས་གནངས་སུ་ཐོབ། །སྲིན་ཕྲུག་སྤུན་དགུ་ཆུ་ལ་བསྐྱུར། །སྲིན་ཤིག་སྤར་གང་མེ་ལ་བསྲེག །དམག་ཇག་གཉིས་ལ་སྟོད་དུ་གཅེས། །སྤྲེལ་གྱི་ཝེར་མ་དགྲ་ལ་ཆས། །དགྲ་སོད་མགོ་བོ་ཐོབ་ངོ་ཡིན། །དེ་ལ་གལ་ཏེ་བརྒྱག་གསུམ་བྱུང་། །སྟེང་ནམ་མཁའ་འོད་ཀྱི་གློག་སྤྲེལ་ཡིན། །སྤྲེལ་རིགས་མང་སྟེ་འདི་བས་སྟོབས་ཆེན་མེད། །རིན་ཆེན་མི་ཡི་ལུས་པོ་ལ། །གནམ་ལྕགས་སྤྲེལ་གྱི་མགོ་བོ་ཅན། །སྐུ་ལ་གནམ་ལྕགས་ཁྲབ་མོ་མནབ། །དབུ་ལ་ཐོག་གི་རྨོག་མོ་གསོལ། །རྨོག་ལ་གློག་གི་འཕྲུ་ཞིག་བཙུགས། །འཕྲུ་ལ་ཐོག་སེར་ཚྭ་ཚྭ་འཕྲོ། །དགྲ་བརྒྱ་བསད་པའི་དཔའ་ཐུས་ཡིན། །སྟོད་གསུམ་བཙན་ས་གར་བབ་ཀྱང་། །ཟམ་སོར་བྲག་དང་སེ་སྟོད་ན། །དགྲ་རལ་པ་ཅན་ལ་གྲངས་མེད་སོད། །གནངས་རིགས་མི་གཅིག་ལྔ་བརྒྱ་ཐོབ། །མ་དེ་དམུ་བྲག་བུ་ཕུང་བར། །དམུ་བྲག་ཕུང་བར་བྱ་རལ་ཡིན། །བུ་ལ་བརྒྱག་གཅིག་སོང་བ་ན། །དམུ་བྲག་ལྕགས་ཀྱི་ཐོར་ཚུགས་ཅན། །བདུད་ལ་དཔའ་བའི་ཕོ་ཉ་ཡིན། །མ་དེ་དམུ་བྲག་བུ་གསུམ་བརྒྱང་། །དམུ་བྲག་སུམ་ཁྱུང་བྱ་རལ་ཡིན། །ཀྱེ་བ་དམུ་བྲག་བྱ་རལ་འདི། །སྨན་པ་སླེབས་ནས་ནད་པ་འཆི། །རབ་མདའ་སླེབས་ནས་དཀོར་ནོར་ཤོར། །བར་མི་སླེབས་ནས་མགོ་སྤུ་བྱི། །མ་དེ་དམུ་བྲག་བུ་སུམ་ཟུར། །དམུ་བྲག་ཟུར་གསུམ་བྱ་རལ་ཡིན། །དམུ་ནམ་ཙམ་ཐིག་སུམ་ཟུར་ཀྱང་། །རླུང་ནད་ཅན་ལ་ངན་པའི་ངོ་། །མ་དེ་སྐྱམ་ལ་སོ་ཡིས་བཀུག །བུ་


MR16_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གྲུ་གསུམ་བྱུང་བ་ན། །སྐྱམ་བྲག་བྱ་རལ་ཞེས་སུ་བྱ། །བཅུ་ལ་བབ་ན་ནད་པར་བཟང་། །བརྒྱད་བུ་ཡར་ཁྱིམ་གསར་འབུབ་པར་བཟང་། །ལར་སྟོད་དུ་བྱ་བ་ང་ལ་ཟད། །བར་དུ་བང་མཛོད་ལས་ལ་ཟད། །སྨད་དུ་ཐད་ཡངས་མཐའ་ནས་ཟད། །འདི་ཡི་བུ་ལ་བརྒྱག་གཅིག་ན། །སྐྱམ་བྲག་བྱ་རལ་ཁྲི་འདུས་ན། །ཡང་རྫོང་ལྕགས་ཀྱི་ཁུག་མ་བརྒྱག །སྤྲེལ་རིགས་རྣམས་ཀྱི་གནས་དེ་ཡིན། །མ་དེ་སྐྱམ་བྲག་བུ་ཕུང་པར། །སྐྱམ་བྲག་ཕུང་བར་བྱ་རལ་ཡིན། །སྐྱམ་བྲག་དམུ་ཆུ་བྱ་རལ་ཟེར། །ཟངས་སྤྲེལ་དགྲ་ལ་རྔམ་པ་ཡིན། །བུ་བརྒྱག་སྐྱམ་བྲག་ཟངས་ཀྱི་ཐོར་ཚུགས་ཅན། །ལར་བྱ་རལ་ཕྱེ་གཞི་རྒད་པོ་འདི། །གནམ་ས་ཕྱེ་བའི་བྱ་རལ་ཡིན། །ལྷ་སྲིན་འཁྲུག་པའི་གཞི་མ་ཡིན། །ཡེ་ངམ་གཉིས་ཀྱི་འཐབ་རྡོ་ཡིན། །ཀླུ་ཁྱུང་གཉིས་ཀྱི་འཐབ་ཤིང་ཡིན། །སྤྲེལ་དཀར་ཡེ་ནས་དཀར་བ་ལ། །གསེར་མགོ་ལོག་ནས་བཏགས་པ་ཡིན། །སྤྲེལ་དམར་ཡེ་ནས་དམར་བ་ལ། །སྤུ་མིག་མཚལ་གྱིས་བྲིས་པ་ཡིན། །སྤྲེལ་ནག་ཡེ་ནས་ནག་པ་ལ། །རྩ་བར་མུན་པ་འཁྲིགས་པ་ཡིན། །འདི་འདུག་ནི་རི་རབ་ཟུར་ལ་འདུག །མི་འགུལ་ལན་གཅིག་འགུལ་ཙ་ན། །རི་རབ་དག་ཀྱང་ཕྲལ་ལ་བཤིག །རྒྱ་མཚོ་དག་ཀྱང་ཆལ་མ་ཆོལ། །སྔོན་གྱི་ཁྲིལ་གྱི་ལྷ་ང་སྤྲེལ་རྫོང་དེར། །འདུ་འདུ་སྤྲེལ་གྱི་ཕ་མཁར་བཅས། །མ་དེ་སྐྱམ་བྲག་བུ་གསུམ་བརྒྱང་། །སྐྱམ་བྲག་སུམ་ཁྱུང་བྱ་རལ་ཡིན། །ཀྱེ་བ་གཤེན་ཆུ་བྱར་ལའང་ཟེར། །ཀྱེ་བ་ཁྲི་སྙན་བྱ་ར་ལའང་ཟེར། །དུར་ལ་མེ་འབར་ན་ཚ་བརྒྱག །ཤི་རང་སྲོག་རང་གིས་བཅད་པའི་ངོ་། །མ་དེ་སྐྱམ་བྲག་བུ་སུམ་ཟུར། །སྐྱམ་བྲག་སུམ་ཟུར་བྱ་རལ་ཡིན། །མ་དེ་སུམ་འབྲེལ་ལྕགས་ཐག་འདྲ། །བུ་དེ་གྲུ་གསུམ་འདུག་པ་ན། །ཤིང་ཤག་བྱ་རལ་ཞེས་སུ་འབོད། །ལ་


MR16_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་དབྱངས་བྱ་རལ་ཟེར། །ངམ་གྱི་ཟངས་སྤྲེལ་དམར་པོ་ཡིན། །བཤིག་པར་བྱེད་པའི་སྤྲེལ་ཞིག་ཡིན། །ངན་བྱེད་གདུག་པའི་སྤྲེལ་ཡིན་ནོ། །བ་ཁོག་བཙན་ཁྱིམ་གར་བབ་ཀྱང་། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །བུ་ལ་བརྒྱག་གཅིག་བཅས་པ་ན། །ཤིང་གཤགས་མཆོང་གི་ཐོར་ཚུགས་ཅན། །ཟངས་སྤྲེལ་ཤེལ་གྱི་རྣ་ཚར་ཅན། །གདུག་བྱེད་སྤྲེལ་གྱི་དམག་བསྡུས་ནས། །ཟངས་སྤྲེལ་མཆོང་རྐྱེན་ཤ་ལེན་ཡིན། །སྟོད་ཀྱི་བཙན་ས་གར་བབ་ཀྱང་། །ངམ་སྤྲེལ་གདུག་པའི་དམག་ཚོགས་བསད། །སྤྲེལ་གྱི་རྒྱལ་རྟགས་སྤྲེལ་ཀྱིས་ཐོབ། །དམག་དང་ཇག་པ་གཡུལ་འཇུག་ལ། །བཅུ་གཅིག་བཅུ་གསུམ་འདི་བབ་ནས། །ཕྱི་སར་སྤྲེལ་གྱི་ངན་རིགས་ན། །སྤྲེལ་གྱིས་སྤྲེལ་ལས་གཡུལ་རྒྱལ་ཐོབ། །འདི་ལ་བརྒྱག་གཉིས་བཅས་པ་ན། །མཆོང་སྤྲེལ་གཡུ་ཡི་རྣ་ཚར་ཅན། །སྤྲེལ་རིགས་འདུས་པའི་ཡང་སྙིང་ཡིན། །ཕྱི་སང་སྤྲེལ་རིགས་ངན་སྡེ་དང་། །སྐྱ་ཞིབ་སློ་བྲག་ངན་སྡེ་ནས། །བཅུ་གཅིག་བཅུ་གསུམ་འདི་བབ་ན། །མཆོང་སྤྲེལ་ཟ་འདོད་མཆོང་སྐྱེན་དེ། །ཐེའུ་རང་གདུག་པའི་ཡུལ་དུ་མཆོང་། །དམག་དཔོན་མང་སྙ་ཨུ་ཝེར་བསད། །ཐེལ་མོ་བཞིན་ལེགས་གནངས་སུ་ཐོབ། །རྫོང་བཅོམ་མཁར་གཞི་མི་ནོར་ཐོབ། །མ་དེ་ཤིང་ཤག་བུ་ཕུང་བར། །ཤིང་ཤག་ཕུང་བར་བྱ་རལ་ཡིན། །བུ་བརྒྱག་བསེ་ཡི་ཐོར་ཚུགས་ཅན། །ཤིང་སྤྲེལ་ཟས་ཀྱི་བཅུད་དང་འཕྲད། །མ་དེ་ཤིང་ཤག་བུ་སུམ་བརྒྱང་། །ཀྱེ་བ་ཤིང་ཤག་བྱ་རལ་ཡིན། །དུར་ཟན་རི་ལྟར་ཉིལ་བ་ཡིན། །དུར་ཆང་མཚོ་ལྟར་འཁྱིལ་བ་ཡིན། །སྐྱིད་ལ་སྐེད་ཆད་འབྱུང་བའི་ངོ་། །མ་དེ་ཤིང་ཤག་བུ་སུམ་ཟུར། །ཤིང་ཤག་སུམ་ཟུར་བྱ་རལ་ཡིན། །བྱ་རལ་སྤྲིན་ཁྱི་སོ་སོར་ཡིན། །རྟ་མདོ་བ་རྒྱུག་མགྱོགས་མི་ཕོ་


MR16_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ། །བྱ་རལ་རྣམས་ཀྱི་ཕྲུ་གུར་ནེ་ཚ་སོང་། །སོ་སོའི་རྫུ་འཕྲུལ་བྱ་རལ་ཟེར། །རྫུ་འཕྲུལ་ཆེ་བའི་སྤྲེའུ་ཡིན། །རང་སར་དགྲ་ཡུལ་ཕུང་བྱེད་ཡིན། །བཟང་དྲག་ཐུབ་པར་དཀའ་བ་ཡིན། །དེ་ལྟར་བྱ་རལ་མོ་ཁོག་ལ། །མདུད་པའི་རྣམ་འགྱུར་འདྲ་མིན་དྲུག །བུ་ལ་བཞི་ལས་མི་སྲིད་པས། །དྲུག་ལ་བཞི་སྦྱར་ཉི་ཤུ་བཞི། །བྱ་རལ་ཆགས་འཇིག་ཉེར་བཞི་ཡིན། །ལ་ལས་མུ་ལེ་ཟུར་གསུམ་དང་། །གཡུང་དྲུང་བྱ་རལ་སོ་སོར་བརྩི། །བྱ་རལ་ཉེར་ལྔ་ཞེས་འདོད་ཀྱང་། །ཉེར་ལྔར་གསུངས་པའི་གཞུང་མེད་ཅིང་། །དེ་ལྟར་བརྩིས་ན་སོ་དྲུག་འགྱུར། །གཡུང་དྲུང་ཟུར་གསུམ་མ་ཡིན་པའི། །གྲུ་གསུམ་དཔལ་བེའུ་ལྟ་བུ་འདི། །དིང་དིང་སོགས་ཀྱི་ཁོག་བརྒྱག་སྐབས། །མུ་ལེ་ཟུར་གསུམ་མིང་བཏགས་ཀྱང་། །དོན་ལ་ཁོག་བརྒྱག་མདུད་ལུགས་ཞིག །ཡིན་ཕྱིར་བྱ་རལ་བུ་ལ་ཡང་། །ཁོག་བརྒྱག་ཉིད་ཡིན་ར་བསྒྱུར་ན། །བརྒྱག་ཁ་གསལ་པོར་མངོན་པ་ཡིན། །དེ་ལྟར་མ་འཁྲུལ་ཤེས་པར་བྱ། །བྱ་རལ་ཆགས་འཇིག་ཉེར་བཞི་ལས། །རྩ་བའི་ཕུང་བར་བྱ་རལ་དང་། །སྐ་བྲག་སྐྱམ་བྲག་ཕུང་བྱལ་དེ། །ཕུང་བར་གསུམ་པོ་འདི་དག་ནི། །ལྟས་ངན་སྲིད་པའི་སྤྲེལ་གསུམ་ཡིན། །ཁྱད་པར་དེ་གསུམ་སྒོ་བརྒྱག་ན། །ངན་པའི་ནང་ནས་ངན་པ་ཡིན། །སྤྲེལ་གྱི་ངན་རིགས་ཕྱི་སར་བབ། །རང་སར་བཟང་རིགས་བབ་པའམ། །གཞན་ཡང་བཟང་སྡེ་བརྒྱག་བཟང་ན། །སྤྲེལ་གྱི་བཀའ་རྟགས་ཐོབ་ཅེས་བྱ། །བརྒྱག་ཁ་ཐོབ་ཅིང་མི་ནོར་འཕེལ། །སྨད་དུ་བཟང་སྟེ་སྟོད་དུ་སྤྲེལ་ངན་རིགས། །བབ་ན་སྤྲེའུ་རྟིང་ལོག་ཅེས། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །བྱ་རལ་ཆགས་འཇིག་ཉེར་བཞི་པོ། །གཅིག་གི་སྟེང་དུ་བབ་པ་ན། །གཞི་ལ་བུག་རལ་འོང་ངོ་ཡིན། །ཕ་མྱེས་མནའ་ཟོས་ཡུལ་ལྷ་ཞུད། །བྱེ་བྲལ་ངོ་ཡིན་


MR16_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་འདྲེ་གནོད། །ཁྱད་པར་ཕུང་ཁད་རིགས་བབ་ན། །ཡུལ་ཤོར་འབོ་འཆུག་ཁང་པ་རྡིབ། །ས་དོག་མོ་གཞུང་ནས་རལ་བ་ཡིན། །འདི་གཞི་བྱེས་ཕྱེ་བའི་བྱ་རལ་ཡིན། །དེ་ཡི་བཅུ་གཅིག་བྱ་རལ་ན། །གཞི་བྱེས་ངེས་པར་ཕྱེ་བ་ཡིན། །བཅུ་གཅིག་ཨ་ཁད་ཙེ་མ་ན། །སྟག་མཆོང་ལེགས་གཅིག་གིས་ནགས་མཐར་སླེབ། །བརྒྱག་བཟང་མེ་བཙའ་གཅིག་བཞག་པས། །དཔྱད་ལེགས་ནད་བརྒྱ་ཐོན་པ་ཡིན། །གཉིས་ལ་ཁྲོམ་ཁ་འདྲེ་ཁ་གནོད། །ཡུལ་ལྷ་མཁོན་ཞིང་ཁྱིམ་མཚེས་ཕྱེ། །འོན་ཀྱང་གཉིས་ཀྱི་བྱ་རལ་འདི། །བྲན་དང་སྒོ་ཁྱིའི་བླ་མདུད་ཡིན། །ཁོལ་པོ་གསོས་བ་ལས་ལ་རེམ། །ཁོལ་མོ་གསོས་པ་བྱན་ལ་མཁས། །སྒོ་ཁྱི་སྟག་ལས་ངར་བ་ཡིན། །དེ་ཡི་བཅུ་ལ་བྱ་རལ་ན། །གནམ་ས་བྱེ་བའི་བྱ་རལ་ཡིན། །བཅུ་ཡི་དིང་དིང་བྲག་དཀར་ན། །ཐོད་པ་སྣ་གཅིག་འཕེན་ལེགས་པས། །རབས་ཆད་དབུ་དགུ་ཐུལ་བ་ཡིན། །ཕུང་ཁད་འདྲེ་གདོན་ཡས་ལམ་ཕྱེ། །ཕྱེ་འདྲེ་དགྲ་ལ་ཆས་པས་བཟང་། །རིན་ཆེན་ལ་སོགས་བརྒྱག་བཟང་ན། །རབས་ཆད་མི་རྒྱུད་འཕེལ་བ་ཡིན། །གཞན་མ་ཅི་ལ་བཏབ་ཀྱང་ངན། །གསུམ་ལ་བྱ་རལ་སྐྱ་བོ་ན། །སྒོ་ཐེམ་ནང་གི་དོང་ལྷུང་ཡིན། །དམ་སྲི་ཆུང་སྲི་འགུལ་ངོ་ཡིན། །ཁྱད་པར་ཕུང་བྱལ་བབ་ན་ངེས། །རིམ་གྲོ་གཙུག་གཏོར་དཀར་ནག་འདོན། །དེ་ཡི་དྲུག་ལ་བྱ་རལ་ན། །མ་དང་བུ་མོའི་བྱེ་བྲལ་ཡིན། །དྲུག་ལ་ཝ་ཚོ་དུང་སྒོང་ན། །རལ་ཁ་ལན་གཅིག་འགྱེད་ལེགས་པས། །གཏན་གྱི་དཔལ་གྲགས་ཐོབ་པ་ཡིན། །བརྒྱག་བཟང་ཉ་ཚང་རྡོལ་བས་བཟང་། །བཞི་ལ་ཆོས་ཟངས་སྡིག་གིས་བསླད། །ཀླུ་ལ་ཐབ་དང་བཙོག་གིས་མནོལ། །གཡང་ཉམས་དམར་ངོ་གོད་ཡམས་འོང་། །ཕུང་ཁད་ཀླུ་ཚང་ཞིག་པ་ཡིན། །དེ་ཡི་བརྒྱད་ལ་བྱ་རལ་ན། །མ་བུ་ཕྱེ་བའི་བྱ་རལ་ཡིན། །


MR16_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་དཀར་ཐོག་གཡུང་དྲུང་ན། །འབྲས་དཀར་ཕུལ་གང་འདེབས་ལེགས་པས། །འབྲུ་སྣས་བང་བ་གང་བ་ཡིན། །བཞི་ཡི་བྱ་རལ་བརྒྱག་བཟང་ན། །ཁྱུང་སྒོང་སེངྒེའི་གཡུ་རལ་ཡོན། །ལྔ་དགྲ་བོའི་བླ་མཁར་ཞིག་པ་ཡིན། །དགྲ་བོ་སྒོ་ཁྱི་རེད་པ་ཡིན། །དེ་ཡི་བདུན་ལ་བྱ་རལ་ན། །མ་སྤུན་ཕྱེ་བའི་བྱེ་བྲལ་ཡིན། །བདུན་ལ་གལ་བར་ཐོད་དཀར་ན། །མོ་སྨན་གཡུ་ཕྲེང་བཏགས་ལེགས་པས། །མི་ཡི་རྐང་གྲངས་ཚུགས་པ་ཡིན། །ལྔ་ལ་བྱ་རལ་བརྒྱག་བཟང་ན། །རྒྱན་བཟང་ནང་ནོར་ཇག་པས་ཁྱེར། །དྲུག་གི་སྟེང་དུ་བྱ་རལ་ན། །མོ་བཙུན་སྲིད་ཀྱི་བང་མཛོད་སྟོང་། །བྱེ་བྲལ་མྱ་ངན་འབྱུང་དོགས་ཡོད། །ཀླུ་མཆོད་ཀླུ་འབུམ་བསྒྲགས་ན་བཟང་། །དེ་ཡི་བཅུ་གཅིག་བྱ་རལ་ན། །ཁྱིམ་གཞིས་ཕྱེ་བའི་བྱ་རལ་ཡིན། །བཅུ་གཅིག་སྐྱམ་ཆུང་བུ་བརྒྱག་ན། །གཡའ་འབྲུམ་བླ་གཡུ་རྙེད་ལེགས་པས། །སྲིད་ཀྱི་ཆུ་མིག་རྡོལ་བ་ཡིན། །དྲུག་གི་སྟེང་དུ་རིན་ཆེན་ན། །སྟོད་སྨད་ཁྲོམ་ཆེན་རང་སར་ལེགས། །བདུན་གྱི་སྟེང་དུ་བྱ་རལ་ན། །ཕོ་སྲོག་བདུད་བཅད་བླ་ཚེ་ཡར། །བློ་ཁུག་མར་བཅུག་ནས་ཤད་དུ་བྱས། །བློ་ཡར་འཐེན་མར་འཐེན་གྲོས་མི་མཆམ། །དེ་ཡི་བརྒྱད་ལ་བྱ་རལ་ན། །ཕ་སྤུན་ངེས་པར་བྱེ་བ་ཡིན། །བརྒྱད་ལ་མ་སང་བྱོད་ཕུར་ན། །མགྲོན་པོ་དཔུང་ཤེད་འདོན་ལེགས་པས། །རྡོ་སྟེགས་བལ་ལས་ཡང་བ་ཡིན། །བདུན་ལ་བྱ་རལ་བརྒྱག་བཟང་ན། །སྐྱེས་བུ་རང་འདོད་རང་གིས་བསྒྲུབ། །བརྒྱད་ཀྱི་སྟེང་དུ་བྱ་རལ་ན། །དམ་པ་ཆོས་ཀྱི་གདན་ཁྲི་ཞིག །མི་ཆེན་བློ་དང་འདུན་མ་ཉམས། །རིམ་གྲོ་བསྐང་བཤགས་བརྒྱ་བཞི་དང་། །རླུང་རྟ་དར་ཅོག་ལོ་གྲངས་འཛུགས། །དེ་ཡི་བཅུ་གཅིག་བྱ་རལ་ན། །ལྷ་མི་ངེས་པར་བྱེ་བ་ཡིན། །བཅུ་གཅིག་ལྷང་ཟེ་ཁ་ལ་ངན། །ཕོ་ལྷས་གསུང་སྐད་འདོན་ལེགས་པས། །གཡུ་འབྲུག་ང་རོ་ཐོན་པ་ཡིན། །བརྒྱད་ལ་བྱ་རལ་བརྒྱག་བཟང་ན། །


MR16_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རི་རབ་རྩེ་ནས་བྱོན་པ་ཡིན། །དགུ་ལ་བྱ་རལ་སྐྱ་བོ་ན། །ནུབ་ཕྱོགས་དགྲ་འདྲེ་ཕར་ལ་གྱུ། །འོན་ཀྱང་ལེའུ་ཞང་པོར་ངན། །གདོན་དུ་བྱད་དང་དམ་སྲི་གནོད། །དེ་ཡི་བཅུ་གཅིག་བྱ་རལ་ན། །ཞང་མཚན་ཕྱེ་བའི་བྱ་རལ་ཡིན། །བཅུ་གཅིག་གལ་པར་ཐོད་དཀར་རམ། །སད་སྔ་གྱེར་རྡུང་བབ་པ་ན། །བོན་གཤེན་རྫུ་འཕྲུལ་སྟོན་ལེགས་པས། །ལྷ་རིལ་ལྷ་བརྒྱ་ཕེབ་པ་ཡིན། །བརྒྱད་ལ་བྱ་རལ་བརྒྱག་བཟང་ན། །བོན་ཆེན་བསྙེན་པ་རྟགས་ཐོན་ཡིན། །བཅུ་ཡི་སྟེང་དུ་བྱ་རལ་ན། །ཡར་གྱི་གནམ་སྒོ་བྱེ་བ་ཡིན། །འཕོ་སྐྱས་བྱེ་བྲལ་ནོར་གོད་འོང་། །དེ་ཡི་བཅུ་གཅིག་བྱ་རལ་ན། །མ་སྲུ་ངེས་པར་ཕྱེ་བ་ཡིན། །བཅུ་གཅིག་སྐྱིན་དིང་དཀར་མོ་ན། །ཤག་མའི་ཕུང་པོ་སྤུངས་ལེགས་པས། །ཤག་མ་གསེར་ཕྱེར་སོང་བ་ཡིན། །བཅུ་ལ་བྱ་རལ་བརྒྱག་བཟང་ན། །ཡང་དག་མཐུ་ཆེན་ཝེར་མ་ཡིན། །བཅུ་གཅིག་སྟེང་དུ་བྱ་རལ་ན། །དགྲ་བླའི་གནས་སྟོང་ལོ་འབྲས་ཉེས། །དེ་ཡི་བཅུ་གསུམ་བྱ་རལ་ན། །ཕ་ཁུ་ངེས་པར་ཕྱེ་བ་ཡིན། །བཅུ་གསུམ་བྱ་ཡུན་དངུལ་ཆབ་ན། །དགྲ་བླའི་བྱ་སྡང་འཛུགས་ལེགས་པས། །ལྷ་ཡེ་ཤེས་སྤྱན་དང་ལྡན་པ་ཡིན། །བཅུ་གཅིག་བྱ་རལ་རིན་ཆེན་ན། །མི་གྲངས་དགྲ་བླའི་དཔའ་མཁར་ཡིན། །བཅུ་གཉིས་སྟེང་དུ་བྱ་རལ་ན། །དགྲ་ཤི་གཡག་འགྱེལ་གནོད་པ་སོད། །དེ་ཡི་བཅུ་གསུམ་བྱ་རལ་ན། །དཔོན་གཡོག་ཕྱེ་བའི་བྱ་རལ་ཡིན། །བཅུ་གསུམ་ཁྱུང་བརྒྱང་དངུལ་མདངས་ན། །ཡེ་གཤེན་སྨོན་པ་བོར་ལེགས་པས། །གསོན་གཤིན་འབྲེལ་ཐག་བཅད་པ་ཡིན། །བཅུ་གཉིས་བྱ་རལ་བརྒྱག་བཟང་ན། །ཤི་མིག་གསོན་ལ་ལྟས་པ་ཡིན། །བཅུ་གསུམ་སྟེང་དུ་བྱ་རལ་ན། །ཁྱི་ཡི་འཕྲ་བ་གཡབ་པ་ཡིས། །དགུང་སྔོན་ཁོལ་དུ་རྡིབ་པ་ཡིན། །ལར་ཕྱི་སར་བཟང་ཁམས་འབྲེལ་སྡེ་ནས། །


MR16_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་བྱ་རལ་སྐྱ་བོ་དེ། །ཡུལ་བདེ་ས་འཇོམ་མོ་ལ་ངན། །རྒན་རབ་ཕ་མཚུན་གནས་ཁང་རྒུད། །ཕོ་ཁ་ཕོ་ཅན་གྱི་ཝ་སྐད་ཤོར། །མི་མཛེས་གཤིན་ཅན་གྱི་ངོ་ཚ་ཞིག །དགའ་སྐྱིད་དཔལ་གསུམ་ངམ་ལ་ཤོར། །སྡུག་ཕོངས་བྱུར་གསུམ་ཤུལ་དུ་བཞག །ཅི་ལ་བཏབ་ཀྱང་ངན་པ་ལ། །ལྷ་དམག་དགྲ་ལ་རྦད་ན་བཟང་། །མི་དམག་ཁྲོམ་དུ་བསྡུད་ན་བཟང་། །མཐུ་དང་བྱད་ཀ་གཏོང་ན་བཟང་། །དམག་ཆེན་བྱོ་བླུག་བྱེད་ན་བཟང་། །ཞལ་ལྕེ་གཏུག་ཤེར་བྱེད་ན་བཟང་། །དགྲ་ལ་གཡུལ་ཆེན་འགྱེད་ན་བཟང་། །ནད་པ་འཆི་ཐུག་མོ་ལ་བཟང་། །གདོན་ཆེན་བརྒྱ་བན་ཕྱིར་བུད་ངོ་། །སྲིའུ་ཡིན་ན་གྱོད་ཐར་ཡིན། །བཅུ་གསུམ་སྟེང་དུ་བྱ་རལ་གྱི། །བརྒྱག་བཟང་བྱུང་ན་ཐུབ་པར་དཀའ། །ད་ནི་བྱ་རལ་ལན་དཔྱད་ལ། །སྤྱིར་རང་སར་བྱ་རལ་རིགས་ངན་དང་། །ཕྱི་སར་ལྡི་བུར་ལ་སོགས་པའི། །ཁས་དྲག་བབ་ན་དགྲ་ཡི་ངོ་། །དེ་ལས་བཟློག་ན་ཕར་ལ་ཐུབ། །རང་སར་ཚོལ་ཚེ་སོགས་སྣུམ་རིགས། །དེ་ལན་ཕྱི་སར་བྱ་རལ་ན། །ཟུན་གྱི་འོ་ཟངས་འཇངས་ཁྱིས་འཐུང་། །ཕྱོགས་གང་ཡིན་ཟམ་སོ་བཞི་དང་སྦྱར། །བཟློག་ན་རང་ཁྱིས་དགྲ་བཅུད་འཐུང་། །བྱ་རལ་ཆགས་འཇིག་ཉེར་བཞི་བོ། །སྐུ་མཁར་གཅིག་ལ་བརྟེན་པ་དེ། །གལ་བར་དུང་གླང་ཐོད་དཀར་ཡིན། །བྱ་རལ་བ་དྲུབ་མི་དམུ་དག་དེ། །དེ་སོགས་ལན་དུ་བྱུང་ན་བཟང་། །གང་བྱུང་གནས་མལ་འཐོར་ཞིག་དེ། །ལན་ངན་ན་ངེས་ལ་བཟང་ན་ཐུབ། །ལན་ནི་སྟེང་འོག་གཉིས་སུ་ཡོད། །ད་བྱ་རལ་ལན་དུ་དིང་དིང་ན། །བྱ་རལ་ཕྱེ་བ་གནམ་ཀྱིས་དྲུབ། །དགུང་སྔོན་ཁད་དུ་ཆགས་པ་ཡིན། །སྲིད་པ་བར་དུ་བརྟན་པ་ཡིན། །ཁ་རྗེ་ཆེན་པོ་འོང་བ་ཡིན། །ཞ་མཁར་སྲིད་པའི་མཁར་ཆེན་བརྩིགས། །ལོ་གསུམ་མི་ལ་གྱོད་མི་འོང་། །བྱ་ཤིང་དབུལ་སྡུག་རྨང་གསུམ་ཟད། །བཙན་ཕྱུག་འཕེན་གསུམ་ཕྱི་ནས་


MR16_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །ཡུག་ས་མགོ་འཛིན་བྱེད་པར་བཟང་། །སྐྱིན་དིང་མཚེར་ས་སྤོས་པས་ར་འོ་སྤུད། །དབུལ་པོའི་བང་བ་གསེར་དུ་སོང་། །ཁ་མཆུ་སྐར་ཁུང་ནང་ནས་སོང་། །གལ་བར་བྱེ་མིའི་ས་མཁར་དེ། །རིན་ཆེན་སྣ་ལྔའི་མཁར་དུ་སོང་། །མཁར་ལ་བ་གམ་ཐོགས་པ་ཡིན། །ལྷག་པར་ཡུལ་འཛིན་མོ་ལ་བཟང་། །བྱ་ཡུན་ཐང་དུག་གི་འོག་ནས་ཐར། །མི་མགོ་ནས་མགོ་ཐོན་པ་ཡིན། །དངུལ་ཆབ་རལ་བ་དྲུབ་སྐུད་ཡིན། །ཅི་བཏབ་ཅི་ལ་བཟང་བ་ལ། །ཁྱད་པར་དུ་ནི་བྱེ་བྲལ་མ། །བག་མ་ལེན་ན་ཤིན་ཏུ་བཟང་། །ལན་དུ་མུ་ས་བྱ་ཡུན་ན། །མུག་བྱ་གོ་བོའི་མཇུག་སྒྲོ་ལ། །ཐང་དཀར་རྒོད་ཀྱི་སྤུ་རུ་སྐྱེས། །མི་འབྲུ་ཇེ་བཟང་ཇེ་བཟང་འགྲོ། །བྱ་བུར་ཁྱི་ནག་དོམ་དུ་སོང་། །ཝ་ཚོ་བུར་བར་མཇུག་སྒྲོ་རྒྱས། །དབུལ་པོ་ཕྱུག་པོར་འགྲོ་བ་ཡིན། །སྤོ་ཚེ་དོང་ནང་གསེར་ཐག་ཐོན། །རྒོད་མ་གཅིག་གིས་རྟ་མཁར་ཚུགས། །དམུ་དག་བྱ་རལ་སྲུབས་སུ་གྲུབ། །ཁང་སྟོང་ནང་ནས་ནོར་བུ་རྙེད། །སྐྱེར་དཀར་བྱ་རལ་མེད་སྟོང་ལ། །ཡོད་ཀྱི་གཞི་མས་གང་བ་ཡིན། །ཚོལ་ཚེ་རོ་རྒན་ཁ་གདངས་ལ། །གྲོང་ཁ་གནམ་ནས་བབ་པ་ཡིན། །ཚོལ་ཚེ་འདན་དཀར་སྣོད་སྟོང་མར་ཁུས་གང་། །བྱ་རལ་འདྲེ་ཁོག་སྐམ་པོ་ལ། །དྲན་པ་ལྷ་ཡི་སྙིང་བཅུད་རྒྱས་པ་ཡིན། །ཁྱུང་བརྒྱད་བྱེའུར་ཁྱུང་གཤོག་རྒྱས། །ལན་དུ་ཨ་ཁད་བབ་པ་ན། །བྱ་རལ་མྱ་ངན་སྨྲེ་སྔགས་ལ། །གཏམ་སྙན་རྒྱལ་ཁ་ཐོབ་པ་ཡིན། །རིང་སྙན་དགྲ་བྱས་གཉེན་དུ་སོང་། །དགྲ་འདྲེ་བྱུར་གསུམ་སྔོན་དུ་ཐལ། །བཙན་སྐྱིད་ཕྱུག་གསུམ་ཕྱི་ནས་འོང་། །སྲང་ཟེ་ཁྱི་ནག་ངུ་ཟུག་དེ། །གཡུ་འབྲུག་དགོད་པའི་སྒྲ་རུ་སོང་། །བྱོད་ཕུར་མེ་བཙའ་གཅིག་དེ་བཞག་ལེགས་པས། །ནད་བཞི་བརྒྱ་རྩ་བཞི་ཆོམས་པ་ཡིན། །ལྡི་བུར་སྲིན་པོའི་སྦར་ཞབས་ནས། །ཁོ་སྤྲུལ་པའི་མིའུ་ཐར་བ་ཡིན། །ཤ་བཙོན་


MR16_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བྲོས་ན་ཐར་ངོ་ཡིན། །ཡར་ལྡིང་སྲིན་ཡུལ་ཤིང་སྐྱེས་དེ། །མི་ཡུལ་སླེབས་ནས་ལོ་འབྲས་སྐྱེས། །སུམ་མཉམ་ཁྱི་ནག་གཟིག་གིས་ཟོས། །སྤྱང་མོ་གལ་ལས་ཐར་བ་ཡིན། །ཙེ་ར་སྲིན་གྱི་མགོ་ཐོག་ཏུ། །ལྷ་ཁང་ཁྲ་མོ་བཞེངས་པ་ཡིན། །དགྲ་ཡུལ་ས་མཁར་བརྩིགས་ན་བཟང་། །གཡུང་དྲུང་ངན་དགུ་སྔོན་དུ་འདས། །བཟང་དགུ་རྗེས་ནས་འོང་བ་ཡིན། །ཀྱེ་བ་རྒུད་པ་སྔོན་དུ་སོང་། །དར་བ་རྗེས་ནས་འོང་བ་ཡིན། །ད་རོག་དབུལ་བ་སྔོན་དུ་སོང་། །ཕྱུག་གཡང་རྗེས་ནས་འོང་བ་ཡིན། །མུ་དཔལ་ཁས་ཉན་སྔོན་དུ་སོང་། །བཙན་དར་རྗེས་ནས་འོང་བ་ཡིན། །བྱ་རལ་བྱེ་བྲལ་རྒྱུག་མདུར་ལང་། །སྔ་མས་བྱས་པ་ཕྱི་མས་བཤིག །རིན་ཆེན་སྟོང་པ་བཅུད་ཀྱིས་གང་། །ལི་ཡན་རི་རབ་རྩེ་ནས་བསྙིལ། །མར་ལྡིང་སྲིན་ཤིང་ཐུར་དུ་གུག །སྤོ་བར་ངམ་ཡུལ་གྱོད་སྒོ་ཕྱེས། །གྱོད་དེ་སྨོན་ལ་སྡིག་ངོ་ཡིན། །རུ་སོད་བདུད་ཀྱི་ཁྱི་ནག་དུ། །མ་ཟེ་བཙན་གྱི་སྤྲེལ་དམར་འཕྱོ། །སྤྱས་སྣ་མི་ལ་ཕོག་པ་ཡིན། །ན་འབད་སྟོང་ལུང་འཁྲུག་གིས་གང་། །སེ་སྟོད་ཁྱི་ནག་དུག་གིས་སྨྱོས། །དཀར་ཐོག་སྤུན་གསུམ་ལ་སོགས་པའི། །ལན་དུ་མགྱོས་པའི་བླ་རི་ན། །མགྱོགས་པ་ང་དང་འགྲེལ་ངོ་ཡིན། །བརྒྱག་ཁ་བཟང་པོ་བབ་པ་ན། །བྱ་རལ་བྱེ་བྲལ་ཡུལ་སྟོང་ལ། །དགོས་འདོད་ཆར་པས་བཀང་བ་ཡིན། །མོ་རྟ་བག་སོང་ཐིག་གཅིག་ཡར། །ལྷག་མ་གྲུ་བཞིར་འབྲེལ་བ་ནི། །ལི་ཡན་ཞེས་སུ་གྲགས་པ་སྟེ། །སྔོན་བླ་བུ་ཡང་ཁྲིའི་རིང་ལ་བབས། །མྱེས་པོ་སྣང་བ་འོད་ལྡན་ཡིན། །ཡང་ན་ལྷ་རླུང་དཀར་པོ་ཡིན། །ཕྱི་མོ་མུན་པ་ཟེར་ལྡན་ཡིན། །ཡང་ན་བདུད་ང་འཚུབ་མ་ཡིན། །ཕ་དེ་ཡོད་ཁམས་རྒྱལ་པོ་ཡིན། །ཡང་ན་གནམ་ལུག་བལ་ཆེན་ཡིན། །མ་དེ་མེད་བཟའ་ནག་མོ་ཡིན། །ཡང་ན་སྔོན་མོ་ཆུ་ཉལ་ཡིན། །བུ་མོ་རང་ནི་ང་གི་སྙིགས་མ་ཡིན། །འཐོར་


MR16_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རླུང་གི་མོ་མདུད་ཡིན། །ཁྱིམ་མཚེས་བུ་མོ་མགོ་རྒོད་མ། །ཡང་ན་སྤྲང་མོ་སྒྱེ་ཁུར་ཡིན། །ཡང་ན་སྤྲང་པོ་སྐྱག་རྫུན་ཡིན། །ཡང་ན་མུ་གེའི་སྒྲུབ་ཤིང་ཡིན། །ཡང་ན་གྲོད་པ་སྟོང་པ་ཡིན། །མེད་འདྲེ་སྟོང་པ་ཁ་མང་ཡིན། །བརྒྱ་འདྲེ་སྟོང་པ་མགོ་དགུ་ཡིན། །སྟོང་མེད་འཁྲུག་པའི་གཞི་མ་ཡིན། །ལི་ཡན་གྱོད་ཀྱི་རྩ་བ་ཡིན། །ལི་ཡན་འཁྲུག་པའི་གཞི་མ་ཡིན། །ལར་དེད་ལ་ལི་ཡན་མ་ཟེར་དང་། །ལི་ཡན་དགོས་པའི་དུས་གཅིག་ཡོད། །ཏྲོང་ཆེན་ཆམ་ལ་འབེབ་ཉིན་དགོས། །ཏྲོང་ཆུང་ཅོག་པུར་འཇོག་དུས་དགོས། །བྱ་ཤ་ཟན་གནམ་ལ་གཏོང་དུས་དགོས། །ལེ་མོ་ཡན་ལ་དུང་མོ་ཐུལ། །དུང་མོ་ཐུལ་ལ་གཟིག་མོ་མིག །གཟིག་མོ་མིག་ལ་སྟག་མོ་གཞུང་། །སྟག་མོ་གཞུང་ལ་ཡུ་མོའི་གཤོག །ཡུ་མོའི་གཤོག་ལ་མཆོང་མོ་རྐང་། །མཆོང་མོའི་རྐང་ལ་འབྲི་མོའི་གསེར། །མགོ་བོ་ཁྱུང་སྒོང་བཙུག་པ་འདྲ། །ལན་ཕྲན་ཁྱུང་གཤོག་གཤིབ་པ་འདྲ། །དངུལ་ཕོག་སེང་ཆེན་འགྱིང་བ་འདྲ། །ཕོག་ཆུང་ལུག་གུ་རྩེ་བ་འདྲ། །བྱེ་རུ་ཤ་རྐྱང་འདྲོག་པ་འདྲ། །སྐེ་འགུལ་ཤེལ་གྱི་བུམ་ཆུང་ལ། །གཟི་བྱེར་གཉིས་ཀྱི་ཚར་བས་བརྒྱན། །མུ་ཏིག་ལན་ཕྲན་སི་ལི་ལི། །གོས་སྐ་རགས་ཕྱི་ནང་ཉི་ཤར་ལ། །གོས་རྒྱན་སྐར་ཆེན་ཤར་བ་འདྲ། །ཁྱུ་ཡི་གཡས་ཟུར་སྟག་མོ་འགྱིང་། །གཡོན་ཟུར་གཟིག་མོ་ངར་བ་ལ། །མུ་མེན་སྒ་རུ་ཁྲིགས་སེ་ཡོད། །ནུ་མ་ཤེལ་གྱི་བུམ་ཆུང་ལ། །སྟོང་གི་སེན་རྗེས་གད་དེ་ཡོད། །ང་ཡར་ཡུལ་སྟོད་ན་འདུག་པའི་དུས། །ལྷ་བྱ་གོང་མོའི་གསུང་དང་ལྡན། །མར་ཡུལ་སྨད་ན་འོང་བའི་དུས། །རྒྱ་རྟ་འཆམ་བའི་འགྲོས་དང་ལྡན། །བར་གྱི་ཡུལ་དབུས་ཕྱིན་པའི་དུས། །སྐྱ་བཀྲ་ཧོར་བའི་རྩལ་དང་ལྡན། །ང་ལ་ལི་ཡན་མ་ཟེར་དང་། །ང་ལ་རང་མཐོང་དེ་འདྲ་ཡོད། །ངས་མགྲོན་ལ་བལྟས་པའི་ཇ་བསྐོལ་ཤེས། །ཇ་ལ་བལྟས་པའི་ཆུ་འཇུག་ཤེས། །ཆུ་ལ་


MR16_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པའི་རྡོར་འདེབས་ཤེས། །སུམ་ཅུ་རྩ་གསུམ་ལྷ་གནས་སུ། །ལྷ་ལ་ཡོན་ཕུལ་བྱེད་མི་ཡིན། །ཀླུ་ཡུལ་ན་ཁྲ་གཟི་ཐང་དེར། །ཀླུ་ལ་དཀོར་ནོར་བསླང་མི་ཡིན། །གཉན་ཡུལ་ཕོ་མ་ཡང་སྟེང་དེར། །གཉན་མཁར་གཏིང་ནས་བཟློག་མི་ཡིན། །གཤེན་གྱི་ཁོ་མ་རུ་རིང་དེར། །གཤེན་རབ་བོན་གྱི་ཁ་འཛིན་ཡིན། །ལར་དེད་ལ་ལི་ཡན་མ་ཟེར་དང་། །ཤར་ཕྱོགས་ཤིང་གི་སྐྱེ་གནས་ལ། །འཕོ་བ་རླུང་གི་རྟ་ཕོ་ཡོད། །ལན་དུ་སྤོ་བར་བུ་བརྒྱག་ཡིན། །ལྷོ་ཕྱོགས་ནས་ཀྱི་བང་བ་ཡོད། །ལན་དུ་ཆོལ་ཚེ་འདན་དཀར་ཡིན། །ནུབ་ཕྱོགས་མར་ཁུའི་ཡུར་བ་ཡོད། །ལན་དུ་དིང་དིང་དྲལ་དཀར་ཡིན། །བྱང་ཕྱོགས་ཐུད་ཀྱི་བང་བ་ཡོད། །ལན་དུ་སྐྱིན་དིང་བརྒྱག་ཅན་ཡིན། །སྟོང་པ་གང་བའི་འབྲས་བུ་ཡོད། །ལན་དུ་མ་རྐྱང་བྱོད་ཕུར་ཡིན། །ཕྱི་ཡི་གསེར་མཁར་བཙུགས་པ་ཡོད། །ལན་དུ་གལ་བར་ཐོད་དཀར་ཡིན། །ཕོར་སྟོང་མར་ཁུས་གང་བ་ཡོད། །ལན་དུ་དཀར་ཐོག་གཡུང་དྲུང་ཡིན། །འདི་གཅིག་གི་སྟེང་དེར་བབ་པ་ན། །གྲོད་སྟོང་ང་གིས་སྐྱོད་པ་ཡིན། །འགྲོ་འདོད་ལང་ཞིང་ལྷ་ངོ་དམའ། །ཁྱིམ་སར་བནྡེའི་དགྲ་ངོ་ཤར། །ཡ་མ་སྲིའུ་གཉིས་ལ་ངན། །བྱ་མ་བྱིའི་མགོ་སྟོན་ནས་ཕུད། །གཉིས་ཡེ་ངམ་འདུས་ང་གིས་ཁྱེར། །རེ་བསྒྲུག་བྱེད་པའི་མོ་ལ་ངན། །རྐང་པ་གཡས་ལ་ན་ཚ་འོང་། །བྲན་གཡོག་རྗེ་ལ་གུས་པས་བཟང་། །སྐྱམ་དང་བྱ་རལ་ལི་ཡན་འདི། །བྲན་སར་བབ་ན་བྲན་ཁ་བྱམས། །ཨེ་འོང་ཞག་གསུམ་ལ་འོང་ངོ་། །གསུམ་པ་ཆུང་གསུམ་རྩེ་ར་ང་གིས་ཁྱེར། །ཆུང་སྲི་ཅན་གྱི་མོ་ལ་ངན། །ཨེ་འོང་ཞག་གསུམ་བཞི་ལ་འོང་། །དེ་བཞིན་གཞན་ལ་སྦྱར་བར་བྱ། །བཞི་གཡང་ར་རླུང་གིས་གཏོར་བ་ཡིན། །ཕོ་བློ་ཉེས་ལས་ལ་ཡག་དུས་མེད། །མོ་བརྒྱག་མེད་སྲིས་ལ་སོག་དུས་མེད། །ཁ་སྟོང་ལག་སྟོང་སྣོད་སྟོང་ཡིན། །ཁྱད་པར་ཕྱྭ་གཡང་སྒྲུབ་ན་ངན། །གཡང་གི་ཟོ་ཞགས་རྡོལ་བ་ཡིན། །


MR16_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྟོང་འདྲེ་ཁ་མང་གནོད་པ་ཡིན། །རྗེས་གཅོད་བྱེད་པའི་མོ་ལ་བཟང་། །དགྲ་ས་ཆག་པས་དགྲ་ཕྱར་བཟང་། །དྲུག་མོ་བཙུན་བྱེ་བྲལ་གྲིབ་མདུན་ངོ་། །དཔོན་མོ་ཤི་ནས་གཡོག་མོ་བླངས། །བ་ཁོག་ཁ་ཞབས་ལོག་པ་ཡིན། །སྟོང་གྲུབ་བྱེད་པའི་མོ་ལ་བཟང་། །བདུན་ལམ་ཆུས་ལུང་པ་གཡབ་ཀྱིས་འདེབས། །ལྷ་གྲལ་མུག་གིས་བཟུང་བ་ཡིན། །རྟ་ཚོང་བྱེད་པའི་མོ་ལ་བཟང་། །རྫུན་དང་སྐྱོ་མ་བྱེད་ན་བཟང་། །བརྒྱད་རི་རབ་རླུང་བསྐྱོད་པོ་ལྷ་འཁྲུགས། །ཁོང་པའི་ནང་གི་སྙིང་སྟོང་ཡིན། །སྙིང་ནད་འདར་བ་ང་ཁམས་འོང་། །དགུ་བན་བོན་སྲུང་མ་འཁྲུགས་པ་ཡིན། །ཕར་རྦད་ཚུར་ལ་ལོག་ཉེན་ཆེ། །བོན་པོའི་གདུང་རྒྱུད་ཆད་ངོ་ཡིན། །ན་རག་བསྐང་བཤགས་ཡིག་བརྒྱ་འདོན། །བཅུ་ཕྱ་རྗེའི་མཛོད་དུ་འགོང་པོ་ཞུགས། །དགྲ་བླའི་ཁྱུང་མཆུ་སྐྱ་བ་ཡིན། །སྙིང་རླུང་བཅོས་ན་བཟང་བ་ཡིན། །བཅུ་གཅིག་ཕོ་ལྷའི་གནས་མལ་དུ། །འདྲེ་སྟོང་པ་ཁ་དགུ་ཆགས་པ་ཡིན། །ནོར་སྙིང་དམར་ཅན་ལ་གདུག་འདྲེ་འཁྲི། །ཕོ་གྲགས་པ་ཅན་ལ་སྙིང་ང་འབྱུང་། །སྨན་ཁ་དོག་ལེགས་ལ་མི་ཁ་ཕོག །མདོ་ས་མཁར་འཛིན་ལ་ཁ་མཆུ་འབྱུང་། །གྲོག་ཁ་མཛའ་ཅན་ལ་ཁ་མཁོན་འོང་། །གཉེན་ལུང་གསུམ་འཛིན་ལ་ནང་བསླུས་འོང་། །རྒྱལ་འགོང་དཀོར་བདག་གནོད་པ་ཡིན། །ཅི་བཏབ་ཅི་ལ་ངན་ན་ཡང་། །བན་བོན་ཁྲི་ལ་འདོན་ན་བཟང་། །ཆོས་ཤེས་བྱ་གསུམ་ལ་བློ་ལྡན་འོང་། །ཚབ་ཆེན་ནད་པའི་མོ་ལ་བཟང་། །མགྲོན་པོ་ཐག་རིང་མོ་ལ་བཟང་། །བཅུ་གཉིས་དགྲ་ཡུལ་རླུང་གིས་ཁྱེར། །སྟོང་མེད་གཉིས་པོ་ཐུར་དུ་གཅོད། །རྩོད་པ་ཆེན་པོ་འོང་དོགས་ཡོད། །བཅུ་གསུམ་དཔག་བསམ་རྩེ་མོ་རླུང་གིས་བཅད། །མཁའ་མི་གསལ་ལྷོ་བུར་ལང་བ་ཡིན། །ཤི་ན་དམུ་གེས་བྱེད་པ་ཡིན། །ཁ་ཆེམ་རླུང་ལ་བཞག་པ་ཡིན། །རོ་ཕྱེད་ཁྱི་ཡིས་ཟོས་པ་ཡིན། །


MR16_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གཞི་དཀོར་གསུམ་ཀུན་ལ་ངན། །ཅི་བཏབ་ཅི་ལ་ངན་པ་ལ། །ཉིན་གཅིག་ཇ་བསྐོལ་མོ་ལ་བཟང་། །ཇ་རླངས་ནམ་མཁར་འཕྱུར་བ་ཡིན། །རླུང་བདེ་བར་གནས་པས་གནམ་རེ་འཇམ། །མགོ་གཟེར་རླུང་ནད་མོ་ལ་ངན། །དེ་ཉིན་རླུང་དམར་བྱུང་ན་ཐུབ། །མུག་ལ་བག་མ་བླང་ན་བཟང་། །མུག་ཕྲུག་ཕ་སར་འདོན་ན་བཟང་། །མུག་རྒྱལ་སྨིན་མ་རུ་རིང་གིས། །ཙནྡན་བེར་ཀ་ཕྱག་ན་བསྣམས། །ཐེངས་གསུམ་ཀླད་ལ་བསྐོར་བ་ཡིན། །ལྷ་མི་གཤེན་གསུམ་རྒྱལ་བ་ཡིན། །ཐེངས་གསུམ་ས་ལ་བརྡབ་པ་ཡིས། །འདྲེ་སྲིན་བྱུར་གསུམ་མནན་པ་ཡིན། །མཛངས་ལ་ཤག་ཁ་ཐེབས་པ་ཡིན། །དཔའ་ལ་རལ་ཁ་སྤྲད་མི་ཡིན། །རྒྱ་ཡི་བྱེ་མཁར་བསྒྱེལ་མི་ཡིན། །བཟང་ལ་མི་ཁ་བསྐུར་མི་ཡིན། །བཙན་ལ་ཆོ་ལོ་འགྱེད་མི་ཡིན། །འདྲེ་ལ་མིག་མང་འཛུགས་མི་ཡིན། །མུག་གི་ཕ་ཡུལ་འཛིན་མི་ཡིན། །དེ་ཕྱིར་མུག་གི་ལས་ལ་བཟང་། །ཡང་སྒོམ་མཁན་རི་ཁྲོད་འགྲིམ་ན་བཟང་། །སྟོང་མེད་རྫུན་སླང་འདེབས་ན་བཟང་། །ཡང་སྲིའུའི་མོ་ལ་གྱོད་ཐར་བཟང་། །ཇག་པའི་མོ་ལ་ཚང་བུད་ཡིན། །གྲུ་ཞིང་ལམ་དུ་འཇུག་པའི་ངོ་། །མགྲོན་པོ་རྣམས་ལ་ལམ་ལོག་ངོ་། །ཚོང་པའི་མོ་ལ་སྙིང་སྟོང་ཡིན། །ལར་སྨད་དུ་ལི་ཡན་རྟ་ཕོ་ཡིན། །ལན་དུ་སྤོ་ཚེ་མདོང་བུ་ན། །རྟ་ལ་མདོ་རིས་ཐོགས་པ་ཡིན། །བར་དུ་རླུང་གི་འཁོར་ལོ་ཡིན། །ལན་དུ་གཡུང་དྲུང་ཆེ་བཞི་ན། །གོ་ལར་ཉི་ཟླ་སྐར་གསུམ་གསལ། །སྟོད་དུ་མ་སོང་སོ་མཁར་ལ། །ལན་དུ་བྱོད་ཕུར་གསུམ་པོ་དང་། །བྱ་ཡུན་ལ་སོགས་གསལ་སྡེ་ན། །སོ་པ་ཡེངས་མེད་འདུག་པས་བཟང་། །ལི་ཡན་ར་ལ་བརྒྱག་གཅིག་ན། །གསེར་བྱ་ཟུར་ཕུད་ཅེས་སུ་གྲགས། །གསེར་བྱ་བནྡེའི་བླ་བདུད་ཡིན། །སྔོན་དུས་མ་སོང་གཉན་ཡུལ་དུ། །གཉན་ཞིང་བགོ་རིས་བྱེད་ཉིན་བབ། །གསེར་བྱེའུ་ཟངས་ཀྱི་འདབ་མ་ཅན། །བྱེའུས་


MR16_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རི་འགྲིམ་ཅོག་ཅོག་ཟེར། །ལུས་པོ་གསེར་དུ་འདུག་པ་དེ། །སྔོན་གསེར་གྱི་མཆོད་རྟེན་ཁ་ལ་བབ། །སྡེར་མོ་ལྕགས་སུ་འདུག་པ་དེ། །གཉེན་རི་རྩེ་མཐོན་རྩེ་མོར་བརྡར། །ལྕགས་རིར་སོ་ལ་གནས་པ་ཡིན། །སྨད་དུ་བབ་ན་བྱེའུ་ཡིན། །ལན་དུ་མུ་དག་བབ་པ་ན། །བྱེའུ་ཨེན་ཐོག་ཐོག་པས་བཟང་། །བར་དུ་བབ་ན་ངུར་པ་ཡིན། །ལན་དུ་དིང་དིང་དྲལ་དཀར་ན། །ངུར་པ་མཚོ་དང་འཕྲད་པ་ཡིན། །སྟོད་དུ་བབ་ན་ངང་པ་ཡིན། །ལན་དུ་ཀྱེ་ལེ་འོད་དཀར་ན། །ངང་པ་བྱ་མཁར་བརྩིགས་པ་ཡིན། །རྭ་ལ་བརྒྱག་གཉིས་སོང་བ་ན། །དྲང་སྲོང་བྱ་ཡོད་དགོན་པ་སྐྱེས། །འདི་ལ་ཟུར་ཐིག་བསེག་ཐིག་གི ། དབྱེ་བ་གཉིས་ཡོད་དྲང་པོ་དང་། །རྒུར་བོའི་ཐ་སྙད་འགའ་ཡིས་བཏགས། །གཉིས་ཀ་གང་ཡང་བྱ་ཡོད་ཡིན། །སྔོན་བྱ་བརྒྱའི་འདུན་མ་བྱས་པའི་དུས། །ངུར་པ་འབོད་དུ་ངང་པ་སོང་། །བྱ་རྗེ་ངང་པ་དཀར་མོ་དེ། །གནམ་མཐའ་ལན་གསུམ་བསྐོར་ནས་ལོག །བྱ་ཡོད་ཟེར་བའི་གཏན་ཚིགས་ཡིན། །རྭ་ལ་བརྒྱག་གསུམ་སོང་བ་ན། །གསེར་ཕུད་སེར་པོ་རྩེ་གསུམ་ཡིན། །དཀོན་མཆོག་གསུམ་གྱི་བླ་མདུད་ཡིན། །ལན་དུ་ཉི་འོད་དཀར་མོ་ན། །གསེར་བྱ་གཤོག་དྲུག་རྒྱས་པས་བཟང་། །ར་བཞི་ལྷན་ཅིག་བརྒྱག་པ་ན། །གསེར་བྱ་ཆོས་ཀྱི་འཁོར་ལོ་ཟེར། །དགྲ་བླའི་གསེར་མཁར་སེར་པོ་ཡིན། །འབྱུང་བ་ང་གི་ནོར་བུ་ཡིན། །ལར་དེ་ལྟར་གསེར་བྱའི་རྣམ་གྲངས་ལྔ། །གསེར་བྱ་ཐོག་རྒྱུག་སྤུན་ལྔ་ཡིན། །བཅོམ་ལྡན་འདས་ཀྱི་རིང་ལ་བབ། །སུམ་ཅུ་གྲུབ་པའི་ལྷ་གནས་སུ། །གསེར་གྱི་མཆོད་རྟེན་སེར་པོ་ཡིན། །དཀོན་མཆོག་གསུམ་གྱི་བླ་མདུད་ཡིན། །བན་ཆོས་གོས་ཅན་གྱི་བླ་མདུད་ཡིན། །སེར་པོ་གསེར་གྱི་བླ་མདུད་ཡིན། །དུར་འགྲམ་ཤི་གཞུག་གཅོད་མི་ཡིན། །སོ་ཡོན་མུན་པའི་མདུན་ཁང་བཤིག །ཏྲོང་ཁམས་གྲི་མདུང་བཅག་མི་


MR16_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སེ་སྟོད་ཁྲག་མཚོ་བསྐམ་མི་ཡིན། །རུ་སོད་བདུད་གཡག་རྭ་དེ་གཅོད། །མ་ཟེའི་བཙན་ཁ་བཅོམ་མི་ཡིན། །ན་འབན་ཆུ་ཁུང་འཁྱག་གིས་བསྡམས། །ལོག་རེད་འཁྱམ་གསུམ་རྫིའུ་ཡིན། །འདི་གསེར་བྱ་ཟངས་ཀྱི་སྡེར་མོ་ཅན། །ལུས་པོ་གསེར་དུ་འདུག་པ་དེ། །གསེར་གྱི་མཆོད་རྟེན་ཚར་བ་ཡིན། །འདབ་མ་གཡུ་གཤོག་རྒྱས་པ་དེ། །མི་ཡུལ་གླིང་བཞི་འགྲིམ་པ་ཡིན། །སྡེར་མོ་ལྕགས་ཀྱུ་འདྲ་བ་དེ། །འདྲེ་སྲིན་བྱུར་གསུམ་མནན་པ་ཡིན། །ཁ་ནས་ཧུ་ཡེ་ཟེར་བ་དེ། །གླིང་བཞིར་ལེགས་པའི་སྨྲར་འདོན་ཡིན། །བརྒྱ་ལ་ཁ་ཡ་བྱེད་ཀྱང་ཤེས། །སྟོང་ལ་ངོ་ཤག་འདེབས་ཀྱང་ཤེས། །རང་སའི་བཙན་སར་བབ་ན་བཟང་། །དགྲ་བླ་དར་བའི་མོ་མདུད་ཡིན། །ལྷ་མི་བསམ་དོན་འགྲུབ་པ་ཡིན། །བ་ཁོག་བབ་ན་ཁང་པ་གསེར་གྱིས་གང་། །དམག་ཇག་གཉིས་ལ་གསེར་ནོར་ཐོབ། །བཅུ་གསུམ་གསེར་མཁར་རྩེ་མོ་རུ། །བནྡེའི་གདུང་རྒྱུད་དར་བ་ཡིན། །ལྷ་ཁང་གསེར་གྱི་རྒྱ་ཕིབ་ལ། །གསེར་གྱི་རྒྱལ་མཚན་ཚུགས་པ་ཡིན། །གསུང་སྙན་དྲིལ་བུའི་རྒྱུན་ཐག་འབྲེལ། །ཕྱི་སར་བནྡེའི་ཕུར་ཁའམ། །རྒྱལ་གདོན་ངོ་ཡོད་བྱད་བཟློག་དང་། །རྒྱལ་མདོས་འབུམ་དང་གཟའ་ཡུམ་འདོན། །འདི་སྨད་དུ་བབ་ན་གསེར་བྱ་ཡིན། །གསུམ་གྱི་སྟེང་དེར་གསེར་བྱ་ལ། །གཞི་ལ་བྱ་ཡུན་དང་རྩེ་ན། །གསེར་བྱ་རི་ཁ་འགྲིམ་པ་ཡིན། །བན་གསར་ཆོས་དང་འཕྲད་པ་ཡིན། །ངང་པས་མཚོ་ཁྲུས་བྱས་པ་ཡིན། །ཆོས་འཁོར་གྲྭ་སློབ་རྒྱས་པ་ཡིན། །བར་དུ་བབ་ན་ངུར་པ་ཡིན། །དྲུག་དང་བདུན་ལ་གསེར་བྱ་དང་། །བརྒྱད་ལ་ཝ་ཚོ་བྱ་ཡུན་བརྒྱག །ངུར་པ་མཚོ་ལ་རྩེ་བ་ཡིན། །གསེར་མཛོད་ནང་ནོར་རྒྱས་པ་ཡིན། །སྟོད་དུ་བབ་ན་ངང་པ་ཡིན། །དགུ་དང་བཅུ་ལ་གསེར་བྱ་དང་། །བཅུ་གཅིག་མུ་ས་བྱ་ཡུན་ན། །ངང་པ་དགུང་དུ་འཕུར་ཞིང་རྩེ། །ཆོས་པ་མཐའ་རུ་ཕྱིན་


MR16_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །བན་ཆེན་བོན་ཆེན་མོ་ལ་བཟང་། །སྐྱིན་དིང་རྒྱལ་པོ་ཁྲི་ཁར་རྒྱལ། །དིང་དིང་ངང་པ་མཚོ་དང་འཕྲད། །བྱོད་ཕུང་ངང་པ་ཁྲི་ཚེ་ཐུབ། །བྱ་ཡུན་ལྷ་ཁང་མར་མེས་གང་། །དམུ་དག་ངང་ཚང་འབྲས་ཀྱིས་གང་། །དེ་སོགས་བཟང་སྡེ་བརྒྱག་བཟང་བཟང་། །གསེར་བྱའི་ལེན་དུ་སེ་སྟོད་ན། །བན་བཀའ་ལོག་ཤ་ལ་དད་པ་ཡིན། །ཆོས་གོས་ཁྲག་ལ་འདྲེས་པ་ཡིན། །བན་རྒས་ཁར་ཁྱིམ་སར་འབབ་པའི་ངོ་། །ཆུ་སྤར་ཀླུ་སྦྲུལ་དུག་གིས་བསད། །ན་འབན་བྱ་འདབ་ཐོག་གིས་བཅད། །ཕུང་བྱར་གསེར་བྱ་རྐེད་པ་ཆད། །བྱ་རལ་བྱ་བདག་མི་ཡིས་བཙོང་། །དེ་སོགས་ངན་རིགས་བབ་ན་ངན། །ལར་གཅིག་གི་སྟེང་དུ་གསེར་བྱ་ན། །ས་ནག་བརྐོས་པས་གསེར་རྙེད་ཡིན། །སྡིག་ཅན་ཆོས་ལ་འཇུག་པ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་ཉིན་བཟང་། །གཉིས་ནང་སྡིག་ཕྱི་རུ་བུད་པ་ཡིན། །བཀའ་ལོག་སྡོམ་པ་ཞུ་ན་བཟང་། །གསུམ་བྲག་ལ་མེ་ཏོག་འཁྲུང་བ་ཡིན། །འགལ་ཉམས་བསྐང་བཤགས་བྱེད་ན་བཟང་། །བཞི་མཚོ་ལ་མེ་ཏོག་སྟོང་ལྔན་འཁྲུངས། །ཡོས་ལོ་མ་ལ་བུ་གཅིག་སྐྱེ། །ཁྱིམ་ཕྱྭ་སྲིད་ཕྱར་འདེབས་ཉིན་བཟང་། །ལྔ་ཕོ་སྲོག་མོ་ཡིས་བཟུང་བ་ཡིན། །ཕུ་སྲིང་མག་པའི་འཕེལ་ཁ་ཡིན། །དྲུག་མེ་ཏོག་དཀར་པོ་སྐྱོན་དང་བྲལ། །ལྷ་སྨན་མི་ཁ་བྱམས་པ་ཡིན། །མཆོད་རྟེན་ལེགས་པོ་ཚར་ངོ་ཡིན། །བདུན་བུ་ཡི་གསེར་མཁར་གཉན་དམག་ལེགས། །བནྡེའི་སེར་དམག་འདྲེན་ན་བཟང་། །བརྒྱད་མི་མཆོག་རྒྱལ་བུ་དགེ་དོན་དེས། །ཤིང་རྟའི་ཁ་ལོ་གྱེན་དུ་བསྒྱུར། །སྐྱེ་རྒ་ན་འཆིའི་འཆིང་དང་བྲལ། །བླ་མ་གདན་སར་འདོན་ན་བཟང་། །དགུ་བྱ་ལུང་བྱ་བརྒྱའི་བྱ་མཁར་ཚུགས། །སྡེ་སྲིད་འདུན་མ་ནང་གྲོས་ལེགས། །བཅུ་བྱང་མཚོར་ཁྲུང་ཁྲུང་ཚང་ཡག་ནས། །


MR16_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ང་ལྔ་གསུམ་བཅོ་ལྔ་ཚར། །ཡ་རབ་ཆུས་ཕྱྭ་སྲིད་ཕྱར་བཟང་། །བཅུ་གཅིག་མཁའ་ལ་ཉི་ཤར་དེ། །མཐོ་དམན་མེད་པ་ཀུན་ལ་དྲོ། །སངས་རྒྱས་མི་ཡུལ་བྱོན་པ་དེ། །དགེ་ཅན་སྡིག་ཅན་གཉིས་ཀར་ཕན། །དགའ་སྟོན་དབང་དང་རབ་གནས་བཟང་། །བཅུ་གཉིས་དུང་སྐད་ཆད་ཀྱང་དུང་གིས་མཐུད། །བླ་མ་འདས་ཀྱང་བླ་མ་འབྱོན། །བཅུ་གསུམ་ལྷ་ཁང་གསེར་འཕྲུ་ཚུགས། །ཤེལ་འདབ་དྲྭ་མིག་གསེར་ལས་བྱས། །ལྷ་ཁང་བཞེངས་དང་རྟེན་གསུམ་ལ། །རབ་གནས་བྱེད་ན་ལྷག་པར་བཟང་། །ནད་པ་ཐུ་ཚབ་ཅན་ལ་ངན། །སྤྱིར་ཕྱི་སར་བན་བྱང་རྒྱལ་ངོ་སོགས། །ཅུང་ཟད་ཞན་ཀྱང་ལོ་མལ་དང་། །གནས་མལ་ཅན་ལ་བཟང་བ་ཡིན། །ལི་ཡན་ཁོག་ལ་བརྒྱག་སོང་ན། །གསེར་བྱ་རྐེད་ཆད་ཅེས་ཀྱང་བྱ། །བྱ་མེད་སེ་སྟོད་ཅེས་ཀྱང་བྱ། །སྔོན་དྲང་སྲོང་རྒན་པོའི་རིང་ལ་བབ། །རྨ་ཚལ་བྱ་ཞུའི་གོང་བ་དེར། །བྱ་རྗེའི་ཕ་དེ་འུག་པས་བསད། །བྱ་བརྒྱ་འདུས་ནས་འདུན་མ་བགྲོས། །ཁུ་བྱུག་སྔོན་མོས་གཏམ་གླེང་ཚེ། །བྱ་རྗེ་ངང་པ་དེ་ན་མེད། །ངང་པ་འབོད་དུ་ངུར་པ་སོང་། །ངང་པ་གནམ་མཐའ་བསྐོར་ནས་སླེབས། །ངུར་པ་ཚེ་ཟད་ལམ་དུ་ཤི། །ངང་པ་ཚོལ་བའི་ངུར་བ་མེད། །བྱ་མེད་ཟེར་བའི་གཏན་ཚིགས་ཡིན། །ངུར་རོ་བ་ཚའི་ཆུ་ལ་བསྐུར། །བྱ་རོ་ཆུས་ཁྱེར་དེ་ནས་ཟེར། །རོ་དེ་ཆུ་ཡིས་ཁྱེར་བ་དང་། །ཤཱཀྱའི་བནྡེ་ཞིག་དང་འཕྲད། །བནྡེའི་ཆོས་གོས་ལུས་ལ་བསྐོན། །བྱ་ཡི་སྤུར་ལ་ཆོས་ཞིག་བཤད། །དྲང་སྲོང་རྒན་པོས་སྨོན་ལམ་བཏབ། །ངུར་པ་སེར་པོའི་ཁ་ཆེམས་ལ། །ངའི་རོ་འདིའི་ཕྱི་ལ་ལྷ་ཁང་བཞེངས། །ནང་ལ་ཤིང་སྒྲོམ་བགྱིས་ནས་སུ། །གསེར་གྱི་མཎྜལ་སུམ་བརྩེགས་ཀྱི། །སྟེང་དུ་ཕུད་ལ་ཞོག་ཅིག་སྨྲས། །ད་ལྟ་ལྷ་ཁང་ཁྱུང་མགོ་དང་། །མཆོད་རྟེན་རྩེ་ཡི་ཤིང་བྱ་


MR16_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཎྜལ་སྟེང་གི་བྱ་གཟུགས་རྣམས། །གཏན་ཚིགས་དེ་ལ་བྱེད་པ་ཡིན། །ངུར་པའི་ཁ་དོག་གསེར་པོ་དེ། །སྔོན་ཤཱཀྱའི་ན་བཟའ་གསོལ་བས་ཡིན། །ཀླད་པ་བག་ཙམ་དཀར་བ་དེ། །རྒྱ་གར་ཆོས་ཀྱི་བཀའ་རྟགས་ཡིན། །སྨིན་མ་ན་རོ་འདྲ་བ་དེ། །ཆོས་བཀའ་མདོ་སུམ་ཅུ་བསླབ་པའི་རྟགས། །ཁ་ནས་ངང་ངང་ཟེར་བ་དེ། །མ་ཎི་པདྨེ་འདོན་པ་ཡིན། །ཁོང་པའི་གཏིང་ནས་མཁུན་པ་དེ། །ཕ་ཤི་ཆོས་འདོན་བྱེད་པ་ཡིན། །གྲེ་བའི་ནང་ནས་ངུར་ཐུང་གིས། །ཧུར་ཐོ་ཧུར་ཐོ་ཟེར་བ་ནི། །ཕ་བླ་མ་སྤྱི་བོར་བཞུགས་པ་ཡིན། །རྐང་ལ་སག་རིས་དོད་པ་དེ། །ངན་སོང་ལྡོག་པས་ནོན་པའི་རྟགས། །ལག་ན་རྡོ་རྗེ་ཡོད་པ་ནི། །བྱ་བརྒྱའི་འདྲེན་པ་བྱེད་པའི་རྟགས། །སྡེར་མོ་ལྕགས་ཀྱུར་འདུག་པ་ནི། །འཁོར་བའི་འདམ་ནས་འདྲེན་པའི་རྟགས། །ལུས་ཕྱེད་མཚོ་ལ་འདུག་པ་དེ། །སྔོན་འཁོར་བའི་འདམ་དུ་བྱིངས་བའི་རྟགས། །མཇུག་རྩེ་བག་ཙམ་ནག་པ་དེ། །སྒྲིབ་པ་ཅུང་ཟད་ཡོད་པའི་རྟགས། །ལུས་ཕྱེད་སྐམ་ལ་འདུག་པ་དེ། །ད་གཟོད་ས་བཅུ་རིམ་གྱིས་བགྲོད་པའི་རྟགས། །ཁ་ཟས་འདམ་ལ་བྱེད་པ་དེ། །དགེ་སློང་ཤ་བཅད་བྱས་པ་ཡིན། །བཏུང་བ་ཆུ་ལ་བྱེད་པ་དེ། །དགེ་སློང་ཆང་བཅད་བྱས་པ་ཡིན། །བྱ་བརྒྱའི་ནང་གི་ཆོས་པ་རེད། །དེ་འདྲའི་ངང་པ་ཤི་བ་འདི། །གསེར་བྱ་སྐེད་དུ་ཆད་པ་ཡིན། །སངས་རྒྱས་གང་ནས་སྟོང་པ་ཡིན། །ཆོས་ཀྱི་སྒོམ་ཕུག་སྟོང་པ་ཡིན། །ཅི་ལ་བཏབ་ཀྱང་ཁྱད་པར་ངན། །ཕྲུ་གུ་དམར་ལ་ཡར་བ་དེ། །བནྡེའི་ཆོས་རྒྱུད་ཆད་པ་ཡིན། །སྒོ་ལ་མདུད་པ་སོང་བ་དེ། །དགེ་སློང་འདས་པའི་གདུང་སྤུར་ཡིན། །མོ་རྟ་བག་ལ་སོང་བ་དེ། །བན་ཕྲན་བརྒྱ་ཡི་རོལ་མོ་བྱེད། །བྱ་ངང་པ་ཤི་བའི་རོ་ཐོག་ཏུ། །བྱ་ཤ་ཟན་བརྒྱ་ཡི་འཕུར་ལྡིང་བྱེད། །འདི་ཕ་དགེ་བུ་དགེ་བུ་མོ་དགེ། །ཕ་ཡིས་བུ་མོ་མ་ཤེས་པས། །ཕ་


MR16_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུ་མོ་བསྡེབས་པ་ལས། །ཁོག་སྟོད་ཕོ་ལ་ཁོག་སྨད་མོ། །བནྡེའི་མགོ་ལ་ཙང་ཐེམ་མཇུག །ངམ་ཁམ་ཕུང་བའི་ཝེར་མ་ཡིན། །ཀླུ་ཁྱུང་གཉིས་ཀྱི་འཐབ་འདྲེ་ཡིན། །ལྷ་སྲིན་གཉིས་ཀྱི་འབྲོས་ཤིང་ཡིན། །ཡེ་ངམ་གཉིས་ཀྱི་རྩོད་ཤིང་ཡིན། །འདི་ཡི་ལན་དུ་གསེར་བྱ་ན། །དབུལ་སྡུག་རྨོད་གསུམ་སྔོན་ལ་སོང་། །བཙན་ཕྱུག་སྐྱིད་གསུམ་ཕྱི་ནས་འོང་། །བརྗེས་ན་བཤད་པ་གོ་ལྡོག་ངན། །ལར་གཅིག་གི་སྟེང་དུ་བྱ་མེད་ན། །ངུར་པ་སེར་པོ་འདམ་གྱིས་གོས། །ལྷ་ཁང་སྒོག་པོའི་དཀོར་བདག་གནོད། །གཞི་ཕྱར་མ་བུ་ཚ་སོགས་ངན། །བུ་ཐུ་བོ་གདོན་གྱིས་འཛིན་ངོ་ཡིན། །གཉིས་དམའ་ས་གསུམ་ནས་འདྲེ་གདོན་གནོད། །དུག་ཤིང་ཚེར་མ་ལོ་འདབ་རྒྱས། །ས་འོག་དམན་པ་འགུལ་བ་ཡིན། །བུ་མོ་བྲན་དང་སྒོ་ཁྱིར་ངན། །བུ་སྲིང་ཆུང་མ་བསུ་སྐྱེལ་ལམ། །བནྡེ་དམ་ཉམས་འགྲུལ་གྱིས་གནོད། །གསུམ་ཆུང་སྲི་རྒྱལ་འགོང་གནོད་པ་ཡིན། །གཡུ་ཡི་ནེའུ་སེང་འདམ་རྫབ་ཆགས། །ཆུང་རྒྱུད་བུ་མོ་ནད་ཀྱིས་ཟིན། །བག་སྣ་དང་ནི་རོ་སྣ་སྡིག །བཞི་ངུར་པ་སེར་པོའི་ཡ་མཆུ་ཆད། །སྔགས་འདེབས་ཆོས་འདོན་ཆོས་བཤད་ངན། །མཚོ་ལ་སྦལ་བ་གན་རྐྱལ་ཉལ། །མནའ་མ་སྒྱུག་མོ་ཉལ་ངོ་ཡིན། །གཡང་ཉམས་རོ་གྲིབ་བཙོག་གི་ངོ་། །ལྔ་ཕ་ཤི་དགེ་སྟོན་བྱས་པ་ཡིན། །ཤི་བསྡུར་བྱེད་པའི་མོ་ལ་བཟང་། །འདྲེ་བོང་ཞོན་སྒོ་ཁར་ཕྱིན་པ་ཡིན། །གདོན་ཕུད་བྱེད་པའི་མོ་ལ་བཟང་། །བུ་སྲིང་མག་པའི་རྒབ་འདྲེ་ཡིན། །དྲུག་བག་མས་གསེར་ལྷྭམ་གྱོན་པ་ཡིན། །མོ་བཙུན་བག་ལ་ཆས་ཉིན་བཟང་། །དེ་མིན་ཡུག་དུར་ས་ལད་སྡིག །ངང་པ་འདབ་གཤོག་ཆད་པ་ཡིན། །མོ་བཙུན་འབྲིང་གི་ས་ལ་ངན། །བདུན་ཕ་སྤུན་རབས་ཆད་རྫས་ངན་སྡིག །གཡའ་སྤང་མནའ་ཟོས་དུག་ཆུ་འཐུང་། །མནའ་ལྐུགས་བྱས་ནས་འགལ་བས་


MR16_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལེན། །ཁྱིམ་མཚེས་བྲང་གྲོག་རྟ་མཛོར་ངན། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྲན་མའི་ལོ་ཐོག་ལེགས་པ་ཡིན། །བརྒྱད་བྱ་ངུར་པ་སྤུ་སྦྲུག་བྱས་པ་ཡིན། །བན་གསེར་གྱི་རྡོ་རྗེ་སྐེད་ནས་ཆད། །དམེ་ནལ་ལྷ་མནོལ་ལྷ་འཁྲུག་སྡིག །ཅི་ལ་བཏབ་ཀྱང་ངན་པ་ལ། །བཀའ་ལོག་སྡོམ་པ་ཞུ་ན་བཟང་། །དགུ་སྨན་པའི་རང་མཚང་བསྟན་པ་ཡིན། །བཟང་དྲུག་དུག་ཏུ་སོང་བ་ཡིན། །དུག་ལ་བོན་པོས་ལྕེ་བལྡག་བྱས། །ལེའུ་དང་ནི་ཞང་པོར་ངན། །བཅུ་གསེར་བྱ་སྡུག་གྲིར་ཤི་བ་ཡིན། །བན་ཆོས་མེད་འཁོར་བར་འཁྱམས་དོགས་ཡོད། །རྩ་དཀར་བརྒྱ་ཡི་ཆུ་མིག་ལ། །སྤལ་གཅོང་སྟོང་གི་ཚང་ཡང་བཅས། །མ་ཕྱི་ཁྱིམ་ས་ཆེ་ལ་ངན། །བཅུ་གཅིག་གསེར་བྱ་ཆིག་འགྲོས་བྱེད། །སྲིན་ནག་བློ་འཛིན་ཁོངས་སུ་ཞུགས། །དོན་གལ་ཆེན་བསྒྲུབ་པའི་མོ་ལ་ངན། །གོས་འདྲེ་ཅན་ཕུགས་སུ་བརྟེན་པས་གནོད། །དགྲ་བླ་དམེ་མུག་མནོལ་ངོ་ཡིན། །བཅུ་གཉིས་ངུར་པ་སེར་པོའི་རོ། །བ་ཚྭ་ཅན་གྱི་ཆུ་ལ་བསྐུར། །ངམ་བོན་ལྕགས་རིའི་རྒྱབ་ཏུ་ཕུད། །དགྲ་བོ་དུམ་བུར་སོང་བ་ཡིན། །བཅུ་གསུམ་ཁྱིམ་སང་མེ་ནལ་མནོལ། །སྔར་གྱི་འགག་གྲི་གནོད་པ་ཡིན། །སྲིད་པ་ཡེ་སྨོན་ཕྱུག་འདྲེ་ཡིན། །ཅི་བཏབ་ཅི་ལ་ངན་ན་ཡང་། །བན་བཀའ་ལོག་སྡེ་མགོ་འདོན་ན་བཟང་། །ངུར་པ་སེར་པོ་ཁྲི་ཐུབ་ཡིན། །མ་རབས་བུ་མོ་ཉོ་ན་བཟང་། །ལི་ཡན་གྱི་ནི་གྲུ་བཞི་དེ། །སྐྱ་མ་གཉིས་ཁོག་འབྲེལ་དུ་སོང་ན། །ཆུ་དོ་ལི་ཡན་ཞེས་བྱ་སྟེ། །གཏོ་མེད་ཤ་བག་ལི་ཡན་ཟེར། །མིང་བསྡུས་ཤག་ལེ་ཞེས་ཀྱང་བྱ། །ཞིང་ཐ་བང་སྐྱའི་རིང་ལ་བབས། །ཟད་པ་མཐར་ཐུག་ངོ་བོ་ཡིན། །བ་ཁོག་བཙན་ཁྱིམ་གར་ཡང་ངན། །རང་སར་མི་དབང་ཕྱི་སར་དབང་། །གཅིག་ལ་འགྲམ་རྡོ་རླུང་གིས་ཁྱེར། །གཉིས་ལ་ཡེ་ངམ་འཁྲུགས་རྩོད་ལངས། །


MR16_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཆུང་གསུམ་སད་ཀྱིས་ཁྱེར། །བཞི་ལ་ཀླུ་ཚད་རླུང་གིས་གཏོར། །ལྔ་མཚོན་གྱི་གྲུ་བུ་སྣ་རྡལ་ཡིན། །དགྲ་ཕྱྭ་ལ་ནི་དགྲ་ས་ཆག །དྲུག་རི་བོ་གུར་ཁྱིམ་རྡིབ་པ་ཡིན། །བདུན་ལ་ཕ་སྤུན་ནང་དུ་འཁྲུགས། །བརྒྱད་ལ་གྱོད་ལམ་སྐྱ་མོ་ཕྱེ། །དགུ་ཕྱག་ཚང་ཁྲ་མོ་གཞུང་ནས་རལ། བཅུ་མོ་བཙུན་བང་ཉོས་ཁྱེར་བ་ཡིན། །བཅུ་གཅིག་དགྲ་བླའི་སྟག་སྐད་ཡལ། །བཅུ་གཉིས་བདུད་ནག་ཕྱི་ལམ་སྙེགས། །གྱོད་མཛོ་རོ་ཙམ་ཞིག་ཕྱི་སྒོར་ཐོན། །དགྲ་ཡུལ་རླུང་གིས་ཁྱེར་བ་ཡིན། །དགྲ་དུར་སྤང་ལ་བཏབ་པ་ཡིན། །བཅུ་གསུམ་དགྲ་བླའི་གུར་ཆེན་རླུང་གིས་ཁྱེར། །སྨོན་པའི་གྲི་རོ་མགོ་རྡོས་ཡིན། །ཅི་ལ་བཏབ་ཀྱང་ཟད་པ་མཐར་ཐུག་ངན། །ཡུལ་བུད་བློ་སྟོད་དབུལ་འདྲེ་ཡིན། །མུག་གི་ཕ་ས་འཛིན་ན་བཟང་། །མི་ཆེན་རྒྱ་དབུས་བསྐོར་ན་བཟང་། །རླུང་བཞིན་ས་མཐའ་འགྲིམ་ངོ་ཡིན། །ཁྱི་ར་བ་དང་བཙོན་འཛིན་དང་། །རྫོང་བཙན་མཐའ་མ་བསྐོར་བ་དང་། །ཁ་མཆུ་ཤག་འདེབས་བྱེད་ན་བཟང་། །དེ་ཡི་མཁལ་མ་གཅིག་བརྒྱག་ན། །ཕུང་བྱེད་ནོར་བུ་གཟི་འབར་ཟེར། །གྲི་བདུད་འབྱམས་པ་རལ་ཆེན་ཡིན། །གྲི་ངོ་ཤིན་ཏུ་ཆེ་བའི་མོ། །གསེར་ལ་གླང་ཆེན་སེ་སྟོད་ཟེར། །ཡེ་ངམ་གཉིས་ཀྱི་ཕུང་རྡོ་ཡིན། །ཐམས་ཅད་འཁྲུག་པའི་འཁྲུགས་འདྲེ་ཡིན། །དཀར་ཐོག་གཡུང་དྲུང་ཆེན་མོ་སོགས། །རིགས་དྲུག་ནོར་བུ་རྣམ་དྲུག་པོ། །ཐམས་ཅད་ཕུང་བའི་ཕུང་བྱེད་ན། །ཤག་ལེ་ནོར་བུ་གཟི་འབར་ཡིན། །ལི་ཡན་ཁ་ནག་ཕུང་ཡུ་ཟེར། །བསྒྲུབ་མི་ངམ་བོན་གུ་རུས་བསྒྲུབ། །ཀླུ་ཁྱུང་འཁྲུག་གི་རྩོད་རྡོ་ཡིན། །ཡེ་ངམ་ཕྱེ་བའི་འཁྲུག་རྫས་ཡིན། །ཕྱི་སར་འཁྲུག་གི་གཞི་མ་བཏིང་། །སྨད་དུ་བརྒྱག་ཁ་གང་བབ་ཀྱང་། །བཅུ་ཡན་སྟོད་དུ་འདི་བབས་ན། །བརྒྱག་རྩི་ཐོག་འདྲ་བ་བརྒྱ་བཅུ་དེ། །རླུང་བང་བ་ཤ་


MR16_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཤུས་ཁྱེར་བ་ཡིན། །ཕྱི་ནང་ཐམས་ཅད་དེ་ཡིས་འགྲེ། །དགྲ་གཞི་དཀོར་གསུམ་ཇི་ལ་ཡང་། །ལྟས་ངན་ནོར་བུ་འདི་ཉིད་ངན། །རྔོན་པས་ཤ་བ་བདའ་ན་བཟང་། །འདི་སྔོན་ཚེ་སྟོང་པས་སྟོང་ཁམས་འཁྲུག །སྟོང་ངམ་སྐྱ་བོའི་གྲི་སྦུར་ཡིན། །མགོ་བོ་ཡེང་མ་མཚམས་སུ་ཆགས། །དུམ་གཉིས་ཡེ་དམ་ཡུལ་དུ་སོང་། །ངམ་རྗེ་རྩོལ་བའི་རྨི་ལམ་དུ། །ངས་སྨོད་པའི་ནོར་བུ་རྙེད་བྱུང་སྙམ། །ནོར་བུའི་ཞལ་ནས་གཏམ་གཅིག་སྨྲས། །ང་སྟོད་དུ་ལྷ་ཡི་གཅོང་རྡོ་ཡིན། །སྨད་དུ་ངམ་གྱི་གཅོང་རྡོ་ཡིན། །ད་ལྟས་ངན་ནོར་བུའི་ཁ་གནོན་ལ། །ཡིད་བཞིན་ནོར་བུ་གཟི་འབར་དགོས། །སུམ་ཚོམ་འབྲེལ་ནང་གཅིག་འཇུས་ནས། །མོ་རྟ་བག་སོང་གཅིག་ཡར་བ། །སད་ཀྱི་ཉི་མ་དུང་འོད་འདི། །དང་པོ་སྟོང་པའི་འབྲས་བུ་སྨིན། །བར་དུ་ཆགས་པའི་གཞི་མ་ཡིན། །ཐ་མར་ཀུན་གྱི་སྤྱི་ནོར་ཡིན། །ཕུང་བྱེད་ནོར་བུའི་འདུལ་སྐལ་ཡིན། །འདི་ལ་ཁ་ཅིག་སུམ་རྒྱང་ལི་ཡན་ཟེར། །འོན་ཀྱང་བག་བྱའི་རིགས་གཏོགས་པས། །ལི་ཡན་གྲངས་སུ་རྩི་བ་མིན། །བྱ་ཡུན་བུ་ལ་ནེ་ཚ་སོངས། །བྱ་ཡུན་ཉི་ཤར་ཕུར་བུ་བརྒྱག །ཡེ་ཡི་ནོར་བུ་འོད་འབར་ཡིན། །ཕུང་བྱེད་རྣམས་ཀྱི་འདུལ་སྐལ་ཡིན། །ཕུང་བྱེད་ནོར་བུ་གཟི་འབར་དེ། །ལུང་ཐག་མེད་པའི་ནོར་བུ་ལ། །ཡེ་གཤེན་དབང་རྫོགས་ཕྱག་རྒྱ་ཡིས། །བླངས་ནས་ལུང་ཐག་བཏགས་པ་ནི། །དམུ་དག་དྲང་ཤིང་དཀར་པོ་ཡིན། །འདི་གསུམ་ཕུང་བྱེད་ཁ་གནོན་ཡིན། །ཡང་གཟི་འབར་ཐུབ་པའི་མོ་གསུམ་ཡོད། །གལ་བར་ཐོད་དཀར་དེ་དང་གཅིག །ཤ་རིང་སྤོ་ཚེ་དེ་དང་གཉིས། །རྩེ་ར་གནམ་ལྕགས་དེ་དང་གསུམ། །འདི་གསུམ་གཟི་འབར་འདུལ་མི་ཡིན། །གཞན་ཡང་ཕུང་བྱེད་གཟི་འབར་གྱིས། །མི་ཐུབ་དགྲ་བཞིར་བཤད་པ་ཡང་། །འདི་ཡི་ཁོངས་སུ་འདུས་པར་སེམས། །གཅིག་ལ་


MR16_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་ལེ་གཟི་འབར་ན། །གཞི་མ་རླུང་གིས་གཏོར་བ་ཡིན། །གཉིས་ལ་རྒྱ་བོད་འཁྲུག་པ་ལངས། །གསུམ་ལ་ཆུང་གསུམ་སད་ཀྱིས་ཁྱེར། །བཞི་ཀླུ་ཚང་རླུང་བཤིག་རྒྱ་མཚོའི་ལྟེ་བ་བུད། །ལྔ་ལ་ཡེ་ངམ་འཁྲུགས་པ་ལང་། །དྲུག་ལ་རི་བོ་གུར་ཁྱིམ་རྡིབས། །བདུན་ཕ་སྤུན་དམེ་འཁྲུག་བློ་འགྱོད་འཁྲུག །བརྒྱད་ལ་གྱད་ཀྱི་ཀ་ཆེན་ཆག །དགུ་ལ་རྔ་ཆེན་གཞུང་ནས་རལ། །བཅུ་ལ་བ་བཙུན་དུར་དུ་ཞུགས། །བཅུ་གཅིག་དུང་ཁྱུང་རྭ་ཡ་བུད། །བཅུ་གཉིས་ཧོར་བོད་འཁྲུག་པ་ལངས། །བཅུ་གསུམ་མི་དཔོན་གྲི་རུ་འཆི། །སྨོན་པའི་གྲི་ངོ་མགོ་རྡོས་ཡིན། །དམག་དཔོན་དགྲ་ལག་ཤི་བ་ཡིན། །སྐྱམ་ལ་ཕྲུག་གཉིས་སོ་སོར་བསྐོན། །མོ་རྟ་བག་སོང་གཅིག་ཡར་བ། །ད་རོག་མུ་ཁ་ལི་ཡན་ཡིན། །དམག་དཔོན་མགོ་ཡི་ཞྭ་མོ་ཤོར། །བཙན་ས་མི་ཐུབ་ཕྱི་སར་གཅེས། །སྔོན་དམུ་བྲག་དཀར་པོའི་འདབས་ཞོལ་དུ། །གཡུ་ཤུག་སྡོང་པོའི་ཉི་དྲུང་དུ། །སྲིད་པའི་སྨོན་ལམ་རྒན་རྒོན་འདུས། །དུང་གི་ཤོ་ཆུང་ཉིན་བཞིན་རྩེ། །ད་རོག་ལྷ་མོ་མཆེད་བདུན་ཡང་། །སྙན་པའི་གླུ་ལེན་དེ་རུ་སོང་། །འདོད་པའི་སྨོན་ལམ་རེ་རེ་ཞུས། །རྒན་རྒོན་གཉིས་ཀྱིས་དེ་ལྟར་བཏབ། །དེ་ཚེ་མུ་ཁ་ལི་ཡན་གྱིས། །གོང་བུ་མོ་གསུམ་གྱི་དབང་ཐང་དང་། །འོག་ནུ་མོ་གསུམ་གྱི་ལང་ཚོ་ཡང་། །བདག་གིས་ཐོབ་པར་ཤོག་ཅིག་ཅེས། །ལོག་སྨོན་ཡིད་ཀྱིས་བཏབ་པ་དེ། །སྨོན་རྒན་ཡབ་ཡུམ་མངོན་ཤེས་ཀྱིས། །མཐོང་ནས་སླར་ཡང་ཐུགས་ཁྲོས་ནས། །བུ་མོ་བཟང་ཡང་སྙིང་ཁམས་ངན། །རྩི་ཤིང་བཟང་ཡང་གོས་ཀྱི་གཤེད། །ཁྱོད་མཐོན་པོར་འདོད་དེ་དམའ་མོར་ཤོག །རྗེ་མོར་འདོད་དེ་བྲན་མོར་ཤོག །ཕུ་མོ་གསུམ་གྱི་དབུལ་སྲིད་དང་། །ནུ་མོ་གསུམ་གྱི་མཛེས་སྲི་ཡང་། །ད་རོག་བུ་མོ་ཁྱེད་ལ་ཤོག །དེ་སྐད་ལོག་པའི་སྨོན་ལམ་འབྲས། །སྨིན་པ་མུ་


MR16_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལི་ཡན་ཡིན། །རང་གི་གཅེས་ས་གར་བབ་ན། །ཕོ་བློ་ཉིས་བློ་ལ་ཡག་དུས་མེད། །མོ་སྲིས་ཆད་སྲིས་ལ་ཡོད་དུས་མེད། །གོས་མེད་ལྷག་པ་དབྱར་ན་ཆེ། །ཟས་མེད་མུ་གེ་སྟོན་ན་ཆ། །དབྱར་གྱི་རུ་རྩི་མི་ལ་སློང་། །འབྲི་བརྒྱ་བཞོས་ཀྱང་སྐྲ་སྐུད་མེད། །རྟ་བརྒྱ་ཡོད་ཀྱང་སྒ་ཁྱག་མེད། །ལུག་བརྒྱ་བཤས་ཀྱང་གསུར་དྲི་མེད། །མགོ་དར་སྦྲ་ཕུབ་ཀྱང་རླུང་མི་གཡོར། །དགྲ་བཞི་བསྐོར་གསུམ་ཀུན་ལ་ངན། །ལྷག་པར་ཕ་ཆེན་ཕྱུག་པོར་ངན། །དེ་ཡི་སྐྱམ་ལ་བརྒྱག་བཅས་ན། །སྦྲང་བུ་དམར་པོ་སེ་སྟོད་བརྒྱག །སྦྲང་བུ་མར་ཟན་སོང་བ་སྡུག་དང་འཕྲད། །རྐང་པ་མར་གྱིས་བཟུང་ནས་ཞ་ངོ་ཡིན། །རྐུན་ཇག་གཉིས་ཀྱི་མོ་ལ་ངན། །མི་རྟ་བཙོན་དུ་འཆོར་ངོ་ཡིན། །ད་རོག་མུ་ཁ་ལི་ཡན་གྱི། །ཕྲུག་གུ་གཉིས་པོར་ཙམ་ཐིག་སོང་། །ད་རོག་མུ་ཙ་ལི་ཡན་ཡིན། །བརྒྱག་ཀྱང་སྔ་མ་ལྟ་བུར་དཔྱད། །སྔ་མའི་ཕྲུག་གུ་གཉིས་པོ་དེ། །འབྲེལ་ནས་གཅིག་གིས་སྐྱམ་ལ་འཇུས། །ད་རོག་མུན་རུམ་ལི་ཡན་ཡིན། །ད་རོག་ཧྲང་གི་ལི་ཡན་ཡང་། །བྱ་རོག་མུན་རུམ་བྲག་ལས་ཡར། །སྐྱེས་བུས་དགྲ་སྐལ་མ་ཐུབ་ཤོར་བ་ཡིན། །དེ་ལ་བརྒྱག་གཅིག་བཅས་པ་ན། །ད་རོག་ཝ་མདའ་སེ་སྟོད་ཡིན། །ཤ་བ་རྩི་ཐོག་ཟོས་པས་ཁྱི་དང་འཕྲད། །དགྲ་དང་ལམ་དུ་འཕྲད་ངོ་ཡིན། །རི་དྭགས་བརྔས་ནས་སོད་ངོ་ཡིན། །ད་རོག་ལི་ལན་རིགས་འདི་རྣམས། །དམུ་ཡི་ཐལ་བྱིན་སྙིང་འདྲེ་ཡིན། །ལྷག་པར་ཕྱུག་པོའི་མོ་ལ་ངན། །ཐིག་བཞི་ལྕགས་ཐག་ལྟར་འབྲེལ་བའི། །མོ་རྟ་བག་སོང་ཕྲུ་གུ་ཡར། །ཀྱེ་བ་བག་ཐོག་ལི་ཡན་ཡིན། །ལི་ཡན་རྣམས་ཀྱི་དངས་མ་ཡིན། །དང་སྙིགས་འགྱེད་པའི་ལྷ་རླུང་ཡིན། །ཤལ་ཆེན་དམག་ལ་སྟོད་དུ་ངན། །དམག་མི་ཚང་ཡང་སྟོང་ལོག་ཡིན། །


MR16_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒན་ནད་པ་དག་ལ་ངན། །བཀྲ་རྒན་མགོ་ཡི་ཕྱེ་མར་ཡིན། །སྣ་སྒོའི་སེར་བུ་ཡལ་བ་ཡིན། །ཤ་རྟ་ཉོ་ན་སྟོང་དུ་ངན། །ཤ་རྟས་བདག་པོ་དགྲ་ཁར་འཕེན། །ཡུལ་ལ་འཕོ་འཆུག་བྱེད་ན་ངན། །ཡུལ་གསར་བགོས་པ་རླུང་གིས་ཁྱེར། །རྗེ་ལ་མཐོ་བདམ་བྱེད་ན་བཟང་། །ལྷམ་རྙིང་བཙོང་བས་ཞྭ་དཀར་ཁུག །ཡུགས་ས་བག་མར་ལེན་ན་བཟང་། །ཡུལ་མཁར་ཟིན་ཅིང་བུ་ནོར་འཕེལ། །ཐིག་གུ་གསུམ་པོ་ལྕགས་ཐག་ལྟར། །འབྲེལ་བའི་དབུས་མར་ཕྲུ་གུས་འཇུས། །མོ་རྟ་བག་སོང་གཅིག་ཡར་བ། །དམུ་དབལ་བག་ཐོག་ལི་ཡན་ཡིན། །ལི་ཡན་རྣམས་ཀྱི་ཆེ་བ་ཡིན། །དངས་སྙིགས་འབྱེད་པའི་ལྷ་རླུང་ཡིན། །རླུང་པང་གཅིག་ཤ་ཤ་ཤུ་ཤུ་ཡིན། །མུ་དབལ་སྦྲང་བུ་ལི་ཡན་ནམ། །ཟེ་ཟེ་མུན་རུམ་བག་ལེ་ཟེར། །ཐིག་བཞི་བཞི་ཚོམ་འབྲེལ་ནས་སུ། །མོ་རྟ་བག་སོང་གཅིག་ཡར་བ། །ལི་ཡན་རླུང་ཁྲི་གཤོག་ནག་ཡིན། །རླུང་རྡོ་རྗེ་རྒྱ་གྲམ་བླ་མདུད་ཡིན། །འདི་ལ་དབུས་སྟོང་མི་སྟོང་པའི། །མདུད་ཚུལ་གཉིས་སུ་སྣང་ན་ཡང་། །སོ་སོར་བཤད་པ་མ་མཐོང་ཞིང་། །གཅིག་ཏུ་བརྩིས་ན་རྩ་གྲངས་འགྲིག །དེ་ལྟར་བརྒྱག་མེད་རྩ་བ་བརྒྱད། །ལི་ཡན་འཐོར་བྱེད་སྡེ་བརྒྱད་ཡིན། །ལི་ཡན་རླུང་སྟོང་བརྒྱད་པོ་དེ། །གསེར་ལུང་གཅིག་ལ་འདུས་པ་ནི། །ལན་དུ་ཀུ་ཡེ་བྱེའུ་ཚང་ཡིན། །ལི་ཡན་ལན་དུ་དིང་དིང་ན། །མེད་ལ་ཡོད་པའི་འབྲས་བུ་སྨིན། །སྐྱིན་དིང་དབུལ་མོའི་གཅང་ར་གསེར་དུ་འགྱུར། །གལ་བར་ཕུང་རིར་གསས་མཁར་ཚུགས། །བྱ་ཡུན་མུན་པར་སྒྲོན་མེ་གསལ། །མེ་བཙའ་གཅིག་གིས་ནད་བརྒྱ་ཐུབ། །བག་བྱ་རླུང་གི་འཁོར་ལོ་ལ། །ཉི་ཟླ་དུས་གཅིག་ཤར་བ་ཡིན། །བྱ་བུར་གོ་ལར་ཟླ་བ་རྒྱས། །མུ་ས་མཁའ་ལ་སྐར་མ་བཀྲ། །ཝ་ཚོ་སྟོང་


MR16_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་ལས་གོ་ཁྲབ་གྲུབ། །གོ་ཁྲབ་འོད་ལ་དགྲ་བླ་འཁོར། །སྤོ་ཚེ་སྟོང་ལས་དཔག་བསམ་འཁྲུངས། །དམུ་དག་སྟོང་ལ་འབྲས་བུ་སྨིན། །སྐྱེར་དཀར་སྟོང་པ་བཅུད་ཀྱིས་གང་། །ཚོལ་ཚེ་གྱང་པོ་སྣུམ་གྱིས་མཉེན། །ཁྱུང་བརྒྱད་རླུང་ལ་ཁྱུང་གི་འཕེལ་ཁ་བབ། །ཨ་ཁད་རླུང་གིས་གཏམ་སྙན་བསྒྲག །ཕུང་ཁད་གཏམ་ངན་རླུང་ལ་ཁྱབ། །མཁོན་འཐབ་མོ་གཉིས་ཀྱིས་མི་རྒབ་བཅད། །རང་སྙན་དགྲ་བླའི་རླུང་མཁར་མཛེས། །སྲང་ཟེ་སྟོང་བར་གཡུ་འབྲུག་ལྡིང་། །བྱོད་ཕུར་མེད་ལ་ཡོད་འབྲས་སྨིན། །སྤྲང་སྒྱེ་ནས་ཀྱིས་གང་བ་ཡིན། །ལྡི་བུར་དཔལ་གྱི་ཆུ་གྲི་ཡིས། །མེད་འདྲེའི་སྐྱེ་ཤིང་རྩད་ནས་བཅད། །བག་ལྡི་སྟོང་འདྲེ་ཐེའུ་རང་བྱས། །ཡར་ལྡིང་ཟད་པ་བཅུད་ཀྱིས་གསོས། །སུམ་མཉམ་རླུང་སྟོང་ལམ་དུ་ཞུགས། །ཙེ་ར་གནམ་ལྕགས་རལ་གྲི་ཡིས། །ལི་ཡན་ཕུང་གི་སྐྱེ་ཤིང་བཅད། །གཡུང་དྲུང་བདུད་རྩིའི་ཆར་པ་ཡིས། །ལི་ཡན་ཐང་སྐྱ་ལོ་འབྲས་སྨིན། །ཀྱེ་བ་འཕྲུལ་གྱི་ཞགས་པ་ཡིས། །ལི་ཡན་སྤྲང་པོ་རྒྱལ་སར་བཀོད། །ད་རོག་མར་ཁུའི་མཚོ་མོ་ཡིས། །ལི་ཡན་ཟོ་སྟོང་བཅུད་ཀྱིས་བཀང་། །མུ་དབལ་མཚོན་ཆའི་འཁོར་ལོ་ཡིས། །ལི་ཡན་མུག་འདྲ་འགོང་པོ་བཏུལ། །སྐྱམ་རིགས་རླུང་དང་ཆར་པ་འགྲོགས། །སྐྱམ་ངན་རིགས་མེད་འདྲེའི་མཆི་མ་ཡིན། །བུ་བརྒྱག་བཟང་རིགས་བྱུང་བ་ན། །སྟོང་པ་རླུང་གི་ཁྲི་འཕང་ལ། །འཆི་མེད་བདུད་རྩིའི་ཐིགས་པ་ཆགས། །བྱ་རལ་འབྱུང་ཟད་ཚེ་ཟད་ཡིན། །རིན་ཆེན་དབུལ་པོས་ནོར་བུ་རྙེད། །ལི་ཡན་སྤྲང་པོ་རྒྱབ་སྤྲད་ཡིན། །གསེར་བྱ་སྤྲང་སྒྱེ་གསེར་གྱིས་གང་། །མར་ལྡིང་འབྲུ་ཟད་བྲ་ཐོར་ཐུག །སྤོ་བར་མེད་འདྲེ་གྱོད་དུ་ལྡང་། །སོ་ཡོན་ངམ་དམག་མཐའ་ནས་གཡོས། །རུ་སོད་མེད་འདྲེ་བདུད་ཀྱིས་བྱས། །མ་ཟེ་མེད་འདྲེས་ཧུར་ཐུམ་བྱིད། །


MR16_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ན་འབན་སྤྲང་པོ་སྡུག་གྲིར་ཤི ། ཏྲོང་སློད་བྲག་རིགས་ཀུན་ཀྱང་ངན། །གོས་མེད་ལྷག་པ་དབྱར་ན་ཆེ། །ཟས་མེད་མུ་གེ་སྟོན་ན་ཆེ། །མོ་བསོད་ཟད་ཟས་ལ་ཡོད་དུས་མེད། །ཕོ་བློ་ཉེས་བློ་ལ་ཡག་དུས་མེད། །ཇི་ལ་བཏབ་ཀྱང་ངན་པ་ཡིན། །ལི་ཡན་སྙིགས་མ་བརྒྱག་མེད་རྣམས། །སྤྲང་པོ་མུག་གི་བླ་མདུད་ཡིན། །དེ་ཕྱིར་དབུལ་པོའི་མོ་འདེབས་ན། །ལི་ཡན་བབ་ན་ལན་ལ་དཔྱད། །ཡང་ན་བརྒྱག་ཁ་འབྱུང་ཚུལ་དཔྱད། །དེ་ལ་དབུལ་པོའི་རྣོ་ཐིག་ཡོད། །དེ་བཞིན་མདུད་པ་གཞན་ལ་ཡང་། །རང་རང་སོ་སོའི་བླ་མདུད་བབ། །དེ་ལ་རྣོ་ཐིག་ཁ་དམར་ཡོད། །དེ་ནི་དུས་ཀུན་ཤེས་པར་བྱོས། །ཐི་གུ་གསུམ་ལ་གཅིག་གིས་འཇུས། །གཅིག་པོ་དེ་ནང་སྐྱམ་བསྐོན་པ། །མར་ལྡིང་ནག་པོ་ཁུ་ཡུར་ཡིན། །མུན་པ་ཟེར་ལྡན་རིང་ལ་བབས། །ངམ་གཡག་ནག་པོ་ཁུ་ཡོར་ཡིན། །ཡར་ལ་དེད་ཀྱང་མར་ལ་གྱུ། །རི་གཟར་རྦབ་དང་རོང་ཁོང་ཆུ། །མར་མར་ས་ཁུང་ཐུར་དུ་སྙོགས། །མ་རབས་རྒུད་པའི་བླ་མདུད་ཡིན། །འབྱུང་བ་མར་ལ་རྒུད་པ་ཡིན། །དབང་ཐང་མར་ལ་གྱུ་བ་ཡིན། །ས་འོག་དུར་ཕག་ནག་པོ་ཡིན། །ཤིང་དྲང་པོར་སྐྱེས་ཀྱང་རྩེ་མོ་གུག །ལས་ལམ་བཞིན་བྱས་ཀྱང་ཕྱི་མཐའ་འགྱོད། །གོམ་ཡར་ལ་སྤོས་ཀྱང་ཕྱིར་ལ་ནུར། །སྙིང་མིག་སྲོག་གསུམ་དུ་བབ་ན། །གར་བབ་མུན་པས་གཡོགས་པ་ཡིན། །བ་ཁོག་བཙན་ཁྱིམ་གར་བབ་ངན། །ལྷག་པར་བཅུ་གཅིག་བཅུ་གསུམ་ངན། །སྐྱིད་དུ་རེ་བའི་རྒོད་རྒན་དེ། །ལ་ཁར་སླེབས་ནས་ཐུར་དུ་ལྷུང་། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །མར་ལྡིང་རྒན་མོའི་སྨད་ཤམ་འདི། །གཅིག་གི་སྟེང་དུ་བབ་པ་ན། །གངས་དབྱི་རྒན་མོ་རྫ་ལ་ཤི ། རྒན་མོའི་མོ་ལ་འཆི་ངོ་ཡིན། །གཞི་ཕྱར་ས་བདག་ཀ་བ་འགྱེལ། །གཉིས་དགྲ་མ་རབས་བཙོན་དུ་ཟིན་ངོ་ཡིན། །ཐ་མ་ས་མཐར་ཤི་ངོ་ཡིན། །སྒོ་


MR16_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་མཚམས་ཀྱི་འགྱོད་པོའང་ཡིན། །གསུམ་ཆུང་གསུམ་ཆུང་རྒྱུད་མི་གྲངས་ལྐུགས། །བུ་ཚ་གྱོད་ལ་འཐོགས་པ་ཡིན། །བཞི་ཀ་གདུང་ཆག་ཞིང་དམུ་ཐག་ཆད། །གཡང་མཛོད་ཐེའུ་རང་འགོང་བོས་བརྐུ། །ལྔ་ཕུང་འདྲེ་སྒོ་རུ་བུད་པ་ཡིན། །དགྲ་མཚོན་ཟུན་གྱིས་ཐོབ་པ་ཡིན། །དྲུག་ཡབ་ལྷ་བདལ་དྲུག་ཀ་བ་འགྱེལ། །ཤ་བ་ཡུ་མོ་ལ་རྒྱབ་རི་རྩེར་ཤོར། །བུད་མེད་ས་རུ་ལྷག་པར་ངན། །བདུན་རིན་ཆེན་མི་ཡི་མཁར་བུ་ཞིག །སྐྱེས་པ་བཙོན་འཆོར་ཕོ་བློ་འགྱོད། །ཕ་སྤུན་དུར་ས་འགུལ་བ་ཡིན། །བརྒྱད་ལྷ་ཁྱིམ་འདྲེ་ནག་ཞུགས་པ་ཡིས། །དབུས་ཀྱི་ཀ་ཆེན་འགྱེལ་བ་ཡིན། །དགུ་བོན་པོ་ཡིན་ན་ཁ་ལྕེ་འགྲིབ། །དགྲ་ཕྱར་དགྲ་ལ་མི་ཁས་ཐེབ། །གདོན་ཕྱར་བཙན་དང་རྒྱལ་པོ་གནོད། །བཅུ་ལ་གནམ་རྡིབ་ས་རྡོལ་ཡིན། །མཚུན་གྱིས་ཐུར་དེད་བྱ་བ་སྟེ། །མ་ཕྱི་རྒན་རབ་ཤི་དོགས་ཡོད། །ཤི་ན་ཟོ་ཞབས་བུག་དོགས་ཡོད། །མ་དེ་ཤི་ན་ཕ་དེ་ལུས། །རིམ་གྲོར་ཉི་ཁྲི་མང་དུ་འདོན། །ནལ་མའི་དུར་ས་རྡིབ་པ་ཡིན། །དུར་ས་ཉེས་པས་མི་ནོར་བརླག །ཚ་ཚ་མང་གདབ་དཀར་རྩི་གསོལ། །དུར་ས་བཅོས་ཤིང་སྐལ་བཟང་དང་། །རྣམ་རྒྱལ་གཟུངས་འདོན་དབྱེ་སེལ་བྱ། །དམེ་ནལ་བཙོག་གིས་ཁྱིམ་ལྷ་མནོལ། །བཅུ་གཅིག་བློ་འཛིན་མགོ་ལ་མདུན་ཞུ་གྱོན། །དཔའ་བོའི་སྟག་འཕྲུ་ཁོལ་དུ་བུད། །སྐྱེས་རྨོག་འཕྲུ་ཅན་ལ་ལྷག་པར་ངན། །སྲུང་མ་མི་དགའ་ལྷ་གསོལ་བྱ། །བཅུ་གཉིས་ངམ་གྱི་ཐང་ཤིང་འགྱེལ། །དགྲ་སོད་གདོན་གྱིས་རང་ཡུལ་བསྙེགས། །བཅུ་གསུམ་དཔག་བསམ་རྩེ་མོ་ཆད། །རི་རབ་མགོ་རྟིང་ལོག་པ་ཡིན། །རི་རྡོ་དང་ནི་ཀླུང་རྡོ་བརྗེས། །འབབ་ཆུ་དང་ནི་འཁྱིལ་ཆུ་བརྗེས། །ཅི་ལ་བཏབ་ཀྱང་ངན་པ་སྟེ། །ཁྱད་པར་བན་བོན་མི་ཆེན་ལ། །ལོ་ལྔའམ་བཅུ་ལ་མི་སྐྱོན་ཀྱང་། །དེ་རྗེས་དཔོན་པོའི་བསྟན་པ་ཡལ། །ཞ་སྤྱི་བོ་བཅད་ནས་རྐང་


MR16_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལྷྭམ་བྱས། །གོས་ཕུ་དུང་བཅད་ནས་ཤམ་བུ་བྱས། །དོན་མེད་ཤ་ཁྱུ་འདྲོག་འདྲོག་བྱེད། །མི་རབས་བཅུ་གསུམ་མར་ལ་གྱུ། །དཔལ་བསྐྱེད་བྱུར་ཕུད་ཚོགས་བསག་དང་། །རྒྱས་པ་འབུམ་དང་བསྐང་བཤགས་བྱ། །འདིར་མར་ལྡིང་ཐོད་རྒྱག་རིགས་བྱུང་ན། །སྡུག་དབུལ་ཕོངས་ཅན་གྱི་མོ་ལ་བཟང་། །ཇག་པའི་མོ་ལ་ཁྱད་པར་བཟང་། །ཉིན་རིའི་མོ་ལའང་བཟང་བར་བཤད། །གཉིས་ཀྱི་སྟེང་དུ་མར་དིང་དང་། །བརྒྱད་ཀྱི་སྟེང་དུ་རྐང་སྤར་ན། །བཙན་པོའི་གཉའ་ཤིང་ཡིན་ན་ཡང་། །མ་རབས་གཅིག་གི་མོ་ལ་བཟང་། །གཅིག་གི་སྟེང་དུ་མར་དིང་དང་། །བཅུ་གཅིག་སྟེང་གི་བག་ཚོ་ན། །བཙོག་གཡོས་བོད་ཀྱི་མཚོ་དཀྱིལ་དུ། །དཔག་བསམ་ལྗོན་ཤིང་སྐྱེས་པ་ཡིན། །མི་རབ་དགུ་ལ་དར་སོ་ཡོད། །མར་དིང་ལན་དུ་དིང་དིང་ན། །འཁྱོག་པོ་དྲང་པོར་སོང་བ་ཡིན། །སྐྱིན་དིང་སྙིང་མེད་ཀླད་ཡུ་འཁོར། །གལ་བར་སྲིན་ཤིང་ཝེར་མས་བཅད། །བྱ་ཡུན་སྡུག་གི་མུན་པ་སངས། །བྱ་བུར་མྱ་ངན་མཆི་མ་སྐམ། །མུ་ས་ཤིང་སྐམ་ལོ་འདབ་རྒྱས། །ཝ་ཚོ་ཝ་སྙིང་སྟག་ཏུ་སོང་། །སྤོ་ཚེ་ཤིང་སྐམ་མེ་ཏོག་སྨིན། །དམུ་དག་ངན་སྣ་བཟང་གིས་བརྟེན། །སྐྱེར་དཀར་སྡུག་གི་ཁུར་ཐག་ལྷོད། །ཚོལ་ཚེ་གདུག་པའི་དུག་ཤིང་དེ། །དུམ་བུ་གསུམ་དུ་སོང་བས་བཟང་། །བག་ཚོ་དེ་ཡང་དེ་དང་འདྲ། །མར་དིང་གཉེན་པོ་ཚོལ་ཚེ་ཡིན། །ལན་དུ་བབ་ན་ངེས་པར་ཐུབ། །ཁྱུང་བརྒྱང་དུར་ཕག་ཁྱུང་གིས་བསད། །ཨ་ཁད་དུག་ཤིང་མེ་ཡིས་ཚིག །རང་སྙན་གཏམ་ངན་སྙན་པར་སོང་། །སྲང་ཟེ་དུག་ཆུ་སྨན་དུ་གྱུར། །བྱོད་ཕུར་གཡའ་སྤང་མྱ་ངན་སངས། །ལྡི་བུར་ངམ་ཤིང་ཆུ་གྲིས་བཅད། །ཡུ་བོའི་མགོ་ལ་རྭ་ཅོ་སྐྱེས། །ཡར་དིང་ཡི་ཆད་རྒན་པོ་བུ་ལ་འཛུམ། །ཁ་མར་ལ་གྱུ་བ་གྱེན་དུ་དྲངས། །མར་ལྡིང་ངན་པ་ཐུར་རྒྱུག་ལ། །ཁ་ལོ་གྱེན་དུ་བསྒྱུར་བ་དེ། །ཡང་ལྡིང་ཡིན་པས་ལན་དུ་བཟང་། །


MR16_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སུན་མཉམ་སྡུག་གི་ལྕགས་སྒྲོག་ཆད། །ཙེ་ར་ཐང་ཤིང་ཆད་ནས་མཐུད། །གཡུང་དྲུང་འདྲེ་ངན་བཙོན་དུ་ཟིན། །ཀྱེ་བ་སྡུག་ལམ་རི་ཡིས་བཅད། །ད་རོག་དབུལ་འདྲེ་ནོར་ལྷས་ཐུལ། །དམུ་དབལ་གྲི་ཤིང་སྟ་རེས་ཆོད། །སྐྱམ་སྔོན་ཡི་ཆད་བུ་མོ་མྱ་ངན་སངས། །བྱ་རལ་མཛོ་རྒན་ཁལ་འོག་ཤི ། ལི་ཡན་སེང་གེའི་རལ་པ་ཆད། །མར་ལྡིང་མཛོ་སྤྲེལ་གཡང་ལས་ཐར། །སྤོ་བར་མི་མཐའ་གྱོད་ཀྱིས་བརླག །སོ་ཡོན་རི་རྡོ་སྨག་ཏུ་ལྷུང་། །རུ་སོད་མི་མཐའ་བདུད་ཀྱིས་བརྟུང་། །མ་ཟེ་གློ་བུར་གཤེད་ཀྱིས་འཚེ། །ན་འབན་བདུད་དམག་ཁྲོམ་དུ་ལྷག །ཏྲོང་བྲག་སློད་རིགས་གང་བབ་ངན། །མར་ལྡིང་ཐོད་ལ་བརྒྱག་བཅས་ན། །ཤིང་ནག་ལོ་མ་རྒྱས་པ་ཡིན། །དེ་འོག་ཆུ་ཤིང་འཐབ་པའི་བརྒྱག །སྒོ་བརྒྱག་སེང་གེའི་གཡུ་རལ་ཐུར་དུ་གྱུ། །ཁྱི་རྔ་གྱེན་དུ་བསླང་བ་ཡིན། །གོ་ལོག་བློ་སྟོང་རྒུད་པའི་མོ། །ལོ་མལ་གང་བབ་ཚེ་ཚད་རྫོགས། །ས་མལ་གང་བབ་བློ་ཉེས་ཡིན། །མར་ལྡིང་སྐྱེར་ལ་བརྒྱག་སོང་ན། །མར་ལྡིང་དོམ་ནག་ཐུག་དཀར་བརྒྱག །མ་རབས་གཅིག་གི་བུ་སོད་ནས། །རྟ་ནག་མཛོ་ནག་ཁུ་ཡུར་ཐོབ། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །གཞི་ཕྱྭ་བ་ཁོག་གསུམ་དུ་གཅེས། །གལ་ཏེ་སྐྱེར་ལ་བརྒྱག་གཉིས་སོང་། །ངམ་རྗེ་རྩོལ་བོའི་བསམ་པ་བརྒྱག །རང་སའི་བཙན་ས་གར་བབ་ཀྱང་། །ཁྲི་ཚོ་གསུམ་གྱི་དམག་དཔོན་སོད། །རྟ་ནག་མཛོ་ནག་ཁུ་ཡུར་ཐོབ། །གཡག་ལ་གཏོང་ཕོད་བྱེད་ངོ་ཡིན། །བ་ཁོག་རྣམ་གསུམ་གར་བབ་ཀྱང་། །བུ་ངན་སྐྱེས་པས་དགྲ་ནག་སོད། །གནངས་སུ་སྦྲ་ནག་ཟངས་ནག་ཐོབ། །གྲུ་བཞི་སྤོ་ལ་བསྐོན་གྱུར་ན། །སྤོ་བར་ཞེས་སུ་གྲགས་པ་དེ། །སྤོ་བར་གྱོད་པ་རྒན་པོ་ཡིན། །ལར་གྱོད་ཀྱི་ཕ་མ་བུ་གསུམ་སྟེ། །སྤོ་བར་གྱོད་པ་རྒན་པོ་ཡིན། །སོ་ཡོན་གྱོད་མ་རྒན་མོ་ཡིན། །སེ་སྟོད་གྱོད་ཕྲུག་ཁ་དམར་ཡིན། །


MR16_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསུམ་ནང་གི་གྱོད་ཕ་འདི། །ཡེ་ངམ་གྱོད་གཞི་བཏིང་དུས་བབ། །སྔོན་ཡེ་དང་ངམ་གྱི་ས་མཚམས་ན། །རིན་ཆེན་དུང་གི་རི་འབུར་ཡོད། །རིན་ཆེན་དུང་གི་རྡོ་ཡང་ཡོད། །ནོར་བུ་སྟོང་གི་གཏེར་ཀྱང་ཡོད། །ཡེ་ངམ་ས་ཡི་བཅུད་ཡིན་པས། །ལེན་ལ་མི་དབང་འཇག་ལ་དབང་། །ང་བདག་རྩོད་པ་དེ་གོང་མེད། །ལྷག་པར་དུང་གི་རི་འབུར་དེའི། །རྩེ་ན་ནོར་བུ་རྣམ་བཞི་ཡོད། །གླིང་བཞིའི་བསོད་ནམས་འབྱུང་ངོ་སྐད། །རི་དེའི་བྱང་གི་རྩེ་མོ་ན། །ཤག་ལེ་ནོར་བུ་གཟི་འབར་ཡོད། །རི་དེའི་སྤོ་སྡེ་བར་མ་ན། །སྤོ་བར་བདུན་ཅུའི་གྲོང་ཁྱེར་ཡོད། །གཏོགས་པ་ཡེ་ཡི་འབངས་སུ་གཏོགས། །ཉེ་བར་ངམ་གྱི་ཡུལ་དུ་ཉེ། །དེ་ཚོ་སྤོ་བར་རྒན་པོ་དེས། །གཟི་འབར་མི་ཐུབ་དགྲ་བཞི་ཁྲིད། །ནོར་བུ་བརྐུས་ནས་ས་འོག་ཞུགས། །དམྱལ་བའི་འོག་ཏུ་ནང་ཡན་བྱས། །ནོར་རྫི་ངམ་བོན་གུ་རུ་ཡིན། །ཕུང་བར་ཨ་ཁད་ལྡེམ་ཁ་བྱས། །ངམ་དམག་སྤོ་བར་སྟེང་དུ་དྲངས། །དེ་ལ་ཡེ་ཡི་རྒྱབ་རི་བྱས། །ཡེང་མ་འཁྲུགས་གཞི་དེ་ལས་བྱུང་། །བརྐུས་དང་མ་བརྐུས་ཤག་མང་བཀྱེས། །ཨ་ཁད་དམར་པོས་འཕྲིན་པ་བྱས། །དེ་ལྟར་ཡེ་ངམ་འཁྲུགས་གཞི་དང་། །ཁམས་གསུམ་ཕུང་སྲི་སྤོ་བར་ཡིན། །མྱེས་པོ་ཁེན་པ་རྒན་པོ་ཡིན། །ཕྱི་མོ་ཁོན་མ་རྒན་མོ་ཡིན། །ཕ་དེ་གཙང་གཞུང་ཁྱབ་པ་ཡིན། །མ་དེ་གཙང་ཟ་མཚོ་སྨན་ཡིན། །བུ་ཁོ་རང་ཀླུ་སྦལ་ནག་པོ་ཡིན། །ཡང་ན་དུག་གི་སྡོང་པོ་ཡིན། །ས་བདག་ཙང་ཙང་འཁོར་བ་ཡིན། །གྱོད་པ་ཀུན་གྱི་སྔ་བ་ཡིན། །གཏམ་གྱི་མི་རྒན་མགོ་སེ་ཡིན། །ཅི་བྱེད་གྱོད་ལ་འདུག་མི་ཡིན། །གྱོད་མཁར་འདོམ་དགུ་ལག་ན་བཟུང་། །སྔར་ཡང་ཡུལ་དགུ་བརླག་འདྲེ་ཡིན། །ད་རུང་ཡུལ་དགུ་དཀྲུགས་འདྲེ་ཡིན། །རེ་འབྱམ་སྦྲུལ་གྱི་པགས་པ་ཡིན། །རུས་སྦལ་ནག་པོའི་ཁོག་པ་ཡིན། །ཐབ་གཞོབ་བཙོག་དང་མྱ་ངན་ངོ་། །ཞ་གྲུམ་རྒུར་པོའི་བླ་མདུད་ཡིན། །འདི་རང་སར་མི་བཟང་ཕྱི་


MR16_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སར་བཟང་། །བ་ཁོག་གསུམ་དུ་བབ་པ་ན། །བཙོག་ནལ་རིམ་པ་དགུ་བརྩིགས་ཡིན། །མཁོན་གྱི་རྐྱལ་བ་ཁ་མེད་ཡིན། །ལྷ་ས་གསུམ་དུ་བབ་པ་ན། །སྐྱིན་མགོ་སྡུག་གིས་མནན་པ་ཡིན། །སྡུག་བསྔལ་མྱ་ངན་སང་བ་མེད། །གནས་མལ་གསུམ་དུ་བབ་པ་ན། །རྣམ་ཤེས་བར་དོར་འཁྱམ་པ་ཡིན། །ཤི་བདུད་དང་ནི་མྱ་ངན་ནོ། །མཐོ་ས་གསུམ་དུ་བབ་པ་ན། །ཡར་འདྲེན་མར་ལ་བྱས་པ་ཡིན། །དམའ་ས་གསུམ་དུ་བབ་པ་ན། །སྨད་ཀྱི་གདོས་ཐག་ནག་པོ་ཡིན། །ཕྱི་ས་གཡུལ་བཞིར་བབ་པ་ན། །འདྲ་བཞི་མིན་ན་ཀུན་ལ་བཟང་། །འདྲ་བཞིར་འགྲིག་ན་དགྲ་ངོ་ཡིན། །དེ་བཟང་ངན་མོ་མདུད་ཀུན་ལ་འགྲེ། །གཅིག་གི་སྟེང་དུ་སྤོ་བར་ན། །གྱོད་ཀྱི་གཞི་མ་ནག་པོ་ཡིན། །དམེ་ནལ་གཉིས་ཀྱིས་བསྒྲིབས་པ་ཡིན། །ཐབ་གཞོབ་མཁོན་གསུམ་ལང་བ་ཡིན། །སྲིད་དང་གྲོག་གི་ཁ་འགོག་ཡིན། །སྒབ་འདྲེ་བཀར་ལ་གཡང་འགུགས་བྱ། །ཅི་བཏབ་ཅི་ལ་ངན་པ་ལ། །ས་བཅོས་ས་ལྟ་ས་འཇོག་བཟང་། །ས་བདག་ཞལ་ངོ་བསྟན་པ་ཡིན། །གཉིས་དགྲ་རོ་བསྲེག་པ་མིག་གིས་མཐོང་། །སྒོ་ཐེམ་མཚམས་ཀྱི་དོན་སྒྲུབ་ན། །ཁ་ལག་བར་གྱི་འཐབ་མོ་ཡིན། །དོན་ཕར་ལ་བརྩད་ན་ཚུར་ལ་ཕམ། །གཤིན་པོ་དུར་ས་མི་བདེ་ཡིན། །བུ་མོའི་ཆུང་དུར་བཅད་ན་བཟང་། །གསུམ་ཞ་གྲུམ་རྒུར་གསུམ་བླ་མདུད་ཡིན། །ཞ་འཐེང་ཅན་གྱི་མོ་ལ་བཟང་། །ཟས་ནོར་དོན་གྱི་ཁ་བཀག་ཡིན། །རྒབ་འདྲེ་བཀར་ལ་གཡང་སྐྱབས་བྱ། །ཡ་མ་ནག་པོའི་མོ་ལ་བཟང་། །བཞི་ལྕོང་རྔས་རྒྱ་མཚོ་དཀྲུགས་པ་ཡིན། །དམུ་དབལ་ཞགས་པ་བརྐྱང་པ་ཡིན། །ཀླུ་ནད་མཛེ་ཤུ་རྒྱུན་མི་འཆད། །མཛེ་བོས་ཁྱུང་སྔགས་བསྒྲུབ་ན་བཟང་། །ཀླུ་ཚང་དུག་གིས་སྐམ་པ་ཡིན། །ཐབ་འདྲེ་གཞོབ་འདྲེ་ལང་བ་ཡིན། །གཏོ་ལ་ཐབ་འདོན་ཐབ་སེལ་བྱ། །སྤོ་བྲག་ངན་རིགས་ཡོས་ལོའི་


MR16_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བདུད། །ལྔ་དགྲ་མགོ་གྱོད་ཀྱིས་ནོན་པ་ཡིན། །སྔགས་པས་ཧོམ་དུ་དགྲ་བོ་སོད། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཁྱད་པར་ནད་གཡོག་འཇོག་ན་བཟང་། །བུ་སྲིང་མཛངས་མཁར་ཤོར་བ་ཡིན། །དགྲ་བླ་བྲུབ་ཆིང་བྱས་ན་བཟང་། །དྲུག་སྨན་འཕྱོར་མོའི་མགོ་ལམ་དུན་ཕོག་ཡིན། །མྱ་ངན་འཆི་མ་གཏོང་ངོ་ཡིན། །ཡང་ན་དམེ་མནོལ་བཙོག་གི་ངོ་། །བྱི་བོ་གྲོང་རྒྱུག་བྱེད་པའི་མོ། །ཁྱིས་རྐུ་བེའུས་ནུ་འབྱུང་དོགས་ཡོད། །སྲིད་ཀྱི་གཡུ་ཕུར་གདབ་ན་ཕན། །གྲི་ཡུགས་སྒྱེད་པུ་བཅའ་ན་བཟང་། །ཡུགས་ས་མ་ལ་བུ་གསུམ་སྐྱེ། །བདུན་རི་བོང་སྐྱ་ཆུང་ལག་ཡབ་ཀྱིས། །མདོ་བ་རྟ་ཡི་དཔུང་པ་བཅག །ཕོ་དྲག་པོ་ནད་ཀྱིས་ཟིན་ངོ་ཡོད། །འོག་རྟ་སྒ་སྲབ་འགག་ཉེན་ཡོད། །བྱེས་སུ་འགྲོ་ན་ལྷག་པར་ངན། །དམུས་ལོང་ས་མཐར་འཁྱམས་པ་ཡིན། །ཕག་ཐོད་དགྲ་བྲུབ་བྱས་ན་ཕན། །ལྷག་པར་རྟ་ཉོ་བྱེད་ན་ངན། །ལོ་གསུམ་བར་དུ་རྟ་མི་ཉོ། །ལར་སྤོ་བར་རྟ་རྫི་རྒད་པོ་དེ། །བརྒྱག་གམ་ལན་གྱིས་མ་ལད་ངན། །རྟ་ལ་མི་ངན་ཞེས་ཀྱང་ནི། །སློབ་དཔོན་རྣམས་ཀྱི་ངག་རྒྱུན་ཡིན། །ཕ་སྤུན་གཏུག་ཤར་བྱེད་ན་བཟང་། །གཏམ་གྱི་རྒྱལ་ཁ་ལོན་པ་ཡིན། །བརྒྱད་ལྷ་གསོལ་བྱས་པའི་ཉིན་མོ་དེར། །ཕ་སྤུན་ནང་མཁོན་བྱས་པས་ཕུང་། །ལྷ་ས་མཁོན་དང་བཙོག་གིས་མནོལ། །མཚུན་ས་ཐབ་དང་གཞོབ་ཀྱིས་བསྒྲིབ། །ཕུ་ཡི་ཤ་ཐོད་མདའི་གཡག་ཐོད་དང་། །ཉིན་གྱི་ཤིང་དང་སྲིབ་ཀྱི་རྩྭ། །དེ་རྣམས་སྒྱེ་སྟོང་ནང་བླུགས་ལ། །ཕྱེད་ཁ་མེར་བསྲེག་ཕྱེད་ཆུར་བསྒྱུར། །ཕྱི་ནས་སྔགས་བཟླ་ཀུ་ཡིས་འདེབས། །གཏོ་དེས་ཕན་པར་འགྱུར་བ་ཡིན། །མཛེ་དུར་འདེབས་ན་མཛེ་འཕྲོ་ཆོད། །དགུ་བདུད་ལ་བྱོལ་ཁ་ཐེབ་པ་ཡིན། །དགྲ་ཞ་རྣོ་མཚོན་ཡུ་མེད་རེད། །ཅི་ལ་བཏབ་ཀྱང་བཟང་བ་ལ། །སྲིའུ་གསོ་བའི་མོ་ལ་ངན། །ཡེ་ངམ་མཚམས་སུ་བསྙབ་པ་ལག་རིང་ཆས། །སྨན་བོན་རིམ་གྲོ་ལོག་པའི་


MR16_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །དམེ་པོའི་དུར་ས་འདེབས་ན་བཟང་། །བཅུ་མཁའ་ལ་རོ་བསྲེག་དུད་པ་འཐུལ། །ལྷ་ལ་མཁོན་ཀྱིས་མནོལ་བ་དང་། །མི་ནད་ཕྱུགས་ཀྱི་གཡང་སྟོར་ངོ་། །མནའ་མའི་སྣ་འདྲེ་ལང་བ་ཡིན། །འགོང་པོ་བཀར་ལ་གཡང་སྐྱབས་བྱ། །རབས་ཆད་རྒན་པོའི་དུར་སོ་ཡག །བཅུ་གཅིག་སོལ་ཁྲའི་གཤོག་གཡབ་ཀྱིས། །དུང་ཁྱུང་དཀར་པོའི་གཤོག་པ་བཅད། །བསྙབ་པའི་ལག་པ་ཞ་བ་ཡིན། །དཔའ་བའི་ངོ་སོ་དགྲ་ལ་ཤོར། །མགྱོགས་པའི་བང་སྣ་བྲག་ལ་ཐུག །ཅི་བཏབ་ཅི་ལ་ངན་པ་ལ། །བདུད་རྫས་ལ་ཁར་བསྐུར་ཉིན་བཟང་། །སྦ་དབྱུག་བཟུང་ནས་ཐུར་དུ་འཁྱམས། །མཉམ་པོར་དགྲ་ལན་བྱེད་ན་བཟང་། །མགོ་འཁོར་ནད་པའི་མོ་ལ་བཟང་། །བཅུ་གཉིས་དུར་ཁ་གཏོ་ཡིས་བཅད། །ཤི་བསྡུར་བྱེད་པའི་མོ་ལ་བཟང་། །དགྲ་ཤི་གཡག་འགྱེལ་འདྲེ་གདོན་ཕམ། །ལོ་ཏོག་བརྔ་བའི་མོ་ལ་བཟང་། །སྒུར་བོ་དྲང་པོར་བྱས་པ་ཡིན། །ལྷག་པར་མོ་མའི་མོ་ལ་བཟང་། །སྐྱེ་ཤིང་འཛུགས་པའི་མོ་ལ་ངན། །དྲང་བོ་རྒུར་པོར་སོང་བ་ཡིན། །ནད་པ་གཅིག་གི་མོ་ལ་ངན། །ཡེ་ངམ་མཚམས་སུ་རོ་འཛིན་ཆས། །བཅུ་གསུམ་གྱོད་མགོ་རི་བས་ལྕི། །གྱོད་མཐའ་ཆུ་བས་རིང་བ་ཡིན། །མི་ཆེན་མགོ་ཡི་མདུན་ཞུ་ཡིན། །དགེ་བཤེས་གདུགས་ཐེག་མོ་ལ་ངན། །གངས་དཀར་ཞུ་ནས་འོར་དུ་ལྷུང་། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྡེ་ཆེན་མཚེར་མོ་འདེབས་ཉིན་བཟང་། །ས་བདག་སྡེ་བཞིའི་མཚེར་ས་ཡག །ནད་པ་འཆི་ཐུག་མོ་ལ་བཟང་། །ཤི་སྐད་བསྒྲག་ཀྱང་སོས་ངོ་ཡིན། །སྐྱེས་པ་ཕོ་ཡི་སྲོག་ཕྱ་ལ། །སྐྲ་ནག་པོ་ཡིན་པའི་མོ་ལ་བཟང་། །ཤ་ཕོ་ཆེན་ཉལ་བ་རྫ་ལ་ཉལ། །ཡུ་མོས་ཤེའུ་རྐོང་རྫ་ལ་རྐོང་། །ཁྱི་རྔོན་པ་གཉིས་ཀྱིས་དེ་མ་མཐོང་། །མགོ་ཡི་སྐྲ་དཀར་ཁའི་སོ་བུད། །ལོ་བརྒྱད་ཅུ་གྱ་གཅིག་བར་དུ་ཁག་ཐེག་ཡིན། །རྒས་མགོ་སེ་


MR16_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་འཆི་མིག་ཡིན། །གྱོད་རྒན་ཁྲམ་པའི་མོ་ལ་བཟང་། །རྫ་ཁྲ་བོའི་མགོ་ལ་གངས་དཀར་ཆགས། །ངན་གྱི་རང་མཚང་ཐོན་པ་ཡིན། །སྤོ་བར་བུ་ལ་བརྒྱག་གཅིག་ན། །སྤོ་བར་ལིང་ཀུན་དཀར་པོ་ཡིན། །སྤོ་བར་གནག་ཀྱང་བརྒྱག་ཁ་དཀར། །ནོར་འོད་ཅན་འོང་བའི་རྫིའུ་ཡིན། །འཕྲུལ་ཆེན་ཤིང་གི་འཁོར་ལོ་ལ། །ནག་པོ་རྒོད་པའི་ཁ་འཛུམ་བརྒྱག །ཞ་བོ་ཡན་ལག་བདེ་བ་ཡིན། །མི་རྒན་སྒོང་ཚུགས་ཟིན་པ་ཡིན། །རྟ་རྒན་ཉལ་ས་བདེ་བ་ཡིན། །སྤོ་བྲག་ལད་པའི་རྫི་བོ་ཡིན། །རུས་སྦལ་ཁོག་པའི་ཕྱོགས་ཐུབ་ཡིན། །ས་བདག་རྣམས་ཀྱི་གསེར་མགོ་ཡིན། །མགོ་ནག་མི་ཡི་དངས་མི་ཡིན། །དགྲ་གཞི་སྐོར་གསུམ་ཀུན་ལ་བཟང་། །བརྒྱག་གཉིས་སྤོ་བར་ལང་ཐང་དཀར་མོ་ཟེར། །ཡང་ན་ཡང་རིང་གསེར་མིག་བརྒྱག །འདི་ལ་ཟུར་དང་གསེག་བརྒྱག་གཉིས། །རུས་སྦལ་ཁྲོས་པའི་སྤྱན་མིག་ཡིན། །སྟོད་སྨད་བར་གསུམ་གར་བབ་ཀྱང་། །ཤིན་ཏུ་བཟང་བའི་མོ་མདུད་ཡིན། །གསུམ་བརྒྱག་འཕྲུལ་ཆེན་ཤིང་གི་འཁོར་ལོ་བརྒྱག །ས་བདག་ཙང་ཀུན་ཁྱབ་པ་ཡིན། །བཞི་ཀ་བརྒྱག་པར་གྱུར་པ་ན། །སྤོ་བར་རུས་སྦལ་ཁྱབ་པ་ཟེར། །སྤོ་བར་འཁོར་ལོ་གླིང་བཞི་ན། །ཕྱོགས་བཞིར་ས་བདག་སྡེ་བཞི་བརྒྱག །ས་བདག་ཁྱབ་པ་དབང་ཆེན་ཡིན། །དམག་ཆེན་དྲ་མ་འདེགས་པ་དང་། །དགྲ་ལ་མི་ཤ་ལེན་པ་དང་། །ཡུལ་གསར་འཛིན་པའི་མོ་ལ་བཟང་། །བུ་བརྒྱག་འདི་རྣམས་ཤིན་ཏུ་བཟང་། །ཤིང་རྒུར་པོར་སྐྱེས་པ་དྲང་པོར་སོང་། །ཤིང་སྐམ་ལོ་འབྲས་རྒྱས་པ་ཡིན། །ཞ་བོ་འགྲོ་ཤེས་ལོང་བས་མཐོང་། །འོན་པས་ཐོས་ཤིང་རྒུར་པོ་དྲང་། །གྲུམ་པ་སོར་ཆུད་བདེ་སྐྱིད་ལྡན། །རང་སའི་གནས་མལ་གར་བབ་བཟང་། །ཕྱི་སར་བབ་ན་དགྲ་ངོ་ཡིན། །མོ་སྒོའམ་སྤོ་ལ་བརྒྱག་སོང་ན། །སྤོ་བར་ལྟག་བདུད་ཁ་ལང་


MR16_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འབྱུང་བ་སྤྱི་ཡི་བདུད་ཡིན་པས། །ཅི་བཏབ་ཅི་ལ་ཤིན་ཏུ་ངན། །ས་ཁམས་ནད་པའི་བདུད་ཆད་ཡིན། །ཁྱད་པར་སད་ཁམས་ལན་དུ་བབ། །སད་ཁམས་ཁ་འོད་གཞའ་དང་བྲལ། །མ་གཅིག་བུ་ལྔ་སྟག་འདྲ་བ། །ལུང་པ་གསུམ་གྱི་མདོ་དེར་བརླག །ལྟས་ངན་གདུག་པའི་བུ་ཞིག་ཡིན། །མ་བུ་གཉིས་ཀར་བརྒྱག་རེ་ན། །སྤོ་ཁྲ་ཐབ་མཁོན་གཞོབ་ཀྱི་ངོ་། །གྱོད་ཀྱི་དོ་ཁལ་ཁུར་བ་ཡིན། །སྤོ་ལ་གྲུ་གསུམ་གཅིག་འཇུས་ནས། །གྲུ་གསུམ་ནང་དུ་ཕྲུ་གུ་འཇུས། །སྤོབ་ཡོ་ཡེ་ཤེས་མཆུ་རིང་ཟེར། །སྤོ་བར་རྟིང་བཤལ་ཞེས་ཀྱང་བྱ། །ལ་ལས་སྤོ་རྟོད་ཅེས་ཀྱང་ཟེར། །བཙོག་གཡོས་མགར་བུ་སྣ་རིང་ཡིན། །ལུས་པོ་བས་ཀྱང་མགོ་བོ་ཆེ། །མགོ་བོ་བས་ཀྱང་མཇུག་མ་རིང་། །མཐོང་ན་ཡི་ག་ལོག་པའི་གཟུགས། །བསད་པའི་གློ་བ་བླུན་པོ་ཡིན། །སྡིག་པ་དང་མགར་གྱི་བླ་མདུད་ཡིན། །སྤོ་བྲག་ནང་གི་ངན་སྡེ་ཡིན། །འདི་ནི་རང་སའི་བཙན་སར་ངན། །གནས་མལ་བཅུ་གསུམ་རྐྱང་དཔྱད་ཀྱང་། །སྤོ་བར་དག་དང་ཕྱོགས་འདྲ་བས། །འདིར་ནི་མ་བཀོད་ཕྱི་ས་བཞིར། །རོ་འཛིན་འཁྲུགས་ལོང་ལང་བའི་ངོ་། །ཡང་སྲིའུ་གཅིག་གི་མོ་འདེབས་ན། །གཉིས་ལ་སྤོ་བར་རྟིང་བཤལ་དང་། །སྤོ་ཡི་ཁ་ཐུན་བབས་ནས་སུ། །བཅུ་ལ་ཁྱུང་བརྒྱད་དངུལ་མདངས་ན། །ཡུལ་ནི་ཡར་ཡུལ་སོག་ཁ་ནས། །ཁྱུང་པོ་སྤུན་དྲུག་གྱོད་ལས་ཐར། །ཁྱུང་ཆེན་གླུད་དུ་ཁ་ཏ་སོང་། །དེའི་བཅུ་ལ་ཨ་ཁད་རྩེ་མ་ན། །བུ་འབོར་མཚོ་སྒང་རིང་མོ་ནས། །སྒ་མི་ཁྲི་ཐང་པོ་གྱོད་ལས་ཐར། །སྟག་མོའི་གླུད་དུ་ཝ་མོ་སོང་། །ཡང་སྤོ་ཁ་རྒྱའི་ལན་དུ་ཨ་ཁད་ན། །སྒང་ཐང་སྟག་ལ་སྐྱེད་པ་ཡིན། །ལྔ་ལ་སྤོ་བར་ཁ་རྒྱ་ནས། །དྲུག་ལ་ཨ་ཁད་རྩེ་མ་ན། །སྒང་ཐང་སྔོན་མོའི་ཚང་སྒོ་ནས། །རིས་བཀྲ་སྟག་གི་


MR16_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུ་གུ་ཚར། །དེའི་དྲུག་ལ་སྤོ་ཚེ་མདུད་བུ་ན། །སྟག་ཚང་སྒོ་ནས་རྟ་ཕྲུག་ཚར། །རུལ་བའི་ནང་ནས་བདུད་རྩི་རྙེད། །དེ་ཡི་སྤོ་ལ་བརྒྱག་སོང་ན། །རྟིང་བཤལ་ངན་དགུ་དུག་བཅུ་བརྒྱག །ཡང་ན་དབྱེན་པ་མིག་དམར་ཟེར། །འདི་ཡང་བཙོག་གཡོས་རྒྱལ་པོ་ཡིན། །ཅི་ལ་བཏབ་ཀྱང་ཤིན་ཏུ་ངན། །གྲུ་གསུམ་བུ་ལ་བརྒྱག་སོང་ན། །རྟིང་བཤལ་སེང་སྟག་ཁྲ་མོ་ཟེར། །དུང་གི་གྲུམ་པས་འགེར་གཟུང་བསྣམས། །དགྲའི་མཁར་སྒོ་གཏོར་བའི་ཝེར་མ་ཡིན། །མཁར་ལ་སྒོ་བརྡུང་བྱེད་ཉིན་བཟང་། །རབ་ལ་ལྕགས་མཁར་འཛུད་མི་ཡིན། །རང་སའི་སྟོད་དང་བཙན་སར་བབས། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བུ་ལ་བརྒྱག་གཉིས་སོང་བ་ན། །སྤོབ་ཡོ་རག་ཆ་ཧྲང་གི་བྱ། །ལྕགས་ཁྲབ་བཙན་པོ་སྐུ་ལ་མནབ། །དུང་རྨོག་གཟིང་རིང་དབུ་ལ་མནབ། །ཡང་རིང་དར་གྱི་རྒྱལ་མཚན་བཙུགས། །ཐོབ་བོ་ལེན་ནོ་རྒྱལ་ལོ་ཟེར། །ཝེར་མ་སྡེ་འཛིན་དཔའ་བོ་ཡིན། །བང་མཛོད་འབྱེད་པའི་ཝེར་མ་ཡིན། །རང་སའི་གནས་མལ་རྣམས་སུ་གཅེས། །བུ་ལ་བརྒྱག་གསུམ་བཅས་པ་ན། །སྦོབ་ཡོ་འབྲུག་ཆ་ཧྲང་གི་བྱ། །སྲ་བརྟན་ཁྲོ་ཆུའི་མི་ཕོ་ལ། །དུང་ཁྲབ་ཤོལ་མོ་སྐུ་ལ་མནབ། །རིན་ཆེན་སྣ་ཚོགས་སྟོད་གཡོགས་བཏགས། །ཐུབ་ཆོད་གྲུམ་པའི་ཤམ་ཐབས་ལ། །མ་མ་དྲེད་ཀྱི་ཡང་ཤམ་བཏགས། །མཚོན་ཆ་སྣ་དགུ་ལུས་ལ་བརྒྱན། །དཔའ་བོ་གཡུལ་ཞུགས་ཝེར་མ་ཡིན། །མཚན་ཡང་ཝེར་མ་བྱད་འདུལ་ཞེས། །བྱད་ཁ་བཟློག་པའི་སྟོབས་ཆེན་ཡིན། །རང་གི་བཙན་ས་རྣམས་སུ་གཅེས། །སྤོ་ལ་གྲུ་གསུམ་གཅིག་དང་ནི། །ཕྲུ་གུ་གཅིག་གིས་སོ་སོར་འཇུས། །སྤོ་ཁ་བུར་ཞེས་སུ་གྲགས་པ་སྟེ། །སྤོ་བར་སྒོ་མ་ལག་འཐེང་ཟེར། །སྤོ་ཏྲོང་བུ་ལག་ཆག་ཅེས་ཀྱང་བྱ། །བྱ་སྡོང་སྡོད་པའི་འཐེན་ཐག་ཡིན། །བྲ་ནག་རྟོད་པའི་ཕུར་པ་ཡིན། །མདོ་བ་


MR16_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཡི་རྟོད་ཕུར་ཡིན། །ཕུར་པ་དར་གྱི་ཅོད་པན་ཅན། །མཐུ་དང་བྱད་ཁའི་ངོ་ཡང་ཡིན། །མི་རྟ་ཀུན་གྱི་བྲག་ནག་ཡིན། །རང་སར་མི་དབང་ཕྱི་སར་དབང་། །ཕྱི་སར་ལན་གཅིག་དུས་སུ་བབ། །ལྷ་ངོ་གསལ་ལ་མི་ངོ་བརྗིད། །རྣོ་མཚོན་དྲག་ལ་དགྲ་ལས་རྒྱལ། །གསེར་དངུལ་སྐུ་དང་ཡིག་ཆ་ཐོབ། །སྦྲ་ནག་ཟངས་ནག་སྤྱད་ནག་དང་། །རྟ་བྲ་ནག་ཁམ་ཚུལ་སེར་བ་ཐོབ། །རྟ་དེ་མོ་མའི་མོ་ཡོན་དགོས། །འོན་ཀྱང་རྟ་མོ་སོགས་ལ་ནི། །ཕྱི་སར་བབ་ན་རྟ་སྟོར་ངོ་། །གཅིག་གི་སྟེང་དུ་ཁ་བུར་འདི། །བུ་ནི་མདའ་ཡིས་བསད་པའི་ངོ་། །གཉིས་ལ་བུ་མོ་འཕང་གིས་གསོད། །གསུམ་ལ་ཚ་བོ་མེ་གྲིར་འཆི། །བཞི་ལ་མནའ་མ་ཐོག་གིས་བསད། །ལྔ་ལ་དགྲ་ཡི་བླ་རི་ཉིལ། །དྲུག་ལ་ཆུང་མ་འགག་གྲིར་འཆི། །བདུན་ལ་བུ་རྟ་མདུང་ཁར་འཆི། །བརྒྱད་ལ་ཟླ་བ་གཟའ་ཡིས་ཟིན། །དགུ་ངམ་གྱི་ཐང་ཤིང་མགོ་རྡུམ་འགྱེལ། །བཅུ་ལ་རྗེ་ཤི་འབངས་ལུས་ཡིན། །བཅུ་གཅིག་བདག་པོ་ཤི་ནས་དངུལ་མཁར་སྟོང་། །བཅུ་གཉིས་དགྲ་མཁར་ཐོག་གིས་བཤིག །བཅུ་གསུམ་དཔག་བསམ་རྩེ་མོ་ཐོག་གིས་བཅད། །དེ་ཡི་བུ་ལ་བརྒྱག་གཅིག་ན། །སྤོ་ཁ་བུར་གཟུང་རྒོད་ངར་མ་བརྒྱག །གཟོང་གིས་ལྕགས་གཅོད་མོ་མདུད་ཡིན། །རང་ས་གར་བབ་དགྲ་གཞིར་བཟང་། །ཕྱི་སར་ཤོར་ན་རྟ་ལ་ངན། །བརྒྱག་གཉིས་ཁ་བུར་སྟག་མོ་རི་བཟང་ཟེར། །ཤིན་ཏུ་བཙན་བས་རང་སར་བཟང་། །བུ་ལ་བརྒྱག་གསུམ་བྱུང་བ་ན། །ཁ་བུར་སྟག་སེང་ངོམ་གསུམ་ཁྲོས། །སྟག་འདྲ་བཅུ་ལ་སྟག་འཕྲུ་བཙུག །སྔགས་པ་རྔམ་ནས་དགྲ་བགེགས་འདུལ། །སྟག་མོ་རྔམ་ནས་མི་ཤ་ལེན། །དམག་དཔོན་རྔམ་ནས་ཆུས་ཆེན་ལོན། །རྔམ་ཆེན་བྲག་གི་ཝེར་མ་ཡིན། །དམག་ཆེན་གཡུལ་ཆེན་སྤྲད་དུས་དེར། །རང་སའི་བཙན་སར་སྟོད་དུ་གཅེས། །སྤོ་བརྒྱག་སྔགས་པ་


MR16_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ལྷ་དང་མཁོན། །མཐུ་ཕར་བྱས་ཚུར་ལ་ལྡོག་ངོ་ཡིན། །རང་སྲོག་རང་གིས་བཅད་པས་ངན། །ཁ་བུར་དེ་ཡི་ཕྲུ་གུ་ཡིས། །གྲུ་གསུམ་ལ་ཡང་འཇུས་པ་ན། །སྤོ་བར་ཁ་ཐུན་ལང་ཙེ་ཟེར། །སྒོ་བརྒྱག་ཁ་ཐུན་ཀླད་དམར་ཡིན། །འདི་གཉིས་ཅི་བཏབ་ཀུན་ལ་ངན། །བུ་བརྒྱག་གཟིག་རྩེ་ཐུར་ཟུང་ཟེར། །ཡང་དག་དམག་གི་ཝེར་མ་ཡིན། །སྤོ་ལ་ཕྲུ་གུ་གཅིག་འཇུས་ནས། །དེ་ནར་གྲུ་གསུམ་བསྐོན་པ་ནི། །སྤོ་བར་དོམ་བུ་དོང་ཐག་ཡིན། །ཡང་ན་སྤོ་ཡི་ལག་བཤལ་ཟེར། །སྤོ་ཁ་རྒྱ་ནག་པོ་ཞེས་ཀྱང་བྱ། །བཙོན་དང་བཙོན་རྫི་དུས་གཅིག་ལ། །གཉིས་ཀ་འཆི་བའི་བྲག་ཡིན་ནོ། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །ལྷག་པར་སྒོ་བརྒྱག་བྱུང་ན་ངན། །གྲུ་གསུམ་དེ་ལ་བརྒྱག་གཅིག་ན། །སྤོ་རྒོད་སྟག་ཤམ་འབར་མ་བརྒྱག །བ་ཁོག་བཙན་ཁྱིམ་གར་ཡང་བཟང་། །ལྷག་པར་སྲིད་ཕྱ་གཞི་ཕྱར་བཟང་། །བུ་སྟག་རལ་ཅན་གཅིག་རྒྱུན་མི་འཆད། །གལ་ཏེ་གྲུ་གསུམ་གསུམ་ཀ་བརྒྱག །རྒྱལ་པོ་ལ་ཐོད་ཉི་མ་བརྒྱག །སྐྱིད་དགའ་ནམ་ལངས་ཉི་མ་ཤར། །བརྒྱག་གི་ཆུ་མིག་རང་རྡོལ་ཡིན། །སྟོད་གསུམ་དམག་གི་མོ་ལ་བཟང་། །ཕྱི་སར་བྲག་དང་གཅོད་སྟར་ན། །རྒྱལ་བུ་བསད་ནས་ཟུར་ཕུད་ཐོབ། །དེ་ཡི་སྤོ་དེ་ཏྲོང་གྱུར་ན། །ཏྲོང་གི་ལག་བཤལ་ཞེས་སུ་བྱ། །སྤོ་ཏྲོང་སོ་ཡི་ལག་བཤལ་སྤུན་གསུམ་པོ། །ཕོ་ལྷས་མི་བཙོང་བྱས་པ་དང་། །སྲིན་པོ་མི་ཉོ་འཕྲད་པས་ངན། །སྤོ་བར་བུ་ལས་གཅིག་ཡར་ན། །སྤོ་སང་ཞེས་སུ་གྲགས་པ་སྟེ། །སྤོ་སང་བང་བ་མིག་དམར་འདི། །སྤོ་བྲག་སངས་ཀྱི་ཅང་སེ་ཡིན། །ཅང་སེའི་གནང་བུ་རྐང་ཟན་ཡིན། །སྐྱ་ཞིབ་བྲག་གི་ཁ་འཛུམ་ཡིན། །ཟད་པ་གསུམ་གྱི་ནད་བཅུད་ཡིན། །འཐོར་བ་ཁྲ་མོའི་


MR16_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་སངས་ཡིན། །སློ་བྲག་ཁྲ་མོའི་སྒྲོན་མེ་ཡིན། །བཏགས་པ་ཁྲ་མོའི་ཐོག་བུ་ཡིན། །སྐྱ་ཞིབ་ཁྲ་མོའི་ཁ་ཞག་ཡིན། །ལྐུག་པ་ཁྲ་མོའི་ཁ་འབྱེད་ཡིན། །ཞར་བ་ཁྲ་མོའི་སྣ་ཁྲིད་ཡིན། །ལོང་བ་ཁྲ་མོའི་མིག་མཐོང་ཡིན། །ཞ་བ་ཁྲ་མོའི་མཁར་བ་ཡིན། །འདུན་གྲོས་ཁྲ་མོའི་གྲོས་རི་ཡིན། །རུས་པ་ཁྲ་མོའི་སྲོག་འཛེར་ཡིན། །ལྷ་བ་ཁྲ་མོའི་འཁྲིས་རི་ཡིན། །རྩ་མདུད་ཁྲ་མོའི་མདུད་གྲོལ་ཡིན། །མི་ཁ་ཁྲ་མོར་བསྲུང་མི་ཡིན། །ནད་ཁྲ་མོ་རྣམས་ཀྱི་གསོས་སྨན་ཡིན། །མི་རྒབ་ཁྲ་མོ་སྤེལ་མི་ཡིན། །ཁྲ་མོ་རྣམས་ཀྱི་ཁ་འཛིན་ཡིན། །ཁྲ་མོ་གསལ་བའི་ཡང་སྙིང་ཡིན། །སྤོ་བར་གྱོད་རྡོ་རུས་ངན་དེའི། །གྱོད་དང་ངན་རིགས་སངས་པའི་ཕྱིར། །བཟང་སྡེ་སངས་ཀྱི་རྩ་བ་ཡིན། །ཁ་གསལ་མིག་རྣོན་ཅང་སེ་ཡིན། །སྤོ་སང་བུ་ལ་བརྒྱག་གཅིག་ན། །མིང་པོ་ཅང་སེ་དཀར་པོ་ཟེར། །སངས་སྦྲང་བུ་རྣམས་ཀྱི་སྤྱན་མིག་བརྒྱག །སྦྲང་བུའི་ལུས་ལ་གཤོག་དྲུག་རྒྱས། །སྦྲང་མས་སྦྲང་རྩི་སོག་པའི་ངོ་། །ཇག་པ་རྟ་དང་འཕྲད་ངོ་ཡིན། །ཚོང་པ་ཁེ་ཁ་ལོན་ངོ་ཡིན། །འབྲོག་བའི་བེའུ་ལུག་འཕེལ་ངོ་ཡིན། །རྨང་པོའི་བུ་ཚ་ཚར་ངོ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །དེ་ལ་བརྒྱག་གཉིས་སོང་བ་ན། །ཅང་སེ་འཕྲིན་པ་སྔགས་ཐུབ་ཡིན། །སངས་སྦྲང་བུ་འདྲ་བ་སུམ་བརྒྱ་དྲུག་ཅུ་ལ། །མིག་ལ་རྣོ་བ་འདི་ལས་མེད། །ཅང་སེ་མི་ལུས་སྦྲང་བུའི་མགོ ། ཅང་སེ་བོང་གཟའ་སྟག་རིས་ཡིན། །བནྡེ་རྣམས་ཀྱི་ཆོས་སྐྱོང་ཡིན། །བོན་པོ་རྣམས་ཀྱི་བོན་སྐྱོང་ཡིན། །སྐྱེ་བོ་རྣམས་ཀྱི་ཅང་སེ་ཡིན། །བུ་ཚ་ཚུང་བའི་ལེ་གུ་ཡིན། །མོ་བཙུན་རྣམས་ཀྱི་མཛེས་ལྷ་ཡིན། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །གཞི་ཕྱྭ་བ་ཁོག་གསུམ་དུ་གཅེས། །ཀུན་ལ་ཕྱི་སར་ཤོར་མི་རུང་། །ཤོར་ན་


MR16_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་མས་སྦྲང་རྩི་ཤོར། །སྤོ་སང་སྒོ་ལ་བརྒྱག་སོང་ན། །སང་ཞར་སྦྲང་མའི་འགག་ཐག་ཡིན། །སངས་ཕྲན་ཙམ་གྱིས་ལན་ལ་ངན། །སྦྲང་མ་སྡུག་པའི་རོ་གསུར་གྱིས། །འབུ་སྦྲང་ཚོགས་ཀྱི་སྲོག་གཅོད་ཡིན། །དེ་ལྟར་སྤོ་ཡིས་ལྷག་མ་རྣམས། །སྤོ་བྲག་དང་ནི་སྤོ་སངས་ཀྱི། །རྩ་བར་གཏོགས་ཕྱིར་སྤོ་བར་ལ། །རྣམ་གྲངས་གཅིག་ལས་མ་གསུངས་ཀྱང་། །སྤོ་བྲག་ལྷག་མ་ཕྱིས་འཆད་ལ། །འདི་ལྔ་དགོས་པའི་དབང་གིས་ནི། །སྤོ་བར་སྡེ་ཚན་དགང་ཏུ་བཤད། །སྤོ་སང་སོགས་ཀྱང་དེ་ལྟར་ཤེས། །སྤོ་བར་ལ་དབྱེ་བ་དུ་ཡོད་པ། །ཏྲོང་ལ་དེ་བཞིན་ཡོད་པ་ཡིན། །དེ་ནས་སྤོ་བར་ལན་དཔྱད་ལ། །སྤོ་བར་ལན་དུ་དིང་དིང་ན། །ཕྱ་ལྕམ་རྒྱ་མཚོ་རྒྱས་པ་ཡིན། །སྐྱིན་དིང་གྱོད་སྣ་རྡོ་ཡིས་བརྡུང་། །གལ་བར་ཡེ་རྗེས་ངམ་ཡུལ་ཟིན། །བྱ་ཡུན་གྱོད་མཐའ་གཉེན་དུ་སོང་། །བྱ་བུར་བྱེའུར་རྒོད་གཤོག་རྒྱས། །མུ་ས་ངམ་ལ་ལྷ་ཕྲུག་འཁྲུངས། །ཝ་ཚོ་ངམ་ལ་ལྷ་མདའ་ཐེབ། །སྤོ་ཚེ་མི་ནད་ཕྱུག་ནད་ཆད། །སྤོ་བར་ལེན་དུ་སྤོ་ཚེ་བཟང་། །དུག་ཀྱང་བདུད་རྩིར་འགྱུར་བ་ཡིན། །ཅང་སེ་མདུན་ཞུ་ཕུད་པ་ཡིན། །དམུ་ཐག་ངམ་གྱི་སྡོང་རྒན་གོག་པོ་ལ། །ཡལ་ག་བརྒྱ་དང་བརྒྱད་ཅུ་འཁྲུངས། །སྐྱེར་དཀར་དུག་ཤིང་ས་འོག་བཅུག །ཚོལ་ཚེ་དུག་ཤིང་སྨན་ཤིང་རེད། །ཁྱུང་བརྒྱར་ཁྱུང་ཆེན་སྙིང་ལས་ཐར། །ཨ་ཁད་ལྷ་ཡིས་ངམ་ལ་རྒྱལ་ཁ་ཐོབ། །རང་སྙན་ལྷ་ཡི་གཡུལ་སོ་རྒྱལ། །སྲང་ཐེ་དུག་ལ་སྨན་ལོ་སྐྱེས། །བྱོད་བུར་གཡའ་སྤང་གྱོད་ལས་ཐར། །ལྡི་བུར་ངམ་གྱི་གྲིབ་ཤིང་ཆག །ཡར་ལྡིང་ཕོ་ལྷ་རྟ་སྒ་འཕྲད། །སུ་མཉམ་གྱོད་ལ་ཤག་ལམ་འབྱེད། །ཙེ་ར་དུག་ཤིང་སྟ་རེས་བཅད། །གཡུང་དྲུང་གྱོད་གཏམ་ཆོས་སུ་སོང་། །ཀྱེ་བ་ཕུང་སྲི་རི་ཡིས་མནན། །ད་རོག་ཤིང་སྐམ་ཆུ་ཡིས་


MR16_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །དམུ་དབལ་གྱོད་འདྲེ་གཏོ་ཡིས་ཐུབ། །སྐྱམ་སྔོན་གྲོག་སྐམ་ཆུ་མིག་རྡོལ། །བྱ་རལ་གྱོད་ཀྱི་སྒོ་མོ་ཕྱེས། །ལི་ཡན་གྱོད་རྡོ་ང་གིས་བསྒུལ། །མར་ལྡིང་ཕོ་ལྷ་རྟ་སྒ་བྲལ། །སྤོ་བར་གྱོ་ལན་གྱོད་ཀྱིས་དྲངས། །སྤོ་བ་ཡོས་པ་གཅིག་ལ་ངན། །ས་སྲིན་མིག་དམར་ལངས་བ་ཡིན། །སོ་ཡོན་གནམ་མཐའ་ཟངས་ཀྱི་རྒན་པོ་དང་། །ས་མཐའ་ལྕགས་ཀྱི་རྒན་མོ་གཉིས། །གཅིག་གིས་གཅིག་ལ་ཡུས་བརྡ་བྱེད། །མི་རྒན་རྒོན་མིན་པ་མི་ལུས་སོ། །རུ་སོད་བདུད་གཡག་རུ་རྩེ་བདར། །མ་ཟེ་རྒུད་གི་རུ་དམར་ཆས། །ན་འབན་གྱོད་འདྲེ་གྱོད་སྲི་ལངས། །སངས་རིགས་དངས་མ་བབ་པ་ན། །སྤོ་བར་ཁ་འགྱོད་སང་བ་ཡིན། །བྲག་ནག་ཏྲོང་རིགས་གང་བབ་ཀྱང་། །གྱོད་དང་ན་ཚ་འོང་བ་ཡིན། །སེ་སྟོད་དུག་ཁྲག་མཚོ་མོ་འཁྱིལ། །ནང་འཁྲུག་དང་ནི་གྱོད་ཀྱི་ངོ་། །གྱོད་མཐའ་ཆུ་བས་རིང་བ་ཡིན། །ལར་སྤོ་བར་ཐ བ་དང་གྱོད་ངོ་འདི། །བསྒྱུར་གཏོ་རྟེན་འབྲེལ་བྱ་བ་ནི། །སྦལ་པའི་གཟུགས་ལ་མགར་བབ་སྐྱོན། །དགྲ་ཕྱོགས་འཕང་ལ་མགར་ཆོས་བྲབ། །རྟ་ཐོད་རུ་རྒྱས་རྟ་སེལ་བྱ། །ཐིག་ལྔ་འབྲེལ་བར་སོས་བཀུག་པ། །སོ་ཡོན་ནག་མོ་བྱ་བ་ཡིན། །སྔོན་མེད་ཁམས་སྟོང་པའི་རིང་ལ་བབས། །ཕ་ནི་མུན་པ་སྟོད་ཐུབ་ཡིན། །མ་ནི་སྟོང་མེད་ཐུར་བརླག་ཡིན། །བུ་ཁོ་རང་མུན་པ་ཟེར་ལྡན་ཡིན། །ཞང་ཞོང་ཕུག་པས་མིང་བཏགས་པ། །སོལ་བྱ་རོག་མོ་ཤ་ཟན་ཟེར། །བར་པས་ངམ་གྱི་གྲི་མོ་ཁུ་ཡུར་ཟེར། །སྒོ་བས་ཆུ་སྤར་ནག་མོ་བྱ་འདབ་ཟེར། །ཡང་དག་གཤེན་གྱིས་མིང་བཏགས་པ། །སོ་ཡོན་མུན་པ་དགུ་གླིང་ཟེར། །སྔོན་ཡེ་ངམ་མ་འཚམས་རྩོད་གཞི་བྱུང་། །ངམ་རྗེས་ངམ་བྱ་ཉུལ་མར་བཏང་། །ངམ་ཀྱི་བྱ་རྗེ་རོ་འཇིགས་དེས། །སོལ་ཁྲ་རོག་པོ་གྲོགས་


MR16_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཁྲིད། །ཡེ་ཡི་ཡུལ་དུ་སོང་བ་ན། །ཡེ་ཡི་སོ་བ་དུང་ཁྱུང་འཕྲད། །སོལ་ཁྲས་དུང་ཁྱུང་འདོད་པས་བསླུས། །ངམ་ཉར་ཁྱི་ཐོད་མཁར་ནང་ཁྲིད། །དུང་ཁྱུང་མགོ་ཡི་ནོར་བུ་བླངས། །སོལ་ཁྲ་རང་གི་གཙུག་རྒྱན་བྱས། །མི་གཙང་ཟས་དང་གོས་གྲིབ་ཀྱིས། །དུང་ཁྱུང་ཡེ་ཁམས་བརྗེད་པར་བྱས། །དེ་ཚེ་ངམ་གྱི་བྱ་འཇིགས་དེས། །བལྟས་ན་རྒྱང་གྲགས་བཅོ་བརྒྱད་ཚུན། །ཡུངས་དཀར་འགུལ་བ་དག་ཀྱང་མཐོང་། །ཟོས་ན་རི་རབ་ལྟོ་རུ་མིད། །ཉན་ན་རི་དགུའི་ཕག་ནས་ཚོར། །བདས་ན་སྐྱི་སེར་ང་ཡང་ཟིན། །མིག་ནི་ཉི་ཟླའི་མདངས་ལས་ཆེ། །གཤོག་པ་ནམ་མཁའི་ཁ་ཁེབ་བྱས། །སྡེར་བཞི་དབང་ཆེན་ལྟོ་བར་མནན། །ཡེ་ངམ་མཚམས་སུ་སོ་པ་བྱས། །སྨོན་པས་ངམ་ལ་གླགས་མ་རྙེད། །ལྷ་རྣམས་འདུས་ནས་གྲོས་བྱས་པས། །ཕ་ཝང་མང་སྐེས་བློ་དྲན་པ། །བྲེ་སེར་འབྲོང་གི་རུ་ཐུར་དང་། །དཔའ་བོ་སྟག་གི་ཤམ་ཐམས་དང་། །ཀ་ལ་པིང་ཀའི་གླུ་དབྱངས་དང་། །གཏུམ་པོ་དོམ་གྱི་བྲང་ཞོལ་དང་། །ནོར་སྲུང་ཁྱི་ཡི་རྔ་ལྗགས་དང་། །གདུག་པ་སྦྲུལ་གྱི་དུག་མདའ་དང་། །ཞེ་སྡང་མགར་བའི་སྐམ་པ་སོགས། །མ་ཚང་མེད་པའི་སྲོག་ཆགས་ཞིག །བཏང་སྟེ་བྱ་འཇིགས་བསླུའོ་སྐད། །དེ་ལ་གྲོས་འཚམས་བུང་བ་བཏང་། །བླ་ནི་བག་སྐྱེར་བུང་མ་ཡིན། །དེ་ཉིད་བྱ་འཇིགས་ཡོད་པ་ཡི། །ནམ་མཁའི་མཐོང་ནས་བསྐོར་ཞིང་གྲགས། །སྐད་སྙན་པས་དེ་ལ་བལྟས་པའི་ཚ། །མར་མར་དཔྲལ་བའི་ཐད་དུ་ཉེ། །བྱ་འཇིགས་མཚར་ཞིང་དེ་ལ་བལྟས། །ལན་གཅིག་བུང་བའི་དུག་མདའ་ཡིས། །བྱ་འཇིགས་མིག་དེར་བཅར་བར་བྱས། །དེ་ནས་ཕ་ཝང་མང་སྐེ་དེས། །ངམ་ཡུལ་མཁར་ནང་དུང་ཁྱུང་ལ། །སོལ་ཁྲས་ལྟོ་སྐལ་བསྐྱལ་རྗེས་སུ། །འབྲང་ནས་གབ་སྟེ་བསྡད་གྱུར་ནས། །སོལ་ཁྲ་


MR16_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སོང་རྗེས་དུང་ཁྱུང་ལ། །ཡེ་ཡི་ལོ་རྒྱུས་ཐམས་ཅད་བཤད། །ད་རུང་གསལ་བོར་མ་དྲན་ཀྱང་། །ཡིད་མི་ཆེས་ནོར་བུར་ལྟོས་དང་བྱས། །མགོ་ལ་ཉུལ་བས་ནོར་བུ་མེད། །དེ་ནས་དུང་ཁྱུང་ཞེ་ལོག་ནས། །གྲིབ་ཟས་སྐྱུགས་པས་ཡེ་ཡུལ་དྲན། །ང་ནི་ཅི་བྱ་གྲོས་བྱས་པས། །སོལ་ཁྲའི་ནོར་བུ་འཕྲོག་པར་ཆད། །སོལ་ཁྲའི་ནོར་བུ་འཕྲོག་ནས་འཕུར། །ཕ་ཝང་ཉིད་ཀྱང་དེ་རྗེས་འབྲངས། །སོལ་ཁྲ་རྗེས་གཅོད་ར་མདའ་འོང་། །ཡེ་ངམ་མཚམས་སུ་སླེབ་པའི་ཚེ། །ཡེ་ཡི་དམག་གིས་སོལ་ཁྲ་བཟུང་། །སྔར་དུང་ཁྱུང་ཉིད་དང་བསྡེབས་པ་ཡི། །བུ་ནི་རྐང་སྤར་དུང་རྒོད་ཡིན། །དེ་ཚེ་སྨོན་པའི་དུ ང་ཁྱུང་གིས། །སོལ་ཁྲ་ཆུང་མར་བྱས་པའི་ཕྱིར། །སོལ་ཁྲ་གསོད་དུ་མ་བཅུག་ཀྱང་། །དམག་གིས་སྤུ་རྣམས་བཏོག་གྱུར་པ། །དེའི་རིགས་རྒྱུད་རིམ་པར་བྱུང་བ་ནི། །ད་ལྟའི་བྱ་མ་བྱེའུ་འདི་ཡིན། །དེ་དུས་སོལ་ཁྲ་རོག་མོ་དེའི། །བླ་ནི་སོ་ཡོན་ནག་མོ་ཡིན། །བསྐལ་པ་དེ་ཡི་མོ་མདུད་ཡིན། །སྲིད་པ་དེ་ཡི་གཏན་ཚིགས་ཡིན། །འདི་མེད་ཁམས་སྟོང་པའི་གཞི་མ་ཡིན། །མཚོན་ཆ་བརྡུང་བའི་མགར་བ་ཡིན། །དགེ་སྡིག་གཉིས་ཀྱི་ས་བོན་ཡིན། །ངན་དགུ་འདུས་པའི་རྩ་བ་ཡིན། །ནག་པོ་དུག་གི་མཚོ་མོ་ཡིན། །མྱ་ངན་སྡུག་གི་མཆི་མ་ཡིན། །ཝེར་མ་རྣམས་ཀྱི་གྲོལ་ས་ཡིན། །རབས་ཆད་ཐུན་རྡོ་ནག་པོ་ཡིན། །འདི་གཅིག་གིས་སྟེང་དུ་བབས་པ་ན། །སྟོང་མེད་གཞི་མ་བསྲུང་མི་ཡིན། །ཡོད་པ་མེད་པར་སོང་བ་ཡིན། །ལས་བྱ་ཉེས་མགོ་ལ་འཇུས་པ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཡུལ་མཁར་འཛིན་ན་ལྷག་པར་ངན། །ཉི་མ་ཉིན་གཅིག་བཟང་བ་ཡོད། །གཡང་མོ་ལུག་ཁྱུ་དེད་ཉིན་བཟང་། །མར་སྒྱེད་མགོ་ཡི་ཤ་ཁྲག་ཡིན། །གཡང་མོ་ལུག་གི་ལྷས་མཐའ་ཡིན། །ཤ་བ་ཡུ་མོ་བདའ་ན་བཟང་། །ཤ་མ་ཁྱགས་ཁྱི་ལ་བཀལ་ངོ་ཡིན། །གཉིས་ས་སྒོ་མུན་པས་བཀག་པ་ཡིན། །


MR16_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལ་བཏབ་ཀྱང་ངན་པ་ལ། །ལྷག་པར་གཉེན་ཁ་བྱེད་ན་ངན། །སྦྲང་ཚང་ནང་ནས་གྲོག་མ་འགུལ། །གཤིན་པོ་དུར་ནས་མི་བདེ་ངོ་། །མགྲོན་པོ་ཚོང་པ་དག་ལ་ངན། །དགྲ་ཕྱྭ་དག་ལ་འདེབས་ན་བཟང་། །ཁྱིམ་མཚེས་བུ་མོ་སྨག་ལ་ཁྲིད་ན་བཟང་། །སུས་ཀྱང་མི་གོ་མི་ཚོར་ཡིན། །གསུམ་ཆུང་གསུམ་རྩེ་ར་བདུད་ཀྱིས་འཕྲོག །ནུ་བོ་ཤི་ནས་ཕུ་བོ་བརླག །ཆུང་སྲི་ཅན་གྱི་ཚེ་ལ་ངན། །ཆུང་སྲི་མནན་པ་བྱེད་ན་བཟང་། །ཆུང་སྲི་མུན་དོང་བཅུག་ངོ་ཡིན། །བཞི་རྒྱ་མཚོ་ཀླུ་ཡི་ཕོ་བྲང་ཞིག །ཀླུ་སྨན་དུག་གི་ནད་ཀྱིས་ཟིན། །ཀུན་ཀྱང་མཛེ་ནད་ཅན་ལ་ངན། །ཀླུ་གདོལ་པར་གཏད་ཆེན་རྒྱག་ན་བཟང་། །ལྔ་བུ་སྲིང་མག་པའི་ས་ལ་ངན། །གཅིག་རོ་གཅིག་ལ་བཀལ་བ་ཡིན། །ཇག་པ་དགྲ་ལ་རྒྱུག་ན་བཟང་། །ཕྱི་ས་དར་ལས་འཇམ་པ་ཡིན། །སྔགས་པས་དགྲ་ངོ་མནན་ན་བཟང་། །དྲུག་དཔོན་མོ་ཤི་ནས་གཡོག་མོ་བླངས། །ཁྱིམ་སྤྱད་བསགས་པ་འཐོར་ངོ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ནག་མོ་ཕུད་འདོན་བྱེད་ན་བཟང་། །བདུན་ཤེས་བཞི་རྫོགས་ནས་རྨུག་པ་ཡིན། །ཕ་སྤུན་མི་རབས་ཆད་པ་ཡིན། །ཕ་སྤུན་ནང་འཁྲུགས་བྱེད་ན་བཟང་། །བརྒྱད་སླུ་བྱེད་བདུད་ཀྱི་མུན་པ་དེས། །ཕོལྷའི་གནས་མལ་གཡོག་པ་ཡིན། །ཕོ་བརྒྱ་གྲོས་བྱས་བསམ་བློ་ལྐུག །ཅི་ལ་བཏབ་ཀྱང་ངན་པ་ལ། །ཕོ་བློ་ཉེས་བྱུང་ཟིན་མོ་ལ་བཟང་། །དགུ་གཤེན་རབ་སྲས་མོ་ནེའུ་ཆུང་དེ། །བདུད་ང་ནག་འཚུབ་མས་ཁྱེར་བ་ཡིན། །བོན་པོའི་སྨྲ་རྒྱུད་དམེ་ཡིས་བསྒྲིབས། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྔགས་བོན་རྦོད་གཏོང་བྱེད་ན་བཟང་། །བཅུ་དགུང་སྔོན་ཕུག་ནས་གནག་པ་ཡིན། །གནམ་ཞོད་ཁ་ཆར་འབབ་ངོ་ཡིན། །མོ་བཙུན་མགོ་ཡི་མདུན་ཞུ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །རབས་ཆད་ཤེ་བསྡུར་བྱེད་ན་བཟང་། །བཅུ་གཅིག་བདུད་ཀྱི་གཅོང་


MR16_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ནག་པོ་ཡིས། །མི་རབས་གསུམ་གྱི་གཉའ་བ་མནན། །ཁམས་གསུམ་གསལ་ནས་མིག་ལོང་ཡིན། །ཕོ་རབས་ཆད་ལ་མོ་རབས་འཕེལ། །ཅི་བཏབ་ངན་ཀྱང་མགར་བ་ནག་པོར་བཟང་། །དམེ་ལས་བྱེད་པའི་ཉིན་པར་བཟང་། །བཅུ་གཉིས་འཛམ་གླིང་ཕྱི་རོལ་དུ། །ལྕགས་རི་ནག་པོས་བསྐོར་བ་ཡིན། །ལོ་སྐོར་གཅིག་ཏུ་དགྲ་མེད་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཚབ་ཆེན་ནད་པའི་མོ་ལ་ནི། །མི་བླ་སྲིན་གྱིས་བརྐུས་ངོ་ཡིན། །བླ་བསླུ་དང་ནི་བྱབ་ཁྲུས་བྱ། །ལིང་ཆེན་འདེབས་པའི་ཉིན་པར་བཟང་། །བཅུ་གསུམ་སྟེང་བདུད་གྲིབ་མ་གནག །མུན་པའི་ཐོ་ཡོར་བྱས་པ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཤི་ཆད་ཅན་གྱི་མོ་ལ་བཟང་། །ལོ་གསུམ་དུར་སྒོ་ཆོད་པ་ཡིན། །དགྲ་ཡི་རུ་མགོ་མཐོང་ཉིན་བཟང་། །དགྲ་ཁྱིམ་རེ་བས་ཆོད་པ་ཡིན། །དམག་དཔོན་སོད་ཅིང་དམག་མི་ཟིན། །རྟ་ནག་ཕོ་རོག་འདྲ་བ་དེ། །མོ་མ་ང་ཡི་མོ་ཡོན་དགོས། །ནད་པ་ཤི་ཐུག་མོ་ལ་བཟང་། །བདུད་མོའི་ཁ་ནས་ཚེ་སྲོག་ཐར། །རྨང་པོའི་བུ་ཡི་སྲོག་ཕྱྭར་བཟང་། །བུ་སྲོག་བདུད་ལས་ཐར་བ་ཡིན། །སེ་རབ་བསྲུང་བའི་མོ་ལ་བཟང་། །སྡེ་བརྒྱད་དབང་དུ་འདུས་པ་དང་། །ནམ་མཁའ་ཕྱག་རྒྱས་ཁེབས་པ་ཡིན། །བདུད་དང་སྲིན་པོ་བསྒྲུབ་ན་བཟང་། །བདུད་སྲིན་ནག་པོ་འདུས་པ་ཡིན། །ཡུགས་ས་བག་མར་ལེན་ན་བཟང་། །བདུད་མོའི་ལག་ན་ཚེ་མདའ་ཐོགས། །མགར་བ་ནག་པོའི་མོ་ལ་བཟང་། །མགར་གྱི་རྩི་ཐོག་རྒྱས་པ་ཡིན། །སོ་ཡོན་འདི་ལ་བརྒྱག་གཅིག་བྱུང་། །སོ་ཡོན་ལིང་ཀུན་དཀར་མོ་ཡིན། །དཀར་པོ་བགད་པའི་སོ་ཞོ་ལས། །ནག་པོ་འཛུམ་པ་ཁ་ཕོ་ཆེ། །གཉིས་བརྒྱག་བར་མེད་བར་བཅས་གཉིས། །གསུམ་བརྒྱག་ལ་ཡང་དེ་འདྲ་གཉིས། །བཞི་བརྒྱག་གཅིག་དང་བཅས་པ་དང་། །ལྔ་


MR16_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་འཁོར་བ་དྲྭ་བ་བརྒྱག །སོ་བྲག་བཏུམ་པའི་དྲྭ་བ་ཡིན། །དེ་ལྟར་མི་འདྲ་བདུན་མཆིས་མོད། །སོ་སོའི་ཞིབ་བཤད་མ་རྙེད་ཀྱང་། །ལིང་ཀུན་སྤུན་བདུན་ཞེས་སུ་བཤད། །ངམ་ཟ་དམར་མོའི་ལུས་པོ་ལ། །མཐུ་ཆེན་ཝེར་མ་སྤུན་དགུ་འཁྲུངས། །རང་སར་བབ་ན་གྲོགས་ངོ་ཡིན། །ཕྱི་སར་བབ་ན་དགྲ་ངོ་ཡིན། །སྟོད་དུ་བབས་ན་ཝེར་མ་ཡིན། །སྨད་དུ་བབས་ན་ནོར་ངོ་ཡིན། །སྟོད་སྨད་བར་གསུམ་གར་བབ་ཀྱང་། །ཤིན་ཏུ་བཟང་བའི་མོ་མདུད་ཡིན། །བརྒྱག་མིག་ནང་དུ་སོས་བཀུག་ན། །སོ་བྱའི་གཙུག་གི་ནོར་བུ་ཟེར། །ཁོག་བརྒྱག་དག་ཀྱང་བཟང་བར་བཤད། །གྲུ་བཞི་ལ་ནི་སོས་བཀུག་ཅིང་། །གྲུ་བཞིའི་ནང་དུ་གཅིག་འཇུས་པ། །སོ་ཡོན་རྟིང་བཤལ་ཞེས་བྱ་སྟེ། །ལ་ལས་སོ་རྟོད་ཅེས་སུ་འབོད། །ཡང་ན་སོ་ཡོན་ཨ་རྔམ་རྩེ། །ཡང་ན་རྔམ་པ་འབྲུག་ལྕེ་ཟེར། །དུག་དང་དུག་བཅུད་དུག་སྦྱོར་གསུམ། །མདུད་པ་འདི་ལ་ཚང་བ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །འདི་ལ་བརྒྱག་གཅིག་བཅས་པ་ན། །སོ་ཡོན་མོ་མ་དུང་མཚོ་བརྒྱག །དཔག་བསམ་གྱི་ནི་ལྗོན་ཤིང་དང་། །ཆུ་སྲིན་ཀ་ར་རྒྱ་མཚོའི་བླ། །མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །འདི་བས་ཁ་ཁྲག་གཅིག་ཀྱང་མེད། །རང་གི་བཙན་སར་བབ་པ་ན། །དགྲ་དམག་སུམ་ཆ་བཙོན་དུ་བཟུང་། །གོ་མཚོན་སྣ་དགུ་གནང་དུ་ཐོབ། །གཡུལ་ལ་འདི་ལས་ལེགས་པ་མེད། །གནང་ལ་འདི་བས་ཆེ་བ་མེད། །ཕྱི་ས་ཤོར་དུ་མི་རུང་ངོ་། །བརྒྱག་བཞི་འཁོར་བ་གླིང་བཞི་ན། །བསེ་རྒོད་སྟག་ཤམ་འབར་བ་བརྒྱག །ཆུ་སྲིན་རྔམ་པའི་ལྟོ་བ་དེར། །སྟོང་གསུམ་འབུ་སྲིན་བླུག་ངོ་ཡིན། །དམག་ཆེན་མོ་ལ་རང་སར་བཟང་། །བརྒྱག་བཤད་ལྷག་མ་མ་རྙེད་ཀྱང་། །གཅིག་བརྒྱག་འགྲོས་སྦྱར་ཇེ་བཟང་དཔྱོད། །སོ་ལ་གྲུ་བཞི་གཅིག་དང་ནི། །


MR16_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུ་གུ་གཅིག་གིས་སོ་སོར་འཇུས། །སོ་ཡི་ཁ་བུར་ཞེས་ཀྱང་བྱ། །སོ་ཡོན་སྒོ་མ་ལག་འཐིང་ངམ། །སོ་ཏྲོང་བུ་ལག་ཆག་ཅེས་ཀྱང་བྱ། །སོ་ཏྲོང་སྤོ་བར་གསུམ་ཚང་བའི། །ངན་པ་དགུ་འདུས་འདི་རང་ཡིན། །གཅིག་ལ་རྒྱལ་པོའི་སྐུ་མཁར་ཞིག །གཉིས་རྗེ་ཡི་བཀའ་བཀྱོན་བྲན་ལ་འབབ། །གསུམ་ཤེལ་བྲག་ཁ་ནས་རྒོད་ཕྲུག་ཡར། །བཞི་འབྲི་ཁྱུའི་དཀྱིལ་དུ་ཧོན་ནད་ཞུགས། །ལྔ་དགྲ་མཁར་ཐོག་གིས་བཤིག་པ་ཡིན། །དྲུག་བཞོན་འབྲི་བ་མཛོ་ཤི་བའི་ངོ་། །བདུན་འོག་རྟ་རྐུན་མས་ཁྱེར་བའི་ངོ་། །བརྒྱད་ལྷ་གཡག་ཐོག་གིས་བསད་པ་ཡིན། །དགུ་བཙན་གླང་གྲི་རུ་འཆི་བའི་ངོ་། །བཅུ་པ་བཙན་མཁར་ལ་སྐྱོན་བབས་ཡིན། །བཅུ་གཅིག་དཔའ་བོ་གྲི་རུ་འཆི། །བཅུ་གཉིས་རི་ཐང་མེ་ཡིས་འཚིག །བཅུ་གསུམ་དཔག་བསམ་རྩེ་མོ་ཆད། །ཅི་ལ་བཏབ་ཀྱང་ངན་པ་ལ། །རྫ་མཁན་རྫ་ཁོ་ལེགས་པའི་ངོ་། །དེ་ལ་བརྒྱག་གཅིག་བཅས་པ་ན། །ཧ་ལ་ནག་པོ་མེ་འབར་བརྒྱག །གཏིང་ནག་དུག་གི་སྡོང་པོ་ཡིན། །རྣོ་གཅོད་སྤུ་གྲི་རེག་ཆོད་ཡིན། །དགྲ་ཁྲག་ཆུ་ལྟར་འཐུངས་ཀྱང་ཞེ་མི་ཚིམ། །དགྲ་ཁ་ཕུང་གཏོང་བའི་ཝེར་མ་ཡིན། །དམག་དང་མཐུ་བསྒྲུབ་དྲག་ལས་ལ། །རང་སར་བབ་ན་འདི་ལས་བཟང་བ་མེད། །ཕྱི་སར་ཤོར་དུ་མི་རུང་ངོ་། །བརྒྱག་གཞན་སྟོབས་ཀྱང་གོང་འཕེལ་དཔྱད། །སོ་ཁ་བུར་དེ་ཡི་ཕྲུ་གུ་ཡིས། །གྲུ་བཞིའི་ཁོག་ལའང་འཇུས་པ་ན། །སོ་ཡོན་ཁོང་སེང་ཏྲོང་བུའམ། །སོ་ཡོན་ཁ་ཐུན་ལང་ཙེ་བྲག །གྲིབ་ཟས་ཟ་བའི་དམེ་མོ་ཡིན། །མོང་རྩེ་ལྟ་བ་ལོག་པ་ན། །ཕྲུག་གུ་གཟན་དུ་མཐོང་བའི་མོ། །མ་ཡིས་བུ་བསད་བྲག་མདུད་ཡིན། །དེའི་བུ་ལ་བརྒྱག་གཅིག་བྱུང་བ་ན། །དམར་མོ་རཾ་རཾ་ཚྭ་ཚྭ་བརྒྱག །བུ་མོ་གཡང་ལྷུང་མ་ཡིས་ཟིན། །མི་རྣམས་མི་འཆི་


MR16_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི་བྲག །རང་ས་དག་ཏུ་བབ་པ་ན། །དྲག་པོའི་ལས་ལ་མཆོག་ཏུ་བཟང་། །གྲུ་བཞི་གཅིག་ལ་ཕྲུ་གུ་བསྐོན། །ཕྲུ་གུའི་ནང་དུ་སོས་འཇུས་པ། །སོ་ཡོན་འགུག་མོ་རྫི་ལུང་བྲག །ཡང་ན་སོ་ཡོན་ཁ་རྒྱ་ནག །ཡང་ན་དོང་བུ་དོང་བྲག་ཟེར། །ཡང་ན་སོ་ཡི་ལག་བཤལ་ཡིན། །ངམ་གྱི་ཁྱི་ནག་ལྕགས་མགོ་ཡིན། །ངམ་གྱི་བྱི་བ་གཡུ་རྐུན་ཡིན། །མུན་པ་ཟེར་ལྡན་བླ་དེ་ཡིན། །ལན་དུ་ཏྲོང་རིགས་བབས་པ་ན། །བླ་གཡུ་ངམ་གྱིས་བརྐུས་པ་ཡིན། །གཅིག་རྒྱལ་བུ་མཐིང་གི་ཕྱིང་དཀར་ལ། །དམ་གྱི་དྲི་མ་ནག་པོས་གོས། །གཉིས་ཆུ་སྲིན་ག་རས་སོ་བྱས་པས། །དགྲ་མགོ་མ་འགུལ་དགྲ་མེད་ཡིན། །གསུམ་དུར་ཕག་ནག་པོས་དུར་ས་བརྐོས། །བཞི་ངམ་མཚོ་དམར་མོ་གཏིང་ནས་འཕྱུར། །སྦལ་སྦྲུལ་ཉ་ལྕོང་ཁ་ལ་ལྷུང་། །ལྔ་ངམ་གྱི་ཕག་ནག་སོ་བྱས་པས། །དགྲ་ཡུལ་དགུ་ཚུན་ན་མི་འདུག་སྐད། །དྲུག་ངམ་གྱི་ཕུག་ནག་ནང་ཤེད་ནས། །ནལ་གླང་ཁམས་པས་ངུར་སྐད་འདོན། །བདུན་མཐུ་ཆེན་དགྲ་བླའི་གསས་རྡོ་མནོལ། །ཕ་སྤུན་ཕྱོགས་ཀྱི་མདུན་ངོ་ཡིན། །བརྒྱད་དམེ་ཡི་གྱོད་རྫོང་ནག་པོ་འཐིབ། །གཙོ་བོའི་མགོ་ལ་མདུན་ཞུ་གྱོན། །དགུ་གྲི་བྱ་ནག་པོའི་གཤོག་པ་བརྒྱང་། །གྲི་བོན་གདན་ལས་བཞེངས་པ་ཡིན། །བཅུ་གནམ་མཐོང་གཡུ་ཤུག་རྩེ་མོ་ན། །མུན་ནག་ཆར་ནག་འཐིབ་པ་ཡིན། །བཅུ་གཅིག་འོད་ཀྱི་རྒྱང་ཐག་མུན་པས་བསྣུབ། །དགྲ་བླའི་ངོ་སོ་དམའ་བ་ཡིན། །བཅུ་གཉིས་ངམ་གྱི་སོ་བ་གཉིད་ལོག་ནས། །ཡེ་ཡི་དམག་དཔོན་རྒྱལ་ཁ་ཐོབ། །བཅུ་གསུམ་གསལ་བྱེད་སྒྲོན་མ་མུན་པས་གཏིབ། །མཚུན་ས་ངམ་གྱིས་བཟུང་བ་ཡིན། །ཉི་མ་ཉིན་གཅིག་བཟང་བ་ཡོད། །ནད་པ་ཤི་སོས་མོ་ལ་བཟང་། །བདུད་མོའི་ཁ་ནས་སྲོག་མདའ་ལོན། །རྒས་ཚེ་ཕུག་མཐའ་རུ་ཕྱིན་


MR16_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟང་། །བུ་ལ་བརྒྱག་གཅིག་བྱུང་བ་ན། །སོ་ཡོན་རྫི་ལུང་ཅོང་ཁོང་བརྒྱབ། །བྲག་ནག་རྒད་པོ་ཁ་འཛུམ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །སོ་ཡོན་ནང་ནས་གཅིག་སང་ན། །སོ་སངས་ཞེས་སུ་གྲགས་པ་སྟེ། །སོ་ཡོན་ཤ་སྦྲང་མཆུ་རྣོན་སངས། །སངས་ཕྲན་བང་བ་ཤེད་ཅན་ཡིན། །སང་ཕྲན་དཔལ་ལ་དོན་ཡོད་ཡིན། །སོ་ཡོན་གྲིབ་མནོལ་མྱ་ངན་རྣམས། །སངས་པའི་ཕྱིར་ན་ཤིན་ཏུ་བཟང་། །འདི་ལ་བརྒྱག་གཅིག་བཅས་པ་ན། །སྲིང་མོ་ན་ཆུང་གཟི་བརྗིད་ཡིན། །སྟག་མོའི་མཆན་ནས་བུ་ཐོབ་ཡིན། །ས་ནག་བརྐོས་པས་གསེར་ཐོན་ཡིན། །གླང་གི་བུ་ལ་མཛོ་ཕོ་བྱུང་། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །སོ་སང་དེ་ལ་བརྒྱག་གཉིས་ན། །སངས་དུང་སྦྲང་གཡུ་ཡི་གཤོག་པ་ཅན། །རྣོ་མཉེན་ལྕགས་ཀྱི་སྡེར་མོ་ཅན། །ཟི་མ་འབུམ་གྱི་རྣོ་མགྱོགས་ཡིན། །སྟག་གཟིག་གཉིས་ཀྱི་ཚང་ནང་ནས། །སྟག་གཟིག་ཕྲུག་གུ་ཚར་བ་ཡིན། །རང་སའི་སྟོད་དུ་འདི་བབ་ནས། །ཕྱི་སར་སྐྱ་ཞིབ་སྤོ་རྟ་ན། །ཡ་རབས་དག་གི་བུ་ཚ་ནི། །སྟག་ཕྲུག་གཟིག་ཕྲུག་འདྲ་བ་གནང་དུ་ཐོབ། །སྤྱིར་ཡང་ཇུས་རྒྱལ་གནང་གསུམ་ཐོབ། །བརྒྱག་བཞི་དུང་བྲག་འོ་མཚོ་སྡེབ་པའི་བུ། །རིན་ཆེན་འདུས་པའི་སྦྲང་བུ་ལ། །སྣ་ཚོགས་འོད་ཀྱི་གཤོག་པ་ཅན། །གཡུ་ཡི་རྒྱན་ལ་གསེར་གྱི་འདབ། །གནམ་ལྕགས་མདུང་མོ་ཕྲག་ལ་གཟར། །གཞན་མ་མཚོན་ཆ་ལག་པས་འདེབས། །སྦྲང་བུས་མཚོན་ཆ་མཇུག་གིས་འདེབས། །ཟི་མ་འབུམ་སྡེ་ཆས་ཙམ་ན། །རིན་ཆེན་སྦྲང་བུ་སྣ་ལ་ཆས། །རང་ས་བཙན་ཁྱིམ་གར་བབ་ཀྱང་། །འཁྲུག་པ་རྒྱལ་ནས་འོག་རྟ་མགྱོགས། །རྩ་བའི་སོ་ཡོན་གཅིག་པུ་ལས། །གཞན་རྣམས་བྲག་དང་སང་དུ་གཏོགས། །ད་ནི་སོ་ཡོན་དཔྱད་དོན་


MR16_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྤྱིར་ན་རང་སར་སོ་ཡོན་ན། །གྲིབ་བཙོག་གཟའ་ནད་མྱ་ངན་ངོ་། །མང་ན་བདུད་དམག་ཐང་ལ་ལྷག །བ་ཁོག་གསུམ་དུ་སོ་ཡོན་ན། །རབས་ཆད་ནག་པོ་སྒོ་ཉལ་བྱེད། །སྙིང་མིག་སྲོག་གསུམ་སོ་ཡོན་ན། །སྐྱིད་སྐྱིད་འདྲ་ཡང་ཕུག་མི་བདེ། །ཐ་མར་སྐྱིད་ལ་སྐེད་ཆོད་འོང་། །བདུད་སྲིན་བཟློག་པ་དྲག་པོ་བྱ། །གར་བབ་གྲངས་ཀྱི་ལོང་བའི་གཟུགས། །དགྲ་ཕྱོགས་འཕང་ལ་དམོད་པ་བོར། །དཀོན་མཆོག་དྲུང་དུ་མར་མེ་འབུལ། །སོ་ཡོན་ལན་དུ་དིང་དིང་ན། །ཡེ་སྨོན་རྒྱལ་མོས་མ་བདུད་ཐུལ། །སྐྱིན་དིང་ངམ་མུན་སྒྲོན་མས་བསལ། །གལ་བར་མུན་ནང་གླང་བུ་བདེ། །གླང་བུའི་མགོ་ལ་ནོར་བུ་བདེ། །བྱ་ཡུན་ལོང་བའི་མིག་རྙེད་ཅིང་། །མུན་ནག་ནང་དུ་གསལ་སྒྲོན་རྙེད། །བག་བྱ་དང་མཁར་ཉི་མ་ཤར། །བྱ་བུར་ངམ་མུན་ཟླ་བས་གསལ། །མུ་ས་ངམ་ལ་སྨོན་སྲས་འཁྲུངས། །ཝ་ཚོ་དགྲ་བླ་ངམ་ལ་ཆས། །སྤོ་ཚེ་དུག་འདམ་རྟ་ཡིས་བསྒྲལ། །དམུ་དག་གླང་སྨྱོན་ལྕགས་ཀྱུས་འདུལ། །སྐྱེར་དཀར་ངམ་མཐའ་སྨོན་གྱིས་བཅིངས། །སྐྱེར་ནག་ལོང་བ་མུན་རུབ་ཡིན། །ཚོལ་ཚེ་ངམ་རིར་དམུ་གཡང་ཆགས། །བག་གི་ཚོལ་ཚེ་བབས་པ་ན། །བདུད་ལ་གཡུལ་ཐེབ་ངམ་ལ་ཕ་ཤ་ལོན། །ཕ་མཚུན་དགྲ་ལྷར་ཆས་པ་ཡིན། །ཁྱུང་བརྒྱང་དུང་ཁྱུང་ངམ་ནས་ཐར། །ཨ་ཁད་སྟག་མོ་ནགས་ན་རྒྱལ། །རང་སྙན་སྡུག་ལ་སྐྱིད་གཏམ་བྱུང་། །སྲང་ཟེ་མུན་ནག་དམུ་ཡིས་བསལ། །བྱོད་ཕུར་ལྷ་བུ་བདུད་ལས་ཐར། །མདུན་ཞུ་མགོ་ནས་ཕུད་པ་ཡིན། །ལྡི་བུར་སྤྲུལ་པའི་མིའུ་དེས། །ངམ་གྱི་བློ་སྒྲོམ་བཅོམ་པ་ཡིན། །ཡང་དིང་མུན་པ་ཡར་ཡར་དང་། །སུས་མཉམ་དུང་སྤྱང་ངམ་ནས་འཁོར། །ཙེ་ར་བདུད་བྲག་སྟྭ་རེས་བཤིག །གཡུང་དྲུང་བདུད་ལ་ལྷ་སེམས་སྐྱེས། །ཀྱེ་བ་མི་བུ་བདུད་ལས་ཐར། །ད་རོག་གྱི་ལིང་སྒྲོག་ལས་གྲོལ། །དམུ་དབལ་འཆིང་ཐག་མཚོན་གྱིས་


MR16_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །སྐྱམ་སྔོན་མུན་ནག་ཁ་ཆར་འཁྲིག །བྱ་རལ་སྡུག་མུན་རླུང་གིས་ཁྱེར། །ལི་ཡན་སྟོང་འདྲེ་ནག་མོ་རྒྱུག །མར་ལྡིང་ཕོ་ལྷ་སྨག་ཏུ་འཁྱམས། །སྤོ་བར་གྱོད་ལག་གྱོད་སྒྱེ་ཕྲད། །སོ་ཡོན་མུན་པ་སྨག་ཏུ་འཁྲིགས། །ལིང་ཀུན་གླང་བུའི་ཤེད་མོང་དགྲ་བླས་བསྐྱེད། །རུ་སོད་བོང་བུ་ཁལ་འོག་ཤི ། མ་ཟེ་སྨག་ལ་བཙན་དམག་རྒྱུག །ན་འབན་བདུད་དམག་སྤྲིན་ལྟར་འདུས། །སང་རིགས་གྱོད་མགོ་སང་བ་ཡིན། །ཏྲོང་བྲག་རིགས་རྣམས་གང་ཡང་ངན། །སེ་སྟོད་གྱོད་མཐའ་ཆུ་བས་རིང་། །ཁོག་ལ་གསུམ་འབྲེལ་གསུམ་ཡར་བ། །རུ་སོད་ཅེས་སུ་གྲགས་པ་དེ། །སྔོན་མ་སང་གཉེན་སྐྱས་བྱེད་དུས་དེར། །ཕ་བོང་རྟ་འདྲའི་རྩ་བ་རུ། །གཉན་གཡག་ཁམས་པའི་རྭ་རྩ་ན། །བདུད་པོ་གཤོག་རིང་རིང་ལ་བབས། །མྱེས་པོ་སྟོང་བདུད་ཁྱབ་པ་ཡིན། །ཕྱི་མོ་དུར་བྱ་ཀང་ཀ་ཡིན། །ཕ་དེ་སྤྲེལ་དམར་སྟར་ཐོགས་ཡིན། །མ་ནི་སྨན་ཚ་ཧོར་པ་ཡིན། །བུ་བདུད་རིགས་རྣམས་ཀྱི་ཆེ་བ་ཡིན། །དུར་བྱ་ནག་མོ་གཤོག་རིང་ཡིན། །ཐང་གཅིག་བདུད་གཡག་ཁམས་པ་ཡིན། །ཐང་གཅིག་གྲི་བོ་ཤ་ཟན་ཡིན། །ཐང་གཅིག་གེ་གོང་དཀར་པོ་ཡིན། །ཐང་གཅིག་ལྕགས་སྤྱང་སྔོན་མོ་ཡིན། །རེས་གཅིག་ལྷ་གཡག་དཀར་པོ་ཡིན། །རེས་གཅིག་ཕོ་རོག་སྟོང་ཐུབ་ཡིན། །རེས་གཅིག་སྡུག་འདུག་གྲི་བོ་ཡིན། །ཐང་གཅིག་གློ་བུར་ཡེ་འདྲོག་ཡིན། །འདི་འགྲུ་ཡི་ལྷ་གཡག་དཀར་པོ་ཡིན། །སྲིན་གཡག་ཁམས་པ་བརྟུལ་མི་ཡིན། །སྲིད་པ་འབྲུ་ཡི་དགྲ་བླ་ཡིན། །རུ་སོད་རུས་པའི་རྫིའུ་ཡིན། །བདུད་ཡབ་རྗེ་ནག་པོ་རྟ་ཞོན་ཡིན། །དེ་ཡི་མཁར་རྩེར་བརྒྱག་སོང་ན། །རུ་སོད་ཁ་ལེ་དཀར་པོ་ཡིན། །འགྲུ་ཡི་ལྷ་གཡག་དཀར་པོ་ཡིན། །ཝེར་མ་དོམ་མགོ་གླང་སྙིང་ཡིན། །དགྲ་ཤ་ཟ་བའི་ཝེར་མ་ཡིན། །ལྷ་གཡག་སྲིན་དང་བསྡེབས་པའི་བུ། །


MR16_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གར་བ་ཞགས་ཐོགས་བྱ་བ་ཡིན། །དམག་ཇག་གཉིས་ལ་ལྷག་པར་བཟང་། །བརྒྱད་ལ་ལྷ་གཡག་སྤང་ལ་འགྱིང་། །འབྲུ་ཕ་དགུ་བུ་བཅུ་ཚང་ངོ་ཡིན། །མི་དཔའ་རྟ་མགྱོགས་ཝེར་མ་ཡིན། །བཅུ་གཅིག་ལྕགས་ཁྲ་དགྲ་བླར་ཆས། །བཅུ་གསུམ་ཕོ་རོག་སྟོང་ཐུབ་རྫིའུ་ཡིན། །མི་གཅིག་ལོ་བརྒྱ་ཐུབ་པ་ཡིན། །དེ་ཡི་འོག་ཏུ་བརྒྱག་པ་ནི། །རུ་སོད་དཔལ་གྱི་དར་ནག་ཡིན། །འདྲེ་སྲིན་འགོང་པོས་རྒྱབ་གྲོགས་བྱེད། །འདི་ཡང་དམག་ཇག་གཉིས་ལ་བཟང་། །སྒོ་བརྒྱག་བྱུར་གྱི་ཤ་ཆང་ཡིན། །ཕོ་རོག་ནག་ཆུང་གྲི་ཤས་འགག །འགག་དང་མཐའ་མིག་གཉིས་ཀ་ཡིན། །སྡུག་ཡི་ཆད་གྲི་བོ་གཤེད་ལ་འཁོར། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །གཏོ་ལ་གཡག་ནག་དགྲ་ཆོས་དང་། །ལེགས་ལྡན་མགོན་པོའི་བིང་བཟློག་བྱ། །སྔ་མ་གཉིས་པོ་བརྒྱག་པ་ན། །རུ་སོད་མདུད་བུ་རྩེ་ཁྲ་ཡིན། །དམག་ཇག་གཉིས་ལ་ཕྱར་ཆོག་ཡིན། །ཕྱི་མ་གཉིས་བརྒྱག་བདུད་བཙན་རོ་འཛིན་ངན། །གསུམ་བརྒྱག་ནག་གུ་རབ་རིབ་ན། །དོམ་ནག་ལྕགས་ཁྲ་དགུ་བསྒྲིལ་བརྒྱག །གེ་ཁོད་སྲིན་རྩ་དམར་པོ་ཡིན། །དགྲ་འདྲེ་འདུལ་བའི་གཉེན་པོ་ཡིན། །སྤོ་ལ་ཕྲུ་གུ་གཅིག་འཇུས་ནས། །གསུམ་འཐོར་སྐ་བྲག་རུ་སོད་ཡིན། །བདུད་ཀྱི་སོལ་ཁྲ་ནག་པོ་ཡིན། །ངམ་སྲས་འཇོལ་ལ་ཤི་བ་ཡིན། །ཆུ་ཕོ་འབྱོལ་ཁམས་ཆོལ་བུར་བྱེད། །སྒོ་བརྒྱག་སྒོ་བདུད་ནག་པོ་ཡིན། །གྲི་ཤིང་སྐྱེར་པའི་རྩེ་མོ་ན། །གྲི་བྱ་ཕོ་རོག་བབས་པ་ཡིན། །སོ་ཡིས་ཕྲུག་གུ་གཉིས་ལ་སོ་སོར་འཇུས། །གསུམ་འཐོར་དམུ་ངམ་རུ་སོད་ཡིན། །ངམ་གྱི་ཐལ་བྱ་སྐྱ་བོ་ཡིན། །སྔ་མའི་ཕྲུག་གཉིས་ཙམ་ཐིག་ན། །དམུ་བྲག་རུ་སོད་བྱ་བ་ཡིན། །ངམ་བྱ་ནག་མོ་གྲིབ་ཅན་ཡིན། །སྐྱམ་ལ་


MR16_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སོས་བཀུག་གསུམ་ཡར་བ། །སྐྱམ་བྲག་རུ་སོད་བྱ་བ་ཡིན། །ཕུང་བྱེད་སོལ་ཁྲ་ཤ་ལ་རྔམ། །ན་ལོང་མེད་པའི་ཤི་ངོ་ཡིན། །དེ་ལ་བརྒྱག་གཅིག་བྱུང་བ་ན། །སྐྱམ་བྲག་རུ་སོད་ཐུན་ངན་ཡིན། །སོལ་ཁྲའི་དབྱེན་གྱིས་སྣ་འདྲེན་བྱས། །ཡེ་ཡི་ཡུལ་དུ་གྲི་ཁམས་དར། །ཚེ་ཚེ་ར་ཡི་མོ་ལ་ངན། །ར་ཐོད་གྲོ་ཐོང་ལ་བྲུལ་མི་ཡིན། །གལ་ཏེ་བརྒྱག་གཉིས་བྱུང་བ་ན། །གྲི་ཁམས་བོད་ཡུལ་དབུས་སུ་དར། །མོ་རྟར་གཉིས་འབྲེལ་ལྕགས་ཐག་འདྲ། །གསུམ་འཐོར་ཤིང་ཤག་རུ་སོད་ཡིན། །སོ་བྱ་ནག་མོ་སྤྱན་གཅིག་ཡིན། །མི་ནག་མིག་རྩ་ཞར་བའི་བླ། །ཤིང་རྩེར་གྲིབ་བྱ་བབ་པས་ངན། །སྐྱེས་དར་མ་ཤི་ནས་གཞུ་མོ་ཆག །དེ་ལྟར་བརྒྱག་མེད་རྩ་མདུད་དྲུག །རུ་སོད་སོལ་ཁྲ་སྨད་དྲུག་གམ། །རུ་སོད་དཔའ་བོ་སྤུན་དྲུག་ཡིན། །གཅིག་གི་སྟེང་དུ་རུ་སོད་ན། །སྨོན་ཡུལ་གྲི་བོས་བཟུང་བ་ཡིན། །དགྲ་སྲི་མི་འཁོར་ཁ་མེད་ཡིན། །ཁ་མང་བཤད་དང་མིག་མང་གིས། །ལྟ་ངོ་ཡིན་པས་བདུད་བསྒྱུར་བྱ། །ཅི་ལ་བཏབ་ཀྱང་ངན་པ་ལ། །བདུད་དང་མགོན་པོ་བསྒྲུབ་ན་བཟང་། །གཉིས་སྲིན་མཚོ་སྐྱ་རིང་འགྲམ་ཤེད་ན། །གྲིབ་བྱ་ཕོ་རོག་ཀྲོག་ཀྲོག་ཟེར། །ཤར་ལམ་དོགས་མོའི་དགྲ་ངོ་ལ། །ལྷག་པར་བུ་མོ་སྒོ་ཁྱིར་ངན། །གསུམ་ཕོ་རོག་ནག་མོ་རྡོར་འགྲོས་བྱེད། །བུ་ལྔ་ཡོད་པའི་ཆུང་བར་ངན། །ཆུང་སྲི་ཅན་གྱི་མོ་མདུད་ཡིན། །ཆུང་སྲི་མནན་ཅིང་ཏོག་གཟུངས་འདོན། །བཞི་མ་དྲོས་ཀླུ་ཡི་ཕོ་བྲང་དུ། །ཕོ་རོག་ནག་པོ་སྟོང་རྒྱུག་བྱེད། །ནོར་ཡོད་ཟེར་གྱིན་ཡོད་རྒྱུ་མེད། །ཟས་ཡོད་ཟེར་གྱིན་ཡོད་རྒྱུ་མེད། །ལྷག་པར་ཕྱུག་པོའི་མོ་ལ་ངན། །གཡང་གྲོགས་བདུད་ཀྱིས་ཁྱེར་བ་ཡིན། །གོད་སྲི་མནན་པ་དྲག་ཏུ་བྱ། །ལྔ་ངམ་གྱི་སོལ་རི་རྫོང་འཕྲང་ན། །བྱ་ཕོ་རོག་ནག་མོས་སྐོར་རྒྱུག་བྱེད། །དགྲ་བྱེད་


MR16_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་མཁན་ཡོད་པ་ཡིན། །ཉི་མ་ལྷོ་ཡི་དགྲ་ངོ་ཡིན། །བདུད་མགོན་དགྲ་ལ་རྦད་ན་བཟང་། །དགྲ་བོ་གྲི་འཐབ་བསད་པ་ཡིན། །དྲུག་སྨན་ཁྲ་མོའི་ལུས་ལ་དྲི་མ་ཆགས། །ཕྱུག་པོའི་ནོར་ལ་རྒྱལ་འགོང་ཆགས། །མི་ནོར་གཉིས་ལ་ཞིག་རལ་འབྱུང་། །འདྲེ་གདོན་མི་གནོད་ཁ་མེད་ཡིན། །བདུན་ཕོ་དཔའ་བོའི་ཀ་བ་བདུད་ཀྱིས་བཅག །སྨན་དཔའ་མོ་མཛེས་མའི་གཡང་ཤུན་བུད། །རྟ་ཕོ་རྒོད་གློ་བུར་འདྲོག་པ་ཡིན། །སྐྱེས་དར་མ་ནད་ཀྱིས་ཐེབས་པ་ཡིན། །བརྒྱད་ཕུ་རི་གསུམ་འདུས་པའི་རྩེ་མོ་ནས། །བདུད་གཡག་རོག་པོས་རུ་བདར་བྱེད། །མདའ་ལུང་གསུམ་འདུས་བའི་ས་མདོ་རུ། །ཀླུ་བདུད་ནག་མོ་འདྲེ་རུ་གནོད། །ལྷ་བཙན་ཀླུ་བདུད་བཅོས་པར་བྱ། །དགུ་ཉི་མ་མེད་པའི་གྲིབ་ཁུང་དུ། །བདུད་གཡག་རོག་པོ་ཆིག་རྒྱུག་བྱེད། །གྲི་སྲི་གློ་བུར་ཡེ་འདྲོགས་དང་། །ནུབ་ནས་དགྲ་ཡོད་དགྲ་ཆོས་པ། །བཅུ་འདི་བྱེད་གྲོས་སྣ་མང་བ་ལ། །ཟིན་མེད་ཆགས་རྒྱ་སྟོང་པ་ཡིན། །དགྲ་ཡོད་ཟེར་བྱ་གཏོང་འུར་སྒྲ་འབྱུང་། །བཅུ་གཅིག་དུང་ཁྱུང་སྤུན་གསུམ་གནས་མལ་དུ། །སོལ་ཁྲ་སྤུན་གསུམ་ཤོར་བ་ཡིན། །གཞན་མི་ཅི་ལ་ངན་ན་ཡང་། །བདུད་བཙན་དགྲ་བླ་མཆོད་ན་བཟང་། །བདུད་ཀྱི་མདོས་ཟོར་བྱེད་ན་བཟང་། །སྤུན་གསུམ་ས་གསུམ་འཛིན་ན་བཟང་། །བཅུ་གཉིས་བྱང་གི་ཐང་ཤིང་ལ། །གྲིབ་བྱ་ཕོ་རོག་གྲོག་གྲོག་ཟེར། །དགྲ་ད་ལྟ་ཡོད་ཟེར་འུར་འབྲོས་བྱེད། །ཡོང་སྐད་ཐོས་ཀྱང་འོང་རྒྱུ་མེད། །བཅུ་གསུམ་ཐང་ཤིང་ཁུ་ཡུར་ལ། །གྲིབ་བྱ་ཕོ་རོག་སྡུག་སྡུག་ཟེར། །ཕོ་ཕ་ཚན་ཅན་གྱི་མོ་ལ་ངན། །རང་མཚང་རང་གིས་གསལ་ངོ་ཡིན། །ཆོས་སེམས་ཅན་གྱི་མོ་ལ་ངན། །བློ་ཕུག་བདུད་ཀྱིས་འཕྲོག་པ་ཡིན། །ཅི་བཏབ་ཅི་ལ་ངན་པ་ལ། །གྲི་རྒོད་འདུལ་བའི་མོ་ལ་བཟང་། །གྲི་རྒོད་མཚུན་དུ་འགྱུར་བ་ཡིན། །མཚུན་ངར་མ་དགྲ་ལ་ཆས་པ་ཡིན། །རྨའུ་ཤག་འགྱེད་མོ་


MR16_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་། །ཤའུ་སོས་ནས་ཤག་ཁ་རྒྱལ། །སྔགས་ནག་མཐུ་བསྒྲུབ་མོ་ལ་བཟང་། །མཁར་ཁའི་ཕོ་རོག་གྲོག་ཡོད་ཟེར། །ཁ་ལེ་དཀར་པོ་བབ་པ་ན། །ཕོ་རོག་ནག་པོ་སྟོང་ཐུབ་ཡིན། །ད་ནི་རུ་སོད་ལན་དཔྱད་ལ། །རུ་སོད་ལན་དུ་དིང་དིང་ན། །ཕོ་རོག་ནག་པོས་ཕ་ཡུལ་ཟིན། །རྒྱལ་པོ་གདན་ས་ནོན་པ་ཡིན། །སྐྱིན་དིང་བདུད་མཚོན་རྡོ་ཡིས་མནན། །གལ་བར་དར་ནག་དགྲ་བླ་འཁོར། །སྟོད་དུ་བབ་ན་ལྷག་པར་བཟང་། །བྱ་ཡུན་རོག་པོའི་དཔྲལ་བར་མདངས་གཅིག་བྱུང་། །སྡུག་པ་སྐྱིད་ཀྱིས་བསུས་པ་ཡིན། །བྱ་བུར་འབྲོང་ལ་རུ་ཐུར་རྒྱས། །མུ་ས་སྒྲོན་མེ་རང་འབར་ཡིན། །བློ་མི་ཉེས་པའི་རྫིའུ་ཡིན། །ཁྱད་པར་མུ་ས་ཅོད་པན་བཟང་། །རི་གསུམ་མགོ་ལ་འབྲོང་གསུམ་འགྱིང་། །ཝ་ཚོ་འགྲུ་ལ་དཔའ་དར་ཐོགས། །སྤོ་ཚེ་མི་ཆད་རྟ་དར་འཕྲད། །དམུ་དག་ཤ་བ་ཁྱིས་དེད་བྲག་ལས་ཐར། །བདེ་བའི་གནས་དང་འཕྲད་པ་ཡིན། །སྐྱེར་དཀར་རུལ་མས་ཤེད་ཕུད་སོགས། །ཐང་ལེ་མི་ཁའི་བུ་མོས་བྲང་བརྡུང་ངན། །ཁྱད་པར་བྱིས་པ་གཅིག་ལ་ངན། །ཚོལ་ཚེ་རུ་སོད་རྡོ་རྗེའི་བྲག་དང་འཕྲད། །ཕོ་རོག་ཞར་བས་བདུད་རྩི་རྙེད། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །ཁྱུང་བརྒྱང་འབྲོང་ལ་མགྱོགས་རྩལ་ལྡན། །ཨ་ཁད་འགྲུ་ལ་སྨྲ་ལྕེ་རྒྱས། །རང་སྙན་འབྲོང་ལ་དཔའ་ཤེད་རྫོགས། །སྲང་ཟེ་ལྷ་གཡག་འབྲུག་ལྟར་ངར། །བྱོད་ཕུར་གཡའ་སྤང་བདུད་ལས་ཐར། །ལྡི་བུར་སོལ་ཁྲ་ལྕགས་ཁྲས་བསད། །ཡང་ན་འབྲོང་ལ་རྭ་ཅོ་རྒྱས། །རྐང་སྤར་ཡུལ་ལྷ་བདུད་ལས་ཐར། །ཡར་ལྡིང་འབྲོང་ནག་རྫ་རི་ཕྲད། །སུམ་མཉམ་འབྲོང་མོ་འཕྲང་ལས་ཐར། །སྒོ་བརྒྱག་གྲི་ཕག་སྤྱང་ཀིས་བསད། །ཙེ་ར་བདུད་ཤིང་སྟ་རེས་ཆོད། །གཡུང་དྲུང་འབྲོང་ལ་བེམས་ཤ་རྒྱས། །ཀྱེ་བ་ལྷ་གཡག་རི་ལ་འགྱིངས། །ད་རོག་འབྲོང་


MR16_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤུ་སྡུག་རྒྱས། །དམུ་དབལ་འབྲོང་གི་རུ་རྩེ་རྣོ། །སྐྱམ་སྔོན་འབྲུ་ཡི་བུ་དགུ་ཆུ་ཡིས་ཁྱེར། །བྱ་རལ་འབྲོང་ཀོ་ཁྱི་ཡིས་ཟོས། །ལི་ཡན་འབྲུ་ཡི་ཕ་རྒན་བྱིང་བ་རླུང་གིས་ཁྱེར། །གསེར་བྱ་མགར་བ་མགར་ཚང་ནང་དུ་ཤི། །སྤོ་བར་མི་གསུམ་གྱོད་ལ་འཐོགས། །སོ་ཡོན་བདུད་གཡག་མུན་པར་རྒྱུག །རུ་སོད་བདུད་ནག་གྲལ་ལར་བསྒྲིགས། །ཁ་ལེ་ཕོ་རོག་སྟོང་ཚེ་ཐུབ། །འབྲུ་ཡི་ལྷ་གཡག་ཆས་པ་ཡིན། །སྒོ་བརྒྱག་འགྲུ་ཡི་བུ་དགུ་ཆུ་གྲིར་འཆི། །མ་ཟེ་བརྡུང་གི་རུ་དམར་ལང་། །ན་འབན་བདུད་ཀྱི་དམག་སྣ་ཆས། །སེ་སྟོད་བུ་དགུ་གཡག་གིས་བསད། །མོ་རྟ་བག་སོང་གསུམ་ཡར་ནས། །ཕྲུ་གུ་གཉིས་དེ་སྐྱམ་དུ་སོང་། །སྐྱམ་མ་ཟེ་སྔོན་མོ་ལྕམ་ལྕམ་ཡིན། །ཉི་མ་ལྷོ་ལ་དབང་བ་ཡིན། །མ་ཟེལ་བཟང་བཤད་མ་མཆིས་ཀྱང་། །བཅུ་གསུམ་སྟེང་དུ་འདི་བབ་ན། །ཇག་པ་དཔུང་ཆུང་ཝེར་མ་ཡིན། །དབྱེ་ཤོག་འབྱེད་པའི་ཝེར་མ་ཡིན། །ཆར་པ་དྲག་པོའི་བླ་མདུད་ཡིན། །ཕ་དུང་ཤ་ཡིན་པས་མྱུར་མགྱོགས་ཆེ། །མ་མཆོང་ཁྱི་ཡིན་པས་གྱ་གྱུ་སྐྱེན། །མཆོད་ཁྱི་དུང་ཤ་བསྡེབས་པའི་བུ། །ཇག་ཕྲན་བྱེད་པའི་ཝེར་མ་ཡིན། །བྲག་དམར་ཟངས་ཡག་ནང་ཤེད་དེར། །གནམ་གྱི་ཆུ་ཐིག་ཟིལ་པ་དང་། །བྲག་གི་བརླན་གྱི་སྤྲུལ་པ་ལ། །གསེར་གྱི་བང་བོང་སེར་པོ་ལ། །ཁྲོ་ཆུའི་མགོ་ལ་མུ་ཏིག་ཀླད། །ས་བདག་དུང་སོ་པད་མའི་རྣ། །རིན་པོ་ཆེ་ཡི་རྒྱལ་མཚན་ཅན། །གཉན་རྒན་དེ་བར་མཚན་ཡང་གསོལ། །འདི་བྲག་གི་ཐེམས་སུ་ལོ་མང་བཞུགས། །རླུང་ནག་འཚུབས་མས་དབུ་གསུམ་བསྐྱོད། །དབུ་སྐྲ་སེ་བ་སྤྱན་གྱིས་གཟིགས། །རྙན་རྒན་བསམ་པའི་ཡིད་མ་བདེ། །བདག་ནི་རྒས་ལ་བུ་ཡང་མེད། །ད་ནི་བུ་ཞིག་བཙལ་དགོས་བསམ། །བུ་ཞིག་བཙལ་པ་རམ་མེད་པས། །གནམ་སྨན་དུང་ཤ་ཞིག་


MR16_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྫུས། །དུང་ཤ་བུད་མེད་བྱ་བསམ་ནས། །ལྕགས་ཁྱི་སྔོན་མོ་རོལ་དུ་ཁྲིད། །ཡེ་ངམ་གཉིས་ཀྱི་མཚམས་སུ་ཕྱིན། །དུང་ཤ་ཡུ་མོ་དེ་དང་འཕྲད། །དུང་ཤ་ལྕགས་རིའི་བར་ལ་བརྡས། །མ་དང་སྲིང་མོའི་བར་དུ་འགྲིམ། །མ་དང་སྲིང་མོ་ཟད་ཀྱིས་བཏང་། །མ་ཟེད་བྱ་བའི་གཏན་ཚིགས་ཡིན། །རྫུ་འཕྲུལ་ལན་གཅིག་བསྡེབས་པ་ལ། །གཉན་ཕྲུག་ཆགས་ནས་མ་དེ་སྦྲུམ། །སྦྲུམ་མ་བུ་ཁུར་བྱ་བའི་གཏན་ཚིགས་ཡིན། །སྐྱམ་མ་ཟེ་སྦྲུམ་མ་བུ་ཁུར་འདི། །སེམས་ཅན་འཕྱི་བའི་བླ་མདུད་ཡིན། །དེ་ཡི་སྐྱམ་ལ་བརྒྱག་སོ་ན། །སྐྱམ་མ་ཟེ་གཡུ་ཡི་ཆུ་མིག་ཡིན། །བརྟན་མ་བཅུ་གཉིས་བླ་མདུད་ཡིན། །སྐུད་དུ་ལོ་བའི་སྣུམ་ཞིག་ཡིན། །མོ་རྒོད་རྣམས་ཀྱི་སྲུང་མ་ཡིན། །མདའ་འཕེན་ཚུགས་ཐུབ་པའི་སྨྱུག་རྒོད་ཡིན། །བ་ཁོག་གསུམ་བབ་མི་ནོར་འཕེལ། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །བཅུ་གཉིས་ཕག་ལོའི་ལོ་ལྷ་ཡིན། །ལོ་མ་འཁོར་བར་དུ་ཁག་ཐེག་ཡིན། །དེ་ལ་བརྒྱག་གཉིས་བཅས་པ་ན། །སྐྱམ་མ་ཟེ་ཆུ་མིག་ཙག་ཙིག་ན། །བདུད་རྩི་འོ་མའི་ཆུ་རྒྱུན་བརྒྱག །འཛད་མེད་རྣམ་སྲས་བང་མཛོད་ཡིན། །དབུལ་མེད་ཛམ་ལྷའི་གཏེར་ཁང་ཡིན། །འདོད་འབྱུང་ཡིད་བཞིན་ནོར་བུ་ཡིན། །སྨོན་གྲུབ་རྒྱལ་བུ་དགེ་དོན་ཡིན། །ཅི་བཞག་ཐེག་པའི་ས་ཆེན་ཡིན། །ཁྱད་འཕགས་ནམ་མཁའི་ཉི་མ་ཡིན། །ཀུན་ཕན་ལམ་ཁའི་ཆུ་མིག་ཡིན། །ཟོས་ན་ཞིམ་མངར་སྦྲང་རྩི་ཡིན། །བཞོས་ན་མི་འཛད་མ་ཧེ་ཞོ་རྒྱུས་ཡིན། །བཀལ་ཚད་ཐེག་པ་གླང་ཆེན་སྟོབས་ལྡན་ཡིན། །ཀུན་གྱི་ཡིད་འོང་ན་ཆུང་བཞིན་ལེགས་ཡིན། །ཀུན་ལ་འཕྲོད་པ་སྨན་མཆོག་རྣམ་རྒྱལ་ཡིན། །རྒས་མེད་ཁྱུང་གི་ཕྲུ་གུ་ཡིན། །ཤི་སོས་བདུད་རྩིའི་ཉིད་ཁུ་ཡིན། །སྟོད་གསུམ་དམག་རྒྱལ་གནང་ཐོབ་ངོ་། །བ་ཁོག་གསུམ་དུ་བབ་པ་ན། །


MR16_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཚ་མིག་རྩ་དམར་བ་ཚར། །གནས་མལ་བབ་ན་ནོར་རྫས་འཕེལ། །སྐྱམ་མ་ཟེའི་སྐྱམ་དེ་སད་དུ་སོང་། །སད་མ་ཟེ་སྔགས་པ་མཐུ་ཁུར་ཡིན། །བྱང་གི་སེར་མོ་ཙམ་ཙམ་ཡིན། །འདི་སྔགས་ནག་ཆོས་སྐྱོང་མངོན་རྒྱུག་ཡིན། །མངག་ན་རྒྱུག་པའི་ཝེར་མ་ཡིན། །མ་མོ་རྣམས་ཀྱི་སྣ་ཁྲིད་ཡིན། །ལས་ཀྱི་སེར་བ་རོལ་པོ་ཡིན། །དཔྱིད་ཀྱི་རླུང་དམར་འཚུབས་མ་ཡིན། །དབྱར་གྱི་སྐྱིན་དིང་ནག་པོ་ཡིན། །དགུན་གསུམ་ཁ་བ་བུ་ཡུག་ཡིན། །སྙིགས་མའི་ནང་གི་དྭངས་མ་ཡིན། །མཚོ་སྨན་ཀླུ་སྨན་མོ་མདུད་ཡིན། །སྔགས་པའི་བུ་མོའི་མོ་ལ་བཟང་། །སྤོ་ལས་ཐི་གུ་བཞི་ཡར་བ། །སྤོ་མ་ཟེ་དཀར་མོ་ཡམ་ཡམ་ཡིན། །ཉི་མ་ཤར་ལ་དབང་བ་ཡིན། །ཡིན་ནི་བཙན་གྱི་བླ་མདུད་ཡིན། །ནུས་ནི་མདོ་ཕྲུག་རྟ་སྐྲོག་ནུས། །སྒོ་བརྒྱག་མ་ཟེ་ཨོག་དམར་ཡིན། །སྤོ་རྒོད་སྐྱི་ལེ་མིག་དམར་ཡིན། །བཙན་ཡམ་ཤུད་དམར་པོ་ཟངས་རྟ་ཞོན། །བཙན་དམག་རྣམས་ཀྱི་དམག་དཔོན་བྱེད། །ལར་ཞར་བ་རྣམས་ལ་བཟང་པོ་མེད། །མ་ཟེ་སྒོ་ལ་བརྒྱག་ན་བཟང་། །མ་ཟེ་ཨོག་དམར་ཐུབ་པ་མེད། །རང་སའི་བཙན་ས་གར་བབ་ཀྱང་། །བཙན་པོའི་རྟ་ལ་ཁྱུ་ཕྱག་བྱེད། །རྟ་མེ་ལྕེ་འདྲ་བ་ཁྱུག་ཅིག་ཐོབ། །དམག་ཇག་གཉིས་ལ་སྟོང་དུ་བཟང་། །གནངས་ཕྱྭ་བ་ཁོག་གསུམ་དུ་གཅེས། །ནད་པ་དང་ནི་ཡ་མ་ལ། །གང་བབ་ཟླ་ཞག་གྲངས་ལ་འཛེར། །གཞི་སོས་དལ་མོ་ལ་གྲི་ངོའང་ཡིན། །བཙན་དམར་མཆོད་མཁན་ཡིན་ན་བཟང་། །སྤོ་ཡི་སྤོ་དེ་ཏྲོང་དུ་སོང་། །ཏྲོང་མ་ཟེ་ནག་པོ་ཡམ་ཡམ་ཡིན། །ཉི་མ་ནུབ་ཀྱི་སྒོ་སྲུང་ཡིན། །ཡིན་ནི་བདུད་པོ་སྟར་ཐོགས་ཡིན། །བསྡོང་ནི་དམར་པོ་བཙན་དང་བསྡོང་། །རྐུ་ནི་མི་ཡི་ཚེ་སྲོག་རྐུ། །ཁུར་ནི་མི་རོ་མགོ་སྡུམ་ཁུར། །ལོ་མལ་བབ་ན་མི་ཤི་ནུས། །


MR16_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་བབ་ན་རྟ་ཤི་ནུས། །ཡ་སོ་ཅན་གྱི་ལོ་བྲག་ཡིན། །ཏྲོང་ཆུང་ན་འབན་ཉི་མ་བྲག །མི་བརྒྱ་ཤི་ལ་ཕྱུག་བརྒྱ་བརླག །མི་སུག་རྟ་སུག་འཐོར་ངོ་ཡིན། །དུར་ཁྲོད་བརྒྱད་ཀྱི་ཀེང་རུས་ལ། །ཁྱི་སྤྱང་རྒོད་གསུམ་འཐབ་མོ་བྱེད། །འདོགས་རིགས་ཀུན་གྱི་མཐའ་མིག་ཡིན། །ཤིང་གི་ལན་དུ་འདི་བབ་ན། །ཤིང་ཕུང་ནང་དུ་སྟ་རེ་ལྷུང་། །ཁམ་གང་མི་གཅོད་ཁ་མེད་ཡིན། །མེ་ལ་མེ་འབར་ཆུ་བླུག་ཡིན། །ས་ལ་ས་སྣ་འོབ་ཀྱིས་བཅད། །ལྕགས་ལ་ལྕགས་སྒོང་མེ་ལ་བཞུས། །ཆུ་ལ་ཐན་པས་བསྐམ་པ་ཡིན། །འབྱུང་བ་ལྔ་ཡི་བདུད་གཅོད་ཡིན། །རབ་ལ་མི་དང་འབྲིང་དུ་རྟ། །ཐ་མ་ཡ་སོ་ཅན་གཅིག་འཆི། །བཙན་ཤར་བ་རྐྱ་བདུན་བྱ་བ་དེ། །བདུད་ལ་ཕ་ཤ་ལེན་དུ་ཕྱིན། །ཕ་ཤ་མ་ལོན་བདུད་ལ་ཤོར། །ཤལ་ཆེན་འགྲིམ་ལམ་ཆད་པ་ཡིན། །ལར་མ་ཟེ་སྒོ་བཞི་བཙན་ཁམས་ཡིན། །ལྷ་མིན་གཅན་གཟན་གྲོག་མའི་གླ། །བརྟུང་ན་གློ་བུར་ཡེ་འདྲོག་ཡིན། །བཙན་སར་བབ་ན་ན་རོ་ཡིན། །ལོ་མལ་མི་བུ་བཙན་གྱིས་ཁྱེར། །ཅི་ལ་བཏབ་ཀྱང་ངན་པ་ལ། །སྔགས་པ་བུ་ཡི་མོ་ལ་བཟང་། །བཙན་རྒོད་ལྷ་རུ་བརྟེན་ན་བཟང་། །ད་གཅིག་གི་སྟེང་དུ་མ་ཟེ་ན། །ཤར་ཕྱོགས་ཡོད་རི་དིལ་དཀར་ལ། །ལྷ་མི་འཁྲུགས་པ་ལངས་པ་ཡིན། །ན་ཚ་བྲེད་སྡངས་སྡུག་བསྔལ་འབྱུང་། །གཉིས་བུ་མོ་བྲན་གཡོག་དུར་ཕྱྭར་ངན། །གསུམ་ཆུང་གསུམ་ས་ལ་ཡེ་འདྲོག་འོང་། །བཞི་ཀླུ་ཚང་ཞིག་ཅིང་མནའ་མར་ངན། །ལྔ་དགྲ་མེད་ཀྱང་བུ་སྲིད་མག་པར་ངན། །བུད་མེད་ཁ་འདུམ་ཁྲིད་ན་བཟང་། །དྲུག་བཞོན་མ་ལ་ནི་མཛོ་མོས་བརྡུང་། །བུད་མེད་མ་འབྲི་རྒོད་གསུམ་ངན། །བདུན་ཕ་སྤུན་འོག་རྟ་སྐྱེས་པར་ངན། །བརྒྱད་གཟའ་དཔོན་བནྡེ་མཚུན་ལ་ངན། །དགུ་ལེའུ་ཞང་ནོར་ལ་བཙན་ཁ་གནོད། །བཅུ་མ་ཕྱི་ཡུལ་ངན་གནམ་ཐོག་ངོ་། །བཅུ་གཅིག་རྗེ་དཔོན་བློ་འཛིན་ངན། །བཅུ་གཉིས་དགྲ་འུར་ལངས་ཀྱང་མི་ཉེས་ངོ་། །བཅུ་གསུམ་ཤིང་རྩེར་འདྲེ་བྱའི་ཚང་བཅས་པས། །མི་ཆེན་འཛེར་ཞིང་ཡེ་འདྲོག་


MR16_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །ཇག་མོ་མིན་པ་ཀུན་ལ་ངན། །ལར་ཕྱི་སའི་སྟེང་གི་མ་ཟེ་དེ། །སྡེ་བརྒྱད་དགྲ་ལ་རྦད་པ་དང་། །དྲག་སྔགས་མཁན་པོའི་མོ་ལ་བཟང་། །ལོ་མལ་གང་བབ་དེ་ལ་རྩུབ། །ཐབ་མཁན་གློ་བུར་ཡེ་འཕྲོག་ངོ་། །གྲི་བསྒྱུར་རྐྱེན་བཟློག་བྱ་དགོས་སོ། །མ་ཟེའི་ལན་དུ་དིང་དིང་ན། །གཟུགས་དྲུག་འཐོར་བ་པགས་པས་འབྲེལ། །ན་བ་ཡོད་ཀྱང་འཆི་བ་མེད། །འཐོར་བའི་སྡུད་སྣོད་དིང་དིང་ཡིན། །སྐྱིན་དིང་བྲེ་སྔོན་འབྲོད་བུ་བྲེས་ན་འགྱིང་། །ཅི་ལ་བཏབ་ཀྱང་བཟང་རྟིང་ཆོད། །གལ་བར་རྒྱ་གྲོག་ཚོང་ནང་དུ། །དྲེད་མོ་ཁམས་པས་འདྲེ་ལོག་བྱས། །སྤུ་ལ་སྟོང་ཕྱེད་ལྔ་བརྒྱ་བགོས། །དགྲ་ལ་བསད་བཟུང་བྱེད་ངོ་ཡིན། །བྱ་ཡུན་ཁ་འཚུབ་ཉི་མའི་སྣ་འདྲེན་ཡིན། །འཚུབ་མ་ཡོད་ཀྱང་སྐྱོན་ངོ་མེད། །བྱ་བུར་སྲིད་ཀྱི་ཆུ་མིག་རྡོལ། །བཀག་ཀྱང་མི་ཁོག་སྤུན་གསུམ་གྲལ་མགོར་དབང་། །མུ་ས་བཙན་གྱིས་མི་གྲང་གྲོལ། །ཝ་ཚོ་འདྲེ་ལམ་པོ་ལྷ་ས་བཀག །དམུ་དག་འཐོར་བ་ཐག་པས་བཅིངས། །ཕར་རྒྱུག་ཚུར་ལ་འོང་ངོ་ཡིན། །སྐྱེར་དཀར་དཀོར་མཛོད་འབྲས་ཀྱིས་གང་། །ཚོལ་ཚེ་རྒྱུག་ལམ་ཟས་ཀྱིས་བཀང་། །ཁྱུད་བརྒྱང་ཟ་འདྲ་ཁྱུང་གིས་བསྒྲལ། །ཨ་ཁད་གོད་མོ་སྐྲག་ནས་བཤད། །སྐྲག་སྡང་ཡོད་ཀྱང་ཕུག་མི་སྐྱོན། །རང་སྙན་དུང་མོ་གད་མོར་སོང་། །སྲང་ཟེ་རྐྱེན་ངན་དཔྱད་ཀྱིས་བཟློག །བྱོད་ཕུར་མ་ཟེའི་གཅན་ཁ་ཕུར་བུས་བསྡམས། །མཐུ་དང་བྱད་ཀྱིས་མི་ཚུགས་སོ། །ལྡི་བུར་དཔའ་བའི་ངོ་སོ་དགྲ་ལས་ཐོབ། །ཡར་ལྡིང་བྱད་ཁ་ལེའུས་བཟློག །སུམ་མཉམ་ཟ་འདྲེ་ལམ་དུ་ཚུད། །ཙེ་ར་གཅན་ཁ་མདུང་གིས་བཀག །གཡུང་དྲུང་འདྲེ་གདོན་ལྷ་ཡིས་བཏུལ། །ཀྱེ་བ་འདྲེ་མགོ་རི་ཡིས་མནན། །ད་རོག་དགྲ་ལམ་མཚོ་ཡིས་བཅད། །དམུ་དབལ་བྱད་ཁ་གཏོ་ཡིས་བསྒྱུར། །སྐྱམ་སྔོན་འདྲེ་ཁ་ནག་མོས་


MR16_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། །བྱ་རལ་བཙན་གྱི་ཟ་ཁ་ཕྱེས། །ལི་ཡན་བཙན་དམག་རླུང་ལྟར་འཕྱོ། །མར་ལྡིང་བློ་སྣ་འདྲེ་ཡིས་བསྒྱུར། །སྤོ་བར་མི་སྙིང་གྱོད་ཀྱིས་བསྐུལ། །སོ་ཡོན་ཉི་ཟླ་མུན་པས་བསྒྲིབ། །རུ་སོད་འབྲས་དྲུག་སད་ཀྱིས་ཁྱེར། །བཙན་སྣ་བདུད་ཀྱིས་ཁྲིད་པ་ཡིན། །མ་ཟེ་འདྲེ་དམག་མཉམ་དུ་ལངས། །ན་འབན་ཡེ་འདྲོག་རླུང་དམར་ལངས། །ཏྲོང་རིགས་ཚེ་ལ་ཟ་འདྲེ་ལངས། །སེ་སྟོད་གློ་བུར་ན་ཚ་འོང་། །བྲག་ནག་བདུད་ཀྱིས་གྲོས་ངན་ཤོམས། །ལར་ཕྱི་སར་མ་ཟེ་མ་བབ་ན། །དགྲ་ཚང་གཏིང་ནས་འཇིག་མི་ཐུབ། །རང་སར་ཝེར་མ་ཁས་དྲག་མེད། །དགྲ་བོ་ཐུབ་པར་མི་འགྱུར་བས། །དགྲ་འདུལ་མོ་ལ་དེ་ལྟར་དགོས། །ཐིག་དྲུག་སོ་སོར་འཐོར་བ་ན། །ན་འབན་ཞེས་སུ་གྲགས་པ་སྟེ། །གཉན་སྡོང་འཁྲུག་པ་བྱེད་ཉིན་བབ། །ཡང་མེས་གསེར་རི་ལྟོང་ཆེན་ཡིན། །ཡང་ཕྱི་གཡུ་ལུང་ཤོལ་མོ་ཡིན། །མྱེས་པོ་སྲིད་པ་ཐོན་དྲུག་ཡིན། །ཕྱི་མོ་བསྐལ་པའི་དཀར་ལྕམ་ཡིན། །ཕ་ནི་ཡབ་ལྷ་བདལ་དྲུག་ཡིན། །མ་ནི་ལྷ་མོ་ཐང་ཐང་ཡིན། །འདི་གཉིས་རྫུ་འཕྲུལ་བསྡེབས་པ་ལས། །དགྲ་བླ་ཐུགས་དཀར་བུ་དགུ་སྲིད། །སྲིན་མོ་གཅིག་དང་བསྡེབས་པ་ལས། །ཐུག་མར་བུ་དགུ་སྲིད་པ་ཡིན། །ལྷ་འདྲེའི་གྲོལ་ཕུག་དེ་ལས་ནི། །འདིའི་ཕ་དེ་གཉན་གྱི་རྒྱལ་པོ་ཡིན། །མ་ནི་རྔུ་བདག་རྒྱལ་མོ་ཡིན། །བུ་ཁོ་རང་གཉན་བུ་ཧྲོལ་པོ་ཡིན། །ཕ་ནི་གཉན་ལ་མ་ནི་ཀླུ། །བུ་དེ་གཉན་ཆེན་སྤུན་དྲུག་ཡིན། །གཡུ་ཡི་མི་ཕོ་སྔོན་པོ་ལ། །འཕྲུལ་གྱི་དྲིལ་ཞགས་ཕྱག་ན་བསྣམས། །དུང་རྟ་གཡུ་རྔོག་ཆིབས་སུ་ཆིབ། །སེར་བ་འབྲུ་བ དུན་ཁལ་དུ་བཀལ། །ཀླུ་ཡི་ཡུལ་ནས་ཡར་ལ་སོང་། །ཀླུ་རྒྱལ་དེ་ལ་དྲི་སྨེད་བྱས། །ཁྱོད་ལ་ནོར་བུ་སུ་ཡིས་བྱིན། །རྒྱ་མཚོ་མེར་བ་སུ་ཡིས་བཏིང་། །ཀླུ་


MR16_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དེ་ཡི་ཞལ་ན་རེ། །རྒྱ་མཚོ་མེར་བ་སྲིད་པས་བཏིང་། །ནོར་བུ་ཀླུ་རིགས་ཕ་ནོར་ཡིན། །ད་ལྟ་གང་ན་ཡོད་དོ་དྲིས། །ང་ཡི་གཙུག་ན་ཡོད་ཅེས་ཟེར། །གཙུག་ན་ཕྱ་བའི་གཏན་ཚིགས་ཡིན། །ཡང་ཀླུ་རྒྱལ་དེ་ཡི་ཞལ་ན་རེ། །ང་ཡི་ནོར་བུ་རིན་ཆེན་ལ། །འཐོར་བྱེད་དགྲ་ངོ་དྲུག་ཡོད་པ། །ད་ལྟ་གང་ན་ཡོད་དོ་དྲིས། །ད་ལྟ་གཉན་ལ་ཡོད་དོ་ཟེར། །བླ་དེ་ན་འབན་སེར་རྒོད་ཡིན། །འདི་ལ་ཕུག་པས་ཏྲོང་ཀྲེ་ལེ་མིག་བྲག །བར་པས་བུ་ཁྱེ་ལ་ཐུན་བྲག །སྒོ་བས་འཁྲུགས་བྱེད་དད་པ་ཤ་ཟན་ཟེར། །ཡང་དག་གཤེན་གྱིས་མཚན་གསོལ་བ། །ན་འབན་སེར་བ་རྟ་དེད་ཟེར། །ཡང་ན་སེར་བ་ནས་ལེན་ཡིན། །ཡང་ན་རོ་དུད་ཁམས་པ་ཡིན། །ཡང་ན་ཧོར་སོག་རྒྱ་དམག་ཡིན། །ཡང་ན་ཐོག་དང་སེར་བ་ཡིན། །ཡང་ན་ལྷོག་པ་སྤུན་དགུ་ཡིན། །ཡང་ན་ཇག་པ་རྟ་དེད་ཡིན། །ཡང་ན་གྲོས་འཐབ་གཡུལ་འགྱེད་ཡིན། །ཡང་ན་གཉན་གྱི་དམག་ཚོགས་ཡིན། །ཡང་ན་དམག་དང་འདུས་པ་ཡིན། །ཡང་ན་ཡུག་སའི་རུ་སྐད་ཡིན། །ཡང་ན་དྭའུ་སྡུག་འདུག་ཡིན། །ཡང་ན་དུར་ཟན་འགྱེད་ངོ་ཡིན། །ཡང་ན་གློ་བུར་འུར་ཟིང་ཡིན། །ཡང་ན་གཉན་གྱི་བེར་ཀ་ཡིན། །ཕྱི་རུ་བརྒྱབ་ཀྱང་ནང་དུ་ན། །གཉན་རྒོད་དར་མའི་བླ་མདུད་འདི། །སྡེ་དྲུག་འཐོར་བའི་བླ་གནས་ཡིན། །ན་འབན་ཐར་གྱིས་འཐོར་བ་ན། །ཐིག་དྲུག་ལན་གཅིག་འཐོར་བ་ཡིན། །མོ་མ་ལན་གཅིག་སྡངས་པ་ཡིན། །བསྐལ་པ་ཐང་གཅིག་ཞིག་པ་ཡིན། །ཕྱི་ནང་གང་ཡང་བབ་མི་རུང་། །དཔྱིད་གསུམ་རླུང་ནག་འཚུབ་མ་ཡིན། །དབྱར་གསུམ་ས་གཡོས་བྱེར་ཞེས་ཡིན། །སྟོན་གསུམ་ཐོག་དང་སེར་བ་ཡིན། །དགུན་གསུམ་ཁ་བ་བུ་ཡུག་ཡིན། །ཡང་ན་གཉན་འབྲུམ་ཐོར་པ་ཡིན། །འདི་མིའུ་སྡོང་གི་དགྲ་བླ་སྟེ། །དགྲ་བླ་ཐོག་རྗེ་ཀུན་འདུལ་ཡིན། །འདི་སེལ་གཞིའི་འོག་གི་ཁྲག་སྦྲུལ་ཡིན། །འདི་ཡི་བབ་ལུགས་དཔྱད་པ་ན། །


MR16_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ན་སྲིད་པའི་དོང་ཞིག་རྣམ་གསུམ་ཡོད། །བར་ན་དམུ་ཡི་རྫས་སྟོང་རྣམ་གསུམ་ཡོད། །སྨད་ན་ཕྱྭ་ཡི་གདན་ཤོར་རྣམ་གསུམ་ཡོད། །སྒོ་བཞི་གང་བ་བདེ་ཕྱོགས་འུར་ཟིང་ལངས། །གཅིག་གི་སྟེང་དུ་ན་འབན་ན། །ན་འབན་གཉན་གྱི་བེར་ཀ་དེས། །བསྐལ་པ་ལན་གཅིག་བཤིག་པ་ཡིན། །འཁྲུགས་པ་བྲེད་སྡངས་ནད་རིམས་ཡུལ་དུ་འོང་། །གནམ་གྱི་སྐར་མ་ས་ལ་ལྷུང་། །ཐོན་བུ་བདུད་ཀྱིས་ཁྱེར་བ་ཡིན། །འདྲེ་གདོན་ཟ་ཁ་ཞུགས་པ་ཡིན། །བྱི་བ་ལོ་པའི་ལོ་བྲག་ཡིན། །ལུས་བསྒྱུར་མིང་བརྗེ་ཚོགས་བསགས་དང་། །བླ་བསླུ་ལམ་བསལ་ཚེ་ཐར་ཚེ་སྒྲུབ་བྱ། །གཉིས་ཤར་གྱི་ཟམ་སྒོར་རོ་ཁུར་ཆས། །ས་སྒོ་རལ་ཞིང་འཁྲུགས་པ་ལངས། །མ་ཉེས་ཁ་ཡོག་འོང་ཉེན་ཆེ། །འཁྲུགས་འདྲེ་སྐྱས་འདེབས་མི་ཁ་བསྒྱུར། །བྲན་དང་སྒོ་ཁྱི་བུ་མོར་ངན། །གཏོ་ལ་གླང་ཆེན་སྣ་བསྒྱུར་བྱ། །གསུམ་ཆུང་གསུམ་མེ་ཏོག་སད་ཀྱིས་ཁྱེར། །ཐ་མར་རབས་ཆད་དགྲ་ཡི་ངོ་། །མི་སྟོང་འཇལ་དགོས་ཡོད་ན་ཐུབ། །ཕལ་པོ་ཆེ་ལ་འུར་འདོན་བྱ། །བཞི་གཡུ་འབྲུག་སྔོན་མོ་ཐོག་གིས་བསད། །ཀླུ་ཚང་ཞིག་ཅིང་རྒྱ་མཚོའི་ལྟེ་བ་བུད། །མནའ་མའི་ཁ་མཆུ་རྙིང་པ་སོགས། །ཕྱི་ནང་འཁྲུགས་པ་འོང་དོགས་ཡོད། །གང་སྟོང་ཆེ་ཞིང་གཡང་ཉམས་ངོ་། །ལྔ་ལྷོ་ཕྱོགས་འཇང་གི་ཇག་པ་རྒྱུག །རཀྴ་དགྲ་མདོས་བྱས་ན་ཕན། །བུ་སྲིང་མག་པའི་ས་ལ་རྩུབ། །དགྲ་ལ་དམག་ཆེན་འདྲེན་ན་བཟང་། །དགྲ་མཁར་ཐོག་གིས་བཤིག་པ་ཡིན། །དྲུག་མོ་བཙུན་སྐྱེ་ཐག་ཆད་པ་དང་། །ཁང་རྨང་འཇིག་ཅིང་བ་བཙུན་ཤི། ནང་བཤིག་བུད་མེད་བྱེད་པ་འབྱུང་། །འདི་ལ་རྟེན་འབྲེལ་གཏོ་བྱ་ན། །སྐྱེས་པ་རོ་ཁུང་ནང་དུ་ཐུགས། །ས་སྤར་དྲུག་གིས་སྟེང་ནས་མནན། །བུད་མེད་མགོ་ལ་རེ་ཞྭ་གྱོན། །མོ་ངན་འདི་ཡིས་ཐུབ་


MR16_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས། །འོ་དོད་ཐང་གསུམ་པོས་བྱས་ལ། །རེ་ཞྭའི་ནང་དུ་ཐལ་བ་བླུག །ཆུ་བོ་ཆེན་པོའི་གཞུང་ལ་བསྒྱུར། །འདི་མོ་ངན་ཐུབ་པའི་གཏོ་ཞིག་ཡིན། །བདུན་ཐང་ཤིང་སྐེད་ནས་ཆག་པ་སྟེ། །ཕ་སྤུན་སྟག་རལ་ཅན་གཅིག་འཆི། །འོག་རྟ་འཆོར་རམ་བློ་སྔངས་ངོ་། །བརྒྱད་རི་བོ་རྩེ་ནས་ཞིག་པ་ཡིན། །བསྟན་པ་རྒུད་ཅིང་བནྡེ་འཆི། །ཡུལ་ཁ་མང་པོ་འཛིན་ན་ཐུབ། །བདུད་ཀྱི་ཞལ་བསྒྱུར་དྲག་པོ་བྱ། །དགུ་མོན་ཡུལ་མི་ཤི་གྲི་ཁྲག་འཐོར། །གཤེན་བོན་གདུང་རྒྱུད་ཆད་པ་ཡིན། །ཁམས་ཆེན་སྒྲོག་ཅིང་གཏོར་བཟློག་བྱ། །བཅུ་གནམ་སྒོ་ཕྱེ་ཞིང་ཐོག་གི་ངོ་། །གཡག་ལྷས་སྟོང་ཞིང་དགྲ་ཡི་ངོ་། །ཡུལ་དགྲ་ལ་འཆོར་ཞིང་གྲོས་ཉེས་འོང་། །དྲག་པོ་མདོ་བཞི་བརྒྱ་ཚར་སྒྲོགས། །མ་ཕྱི་ཆེ་རྒན་དག་ལ་ངན། །བཅུ་གཅིག་མི་ཆེན་གྲོས་ར་ཞིག །མཚོ་ལ་གསེར་བྱ་སྡུག་གྲིར་ཤི། །རྟ་ནོར་ལུག་བརྒྱའི་གཏོར་ཤིང་ཡིན། །སྲན་ཕུང་མགོ་ཡི་བེར་ཀ་ཡིན། །འཁྲུགས་པ་ལག་འཐབ་བྱེད་ན་བཟང་། །དེ་མིན་ཅི་ལ་བཏབ་ཀྱང་ངན། །ཆོས་སྐྱོང་ཕོ་ལྷ་གཏོར་མས་མཆོད། །བཅུ་གཉིས་ཧོར་དམག་སྒོ་རུ་སླེབས། །བཅུ་གསུམ་བཟང་ན་སྐྱོན་མེད་ཡིན། །གཤིན་ལམ་བྱེ་ཞིང་ཕག་ལོར་ངན། །དགྲ་ཆོས་དང་དགྲ་བཅོམ་འབུམ་སྐོར་བྱ། །བཅུ་གསུམ་ཉི་ཟླ་གཟའ་ཡིས་ཟིན། །རྒྱུ་སྐར་ཚོམ་བུ་འཐོར་བ་ཡིན། །སྟོབས་ཆེན་མདོ་དང་སྡོང་བརྒྱན་འདོན། །བརྒྱ་བཞི་བྱ་ཞིང་དགྲ་བཟློག་བྱ། །དཔག་བསམ་རྩེ་མོ་ཐོག་གིས་བཅད། །འདི་ཅི་བཏབ་ཀུན་ལ་ངན་པ་ལ། །ཐོག་དང་སེར་བ་འབེབ་ན་བཟང་། །ཇག་པ་རྟ་ལ་རྒྱུག་ན་བཟང་། །སེར་བའི་ནང་ནས་རྟ་ཁྱུ་ཐོབ། །རྐུན་མ་གཟན་ཚོལ་བྱེད་ན་བཟང་། །བཙན་དང་ཕྱུག་པོ་ཡ་མེད་བཟང་། །གོང་ལ་མེ་ཤོར་བྱ་བ་ཡིན། །ཤ་རྟ་ཉོ་བའི་མོ་ལ་བཟང་། །མགྱོགས་པའི་རྡོག་སྒྲ་ལ་ཁར་ཕྱིན། །


MR16_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུ་གུ་གཅིག་ལ་ནེ་ཚ་སོང་། །ཅི་ལ་བཏབ་ཀྱང་ངན་པ་ལ། །དམག་ཆེན་འདེགས་དང་རྫོང་ཆེན་འབེབས། །འཁྲུགས་པའི་གཡུལ་ཆེན་སྤྲོད་པ་ལ། །བཅུ་གསུམ་སྟེང་དུ་བབས་ན་བཟང་། །དེ་མིན་གཞན་གྱིས་ཐུབ་པར་དཀའ། །མདུད་པ་རྟ་དང་གཡག་གིས་བཀྲོལ། །གཉིས་ལ་ནེ་ཚ་སོང་བ་ན། །བསྐལ་པ་ལན་གཅིག་འགུལ་བ་ཡིན། །གསུམ་ལ་ནེ་ཚ་སོང་བ་ན། །དམར་པོ་བཙན་གྱི་ཡུལ་ནས་ནི། །བཙན་ཡབ་རྐྱ་བདུན་བཀའ་ཆད་ཡིན། །བཞི་ལ་ནེ་ཚ་སོང་བ་ན། །ནག་པོ་བདུད་ཀྱི་ཡུལ་ནས་ཆད། །བདུད་རེ་སྡེ་མགོ་ཡག་བཀའ་ཆད་འོང་། །ལྔ་ལ་ནེ་ཚ་སོང་བ་ན། །གཉན་གྱི་ཡུལ་ནས་ཆད་པ་ཡིན། །གཉན་རྒན་དེ་བས་བཀའ་ཆད་འོང་། །རྣམ་རྒྱལ་ཁང་བཟང་ཐོག་གིས་བཤིག །གླིང་བཞི་འཐོར་ནས་རི་བོ་འགྱེལ། །དྲུག་ལ་ནེ་ཚ་སོང་བ་ན། །ན་འབན་སྐར་ཆེན་ཞེས་ཀྱང་ཟེར། །གཉན་གྱི་ནེ་ཚ་ཆེན་མོ་ཟེར། །འབྱུང་པོ་སྤུན་དྲུག་བརྒྱག་ཉིན་བབས། །དཀོར་ཕྱ་ཆེ་འབྲིང་ཆུང་གསུམ་པོར། །གང་ལ་བབ་ཀྱང་འཐོར་ངོ་ཡིན། །སྤུན་དྲུག་རྐད་གྲངས་ཞིག་པ་ཡིན། །དབྱིག་དྲུག་དེ་ལྟར་བབས་པ་ན། །རྟ་དཀར་དྲུག་ལ་བྱ་རུ་བཅུ་གསུམ་བཙུག །ཇུ་ཐིག་དྲུག་པོ་དེ་ལ་བཀལ། །རི་མཐོན་པོ་དྲུག་གི་རྩེ་ལ་བསྐྱལ། །ཡང་ན་དེ་ཡིས་མདུད་པ་བཀྲོལ། །ཤེལ་ཚིག་ཁྲི་དཀར་སྟོང་ནག་སོགས། །བརྡན་ཆས་གཉན་མགོན་དགྲ་བླ་བརྡན། །གཉན་གྱི་དལ་མགྱོགས་མང་པོ་བྱ། །ཡོན་ལ་མཛོ་དམར་སྣ་ཤོ་ལ། །སྟག་རས་གཟིག་རས་བཏགས་ལ་བཏང་། །སཱཙྪ་འབུམ་ཐེར་གདབ་བྱ་ཞིང་། །ལབ་རྩེ་གསོ་ལ་རླུང་རྟ་བཙུགས། །གལ་ཏེ་རྟ་དཀར་མ་འབྱོར་ན། །གཡང་དཀར་དྲུག་ལ་བྱ་རུ་བཙུགས། །རྭ་ལ་མདུད་པ་བཅིང་ལ་བཀྲོལ། །ན་འབན་


MR16_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བྲུ་གུའི་ནེ་ཚ་ནི། །མང་ཉུང་གྲངས་མཚུངས་དེ་ལྟར་གཏོ། །གྲུབ་ན་ལོ་གསུམ་གཏོ་མི་དགོས། །ཡ་རབས་རྩེ་རྒྱས་དཔོན་མིན་པ། །ཕལ་པས་ནེ་ཚ་ཁྱོགས་པར་དཀའ། །ནེ་ཚ་ཀུན་ཀྱང་དེ་ལྟར་ཤེས། །ན་འབན་ནེ་ཚ་སོང་བ་དེ། །ཕྱི་ས་བཞི་བོ་གར་བབས་ཀྱང་། །ཟུན་གྱི་མི་རོ་ཐང་ལ་བརྡལ། །རང་སར་དགྲ་རོ་ཐང་ལ་བརྡལ། །དགྲ་སོང་ནོར་ཐོབ་གཉིས་ཀ་ནུས། །ན་འབན་ལན་དུ་དིང་དིང་བཟང་། །ཐར་གྱིས་འཐོར་བ་འུབ་ཀྱིས་བསྡུས། །སྡེ་དྲུག་ཡུལ་དུ་འདུས་པ་ཡིན། །བྱ་ཤིང་ལྡོང་གི་མི་དར་ཆུ་འབྲུབ་ཡིན། །སྐྱིན་དིང་ལྡོང་རོ་བཅུད་ཀྱིས་རྒྱས། །གལ་བར་ལྡོང་གིས་ཕ་ཡུལ་ཟིན། །བྱ་ཡུན་སྡེ་དྲུག་བློ་སེམས་བདེ། །བྱ་བུར་སྡོང་གི་གྲོས་བཟང་འགྲིག །མུ་ས་ལྡོང་གི་མི་རྒྱུད་འཕེལ། །ཝ་ཚོ་བློ་འཐོར་དཔའ་སྙིང་ཚུད། །སྤོ་ཚེ་དགྲ་བླའི་མི་གྲངས་བྱིན། །གནམ་རྟ་གྱི་ལྦི་བརྙེད་པ་ཡིན། །དམུ་དག་རྒྱལ་བུ་མཐིང་གིས་རྒྱལ་ས་ཟིན། །སྐྱེར་ཡེ་སྨོན་རྒྱལ་པོས་རྒྱལ་ས་ཟིན། །ཚོལ་ཚེ་མི་དྲུག་དམར་ཁུས་བརྒྱག །ཁྱུང་བརྒྱང་ལྡོང་གི་ཕ་ཡུལ་ཟིན། །ཨ་ཁད་ལྡོང་གི་མི་མཚོ་དམར་མོ་རྒྱས། །རང་སྙན་དགྲ་བླས་མི་གྲངས་གྲོལ། །སྲང་ཟེ་ལྡོང་གིས་དཔའ་སྐད་ཐོན། །བྱོད་ཕུར་གཉའ་ཤིང་རྩེ་ལ་གཡུ་བྱ་འཁོར། །ལྡི་བུར་སྤོམ་རིའི་ལྷ་ཆབ་ཡིན། །ཡར་ལྡིང་ལྡོང་ལ་སྟག་འཕྲུ་ཚུགས། །སུམ་མཉམ་ལྡོང་གི་སྒོ་ཁྱི་བཙན། །ཙེ་ར་སྡོང་ལ་བཙན་ཕྱུག་འཛོམ། །གཡུང་དྲུང་མི་གྲངས་ལྷ་ཡིས་བྱིན། །ཀྱེ་བ་གཉན་གྱིས་མི་གྲངས་བྱིན། །ད་རོག་ཀླུ་ཡིས་མི་གྲངས་བྱིན། དམུ་དབལ་ཡུལ་པས་མི་གྲངས་བྱིན། །སྐྱམ་སྔོན་ལྡོང་ཟ་མཛེས་མཛངས་ལྡན། །སྐྱམ་ལེ་ལྷ་འདྲ་སོ་སོར་དབྱེ། །བྱ་རལ་ལྡོང་གི་རི་བོ་ཉིལ། །སྲན་ཕུང་དབྱུག་པས་གཏོར་བ་ཡིན། །གཉན་གྱི་བེར་ཀ་ཆག་པ་ཡིན། །ལི་ཡན་ལྡོང་ཡུལ་རླུང་གིས་ཁྱེར། །ལྡོང་རྒན་མུ་གེས་ཤི་བ་ཡིན། །


MR16_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བྱ་བྱ་ཐན་ཡུལ་དུ་བབས། །མར་ལྡིང་སྡེ་དྲུག་ཐུར་དུ་བསྙེགས། །སྤོ་བར་སྡེ་དྲུག་གྱོད་ཀྱིས་ནོན། །གཉན་རྡོས་སྒྱེད་པུ་ཚུགས་པ་ཡིན། །སོ་ཡོན་འདྲེ་དམག་མཐའ་ནས་གཡོས། །རུ་སོད་བདུད་དམག་མཐའ་ནས་ལངས། །འཐོར་ཞིག་ཆེན་པོའི་མོ་མདུད་ཡིན། །མ་ཟེ་བཙན་དམག་སེར་ལྟར་བབ། །ཡེ་འདྲོག་དང་ནི་སྐྲག་སྡངས་ངོ་། །ན་འབན་གཉན་དམག་ཁྲོམ་དུ་ལྷག །ས་གཞི་གཡོ་འཁྲུག་བྱེད་པ་སོགས། །ཕུང་བྱེད་མི་བདེ་ཆེན་པོའི་ངོ་། །སེ་སྟོད་གཉེན་མཚོ་ཁྲག་ཏུ་འཁོལ། །ཏྲོང་དང་བྲག་རིགས་རྐྱེན་ངན་འོང་། །བུ་བརྒྱག་བཟང་རིགས་བྱུང་བ་ན། །ལྡོང་གི་དཔལ་ཁ་ཁུག་པས་བཟང་། །ལར་ན་འབན་ཐོག་རྒོད་ཐུན་མདའ་འདི། །སྔགས་ནག་ལག་གི་ཐུན་ཟོར་ཡིན། །དྲག་སྔགས་བསྒྲུབ་དུས་གསེར་བས་དཀོན། །དེ་མིན་གཞན་ལ་འབབ་མི་རུང་། །ཁོ་སྨད་དུ་བབ་ན་ཡུལ་བུད་ཡིན། །ལན་དུ་བྱ་རལ་བབ་ན་ངེས། །དིང་དིང་བབ་ན་ཡུལ་ཟིན་ཡིན། །བར་དུ་བབ་ན་གྲི་ངོ་ཡིན། །ལན་དུ་ཏྲོང་བྲག་བབ་ན་ངེས། །དེ་ཡི་ལན་དུ་སྐྱིན་དིང་ན། །གྲི་ངར་མ་གཤེན་གྱིས་བཏུལ་བ་ཡིན། །སྟོད་དུ་བབ་ན་འཁྲུགས་པ་ཡིན། །ལན་དུ་དབྱིག་རིགས་བབ་ན་ངེས། །དེ་ཡི་ལན་དུ་བྱོད་ཕུར་ན། །འཁྲུགས་པའི་དལ་ཁ་བསྙིལ་བ་ཡིན། །ལར་ན་འབན་ཕྱི་ནང་གར་བབ་ཀྱང་། །ཁ་ལན་བཟང་ན་ལན་མིར་གོས། །རྒྱང་ལན་བཟང་ན་གཏོ་ཡིས་འགྱུར། །རྩེ་མོ་ལད་ན་གཏོ་མེད་ཡིན། །སྤྱིར་རུ་སོད་མ་ཟེ་ན་འབན་གསུམ། །གློ་བུར་ཡེ་འདྲོག་སྤུན་གསུམ་ཡིན། །དེ་རྣམས་འདྲེས་ཤིང་བབ་ནས་སུ། །བཅུ་གསུམ་རྩེ་མོ་ལད་པ་ན། །མི་ནི་བཅན་ཐབས་འཆི་བ་དང་། །རྐྱེན་ཁ་གློ་བུར་འོང་བ་ཡིན། །གཏོ་ལ་འཆར་ཁའི་བཟློག་མདོས་དང་། །ཁྲོ་བོ་རོལ་བའི་གཏོར་བཟློག་བྱ། །ཀླུ་གཉན་བཅོས་ཤིང་ཀླུ་འབུམ་འདོན། །སཱཙྪ་གདབ་ཅིང་སེལ་འབྱེད་བྱ། །ད་ནི་


MR16_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སེ་སྟོད་རྣམ་གྲངས་བཤད། །གཙོ་བོ་བྱོད་ཕུར་བརྒྱག་ལ་འོང་། །གཞན་ཡང་མོ་སྒོ་བརྒྱག་པ་དང། །མོ་རྟའི་རྩེ་མོའི་བརྒྱག་ཕལ་ཆེར། །སེ་སྟོད་རིགས་ཡིན་དེ་དག་ནི། །མོ་རྟ་བག་ལ་མ་སོང་ཞིང་། །ཏྲོང་རིགས་མིན་པ་ཀུན་ལ་འོང་། །མདུད་པའི་སྡེ་ཚན་སོ་སོ་རུ། །རང་རང་མིང་གིས་གསལ་བ་ཡིན། །འདི་ལ་སེ་སློད་ཅེས་ཀྱང་ཟེར། །བསྡུས་ན་སློད་ཅེས་བྱ་བའང་ཡིན། །གནས་མལ་དག་གི་རྐྱང་བཤད་ནི། །ཆུ་སློ་དང་ནི་ནག་ཐོག་སོགས། །འདྲ་ལ་མདུད་པའི་ཁམས་ཁྱད་ལས། །སོ་སོའི་ལོ་བྲག་ཁམས་བྲག་འོང་། །སྒོ་བརྒྱག་ཐམས་ཅད་བདུད་ཆད་ཡིན། །སེ་སྟོད་ལན་གྱི་བཟང་ངན་ཀྱང་། །བྱོད་ཕུར་སྐབས་སུ་བསྟན་ཟིན་ནོ། །ད་ནི་དབྱིག་གི་ཁྱད་པར་བཤད། །བྱོད་ཕུར་སོགས་ཀྱི་ཕྲུ་གུ་ལ། །ནེ་ཚ་སོང་བ་ཐམས་ཅད་ཀུན། །དབྱིག་ཅེས་བྱ་བར་གྲགས་པ་སྟེ། །གཞན་ཡང་བརྒྱག་དང་སྐྱ་ཞིབ་ནང་། །འགའ་ཞིག་དབྱིག་མིང་ཐོགས་པ་དག །སོ་སོའི་སྡེ་ཚན་ནང་དུ་གསལ། །དབྱིག་རིགས་ཤིན་ཏུ་བཙན་པས་ན། །ཐུབ་པར་དཀའ་བ་དག་ཏུ་བཤད། །སློད་དབྱིག་གཉིས་ཀ་བརྒྱག་ལས་ཕྱེ། ༈ །ད་ནི་ཏྲོང་གི་རྣམ་གྲངས་བཤད། །སྤོ་ཚེ་ཁྱུང་བརྒྱང་ཨ་ཁད་དང་། །ལྷང་ཟེ་སུམ་མཉམ་མ་ཟེ་ཡི། །ནང་དུ་ཏྲོང་གི་རིགས་འོང་ཞིང་། །སྤོ་བར་རིགས་ལས་ཏྲོང་བྲག་འོང་། །དེ་མིན་གཞན་དུ་ཏྲོང་མི་འབྱུང་། །སྤོ་ཚེའི་ནང་གི་ཏྲོང་དགུ་དང་། །སུམ་མཉམ་ཕྱི་མིག་ལྟག་དགུ་བཅས། །ཏྲོང་རྒབ་རྒོད་འདྲ་བ་བཅུ་ཡིན་ལ། །ཁྱུང་བརྒྱང་ལ་སོགས་ཐམས་ཅད་ཀྱི། །ཏྲོང་རིགས་བརྩིས་ན་ཉི་ཤུ་འོང་། །ཏྲོང་སྲང་ཟེ་སད་གསུམ་མ་བརྩིས་ན། །ཏྲོང་རིགས་བཅོ་བརྒྱད་འོང་བ་སོགས། །དབྱེ་བསྡུའི་རྣམ་བཞག་དུ་མར་གསུངས། །སོ་སོའི་བཤད་པ་གོང་དུ་སོང་། །ཏྲོང་རིགས་གཤིན་རྗེའི་ཕོ་ཉ་ཡིན། །སྲོག་ལ་ཧུར་ཐུམ་བྱེད་མི་ཡིན། །གློ་བུར་རྦབ་རྒོད་བསྒྲིལ་མི་ཡིན། །གཤིན་རྗེ་


MR16_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་མཆེ་བ་ཡིན། །གང་བབ་མི་ཤི་ཡེ་འདྲོག་ཡིན། །ལོ་མལ་གནས་མལ་དང་སྦྱར་ཏེ། །གང་དུ་བབ་པ་དེ་རུ་ངན། །བཅུ་པོ་མན་ཆད་ཏྲོང་རིགས་ནས། །བཅུ་གཅིག་སོ་བྲག་ངན་རིགས་ན། །ཆུ་བཞི་རྒྱས་ནས་གུར་ཁྱིམ་རྡིབ། །ཁང་གསར་ཁང་ཧྲུལ་རེད་པ་ཡིན། །ཆུང་མ་འོང་ནས་སྒྱུག་མོ་ཤི། །མགྲོན་པོ་འོང་ན་གྱོད་དང་འཕྲད། །ཅི་ལ་བཏབ་ཀྱང་ངན་པ་ལ། །རབས་ཆད་བསྡུར་བའི་མོ་ལ་བཟང་། །རབས་ཆད་པ་ས་འོག་སོང་བ་ཡིན། །བཅུ་གཅིག་ཀྱེ་བ་སྤོ་ཚེ་ན། །ཏྲོང་རིགས་གཡུ་བྲག་ཐེམ་དང་ཕྲད། །གུར་ཁྱིམ་བདེ་ལ་ཆུ་བཞི་རྒྱས། །མུན་པ་རུབ་ནས་ནམ་ཡང་ལངས། །ཀ་བཞི་བརྟན་ཞིང་གདུང་བཞི་བརྟན། །ནད་པ་སོས་ལ་ཁ་དབུགས་བདེ། །དབུལ་སྡུག་རྨོང་གསུམ་སྔོན་དུ་སོང་། །འཕེལ་ཕྱུག་དར་གསུམ་རྒྱབ་ནས་འོང་། །དུར་མོ་མ་གཏོགས་ཅི་བཏབ་བཟང་། །ཏྲོང་འདི་གྲི་པོ་ཤི་ངོ་དུར་ངོ་ཡིན། །ལོ་མལ་སོགས་སུ་ཏྲོང་བབས་ནས། །སྐྱམ་བྲག་ངན་རིགས་རོ་ཁྲག་གམ། །ཡང་ན་ཤིང་གི་ཆུ་ལེན་དང་། །ཤིང་ཤག་ཤིང་ཐུན་ཤིང་སྟར་དང་། །དམུ་ངམ་རོ་གདན་རོ་འདུར་དང་། །དམུ་བྲག་རོ་ཐག་རོ་ཁུར་སོགས། །འདོམ་ན་དུར་ངོ་ཡིན་པས་ངན། །གཞན་ཡང་རོ་འཛིན་རོ་དུད་དང་། །གྲི་ངོ་ལ་སོགས་མདུད་པའི་རིགས། །འདོར་ན་དུར་ངོ་འཁྲུལ་མེད་ཡིན། །ཏྲོང་རིགས་གྲི་མདུང་གཅོད་མི་དེ། །ལི་ཡན་རླུང་གི་རལ་གྲི་ཡིན། །དེ་ལན་དུ་བབ་ན་ཏྲོང་ནུས་འཇིག །ཏྲོང་ལ་བཟང་བ་མ་མཆིས་ཀྱང་། །གཤིན་རྗེ་བསྒྲུབ་ན་བཟང་བ་ཡིན། །ད་ནི་བྲག་གི་སྡེ་ཚན་བཤད། །བྲག་ལ་ཤིན་ཏུ་མང་མོད་ཀྱི། །སྤོ་བྲག་སོ་བྲག་གཉིས་ལས་མེད། །གཅིག་འཐོར་ཕན་ཆད་བྲག་མ་ཡིན། །གོང་བཤད་སྐྱ་ཞིབ་རིགས་མིན་པའི། །སོ་དང་སྤོ་ལ་བཏགས་ནས་སུ། །ཐམས་ཅད་གཅིག་ཏུ་འབྲེལ་བའི་རིགས། །གང་ཡིན་བྲག་གི་སྡེ་རུ་གཏོགས། །


MR16_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་ཚེ་ཁྱུང་བརྐྱང་ཨ་ཁད་དང་། །སྲང་ཟེ་སུམ་མཉམ་སྤོ་མ་ཟེ། །སྤོ་ཡི་མགོ་ཅན་འདི་དྲུག་ལ། །བཏགས་པའི་ཚུལ་ལས་སྤོ་བྲག་འོང་། །ཞིབ་པར་དཔྱད་ནས་ཤེས་པར་བྱ། །སྤྱིར་བྲག་དང་སངས་ཀྱི་སྡེ་ཚན་འདི། །མདུད་ཚུལ་ཕྲ་མོའི་དབྱེ་སྒོ་ལས། །ཕྱེ་བའི་རྣམ་གྲངས་ཆེས་མང་ཞིང་། མདུད་པའི་དཔེ་རིས་ནོར་བ་དང་། །ཐམས་ཅད་ཚང་བར་རྙེད་དཀའ་ཡང་། །འདི་རྣམས་མདུད་པའི་ཚུལ་བཤད་ནི། །དཔེ་ལས་རྙེད་པ་ལྟར་དུ་བཀོད། །མི་འཆུག་སྡེ་ཚན་དུ་བསྡེབས་པས། །སྤྱི་ཁོག་ནོར་མེད་ངོས་ཟིན་ཀྱང་། །གལ་ཏེ་མིང་འདོགས་རེ་ཟུང་དག །ནོར་བ་མཐོང་ན་བཅོས་པར་གྱིས། །དང་པོ་སྤོ་བྲག་སྡེ་ཚན་ལ། །ད་རོག་སྤོ་ཚོའི་ཕྲུག་གུ་གཅིག །སྤོ་ལ་འཇུས་པར་གྱུར་པ་ན། །སྐྱེར་གྱི་ཀེ་ཟ་གཡུ་འཕྲུ་བྲག །དང་པོ་སྤོ་དེ་རྟ་ཕོ་ཡིན། །ཐི་གུ་འཇུས་པ་རྟ་སྒ་ཡིན། །སྐྱེར་དེ་བག་མ་དངོས་དེ་ཡིན། །ཡང་ཐིག་གུ་གཡུ་ཡི་འཕྲུ་དེ་ཡིན། །གཡུ་འཕྲུ་ཅོག་གེ་རྟ་ལ་རྒྱུག །དམག་ཇག་གཉིས་ཀྱི་མོ་ལ་ནི། །རང་སའི་བཙན་ས་གར་བབ་ཀྱང་། །བག་མ་བག་རྟ་གོང་གཡུ་ཐོབ། །དེ་ཡི་སྐྱེར་ལ་བརྒྱག་གཅིག་ན། །ཀེ་ཟ་གཡུ་འཕྲུ་དར་དམར་བརྒྱག །བརྒྱག་གཉིས་ཁྲི་གཉན་རྒྱལ་བུ་དོན་གྲུབ་ཡིན། །རང་སའི་བཙན་ས་གར་བབ་ཀྱང་། །དགྲ་ཡི་དམག་དཔོན་གཙོ་བོ་སོད། །དཀར་ནག་དམར་གསུམ་ཁྱུང་ཕྱག་བྱེད། །མི་ཡ་རབས་བག་མ་མོ་ཡོན་བྱེད། །སྔ་མའི་སྐྱེར་དེས་སྤོ་ལ་འཇུས། །སྐྱེར་གྱི་ཀེ་ཟུ་གཡུ་འཕྲུ་ཡིན། །བརྒྱག་ན་ཀེ་ཐུ་གཡུ་འཕྲུ་ཀླད་དམར་སོགས། །སྔ་མ་ལྟར་དུ་དཔྱད་པ་ཡིན། །སྔ་མའི་སྐྱེར་དང་ཕྲུ་གུ་ནི། །གཉིས་སམ་གསུམ་ཀས་སྤོ་ལ་འཇུས། །སྐྱེར་གྱི་ཀེ་ཟི་གཡུ་འཕྲུ་ཡིན། །བརྒྱག་ཁ་ལ་སོགས་སྔར་ལྟར་དཔྱད། །འདི་གསུམ་བག་མའི་ཝེར་མ་སྤུན་གསུམ་


MR16_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཕྲུ་གུ་གཉིས་གས་སྤོ་ལ་འཇུས། །ཙེ་ར་གཡག་མཐའ་བྲག་ཅེས་བྱ། །བྲག་དཀར་དེ་ནི་ལོགས་བཟང་ལ། །རྒོད་པོ་སྙི་ལ་བཟུང་ངོ་ཡིན། །ཡང་ན་སྨོན་པའི་མདུན་ཞུ་ཡིན། །དམུ་རྒྱང་སྤོ་ཚེའི་སྐྱེར་གྱིས་ནི། །སྤོ་ལ་འཇུས་པར་འགྱུར་བ་དེ། །སྤོ་བར་གོ་གྱོན་མཚོན་ཐོགས་བྲག །ཡང་སྤོ་ཡི་དཔལ་མོ་མདུང་འཛིན་ཟེར། །ཡང་ཙེ་ར་རང་ཐོག་ཧྲང་ལ་དུན་ཙེའང་ཟེར། །ཙེ་ར་ལད་པའི་དགྲ་ལྷ་ཡིན། །ཆ་བྲག་ཀུན་གྱི་རྒྱལ་པོ་ཡིན། །དེ་ཡི་སྐྱེར་ལ་བརྒྱག་བཅས་ན། །ཙེ་ར་ཧྲོང་ལ་གཡུ་མིག་བརྒྱག །ཕྱ་ཡི་གསེར་མཛོད་སེར་པོ་ཡིན། །སྔ་མའི་བུ་དེ་མགོ་མཇུག་བཟློག་ནས་འབྲེལ། །སྤོ་བྲག་ཐང་མ་མགོ་བཏུམ་བྲག །ཡང་ན་ཙེ་ར་རང་ཐོག་ཤ་བྲག་སྐྱེར་རིང་བྲག །རྗེ་རོ་བྲན་གྱིས་ཁུར་ངོ་ཡིན། །གདུག་པ་གྲིབ་ཡོར་ནག་པོའི་བླ། །ཅི་ལ་བཏབ་ཀྱང་ནད་ལྟར་ངན། །མི་རབས་རེ་ལ་གྲི་ངོ་འོང་། །ཕ་ཚན་རེ་ལ་མཛེ་ཕོ་རེ། །ལྟས་ངན་སྡིག་པ་བུ་ལྔའི་བླ་ཡང་ཡིན། །དེ་ཡི་སྐྱེར་ལ་བརྒྱག་སོང་ན། །ཙེ་ར་རང་ཐོག་ལག་བཤལ་ཆ་བྲག་ཟེར། །ངམ་གྱི་སྒྲིབ་ཤིང་ཕར་ནག་ན། །སོ་བ་རིམ་དགུས་སོ་བྱེད་དོ། །ཁྱིམ་ན་དགྲ་ཡི་སོ་པ་ཡོད། །དགྲ་ཕྱ་ཕར་རྒོལ་མོ་ཡིན་ན། །ལྟས་ངན་ལྔ་སྟེ་གཡང་ལོན་ཡིན། །རེ་འབྱམས་གྲོང་འཇོམས་རྒྱལ་པོ་ཡིན། །བརྒྱག་གཉིས་རེ་འབྱམས་སྦྲུལ་ཆེན་གདུག་རྩུབ་བརྒྱག །དམག་ཆེན་དྲ་མ་འདེབས་དུས་དེར། །བཅུ་གཅིག་བཅུ་གསུམ་གར་བབ་ཀྱང་། །ཕྱི་སར་ས་བྲག་ངན་རིགས་ན། །གདུག་བྱེད་རེ་འབྱམས་ཚང་ནས་བུད། །སྣ་ལ་གང་འདུག་གྱུར་མིད་བུད། །ཐམས་ཅད་འཇོམས་པར་ཐེ་ཚོམ་མེད། །འདི་ཡི་སྤོ་ལ་བརྒྱག་བཅས་ན། །ཤ་མཐའ་ལྷས་སྐྱ་ཟེར་བ་ཡིན། །རྟ་ནད་ཅར་སོད་གནག་


MR16_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཧོན་ངོ་ཡིན། །སྔ་མའི་སྐྱེར་གྱིས་ཀྱང་འཇུས་ན། །ཙེ་ར་རང་ཐོག་གལ་བར་ནི། །རྩེ་ལག་ཆ་བྲག་ཅེས་སུ་འབོད། །སྐྱ་རུ་ལག་ནག་པོ་རུ་འཇོང་གཉིས། །མཐའ་མིག་གཅིག་ལ་ཤི་པ་ཡིན། །དམག་ཇག་མོ་ལ་རང་སར་བབས། །རྗེ་རོ་བྲན་རོ་མགོ་རྡོས་ཡིན། །སྐྱེར་ལ་བརྒྱག་གཅིག་རྟ་གཡག་ཁ་སྤྲོད་ཟེར། །དགྲ་ཟུན་གྲི་རོ་ལག་སྦྲེལ་ཡིན། །སྒོ་བརྒྱག་རྩེ་ར་ལག་བཤལ་སྟག་སྐྱ་ཅན། །རྗེ་འབངས་གཅིག་གིས་གཅིག་བསད་དོ། །ཕྲུག་གུ་དབུས་མས་སྤོ་ལ་འཇུས། །ཙེ་ར་རང་ཐོག་དོན་མེད་རང་ཤི་བྲག །རྐུན་མ་མི་གཉིས་དོང་དུ་བཅུག །དོང་ཁ་ཕུབ་ཀྱིས་བཅད་ངོ་ཡིན། །བུ་ཚ་ཚ་མོའི་དུར་སོ་ཡིན། །སྐྱེར་བརྒྱག་འབྲོང་ཆེན་བ་ལ་འཇུལ་ངོ་ཡིན། །སྒོ་བརྒྱག་འབྲོང་ཆེན་རླུབས་སུ་ཤི་ངོ་ཡིན། །ཕྲུ་གུ་གཉིས་ཀས་སྤོ་ལ་འཇུས། །ཙེ་ར་རང་ཐོག་གལ་ཚེ་ཤ་མཐའ་བྲག །ཤ་བ་དེ་ནི་གདོས་ལ་ཐོགས། །ཁ་དཀར་རྐྱང་བུ་སྙི་ལ་ཟིན། །གཡག་རྒོད་དཔུང་པ་ཆག་པའི་མོ། །དེ་གསུམ་གསོད་དུས་མ་གཏོགས་པ། །གཞན་མ་ཅི་ལ་བཏབ་ཀྱང་ངན། །སྐྱེར་བརྒྱག་གལ་ཙེ་ཤ་མཐའ་ཕུང་མ་བརྒྱག །བཟའ་ཚང་ཁྱིམ་ཕུང་རོ་མང་དུས་གཅིག་འོང་། །སྐྱེར་དང་ཕྲུ་གུ་དབུས་མས་འཇུས། །ཙེ་ར་རང་ཐོག་གྲུམ་གཡག་ཤ་མཐའ་བྲག །སྤྲེའུ་འཛེགས་སྐྱེན་ཤིང་ལས་ལྷུང་། །རྣ་བ་འཛེགས་སྐྱེན་བྲག་ལས་ཡར། །སྲམ་གཡག་རྐྱལ་ཆེན་ཆུ་ལ་ཤི ། བརྒྱག་ན་མི་རྟ་གཡག་གསུམ་མཐའ་མིག་ཡིན། །གསུམ་ཀས་སྤོ་ལ་འཇུས་གྱུར་ན། །ཙེ་ར་རང་ཐོག་གྲུམ་གཡག་ཅི་ཐུན་བྲག །ལྐུག་པ་ཁ་མེད་བླ་མདུད་ཡིན། །ད་ནི་ད་རོག་སྤོ་ཚེ་ཡིན། །ཕྲུ་གུ་ཙམ་ཐིག་སོང་བ་དེ། །འདོགས་པའི་ཚུལ་ལས་བྲག་བྱུང་བ། །


MR16_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་གྱིས་སྤོ་ལ་འཇུས་པ་ན། །ཙེ་ར་རང་ཐོག་ཐུམ་ཤིང་ཙམ་ཐིག་བྲག །བཤད་པ་མ་རྙེད། །ཕྲུ་གུ་གཉིས་ཀས་སྤོ་ལ་འཇུས། །སུམ་སྐྱེར་སྐེད་ལ་སད་ཀྱི་བྲག །མི་རྒན་ཤི་ཞིང་གཡག་རྒན་སོད། །འདོགས་ཚུལ་གཞན་གཉིས་མ་རྙེད། །ཕྲུ་གུ་གཅིག་གིས་སྤོ་ལ་འཇུས། །ཙེ་ར་སྐེ་སྐེ་སྤྲ་ཕུང་བྲག །རོག་པ་ཁུང་རྫོང་བྲག་ཅེས་བྱ། །རྒྱ་ཡི་མི་ཐུང་མཐའ་ལ་ཤི ། ཡོས་བུ་ལོ་པའི་ལོ་བྲག་ཡིན། །དམུ་དབལ་སྤོ་ཚེའི་ཕྲུག་གུ་གཅིག །སྤོ་ལ་འཇུས་པར་གྱུར་བ་ན། །སྤོ་ཡི་དམུ་དབལ་བྲག་ཡིན་ལ། །གཡུང་དྲུང་སྤོ་ཚེའི་བཏགས་པ་འདི། །སྤོ་བྲག་རུས་སྦལ་ཁྱབ་པ་ཡིན། །ས་བདག་བཙན་པོའི་བླ་དེ་ཡིན། །འདི་ལ་ཁོང་སྟོང་མི་སྟོང་གཉིས། །བཏགས་ལུགས་གཅིག་དང་གཉིས་འཇུས་སོགས། །ཡོད་ཀྱང་བཤད་པ་མ་རྙེད་དོ། །ཀྱེ་བ་སྤོ་ཚེ་སྣེ་ནས་བཏགས། །མུན་རུམ་རྟ་མཐའ་བྲག་ཅེས་བྱ། །ཐུགས་ཀར་གསེར་དངུལ་བརྒྱལ་བའི་ངོ་། །རྟ་བརྒྱ་གཤམ་ལ་ལྷུང་བ་དང་། །ཤུལ་དུ་བྲེས་ལས་མ་ལུས་ངོ་། །སྤོ་བྲག་རོ་སྐྱེས་ནག་པོ་འདི། །གར་བབ་ཕུང་གི་ཕུང་སྲི་ཡིན། །སྔོན་ཚེ་ཡེ་ངམ་རྩོད་པ་བྱུང་། །ཉ་ར་ཁྱི་ཐོད་མཁར་ནང་ནས། །སྨོན་སྲས་ཡེའུ་དུང་དཀར་བསད། །སྨོན་པས་དེ་ཡི་ཤ་ལན་དུ། །ངམ་གྱི་སྲིན་པོ་མིག་མང་བསད། །དེ་ཚེ་ངམ་ཟ་འུག་མོ་དེས། །ངམ་གྱི་ཤ་མཐའ་གོང་མར་སོང་། །ངམ་ཤ་ཡེ་ལས་ཨི་ལོན་དང་། །སྨོན་མཁར་རྩེ་ནས་ཨེ་ཕེབ་དང་། །ངམ་ཁམས་དགྲ་བླ་ཨེ་དར་སོགས། །མུན་པའི་བལ་ཐིག་སྐྱ་དྲུག་ལ། །མདུད་ནས་རེ་ནག་གདན་དུ་འཕང་། །སྤོ་བར་བྲག་ནག་རོ་སྐྱས་བབས། །འདི་ཡེ་ལ་མི་ཉེ་ངམ་ལ་ཉེ། །ངམ་ཁམས་


MR16_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་དར་ནས་སྣང་། །ཡེ་ཡི་ཕོ་ལྷ་རྒུད་ནས་སྣང་། །དེ་ནས་ངམ་ཟ་འུག་མོ་དེས། །སྲིན་པོ་རྔམ་པ་མགོ་དགུར་སྤྲུལ། །ཡེ་རྗེ་སྨོན་པའི་རྟ་ཁྱུ་དེད། །ཀུ་དང་ཆ་སྒྲས་ནམ་མཁའ་བཀང་། །ཡེ་སྨོན་བསེ་ཁྲབ་ར་མདའ་འོང་། །སྲིན་མོས་ཤ་བ་གཅིག་ཏུ་སྤྲུལ། །ཡེ་སྨོན་མཚོན་ཡང་མ་ཕྱུང་བར། །ཤ་བ་ལག་པས་བཟུང་ངོ་ཞེས། །ངོ་སོ་འདོད་པས་དེ་རུ་བསྙེགས། །ཤ་བ་ལག་པས་བསྙབ་པ་དང་། །ངམ་ཤ་ཟེད་པོའི་རུ་བཀུག་སྟེ། །ཡེ་སྨོན་བསེ་ཁྲབ་མལ་དུ་བསད། །མགོ་བཅད་ངམ་མཁར་རྩེ་ལ་བཏགས། །བསྐལ་པ་དེ་ཡི་མོ་མདུད་ཡིན། །གསུམ་བརྒྱད་ཡན་ཆད་རྫིའུ་ཡིན། །དེ་ཙམ་ཕྱིན་ཆད་ཁོང་བརླག་ཡིན། །ཐི་གུ་བཞི་ཀས་སྤོ་ལ་འཇུས། །ཕུང་མ་དགུ་ཐུབ་བྲག་ཅེས་བྱ། །མཐའ་གཉིས་དག་གིས་འཇུས་པ་ན། །མུན་རུམ་ཅི་ཁུག་བྲག་ཅེས་བྱ། །མདོ་བ་རྟ་བརྒྱའི་དྲེལ་ར་དེར། །རྟེའུ་གཅིག་གི་རྗེས་མི་མངོན། །མི་བརྒྱ་ཚོགས་པའི་ཁྱིམ་ནང་དེར། །མི་གཅིག་རྗེས་ནི་མི་མངོན་ནོ། །དེ་ལ་དབུས་གཉིས་འབྲེལ་དང་མཐའ་གཉིས་འབྲེལ། །མཐའ་དབུས་གཉིས་འབྲེལ་གསུམ་ཡོད་པ། །བཤད་པ་མིང་འདོགས་མ་རྙེད་བཞག །སད་ཀྱི་སྲང་ཟེ་འདི་ལྟར་བཏགས། །ཙེ་ར་སྨ་རུ་ཐུན་ཚེ་བྲག །རྨང་གི་དེ་ནི་བུ་ཤི་ནས། །ཁྱུང་གི་སྒོ་ང་ཆག་པ་ཡིན། །སྒོ་བརྒྱག་རྩེ་སྨད་སྟག་རྒྱ་ཅན། །གྲི་བླ་ཤ་བའི་སྟེང་དུ་ཤི་ངོ་ཡིན། །སད་གཉིས་ཀས་འཇུས་པ་མ་རྙེད་དོ། །སུམ་མཉམ་བཏགས་པའི་སྤོ་བྲག་ལ། །སྐྱེར་གསུམ་ཕུང་མལ་རེ་ལོག་དང་། །སྐྱམ་རྒན་དག་ནི་སྐྱེར་སྐབས་བཤད། །སྐྱམ་རྒན་དག་ནི་ར་ཡ་སད་དུ་སོང་། །སྐྱམ་རྒན་ར་ཡ་སད་ཀྱི་བྲག །ཡང་ན་དོན་མེད་ལག་ཆག་བྲག །སྐྱ་རུ་རིང་ནག་མོ་རུ་ཐུང་གཉིས། །འགུག་སྙི་གཅིག་ལ་


MR16_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ངོ་ཡིན། །ཤ་གནའ་འགུག་དང་གདོས་ཐག་འཇོག་ན་བཟང་། །གཞན་མ་ཅི་ལ་བཏབ་ཀྱང་ངན། །སྐྱམ་གཉིས་སད་དུ་སོང་བ་ན། །སྐྱམ་རྒན་ར་གཉིས་སད་ཀྱི་བྲག །ཝ་ཚོ་ཙམ་ཐིག་བྲག་ཀྱང་ཟེར། །གཡུང་དྲུང་ཁྲ་རྒན་འདབ་མ་ཅན། །ཝེར་མའི་སྲོག་མཁར་ཆེན་མོ་ཡིན། །གནམ་ས་སྡེབ་པའི་གླང་ཆེན་ཡིན། །ལ་ལས་ཕུང་མ་སླེས་བྲག་ཟེར། །ཤ་བ་རུ་འཛིང་བྱ་རོག་སྡེར་འཛིང་ངོ་། །ཏྲོང་ལ་སད་གཉིས་འདི་ལྟར་གོན། །ཏྲོང་ཨ་ལ་དེ་ཤོ་འདབ་མ་ཅན། །སད་ཨ་ལ་དེ་ཤོ་འདབ་མ་ཅན། །བྲག་ཨ་ལ་དེ་ཤོ་འདབ་མ་ཅན། །འདི་མཐུ་ཆེན་ཝེར་མ་ཉི་ཉ་ཡིན། །ཕ་དེ་དམེ་ལ་མ་དེ་མུག །མྱེས་པོ་གྲི་ཡི་ཚ་བོ་ཡིན། །ཕྱི་མོ་ནལ་གྱི་ཚ་བོ་ཡིན། །དམེ་མུག་ནལ་གསུམ་གྲིབ་མི་འཇིགས། །ཚ་གྲང་དམག་དང་ངར་མི་འཇིགས། །འདི་སེང་གེའི་མགོ་ལ་དབྱི་ཡི་རྣ། །རལ་གྲིའི་རྐང་ལ་ཆུ་གྲིའི་གཤོག །དགྲ་སྟ་ངར་མའི་དབུ་རྒྱན་ཅན། །ལོ་ཕྲོམ་བསེ་ཡི་སླག་པ་ཅན། །རྒྱ་སྟག་རྔམ་པའི་ཤམ་ཐབས་ཅན། །སེང་གེ་དཀར་མོའི་སྐུ་སྟོད་ལ། །ཆུ་སྲིན་རྔམ་པའི་སྐུ་སྨད་ཅན། །དྲག་པོ་དུང་གི་ངར་སྐད་སྒྲོགས། །རེ་འབྱམས་རྒྱུག་པའི་རྔ་མ་ཅན། །འབྲུག་དང་དུང་གི་ང་རོ་སྒྲོགས། །གནམ་ལྕགས་ཐོ་ལུམ་ཕྱག་ན་བསྣམས། །འདི་ལན་གཅིག་བབས་པའི་དུས་སྲིད་ན། །གནམ་ས་རི་བྲག་བཅོམ་ཀྱང་ནུས། །དགྲ་ལ་གཡུ་འབྲུག་རྔམ་རྔམ་བྱེད། །ཝེར་ཆེན་རྣམས་ཀྱི་གྲོལ་ཕུག་ཡིན། །སྤོ་ལ་སད་ཀྱིས་འདི་ལྟར་འཇུས། །སྤོ་རྒན་དཀར་པོ་ལུ་གུ་སྙིང་། །མཐུ་ཆེན་ཝེར་མའི་ཡབ་དེ་ཡིན། །སྤོ་བྲག་རྣམས་ཀྱི་གྲོལ་ཕུག་ཡིན། །གཉིས་ཙམ་སྤོ་རུ་སོང་བ་དེ། །གཉིས་མལ་གསུམ་གྱི་བླ་གནས་ཡིན། །བཞི་


MR16_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སད་དུ་འབྲེལ་བ་དེ། །ཤི་མེད་རྡོ་ཡིས་ཕྱག་རྒྱ་ཡིན། །སྤོ་བྲག་སྟག་རལ་ཅན་གྱི་ཡང་མྱེས་ཡིན། །སྐྱེར་གསུམ་བར་མ་སད་པ་དང་། །ཐ་མ་སད་པ་གཉིས་པོ་ནི། །ད་རོག་སྤོ་ཚེའི་སྐབས་སུ་བཤད། །མ་ཟེ་སྤོ་ལ་བཏགས་གྱུར་ན། །སྤོ་བྲག་བ་ཚ་ཕུར་བཞི་ཡིན། །དྲོད་མོ་རལ་གཟེང་བླ་རི་ཡིན། །གར་བབ་ཐན་དང་ལྟས་ངན་ཡིན། །ཁྱུང་བརྒྱང་བཏགས་ན་གཏིང་བཤལ་དང་། །ལག་བཤལ་གཉིས་ཡིན་ཨ་ཁད་བཏགས། །ཁ་བུར་སོགས་ཡིན་གོང་དུ་བཤད། །ཁྱུང་བརྒྱང་ཁྲ་མོ་ཁོང་སེང་ནི། །བཏགས་པ་དམུ་དབལ་སྤོ་ཚེ་ཡི། །བཏགས་པའི་སྐབས་དང་ཁྱད་པར་མེད། །ཨ་ཁད་ལྷག་མ་དག་གི་ནང་། །ཀྱེ་བ་སད་དེ་ཨ་ཁད་ཀྱི། །ཐིག་གསུམ་དབུས་མས་སྤོ་ལ་འཇུས། །ཙེ་ར་བྱ་གླང་སྡེར་ཐུན་བྲག །གླག་བཟུང་ཚང་ནས་བཟུང་བའི་མོ། །བྱ་ཚང་འབེབ་པའི་མོ་ལ་བཟང་། །མ་ཁྱིམ་དག་ནས་བུ་ཤོར་ངོ་། །དེ་དག་སྤོ་བྲག་རྣམ་གྲངས་ཡིན། །སྤོ་དེ་ཀུན་ཏྲོང་དུ་སོང་བ་ན། །ཏྲོང་བྲག་ཡིན་ཀྱང་དེ་དག་ནི། །སོ་བྲག་སྡེ་ཚན་ནང་དུ་འཆད། ༈ །ད་ནི་སོ་བྲག་དབྱེ་བ་ལ། །སོ་བྲག་བག་གི་རིགས་ལས་བཙལ། །བག་མེད་ན་སོ་ཡིས་བཀུག་མི་ཤེས། །སྐྱིན་དིང་སོས་བཀུག་སོ་ཡོན་ཡིན། །བག་གི་བྱ་ཡུན་དག་ལ་ནི། །སོས་བཀུག་པ་ཡི་རྣམ་གྲངས་ནི། །སོ་ལ་ཕྲུ་གུ་གཅིག་དང་ནི། །གྲུ་གསུམ་འཇུས་ནས་གྲུ་གསུམ་ནང་། །ཕྲུག་གུ་བསྐོན་པར་གྱུར་པ་ནི། །ཏྲོང་གི་གཏིང་བཤལ་དག་ཡིན་སྟེ། །གྲུ་གསུམ་མགོ་མཇུག་བཟློག་ན་ཏྲོང་ལག་བཤལ། །གལ་བར་ཕུང་མ་ལག་བཤལ་བྲག་ཀྱང་ཟེར། །གཉིས་ཀར་ཟིན་ན་ཏྲོང་ཁ་ཐུན། །དེ་ནི་ཏྲོང་གི་དབྱེ་བར་གཏོགས། །བྱ་བུར་སོས་བཀུག་སོ་རྟོད་ཡིན། །མགོ་མཇུག་བཟློག་ན་རྫི་ལུང་ཡིན། །གཉིས་ཀར་ཟིན་ན་སོ་ཁ་ཐུན། །

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


MR16_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་གླིང་བཞིར་སོས་བཀུག་པ། །མགོ་མཇུག་བཟློག་དང་གཉིས་སྒྲིགས་སོགས། །དབྱེ་བ་ཡོད་ཀྱང་དཔྱད་མ་རྙེད། །དེ་བཞིན་གཡུང་དྲུང་བྱ་བུར་ཀྱང་། །བག་མུས་གཞུང་ལ་སོས་བཀུག་པ། །སོ་ཡོན་བ་ཤོ་ཐང་ལོ་བྲག །དོན་ལ་མུ་ས་ཤོར་ཁུང་ཡིན། །ཕྲུ་གུ་གཉིས་ཀ་སོས་བཀུག་པ། །གལ་བར་ཕུང་མ་ཁ་རྒྱ་བྲག །སོ་ཡོན་མདུང་རྩེ་རུ་ཐུན་བྲག་ཀྱང་ཟེར། །གཅིག་ལ་ཤ་བ་གདོས་བྱེད་བཟང་། །བརྒྱད་ལ་བནྡེ་ནད་པ་བཟང་། །དེ་ཡི་ཕྲུ་གུ་གཅིག་དང་ནི། །གཉིས་པོ་གྲུ་གསུམ་བཅས་བསྐོན་པའི། །དབྱེ་བ་གཞན་གཉིས་དཔྱད་མ་རྙེད། །བག་ཝ་ཚོའི་གྲུ་གསུམ་སོས་བཀུག་ན། །ཝ་ཚོ་རྒྱ་ཡ་མཇུག་བཤལ་བྲག །གལ་བར་སྦྲུལ་རྔ་བྲག་ཀྱང་ཟེར། །སོ་ཡོན་ངར་སོ་རང་བྲག་ཡིན། །བཅུ་གཅིག་དྲ་མ་དག་ལ་བཟང་། །བརྒྱད་ལ་རྟ་དྲེལ་ནད་པ་སོས། །བཅུ་གཅིག་དུར་ཁ་གཅོད་ན་བཟང་། །འདི་ལ་བརྒྱག་གཅིག་བཅས་པ་ན། །སོ་ཡོན་ཁ་རྔམ་འབྲུག་རྩེ་ཟེར། །ཕྲུ་གུའི་སྣེ་ནས་སོས་བཀུག་ན། །གལ་བར་ཕུང་མ་ལག་ཆག་བྲག །ཝ་ཚོ་མཐུར་བཟུང་བྲག་ཀྱང་ཟེར། །སོ་ཡོན་མྱ་ངན་ཐུན་རྩེ་བྲག །སྤོ་བར་ཏྲོང་བུ་རུ་གཅིག་བྲག །བཅུ་གཅིག་འདོད་སྒུག་དག་ལ་བཟང་། །བརྒྱད་ལ་ཕྱུགས་ནད་གཅོད་ལ་བཟང་། །བཅུ་གཉིས་ནད་པ་འཚོ་འཆི་འབྱེད་ན་བཟང་། །བཅུ་གསུམ་དུར་ཁ་གཅོད་ན་བཟང་། །སྔ་མའི་ཇུ་གསུམ་དང་བཅས་ཟིན། །གལ་བར་ཕུང་མ་མཐུར་འགུག་བྲག །ཕྲུ་གུ་བར་མར་སོས་བཀུག་པ། །གལ་བར་ཕུང་མ་སྐེད་ཆིངས་བྲག །གསུམ་ཀ་སོ་ཡིས་ཟིན་གྱུར་ན། །བྱ་རལ་ངོ་བོ་རྐང་ཚེ་བྲག །གསུམ་ཀ་སོ་ཡིས་ཟིན་གྱུར་ན། བྱ་རལ་ངོ་བོ་རྐང་ཚེ་བྲག །གལ་བར་གླང་བུ་གླང་མདའ་ནན། །བཅུ་གཅིག་


MR16_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཆད་སྨན་ལ་བུ་གསུམ་སྐྱེ། །བརྒྱད་ལ་བུད་མེད་ནད་པ་སོས། །གཅིག་ལ་ཡ་མ་ནག་པོ་བདེ། །བཅུ་གཅིག་ནག་བཙོན་དོང་ནས་ཐར། །གཞན་ཡང་ཕྲུག་གུ་གཉིས་ཟིན་དང་། །དབུས་མ་གྲུ་གསུམ་གཉིས་ཟིན་པའི། །བཤད་པ་དག་ནི་མ་རྙེད་དོ། །དེ་ནས་བག་སྐྱེར་ཐང་ལེ་ལ། །གྲུ་གསུམ་སོས་བཀུག་གྱུར་པ་འདི། །སྐྱེར་ནག་འཐོམ་པ་མགོ་འཁོར་ཡིན། །བཤད་པ་སྐྱེར་གྱི་སྐབས་སུ་བསྟན། །དེའི་སྐྱེར་ལ་སོ་ཡིས་བཀུག་པ་ནི། །སྐྱེར་ནག་མཐུར་བཟུང་བྲག་ཅེས་བྱ། །ནལ་ངོ་གང་བབ་མི་དུར་ཡིན། །དེ་ཡི་གྲུ་གསུམ་སྐྱེ་གཉིས་ཀར། །སོས་བཀུག་སྐྱེར་དམར་ལྟོ་སྦྱོར་སྟག་རྩེ་བྲག །ནད་ཀྱི་ཆར་པ་བབས་ངོ་ཡིན། །རིམས་ནད་རླུང་ལྟར་འཚུབ་ངོ་ཡིན། །སྐྱེར་བྲག་ངན་སྡེ་ཤི་རོ་ཡིན། །བསེ་ཤུ་མོ་ཡི་གྲིབ་རོ་ཆེ། །བཅུ་གཉིས་སྟེང་དུ་བབ་ན་ཡིན། །སྐྱེར་ནག་བུ་ཚ་བྲག་ཀྱང་ཟེར། །བྱང་གི་ཐང་ཤིང་ཉག་གཅིག་ན། །བན་དཀའ་ཐུབ་ལྷོག་དགྲ་ཐོགས་པའི་ངོ་། །བཙུན་པས་བྱས་པའི་ནལ་ངོ་ཡིན། །འདི་ཡི་གྲུ་གསུམ་བརྒྱག་གཅིག་ན། །སྐྱེར་ནག་བ་མེན་གྲི་མིག་བརྒྱག །སྐྱེར་བརྒྱག་སྐྱེར་ནག་ཁྲི་སྡེ་ཤོམ་བུ་བརྒྱག །བཀྲ་ཤིས་མི་རྩ་རྫས་བརྒྱད་བྲག །ཐང་ལེ་མགྲོན་བུ་བྲག་བར་གྱི། །དབུས་ཀྱི་ཕྲུ་གུར་སོ་ཡིས་བཀུག །སྐྱེར་ནག་ཡུ་མོ་དགུ་ཁྱམ་བྲག །རྔ་སྙི་གཅིག་ལ་ཡུ་མོ་གཉིས་ཟིན་ཡིན། །ཆེན་ཆུན་བྱི་པོ་སྤྱི་དམར་ཚོལ། །སྐྱེར་ནག་བ་ཤ་ལག་བྲག་འདི། །སོ་བྲག་ཁྲ་གཤོག་རིང་མོའང་ཟེར། །ཝེར་མ་ཕུར་བུ་རུ་རིང་ཡིན། །རེ་འབྱམས་བརྟེན་པའི་རི་དེ་ཡིན། །ཏྲོང་རིགས་རྣམས་ཀྱི་གྲོལ་ཕུག་ཡིན། །བཅུ་གཅིག་ནད་པ་མི་འཆི་ནུས། །བཅུ་གསུམ་ཡ་རབས་ཚེ་རིང་ནུས། །དེ་ཡི་སྐྱེར་ལ་


MR16_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ན། །སྐྱེར་ནག་པ་མེན་ལག་ཆ་བྲག །སོ་ཡོན་འདན་བུ་སྣ་རིང་ཟེར། །དུག་སྦྲུལ་ནག་པོ་མི་ཟན་ཡིན། །ཐལ་མོའི་བར་དུ་སྦྲང་བུ་བཅར། །མི་ཉེས་མེད་སྐྱོན་ལ་གཏོད་ངོ་ཡིན། །མཛོ་སྦྲེལ་རྦབ་ལ་ཤོར་ངོ་ཡིན། །བཅུ་གཅིག་སྦྲུམ་མ་དག་ལ་ངན། །བརྒྱད་ལ་ལམ་སྒུག་བྱེད་ན་བཟང་། །བཅུ་གསུམ་ཁ་མཆུ་རྩོད་ན་བཟང་། །འདི་སྐྱེར་ནག་གཡག་རྒོད་གཅིག་སྐྱེས་བྲག །བྱང་གི་གཡག་རྒོད་ན་ལ་ཆགས། །དེ་ཡི་གསུམ་ཀར་སོས་བཀུག་ན། །སྐྱེར་ནག་བ་མེན་རྩི་ཐུན་བྲག །སྤྱང་ཀི་འཛོལ་ལ་བསད་པའི་ངོ་། །དགྲ་འཐབ་པའི་བར་དུ་འགྱོད་མེད་བྲག །ཡང་ན་སྐྱེར་ནག་ཕུང་མ་བཞི་ཐུན་བྲག །མི་རྟ་ཁྱི་གསུམ་དུས་གཅིག་འཆི། །ལྷག་པར་ཁྱིམ་ཕྱ་དག་ལ་ངན། །དེ་ཡི་སྐྱེར་གཉིས་ཟིན་པ་དང་། །སྐྱེར་དང་ཕྲུ་གུ་གཉིས་ཟིན་པའི། །བཤད་པ་མ་དཔེ་མ་རྙེད་དོ། །ཙེ་ར་སོ་ཡིས་བཀུག་པ་ལས། །སོ་བྲག་འབྱུང་ཚུལ་སྐབས་འདིར་བཤད། །སྐྱེར་དཀར་ཀོང་ཙེ་དུན་དུན་གྱི། །ཕྲུ་གུ་ཡོད་ངོས་སྐྱམ་ལ་ཟིན། །སྐྱེར་ཙེ་ར་ཕུང་མ་ཅི་མཐུན་བྲག །སྐྱེར་ནག་འབྱོན་པ་ཟླ་བ་བྲག་ཀྱང་ཟེར། །བཅུ་གཅིག་ནད་པ་ཁོང་རྩ་བདེ། །བརྒྱད་ལ་རྟ་ནད་ཅན་ལ་བཟང་། །བཅུ་ལ་སྲིང་མོ་བག་རྫོང་བཟང་། །གཅིག་ལ་སྲིའུ་སོས་པའི་མོ། །བཅུ་གསུམ་དུར་མོ་དག་ལ་བཟང་། །སྐྱེར་མ་ཕུང་མ་བ་དགུ་བྲག །བྲག་ཤིང་མྱུར་གློ་མགྱོགས་པའི་ངོ་། །ཕྲུ་གུའི་ནད་དུ་སོ་ཡིས་ཟིན། །ཙེ་ར་ཕུང་མ་མགོ་བཏུམ་བྲག །ཙེ་ར་ཡོར་པོ་མགོ་བཏུམ་འང་ཟེར། །སྐྱེར་གྱི་ཀོང་ཚེ་ཏིང་ལོག་ཟེར། །སྔོན་སྨོན་སྲས་ཡེའུ་དུང་སྒོང་དང་། །ངམ་ཟ་བསེ་འདབ་དམར་མོ་གཉིས། །འདོད་པའི་དབང་གིས་ཞེ་མཐུན་བྱས། །ངམ་ཟས་སྙིང་གཏམ་བྱས་སོ་ཞེས། །ལེ་ལན་ངམ་


MR16_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྩོལ་པོ་དེས། །སྨོན་སྲས་ཅོ་ཏོ་གནམ་ལ་བཏགས། །རྐང་པ་ས་ལ་བཤལ་བ་བྱས། །ངམ་མི་བསེ་ཐུབ་འབར་བ་དེས། །གློག་གིས་རལ་གྲིས་མགོ་ལུས་ཕྱེས། །བསྐལ་པ་དེ་ཡི་མོ་མདུད་ཡིན། །གཅིག་གི་ཙེ་ར་མགོ་བརྡུམ་ན། །ཤར་ཕྱོགས་ཡོད་རི་དིལ་དཀར་དེ། །བྱ་ཁྲུང་ཁྲུང་དཀར་མོའི་ཁོང་རྩ་དེ། །གྲིབ་བྱ་ཕོ་རོག་ནག་པོས་བཅད། །སྐྱེས་ཕོ་བོ་གྲི་ཁར་འཆི་ངོ་ཡིན། །ཅི་བཏབ་ཅི་ལ་ངན་པ་ལ། །རྟ་ནད་སྐྱོང་དང་ཀླུ་བཅོས་བཟང་། །གཉིས་འདྲེ་བྱ་སྲེག་པའི་མགོ་བོ་དེ། །དུང་ཁྲ་ཧོར་པས་བཅད་པ་ཡིན། །དགྲ་མི་ཟུན་གྱིས་སོད་པའི་ངོ་། །ཡང་ན་ཁུ་བྱུག་འོལ་བས་བསད། །བྲན་གྱིས་རྗེ་བསད་བྲན་སྲོག་ཆད། །གསུམ་སྲིབ་ཀྱི་བྲེའུ་གུ་མདའ་སྒྲོ་ལ། །གཡུ་བྱ་ཁུ་བྱུག་མགོ་བོ་དེ། །ཁྲ་ཡེ་ཙེ་སྔོན་མོས་བཅད་པ་ཡིན། །ཕ་ཡི་མགོ་བོ་བུ་མོས་བཅད། །བཞི་ཉ་ཆེན་ཡོར་མོའི་མགོ་བོ་དེ། །སྲམ་ཆེན་གོང་རྒྱུག་དག་གིས་བཅད། །མནའ་མ་གྱོས་པོས་བསད་པའི་ངོ་། །ལྔ་སྲིན་བྱ་འུག་པའི་མགོ་བོ་དེ། །དུང་ཁྲ་ཧོར་པས་བཅད་པ་ཡིན། །དགྲ་ངར་མའི་མགོ་བོ་ཟུན་གྱིས་བཅད། །དྲུག་སྨན་ཤ་ཡུ་མོའི་མགོ་བོ་དེ། །སྤྱང་ཀི་སྔོན་པོས་བཅད་པ་ཡིན། །སྐྱེས་པས་ཆུང་མ་བསད་པའི་ངོ་། །བདུན་ལྷ་ལུག་གྲོ་བོའི་མགོ་བོ་དེ། །འཕར་བ་དམར་པོས་བཅད་པ་ཡིན། །ཕ་སྤུན་གཅིག་གིས་གཅིག་བསད་ངོ་། །བརྒྱད་དུང་ཁྲ་ཧོར་བའི་མགོ་བོ་དེ། །སྲིན་བྱ་འུག་པས་བཅད་པ་ཡིན། །དགྲ་ཡི་དམག་གིས་ཟུན་གྱི་དམག་དཔོན་བསད། །ཅི་ལ་བཏབ་ཀྱང་ངན་པ་ལ། །འཆིང་འདུན་བྱེད་ན་བཟང་བ་ཡིན། །དགུ་སྲིན་བྱ་སྲེ་བོའི་མགོ་བོ་དེ། །ལྕང་ཁྲ་སྔོན་མོས་བཅད་པ་ཡིན། །ཟུན་གྱིས་དགྲ་ཡི་དམག་དཔོན་སོད། །བཅུ་ལྷ་བྱ་གོང་མོའི་མགོ་བོ་དེ། །ཕོ་རོག་ནག་པོས་བཅད་པ་ཡིན། །མ་སྲུ་དགྲ་ཡིས་བསད་པ་ཡིན། །བཅུ་གཅིག་ཕོ་ལྷ་བྱ་དཀར་མགོ་བོ་དེ། །སོལ་


MR16_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་རོག་པོས་བཅད་པ་ཡིན། །ཟུན་གྱི་དར་འཛིན་དགྲ་ཡིས་བསད། ཅི་བཏབ་ཅི་ལ་ངན་པ་ལ། །དུར་གཏད་མོ་ལ་བཟང་བ་ཡིན། །བཅུ་གཉིས་སོལ་ཁྲ་ནག་མོའི་མགོ་བོ་དེ། །ཕོ་ལྷའི་བྱ་དཀར་དག་གིས་བཅད། །དགྲ་ཡི་དར་འཛིན་ཟུན་གྱིས་བསད། །བཅུ་གསུམ་དུང་ཁྱུང་དཀར་པོའི་མགོ་བོ་དེ། །བྱ་ནག་ཀེ་རུས་བཅད་པ་ཡིན། །མི་རབས་གསུམ་ལ་མི་བསད་རྒྱུན་མི་འཆད། །གྲི་འདུལ་དགྲ་བྲུབ་བདུད་བཟློག་བྱ། །ཅི་བཏབ་ཀུན་ལ་ངན་པ་ལ། །ཕྱུགས་ཀྱི་ནད་ཁ་འཆད་ངོ་ཡིན། །སྐྱེར་གཉིས་ཟིན་དང་སྐྱེར་དང་ཕྲུ་གུར་ཟིན། །གསུམ་ཀར་ཟིན་པའི་དཔེ་མ་རྙེད། །བག་ཚོ་དག་ལ་སོས་བཀུག་ན། །སྐྱེར་གཉིས་ཕྲུ་གུ་གཅིག་དང་གསུམ། །སོ་སོར་སོ་ཡིས་བཀུག་པ་ན། །སྐྱེར་ནག་ཡུ་མོ་འགུལ་ཁྲིད་བྲག །ཆེན་ཆུན་གཉིས་ལ་ཤར་པོ་གཅིག །ཡུ་མོ་གཉིས་ལ་འགུག་སྙི་གཅིག །ཏྲོང་དམར་ཟུ་ཁ་ཁ་དགུ་བྲག །སྐྱམ་རྒན་སྤོ་དེ་ཏྲོང་སོང་བའི། །གཡོན་གྱི་ཕྱོགས་ལ་བཏགས་པ་ཡིན། །སྐྱེར་དམར་ཕུང་མ་ཟེ་མུར་ཟེར། །བཅུ་གཅིག་ནད་པ་དག་ལ་བཟང་། །བརྒྱད་ལ་རྟ་རྒྱུག་བྱེད་ན་བཟང་། །གཅིག་གི་སྟེང་དུ་དུར་མོར་བཟང་། །བཅུ་གཅིག་རྟ་མོ་དག་ལ་བཟང་། །སད་ཀྱི་བག་ཚོ་བཏགས་པ་ལས། །མོ་རྟར་གཉིས་འབྲེལ་ལྕགས་ཐག་འདྲ། །སྐྱམ་དང་ཕྲུ་གུ་སོ་སོར་བསྐོན། །འདི་ཡི་བཤད་པ་མ་རྙེད་དོ། །དེ་བཞིན་སད་ཀྱི་གཉིས་ཀས་འཇུས། །འདི་ལ་ཞང་ཞུང་ཕུག་པས་མིང་བཏགས་པ། །ཕོ་ལྷ་དུང་ཁྱུང་དཀར་པོ་ཟེར། །བར་པས་བ་བཙུན་གྲུབ་པའི་རྣམ་ཤེས་ཟེར། །སྒོ་བས་མ་ཧཱ་གསེར་ཀྱི་རུས་སྦལ་ཟེར། །ཡང་དག་གཤེན་གྱིས་མཚན་གསོལ་བ། །གཡུང་དྲུང་སྐྱེར་ལེབ་མདུད་མོ་ཆེ། །ཐམས་ཅད་


MR16_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་གྲོལ་བ་ཡིན། །ཨེ་སད་ཨེ་ཨོད་ཞེས་ཀྱང་བྱ། །གཡས་སུ་སད་གཅིག་འཇུས་པ་དེ། །སྟེང་གི་ནམ་མཁའ་སྔོན་པོ་ཡིན། །གཡོན་དུ་སྐྱེར་གཅིག་འཇུས་པ་དེ། །འོག་གི་ས་གཞི་གྲོ་མོ་ཡིན། །རྩེ་ལ་ཕུར་གཅིག་འཇུས་པ་དེ། །བར་གྱི་ཉི་ཟླ་སྐར་གསུམ་ཡིན། །ཀུན་ལ་མོ་སྒོ་འབྲེལ་པ་དེ། །མཐའ་མ་ལྕགས་རིས་བསྐོར་བ་ཡིན། །ནམ་མཁའ་ས་གཞི་ཉི་ཟླ་སྐར། །མོ་མདུད་འདི་ལ་ཚང་བ་ཡིན། །གཡས་སུ་སད་གཅིག་འཇུས་པ་དེ། །ཡོད་ཁམས་ཐམས་ཅད་དེ་ལས་གྲོལ། །གཡོན་དུ་སྐྱེར་གཅིག་འཇུས་པ་དེ། །མེད་ཁམས་ཐམས་ཅད་དེ་ལས་གྲོལ། །རྩེ་ལ་ཕུར་གཅིག་འཇུས་པ་དེ། །མོ་སྒོ་ཀུན་ལ་འཇུས་པ་དེ། །ཡོད་མེད་བཟླུམ་པའི་རྫིའུ་ཡིན། །ཡོད་མེད་ཁ་འཛིན་བསྡུམ་རྫི་བཞི། །མོ་མདུད་འདི་ལ་ཚང་བ་ཡིན། །གཡས་སད་ཕོ་ལྷ་དུང་ཁྱུང་དཀར། །གཡོན་སྐྱེར་བ་བཙུན་འཕྲུལ་མོ་ཆེ། །རྩེ་ཕུར་དཔག་བསམ་ཤིང་གི་བླ། །མོ་སྒོ་མ་ཧཱ་གསེར་གྱི་རུས་སྦལ་དེ། །བ་སྦལ་ཁྱུང་གསུམ་སྐྱེ་གྲོག་ཤིང་དང་བཞི། །མོ་མདུད་འདི་ལ་ཚང་བ་ཡིན། །གཡས་སད་ལྷན་སྐྱེས་ཕོ་ལྷ་དེ། །གཡོན་སྐྱེར་ལྷན་ཅིག་སྐྱེས་པའི་འདྲེ། །རྩེ་ཕུར་ལྷ་འདྲེ་ཤན་འབྱེད་བོན། །མོ་སྒོ་ལྷ་འདྲེ་ཤན་འབྱེད་ཡིན། །ལྷ་འདྲེ་བོན་དང་ཤན་འབྱེད་བཞི། །མོ་མདུད་འདི་ལ་ཚང་བ་ཡིན། །དེ་བཞིན་ཕྱ་དམུ་གཙུག་གསུམ་སྐོས་དང་བཞི། །གསེར་རི་དུང་རི་ཤེལ་བྲག་དང་། །ཡོད་ཁམས་སྤུ་བ་བཞི་ཡང་ཚང་། །ཕ་མ་བུ་གསུམ་གསོས་དང་བཞི། །གཡུང་དྲུང་བྲག་རིགས་སངས་དང་ཏྲོང་བཞི་ཚང་། །དགྲ་བླ་ཝེར་མ་ཅང་སེ་ནག་རིགས་བཞི། །དབྱིག་རིགས་དཔའ་རྡོ་མཚོན་ཆ་མགར་ཚང་བཞི། །རྒྱལ་འཕམ་བར་པ་འཁྲུགས་གཞིར་ཞི། །མདུད་པ་འདི་ལ་ཚང་བ་ཡིན། །རིགས་དྲུག་བརྟེན་པའི་བྲག་ཞིག་ཡིན། །སྐྱེ་བ་རྣམ་བཞི་འདི་ལ་ཚང་། །སད་ཆེན་བག་ཆོ་འཇུས་པ་ལས། །མི་


MR16_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་གསུམ་ཙམ་ཡོད་ན་ཡང་། །བཤད་པ་མ་དཔེ་མ་རྙེད་བཞག །སད་སྔ་གྱེར་རྒྱུད་བཏགས་པ་ལས། །མོ་རྟར་གྲུ་གསུམ་གཅིག་བཏགས་ཤིང་། །སད་ཀྱི་སྣེ་ནས་འཇུས་པ་ན། །ཤིང་ཤག་མདའ་གྲི་འུར་མོ་བྲག །ཡང་དག་རུ་ལ་རྩང་མ་ཟེར། །བརྒྱད་ཡ་མ་ནག་པོ་འཆོས་ན་བཟང་། །དེ་ཡི་སད་ཀྱིས་གཉིས་ཀས་འཇུས། །འདི་ཡི་བཤད་པ་མ་རྙེད་དོ། །ཝ་ཚ་ལ་རྔམ་སོས་བཀུག་ལ། །སད་ཀྱི་སྣེ་དང་སྐྱམ་ལ་ཟིན། །ཁུ་དོ་ཡར་དགེ་ཁུ་ཐུན་བྲག །དོམ་དང་སྟག་གཉིས་འཐབ་པའི་ངོ་། །གཅིག་གིས་གཅིག་བསད་རོ་སྦྲེལ་འབྱུང་། །ཕུང་བར་ཤོ་དོན་ཐུན་བྲག་ཀྱང་བྱ། །བཅུ་གཅིག་ཡ་མ་ནད་པར་བཟང་། །བཅུ་གསུམ་ཡུགས་མོས་ཁྱོ་ཚོལ་བཟང་། །སྔ་མའི་སྐྱམ་གྱི་ཕྲུ་གུར་ཟིན། །ཁུ་དོ་མར་སྐེ་ན་གུ་བྲག །སྟག་དྲེད་འཐབ་ནས་གཅིག་གིས་གཅིག་བསད་བྱས། །ཕུང་བར་གློ་དོང་ལད་ཚ་བྲག་ཀྱང་ཟེར། །དེ་གཉིས་ཀྱི་སད་གཉིས་ཟིན་པ་ལ། །དཔྱད་ཀྱི་མ་དཔེ་མ་རྙེད་དོ། །ཀྱེ་བ་སད་ལ་སོས་བཀུག་ཚེ། །གཉིས་ཀའི་རྩེ་མོས་འཇུས་པ་སོགས། །དེ་ལ་འདྲ་མིན་བཅུ་ཙམ་ཡོད་ན་ཡང་། །ཅི་རིགས་རྙེད་པ་འདིར་བྲི་ན། །གསུམ་གྱི་མཐའ་གཉིས་ཟིན་པ་དང་། །སད་ཀྱི་རྩེ་མོར་ཟིན་པ་ན། །མུན་དམར་པ་ཙ་ཡང་ཤོ་བྲག །ཏྲོང་སད་སྔོ་ཆུང་གལ་ཚེ་བག་ཀྱང་ཟེར། །བཅུ་གཅིག་དྲ་མ་བཤོལ་ན་བཟང་། །བརྒྱད་ལ་ནད་པ་སོས་ངོ་ཡིན། །གསུམ་ལ་ཆུང་སྲི་འདུལ་བར་བཟང་། །བཅུ་གསུམ་ནགས་ཚལ་གཅོད་ན་བཟང་། །གཅིག་ལ་རྟ་རྒྱུག་བྱེད་ན་བཟང་། །དེ་ཡི་སད་ཀྱི་གཉིས་ཀས་ཟིན། །ཁྲི་ལི་ཁྲི་ཤག་ཆེན་མོ་ན། །ཁྲི་ལི་ཁྲི་ཤག་ཆེན་མོ་ན། །ཏྲོང་སྟག་རྩེ་སད་དེ་འདབ་མ་ཅན། །རྡོ་རྗེའི་བྲག་ལ་བྱ་ཚང་ལེགས། །ཡུལ་


MR16_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བདེ་ལ་མི་མཁར་བཙན། །ཀླུ་མོ་ཕྱུག་ལ་འབྲས་དྲུག་ཡག །ཝེར་མ་གཉན་དང་སྡེབ་པའི་བུ། །གསུམ་པོ་ཀུན་ཟིན་གཉིས་རྩེར་བཀུབ། །སོ་ཡོན་ཝ་ཚ་བད་ཚེ་བྲག །ཤ་ལ་ཡུ་བོ་ཕུ་ཤ་བྲག །བརྒྱད་ལ་རྟ་རྒྱུག་བྱེད་ན་བཟང་། །བཅུ་གསུམ་ཆར་པ་འབེབ་ན་བཟང་། །མུ་ལེ་སུམ་ཟུང་སད་ལས་ནི། །འདོགས་ཚུལ་བཞི་ཙམ་སྣང་ན་ཡང་། །མ་དཔེ་རྙེད་པར་མ་གྱུར་ཏོ། །ད་ནི་བག་གི་ལྡི་བུར་ལས། །གྲུ་གསུམ་གཅིག་དང་ཕྲུ་གུ་གཉིས། །སོ་སོར་སོ་ཡིས་བཀུག་པ་ནི། །གལ་བར་ཕུང་མ་ལག་ཆག་བྲག །ཡང་ན་ལ་ཚེ་བྲག་ཀྱང་ཟེར། །རིང་རིང་རྒྱ་ལི་ལན་ཚ་བྲག །ཡང་དག་སད་ཀྱི་དམུ་བ་ཡོང་རྩི་བྲག །སྨོན་སྲས་འཕྲུལ་བུ་བཙོན་དུ་བཟུང་། །དམ་ཟ་དམར་པོས་བཙོན་རྫི་བྱེད། །བཅུ་གཅིག་ལྔ་ལོ་འདེབས་པར་བཟང་། །བརྒྱད་ལ་དུར་ས་སྤོ་བར་བཟང་། །གཅིག་ལ་ཡ་མ་ནག་པོར་བཟང་། །བཅུ་གསུམ་གཏིས་མ་དག་ལ་བཟང་། །གླང་བཤའ་བདག་པོ་ཤི་བའི་བྲག །ཅི་ལ་བཏབ་ཀྱང་ངན་པ་ལ། །བཤའ་གླང་ཉོས་ན་བཟང་བ་ཡིན། །སྤོ་ཁ་བུར་ཏྲོང་དུ་སོང་བ་ཡིན། །དེ་ནས་ཝ་ལྡི་བཏགས་ཚུལ་ལས། །ཝ་ལྡིའི་སྐྱམ་གྱིས་འཇུས་པ་ན། །དམུ་བྲག་ཡར་སྐེ་ཁ་ཐུན་བྲག །ཕྲུ་གུས་འཇུས་པར་གྱུར་པ་ན། །དམུ་བྲག་དམར་སྐེ་ཁ་ཐུན་བྲག །ངམ་གྱི་ཀླུ་བའི་རི་དྭགས་ཡིན། །དམུ་ངམ་མྱ་ངན་ཐུན་རྩེ་བྲག་ཀྱང་ཟེར། །བཅུ་གཅིག་ཁྲོན་པར་རྫབ་བརྩིགས་བཟང་། །བརྒྱད་ལ་ནད་པ་ཁ་ཕོ་འདོན། །བཅུ་བཅུ་གཅིག་རྒྱད་ཤག་འདེབས་པར་བཟང་། །བཅུ་གསུམ་དུར་སྤོ་དུར་ལྷ་གསོལ་ན་བཟང་། །ཕྲུག་སྐྱམ་གཉིས་ཀས་འཇུས་པ་མ་རྙེད་དོ། །ཀྱེ་བ་བག་ཐོག་ལྡི་བུར་ལས། །མོ་རྟར་གསུམ་སྤྲེལ་


MR16_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གོན་པ། །ཏྲོང་གི་ཁྲི་ལེ་ཁྲི་འདུས་ན། །མདུང་མོ་སྟག་རྩེའི་བྲག་ཅེས་བྱ། །ཝེར་མའི་མགོ་ལ་སྟག་འཕྲུ་ཚུགས། །ཝེར་མ་ལྷ་དང་འདྲེས་པའི་བུ། །གཉན་ཤིང་ཡལ་ག་རྒྱས་པ་འདྲ། །མདུང་ལ་བ་དན་བཏགས་པ་འདྲ། །དམག་ཆེན་ཤུལ་དུ་ཞུགས་པ་འདྲ། །མཁར་ལ་འཇའ་སྐས་བཙུགས་པ་འདྲ། །འདི་ཡང་བྲག་གི་ཆེ་སྡེ་ཡིན། །བསེ་སྒོང་འབར་བ་ཞེས་ཀྱང་བྱ། །གསུམ་ཀས་འཇུས་པར་གྱུར་པ་ན། །དམུ་བྲག་རུས་སོ་ཙིག་ཙིག་ཡིན། །འདི་ནི་ཝེར་མའི་ལྕགས་ཁྱིམ་ཡིན། །ཁ་ཕར་གྱུ་ཝེར་མ་ལྕགས་མཁར་ནང་ནས་བུད། །ལག་དམར་ཁྱིམ་མཚེས་ལམ་དུ་བསད། །གལ་ཏེ་ཚུར་ལ་ཁ་གྱུ་ན། །བཙན་དོམ་སྐྱ་སྤྱང་ཀིའི་གལ་ལ་བབས། །སྨོན་སྲས་འཕྲུལ་བུའི་གྲི་སྤྱར་སྤུར་ཡིན། །གཏོ་ལ་བག་ནག་སྤྱང་ཀིའི་གྲུ་མོ་བརྡུང་། །གཡག་ནག་རྭ་རྩེ་གཡས་པ་ཆོད། །ཕོ་རོག་གཤོག་པ་དག་ལ་ནི། །གྲི་བྲུབ་བྱ་ཞིང་རྒྱ་ལམ་མནན། །མགོན་པོ་མང་དུ་བརྔན་པས་ཐུབ། །གསུམ་གྱི་དབུས་མར་ཟིན་པ་དང་། །གསུམ་གྱི་མཐའ་གཉིས་ཟིན་པ་དང་། །གསུམ་གྱི་སྣེ་མོ་གཉིས་ཟིན་རྣམས། །ཏྲོང་ཏྲིག་ཨ་ཤོ་དུན་དུན་བྲག །ཕུར་བུ་བཙན་བྲག་ནག་པོ་ཡིན། །བཅུ་གཅིག་འཁྲུག་པའི་མོ་ལ་བཟང་། །བརྒྱད་ལ་ཡུན་རིང་ནད་པ་སོས། །སུམ་ཟུར་ལྡི་བུར་བཏགས་ཚུར་ལས། །གསུམ་ཚོམ་གཅིག་ཟིན་གཉིས་གོན་པ། །དམུ་ནག་དགུ་ཐུན་ནག་པོ་བྲག །ངོམ་གྱི་རྫོང་འཕྲང་རིམ་དགུ་ཡིན། །རྫོང་མཁར་འབེབས་པའི་མོ་ལ་ངན། །བཅུ་གཅིག་བུ་ཁྱིམ་འབུབ་ན་བཟང་། །བརྒྱད་གྱོས་པོས་མནའ་མ་འདེད་ན་བཟང་། །གསུམ་ལ་ནད་པ་དག་ལ་བཟང་། །ཏྲོང་


MR16_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྐལ་ལྡན་གང་དཀར་བྲག །འདི་ཡང་བྲག་གི་ཝེར་མ་ཡིན། །ཝེར་མའི་ལུས་ལ་གཡུ་རལ་རྒྱས། །གཡུ་རལ་རྒྱས་ནས་གྲ་མ་ཡག །གཅིག་ཟིན་མ་རྙེད། །དེ་ནས་ཀྱེ་བ་སོས་བཀུག་བྲག །རིང་ཤག་དཀར་མོའི་སྣེ་ནས་ཟིན། །གཏུམ་ཅིར་ལ་རྒྱུད་དགུ་ཐུན་བྲག །གདུག་པ་གྲིབ་ཡོར་ནག་པོ་ཡིན། །འདི་ཕྱི་ནང་སྟོད་སྨད་གར་བབ་ཀྱང་། །བདུད་ཀྱི་ཞགས་པས་ཐེབ་པ་ཡིན། །ཏྲོང་གི་ཆུ་རྒྱུན་ནག་མོ་ཟེར། །དམུ་ཆུའི་ནད་ངོ་དག་ཏུའང་བཤད། །དེ་ཡི་གཉིས་པར་ཟིན་གྱུར་ན། །དེ་ཡི་དབུས་སུ་ཟིན་གྱུར་ན། །གཏུམ་ཅི་རལ་རྒྱུད་ལག་ཆ་བྲག །ཞང་ཞོང་རྔ་ཐོག་བརྒྱང་ཤ་དེ། །མུ་མེད་བདུད་མཚོའི་ནང་དུ་བསད། །ཏྲོང་ཆུང་སད་སྔ་གྱི་ལིང་ཟེར། །སོ་ཡོན་སྟག་བྲག་སེལ་མོ་ཡིན། །སྟོད་རྒྱ་སྟག་རི་བཀྲ་དུག་དང་འཕྲད། །བར་འབྲོང་བུ་དར་མ་དཔུང་ཚིགས་བུད། །སྨད་ཕ་ཝང་གླང་ལྟར་མཁུན་པ་འོང་། །དང་པོ་གཉིས་ལ་ཟིན་པ་ན། །གཏུམ་ཅི་རལ་རྒྱུད་དགུ་ཕྱི་བྲག །རྒན་སྲི་དར་སྲི་ཆུང་སྲི་གསུམ། །སོ་ལ་དུས་གཅིག་ཆས་པ་ཡིན། །ཡང་གཏུམ་ཅི་བཤོར་དཔུང་རྣམ་སད། །བཅུ་གཅིག་བོན་པོའི་མཁར་བརྩིགས་བཟང་། །དཔའ་བོའི་སྟོན་མོ་བྱེད་ན་བཟང་། །བཅུ་ལ་བོན་པོ་སྤོ་བར་བཟང་། །མཐའ་མ་གསུམ་ལ་ཟིན་པ་ན། །གཏུམ་ཅི་རལ་རྒྱུད་ཁ་མཐུན་བྲག །ཧོར་དམག་མུན་ལྟར་འཐིབས་པའི་ངོ་། །མི་ནོར་དུས་ཀྱིས་ཁྱེར་ངོ་ཡིན། །སོ་ཡོན་ཟངས་དུང་རིང་པོ་འདི། །བཅུ་གཅིག་སྔགས་པ་དག་ལ་བཟང་། །བརྒྱད་བནྡེའི་ཚེ་ཕུར་བྱེད་ན་བཟང་། །གསུམ་ཡ་མ་ནད་པ་བཅོས་ན་བཟང་། །དབུས་མ་གསུམ་ཟིན་དཔྱད་མ་རྙེད། །ཐ་མ་བཞི་ལ་ཟིན་པ་ན། །


MR16_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་ཅི་རལ་རྒྱུད་སྤྱི་མཐུན་བྲག །ཁྱུང་ཆེན་གཤོག་པ་ཆད་པའི་ངོ་། །བཅུ་གཉིས་དྲ་མ་དག་ལ་བཟང་། །བརྒྱད་ལ་ནད་པ་དག་ལ་བཟང་། །བཅུ་ཡ་མ་ནག་པོ་བཅོས་ན་བཟང་། །གསུམ་པ་སྡུག་པ་དག་ལ་བཟང་། །དུང་ཁྱུང་གཤོག་དྲུག་ཕྱི་བའི་ངོ་། །བྱ་གཤོག་མེད་རྐང་པས་འགྲོབའི་ངོ་། །ཤོ་ཤོ་དགུ་ཐུན་བྲག་ཀྱང་ཟེར། །གཏུམ་ཅི་བྲག་ཁ་ཕུར་ཆེན་རྣམས། །བཙོན་མོང་པོ་ལྕགས་བརྡུང་བྱེད་པའི་ངོ་། །ལྔ་ཀ་སོ་ཡིས་ཟིན་པ་ན། །གཏུམ་ཅི་རལ་རྒྱུད་ཅི་ཕྱིང་བྲག །སྔོན་སྲིད་པའི་སྒོང་བདུན་རྡོལ་བ་ལས། །སྒོང་སེར་རྡོལ་དུ་མ་འདོད་པ། །སྲིད་པ་དེ་ཡི་བླ་གནས་དང་། །སྐལ་བ་དེ་ཡི་མོ་བདུད་ཡིན། །ཀྱེ་ལེ་འོད་དཀར་བཏགས་པ་ལས། །མཐའ་ནས་སོ་ཡིས་བཀུག་པ་དང་། །གཉིས་པར་སོ་ཡིས་བཀུག་པ་དང་། །མཐའ་གཉིས་སོ་ཡིས་བཀུག་པ་དང་། །དབུས་མ་གཉིས་ལ་བཀུག་པ་དང་། །ཟུར་གྱི་གཅིག་ལ་བཀུག་པ་ལྔ། །ཐམས་ཅད་བཀུག་དང་དེར་མ་ཟད། །ཟུར་གྱི་གཅིག་དང་གཞུང་ལ་ནི། །བཀུག་ཚུལ་ཡོད་ཀྱང་གསལ་པོར་བཤད་མ་རྙེད། །དིང་ཆུ་ནག་རྟ་སོ་ཟུར་ན། །སོ་ཟུར་གསེར་གྱི་ལྷན་པ་ཅན། །ནག་རིགས་བྲག་གི་ཆེ་བ་ཡིན། །སོ་བྲག་རྣམས་ཀྱི་རྟེན་གནས་ཡིན། །བྲག་ལ་བྲག་གཉེན་འདི་ལས་མེད། །དེ་འོག་སོ་ཟུར་དངུལ་ལྷན་ཅན། །ནག་རིགས་བྲག་གི་ཡོང་རྫོང་ཡིན། །དེ་འོག་ཟངས་ཀྱི་ལྷན་པ་ཅན། །ནག་རིགས་བྲག་གི་རྣོ་མཚོན་ཡིན། །བྲག་ལ་འདི་བས་རྣོ་བ་མེད། །དེ་འོག་ལྕགས་ཀྱི་ལྷན་པ་ཅན། །སྲ་བརྟེན་འདི་བས་ཆེ་བ་མེད། །


MR16_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འོག་སོ་ཟུར་ཁྲོ་ཆུའི་ལྷན་པ་ཅན། །རྫོང་ལ་འདི་བས་བཙན་པ་མེད། །འདི་ལྔའི་མདུད་རྫོང་མི་འདྲ་བས། །དབྱེ་བསལ་མ་ཤེས་རེ་ཞིག་བཞག །སླར་ཁུངས་ལྡན་ཡིད་ཆེས་བྱུང་ན་དཔྱོད། །དིང་ཆུ་ནག་རྟ་སྤུན་ལྔ་འདི། །ནག་རིགས་བྲག་གི་ཆེ་བ་ཡིན། །སོ་བྲག་རྣམས་ཀྱི་ཆེ་བ་ཡིན། །གཏུམ་པོ་བྲག་གི་ཕ་ཆེན་ཡིན། །འཁྲུགས་པ་བྱེད་པའི་ཡང་རྫོང་ཡིན། །ཝེར་མ་བཞུགས་པའི་ཕོ་བྲང་ཡིན། །ཅང་སེ་བརྟེན་པའི་མཁར་སོ་ཡིན། །དགྲ་བླ་འདུག་པའི་ཕ་ཡུལ་ཡིན། །མི་རྒོད་རྣམས་ཀྱི་མགོ་གནོན་ཡིན། །སྐྱ་ཞིབ་བགྲོད་པའི་ཁྲོ་ཆུ་ཡིན། །ངན་སྙིགས་བསད་པའི་ཤན་པ་ཡིན། །སློ་བྲག་བཅོམ་པའི་ཐོ་བ་ཡིན། །ནོར་གཅིག་རྐུང་པའི་རྐུང་ས་ཡིན། །འཁྲུགས་པའི་གཡུལ་ཆེན་སྤྲོད་དུས་དེར། །དིང་ཆུ་སྲུང་པ་གདམས་ངག་ཡིན། །འདི་བྲག་མུ་ལེ་གཞུང་རྒྱལ་གསེར་འཕྲུ་ཅན། །ཁ་ཅིག་བསེ་འུ་ར་གཅིག་ཟེར། །སྤྱི་བོར་ཐོར་ཅོག་འདུག་པ་དེ། །སངས་རྒྱས་རྣམ་ཀྱི་གྲོལ་ཕུག་ཡིན། །སྐེད་པ་རྡོ་རྗེར་འདུག་པ་དེ། །འཆི་མེད་རྡོ་རྗེའི་ཚེ་ཐོབ་ཡིན། །མོ་སྒོ་ཁ་ནས་བཟུང་བ་དེ། །དགྲ་སྙིང་གཏིང་ནས་འདྲེན་པ་ཡིན། །ནག་པོ་བྲག་གི་ཡང་རྗེ་ཡིན། །བྲག་གི་ནང་ནས་བྲག་ཞིག་ཡིན། །མཐུ་ཆེན་ཝེར་མའི་མཆེད་ཟླ་ཡིན། །ཀྱེ་བའི་མཐའ་གཉིས་སོས་བཀུག་ན། །སོ་ཡོན་མུན་པ་རང་ཁུག་བྲག །སོ་བྲག་ནང་གི་བཙན་པོ་ཡིན། །སོ་དང་ཀྱེ་བ་རང་ཁུག་གསུམ། །མོ་མདུད་འདི་ལ་ཚང་བ་ཡིན། །མཐའ་དབུས་དོར་བའི་གཉིས་པོར་ཟིན། །ལོ་ཙཱ་རྣམས་ཀྱིས་མཚན་གསོལ་བ། །དགྲ་བླ་ཆུ་སྲིན་མགོ་ལ་ཆེ་བོ་རུ། །དགྲ་ལྷ་རང་མིང་རང་གིས་བཏགས། །སོ་ཡོན་ཙང་མ་ཙང་ཀུན་བྲག །བཅུ་གཅིག་ཁྲབ་ཁ་བསྣོལ་ན་བཟང་། །གཅིག་


MR16_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱུགས་ཀྱི་འོག་བསྣོལ་བཟང་། །གསུམ་ལ་རྟ་རྒྱུག་བྱེད་ན་བཟང་། །བཅུ་གསུམ་དུར་ཀ་མནན་ན་བཟང་། །དང་པོ་དང་ནི་གསུམ་པར་ཟིན། །འདི་ལ་བཤད་པ་མ་རྙེད་དོ། །ཀྱེ་བ་རང་འགུགས་བཏགས་པ་ལས། །ཟིན་ཚུལ་དུ་མ་འོང་ན་ཡང་། །བལ་ཆེན་འབབ་པར་དཀའ་བ་ཡིན། །རང་ཁུག་ཐིག་གུར་སོས་བཀུག་པ། །ཁྲི་ལེ་ནོར་བུ་ཁོང་སེང་ཟེར། །གཏུམ་ཅི་ནོར་བུ་འབར་བའི་བྲག །བྲག་ཆེན་ནང་གི་ནོར་བུ་ཡིན། །འདི་ནི་ཡང་དག་བྲག་གི་དབྱིག །ལྷོ་ཡི་འཛམ་གླིང་བརྟེན་པ་ཡིན། །དཔལ་ལྡན་ལྷ་ཡི་ཡུལ་མཁར་དེར། །འབྲས་ད་ནང་བཏབ་པ་དོ་ནུབ་སྨིན། །ནོར་དང་ལོངས་སྤྱོད་འཕེལ་བའི་བླ། །ད་ནི་ད་རོག་ལས་བྱུང་བྲག །ད་རོག་རང་ཤག་དཀར་མོ་ཡི། །སྐྱམ་གྱི་ནང་དུ་སོས་བཀུག་ན། །ད་རོག་རང་ཤག་ལྷ་རྒྱལ་བྲག །སྐྱེར་དཀར་དཔལ་མོ་མདུང་འཛིན་ཡིན། །དཔའ་ཆེན་ཝེར་མི་ཤེལ་མདུང་ཡིན། །ཕྱྭ་བྲག་དམུ་བྲག་གཉིས་ཀ་ཡིན། །འདི་ཐང་གཅིག་བབ་པའི་དུས་སྲིད་ན། །དམག་དཔོན་རྒྱལ་འདོད་ཆུས་དང་འཕྲད། །དམག་མི་ནོར་འདོད་ནོར་དང་འཕྲད། །མཚོན་ཆ་ངར་མ་ཁྲག་དང་འཕྲད། །དགྲ་བླ་དཔའ་འདོད་དཔའ་དང་འཕྲད། །སྤྱང་སེ་མགྱོགས་འདོད་བང་དང་འཕྲད། །འདི་ལ་བརྒྱག་གཅིག་བཅས་པ་ན། །མདུང་ལ་ལྕགས་ཀྱིས་མཐུད་པ་ཡིན། །འདི་ཡང་བཙན་ས་སྟོད་དུ་གཅེས། །ལུང་པ་དགུ་ཡི་ནོར་ཐོབ་ནས། །ཡུལ་ས་དགུ་ཡི་མི་ཡང་སོད། །དགྲ་རལ་པ་ཅན་དེ་མང་དུ་བཟུང་། །དེ་ཡི་ཕྲུ་གུའི་སྣེ་ནས་ཟིན། །ད་རོག་སྐྱིད་ནམ་མགོ་གཏུམ་བྲག །སྦྲུལ་ནག་མགོ་དགུའི་བླ་མདུད་ཡིན། །ལྟས་ངན་ཐན་གྱི་གྲོལ་


MR16_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །སྔོན་ངམ་རྗེས་བོར་བའི་དམོད་བྱད་དེ། །ལྷ་མི་རྣམས་ལ་སྡིག་པ་ཡིན། །བཙན་ས་བ་ཁོག་གར་བབ་ཀྱང་། །མི་ཆེན་དག་ལ་ཁྲིམས་ཕོག་ནས། །མགོ་བོ་ཟམ་པར་བཏགས་ངོ་ཡིན། །བརྒྱག་ཁ་གཡུང་དྲུང་ཕུར་ཐོགས་སངས། །གང་གི་ལན་དུ་འདི་ངན་ནོ། །ཕུར་ཐོགས་ལན་དུ་འདི་བབ་ན། །ཀུན་ལ་སྣང་གསལ་ནམ་ལངས་ཀྱང་། །ལོང་བའི་སྟེང་དུ་མུན་མགོ་རུབ། །མི་རོ་རང་རོ་བྱས་པ་ཡིན། །རྨང་པོའི་སྟེང་དུ་གྱོད་མཛོལ་རྡིབ། །གཏོལ་བྱ་བཙོན་བཙོན་འགྲོལ་བྱ། །སད་ཁམས་ལན་དུ་འདི་བབས་ན། །སད་ཁམས་ཁ་འོད་གཞའ་དང་བྲལ། །ལ་ཐོད་རྩེ་ལ་མུན་ནག་འཁྲིགས། །མ་གཅིག་བུ་ཕོ་སྟག་འདྲ་གསུམ། །ལུང་པ་གསུམ་གྱི་མདོ་རུ་བརླག །གསལ་བའི་ལན་དུ་འདི་བབ་ན། །ཉི་མ་མུན་གྱིས་བསྒྲིབ་པ་ཡིན། །བརྒྱགས་ཀྱི་ལན་དུ་འདི་བབ་ན། །བརྒྱགས་ཁ་རྩི་ཐོག་འདྲ་བ་དེ། །སད་དང་བ་མོས་ཁྱེར་བ་ཡིན། །ཅི་ལ་བཏབ་ཀྱང་ནན་ལྟར་ངན། །དེ་ཡི་གཉིས་ལ་སོས་ཟིན་ན། །སྐྱི་ནམ་ཡོར་པོ་མགོ་བཏུམ་བྲག །དམེ་འདྲེ་གཡེང་བ་རལ་ཆེན་ཡིན། །དམེ་གཅིག་མི་བྱེད་ཁ་མེད་ཡིན། །ཅི་ལ་བཏབ་ཀྱང་ཤིན་ཏུ་ངན། །དེ་ཡི་སྐྱེར་ལ་བརྒྱག་གཅིག་ན། །སྐྱི་ནམ་འུག་པ་གསེར་མིག་ཡིན། །མགར་འགོ་བ་ཡི་ཡང་སྙིང་ཡིན། །འཁྲུགས་པའི་མོ་ལ་སྟོད་དུ་གཅེས། །བརྒྱག་གཉིས་སྦྲུལ་ནག་གསེར་མིག་བརྒྱགས། །འགར་འགོ་བ་ཡི་སྣུམ་རིགས་ཡིན། །འཁྲུགས་པའི་མོ་ལ་སྟོད་དུ་གཅེས། །གསུམ་ལ་སོ་ཡིས་བཀུག་པ་ན། །སྐྱི་ནམ་ལག་བཤལ་འདབ་མ་བྲག །དམུས་ལོང་དགུ་ལ་སྣ་ཁྲིད་གཅིག །ལོང་བ་ལག་པ་སྦྲེལ་བའི་བྲག །ཅི་ལ་བཏབ་ཀྱང་ངན་པ་ཡིན། །ཀུན་ལ་འབྲེལ་སོགས་གཞན་མ་


MR16_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། །ད་རོག་རྒྱལ་བུ་ཡབ་སྲས་ལས། །ཕྲུ་གུ་གཉིས་ཀྱི་དབུས་མར་འཇུས། །ད་རོག་ཁྲི་གཉེན་ལད་ཚ་ཐག །བྲག་རྣམས་ཀུན་གྱི་ཁྲ་ཚང་ཡིན། །དེ་ལ་བརྒྱགས་གཅིག་བཅས་པ་ན། །ལད་ཚ་ཕུར་བུ་ཁྲོ་ཞལ་བརྒྱགས། །འདྲེ་ཐུབ་བྲག་འདི་སྟོད་དུ་གཅེས། །འཁྲུགས་པ་དག་ལ་བཟང་བ་ཡིན། །མཚོ་རྒྱལ་སྐྱམ་ལ་སོས་བཀུག་ན། །ད་རོག་སྡིག་པ་རུ་གཟེར་བྲག །འདི་ལ་རལ་ནག་འཆང་གསུམ་ཡིན། །ཆུ་ཆེན་བྱེ་མའི་རྒྱུད་ན་གནས། །གཙང་ཉ་སྡིག་པ་ཟས་སུ་ཟ། །གདོད་ལ་ཁྲག་གི་ཆུ་རིས་འཛགས། །ཁ་ནས་སྡིག་པའི་ངན་སྔགས་ཟློས། །དམོད་བྱེད་སྡིག་མཐུ་ཁ་ནས་འདེབས། །བྲག་རལ་པ་ཅན་གྱི་གྲོལ་ཕུག་ཡིན། །གང་དུ་བབས་ཀྱང་སྡིག་ངོ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་ངན། །བརྒྱགས་གཅིག་ཐང་དཀར་མཚོ་རྒྱལ་བརྒྱག །བྲག་རལ་བ་ཅན་གྱི་བང་མཛོད་ཡིན། །ཡང་མཛོད་ཁ་ཞག་མེར་བ་ཡིན། །རྡོ་རྣམས་མཚོན་དུ་བསྒྱུར་མི་ཡིན། །གཡུལ་ལ་རྒྱལ་ཁ་ཐེངས་དགུ་ལེན། །བརྒྱག་གཉིས་ད་རོག་ཁྲི་འདུ་སོ་ད་ན། །ནོར་བུ་རིན་ཆེན་འབར་བ་བརྒྱག །བྲག་རལ་པོ་མེ་ཡི་ཡང་ནོར་ཡིན། །ཁྱུང་དང་ཤིང་དང་ནོར་བུ་གསུམ། །མོ་མདུད་འདི་ལ་ཚང་བ་ཡིན། །དཔའ་བོ་བྲག་གི་ཡང་རྡོ་ཡིན། །སྐྱེར་བྲག་རྣམས་ལས་ཁ་དྲག་ཡིན། །ཏྲོང་བྲག་རྣམས་ལས་བཟང་རྒོད་ཡིན། །གཏུམ་ཆི་རྣམས་ཀྱི་གཉའ་རོག་ཡིན། །སོ་བྲག་ལྷ་དང་སྤྲད་མི་ཡིན། །ཐང་ཝེར་གཡུ་ཡག་འཕེལ་ངོ་ཡིན། །བྲག་གི་ནང་གི་ཕྱུག་པོ་ཡིན། །འཕྲུལ་ཤ་རུ་དཀར་སྐྱེར་གྱིས་འཇུས། །ད་རོག་སེང་གེ་གཡུ་རལ་བྲག །རང་སའི་བཙན་ས་གར་བབས་ཀྱང་། །ཁྲི་ཚོ་གསུམ་གྱི་དམག་ལེགས་ནས། །འབུམ་ཚོ་གསུམ་གྱི་གནང་ས་ཐོབ་


MR16_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །རུ་ཐོག་སྐྱམ་གྱི་ནང་དུ་བཟུང་། །ད་རོག་རུ་ཐོག་རུ་སྐྱེས་བྲག །དུང་ཁྱུང་གཤིས་ལ་ལྷུང་ངོ་ཡིན། །ཡབ་སྲས་སྐྱེར་ལ་སོས་བཀུག་ན། །ད་རོག་སྡིག་པ་རུ་རིང་བྲག །གྲི་བོན་བྱ་རུ་ཅན་ཞིག་བྱོན་དོགས་ཡོད། །སྐྱེར་གྱི་བྲག་དམར་ཁྲ་ཚང་ན། །ཁྲི་འོད་དཀར་ཝེར་མ་གཤོག་པ་ཅན། །ལྷག་པར་དམག་གི་མོ་ལ་བཟང་། །སྐྱེར་གྱི་ལྟོ་སྦྱོར་སྟག་རྩེ་ཡིན། །ནད་ཀྱི་ཆར་པ་འབབས་པ་ཡིན། །ཧྲང་གི་རུ་ཐོག་ལ་སོགས་པ། །ད་རོག་ཕལ་ཆེར་དཔྱད་པ་ནི། །མ་དཔེར་ཆད་པས་ཁུངས་མ་རྙེད། །རྒྱལ་བུ་མཆེད་གསུམ་སོ་བཀུག་པ། །ཕྲུག་གུ་གཅིག་གི་ནང་དུ་འཇུས། །ཞང་ཞུང་ཕུག་བས་མིང་བཏགས་པ། །ད་རོག་ལག་དྲུག་ཐུན་རྩེ་བྲག །བར་པས་མུ་ས་ཐང་བུ་རོ་འཛིན་ཟེར། །སྒོ་པས་སྐྱམ་གྱི་སྨེ་བ་ནག་པོ་ཟེར། །ཐུན་གྱི་སྡིག་པ་སྒོ་སྒྲིབ་བྲག །དང་མ་བཟང་པོ་ཕྱི་སར་བབ། །རང་གི་བཙན་སར་འདི་བབ་ན། །དམེ་འདྲེ་མགོ་ལ་རྭ་རྒྱས་ཡིན། །དམེ་འདྲེ་ཆེན་པོ་འབྱུང་བར་འདུག །གཏོ་ལ་མཐོ་ཤིང་གྲི་ཡས་དང་། །གཉན་ཐོད་མི་ཁའི་རྫས་དང་བཅས། །དགྲ་ཡི་ཕྱོགས་སུ་བོར་བར་བྱ། །བཙོད་རུར་ཕོ་གདོང་བྲིས་པ་དང་། །དུག་གི་མི་ལ་བྱི་བའི་མགོ། །བྱས་ལ་གང་གནོད་ཕྱོགས་སུ་བསྒྱུར། །ཡི་དམ་སྔགས་བཟླས་ཏིང་འཛིན་གཟབ། །གཞན་མ་ཅིས་ཀྱང་མི་ཐུབ་བོ། །ད་ནི་དམུ་དཔལ་བཏགས་པ་ལས། །འཁོར་ལོ་གླིང་བཞིའི་ཁོག་ལ་ནི། །སོས་བཀུག་ཁྲི་ལེ་ནོར་བུ་ཁོང་སེང་ན། །བྲག་ཆེན་རྣམས་ཀྱི་ནོར་བུ་ཡིན། །གཞན་རྣམས་བཤད་པ་མ་རྙེད་དོ། །ཟེ་ཟེ་དཀྱིལ་ཆེན་ལས་བྱུང་བ། །ཕྲུ་གུ་གཉིས་པོའི་ཕྱོགས་སུ་བཟུང་། །ཁྲི་ལེ་ཁྲི་


MR16_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཤག་ཆེན་པོ་ནི། །ཏྲོང་སད་དེ་སྟག་རྩེ་འདབ་མ་ཅན། །རྡོ་རྗེ་བྲག་ལ་དཔའ་ཚང་ཡག །ཡུལ་མོ་འདེབས་ན་ཡུལ་མཁར་བཙན། །ཀླུ་མོ་ཞིང་ལ་འབྲས་དྲུག་ཡག །ཝེར་མ་གཉེན་དང་བསྡེབས་པའི་སྲས། །དམུ་དབལ་འདོགས་ལུགས་གཞན་མ་རྙེད། །ད་ནི་བག་སྐྱམ་སོས་བཀུག་པ། །སྐྱམ་དང་གྲུ་གསུམ་སོ་ལ་འཇུས། །ཆུ་སྤར་སྐྱེར་ནག་བྲག་ཅེས་བྱ། །རྩོག་དང་ནལ་གྱི་བླ་མདུད་ཡིན། །ཡང་ན་སྐྱེར་ནག་ཕུང་མ་ལོག །གྲུ་གསུམ་བརྒྱག་ན་ཆེན་མའི་ནལ། །སྐྱེར་ལ་བརྒྱག་ན་ཆུང་མའི་ནལ་ངོ་ཡིན། །ཝ་སྐྱམ་བཏགས་པ་དེ་ལས་ནི། །སྐྱེར་གྱིས་སོ་ལ་འཇུས་པ་ན། །སྐྱེར་ནག་མ་ལ་ཕྲད་དེ་བྲག །བཅུ་གསུམ་བླ་ནི་ངམ་གྱིས་ཁྱེར། །དོམ་གྱིས་སྐྱེས་པ་ཁྱེར་བ་ཡིན། །བརྒྱག་བཅས་ཕྱི་ནང་གར་བབ་ཀྱང་། །མི་འཆི་ནོར་འཆོར་གཉིས་ཀ་ནུས། །སྐྱེར་བ་མིན་ཝ་ཚ་ཁ་ཐུན་བྲག །ཆེན་མས་ནལ་བྱེད་གྲིབ་ཀྱི་ངོ་། །དེ་ཡི་ཕྲུ་གུས་སོ་ལ་འཇུས། །སྐྱེར་ནག་འཛིང་བ་རོ་ལྟེ་བ་འདི། །ཁྱིམ་གཅིག་ཕུང་བའི་བྲག་ནག་ཡིན། །ཕུང་བར་དུར་བུ་གློ་དོང་བྲག །བཅུ་གཅིག་རྟ་ཡི་བྲེས་ཕྱ་བཟང་། །བརྒྱད་སྒྲུབ་པ་བྱས་ན་སྡིག་སྒྲིབ་འདག །གཅིག་ཡ་མ་ནད་པ་དག་ལ་བཟང་། །བཅུ་གསུམ་ཤི་ཁ་ཆད་ངོ་ཡིན། །ལང་དགྲ་སྲི་ཐང་ལ་སྤུར་བས་ངན། །དེའི་མདུད་ལུགས་གཞན་མ་རྙེད། །དེ་ནས་སུམ་ཟུར་ཐེར་སྐྱམ་ལས། །འདི་སོགས་བཤད་པ་མ་རྙེད་དོ། །ཀྱེ་བ་བག་ལེ་སྐྱམ་བཏགས་པས། །ད་ནི་ལི་ཡན་བཏགས་པ་ལས། །རྩ་བ་སོ་ཡི་ཁ་བུར་ཡིན། །ཤག་ལེ་སོ་ཡིས་བཀུག་པ་དང་། །ད་རོག་མུ་ཁ་ལི་ཡན་གྱི། །སྐྱེར་གྱིས་འཇུས་པར་གྱུར་པ་དང་། །


MR16_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཙ་བཏགས་པ་མ་རྙེད་དོ། །དེ་བཞིན་མུན་རུམ་བཏགས་པ་སོགས། །གཞན་མ་དག་ནི་མ་རྙེད་དོ། །ཀྱེ་བ་བག་ཐོགས་ལི་ཡན་གྱི། །བཞི་རྩེ་ཕྲུ་གུར་སོས་ཟིན་ན། །མཐུ་ཆེན་ཝེར་མའི་ལྕམ་མོ་ཡིན། །ལྷ་ལྕམ་མཚལ་གྱི་ཐིག་ལེ་ཅན། །ཀླུ་ལྕམ་གཡུ་ཡི་ཟོར་འཕར་མ། །སྦྲང་ཆང་གྲུང་ཆང་བརྒྱད་ཀྱིས་དབས། །ཤེལ་གྱི་བུ་མོ་ནུ་འབར་མ། །གཡུ་ཡི་སྐྲ་དང་སྨིན་འཁྲུག་ཅན། །མུ་ཁ་ལི་ཡན་བཏགས་པ་ལས། །སྐྱེར་གྱི་ཕྲུ་གུ་གཅིག་པོས་འཇུས། །སྐྱེར་ནག་ཁ་ཐུན་བྲག་ཞེས་བྱ། །བུ་རོ་ཕ་ཡིས་ཁུར་ངོ་ཡིན། །མ་རོ་གཡག་ལ་བཀལ་ངོ་ཡིན། །དེ་ཡི་མདུད་ལུགས་གཞན་མ་རྙེད། །བཞི་ཡི་མཐའ་གཉིས་སོ་ཡིས་བཀུག །དབུས་སུ་ཕྲུ་གུ་གཅིག་གྱོན་པ། །ཁས་དྲག་བསེའུ་རུ་གཅིག་ཡིན། །མཐུ་ཆེན་ཝེར་མའི་དམག་ཚོགས་ལ། །བྱེས་ཐུབ་མང་སྟེ་གཡུལ་ཐུབ་ཉུང་། །གཡུལ་ཐུབ་བསེའུ་རུ་གཅིག་ཡིན། །བསེའུ་པགས་པ་དམར་བ་ཡིན། །བསེ་ལ་གྲང་འབྲུམ་ཡོད་པ་དེ། །ཕ་དེ་གསེར་སྦལ་ཡིན་པར་ངེས། །བསེ་ལ་རི་མོ་ཡོད་པ་དང་། །རྭ་ལ་འོད་ཟེར་འཕྲོ་བ་དེ། །མ་ནི་མཚོ་སྨན་ཡིན་པར་བརྟགས། །ཁ་དྲག་བསེའུ་རུ་གཅིག་ལ། །དབང་ནི་ཀླུ་ཡི་རྒྱལ་པོས་བྱིན། །མཐུ་ནི་ས་བདག་རྒྱལ་པོས་བསྐྱེད། །འདི་སྟོད་ལ་ཁྱུང་གསུམ་རྩེ་སྤྲོད་ཡོད། །ཁྱུང་ཡིན་པའི་རྟགས་སུ་བྱ་གཤོག་ཡོད། །སྦལ་པ་ཡིན་པའི་རྟགས་སུ་ནི། །ལུས་ལ་ཆུ་རིས་ཆགས་པ་ཡིན། །བ་ཡིན་རྟགས་གཟུགས་བཞི་མགོ་དང་ལྔ། །རྔ་སྙིང་དག་དང་དྲུག་ཏུ་ཡོད། །བ་དང་སྦལ་པ་ཁྱུང་དང་གསུམ། །ལྷ་དང་ཀླུ་དང་སྦྲུལ་དང་དྲུག །སྣང་བ་མུན་པ་གཉིས་དང་བརྒྱད། །སྨོན་ལམ་གྲོལ་ཕུག་དེ་དང་དགུ། །ཁ་དྲག་བསེའུ་འདི་ལ་ཚང་། །རྒྱལ་


MR16_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྟགས་སུ་ལ་ཐོད་ཡོད། །རྒྱལ་མོའི་རྟགས་སུ་བྲང་རྒྱན་ཡོད། །རྒྱལ་བུའི་རྟགས་སུ་གསེར་ཆབ་ཡོད། །གནས་ནི་རི་རབ་རྩེ་ན་གནས། །རི་བྲག་རྣམས་ཀྱང་འབངས་སུ་བསྐོར། །རྒྱུག་ནི་ཆུ་བོའི་གཞུང་ལ་རྒྱུག །ཆུ་བྲན་རྣམས་ཀྱང་འབངས་སུ་བསྐོར། །འཛེགས་ནི་དགེ་བའི་སྐས་ལ་འཛེགས། །འདུག་ནི་ཆོས་ཀྱི་མེ་ཆེན་སྟེང་ན་འདུག །དམྱལ་བ་རྣམས་ཀྱང་དམྱལ་ཐག་གཅོད། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །བསེའུ་གཤིན་ཡུལ་བྱོན་ཙ་ན། །གཤིན་རྗེ་ཡོངས་ཀྱིས་མཚན་གསོལ་བ། །བསེའུ་གཤིན་རྗེ་ཆོས་རྒྱལ་ཟེར། །ཕྱག་ན་ཁྲམ་ཤིང་ནག་པོ་བསྣམས། །གཤིན་རྗེ་རྣམས་ཀྱི་དམག་དཔོན་བྱེད། །སྟེང་ལྷ་ཡི་ཡུལ་དེར་བྱོན་རྩ་ན། །ལྷ་རྣམས་ཡོངས་ཀྱི་མཚན་གསོལ་བ། །ཆོས་སྐྱོང་མ་ཧཱ་ཀཱ་ལ་ཟེར། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ལྷ་རྣམས་ཡོངས་ཀྱི་དམག་དཔོན་མཛད། །ལྷ་མིན་ཡུལ་དེར་བྱོན་ཙ་ན། །ལྷ་མིན་ཡོངས་ཀྱིས་མཚན་གསོལ་བ། །བསེའུ་ལྷ་དབང་དངས་སངས་ཟེར། །ཕྱག་ན་གསེར་མདུང་ཁྲ་མོ་བསྣམས། །ལྷ་མིན་རྣམས་ཀྱི་དམག་དཔོན་མཛད། །བསེའུ་གཉན་ཡུལ་བྱོན་ཙ་ན། །གཉན་རྣམས་ཡོངས་ཀྱིས་མཚན་གསོལ་བ། །བསེའུ་གཉན་རྒན་དེ་བ་ཟེར། །ཕྱག་ན་བེར་རྒ་འབྲུག་མགོ་བསྣམས། །གཉན་རྣམས་ཡོངས་ཀྱི་དམག་དཔོན་མཛད། །ཀླུ་ཡི་དམག་དཔོན་གཙུག་ན་རིན་ཆེན་ཟེར། །ཕྱག་ན་ནོར་བུ་འབར་བ་བསྣམས། །བྱོལ་སོང་དམག་དཔོན་དུང་སེང་དཀར་མོ་ཟེར། །ཕྱག་ན་སེང་གེའི་གཡུ་རལ་བསྣམས། །ཡི་དྭགས་རྒྱལ་པོ་ཁ་འབར་མ། །ཕྱག་ན་བདུད་རྩིའི་འོ་རྒྱུན་འཛིན། །སྨོན་ཡུལ་དམག་དཔོན་མཐུ་ཆེན་སྨོན་པ་ཟེར། །ཕྱག་ན་ཡ་ཚ་དཀར་ཕྲན་བསྣམས། །འདི་ཞང་ཞོང་དར་བའི་དགྲ་བླ་ཡིན། །ལྷ་བཙུན་དགྲ་བླའི་


MR16_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་ཡིན། །མཐུ་ཆེན་ཝེར་མའི་རྒྱུག་ལམ་ཡིན། །དུས་དང་བསྐལ་པ་དེ་ཙམ་ན། །ལྷའུ་ལོད་པོའི་ཞལ་ན་རེ། །སྨོན་པས་ངམ་ལ་དམག་འདྲེན་ན། །དགྲ་བླ་ཡུལ་སྲུང་མ་བརྐོས་ན། །དགྲ་བླ་འཁྱམས་པའི་ཉེན་ཡོད་གསུངས། །ཡེ་གཤེན་དབང་རྫོགས་ཞལ་ན་རེ། །དགྲ་བླ་གཡུལ་སྲུང་དམག་བསྐོས་སྐད། །ལྷའུ་ལོད་པའི་ཞལ་ན་རེ། །ཁས་དྲག་བསེའུ་ར་གཅིག་ལ། །དགྲ་བླ་རྣམས་ཀྱི་བླ་རྟེན་ཡོད། །དེ་ལྟར་དགྲ་བླའི་སྤྱི་རྗེར་བསྐྱོས། །དེ་ནས་ཡེ་གཤེན་དབང་རྫོགས་ཀྱི། །ཁས་དྲག་བསེའུ་ར་གཅིག་དང་། །དམུ་དབལ་འཁོར་ལོ་གླིང་བཞི་ནི། །གསེར་གྱི་རུས་སྦལ་སེར་པོ་དང་། །སྤོ་བར་གླིང་བཞི་བརྒྱག་པ་ནི། །ས་བདག་ཙང་ཀུན་ཁྱབ་པ་སྟེ། །དགྲ་བླའི་གཡུལ་སྲུང་སྤྱི་རྗེར་བསྐོས། །དེར་ཡེ་དམག་ཚོགས་ནས་ངམ་ལ་དྲངས། །ངམ་གྱི་ཡུལ་ཁམས་ཆམ་ལ་ཕབ། །སྲིད་པ་དེ་ཡི་བླ་གནས་དང་། །བསྐལ་པ་དེ་ཡི་མོ་མདུད་ནི། །བཅུ་གཅིག་དགྲ་བླའི་བླ་རི་ལ། །དགྲ་བླའི་བླ་ཤིང་བླ་གནས་དང་། །བླ་མཚོ་ཁས་དྲག་འདི་རྣམས་བབས། །བཅུ་གཉིས་སྐྱམ་ཆག་འཐོར་གསུམ་སོགས། །ངན་སྙིགས་མདུད་པ་བབས་ནས་སུ། །བཅུ་གསུམ་དགྲ་བླ་སད་ཁམས་ན། །ངམ་ཁམས་ཆམ་ལ་ཕེབ་པ་ཡིན། །དགྲ་སོད་ནོར་ཐོབ་རྒྱལ་ཁ་འབྱུང་། །དེ་ཡི་དབྱེ་བ་གཞན་དག་དང་། །ལི་ཡན་ལྷག་མ་གཞན་དག་གི། །བྲག་མདུད་བཤད་པ་མ་རྙེད་དོ། །སྐྱམ་གྱི་མ་ཟེ་སོས་བཀུག་ཚུལ། །སྐྱམ་དང་ཕྲུག་གསུམ་སོ་སོར་གོན། །འདི་ཡི་བཤད་པ་མ་རྙེད་དོ། །སྐྱམ་དེ་སད་སོང་རྩེ་མོས་འཇུས། །སད་ཀྱི་མ་ཟེ་བཏགས་པ་སྟེ། །སོ་བྲག་སད་དེ་ཁ་ཐུན་བྲག །ངམ་གྱི་མདུང་ནག་ཁྲབ་འབུག་ཡིན། །སད་ཀྱི་གཉིས་ཀས་འཇུས་པ་ན། །ཏྲོང་ཆེན་ལྷ་འདུས་འབྲོང་རུ་བྲག །སད་དང་དམུ་ནམ་ཏྲོང་


MR16_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ། །མོ་བདུད་འདི་ལ་ཚང་བ་ཡིན། །འདི་ཡང་བྲག་གི་ཝེར་མ་ཡིན། །དེ་ནས་ན་འབན་བཏགས་པ་ལས། །ཐིག་ལྔ་སོ་སོར་སོ་ཡིས་བཀུག །ཏྲོང་ཆེན་ཁ་འོད་རྫ་ཉིལ་བྲག །ཡང་ན་ཧུར་ཐུམ་བྲག་ཀྱང་ཟེར། །སོ་ཡོ་ནས་རི་དཀར་པོ་བྲག །བཅུ་གཅིག་སྐྱེ་བོ་མི་ནག་འདུལ་ན་བཟང་། །བརྒྱད་ལ་བསང་མཆོད་བྱེད་ན་བཟང་། །གསུམ་ལ་བུ་ཚ་ནད་པ་བདེ། །བཅུ་གསུམ་དབང་ལུང་ཞུ་ན་བཟང་། །བུ་ལྔ་ནེ་ཚ་སོང་བ་ན། །ཏྲོང་ཆེན་རེ་འབྱམས་འབུམ་སྡེ་བརྒྱག །ཏྲོང་རིགས་བྲག་གི་ཆེ་བ་ཡིན། །མོ་སྒོ་གོར་གྱིས་འཁྱིལ་བ་དེ། །ཕྱི་ཡི་ལྕགས་རིས་འཁོར་བ་ཡིན། །བུ་ལ་དབྱིག་ལྔ་སོང་བ་དེ། །སངས་རྒྱས་རྒྱལ་བ་རིགས་ལྔ་ཡིན། །རྩེ་ལ་ལེའུས་འཇུས་པ་དེ། །ལྷ་ཁང་མགོ་ཡི་གསེང་འབྲུ་ཡིན། །གཡས་གཡོན་གཉིས་ཀྱི་ལེའུ་དེ། །ཁྱུང་ཆེན་ཕོ་མོ་རྣམ་གཉིས་ཡིན། །ནང་གི་ལེའུ་གཉིས་པོ་དེ། །ནང་གི་ཇོ་ཤག་རྣམ་གཉིས་ཡིན། །དབུས་ཀྱི་བསམ་ཡས་ཚར་ཉིན་བབས། །སངས་རྒྱས་སྟོང་རྩ་བྱོན་དུས་བབས། །ཡང་ན་དེ་དག་འདས་དུས་བབས། །བྲག་ལ་འདི་བས་ཆེ་བ་མེད། །བྲག་ཆེན་རྣམས་ཀྱི་ཕ་རྒན་ཡིན། །བྲག་ཕྲན་རྣམས་ཀྱི་ཡང་མྱེས་ཡིན། །བརྒྱད་ཅུ་བྲག་གི་ཕུག་དེ་ཡིན། །དེ་ལྟར་བྲག་རིགས་མདུད་པ་རྣམས། །རང་རང་དམིགས་བསལ་བཟང་བཤད་དང་། །དྲག་ལས་དམག་ཇག་མ་གཏོགས་པ། །སྤྱི་ལ་ངན་པའི་མོ་མདུད་ཡིན། །ལར་བྲག་གཡུང་དྲུང་དང་པོ་གང་ནས་ཆད། །དང་པོ་ཆད་ཁུངས་གཅིག་ལས་མེད། །སྣང་གསལ་ལྷ་ཡི་ཡུལ་ནས་ཆད། །ཕ་ཁུངས་ཡེ་ལ་མ་ཁུངས་ངམ། །བྲག་ལ་འབུམ་ཞོན་བྱས་པ་ཡོད། །བྲག་ལ་འབུམ་ཁྲིད་བྱས་པ་ཡོད། །བྲག་ལ་ཐང་དཀར་གྱེན་འཇོལ་ཡོད། །བྲག་ལ་ཐར་


MR16_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཐུར་འདུག་ཡོད། །བྲག་ལ་ཐང་སྨུག་འཕྲེད་འཇོལ་ཡོད། །དཀར་པོ་ངུས་པའི་མཆི་མ་ཡོད། །ནག་པོ་བགད་པའི་ཁ་འཛུམ་ཡོད། །བྲག་ཆེན་ཟན་གྱིས་བསླུས་པ་ཡོད། །བྲག་ནག་སློག་པ་ཕྱིར་བསྒྱུར་ཡོད། །ལར་དམག་ཆེན་ཁྲོམ་ལ་བྲག་ཆེན་དགའ། །བྲག་གི་འབུམ་ཞོན་འབུམ་ཁྲིད་ཡིན། །སོ་བྲག་རུ་ཐོགས་ཐང་དཀར་གྱེན་འཇོལ་ཡིན། །སྤོ་བྲག་དཔའ་བོ་མདུང་ཐོགས་དེ། །ཐང་སྨུག་འཕྲེང་ལ་འཇོལ་བ་ཡིན། །སྐྱེར་བྲག་མགོ་བོ་ཐུར་བསྟན་རྣམས། །བྲག་གི་ཐང་ནག་ཐུར་འདུག་ཡིན། །སྤོ་བྲག་དང་མའི་སྒོ་བརྒྱག་དེ། །དཀར་པོ་ངུས་པའི་མཆི་མ་ཡིན། །སོ་བྲག་ཐོད་ལ་བརྒྱག་བཅས་རྣམས། །ནག་པོ་བགད་པའི་ཁ་འཛུམ་ཡིན། །རང་སར་བྲག་ཆེན་བབས་པ་ཡི། །ཕྱི་སར་བརྒྱག་གི་གཡུང་དྲུང་ན། །བྲག་ཆེན་ཟན་གྱིས་བསླུས་པ་ཡིན། །ལན་དུ་ན་འབན་བབ་པ་ན། །བྲག་སློག་པ་ཕྱིར་བསྒྱུར་བྱས་པ་ཡིན། །སྐར་ཆེན་ཐང་ལ་ལྷུང་བ་ཡིན། །ལར་བྲག་རིགས་ལན་དུ་དིང་དིང་ན། །བྲག་མཐའ་མཚོ་ཡིས་བསྐོར་བ་ཡིན། །ཕ་ཆེན་ཡུལ་མཁར་བརྩིགས་ན་བཟང་། །སྐྱིན་དིང་གྱད་མགོ་གྱད་ཀྱིས་མནན། །དགྲ་འདྲེའི་མནན་པ་བྱེད་ན་བཟང་། །གལ་བར་བ་སྣ་ཕྱ་ཡིས་བཟུང་། །བྱ་ཡུན་ངམ་གྱི་སོལ་རི་ལ། །གསལ་བའི་སྒྲོན་མེ་བཏེགས་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བྱ་བུར་མུན་པར་ཟླ་བ་གསལ། །མུ་ས་བདུད་རིལ་སྨན་སྡོང་སྐྱེས། །ཝ་ཚོ་བྲག་ལམ་དུང་དར་བཙུགས། །ཁ་ཉེན་ཁང་གཞིས་འཕྲོག་ན་བཟང་། །སྤོ་ཚེ་བདུད་ཀྱི་ལ་དགུ་ལུང་དགུ་ལ། །ཕྱྭ་ཡི་རྟ་ལམ་དོད་པ་ཡིན། །དམག་ཆེན་ལམ་གསར་བཏོད་ན་བཟང་། །དམུ་དག་བ་སྣ་རྒྱལ་བུས་བཟུང་། །སྐྱེར་དཀར་ཕུ་ཡི་ལྷ་རི་ལ། །སྨོན་པའི་འབྲི་མཁར་ཚུགས་པ་ཡིན། །མི་གྲངས་མང་པོ་


MR16_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་ངོ་། །ཚོལ་ཚེ་ངམ་གྱི་སོལ་རི་ལ། །སྨོན་པའི་གཡུ་འོད་ཁེབས་པ་ཡིན། །ཁྱུང་བརྒྱང་བྲག་ལ་ཁྱུང་ཚང་བཅས། །དཔོན་པོ་བཟང་པོ་འཚོལ་ན་བཟང་། །ཨ་ཁད་གཏམ་ངན་རྒས་པའི་མཐར། །གཏམ་སྙན་སྙིང་དགའ་གཉིས་ཀ་ཐོབ། །ཁ་མཆུ་ཆེན་པོ་གཏམ་ན་བཟང་། །རང་སྙན་ལ་སོགས་སད་ཁམས་ན། །ཕུ་ཡི་ལྷ་བྲག་རྩེ་མཐོ་ལ། །དགྲ་བླའི་དཔའ་རྫོང་ཐེབས་པ་ཡིན། །བཙན་པོའི་རྫོང་མཁར་འཛིན་ན་བཟང་། །བྲག་བཙན་ལྷ་རུ་བརྟེན་ན་བཟང་། །ཁས་ཉན་འཐབ་ར་བཅའ་ན་བཟང་། །སྲང་ཟེ་ངམ་གྱི་སོལ་རི་ལ། །སྨོན་པའི་སྲ་སྨིན་འཆོས་ཞེས་བཟང་། །བྱོད་ཕུར་གཡའ་སྤང་བདུད་ལས་ཐར། །ལྡིང་བུར་ངམ་གྱི་སོལ་རི་ལ། །སྨོན་པའི་ཕྱག་རྒྱས་བཏབ་པ་ཡིན། །ཡར་དིང་བྲག་ལ་ཤིང་ལོ་རྒྱས། །དབུལ་པོ་ནོར་འཚོལ་འགྲོ་ན་བཟང་། །གསེར་རྟ་ནོར་གསུམ་རྙེད་ངོ་ཡིན། །སུམ་མཉམ་བྲག་ལ་བརྒྱ་ལམ་དོད། །ལམ་གསར་འཛུགས་དང་འགྲོ་འདུག་བཟང་། །ཙེ་ར་བྲག་གི་ཀླུ་མཁར་ཚུགས། །མི་གྲངས་མང་དུ་འཕེལ་ངོ་ཡིན། །གཡུང་དྲུང་བྲག་གི་ལྷ་དང་འཕྲད། །ཀྱེ་བ་བྲག་ལ་སྲུང་མདའ་བཙུགས། །ད་རོག་ངོམ་ཀྱི་སོལ་རི་ལ། །སྨོན་པའི་གསེར་རྩི་རྒྱས་པ་ཡིན། །ཕྱུག་པོ་དག་གི་མོ་ལ་བཟང་། །དམུ་དབལ་བྲག་ལ་གཙུག་མཁར་བཙུགས། །གཡས་བརྒྱག་བཟང་སྡེ་བྲག་ལ་གཡང་ཞག་ཆགས། །སྐྱམ་གྱི་བཟང་རིགས་བྲག་མཐའ་ཆུ་ཡིས་བསྐོར། །སངས་ཀྱི་བཟང་རིགས་མྱ་ངན་མཆི་མ་སྐམ། །ཤི་འཕྲོ་ཆོད་ཅིང་མི་རབ་འཕེལ། །དེ་རྣམས་བཟང་བའི་མོ་བབ་ཡིན། །བྱ་རལ་མཐའ་ལ་ཁྱི་ཤི་ཡིན། །ལི་ཡན་བྲག་ནག་རླུང་གིས་ཁྱེར། །མར་ལྡིང་བྲག་ཆེན་ཐུར་དུ་གཏིབ། །སྤོ་བར་ཐབས་ཀྱི་ཁ་རླངས་འགུལ། །སོ་ཡོན་བདུད་


MR16_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རིར་མུན་པ་འཁྲིགས། །རུ་སོད་རྨང་འདྲེ་བདེ་སྐྱིད་ཚུགས། །མི་ཁོག་བདུད་ཆེན་ཞུགས་པ་ཡིན། །མ་ཟེ་སྟག་སྲིན་ནང་ཐུག་བྱུང་། །ན་འབན་སྐར་ཆེན་ཐང་ལ་ལྷུང་། །བྲག་རིགས་གྱོད་སྡོང་གྱོད་ཀྱིས་མནན། །སྐྱམ་སྔོན་ཕ་མེས་མཚུན་གྱི་བ་མོ་ཡིན། །གླེང་སྨི་དམེ་ཡི་རྡོ་དམར་འགུལ། །བག་ལྡི་དངོས་གྲུབ་རྨུག་གི་ཁ་རླངས་ཡིན། །སེ་སྟོད་བྲག་གི་བློ་འགྱོད་ཡིན། །སྒོ་བརྒྱག་བྲག་གི་འབོར་ཁུང་ཡིན། །མ་བརྒྱག་བྲག་གི་མཐའ་མིག་ཡིན། །དེ་རྣམས་ངན་པའི་མོ་བབས་ཡིན། །བཟློག་པ་མདོས་ཟོར་གླུད་བོར་དང་། །ལམ་བསལ་སོལ་ཕྱེ་མར་མེ་འབུལ། །སྤྱིར་སོ་བྲག་སྙིང་འགྱོད་སློང་ངོ་ཡིན། །སྤོ་བྲག་ཁ་འགྱོད་བྱེད་མི་ཡིན། །ཏྲོང་བྲག་སྲི་མདུང་བྱེད་མི་ཡིན། །དེ་རྣམས་ཀྱི་ནི་སྒེར་གཏོ་ལ། །ཀྱེ་བའི་བྲག་རིགས་བྱུང་བ་ན། །རྟ་དྲེལ་བོང་གསུམ་གྱི་སེལ་བྱ། །ལྷ་ལ་མཆོད་བརྔན་མང་དུ་བྱ། །ད་རོག་བྲག་ལ་ཁྱི་ར་ཕག་སེལ་བྱ། །དགྲ་བླ་མཆོད་པ་མང་དུ་བྱ། །དམུ་དབལ་བྲག་ལ་གླང་སེལ་དམུ་ཕོད་བྱ། །ལྷ་བཅོས་དང་ནི་བསང་མཆོད་བྱ། །རྩ་རའི་བྲག་ལ་རྟ་དྲེལ་བོང་གསུམ་ཕྱིན། །སེལ་བྱ་བདུད་ཀྱི་བཅོས་ཀ་བྱ། །སད་བྲག་བ་སེལ་གླང་སེལ་བྱ། །དགྲ་བླ་ཡུལ་ལྷ་བཅོས་པར་བྱ། །ཨ་ཁད་བྲག་ལ་ལྷ་ཁམས་བཅོས། །གཙུག་ཏོར་ཇི་མང་སྒྲོགས་པར་བྱ། །གླུད་དུ་ལུག་གཟུགས་མང་པོ་གཏོང་། །བྱ་རལ་བྲག་ལ་ཁྲི་སེལ་བྱ། །ཁྱི་ར་ཕག་གསུམ་ས་སྒོ་གཙང་། །སྐྱེར་བྲག་བ་མགོ་བཅུ་གསུམ་གྱིས། །སེལ་བྱ་གཏོ་སྐུ་དཀར་ནག་བཙུགས། །བྲག་འཁྱིམ་བུ་རྣམས་ལ་སྒྲང་དང་མ། །སྒྱེད་ཁུང་མཛོ་ལ་བཀལ་ལ་བོར། །གལ་བར་བྲག་ལ་གླང་སེལ་བྱ། །ཏྲོང་བྲག་ཕག་ཐོད་ཁྱི་ཐོད་མནན། །ལུག་གཟུགས་གླུད་དུ་བཏང་བར་བྱ། །སྤོ་བྲག་རྟ་ཐོད་རུ་རྒྱས་བྱ། །གཏད་སེལ་བདུད་བཅོས་མང་དུ་བྱ། །


MR16_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བྲག་ཕག་སེལ་ཕག་ཟུབ་བྱ། །ལར་བྲག་ནག་མར་གཏོ་ནག་པོས་བཅོས། །མར་གཏོ་བཅོམ་དྲུག་པོར་བས་ཐུབ། །གཤིན་རྗེ་ལག་ན་ཞགས་པ་ཅན། །མདོག་ནག་འཇིགས་པ་བཅས་བྱས་ལ། །གང་གནོད་ཕྱོགས་སུ་བཟློག་སྟེ་རྦད། །གཞན་ཡང་བཟློག་གཏོ་ཇི་འོས་བྱ། །སྤོ་བྲག་འཕར་བ་འདྲ་བ་དེ། །བཅུ་པོ་མན་ཆད་གར་བབས་ཀྱང་། །བཅུ་གཅིག་དམུ་བྲག་བྱ་རལ་ན། །སྤོ་བྲག་སྨོན་ཤུག་རྩེ་དང་བྲལ། །ལ་ཐོད་རྩེ་ལ་མུན་པ་འཁྲིགས། །ལས་བྱས་པ་ཐོག་ཏུ་མ་སོང་ཞིང་། །ནོར་བསགས་པ་རང་ལ་མི་ཕན་ངན། །བུ་སྐྱེས་པ་གཏིང་ནས་རུལ་བ་ཡིན། །གཏོ་ལ་བཟློག་པ་ཇི་མང་བྱ། །སྤོ་བྲག་འཕར་བ་འདྲ་བ་རྣམས། །བཅུ་པོ་མན་ཆད་གར་བབས་ཀྱང་། །བཅུ་གཅིག་ད་རོག་གཡུ་བྱ་ན། །སྤོ་བྲག་སྨོན་ཤུག་རྩེ་དང་འཕྲད། །སྐུ་མཁར་ནང་དུ་རྒྱལ་བུ་བདེ། །བྲག་རི་དམངས་ཀྱི་རྫོང་མཁར་ལ། །སྨོན་པའི་དཔལ་མདུང་དཔལ་དར་ཚུགས། །རྒྱལ་པོ་གཅིག་གིས་ཡུལ་གསུམ་སྡུད། །དཔའ་བོའི་དཔའ་དར་ཚུགས་པ་ཡིན། །ཝེར་མའི་མགོ་ལ་སྟག་འཕྲུ་བཙུགས། །སྐྱིད་དགའ་ཅན་གྱི་མོ་ལ་བཟང་། །སྡུག་བསྔལ་ཅན་གྱི་མོ་ལ་ངན། །ཕྱི་མ་ཅི་ལ་བཏབ་ཀྱང་བཟང་། །སོ་བྲག་སྤྱང་ལྟོགས་འདྲ་བ་དེ། །བཅུ་པོ་མན་ཆད་གར་བབས་ཀྱང་། །བཅུ་གཅིག་སྟེང་གི་ན་འབན་ན། །རེ་འཇོལ་བརྡལ་ལ་བསད་པ་ཡིན། །སོ་བྲག་དམུ་གཉན་མཁར་དང་ཕྱེ། །ལ་ཐོད་རྩེ་ལ་མུན་པ་འཁྲིགས། །སྡེ་ཆེན་གཅིག་ལ་ལིང་ལོག་འབྱུང་། །རྫོང་རལ་པ་ཅན་དེ་བཅུ་གསུམ་བརླག །གཙོ་བོ་བསད་ནས་དབང་པོ་ཤོར། །དཔའ་བོ་བསད་ནས་གོ་ཁྲབ་འཕྲོག །ཕྱུག་པོ་བསད་ནས་དཀོར་ནོར་ཁྱེར། །ཕྱི་མ་བཏབ་དྲུག་ཀུན་ལ་ངན། །ཡུལ་བུང་གཅིག་གི་


MR16_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་བཟང་། །མཚེར་ས་སྤོས་པས་ར་འོ་བོག །རྒྱལ་པོའི་མོ་ལ་ལྷག་པར་ངན། །རྒྱལ་པོས་སྤྲང་སྒྱེ་ཁུར་བའི་ངོ་། །གཏོ་ལ་གྲི་བྲུབ་གྲི་འདྲེ་བཀར། །བོང་བུ་བོར་ལ་སྦྱིན་སྲེག་བྱ། །གཙོ་བོ་སྤྲང་སྒྱེ་ཁུར་ནས་སློང་མོ་བྱ། །སོ་བྲག་སྤྲང་ལྟོག་འདྲ་བ་དེ། །བཅུ་པོ་མན་ཆད་གར་བབས་ཀྱང་། །བཅུ་གཅིག་ཀྱེ་བ་ཀྱེ་ལེ་འོད་དཀར་ན། །སོ་བྲག་ཡེ་བྲག་དངོས་དང་ཕྲད། །འབྲོས་རི་མཐོ་ལ་བཙན་རྫོང་མཐོ། །ལ་ཁ་མཐོ་ལ་ཉི་མ་ཤར། །རྒྱལ་པོ་གསུམ་དེ་འཛངས་ལ་འགྲན། །དཔའ་བོ་གསུམ་དེ་དཔའ་ལ་འགྲན། །མགྱོགས་པ་གསུམ་དེ་བང་ལ་འགྲན། །ཁྱུང་ཆེན་དཔག་བསམ་ལྗོན་དང་འཕྲད། །རྒོད་གླག་ཐུགས་ཀར་གཟན་དང་འཕྲད། །རྒྱ་སྟག་ནགས་ཚལ་གླིང་དང་འཕྲད། །དེ་ཡང་སྡུག་བསྔལ་ཅན་གྱི་མོ་ལ་ངན། །སྡུག་ལ་ཟད་པ་མེད་པ་ཡིན། །གཞན་མ་ཅི་ལ་བཏབ་ཀྱང་བཟང་། །༈ །ད་ནི་སངས་ཀྱི་སྡེ་ཚན་བཤད། །སངས་ལ་མང་དུ་མཆིས་ན་ཡང་། །སྤོ་སངས་དང་ནི་སོ་སངས་གཉིས། །ལར་སངས་རིགས་བྲག་ལས་བཙལ་བར་བྱ། །བྲག་གཞིར་བཞག་ནང་ནས་གཅིག་ཡར་བ། །སངས་ཡིན་དེ་ཡང་བྲག་གི་ནི། །སྡེ་ཚན་རིམ་པ་བཞིན་དུ་བསྟན། །དང་པོ་སྤོ་སངས་དབྱེ་བ་ལ། །སྤོ་སྐྱམ་ཐིག་གུ་གཅིག་གིས་འབྲེལ། །གཅིག་ནི་ས་ལ་ལྷུང་གྱུར་པ། །གེ་ཟ་གཡུ་འཕྲུ་སངས་བ་ཡིན། །དེ་བཞིན་འོག་མ་ཀུན་ལ་ཡང་། །བྲག་གི་གོ་རིམ་བཞིན་དུ་སྦྱར། །འདི་སྤོ་ཁྱུང་ཀུན་རྒྱལ་བ་མར་ནམ་སངས། །བྱ་དཀར་གྲིབ་མ་ནག་པ་ཡིན། །སངས་ཀྱི་ནང་ནས་བྲག་གཅིག་ཡིན། །གཏམ་ངན་འཕྲིན་པ་སྐྱེལ་པའི་སངས། །ནད་པའི་མོ་ལ་དུར་བྱ་ཡིན། །དམག་ཇག་གཉིས་ལ་བཙན་སར་ངན། །དམག་དཔོན་གཏམ་ངན་ཁྲེལ་གྱིས་ཕོག །དམག་མི་ཕྱོགས་


MR16_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་འཐོར་བ་ཡིན། །དམག་རྟ་ཡོད་རྐང་ཐང་རེད་པ་ཡིན། །རྐུན་མར་སོང་ན་འཁོར་གསུམ་འཚེར། །འབྲོག་པ་ཡིན་ན་གྱོད་ཆེན་འོང་། །ཡུལ་པ་ཡིན་ན་སེར་བའི་ངོ་། །སྐྱེས་བུ་ཚེ་ཟད་མནངས་ནས་ཤི། དར་མ་ཚེ་ཟད་གླང་གིས་བསད། །བུད་མེད་ཚེ་ཟད་ལྕེབས་ཏེ་ཤི། རྟ་ཕོ་ཚེ་ཟད་འདམ་ལ་ཟུག །ཅི་ལ་བཏབ་ཀྱང་ངན་པ་ཡིན། །མར་ནམ་སངས་ཀྱི་སྐྱེར་ལ་བརྒྱག །ཐོད་བརྒྱག་དོམ་བུ་ཐུགས་ཀར་ཡིན། །འཛིང་ན་ཐུབ་པའི་ཤེད་མོང་བརྒྱག །གཏམ་ན་རྒྱལ་བའི་སྨྲ་ལྕེ་བརྒྱག །བསོད་ནམས་བསགས་པའི་ཕྱུག་པོ་བརྒྱག །འཁོར་གཡོག་འཛོམས་པའི་བུ་རྟ་བརྒྱག །བྱ་ནག་གྲིབ་མ་དཀར་བ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །དེ་ལ་བརྒྱག་གཉིས་གལ་ཏེ་བྱུང་། །མར་ནམ་དོམ་ནག་ཁ་སྤྲོད་བརྒྱག །ནག་པོ་ས་ཡི་མར་ཞབས་ན། །རིན་ཆེན་གསེར་གྱི་སྦྲང་བུ་ཐོན། །ཁྲི་ཚོ་དམག་གི་རྒྱལ་ཁ་ཡིན། །འདི་ཡང་སྟོད་གསུམ་བཙན་སར་གཅེས། །སྐུ་མཁར་བད་ཅན་བཅུ་གསུམ་ཐོབ། །ལྷ་ཁང་ཁྱུང་མགོ་ཅན་དང་ནི། །འབུམ་ཁ་ཡིག་ཅན་གྱི་གསུང་རབ་ཐོབ། །མར་ནམ་སྒོ་འམ་སྤོ་ལ་བརྒྱག །མར་ནམ་བྲེ་ཚང་ཁྱི་འགག་སངས། །ཁྱི་སྐེ་འགག་ནས་ཤི་བའི་སངས། །ཡང་ན་མི་འགའ་འགག་གྲིར་འཆི། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །མར་ནམ་མ་བརྒྱག་བུ་བརྒྱག་ན། །མར་ནམ་སེང་ཁྱི་ཁ་སྤྲོད་བརྒྱག །དམག་ཐོག་ཏུ་བབས་ན་ལན་གསུམ་རྒྱལ། །སྔ་མའི་སྐྱེར་གྱིས་འཇུས་པ་ན། །སྤོ་ཁྱུང་ཀུན་རྒྱལ་པོ་ཡར་ནམ་སངས། །སངས་ཀྱི་ནང་ནས་ཅང་སེ་ཡིན། །ཅང་སེ་མི་མགོན་དཀར་པོའི་བླ། །བ་ཁོག་གསུམ་བབས་མི་ནོར་འཕེལ། །བཅུ་གསུམ་བཅུ་གཅིག་གར་བབས་ཀྱང་། །དཔའ་བོ་རྒྱལ་ནས་མགྱོགས་པ་ཐོབ། །དེ་ཡི་སྐྱེར་


MR16_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྒྱག་སོང་ན། །ཡར་ནམ་སྟག་རྩེ་གཡུ་ལོ་བརྒྱག །ཅང་སེ་ཁ་བ་འོད་དཀར་ཡིན། །དངུལ་མི་མཆོང་གི་ན་བཟའ་མནབས། །ཤེལ་དཀར་སྟོད་གཡོགས་སྟེང་དུ་དཀྲིས། །ཕྱག་ན་དངུལ་དཀར་མེ་ལོང་བསྣམས། །བལྟས་པས་སྣང་སྲིད་ས་ལེར་མཐོང་། །ཀུན་མཐོང་ཡེ་མཁྱེན་སྤྱན་རྣོ་ཡིན། །ཕྱི་སར་རྐྱ་ཞིབ་སློ་བྲག་ནས། །བཅུ་གསུམ་སྟེང་དུ་འདི་བབས་ན། །གཡུ་འོད་ནམ་མཁའི་གུར་ཁང་ནས། །ཀུན་མཐོང་སྤྱན་རྣོན་ཚང་ནས་བཞེངས། །ཡོ་མ་རྟ་ལ་ཧབ་ཆོད་བྱས། །བ་ཁོག་གསུམ་དུ་བབས་པ་ན། །མི་ནོར་གཉིས་ཀ་འཕེལ་བའི་ངོ་། །དེ་ལ་བརྒྱག་གཉིས་སོང་བ་ན། །སེང་གེའི་ཕྲུ་གུ་ཚང་སངས་ཡིན། །ཡར་ནམ་འབྲུག་ཁྱུང་ཁ་སྦྲོད་སངས། །ཆུ་བོ་གྲུ་དང་གཟིངས་ཀྱི་བླ། །བྲག་པོ་ཆེ་ཡི་འཛེགས་སྐས་ཡིན། །ཁྲི་ཚོ་དགུ་ཡི་མགོ་ནོན་ཡིན། །དམག་ཆེན་འཁྲུག་པའི་རྒྱལ་ཁ་ཡིན། །རང་སའི་བཙན་ས་རྣམས་སུ་གཅེས། །ཕྱི་སར་ཤོར་ནས་ནང་ལད་ན། །དགྲ་རྒྱལ་ཟུན་གྱི་ཕ་ཆུས་འཆོར། །དམག་ཉིས་གནང་ཤོར་འོང་ངོ་ཡིན། །སྤོ་བརྒྱག་ཅང་སེ་ཕྲུ་གུ་རང་རྔས་འགག །སྤྱང་སེ་འགག་པའི་འགག་ཐག་ཡིན། །དཔའ་ཐུས་ཞབས་སུ་མགྱོགས་གསུམ་ཐུག །རྟ་འགྱེལ་མི་བུས་ཁྲེལ་ངོ་ཡིན། །ཕྲུ་གུ་གཉིས་ལ་ནེ་ཚ་སོང་། །ནེ་ཚ་ལྷ་ཡི་ཚ་ཚ་བརྒྱག །ཕོ་ལྷ་དུང་མི་ལྡན་དཀར་དང་། །ཅང་སེ་མི་མགོན་དཀར་པོ་གཉིས། །དྲང་མཁན་དཀར་པོ་དུང་མགོ་གསུམ། །ལྷ་ཞལ་དུས་གཅིག་འཛོམ་པ་ཡིན། །ཚུར་བས་ཕར་ལ་དམག་དྲངས་ཡག །སྐྱེར་ཕྲུ་གུ་གཉིས་ཀས་སྤོ་ལ་འཇུས། །ཟངས་སྒོ་ཡོ་ལག་ཟས་ཀྱི་སངས། །བྱ་ལྡམ་མ་རབས་སྡར་སངས་ཡིན། །སྦྲང་མ་སྦྲང་རྩི་དུག་པས་སངས། །འདི་ཡང་སངས་ཀྱི་དུག་ངོ་ཡིན། །ཕྱི་སར་དུག་གི་ཕྱག་ཚང་


MR16_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རང་ས་ལོ་མལ་གར་བབས་ཀྱང་། །དུག་ཆེན་ཁོང་དུ་སོང་ཟིན་ཡིན། །རྩེ་མོར་བབས་ན་ཝ་བྲོས་ཡིན། །རྟ་ཕྱྭ་རྟ་ཤི་སྒ་ཆག་ཡིན། །ནོར་ཕྱ་ཐང་བར་རྒྱུ་ཞགས་ཡིན། །མགྲོན་ཕྱར་བཏབ་ན་རྩོད་ངོ་ཡིན། །དེ་ཡི་སྐྱེར་ལ་བརྒྱག་སོང་ན། །ཡོ་ལག་བ་དཀར་བེའུ་སངས། །བ་དཀར་ཁོང་གི་བེའུ་འདྲ། །གཞི་ཕྱར་བ་ཁོག་གར་བབས་ཀྱང་། །ཐལ་བའི་ནང་ནས་གཡུ་སྙེད་ཡིན། །སྨན་རུལ་མར་བུ་བཟང་སྐྱེ་ངོ་ཡིན། །དམག་ཇག་གཉིས་ལ་བཙན་སར་བབས། །ཕྱི་སར་སྤོ་རྟ་བབས་པ་ན། །བྲག་ཐོག་སྒང་ཐོག་རྩེ་མོ་ནས། །ནང་ནོར་གནངས་སུ་ཐོབ་ངོ་ཡིན། །ཕྱི་སར་ཤོར་ནས་ལན་ལད་ན། །ནང་ནོར་ཕར་ལ་ཤོར་དོགས་ཡོད། །ནད་པའི་མོ་ལ་ལྷག་པར་ངན། །བྱ་གླང་སྦྲུལ་གསུམ་ལོ་པ་འཆི། །ཕག་ལུག་ཡོས་གསུམ་ལོ་མལ་བབ། །མི་ནོར་འཕེལ་བའི་རྫིའུ་ཡིན། །སྤོ་ལ་ཕྲུ་གུ་གསུམ་གྱིས་འཇུས། །གཅིག་ལྷུང་སྤོ་བར་དཔལ་རུ་ཡང་རིང་སངས། །སངས་ཆེན་རྣམས་ཀྱི་མདུང་འཛིན་ཡིན། །སངས་ཡང་དག་གཟུགས་རིང་ཁ་རྣོ་ཟེར། །ཡང་ན་རྩེ་ར་མུན་རུམ་རྟ་མཐའ་སངས། །རྟ་བརྒྱ་དགྲ་ལ་ཤོར་བའི་སངས། །ཕྱི་ནང་གར་བབས་ཡེ་འདྲོག་ཡིན། །སྒོ་བརྒྱག་མུན་རུམ་རྟ་མྱོས་སངས། །རྟ་བརྒྱ་ཤི་བའི་རོ་ཐོག་དེར། །རྒོད་པོ་སྡེར་འཛིན་བྱེད་ངོ་ཡིན། །རྩེ་ར་རྩེ་ལ་སངས་ཀྱང་ཟེར། །རྩེ་ར་ཕུང་མ་བཞི་འདུལ་སངས། །རྩེ་ར་མུན་རུམ་པར་བུ་སངས། །རྩེ་ར་གཡུ་རལ་སངས་ཀྱང་ཟེར། །བཅུ་གཅིག་རྟ་མོ་དག་ལ་བཟང་། །བརྒྱད་དབུལ་པོས་ལ་བཙས་གསོ་ན་བཟང་། །བཅུ་གསུམ་ཚུལ་འཆོས་བྱེད་པར་བཟང་། །གསུམ་པོའི་དབུས་སུ་ཟིན་གྱུར་ན། །སྤོ་བར་དམུས་ལོང་རྡོ་རྗེ་སངས། །འཁོར་ལོ་བསྒྱུར་རྒྱལ་ཕྱག་རྒྱ་སངས། །སངས་ཆེན་གངས་དཀར་


MR16_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མཐོན་སངས། །འདི་ཡང་དག་སངས་ཀྱི་སངས་རྒྱས་ཡིན། །འདི་གསེར་སྦྲང་གཡུ་གཤོགས་སྟག་རིས་སངས། །སངས་ཆེན་རྣམས་ཀྱི་ཟོ་དོར་ཡིན། །སྨོན་པ་སྲིད་པའི་སངས་ཆེན་ཡིན། །མགོ་བོ་གསེར་ལ་རྭ་ཅོ་གཡུ། །ཁོག་སྟོད་གསེར་ལ་ཁོག་སྨད་གཡུ། །གཤོག་པ་དུང་གི་འཁོར་ལོ་ཅན། །མར་ལ་ངོམ་གྱི་ཡུལ་དུ་ལྡིང་། །ངམ་ཁམས་ནག་པོ་ཆམ་ལ་ཕབ། །བ་ཁོག་གསུམ་དུ་བབས་ན་ཡིན། །ཡར་ལ་སྨོན་པའི་ཡུལ་དུ་སླེབས། །སྤྲིན་ལ་ཐུགས་པའི་སངས་ཆེན་ཡིན། །དགྲ་གཞི་གཉིས་ཀྱི་མོ་ལ་བཟང་། །ཇག་པ་རྟ་ལ་རྒྱུག་ན་བཟང་། །རང་སའི་བཙན་སར་བབས་ན་ཡིན། །ཕྱི་སར་སྤོ་བྲག་སོ་བྲག་དགོས། །དགྲ་ཡི་དམག་དཔོན་སུམ་ཅུ་སོད། །སྔོན་མོ་ཁྲབ་ལ་ཡོ་བཤུས་བྱེད། །འདི་ཡི་སྤོ་ལ་བརྒྱག་སོང་ན། །གསེར་སྦྲང་གཡུ་གཤོག་ཅི་བཅིངས་སངས། །སངས་རུས་པ་བཟང་སྟེ་སྐྱེ་བ་འགགས། །སངས་ཀྱི་འགགས་ཐག་ནག་པོ་ཡིན། །ཕྱི་ས་ཡུལ་བཞིར་བབས་པ་ན། །དགྲ་དམག་ཇི་འདུག་ཐར་གྱིས་བཏང་། །སངས་རྣམས་ཀུན་གྱི་སྡིག་པ་ཡིན། །རང་སའི་བཙན་སར་དགྲ་གཞི་ཀུན་ལ་ངན། །ལར་གསེར་སྦྲང་གཡུ་གཤོག་སྟག་རིས་འདི། །མྱེས་པོ་དགུང་སྔོན་གནམ་ལ་བྱས། །མ་ནི་དོག་མོ་ས་ལ་བྱས། །ཕ་ནི་ཤིང་རིགས་ཡོངས་ཀྱི་བུ། །མ་ནི་ཆུ་ང་གཉིས་ལ་བྱས། །བུ་ང་རང་སངས་ཀྱི་རྫིའུ་ཡིན། །སངས་དབྱིག་ཐོགས་རྣམས་ཀྱི་མཚོན་ཆ་ཡིན། །སྐྱོབ་བྱེད་རྣམས་ཀྱི་གོ་ཆ་ཡིན། །ཚེ་སྲོག་འཚོ་བའི་རྫིའུ་ཡིན། །གཅིག་ལ་ཡ་རབས་མི་རྒྱུད་འཕེལ། །གཉིས་ཤར་ཕྱོགས་རྒྱ་ནས་འཕྲིན་ངན་འབྱུང་། །སངས་འགྲོ་འདོད་བྱ་ལམ་ཕྱེ་བ་ཡིན། །གསུམ་གཤོག་རུ་གཡས་པ་གསེར་ལ་བྱས། །བཀའ་ཆེན་འབུམ་སྡེ་བཞེངས་ན་བཟང་། །ལྷ་ཁང་ཁྱུང་མགོ་


MR16_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཛུགས་ན་བཟང་། །སྟག་ལོས་ཁྱིམ་གསར་འབུབས་ན་བཟང་། །སྟག་ནགས་དང་འཕྲད་དུས་འཕྲིན་སྙན་སླབས། །ཁ་མཆུ་ཞལ་ལྕེ་གཅོད་ན་བཟང་། །སྔ་དྲོ་གྱེས་ཀྱང་ཉིན་ཕྱེད་འདུམ། །ཕྱི་དྲོ་འདུན་མ་འགྲིགས་ངོ་ཡིན། །གཞི་གཡུ་གཤོག་ཡེ་ནས་སྔོ་བ་ལ། །མཚོ་ཁར་ཕྱིན་ན་དེ་བས་སྔོ། །གཡང་གི་མཚོ་མོ་འཁྱིལ་བ་ཡིན། །འདི་ཡི་བརྒྱད་ལ་དིང་དིང་ན། །ཡུལ་ཆུ་མཚོ་དང་འཕྲད་པ་ཡིན། །ཁྱད་པར་སྤུན་བཞིའི་མོ་ལ་བཟང་། །གཡང་ལེན་ལྷ་གསོལ་བྱེད་ན་བཟང་། །སྦྲང་རྩི་ལེན་ཁར་ལེགས་པ་ཡིན། །ལྔ་ལྷོ་ཕྱོགས་སྤྲིན་གྱི་ཡོལ་བ་དེར། །སྐྱ་རིང་ལ་སྒོ་དར་བ་ཡིན། །ནོར་གཡང་ཅན་རྫས་ཀྱི་རྨ་གཡང་ཉམས། །འདི་ཡི་བདུན་ལ་སྐྱིང་དིང་ན། །རྨ་གཡང་ཤོར་ཀྱང་ནོར་དུ་ལོན། །འགྲོ་འདོད་མགྲོན་པོའི་ལམ་སྣ་བགགས། །ལྷོ་རུ་འགྲོ་འདོད་ཤོལ་བ་ཡིན། །དྲུག་གཤོག་དྲུག་ཚང་ནས་རྒྱས་པ་ལ། །དགུང་སྔོན་ནས་ཆར་ཆེན་མ་བབས་དགོས། །དེ་ཡི་བདུན་ལ་སྐྱམ་སྔོན་ན། །དགུང་ནས་ཆར་ཆེན་བབས་པ་ཡིན། །གཞིས་ཆེན་གཅིག་ལ་ཁ་དྲུག་བྱས། །ཁ་དྲུག་འདུན་པའི་དཀྲུགས་ཤིང་རེད། །ཁྱད་པར་བག་མ་ལེན་ཉིན་ཆད། །བདུན་སྦྲང་བུའི་གཤོག་པ་རང་སར་རྒྱས། །སྦྲང་རྩི་ཚོལ་འདོད་ཟས་དང་འཕྲད་པ་ནི། །ལན་དུ་དིང་དིང་བརྒྱག་བཟང་དགོས། །དེ་ཡི་བརྒྱད་ལ་སྤོ་བར་ན། །སྦྲང་བུ་འགྲོ་འདོད་གྱོད་ལ་ཐོགས། །བློ་སྣ་མང་བས་འཁྲུགས་པ་འོང་། །བརྒྱད་སྨོན་པ་ཆེ་དྲུག་གཏམ་སྙན་བསྐྱལ། །ལས་ཆེ་དྲུག་གོང་བ་འཛིན་པ་དང་། །བློ་དང་འདུན་མ་དཔྱོད་ན་བཟང་། །གཤོག་དྲུག་ཚང་ནས་རྒྱས་པ་ཡིན། །ཁྱད་པར་བློ་ཕུག་གཏད་ན་བཟང་། །འདི་ཡི་ལན་དུ་སྐྱིད་དིང་དང་། །སྐྱེར་དང་གལ་བར་བབས་པ་ན། །སྦྲང་བུ་འཕུར་འདོད་རྡོ་དང་ཐུག །


MR16_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་ལ་ཕྱི་བཤོལ་ཆེན་པོ་འོང་། །དགུ་གཉན་སྡོང་འཕྲིན་པ་སོ་སོར་གྱེས། །རྒྱལ་ཁ་རང་གིས་ལེན་བསམས་ཀྱང་། །ཕྱི་དགྲ་ཟ་འདོད་མི་ལ་ཤོར། །ཟི་མ་འགྲོ་འདོད་སྦྲང་བུའི་ལམ། །གཏམ་ངན་འཕྲིན་པ་སྐྱེལ་དོགས་ཡོད། །དེ་ལན་བཅུ་གཅིག་བྱ་རལ་ཡིན། །བཅུ་གསེར་སྦྲང་འགྲོ་འདོད་ཚང་དུ་སླེབས། །མ་བུ་འཕྲད་འདོད་མཇལ་བ་ཡིན། །ལན་དུ་བུ་བརྒྱག་བཟང་སྡེ་བྱུང་ན་ངེས། །ལན་དུ་སོ་ཡོན་བབས་པ་ན། །མ་བུ་འཕྲད་འདོད་གྱོད་དང་འཕྲད། །བྱ་ལོ་པ་ལ་གྱོད་ངོ་ཡོད། །བཅུ་གཅིག་སངས་ཀྱི་བྱ་ལམ་འགྲིམ་པའི་ཚེ། །གཏམ་སྙན་བྱ་ལམ་ཕྱེ་བ་ཡིན། །གཏམ་སྙན་ཕྲིན་པ་སྐྱེལ་བ་དང་། །བྱ་གཏད་རྒོད་འཕྲུ་འཛུགས་ན་བཟང་། །མི་རབས་བཅུ་གཅིག་གཏམ་སྙན་ཡིན། །བཅུ་གཉིས་ངམ་རྗེའི་འཕྲིན་ཐག་དེ། །དགྲ་ཟུན་གཉིས་སུ་འབྲེལ་བ་ཡིན། །ཕྱི་ས་ལད་ན་གཏམ་སྙན་ཡིན། །རང་ས་ལད་ན་གཏམ་ངན་ཡིན། །གཏམ་ངན་ཕྲིན་པ་སྐྱེལ་ན་བཟང་། །ཕག་ལོ་པ་ཡི་ཚེ་མདའ་ཡིན། །ལར་ཕྱི་སར་ཤོར་དུ་མི་རུང་ངོ་། །བཅུ་གསུམ་སྦྲང་གཤོག་གཡས་པ་གསེར་ལས་བྱས། །གསེར་རིན་ཆེན་ཀྱེ་བ་རང་ཤག་ཡིན། །སྦྲང་གཤོག་གཡོན་པ་གཡུ་ལས་བྱས། །གཡུ་རིན་ཆེན་ད་རོག་རང་ཤག་ཡིན། །སྟག་རི་མོ་བརྩེགས་པ་ཀུན་ལ་གྲུབ། །སངས་འཐོར་བསྡུད་པའི་དཔོན་པོ་ཡིན། །ལར་གཞི་འཛིན་བཙན་སར་བབས་པ་ན། །གཏམ་སྙན་འོང་བ་ཁག་ཐེག་ཡིན། །བ་ཁོག་གསུམ་དུ་བབས་པ་ན། །མི་རྒྱུད་འཕེལ་ལ་སྐྱེ་བ་བཟང་། །ཕྱི་ས་ཡུལ་བཞི་གར་བབས་ཀྱང་། །གཏམ་ངན་འཕྲིན་པ་སྐྱེལ་བ་དང་། །དུན་དུན་ནད་པར་ལྷག་པར་ངན། །བཟང་པོ་འདི་རྣམས་ངེས་པ་ལ། །རང་སར་དིང་དིང་མཚོ་མོ་དང་། །བརྒྱག་ཁ་བཟང་པོ་དགོས་པ་ཡིན། །དེ་ཡི་གཉིས་ལ་ཟིན་གྱུར་ན། །


MR16_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་བར་རུ་ཐོག་གླང་རུ་སངས། །གསུམ་ཀར་ཟིན་པར་གྱུར་པ་ན། །སྤོ་བར་རུ་ཐོག་དབལ་རུ་སངས། །སངས་ཆེན་ཞེ་སྡང་མེ་དཔུང་སངས། །འབུམ་སྡེ་སངས་ཀྱི་རྒྱལ་མཚན་ཡིན། །ཡང་ན་རྩེ་ར་ནིའུ་ཆུང་ཤིང་ལོ་སངས། །བཅུ་གཅིག་མཁས་པ་ཆིག་རྩོམ་བཟང་། །བརྒྱད་ལ་དབུལ་པོ་ནོར་ཚོལ་བཟང་། །གཅིག་དང་གསུམ་ལ་ཡ་མར་བཟང་། །བཅུ་གསུམ་རྟ་ཉོ་བྱེད་ན་བཟང་། །མཐའ་གཉིས་དག་གིས་ཟིན་གྱུར་ན། །རྩེ་ར་སྤྱི་ཁུག་དག་གི་ནི། །ཚེར་ཁོང་དགུ་ཁྲི་སངས་ཞེས་བྱ། །ཉིན་གྱི་བྲག་དཀར་རྩེ་མཐོ་ལ། །བྱ་རྒྱལ་རྒོད་ཀྱི་ཚང་ལེགས་པོ། །ཡང་ན་ཙེ་ར་ཕུང་མ་ཁ་ཁུག་སངས། །ཙེ་ར་དབྱི་ཐར་སངས་ཀྱང་ཟེར། །བཅུ་གཅིག་གེ་ཁོད་ལྷ་དར་བཟང་། །བཅུ་གཉིས་རེ་ཅན་ཡུལ་ནས་བུད་པར་བཟང་། །བཅུ་གསུམ་ཡ་མ་དག་ལ་བཟང་། །ཟུར་གསུམ་སྤོ་ལ་བཏགས་པའི་སངས། །སྤོ་མི་འགྱུར་པདྨ་དོན་ལྡན་སངས། །རྟ་མགྱོགས་སྒ་ཡིས་བསྒོན་པ་དེ། །དམག་དཔོན་རྣམས་ཀྱི་རྒྱན་དུ་ཆེ། །སྐྱམ་དང་ཕྲུ་གུས་སྦོར་འཇུས་སངས། །སྐྱེར་གྱི་མ་འུ་དུན་སངས་ཟེར། །ཚེ་མ་ལོ་སྐྱེར་མིན་སངས་ཀྱང་ཟེར། །མ་རབས་སངས་ཀྱི་སྔར་སངས་ཡིན། །སྡར་སངས་སྐད་ངན་སྐྱེལ་མི་ཡིན། །རང་སར་བབས་ན་ཝ་ཞིག་ཡིན། །ཕྱི་སར་བབས་ན་སྟག་ཞིག་ཡིན། །རྩེ་མོར་ལད་ན་དམག་དཔོན་འཆི། །ཕྱི་སར་དགྲ་ཡི་དམག་དཔོན་རྒྱལ། །བསྟུད་ན་དམག་མི་འུར་གྱིས་འདྲོང་། །འདི་ཡི་ལན་དུ་ལི་ཡན་བབ་ན་སྟོང་འདྲོག་འོང་། །འཐོར་བ་བབས་ན་འཁྲུག་པ་ཡིན། །སློ་བག་བབས་ན་ཤི་བསད་འོང་། །སོ་བྲག་བབས་ན་གཏན་བརླག་ཡིན། །བྱ་ཡུན་བཟང་སྡེ་བབས་པ་ན། །ཟུན་གྱི་རྒྱལ་ཁ་


MR16_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡིན། །དེ་ཡི་སྐྱེར་ལ་བརྒྱག་གཅིག་ན། །སྐྱེར་མོན་ཝ་ལ་སྟག་ཤེད་བརྒྱག །སྔར་མར་སྟག་སྙིང་ཚུད་པ་ཡིན། །ཝ་མོ་ཁྲོམ་པས་སྟག་མོ་བསད། །ཝ་མོ་འདྲ་བའི་མི་སོད་ནས། །སྟག་མོ་འདྲ་བའི་རྟ་ཐོབ་ནུས། །རང་སའི་བཙན་ས་གར་བབས་ཀྱང་། །དམག་ཇག་གཉིས་ལ་རྣོ་མགྱོགས་ཡིན། །བཙན་པོའི་བུ་སོད་ཕྱུག་པོའི་ནོར་ཐོབ་ནུས། །སྐྱེར་ལ་བརྒྱག་གཉིས་བྱུང་བ་ན། །སྐྱེལ་མེན་ཁ་ཐུན་སངས་ཀྱི་བརྒྱག །སྟག་མོའི་གཞུང་ན་བྱ་རོགས་སངས། །སྟོད་གསུམ་བཙན་ས་གར་བབས་ཀྱང་། །ཕྱི་སར་ལྷོ་བྲག་སྤྲོ་རྟ་ན། །ངམ་གྱི་རྒྱ་བྲག་དམར་པོ་ལ། །སྨོན་པའི་བཙན་རྫོང་བྱས་པ་ཡིན། །དགྲ་ཡུལ་རྫོང་མཁར་བརྩིགས་ན་བཟང་། །དགྲ་ཡི་ཡུལ་ཞིང་ཁང་མཁར་ལ། །ཟུན་གྱི་དར་འཕྲུ་ཚུགས་པ་ཡིན། །ལྔ་སྟོང་ཙམ་གྱི་དམག་ཡག་ནས། །དྲུག་སྟོང་ཙམ་གྱི་གནང་ཐོབ་ནུས། །ཕྱི་ས་གཡུལ་གཞིར་འདི་བབས་ནས། །བ་ཁོག་བཙན་ཁྱིམ་ལད་པ་ན། །དེ་འདྲ་བར་ལ་ཤོར་བ་ཡིན། །གཅན་གཟན་སྣ་དགུས་དགྲ་ཆོས་བྱས། །གཅན་ཟན་ལྤགས་པ་ཡོན་ལ་སྦྱིན། །རྣོ་མཚོན་སྣ་དགུས་ཤུགས་མགོན་བརྔན། །ཡར་ལ་ཡུལ་སའི་རྒྱག་བརྔན་བྱ། །སྔར་སངས་བརྒྱག་གིས་བསྒྱུར་བ་ན། །སྐྱེལ་མེན་དཔའ་བོ་འགྱུར་མེད་ཟེར། །དེ་ཡི་སངས་ལ་ནེ་ཚ་སོང་། །སྟག་མོ་གཅིག་ལ་སྟག་ཕྲུག་གཉིས། །ལུས་ལ་འཛུམ་དྲུག་རྒྱས་པ་དང་། །ཁོང་དུ་དཔའ་ཤེད་རྒྱས་པ་ཡིན། །རང་སའི་བཙན་སར་བབས་པ་ན། །དམག་ཇག་གཉིས་ལ་གཡོན་ཆོག་ཡིན། །ནེ་ཚ་རེ་རེས་དམག་རེས་རེར། །ཁག་ཐེག་གཡོན་པོད་གཉིས་ཀ་ཡིན། །མདུད་པ་རྟ་དང་གཡག་གིས་བགྲོལ། །ཕྱི་སར་ཤོར་ན་ཝེར་མ་དགྲ་ཆོས་བྱ། །ལན་ལད་གྲི་སྟར་འཐུ་མོ་ཡིན། །གོ་མཚོན་ཡོན་ཕུལ་དགྲ་ཆོས་བྱ། །སྤོ་


MR16_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་ཅང་སེ་བཙོན་དུ་བཟུང་། །ལན་ལད་ཐར་མས་ལྕགས་ཀྱིས་བསྔམས། །དམག་ཇག་རྐུན་གསུམ་མགྲོན་ཕྱར་ངན། །གཞི་ཕྱ་ཡིན་ན་གཏམ་ངན་དང་། །ཡ་རབས་བུད་མེད་ཁྲེལ་གྱིས་ཕོག །གཏོ་ལ་རྔ་མོང་དགྲ་ཟློག་བྱ། །ཡོན་དུ་ཚ་དང་གཡེར་མ་སྦྱིན། །མར་ལ་འགག་དཀྲོལ་ལྟོང་གྲོལ་བྱ། །སད་དང་ཕྲུ་གུས་འཇུས་པའི་སངས། །ཙེ་ར་ཀུ་བྱི་ཐར་པ་སངས། །སྤོ་སངས་རྣམས་ཀྱི་གྲོལ་ཕུག་ཡིན། །སངས་རྣམས་ཀུན་གྱི་རྒྱལ་པོ་ཡིན། །ནད་པ་མིན་པ་ཀུན་ལ་བཟང་། །ནད་པའི་མོ་ལ་འདི་བབས་ན། །ད་བབས་ཞག་གྲངས་དག་ལ་འཆི། །གཏོ་ནི་ཡོད་པར་མ་གསུངས་སོ། །སད་ཀྱི་གཉིས་ཀར་ཟིན་པ་ན། །སྤོ་ཀེ་ལ་ཀེ་དྲུག་གཟིག་མོ་སངས། །གཟིག་མོའི་ལུས་ལ་འོལ་མིག་རྒྱས། །འོལ་མིག་རྒྱས་ན་སྟོབས་དང་ལྡན། །སྟོབས་དང་ལྡན་པས་དགྲ་ཐུབ་ཡིན། །དགྲ་བླའི་གཟིག་མོ་མཆོང་སྐྱེན་ཡིན། །སངས་བྲག་ནང་གི་དགྲ་བླ་ཡིན། །གཟིག་ལ་བསད་ཁྲག་དྲོན་མོ་དགོས། །རང་སའི་བཙན་ས་གར་བབས་ཀྱང་། །ཕྱི་སར་སློ་བྲག་སེ་སྟོད་ན། །གཟིག་མོ་ཁྲག་གིས་ངོམས་པ་ཡིན། །ཟུན་གྱི་གཟིག་མོ་མཆོང་སྐྱེན་གྱིས། །དགྲ་ཁྱི་རྒན་ཁྲག་ལ་འཇང་བ་ཡིན། །ཁྱི་རྒན་འདྲ་བའི་མི་སོད་ནས། །གཟིག་མོ་འདྲ་བའི་རྟ་ཡང་ཐོབ། །རྩེ་མོ་བཟང་ན་ངེས་པ་ཡིན། །སྤོ་ལ་གསུམ་ཀ་སོ་སོར་འཇུས་པའི་སངས། །སྤོ་ཆེན་ཧ་ལ་ཐོག་རྒོད་སངས། །རྐྱང་ག་མའི་ལུས་ལ་མགྱོགས་ཤེད་སངས། །སྤོ་བར་བང་ཆེན་ཡང་མགྱོགས་ཡིན། །ད་ནི་སོ་སངས་རྣམ་གྲངས་ལ། །མུ་ས་ཤོར་གུང་གཅིག་ལྷུང་བ། །སོ་ཡོན་བྱ་འུན་ལང་ཏང་སངས། །དེ་ནི་བྱ་ཡུན་སྡེ་རུ་བཤད། །


MR16_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཕྲུ་གུར་སོས་བཀུག་པ། །སོ་བྱ་ལང་ཐང་སྡེར་ཁུག་སངས། །མུན་པའི་ནང་དུ་ལམ་རྙེད་སངས། །སངས་ཕྲན་སྦྲང་བུ་མར་ཟན་སངས། །སྦྲང་བུ་མར་ཟན་དུག་དང་འཕྲད། །སངས་ཕྲན་རྣམས་ཀྱི་བྱ་ལམ་ཡིན། །མཚན་འགྲོས་མིན་པ་ཀུན་ལ་ངན། །སྡེང་ཁུག་གྲུ་གསུམ་མར་གཅིག་བརྒྱག །སྡེར་ཁུག་དངུལ་དཀར་ཆབ་མ་བརྒྱག །ཕྱུག་པོ་རུ་བའི་ལྷས་མཐའ་དེར། །ཅོ་ག་བུ་དྲུག་མ་དང་བདུན། །གཤོག་དྲུག་རྒྱས་ནས་དུས་ལ་འཕུར། །དགུང་ལ་འཕུར་ནས་འགྱུར་སྐད་ཐོན། །འགྱུར་སྐད་ཐོན་ནས་དྲ་མ་ཡག །གཅེས་ཕྲུག་ནད་པ་མིན་པ་ཀུན་ལ་བཟང་། །བརྒྱག་གཉིས་ལྔར་ཁུག་དུར་མོ་ཙག་ཙིག་ན། །བྱ་ནག་གཤོག་དཀར་གཟི་མིག་བརྒྱག །འདི་ཅོ་གཅོག་ཁྱིམ་སྦྱར་མོ་སངས། །ལྷས་མཐར་ཅོ་ག་ཚང་ཡག་ཡིན། །ཅོག་ཚང་མཛོ་མོས་མ་བརྫིས་པར། །གཤོག་དྲུག་རྒྱས་ནས་མཁའ་ལ་འཕུར། །སངས་ཕྲན་ཡིན་ཏེ་འགུལ་སྟོབས་ཆེ། །བརྒྱག་གསུམ་ཁམས་གསུམ་གསལ་སྒྲོན་ཡིན། །སྒྲོན་མའི་ནང་གི་སྒྲོན་ཆེན་ཡིན། །བརྒྱད་བཅུ་གཅིག་བཅུ་གསུམ་སྟེང་དུ་གཅེས། །འབུམ་ཚོ་གསུམ་གྱི་དམག་ཡག་ནས། །ཁྲི་ཚོ་གསུམ་གྱི་གནངས་ཐོབ་ནུས། །བ་ཁོག་གསུམ་དུ་བབས་ཙ་ན། །མ་གཅིག་པུ་གསུམ་ནོར་གྱིས་ཕྱུག །གྲུ་གསུམ་ཕྲུ་གུར་སོས་བཀུག་སངས། །སོ་ཡོན་ཁ་བུར་རྟིང་བཤལ་སངས། །སོ་ཡོན་མུ་མཐའ་སངས་ཀྱང་ཟེར། །སངས་ཆེན་ཁང་རྒན་ཀ་འགྱེལ་སངས། །སངས་ཀྱི་ནང་གི་ནད་ཡམས་ཡིན། །དེ་ཡི་གྲུ་གསུམ་ཕྲུ་གུའང་འབྲེལ་ན། །སོ་ཡོན་ཁ་ཐུན་ལག་ཆག་སངས། །ཞ་བོས་རྟ་སྒུར་ཞོན་ནས་གཡུལ་དུ་ཞུགས། །གཡུལ་དུ་ཞུགས་པས་དཔའ་ལས་བྱས། །དམུ་ནམ་རྫ་གོང་སངས་ཀྱང་ཟེར། །མི་ཐོད་རྟ་ཐོད་


MR16_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་སྟེང་། །བྱ་ཕོ་རོག་གཤོག་འཛིང་བྱེད་པའི་སངས། །གྲུ་གསུམ་ར་ལ་བརྒྱག་གཅིག་ན། །རི་བོའི་ཞོལ་ན་གླང་པོ་སངས། །དེ་ལ་བརྒྱག་གཉིས་བཅས་པ་ན། །གནམ་ས་གའུ་ཁ་སྦྱོར་བརྒྱག །འདི་ཡང་ཞ་རྒུར་མགྱོགས་སངས་ཡིན། །ཁྲམ་པ་མགོ་མཇུག་ལོག་པའི་སངས། །རྒུར་པོ་སྔོན་དུ་བྲོས་པ་དེ། །ལ་ཁར་ཐོན་པའི་སངས་ཡིན་ནོ། །བརྒྱག་གསུམ་ཁ་ཐུན་ལག་ཆག་སྐར་མ་སངས། །ཐོ་རེངས་ནམ་གྱི་སྐར་ཆེན་སངས། །སྐར་ཆེན་ལ་ཁར་ཐོན་དུས་དེར། །སོ་བ་རིམ་གོར་འབུད་རེ་རན། །སོ་པ་གཏོང་བའི་ཙངས་སེ་ཡིན། །བ་ཁོག་བཙན་ཁྱིམ་གར་ཡང་བཟང་། །བཞི་ཚོམ་སོ་ཡིས་བཀུག་པའི་སངས། །དེ་ཡང་གཉིས་ལ་ཟིན་པ་ན། །སོ་ཡོན་ཐོག་གི་མེ་ལྕེ་ན། །དུག་རྩེ་སྟག་མོ་རི་བཀྲ་སངས། །སོ་སངས་རྣམས་ཀྱི་གྲོལ་ཕུག་ཡིན། །སོ་ལ་སངས་ཆེན་མང་ན་ཡང་། །སངས་ཆེན་དྲྭ་བ་མིག་མང་འདི། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཡེ་ངམ་ཡུལ་བགོས་བྱས་དུས་དེར། །སྨོན་པ་རྣམས་ཀྱིས་གཡས་རོལ་ཐོབ། །དོག་མོ་ས་ཡི་སྲིབ་རོལ་རྣམས། །ངམ་དང་ཐུག་དམར་བུ་དགུས་ཐོབ། །གཡེན་ཁམས་རྣམས་ནི་འདི་ཡིས་དབྱེ། །སོ་ཡོན་གདུག་པ་མིག་དམར་སངས། །སངས་ཆེན་རྒོད་དང་འདྲ་བ་སྟེ། །ཁྱི་རོ་རུལ་པས་མ་བསླུས་དགོས། །སོ་སངས་འབྱམས་ནས་ལན་ལང་ན། །ཁྱི་རོ་རུལ་པས་བསླུས་པ་ཡིན། །སྔ་མའི་གཅིག་ལ་སོས་བཀུག་ན། །སོ་ཡོན་མཁའ་ལ་གློག་འགྱུ་སངས། །སངས་ཆེན་ལྗོན་ཤིང་འདྲ་བ་ཡིན། །ཤིང་ཆེན་སྟ་རེས་མ་བཅད་དགོས། །ལན་དུ་ཁྱུང་ཆེན་སེ་སྟོད་ན། །ཤིང་ཆེན་སྟ་རེས་བཅད་པ་ཡིན། །སྐྱེར་ཀོང་ཙེ་ཙེ་དུན་དུན་ཕྲུ་གུ་ལྷུང་། །ཁ་ཆེ་ཡེ་ལྡན་


MR16_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ཀྱི་བྱ། །ཡང་ན་སོ་ཡོན་ངམ་ལེན་ལྗོན་པ་སངས། །ཁ་ཡོ་ཅི་མེད་སངས་ཀྱང་ཟེར། །བྱ་ལམ་སངས་ཀྱི་གྲོལ་ཕུག་ཡིན། །གནམ་ས་བྱེ་བའི་བྱ་ལམ་ཡིན། །སངས་ལ་འདི་བས་ངན་པ་མེད། །དཔག་བསམ་རྩེ་ལ་བབས་པ་ན། །མི་བརྒྱ་འདུ་བའི་འདུན་ཕུག་ཞིག །མགོ་ཡི་ཞྭ་ཤོར་འོག་གི་རྟ་ཡང་འཆི། །གློ་ལ་བཏགས་པའི་མཆོག་དཀར་ཆག །སེམས་སྐྱེད་ཕ་ཤི་ལུས་སྐྱེད་མ་ཡང་འཆི། །དམག་ངག་གཉིས་ལ་སྟོད་དུ་ངན། །གཏམ་ངན་ཕོག་པའི་མོ་མདུད་ཡིན། །ནད་པའི་མོ་ལ་ཚུགས་གང་ལ། །བབས་པའི་ལོ་གྲངས་དེ་ལ་འཆི། །ཅི་ལ་བཏབ་ཀྱང་ངན་པ་ལ། །བཅུ་གཅིག་སྡུག་བསྔལ་ཅན་ལ་བཟང་། །བརྒྱད་དང་བཅུ་གསུམ་ནད་པ་བདེ། །བཅུ་གསུམ་ཤ་བཙོན་དོང་ནས་འཆོར། །དེ་ཡི་ཐོད་ལ་བརྒྱག་བཅས་ན། །ནམ་མཁའ་འོད་ཀྱི་གླང་མོ་སངས། །དགྲ་མི་བརྒྱ་བསད་ནས་རྟ་བརྒྱ་ཐོབ། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །གཞི་ཕྱ་བ་ཁོག་གསུམ་དུ་གཅེས། །བརྒྱག་གཞན་མ་རྙེད། སྐྱེར་གཉིས་ཀར་སོ་ཡིས་བཀུག་པའི་སངས། །ཟངས་མགོ་གཡོ་ལག་སངས་ཞེས་བྱ། །ཕུང་མ་ཅི་མཐུན་སངས་ཀྱང་ཟེར། །བྱ་ལམ་མ་རབས་སྔར་སངས་ཡིན། །སྦྲང་མ་སྦྲང་རྩིས་དུག་པའི་སངས། །འདི་ཡང་སངས་ཀྱི་དུག་ངོ་ཡིན། །ཕྱི་སར་དུག་གི་ཕྱག་ཚང་ཡིན། །རང་དང་ལོ་མལ་དུག་རིགས་ཁོང་སོང་ཡིན། །རྩེ་མོར་བབས་ན་ངན་གྲོས་ཡིན། །རྟ་ནོར་ཕྱ་ལ་ཤི་གོད་ཡིན། །མགྲོན་ཕྱར་བཙོན་དུ་འཆོར་ངོ་ཡིན། །སངས་ཀྱི་བྲག་ཡིན་རང་སར་ངན། །ཕྱི་སར་བབས་ནས་རང་ས་བཟང་། །མ་རབས་བུ་སོད་རྟ་བོང་ར་པག་ཐོབ། །སྐྱེར་ལ་བརྒྱག་གཅིག་བཅས་པ་ན། །གཡོ་ལག་བ་དཀར་བེའུ་སངས། །བ་ཁོག་གསུམ་དུ་བབས་


MR16_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། །མ་དེ་བ་དང་འདྲ་བ་ལ། །བུ་དེ་མཛོ་དང་འདྲ་བ་ཚར། །དམག་ཇག་གཉིས་ལ་བཙན་སར་བབས། །ཕྱི་སར་སྤོ་རྟ་སྤོ་བྲག་ན། །ནོར་ཐོབ་ལྡོག་ན་རང་ནོར་འཆོར། །ནད་པ་བྱ་གླང་སྦྲུལ་ལོ་འཆི། །ཕག་ལུག་ཡོས་བུའི་ལོ་ཡིན་ན། །མི་སྐྱོན་མི་ནོར་འཕེལ་བར་བཤད། །བརྒྱག་གཉིས་དྲེད་དོགས་ཚངས་མ་སངས། །བཙན་ལ་བརྡོས་ནས་འཕན་ལ་ལེན། །ཡུལ་ནི་ས་ཡི་ལྷ་ལུང་དེར། །ཕྱྭ་གཉེན་རྗེ་རྒྱལ་དཀར་པོ་ལ། །མི་གྲངས་ཅང་མེས་བྱིན་པ་ཡི། །བུ་ལྷ་བུ་སྤྲིན་འཐེན་ཆར་འཐེན་དང་། །སྤྱི་འཐེན་གཙུག་འཐེན་གཉིས་དང་བཞི། །རྗེ་ལ་བུ་བཞི་ཚར་དུས་བབས། །ད་ཡང་བ་ཁོག་ལོ་མལ་དུ། །བབས་ན་བུ་བཞི་ཚར་ངོ་ཡིན། །ཁ་རྗེ་ཆུས་ཆེན་རྩོད་པ་དང་། །དམག་ཆེན་དྲ་མ་འདེགས་པ་དང་། །ཐག་རིང་མགྲོན་པོ་འགྲོ་བ་དང་། །སྟོད་གསུམ་བཙན་སར་བབས་པས་ཆོག །ཕྱི་སར་བབས་ནས་ལན་ལད་ན། །བསྟན་ཆུས་རྒྱལ་གསུམ་དུས་གཅིག་འཆོར། །གཏོ་ལ་ཝེར་མ་དགྲ་ཆོས་བྱ། །ཡོན་ལ་དར་སྟག་གསེར་དངུལ་བྱིན། །སྐྱེར་གཉིས་སོ་སོར་འཇུས་པའི་སངས། །སྐྱེར་གྱི་མ་དང་རྒྱལ་མོ་སངས། །ཤ་བ་མཐའ་ཞུགས་གཅིག་ཤི་གཅིག་ཐར་སངས། །སྔ་མའི་སྐྱམ་གཅིག་སད་དུ་སོང་། །དམུ་ནམ་ཐུན་གྱི་ཁ་འོད་སངས། །སད་གཉིས་ཀས་འཇུས་པ་མ་རྙེད་དོ། །སྐྱེར་གཉིས་ཀ་སད་དུ་སོང་བ་ན། །གཏུམ་ཅི་ཁ་ལ་མེ་འཕར་སངས། །སྒང་ཐང་ལུས་ལ་གཤོག་སྒྲོ་སངས། །ཤེད་ཆེན་ལ་ཝང་མགྱོགས་པ་སངས། །ཕྲུ་གུར་ནེ་ཚ་སོང་བ་ན། །ཐོག་དང་སེར་བ་གློག་ལྕམ་སངས། །སངས་ཀྱི་མེ་སྒྲོན་ཆེན་པོ་ཡིན། །སད་གཉིས་ཀར་འཕྲེད་ལ་ཟིན་པ་ན། །གདུག་པ་ཏྲོང་སད་


MR16_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་རྒྱས་སངས། །ནམ་མཁའི་ཁྱུང་ལ་གཤོག་དྲུག་རྒྱས། །ཝེར་མའི་ལུས་ལ་དཔའ་རྩལ་རྒྱས། །འཛམ་བུ་གླིང་དུ་དཀོར་ནོར་རྒྱས། །རྒྱལ་བུའི་ལུས་ལ་དགོངས་པ་རྒྱས། །ཆེ་སྟེ་དམག་ཆེན་འདེགས་ན་བཟང་། །ཡང་རྩེ་སྟོད་དུ་བབས་དུས་དེར། །ཡང་རྒྱལ་སྟག་གི་འབྲུག་སླག་ཡིན། །དེ་ཡི་འདོགས་ལུགས་གཞན་མ་རྙེད། །ཕྲུ་གུ་འཇུས་པའི་སྐྱེར་དང་ནི། །ཕྲུ་གུ་གཅིག་ལ་སོས་བཀུག་སངས། །སྐྱེར་ནག་མ་ནུ་ལག་བཤལ་སངས། །ནུ་ཤལ་སངས་ཀྱི་གྲོལ་ཕུག་ཡིན། །འདི་ཡང་སངས་ཆེན་བྱ་ལམ་ཡིན། །ཅོག་བྱེད་ཅོ་གཅོག་སངས་ཀྱང་ཟེར། །བཅུ་གཅིག་ནད་པ་དག་ལ་བཟང་། །བརྒྱད་ལ་བཙོན་དང་ཡ་མར་བཟང་། །གསུམ་ལ་བྱུག་པོའི་ནོར་མོར་བཟང་། །བཅུ་གསུམ་ནད་པ་དག་ལ་བཟང་། །དེ་ཡི་སྐྱེར་ལ་བརྒྱག་བཅས་ན། །སྐྱེར་ནག་གངས་དཀར་ཉི་མ་སངས། །ནག་པོ་གསལ་བའི་དཀར་མདངས་ཡིན། །རྒྱལ་ཆུས་ནོར་གསུམ་ལོན་པའི་སངས། །སྔ་མའི་སྐྱེར་གྱི་ཕྲུ་གུས་འཇུས། །སྐྱེར་རོ་དམག་ལེ་སངས་ཞེས་བྱ། །དེ་བབས་ནག་པོའི་སངས་ཀྱང་ཟེར། །འདི་སྟོད་ན་ཕྱུག་པོའི་ར་བའི་འབུམ་འདྲེ་ཡིན། །བར་ན་སྡར་འདྲེ་འབྲོས་དགའ་ཡིན། །སྨད་ན་དབུལ་འདྲེ་ཕུང་དགའ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །གསུམ་ལ་ཕྱུག་པོའི་ཕ་ཤིད་བཟང་། །བརྒྱད་ལ་ཡ་མ་ནག་པོར་བཟང་། །བཅུ་གཅིག་སྡུག་པ་ལས་འཛིན་བཟང་། །བཅུ་གསུམ་བདུན་ཚིགས་བཟུང་བར་བཟང་། །སྐྱེར་དང་ཕྲུ་གུ་གཉིས་ཀར་ཟིན། །ཀུ་ཏོ་རྒྱ་མཐའ་སངས་ཞེས་བྱ། །མོ་རྟར་གསུམ་འབྲེལ་ལྕགས་ཐག་འདྲ། །ཕྲུ་གུ་གཅིག་དེ་ཟུར་འཇུས་སངས། །ཁ་ཐུན་སོག་དྲུག་དམུན་ནམ་སངས། །སེ་ཏྲོང་སྤྱོད་ཕུར་ལན་ཚར་སངས། །སངས་ཆེན་


MR16_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཆེ་སྡེ་ཡིན། །སངས་ཆེན་འདི་རྣམས་བྱ་ཆེན་ཡིན། །དཔེ་ནི་ཐང་དཀར་རྒོད་དང་འདྲ། །ཐང་ཆེན་པོ་མེད་ན་མི་འབབ་བོ། །འདི་མཁའ་ཀློང་དབྱིངས་ཀྱི་བྱོད་ཕུར་ཞེས། །བྱོད་ཕུར་དག་གི་སྐབས་སུའང་བཤད། །ལར་སངས་རིགས་རྣམས་ཀྱི་ལན་ལད་ན། །ཐང་དཀར་སྙི་ལ་ཟིན་པས་ཀུན་ལ་ངན། །ཏྲོང་བ་ཚ་སངས་ང་སངས་ཀྱང་ཟེར། །བཅུ་གཅིག་ནད་པ་དག་ལ་ངན། །བརྒྱད་ནི་དབུལ་སྡུག་གཉིས་ལ་ངན། །གསུམ་ནི་སྲིའུ་དག་ལ་ངན། །བཅུ་གསུམ་བཀྲ་ཤིས་བཙུན་གསོལ་ངན། །སུམ་འབྲེལ་གསུམ་ཀར་ཟིན་པ་ན། །སོ་ཡོན་ཁྲ་ཆེན་ཁ་ཐུན་སངས། །ལྷ་ཆེན་འགུགས་པའི་སངས་ཞེས་བྱ། །སོ་བྲག་མུན་ཁང་གསལ་བའི་སྒྲོན། །ཏྲོང་བྲག་དུག་མཚོ་སྐེམ་མི་ཡིན། །སྟག་བསད་དུབས་ཀྱིས་སྡུད་མི་ཡིན། །འབྱུང་བ་ལྔའི་རྩིས་གཅིག་ཡིན། །འདི་ཐེངས་གཅིག་བབས་པའི་དུས་བྱུང་ན། །ད་འུ་ཕ་ཤ་ལོན་པ་ཡིན། །ཡུགས་ས་གསུམ་གྱིས་མི་རྟིང་ཚུགས། །རྟ་ནོར་གསུམ་གྱིས་རྟ་ཁྱུ་འཆོས། །གསུམ་པོའི་དབུས་མར་སོས་བཀུག་སངས། །ཡེ་སྨོན་མགོ་ལ་གཡུ་རུ་སངས། །གཏུམ་ཅི་སྟག་རྩེ་སྐར་མ་སངས། །སྟོང་པ་རྣམས་ཀྱི་གྲོལ་ཕུག་ཡིན། །སངས་ཀྱི་ནང་གི་སངས་ཆེན་ཡིན། །གཏུམ་ཅི་དཀར་མོ་སྟག་རྩེ་སངས། །ཏྲོང་སད་རྣམས་ཀྱི་གྲོལ་ཕུག་ཡིན། །གཟེ་མ་ཁ་ལ་དུན་ཡོད་ཡིན། །ངམ་གྱི་སྦྲང་བུ་མཆུ་ནག་ཡིན། །རང་སར་འབབས་སུ་མི་རུང་ངོ་། །མི་རོ་དམར་པོའི་རོ་ཐོག་དེར། །དུག་སྦྲང་ནག་པོའི་མཆེ་བ་བརྡར། །དེ་ལ་ནེ་ཚ་སོང་བ་ན། །ནམ་མཁའི་འཇའ་ཚོན་སྐར་ཆེན་སངས། །སངས་ཀྱི་དཔའ་བོ་ཤེད་ཆེན་ཡིན། །གསུམ་པོའི་མཐའ་མ་གཉིས་ལ་ཟིན། །གཡུ་འབྲུག་མགོ་ལ་ཏོར་ཏོ་


MR16_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སངས། །ཡང་ན་གཡུ་འབྲུག་གོ་དོར་ཟེ་བ་སངས། །སངས་ཀྱི་རྡོ་རྗེ་རྩེ་དགུ་ཡིན། །ངར་སྐད་ཅན་གྱི་སངས་ཆེན་ཡིན། །སངས་ལ་ངར་སྐད་འདི་བས་ཆེ་བ་མེད། །གཡུ་འབྲུག་ཟེ་བ་རྒྱས་པ་ཡིན། །སྨོན་པ་ཡི་ནི་ཟེ་མ་ཡིན། །གཡུ་གཤོག་མཚལ་གྱི་ཟེ་བ་ཅན། །རང་སའི་བཙན་སར་བབས་པ་ན། །ངམ་སྦྲང་གདུག་པ་མཆུ་རིང་སོད། །སྐད་སྙན་ཐོ་ལེ་རྒྱང་གྲགས་ཐོན། །ངར་སྐད་ཆེ་བའི་ཝེར་མ་ཡིན། །འདི་ཡང་དམག་ཇག་གཉིས་ལ་བཟང་། །གསུམ་པོ་སུམ་ཟུར་སོང་ལ་ཟིན། །དུང་ཁྱུང་མགོ་ཡི་ནོར་བུ་སངས། །ཕ་ཆེན་རྐང་གྲངས་མང་བ་ལ། །ནོར་ཆེན་བསམ་ལས་འདས་པའི་སངས། །སངས་ཀྱི་ནང་ན་རྒྱལ་པོ་ཡིན། །འདི་མགོ་ལ་ཁྱུང་རུ་ཡོད་པ་ཡིན། །ལུས་ལ་སྟག་འཕྲུ་ཡོད་པའི་སངས། །སྐེད་ལ་གསེར་བྱང་བཅིང་བའི་སངས། །བདུད་རྩི་རྐྱལ་པ་ཞལ་དུ་གསོལ། །ངམ་ཁམས་འདུག་པའི་རི་དགུ་བཅོམ། །སྟོད་གསུམ་བཙན་ཁྱིམ་གར་བབས་ཀྱང་། །མི་ནོར་གཉིས་ཀ་དུས་གཅིག་འཕེལ། །དམག་ཇག་གཉིས་ལ་སྟོད་དུ་གཅེས། །དབུལ་སྡུག་རྨང་གསུམ་མོ་ལ་ངན། །མི་ཁྱག་ཁུ་རུ་རྒྱབ་ཏུ་ཁུར། །བསེ་རག་འཁོར་ལོ་ཙམ་ཞིག་ཕྱི་ལ་འབྲངས། །འགོང་པོ་གཡག་ཤད་ཙམ་ཞིག་ཀླད་ལ་ལྡིང་། །བཙན་ཕྱུག་འབེན་གསུམ་མོ་ལ་བཟང་། །ཡང་བཙན་ཡང་ཕྱུག་ཡང་འཕེན་གསུམ། །ཡང་ནས་ཡང་དུ་བྱེད་པའི་ངོ་། །དང་པོ་གཉིས་ལ་ཟིན་པ་ཡི། །བཤད་པ་དག་ནི་མ་རྙེད་དོ། །སུམ་ཟུར་བཏགས་པ་གོང་དུ་སོང་། །གཏུམ་ཆི་རལ་རྒྱུན་དགུ་ཐུན་བྲག །དེ་ཡི་ནང་ནས་གཅིག་ལྷུང་བ། །ཀྱེ་བ་ངམ་ལེན་གྲི་ཆ་སངས། །བཅུ་གཅིག་རྟ་རྒྱུག་མོ་ལ་བཟང་། །བརྒྱད་ལ་ནད་པ་དག་ལ་བཟང་། །བཅུ་གསུམ་ཤ་བཙོན་དོང་ནས་འཆོར། །གསུམ་ལ་ཡ་མ་དག་


MR16_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་། །ཤིང་ཤག་མདའ་གྲི་སངས་ཀྱང་ཟེར། །སྔར་མ་སངས་ཀྱི་གྲོལ་ཕུག་ཡིན། །ཤིང་ཤག་ཤིང་གི་བྱོད་ཕུར་ཡིན། །དུར་བྱ་མཆུ་ནག་བླ་དེ་ཡིན། །འདི་ནི་བྱོད་ཕུར་སྐབས་སུའང་བཤད། །དེ་ཡི་དང་པོ་གཉིས་ལ་ཟིན། །ཀྱེ་བ་སྐྱི་ལིང་ཁ་ཐུན་སངས། །བཅུ་གཅིག་རྟ་རྒྱུག་ཡ་མ་འཆོས། །ཁྲབ་རིགས་གཏོང་བའི་ཉིན་པར་བཟང་། །བརྒྱད་ལ་སྦྲུམ་མར་བུ་སྐྱེ་ནུས། །གསུམ་ལ་ནོར་ཕྱ་དག་དང་ནི། །བུ་ཡིས་ཁྱིམ་སོ་འཛིན་ལ་བཟང་། །དབུས་མ་གཉིས་པོར་ཟིན་གྱུར་ན། །སོ་ཡོན་ནོར་བུ་རིན་ཆེན་སངས། །རིན་ཆེན་རྩེ་ལ་རྒྱལ་མཚན་སངས། །དམག་དཔོན་སྐུ་ལ་གོ་ཁྲབ་སངས། །སངས་ཆེན་གཞི་འཛིན་བྱེས་ཐུབ་ཡིན། །རྒྱལ་པོ་ཡབ་ཡུམ་སྲས་དང་བཅས། །འཁོར་དང་ལོངས་སྤྱོད་འཕེལ་བའི་སངས། །སྔ་མའི་དང་པོ་གསུམ་ལ་ཟིན། །ཐང་དཀར་རྒོད་ལ་ལྡེམ་དྲུག་སངས། །དཔའ་བོའི་ལུས་ལ་སྟག་སྙིང་སངས། །མཛང་བའི་ཡིད་ཀྱི་དྲན་པ་སངས། །སངས་ཆེན་རྣམས་ཀྱི་རུ་དར་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །རེས་མོས་ཟིན་པ་འདི་དང་ནི། །བར་མ་གཅིག་མིན་གསུམ་ཟིན་པ། །གཉིས་ཀའི་བཤད་པ་མ་རྙེད་དོ། །བཞི་ཀར་ཟིན་པར་གྱུར་པ་ན། །ཏྲོང་ཡིད་བཞིན་ནོར་བུ་འབར་བ་སངས། །ཏྲོང་སངས་ཆེན་རྩེ་མོ་བྱུང་རྒྱལ་ཡིན། །སངས་ཆེན་དོན་ལྡན་གཏིང་ཐུབ་ཡིན། །སོ་ཡོན་འཁོར་བ་གབ་ཙེ་ན། །ནག་པོ་དུན་ཙེ་སངས་ཞེས་བྱ། །བྱང་མི་མེད་གནམ་སྣང་གོང་བ་དེར། །ཕོ་རོག་ཞར་བས་བདུད་རྩི་ལེན། །སོ་སངས་རྣམས་ཀྱིས་ནོར་ལོན་ཡིན། །སྟོད་གསུམ་རང་ས་གང་བབས་ཀྱང་། །སྡེ་ཆེན་ལས་ཀ་ཇི་ཡང་


MR16_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །མཐའ་མ་གཉིས་ལ་སོས་བཀུག་སངས། །སོ་ཡོན་འཁོར་ལོ་དྲ་བ་རིས། །དྲ་རིས་གདུག་པའི་འཁོར་ལོ་སངས། །སུམ་བརྒྱ་སངས་ཀྱི་གཙོ་བོ་ཡིན། །སོ་སངས་འཐོར་ཁམས་བསྡུ་མི་ཡིན། །སངས་ཆེན་རི་བོ་འདྲ་བ་ཡིན། །རི་ལ་འཇིགས་པ་དམུ་ཆར་ཏེ། །སོ་ཡོན་ངན་སྡེ་དམུ་ཆར་ཡིན། །ད་རོག་རང་ཤག་ལྷ་རྒྱལ་བྲག །དེ་ཡི་ཕྲུག་གཅིག་ས་ལ་ལྷུང་། །ད་རོག་རང་ནམ་སངས་ཞེས་བྱ། །ཨ་ཡུར་ཏིག་ཏ་སངས་ཀྱང་ཟེར། །ཡང་ན་སོ་ཡོན་གཡུ་བྱ་འཕུར་བའི་སངས། །སངས་རྣམས་ཀུན་གྱི་དཔའ་བོ་ཡིན། །སྐྱེར་ནག་གནོན་པའི་མགོ་ནོན་ཡིན། །སངས་ཀྱི་དཔའ་སྡེ་འདི་ལ་ཚངས། །དམག་ཇག་གཉིས་ཀྱི་མོ་ལ་ནི། །བཅུ་གཅིག་ཡན་ཆད་སྟོད་དུ་བཟང་། །ནད་པ་གཞི་ཕྱ་དག་ལ་བཟང་། །སོ་ཡོན་ཡར་གོང་སྤྱིར་སངས་ཀྱང་ཟེར། །སྐྱེར་ནག་ཝ་ཚོ་དུན་དུན་སངས། །བཅུ་གཅིག་ནད་པ་ཚབས་ཆེན་ངན། །བརྒྱད་ལ་སྲིའུ་གསོ་ན་བཟང་། །གསུམ་ལ་སྦྲུམ་མ་དག་ལ་བཟང་། །བཅུ་གཅིག་དུར་མོ་དག་ལ་བཟང་། །བརྒྱག་བཤད་མ་རྙེད། །སྔ་མའི་ཕྲུ་གུས་སོ་ལ་འཇུས། །ད་རོག་སྐྱི་ནམ་མགོ་རྡུམ་སངས། །སྐྱེར་ནག་ཁྲི་མ་མགོ་རྡུམ་སངས། །ཏྲོང་ནག་བ་མཐའ་མགོ་རྡུམ་སངས། །ཁྲི་ཚོ་དམག་གི་ཁ་ནག་སངས། །འབུམ་ཚོ་དམག་གི་སྟོང་ལོག་སངས། །དམེ་ངན་སྦྲང་བུ་མཆི་རིས་ཅན། །མགོ་ལ་སྡུག་གི་རྭ་ཅོ་སྐྱེས། །གདོང་ལ་ཁྲག་གི་མཆི་རིས་དོད། །ཁ་ན་གཏམ་ངན་འཕྲིན་པ་ཟློ། །འདི་རང་སའི་བཙན་ས་གར་བབས་ཀྱང་། །རུ་ལོག་གཡུལ་ཉེས་གཉིས་ཀ་འོང་། །མི་ལ་བསད་བཟུང་གྲངས་མེད་འོང་། །རྟ་རྒན་མཛོ་རྒན་གྲི་རུ་གསོད། །གཏོ་ལ་རྟ་རྒན་མཛོ་རྒན་ལ། །མི་ཡི་མགོ་བོ་བཏགས་ལ་བོར། །རྟ་ནག་སྐེ་ལ་བྱ་ནག་གསོབ། །


MR16_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་བོར་ན་ཐུབ་པ་ཡིན། །རང་སའི་བཙན་སར་འབབས་མི་རུང་། །ཕྱི་སར་དགྲ་བོ་ཆམ་ལ་ཕེབ། །དེ་ཡི་སྐྱེར་ལ་བརྒྱག་གཅིག་ན། །སྐྱེར་ནག་སྦྲུལ་ནག་རེ་འབྱམས་བརྒྱག །སྦྲུལ་ནག་འདྲ་བའི་མི་སོད་ནས། །སྦྲུལ་སྙིང་འདྲ་བའི་ནོར་ཐོབ་ནུས། །འདི་ཡང་རང་སའི་སྟོད་དུ་གཅེས། །བརྒྱག་གཉིས་དུག་སྦྲུལ་ཁ་ལ་མེ་འབར་སངས། །སངས་གདུག་པ་ཆེ་ལ་དོན་དང་ལྡན། །སྔ་མའི་ཕྲུ་གུ་དབུས་མར་ཟིན། །སྐྱེར་ཉ་ངན་ཤ་བ་ནག་པོ་སངས། །དམུ་དགུ་བསེ་བཅུ་སངས་ཀྱང་ཟེར། །བཅུ་གཅིག་རྟ་ནད་བཅོས་ན་བཟང་། །དྲུག་ལ་བུད་མེད་ནང་མོར་བཟང་། །བཅུ་གསུམ་སྲིའུ་གསོ་ན་བཟང་། །ཕྲུ་གུ་གཉིས་ཀ་ཟིན་གྱུར་ན། །ང་རོག་ཁྲི་སྙན་འུག་མཐའ་སངས། །མི་མེད་ལུང་པ་སྟོང་པ་དེར། །བྱ་ཕོ་རོག་ཁྲོས་པས་འུག་པ་བསད། །རྐུན་བུ་གཅིག་གིས་གཅིག་བསད་ནས། །བྱ་ཕོ་མ་རོག་གུ་རོ་ཡིས་འགྲངས། །ལུག་རྫི་རྒད་པོ་གནངས་ཀྱིས་འཚིངས། །གཉིས་བརླག་གཅིག་ནི་འཚིངས་པའི་སངས། །དེ་ལ་བརྒྱག་གཅིག་བཅས་པ་ན། །ཁྲི་སྙན་འུག་པ་གསེར་མིག་སངས། །འུག་མོའི་མགོ་ལ་སྤུ་རུ་རྒྱས། །རི་བོའི་རྩེ་ལ་རྩི་ཤིང་རྒྱས། །ཙན་དན་ནགས་ལ་ཐོག་གུ་རྒྱས། །ཆུ་བོ་ཆེ་ལ་རྦ་རླབས་རྒྱས། །དམག་པོ་ཆེ་ལ་གནངས་ཇུས་རྒྱས། །སངས་ཆེན་ཁ་ལ་རྒྱས་པ་ལྔ། །རྒྱལ་ཆེན་རྩེ་མོ་བྱུང་རྒྱལ་ཡིན། །དེ་ཡང་རང་སའི་སྟོད་དུ་གཅེས། །སྐྱེར་དང་ཐ་མ་གཉིས་ཟིན་པ། །སྐྱེར་མ་ཝང་བུ་ཚང་ནས་སངས། །ཡང་ན་ད་རོག་བྱ་དང་རྒོད་ཁུར་སངས། །བཅུ་གཉིས་རྨང་པོའི་ཆུན་མ་ལེན་ན་བཟང་། །བརྒྱད་ལ་ནད་པ་དག་ལ་བཟང་། །གསུམ་ལ་ཡ་མའི་མོ་ལ་བཟང་། །སྐྱེར་དང་དབུས་མ་གཉིས་ཟིན་པའི། །བཤད་པ་དག་ནི་མ་


MR16_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བཞག །གསུམ་ཀར་སོ་ཡིས་བཀུག་པའི་སངས། །ད་རོག་འཁོར་བ་རྒྱ་མཚོ་སངས། །རྒྱ་མཚོ་ཉ་ཆེན་ཡོར་མོ་སངས། །སངས་ཆེན་ཉ་ཆེན་ཡོར་སངས་འདི། །ཆུ་ཆེན་སྒྲོལ་དང་དམག་ཆེན་འདེགས། །ཆུས་ཆེན་རྩོད་ན་ལྷག་པར་བཟང་། །བརྒྱག་གཅིག་མཚོ་ལ་ཁ་ཞག་སངས། །སངས་ཟིམ་འབུམ་གྱི་ཕྱུག་རྩི་སངས། །བརྒྱག་གཉིས་ད་རོག་རྒྱ་མཚོ་མར་མེར་ན། །ཆུ་སྲིན་རྔམས་པའི་སྟག་ཕུད་སངས། །ཆུ་སྲིན་འདྲ་བའི་མི་སོད་ནས། །རྟ་སྦུ་འདྲ་བའི་ནོར་ཐོབ་ནུས། །དེ་ཡང་རང་སའི་སྟོད་དུ་གཅེས། །ཕྲུ་གུ་གཉིས་ཀྱིས་འཇུས་པའི་སྐྱམ། །དེ་ཡི་སྐྱམ་ལ་སོས་བཀུག་སངས། །ད་རོག་ཐབས་དབྱིངས་ཤ་བ་སངས། །ཤ་བ་སོད་ནས་ཤ་གྲོད་བོར། །དེ་ལ་མི་ཁྱི་རྒོད་གསུམ་འཐབ། །ནོར་ཕྱར་བབས་ན་གོད་ཀྱི་སངས། །བ་ཁོག་བཟའ་མི་གསུམ་གྱི་བྱེ་བྲལ་ནུས། །སྨན་འགྲོ་སར་བབས་ན་ནོར་འཆོར་ངོ་། །མགྲོན་སར་བབས་ན་མགྲོན་པོ་སླེབས། །ནད་པ་ཡིན་ན་མྱུར་བར་འཆི། །དམག་ཇག་གཉིས་ལ་རང་སར་བཟང་། །དེ་ཡི་ཕྲུ་གུ་གཅིག་ལ་ཟིན། །ད་རོག་གཡུ་རྩེ་སྦྲང་བུ་སངས། །ཡང་ན་དབྱིག་དམར་དབྱིག་ཐོག་སངས། །ཡང་ན་ད་རོག་ཐུན་དྲུག་སྦྲང་བུ་སངས། །ཟི་མ་སངས་ཀྱི་མགྱོགས་བྱེད་དེ། །སངས་ཆེན་གཅིག་གི་བང་མགྱོགས་ཡིན། །ཐག་རིང་ཆུས་ཆེན་འགྲོ་བ་དང་། །གསེར་ཡིག་བང་ཆེན་གཏོང་ན་བཟང་། །མྱུར་མགྱོགས་གློག་དང་འདྲ་བའི་སངས། །རང་སའི་བཙན་ཁྱིམ་རྣམས་སུ་གཅེས། །བརྒྱག་གཅིག་གཡུ་སྦྲང་གསེར་གཤོག་སངས། །དཔའ་མགྱོགས་གཉིས་ཀ་ཡོད་པའི་སངས། །ལྷག་པར་ཆུས་ཆེན་རྩོད་ཉིན་གཅེས། །བཅུ་གསུམ་སྟེང་དུ་བབས་ན་ཡིན། །སྦྲང་མས་འཕུར་འཐབ་བྱས་པ་ཡིས། །


MR16_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་གི་གར་གཤོག་མང་ལྡེམ་ཐོབ། །དུང་ཁྱུང་འདྲ་བའི་མི་སོད་ནས། །གར་གཤོག་འདྲ་བའི་ནོར་ཐོབ་ནུས། །ཕྲུ་གུ་གཅིག་དང་སྐྱེ་རལ་ཟིན། །ཟངས་མགོ་ཏིག་ཏ་སངས་ཞེས་བྱ། །གཡོ་ལག་སངས་ཀྱི་གྲོལ་ཕུག་ཡིན། །ནད་པའི་མོ་ལ་མྱུར་དུ་འཆི། །ཕྲུ་གུ་གཉིས་ཀར་ཟིན་པའི་སངས། །གཡུ་བུན་ན་བུན་སངས་ཞེས་བྱ། །སོ་ཡོན་རྔམ་པ་ལྕེ་རིང་སངས། །སངས་ཆེན་ཁ་འབྱམས་སྙིང་ངན་ཡིན། །གདུག་པ་བྱ་རྒོད་མགོ་སེ་ཡིན། །གཤོག་དྲུག་རྒྱས་པའི་བྱ་རྒན་ཡིན། །ལྡིང་དང་འཕུར་རྩལ་གང་ཡང་མེད། །ཅི་ལ་བཏབ་ཀྱང་ངན་པ་ཡིན། །དེ་ཡི་སྐྱེར་ལ་བརྒྱག་གཅིག་ན། །སྟག་ལ་ཁ་བགད་སངས་ཞེས་བྱ། །ཅང་སེ་དུང་ཁྱུང་གཤོག་དྲུག་རྒྱས། །གཤོག་དྲུག་རྒྱས་པས་བྱ་བྲན་ཁེབས། །མི་དཔོན་སྤྱི་རྗེའི་མོ་ལ་བཟང་། །དེ་ཡང་རང་སའི་སྟོད་དུ་གཅེས། །ཤ་བ་སངས་ཀྱི་ཕྲུ་གུ་རྩམ་ཐིག་བྱུང་། །འབྲོང་ཁེ་ལ་ཁ་བགད་སངས་ཀྱི་བྱ། །འབྲོང་ཆེན་སོད་ནས་རྫོང་མཁར་བཤིག །དམག་ཇག་འབྲོང་དེད་ཀུན་ལ་བཟང་། །སོ་སྐྱེར་ཁོང་སེང་ལུ་གུ་རྒྱུད་ཀྱང་ཟེར། །གཡུང་དྲུང་ཚེ་འཕེལ་དངོས་གྲུབ་སངས། །སྟོང་གསུམ་གང་བའི་བླ་རྡོ་ལ། །འཛམ་གླིང་གང་བའི་ཤིང་གིས་བརྒྱག །འཛམ་བུ་གླིང་པའི་སྤྱི་རྟེན་ཡིན། །བྱ་ཡུན་གཡག་རྟ་གཡུ་མིག་སངས་ཀྱང་ཟེར། །སངས་ཆེན་གཡུ་འབྲུག་ཟེ་བ་ཡིན། །དེ་ཡི་ཕྲུ་གུ་ཟིན་ཚུལ་གཞན་མ་རྙེད། །དམུ་དབལ་སོ་ཡིས་བཀུག་པའི་སངས། །སོ་ཡོན་ཁ་ལ་བློ་ཕྱུག་སངས། །དམུ་དབལ་དམུ་ཆུ་སངས་ཀྱང་ཟེར། །ཡང་ན་དམུ་དབལ་དམུ་ཆུ་སངས། །སངས་ཆེན་ལྗོན་ཤིང་འདྲ་བ་ཡིན། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ལན་དུ་ཁྱུང་ཆེན་སེ་སྟོད་ན། །ཤིང་ཆེན་སྟ་གྲིས་བཅད་པ་ཡིན། །


MR16_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་འདོགས་ལུགས་གཞན་མ་རྙེད། །སྐྱམ་དང་ཕྲུག་གཉིས་སོ་སོར་ཟིན་པའི་སངས། །ཏྲོང་སྐྱེར་བོང་བུ་སངས་ཞེས་བྱ། །སྐྱམ་དེ་སད་དུ་སོང་བ་ན། །སེང་ཆེན་མགོ་ཡི་གཡུ་རལ་སངས། །གཏུམ་ཆི་ཕྱག་བརྙན་འོད་འབར་སངས། །འཕེན་པོ་རྣམས་ཀྱི་ཡང་སངས་ཡིན། །བོན་བཙུན་རྣམས་ཀྱི་གྲོལ་ཕུག་ཡིན། །བླ་མ་ཆོས་གྲྭ་དར་བའི་སངས། །དགེ་སློང་ཚུལ་ཁྲིམས་གཙང་བའི་སངས། །བློན་པོ་ཆུས་སྲིད་བརྟན་པའི་སངས། །བཙན་པོ་ཕྱུག་པོ་བསྡིབས་པའི་སངས། །ནང་འགྲིགས་མདུན་མ་འོང་ངོ་ཡིན། །འདི་དང་གཡུ་འབྲུག་ཟེ་བ་དང་། །དུང་ཁྱུང་མགོ་ཡི་ནོར་བུ་སངས། །འདི་གསུམ་ཡང་དག་སངས་ཆེན་སྤུན་གསུམ་ཡིན། །སྲིད་པ་ཆེ་གསུམ་བླ་གནས་ཡིན། །ཅི་ལ་བཏབ་ཀྱང་ཤིན་ཏུ་བཟང་། །རང་སའི་བཙན་ས་རྣམས་སུ་གཅེས། །སད་ཀྱིས་གཉིས་ཀས་འཇུས་མ་རྙེད། །ལྔ་ལ་སོ་སོར་སོས་བཀུག་སངས། །སྤྲིན་ནག་དུག་ཤིང་ཕུར་བུ་སངས། །ཡང་ན་སོ་ངམ་ཐུན་རྩེ་སངས། །བཅུ་གསུམ་སྟེང་དུ་བབས་པ་ན། །སངས་སྤྲང་བུ་འཐོར་འདྲོག་བྱུང་བ་ཡིན། །དམག་ཆེན་དག་ལ་ལྷག་པར་ངན། །ནད་པ་གཞི་ཕྱ་དག་ལ་ངན། །འདི་སངས་རྣམས་ཀུན་གྱི་གྲོལ་ཕུག་ཡིན། །སོ་སངས་རྣམས་ཀྱི་མ་དེ་ཡིན། །སྤོ་སངས་རྣམས་ཀྱི་ཕ་དེ་ཡིན། །དམག་ཇག་གཉིས་ལ་རང་སའི་སྟོད་དུ་བཟང་། །མངོན་སྤྱོད་དམོད་པ་དྲག་ལས་ལ། །བརྩམ་པ་ཙམ་གྱིས་ཆོག་པ་ཡིན། །དགྲ་སོད་རྟགས་མཚན་དངོས་གྲུབ་འབྱུང་། །ད་ནི་སངས་ཀྱི་དཔྱད་དོན་ལ། །ལར་སངས་ལ་སངས་ཀྱི་དགྲ་ལྷ་ཡོད། །སངས་ལ་སངས་ཀྱི་ཅངས་སེ་ཡོད། །སངས་མཁར་ཞོན་ཐམས་ཅད་ཅང་སེ་ཡིན། །སངས་ལ་སངས་ཀྱི་ཝེར་མ་ཡོད། །སངས་ཐོད་བརྒྱག་ཐམས་ཅད་ཝེར་མ་ཡིན། །


MR16_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ལ་སངས་ཀྱི་ཕྱག་ཚངས་ཡོད། །བྱ་ནག་མཐུར་འདུག་དགུ་པོ་དེ། །སངས་རིགས་རྣམས་ཀྱི་ཕྱག་ཚངས་ཡིན། །སངས་ལ་སངས་ཀྱི་སྙན་ལམ་ཡོད། །བྱ་དཀར་གྱེན་འདུག་དགུ་པོ་དེ། །སངས་རིགས་རྣམས་ཀྱི་སྙན་ལམ་ཡིན། །སངས་ལ་སངས་ཀྱི་གཏམ་ངན་ཡོད། །བྱ་ལམ་ངན་པ་སྤུན་ལྔ་དེ། །སངས་རིགས་རྣམས་ཀྱི་གཏམ་ངན་ཡིན། །འདྲེ་རིགས་ནག་པོ་སྤུན་གསུམ་དེ། །སངས་རིགས་རྣམས་ཀྱི་གྱོད་ངོ་ཡིན། །ལྷ་བྱ་གོང་མོ་སྤུན་གསུམ་དེ། །སངས་རིགས་རྣམས་ཀྱི་སྐད་སྙན་ཡིན། །སངས་ལ་སངས་ཀྱི་བྲེལ་ཐག་ཡོད། །སངས་འཇུས་ཉེས་ཐམས་ཅད་ཁྲེལ་ཐག་ཡིན། །སངས་ལ་སངས་ཀྱི་དཔའ་བོ་ཡོད། །སངས་དཔའ་བསྡུས་རིན་ཆེན་བཅོ་བརྒྱད་ལ། །ཨ་བོ་མེ་ཡི་ཟུར་ཕུད་ཅན། །ཡང་དག་དཔའ་བོ་ཁོ་རང་ཡིན། །ལར་སོ་སངས་ངམ་གཡག་ལས་སྲིད་པས། །ཞེ་རྩ་ནག་ལ་གདུག་རྩུབ་ཆེ། །སྤོ་སངས་དུད་རྣ་ལས་སྲིད་པས། །ཞེ་རྩ་དཀར་ལ་གདུག་རྩུབ་ཆུང་། །སོ་སངས་རིགས་རྣམས་ཁས་དྲག་ལ། །སྤོ་སངས་རིགས་རྣམས་ཁས་དམན་ཡིན། །སོ་སངས་རང་སར་བབས་ནས་སུ། །སྤོ་སངས་རིགས་ངན་བྱི་སར་བབས། །རང་སྡེ་རྒྱལ་ཁ་འོང་བ་ཡིན། །ལར་སངས་རྒྱལ་པོ་འདྲ་བས་ཞབས་འབྲངས་དགོས། །ནད་པ་འདྲ་བས་ཁ་ཚོད་གཅེས། །ཡ་མ་འདྲ་བས་སྔས་སྲུང་གཅེས། །སྔས་སྲུང་མེད་ན་བཙོན་སྲུང་འོང་། །སངས་ཆེན་ཐམས་ཅད་བྱ་ཆེན་ཡིན། །དཔེར་ན་ཐང་དཀར་རྒོད་དང་འདྲ། །ཐང་ཆེན་པོ་མེད་པར་མི་འབབ་བོ། །གཟན་ལ་རྟ་རོ་ཙམ་ཞིག་དགོས། །སངས་ཕྲན་ཐམས་ཅད་སྦྲང་བུ་ཡིན། །ཤ་རུལ་པོ་མིན་པར་མི་འབབ་བོ། །སངས་མང་དུ་བརྟུད་ན་རྒྱུག་མདུར་ལངས། །སངས་གཅིག་བྱུང་ན་ཆས་པ་ཡིན། །སངས་གཉིས་བྱུང་ན་གཏང་བ་ཡིན། །གསུམ་ར་མདའ་རྒྱུག་མདུར་


MR16_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ངོ་། །བཞི་འུར་ཆོམས་འདྲེས་པའི་རྒྱུག་མདུར་ཡིན། །ལྔ་འབྱུང་བ་ལྔ་ཡི་མདུར་རྒྱུག་ཡིན། །དྲུག་རིགས་དྲུག་འགྲོ་བའི་བྲེལ་རྒྱུག་ཡིན། །བདུན་བརྟུད་རྒྱལ་པོའི་གདན་ཤོར་ཡིན། །བརྒྱད་ཡུལ་ལ་འཕོ་འཆུག་བྲེལ་རྒྱུག་ཡིན། །དགུ་ཡུལ་ཁམས་དགུ་ཡི་བྲེལ་རྒྱུག་ཡིན། །དེ་ཕན་ཆད་ལན་གྱིས་ཐུབ་པར་དཀའ། །སངས་ཆེན་མཁའ་ལྡིང་འཕུར་དུས་དེར། །དར་སྙི་སེར་པོ་དགུ་བསྒྲིལ་དགོས། །དེ་སངས་ཆེན་བརྟུད་ཀྱིན་བབས་པ་ཡི། །ལན་དུ་དམུ་ཐག་བརྒྱག་ཅན་ཡིན། །སངས་ཕྲན་སྦྲང་རྒོད་འཚུབ་དུས་དེར། །བདུད་རྩི་ཀ་ར་བུ་རམ་དགོས། །སངས་ཕྲན་བརྟུད་ཀྱིན་བབས་པ་ན། །ལན་དུ་སད་ཀྱི་དཀར་ཐོག་ཡིན། །ད་ནི་སངས་ཀྱི་ལན་དཔྱད་ལ། །སངས་ཀྱི་ལན་དུ་དིང་དིང་ན། །འདོད་དགུ་ཆར་ལྟར་འབབ་པ་ཡིན། །རྒྱལ་རྒྱུད་ལས་ཀ་ལེན་ན་བཟང་། །སངས་བརྟུད་ཀྱང་དིང་དིང་ལན་བབས་ན། །རླབས་ཀྱི་རྒྱ་མཚོ་མེར་བ་ལ། །ཤན་དང་གཟིངས་ཀྱིས་བསྒྲལ་བ་ཡིན། །ཆུ་ཆེན་སྒྲོལ་ལ་ལྷག་པར་བཟང་། །དིང་དིང་དྲིལ་དཀར་བབས་པ་ན། །སངས་ལ་གསེར་དངུལ་ཕྲ་བཀོད་ཡིན། །ཆོས་ཆེན་ཁ་ཡིག་འདེབས་ན་བཟང་། །རྒྱ་ཡེར་ཆུ་སློ་བབས་པ་ན། །བླ་པས་བླ་རྡོ་ལོན་ནས་ངམས་ལ་ཤོར། །གཏན་ཆུས་ལོན་ཁར་ཤོར་བའི་གྱོད་ངོ་ཡིན། །སྐྱིན་དིང་རྒྱུག་སྣ་བྲག་ལ་ཐུག །གལ་བར་རྡོ་བརྩིགས་མཁར་དུ་གྱུར། །རྫོང་དང་སྲོག་མཁར་བརྩིགས་ན་བཟང་། །བྱ་ཡུན་སངས་མགོར་ཉི་མ་ཤར། །བླ་མའི་ཆོས་གྲ་འཛུགས་ན་བཟང་། །ལར་གསལ་བ་སྡེ་བཞི་གང་བབས་ཀྱང་། །སངས་མགྱོགས་པ་རྩལ་དང་ལྡན་པ་ཡིན། །རྟ་བྱང་མ་དར་དང་འཕྲད་པས་བཟང་། །བྱ་བུར་ཁྲབ་ལ་ཡང་ཤམ་ཐོགས། །ཁ་ཉེན་དཔོན་པོ་འཚོལ་ན་བཟང་། །མུ་ས་མི་གྲངས་ཁད་ཀྱིས་གྲོལ། །རྨང་པོས་བུ་ཚོལ་བྱེད་ན་བཟང་། །


MR16_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ས་ཤོར་ཁུང་བབས་པ་ན། །དམག་དགྲ་ལ་ཆས་པས་ཟུན་སྡེ་འཕུང་། །འཁྲུག་པ་ནང་ནས་ལངས་བའི་གྱོད་ངོ་ཡིན། །ཝ་ཚོ་མདུང་དང་བ་དན་འཕྲད། །ཕ་སྤུན་ཕུ་ནུ་སྙེད་ན་བཟང་། །སྒོ་བརྒྱག་ཉ་མོ་ཆབ་ལ་རྒྱུག་པ་སྲམ་དང་འཕྲད། །ཤ་བ་ནང་འཐབ་འོང་བའི་གྱོད་ངོ་ཡིན། །སྤོ་ཚེ་སངས་ཀྱི་སྐྱེ་ཤིང་ཚུགས། །ཁྱད་པར་སྤོ་ཚེ་མདུང་བུ་ན། །སངས་བྲག་ལ་ཐོག་གུ་སྨིན་པ་ཡིན། །ལྷག་པར་ཡུལ་གཞིས་འཛིན་ན་བཟང་། །དམུ་དག་སངས་ཀྱི་སྦྲང་བུ་འདྲ་བ་བརྒྱད་ཅུ་དེ། །མགྱོགས་དར་སྙི་གཅིག་ལ་ཟིན་པ་ཡིན། །ཅི་ལ་བཏབ་ཀྱང་འབྲིང་ཙམ་ཡིན། །སངས་རྒྱུགས་དུར་ལང་ན་གཉེན་པོ་ཡིན། །སྐྱེར་དཀར་ཡོད་ཀྱི་གཞི་མ་ལེགས། །སུམ་སྐྱེར་ཁ་ནག་སྦྲང་བུས་བདས་ངོ་ཡིན། །བདས་དེད་འཕྲལ་ལ་སོང་བའི་ངོ་། །ཐང་ལེ་ཚོང་པ་ཁེ་བྱེད་གྱོད་དང་འཕྲད། །ཐག་རིང་ཚོང་པ་བརླག་ངོ་ཡིན། །གླེས་སྨི་ནད་པས་སྨན་ཟོས་ཁོང་སྲོག་ཆད། །ནད་པ་ཚབས་ཆེན་ཤི་བའི་ངོ་། །ཚོལ་ཚེ་བདུད་རྩི་འབྲི་མར་གསེར་ཞུན་དེ། །སེམས་ཅན་ཀུན་གྱི་བཅུད་ཡིན་ཀྱང་། །སེམས་ཅན་གཅིག་གི་དུག་ཏུ་ཆེ། །སངས་ཟི་མ་སྟག་རི་ཅན་ལ་དུག །ཁྱད་པར་སོ་སངས་ལན་དུ་ངན། །སྦྲང་བུ་མར་ལ་འབྱར་བ་ཡིན། །བུ་བརྒྱག་སྦྲང་མས་སྦྲང་རྩི་སོགས། །གསོལ་ངོ་ལྟོག་པ་ཟས་དང་འཕྲད། །བཀྲ་ཤིས་སྟོན་མོ་བྱེད་ན་བཟང་། །ཚོལ་ཚེ་སྒོ་བརྒྱག་ཉ་མོ་སྲམ་དང་འཕྲད། །ཤ་བ་ཤ་ཚོང་འཐབ་པའི་གྱོད་ངོ་ཡིན། །ཁྱུང་བརྒྱང་སྦྲང་བུ་ཁྱུང་ལྟར་ལྡིང་། །ཁྱད་པར་ཁྱང་བརྒྱད་བུ་བརྒྱག་ན། །སངས་ནམ་མཁར་འཕུར་བ་ཁྱུང་དང་མཉམ། །བྲན་གྱི་རྗེ་ལ་བསྡོ་ན་བཟང་། །ལར་དུང་ཁྱུང་སྤུན་གསུམ་ལ་སོགས་པ། །ཁྱུང་རིགས་བཟང་སྡེ་


MR16_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བབས་ན། །དགུང་ནམ་མཁའ་ཡེ་ནས་ཡངས་པ་ལ། །ན་བུན་དངས་ན་དེ་བས་ཡངས། །སྡེ་ཆེན་འཁྲུགས་པ་འདུམ་ན་བཟང་། །ཤིང་རིགས་དངས་མ་བརྒྱག་བཟང་བབས། །རྒྱལ་བུ་ཤིང་ཁྲིའི་ཁ་ལ་བྱོན། །ཞབས་ན་ཤིང་རྟའི་འཁོར་ལོ་བསྐོར། །གླིང་བཞི་སྤྱན་གྱིས་གཟིགས་པ་ཡིན། །རྒྱལ་བུ་ཁྲི་ཁར་འདོན་ན་བཟང་། །སྤོ་ཡི་སྒོ་བརྒྱག་ཞར་བའི་རིགས། །སྦྲང་བུའི་འགག་ཐག་ཡིན་པས་ངན། །ཨ་ཁད་སྦྲང་བུར་སྟག་རིས་བཀྲ། །གཏམ་བཤད་ཁ་ཕོ་འདོན་ན་བཟང་། །ཕུང་ཁད་གླག་མོ་ཤ་ཟན་སྙིང་ལ་འཐོགས། །མི་ཆེན་བཙོན་འཆོར་གྱོད་ངོ་ཡིན། །ཏྲོང་ཁད་དགོ་བ་བུ་ཚོལ་རྒྱ་དང་ཐུག །ཕྱོགས་ནས་མང་པོས་རུབ་པའི་གྱོད་ངོ་ཡིན། །རང་སྙན་ལ་སོགས་སད་ཁམས་ན། །སངས་ཀྱི་དུང་རུ་རྒྱས་པ་ཡིན། །སྤུན་གཉིས་དགྲ་དང་འཁྲུགས་ན་བཟང་། །ཅངས་སེ་དགྲ་ལ་དཔུང་བསྡེབས་པས། །དམག་ཆེན་དྲ་མ་འདེགས་ན་བཟང་། །སྲང་ཟེ་སངས་ཀྱི་མགོ་ལ་གཡུ་འབྲུག་གྲགས། །ཆུས་དང་གཏམ་སྙན་རྩོད་ན་བཟང་། །བྱོད་ཕུར་སངས་མགོར་ཁུ་བྱུག་གྲགས། །བང་ཆེན་ཕོ་ཉ་གཏོང་ན་བཟང་། །དཀར་ཐོག་གཡུང་དྲུང་བབས་པ་ན། །སངས་ལ་རྩི་ཐོག་འཁྲུངས་པ་ཡིན། །ཡར་ལ་ལྷ་གསོལ་བྱེད་ན་བཟང་། །བྱི་ལ་སྦྲུལ་འཇུས་བབས་པ་ན། །རྫུ་འཕྲུལ་བྱི་བ་སྔོན་པོ་གླ་བས་བསད། །ཡུལ་གཞིས་མཁར་ཁང་ཤོར་བའི་གྱོད་ངོ་ཡིན། །ལྡི་བུར་སྦྲང་བུ་རུ་གཉིས་རྒྱས། །འགྲན་འདོད་ཆམ་ལ་ཕབ་པར་བཟང་། །བག་ལྡི་ཡུ་མོར་འདོད་གཙུག་དང་ཕྱེ། །བཙན་པོ་ཤེད་ངོམས་དགྲ་དང་འཕྲད། །བཙན་པོ་གློ་མདའ་ཕོག་པའི་གྱོད་ངོ་ཡིན། །ཡར་ལྡིང་སངས་ཀྱི་འདབ་ལག་རྒྱས། །ལྷ་ཁང་མཆོད་རྟེན་བརྩིགས་ན་བཟང་། །སུམ་མཉམ་སངས་ཀྱི་བྱ་ལམ་བདེ། །མགྲོན་པོ་འགྲོ་འདོད་ལམ་ཞུགས་བཟང་། །ཙེ་ར་


MR16_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ཀྱི་ལུས་ལ་རྣོ་མཚོན་ཐོགས། །དཔའ་བོ་གཡུལ་དུ་འཇུག་ན་བཟང་། །གཡུང་དྲུང་ཀྱེ་བ་ད་རོག་དམུ་དབལ་རྣམས། །སངས་ཚེ་དང་བཙན་དང་ཕྱུག་དང་འཕེན། །དེ་དག་རྣམས་དང་འཛོམས་པས་བཟང་། །སྐྱམ་གྱི་བཟང་སྡེ་བབས་པ་ན། །སངས་ལ་གཡུ་ཕུད་བཏགས་པ་ཡིན། །ཡ་རབས་གཉེན་སྒོ་སྦྲེལ་ན་བཟང་། །སྐྱམ་ཆད་མདོ་བ་ཇག་དེད་བྱས་ཀྱང་སྒ་ཐག་ཆད། །བྱེས་སུ་རྟ་མཛོ་ལུས་ངོ་ཡིན། །ཝ་སྐྱམ་དགྲ་ལ་གསང་ཀྱང་བྱ་ཤོར་ཡིན། །བྱེས་སུ་མགོ་གཡོགས་འོང་བའི་གྱོད་ངོ་ཡིན། །སྐྱམ་སེ་ནོར་དང་བྲལ་བའི་མདུར་རྒྱུག་ཡིན། །སྐྱམ་རྒན་དྲེད་མོ་ཁམ་པ་འཇོལ་དང་འཕྲད། །དཔའ་བོ་རྡིབ་གྲིར་ཤི་བའི་མདུར་རྒྱུག་ཡིན། །ཆུ་སྤར་སྐྱམ་བབས་བློ་ཕུག་ནི། །ལྷ་ལ་གཏད་ཀྱང་སྙིང་ལ་སྡིག །བློ་གཏད་གཏིང་ནས་མེད་པའི་གྱོད་ངོ་ཡིན། །སྤྱིར་ཆུ་སྤར་རིགས་རྣམས་གང་བབས་ཀྱང་། །བསད་དུད་རོ་དུད་རེད་པ་ཡིན། །ལྷ་གསོལ་ལོག་པར་སོང་བའི་གྱོད་ངོ་ཡིན། །ནེ་ཆུ་སེ་སྟོད་བབས་པ་ན། །ཅངས་སེ་དགྲ་འདུལ་སོང་བ་གྱོད་དང་འཕྲད། །དགྲ་གྱོད་དུས་གཅིག་འོང་བའི་ངོ་། །བྱ་རལ་སྒེག་མོ་ཁྱོ་ཚོལ་སོང་བས་ཁྱོ་མ་རྙེད། །ཁྱིམ་དུ་ཕྱིན་པས་བཟའ་དང་ཕྱེ། །བཟའ་ཚང་ཕྱེ་བའི་གྱོད་ངོ་ཡིན། །ཕུང་རལ་དགྲ་ཟུན་ཆད་པའི་མདུར་རྒྱུག་ཡིན། །ལི་ཡན་རི་བོང་རྭ་ཚོལ་རྭ་མ་རྙེད། །ཚུར་ལ་འོང་ནས་རྣ་མཆོག་ཤོར། །མི་སྤུན་ལ་བྱེ་བྲལ་འོང་བའི་ངོ་། །གསེར་བྱ་རྐེད་ཆད་བབས་པ་ན། །བླ་མ་ཆོས་གྲལ་བཞུགས་ལ་མི་ཁ་འཕོག །དམ་ཚིག་ཉམས་པའི་གྱོད་ངོ་ཡིན། །མར་ལྡིང་སངས་སྣ་ཐུར་དུ་གྱུ། །བྱ་བ་ལམ་འགག་གྱོད་ངོ་ཡིན། །སྤོ་བར་ནོར་ཕྱེད་རིམ་གྲོར་བཏང་གྱུར་ཀྱང་། །ཤི་ཆད་རྒྱུན་དུ་འོང་ངོ་ཡིན། །སྤོབ་ཡོ་བོན་པོ་འདྲེ་དང་ཉེ་བས་ལྷ་དང་དབྱེ། །བོན་སྔགས་པ་ཤི་བའི་


MR16_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྱོད་ངོ་ཡིན། །ཁ་བུར་སྒོ་བརྒྱག་བབས་པ་ན། །འདྲེ་མི་རྐུན་སོང་བ་ཐུན་དང་ཐུག །སྔགས་པ་ནང་བསླུས་འོང་བའི་གྱོད་ངོ་ཡིན། །སྤོ་ཡི་དོང་བུ་དོང་ཐག་ན། །རི་དྭགས་མཐའ་ལ་ཞེན་པའི་མདུར་རྒྱུག་ཡིན། །སོ་ཡོན་ཁང་ཕྱེད་སྐར་ཁུང་བྱས་ན་ཡང་། །དུད་པ་རླུང་ལྟར་འཚུབ་པ་ཡིན། །ཁང་པ་རྡིབ་པའི་གྱོད་ངོ་ཡིན། །རུ་སོད་འབྲང་བུ་རྫ་མཁར་བཟུང་ནས་ཁྱི་དང་འཕྲད། །དགྲ་དང་ལམ་འཕྲད་འོང་བའི་གྱོད་ངོ་ཡིན། །གཅིག་ལ་མང་པོ་རུབ་པའི་ངོ་། །མ་ཟེ་སྡེ་བཞི་གང་བབས་ཀྱང་། །དཔུང་ཉུང་རྐུན་མ་ཇག་དང་འཕྲད། །ཇག་པ་ཚུར་འོང་གྱོད་ངོ་ཡིན། །སྐྱམ་གྱི་མ་ཟེ་བབས་པ་ན། །འབྲས་དྲུག་ལོ་ལེགས་སད་ཀྱིས་ཁྱེར། །ལོ་ཉེས་བཙའ་སད་གྱོད་ངོ་ཡིན། །ན་འབན་སྔགས་པས་སེར་བ་བསྲུང་བ་ཡིན། །གནམ་ཐོག་མི་ལ་ལྷུང་བའི་གྱོད་ངོ་ཡིན། །སེ་སློད་རིགས་ནི་གང་བབས་ཀྱང་། །ཐང་པོ་ཆེ་ཡི་གཞི་དཀྱིལ་དེར། །ཁྱི་དང་གྲུམ་པ་བང་འགྲན་ནས། །གཅིག་ཀྱང་མ་མགྱོགས་གཉིས་ཀ་བུལ། །ཕ་སྤུན་ནང་ནས་འཁྲུག་པའི་ངོ་། །ཏྲོང་རིགས་བྱེའུ་ཕྲུག་ཁྲ་ཡིས་ཁྱེར། །བུ་ཚ་ཚར་བ་ཤི་བའི་གྱོད་ངོ་ཡིན། །སོ་བྲག་ངན་སྡེ་བབས་པ་ན། །རྒྱལ་པོ་དོན་གཉེར་སོང་བ་དགྲ་དང་འཕྲད། །བྱེས་སུ་དགྲ་འཕྲད་གྱོད་ངོ་ཡིན། །ཏྲོང་བྲག་ངན་སྡེ་བབས་པ་ན། །རྒྱལ་མོ་བུ་ཚོལ་སོང་བས་བུ་མ་རྙེད། །ཚུར་ལ་མ་བུ་ཕྱེ་བའི་གྱོད་ངོ་ཡིན། །སྤོ་བྲག་ངན་སྡེ་བབས་པ་ན། །རྒྱལ་བུ་ནས་འཚོལ་སོང་བ་འདམ་ལ་ཟུག །བྱེས་སུ་རྟ་ཤི་འོང་བའི་ལྟས་ངན་ཡིན། །སྐྱམ་བྲག་ངན་སྡེ་བབས་པ་ན། །གནའ་བ་སོ་ལ་ཕྱིན་པ་ཁྱི་དང་འཕྲད། །དགྲ་དང་གདོང་ཐུག་འོང་བའི་གྱོད་ངོ་ཡིན། །སྤོ་སངས་ལན་དུ་སོ་སངས་ན། །བསམ་པ་འགྲུབ་ལ་རེ་བ་སྐོང་། །དོན་གཉེར་གྲོགས་ཚོལ་འགྲོ་ན་བཟང་། །ཏྲོང་སོངས་ལན་དུ་ད་རོག་སངས། །ཤ་བ་གྱད་པ་


MR16_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལག་རྒྱས། །ཕ་ཚན་འཐོར་བ་སྡུད་ན་བཟང་། །སངས་ཕྲན་ལན་དུ་སངས་ཆེན་ན། །རྒོད་ཀྱིས་བྲག་ཁར་སླེབས་པ་ཡིན། །བྲོས་ན་རྫོང་མཁར་སླེབས་པ་ཡིན། །སངས་ལན་གཡས་བརྒྱག་བཟང་སྡེ་ན། །གནམ་སའི་བར་ན་འགྲོ་དྲུག་དར། །མི་དར་ཆུ་འགྲུབ་འོང་ངོ་ཡིན། །བུ་བརྒྱག་བཟང་སྡེ་གང་བབས་ཀྱང་། །སངས་བསམ་པ་ཡིད་བཞིན་འགྲུབ་ངོ་ཡིན། །གལ་ཏེ་སངས་ཀྱི་ལན་ལད་ན། །དགྲ་གྱོད་མི་ཁ་ཁྲལ་ངན་དང་། །ཆུས་ཤོར་ཡུལ་བུད་བྱུར་གྱི་སྣ། །མྱ་ངན་འདུ་ཚོགས་བྲེལ་ཟིང་ཡིན། །གཏོ་ལ་རྒྱས་པ་འབུམ་དང་ནི། །ཁམས་ཆེན་འདོན་ཅིང་རུ་རྒྱས་བཏེགས། །སྣང་སྲིད་འཁྲུགས་པ་ཡོ་བཅོས་བྱ། །ལམ་བསལ་དགེ་གྲུ་འཛུགས་པ་དང་། །ཚ་ཚ་གདབ་དང་ཚོགས་བསགས་རིགས། །མིང་བརྗེ་ལུས་བསྒྱུར་སྤོང་དག་བྱ། །ཚེ་ཐར་བཏང་ཞིང་དབང་བསྐུར་ཞུ། །སངས་ཀྱི་བཟང་སྡེ་འདི་རྣམས་ནི། །ནད་པ་ཚབ་ཆེན་དག་དང་ནི། །ཡ་མ་ནག་པོ་མ་ཡིན་པའི། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །དམག་ཆེན་འདེགས་དང་དགེ་རྩ་བྱེད། །ཆོས་ཆེན་ལྷ་ཁང་མཆོད་རྟེན་བཟང་། །དགོན་གནས་འདེབས་དང་ཇག་མགྲོན་བྱེད། །སིལ་དང་བྱ་ལྡང་འདེགས་པ་དང་། །ཡུལ་གཞི་ཕོ་སྐྱས་བྱེད་པ་དང་། །སྲི་མནན་དགྲ་འདུལ་གཉེན་སྐྱོང་སོགས། །ལས་ཀ་ཅི་ལ་བཏབ་ཀྱང་བཟང་། །མདུད་རྫོང་སྡེ་ཚན་ལེགས་པར་རྫོགས། ༈ །མོ་ལྷའི་ཚོགས་ལ་གུས་བཏུད་ནས། །ད་ནི་རྩ་བའི་གཉིས་པ་གང་། །བྱེ་བྲག་སྡེ་ཚན་བཤད་པ་ལའང་། །མདུད་པའི་སྡེ་ཚན་དག་དང་ནི། །གནས་ཀྱི་སྡེ་ཚན་དཔྱད་པ་དང་། །གནས་དང་སྦྱར་ཏེ་དཔྱད་པ་གསུམ། །དང་པོར་སྤྱི་དང་བྱེ་བྲག་དམིགས་བསལ་གསུམ། །དང་པོ་སྤྱིར་བཏང་མདུད་པ་ལ། །དིང་དིང་སྐྱིན་དིང་


MR16_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གར་བར་གསུམ། །བྱ་ཡུན་བྱ་བུར་མུ་ས་གསུམ། །ཝ་ཚོ་སྤོ་ཚེ་དམུ་དག་གསུམ། །སྐྱེར་དཀར་ཚོལ་ཚེ་ཁྱུང་བརྒྱང་གསུམ། །ཨ་ཁད་རང་སྙན་ཧྲང་ཟེ་གསུམ། །བྱོད་ཕུར་ལྡི་བུར་ཡར་དིང་གསུམ། །སུམ་མཉམ་ཙེ་ར་གཡུང་དྲུང་གསུམ། །ཀྱེ་བ་ད་རོག་དམུ་དབལ་གསུམ། །སྐྱམ་དང་བྱ་རལ་ལི་ཡན་གསུམ། །མར་ལྡིང་སྤོ་བར་སོ་ཡོན་གསུམ། །རུ་སོད་མ་ཟེ་ན་འབན་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་པོ། །སྐྱ་ཞིབ་རྩ་བའི་མདུད་པར་བརྟན། །ཏྲོང་དང་བྲག་དང་སངས་དང་གསུམ། །བྲག་ལ་སྤོ་བྲག་སོ་བྲག་གཉིས། །སངས་ལ་སྤོ་སངས་སོ་སངས་གཉིས། །སྤྱིར་བསྡུས་སྡེ་ཚན་སོ་དྲུག་ཡོད། །དེ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི། །སྡེ་ཚན་དག་གི་བསྡུས་པ་ལས། །ཐོག་མར་མ་རིག་པའི་བླ་མདུད། །དིང་དིང་སྐྱིན་དིང་རྣམ་པ་གཉིས། །འདུ་བྱེད་ཀྱི་ནི་བླ་མདུད་ལ། །སངས་སྦྲོང་རྒོད་འདྲ་བ་སྡེ་གཉིས་ཏེ། །སྤོ་སངས་སོ་སངས་རྣམ་གཉིས་ཡིན། །སྤོ་སངས་ལྕགས་སྦྲང་འདྲ་བ་དྲུག་ཅུ་དང་། །སོ་སངས་བོང་བ་འདྲ་བ་བརྒྱད་ཅུ་ཞེས། །གཙོ་བོ་རགས་པ་བསྡུས་པ་ཡིན། །བསྡོམས་པ་བརྒྱ་དང་བཞི་བཅུར་གནས། །རྣམ་པར་ཤེས་པའི་བླ་མདུད་ལ། །བཏགས་པ་རི་བོ་འདྲ་བ་དགུ། །དམུ་དག་བྱ་བུར་མུ་ས་དང་། །ཝ་ཚོ་ཁྱུང་བརྒྱང་ཙེ་ར་དང་། །ཡར་ལྡིང་སྐྱེར་དཀར་གལ་བར་ཏེ། །རིམ་བཞིན་གཅིག་དང་གསུམ་དང་དྲུག །བཞི་དང་བཞི་དང་གཅིག་དང་གཅིག །བརྒྱད་དང་གཅིག་གི་དབྱེ་བ་ཡོད། །བསྡོམས་པའི་ཉི་ཤུ་རྩ་དྲུག་ཡིན། །མིང་གཟུགས་ཀྱི་ནི་བླ་མདུད་ལ། །འཐོར་བ་ཁྲ་རྒོད་འདྲ་བ་སྡེ་དྲུག་སྟེ། །བྱོད་ཕུར་གསུམ་དང་རུ་སོད་དྲུག །མ་ཟེ་བཞི་དང་ན་འབན་གཅིག །སུམ་མཉམ་གསུམ་དང་སྡེ་བུར་ནི། །རྣོ་མཚོན་འདྲ་བ་ཉེར་ལྔ་བཅས། །བསྡོམས་ན་བཞི་བཅུ་རྩ་གཅིག་ཡོད། །སྐྱེ་མཆེད་དྲུག་གི་བླ་མདུད་ལ། །སད་སྐར་ཕྲན་


MR16_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཉེར་ལྔ་དང་། །སད་ཆེན་གསུམ་བསྡོམས་ཉེར་བརྒྱད་ཡོད། །རྟེན་འབྲེལ་རེག་པའི་བླ་མདུད་ལ། །སྙིགས་མ་འདམ་རྫབ་འདྲ་བ་སྡེ་བཞི་སྟེ། །སྐྱམ་མྱ་ངན་མཆི་མ་ཉི་ཤུ་ལྔ། །སྐྱེར་ནག་ཕོ་ལྷའི་འགག་ཐག་ཉི་ཤུ་དང་། །བྱ་རལ་བྱེ་ཞིག་ཉི་ཤུ་བཞི། །ལི་ཡན་སྟོང་པ་སྡེ་བརྒྱད་དེ། །བསྡོམས་པས་དོན་བདུན་ཙམ་དུ་གནས། །རྟེན་འབྲེལ་ཚོར་བའི་བླ་མདུད་ལ། །དངས་མ་ནོར་བུ་འདྲ་བ་སྡེ་བཞི་ཡོད། །སྤོ་ཚེ་ལྗོན་ཤིང་འདྲ་བ་དགུ། །ཨ་ཁད་མེ་ལྕེ་འདྲ་བ་བརྒྱད། །ཧྲང་ཟེ་རྫ་རི་འདྲ་བ་བཞི། །བྱ་ཡུན་སྒྲོན་མེ་འདྲ་བ་བརྒྱད། །བསྡོམས་པས་དངས་མ་ཉེར་དགུ་ཡིན། །རྟེན་འབྲེལ་སྲེད་པའི་བླ་མདུད་ལ། །སྦོ་བྲག་སྤྱང་ཀི་འདྲ་བ་དྲུག་ཅུ་ཡོད། །རྟེན་འབྲེལ་ལེན་པའི་བླ་མདུད་ལ། །ཚོལ་ཚེ་བཅུ་གཉིས་སད་ཚོ་གསུམ། །བསྡོམས་པས་བཅུ་དྲུག་དག་ཏུ་གནས། །རྟེན་འབྲེལ་སྲིད་པའི་བླ་མདུད་ལ། །སོ་བྲག་འཕར་བ་འདྲ་བ་བརྒྱད་ཅུ་ཡོད། །རྟེན་འབྲེལ་སྐྱེ་བའི་བླ་མདུད་ལ། །གཡུང་དྲུང་ཉི་མ་འདྲ་བ་ལྔ། །ད་རོག་དགུ་དང་ཀྱེ་བ་གསུམ། །དམུ་དབལ་བདུན་ཏེ་ཉེར་བཞིར་ཡོད། །རྟེན་འབྲེལ་རྒ་ཤིའི་བླ་མདུད་ལ། །ཏྲོང་བྲག་གཤིན་རྗེ་འདྲ་བཅོ་བརྒྱད། །ད་ལྟར་སྲིད་པའི་བླ་མདུད་ལ། །ཞིབ་ཚགས་བྱས་ན་དྲུག་བརྒྱ་ཡོད། །སངས་ཁྲི་ཕྲག་འབུམ་ཞེས་སོགས་བཤད། །བབ་སྐྱེན་པ་བསྡུས་པས་སུམ་བརྒྱ་དྲུག་ཅུ་ཡོད། །བརྒྱག་གིས་བསྒྱུར་བ་མི་འདྲ་ཁྲི་ཙམ་ཡོད། །བརྒྱག་གཙོ་བོ་བདུན་བརྒྱ་ཉི་ཤུར་བསྡུས། །དེ་ཡང་གཡས་འཁོར་གཡོན་འཁོར་དང་། །གཡས་དང་གཡོན་དུ་བཏགས་ལུགས་དང་། །སྟེང་དུ་འོག་ཏུ་བཏགས་ལུགས་དང་། །མདུད་སྒོ་ལག་གིས་ཟིན་ཚུལ་དང་། །སྣེ་ཚ་ལ་སོགས་སོང་ཚུལ་གྱིས། །དབྱེ་བ་བྱས་ན་གྲངས་མེད་འོང་། །སྲིད་པའི་བླ་གནས་བཅུ་གཉིས་


MR16_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །མ་རིག་ལ་སོགས་ཡ་རྣམས་བཟང་། །མ་རིག་གྲོལ་ཕུག་སྡེ་ཚན་དང་། །བཏགས་པ་ཚེ་ཡི་སྡེ་ཚན་དང་། །སད་ཁམས་ལྷ་ངོའི་སྡེ་ཚན་དང་། །དངས་མ་ལེན་ངོའི་སྡེ་ཚན་དང་། །ཚོལ་བ་ཟས་ཀྱི་སྡེ་ཚན་དང་། །གཡུང་དྲུང་སྐྱེ་བ་ཆོས་སྲིད་སྡེ་ཚན་དྲུག །བཟང་པོ་དྲུག་ཡིན་དར་གུད་དར་བ་དྲུག །འདུ་བྱེད་ལ་སོགས་ཆ་རྣམས་ངན། །སངས་འདུ་བྱེད་དཀའ་ཚེགས་ཀྱི་སྡེ་ཚན་དང་། །འཐོར་བ་མིང་གཟུགས་འབྲལ་རུང་གི་སྡེ་ཚན་དང་། །སྙིགས་མ་རེག་པ་ཁ་འགྱོད་ཀྱི་སྡེ་ཚན་དང་། །སྤོ་བྲག་སྲེད་པ་མཁོན་གྱི་ཡན་ལག་དང་། །སོ་བྲག་སྲིད་པ་གྱོད་ཀྱི་ཡན་ལག་དང་། །ཏྲོང་བྲག་རྒ་ཤི་ཕུང་ཉེས་ཡན་ལག་རྣམས། །ངན་པ་དྲུག་ཡིན་དར་གུད་ངན་པ་དྲུག །རྟེན་འབྲེལ་དབང་གིས་ཕྱི་ནང་སྣོད་བཅུད་སྲིད། །བཟང་ངན་འབྲིང་གསུམ་རྟེན་འབྲེལ་རྒྱུ་ལས་བྱུང་། །རྟེན་འབྲེལ་རྒྱུ་ལས་སྲིད་པ་ཆགས་པའི་ཚེ། །ལྷ་དང་འདྲེ་དང་བཟང་ངན་ཕན་གནོད་སོགས། །གྲུབ་པའི་རང་སྣང་རྟེན་འབྲེལ་བརྡའ་གཟུགས་ཀྱི། །ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་འདི་དག་ཀྱང་། །སྲིད་པའི་དྲོང་མཁན་བརྡའ་ཡི་རོལ་མོར་སྣང་། །དཔེར་ན་གཟའ་སྐར་ལོ་ཟླ་ཞག་སོགས་བཞིན། །སྐྱེ་དགུའི་ལས་སྣང་རྟེན་འབྲེལ་དབང་གིས་སྣང་། །དེ་དག་ཇི་བཞིན་གཟིགས་པ་དྲང་སྲོང་ཆེ། །གཤེན་རབ་མི་བོས་འགྲོ་ལ་ཕན་ཕྱིར་བསྟན། །འཁོར་འདས་ལྷ་འདྲེ་སྐྱོན་ཡོན་ཀུན་གྱི་སྲོག །འདི་ལ་རྟེན་འབྲེལ་དབང་གིས་འདུས་པས་ན། །རྟེན་འབྲེལ་མི་བསླུ་གནད་ཀྱི་འཆར་སྒོ་ཡིན། །ལྷ་འདྲེ་བཟང་ངན་དུས་གསུམ་ལེགས་ཉེས་མཐའ། །རྟེན་འབྲེལ་རྒྱུད་ལ་མི་བརྟེན་གང་ཡང་མེད། །དེ་ཕྱིར་སྲིད་པ་སྐོས་ཀྱི་དྲང་ཤིང་འདིས། །སྲིད་པའི་ལེགས་ཉེས་ཐིག་ལ་འདེབས་པ་ཡིན། །དེས་ན་འཁོར་འདས་སྣང་སྲིད་ཀུན། །མོ་


MR16_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འདུ་ཚུལ་ཤེས་བྱ་སྟེ། །སྲིད་པའི་རྒྱུད་ལྟར་དཔྱད་པ་ན། །སྔོན་སྲིད་པ་ཐམས་ཅད་གྲོལ་བའི་ཁུངས། །མ་ཧཱ་གསེར་གྱི་རུས་སྦལ་སྲིད། །བླ་ནི་གཡུང་དྲུང་མུ་ལེ་མདུད་ཆེན་ནམ། །གཡུང་དྲུང་སྐྱེར་ལེང་མདུད་ཆེན་ཡིན། །དེ་ལ་བརྟེན་ནས་རིགས་དྲུག་ཆགས། །དེ་ཡང་རླུང་མེ་ཆུ་དང་ས། །འོག་གཞིའི་དཀྱིལ་འཁོར་བཞི་པོ་ཆགས། །ཁ་ལང་གཡུ་འབྲུག་ཆེན་མོ་འདི། །ནམ་མཁའ་དངས་བའི་བླ་མདུད་ཡིན། །ནམ་མཁའི་དབྱིངས་ནས་རླུང་ཆགས་པའི། །བླ་ནི་བྱ་རལ་ལག་དཀར་ཡིན། །རླུང་ལ་མེའི་དཀྱིལ་འཁོར་ཆགས། །བླ་ཨ་ཁད་ལི་ཤ་དཀར་མོ་ཡིན། །མེ་སྟེང་ཆུ་ཡི་དཀྱིལ་འཁོར་ཆགས། །བླ་ནི་སྐྱམ་གྱི་ར་ཟི་དཀར་ཐོག་ཡིན། །དེ་སྟེང་གསེར་གྱི་ས་གཞི་ཆགས། །བླ་ནི་སྐྱིན་དིང་གཡུ་ཐོག་ཡིན། །དེ་བརྟེན་རི་རབ་ལྷུན་པོ་བརྟེན། །བླ་ནི་གལ་བར་ཐོང་དཀར་ཡིན། །དེ་ལ་དཔག་བསམ་ཡོང་འདུས་འཁྲུངས། །བླ་ནི་དམུ་དག་དུང་སྒོང་ཡིན། །ཕྱོགས་བཞིར་གླིང་བཞི་གླིང་ཕྲན་སྲིད། །བླ་ནི་བཞི་ཡི་སྐྱེར་དཀར་སོགས། །འོག་ཏུ་འཆད་པར་འགྱུར་བ་ཡིན། །ས་འོག་ཀླུ་ཡི་སྡེ་ཚན་སྲིད། །བླ་ནི་སྐྱམ་དཀར་བུ་བརྒྱག་ཡིན། །བར་དུ་མི་ཡི་སྡེ་ཚན་སྲིད། །བླ་ནི་དིང་དིང་ལ་སོགས་པ། །མི་ཁམས་མདུད་པའི་རིགས་རྣམས་ཡིན། །སྟེང་དུ་འདོད་གཟུགས་གཟུགས་མེད་ཀྱི། །ལྷ་ཡི་སྡེ་ཚན་རྣམ་པར་སྲིད། །བླ་ནི་གཡུང་དྲུང་ལ་སོགས་ཡིན། །ས་འོག་དཔག་ཚད་ཉི་ཁྲི་ན། །ཚ་བའི་དམྱལ་བ་རྣམ་བརྒྱད་ཆགས། །བླ་ནི་ཨ་ཁད་ངན་རིགས་ཡིན། །དེ་འཁོར་ཉི་ཚེ་ཉེ་འཁོར་ཆགས། །བླ་ནི་སོ་བྲག་ཏྲོང་ངན་ཡིན། །དེ་དང་འདབ་འབྱོར་གྲང་དམྱལ་བརྒྱད། །བླ་ནི་སྐྱམ་གྱི་ངན་རིགས་ཡིན། །ས་འོག་དཔག་ཚད་ལྔ་བརྒྱ་ན། །ཡི་དྭགས་


MR16_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་གནས་རིས་ཆགས། །བླ་ནི་ཤག་བག་ལི་ཡན་ཡིན། །རྒྱ་མཚོ་ཆེ་དང་ཁོར་ཡུག་སོགས། །དུད་འགྲོའི་སྡེ་ཚན་སྣ་ཚོགས་ཆགས། །བླ་ནི་སྤོ་བར་ངན་རིགས་ཡིན། །ཕྱི་ལ་ལྕགས་རི་མུ་ཁྱུད་བསྐོར། །བླ་ནི་སོ་ཡོན་འགུག་མོ་བྲག །ཁྱད་པར་འཛམ་གླིང་འདི་དག་ཏུ། །ཡུལ་དྲུག་མཐའ་འཁོབ་སོ་དྲུག་སོགས། །སོ་སོའི་བླ་མདུད་ཡོད་ན་ཡང་། །ཐམས་ཅད་བརྗོད་པར་མི་ལང་ལ། །བྲག་རྣམས་རྒྱ་ཡི་སྡེ་ཚན་ཡིན། །ཀྱེ་བ་ཧོར་ལ་བྱ་རལ་འཇང་ས། །སེ་སྟོད་སོག་པོ་ད་རོག་བོང་། །ཕུང་བར་ཀ་མ་ལ་ཡི་སྡེ། །བྱ་མེད་བནྡེ་སད་ཁམས་བོན། །དམུ་དབལ་དམུ་ཡི་སྡེ་ཚན་ཡིན། །ཡང་རྒྱ་ནི་སོ་བྲག་རིགས་ཡིན་ལ། །འཇང་ནི་ཏྲོང་དང་ཏྲོང་བྲག་ཡིན། །ཧོར་ནི་བག་ལྡི་བག་ཐོགས་ཡིན། །བོད་ནི་སྡི་བུར་རུ་སྔོན་ཡིན། །མོན་ནི་སོ་ཡོན་ལག་བཤལ་ཡིན། །གེ་ལེའི་བླ་མདུད་ན་འབན་ཡིན། །བར་སྣང་ལྷ་སྲིན་སྡེ་བརྒྱད་དང་། །རི་རབ་ཁང་གསེང་ལྷ་མིན་སྲིད། །སྡེ་བརྒྱད་སོ་སོའི་བླ་མདུད་སོགས། །མདུད་རྫོང་དང་ནི་གདོན་བཟུང་སྐབས་སུ་བཤད། །སྤྱིར་བཏང་དག་ཏུ་བསྟན་པ་ནི། །མ་ཟེ་རུ་སོད་ན་འབན་གསུམ། །སོ་ཡོན་ཏྲོང་ནག་སེ་སྟོད་གསུམ། །སྐྱམ་ནག་བྱ་མེད་སྣ་དམར་དགུ། །ལྷ་སྲིན་ངན་ཁུར་སྤུན་དགུ་ཡིན། །མཁའ་ལ་ཉི་ཟླ་གཟའ་སྐར་སྲིད། །བླ་བྱ་ཡུན་བྱ་བུར་མུས་ཡིན། །རིགས་དྲུག་རང་རང་ལས་སྣང་ལས། །བདེ་སྡུག་སྣང་བ་བསམ་མི་ཁྱབ། །རིགས་དྲུག་ནོར་བུ་རྣམ་དྲུག་ནི། །ལྕགས་ཁྲ་ལྷ་ཡི་ནོར་བུ་ཡིན། །དཀར་ཐོག་གཡུང་དྲུང་མི་ཡི་ནོར་བུ་ཡིན། །སྤོ་མ་ཟེ་ཨོག་དམར་ལྷ་མིན་ནོར། །སྐྱམ་ར་ཟི་དཀར་ཐོག་བྱོལ་སོང་ནོར། །ཏྲོང་ཕུང་ཁད་བུ་བརྒྱག་ཡི་དྭགས་ནོར། །བྱ་རལ་མ་ཁྲ་བུ་ཁྲ་དམྱལ་བའི་ནོར། །དེ་དྲུག་ཕུང་བའི་ཕུང་བྱེད་ནི། །ཤག་ལེ་ནོར་བུ་གཟི་འབར་ཡིན། །རྣམ་


MR16_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གློ་བུར་ལས་རླུང་གིས། །བསྐྱེད་པ་ལྟས་ངན་ནོར་བུ་ཡིན། །ལྟས་ངན་ནོར་བུའི་ཁ་གནོན་ནི། །བྱ་ཡུན་དང་གསལ་བུ་བརྒྱག་ཅན། །རང་རིག་འོད་གསལ་ཡེ་ཤེས་ཡིན། །དེ་ལྟར་སྲིད་པ་སྣ་ཚོགས་པ། །ཆགས་ཚེ་དཀར་ནག་ཕྱོགས་གཉིས་སུ། །རྟེན་འབྲེལ་དབང་གིས་བྱུང་བ་ལས། །ཡོད་ཁམས་སྨོན་པའི་རྒྱལ་པོ་ནི། །སྣང་བ་འོད་ལྡན་ཉིད་དུ་ཤར། །བླ་ནི་དིང་དིང་སྔོན་མོ་ཡིན། །མེད་ཁམས་ངམ་གྱི་རྒྱལ་པོ་ནི། །མུན་པ་ཟེར་ལྡན་ཉིད་དུ་སྲིད། །བླ་ནི་སོ་ཡོན་ནག་མོ་ཡིན། །སྟེང་དུ་ཉི་ཟླ་གཟའ་སྐར་དང་། །ས་ལ་ས་བདག་གནས་རྒྱུའི་རིགས། །ལོ་ཟླ་ཞག་དུས་སྤར་སྨེ་སོགས། །སྲིད་པའི་ཆ་འཛིན་ཐམས་ཅད་བྱུང་། །སྣ་ཚོགས་ལེགས་ཉེས་རྣམ་པར་སྤྱོད། །བཟང་དང་ངན་དང་ཡོད་དང་མེད། །ལྷ་དང་འདྲེ་དང་ཕན་དང་གནོད། །བདེ་དང་སྡུག་བསྔལ་སྐྱོན་ཡོན་སོགས། །གཉིས་འཛིན་བློ་ལ་ཅིར་ཡང་སྣང་། །དེ་བས་རྣམ་རྟོག་འདུལ་དོན་དང་། །གཉིས་མེད་དོན་ལ་འཇུག་པའི་ཕྱིར། །དྲང་དོན་ཀུན་རྫོབ་བདེན་པ་དང་། །ངེས་དོན་དོན་དམ་བསྟན་པའི་ཕྱིར། །རྒྱལ་བའི་ཐུགས་རྗེས་འགྲོ་ལ་གཟིགས། །གཤིན་ཡུལ་འོལ་མོ་གླིང་ཆེན་དུ། །སྟོན་པ་གཤེན་རབ་མི་བོར་བསྟན། །བླ་ནི་སད་སྔ་གྱེར་རྒྱུང་ཡིན། །ཕྱ་གཤེན་དང་ནི་སྣང་གཤེན་སོགས། །བཀྲིད་དྲང་ལམ་གྱི་སྒོ་རུ་བསྟན། །ཨ་དཀར་ཐེག་པ་འབྲས་བུའི་བོན། །གཉིས་མེད་བོན་ཉིད་དབྱིངས་སུ་བསྟན། །བོན་གྱི་ཐེག་པ་རིམ་དགུ་གསུངས། །སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད། །བསྡུས་ན་སྒོ་བཞི་མཛོད་ལྔར་འདུས། །བན་གྱི་ཐེག་དགུ་བསྟན་པའི་ཕྱིར། །སྟོན་པ་ཤཱཀྱ་ཐུབ་པ་བྱོན། །བླ་ནི་ཝ་ཚ་ལ་རྔམ་ཡིན། །སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད། །གདུལ་བྱ་རང་རང་སྣང་ངོ་རུ། །ཕན་བདེ་མཛད་པའི་སྤྲུལ་སྐུ་ལ། །སོ་སོའི་སྟོན་པ་ཉིད་དུ་བཟུང་། །བན་དང་བོན་ཞེས་སོ་སོར་


MR16_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ། །ཀུན་རྫོབ་རྒྱུ་འབྲས་བསླུ་མེད་དང་། །དོན་དམ་བདེན་མེད་གནད་ཀྱིས་ནི། །མི་འགལ་ཕྱིར་ན་དགོངས་པ་གཅིག །རྒྱལ་པའི་རྣམ་འཕྲུལ་བསམ་མི་ཁྱབ། །འཕགས་པའི་མཛད་པ་བློ་ལས་འདས། །དེ་ཕྱིར་འགྲོ་ལ་ཕན་པ་ཡི། །མོ་རྩིས་གཏོ་དཔྱད་ཚད་མེད་པ། །འཇམ་དབྱངས་སོགས་ཀྱིས་རྣམ་པར་བསྟན། །ལེགས་པ་བསྒྲུབ་ཅིང་ཉེས་པ་འཆོས། །དེ་རྣམས་ཀུན་གྱི་ཆད་སྒྲུང་ནི། །རྒྱས་པར་བརྗོད་དུ་མི་ལང་ངོ་། །དེ་ཕྱིར་གནས་སྐབས་ཞིང་འདིའི་ཆོས། །ལྷ་འདྲེ་རྩོད་པའི་གཏམ་རྒྱུད་དང་། །སྟོན་པས་མཛད་པའི་གཏམ་རྒྱུད་དང་། །དགྲ་བླ་སྲིད་པའི་གཏམ་རྒྱུད་སོགས། །རྒྱས་པར་གཞན་ལས་ཤེས་པར་བྱ། །འཇིག་རྟེན་འདུས་བྱས་ཡིན་པས་ན། །དང་པོ་ཆགས་པའི་བསྐལ་པ་འབྱུང་། །བླ་ནི་དིང་དིང་གཙང་མ་ཡིན། །དེ་ནས་གནས་པའི་བསྐལ་པ་འབྱུང་། །བླ་ནི་ཁ་ལེ་དཀར་པོ་ཡིན། །དེ་ནས་འཇིག་པའི་བསྐལ་པ་འབྱུང་། །བླ་ནི་ན་འབན་འཐོར་བ་ཡིན། །ཡང་གཅིག་སྒྱུ་མ་གསེར་འབུམ་ལས། །བཤད་པའི་ལམ་སྲོལ་དང་སྦྱར་ན། །ཡེ་མེད་སྟོང་པའི་ངོ་བོ་ལས། །ཕྱི་སྣོད་འཇིག་རྟེན་ཆགས་ལུགས་ནི། །ཡྃ་ལས་རླུང་དཀྱིལ་རྡོ་རྗེ་རྒྱ་གྲམ་ཆགས། །བླ་ལི་ཡན་རླུང་ཁྲི་གཤོག་ནག་ཡིན། །རླུང་འཁོར་ལོ་ཞིག་ན་སྒྱུ་མ་ཡིན། །རྃ་ལས་མེ་དབལ་རིན་ཆེན་ཚུལ་དུ་ཆགས། །ཀྱེ་བ་ཟུར་གསུམ་ཨ་ཁད་ཡིན། །མྃ་ལས་ཆུ་ཡི་ཕུང་པོ་ཆགས། །ཆུ་འཁོར་ལོ་ལྔ་སྐོར་ཚུལ་དུ་ཆགས། །སྐྱམ་གྱི་དྲན་ཆུ་དཀར་མོ་ཡིན། །ཁྃ་ལས་ས་དཀྱིལ་པདྨ་འདབ་བརྒྱད་ཆགས། །སྐྱིན་དིང་འབྲི་མིག་འཁྱིལ་བ་ཡིན། །སུྃ་ལས་རི་རྒྱལ་ལྷུན་པོ་དེ། །བུམ་པ་ཁོང་གསེང་ཚུལ་དུ་ཆགས། །གལ་བར་འབྲོང་རུ་རྩེ་སྤྲོད་ཡིན། །ཨེ་ལས་ནམ་མཁའི་དཀྱིལ་འཁོར་དེ། །གཡུ་འོད་གུར་ཆེན་ཚུལ་དུ་ཆགས། །དིང་དིང་ཤག་ཆེན་གུར་


MR16_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཡིན། །ནང་བཅུད་སེམས་ཅན་གྲོལ་ལུགས་ལ། །མེད་ཁམས་གྲིབ་མ་ནག་པོ་ལས། །གདུག་པ་མུན་པའི་རྒྱལ་པོ་སྲིད། །མུན་པ་ཟེར་ལྡན་སྤྲུལ་པ་ལ། །དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །ངན་སོང་གསུམ་གྱི་གཞི་མ་གྲོལ། །གདུ་སེམས་རླུང་ལྟར་འཚུབས་པ་ལས། །འོད་ནག་ཡུངས་འབྲུ་ཙམ་ཞིག་སྲིད། །དེ་ལས་ཡི་གེ་དུ་ཞིག་སྲིད། །དུཿནག་པོ་དེ་ཡི་ས་བོན་ལས། །དམྱལ་བའི་སྡེ་ཚོགས་ཐམས་ཅད་གྲོལ། །སྡེ་དཔོན་གཤིན་རྗེ་ཆོས་རྒྱལ་སྲིད། །བླ་དེ་ཤིང་ཤག་བྱ་རལ་ཡིན། །སྡེ་རིགས་དམྱལ་ཁམས་བཅོ་བརྒྱད་དེ། །ཚ་བ་དང་ནི་གྲང་བ་གཉིས། །ཉི་ཚེ་དང་ནི་ཉེ་འཁོར་གཉིས། །དེ་བཞིན་འཇིག་ན་སྒྱུ་མ་ཡིན། །སེར་སྣ་མེ་ལྟར་འབར་བ་ལས། །འོད་དམར་མེ་སྟག་ཙམ་ཞིག་སྲིད། །དེ་ལས་ཡི་གེ་ཏྲི་ཞིག་སྲིད། །དེ་ལས་ཡི་དྭགས་སྡེ་ཚན་གྲོལ། །སྡེ་དཔོན་ཁ་ལ་མེ་འབར་ཡིན། །བླ་ནི་ཕུང་བར་ཨ་ཁད་ཡིན། །སྤྱིར་བཏང་སྡེ་རིགས་བཅུ་དྲུག་དེ། །ཕྱི་དང་ནང་གི་སྒྲིབ་པ་ཅན། །བཀྲེས་སྐོམ་གཉིས་དང་བཞི་རུ་འདུས། །དེ་བཞི་འཇིག་ན་སྒྱུ་མ་ཡིན། །གཏི་མུག་མུན་པས་གཏིབ་པ་ལས། །འོད་སྔོན་ཁབ་མིག་ཙམ་ཞིག་བྱུང་། །དེ་ལ་ཡི་གེ་སུ་ཞིག་སྲིད། །སུ་དེ་ལས་བྱོལ་སོང་སྡེ་ཚན་གྲོལ། །སྡེ་དཔོན་ཧབ་ཤ་གླང་མགོ་ཡིན། །བླ་ནི་སྐ་བྲག་ཐས་སྐྱམ་ཡིན། །སྤྱིར་སྡེ་གྲངས་མེད་མཐའ་ལས་འདས། །ནང་གླེན་ལྐུག་གཉིས་དང་མུན་འཐོབ་གཉིས། །དེ་བཞི་འཇིག་ན་སྒྱུ་མ་ཡིན། །ཡང་ཡོད་ཁམས་གཞི་མ་དཀར་པོ་ལས། །སྲིད་པ་སྣང་བའི་རྒྱལ་པོ་སྲིད། །སྣང་བ་འོད་ལྡན་རྫུ་འཕྲུལ་ལས། །ལྷ་དང་མི་དང་ལྷ་མིན་ཏེ། །ཡོད་ཁམས་སྲིད་པ་རྣམ་གསུམ་ལས། །འགྱུར་མེད་སྐུ་ཡི་སྤྲུལ་པ་ལས། །འོད་དཀར་རྒྱ་སྐར་ཙམ་ཞིག་སྲིད། །དེ་ལས་ཡི་གེ་ཨ་


MR16_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྲིད། །ཨ་ལས་ལྷ་ཡི་སྡེ་ཚོགས་གྲོལ། །སྡེ་དཔོན་དབང་པོ་བརྒྱ་བྱིན་ཡིན། །བླ་ཀྱེ་བ་རང་ཤག་དཀར་པོ་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །སྤྱིར་སྡེ་རིགས་སུམ་ཅུ་རྩ་གསུམ་དེ། །ནང་འཕམ་ལྟུང་གཉིས་དང་གྱ་རྒུད་གཉིས། །དེ་བཞིས་འཇིག་ན་སྒྱུ་མ་ཡིན། །འགག་མེད་གསུང་གི་སྤྲུལ་པ་ལས། །འོད་ལྗང་ཁུ་ཉ་མིག་ཙམ་ཞིག་སྲིད། །དེ་ལས་ཡི་གེ་ཐ་གཅིག་སྲིད། །དེ་ལས་ལྷ་མིན་སྡེ་ཚོགས་གྲོལ། །སྡེ་དཔོན་ཐག་བཟང་རིགས་སྐྱེས་ཡིན། །བླ་དེ་སྐྱི་ལེ་མིག་དམར་ཡིན། །གནམ་གཡེན་ས་གཡེན་བར་གཡེན་གསུམ། །གཡེན་ཁམས་སུམ་ཅུ་རྩ་གསུམ་ཡོད། །ནང་བདུད་བཙན་ཀླུ་གཉན་རྣམ་པ་བཞི། །མ་མོ་གཤིན་རྗེ་གཉིས་དང་དྲུག །ཤ་ཟ་སྲིན་པོ་གཉིས་དང་བརྒྱད། །དེ་བརྒྱད་འཁྲུགས་ན་སྒྱུ་མ་ཡིན། །འཁྲུལ་མེད་ཐུགས་ཀྱི་སྤྲུལ་པ་ལས། །འོད་སེར་པོ་ནས་འབྲས་ཙམ་ཞིག་སྲིད། །དེ་ལ་ཡི་གེ་ནྲྀཿགཅིག་སྲིད། །དེ་ལས་མི་ཡི་སྡེ་ཚན་གྲོལ། །སྡེ་དཔོན་ཡེ་སྨོན་རྒྱལ་པོ་ཡིན། །བླ་ནི་ཧྲང་ཟེ་ཁ་ལང་ཡིན། །ཕྱི་གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །ནང་ཕྱ་དམུ་གཙུག་གསུམ་སྐོས་དང་བཞི། །མི་ཁམས་སྡེ་ཚན་བཅུ་གཉིས་དེ། །ནད་མུག་མཚོན་གསུམ་དུག་དང་བཞི། །དེ་བཞིས་འཇིག་ན་སྒྱུ་མ་ཡིན། །འབྱུང་བའི་སྡེ་ཚན་དུ་དབྱེ་ན། །ཝ་ཚོ་ཀྱེ་བ་ཡར་དིང་དང་། །མར་དིང་སུམ་མཉམ་ཁྱུང་བརྒྱང་དང་། །སྤོ་ཚེ་མུ་ས་དམུ་དག་དང་། །སྤོ་བར་རྣམས་ནི་ཤིང་གི་ཁམས། །བྱ་ཡུན་ཨ་ཁོད་ན་འབན་མེ། །སྐྱིན་དིང་གར་བར་སྐྱེར་ངང་ནི། །དམུ་དཔལ་རྣམས་ནི་ས་ཡི་ཁམས། །བྱོད་ཕུར་ལྡི་བུར་ཚོལ་ཚེ་དང་། །སྲང་ཟེ་ཙེ་ར་རུ་སོད་ལྕགས། །བྱ་བུར་ད་རོག་རང་སྙན་དང་། །གཡུང་དྲུང་སྐྱམ་རིགས་ཆུ་ཡི་ཁམས། །བྱ་རལ་ལི་ཡན་རླུང་གི་ཁམས། །རླུང་


MR16_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཤིང་དུ་བརྩི་བའང་ཡིན། །དིང་དིང་འབྱུང་ལྔ་སྤྱི་ཁྱབ་བམ། །ཡང་ན་འབྱུང་མེད་ནམ་མཁའི་ཁམས། །ཡང་ན་ཡོད་ཁམས་སྣང་བ་ཡིན། །སོ་ཡོན་མེད་ཁམས་མུན་པ་ཡིན། །མ་ཟེ་སྤོ་སོགས་སོ་སོའི་ཁམས། །དེ་ལྟར་སྤྱིར་བཏང་ཤེས་བྱས་ནས། །བྱེ་བྲག་སོ་སོའི་ནང་གི་ཁམས། །ཅི་རིགས་འཆད་པར་འགྱུར་བས་ཤེས། །ཁམས་ཀྱི་མ་བུ་དགྲ་གྲོགས་དང་། །འབྱུང་བའི་གསོ་སྐྱེད་གཅོད་འདྲལ་དང་། །ལོ་ཁམས་སོགས་སྦྱར་ཞིབ་ཏུ་བརྟག །ཁ་དོག་འབྱུང་བའི་རང་མདོག་ནི། །ཤིང་ལྗང་མེ་དམར་ས་སེར་པོ། །ལྕགས་དཀར་ཆུ་ནི་སྔོ་འམ་ནག །མདུད་པ་སོ་སོའི་མདོག་ཁམས་ནི། །དཀར་མིང་ཐོག་དང་དམར་མིང་ཐོག །སྨུག་ཐོག་དང་ནི་གསེར་མིང་ཅན། །སོ་སོའི་མདོག་ཀྱང་དེ་ལྟར་བལྟ། །གྲངས་ནི་བརྐྱག་དང་ཕྲུ་གུའི་གྲངས། །ལ་སོགས་དག་གིས་མཚོན་པར་ནུས། །ཡི་གེ་རང་རང་མིང་དང་མཚུངས། །ཡི་གེའི་ཕྱི་མོ་སུམ་ཅུ་ལ། །སྦྱར་བ་སྣང་ཡང་གཞན་དུ་བལྟ། །དབྱིབས་ནི་ཁམས་ཀྱི་དབང་དུ་ན། །ཤིང་འཇོང་མེ་ནི་གྲུ་གསུམ་ལ། །ས་ནི་གྲུ་བཞི་ཆུ་ཟླུམ་པོ། །ལྕགས་ནི་རྣོ་ཟུར་ཅན་དུ་འདོད། །མདུད་པ་སོ་སོའི་དབྱིབས་ལས་ནི། །སྐྱམ་སོགས་འཇོང་མོ་རང་ཁུག་སོགས། །ཟླུམ་པོ་ལི་ཡན་སྤོ་ཚེ་སོགས། །གྲུ་བཞི་ཡིན་ལ་བྱ་རལ་དང་། །གལ་བར་གྲུ་གསུམ་བསེ་རུ་ནི། །གྲོག་སྐེད་ལ་སོགས་སྐེད་ཉག་དང་། །སྐྱེར་སོགས་ཕལ་ཆེར་ཟླ་གམ་དེ། །མདུད་པ་སོ་སོའི་དབྱིབས་ལས་ཤེས། །མི་རིགས་ཁམས་དང་གཤིས་ལ་སོགས། །མདུད་པའི་ཁམས་ཀྱི་བཤད་པས་ཤེས། །དཔེར་ན་སེང་གེ་སྤྲེལ་དང་ཁྱི། །གཡུ་འབྲུག་སོགས་ཀྱི་རྣམ་པ་བཞིན། །རྫས་ཀྱི་རིགས་སུ་དཔྱད་པ་ན། །གལ་བར་ཕུང་ལ་ཚོལ་ཚེ་ཁྲབ། །སྐྱིན་དིང་བེར་ལ་ཝ་ཚོ་མདུང་། །


MR16_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ར་རལ་གྲི་མུ་ས་གཞུ། །ལྡི་བུར་གྲི་ཐུང་ལ་སོགས་པ། །སོ་སོའི་སྐབས་ཀྱི་དོན་བཞིན་བརྟག །ཟས་ཀྱི་རིགས་སུ་དཔྱད་པ་ན། །སེ་སྟོད་ཤ་ཁྲག་ཚོལ་ཚེ་བཅུད། །སྐྱམ་བརྒྱག་འོ་ཞོ་སྤོ་ཚེ་སོགས། །ཤིང་འབྲས་སྐྱེར་དཀར་མཐུད་ལ་སོགས། །སོ་སོའི་རིགས་ལས་དཔྱད་དེ་ཤེས། །དུད་འགྲོའི་རིགས་སུ་དཔྱད་པ་ན། །སྤོ་ཚེ་རྟ་ལ་སྐྱེར་དཀར་འབྲི། །སད་ཚོ་ལུག་ལ་བྱ་རལ་ཁྱི། །ཁྱུང་བརྒྱད་མཛོ་ལ་བག་ལྡི་ར། །རུ་སོད་གཡག་ལ་ཕུང་ཁད་དྲིལ། །དེ་སོགས་སྣ་ཚོགས་སུ་ཤེས་བྱ། །མཆོད་གནས་རིགས་སུ་དཔྱད་པ་ན། །ཝ་ཚ་ལ་རྔམ་བན་དེ་ཡིན། །སད་རྔ་གྱེར་རྒྱུང་བོན་སྟོན་ཡིན། །གསེར་བྱ་དགེ་སློང་ཆོས་གོས་ཅན། །ཨ་ཁད་བྱ་ཡུན་པཎྜི་ཏ། །རྐང་སྤར་དམུ་དཔལ་རིག་སྔགས་མཁན། །ཁ་ལེ་དཀར་སོགས་སྔགས་ནག་རིགས། །སྲང་ཟེ་སྨན་པ་ལ་སོགས་པ། །སོ་སོའི་བླ་མདུད་བཞིན་དུ་བརྟག །ལྷ་གཞི་དག་ཏུ་དཔྱད་པ་ན། །དིང་དིང་གཞི་དང་སྤྱིན་དིང་སྟེགས། །ཨ་ཁད་བྱ་ཡུན་མར་མེ་ལ། །གསེར་བྱ་བག་ཚོ་རས་བྲིས་ཐིག །དམུ་དབལ་དཀྱིལ་འཁོར་སད་རོལ་མོ། །སྐྱམ་ཆུང་གསེར་འབུམ་མདུད་ངན་རིགས། །ཐུན་རྫས་སོགས་སུ་ཤེས་བྱ་སྟེ། །བྱ་རལ་ཧོམ་ཁུང་ཕུང་ཁད་དྲག་པོའི་ཐབས། །དེ་ལ་སོགས་པ་དོན་གྱིས་ཤེས། །ཡུལ་གྱི་གནས་ཚུལ་དང་བསྟུན་ན། །གལ་བར་གངས་རི་རྩེ་རྒྱལ་ཡིན། །ཙེ་ར་རྫ་རི་སྨུག་པོ་ཡིན། །ཝ་ཚོ་བྲག་རི་ཟུར་ཅན་ཡིན། །མར་ལྡིང་ནགས་རི་འཐུག་པོ་ཡིན། །མུ་ས་གཡའ་རི་ཤས་ཆེ་ཡིན། །རྒང་སྤར་རྫ་བྲག་འདྲེས་པ་ཡིན། །དཀར་ཐོག་རྫ་སྤང་འདྲེས་པ་ཡིན། །སོ་ཡོན་བྲག་དང་ཆུ་འཐབ་ཡིན། །དིང་དིང་རྒྱ་མཚོ་མེར་བ་ཡིན། །སྐྱམ་བྲག་གས་སྣ་ཤག་ཤིག་ཡིན། །སུམ་མཉམ་སྤང་སྒང་རི་མོ་ཡིན། །ཡང་ན་ལམ་ཆེན་སུམ་གཤིབ་ཡིན། །


MR16_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་ཐག་ཤིང་རྐང་རིང་མོ་ཡིན། །བྱ་བུར་བྱེ་སྒང་རིང་མོ་ཡིན། །ཐང་ལེ་ས་ཐག་སྐྱ་བོ་ཡིན། །དོག་ཚངས་སྤང་ཐང་སྐྱ་མོ་ཡིན། །སྐྱམ་བཟང་ཆུ་རྒྱུན་དྭངས་མ་ཡིན། །སྐྱམ་ངན་ཆུ་བོ་ཉག་ཉོག་ཡིན། །བྱ་རལ་ས་ནག་གྲུ་གསུམ་ཡིན། །སྐྱིན་དིང་ཕ་བོང་བརྟན་ཟུག་ཡིན། །སྤོ་ཚེ་ནགས་ཚལ་ཡིད་འོང་ཡིན། །དེ་སོགས་ཡུལ་གྱི་བཀོད་པར་དཔྱད། །གཅན་གཟན་བྱ་སོགས་འཕུར་འཇོལ་རིགས། །གང་ཡིན་མདུད་རྫོང་སྐབས་ན་གསལ། །གཞན་ཡང་ཕོ་མོའི་ཁྱད་པར་དང་། །སྐྱེ་གཟུགས་མཛེས་དང་མི་མཛེས་དང་། །ཡོན་ཏན་ཆེ་དང་ཆུང་བ་སོགས། །མདུད་པའི་ཁམས་དང་བརྒྱག་སོགས་ཀྱི། །ཚུལ་ལ་བརྟེན་ཏེ་ཤེས་པར་བྱ། །ཕན་བྱེད་ལྷ་ཡི་རིགས་གང་ཡིན། །གནོད་བྱེད་འདྲེ་ཡི་བླ་རྟགས་སོགས། །གོང་འོག་བསྡུར་ལ་ཤེས་པར་བྱ། །དབང་པོའི་ཚུལ་དུ་དཔྱད་པ་ན། །མ་རྐྱང་བྱོད་བུར་ལྷ་ཡི་མིག །བྱ་བུར་མི་ལ་མ་ཟེ་བཙན་གྱི་མིག །སྐྱིན་དིང་སྤོ་ཚེ་སོ་ཡོན་གསུམ། །ལྷ་མི་འདྲེ་ཡི་སྣ་གསུམ་ཡིན། །ཀྱེ་བ་སད་དེ་ཨ་ཁད་དང་། །ཨ་ཁད་དང་ནི་ཏྲོང་ཁ ད་གསུམ། །རིམ་བཞིན་ལྷ་མི་འདྲེ་ཡི་ལྕེ། །སང་དཀར་ཚོལ་ཚེ་ལྷ་ཡི་སྙིང་། །ཚོལ་ཚེ་མི་ལ་དམུ་ངམ་ཚོལ་ཚེ་འདྲེ། །དེ་ནི་མོ་ཡི་སྙིང་གསུམ་ཡིན། །དཀར་ཐོག་ལྡི་བུར་སྤོ་བར་གསུམ། །ལྷ་མི་འདྲེ་ཡི་ལག་པ་ཡིན། །ཀྱེ་བ་བག་ཐོག་ལྷ་རུས་ལ། །སངས་རྒོད་མི་རུས་རུ་སོད་འདྲེ། །མོ་ཡི་རུས་པ་རྣམ་གསུམ་ཡིན། །སད་ཁམས་སུམ་མཉམ་ཏྲོང་སུམ་མཉམ། །ལྷ་མི་འདྲེ་ཡི་དབུགས་གསུམ་ཡིན། །དིང་དིང་གར་བར་བྱ་རལ་གསུམ། །ལྷ་འདྲེ་མི་ཡི་སྲོག་གསུམ་ཡིན། །དེ་དག་བཅུ་གཅིག་བརྒྱད་དང་ལྔར། །རིམ་བཞིན་བབས་ན་རང་གནས་ཡིན། །བཅུ་གསུམ་ཚུགས་ཆེན་ལྟ་བུ་ཡི། །


MR16_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་དབང་པོ་གང་མེད་ན། །ལོང་བ་སོགས་ཀྱི་མོ་ཡིན་པས། །སྔར་དབང་པོ་ཉམས་པ་ཡོད་ན་ཐུབ། །མེད་ན་མར་མེ་འབུལ་བ་སོགས། །དབང་ལྔའི་ཡུལ་གྱི་མཆོད་པ་དང་། །དབང་པོའི་གླུད་བསྔོ་མདོས་གཏོར་བཏང་། །གལ་ཏེ་ལན་དང་གནས་དར་ནི། །བརྒྱག་ཁ་སོགས་ཀྱི་སྐྱོན་ཞུགས་ནས། །དབང་པོ་སོ་སོ་ལ་ངན་ཞིང་། །བཟང་བར་བབས་ན་དབང་པོ་ཚང་། །སྤར་སྨེ་ལོ་ཡི་ཚུལ་དཔྱད་ན། །ཨ་ཁད་བྱ་ཡུན་བཟང་སྡེ་རྣམས། །བསྐལ་པ་མེ་ཡི་བླ་མདུད་ཡིན། །རུས་སྦལ་མགོ་བོ་དག་ལ་གནས། །ཉི་མ་ལྷོ་ཡི་ཕྱོགས་ལ་དབང་། །ཁྱད་པར་མེ་ཡི་དྭངས་མའམ། །མེ་དར་བ་ཨ་ཁད་རྩེ་མ་ཡིན། །བྱ་ཡུན་ཨ་ཁད་སྙིགས་མ་རྣམས། །མེ་ཡི་སྙིགས་མ་མེ་ཟད་ཡིན། །མེས་བུ་ཚ་མ་སྨད་བཟའ་ཚང་བརྩི། །མེ་ཡི་གནས་མལ་བཞི་ཡིན་ནོ། །ཚོལ་ཚེ་ལ་སོགས་དྭངས་མ་ནི། །ལྕགས་ཡིན་གློ་གཡོན་ལྕགས་ལ་དབང་། །ལྕགས་དར་བ་ཚོལ་ཚེ་ལུ་གུ་ཡིན། །སྐྱམ་བྲག་ལྡེ་བུར་ལ་སོགས་པ། །ལྕགས་ཁམས་རྣམས་ཀྱི་སྙིགས་མ་ནི། །ལྕགས་ཀྱི་ཟད་པར་ཤེས་པར་བྱ། །ལྕགས་ཀྱི་གནས་མལ་བདུན་ཡིན་ནོ། །ལྕགས་ལ་ནོར་གྲོགས་ལྷ་སྲུང་བརྩི། །གཡུང་དྲུང་ལྷ་ཆུ་ད་རོག་མི་ཡི་ཆུ། །སྐྱམ་རིགས་འདྲེ་ཡི་ཆུ་ཡིན་ལ། །བྱང་མཇུག་ཆུ་ལ་དབང་བ་ཡིན། །ཆུ་དར་བསྐྱམ་ཆུང་བུམ་པ་ཡིན། །སྐྱམ་བྲག་ལ་སོགས་སྙིགས་མའི་རིགས། །ཆུ་ཟད་ཆུ་ཡི་སྙིགས་མ་ཡིན། །ཆུ་ཡིས་གཉེན་ལམ་མཐའ་བཞི་བརྩི། །ཆུ་ཡི་གནས་མལ་བཅུ་ལ་དཔྱད། །དམུ་དག་ལ་སོགས་ཤིང་ཁམས་ཀྱི། །དྭངས་མ་ཤར་ཕྱོགས་ཤིང་ལ་དབང་། །རུ་སྦལ་གློ་གཡས་ཐག་ཏུ་གནས། །ཤིང་དར་བ་སྤོ་ཚེ་མདུང་བུ་ཡིན། །སྤོ་བར་ངན་པའི་རིགས་བབས་ན། །ཤིང་ཟད་ཤིང་གི་སྙིགས་མ་ཡིན། །ཤིང་ལས་ཕ་ཁུ་མེས་གསུམ་བརྩི། །ཤིང་


MR16_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་མལ་གཅིག་ཡིན་ནོ། །སྐྱིན་དིང་གལ་བར་ལ་སོགས་པའི། །དྭངས་མ་ཡན་ལག་མཚམས་བཞིར་དབང་། །ས་དར་བ་སྐྱིན་དིང་གཡུ་ཐོག་ཡིན། །ས་ཟད་ཐར་ལེ་སྣ་དམར་སོགས། །སྙིགས་མའི་རིགས་རྣམས་ངན་པ་ཡིན། །ས་ཡིས་ཡུལ་མཁར་ས་ཞིང་བརྩི། །ས་ཡི་གནས་མལ་བརྒྱད་ལ་དཔྱད། །འབྱུང་བ་དར་དང་མི་དར་བའི། །མདུད་པ་དང་ནི་བབས་ལན་ལས། །འབྱུང་བའི་མཐའ་རྩིས་ཤེས་པར་བྱ། །ཤིང་མེ་ས་ལྕགས་ཆུ་དང་ལྔ། །སྤྱི་ཁྱབ་འབྱུང་བ་ང་དང་དྲུག །དེ་དྲུག་འབྱུང་བའི་རྒྱུ་ལམ་ཡིན། །ཤར་ཕྱོགས་ཤིང་གི་སྐོར་རྩིས་ལ། །མུ་ལེ་གྲམ་དཀར་གཉན་གྱི་ཤིང་། །སྡོང་བུ་ཡག་པ་ཟངས་མ་འདྲ། །གཟི་མཆོང་ཁྲ་མོའི་སྡོང་བུ་ཅན། །དེ་ཡི་བླ་ནི་ཡར་ལྡིང་ཡིན། །ལན་དུ་བྱ་རལ་བབས་ན་སྐེད་ནས་ཆག །སྤོ་ཚེ་ཙནྡན་སྨན་གྱི་ཤིང་། །འབྲས་བུ་སྨིན་པ་སྨན་དང་འདྲ། །གསེར་དང་གཡུ་ཡི་ཐོག་གུ་དེར། །ལི་ཡན་བབས་ན་སད་ཀྱིས་ཁྱེར། །དམུ་ཐག་དཔག་བསམ་རྒྱས་པ་ཀླུ་ཡི་ཤིང་། །རྩེ་མོ་རྣོ་བ་མདའ་དང་འདྲ། །མདའ་མདུང་རྩེ་འདྲ་བའི་རྩེ་མོ་ལ། །ལན་དུ་སྐྱིན་དིང་བབས་པ་ན། །རྩེ་མོ་གྱད་རྡོས་མནན་པ་ཡིན། །ཙེ་ར་སྟག་པ་ལོ་བཟང་ཡིན། །ལོ་མ་འཇམ་པ་དར་དང་འདྲ། །ལན་དུ་བྱ་རལ་ལོ་མ་རླུང་གིས་ཁྱེར། །ཝ་ཚོ་སྦ་རྒོད་ལྡེམ་པ་ཡིན། །སྦ་དཀར་ལྡེམ་པའི་ལོ་མ་དེར། །ལན་དུ་རུ་སོད་སྟ་རེས་བཅད། །མུ་ས་སྨྱུག་རྒོད་བཤན་པོ་ཡིན། །རྩ་བ་བརླིང་བ་བྲག་དང་འདྲ། །ལན་དུ་ཏྲོང་རིགས་རྩ་བ་འབུ་ཡིས་ཟོས། །དེ་དྲུག་ཤིང་གི་མདུད་དྲུག་ཡིན། །ཤིང་དེ་ལ་མེ་ཏོག་རྣམ་གསུམ་ཡོད། །ཤིང་གི་མེ་ཏོག་དཀར་པོ་དེ། །དགྲ་བླའི་གནས་མལ་གསུམ་ལ་གཅེས། །ཤིང་གི་མེ་ཏོག་ཁྲ་བོ་དེ། །ཁྱིམ་ས་མོ་ཁོག་གསུམ་དུ་གཅེས། །ཤིང་གི་མེ་ཏོག་ནག་པོ་དེ། །དགྲ་ཡུལ་ཕྱི་ས་བཞི་ལ་གཅེས། །


MR16_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསུམ་དེ་ལྟར་བབས་པ་ན། །ཤིང་རྩེ་མོ་རྣོ་བ་མདུང་དང་འདྲ། །དེ་དགུང་སྔོན་མི་འགྱེལ་ཀ་བ་ཡིན། །འབྲས་བུ་སྨིན་པ་གསེར་དང་འདྲ། །དེ་ཚངས་པ་ལྷ་ཡི་དཀོར་ནོར་ཡིན། །ལོ་མ་འཇམ་པ་དར་ཟབ་འདྲ། །དེ་བར་སྣང་སྟོང་པའི་ནང་རྫོང་ཡིན། །ཡལ་ག་སྐྱེས་པ་སྦ་དང་འདྲ། །དེ་གླིང་བཞི་ཁེབ་པའི་བསིལ་གྲིབ་ཡིན། །སྡོང་པོ་ཡག་པ་གཟི་དང་འདྲ། །དེ་རི་རྒྱལ་ལྷུན་པོའི་སྲོག་ཤིང་ཡིན། །རྩ་བ་བརྟན་པ་བྲག་དང་འདྲ། །དེ་མ་དྲོས་ཀླུ་ཡི་གནས་ཁང་ཡིན། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །རི་རབ་མགོ་ལ་སྐྱེ་ཤིང་ཚུགས། །ཤིང་སྐམ་མགོ་ལ་གསར་པ་སྐྱེས། །ཕོ་མི་རིགས་གཅིག་ལ་སྡེ་གསུམ་འཕེལ། །དེ་ཤིང་དྲུག་སྲིད་པའི་སྐོར་རྩིས་ཡིན། །འདིར་ཤིང་ཁམས་ལ་སོགས་གང་ཡིན་ཀྱང་། །བུ་བརྒྱག་མེ་ཏོག་དཀར་པོ་ཡིན། །མ་བརྒྱག་མེ་ཏོག་ནག་པོ་ཡིན། །མ་ཁྲ་བུ་ཁྲ་ཁྲ་བོ་ཡིན། །ལྷོ་ཕྱོགས་མེ་ཡི་སྐོར་རྩིས་ལ། །སྟོང་རི་ཟླ་བ་གསལ་བའི་མེ། །ཁམས་གསུམ་གསལ་བའི་སྒྲོན་མེ་དེ། །བྱ་བུར་དུང་གི་ཟླ་བ་ཡིན། །ལན་དུ་སོ་ཡོན་བབས་པ་ན། །ཟླ་བ་གཟའ་ཡིས་གདུག་པ་ཡིན། །བག་བྱ་ཡུན་ཁྲི་གདུགས་ཉི་མ་ཡིན། །རྟ་བདུན་འོད་ཀྱི་འཁོར་ལོ་ཅན། །འདི་ཡི་ལན་དུ་སེ་སྟོད་ན། །ཉི་མ་ཁྲག་གི་སྤྲིན་ལ་ནུབ། །མུ་ཙ་མེད་ལི་ཤོ་དམར་མོ་འདི། །ཐོག་རྒོད་འབར་བ་དྲག་པོའི་མེ། །དཔའ་བོ་མེ་དཔུང་འབར་བ་ཡིན། །ལན་དུ་སྐྱམ་ཆད་བབས་པ་ན། །མེ་དཔུང་ཆུ་ཡིས་བསད་པ་ཡིན། །ཨ་ཁད་རྩེ་མ་ལྕགས་ཀྱི་མེ། །མེ་སྟག་གདུག་པའི་ཚྭ་ཚྭ་ཡིན། །ལན་དུ་ཕུང་ཁད་བབས་པ་ན། །མེ་སྟག་ཚང་ནས་ཡར་བ་ཡིན། །བྱ་ཡུན་ཡིད་རླུང་དཀར་མོ་དེ། །དབྱར་གྱི་རྒྱལ་མོ་དྲོད་ཀྱི་མེ། །གསལ་བ་དྲོད་ཀྱི་མེ་ཆེན་ཡིན། །ལན་དུ་སྐྱམ་སེ་བབས་པ་ན། །རླུང་ལྷག་གྲང་བས་ཁྱེར་བ་ཡིན། །རྒྱ་མཚོའི་ནང་དུ་མེ་ཤི་ཡིན། །ཀྱེ་


MR16_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བ་སད་དེ་ཨ་ཁད་དེ། །སྣང་གསལ་སྒྲོན་མེ་གསལ་བའི་མེ། །གཡུང་དྲུང་ལྷ་མེ་རང་འབར་ཡིན། །ལན་དུ་ལི་ཡན་བབས་པ་ན། །མར་མེ་རླུང་གིས་བསད་པ་ཡིན། །མེ་དེ་དྲུག་བདུད་དང་མ་འཕྲད་དགོས། །མེ་ཡི་མེ་ཏོག་རྣམ་གསུམ་པོ། །བབས་ལུགས་ཤིང་གི་སྐབས་དང་འདྲ། །དེ་ལྟར་དེ་གསུམ་བབས་པ་ན། །དཔལ་མེ་འབར་བས་ཁམས་གསུམ་གསལ། །མེ་དཔུང་འབར་བས་དུག་ལྔ་སྲེག །མེ་སྟག་འབར་བས་འདྲེ་མིག་བཅར། །དྲག་པོ་ཐོག་གི་མེ་ཆེན་དེས། །མྱ་ངན་རྒྱ་མཚོ་གཏིང་ནས་སྐམ། །གསལ་བ་དྲོད་ཀྱི་མེ་ཆེན་གྱིས། །མུན་པ་ནག་པོ་མཐའ་ནས་གསལ། །གཡུང་དྲུང་ལྷ་མེ་རང་འབར་དེས། །ཁམས་གསུམ་གསལ་བའི་སྒྲོན་མེ་བཏེག །བྱེ་རུའི་དཔལ་མཁར་རྩེ་མོ་ན། །དབང་གི་སྟག་ཞུ་ཁྲ་བོ་བཀལ། །ལྷགས་ས་རྒྱུད་ཀྱི་དགྲ་བླ་འཁོར། །མི་སྔར་མས་དཔའ་སྐད་ཐེང་གསུམ་འདོན། །དེ་མེ་དྲུག་སྲིད་པའི་སྐོར་རྩིས་ཡིན། །ནུབ་ཕྱོགས་ལྕགས་ཀྱི་སྐོར་རྩིས་ལ། །སད་དཀར་ཚོལ་ཚེ་ལྷ་ཡི་ལྕགས། །དགྲ་བླའི་ཡ་ཚ་དཀར་པོ་ཡིན་པ་ལ། །ན་འབན་ཡ་ཚ་སྐེད་ནས་ཆག །སྐ་བྲག་ཚོལ་ཚེ་གཉན་གྱི་ལྕགས། །ཏྲོང་ཚ་སྔོན་མོ་ཡིན་པ་ལ། །གསེར་བྱ་སྔོན་མོ་བཙའ་ཡིས་ཟིན། །སྐྱམ་བྲག་ཚོལ་ཚེ་ཀླུ་ཡི་ལྕགས། །དོམ་ཚ་ནག་པོ་ཡིན་པ་ལ། །མ་ཟེ་དོམ་ཚ་རྩེ་ནས་ཉིལ། །རུ་སོད་དཔའ་དར་དགྲ་བླའི་ལྕགས། །ཁྲོ་ཚ་འབར་བ་ཡིན་པ་ལ། །ཕུང་ཁད་ཁྲོ་ཚ་མེ་ཡིས་བཞུས། །ཚོལ་ཚེ་བུ་བརྒྱག་ཅངས་སེའི་ལྕགས། །དངུལ་དཀར་ཞུན་མ་ཡིན་པ་ལ། །རུ་སོད་ཞ་ཉེས་བསླད་པ་ཡིན། །འབྲུག་ཐོག་ལྡི་བུར་ཝེར་མའི་ལྕགས། །ཁྲོ་ཆུ་ནག་པོ་ཡིན་པ་ལ། །སེ་སྟོད་སོལ་མེས་བཞུས་པ་ཡིན། །ལྕགས་ཀྱི་བདུད་དྲུག་མ་བབས་དགོས། །ལྕགས་ཀྱི་མེ་ཏོག་རྣམ་པ་


MR16_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །འབབ་བཤད་ཤིང་གི་སྐབས་དང་འདྲ། །དེ་གསུམ་དེ་ལྟར་བབས་པ་ན། །དཀར་ཡ་ཚའི་ལྕགས་ལས་ཕོ་རྒྱུད་དར། །ནག་དོམ་ཚེའི་ལྕགས་ལས་མོ་རྒྱུད་དར། །སྔོ་རྡོ་ཚའི་ལྕགས་ལས་བུ་རྒྱུད་འཕེལ། །སྲ་ཁྲོ་ཚའི་ལྕགས་ལ་དགྲ་བླ་འཁོར། །དངུལ་ཞུན་མའི་ལྕགས་ལ་ཅང་སེ་འཁོར། །ཁྲོ་ཆུའི་ལྕགས་ལ་ཝེར་མ་འཁོར། །ཞ་ཉེ་བཞུས་པའི་ཁུ་བ་ལ། །མུ་མེན་དངུལ་གྱི་མེ་ཏོག་ཐོན། །ཁྲོ་ལྕགས་བརྡུངས་པའི་སྙིང་པོ་ལ། །རིན་ཆེན་གསེར་གྱི་བུམ་པ་ཐོན། །བུམ་པའི་ཁ་རྒྱན་གཡུ་ལས་བྱས། །འབྲས་བུ་མུ་ཏིག་གཞོང་གང་བབས། །དཔའ་སྙིང་ཁོག་པའི་ནང་དུ་ཚུད། །སྐྱེས་བུ་གཞུ་མཆོག་ཁ་ནས་བགད། །སྐུ་མཁར་ཁ་ལ་ཉི་མ་ཤར། །ལྷ་ཁང་མགོ་ལ་གསེར་འཕྲུ་ཐོགས། །སྤྲང་པོས་རྒྱལ་ས་ཐེངས་གསུམ་བཟུང་། །དེ་ལྕགས་དྲུག་སྲིད་པའི་སྐོར་རྩིས་ཡིན། །བྱང་ཕྱོགས་ཆུ་ཡི་སྐོར་རྩིས་ལ། །སྐྱམ་བུ་བརྒྱག་གང་གཱ་སྲིད་པའི་ཆུ། །ཕུང་རལ་ཆུ་བོ་ཕུག་ནས་སྐམ། །སྐྱམ་ཆད་བུ་ལ་བརྒྱག་སོང་ན། །དགྲ་བླའི་དཔལ་ཆུ་འབར་བ་ཡིན། །མ་དྲོས་མཚོ་མོ་འཁྱིལ་ཆེན་ལ། །ཏྲང་མ་ཟེ་སྨྱོ་ཆུ་སྙིང་ལ་སོང་། །སྐྱམ་དཀར་བུ་ལ་བརྒྱག་སོང་ན། །བདུད་རྩི་དྲན་ཆུ་དཀར་མོ་ཡིན། །ཆུ་མིག་ལི་མ་ཡིན་པ་ལ། །ཕུང་ཁད་ཆུ་མིག་གཏིང་ནས་སྐམ། །ཝ་སྐྱམ་བུ་ལ་བརྒྱག་སོང་ན། །དགྲ་བླའི་དྲན་ཆུ་དཀར་མོ་ཡིན། །ཡར་ཆབ་གཙང་པོ་ཡིན་པ་ལ། །ལི་ཡན་གཙང་ཆབ་གཞུང་ནས་ཆད། །སྐྱམ་དངས་མ་བུལ་བརྒྱག་སོང་ན། །བདུད་རྩི་སྨན་ཆུ་དཀར་མོ་ཡིན། །གླེས་སྨི་སྨན་ཆུ་དུག་དང་འདྲེས། །མ་ཟེ་གཡུ་ཡི་ཆུ་མིག་དེ། །དགྲ་བླའི་དམའ་ཆུ་འབར་བ་ཡིན། །ཏྲོང་དམར་དཔའ་ཆུ་དགྲ་ལ་ཤོར། །ཆུ་ཡི་བདུད་དྲུག་མ་བབས་དགོས། །ཆུ་ཡི་མེ་ཏོག་དཀར་ནག་ཁྲ། །བབས་ལུགས་ཤིང་གི་སྐབས་དང་འདྲ། །དེ་གསུམ་དེ་ལྟར་བབས་པ་ན། །ཀླུང་ཆེན་གང་གཱ་ཕུག་ནས་འབྲུབ། །མ་དྲོས་མཚོ་ལ་ཁ་ཞག་ཆགས། །ཉི་


MR16_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མས་འགྲུབ་ནས་གཙང་པོ་རྒྱས། །གཙང་རྒྱས་ཆབ་ཀྱི་མ་ལག་རྒྱས། །དཔའ་ཆུ་འབར་བ་སེམས་ལ་འཁོར། །བཙན་དུག་འཐུང་བ་བདུད་རྩིར་རེད། །མོ་སྐམ་ཁོག་པར་འཕེལ་ཆུ་ཚུད། །ལུང་སྐམ་ནང་ནས་ཆུ་མིག་རྡོལ། །མོ་མཛངས་མའི་པང་ན་བུ་གསུམ་ཚར། །དེ་ཆུ་དྲུག་སྲིད་པའི་སྐོར་རྩིས་ཡིན། །དབུས་ཕྱོགས་ས་ཡི་སྐོར་རྩིས་ལ། །ཀྱེ་བ་གཡུང་དྲུང་ལྷ་ཡི་ས། །འདི་ཡི་ལན་དུ་ལི་ཡན་ན། །གཡུང་དྲུང་འཕེལ་ས་དཀར་པོ་ལ། །མུ་སྟེགས་ཕ་མཚེར་བཅས་པ་ཡིན། །ད་རོག་མ་དྲོས་ཀླུ་ཡི་ས། །སྨོན་པའི་དང་ར་དཀར་པོ་ལ། །སེ་སྟོད་ལན་དུ་བབས་པ་ན། །སྨོན་པར་དམེ་ཡི་ས་བོན་བཏབ། །མུ་ས་རིན་ཆེན་གསེར་གྱི་ས། །དགོས་འདོད་འབྱུང་བའི་ས་གཞི་ལ། །སྐྱམ་ཆད་སྐྱིན་དིང་ཆབ་ཀྱིས་བཤལ། །དིང་དིང་ཆགས་པ་སྲིད་པའི་ས། །ཡོད་ཁམས་གཞི་མ་དཀར་པ་ལ། །ལན་དུ་སོ་ཡོན་བབས་པ་ན། །མེད་ཁམས་མུན་པས་གཡོགས་པ་ཡིན། །སྐྱིན་དིང་འབྲས་དྲུག་ནས་ཀྱི་ས། །ལོ་ཏོག་སྐྱེ་བའི་ས་ཞིང་ལ། །ན་འབན་ལོ་ཐོག་སེར་བས་བཅོམ། །དཀར་ཐོག་བདུད་རྩི་སྨན་གྱི་ས། །སྨན་རྩི་ཐོག་འཁྲུངས་བའི་ས་བཟང་ལ། །ལན་དུ་སྤོ་བར་བབས་པ་ན། །སྨན་ལྗོང་དུག་གི་སྡོང་པོ་སྐྱེས། །ས་བདུད་དྲུག་པོ་མ་བབས་དགོས། །ས་ཡི་མེ་ཏོག་རྣམ་གསུམ་པོ། །བབས་ལུགས་བཞིན་ཏུ་བབས་པ་ན། །གཡུང་དྲུང་འཕེལ་ས་དཀར་པོ་ལ། །སྨོན་པའི་མི་རབས་ལྷ་རུ་གྲོལ། །རྨང་ལུང་དང་ར་དཀར་མོ་ན། །ཕྱ་ཡི་གསེར་མཁར་སེར་པོ་ཚར། །རིན་ཆེན་གསེར་གྱི་ས་གཞི་ལ། །དགོས་འདོད་ནོར་གྱི་གཏེར་ཁ་རྡོལ། །ཆགས་པ་ས་ཡི་དཀྱིལ་འཁོར་ལ། །སྐྱེ་འགྲོ་མི་ཡི་ས་བོན་ཚུགས། །འབྲས་དྲུག་ནས་ཀྱི་ཞིང་ས་ལ། །གང་བཏབ་སྙེ་མ་འབྲས་བུ་སྨིན། །བཙན་དུག་ངར་མའི་སྙིང་པོ་ལ། །བཟང་དྲུག་


MR16_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གྱི་མེ་ཏོག་འཁྲུངས། །ས་དོག་མོའི་དཀྱིལ་ན་དཀྱིལ་འཁོར་བཀྲ། །སྤང་དཀར་དཀྱིལ་ན་མེ་ཏོག་འཁྲུངས། །མི་དབུལ་པོས་ཕྱུག་གཡང་ཐང་གསུམ་ལོན། །ས་དྲུག་སྲིད་པའི་སྐོར་རྩིས་སོ། །སྤྱི་ཁྱབ་རླུང་གི་སྐོར་རྩིས་ལ། །ལི་ཡན་རླུང་ཁྲི་གཤོག་ནག་དེ། །ནམ་མཁར་འཕྱོ་བའི་རླུང་ཆེན་ཡིན། །ལི་ཡན་ལི་ཙ་དམར་མོ་དེ། །དངས་སྙིགས་འབྱེད་པའི་སེར་བུ་ཡིན། །ལི་ཡན་ཕྱར་བ་རླུང་ཆོད་དེ། །གླིང་བཞི་བསྐོར་བའི་མགྱོགས་རླུང་ཡིན། །རང་སྙན་ལྷ་ཀླུང་དཀར་མོ་དེ། །ལྷ་ཀླུང་ནམ་མཁར་ཁྱབ་པའི་རླུང་། །སྐྱེར་དཀར་ཀུ་བྱི་དུང་འདབ་དེ། །ཁོང་སྲོག་བརྟན་པའི་ཁ་དབུགས་ཡིན། །བྱ་རལ་ཁྲི་མ་དུན་དུན་དེ། །རླུང་དྲུག་ཆགས་པའི་གཞི་མ་ཡིན། །དེ་དྲུག་གི་ལན་དུ་བདུད་དྲུག་ནི། །རིམ་པ་བཞིན་དུ་སྦྱར་བྱ་སྟེ། །ཕུང་རལ་རླུང་ཆེན་སྲུབ་ནས་རལ། །གསེར་བྱ་སེར་བུ་ངད་ཐག་ཆད། །ཐང་ལེ་རླུང་སྣ་བྲག་གིས་བཅད། །སྤོ་བར་རླུང་དེ་དྲ་བར་བརྩུད། །སྐྱམ་སྔོན་ཁ་དབུགས་ཁོང་ནས་ཆད། །མ་ཟེ་རླུང་གི་ཁྲི་འཕང་ཞིག །བདུད་དྲུག་དེ་དང་མ་འཕྲད་དགོས། །རླུང་གི་མེ་ཏོག་དཀར་ཁྲ་ནག་གསུམ་པོ། །གནས་མལ་གསུམ་དང་བ་ཁོག་གསུམ། །ཕྱི་ས་བཞི་རུ་བབས་ན་གཅེས། །དེ་གསུམ་དེ་ལྟར་བབས་པ་ན། །རླུང་ཆེན་ནམ་མཁའི་དབྱིངས་ནས་འཕྱོ། །རླུང་ཚང་མི་མངོན་དབྱིངས་ན་བཅའ། །རླུང་སེང་བུས་འབྱུང་བ་དངས་སྙིགས་འབྱེད། །མགྱོགས་པའི་རླུང་གིས་གླིང་བཞི་བསྐོར། །སེམས་ཅན་ཁ་དབུགས་རླུང་ལ་བརྟེན། །རླུང་དྲུག་སྲིད་པ་ཁད་ཀྱིས་ཆགས། །རྟ་མདོ་བའི་བང་སྣ་རླུང་བས་མགྱོགས། །དམག་དཔོན་ཆུས་མགོ་རླུང་བས་མཐོ། །སྐྱེས་དར་མའི་དཔའ་སེམས་སྟག་པས་ཆེ། །རྟ་མདོ་བས་མགྱོགས་དར་ཐང་གསུམ་བླང་། །དེ་རླུང་དྲུག་སྲིད་པའི་སྐོར་རྩིས་ཡིན། །སྤྱི་ཁྱབ་འབྱུང་བའི་སྐོར་རྩིས་ལ། །ཤིང་ལོ་འདབ་རྒྱས་པ་


MR16_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་ཚེ་ཡིན། །མེ་གསལ་ལ་འབར་བ་ཨ་ཁད་ཡིན། །ས་བརྟན་ལ་བརླིང་བ་སྐྱིན་དིང་ཡིན། །ལྕགས་སྲ་ལ་གཉེན་པ་ཚོལ་ཚེ་ཡིན། །ཆུ་དར་ལ་འབྲུབ་པ་སྐྱམ་སྔོན་ཡིན། །རླུང་གྲང་ལ་བཤན་པ་སྐྱེར་ལེབ་ཡིན། །དེ་དྲུག་འབྱུང་བའི་མ་དྲུག་ཡིན། །བྱོད་ཕུར་བྱ་བུར་ལྡི་བུར་གསུམ། །སོ་སང་སྤོ་སངས་རྩེ་ར་སངས། །དེ་དྲུག་འབྱུང་བའི་བུ་དྲུག་ཡིན། །ཀྱེ་བ་ད་རོག་དམུ་དབལ་གསུམ། །རྩེ་ར་ཡར་ལྡིང་ཝ་ཚོ་དྲུག །དེ་ནི་འབྱུང་བའི་གྲོགས་དྲུག་ཡིན། །མ་ཟེ་ན་འབན་རུ་སོད་གསུམ། །ཏྲོང་དང་ཆུ་སྤང་སེ་སྟོད་དྲུག །འདི་དྲུག་འབྱུང་བའི་དགྲ་དྲུག་ཡིན། །སོ་ཡོན་སྤོ་བར་མར་ལྡིང་དང་། །ཆུ་དོ་ལི་ཡན་གླེས་སྨི་སྟེ། །འདི་དྲུག་འབྱུང་བའི་བདུད་དྲུག་ཡིན། །སོ་བྲག་སྤོ་བྲག་ཏྲོང་བྲག་གསུམ། །སྐྱེར་བྲག་དམུ་བྲག་སྐ་བྲག་དྲུག །འདི་དྲུག་འབྱུང་བའི་གཤེད་དྲུག་ཡིན། །མ་དྲུག་ལན་དུ་དགྲ་དྲུག་ན། །མ་དྲུག་པགས་པ་རལ་བ་ཡིན། །བུ་དྲུག་ལན་གྱི་བདུད་དྲུག་ན། །བུ་དྲུག་སྐུ་མཁར་འགྱེལ་བ་ཡིན། །གྲོགས་དྲུག་ལན་དུ་གཤེད་དྲུག་ན། །དགྲ་དྲུག་རྐྱེན་ཁ་ལོག་པ་ཡིན། །གཤེད་དྲུག་ལན་དུ་བདུད་དྲུག་ན། །གཤེད་དྲུག་བདུད་དུ་བབས་པ་ཡིན། །སོ་སོའི་མ་བུ་དགྲ་གྲོགས་གཤེད། །གང་དང་གང་ཕྲད་ཞིབ་བརྟགས་ལ། །མ་དྲུག་པགས་པ་རལ་མ་རལ། །བུ་དྲུག་སྐུ་མཁར་འགྱེལ་མ་འགྱེལ། །གྲོགས་དྲུག་བང་མཛོད་སྟོང་མ་སྟོང་། །དགྲ་དྲུག་གཅན་ཁ་ལང་མ་ལང་། །བདུད་དྲུག་སྲོག་ལ་བབས་མ་བབས། །གཤེད་དྲུག་དུས་སུ་ཕྱིན་མ་ཕྱིན། །ཐམས་ཅད་ཚུལ་བཞིན་བརྟག་པར་བྱ། །འབྱུང་བ་ཁོག་རྡུང་ལས་བཤད་པའི། །འབྱུང་བ་སུམ་ཅུ་རྩ་དྲུག་བཤད། །སད་མུ་ལེ་སུ་མ་ཟུར་ལྷ་ཡི་རླུང་། །ལྷ་ཁམས་ཐམས་ཅད་འདི་ལས་གྲོལ། །ལི་ཡན་རླུང་ཁྲི་གཤོག་ནག་ལྷ་མིན་རླུང་། །དམུ་དབལ་བ་སྣ་ཕུར་བཞི་མི་ཡི་རླུང་། །སྐྱེར་ནག་སྒོ་བརྒྱག་བྱོལ་


MR16_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སོང་རླུང་། །ལི་ཡན་ར་བཞི་བརྒྱག་པོ་ཡི་དྭགས་རླུང་། །མ་ཟེ་སྒོ་བཞི་དམྱལ་བའི་རླུང་། །དེ་རིགས་དྲུག་རླུང་གི་ཁམས་དྲུག་ཡིན། །རླུང་དྲུག་ནང་ནས་ལྷ་རླུང་བཟང་། །སུམ་ཟུར་ཨ་ཁད་ལྷ་ཡི་མེ། །ལྷ་ཁམས་ཐམས་ཅད་འདི་ལས་གྲོལ། །དེ་བཞིན་བྱ་ཡུན་ཁ་ཐུན་ནམ། །སོལ་བྱ་ལྷ་མ་ཡིན་གྱི་མེ། །དིང་ནམ་དཀར་མོ་ཞེས་པའམ། །རྐང་སྤར་ལྡི་བུར་མི་ཡི་མེ། །སུམ་ཟུར་ཨ་ཁད་སྒོ་བརྒྱག་གམ། །སྤྲེལ་སྟག་ཞར་བ་བྱོལ་སོང་མེ། །ག་ཆུ་བྱ་ཡུན་ཞེས་པའམ། །ཕུང་ཁད་ཡི་དྭགས་རྣམས་ཀྱི་མེ། །མུ་དམར་སྒོ་བརྒྱག་ཅེས་པའམ། །ཕུང་ཁད་ཞར་བ་དམྱལ་བའི་མེ། །མེ་དྲུག་ནང་ནས་ལྷ་མེ་བཟང་། །སང་ཟེ་དབལ་སྟག་ཅེས་པའམ། །སྲང་ཟེ་བུ་བརྒྱག་ལྷ་ཡི་ས། །རི་རབ་བོད་མི་གཅེས་པའམ། །སོ་སངས་ལྷ་མ་ཡིན་གྱི་ས། །སྐྱིན་དིང་རིན་ཆེན་གུར་བཀྲ་མི་ཡི་ས། །བྱ་རལ་ལུམ་བུས་བྱོལ་སོང་ས། །ནག་པོ་ཐོད་ཡོད་ཅེས་པའམ། །སེ་སྟོད་ནག་ཐོག་ཡི་དྭགས་ས། །བན་རྒོད་ཁྲ་མོ་ཞེས་པའམ། །དམུ་དག་ནག་ཐོག་དམྱལ་བའི་ས། །དེ་རིགས་དྲུག་གྲོལ་བའི་ས་དྲུག་ཡིན། །ཚོལ་ཚེ་གུར་བཀྲ་ཞེས་པའམ། །ཚོལ་ཚེ་བུ་བརྒྱག་ལྷ་ཡི་ལྕགས། །ད་དཀར་ཟེ་ཟེ་ཞེས་པའམ། །སྐ་བྲག་ཚོལ་ཚེ་ལྷ་མིན་ལྕགས། །སྤོ་ཚེ་གུར་བཀྲ་ཞེས་པའམ། །ར་བཞི་བརྒྱག་པ་མི་ཡི་ལྕགས། །རུ་སོད་དཔལ་དར་བྱོལ་སོང་ལྕགས། །སོ་ཡོན་ནག་མེ་ཡི་དྭགས་ལྕགས། །སྤོ་བར་རྟིང་བཤལ་དམྱལ་བའི་ལྕགས། །དེ་དྲུག་ལྕགས་ཁམས་རྣམ་པ་དྲུག །དིང་དིང་གུར་བཀྲ་ལྷ་ཡི་ཆུ། །ཁྱུང་བརྒྱང་རོག་པོ་ལྷ་མིན་ཆུ། །ད་རོག་འཕྲུལ་ཤ་མི་ཡི་ཆུ། །སྐྱམ་ནག་མ་ཟེ་བྱོལ་སོང་ཆུ། །སྐྱམ་གྱི་སྒོ་བརྒྱག་ཡི་དྭགས་ཆུ། །སྐྱམ་ཆད་སྒོ་བརྒྱག་དམྱལ་བའི་ཆུ། །རིགས་དྲུག་གྲོལ་བའི་ཆུ་དྲུག་ཡིན། །རྩེ་ར་དཀར་པོ་ལྷ་ཡི་ཤིང་། །ཝ་ཚོ་སྒོ་བརྒྱག་ལྷ་མིན་ཤིང་། །


MR16_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་དག་དྲང་ཤིང་མི་ཡི་ཤིང་། །མར་ལྡིང་ནག་པོ་བྱོལ་སོང་ཤིང་། །ཁྲི་མ་ཁྲི་ཐོག་ཅེས་པའམ། །གནམ་ས་བྱ་རལ་ཡི་དྭགས་ཤིང་། །ཁྲི་མ་ལག་ཆགས་ཅེས་པའམ། །སྤོ་བྲག་མདུད་འཛིན་དམྱལ་བའི་ཤིང་། །དེ་རིགས་དྲུག་གྲོལ་བའི་ཤིང་དྲུག་ཡིན། །ལྷ་དྲུག་ལན་དུ་དམྱལ་དྲུག་ངན། །བབས་ན་འབུམ་འདོན་ཚ་ཚ་གདབ། །མི་ལ་བདུད་དུ་ལྷ་མིན་འཇིགས། །བབས་ན་ཚེ་གཟུངས་བདུད་བཀར་བྱ། །བྱོལ་སོང་དྲུག་ལ་དམྱལ་དྲུག་འཇིགས། །བབས་ན་ཡས་དང་དར་མི་བོར། །ལྷ་མིན་དྲུག་ལ་བྱོལ་སོང་འཇིགས། །ཆོས་འདོན་ཆུ་སྦྱིན་བདུད་བཟློག་བྱ། །དམྱལ་བ་དྲུག་ལ་ཡི་དྭགས་འཇིགས། །ཆུ་སྦྱིན་འགོང་བཀར་གཡང་སྐྱབས་བྱ། །ལྷ་མིན་ཡི་དྭགས་ལན་མ་རྙེད། །ཡང་ཤིང་ལ་རང་བདུད་རྣམ་གསུམ་ཡོད། །ཤིང་དྲང་པོར་སྐྱེས་པ་སྟར་ཡུ་བྱས། །སྟར་ཡུ་བྱས་པས་ཤིང་སྲོག་གཅོད། །དེ་སྐྱེར་གྱི་རྐོང་ཚེ་དུན་དུན་ཡིན། །ཤིང་འགུག་པོར་སྐྱེས་པ་ཏིའུ་ཡུ་བྱས། །རྟིའུ་ཡུ་བྱས་པས་རང་སྲོག་བཅད། །དེ་ནི་སྤོ་ཡི་ཁ་བུར་ཡིན། །ཤིང་འགུག་པོར་སྐྱེས་པས་ཟོར་ཡུ་བྱས། །ཟོར་ཡུ་བྱས་པས་རང་སྲོག་བཅད། །དེ་ནི་མར་ལྡིང་ཁུ་ཡོར་ཡིན། །འདི་གསུམ་ཤིང་གི་རང་བདུད་ཡིན། །ཤར་སྟག་ཡོས་ལོ་པའི་མཐའ་མིག་ཡིན། །རྡོ་ལྕགས་བར་གྱི་མེ་དེ་ནི། །ཏྲོང་གི་སུམ་ཟུར་ཨ་ཁད་ཡིན། །དྲག་པོ་ཐོག་མེ་ཏྲོང་ཕུང་ཁད། །མགྱོགས་པ་གློག་གི་མེ་དེ་ནི། །ཀྱེ་བ་སད་དེ་ཏྲོང་ཁད་ཡིན། །མེ་འདི་གསུམ་མི་རྟག་མོད་ལ་འཇིགས། །རྟ་སྤྲུལ་ལོ་པའི་མཐའ་མིག་ཡིན། །དྲང་པོ་ལམ་གྱི་ས་ཐང་ལེ། །བརྡལ་བ་ཞིང་གི་ས་སོ་ཡོན། །འཁྱོགས་པོ་ངམ་པ་ཕུང་བྱལ་དེ། །ས་རང་བདུད་འབེབས་པ་རྣམ་གསུམ་ཡིན། །མཚམས་


MR16_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལོ་པའི་མཐའ་མིག་ཡིན། །དྲང་པོར་སྐྱེས་བའི་གདར་དེ་ནི། །ཚོལ་ཚེ་སྒོ་ལ་བརྒྱག་སོང་ཡིན། །འཇོང་པོར་སྐྱེས་པའི་ཐོ་བ་ནི། །སྐ་བྲག་ཚོལ་ཚེ་ཞར་བ་ཡིན། །འཁྱོགས་པོར་སྐྱེས་པའི་སྐམ་པ་ནི། །སད་དཀར་ཚོལ་ཚེ་སྒོ་བརྒྱག་ཡིན། །དེ་གསུམ་ལྕགས་ཀྱི་རང་བདུད་ཡིན། །བྱ་སྤྲེལ་ལོ་པའི་མཐའ་མིག་ཡིན། །དོང་ཁའི་ཆུ་དེ་སྐྱམ་སེ་ཡིན། །འཁྱོགས་པོའི་ཆུ་དེ་ཏྲོང་སྲང་ཟེ། །འགུག་པོ་དམུ་ངམ་ཐེས་སྐྱམ་ཡིན། །དེ་གསུམ་ཆུ་ཡི་རང་བདུད་ཡིན། །འབྱུང་བའི་རང་བདུད་འདི་དག་རྣམས། །གནམ་ལོ་ལོག་མིན་གདན་ས་རུ། །ཞགས་པས་མི་ཁྱིག་བདུད་གསུམ་ཡིན། །རུས་ཁམས་སྡེ་ལྔ་རང་རང་གི། །བདུད་ཡིན་འདི་དང་འཕྲད་ན་ངན། །རུས་སོ་སོའི་སྲི་འདུལ་བྱེད་ན་བཟང་། །རུས་ཀྱི་སྲི་དེ་སོད་པ་ཡིན། །འདི་ཡི་མདུད་དཔེ་མ་དག་པས། །རེ་ཟུང་ནོར་བ་ཡོད་ན་ཆོས། །སྤར་ཁ་བརྒྱད་དུ་བརྩི་བ་ན། །ཨ་ཁད་ལི་ལ་སྐྱིན་དིང་ཁོན། །ཚོལ་ཚེ་དྭ་ལ་ཡར་དིང་ཁེན། །སྐྱམ་ནི་ཁམ་ལ་གལ་བར་གིང་། །སྤོ་ཚེ་ཟིན་ལ་ལི་ཡན་ཟོན། །སྤར་ཁ་བརྒྱད་ཀྱི་བླ་མདུད་ཡིན། །ལི་ལ་སྐྱོན་བྱུང་མདུན་གྱིས་ཕོག །ཁོན་ལ་སྐྱོན་བྱུང་མ་ཕྱི་ངན། །དྭ་ལ་སྐྱོན་བྱུང་བུ་ཚ་ངན། །ཁེན་ལ་སྐྱོན་བྱུང་ཕ་ཁུར་ངན། །ཁམ་ལ་སྐྱོན་བྱུང་བྲན་གཡོག་ངན། །གིང་ལ་སྐྱོན་བྱུང་ཕུ་ནུར་ངན། །ཟིན་ལ་སྐྱོན་བྱུང་བུ་སྲིང་ངན། །ཟོན་ལ་སྐྱོན་བྱུང་བུད་མེད་ངན། །སྐྱོན་ཞེས་བྱ་བ་གང་ཞེ་ན། །ཨ་ཁད་ལན་དུ་སྐྱམ་བབ་ན། །མེ་མགོ་ཆུ་ཡིས་མནན་པ་ཡིན། །སྐྱིད་ལ་རྐེད་ཆད་འོང་དོགས་ཡོད། །གཏོ་ལ་ཆུ་གྲོད་བཅུ་གསུམ་བྱད་དུ་བོར། །ལྷ་བཙན་དགྲ་བླ་མཆོད་ན་ཕན། །སྐྱིན་དིང་ལན་དུ་ལི་ཡན་ན། །ཐང་ཆེན་རླུང་གིས་ཁྱེར་བ་ཡིན། །ཡུལ་ལ་འཕོ་འཆུག་འོང་ངོ་ཡིན། །སྟོང་ཡས་བོར་ལ་གསས་མཁར་བསྟོད། །ཚོལ་ཚེའི་ལན་དུ་སྐྱམ་ངན་རིགས། །མར་ཁུ་


MR16_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཆུར་ཁུ་རེད་པ་ཡིན། །ཕྱུག་པོ་དབུལ་པོ་རེད་པ་ཡིན། །ཤིང་མི་རེ་སྒྱེ་ཁུར་བ་བོར། །གསེར་དང་ཕྱེ་མར་གཡང་རྟེན་བཅའ། །ཡར་དིང་ལན་དུ་ཆོལ་ཚེ་ན། །ཁྲ་བ་ཅན་དུམ་བུ་གསུམ་དུ་སོང་། །ཕ་ཆེན་གློ་བུར་ཤི་དོགས་ཡོད། །ཁྲབ་བྱང་ངར་མི་སྦྲགས་ལ་བོར། །མཆོད་རྟེན་བརྩིགས་ལ་གསས་མཁར་བསྟོད། །སྐྱམ་གྱི་ལན་དུ་རུ་སོད་ན། །འཕེལ་ཆུ་བདུད་ཀྱི་བཅད་པ་ཡིན། །རྩ་སེལ་བྱས་ལ་ར་དཀར་བཙན། །མར་མེ་ལྷ་བཞིས་ལོ་གྲངས་བྱ། །ལན་ཆགས་གཏོར་མ་ལོ་གྲངས་བྱ། །གལ་བར་ལན་དུ་བྱ་རལ་ན། །རི་རབ་སྐེད་པ་ཆད་པ་ཡིན། །སྐྱིད་ལ་སྐེད་ཆད་འོང་བ་ཡིན། །ཤིང་ནག་དག་ལ་མི་གཟུགས་བྱ། །སྐེད་པ་གྲིས་བཅད་ཁོག་སྟོད་ལ་བཙས་གསོ། །ཁོག་སྨད་བཅད་དུ་ཡོ་ཟོར་བྱེད། །སྤོ་ཚའི་ལན་དུ་སོ་ཡོན་ན། །སྐྱེ་ཤིང་སྟ་རེས་བཅད་པ་ཡིན། །ཕག་གསོ་བ་མི་ཁ་བརྒྱ་འཇལ་བྱེད། །སྟོད་ཡས་བཅས་པ་ནུབ་ཏུ་བོར། །ཚེ་ཆོག་བྱ་ལ་ཚྭ་ཚྭ་གདབ། །ལི་ཡན་ལན་དུ་མ་ཟེ་ན། །ལྷ་ལ་བཙན་གྱིས་ཐོ་བརྩམས་པས། །བཙན་བཀར་བྱས་ལ་བྱ་ཕོ་གཏོང་། །ཡུལ་གྱི་གཞི་བདག་བཅོས་པར་བྱ། །སྤོ་ཚེའི་ལན་དུ་ཕུད་རལ་དང་། །ཨ་ཁད་ལན་གྱི་སྐྱམ་སེ་དང་། །ཚོལ་ཚེ་ལན་གྱི་བག་ཚེ་དང་། །སྐྱམ་བུ་བརྒྱག་ལན་གྱི་ཕུག་ཁད་དང་། །སྐྱིན་དིང་ལན་གྱི་ཕུང་བྱལ་དང་། །ཡར་དིང་ལན་གྱི་མར་དིང་དང་། །གར་བར་ལན་གྱི་ན་འབན་དང་། །ལི་ཡན་ལན་གྱི་ཕུང་བར་རྣམས། །སོ་སོའི་འབྱུང་བ་རྒྱུད་པ་ཡིན། །དེ་ཡང་སྤར་ཁ་རང་རང་ལོའི། །སྟེང་དུ་བབས་ན་རང་གཞན་ཡིན། །གཞན་ལ་སོ་སོའི་ཁམས་མིང་བཏགས། །ཟིན་སྟག་ཡོས་སྟེང་དུ་ཤིང་གི་ཟིན། །རྟ་སྤྲུལ་ལ་མེ་ཡི་ཟིན་དང་ནི། །མཚམས་བཞི་ལ་ས་ཡི་ཟིན་སོགས་འགྲེ། །འབྱུང་ཁམས་འཐབ་ཚུལ་ཤིན་ཏུ་མང་། །ད་ནི་སྨེ་བ་


MR16_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་མོ་མདུད། །གཅིག་དཀར་དཀར་ཐོག་གཡུང་དྲུང་ཡིན། །གཉིས་ནག་སོ་ཡོན་ལིང་ཀུན་ཡིན། །གསུམ་མཐིང་སྐྱིན་དིང་གཡུ་ཐོག་ཡིན། །བཞི་ལྗང་བག་ཚོ་ཁྲ་ཆུང་ཡིན། །ལྔ་སེར་གལ་བར་ཐོད་དཀར་ཡིན། །དྲུག་དཀར་རང་སྙན་ལྷ་རླུང་ཡིན། །བདུན་དམར་རེ་སེ་ཀྱུ་ནེ་ཡིན། །བརྒྱད་དཀར་ཚོལ་ཚེ་བུ་བརྒྱག་ཡིན། །དགུ་དམར་ཨ་ཁད་རྩེ་མ་ཡིན། །སྲོག་སྨེད་དབུས་བཞག་གར་ཕྱིན་ཐིག །ལྔ་སེར་དབུས་བཞག་གཞན་བརྒྱད་པོ། །ལི་དང་དགུ་དམར་སྦྱར་བ་སོགས། །གང་རྩུབ་སྤར་ཁའི་སྨེ་བ་བསྐོར། །སྨེ་བ་གར་ཕྱིན་དེ་དང་ནི། །མདུད་བའི་དགྲ་གྲོགས་དཔྱད་པར་གསུངས། །ལོ་སྐོར་བཅུ་གཉིས་མདུད་པ་བཤད། །གཅིག་ཡེ་སྨོན་རྒྱལ་པོ་བྱི་བའི་ལོ། །བླ་ནི་སྐྱིན་དིང་དཔལ་དིང་དིང་། །བདུད་ནི་སོ་ཡོན་ནག་མོ་ཡིན། །ངམ་རྗེ་རྩོལ་པོ་གླང་གི་ལོ། །བླ་ནི་གཉིས་ཀྱི་གལ་བར་ཡིན། །དཔལ་ནི་ཚོལ་ཚེ་ཡིན་ལ་བདུད། །གལ་བར་ཕུང་མ་རྒྱ་མཐའ་བྲག །སྨོན་སྲས་སྒོམ་པོ་སྟག་གི་ལོ། །བླ་ནི་རང་སྙན་དཔལ་ཝ་ཚོ། །བདུད་ནི་སྐྱེར་ནག་སྟག་རལ་བྲག །རྨ་བུ་སྟོ་བ་ཡོས་བུའི་ལོ། །བླ་ནི་རྐང་སྤར་དག་ཡིན་ལ། །དཔལ་ནི་ཝ་ཚོ་དུག་མིག་ཡིན། །བདུད་ནི་བཞི་ཡི་རུ་སོད་ཡིན། །སྡང་སྲས་འཕྲུལ་བུ་འབྲུག་གི་ལོ། །བླ་ནི་ལྷང་ཟེ་དཔལ་གསུམ་མཉམ། །བདུད་ནི་ཨ་ཁད་ངན་རིགས་ཡིན། །ངམ་བོན་ཁྲ་ལེ་སྦྲུལ་གྱི་ལོ། །བླ་ནི་ད་རོག་དཔལ་བྱ་ཡུན། །བདུད་ནི་སྐ་བྲག་བྱ་རལ་ལོ། །གཡའ་སྤང་སྐྱེས་གཅིག་རྟ་ཡི་ལོ། །བླ་ནི་སྤོ་ཚ་ཡིན་ལ་དཔལ། །སད་ཀྱི་མ་ལ་དུན་བཏགས་ཡིན། །བདུད་ནི་སྤོ་བར་སྒོ་བརྒྱག་ཡིན། །ཡང་ན་བླ་དག་དཔལ་ལུགས་གཅིག །སྤོ་ཡི་མའུ་དུན་བཏགས་དང་། །སྐྱེར་དཀར་དག་ཏུ་བཤད་པའང་ཡོད། །ཤཱཀྱ་ཐུབ་པ་ལུག་གི་ལོ། །བླ་ནི་ཚོལ་ཚེ་བའུ་བརྒྱག་ལ། །དཔལ་ནི་ཨ་ཁད་རྩེ་མ་ཡིན། །བདུད་ནི་རུ་སོད་དག་ཡིན་ནོ། །འཕྲུལ་གཤེན་གཙུག་ཕུད་སྤྲེལ་གྱི་ལོ། །བླ་ནི་སད་ཀྱི་དུན་ཐག་དཀར། །དཔལ་ནི་སད་སྔ་གྱེར་རྒྱུང་ཡིན། །བདུད་


MR16_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སད་ཀྱི་བྱི་ལ་སྦྲུལ་འཇུས་ཡིན། །ཆུ་ལྕམ་རྒྱལ་མོ་བྱ་ཡི་ལོ། །བླ་ནི་དངས་མ་གཡུ་སྒྲོན་ཡིན། །དཔལ་ནི་བཅུ་ཡི་དཀར་ཐོག་ལ། །བདུད་ནི་རུ་སོད་གཡོན་བརྒྱག་ཡིན། །ལྷ་བུ་ལོད་པོ་ཁྱི་ཡི་ལོ། །བླ་ནི་བྱ་རལ་རིན་ཆེན་ཡིན། །དཔལ་ནི་ཨ་ཁད་རྩེ་མ་ལ། །འདུད་ནི་ཆུ་སྤར་སྐྱམ་ནག་ཡིན། །དམ་ལྕམ་དམར་མོ་ཕག་གི་ལོ། །བླ་ནི་སྐྱམ་སྔོན་དཔལ་ཚོལ་ཚེ། །བདུད་ནི་སྤོ་བར་སྒོ་བརྒྱག་ཡིན། །བཅུ་གསུམ་དཔག་བསམ་ཤིང་གི་རྩེ། །ཕོ་ལྷ་དུང་ཁྱུང་བཞུགས་ས་ཡིན། །བླ་ནི་ཡར་དིང་དཔལ་ཝ་ཚོ། །བདུད་ཕུང་བར་ནེ་ཆུང་སེ་སྟོད་ཡིན། །རང་རང་ལོ་ཡི་གནས་མལ་དུ། །ལོ་བླ་བབས་ན་དབང་ཐང་ཡིན། །ལོ་དཔལ་བབས་ན་དཔལ་ཆེ་ཡིན། །ལོ་བདུད་བབས་ན་གཤིན་རྗེ་ཡིན། །གལ་ཏེ་ལོ་བདུད་བབས་ན་གཏོ། །བྱི་བའི་ལོ་བདུད་རྟ་ཐོད་དང་། །ངར་མི་བྱི་བ་གསུམ་གྱིས་ཐུབ། །གླང་བདུད་མི་ཁའི་རྫས་དང་ནི། །གླང་ཐོད་ལུག་སྙིང་གསུམ་གྱིས་ཐུབ། །སྟག་བདུད་སྦྲེལ་ཐོད་ངར་མི་དང་། །སྟག་རལ་བཏགས་པ་གསུམ་གྱིས་ཐུབ། །ཡོས་བདུད་བྱ་ནག་ཕོད་དང་ནི། །རི་བོང་ཕག་སྙིང་གསུམ་གྱིས་ཐུབ། །འབྲུག་བདུད་འབྲུག་གི་ཕོ་གདོང་ནི། །ཁྱི་དང་བོང་བུའི་མགོ་ལ་བསྐྱོན། །ཁྲག་ཕོར་ནང་དུ་རྡོ་ནག་བཅུག །སྦྲུལ་བདུད་ཕག་གི་ཐོད་པ་རུ། །སྦྲུལ་གྱི་ཤུན་པ་བཅུག་པས་ཐུབ། །རྟ་བདུད་གཞོང་ཆག་སྦྲུལ་ཤུན་ཐུབ། །ལུག་བདུད་གཡག་རུའི་ནང་དུ་ནི། །རྡོ་ནག་ལོ་གྲངས་བཅུག་པས་ཐུབ། །སྤྲེལ་བདུད་གྲི་ཡས་སྤྲེལ་གྱི་གསོབ། །ངར་མི་དང་བཅས་གསུམ་གྱིས་ཐུབ། །བྱ་བདུད་ཡ་བ་རྒུ་ཕྲུག་དང་། །སྟོང་ཡས་རི་བོང་གསོབ་ཀྱིས་ཐུབ། །ཁྱི་བདུད་ངར་མི་ཁྲབ་ཅན་ལ། །ལྷམ་སྒྲོགས་གཡོན་པ་བཏགས་པས་ཐུབ། །ཕག་བདུད་དྲ་བའི་ནང་དུ་ནི། །ངར་མི་བཅུག་ལ་ཕག་གི་


MR16_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །དགུ་བཅས་ཕག་ཐོད་ནང་དུ་བོར། །སྤྱིར་ལོ་བདུད་གང་ལའང་གསུང་རབ་འདོན། །ཚེ་ཆོག་བསྐོར་བ་ལྷ་གསོལ་དང་། །བསང་ཆེན་བྱ་ཞིང་དབང་བསྐུར་ཞུ། །ཡང་བཅུ་གསུམ་དཔག་བསམ་ཤིང་གི་བདུད། །བཅུ་གསུམ་སྟེང་གི་ན་འབན་ཡིན། །བབས་ན་དཔག་བསམ་རྩེ་མོ་ཐོག་གིས་བཅད། །གཉན་བཅོས་དང་ནི་བསང་བྱའོ། །མ་ཟེ་དཔག་བསམ་བཙན་གྱིས་བཤིག །བཙན་བཀར་བ་དང་ཞི་བ་བྱ། །རུ་སོད་དཔག་བསམ་བདུད་ཀྱིས་བཤིག །ཤ་རྒྱས་བཀྱག་ལ་གྲི་ཡས་བོར། །སོ་ཡོན་དཔག་བསམ་རྩེ་མོ་མུན་པས་གཡོགས། །རེ་སྒྱེར་སྟོང་ཡས་བཅུག་ལ་བོར། །སེ་སྟོད་ཤིང་རྩེ་ཁྲག་ལ་འདྲེས། །གྲི་བོ་བཀར་བའི་ཡས་མདོས་བྱ། །ཕུང་རལ་ཤིང་རྩེ་བྱ་འདྲེས་བཤིག །ཁྱི་སྐོམ་ནང་དུ་གསེར་བཅུག་བོར། །ཡར་གྱི་གནམ་སྒོ་བཅད་པར་བྱ། །སྤོ་བར་ཤིང་རྩེ་གྱོད་ཀྱིས་བཤིག །ཡར་ལ་ཞི་བའི་ལྷ་བསང་བྱ། །ཕུང་ཁད་ཤིང་རྩེ་མཁོན་གྱིས་བཤིག །མི་ཁ་སྣ་བསྒྱུར་ཆོ་ག་བྱ། །བག་ལྡི་དང་ནི་ལི་ཡན་ན། །དཔག་བསམ་རྩེ་མོ་མུག་གིས་གཡོགས། །བ་མགར་བྱ་མ་བྱིལ་གྱི་མར་སེལ་བྱ། །དེས་འགྲེ་གང་ཕན་གཏོ་ཐིག་འབོགས། །ཡང་སྒྱུ་མ་གསེར་འབུམ་ལས་གསུངས་བ། །ཨ་ཁད་ལི་ལ་སྐྱིན་དིང་ཁོན། །ཚོལ་ཚེ་དྭ་ལ་ཡར་དིང་ཁེན། །སྐྱམ་ནི་ཁམ་ལ་གར་བར་གིང་། །དམུ་དག་ཟིན་ལ་ལི་ཡན་ཟོན། །དེ་བརྒྱད་སྤར་ཁ་སྡེ་བརྒྱད་ཡིན། །སྐྱམ་དང་ཕུང་བར་བྱ་རལ་དང་། །མུ་ས་རྫ་རྒོད་ཕུང་རལ་དང་། །སོ་ཡོན་དང་ཕུང་ཁད་སྒོ་བརྒྱག་དང་། །ཐང་ལེ་སྣ་དམར་མར་དིང་སྒོ་བརྒྱག་དང་། །ཆུ་དོ་ལི་ཡན་བརྒྱད་པོ་འདི། །ལི་སོགས་སྤར་ཁ་བརྒྱད་པོ་ཡི། །དགྲ་རུ་རིམ་པ་བཞིན་དུ་བཤད། །སྤར་བརྒྱད་སོ་སོའི་བླ་མདུད་རྣམས། །བརྒྱག་བཟང་དྭངས་མས་བསྒྱུར་བའམ། །ཐམས་ཅད་


MR16_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་བརྒྱག་པ་དེ། །སྤར་ཁ་རང་རང་ལྷ་ཡིན་བཟང་། །གཅིག་སོགས་སྨེ་དགུའི་གནས་མལ་དུ། །བབ་པའི་ལྷ་འདྲེ་དགུ་བཤད་པ། །གཅིག་དཀར་སྨེ་བའི་གདན་ཐོག་ན། །ལྷ་མོ་བརྟན་མ་ཕག་ལ་ཆིབས། །ཡུལ་དགྲ་ལ་ཨི་འཆོར་འདི་ལ་བལྟ། །སྤོ་བར་ལིང་རྒྱུད་དཀར་པོ་ན། །མདོ་ལོང་ཁྲི་བཞི་པདྨ་རིས། །ཡབ་ས་བདག་རྒྱལ་པོའི་གདན་ཁྲི་ཡིན། །ལྷ་འདི་བབ་ན་དགྲ་མི་འཚོར། །ཆུ་དོ་ལི་ཡན་བབ་པ་ན། །གཅིག་དཀར་དག་གི་འདྲེ་ཡིན་པས། །ཡུལ་མཁར་དགྲ་ལ་འཆོར་བ་ཡིན། །གཉིས་ནག་སྨེ་བའི་གདན་ཐོག་ན། །བདུད་རྒྱལ་ནག་པོ་རྟ་ལ་ཆིབས། །བདུད་རྟིང་ནས་ཁྲོས་ན་སྲོག་ལ་འབབ། །བདུད་ཀྱི་ཟ་ཁ་བཟློག་པ་ལ། །རུ་སོད་དམ་ནག་ལྕགས་སྲན་བརྒྱག །འབྲུ་ཡི་དཔའ་དར་ཁྲ་བོ་དགོས། །ལྷ་འདི་བབ་ན་བདུད་མི་གནོད། །རུ་སོད་སྒོ་བརྒྱག་འདྲེ་ཡིན་གནོད། །གསུམ་མཐིང་མ་ཡམ་ནག་མོ་བོང་བུ་ཆིབས། །བསེན་མོས་གྲོང་ཁྱེར་བཅས་ན་ངན། །བསེན་མོའི་གྲོང་ཁྱེར་འཇོམས་པ་ལ། །དགྲ་འདུལ་གྲུབ་པ་མཐུ་ཆེན་དགོས། །ལྡི་བུར་དབུ་མ་སྟག་རྩེ་ན། །མེ་འོད་གློག་རྩེ་དམར་པོ་བརྒྱག །ལྷ་འདི་དང་འཕྲད་ན་བསེན་མོ་འདུལ། །ཝ་སྐྱམ་ཁྲི་དོམ་ནག་པོ་བབ། །སྨེ་བའི་འདྲེ་ཡིན་བསེན་མོས་འཇོམས། །བཞི་ལྗང་སྨེ་བའི་གདན་ཐོག་ན། །ཀླུ་རྒྱལ་འཇོག་པོ་ཆུ་སྲིན་ཆིབས། །ཀླུ་རིགས་བཞི་ཡི་ཕོ་བྲང་མི་སྟོང་བའི། །དགོས་འདོད་ནོར་བུ་རིན་ཆེན་དགོས། །བྱ་རལ་བསེ་ཁྲ་ཆེན་པོ་ན། །ཁྲི་མ་དུན་དུན་གསེར་མིག་བརྒྱག །ཡིད་བཞིན་ནོར་བུ་རིན་ཆེན་ཡིན། །སྨེ་བའི་ལྷ་འདི་བབས་ན་བཟང་། །སྐ་བྲག་བྱ་རལ་བཞི་ལྗང་འདྲེ། །འདི་བབས་ན་ཀླུ་ཡི་ཕོ་བྲང་སྟོང་། །ལྔ་སེར་སྨེ་བའི་གདན་སྟེང་ན། །གཉན་གིང་དམར་པོ་ཤ་བ་ཆིབས། །རྡོ་རྗེའི་བྲག་རི་


MR16_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཞིག་པའི། །རིན་ཆེན་གསེར་གྱི་སྐྱ་མཁར་དགོས། །ཤ་རིང་རང་ཤག་ཁྲ་མོ་ན། །གསེར་མཁར་སེར་པོའི་ཡང་རྩེ་བརྒྱག །ལྷ་འདི་དང་འཕྲད་ན་བྲག་རི་བརྟན། །འདྲེ་ན་འབན་བབ་ན་ཞིག་པ་ཡིན། །དྲུག་དཀར་བེ་དཀར་རྒྱལ་པོ་སེང་གེ་ཆིབས། །སྐུ་མཁར་ཐོག་གིས་མི་འཇིག་པའི། །འཇིགས་མེད་གསེར་གྱི་ཁ་བད་དགོས། །དིང་དིང་ཁ་ལེ་དཀར་མོ་ན། །ཁྲི་འོད་དཀར་དགྲ་བླ་གཤོག་རིང་བརྒྱག །ལྷ་འདི་དག་བབ་ན་སྐུ་མཁར་བརྟན། །དྲོང་ཤོ་བྱི་ཤོ་ཤག་བབ་ན་འཇིགས། །བདུན་དམར་ཡ་བ་རྐྱ་གཅིག་ཟངས་རྟ་ཆིབས། །བཙན་གྱི་ཇག་པར་ཟློག་པ་ལ། །ཡེ་ཤེས་ལྷ་ཡི་སོ་པ་དགོས། །རང་ཉི་འོད་གྲམ་བུ་ཟླ་ཚེས་ན། །ཉི་འོད་གསལ་བའི་སྒྲོན་མ་བརྒྱག །ལྷ་འདི་དང་འཕྲད་ན་བཙན་ཁ་འཇོམས། །མ་ཟེ་ཨོག་དམར་བབ་པ་ན། །བཙན་གྱི་ཇག་པ་ལངས་བ་ཡིན། །བརྒྱད་དཀར་ལྷ་དབང་རྒྱལ་པོ་གླང་ཆེན་ཆིབས། །དེར་གུར་ཆེན་རླུང་གིས་མི་ཕོག་པའི། །འཇའ་སྔོ་དམར་བསྡེབས་པའི་ཐག་པ་དགོས། །དོག་ཚང་ཁྲ་མོ་ངད་ངོད་ན། །འཇའ་འོད་གཡུ་ཡི་རི་མོ་བརྒྱག །དེ་འཇའ་སྔོ་དམར་བསྡེབས་པའི་ཚོན་ཐག་ཡིན། །ལྷ་འདི་དང་འཕྲད་ན་གུར་མི་འཕོག །ལི་ཡན་སྐྱ་བཞི་བབ་ན་འཕོག །དགུ་དམར་དཔལ་ལྡན་ལྷ་མོ་དྲེལ་ལ་ཆིབ། །ནད་ཀྱི་ཁ་རླངས་མི་གཏོང་ཕྱིར། །བདུད་རྩི་སྨན་གྱི་མེ་ཏོག་དགོས། །ཐང་ལེ་དུང་འོད་དཀར་མོ་ན། །ཟླ་འོད་གཡུ་ཡི་ཆུ་མིག་བརྒྱག །དེ་བདུད་རྩི་སྨན་གྱི་མེ་ཏོག་ཡིན། །ལྷ་འདི་བབ་ན་མ་མོ་ཡི། །ནད་ཀྱི་ཁ་རླངས་མི་གཏོང་ངོ་། །ཕུང་བར་ཨ་ཁད་བབ་པ་ན། །དགུ་དམར་སྨེ་བའི་འདྲེ་ཡིན་པས། །མ་མོ་ཁྲོས་པའི་ཁ་རླངས་འཐོར། །དེ་སྨེ་བའི་ལྷ་དགུ་འདྲེ་དགུ་ཡིན། །ཡང་ལོ་སྐོར་བཅུ་གཉིས་བླ་མདུད་དང་། །ལོ་ལྷ་ལོ་བདུད་བཤད་པ་ནི། །ཡེ་སྨོན་རྒྱལ་པོ་བྱི་བའི་ལོ། །བླ་སྐྱེར་གྱི་ལྷང་ལྷང་མཆེད་


MR16_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཡིན། །དེ་ཆབ་གཙང་པོས་ཁྱེར་བའི་བདུད་དེ་ནི། །སྐྱམ་ཁམས་ཉི་ཤུ་རྩ་ལྔ་ཡིན། །སྐྱེར་གྱི་ལྡང་བྱེད་མཆེད་བརྒྱད་དེ། །གཏིང་མེད་མཚོ་ལ་མི་ནུབ་པའི། །དགྲ་བླའི་དུང་རྟ་སྔོན་པོ་དགོས། །སྐྱེར་དཀར་ཁྲི་ལེ་འོད་དཀར་ཡིན། །ཡབ་ལྷ་བདལ་དྲུག་གླང་གི་ལོ། །བླ་གལ་བར་རི་བོ་སྟོང་བཞི་ཡིན། །རི་རྨང་འཇིག་བྱ་རལ་ཉེར་བཞི་ཡིན། །རི་རབ་རྨང་ནས་མི་འཇིག་བའི། །རྫུ་འཕྲུལ་བ་གླང་སྟོབས་ཆེན་དགོས། །དེ་གལ་བར་མུན་རུམ་དཀར་པོ་ཡིན། །རྒྱལ་བུ་མཐིང་གི་སྟག་གི་ལོ། །བླ་དམུ་དག་དྲང་ཤིང་ལྡེམ་པ་ཡིན། །ཤིང་རྐེད་ཆག་མར་ལྡིང་ཁུ་ཡོར་ཡིན། །ཤིང་ཆེན་རྐེད་ནས་མི་ཆག་པའི། །རིན་ཆེན་སྣ་ལྔའི་སྡོང་པོ་དགོས། །ཤེལ་ཐོད་དམུ་རྒྱོང་ཝ་ཚོ་ཡིན། །རྨ་དོ་བ་ཕ་ཆེན་ཡོས་བུའི་ལོ། །བླ་སྤོ་ཚེ་ཤིང་ལོ་དགུ་འགྱུར་ཡིན། །ཏྲོང་བཅོ་བརྒྱད་ཤིང་ལོ་འབུ་ཡིས་ཟོས། །ཤིང་གདུག་པ་སྲིན་བུས་མི་ཟ་བའི། །མུ་མེན་དངུལ་གྱི་ཤུན་པ་དགོས། །སྤོ་ཚེ་དྭངས་མ་འཕུར་ཤེས་ཡིན། །གདང་གསལ་ངར་ཐུང་འབྲུག་གི་ལོ། །བླ་སྲང་ཟེ་རྫ་རི་ཁྲ་བོ་ཡིན། །མ་ཟེས་རྫ་རི་རྩེ་ནས་ཉིལ། །རྫ་ཆེན་རྩེ་ནས་མི་ཉིལ་བའི། །གཡུ་འབྲུག་སྔོན་མོའི་ཟེ་བ་དགོས། །དེ་ལྷང་ཟེ་ཁྲི་འོད་དཀར་མོ་ཡིན། །ལྡོང་ལྕམ་ཟི་མ་སྦྲུལ་གྱི་ལོ། །བླ་ཏྲོང་དཀར་ལྷ་རྒྱུད་དཀར་མོ་དེ། །དུང་སྦྲུལ་རྩི་ཡིས་དུག་པ་ནི། །བྱ་མེད་བྱ་ཞུ་ནག་མོ་ཡིན། །དུང་སྦྲུལ་གླ་རྩིས་མི་སོད་པའི། །ག་ཕུར་སྨན་གྱི་སྡོང་པོ་དགོས། །དེ་ཏྲོང་ཆེན་མེ་དཔུང་འབར་བ་ཡིན། །གཉན་མ་སངས་སྐྱེས་གཅིག་རྟ་ཡི་ལོ། །བླ་བྱོད་ཕུར་དཔའ་སྡར་མཛངས་གསུམ་ཡིན། །དེ་ཁྲག་གི་མཚོ་ལ་ནུབ་པ་ནི། །སེ་སྟོད་ལྔ་གསུམ་བཅོ་ལྔ་ཡིན། །ཁྲག་གི་མཚོ་ལ་མི་ནུབ་པའི། །རྫུ་འཕྲུལ་བ་ཡི་འོ་མ་དགོས། །དཀར་ཐོག་གཡུང་དྲུང་ཆེན་པོ་ཡིན། །ཤཱཀྱ་


MR16_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ལུག་གི་ལོ། །བླ་ཚོལ་ཚེ་ལྕགས་མདོག་དྲུག་པོ་ཡིན། །ལྕགས་ཁམས་བཙའ་ཡིས་ཟོས་པ་ནི། །ལི་ཡན་སྟོང་པ་རྣམ་བརྒྱད་ཡིན། །ལྕགས་ལ་བཙའ་ཡིས་མི་ཟིན་པའི། །རིན་ཆེན་གསེར་གྱི་སྙིང་པོ་དགོས། །བག་བྱ་ཡུན་འཁོར་བ་གླིང་ཆེན་ཡིན། །ཡེ་བཤེད་དབང་རྫོགས་སྦྲེལ་གྱི་ལོ། །བླ་སད་ཁམས་ཉི་འོད་དཀར་པོ་ཡིན། །ཉི་འོད་སྤྲིན་ནག་གཡོགས་པ་ནི། །སོ་ཡོན་ནག་མོ་སྤུན་གསུམ་ཡིན། །སྤྲིན་ནག་ཡོར་པོས་མི་སྒྲིབ་པའི། །ཁམས་གསུམ་གསལ་བའི་སྒྲོན་མེ་དགོས། །རང་ཉི་འོད་གྲམ་བུ་ཟླ་ཚེས་ཡིན། །ཆུ་ལྕམ་རྒྱལ་མོ་བྱ་ཡི་ལོ། །བླ་ནི་བྱ་ཡུན་བྱ་ཁྲ་བརྒྱད། །གླག་རོག་པོས་བཅུམ་པ་རུ་སོད་དྲུག །དམེ་བྱ་ཧོར་པས་མི་ཟ་བའི། །ཕོ་ལྷའི་བྱ་དཀར་མཚལ་ཐིག་དགོས། །ཁྱུང་བརྒྱང་ཁོད་གསིང་ཁྲ་མོ་ཡིན། །ལྷ་བུ་ལྷོད་པོ་ཁྱི་ཡི་ལོ། །བླ་རྐང་སྤར་གངས་རི་རྩེ་རྒྱལ་ཡིན། །ཆུ་དང་ཆར་པས་བཤིག་པ་ནི། །ཆུ་སྤར་རུས་ཆེན་བཅོ་བརྒྱད་ཡིན། །ཆུ་དང་ཆར་པས་མི་འཇིག་པའི། །འཇིགས་མེད་སེང་གེ་དཀར་མོ་དགོས། །དེ་རྐང་སྤར་ཁྲི་རྗེ་འོད་དཀར་ཡིན། །སྨོན་ལྕམ་དཀར་མོ་ཕག་གི་ལོ། །བླ་དཀར་ཐོག་བ་དཀར་འོ་མ་ལ། །དུག་ཁྲག་འདྲེས་པ་སེ་སྟོད་བཅོ་བརྒྱད་ཡིན། །དུག་དང་ཁྲག་ཟེར་མི་འདྲེ་བའི། །བདུད་རྩི་སྨན་གྱི་ཆུ་མིག་དགོས། །སོ་ཡོན་ལིད་ཀུན་དཀར་མོ་ཡིན། །སྲིད་པའི་ལོ་སྐོར་འཕྲུལ་ཡིག་བཤད། །དྲུག་ཅུའི་ལོ་ཡི་མོ་བདུད་ལ། །སྟག་རྣམ་པ་ལྔ་ཡི་གདན་ཐོག་ཏུ། །སྤང་ཐང་སྔོན་མོ་ཟུར་འདུག་འཇིག །དེ་ཡོད་ན་སྟག་མོ་ས་མདས་བསད། །དེ་ཨ་ཁད་ཏྲོང་ཤོ་རུ་རིང་ཡིན། །སྟག་མོ་ས་མདས་མི་བསད་པའི། །ཏྲོང་ནམ་མཁའ་འོད་ཀྱི་རྩེ་མ་དགོས། །དེ་བཞིན་ལོ་ཁམས་རང་རང་གི། །གཤེད་དང་དཔལ་དུ་སྦྱར་བྱས་ཏེ། །ཡོས་ལ་བྱི་ལ་སྦྲུལ་


MR16_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་དང་། །གངས་དཀར་གཡུང་དྲུང་ལྡི་བུར་གཉིས། །འབྲུག་ལ་སྐྱམ་ནག་སོག་པོ་ཟུང་ཟད་དང་། །བྱ་བུར་གསེར་ཐིག་རྣམ་པ་གཉིས། །སྦྲུལ་ལ་གསེར་བྱ་གྲོག་རྐེད་དང་། །ཏྲོང་དཀར་ལྷ་རྒྱུན་དཀར་མོ་གཉིས། །རྟ་ལ་ཏྲོང་དམར་ནེ་ཆུ་སེ་སྟོད་དང་། །སྤོ་ཚེ་མཚལ་བུ་སྨྲ་ཤེས་གཉིས། །ལུག་ལ་སད་སྐྱམ་ལ་ཝར་ཏྲོང་ཏྲིག་དང་། །ཚོལ་ཚེ་ཏི་ཚ་དཀར་མོ་གཉིས། །སྤྲེལ་ལ་ཚོལ་ཚེ་ཆུམ་དམར་གྲི་ཐོགས་དང་། །ཀུ་ཆང་དུང་ལ་གཡུ་མཛོད་གཉིས། །བྱ་རུ་སོད་སོལ་ཁྲ་སྒོ་བརྒྱག་དང་། །གསེར་ཐོག་བྱ་ཡུན་དཀར་མོ་གཉིས། །ཁྱི་ལ་ཕུང་རལ་ལུམ་སྲུང་དང་། །རྐང་སྤར་གངས་དབྱི་གསེར་མིག་གཉིས། །ཕག་ལ་ལྡི་བུར་ཆུ་གྲི་དང་། །སོ་ཡོན་ལིང་ཀུན་དཀར་མོ་གཉིས། །བྱི་བར་སྤོ་བར་སྒོ་བརྒྱག་དང་། །སྐྱེར་གྱི་སྟོང་རི་ཕུད་དཀར་གཉིས། །གླང་ལ་དམུ་བྲག་ཕུང་བྱ་ལ་དང་། །གལ་བར་འབྲོང་རུ་རྩེ་སྤྲོད་གཉིས། །སོ་སོའི་སྔ་མ་བདུད་ཡིན་ལ། །ཕྱི་མ་ལྷ་ཡིན་ལོ་དྲུག་ཅུའི། །ལོ་ལྷ་ལོ་བདུད་དེ་ལྟར་ཡིན། །གཞན་ཡང་གཟའ་སྐར་ས་བདག་དང་། །སྲིད་པའི་ལྷ་རབས་རི་གླིང་ཆུ། །ལྷ་འདྲེ་མི་རིགས་དཀོར་ནོར་རྫས། །སྐྱོན་ཡོན་བདེ་སྡུག་བྱ་བའི་ཚུལ། །འཇིག་རྟེན་འདི་ན་གང་དམིགས་པ། །ཐམས་ཅད་མོ་ཡི་ཚུལ་ལ་ཡོད། །མ་ལུས་བརྗོད་དུ་མི་ལང་བས། །ཅི་རིགས་རིག་པས་ཤེས་བྱ་ཞིང་། །རྒྱས་སྤྲོས་ཡིག་ཆ་གཞན་དུ་བལྟ། །འདིར་ནི་མཚོན་ཙམ་བཤད་པ་ཡིན། །གཉིས་པ་བྱེ་བྲག་སྡེ་ཚན་ལ། །སྤྱིར་མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །བཟང་གི་དངས་མ་རྣམ་གསུམ་ཡོད། །དིང་དིང་སྐྱིན་དིང་ལྷང་ཟེ་ཡིན། །ངན་གྱི་སྙིགས་མ་རྣམ་གསུམ་ན། །ཁྱུང་ཁ་ནག་ཟེར་བ་གང་ཡིན་པ། །སོ་ཡོན་སྒོ་ལ་སྦས་པ་ཡིན། །ནེ་སེལ་ཁུར་ཟེར་བ་གང་ཡིན་པ། །སྐྱིན་དིང་སྒོ་ལ་སྦས་པ་ཡིན། །ཅོ་ལག་


MR16_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཟེར་བ་གང་ཡིན་པ། །ཆུ་སྤར་སྒོ་ལ་སྦས་པ་ཡིན། །འདི་གསུམ་ངན་པ་རྣམ་གསུམ་ཡིན། །སྦས་ཞེས་མོ་རྟ་བརྒྱག་ལ་ཟེར། །བྱུང་ན་ལྟས་ངན་མོ་ངན་ཡིན། །རྐང་ལག་མེད་པའི་ཞ་བོ་གསུམ། །ཏྲོང་ནག་དམུ་ཆུ་བྲེང་བྲེང་དང་། །ཏྲོང་གི་རྫ་ཉིལ་ནག་མོ་དང་། །སོ་ཡོན་མ་བརྒྱག་རྩི་ཁུག་གྲག །འདི་གསུམ་དག་ལ་ཟེར་བ་ཡིན། །ཕ་མེད་མ་མེད་དའུ་གསུམ། །སོ་ཡོན་སྐྱམ་དང་ཏྲོང་གསུམ་ཡིན། །བུག་རལ་འཁྱམས་གསུམ་ཟེར་བ་ནི། །བུག་པ་གླིང་ལ་སྦིས་པ་ཡིན། །རལ་བ་བརྒྱག་ངན་ཟེར་བའམ། །ཡང་ན་ལོ་བྲག་བབས་པ་ཟེར། །འཁྱམས་པ་བྲག་ཆེན་ཆད་པ་ཡིན། །ཞ་ལོང་ལྐུག་གསུམ་ཟེར་བ་དེ། །སྤོ་བར་ཞ་བོ་སོ་ཡོན་ལོང་། །མར་ལྡིང་ཁུ་ཡོར་ལྐུག་པ་ཡིན། །ངན་པ་རུས་དགུ་ཟེར་བ་དེ། །ངན་སྙིགས་གསུམ་དང་ཞ་བོ་གསུམ། །དའུ་གསུམ་སྟེ་དགུ་ལ་ཟེར། །ཆེ་དགུ་རིད་བཅུ་ཟེར་བ་དེ། །མཁའ་ཀློང་དབྱིངས་ཀྱི་གཅོད་ཕུར་དང་། །དོན་གྲུབ་དབང་གི་ལྡི་བུར་དང་། །བྱ་བུར་གླིང་བཞི་འཁོར་བ་དང་། །སྤོ་ཚེ་གཡུང་དྲུང་འཁྱིལ་བ་དང་། །སུམ་ཟུར་གཡུང་དྲུང་ཨ་ཁད་དང་། །སོ་ཡོན་ཀུན་འདུལ་ཁྱབ་པ་དང་། །སྤོ་བར་རུས་སྦལ་ཁྱབ་པ་དང་། །སྐྱིན་དིང་དམུ་ཞག་འཁྱིལ་བ་དང་། །སད་ཀྱི་གཡུང་དྲུང་དིང་མོ་གལ། །འདི་དགུ་མོ་ཡི་ཆེ་དགུ་ཡིན། །ཀྱེ་བ་རང་ཤག་དཀར་པོ་བཅས། །བསྣན་ན་ཆེ་དགུ་རིང་བཅུ་ཟེར། །བྲམ་ཟེ་ཀླུ་ཡི་བེར་ཁྲ་ནས། །བཤད་པའི་ཆེ་དགུ་རིང་བཅུ་ནི། །ཀྱེ་བ་ད་རོག་དམུ་དབལ་གསུམ། །རྩེ་ར་ཝ་ཚོ་ཡར་ལྡིང་གསུམ། །ལྡི་བུར་སྲང་ཟེ་བྱ་ཡུན་གསུམ། །འདི་དགུ་མོ་ཡི་ཆེ་དགུ་ཡིན། །རིང་པོ་དིང་དིང་ཡིན་པར་བཤད། །ཕ་མེད་སྲུ་མེད་བུ་ཚ་ནི། །སུམ་བརྒྱ་དྲུག་ཅུ་ཟེར་བ་དེ། །ནེ་ཚ་སུམ་བརྒྱ་དྲུག་ཅུ་ཡིན། །ལར་སྲིད་པ་འཕྲུལ་གྱི་མོ་ཁོག་ལ། །སྲིད་པ་ཁྲག་


MR16_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཁྲག་མེད་གཉིས། །སྲིད་པ་ཁྲག་བཅས་མོ་ཁོག་ལ། །རྒྱལ་ཆེན་རྣམ་པ་གཉིས་ཡོད་དེ། །ཆགས་དང་དབང་བསྒྱུར་རྒྱལ་པོ་གཉིས། །དང་པོ་ཆགས་པའི་རྒྱལ་པོ་ནི། །ཡེ་ཡོད་སྲིད་པའི་རྒྱལ་པོ་དེ། །དིང་དིང་ཁ་ལེ་དཀར་པོ་ཡིན། །དེ་ལ་དབང་བསྒྱུར་རྒྱལ་པོ་ནི། །ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་སྟེ། །དམུ་དབལ་སྔ་བ་རུ་བཞི་ཡིན། །སྲིད་པ་ཁྲག་མེད་མོ་ཁོག་ལ། །དེ་བཞིན་དུ་ནི་རྒྱལ་པོ་གཉིས། །དང་པོ་ཆགས་པའི་རྒྱལ་པོ་ནི། །ཡེ་མེད་སྟོང་པའི་རྒྱལ་པོ་ནི། །སོ་ཡོན་ནག་མོ་རྫི་ལུང་བྲག །དེ་ལ་དབང་བསྒྱུར་རྒྱལ་པོ་ནི། །བཤིག་པ་བྲག་བྱེད་རྒྱལ་པོ་ནི། །དམུ་བྲག་སད་དེ་ཐུན་དེ་ཡིན། །འདི་བཞི་རྒྱལ་ཆེན་སྡེ་བཞི་ཟེར། །རྒྱལ་ཕྲན་བཅུ་གཉིས་ཟེར་བ་དེ། །སྐྱེ་བྱེད་མཁྲང་བྱེད་སྨིན་བྱེད་གསུམ། །དམུ་དག་སྐྱེར་དང་གར་བར་ཡིན། །རྒྱལ་ཕྲན་རྩ་བ་རྟག་ཟུག་ཟེར། །དར་བྱེད་མང་བྱེད་འཕེལ་བྱེད་གསུམ། །བྱ་བུར་ལྡི་བུར་སྲང་ཟེ་ཡིན། །རྒྱལ་ཕྲན་ལོ་མ་འདབ་རྒྱས་ཟེར། །བཙན་བྱེད་ཕྱུག་བྱེད་དཔའ་བྱེད་གསུམ། །ཝ་ཚོ་རྩེ་ར་ཡར་ལྡིང་ཡིན། །རྒྱལ་ཕྲན་རྩེ་མོ་བྱུང་རྒྱལ་ཟེར། །བཟང་བྱེད་མཐོ་བྱེད་ཡག་བྱེད་གསུམ། །ཀྱེ་བ་ད་རོག་དམུ་དབལ་ཡིན། །རྒྱལ་ཕྲན་སྐྱིད་པ་མཐར་ཕྱིན་ཟེར། །འདི་རྣམས་རྒྱལ་ཕྲན་བཅུ་གཉིས་ཡིན། །ཡོད་ཀྱི་ལྷ་གཞི་དཀར་པོ་ལ། །བཏགས་པ་རྣམ་པ་བཅོ་བརྒྱད་ནི། །གལ་བར་སྐྱེར་དང་དམུ་དག་དང་། །མུ་ས་གསུམ་དང་ཝ་ཚོ་གསུམ། །ཡར་ལྡིར་སྐྱེར་སྨད་ཁུག་ལིན་དང་། དེང་མོ་གལ་གྱི་ཕ་ཆེན་ཡིན། །མ་བུ་དུན་བཏགས་རྣམས་ལ་ཟེར། །དབྱིག་གུ་ལྟག་སྤྲོད་ཟེར་བ་དེ། །དམུ་ཆུ་ལི་ཕྱིན་ཐུགས་དཀར་དང་། །དམུ་བྲག་སད་དེ་ཐུགས་དཀར་དང་། །དམུ་ནམ་ཐུགས་དཀར་གསུམ་པོ་ལ། །ལྷ་དབྱིག་རུང་མདོག་སྤུན་གསུམ་ཟེར། །དམུ་ཆུ་ལི་


MR16_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ལྡི་བུར་དང་། །དམུ་བྲག་ལྡི་བུར་དམུ་ནམ་ལྡིར། །བཙན་གྱི་དབྱིལ་དམར་སྤུན་གསུམ་ཟེར། །དམུ་ཆུ་ལི་ཕྱིན་ཐས་སྐྱམ་དང་། །དམུ་བྲག་སྐྱམ་དང་དམུ་ནམ་སྐྱམས། །བདུད་ཀྱི་དབྱིལ་ནག་སྤུན་གསུམ་ཟེར། །སྲིང་མོ་དབྱིག་ཆུང་སྔོན་མོ་ནི། །ད་རོག་དུན་དུན་ཡབ་སྲས་ཡིན། །སྒོམ་པོ་རྣམ་གསུམ་ཟེར་བ་དེ། །ཀྱེ་བ་རིང་ཁུག་སྨུག་མོ་དེ། །གཡུང་དྲུང་སྒོམ་པོ་ཆེ་བ་ཡིན། །བསེ་རྒོད་འབར་བ་སྟག་ཤམ་ཅན། །བྲག་གི་སྒམ་པོ་འབྲིང་བ་ཡིན། །སྐྱིན་དིང་འཁོར་བ་འབུམ་སྡེ་དེ། །བརྒྱག་གི་སྒོམ་པོ་ཆུང་བ་ཡིན། །མཛངས་ཞེས་བྱ་བ་རྣམ་གསུམ་ཡོད། །སད་ཀྱི་ལ་ཝང་དཀར་ཐོག་དེ། །མཛངས་ཉ་ཤ་ཟ་དཀར་མོ་ཡིན། །ལྡི་བུར་ཤིང་རྩེ་རུ་དཀར་དེ། །མཛངས་ཉ་ཤ་ཟ་སེར་མོ་ཡིན། །སྐྱམ་གྱི་ར་ཟི་དཀར་ཐོག་དེ། །མཛངས་ཉ་ཤ་ཟ་སྔོན་མོ་ཡིན། །རྩིར་ལ་རྣམ་པ་གསུམ་ཡོད་པ། །སད་ཀྱི་ཛ་ཝང་ཛུ་ཝང་དེ། །སད་ཀྱི་རྩིར་ནི་ཆེ་བ་ཡིན། །སུམ་སྐྱེར་ཐོད་ལ་བརྒྱག་བཅས་དེ། །བྲག་གི་རྩིར་ནི་འབྲིང་པོ་ཡིན། །ཤ་རིང་མཁར་མ་བློ་རིང་ན། །མཁར་ལ་ཉི་ཟླ་འོད་ཟེར་བརྒྱག །བརྒྱག་གི་རྩིར་ནི་ཆུང་བ་ཡིན། །སྒམ་པོ་དཔེ་དོན་མཐོང་བ་ཡིན། །འཛིང་གི་དཔེ་དོན་ཐར་པ་ཡིན། །དབྱིག་གི་དཔེ་དོན་སྡར་སོལ་ཡིན། །རྩིར་གྱི་དཔེ་དོན་སྐམ་པ་ཡིན། །རྒྱལ་བློན་འབངས་གསུམ་ཟེར་བ་དེ། །ཐིག་དྲུག་འབྲེལ་རྣམས་རྒྱལ་པོ་ཡིན། །སྤོ་སྒོ་བ་རྣམས་ནི་བློན་པོ་ཡིན། །ཏྲོང་རིགས་རྣམས་ནི་འབངས་ཡིན་ནོ། །བྱ་བྲབ་དམུ་བྲག་གཙུག་ཐག་གསུམ། །སྤོ་སྟག་རལ་ཅན་རྣམས་ཕྱ་བྲག་ཡིན། །གཏུམ་ཆི་བྲག་རྣམས་དམུ་བྲག་ཡིན། །སོ་བྲག་མགར་མགོ་གཙུག་བྲག་ཡིན། །སངས་ཀྱི་བྱ་ནག་སྤུན་དགུ་དེ། །སོ་ཡོན་ལང་ཐང་ལིང་ཀུན་སངས། །ད་རོག་ཐབས་དབྱིངས་ཤ་


MR16_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བ་སངས། །ད་རོག་ཁྲི་གཉན་འུབ་མཐའ་སངས། །སོ་ཡོན་ངར་མ་རི་རྩེ་སངས། །ད་རོག་ནག་མོ་མགོ་བཏུམ་སངས། །སོ་ཡོན་ཁ་ཐུན་ལག་ཆ་སངས། །ཏྲོང་གི་སྐྱེར་པ་ཕུར་བུ་སངས། །ད་རོག་ཡུ་མོ་གང་སྔོན་སངས། །དམུ་དབལ་དམུ་ཆུ་སངས་དང་དགུ། །བྱ་ནག་མཐུར་འདུག་སྤུན་དགུ་ཡིན། །བྱ་དཀར་གྱེན་རྒྱུག་དགུ་པོ་ནི། །སྤོ་སངས་བང་མགྱོགས་མིག་རྣོན་དང་། །ཁྱུང་ཀུན་རྒྱལ་པོ་ཡར་ནམ་སངས། །རྩེ་ར་མུན་རུམ་རྟ་འཐེད་སངས། །ཙེ་ར་རུ་ཐོག་དབལ་རུ་སངས། །ཙེ་ར་ཀུ་བྱི་ཐར་པ་སངས། །ཙེ་ར་དབྱིག་ཐར་སངས་དང་ནི། །སྤོ་ཀ་ལ་ཀེ་དྲུག་གཟིག་མོ་སངས། །ཙེ་ར་གཡུར་རལ་སངས་དང་ནི། །ཙེ་ར་ཙེ་ལེ་སངས་རྣམས་ཡིན། །སོ་ཡོན་གཡུ་བྱ་འཕུར་བའི་སངས། །གཡུང་དྲུང་ཚེ་འཕེལ་དོན་གྲུབ་སངས། །གཏུམ་ཅི་ཁ་ལ་མེ་འབར་སངས། །དུན་ཙེ་སྟག་མོ་རི་བཀྲ་སངས། །ད་རོག་ཐུན་དྲུག་སྦྲང་བུ་སངས། །ཀྱེ་བ་ལི་བྱིན་སངས་དང་ནི། །སོ་ཡོན་སྦྲང་བུ་མཆུ་རྣོན་སངས། །སེ་མ་དུན་ཙེ་སངས་དང་ནི། །གསེར་སྦྲང་གཡུ་གཤོག་སྟག་རིས་སངས། །བྱ་དཀར་མཚལ་ཐིག་དགུ་པོ་ཡིན། །སྤོ་ཁྱུང་ཀུན་རྒྱལ་པོ་མར་ནམ་སངས། །ཙ་མ་ལོའི་སྐྱེལ་མིན་སངས་དང་ནི། །སྐྱེར་ནག་མ་མ་ནུ་བཤལ་སངས། །འབངས་ནག་སོ་ཡི་སངས་དང་ནི། །ཟང་ཀོ་གཡོ་ལག་སངས་རྣམས་ལ། །བྱ་ལམ་སྤུན་ལྔ་ཟེར་བ་ཡིན། །ཁ་ཡེལ་ཅི་མེད་སངས་དང་གཅིག །བྲག་ཆེན་ཁུར་ཡུར་སངས་དང་གཉིས། །སྐྱེར་ནག་རེ་སྦིས་སངས་དང་གསུམ། །ལྷ་བྱ་གོང་མོ་སྤུན་གསུམ་ཡིན། །བྱ་དཀར་གྱེན་རྒྱུག་དགུ་པོ་དང་། །བྱ་དཀར་མཚལ་ཐིག་དགུ་པོ་ལ། །སངས་དཔའ་འདུས་རིན་ཆེན་བཅོ་བརྒྱད་ཟེར། །སྨོན་པ་གཡུ་ཁ་དྲུག་འདུས་ནས། །


MR16_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་བྱ་དཀར་སྤུན་དགུ་དང་། །བྱ་ནག་སྤུན་དགུ་འདི་ལྟ་སྟེ། །སོ་ཡོན་ཐུན་རྩེ་སངས་དང་གཅིག །ཤིང་ཤག་མདའ་གྲི་སངས་དང་གཉིས། །དམུ་ངམ་དགུ་ཁྲི་སངས་དང་གསུམ། །སྐྱེ་བ་སྐྱི་ལང་སངས་དང་བཞི། །དམུ་དབལ་སྦྲང་བུ་སངས་དང་ལྔ། །སོ་བྲག་ཐུན་དྲུག་སངས་དང་དྲུག །དམུ་ནམ་དུན་རྩེ་སངས་དང་བདུན། །ཁ་ཡེལ་ཅི་མེད་སངས་དང་བརྒྱད། །བྲག་ཆེན་ཁུར་ཡོར་སངས་དང་དགུ། །བྱ་ནག་ཐུར་རྒྱུག་དགུ་པོ་ཡིན། །ཨ་ཡུར་ཏི་གྟ་སངས་དང་ནི། །དབྱིག་དམར་དབྱིག་ཐོག་བྲག་དམར་སངས། །སྐྱེར་མེན་བ་རང་སངས་དང་ནི། །ཙེ་ར་ཀུ་བྱི་ཐར་པ་སངས། །ཙེ་ར་ལག་ཆ་རྟ་མཐའ་སངས། །ཙེ་ར་དབྱི་ཐར་སངས་དང་ནི། །ཀེ་ལ་ཀེ་དྲུག་གཟིག་མོ་སངས། །རྩེ་ར་རུ་ཐོག་དཔལ་རུ་སངས། །སྤོ་ཁྱུང་ཀུན་རྒྱལ་པོ་ཡར་ནམ་སངས། །བྱ་དཀར་གྱེན་རྒྱུག་དགུ་པོ་ཡིན། །དེ་ནས་བརྒྱག་གི་དབྱེ་བ་ལ། །ཡ་ཚ་འཕྲད་སྐྱེས་ཟེར་བ་དེ། །བརྒྱག་ཁ་གཡས་སུ་བཅས་པ་ཡིན། །ཡ་ཚར་སྲིད་པའི་གཉེན་ལམ་ཡོད། །མ་ཚ་འཕྲད་སྐྱེས་ཟེར་བ་དེ། །བརྒྱག་ཁ་གཡོན་དུ་བཅས་ན་ཡིན། །མ་ཚར་གྱོད་ཀྱི་བློ་སྐར་ཡོད། །ལད་ཚ་འཕྲད་སྐྱེས་ཟེར་བ་དེ། །བརྒྱག་ཁ་དབུས་སུ་བཅས་ན་ཡིན། །ལ་ཚར་གྲོག་གི་སྤུངས་རི་ཡོད། །ལུག་ཞོན་ལུག་ཁྲིད་ཟེར་བ་དེ། །གཡས་སུ་བརྒྱག་གཉིས་བཅས་ན་ཡིན། །ལུག་ཞོན་ལ་བཟང་པོ་བརྩེགས་མ་ཡོད། །ར་ཞོན་ར་ཁྲིད་ཟེར་བ་དེ། །གཡོན་དུ་བརྒྱག་གཉིས་བཅས་ན་ཡིན། །ར་ཞོན་ལ་ངན་པ་བརྩེགས་མ་ཡོད། །འཁོར་ལོ་སྤུངས་པ་ཟེར་བ་དེ། །གཉིས་གསུམ་སྒོ་ཕུག་བཅས་ན་ཡིན། །འཁོར་ལོ་སྤུངས་པར་བཟང་རྟགས་ཡོད། །མཛངས་པ་མིག་མེད་ཟེར་བ་དེ། །དིང་དིང་ནབ་རེ་ནོབ་རེ་སོགས། །གླིང་ལ་ཕར་འདུས་ཚུར་འདུས་ནས། །དབྱེ་


MR16_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་མི་ཤེས་དེ་ལ་ཟེར། །དེ་ནི་གཙང་བཙོག་འདྲེས་པ་དང་། །ལྷ་འདྲེ་འདྲེས་ཤིང་ཤན་མ་ཕྱེད། །བརྒྱག་ཁ་མ་སྨིན་ཟེར་བ་དེ། །བརྒྱག་ཁ་སྨས་ཤིང་མི་གསལ་ཡིན། །ལར་མ་བརྒྱག་ཐམས་ཅད་འཕྲོག་མི་ཡིན། །བུ་བརྒྱག་ཐམས་ཅད་སྟེར་མི་ཡིན། །གཡས་བརྒྱག་ཐམས་ཅད་བཟང་པོ་ཡིན། །གཡོན་བརྒྱག་ཐམས་ཅད་ངན་པ་ཡིན། །སྒོ་བརྒྱག་ཐམས་ཅད་བདུད་ཆད་ཡིན། །ར་ཐམས་ཅད་ཅིག་ཆར་བརྒྱག་པ་ཡི། །བརྒྱག་ཆེན་དུས་མིན་ཐུབ་པར་དཀའ། །ད་ནི་བཏགས་པའི་རིགས་ལ་ཡང་། །ཉིན་དུ་བཏགས་པ་ལྷ་ཡི་ངོ་། །དཀྱིལ་དུ་བཏགས་པ་མི་ཡི་ངོ་། །སྲིབ་ཏུ་བཏགས་པ་འདྲེ་ཡི་ངོ་། །བརྒྱག་ཁ་སྲིབ་ཏུ་བཅས་པ་ལ། །བཏགས་པ་ཉིན་དུ་བྱུང་བ་ན། །གྲོག་ལེན་ཡིན་བས་བཟང་བར་བཤད། །དེ་ལས་ལྡོག་ན་གྲོག་ཤོར་ངན། །བརྒྱག་ཁ་སྲིབ་ཏུ་བྱུང་བ་ལ། །སྐྲག་སྔངས་འོང་སྟེ་ཅུང་མི་ཉེས། །ད་ནི་སྤིས་ཀྱི་བཤད་པ་ལ། །སྤིས་ལ་རྣམ་པ་བཅུ་གཉིས་ཡོད། །སྤིས་དང་རྔམ་དང་དིང་མོ་གལ། །ཧྲང་དང་ངོད་དང་ནེ་ཚ་དང་། །བཅིང་དང་འགག་དང་འགྱེལ་བ་དང་། །ཞབས་དང་འཁྱིལ་དང་སེལ་ཁུར་དང་། །དེ་ལྟར་རྣམ་པ་བཅུ་གཉིས་པོ། །དང་པོ་སྤིས་ཞེས་བྱ་བ་ནི། །སྔོན་ཞང་ཞོང་མཁས་པས་མོ་བཏབ་པས། །བྱོད་ཕུར་ཕྲུ་གུར་བརྒྱག་བཅས་བབས། །དེ་བཟང་པོ་ཡིན་པར་བཤད་ཡོད་པས། །ཕྱེ་མར་སྡེར་གང་ནང་དུ་བཅུག །མ་ཐུབ་སྦིས་དེ་ཤོར་ནས་སོང་། །བཟང་དྲག་ཐུབ་པར་དཀའ་བས་ན། །གློ་བུར་གྲི་ངོ་སོགས་མེད་ན། །སྤྱིར་ནི་བཟང་བའི་མདུད་པར་གསུངས། །ད་མོ་ཡི་རྒྱལ་པོ་སྡེ་དགུ་བཤད། །ལྷ་ཡི་རྒྱལ་པོ་བརྒྱ་བྱིན་དང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །སྤྲུལ་པ་ཡེ་སྨོན་མི་ཡི་རྒྱལ་པོ་དང་། །གཉན་རྗེ་སྤྲུལ་བ་གོང་སྔོན་དང་། །དགྲ་བླའི་རྒྱལ་པོ་གྲུབ་པ་


MR16_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཆེན་དང་། །ཝེར་མའི་རྒྱལ་པོ་རྔམ་པ་བདུད་འདུལ་དང་། །ཅང་སེའི་རྒྱལ་པོ་ཁས་དྲག་བསེའུ་རུ་གཅིག་དང་། །གཡུང་དྲུང་རྒྱལ་པོ་ཡོར་བོ་རུ་མང་དང་། །ཡབ་གཅིག་སྲིད་པ་འཕྲུལ་གྱི་རྒྱལ་པོ་བཅས། །བླ་ནི་འོག་ཏུ་འཆད་པར་འགྱུར། །དེ་འདྲའི་རྒྱལ་པོ་སྡེ་དགུ་ལ། །དགོས་ཆ་རིན་ཆེན་སྣ་དགུ་དགོས། །དང་པོ་བཟུང་བ་ཡུལ་གྱི་དགོས་ཆ་ལ། །རྒྱལ་པོ་བཞུགས་པའི་སྐུ་མཁར་དེ། །བྲག་གི་ཀོང་ཙེ་དུན་དུན་ཡིན། །ཕྱུགས་བེའུ་ལུག་གསོ་བའི་རྩ་ཁང་དེ། །མུ་ས་དང་ར་ལོ་བཟང་ཡིན། །འབྲས་དྲུག་ཟ་བའི་ཞིང་ས་དེ། །སྐྱིན་དིང་འབྲི་མིག་འཁྱིལ་བ་ཡིན། །དེ་གསུམ་ལན་གྱི་ན་འབན་གྲོང་ཆུང་ན། །སྡེ་ལ་ནང་འཁྲུགས་རྩི་ཐོག་ལོ་ཏོག་རྒུད། །གཉིས་པ་བཙན་ས་རྫོང་གི་གོ་ཆ་ལ། །ནམ་མཁའ་འོད་ཀྱི་ལྷ་རྫོང་དེ། །ཀྱེ་བ་ཀྱེ་ལེ་འོད་དཀར་ཡིན། །ས་གཞི་སྨྲིག་གི་རླུང་རྫོང་དེ། །ད་རོག་རང་འགུག་སྨུག་པོ་ཡིན། །བར་སྣང་ཟེར་གྱི་གཉན་རྫོང་དེ། །དམུ་དབལ་གཡུང་དྲུང་ཆེན་པོ་ཡིན། །དེ་གསུམ་ལན་དུ་ན་འབན་ན། །རྫོང་གསུམ་ཞིག་རལ་བྱུང་བ་ཡིན། །སྐྱོན་མེད་ན་མི་ཡི་སྐུ་མཁར་ཚུགས། །གསུམ་པ་བཙུན་མོ་སྨན་གྱི་དགོས་ཆ་ལ། །སྤོ་ཡི་གོ་ཙ་ལན་མེད་དེ། །རྒྱབ་ཕ་མིང་ཅན་གྱི་བཙུན་མོ་ཡིན། །མུ་ཙ་ལི་ཤོ་དམར་མོ་དེ། །མཛེས་ཡག་གཞུང་ཅན་གྱི་བཙུན་མོ་ཡིན། །རྡེལ་རྒོད་དུན་ཙེ་རཾ་རཾ་དེ། །རྒྱབ་གོས་ནོར་ཅན་གྱི་བཙུན་མོ་ཡིན། །དེ་གསུམ་དག་གི་ལན་དུ་ནི། །ཁྲི་རྨེ་ཧེ་རུ་ཨ་ཁད་དེ། །ཕྱི་མཛེས་ནང་མཛངས་བར་སྤྱོད་ལམ། །བཟང་པོ་མ་རབ་གཤིས་ལ་སོགས། །མོ་བཙུན་ལས་ཐབ་དག་ལ་ངན། །ལན་མ་ལད་མོ་བཙུན་གནས་སྒོ་ཆོད། །བཞི་བ་མགྱོགས་པ་རྟ་ཡི་དགོས་ཆ་ལ། །སྤོ་ཚེ་བྱ་འདབ་རྫི་བསྐྱོད་དེ། །སྟོང་ཉིད་སྙིང་རྗེའི་རྟ་ཕོ་ཡིན། །སྤོ་ཚེ་དང་མ་འཕུར་ཤེས་དེ། །བསམ་ཕྱིན་ཡིད་ཀྱི་རྟ་ཕོ་ཡིན། །


MR16_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་ཚེ་གླིང་བཞི་ཁྲི་མགྱོགས་དེ། །ཤུགས་ཆེན་རྟ་ཕོ་བང་མགྱོགས་ཡིན། །དེ་ལན་ཤ་བག་ལི་ཡན་ན། །ཞེ་སྡང་རེ་དོགས་ཆད་སུན་བྱུང་། །དེ་ལ་སྐྱོན་མེད་བྱུང་བ་ན། །འདི་ཕྱི་བར་དོའི་ལམ་འཕྲང་ཆོད། །ལྔ་པ་རྣོ་དབལ་མཚོན་གྱི་དགོས་ཆ་ལ། །སྐྱེར་ཐོག་སྟག་མོ་འབྲུག་སྙིང་འདི། །རྫས་ཀྱི་རལ་གྲི་མེ་འབར་ཡིན། །ཝ་ཚོ་དུང་མདུང་རྐང་རིང་འདི། །རྨིག་གི་མདུང་མོ་བྲག་ཕུག་ཡིན། །གོང་དཀར་གཡུང་དྲུང་ལྡི་བུར་འདི། །ངད་ཀྱི་སྤུ་གྲི་རེད་ཆོད་ཡིན། །དེ་གསུམ་ལན་དུ་ཆུ་གྲི་དད་ངོད་དེ། །མཚོན་ངར་མ་ཆག་རལ་བྱུང་བ་ཡིན། །སྐྱོན་མེད་ན་དགྲ་ཕྱོགས་ཐལ་བར་རློག །དྲུག་དཔའ་བ་སེམས་ཀྱི་གོ་ཆ་ལ། །སྐ་བྲག་ཚོལ་ཚེ་ལུ་གུ་སྙིང་། །འཇིགས་སྐྲག་མེད་པའི་དཔའ་སེམས་ཡིན། །མུ་ས་དུང་འོད་དཀར་མོ་དེ། །ཁྲབ་དཀར་ཉ་མོ་སྟོང་ཤོང་ཡིན། །གསེར་བྱ་གླང་ཆེན་སེར་མོ་དེ། །གསེར་ཕུབ་འཁོར་མོ་གླིང་ཆེན་ཡིན། །དེ་གསུམ་ལན་དུ་ཝ་སྐྱམ་ན། །དཔའ་སེམས་ཁྲབ་ཕུབ་ཞིག་པ་ཡིན། །ལན་མ་ལད་རང་ཕྱོགས་ཉམ་ང་མེད། །བདུན་པ་རྩོད་པ་ཆུས་ཀྱི་དགོས་ཆ་ལ། །དིང་དིང་ཁ་ལེ་དཀར་པོ་དེ། །མ་བསྐོར་སྨོན་པའི་མི་སྡེ་ཡིན། །དིང་དིང་ལྕགས་ཁྲ་སྔོན་པོ་དེ། །མ་གསོས་ཝེར་མའི་བུ་རྟ་ཡིན། །དིང་དིང་ཞ་མཁར་དབུ་རྩེ་དེ། །བློ་སྐོར་ཞགས་འཕྲུལ་གྱི་ལྡེའུ་མིག་ཡིན། །དེ་གསུམ་ལན་དུ་སོ་ཡོན་ཐུན་ཁུག་ན། །ལྷ་སྡེ་རང་བློ་བདུད་ཀྱིས་ཕྲོག །ལན་མ་ལད་བརྟན་ཆུས་རྒྱལ་བ་ཡིན། །བརྒྱད་པ་དྲག་པོ་མཐུ་ཡི་གོ་ཆ་ལ། །དིང་དིང་ཤག་ཆེན་གུར་བཀྲ་དེ། །མ་བསྒྲུབས་འཁོར་བའི་ལྷ་སྲུང་ཡིན། །སྐྱིན་དིང་གཡུ་འོད་གུར་བཀྲ་དེ། །མ་བརྡུངས་གྲགས་པའི་གཡུ་རྔ་ཡིན། །ཆུ་སྤར་འབྲུག་ཐོག་ལྡི་བུར་དེ། །མ་རྦད་ཆོས་སྐྱོང་མངོན་རྒྱུག་ཡིན། །དེ་གསུམ་དག་གི་ལན་དུ་ནི། །ཤ་བབ་


MR16_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཡན་ར་བརྒྱག་དེ། །ལྷ་སྲུང་བདུད་བབས་ལྷ་ཆུ་ཆག །ལན་མ་ལད་སྔགས་པས་སྲིད་གསུམ་འདུལ། །དགུ་པ་གཡུང་དྲུང་བོན་གྱི་དགོས་ཆ་ལ། །སད་ཀྱི་དུན་ཐག་དཀར་མོ་དེ། །འགྱུར་ལྡོག་མེད་པའི་ལྟ་བ་ཡིན། །རང་སྙན་ལྷ་རླུང་དཀར་མོ་དེ། །སྒྲིབ་གཡོགས་མེད་པའི་ཆོས་གོས་ཡིན། །བྱ་ཡུན་ཉི་འོད་དཀར་མོ་དེ། །བློ་ཤེས་རབ་གསལ་བའི་སྒྲོན་མེ་ཡིན། །དེ་གསུམ་དག་གི་ལན་དུ་ནི། །ཝེར་དེ་ཁྱི་མོ་རྣ་ནག་དེ། །ཡང་དག་གློས་སྨེ་མཆུ་ནག་ཡིན། །ཆོས་གོས་མི་ཁའི་རི་མོ་དོད། །ལྟ་བ་འཁྲུགས་ཞིང་ཤེས་རབ་འགྲིབ། །ལན་མ་ལད་ཆོས་ལ་སྒྲོ་འདོགས་ཆོད། །རིག་པ་རང་དབང་ཐོབ་པ་ཡིན། །དེས་དད་བརྩོན་དྲན་པ་ཏིང་འཛིན་དང་། །ཤེས་རབ་སྤོབས་པ་ལ་སོགས་པ། །ཡང་དག་ལམ་གྱི་ཆོས་ཀུན་ཀྱང་། །ཤུགས་ལ་བསྟན་པར་རིག་པར་བྱ། །རྒྱས་སྤྲོས་ཡི་གེ་མང་བས་བཞག །ཤེས་རབ་ཅན་གྱིས་གོ་བར་བྱ། །དགོས་ཆ་རིན་ཆེན་སྣ་དགུ་ཡི། །སྡེ་ཚན་ཉི་ཤུ་རྩ་བདུན་དང་། །རྒྱལ་པོ་དགུ་བཅས་སོ་དྲུག་བཤད། །ད་རྒྱལ་པོ་དགུ་ཡི་རྫོང་དགུ་བཤད། །ཤར་ཀེ་རུ་དུན་ཙེ་སེང་གེ་རྫོང་། །ལྷ་ཁམས་རྣམས་ཀྱི་དཔའ་རྫོང་ཡིན། །དེ་རུ་སྐ་བྲག་རུ་སོད་ན། །དཔའ་རྫོང་བདུད་ཀྱིས་འཕྲོག་པ་ཡིན། །དེ་ལ་བདུད་ཀྱིས་མི་འཕྲོག་པའི། །ལྷ་ཆེན་ཚངས་པའི་རྒྱལ་པོ་དགོས། །དེ་སད་ཀྱི་སེ་སྟོད་ཁྲི་རུམ་ཡིན། །ལྷོ་ནེ་ཙོ་གཡུ་འོད་འབྲུག་མོ་རྫོང་། །ཀླུ་ཁམས་རྣམས་ཀྱི་དཔའ་རྫོང་ཡིན། །ཏྲོང་དམར་ནེ་ཆུ་སེ་སྟོད་ན། །ཤ་ཟན་སྲིན་མོས་འཕྲོག་པ་ཡིན། །དེ་ཡིས་འཕྲོག་པར་མི་ནུས་ཕྱིར། །ཀླུ་རྒྱལ་གཙུག་ན་རིན་ཆེན་དགོས། །དེད་རོག་འཕྲུལ་ཤ་རུ་རིང་ཡིན། །ནུབ་ཁྲོ་ཆུ་འབར་བ་སྟག་མོ་རྫོང་། །མི་ཁམས་རྣམས་ཀྱི་དཔའ་རྫོང་ཡིན། །དེ་ལ་སོ་ཡོན་ནག་མོ་ན། །གདུག་པ་ངམ་གྱིས་འཕྲོག་པ་ཡིན། །དེའི་ཁ་གནོན་ཡེ་སྨོན་རྒྱལ་པོ་དགོས། །


MR16_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ནི་སྒྱེང་གྱི་སྟོང་རི་ཕུབ་དཀར་ཡིན། །བྱང་མི་ཆུ་དཀར་མོ་ཁྱུང་མགོ་རྫོང་། །དེ་གཉན་ཁམས་རྣམས་ཀྱི་དཔའ་རྫོང་ཡིན། །སྤོ་རྒོད་མ་ཟེ་ཨོག་དམར་ན། །གདུག་པ་བཙན་གྱིས་འཕྲོག་པ་ཡིན། །དེའི་ཁ་གནོན་གཉན་རྗེ་གོང་སྔོན་དགོས། །བླ་ཡར་ལྡིང་ཡ་ཚ་བང་མིག་ཡིན། །ཤར་ལྷོ་ཁྲི་རླུང་ཉི་མ་རྫོང་། །དགྲ་བླ་རྣམས་ཀྱི་དཔའ་རྫོང་ཡིན། །དེ་རུ་ཕུང་ཁད་ཞར་པ་ན། །དེ་ཤ་ཟན་སྟག་མོས་འཕྲོག་པ་ཡིན། །དེ་ཡི་གཉེན་པོར་གྱུར་བ་ནི། །དགྲ་འདུལ་གྲུབ་པ་མཐུ་ཆེན་ཡིན། །སྐྱེ་བ་བག་ཐོག་ལྡི་བུར་དགོས། །ལྷོ་ནུབ་གྲུབ་བུ་ཟླ་བ་རྫོང་། །ཝེར་མ་རྣམས་ཀྱི་དཔའ་རྫོང་ཡིན། །དེ་རུ་དམུ་ཁྲག་རུ་སོད་ན། །གཏུམ་པོ་དོམ་གྱིས་འཕྲོག་པ་ཡིན། །དེ་ཡི་གཉེན་པོར་གྱུར་པ་ནི། །དཔའ་ཆེན་ཝེར་མ་མཐུ་ཆེན་དགོས། །དེ་སོ་ཡོན་རྔམ་པ་འབྲུག་ལྕེ་ཡིན། །ནུབ་བྱང་རི་དྭགས་ཤ་ར་རྫོང་། །ཅངས་སེ་རྣམས་ཀྱི་དཔའ་རྫོང་ཡིན། །དེ་རུ་སྤོ་བར་རྟིང་བཤལ་ན། །རྔམ་པ་དྲེད་ཀྱིས་འཕྲོག་པ་ཡིན། །དེ་ཡི་འཕྲོག་ཏུ་མི་གཏུབ་པའི། །ཁ་དྲག་བསེའུ་རུ་གཅིག་དགོས། །དེ་བྱ་ཡུན་གསེར་གྱི་ཡང་ཐིག་ཡིན། །བྱང་ཤར་བསེ་རུ་ཁྲོ་གཉེར་རྫོང་། །གཡུང་དྲུང་རྣམས་ཀྱི་དཔའ་རྫོང་ཡིན། །དེ་རུ་སུམ་མཉམ་སྒོ་བརྒྱག་ན། །གཅན་གཟན་གདུག་པས་འཕྲོག་པ་ཡིན། །དེ་ཡིས་འཕྲོག་ཏུ་མི་གཏུབ་ཕྱིར། །མཐུ་ཆེན་ཡོར་བོ་རུ་མང་དགོས། །དེ་མུ་ས་སྟག་མོ་ཁ་གདངས་ཡིན། །དབུས་སེང་གེ་གསེར་རི་གའུ་རྫོང་། །འཇིགས་མེད་གའུ་གསེར་རྫོང་འདི། །སྲིད་པ་ཀུན་གྱི་དཔའ་རྫོང་ཡིན། །དེ་རུ་ཏྲོང་ཆུང་ཉི་མ་བྲག །ཤི་བདུད་གཤིན་རྗེས་འཕྲོག་པ་ཡིན། །དེ་ཡིས་འཕྲོག་ཏུ་མི་གཏུབ་ཕྱིར། །ཡབ་སྲིད་པ་སྣང་བ་འོད་ལྡན་དགོས། །སད་ཁྲི་འོད་གནམ་རྒོད་དཀར་པོ་ཡིན། །མཁར་དེ་དགུའི་རྨང་གཞི་རྡོ་ལ་བརྩིགས། །སྲ་བརྟན་


MR16_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུའི་ཕ་བོང་འདྲ། །སྐྱམ་ངན་རྨང་གཞི་ཆབ་ཀྱིས་བཤིག །དེ་ཡི་གཉེན་པོར་གྱུར་བ་ནི། །ས་བདག་ཁྲོས་པའི་ཡ་སོ་དགོས། །དེ་སྤོ་བར་ལིང་ཀུན་ཁྱབ་པ་ཡིན། །ཆུ་སྲིན་འདུས་པའི་མཆེ་བ་དགོས། །དེ་ནི་སོ་ཡོན་ལིང་ཀུན་ཡིན། །དུང་རྒོད་འཕར་མའི་ངར་སྐད་དགོས། །དེ་ནི་བྱ་བུར་གསེར་ཐིག་ཡིན། །མཁར་ཟུར་བཞི་སྨུག་པོ་མཆོང་ལ་བྱས། །དྲང་ཚད་ཉག་ཕྲན་མདའ་དང་འདྲ། །སྤྲེལ་ཐེའུ་རང་ངན་པས་འཛེགས་པ་ནི། །དེ་རུ་བྱ་རལ་བག་ལྡི་ཡིན། །སྤྲེལ་དང་ཐེའུ་རང་མི་འཛེགས་པའི། །སྲ་བརྟན་བསྲེ་ཡི་སྨེ་བ་དགོས། །དེ་ནི་དམུ་ངག་བརྒྱག་གསུམ་ཡིན། །ཁྲ་བོ་སྟག་གི་ཆ་རོག་དགོས། །དེ་ནི་ཨ་ཁད་བརྒྱག་གསུམ་ཡིན། །སྒང་ཐུང་སྔོན་མོའི་ཐུར་མ་དགོས། །སུམ་མཉམ་གླག་མོ་མཁལ་དཀར་ཡིན། །ལོགས་བཞི་ལོས་ཕྲོམ་བསེ་ལས་བྱས། །ལེགས་ཚད་དངུལ་དཀར་མེ་ལོང་འདྲ། །སོ་ཡོན་རྟིང་བཤལ་བབ་པ་ན། །སྒྱོགས་ཀྱི་གྱད་རྡོ་འཕོག་པ་ཡིན། །བསེ་འོད་དམར་པོའི་ལོགས་བཞི་ལ། །གྱད་ཀྱི་སྒྱོགས་རྡོ་མི་འཕོག་པའི། །གཡུ་འབྲུག་སྔོན་མོའི་ར་ཅོ་དགོས། །རུ་སོད་ཁ་ལེ་དཀར་པོ་ཡིན། །རྟ་མཆོག་སེར་པོའི་རྨིག་པ་དགོས། །སྤོ་ཚོ་མདོ་གླིང་ཁྲ་མོ་ཡིན། །དུང་གླང་དཀར་པོའི་སྣ་ལྗགས་དགོས། །གལ་བར་འབྲོང་རུ་རྩེ་སྤྲོད་ཡིན། །བད་བཞི་འཇིག་མེད་གསེར་ལ་བྱས། །སྲ་ཚད་རྡོ་རྗེའི་བྲག་དང་འདྲ། །ཏྲོང་ཤོ་བྱི་ཤོ་ཤག་བབ་པ་ན། །བད་བཞི་ཐོག་གིས་བཤིག་པ་ཡིན། །ཁ་བད་ཐོག་གིས་མི་བཤིག་པའི། །གླེན་ལྐུག་མེད་པའི་གཡུ་འབྲུག་དགོས། །ཁ་ལང་གསེར་ཐིག་ཆེན་མོ་ཡིན། །ན་རྒས་མེད་པའི་དུང་ཁྱུང་དགོས། །ཁྱུང་བརྒྱད་དངུལ་མདངས་དཀར་པོ་ཡིན། །འཇིགས་སྐྲག་མེད་པའི་སེང་གེ་དགོས། །རྐང་སྤར་ཟླ་འོད་དཀར་མོ་ཡིན། །རྩེ་བཞི་དཀར་གསལ་ཤེལ་ལས་བྱས། །


MR16_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཚད་མཆོད་རྟེན་ཁོང་གསེང་འདྲ། །ད་རུ་བྱ་རལ་ངན་རིགས་ན། །རྩེ་མོ་རླུང་གིས་གཏོར་བ་ཡིན། །དེ་བཞི་རླུང་གིས་མི་བཅད་པའི། །དངུལ་གྱི་བྱ་རྒྱལ་རྒོད་པོ་དགོས། །ཝ་ཚོ་དངས་མ་ཁྲི་གཤོག་ཡིན། །མཆོང་གི་བསེ་གླག་སྨུག་པོ་དགོས། །ཆུ་སྤར་འབྲུག་ཐོག་ལྡི་བུང་ཡིན། །འཆི་མེད་ལྕགས་ཀྱི་བྱ་ཁྲ་དགོས། །རྣོ་ལ་རྔམ་པ་ལྡི་བུར་ཡིན། །ནང་བཞི་པ་ལེ་དུང་ལས་བྱས། །གསལ་ཚད་ཡི་གེ་ཨ་དང་འདྲ། །སོ་ཡོན་ཐུན་ཁུག་བབས་པ་ན། །མུན་པ་ནག་པོ་འཁྲིགས་པ་ཡིན། །ནང་དུ་མུན་པ་མི་འཁྲིགས་པའི། །དུང་རི་དུང་གི་ཟླ་བ་དགོས། །བྱ་བུར་འཁོར་བ་གླིང་ཆེན་ཡིན། །ཁྲི་གདུགས་གསེར་གྱི་ཉི་མ་དགོས། །རིང་ཉི་འོད་གྲམ་བུ་ཟླ་ཚེས་ཡིན། །བཀྲ་གསལ་ཤེལ་གྱི་སྐར་མ་དགོས། །མུ་ས་ཤེལ་ཐོད་འཁོར་རྒྱུད་ཡིན། །གདུང་བཞི་མཆོ་རོག་གཡུལ་ལ་བྱས། །མར་ལྡང་སྒོ་བརྒྱག་བབས་པ་ན། །གདུང་མ་རྐེད་ནས་ཆག་པ་ཡིན། །གདུང་བཞི་རྐེད་ནས་མི་འཆད་ཕྱིར། །མཚོ་རོག་གཡུ་ཡི་གདུང་མ་དགོས། །ད་རོག་གསེར་གཞུང་ཆེན་པོ་ཡིན། །རིན་ཆེན་གསེར་གྱི་གདུང་ཁེབ་དགོས། །ཀྱེ་བ་ཀྱེ་ལེ་འོད་དཀར་ཡིན། །མུ་མེན་དངུལ་གྱི་གདུང་སྐྱོར་དགོས། །དམུ་དབལ་བ་སྣ་ཕུར་བཞི་ཡིན། །ཀ་བཞི་བཀྲག་གསལ་གཟི་ལས་བྱས། །བརླིང་ཚད་རི་རྒྱལ་ལྷུན་པོ་འདྲ། །དེར་ཐང་ལེ་ཐང་ཁོག་སྐྱ་མོ་ན། །ནང་གི་ཀ་བ་འགྱེལ་བ་ཡིན། །དབུས་ཀྱི་ཀ་ཆེན་མི་འགྱེལ་བའི། །བཀྲ་གསལ་གཟི་ཡི་ཀ་བ་དགོས། །ཡར་ལྡིང་ཁྲ་མོ་རླུང་འབྱིན་ཡིན། །བྱི་རུ་དམར་པོའི་ཀ་ཞུ་དགོས། །སྐྱེར་འུན་མཆོང་སྙིང་སྨུག་པོ་ཡིན། །སྨུག་པོ་མཆོང་གི་ཀ་གདན་དགོས། །གར་བར་རྒྱ་དྲུག་ཁ་སྤྲོད་ཡིན། །སྒོ་བཞི་མུ་མེན་དངུལ་ལས་བྱས། །བརྟན་ཚད་སྲིན་པོའི་རྫོང་དམར་འདྲ། །དེ་ཕྱི་སའི་ཁ་དྲག་


MR16_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་ན། །སྒོ་དགྲ་དང་རྐུན་མས་ཕྱེས་པ་ཡིན། །སྒོ་བཞི་དགྲ་ཡིས་མི་ཕྱེ་བའི། །སྔོན་མོ་ལྕགས་ཀྱི་ཐུར་མ་དགོས། །ཚོལ་ཚེ་དུང་འོད་དཀར་མོ་ཡིན། །ནག་པོ་ཁྲོ་ཡི་གཟེ་མ་དགོས། །སོ་ཡོན་རྔམ་པ་འབྲུག་ལྕེ་ཡིན། །དཀར་པོ་དུང་གི་ལྡེ་མིག་དགོས། །བྱ་ཡུན་དོང་རྩེ་དཀར་མོ་ཡིན། །ནང་བཅུད་བསགས་པའི་རྒྱུ་ལ་བྱས། །རྒྱུ་རིན་ཆེན་འཕགས་པའི་ནོར་བདུན་ཡོད། །ཕྱི་སར་དངས་མ་བུ་བརྒྱག་ན། །ནང་ནོར་དགྲ་ལ་ཤོར་བ་ཡིན། །མཁར་ནང་རིན་ཆེན་སྣ་བདུན་པོ། །ཕྱི་ཡི་དགྲ་རྐུན་མི་ཚུགས་ཕྱིར། །སྒོ་སྲུང་གྱད་ཀྱི་མི་ཐུང་དགོས། །དེ་ནི་རེ་སེ་ཀྱུ་ནེ་ཡིན། །སྒོ་བཀག་དྲེད་མོང་ཁམས་པ་དགོས། །དེ་ནི་ཐང་ལེ་འོད་ཆེན་ཡིན། །སྒོ་ཁྱི་དོམ་བུ་ཐུགས་ཀར་དགོས། །རུ་སོད་ནེའུ་རབ་རིབ་ཡིན། །དེ་དཔའ་རྫོང་དགུ་སྐོར་སྡེ་ཚན་ཡིན། །མོ་མ་རང་ལ་བཟང་བ་ཡིན། །བརྗོད་དུ་མི་བྲམ་དུད་པ་དགུ། །དམུ་དབལ་གླིང་བཞི་འཁོར་ལོ་དང་། །དམུ་ཙ་ལི་ཤོ་དམར་མོ་དང་། །ཀྱེ་བ་སད་དེ་ཨ་ཁད་དང་། །ད་རོག་གསེར་གཞོང་ཁྲ་མོ་དང་། །སད་ཀྱི་ཉི་མ་དུང་འོད་དང་། །སྤོ་སངས་བུ་ལ་བརྒྱག་སོང་དང་། །བག་ལྡི་ར་གསུམ་བརྒྱག་པ་དང་། །ཀྱེ་བ་རང་ཤག་དཀར་པོ་དང་། །གཡུང་དྲུང་སད་དེ་རང་གྲུབ་རྣམས། །དགུ་ལ་བབས་ནས་ལན་ལེགས་ན། །མོ་མའི་དགྲ་བླ་དར་བ་ཡིན། །མི་ཚེ་གཅིག་ལ་རྣོ་མཐོང་བཀྲ་ཤིས་འོང་། །སྣང་གསལ་འཕྲུལ་གྱི་བསྟན་པ་རྒྱས། །ངན་དགུ་སྦས་པའི་སྡེ་མིག་ལས། །བཤད་པ་ངན་པ་དགུ་པོ་ན། །གནམ་ས་བྱ་རལ་ཕུང་ཁད་དང་། །སྐྱམ་ཆད་སྐྱེར་གསུམ་གསེར་བྱ་རྐེད་ཆད་དང་། །སྐྱམ་མ་ཟེ་སེ་སྟོད་ཁོག་བརྒྱག་དང་། །ན་འབན་མུ་ས་ཤོར་ཁུང་དགུ་ཡིན་ནོ། །གནམ་ལ་གནས་བ་སྡེ་དགུ་ནི། །བག་བྱ་ཉི་མ་བྱ་བུར་ཟླ། །མུ་ས་སྐར་མ་ཧྲང་ཟེ་འབྲུག །གློག་དམར་གློག་

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


MR16_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བག་ཚོ་སྤྲིན། །སྐྱམ་མ་ཟེ་ཆར་ལ་ཨ་ཁད་འཇའ། །ན་འབན་ཐོག་གི་བླ་མདུད་ཡིན། །བཅུ་གནམ་སྒོར་སེ་སྟོད་རིགས་བབས་ནས། །གཉིས་ས་སྒོར་འདི་དགུ་གང་རུང་བབས། །ཉི་མ་ས་འོག་ནུབ་སོགས་འགྲེ། །ཡང་ན་གནམ་སྒོར་རང་རང་གི། དགྲ་གཤེད་བབས་ཀྱང་དེ་དང་འདྲ། །གོ་བརྗེས་ན་ཉི་མ་ས་ནས་ཐོན། །དེ་བཞིན་ཟླ་བ་སོགས་ཀྱང་འགྲེ། །ཉི་མ་བླ་དཔོན་བན་དེ་དང་། །ཟླ་བ་བོན་པོ་སྐྱེས་པ་དང་། །སྐར་མ་ཡུལ་སྡེ་བུ་ཚ་དང་། །འབྲུག་ནི་མི་དཔོན་གྲགས་པ་ཅན། །གློག་ནི་ཡུལ་སྡེ་དབང་ཆེན་པ། །ཐོག་ནི་སྔགས་ནག་དྲག་རྩལ་ཅན། །སྤྲིན་ནི་ནོར་དང་གཉེན་གྲོགས་དང་། །འཇའ་ནི་བུ་མོ་དར་མ་དང་། །ཆར་ནི་ལོ་ཐོག་བུད་མེད་དེ། །ཐོན་ན་དེར་བཟང་ནུབ་ན་ངན། །ཁ་འཛིན་མདུད་པ་བསྟན་པ་ལ། །མོ་སྐྱ་རིགས་སུམ་བརྒྱ་དྲུག་ཅུ་དེ། །ཁྱིམ་རི་བོ་གཅིག་ལ་འདུས་པ་ནི། །དིང་དིང་གཡུ་གུར་སྔོན་མོ་ཡིན། །འདི་རླུང་དྲུག་འདུས་པའི་འབྲས་བུ་ཡིན། །འཕྲུལ་ཤིང་འདུས་པའི་རྩེ་མོ་ཡིན། །ལྷ་ཁམས་སྲིད་པའི་སྔ་མ་ཡིན། །མི་དང་ཡོད་ཁམས་སྲིད་པའི་གཞི་མ་ཡིན། །སྐྱ་རིགས་དང་འཐོར་ཁམས་སྡུད་ཁྱིམ་ཡིན། །སྨད་དུ་སྐྱ་ཞིབ་འཐོར་པ་གང་བབས་ཀྱང་། །བཅུ་གཅིག་བཅུ་གསུམ་འདི་བབས་ན། །སྐྱ་རིགས་སུམ་བརྒྱ་དྲུག་ཅུ་དེ། །ཁྱིམ་རི་བོ་གཅིག་ལ་འདུས་པ་ཡིན། །གཡུང་དྲུང་རི་ཕྲན་འདྲ་བ་བརྒྱད་ཅུ་དེ། །དབུས་རི་བོ་གཅིག་ལ་འཁོར་བ་ནི། །གལ་བར་བརྒྱག་ཁ་བཟང་སྡེ་ཡིན། །གར་བར་ལིང་ཚེ་ལྷ་བརྒྱད་ནི། །དབུས་གསེར་གྱི་རི་བོའི་བླ་མདུད་ཡིན། །རྒྱལ་པོ་མི་གཅིག་མི་བརྒྱར་འཕེལ་བའི་བླ། །ས་ཡི་སྙིང་པོ་གསེར་ལ་བྱས། །གཡུང་དྲུང་མི་འགྱུར་བླ་རྡོ་ཡིན། །གནམ་ས་མི་འགྱུར་རྟེན་ཤིང་ཡིན། །སྨད་དུ་ཕྱི་ནང་མེད་པར་ནི། །གཡུང་དྲུང་རིགས་རྣམས་གང་བབ་ཀྱང་། །


MR16_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་བཅུ་གསུམ་འདི་བབས་བཟང་། །བབས་ལུགས་དེ་ནི་འོག་མ་ཀུན་ལ་འགྲེ། །བྲག་སྤྱང་ཐོང་འདྲ་བ་སུམ་བརྒྱ་དྲུག་ཅུ་དེ། །ཤིང་སྡོང་པོ་གཅིག་ལ་འདུས་པ་ཡོད། །དེ་ཀྱེ་བ་རང་ཤག་དཀར་མོ་ཡིན། །འདི་ཡབ་ལྷ་བདལ་དྲུག་འཕེལ་ཤིང་ཡིན། །རྒྱལ་བུ་མཐིང་གི་སྐྱེ་ཤིང་ཡིན། །མི་འགྱུར་སྲིད་པའི་དང་པོ་ཡིན། །བྲག་སྤྱང་ཐང་འདྲ་བའི་སྡོང་ཤིང་ཡིན། །བྲག་རྒན་གཉེར་མའི་སྲོང་ཤིང་ཡིན། །བྲག་ལན་སྟོད་དུ་འདི་བབས་ན། །ནད་པ་ཡ་མ་མིན་པ་ཀུན་ལ་བཟང་། །དབྱིས་ཁྲག་མཚོ་འདྲ་བ་སུམ་བརྒྱ་དྲུག་ཅུ་དེ། །ཉི་ཟེར་གཅིག་གིས་སྐམ་པ་ནི། །བག་བྱ་གསེར་གྱི་ཉི་མ་ཡིན། །འདི་མུན་པ་སེལ་བའི་སྒྲོན་མ་ཡིན། །སངས་སྤྲང་རྒོད་འདྲ་བ་སུམ་བརྒྱ་དྲུག་ཅུ་དེ། །མདོ་དར་སྙི་གཅིག་ལ་འཁྲིལ་བ་ནི། །བག་སྐྱེར་བུ་ལ་བརྒྱག་སོང་ཡིན། །འདི་བར་སྣང་དར་གྱི་ཡོལ་བ་དེར། །རྒྱལ་བུས་དོན་གྲུབ་སོ་སྐུང་ཚུགས། །ཅང་སེ་སངས་རིགས་བསྐུང་མི་ཡིན། །ཏྲོང་རྦ་བརྒོད་འདྲ་བ་བཅོ་བརྒྱད་དེ། །རི་ཕྲན་གཅིག་ལ་འཁོར་བ་ནི། །སྤོ་ཚེ་མདུང་བུ་སྔོན་མོ་ཡིན། །འདི་དུར་སྒོ་གཅོད་པའི་མོ་མདུད་ཡིན། །ཏྲོང་ཁམས་མེད་པའི་རྫིའུ་ཡིན། །སྐྱམ་ཆུ་བྲན་འདྲ་བ་ཉེར་ལྔ་སྟེ། །མདོ་ཆུ་ཆེན་གཅིག་ལ་འདུས་པ་ནི། །སྐྱམ་ཆུང་བུམ་པ་གསེར་མིག་ཡིན། །འདི་མཐའ་བཞིའི་རྒྱ་མཚོའི་བླ་མདུད་ཡིན། །སད་ཁམས་གཟའ་སྐར་འདྲ་བ་སུམ་བརྒྱ་དྲུག་ཅུ་དེ། །བར་སྣང་ཁམས་སུ་འཁོར་བ་ལ། །ས་ལ་མི་ལྷུང་འཇུ་ཐག་ནི། །ཝ་ཚོ་དཔའ་མདུང་སུམ་བརྩེགས་ཡིན། །འདི་སད་ཁམས་རྣམས་ཀྱི་འཇུ་ཐག་ཡིན། །རྒྱལ་བུ་མཐིང་གི་ཚེ་ཐག་ཡིན། །དམུ་དབལ་རྣམས་ཀྱི་འཇུ་ཐག་ཡིན། །བརྒྱག་ཁ་རྩི་ཐོག་འདྲ་བ་སུམ་བརྒྱ་དྲུག་ཅུ་དེ། །རླུང་བ་ཐེ་ཤོས་ཁྱེར་བ་ནི། །ད་རོག་མུ་ཁ་ལི་ཡན་ཡིན། །འདི་རླུང་ཁམས་རྣམས་ཀྱི་སྙིགས་མ་ཡིན། །དབྱར་


MR16_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རུ་རྩི་མི་ལ་སློང་། །བརྒྱག་ཁའི་ལན་དུ་བབས་མི་རུང་། །བརྒྱག་ན་ལྷ་ཁང་བྱེ་ཐུམ་བརྒྱག །བུ་སྐྱེས་ནོར་ཕྱུག་དགྲ་ཐུབ་ཡིན། །ལི་ཡན་རླུང་སྟོང་སྡེ་བརྒྱད་ལ། །སྟོང་པའི་འབྲས་དྲུག་སྨིན་པ་སྟེ། །སད་ཀྱི་ཉི་མ་དུང་འོད་ཡིན། །དེ་ལི་ཡན་ལན་དུ་བབས་པ་ན། །གཞི་བྱེས་ལམ་གསུམ་གང་ལ་བཟང་། །བྱ་རལ་ཕུང་གི་རི་བོ་ལ། །ས་མདོའི་སྐུ་མཁར་ཚུགས་པ་ནི། །བྱ་རལ་ལད་དུ་གལ་བར་ཡིན། །སོ་ཡོན་གཏུམ་པོ་བྲག་ནག་ལ། །གཤེན་རབ་ལྔ་ཡི་ཕྱག་རྒྱ་དགོས། །དེ་ཡར་ལྡིང་དཔའ་བོ་སྟག་འཕྲུ་ཡིན། །ཕུང་བར་གཟེད་མོ་སླུ་བྱེད་ལ། །སྨན་ཤ་ཡུ་མོའི་མཁྲིས་པ་དགོས། །དེ་ཝ་རི་དོག་ཚང་ཁྲ་མོ་ཡིན། །གཟེད་མོ་སྨན་དུ་བསྒྱུར་མི་ཡིན། །ཇག་རྟ་རྒྱུག་སྲི་འུའི་མོ་ལ་བཟང་། །སྐྱམ་སེ་ནལ་གྱི་ཤ་མ་ལ། །བ་ཡེ་བ་དཀར་མོའི་ཁ་རླངས་དགོས། །སྐྱམ་ལེ་རྡེའུ་དཀར་སངས་ཡིན། །བ་ཡེ་བ་དཀར་མོས་བུ་བདུན་གསོས། །སྐྱམ་ཁམས་གསོ་བའི་སྨན་རྒན་ཡིན། །སྐྱམ་གྱི་སོག་ཚང་གྲོལ་མི་ཡིན། །མདུན་ཞུ་བོར་བའི་མོ་མདུད་ཡིན། །དེ་ཡི་ལན་དུ་རེ་སེ་ན། །བ་ཡི་བ་དཀར་མོའི་བུ་རྐང་ཚུགས། །སྒོ་བརྒྱག་སྲིན་པོའི་གློ་དོང་ལ། །ཐུགས་དཀར་ལྷ་ཡི་འཕྲིན་པ་དགོས། །བྱ་ཡུན་དང་རྩེ་དཀར་མོ་ཡིན། །མ་བརྒྱག་གྱོད་ཀྱི་གཞི་མ་ལ། །བུ་བརྒྱག་འཕེལ་བའི་ས་བོན་དགོས། །སྐྱམ་བུ་བརྒྱག་ནག་ཆུང་ཟལ་ཟལ་ཡིན། །གནམ་གྱི་གཡུ་ཆར་སྔོན་མོ་ཡིན། །དབུ་ནག་འཕེལ་བའི་རུ་མ་ཡིན། །འདི་གསུམ་ལ་ཕྱྭ་ལྕམ་ཐུགས་དཀར་ཡིན། །ཤ་རྩ་དཀར་ལ་ལུས་པོ་ཐུང་། །དྲུག་ལ་རང་ལྕམ་ཡེ་སངས་ཡིན། །ཤ་རྩ་སྔོ་ལ་ལུས་པོ་སྦོམ། །བཅུ་ལ་བ་བཙུན་འཕྲུལ་མོ་ཡིན། །ཤ་རྩ་སྨུག་ལ་སྐྲ་རྩ་སྔོ། །སྐྱམ་དེའི་བྱ་འུན་འཇུས་པ་ནི། །སྐྱམ་རྨེའི་ངོས་འཛིན་དེ་ལ་དཔྱད། །སྐྱམ་གྱི་བརྒྱག་


MR16_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དཀར་ནག་དེ། །བརྒྱད་ཅུ་གཡུང་དྲུང་དེ་ལ་དཔྱད། །སྐྱམ་ཁམས་རྣམས་ཀྱི་དངས་སྙིགས་དེ། །སྐྱམ་གྱི་ཁྲ་མ་དེ་ལ་དཔྱད། །གཡོན་བརྒྱག་བདུད་ཀྱི་རྐུན་དོང་ལ། །ཕྱ་རྗེ་མཛངས་པའི་ཡི་གེ་ནི། །བྱོད་ཕུར་ལང་མ་ལིང་ཆུང་ཡིན། །རྨང་པོ་འཕེལ་བའི་མོ་མདུད་ཡིན། །ཇག་མོ་ལ་ནི་ཚང་བུད་ཡིན། །སྨོན་པའི་ནོར་གྱི་བང་མཛོད་ཡིན། །རྒྱལ་ཕྲན་བཅོ་བརྒྱད་འཕེལ་ཁ་བཤད། །ཀྱེ་བ་ཕྱ་ཡི་རྒྱལ་པོ་ལ། །རྩིས་ཀྱི་ཕྱག་ཤིང་འཛིན་མི་དེ། །ཀྱེ་བ་རང་ཤག་དཀར་པོ་ཡིན། །ད་རོག་དམུ་ཡི་རྒྱལ་པོ་ལ། །གཡང་གི་ར་བ་འགེང་མི་དེ། །ད་རོག་རང་འགུག་སྨུག་པོ་ཡིན། །དམུ་དབལ་གཙུག་གི་རྒྱལ་པོ་ལ། །གཙུག་གི་གཟེར་ཆེན་འདེབས་མི་དེ། །དམུ་དབལ་གཡུང་དྲུང་ཟེ་ཟེ་ཡིན། །སད་མི་བརྐོས་ཀྱི་རྒྱལ་པོ་ལ། །སྐོས་ཀྱི་ཕྱག་ཤིང་འཛིན་མི་དེ། །སད་མི་ཧྲང་གི་གསུམ་རྗེ་ཡིན། །བཏགས་པ་རྨང་གི་རྒྱལ་པོ་ལ། །རིགས་རྒྱུད་འཕེལ་ཁ་བསྐྱེད་མི་དེ། །གཡུང་དྲུང་མུ་ས་ཅོད་པན་ཡིན། །ཨ་ཁད་མེ་ཡི་རྒྱལ་པོ་ལ། །དྲོད་ཀྱི་གུར་ཆེན་འབུབ་མི་དེ། །ཀྱེ་བ་སད་དེ་ཨ་ཁད་ཡིན། །སྐྱམ་ཁམས་ཆུ་ཡི་རྒྱལ་པོ་ལ། །སྨོན་པའི་བླ་མཚོ་བསྐྱིལ་མི་དེ། །སྐྱམ་གྱི་མའུ་དཀར་སངས་ཡིན། །སྤོ་ཚེ་ཤིང་གི་རྒྱལ་པོ་ལ། །ཤིང་ལ་ལོ་འདབ་རྒྱས་མི་དེ། །གཡུང་དྲུང་སྤོ་ཚེ་ཁྲི་ལ་ཡིན། །བྱ་རལ་རླུང་གི་རྒྱལ་པོ་ལ། །བསྐལ་པའི་རླུང་ཆེན་འཕྱོ་བ་དེ། །བྱ་རལ་རིན་ཆེན་གཡུང་དྲུང་ཡིན། །སྐྱིན་དིང་ས་ཡི་རྒྱལ་པོ་ལ། །མི་འགྱུར་ས་ཡི་གོང་ང་དེ། །སྐྱིན་དིང་འཁོར་བ་འབུམ་སྡེ་ཡིན། །སངས་རིགས་ཅངས་སེའི་རྒྱལ་པོ་ལ། །སྨོན་པའི་བླ་མཚོ་ཡོད་མི་དེ། །གསེར་སྦྲང་གཡུ་གཤོག་སྟག་རིས་ཡིན། །བྲག་ནག་ཀེང་རུས་རྒྱལ་པོ་ལ། །ངོམ་གྱིས་སྨོན་པ་མ་ཚོར་བ། །སོ་ཡོན་ལིང་ཀུན་དཀར་མོ་ཡིན། །སད་


MR16_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཕྱ་ཡི་རྒྱལ་པོ་ལ། །གཤེན་རབ་གདན་ས་ནོན་མི་དེ། །སད་སྔ་ཤེལ་ཐོག་དཀར་པོ་ཡིན། །ཆོས་བཞི་བན་གྱི་རྒྱལ་པོ་ལ། །གསེར་གྱི་རྡོ་རིང་འགྲུབ་མི་དེ། །སད་ཀྱི་པ་ཙ་ལ་རྔམ་ཡིན། །གཡུང་དྲུང་ཡོད་པའི་རྒྱལ་པོ་ལ། །གལ་ལ་ཤེ་མོང་རྒྱས་པ་དེ། །གལ་བར་ཟླ་ཚེས་ཐོད་དཀར་ཡིན། །སེ་སྟོད་ཁྲག་གི་རྒྱལ་པོ་ལ། །གསོ་བྱེད་བདུད་རྩི་གྲུབ་པ་དེ། །སེ་སྟོད་དཀར་ཐོག་གཡུང་དྲུང་ཡིན། །བརྒྱག་ཡོད་ཡོད་པའི་རྒྱལ་པོ་ལ། །ཡོད་པ་རྟག་པར་བྱེད་པ་དེ། །དིང་དིང་དུང་ཁྱུང་ནོར་བུ་ཡིན། །བརྒྱག་མེད་མེད་པའི་རྒྱལ་པོ་ལ། །མེད་པ་ཡོད་པར་བྱེད་པ་དེ། །སད་དཀར་སྣམ་བུ་ཚོལ་ཚེ་ཡིན། །འདི་རྣམས་གང་ལ་གང་བབས་པ། །དེ་འདྲའི་བསྟན་པ་ཟིན་པ་ཡིན། །རྒྱལ་ཆེན་རྣམ་གསུམ་ཟེར་བ་ནི། །འབྲེལ་བའི་རྒྱལ་པོ་དིང་དིང་ཡིན། །ཡར་བའི་རྒྱལ་པོ་བྱོད་ཕུར་ཡིན། །བཏགས་པའི་རྒྱལ་པོ་དམུ་དག་ཡིན། །ཡང་གཅིག་བདུད་ཆད་མདུད་པ་བསྟན། །ཕོ་ལྷ་མི་ཡི་སྐྱེ་འཕེལ་ལ། །ཕག་ཤས་གསུར་སྐོར་བྱས་བ་ནི། །ལག་བཤལ་སྤུན་གསུམ་དག་ལ་ཟེར། །སྨད་དུ་ལྷ་ཁམས་དངས་མའི་ལན། །སྲིན་པོ་མི་ཉོ་འདི་གསུམ་ངན། །འདོགས་རིགས་མི་ཡི་སྐྱེ་འཕེལ་ལ། །བདུད་ཤན་པ་སྟར་ཐོགས་ཆས་པ་ནི། །ན་འབན་ཏྲོང་ཆུང་ཉི་མ་བྲག །མི་བརྒྱ་ཤི་ཞིང་ཕྱུགས་བརྒྱ་བརླག །ཏྲོང་མ་ཟེ་འདོགས་རིགས་ཀུན་གྱི་བདུད། །སྦོ་མགོ་མི་དར་རྟ་དར་ལ། །བཙན་གྱི་ཤོད་མ་བྱུང་བ་ནི། །སྤོ་མ་ཟེ་བདུད་པོ་ཙག་ཙིག་ཡིན། །སྤོ་རིགས་ཀུན་གྱི་བདུད་གཅོད་ཡིན། །ཡང་མོ་ངན་རྣམས་ཀྱི་ཁ་འཛིན་བཤད། །མོ་ལོག་པ་ཁོལ་དུ་འཛུང་མི་དང་། །ལྷ་ལོག་ལམ་དུ་བསྲུང་མི་དེ། །སྐྱེར་དཀར་ཀུ་ཡེ་བྱིལ་ཚང་ཡིན། །སྨོན་མི་དབུ་ནག་རྫིའུ་དང་། །


MR16_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་མོའི་ཁྲག་མཚོ་སྐམ་མི་དེ། །ཀྱེ་བ་བག་སྐྱམ་བུ་བརྒྱག་ཡིན། །བཙན་ཁ་རི་ལ་བསྒྱུར་མི་དང་། །བཙན་ལོག་གཡང་ལ་བསྒྱུར་མི་དེ། །དིང་དིང་ལྕགས་ཁྲ་སྔོན་པོ་ཡིན། །འདི་གསུམ་ལོག་པའི་རྫིའུ་ཡིན། །རེད་ལ་རྨ་རྩི་བཏང་མི་དེ། །ཝ་སྐྱམ་བུ་བརྒྱག་ཁྲམ་དུང་ཆེན་ཡིན། །འདི་བརྒྱག་ཁ་རེད་པའི་རྨ་རྩི་ཡིན། །རྨ་སྤོམ་རའི་མགོ་ཡི་ལྷ་ཆབ་ཡིན། །སྨན་ཁྲ་མོའི་གཡུ་ཕུད་བཏགས་མི་ཡིན། །སྨོན་པའི་ཤི་གཞུག་གཅོད་མི་དེ། །ད་རོག་སྟག་གཞོང་ཁྲ་མོ་བརྒྱག །འདི་རྒྱ་ཡི་ཇ་མཁར་བཤིག་མི་ཡིན། །ཧོར་གྱི་རྟ་མཁར་བཤིག་མི་ཡིན། །གྲི་བོའི་མཚོན་ཆ་འཕྲོག་མི་ཡིན། །རེད་ལ་རྨ་རྩི་གཏོང་མི་ཡིན། །ཟུན་སྡར་མ་དཔའ་རུ་འཛུད་མི་ཡིན། །དགྲ་དཔའ་བོ་སྡར་དུ་འཛུད་མི་ཡིན། །དུན་གཡུང་དྲུང་ཐེ་སྐྱམ་བུ་བརྒྱག་ན། །དག་གསལ་ཁྲུས་ཀྱི་རྫིང་བུ་འདི་དཔྱད་ཡིན། །འདི་གསུམ་རེད་པའི་ཁ་འཛིན་ཡིན། །དམུ་དབལ་གཡུང་དྲུང་ལི་ཡན་འདི། །ནམ་མཁའ་བཀྲ་ཤིས་འོད་ཀྱི་བླ། །དམེ་མུག་ནལ་གསུམ་གཙང་བྱེད་ཡིན། །ལི་ཡན་གྱོང་ཐར་བྱེད་མི་ཡིན། །འགྲམ་པ་ཐམས་ཅད་སྡུད་མི་ཡིན། །འགྲམ་པའི་ཤི་གཞུག་གཅོད་མི་ཡིན། །ལི་ཡན་བུ་བརྒྱག་སེར་པོ་ཐོག་རྒྱུག་འདི། །ཤི་གཞུག་གཅོད་པའི་མོ་མདུད་ཡིན། །འདིས་སོ་ཡོན་མུན་པའི་མདུན་ཁར་བཤིག །ཏྲོང་ཁམས་སྲི་ཡི་བདུད་སྒོ་གཅོད། །སེ་སྟོད་ཁྲག་གི་མཚོ་མོ་སྐེམ། །འཐོར་འགྲམ་ཤི་གཞུག་གཅོད་མི་ཡིན། །དིང་དིང་ལྕགས་ཁྲ་སྔོན་པོ་དེ། །ལོག་རེད་འགྲམ་གསུམ་སྡུད་མི་ཡིན། །ལོ་གསུམ་བར་དུ་ཤི་གཞུག་ཆོད། །འདིས་རུ་སོད་བདུད་གཡག་ར་རྩེ་བཅད། །མ་ཟེ་བཙན་ཁ་བྲག་ལ་བརྒྱབ། །ན་འབན་རོང་ཆུ་འཁྱགས་སུ་བཙུད། །འདི་གསུམ་འགྲམ་པའི་རྫིའུ་ཡིན། །མོ་བུག་པ་སྤིས་སམ་དབྱིས་སམ་ནི། །ལ་ལར་


MR16_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཡེན་ཁམས་ཟེར་བ་དེ། །གར་བབས་ལོ་མལ་ས་མལ་བུག །དེ་ཡི་གཉན་པོ་དིང་དིང་ཡིན། །འདི་མུན་པར་ཟེར་མདའ་འཕེན་མི་ཡིན། །བུག་པ་ཁོལ་དུ་བླན་མི་ཡིན། །རལ་བ་ལོ་བདུད་ལ་སོགས་སམ། །དམུ་བྲག་བྱ་རལ་སོགས་བབས་ཡིན། །རལ་བ་སྲུབ་ཏུ་བཟོ་བ་ལ། །བཟོ་མི་བི་ཤྭ་ཀརྨ་དགོས། །དེ་ནི་དགོ་ཚང་ཁྲ་མོ་ཡིན། །སྲང་ཟེ་བཟོ་བའི་ལྕིབ་མོ་དགོས། །ཝ་ཚོ་རྒྱ་ཁབ་སྔོན་མོ་དགོས། །ལྡི་བུར་བཟོ་གྲི་ཡུ་དཀར་དགོས། །དམུ་ཐག་དུང་སྐུད་དཀར་པོ་དགོས། །དེ་རྣམས་རལ་བ་སྲུབས་སུ་དྲུབ་མི་ཡིན། །མོ་འཁྱམས་སམ་འཁྱོགས་པ་བྲག་རིགས་ཡིན། །འཁྱོགས་པ་བསྲིང་ལ་མགར་བ་དགོས། །མུས་མག་ར་བ་ཡ་མེད་ཡིན། །སྐྱིན་དིང་མགར་གྱི་འོག་རྡོ་ཡིན། །བྱོད་ཕུར་མགར་བའི་ཐོ་བ་ཡིན། །དེ་རྣམས་འཁྱོགས་པོ་བསྲིང་མི་ཡིན། །ཡང་ནི་དམུ་ཐག་དྲང་ཤིང་སོགས། །འཁྱོགས་རྒུར་བསྲིང་བའི་མོ་མདུད་ཡིན། །དེ་རྣམས་བུག་རལ་འཁྱོགས་གསུམ་རྫིའུ་ཡིན། །ཞ་བོ་བྱ་བར་སྤོ་བ་དང་། །ཡང་ནི་སྒོ་བརྒྱག་རིགས་རྣམས་ཡིན། །ཞ་བོ་འཐིང་ཁྱེར་བྱེད་མི་དེ། །ལྡི་བུར་དབུ་མ་སྟག་རྩེ་ཡིན། །འདི་རྐང་གཉིས་ས་ལ་བཙུགས་མི་ཡིན། །ཤ་ལྷག་རྨེན་བུ་བཅད་མི་ཡིན། །ཞ་བོ་རིང་པའི་མོ་མདུད་ཡིན། །ལོང་བ་བྱ་བ་སོ་རིགས་ཡིན། །ལོང་བའི་སྤྱན་རྩ་འབྱེད་མི་དེ། །བྱ་ཡུན་དང་རྩེ་དཀར་མོ་ཡིན། །འདི་མེ་དྲུག་བས་ཀྱང་འོད་རེ་གསལ། །མཐོང་བ་སྤྱན་གྱི་དགྲ་བླ་ཡིན། །མོ་དངས་མ་རྣམས་ཀྱི་ཁ་འཛིན་ཡིན། །བརྒྱག་ཁ་རྣམས་ཀྱི་ཁ་འོད་ཡིན། །ཏྲོང་ཁམས་རྣམས་ཀྱི་གསེར་རྩི་ཡིན། །སད་ཁམས་རྣམས་ཀྱི་ཁ་གནོན་ཡིན། །འདོགས་ཁམས་རྣམས་ཀྱི་རྩེ་འཛིན་ཡིན། །སངས་རིགས་རྣམས་ཀྱི་སྤྱན་རྣོ་ཡིན། །གཡུང་དྲུང་རྣམས་ཀྱི་རི་


MR16_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡིན། །སོ་ལན་སྟོད་དུ་འདི་བབས་ན། །ཤར་རྨ་རྒྱལ་སྦོམ་རའི་གཡས་ཟུར་ནས། །བྱ་རིག་པ་ཅན་གྱི་ལམ་རྙེད་ཡིན། །དགྲ་གཞི་དཀོར་གསུམ་ཀུན་ལ་བཟང་། །ཏྲོང་རིགས་བབས་ན་ལྐུག་པ་ཡིན། །ལྐུག་པའི་ལྐུག་ཁ་ཕྱེ་མི་དེ། །ཨ་ཁད་བུ་བརྒྱག་རྩེ་ན་ཡིན། །གཏམ་རླུང་རྒྱལ་ཁ་འདི་ལ་ཟེར། །སྒོམ་པོ་ཕ་ཝང་ཡེ་ཟི་ཡིན། །དེ་ལྟར་ཞ་ལོང་ལྐུག་གསུམ་རྫིའུ་བཤད། །མོ་ལད་པ་དགུ་ཡི་སྨན་པ་དེ། །བྱ་ཤང་ཤང་རྒོད་པོ་ཡ་མེད་ཡིན། །དེ་རྐང་སྤར་དུང་རྒོད་དཀར་པོ་ཡིན། །སྔོན་ཡེ་ངོམ་གཉིས་ཀྱི་ས་མཚམས་སུ། །ཡེ་ཡི་དུང་ཁྱུང་དཀར་པོ་ནི། །སུམ་མཉམ་གླག་མོ་མཁལ་དཀར་ཡིན། །ངམ་གྱི་སོལ་ཁྲ་རོག་པོ་ནི། །སྐྱམ་བྲག་རུ་སོད་ཡིན་པ་སྟེ། །དེ་གཉིས་གཅིག་ཏུ་བསྡེབས་པ་ལ། །རྫུ་འཕྲུལ་སྒོ་ང་གཅིག་ཏུ་སྲིད། །སྒོ་ང་རྡོལ་པའི་ནང་ཤེད་ནས། །བྱ་ཤང་ཤང་རྭ་ཅོ་ཅན་དུ་སྲིད། །དེ་རྐང་སྤར་དུང་རྒོད་དཀར་པོ་ཡིན། །འདི་ལ་འདོགས་གཅིག་ཡོད་པ་དེ། །ཕ་དུང་ཁྱུང་ཡིན་པའི་གཏན་ཚིགས་ཡིན། །ཕྲུ་གུ་གཉིས་སུ་ཡར་བ་དེ། །མ་སོལ་ཁྲ་ཡིན་པའི་གཏན་ཚིགས་ཡིན། །གཡས་ལ་བརྒྱག་གཅིག་ཡོད་པ་དེ། །ཤང་ཤང་ཐབས་ལ་མཁས་པའི་རྟགས། །འདི་ལ་རྐང་སྤར་ཟེར་བའི་གཏན་ཚིགས་ནི། །བྱ་ཆེན་གཉིས་ཀྱི་བུ་ཡིན་རྟགས། །དུང་ཞེས་བྱ་བ་དུང་སྒང་ལས་སྐྱེས་རྟགས། །སེང་ཞེས་སེང་གེའི་རྩལ་དང་ལྡན། །གཡས་བརྒྱག་སེང་གེའི་གཡུ་རལ་འདྲ། །མགོ་ལ་ར་ཅོ་སྐྱེས་པ་ན། །ཕ་དུང་ཁྱུང་ཡིན་པའི་རྟགས་སུ་ངེས། །ལུས་ལ་སྐྱ་རིས་ཡོད་པ་ནི། །མ་དེ་སོལ་ཁྲ་ཡིན་པའི་རྟགས། །འདབ་ཆགས་བྱ་ཡི་གཤོག་པ་ཅན། །གཅན་གཟན་ངར་མའི་མཆེ་སྡེར་ཅན། །སེང་གེ་དཀར་མོའི་རལ་པ་ཅན། །བྱ་རྒྱལ་ཁྱུང་གི་ར་ཅོ་ཅན། །གནས་ནི་ཏི་སེ་གངས་ལ་གནས། །རྒྱུག་ནི་བར་


MR16_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཁམས་སུ་རྒྱུག །བཅུ་གཅིག་སྟེང་དུ་འདི་བབས་ནས། །བཅུ་ཡི་ཧྲང་ཟེ་སྒོ་བརྒྱག་དང་། །བཅུ་གསུམ་དིང་དིང་བརྒྱག་ཅན་ན། །ཁྲ་བོ་ཇག་པའི་མོ་ལ་བཟང་། །བྱ་ཤང་སེང་གེ་འདྲ་བ་དེ། །བར་སྣང་ཁམས་སུ་རྒྱུག་པ་ཡིན། །གཡུ་འབྲུག་སྔོན་པོ་གཟན་དུ་ཟ། །ལྷོ་སྤྲིན་ཕྱུག་མོ་གོས་སུ་གྱོན། །དགྲ་མགོ་དམར་ཅན་གྱི་གྲོང་པ་ལ། །ཟུན་གྱི་ཇག་པས་གཏོར་བ་ཡིན། །ཟུན་རག་དཀར་ཅན་གྱི་དཔའ་ལས་བྱེད། །ནད་མོར་རོ་འཛིན་དཔུང་པ་བརྗེས་ཏེ་ངན། །ལར་ཤང་ཤང་རྒད་པོ་ཟེར་ན་ཡང་། །བྱ་ཤང་ཤང་མ་ཡིན་བྱང་བྱ་ཡིན། །རྒན་པོ་མ་ཡིན་རྒོད་པོ་ཡིན། །མིང་ནི་བྱང་བྱ་རྒོད་པོ་ཟེར། །གར་བབས་རྒྱལ་ཁ་ཡོད་པ་ཡིན། །ལད་པ་ཀུན་གྱི་རྫིའུ་ཡིན། །བྱོད་ཕུར་སྐྱམ་དང་སད་ཀྱི་ནི། །བརྒྱག་ཁ་དང་པོ་གསུམ་པོ་ལ། །གཡུང་དྲུང་འོད་དཀར་སྤུན་གསུམ་མམ། །ཡང་ན་དཀར་ཐོག་སྤུན་གསུམ་ཟེར། །དཀར་ཐོག་སྤུན་གསུམ་དག་དང་ནི། །དགྲ་བླ་སྤུན་གསུམ་འདི་དང་ན། །དུང་ཁྱུང་སྤུན་གསུམ་གར་བབས་པར། །འཁྲུག་པའི་རྒྱལ་ཁ་དེ་ན་ཡོད། །སད་ཀྱི་ཆེ་གསུམ་ཧོར་དྲུག་དེ། །དགྲ་བླ་ཆེ་བ་དོམ་མགོ་གླང་སྙིང་ཡིན། །འབྲིང་བ་དཔའ་བརྟན་ལྡོག་མེད་ནི། །རུ་སོད་ཁ་ལེ་དཀར་པོ་ཡིན། །ཆུང་བ་རྣོ་གཅོད་གཏིང་འབྱིན་ནི། །སྤོ་ཡི་མ་ཟེ་ཨོག་དམར་ཡིན། །སད་གསུམ་ཆེ་འབྲིང་ཆུང་གསུམ་ལ། །དུང་ཁྱུང་སྤུན་གསུམ་ཞེས་སུ་གྲགས། །ཡང་ཕྱོད་ཕུར་ལ་སོགས་གསུམ་པོ་དེའི། །གཉིས་པའི་བརྒྱག་ཁ་གསུམ་པོ་ལ། །གཡུང་དྲུང་འོད་དམར་སྤུན་གསུམ་ཟེར། །དམར་ཐོག་ལ་སྲིད་ཀྱི་མཚོ་མོ་ཡོད། །དེ་འོག་གསུམ་པ་བརྒྱག་གསུམ་ལ། །སྨུག་ཐོག་སེ་སྟོད་སྤུན་གསུམ་ཟེར། །སྨུག་ཐོག་ལ་གཡང་གི་མཚོ་མོ་ཡོད། །དེ་འོག་བཞི་པ་བརྒྱག་པ་ན། །སད་སྐྱམ་གཉིས་


MR16_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒོ་བརྒྱག་ཡིན། །གཡུང་དྲུང་གཡག་རོ་སྤུན་གསུམ་ཟེར། །དུད་འགྲོ་སེམས་ཅན་རོ་སྤུར་ཡིན། །སྤོ་ཡི་དྲོང་དང་ཕུང་ཁད་དྲོང་། །མ་ཟེ་དྲོང་དང་གསུམ་པོ་ལ། །ཏྲོང་གི་རྦབ་རྒོད་སྤུན་གསུམ་ཟེར། །བ་ཁོག་ཏུ་རྡོ་རྣུ་ཤིག་གསུམ་ཡིན། །གནས་མལ་ཤི་ཆད་འཐོར་གསུམ་ཡིན། །རུ་སོད་མ་ཟེ་ན་འབན་གསུམ། །གློ་བུར་ཡེ་འདྲོགས་སྤུན་གསུམ་ཡིན། །བྱོད་ཕུར་དཀར་ཐོག་དམར་ཐོག་སྨུག་ཐོག་གསུམ། །ཝེར་མ་སྤུན་གསུམ་ཞེས་ཀྱང་བྱ། །གར་བབས་རྒྱལ་ཁ་འོང་བ་ཡིན། །བྲག་གི་རྩ་བ་རྣམ་པ་གསུམ། །སྐྱེར་ནག་ཕུང་མ་མགོ་བཏུམ་མམ། །ཐང་བུ་སྡེར་འདུས་བྲག་དང་ནི། །སྤོ་བར་ནག་པོ་མཛོ་རུ་བྲག །འདི་གཉིས་ཉིན་སྐྱ་རུ་རིང་དང་། །སྲིབ་ཀྱི་ནག་པོ་ཁུ་ཡོར་གཉིས། །མ་ལ་བཙས་པའི་ཉིན་པར་ནས། །མ་ཐུག་མ་ཐུག་ཉིན་གཅིག་ཐུག །ཉིན་གཅིག་ཐུག་པའི་ཉིན་པར་ལ། །སྔ་དྲོ་རྭ་རྩེད་བྱས་པས་ར་ཅོ་ཆགས། །ཕྱི་དྲོ་ཕྱིར་བལྟས་བྱས་པས་འཆི་འདྲེ་བྱུང་། །བྲག་ནག་ཤ་རུ་འཛིངས་པའི་གཏན་ཚིགས་ཡིན། །མ་ནི་ཕུང་བར་ནུ་བྲག་ཡིན། །སྐྱེར་ནག་མ་ནུ་ལག་བཤལ་ཕྲག །ཕུང་མ་ནུ་དྲུད་བླ་དེ་ཡིན། །འདི་གསུམ་གར་བབས་རོ་དྲངས་ཡིན། །ལྷག་པར་ཚོང་བའི་མོ་ལ་ངན། །གཏོ་ལ་ཤ་རུ་ཁྲམ་བཏབ་བོར། །མཁན་བྱ་བཅུ་གསུམ་རི་རྩེར་བསྐྱལ། །ཤ་རིང་ཏྲོང་ཏྲིག་ཏྲོང་ཕུང་ཁད། །ཏྲོང་གི་མ་ཟེ་འདི་གསུམ་པོ། །ཏྲོང་རྦབ་རྒོད་འདྲ་བ་སྤུན་གསུམ་ཡིན། །བ་ཁོག་གསུམ་དུ་བབས་པ་ན། །ཡེ་སྲིད་འཕྲུལ་གྱི་བ་དཀར་ལ། །རྡོ་རྣུ་ཤིག་གསུམ་བྱུང་བ་ཡིན། །བཅུ་དང་བཅུ་གསུམ་བབས་པ་ན། །མི་ཤི་མགོ་ནས་ཤི་བ་ཡིན། །ཤིང་ཆག་རྐེད་ནས་ཆག་པ་ཡིན། །གཅིག་ལ་འབྱུང་


MR16_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གང་བབས་པའི། །བཅུ་དང་བཅུ་གསུམ་འདི་རྣམས་བབས། །ཤིང་ཁམས་སྟྭ་རེས་བཅད་པ་སོགས། །འབྱུང་བ་རང་རང་དགྲ་གཤེད་ཡིན། །སྐྱེར་གསུམ་ཕོ་སྲི་རལ་ཅན་ཡིན། །སྐྱེར་ནག་རྒན་སྲི་མགོ་སྐྱ་ཡིན། །སྐྱམ་རྒན་མོ་སྲི་ནུར་བུད་ཡིན། །གསེར་བྱ་རྐེད་ཆད་ཆུང་སྲི་མིག་དམར་ཡིན། །འདི་ཕག་ཤ་གསུར་སྐོར་སྤུན་བཞི་ཡིན། །སྲི་ངོ་ཡིན་པས་ཅི་ལ་ངན། །སད་སྐྱམ་ལྡི་བུར་དག་གི་ནི། །ཤོ་དོ་སྤུན་གསུམ་ཚོང་ཕྱར་ངན། །བློ་ཉེས་འགྱོད་པ་སྤུན་གསུམ་ཡིན། །ཆུ་སྤར་སྤུན་གསུམ་སྲོག་ཕྱར་ངན། །རྡོ་ཁྲི་རོ་གསུར་སྤུན་གསུམ་ཡིན། །དམུ་ངམ་སྤུན་གསུམ་ལུག་ཕྱར་ངན། །ལུག་སླས་ནང་གི་སྤྱང་ཀི་ཡིན། །བྱ་རལ་ལི་ཡན་སྐྱམ་ཆད་གསུམ། །སྐྱ་རིགས་ངན་པ་སྤུན་གསུམ་ཡིན། །སྐྱམ་དང་ལི་ཡན་བྱ་རལ་གསུམ། །དོ་སྐྱ་སྤུན་གསུམ་ཞེས་སུ་བཤད། །ཕུང་ཁད་ཏྲོང་གི་ཕུང་ཁད་དང་། །ཕུང་བྱ་ལ་གཏམ་ངན་ཕྲིན་སྐྱེལ་གསུམ། །ཐང་ལེ་ལི་ཡན་ཤག་ལེ་གསུམ། །སྟོང་པའམ་ཟད་པ་སྤུན་གསུམ་ཡིན། །ཡང་སྐྱིན་དིང་གལ་བར་སྐྱེར་དང་གསུམ། །འགུལ་འཚེར་སྤུན་གསུམ་བྱ་བ་ཡིན། །རྒས་ལ་འགུལ་འཚེར་སྤུན་གསུམ་ངན། །མོ་ཡི་ཉིན་གསུམ་བྱ་བ་དེ། །ཚོལ་ཚེ་སྤོ་ཚེ་རིང་སྙན་ཡིན། །སྲུབ་གསུམ་མ་ཟེ་ན་འབན་རུ་སོད་ཡིན། །རང་སར་ཉིན་དང་བྱི་སར་སྲིབ། །བྱུང་ན་བཟང་ཞིང་ལོག་པ་ན། །ཉིན་སྲིབ་འཁྲུག་པ་ལོག་པས་ངན། །བྱོད་ཕུར་ལྡི་བུར་རྐང་སྤར་གསུམ། །གནམ་གྱི་དངས་མ་རྣམ་གསུམ་ཟེར། །སྤོ་ཡོན་སྤོ་བར་སེ་སྟོད་གསུམ། །ས་ཡི་སྙིགས་མ་རྣམ་གསུམ་ཡིན། །སྙིགས་མ་གཉིས་ལ་བབས་པ་དང་། །དངས་མ་བཅུ་ལ་བབས་པ་ན། །གནམ་ས་ཁ་ཞབས་མ་ལོག་བཟང་། །བཟློག་ན་གནམ་


MR16_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལོག་སྟེང་ན། །ད་གནས་དང་སྦྱར་ཏེ་དཔྱད་པ་ནི། །གཅིག་གཞི་འཛིན་ཆང་དབ་བབས་ཀྱི་དང་པོ་ལ། །སྐྱམ་དངས་མ་དང་ནི་བྱ་བུར་ལ། །ཁྲ་བཟུང་འཇོར་ཐོག་ཟེར་བ་ཡིན། །མར་དིང་ཐང་ལེ་ཤོར་ཁུར་གསུམ། །དུ་རུ་བེར་ག་སྤུན་གསུམ་ཡིན། །འདི་རྣམས་གཅིག་གི་སྟེང་དུ་ངན། །ཆུ་དོ་ལི་ཡན་བབས་པ་ན། །གཞི་མཐའ་ནས་གཡོས་ཤིང་སྟོང་པ་ཡིན། །དེ་མི་གཡོ་བ་ཡི་རྫིའུ་བཅུ། །ཚངས་པ་ལྷ་ཡི་ཕ་ས་ནི། །སད་ཀྱི་མུ་ལེ་ཟུར་གསུམ་དེ། །དོན་ལ་གཡུང་དྲུང་བྱ་རལ་ཡིན། །མ་དྲོས་ཀླུ་ཡི་མ་ལས་དེ། །ད་རོག་གསེར་གཞོང་སེར་མོ་ཡིན། །ས་བདག་རྒྱལ་པོའི་གདན་ས་དེ། །སྐྱེར་གྱི་མི་རླུང་དཀར་མོ་ཡིན། །ཕྱ་དམུ་གཙུག་གསུམ་འགྲོ་ས་དེ། །དིང་དིང་ཁ་ལེ་གཡས་བརྒྱག་ཡིན། །སྨོན་པའི་ལྷ་ས་གོང་མ་དེ། །དིང་དིང་ཁྲི་འོད་དཀར་མོ་ཡིན། །གཡུང་དྲུང་འཕེལ་ས་དཀར་པོ་དེ། །ཀུ་ཆང་དུང་ལ་གཡུ་མཛོད་ཡིན། །རིན་ཆེན་གསེར་གྱི་ས་གཞི་དེ། །སྐྱིན་དིང་གཡུ་ཡི་གུར་ཆེན་ཡིན། །ཆགས་པ་ས་ཡི་དཀྱིལ་འཁོར་དེ། །སྐྱིན་དིང་འཕེན་རྩ་དཀར་པོ་ཡིན། །རྩི་ཐོག་སྨན་གྱི་སྐྱེ་ས་དེ། །སད་ཀྱི་ཁ་བ་དཀར་པོ་ཡིན། །འབྲས་དྲུག་ནས་ཀྱི་སྐྱེ་ས་དེ། །དཀར་ཐོག་གཡུང་དྲུང་ཆེན་མོ་ཡིན། །འདི་རྣམས་ཆང་ངབ་སྟེང་དུ་བཟང་། །བབས་ན་གཞི་ཡི་རྫིའུ་ཡིན། །གཉིས་སྒོ་ཐེམ་བྲན་དང་སྒོ་ཁྱིའི་ས། །ཤར་གྱི་ཟམ་སོ་རྡོག་ལམ་ན། །སྐྱེར་བྱ་བདུད་ཀྱི་ཚེར་ཕུང་ངན། །གལ་བར་ཐོད་དཀར་དེ་དང་གཅིག །ཤ་རང་མཁལ་མ་གློ་བརྒྱག་གཉིས། །སྐྱིན་དིང་གཡུ་ཐོག་གསུམ་བབས་ན། །འཁོར་ལོག་སྤུན་གསུམ་ཟེར་བ་ཡིན། །བྲན་ངོ་ལོག་རྗེ་ལ་བསྡོ་བ་ཡིན། །གཞན་ལ་མི་གནོད་སྐབས་ཀྱང་ཡོད། །རོ་མདུང་ཐད་ནས་ལང་བ་དེ། །ཙེ་ར་དབང་ཐོག་བབས་ན་ཡིན། །དེ་མི་ལང་བ་ཡི་རྫིའུ་


MR16_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །བྱ་རལ་མནའ་ཡི་ར་བ་ཡིན། །ཕུང་བར་མཁོན་གྱི་ཆག་འཕྲོ་ཡིན། །ཆུ་སྤར་བྱད་ཀྱི་སྒྲིབ་ཤིང་ཡིན། །དེ་གསུམ་རོ་མདུར་མནན་མི་ཡིན། །གསུམ་ཆུང་གསུམ་ངོ་དགའ་ངོ་སོའི་གནས། །རྒྱལ་བུ་མཐིང་གི་བ་ཁོག་ལ། །ཆུ་སྤར་རོ་བསྲེག་རྡོ་དམར་ངན། །ཁྲེལ་ཐག་ངོ་གནོང་རིགས་ཀུན་ངན། །ཨ་ཁད་ངན་པའི་རིགས་བབས་ན། །བ་ཁོག་མེ་ཡིས་ཚིག་པ་ཡིན། །དེ་མི་འཚིག་པ་ཡི་རྫིའུ་བཅུ། །བྱང་བ་རོག་པོའི་ཁོང་ཁྲག་དེ། །སྐྱམ་གྱི་ནག་ཆུང་ཟལ་ཟལ་ཡིན། །ཆུ་ལྕམ་རྒྱལ་མོའི་མངལ་ཁྲག་དེ། །སེ་སྟོད་ལ་སེ་དཀར་མོ་ཡིན། །དྲེད་མོང་ཁམས་པའི་སོ་ཁྲག་དེ། །ཏྲོང་སུམ་མཉམ་གླག་མོ་མཁལ་དཀར་ཡིན། །སྨན་ཤ་ཡུ་མོའི་མཁྲིས་ཁྲག་དེ། །མུ་ས་ཤེལ་རྣ་ཡིན་པར་འདོད། །དུང་ཉ་དཀར་མོའི་གླད་ཁྲག་དེ། །སྐྱེར་སྨད་བུ་ལ་བརྒྱག་སོང་ཡིན། །ཁྲ་ཡེ་ཙེ་སྔོན་མོའི་སྙིང་ཁྲག་དེ། །ཡང་དག་ནག་ཆུང་ཟལ་ཟལ་ཡིན། །རེ་འབྱམས་རྒྱལ་མོའི་ཁོང་ཁྲག་དེ། །སྤྲེལ་སྟག་དམར་མོ་གསེར་མིག་ཡིན། །དུག་རྫ་ཁ་ཡི་མེ་ཏོག་དེ། །སོ་ཡོན་ལིང་ཀུན་དཀར་མོ་ཡིན། །བ་བཙུན་བཞོས་པའི་འོ་མ་དེ། །སྐྱམ་གྱི་རང་ཆུ་དཀར་མོ་ཡིན། །གཡུ་འབྲུག་སྔོན་མོའི་ཁ་ཆུ་དེ། །སྐྱམ་གྱི་དངས་མ་གཡུ་སྒྲོན་ཡིན། །དེ་གང་རུང་རེ་རེ་བབས་པ་ན། །ཆུང་གསུམ་འཕེལ་ཞིང་ངོ་སོ་མཐོ། །བཞི་གྲོག་ས་མི་འགྱུར་རྒྱ་མཚོའི་དབུས། །རིན་ཆེན་ཀླུ་ཡི་བང་མཛོད་ལ། །སུམ་སྐྱེར་བ་དམར་སློ་འགྱོགས་ངན། །རྩེ་ར་མགོ་བཏུམ་འདི་དང་གཅིག །ཝ་ཚོ་ཐུར་བཟུང་བྲག་དང་གཉིས། །སྤོ་བར་རྟིང་བཤལ་འདི་དང་གསུམ། །ལྡབ་ཤལ་སྤུན་གསུམ་འབབས་མི་རུང་། །ལི་ཡན་སྡེ་བརྒྱད་བབས་པ་ན། །གཡང་མཛོད་སྟོང་ཞིང་རུ་མ་སྐམ། །དེ་མི་སྐམ་པ་ཡི་རྫིའུ་བཅུ། །ཚངས་པ་ལྷ་ཡི་དཀོར་


MR16_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ནི། །དིང་དིང་ཁ་ལེ་དཀར་པོ་དང་། །མ་དྲོས་ཀླུ་ཡི་ནང་ནོར་ནི། །ཝ་རི་དོག་ཚང་ཁྲ་མོ་དང་། །ས་བདག་རྒྱལ་བོའི་སྙིང་ནོར་ནི། །བྱ་རལ་གསེར་ཁྲ་ཆེན་པོ་དང་། །ཐེའུ་རང་འཕྲུལ་གྱི་ནོར་བུ་ནི། །ལྡི་བུར་ཁྲ་གཤོག་ཁྱུང་གཤོག་དང་། །སྤྱི་ནོར་ཆོས་ཀྱི་པོ་ཏི་ནི། །སྐྱིན་དིང་ཉ་མིག་ཙག་ཙིག་དང་། །དགོས་འདོད་ཡིད་བཞིན་ནོར་བུ་དེ། །ཡོད་ཀྱི་ཁ་ལང་གསེར་ཐིག་ཡིན། །གསེར་གྱི་རྡོ་རྗེ་རང་གྲུབ་དེ། །བག་བྱ་འུན་གསེར་ཐིག་ཆེན་པོ་ཡིན། །བླ་མེད་འཕགས་པའི་ནོར་བདུན་དེ། །བུ་བརྒྱག་ནོར་བུ་ཐམས་ཅད་ཡིན། །གནོད་སྦྱིན་ནོར་གྱི་བང་མཛོད་དེ། །དཀར་ཐོག་གཡུང་དྲུང་སྤུན་གསུམ་ཡིན། །གཉན་ཁམས་སྤྱི་ཡི་ཕ་ནོར་དེ། །ད་རོག་གསེར་གཞོང་ཆེན་པོ་ཡིན། །འདི་རྣམས་བཞི་ལ་བབས་པ་ན། །བང་མཛོད་མི་སྟོང་ཕྱུག་ར་འཕེལ། །ལྔ་འདྲེ་གདོན་དགྲ་ཡི་ས་མལ་དེ། །ལྷོ་ཕྱོགས་འཇང་གི་ཟམ་སོ་ལ། །མགལ་བུ་སྣ་ནག་བབས་ན་ངན། །དེ་ནི་མུ་ས་ཤོར་ཁུང་ཡིན། །རུ་སོད་ཁ་ལེ་འདི་དང་གཅིག །དངུལ་རྒོད་དུན་ཙེ་འདི་དང་གཉིས། །གལ་བར་ཐོད་དཀར་དེ་དང་གསུམ། །གངས་དཀར་གཡུང་དྲུང་ལྡི་བུར་བཞི། །ཁ་ལང་གསེར་ཐིག་ཆེན་པོ་ལྔ། །ཨ་ཁད་རྩེ་མ་འདི་དང་དྲུག །མི་རྒོད་དར་མ་སྤུན་དྲུག་ཡིན། །ལྔ་ལ་བབས་ན་དགྲ་ངོ་འགྱུར་མེད་ཡིན། །ལྔ་ལ་བྱ་བུར་གསེར་ཐིག་ན། །རྐུན་བུས་ཞག་མིག་བཅས་པ་ཡིན། །དེ་མི་བཅའ་བ་ཡི་རྫིའུ་ལ། །སྐྱམ་སེ་ནལ་གྱི་ཤ་མ་དང་། །སེ་སྟོད་དམེ་ཡི་ཁ་རླངས་དང་། །བག་ལེ་མུག་གི་རུས་པ་གསུམ། །ལྔ་ལ་བབས་པར་གྱུར་པ་ན། །རྐུན་ཞགས་མིག་མི་བཅའ་རྫིའུ་ཡིན། །དྲུག་འདི་མོ་བཙུན་རྒྱན་བཟང་བ། །ཡབ་ལྷ་བདལ་དྲུག་བ་ཁོག་ཡིན། །སྐྱེར་གསུམ་སྐྱམ་རྒན་གང་བབས་ཀྱང་། །ཁྱིམ་ཕུང་རེ་ལོག་ཡིན་པས་ངན། །ཕུང་ཁད་ཕུང་བྱལ་ཝ་སྐྱམ་


MR16_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །བྲང་བརྡུང་སྤུན་གསུམ་འབབ་མི་རུང་། །སྐྱམ་གྱི་ངན་རྨེ་བཅུ་གཉིས་ན། །ཡབ་ལྷ་བདལ་དྲུག་བ་ཁོག་ཞིག །དེ་མི་འཇིག་པ་ཡི་རྫིའུ་བཅུ། །རྨ་བྱའི་རྒྱབ་ཀྱི་སྤུ་མདོངས་དེ། །བྱ་ཡུན་དངུལ་དཀར་ཆབ་མིག་ཡིན། །ནེ་ཙོའི་མགོ་ཡི་གཡུ་འཕྲུ་དེ། །བག་ལྡི་རེ་སེ་ཀྱུ་ནེ་ཡིན། །ཁུ་བྱུག་ཞབས་ཀྱི་དབང་ལྷམ་དེ། །མུ་ས་འོད་ལྕམ་དཀར་མོ་ཡིན། །བ་སེ་གླག་སྨུག་པོའི་ཕྱི་སྡེར་དེ། །ཆུ་སྤར་འབྲུག་ཐོག་ལྡི་བུར་ཡིན། །ངང་མ་རྒོད་ཀྱི་མཁལ་ཁེབ་དེ། །ཝ་ཚོ་བྱ་ཡུན་དཀར་མོ་ཡིན། །སྐྱ་བཀྲ་ཧོར་པའི་དང་རུ་དེ། །གངས་དཀར་ལྡི་བུར་དག་ཏུ་བཤད། །བྱ་ཕོ་མཚལ་ལུའི་ལྟེམ་རྒྱང་དེ། །སྐྱེར་འུན་མཆོང་སྙིང་སྨུག་པོ་ཡིན། །སོལ་ཁྲ་རོག་མོའི་སྒོ་ང་དེ། །སྐྱམ་བྲག་བུ་ལ་བརྒྱག་བཅས་ཡིན། །སྟག་ཆུང་བུང་བའི་དྲུག་མདུད་དེ། །བྱ་བུར་ནག་མོ་གསེར་ཐིག་ཡིན། །འདི་བཅུ་དྲུག་ལ་བབས་པ་ན། །མོ་བཙུན་གནས་མལ་རྫིའུ་ཡིན། །བདུན་བློས་དབུས་ཀྱི་རི་རབ་ཡིན། །སྐྱེས་བུའི་ཕོ་ས་འགྱུར་མེད་ལ། །ཁྱུང་ཆེན་སེ་སྟོད་བབས་པ་ན། །སྤྲེལ་དམར་ཅོ་ཟེད་ཡིན་ཏེ་ངན། །སྐྱམ་དངས་མ་སྒོ་བརྒྱག་འདི་དང་ནི། །ལི་ཡན་སྐྱམ་ནག་སེ་སྟོད་བཅས། །ཁྲེལ་ཐག་སྤུན་གསུམ་འབབ་མི་རུང་། །ཆུ་སྤར་རུས་ཆེན་བཅོ་བརྒྱད་དེ། །བདུན་གྱི་སྟེང་དུ་བབས་པ་ན། །སྐྱེས་བུའི་གློ་རྩ་བདུད་ཀྱིས་བཅད། །ཆུ་སྤར་རུས་ཆེན་བཅོ་བརྒྱད་པོ། །དུང་ཁྱུང་གཤོག་པ་གཡོན་ལས་ཆད། །ཀུན་ཀྱང་གཤིན་རྗེའི་ལྡེམ་འཛིན་ཡིན། །ཆུ་སྤར་ལྡི་བུར་ཆུ་སྤར་སྐྱམ། །ཆུ་སྤར་སད་གསུམ་གཤིན་རྗེ་མཐར་བྱེད་ཡིན། །མི་ཤ་དུར་རྡོའི་གླུད་བཏང་ཞིང་། །གཟུངས་ཆེན་ལྡེ་ལྔ་འདོན་པར་བྱ། །ཁུ་དོ་ཡར་དགེ་གསུམ་པོ་ལ། །ཆུ་སྤར་སླུང་བཞི་ལྡི་བུར་སོགས། །ཟེར་དེ་ཨ་བ་གླང་མགོ་ཡིན། །ཕག་གསོབ་སྟོང་ཡས་གྲི་ལས་བྱ། །ཆུ་


MR16_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་མར་དགེ་གསུམ་པོ་ནི། །གཤིན་རྗེ་རལ་པ་ཚར་དགུ་ཡིན། །གཏོ་ལ་གཤིན་རྗེ་ཚོང་བཟློག་བྱ། །ཁ་ཁུག་རྣམ་པ་གསུམ་པོ་ནི། །བ་གྲག་ལྡི་བུར་ལ་སོགས་ཟེར། །ཆུ་སྤར་བ་གྲག་ལྡི་བུར་བ་ཁོག་ངན། །ཆུ་སྤར་བ་གྲག་ཐེ་སྐྱམ་བརྒྱད་ལ་ངན། །ཆུ་སྤར་བ་གྲག་ཐེ་སད་གཅིག་ལ་ངན། །འདི་གསུམ་གཤིན་རྗེ་ཏེལ་པ་ཡིན། །གཏོ་ལ་གཤིན་རྗེ་ཚོང་བཟློག་ཚ་ཚ་གདབ། །ཁ་ཟ་ཡ་ཐུན་གསུམ་པོ་ལ། །ཆུ་སྤར་ཁ་ཟ་ཐུན་ལྡི་སོགས། །ཟེར་དེ་གཤིན་རྗེ་མེ་རུ་རྩེ། །བཙན་ས་དག་ཏུ་བབས་ན་ངན། །ཚེ་ཟད་གསུམ་གྱིས་གླུད་འཇལ་དང་། །ཚེ་རིང་གསུམ་གྱི་གཏོར་སྐུ་བཙུགས། །དམུ་ངམ་ལྡི་བུར་ལ་སོགས་གསུམ། །ཆུ་སྤར་དམུ་གྲི་སྒབ་གཅོད་ཟེར། །ལྡི་སད་སྐྱམ་གསུམ་རིམ་པ་བཞིན། །བཅུ་དང་བཅུ་གཅིག་བརྒྱད་ལ་ངན། །འདི་གསུམ་གཤིན་རྗེ་ཡ་བ་ཏི། །གཏོ་ལ་གཤིན་རྗེ་དགུ་མདོས་བྱ། །ཟོར་བཟློག་དྲག་སྔགས་ཚེ་གཟུངས་འདོན། །ཤིང་ཤག་ལྡི་བུར་ལ་སོགས་གསུམ། །ཆུ་སྤར་ལག་བཤལ་སྤུན་གསུམ་ཡིན། །གཤིན་རྗེ་གྲི་བདུད་བླ་དེ་ཡིན། །གཏོ་ལ་མགྱོགས་གསུམ་ཐོད་པ་བོར། །ཁྲམ་ཁ་སྟོང་བཟློག་ཁྲམ་རིས་ཕྱི། །སད་རིགས་རྣམས་ནི་མི་ཆེན་ཡིན། །ལན་དུ་ལྡི་བུར་རྣམས་ཀྱིས་འཇིག །ལྡི་བུར་རྣམས་ནི་སྐྱེས་དར་མ། །ལན་དུ་སྐྱམ་གྱིས་འཇིག་པ་ཡིན། །སྐྱམ་རྣམས་བུད་མེད་རིགས་ཡིན་ལ། །ལན་དུ་དམུ་བྲག་རྣམས་ཀྱིས་གནོད། །དེ་རྣམས་སྤྱི་ཡི་གཏོ་ལ་ནི། །མི་མགོ་མི་ཤ་རྟ་ཤ་དང་། །སྤྲེལ་གླང་རྒྱ་སོགས་མགྱོགས་གསུམ་གྲི་ཡས་དང་། །སུ་རུའི་བོང་བུ་དྲིལ་ལ་ཤིང་མི་བསྐྱོན། །ལག་ཏུ་ཁྲམ་ཤིང་ཞགས་པ་གཏད། །མོ་བདུད་གང་བབས་ཕྱོགས་སུ་བོར། །གྲངས་ཡང་གང་བབས་གྲངས་དང་བསྟུན། །ཕྱོགས་ནི་བཞི་མན་ཤར་ཡིན་ལ། །དྲུག་བདུན་ལྷོ་དང་བརྒྱད་དགུ་


MR16_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ། །བཅུ་དང་བཅུ་གཅིག་བྱང་ཡིན་ནོ། །ཕྱི་སར་བབས་ན་བཟང་བས་གཏོ་མི་དགོས། །ཆུ་སྤར་ཏྲོང་དང་འདྲེས་པ་ན། །ཡས་རྣམས་སྣོད་བླུགས་ཕྲག་པར་ཁྱེར། །ཨ་ཁད་འདྲེས་ན་མེ་ལ་བསྲེག །སྐྱམ་འདྲེས་གཟིངས་ནང་ཆུ་ལ་བསྐྱུར། །མ་ཟེ་འདྲེས་ན་ཤ་རུ་བཅས། །དུར་ས་དག་ཏུ་བསྲེག་པར་བྱ། །ན་འབན་འདྲེས་ན་ཐོག་ཤིང་དང་། །བཅས་ཏེ་དུར་དུ་བསྲེག་པར་བྱ། །སོ་ཡོན་འདྲེས་ན་ཕག་གསོབ་བཅས། །དུར་དུ་རྩ་རུ་བོར་བར་བྱ། །བྲག་འདྲེས་ར་ཐོད་སྦྲག་ལ་འབོར། །སད་འདྲེས་མར་མེ་ཕྱེ་མར་བཅས། །སངས་འདྲེས་སྦྲང་བུ་དང་བཅས་པ། །གསས་མཁར་དག་ཏུ་བསྐྱལ་བས་ཐུབ། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ། །རྐྱེན་ངན་བཟློག་པའི་ཟབ་གཏོ་ཡིན། །དེ་ལྟར་བདུན་ལ་ཆུ་སྤར་ངན། །གློ་རྩ་མི་བཅད་རྫིའུ་བཅུ། །མི་ཟན་སྟག་གཤོག་དམར་མོ་དེ། །དམུ་རྩ་མེད་ལི་ཤོ་དམར་མོ་ཡིན། །སྟག་ཟན་དུང་གཤོག་དཀར་མོ་དེ། །ཚོལ་ཚེ་དུང་གཤོག་དཀར་མོ་ཡིན། །གཡག་ཟན་གཡུ་གཤོག་སྔོན་མོ་དེ། །སྐྱམ་བྲག་སད་དཀར་ཚོལ་ཚེ་ཡིན། །གཟིག་ཟན་མཆོང་གཤོག་སྨུག་པོ་དེ། །དམུ་བྲག་སད་དཀར་ཚོལ་ཚེ་ཡིན། །ལུག་ཟན་གཟི་གཤོག་ཁྲ་མོ་དེ། །སད་དཀར་སྣམ་བུ་ཚོལ་ཚེ་ཡིན། །ཤ་ཟན་རྒོད་གཤོག་ཁམས་པ་དེ། །སྐ་བྲག་སད་དཀར་ཚོལ་ཚེ་ཡིན། །དིང་དིང་ཁྲ་གཤོག་ཁྱུང་གཤོག་དང་། །གལ་བར་རྒོད་གཤོག་ཀླག་གཤོག་སྟེ། །ཟ་ཐང་ཅན་གྱི་གསོལ་ངོ་འདི། །མི་ལ་སོགས་པ་ལོན་ངོ་ཡིན། །འདི་རྣམས་བདུན་ལ་བབས་པ་ན། །སྐྱེས་བུའི་གློ་རྩ་མི་འཆད་རྫིའུ་ཡིན། །བརྒྱད་ལྷ་ས་དང་ནི་གཟའ་དཔོན་ས། །བློན་པོ་འདུག་ས་དངུལ་ཁྲི་ཡིན། །སྐྱམ་ནག་སེ་སྟོད་བབས་ན་ངན། །སྲིན་མོ་ངུས་པའི་མཆི་མ་ཡིན། །སྐྱམ་རྒན་སུམ་


MR16_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་མར་ལྡིང་གསུམ། །འཐམ་པོ་མགོ་འཁོར་སྤུན་གསུམ་ངན། །སེ་སྟོད་ལྔ་གསུམ་བཅོ་ལྔ་ན། །ངན་བྱེད་མི་ལས་ལྷ་རབས་བསླུས། །དེ་མི་བསླུ་བ་ཡི་རྫིའུ་ལ། །མཐོན་པོ་དགུང་གི་སྲོག་ཤིང་དགོས། །དེ་དིང་དིང་ཁང་མཉམ་ལག་མཉམ་ཡིན། །དོག་མོ་ས་ཡི་པགས་པ་དེ། །ཐང་ལེ་དུང་འོད་དཀར་པོ་ཡིན། །ལྷོ་སྤྲིན་ཕྱུག་མོའི་ཚོམ་བུ་དེ། །ལི་ཡན་རླུང་ཁྲི་གཤོག་ནག་ཡིན། །འཇའ་ཚོན་སྔོ་དམར་ཐག་པ་དེ། །ཝ་རི་དགོ་ཚང་ཁྲ་མོ་ཡིན། །མེ་ཤེལ་ཉི་མའི་རལ་གྲི་དགོས། །དེ་ནི་བག་ཆེན་བྱ་ཡུན་ཡིན། །ཆུ་ཤེལ་ཟླ་བའི་དུང་མདུད་དེ། །བྱ་བུར་འཁོར་བ་གླིང་ཆེན་ཡིན། །རང་གྲུབ་སྐར་མའི་ཤེལ་མདའ་དེ། །མུ་ས་ཤེལ་རྒྱུད་དཀར་མོ་ཡིན། །དགུ་ཐིག་སྐྱ་མོའི་གཞུ་རྒན་དགོས། །དེ་ནི་སད་ཀྱི་སུམ་མཉམ་ཡིན། །ཆད་མེད་རླུང་གི་ཞགས་པ་དེ། །རང་སྙན་ལྷ་རླུང་དཀར་པོ་ཡིན། །འཇིགས་མེད་གསེར་གྱི་སྦ་མཁར་དགོས། །དེ་ནི་ཡར་ལྡིང་སྐྱེར་བརྒྱག་ཡིན། །འདི་བཅུ་བརྒྱད་ཀྱི་སྟེང་དུ་གཅེས། །བབས་ན་ལྷ་རབ་བློན་རྒྱུད་དར། །དགུ་སྔ་དྲོ་བཏབ་ན་རང་ས་དང་། །ཕྱི་དྲོ་བཏབ་ན་དགྲ་ས་ཡིན། །ཕྱི་ནང་འདྲེས་པའི་ཟམ་སོ་སྟེ། །ནུབ་ཕྱོགས་མོན་གྱི་ལ་སོ་ཡིན། །སད་ལ་ཝང་སྒོ་བརྒྱག་བབས་པ་ན། །ན་ར་ཁྱི་མཇུག་ཟེར་ཏེ་ངན། །ད་རོག་སྦུ་བྱིལ་ད་རོག་ཤིང་ཤག་དང་། །ཏྲོང་ནམ་འབྲུག་ཐོག་གསུམ་བབས་ན། །གྱོད་འཛོལ་སྤུན་གསུམ་ཟེར་ཏེ་ངན། །ཕོ་བོས་དགྲ་བྱེད་བོན་པོས་ངན་བྱེད་དོ། །རང་ཉི་འོད་གྲམ་བུ་ཟླ་ཚེས་ན། །གསལ་བའི་ཉི་མ་ནུབ་པས་ངན། །དེ་མི་ནུབ་པ་ཡི་རྫིའུ་ལ། །སེ་སྟོད་གྱོད་ཀྱི་རྡོ་ནག་དང་། །ཨ་ཁད་ཞར་བ་ཐབས་ཀྱི་སྒྲིབ་ཤིང་དང་། །གསེར་བྱ་མ་བརྒྱག་ནད་ཀྱི་ཁ་རླངས་དེ། །འདི་གསུམ་དགུ་ལ་བབས་པ་ན། །ནུབ་ཀྱི་དགྲ་ངོ་གྲི་ངོ་ཆོད། །བཅུ་ཨ་ཕྱི་གནམ་སྨན་གནམ་


MR16_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས། །ཡེ་སྨོན་རྒྱལ་པོའི་བ་ཁོག་ཡིན། །མར་དིང་སྒོ་བརྒྱག་ནག་རྟ་ཁུ་ཡུར་ངན། །བྱ་རལ་ལི་ཡན་སོ་ཡོན་དེ། །སྟོང་པ་སྤུན་གསུམ་བབ་མི་རུང་། །བབས་ན་མ་ཕྱི་འགྱོད་ངོ་ཡིན། །བྱ་རལ་ཆག་འཇིག་ངན་པ་བཅོ་བརྒྱད་ན། །བ་ཁོག་མེ་ཆུ་རླུང་གིས་གཏོར། །དེ་མི་གཏོར་བ་ཡི་རྫིའུ་ལ། །མི་གཡོ་ཡངས་པའི་སྐུ་མཁར་དེ། །སྐྱེར་དཀར་ལྟོ་སྦྱོར་བ་མེན་བརྒྱག །སེམས་སྐྱེ་འཆི་མེད་པའི་ལྡེ་མིག་དེ། །སད་དཀར་སྣོམ་བུ་ཚོལ་ཚེ་ཡིན། །གོ་ཡེ་ཁྱབ་ཕུག་མོ་གླིང་ཆེན་དེ། །གལ་བར་ཕུབ་མོ་གླིང་ཆེན་ཡིན། །མཚོན་བསམ་ཆོད་རལ་གྲི་ཡུ་རིང་དགོས། །དེ་ནི་རྩེ་ར་བང་ཐོག་ཡིན། །རྫས་ཡིད་བཞིན་ནོར་བུ་ལྷུན་གྲུབ་དགོས། །དེ་ནི་བྱ་རལ་རིན་ཆེན་ཡིན། །རྟ་ཅང་ཤེས་སྤྲིན་གྱི་ཤུགས་ཅན་དགོས། །སྤོ་ཚེ་བྱ་རལ་རྫི་སྤྱོད་ཡིན། །ཕྱ་མི་མགོན་དཀར་པོའི་ཕྱག་ཤིང་དགོས། །དེ་ནི་ཐང་ལེ་དུང་འོད་ཡིན། །སྐོས་རྗེ་དྲང་དཀར་ཕྱག་ལྕགས་དེ། །སྐྱེར་དཀར་ཀུ་བྱི་དུང་འདབ་ཡིན། །དམུ་རྗེ་བཙན་པོའི་གསེར་ཁྲི་དགོས། །དེ་ནི་ཡར་ལྡིང་སྐྱེར་བརྒྱག་ཡིན། །རྒྱལ་བུ་སྐྱིད་ཀྱི་སྦེན་མ་དགོས། །དེ་ནི་མུ་དག་བརྒྱག་གསུམ་ཡིན། །འདི་རྣམས་བཅུ་ལ་བབས་ན་གཅེས། །མཐོ་ནམ་མཁའ་མི་འགྱུར་རྫིའུ་ཡིན། །བཅུ་གཅིག་དགྲ་བླའི་གནས་མལ་ཡིན། །རྒྱལ་པོ་བཞུགས་ས་གསེར་ཁྲི་ཡིན། །འདི་ལ་སོ་ཡོན་རྟིང་བཤལ་ན། །བདུད་ཀྱི་ལྕགས་རྡོ་ནག་པོ་ངན། །སོ་ཡོན་རྫི་ལུང་སྐྱེར་ཁ་ཙེ། །ཙེ་ར་ཡོར་པོ་མགོ་བཏུམ་གསུམ། །མདའ་བཤལ་སྤུན་གསུམ་འབབ་མི་རུང་། །བབས་ན་དགྲ་བླ་འགྱོད་པའི་ངོ་། །ཏྲོང་རིགས་དྲུག་གསུམ་བཅོ་བརྒྱད་ན། །རྒྱལ་པོའི་གདན་ཁྲི་ཤོར་བ་ཡིན། །དེ་མི་འཆོར་པ་ཡི་རྫིའུ་ལ། །འབྲུག་ཆེན་ངར་མའི་ཟེ་བ་ནི། །སད་ལྷང་ཟེ་ཁྲི་འོད་དཀར་མོ་ཡིན། །ཁྱུང་ཆེན་གཙུག་གི་ནོར་བུ་


MR16_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །དེ་ནི་སུམ་སད་ཡེ་རྔམ་ཡིན། །སེང་གེའི་མགོ་ཡི་གཡུ་རལ་དགོས། །དེ་ནི་རྐང་སྤར་གཡུ་རལ་ཡིན། །གཏུམ་ཆེན་དོམ་གྱི་དཔུང་ཟེ་དགོས། །དེ་ནི་རུ་སོད་ཁ་ལེ་ཡིན། །སྟག་ཆེན་སྒང་གི་ཆ་རོག་དགོས། །དེ་ནི་ཨ་ཁད་ཙེ་མ་ཡིན། །ཉ་ཆེན་ཡོར་མོའི་གཤོག་པ་དགོས། །དེ་ནི་སྐྱེར་སྨད་ཉ་མོ་ཡིན། །སྟོབས་ཆེན་དུང་གི་ངར་སྐད་དགོས། །དེ་ནི་བྱ་བུར་གསེར་ཐིག་ཡིན། །འབྲོང་ཆེན་ངར་མའི་རུ་ཐུར་དགོས། །དེ་ནི་རུ་སོད་དཔལ་དར་ཡིན། །སྤྱང་ཆེན་རྔམ་པའི་ཨག་ཚོམ་དགོས། །དེ་སུམ་མཉམ་གླག་མོ་མཁལ་དཀར་ཡིན། །གླང་ཆེན་ཁམས་པའི་སྣ་ལྗགས་དགོས། །དེ་ནི་གལ་བར་ཐོད་དཀར་ཡིན། །འདི་བཅུ་པོ་བཅུ་གཅིག་སྟེང་དུ་གཅེས། །བབས་ན་དགྲ་བླའི་དར་མདུང་ཕྱར། །བཅུ་གཉིས་ཟད་པ་མཐར་ཐུག་པ། །དགྲ་ས་མི་འགྱུར་ཕྱི་ལམ་ཡིན། །བྱང་ཨ་ཝ་ཧོར་གྱི་ལ་སོ་ལ། །གལ་བར་སྒོ་བརྒྱག་བབས་པ་ན། །ངམ་གྱི་ཤ་མཐའ་བྲག་དམར་ཡིན། །ཕག་ལོ་ཡིན་ན་ངན་པ་ཡིན། །གཞན་མ་ཀུན་ལ་དེ་མི་གནོད། །ཁས་དྲག་བརྒྱག་བཟང་འབབ་མི་རུང་། །བབས་ན་དགྲ་ངོ་ཕྱི་ལམ་ཆད། །གློག་དམར་ལྡི་བུར་བབས་པ་ན། །དགྲ་ངར་ཆེན་གྲལ་ནས་ལྡང་བ་ཡིན། །དགྲ་ངར་མ་མི་ལྡང་རྫིའུ་ལ། །སྤོ་བར་ཞ་བོ་རྐང་མེད་དགོས། །སོ་ཡོན་ལོང་བ་མིག་མེད་དགོས། །ཏྲོང་ཁད་ལྐུག་པ་ལྕེ་མེད་དགོས། །འདི་གསུམ་བཅུ་གཉིས་སྟེང་དུ་བབས། །དགྲ་ངོ་དྲག་མི་ལྡང་རྫིའུ་ཡིན། །བཅུ་གསུམ་དཔག་བསམ་རྩེ་མོ་ཡིན། །མོ་རྣམས་ཀུན་གྱི་རྩེ་འཛིན་ཡིན། །སོ་ཡོན་བབས་ན་མདུན་ཁུར་ཡིན། །ཕུང་ཁད་བབས་ན་གཏམ་ངན་ཡིན། །ཁྱད་པར་ན་འབན་བབས་པ་ན། །དཔག་བསམ་རྩེ་མོ་ཐོག་གིས་བཅད། །དེ་མི་བཅད་པ་ཡི་རྫེའུ་ལ། །རྒྱ་གར་ཆོས་ཀྱི་པད་ཞུ་དགོས། །དེ་ཇོ་བོ་ཝ་ཚ་ལ་རྔམ་


MR16_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ནག་པོ་ཁྲིམས་ཀྱི་དབང་ཞུ་དགོས། །སད་ཀྱི་ཛ་ཝང་ཛུ་ཝང་ཡིན། །བྱ་དུང་མིའི་མགོ་ཡི་དབང་ཞུ་དེ། །བྱ་ཡུན་ཡིད་རླུང་དཀར་མོ་ཡིན། །ཀླུ་གཙུག་ན་རིན་ཆེན་སྲོག་ཞུ་དགོས། །དེ་ནི་ཡར་དིང་སྐྱེར་ལ་བརྒྱག །ཤཱཀྱ་ཐུབ་པའི་སྒོམ་ཞུ་དགོས། །སད་ཁྲི་ཐོ་ལ་ཝང་ཆོས་སྐུ་ཡིན། །སྟོན་པ་གཤེན་རབ་རྦད་ཞུ་དགོས། །སད་ཀྱི་དབལ་བོན་ཐོད་དཀར་ཡིན། །ཡེ་སྨོན་རྒྱལ་པོའི་ལ་ཐོད་དགོས། །སྐྱེར་དཀར་ཁྲི་རྗེ་འོད་དཀར་ཡིན། །ཕོ་དཔའ་བོའི་མགོ་ཡི་རྨོག་དཀར་དགོས། །ཏྲོང་ནམ་མཁའ་འོད་ཀྱི་རྩེ་མ་ཡིན། །སྨན་ཁྲ་མོའི་མགོ་ཡི་གཡུ་ཕུད་དགོས། །ད་རོག་རྒྱལ་བུ་མཆེད་གསུམ་ཡིན། །དེ་བཅུ་བཅུ་གསུམ་སྟེང་དུ་གཅེས། །དཔག་བསམ་རྩེ་མོ་མི་འགྱུར་རྫིའུ་ཡིན། །དེ་མོ་ཡི་མཐའ་མིག་བརྒྱ་དང་རྩ་བརྒྱད་ལ། །བཀའ་རྟགས་བརྒྱ་དང་རྩ་བརྒྱད་ཡིན། །ལན་མེད་ཉི་ཟླའི་མདུད་པ་བཅུ། །གལ་བར་ཐོད་དཀར་འདི་དང་གཅིག །གློག་དམར་ལྡི་བུར་འདི་དང་གཉིས། །བཙན་པོ་རེ་སེ་ཀྱུ་ནེ་གསུམ། །ཁ་ལང་གཡུ་འབྲུག་སྔོན་མོ་བཞི། །ཨ་ཁད་རྩེ་མ་ནེ་ཚ་ལྔ། །བྱ་ཡུན་རྔོན་པ་ཤ་ཟན་དྲུག །སུམ་མཉམ་གླག་མོ་མཁལ་དཀར་བདུན། །སྐྱེར་དཀར་ཀུ་ཡེ་བྱེའུ་ཚང་བརྒྱད། །དཔའ་བོ་དཔའོ་རུ་དར་དགུ། །རྐང་སྤར་དུང་སེང་གཡུ་རལ་བཅུ། །ལན་མེད་ཉི་ཟླའི་མདུད་པ་ཡིན། །གལ་བར་ཐོད་དཀར་བརྒྱད་ལ་བཟང་། །ལྡི་བུར་ཝ་ཚོ་བཅུ་གཅིག་ལ། །རེ་སེ་བཞི་དང་ཙེ་མ་གཅིག །ལྷང་ཟེ་བཅུ་གསུམ་སྐྱེར་དཀར་དྲུག །བྱ་ཡུན་དང་ནི་རྐང་སྤར་ནི། །བདུན་དང་བརྒྱད་ལ་ལྷག་པར་བཟང་། །ལར་མོ་ཁོག་གཅིག་གི་རང་སར་ནི། །དེ་རྣམས་རེ་རེ་ཁེར་འདུག་བབས། །ཅི་ལ་བཏབ་ཀྱང་བཟང་བ་ཡིན། །ལོ་བཅུ་གསུམ་བར་དུ་ཁག་ཐེག་ཡིན། །ད་གླེས་རི་ཚུར་གྱུ་བཅུ་གསུམ་བཤད། །གཅིག་


MR16_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སད་ཀྱི་དུན་ཐག་དཀར། །གཉིས་ལ་སྐྱེར་སྨད་གསུམ་རེ་སེ། །བཞི་ལ་རྩེ་ར་ལྔ་ལ་མུ་ས་བརྒྱག །དྲུག་ལ་ནག་ཆུང་ཟལ་ཟལ་དང་། །བདུན་སྤོ་ཚེ་དངས་མ་འཕུར་ཤེས་དང་། །བརྒྱད་ལ་སྐྱམ་ཆུང་བུམ་པ་གསེར་མིག་དང་། །དགུ་ལ་སད་སྔ་གྱེར་རྒྱུད་དང་། །བཅུ་ཡར་དིང་བཅུ་གཅིག་སྐྱིན་དིང་བརྒྱག །བཅུ་གཉིས་བྱ་རལ་རིན་ཆེན་དང་། །བཅུ་གསུམ་སྤོ་ཚེ་མདུང་བུ་རྣམས། །གླེས་རི་དཀར་པོ་ཚུར་ཀྱུ་ཡིན། །རིམ་བཞིན་བུ་དང་བུ་མོ་དང་། །ཆུང་གསུམ་དང་ནི་མནའ་མ་དང་། །བུ་སྲིང་མག་པ་དག་དང་ནི། །ཁྱིམ་བདག་མོ་དང་ཕ་སྤུན་དང་། །བཟའ་དཔོན་དང་ནི་ཞང་པོ་དང་། །མ་ཕྱི་དང་ནི་དགྲ་བླ་དང་། །ཐག་རིང་མགྲོན་དང་མཚུན་ལ་བཟང་། །ཕྱི་སའི་ཁས་དྲག་རྣམ་བཞི་ནི། །སྤྱིར་སྒོ་བཞིར་ཁས་དྲག་བབས་པ་དང་། །ཁྱད་པར་གཉིས་ལ་རུ་སོད་དཔལ་དར་དང་། །ལྔ་ལ་གློག་དམར་ལྡི་བུར་དང་། །དགུ་ལ་ཡར་དིང་སྐྱེར་བརྒྱག་དང་། །བཅུ་གཉིས་ཝ་ཚོ་མདུང་མོ་བརྒྱག །ཕྱི་ས་ཤིན་ཏུ་ཁས་དྲག་པས། །འགྲོ་འདུག་ཡིན་ན་བཤོལ་ན་འཐད། །གཞི་ལ་ལན་དང་རྩེ་ལད་ན། །དགྲ་ངོ་ཆེ་བས་དགྲ་ཆོས་བྱ། །ད་ཁ་དྲག་མོ་ཡི་སྲུང་བཞི་བཤད། །ཆང་དྲབ་སྟེང་གི་སྐྱིན་དིང་དེ། །གསེར་སྦལ་སེར་པོས་ས་གཞི་བསྲུང་། །ས་སྒོ་མི་རལ་རྫིའུ་ཡིན། །བརྒྱག་གཅིག་བྱུང་ན་ངེས་པ་ཡིན། །བཞི་ཡི་སྟེང་དུ་བྱ་བུར་ན། །དུང་ཕོ་ཨ་གྲགས་རྒྱ་མཚོ་བསྲུང་། །ནོར་གོད་མི་འོང་རྫིའུ་ཡིན། །བརྒྱག་གཅིག་བྱུང་ན་ངེས་པ་ཡིན། །བདུན་གྱི་སྟེང་གི་གལ་བར་དེ། །བ་གླང་སྨུག་པོ་རི་རབ་བསྲུང་། །རྫོང་གཞི་མི་འཆོར་རྫིའུ་ཡིན། །བརྒྱག་གཅིག་བྱུང་ན་ངེས་པ་ཡིན། །བཅུ་གསུམ་སྟེང་གི་ཁྱུང་བརྒྱད་དེ། །དཔག་བསམ་རྩེ་མོ་ཁྱུང་གིས་བསྲུང་། །ཆུས་ཆེན་མི་འཆོར་རྫིའུ་ཡིན། །ཡང་བཞི་ལ་སྐྱེར་སྨད་བུ་བརྒྱག་དེ། །གསེར་ཉས་


MR16_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་བསྲུང་བ་ཡིན། །ནོར་ཕྱུགས་འཕེལ་བའི་རྫིའུ་ཡིན། །བརྒྱད་ལ་ཨ་ཁད་རྩེ་མ་དེ། །རྒྱ་སྟག་ནགས་ཚལ་བསྲུང་བ་ཡིན། །ཁ་སྨྲས་མི་འོང་རྫིའུ་ཡིན། །བཅུ་གཅིག་རྐང་སྤར་དུང་རྒོད་དེ། །གངས་སྟོད་སེང་གེས་བསྲུང་བ་ཡིན། །བློ་ཕུག་མི་ཉེས་རྫིའུ་ཡིན། །བཅུ་གསུམ་སྲང་ཟེ་ཁ་ལང་ན། །དགུང་སྔོན་གཡུ་འབྲུག་སྔོན་མོས་བསྲུང་། །སྙན་གྲགས་ཆེ་བའི་རྫིའུ་ཡིན། །སྔ་ཕྱི་བསྡམས་ན་བསྲུང་བརྒྱད་ཡིན། །བསྟེན་པའི་ཀ་བ་བཞི་བཤད་ན། །གཅིག་གི་སྟེང་གི་གར་བར་དེ། །ཤར་ཕྱོགས་གཉེན་གྱི་ཀ་བ་བཙུགས། །ཡར་བ་མི་འཆད་མཐའ་སྲིད་ཡིན། །བྱ་རལ་བབས་ན་ཀ་བ་འགྱེལ། །བཞི་ཡི་སྟེང་དུ་ཡར་ལྡིང་ན། །ལྷོ་ཕྱོགས་གཉན་གྱི་ཀ་བ་བཙུགས། །ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིན། །མར་ལྡིང་བབས་ན་ཀ་བ་ཆག །བདུན་གྱི་རུ་སོད་བརྒྱག་བཟང་དེ། །ནུབ་ཕྱོགས་བདུད་ཀྱི་ཀ་བ་བཙུགས། །བུ་དང་བུ་མོ་མཐའ་སྲིད་ཡིན། །བརྒྱག་མེད་རུ་སོད་ཀ་བ་ཆག །བཅུ་གཅིག་སྤོ་ཡི་ཁྲི་མ་གླིང་བརྒྱག་དེ། །བྱང་ཕྱོགས་བཙན་གྱི་ཀ་བ་བཙུགས། །གཉན་བཙན་འོང་བའི་རྫིའུ་ཡིན། །སྤོ་རྒོད་མ་ཟེ་ཀ་བ་ཆགས། །གདུང་མ་ཚུགས་འགྱེལ་དེ་བཞིན་དུ། །གཅིག་ལ་སོགས་པའི་གནས་དག་ཏུ། །རང་སྙན་དང་ནི་སེ་སྟོད་དང་། །ལྡི་བུར་དང་ནི་སྐྱམ་སེ་དང་། །ཚོལ་ཚེ་དང་ནི་སོ་ཡོན་དང་། །ཝ་ཚོ་བྱ་ཡུན་སྐྱེར་ནག་སྦྱར། །སྔ་མར་ཚུགས་ལ་ཕྱི་མར་འགྱེལ། །ཡང་གསུམ་འདི་ཆུང་གསུམ་གདོང་མ་ཡིན། །དྲུག་འདི་མི་ནོར་འཕེལ་གདོང་ཡིན། །བདུན་འདི་ཕ་སྤུན་འཕེན་པའི་གདོང་། །བཅུ་དབང་ཐང་མཐའ་རྟེན་གདོང་མ་ལ། །སྔ་མ་བཞི་པོ་རིམ་བཞིན་སྦྱར། །ཡང་གཅིག་བཞི་བརྒྱད་དང་བཅུ་གཅིག་ལ། །སྐྱིན་དིང་བརྒྱག་ཅན་བབས་པ་ན། །ཤར་ཕྱོགས་གཉན་སོགས་བང་མཛོད་གང་། །ན་འབན་བབས་ན་བང་མཛོད་སྟོང་། །ཡང་སྙན་པའི་བྱ་བཞི་བཤད་


MR16_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །གཅིག་གི་རྐང་སྤར་ལྡི་བུར་དེ། །ཁྲུང་ཁྲུང་དཀར་པོ་ཤར་ན་སྙན། །བུ་གཅིག་སྐྱེས་པའི་སྙན་བྱ་ཡིན། །དེ་རུ་ཆུ་སྦར་ལྡི་བུར་ན། །ཁྲུང་ཁྲུང་གདན་ས་ཕོ་རོག་འཕྲོག །བུ་གཅིག་སྐྱེས་ཀྱང་ལོ་མི་འགོར། །བཞི་ཙེ་ར་ཁུ་བྱུག་ལྷོ་ན་སྙན། །ནོར་འོང་ཟེར་བའི་སྙན་བྱ་ཡིན། །དེ་རུ་རུ་སོད་སྒོ་བརྒྱག་ན། །ཁུ་བྱུག་གདན་ས་འུག་པས་འཕྲོག །ཟས་ནོར་གྲོགས་ལ་བར་ཆད་འོང་། །བརྒྱད་ཀྱི་སྐ་བྲག་རུ་སོད་དེ། །ཐེ་བ་རྒྱ་བོ་ནུབ་ན་སྙན། །ཚེ་རིང་ཟེར་བའི་སྙན་བྱ་ཡིན། །དེ་ལ་སྤོ་རྒོད་མ་ཟེ་བབས། །ཐེ་པ་མཚར་བྱེད་སྤྱན་གཅིག་བཅོམ། །གྲི་གཟེར་འཕྲལ་དུ་འབྱུང་ངོ་ཡོད། །བཅུ་གཅིག་ཨ་ཁད་རྩེ་མ་ན། །ལྕོག་ཆུང་ཁྲ་མོ་བྱང་ན་སྙན། །གཏམ་སྙན་ཐོས་པའི་སྙན་བྱ་ཡིན། །ཕུང་ཁད་གོང་མ་སྲེག་གིས་ཕྲོག །མི་ཁ་འཕྲལ་དུ་ཕོག་པའི་ངོ་། །གདུག་པའི་ཁྲ་བཞི་བསྟན་པ་ནི། །གཅིག་གི་རྐང་སྤར་དུང་ཟླ་ལ། །གཤེད་དུ་མུན་པ་ཐོ་ཡོར་འཇིག །དེ་ནི་གཉིས་ལ་སོ་ཡོན་ཡིན། །བཞི་ཡི་རྩེ་ར་ལྟ་ཤུག་ལ། །གཤེད་དུ་རྒྱ་སྟར་ཁ་ཆ་འཇིག །དེ་ནི་ལྔ་ལ་བྱ་རལ་ཡིན། །བརྒྱད་ཀྱི་སྐ་བྲག་རུ་སོད་ལ། །གཤེད་དུ་ཕུང་རྡོ་ནག་པོ་འཇིག །དེ་དགུ་ཡི་སྟེང་གི་སྤོ་བར་ཡིན། །བཅུ་གཅིག་ཨ་ཁད་མེ་དཔུང་ལ། །ལན་དུ་ཆུ་ནག་ཆར་བ་འཇིག །དེ་ནི་བཅུ་གཉིས་སྐྱམ་སྔོན་ཡིན། །ཕྱོགས་བཞིའི་རྫིའུ་བཞི་བཤད་པ། །གཅིག་གི་བྱ་བུར་བརྒྱག་ཅན་དེ། །ཤར་ཕྱོགས་བྲག་དཀར་མདའ་སྒྲོ་ཙམ། །ནམ་ཡང་མི་འགྱུར་རྫིའུ་ཡིན། །མི་རྒྱུད་གྲོལ་བའི་རྫིའུ་ཡིན། །བཞི་ཡི་སྐྱིན་དིང་བརྒྱག་ཅན་དེ། །ལྷོ་ཡི་མཚོ་མོ་མེ་ལོང་ཙམ། །ནམ་ཡང་མི་སྐམ་རྫིའུ་ཡིན། །ནོར་གཡང་མི་ཉམས་མོ་མདུད་ཡིན། །བརྒྱད་ཀྱི་ཙེ་ར་ལྷ་ཤུག་དེ། །ནུབ་ཀྱི་ཤུག་པ་གཡག་རྔ་ཙམ། །མཐའ་གནམ་དུ་མི་ཡལ་རྫིའུ་ཡིན། །དབུ་ནག་སྨོན་པའི་བསམ་པ་འགྲུབ། །བཅུ་ཡི་སྐྱམ་པུ་གཡུ་མིག་དེ། །བྱང་གི་གངས་དཀར་རྨོག་ཕོར་ཙམ། །


MR16_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་མི་ཞུ་རྫིའུ་ཡིན། །བུ་འཕེལ་ནོར་རྙེད་བདེ་སྐྱིད་འབྱུང་། །དེ་བཞིའི་གཤེད་ནི་འདི་ལྟ་སྟེ། །ཤར་གྱི་བྲག་ལ་ཐོག་གིས་འཇིག །དེ་བཅུ་གཅིག་སྟེང་གི་ན་འབན་ཡིན། །ལྷོ་མཚོ་ལ་ཐན་པ་མིག་དམར་འཇིག །དེ་ནི་བརྒྱད་ཀྱི་ཏྲོང་ཁད་ཡིན། །ཤིང་ལ་གཤེད་ལྟར་ཁ་ཆེ་འཇིག །དེ་ནི་བཅུ་གཅིག་མར་ལྡིང་ཡིན། །གངས་ལ་ཉི་མ་སྤུན་བདུན་འཇིག །དེ་བཅུ་གཅིག་སྤོ་ནག་མ་ཟེ་ཡིན། །སྒོ་བཞི་ཕྱེ་བ་ན་འབན་ཡིན། །གཉིས་ལ་ན་འབན་དུར་སྒོ་བྱེ། །གཏོ་ནི་བ་གླང་སེར་པོས་བཅོས། །ལྔ་ཡི་ན་འབན་ནོར་སྒོ་ཕྱེ། །བརྡུངས་དགུའི་རྭ་དང་ཟ་དགུའི་མཆེ། །འཕྲ་དགུའི་རྨིག་པའི་གཏོ་ཡིས་ཐུབ། །དགུ་ལ་ན་འབན་བདུད་སྒོ་ཕྱེ། །གཏོ་ལ་ཤ་བ་རུ་རྒྱས་བྱ། །བཅུ་གཉིས་ན་འབན་གཤེད་ལམ་ཕྱེ། །གཏོ་རུ་ལུག་མགོ་ཕུལ་བདུད་བྱ། །མ་ཟེ་སྲུང་བའི་སྒོ་བཞི་པོ། །རང་རང་སྒོ་ལ་བབས་ན་བསྲུངས། །གཅིག་སོགས་སྒོ་ཡི་སྔོན་དུ་བབས། །ཤར་སོགས་སྒོ་དེ་ཕྱེ་བ་ཡིན། །ཕྱེ་ན་ངན་ཏེ་བསྲུངས་ན་རྫིའུ་ཡིན། །ད་ནི་གླིང་བཞི་བསྐོར་རྩིས་བཤད། །ཤར་ལུས་འཕགས་པོ་ཡི་ཞིང་ཁམས་ན། །དར་དཀར་ཡོལ་བ་འཐེན་པ་ནི། །གཅིག་ལ་དགྲ་བླའི་ཁྲི་འོད་གཤོག་རྒྱས་ཡིན། །དར་དཀར་པོ་རླུང་གི་བསྐྲལ་མི་དེ། །གཅིག་ལ་ཆུ་དོ་ལི་ཡན་ཡིན། །འཛམ་གླིང་བྲག་གི་ཆུ་ཐིག་དེ། །བཞི་ལ་སོ་ཡོན་ལིང་ཀུན་ཡིན། །དེ་སྐམ་བྱེད་སོ་ཡོན་ཐུན་ཁུག་ཡིན། །ནུབ་བ་ལང་སྤྱོད་ཀྱི་བསེའི་སྒོ་མོར། །ལྕགས་ཀྱི་འདེན་བུ་བརྒྱབ་པ་དེ། །བརྒྱད་གལ་བར་རི་བོ་སྟོང་ཆེན་ཡིན། །ལྕགས་སྒོ་མོ་ཕྱེ་མི་བྱ་རལ་ཡིན། །སྒྲ་མི་སྙན་གྱི་ཀ་ཆེན་དེ། །བཅུ་གཅིག་དམུ་དག་ཆང་རྟ་ཡིན། །ཀ་བ་བསྒྱེལ་མི་མར་ལྡིང་སྒོ་བརྒྱག་ཡིན། །དབུས་རི་ལ་གསེར་གྱི་སྐུ་མཁར་དེ། །བདུན་གྱི་ཡར་ལྡིང་བང་མིག་ཡིན། །སྐུ་མཁར་ཐོག་གིས་བཤིག་པ་ན་འབན་ཡིན། །དེ་གླིང་བཞི་སྲིད་པ་བསྐོར་རྩིས་ཡིན། །ཤར་དུང་རི་ལ་སེང་གེ་


MR16_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་བ་དེ། །གཅིག་གི་རྐང་སྤར་ཟླ་འོད་ཡིན། །སེང་གཡུ་རལ་བཀོག་པ་སྐྱམ་སེ་ཡིན། །ལྷོ་གཡུ་རིར་གྲགས་ཆེན་གཡུ་འབྲུག་དེ། །བཞི་ལ་ཁ་ལང་གསེར་ཐིག་ཡིན། །འབྲུག་གི་ཁ་ཆུ་ཕོ་མཁན་དེ། །ཏྲོང་གི་བྱི་ཤོ་བྱི་ཤག་ཡིན། །ནུབ་ལྕགས་རིར་དཔའ་བརྟན་དོམ་ནག་དེ། །བརྒྱད་ཀྱི་རུ་སོད་ཁ་ལེ་ཡིན། །དོམ་མཁྲིས་པ་ཕོ་བ་རུ་སོད་སྒོ་བརྒྱག་ཡིན། །བྱང་མཚལ་རིར་དཔའ་རྩལ་སྟག་མོ་འགྱིང་། །དེ་བཅུ་གཅིག་ཨ་ཁད་རྩེ་མ་ཡིན། །སྟག་མཆེ་སྡེར་ཕུད་མཁན་ཏྲོང་ཁད་ཡིན། །དེ་བསྟན་པ་ས་ཡི་སྐོར་རྩིས་ཡིན། །ཤར་མུ་ལེ་གྲམ་ཤིང་ལྕགས་ཁྲ་དེ། ལྡི་བུར་ཤིང་རྩེ་རུ་དཀར་ཡིན། །ཁྲ་སྙི་ལ་འཛིན་པ་ཆུ་གྲི་མེ་སྟག་ཡིན། །ལྷོ་ཙནྡན་སྡོང་པོར་ཁུ་བྱུག་གྲགས། །བྱོད་ཕུར་ལིང་མ་ལིང་ཆུང་ཡིན། །གསུང་སྙན་གཅོད་བྱེད་བྱི་ལ་སྦྲུལ་འཇུས་ཡིན། །ནུབ་སྟག་པར་ཁྲོ་ཆུའི་ཕོ་རོག་འཁོར། །དེ་རུ་སོད་དཔལ་གྱི་དར་ནག་ཡིན། །བྱ་ཤ་ཡིས་གྱོད་པ་སྐྱམ་ནག་ཡིན། །བྱང་དཔག་བསམ་རྩེ་ལ་ཁྱུང་ཆེན་ལྡིང་། །ཁྱུང་གཤོག་ཟད་ཤ་བག་ལི་ཡན་ཡིན། །དེ་སྐྱེ་བ་ཤིང་གི་སྐོར་རྩིས་ཡིན། །ཤར་དུང་མཚོར་དུང་ཉ་གཡུ་གཤོག་འཕྱོ། །དེ་སྐྱེར་སྨད་གཙང་ཉ་གཡུ་གཤོག་ཡིན། །ཉ་མོ་སྐམ་ལ་ཡང་བ་དེ། །ཚོལ་ཚེ་མུ་དམུར་གྲི་ཐོགས་ཡིན། །ལྷོ་གཡུ་མཚོའི་ནང་ནས་གཡུ་འབྲུག་གནས། །དེ་རུ་གདོང་ཀླུ་སྦྲུལ་འོད་ཆེན་ཡིན། །སྦྲུལ་ལ་གླ་རྩིས་དུག་པ་དེ། །བྱ་མེད་བྱ་ཞུ་སེ་སྟོད་ཡིན། །ནུབ་ཀྱི་ལྕགས་མཚོ་ནག་པོ་ན། །ཆུ་སྲིན་རིན་ཆེན་སྣ་ལྗགས་ཅན། །སེ་ཡོན་ལིང་ཀུན་དཀར་མོ་ཡིན། །ཆུ་སྲིན་དུང་གིས་ཕུག་པ་དེ། །བག་བྱ་བུར་མདུད་པ་ནག་པོ་ཡིན། །བྱང་གི་གསེར་མཚོ་སེར་པོ་ན། །གསེར་སྦལ་གཡུ་ཡི་ཐོར་ཚུགས་ཅན། །གསེར་སྦལ་གླང་གིས་བརྫི་མི་དེ། །གལ་བར་འུག་པ་གསེར་མིག་ཡིན། །དེ་འཁྱིལ་བ་མཚོ་ཡི་སྐོར་རྩིས་ཡིན། །ཤར་སེང་གེ་དཀར་


MR16_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཁ་ཆུ་དེ། །ནག་པོ་རྒྱ་ཡི་ཡུལ་ན་གདའ། །དེ་ཆུ་སྤར་ཆུ་དོ་དཀར་མོ་ཡིན། །སྲིད་པ་འཕེལ་ཆུ་དཀར་པོ་རེད། །འཕེལ་ཆུ་བདུད་ཀྱིས་བཅད་པ་དེ། །ཆུ་སྤར་སྐྱམ་གྱི་སེ་སྟོད་རེད། །ལྷོ་རྟ་མཆོག་རྒྱལ་པོའི་ཁ་ཆུ་དེ། །སྐུ་རྒྱལ་བོད་ཀྱི་ཡུལ་ན་གདའ། །སྐྱམ་ཆུང་བུམ་པ་གཡུ་མིག་རེད། །དེ་དགྲ་བླའི་དཔའ་ཆུ་ངར་མ་ཡིན། །དཔའ་ཆུ་དགྲ་ལ་ཤོར་བ་དེ། །སྐྱམ་ནག་སོག་པོ་ཟུང་ཟད་རེད། །ནུབ་གླང་ཆེན་འགྱིང་བའི་ཁ་ཆུ་དེ། །རྒྱ་གར་རྡོ་རྗེ་གདན་ན་གདའ། །སྐྱམ་དཀར་བ་མེན་ཆུ་ཤེལ་ཡིན། །དེ་བདུད་རྩི་སྨན་ཆུ་དཀར་མོ་རེད། །སྨན་ཆུ་དུག་དང་འདྲེས་བ་དེ། །སྐྱམ་གྱི་གླེས་སྨེ་མཆུ་ནག་རེད། །བྱང་རྨ་བྱ་རྒྱལ་མོའི་ཁ་ཆུ་དེ། །ས་ག་ཧོར་གྱི་ཡུལ་ན་གདའ། །སྐྱམ་གྱི་དངས་མ་གཡུ་སྒྲོན་ཡིན། །དེ་དགྲ་བླའི་དྲན་ཆུ་དཀར་མོ་རེད། །སྨྱོ་ཆུ་སྙིང་ལ་སོང་བ་སྐྱམ་གྱ་མ་ཟེ་རེད། །དེ་འབབས་པ་ཆུ་ཡི་སྐོར་རྩིས་ཡིན། །ཤར་གཡུང་དྲུང་ལྷ་ཡི་ཡུལ་ཁམས་ན། །ལྷ་ཆེན་ཚངས་པའི་རྒྱལ་པོ་ཡོད། །ཀྱེ་བ་རིང་ཤག་དཀར་པོ་ཡིན། །ལྷ་ཚངས་པ་བདུད་ཀྱི་བསད་པ་དེ། །ཏྲོང་གི་ཆུ་རྒྱུན་ནག་མོ་ཡིན། །ལྷོ་མ་དྲོས་ཀླུ་ཡི་ཡུལ་ན་ནི། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཡོད། །དེ་ད་རོག་རང་ནམ་རྒྱལ་པོ་ཡིན། །ཀླུ་རྒྱལ་ཁྱུང་གིས་ཁྱེར་བ་དེ། །གཏུམ་ཆི་ཁྲི་འོད་རླུང་གཤོག་ཡིན། །ནུབ་འགྲོ་བ་མི་ཡི་ཡུལ་ཁམས་ན། །སྤྲུལ་པ་ཡེ་རྗེ་སྨོན་པ་ཡོད། །དེ་སྐྱེར་དཀར་ཀུ་བྱི་དུང་འདབ་ཡིན། །ཡེ་པ་ངམ་གྱིས་བསླུས་པ་དེ། །སྐྱེར་ནག་ཐུར་བཟུང་བྲག་ཡིན་ནོ། །བྱང་མ་སངས་གཉན་གྱི་ཕ་ཡུལ་ན། །གཉན་ཆེན་སྤར་བ་དུང་མགོ་ཡོད། །ན་འབན་སྟོང་གླིང་ཁྲ་མོ་ཡིན། །གཉན་ཆེན་སྡོང་གིས་བསད་པ་དེ། །ཏྲོང་སད་ལྷང་ཟེ་ཡིན་པར་བཤད། །དེ་བཟུང་པ་ཡུལ་གྱི་སྐོར་རྩིས་ཡིན། །ཤར་ཡོད་མེད་སྤྲུལ་པའི་མཁར་ནང་ན། །དགྲ་འདུལ་


MR16_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མཐུ་ཆེན་གདའ། །ཀྱེ་བ་བག་ཐོག་ལྡི་བུར་ཡིན། །མཐུ་ཆེན་དགྲ་བླའི་རྒྱལ་པོ་ལ། །རིང་སྐོར་ཕོག་ཅིག་བརྒྱབ་མི་དེ། །ཕུང་ཁད་ཝེར་ཏེ་ནག་མོ་ཡིན། །ལྷོ་ཆུ་རླུང་འཁྲུགས་པའི་མཁར་ནང་ན། །ཝེར་མ་རྔམ་པ་བདུད་འདུལ་གདའ། །དེ་བྲག་གི་གཡུ་སྦྲང་ཁ་སྡེབ་བྱ་བ་ཡིན། །ཝེར་མ་རྒྱུག་ལོག་བྱུང་བ་དེ། །གལ་བར་ཐང་མོ་མགོ་འཁོར་ཡིན། །ནུབ་ཐོག་སེར་འཕྲོ་བའི་མཁར་ནང་ན། །ཁས་དྲག་བསེའུ་རུ་གཅིག་གདའ། །སད་ཁྲི་འོད་རླུང་གཤོག་དཀར་པོ་ཡིན། །ཅངས་སེའི་རྫོང་མཁར་འཕྲོག་མི་དེ། །ཙེ་ར་ཡོར་པོ་མགོ་བཏུམ་ཡིན། །བྱང་རྫི་སྨིག་འོད་ཀྱི་མཁར་ནང་ན། །མཐུ་ཆེན་ཡོར་པོ་རུ་མང་གདའ། །དེ་མུ་ས་སྟག་མོ་ཁ་གདངས་ཡིན། །གཡུང་དྲུང་མགོ་སྐོར་བྱེད་མི་དེ། །བདུད་ཀྱི་ཐང་ལེ་སྣ་དམར་ཡིན། །དེ་བཟུང་བ་མཁར་གྱི་སྐོར་རྩིས་ཡིན། །ཤར་ཕྱོགས་དུང་རི་དཀར་པོ་ལ། །ཕྱ་རྒྱུད་སྲིད་པའི་འགྲིམ་ལམ་གདའ། །དེ་ཀྱེ་བའི་རིགས་རྣམས་ཐམས་ཅད་ཡིན། །སྤོ་རྒོད་མ་ཟེ་བབས་པ་ན། །བཙན་གྱི་ཇག་པས་དེད་པ་ཡིན། །ལྷོ་ཕྱོགས་གཡུ་ལམ་སྔོན་པོ་ལ། །དམུ་རྒྱུད་སྲིད་པའི་འགྲིམ་ས་གདའ། །དེ་ད་རོག་རིགས་རྣམས་ཐམས་ཅད་ཡིན། །སྐྱམ་རྒོད་མ་ཟེ་བབས་པ་ན། །བདུད་ཀྱི་རྐུན་མས་བཅོམ་པ་ཡིན། །ནུབ་ཕྱོགས་མཆོང་རི་སྨུག་པོ་ལ། །གཙུག་རྒྱུད་སྲིད་པའི་འགྲིམ་ལམ་ཡོད། །དེ་དམུ་དབལ་རིགས་རྣམས་ཐམས་ཅད་ཡིན། །ན་འབན་ཏྲོང་ཆུང་བབས་པ་ན། །སྲིན་པོས་ཟ་ལམ་བཏོད་པ་ཡིན། །བྱང་ཕྱོགས་མཚལ་ལམ་དམར་པོ་ལ། །བསྐོར་རྒྱུད་སྲིད་པའི་འགྲིམ་ས་གདའ། །དེ་སད་ཀྱི་རིགས་རྣམས་ཐམས་ཅད་ཡིན། །སད་རྒོད་མ་ཟེ་བབས་པ་ན། །གཤིན་རྗེས་ཁྲམ་ཁ་བཏོད་པ་ཡིན། །དེ་འགྲོ་བ་ལམ་གྱི་སྐོར་རྩིས་ཡིན། །བྱ་ཡུན་གསེར་གྱི་ཉི་མ་དང་། །བྱ་བུར་དུང་གི་ཟླ་བ་དང་། །


MR16_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ས་ཤེལ་གྱི་སྐར་མ་གསུམ། །མཐོན་པོ་དགུང་གི་རྒྱན་གསུམ་ཡིན། །དེ་གསུམ་སྤྲིན་གྱིས་སྒྲིབ་མི་སོ་ཡོན་ཡིན། །སད་བག་ཚོ་ཏི་ཚ་ལྷོ་སྤྲིན་ཡིན། །ཝ་རི་དགོ་ཚང་འཇའ་ཚོན་ཡིན། །གླག་མོ་མཁལ་དཀར་གཡུ་ཡི་ན་བུན་ཡིན། །དེ་བར་སྣང་སྟོང་པའི་རྒྱན་གསུམ་ཡིན། །དེ་གསུམ་རླུང་གི་གཏོར་མི་ལི་ཡན་ཡིན། །སད་ལ་ཝང་དཀར་ཐོག་རྩི་ཏོག་ཡིན། །སྐྱམ་ར་ཟི་དཀར་ཐོག་མེ་ཏོག་ཡིན། །དཀར་ཐོག་གཡུང་དྲུང་ལོ་ཏོག་ཡིན། །དེ་གསུམ་སད་ཀྱིས་ཁྱེར་མི་བྱ་རལ་ཡིན། །དེ་གནམ་ས་བར་སྣང་སྐོར་རྩིས་ཡིན། །ད་བ་སྦལ་ཁྱུང་གི་སྐོར་རྩིས་ལ། །སྲིད་པའི་བ་བཙུན་འཕྲུལ་མོ་དེ། །སྐྱེར་དཀར་བ་མེན་ལྟོ་སྦྱོར་ཡིན། །དེ་སྐྱ་མོ་རླུང་གི་དལ་ན་བཞུགས། །སྟོང་འཁོར་ལོས་བསྒྱུར་བའི་སྦལ་པ་དེ། །སྐྱིན་དིང་འཕན་རྩ་དཀར་མོ་ཡིན། །དེ་ཆགས་པའི་ལྟེ་བ་དག་ན་བཞུགས། །ཁྱུང་ཆེན་ནམ་མཁའ་གཤོག་རིང་དེ། །དིང་དིང་ལྕོག་དཀར་མོ་ཡིན། །དཔག་བསམ་ཤིང་གི་རྩེ་ན་བཞུགས། །བ་སྐྱ་མོ་རླུང་གི་སྐོར་རྩིས་ལ། །ཤ་ལས་མ་བརྩིགས་གསེར་གྱི་རི་བདུན་སྲིད། །ཀྱེ་བ་རྒྱལ་བུ་མཆེད་བདུན་ཡིན། །ཁྲག་ལས་མི་འབབ་རོལ་མཚོ་བདུན། །ད་རོག་རྒྱལ་མོ་མཆེད་བདུན་ཡིན། །རུས་ལ་མ་བརྡུང་ལྕགས་མཁར་སྲིད། །དམུ་དབལ་ཕུ་ཝེར་མཆེད་གསུམ་ཡིན། །དབུགས་ལས་འཕྱོ་བ་རླུང་ཁམས་སྲིད། །རླུང་ཁམས་དངས་མ་ཐམས་ཅད་ཡིན། །རྩ་ལས་མ་བསྐྱེད་སྡོང་པོ་སྲིད། །ཤིང་ཁམས་བཏགས་པ་བཅུ་གཉིས་ཡིན། །ལྷ་བས་མ་བསགས་ནོར་མཚོ་བསྐྱེད། །ནོར་ངོ་སུམ་ཅུ་རྩ་གསུམ་ཡིན། །འོ་མས་སྲིད་པའི་འཕེལ་ཆུ་བསྐྱེད། །བདུད་རྩི་ཅན་གྱི་མོ་མདུད་བཅོ་བརྒྱད་ཡིན། །མར་ལས་ཡིད་བཞིན་ནོར་བུ་སྲིད། །བརྒྱག་གི་དཔལ་ཁ་བཞི་བཅུ་ཡིན། །འདི་རྣམས་ཀྱི་དགྲ་མ་རྙེད། །དེ་བརྒྱད་འཛོམས་པའི་མོ་ཁོག་དེ། །


MR16_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་མོ་རླུང་གི་སྐོར་རྩིས་སམ། །དཀར་རིས་བ་ཡི་སྐོར་རྩིས་ཡིན། །ཕྱི་སྣོད་ཆགས་དང་ནང་བཅུད་ཆགས། །རིགས་དྲུག་མེ་ཏོག་གྲངས་རྩིས་དང་། །འབྱུང་བའི་དགྲ་གྲོགས་སྤར་སྨེ་ལོ། །དྲུག་ཅུའི་ལོ་བཅས་བརྒྱད་བཤད་པ། །ཁྲ་རིས་སྦལ་པའི་སྐོར་རྩིས་ཏེ། །གོང་དུ་ལེགས་པར་བཤད་ཟིན་ཏོ། །ནག་རིས་ཁྱུང་གི་སྐོར་རྩིས་ལ། །ཉིན་བྲག་དཀར་དངུལ་བྱ་རྒོད་པོ་དེ། །བག་ཝ་ཚོ་དང་མ་ཁྲི་གཤོག་ཡིན། །བྱ་གདོས་བཏགས་ཝ་ཚོ་ཐུན་ཁུག་ཡིན། །སྲིབ་བྲག་ནག་མཆོང་གི་བསེ་གླག་སྨུག །སྐྱམ་བྲག་རུ་སོད་དཔལ་དར་ཡིན། །བསེ་གླག་ཕྱི་སྡེར་ཕུད་མཁན་དེ། །དམུ་ནམ་རྫ་རྒོད་རུ་སོད་ཡིན། །གཡུའི་ཤུག་རྩེར་འཆི་མེད་ལྕགས་ཁྲ་དེ། །ལྡི་བུར་མེ་རི་དམར་པོ་ཡིན། །ཁྲ་ཆེན་ཨན་ཐག་གཅོད་མི་དེ། །ལྡི་བུར་གྲི་སྲི་ཁ་དམར་ཡིན། །རི་རྨ་གཉན་སྦོམ་རའི་འདོར་བཞི་ན། །མཛེས་ལྡན་ཤེལ་གྱི་རྨ་བྱ་དེ། །བྱ་ཡུན་དང་རྩེ་དཀར་མོ་ཡིན། །རྨ་བྱ་སྤུ་མདངས་ཡལ་བ་དེ། །སོ་ཡོན་བྱ་འུན་ལང་ཐང་རྩེ། །ཁམས་དབྱར་མོ་ཐང་གི་ར་བ་ན། །གསུང་སྙན་གཡུ་ཡི་ཁུ་བྱུག་དེ། །མུ་ས་འོད་ཆགས་དཀར་མོ་ཡིན། །ཁུ་བྱུག་གསུང་སྙན་ཆད་པ་དེ། །མུ་ས་བྱ་ཡུན་སྒོ་བརྒྱག་ཡིན། །བྱང་ཁྲི་ཤོག་རྒྱལ་མོའི་མཚོ་འགྲམ་ན། །གསེར་གྱི་ངུར་བ་སེར་པོ་ནི། །བྱ་མེད་བྱ་ཞུ་དཀར་མོ་ཡིན། །ངུར་པ་ཚེ་ཚད་རྫོགས་པ་དེ། །གསེར་བྱ་དཀྱིལ་འཁོར་ཆེན་མོ་ཡིན། །ན་ཕོ་བ་རིས་ཀྱི་དྲ་མིག་ན། །དུང་གི་ལྕོག་དཀར་མོ་དེ། །ཅོ་ག་ཅོག་ཆུང་འགྱུར་སྐད་སངས། །ཅོ་གའི་འགྱུར་སྐད་ཆད་པ་དེ། །ཙེ་ར་ཡོལ་བོ་མགོ་བཏུམ་ཡིན། །རྒྱ་ཤོད་འབྲས་ཀྱི་གཏིང་ཁུང་ན། །བྱི་རུའི་བྱ་ཕོ་མཚལ་འབར་དེ། །སྐྱེར་འུན་མཆོང་སྙིང་སྨུག་པོ་ཡིན། །བྱ་ཕོ་ནས་འབྲས་དུག་པ་དེ། །སྐྱེར་སྨད་ཉ་མོ་ཁོང་འཁྲེན་ཡིན། །དེ་བརྒྱད་འཛོམ་པའི་མོ་ཁོག་དེ། །ནག་རིགས་ཁྱུང་གི་


MR16_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་རྩིས་ཡིན། །བྱ་བརྒྱ་ཕོ་ཡི་ཆད་ཁུང་དེ། །ཡར་ཡར་སངས་ཆེན་བཅོ་བརྒྱད་ཡིན། །ཡར་བའི་སངས་ཆེན་བཅོ་བརྒྱད་ལ། །བྱ་ཚང་འཐོར་བྱེད་ལི་ཡན་ཡིན། །བྱ་བརྒྱ་མོ་ཡི་སྲིད་ཐབས་དེ། །མར་ཡར་སངས་ཆེན་བཅོ་བརྒྱད་ཡིན། །ཁྱུང་ཚང་རྡོ་རྗེ་བྲག་གི་རི། །ཐོག་གིས་བཤིག་པ་ན་འབན་ཡིན། །བུ་བརྒྱ་བྱ་ཡི་གྲོས་ཐབས་དེ། །སངས་དཔའ་འདུས་རིན་ཆེན་བཅོ་བརྒྱད་ཡིན། །བྱ་སྐད་ཆད་པ་ཝེར་ཏེ་སྐྱ་མོ་ཡིན། །དེ་ཡིས་ཁྱུང་གི་སྐོར་རྩིས་རྫོགས། །ད་མི་འགྱུར་ལྟ་ས་བཅོ་ལྔ་བཤད། །དགུང་སྔོན་པོ་མི་འགྱུར་ལྟ་ས་ལ། །སྤྲིན་དཀར་པོ་ལྕོག་སྒོང་ཙམ་ཞིག་གདའ། །བཅུ་ཡི་བག་ཚོ་ཁྲ་ཆུང་ཡིན། །དེ་རླུང་གིས་གཏོར་བ་ལི་ཡན་ཡིན། །ས་དོག་མོ་མི་འགྱུར་ལྟ་ས་ལ། །མཚོ་སྔོན་མོ་མེ་ལོང་ཙམ་ཞིག་གདའ། །དེ་ཆང་ངབ་སྟེང་གི་ད་རོག་ཡིན། །དེ་ཐན་པས་སྐམ་པ་ཕུང་ཁད་ཡིན། །ཕུ་མི་འགྱུར་རྡོ་དཀར་ལུག་ཐང་ཙམ། །བཅུ་གཅིག་མ་རྐྱང་བྱོད་ཕུར་ཡིན། །ལུག་སྤྱང་ཀིས་བསད་པ་སེ་སྟོད་ནག་ཐོག་ཡིན། །མདའ་མི་འགྱུར་བྲག་ནག་ར་ཐང་ཙམ། །གཉིས་ཀྱི་སྟེང་གི་བག་ལྡི་ཡིན། །ར་ནག་འཕར་བས་དེད་པ་དེ། །རུ་སོད་ལི་ཡན་སྒོ་བརྒྱག་ཡིན། །ཉིན་མི་འགྱུར་ཤུག་པ་གཡག་རྔ་ཙམ། །བརྒྱད་ཀྱི་སྟེང་གི་ཙེ་ར་ཡིན། །ཤུག་པ་རྩེ་ནས་གས་པ་ཆུ་དོ་ལི་ཡན་ཡིན། །སྲིབ་མི་འགྱུར་ཐང་ཤིང་སྒྲོ་ཕུད་ཙམ། །བཅུ་གཉིས་སྟེང་གི་སྤོ་བར་ཡིན། །དེ་རྟིང་འགྱེལ་སྤོ་བར་ནག་པོ་ཡིན། །ཆབ་མི་འགྱུར་ཉ་མོ་རྟ་རྔ་ཙམ། །དྲུག་གི་སྐྱམ་ཆུང་བུ་བརྒྱག་ཡིན། །ཉ་ལྕགས་ཀྱུས་ཟིན་པ་དམུ་དག་སྒོ་བརྒྱག་ཡིན། །མཚོ་མི་འགྱུར་སྦལ་པ་ལུག་བྲང་ཙམ། །བཞི་ཡི་སྐྱིན་དིང་གཡུ་ཐོག་ཡིན། །སྦལ་པ་གླང་གིས་བརྫིས་པ་གལ་བར་སྒོ་བརྒྱག་ཡིན། །བྲག་མི་འགྱུར་རྒོད་པོ་བྱེའུ་ཆུང་ཙམ། །དེ་བརྒྱད་ཀྱི་ཝ་ཚ་


MR16_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡུན་ཡིན། །བྱེའུ་ཆུང་གདོས་བཏགས་དམུ་སད་སྐྱེར་ཅོག་ཡིན། །ནགས་མི་འགྱུར་སྟག་ཁྲ་ཡོས་འབྲུ་ཙམ། །བཅུ་ཡི་ཨ་ཁད་རྩེ་མ་ཡིན། །སྟག་ས་མདས་བསད་པ་ཏྲོང་ཁད་ཡིན། །གངས་མི་འགྱུར་སེང་གེ་ཨ་བྲ་ཙམ། །བཅུ་གཅིག་རྐང་སྤར་དུང་སེང་ཡིན། །སེང་ཁོག་འབུ་ཡིས་ཟོས་པ་དེ། །སྐྱམ་མ་ཟེ་སྦྲང་བུ་ཟི་མ་ཡིན། །གནམ་མི་འགྱུར་འབྲུག་ཐང་བུང་བ་ཙམ། །བཅུ་གཅིག་ལྷང་ཟེ་ཁ་ལང་ཡིན། །འབྲུག་ཟེ་བ་ཚིགས་པ་ཕུང་ཁད་ཡིན། །ཤིང་མི་འགྱུར་ཁྱུང་སྒོང་སྲན་འབྲུ་ཙམ། །བཅུ་གསུམ་ཁྱུང་བརྒྱང་དངུལ་མདངས་ཡིན། །ཁྱུང་སྒོང་གྱད་རྡོས་གླེབ་པ་སྐྱིན་དིང་གོར་མོ་རེད། །རྫ་མི་འགྱུར་འབྲང་ནག་བྱང་བ་ཙམ། །བརྒྱད་ཀྱི་རུ་སོད་ཁ་ལེ་ཡིན། །འབྲོང་ཆད་ཁུང་བསྙེག་པ་ཚོལ་ཚེ་སྒོ་བརྒྱག་ཡིན། །དབུས་རི་རྒྱལ་མི་འགྱུར་ལྟ་ས་ལ། །གླང་ཁམ་པ་བ་བེའུ་ཙམ་ཞིག་གདའ། །དེ་བདུན་གྱི་གལ་བ་ཐོད་དཀར་རེད། །འབྲང་གི་བཤུལ་ཤ་ཆད་པ་དེ། །བྱ་རལ་ལུམ་སྲུང་ཡིན་པར་བཤད། །དེ་མི་འགྱུར་ལྟ་ས་བཅོ་ལྔ་ཡིན། །ད་ཡོན་ཏན་ཅན་གྱི་མོ་ཁོག་ལ། །ནམ་མཁའ་འོད་ཀྱི་ཁྲི་འཕང་ན། །མཚོ་རོག་གཡུ་ཡི་གུར་ཆེན་ཕུབ། །དིང་དིང་ཁྲི་འོད་དཀར་པོ་ཡིན། །མཐོན་པོ་དགུང་གི་མོ་ཁོག་ཡིན། །གནམ་སྤྱི་རྒྱ་འགྲམ་ན་སྒྱུ་མ་རེད། །བརྡལ་བ་ས་ཡི་དཀྱིལ་འཁོར་ན། །གསེར་གྱི་ཐང་མ་བརྡལ་བ་དེ། །སྐྱིན་དིང་གཡུ་འོད་སྔོན་པོ་ཡིན། །ས་མཆིན་པ་གས་ན་སྒྱུ་མ་རེད། །འོད་གླིང་ཁྱིམ་ཁྲི་གདུགས་ཉི་མ་ཤར། །རང་ཉི་འོད་གྲམ་བུ་ཟླ་ཚེས་རེད། །ཤཱཀྱ་ཐུབ་པའི་མོ་ཁོག་རེད། །གསེར་མཆོད་རྟེན་འགྱེལ་ན་སྒྱུ་མ་རེད། །སྣང་མུན་ལ་ཁར་དུང་ཟླ་ཚེས། །བག་བྱ་བུར་འཁོར་བ་ལན་མེད་རེད། །སྟོན་པ་གཤེན་རབ་མོ་ཁོག་ཡིན། །གཡུའི་ཐང་ཤིང་ཆགས་ན་སྒྱུ་མ་རེད། །དགུ་ཚིགས་གཞུང་ན་སྐར་ཕྲན་ཚོགས། །


MR16_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ས་ཅོད་པན་གུང་རྒྱལ་ཡིན། །འཕན་པོ་མི་ཡི་མོ་ཁོག་རེད། །གཡས་ཕོ་གྲལ་ཞིག་ན་སྒྱུ་མ་འདྲ། །བར་སྣང་ལྷོ་སྤྲིན་ཆགས་ནས་གདའ། །སད་བག་ཚོ་ཏི་ཚེ་དཀར་མོ་ཡིན། །བསགས་པ་ནོར་གྱི་མོ་ཁོག་ཡིན། །བང་མཛོད་སྟོང་ན་སྒྱུ་མ་འདྲ། །སྤང་དཀར་ལ་གསེར་གྱི་མེ་ཏོག་འཁྲུངས། །དེ་བྱ་བུར་གསེར་གྱི་མེ་ཏོག་རེད། །རྒྱལ་བུ་དོན་གྲུབ་མོ་ཁོག་ཡིན། །ནོར་བུ་སྟོར་ན་སྒྱུ་མ་རེད། །དགྲ་བླའི་ཡུལ་ན་སྐུ་མཁར་རྒྱས། །སྐྱེར་དཀར་ཡར་ལྡིང་དབང་མིག་རེད། །རྗེ་གྲི་གུམ་བཙན་པོའི་མོ་ཁོག་ཡིན། །རྒྱལ་ས་འབངས་ཀྱི་འཕྲོག་ན་སྒྱུ་མ་འདྲ། །ཡོད་ཀྱི་ལྷ་སྒང་རིང་མོ་ལ། །སྦྲ་རེ་བའི་ཆོན་ཐག་བརྒྱང་བ་ནི། །གལ་བར་རྒྱལ་འབངས་ཁ་སྤྲོད་ཡིན། །བློ་རིག་པ་ཅན་གྱི་མོ་ཁོག་རེད། །ཡིག་ཚང་མེ་ལ་ཚིག་ན་སྒྱུ་མ་འདྲ། །བཙན་བྲག་དམར་ལོགས་ལ་འུག་པ་ཞུགས། །སྐྱེར་ཆེན་གྱི་ལིང་འཕར་མ་རེད། །བོན་སྟག་ལྷ་མེ་འབར་མོ་ཁོག་རེད། །གསེར་ཨ་ཐང་གཞུ་མོ་ཆག་ན་སྒྱུ་མ་འདྲ། །བདུད་བྲག་ལ་ཕོ་རོག་ཚང་ན་ཉལ། །སྐྱམ་ཆེན་ཆུ་བོ་གཞུང་འབྱམས་རེད། །བན་ཕྱག་ན་རྡོ་རྗེའི་མོ་ཁོག་རེད། །ལྕགས་ཨ་སྤར་གྱི་ཞགས་པ་ཆད་ན་ངན། །རི་ལ་དཀར་དམར་མེ་ཏོག་འཁྲུངས། །དེ་ཚོལ་ཚེ་མ་ལྷ་བུ་རྫི་རེད། །སྨན་འཚོ་བྱེད་གཞོན་ནུའི་མོ་ཁོག་རེད། །བདུད་རྩིའི་ཆུ་མིག་སྐམ་ན་སྒྱུ་མ་འདྲ། །ཤར་ཀུན་སྣང་ལ་ལ་གསལ་སྒྲོན་གདའ། །བྱ་ཡུན་རྩེ་རྒྱལ་དཀར་མོ་རེད། །ཀུན་ཤེས་ཐང་པོའི་མོ་ཁོག་རེད། །དངུལ་དཀར་མེ་ལོང་ཆག་ན་སྒྱུ་མ་འདྲ། །སྤྲིན་ལ་འཇའ་ཚོན་ལྡེམ་པ་བཀྲ། །ཝ་རི་དོག་ཚང་ཁྲ་མོ་རེད། །བཟོ་རྒྱལ་ཀརྨའི་མོ་ཁོག་རེད། །འཕྲུལ་གྱི་ཐིག་ཤིང་ཆག་ན་སྒྱུ་མ་འདྲ། །མེ་ཆུ་འཁྲུགས་པའི་མཁར་ནང་ནོར་བུ་དེ། །སོ་ཡོན་ལིང་ཀུན་དཀར་མོ་ཡིན། །མགར་ལ་ཡུག་པའི་མོ་ཁོག་


MR16_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རེད། །ཡིད་བཞིན་སྒྲོམ་བུ་འཐོར་ན་སྒྱུ་མ་འདྲ། །གཡས་ལྷ་རིར་གོ་སྐྱ་གཟན་ལ་འཛུམ། །བྲག་སྤོ་ཁ་ཁྲ་གཤོག་རིང་མོ་ཡིན། །རྒྱ་བེར་ནག་ཅན་གྱི་མོ་ཁོག་རེད། །གོ་མིག་དམར་པོ་ལོག་ན་སྒྱུ་མ་འདྲ། །གཡོན་ཀླུ་རི་སྔོན་མོར་ཁུ་བྱུག་སྙན། །བྲག་གསེར་སྒོང་སྟག་ཤ་ཁྲ་མོ་རེད། །ཤར་འབུམ་ཁྲི་དཀར་མོའི་མོ་ཁོག་རེད། །མཁས་པ་ལྕེ་རྒྱུན་ཆད་ན་སྒྱུ་མ་འདྲ། །འདི་རྣམས་དགྲ་བཤད་མི་འདུག་གོ། དེ་ཡོན་ཏན་ཅན་གྱི་མོ་ཁོག་ཡིན། །ཡུལ་ཆེན་དྲུག་གི་སྐོར་རྩིས་ལ། །རྒྱ་གར་རྡོ་རྗེ་གདན་སྟེང་ན། །ཆོས་དར་མའི་པོ་ཏི་བརྩིགས་པ་དེ། །སད་ཀྱི་ཁྲི་ཐོག་གསེར་མགོ་ཡིན། །རྒྱ་གར་འ་ཞའི་མོ་ཁོག་ལ། །ཆོས་ཁྲིམས་བུམ་པ་ཆགས་ན་སྒྱུ་མ་རེད། །སྒྱུ་མ་བཤད་པས་དགོས་པ་མེད། །རྒྱ་ལྷང་ལྷང་འབར་བའི་ཕོ་བྲང་ན། །རྩིས་མཁས་པས་གབ་ཙེ་བཞག་ནས་གདའ། །བྱ་རལ་གསེར་བཀྲ་ཆེན་པོ་རེད། །རྒྱ་ནག་ཁྲིམས་ཀྱི་མོ་མདུད་ཡིན། །དབུས་ཀྱི་ཀེ་རུར་གསེར་འཛེར་བརྒྱབ། །ཝ་ཚོ་དུང་འོད་དཀར་མོ་ཡིན། །བོད་འཛམ་པ་ཁྲོམ་གྱི་མོ་ཁོག་རེད། །མོན་ཁ་ཤ་སྨྱུག་རིར་རྩི་ཤིང་རྒྱས། །མར་ལྡང་ཁྲ་མོ་གཞུ་རྒྱས་རེད། །མོན་ཁ་ལ་ཡུག་པའི་མོ་མདུད་ཡིན། །རི་གསུམ་འདུས་པའི་རྩ་བ་ན། །ཕག་རོག་པོ་ཞིག་ཕུར་བས་བརྟོད་ནས་གདའ། །སྐྱེར་དཀར་ཁ་ཚེ་གླད་དམར་ཡིན། །མཛང་བ་ལ་ནག་མོའི་མོ་མདུད་ཡིན། །བྱང་མཚོན་ཆ་སྤུངས་པའི་གུར་ནང་ན། །མཚོན་ངར་མར་སྙིང་འཛེར་བརྒྱབ་ནས་གདའ། །དེ་ནི་ཙེ་ར་བང་ཐོག་ཡིན། །ཧོར་ཅོག་ལ་སྐྱེས་ཀྱི་མོ་མདུད་ཡིན། །དེ་ཕྱི་སྡེ་ཚོ་དྲུག་མོ་རྩིས་ཡིན། །ནང་རུས་ཆེན་བདུན་གྱི་མོ་ཁོག་ལ། །མཁའ་ལ་གཡུ་འབྲུག་གསེར་གཤོག་རྒྱས། །ཁ་ལང་གསེར་གཤོག་ཆེན་མོ་ཡིན། །སྡོང་བླ་མེད་རྒྱལ་པོའི་མོ་མདུད་ཡིན། །ཆེ་རྒྱུད་གདན་ས་མ་ཤོར་དགོས། །ཤིང་ལྗོན་པར་ཁྱུང་ཆེན་གཤོག་པ་


MR16_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱང་། །སྤོ་ཚེ་ཁྱུང་གཤོག་ལྡེམ་པ་ཡིན། །དབྲེ་དར་མ་རིན་ཆེན་མོ་མདུད་ཡིན། །མཐུ་ཆེན་དམ་ཚིག་མ་ཉམས་བཟང་། །བྱང་ནགས་གསུམ་བསྣོལ་མའི་ལྷ་རྫོང་ན། །རྟ་མདོ་བ་ཆས་ཀྱིས་བརྒྱན་ནས་གདའ། །ཐང་ལེ་ཁྲི་འོད་དཀར་མོ་ཡིན། །སྒ་འོང་དེ་གུང་རྒྱལ་མོ་མདུད་ཡིན། །ཕྱུག་གི་གསེར་རྩི་མ་པོ་བཟང་། །རྫ་རི་ཁྲ་མོར་འབྲོང་བུ་འགྱིངས། །རུ་སོད་མཆོང་གཤོག་སྨུག་པོ་ཡིན། །འབྲུ་དཀར་བ་གཅིག་རྒྱུག་མོ་མདུད་ཡིན། །འབྲུ་ཡི་དཔའ་སྡང་མ་ཤོར་བཟང་། །རྡོ་རྗེའི་བྲག་རྩེར་རྒོད་ཚང་བརྩིགས། །ཝ་ཚོ་དུང་གཤོག་དཀར་མོ་ཡིན། །དཔལ་ཁམས་པ་སྟོང་ཡག་མོ་མདུད་ཡིན། །རྨོག་དཀར་འཛེར་མ་མ་ཕུད་བཟང་། །ཤིང་ཙནྡན་སྡོང་པོར་སྟག་ཆེན་ངར། །སྐྱེར་ཐོག་སྟག་མོ་འབྲུག་སྙིང་ཡིན། །སྔ་དར་མ་གཞུང་རྒྱལ་མོ་མདུད་ཡིན། །མཆོག་དཀར་གཞུ་རྒྱུད་མ་ཆད་བཟང་། །གངས་ལ་སེང་གེ་དཀར་མོ་འགྱིང་། །རྐང་སྤར་གསེར་གཤོག་ཆེན་མོ་ཡིན། །སྒོ་ལྷ་སྡེ་དཀར་པོའི་མོ་མདུད་ཡིན། །སེང་གཡུ་རལ་བྱི་ན་སྒྱུ་མ་རེད། །གཡུ་རལ་ཆད་པ་མེད་ན་བཟང་། །དེ་རུས་ཆེན་བདུན་གྱི་མོ་ཁོག་ཡིན། །དག་ཅེས་པའི་མོ་མདུད་ཉེར་ལྔ་ནི། །གཅིག་གི་སད་ཁམས་ལྷང་ཟེ་དེ། །ཤར་ལུས་འཕགས་པོ་ཡི་མོ་མདུད་ཡིན། །བུ་ཚ་བོའི་སྐྱེ་རྒབ་བཟང་བའི་མོ། །རྒྱལ་པོས་གདན་ནོན་ཡུལ་འཁོར་བརྟན། །ཤར་ལུས་འཕགས་བླ་མདུད་མ་ཤེས་ན། །མི་སྐྱེ་སྒོ་བཟང་ངན་མི་ཤེས་སོ། །གཉིས་ཀྱི་བྱ་རལ་ཝ་འགུག་དེ། །བྲན་སྒོ་ཁྱི་གཉིས་ཀྱི་བླ་མདུད་ཡིན། །ཁོལ་པོ་གསོས་པ་ལས་ལ་རེག །ཁོལ་མོ་གསོས་པ་གཡོག་ལ་མཁས། །སྒོ་ཁྱི་སྟག་ལས་བྱས་པ་ཡིན། །གསུམ་གྱི་དམུ་དག་མཆོང་རྟ་དེ། །རྒྱལ་བུ་མཐིང་གི་སྐུ་རྫོང་ཡིན། །མི་ཆེ་གསུམ་གྲོས་ལ་འདུས་ས་ཡིན། །ཆུང་གསུམ་རྩེད་མོ་རྩེ་བ་ཡིན། །


MR16_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྱོགས་གསུམ་རྔ་མ་འདྲིལ་བ་ཡིན། །དཔའ་གསུམ་དགྲ་ལ་ཆས་པ་ཡིན། །རྣོ་གསུམ་ཡུ་བ་བརླིངས་པ་ཡིན། །གསུམ་གྱི་གློག་དམར་ལྡི་བུར་དེ། །འོག་རྟ་མགྱོགས་པའི་མོ་མདུད་ཡིན། །བཞི་ཡི་སྐྱེར་དཀར་བུ་བརྒྱག་དེ། །འཛམ་བུ་གླིང་གི་མོ་མདུད་ཡིན། །གཡང་གི་རུ་མ་མ་ཆད་ཅིང་། །ཕྱུག་གི་གསེར་རྩི་འཕེལ་བ་ཡིན། །ཀླུ་མཆོད་བྱས་ན་དངོས་གྲུབ་ཐོབ་པ་ཡིན། །ནང་ནོར་ཀླུ་བས་ཕྱུག་པ་ཡིན། །ཡང་བཞི་ཡི་ཙེ་ར་ཝང་ཐོག་དེ། །ཕྱུག་པོ་རྩེ་མོ་བྱུང་རྒྱལ་ཡིན། །བཞི་ཡི་སྐྱམ་ཆུ་དབུ་བརྒྱག་དེ། །ཕྱུག་པོ་ཆུ་རྒྱུན་ཆད་མེད་ཡིན། །བཞི་ཡི་ད་རོག་བརྒྱག་བཟང་དེ། །ཕྱུག་པོ་མཚོ་ཆེན་འཁྱིལ་བ་ཡིན། །མོ་ཚུལ་འདི་འདྲ་མ་ཤེས་ན། །ཕྱུག་པོ་ཨེ་འོང་མི་ཤེས་སོ། །ལྔ་ཡི་སྐྱམ་ནག་སེ་སྟོད་དེ། །ལྷོ་ཐང་ཤིང་ལ་ཁྱི་ནག་སྟོད་ལ་བསྐོར། །འདྲེ་ངན་བར་ཆད་མེད་པ་ཡིན། །གདོན་ངན་ཕྱི་ལྟས་མེད་པ་ཡིན། །འདྲེ་གདོན་ལམ་དུ་ཚུད་པ་ཡིན། །དྲུག་གི་སྐྱེར་འུན་ར་བརྒྱག་དེ། །ལྕམ་མོ་མཆོང་སྙིང་སྨུག་མོ་ལ། །རྒྱན་དྲུག་ལུས་ལ་རྫོགས་པ་ཡིན། །ཁྱི་བཙུན་མོ་དྲག་ལ་མཛངས་པ་ཡིན། །བཞོན་ལ་ཞོ་ཤེ་མང་བ་དང་། །མ་འབྲི་རྒོད་གསུམ་བུ་ཚ་འཕེལ། །དྲུག་གི་ནག་ཆུང་ཟལ་ཟལ་དེ། །རོལ་པའི་མཚོ་བདུན་བླ་མདུད་ཡིན། །ཆུང་མ་བུ་དཔལ་འཕེལ་བ་ཡིན། །ཟས་ནོར་ཁྱིམ་གཡང་ཆགས་པ་ཡིན། །དཀར་ནག་དབྱེ་ཤན་འབྱེད་པ་ཡིན། །བདུན་གྱི་ཡར་དིང་སྐྱེར་བརྒྱག་དེ། །དབུས་གསེར་རི་ལྷུན་པོའི་བླ་མདུད་ཡིན། །གཙོ་བོའི་བློ་ས་ཟིན་པ་ཡིན། །གཞོན་ནུ་དགྲ་ལ་དཔའ་བ་དང་། །མི་ཕོ་བློ་ཐབས་མཁས་པ་ཡིན། །རྟ་ཕོ་བང་ལ་མགྱོགས་པ་ཡིན། །ཕ་སྤུན་སྟག་ལག་རྒྱས་པ་ཡིན། །མྱེས་སྤུན་འབྲོང་རུ་གཤིབ་པ་ཡིན། །ཡང་བདུན་གྱི་གླག་མོ་མཁལ་དཀར་ན། །བུ་ཚ་དགྲ་ལ་དཔའ་བ་ཡིན། །


MR16_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་གལ་བར་ཐོད་དཀར་དེ། །ནུབ་བ་ལང་སྤྱོད་ཀྱི་བླ་མདུད་ཡིན། །གཙོ་བོས་མདུན་གཞི་ནོན་པ་ཡིན། །བློན་པོས་བཀའ་རྟགས་ཐོབ་པ་ཡིན། །གླང་ཆེན་སྟོབས་དང་ལྡན་པ་ཡིན། །ཕྱུགས་བེའུ་ལུག་འཕེལ་བའི་གཡང་ར་ཡིན། །ཡང་བརྒྱད་ཀྱི་སྐྱིན་དིང་གཡུ་ཐོག་དེ། །མི་ཆེན་མི་འགྱུར་གསེར་ཐམ་ཡིན། །བློ་ཆེན་མི་འགྱུར་གཞུང་ཤིང་ཡིན། །རི་ཆེན་མི་འགྱུར་བརྟན་གཞི་ཡིན། །ཆུས་ཆེན་མི་འགྱུར་རྫིའུ་ཡིན། །ཡང་བརྒྱད་ཀྱི་བག་ཆེན་བྱ་ཡུན་དེ། །མེ་ཤེལ་ཉི་མའི་བླ་མདུད་ཡིན། །བན་དམ་པ་ཆོས་ཀྱི་སྒོམ་ཁང་དུ། །ཆོས་ཀྱི་ཉི་མ་ཤར་བ་ཡིན། །བན་ཆོས་བྱེད་ཆོས་ལ་མཁས་པ་ཡིན། །འཆད་ན་རིག་པའི་སེང་གེ་ཡིན། །བསྒྲུབ་ན་གྲུབ་པའི་དབང་ཕྱུག་ཡིན། །ཆོས་དར་བར་བྱེད་པའི་དགྲ་བླ་ཡིན། །དགུ་ཡི་བག་ཆེན་བྱ་བུར་དེ། །ཆུ་ཤེལ་ཟླ་བའི་བླ་མདུད་ཡིན། །སྟག་གཟིག་འོལ་མོ་གླིང་ཆེན་ན། །སྟོན་པ་གཤེན་རབ་གདན་ཁྲི་ལ། །དུང་གི་ཡི་གེ་གཡུང་དྲུང་བཀྲ། །གཤེན་འཕེལ་བར་བྱེད་པའི་མོ་མདུད་དེ། །བོན་དར་བར་བྱེད་པའི་དགྲ་བླ་ཡིན། །བཅུ་ཡི་མུ་ས་ཅོད་པན་དེ། །འཕེན་པོ་སྐར་མའི་བླ་མདུད་ཡིན། །ཤར་ཀུན་སྣང་གསལ་བའི་ནམ་མཁའ་ལ། །སྐར་ཕྲན་འབུམ་གྱི་ཚོམ་བུ་བཀོད། །མི་གྲངས་འཕེལ་བའི་དགྲ་བླ་ཡིན། །མི་གྲངས་སྐར་མ་བཞིན་དུ་མང་། །ཡང་བཅུ་ཡི་བག་ཚོ་ཁྲ་ཆེན་དེ། །བཙུན་པོ་གཞའ་ཡི་བླ་མདུད་ཡིན། །བུ་སྲིང་མཛེས་པ་གནས་མགོ་མཐོ། །རྟ་ཕོ་ཡག་པ་གང་ཐང་ཆེ། །བཅུ་ཡི་ཁ་ལང་གསེར་ཐིག་དེ། །སྙན་གྲགས་ཆེ་བའི་མོ་མདུད་ཡིན། །གནམ་ལ་གཡུ་འབྲུག་སྔོན་མོ་གྲགས། །ས་སྟེང་ཟིལ་གྱིས་ནོན་པ་ཡིན། །ཡང་བཅུ་ཡི་དྭངས་མ་གཡུ་སྒྲོན་དེ། །ནེ་ནེ་དགུང་སྨན་རྒྱལ་མོ་ཡིན། །ནམ་མཁར་འབྲུག་གི་རྟ་ལ་ཞོན། །དངུལ་དཀར་མེ་ལོང་


MR16_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་བསྣམས། །མོ་སྨན་ཡོངས་ལ་ཁ་འཛིན་མཛད། །མོ་བཙུན་མི་ཉེས་རྫིའུ་ཡིན། །བཅུ་གཅིག་ཤ་རིང་སྤོ་ཚེ་དེ། །བྱང་སྒྲ་མི་སྙན་གྱི་བླ་མདུད་ཡིན། །ཕྱ་ཡི་གསེར་མཁར་སེར་པོ་ལ། །ཡེ་རྗེ་སྨོན་པའི་སྐུ་སྲོག་བརྟེན། །མི་ཚེ་ཆུ་བས་རིང་བ་ཡིན། །མི་འབྲུ་གསེར་བས་བཟང་པ་ཡིན། །ཡང་བཅུ་གཅིག་ལྕགས་ཁྲ་སྔོན་མོ་དེ། །དགྲ་བླའི་གནས་མལ་བདེ་བ་ཡིན། །མི་ཕོ་དཔའ་བའི་དཔའ་དར་ཡིན། །རྟ་ཕོ་མགྱོགས་པའི་མགྱོགས་དར་ཡིན། །དགྲ་བླ་འཆི་མེད་ཀུན་ཐུབ་ཡིན། །ཡང་བཅུ་གཅིག་རྐང་སྦར་དུང་སེང་དེ། །རང་ཕྱོགས་མི་ཉེས་དགྲ་བླ་ཡིན། །ངན་ལད་པ་དགུ་ཐུབ་མོ་མདུད་ཡིན། །དགྲ་ལས་རྒྱལ་བའི་དཔའ་རྟགས་ཡིན། །བཅུ་གཉིས་སོ་ཡོན་ནག་མོ་དེ། །མཐའ་ལྕགས་རི་མུ་ཁྱུད་བླ་མདུད་ཡིན། །དགྲ་ལ་གོང་བ་ལོན་པ་དང་། །དགྲ་བལ་གཞོབ་རྡོག་པས་བརྫིས་པ་ཡིན། །བཅུ་གཅིག་དིང་དིང་དྲལ་དཀར་དེ། །མཐོན་པོ་དགུང་གི་བླ་མདུད་ཡིན། །མེད་ལ་ཡོད་གཅིག་སྲིད་པ་ཡིན། །སྟོང་ལ་གང་གཅིག་སྲིད་པ་ཡིན། །དགྲ་ལ་ཤ་ལན་ལོན་པ་ཡིན། །བདུད་ལ་གཡུལ་གཅིག་རྒྱལ་བ་ཡིན། །ངམ་ལ་གོང་བ་ཟིན་པ་ཡིན། །ཐིག་དྲུག་ལ་ཁར་བྲིས་པ་ཡིན། །གྱོད་དྲུག་ལྡོག་པས་གནོན་པ་ཡིན། །དགུང་སྔོན་ཀུན་ལ་ཁྱབ་པ་ཡིན། །མོ་དེ་རྣམས་དེ་ཚུགས་བབས་པ་ན། །གཡས་ཕ་སྤུན་གོང་བ་ནོར་གྱིས་བཟུང་། །གཡོན་སྡེ་སྲིད་གོང་བ་ནོར་གྱིས་བཟུང་། །སྡང་དགྲ་བོའི་གོང་བ་དཔུང་གིས་བཟུང་། །ཤི་དམྱལ་བའི་གོང་བ་ཆོས་ཀྱིས་བཟུང་། །གདུག་པ་ངམ་རྗེ་རྩོལ་པོ་ལས། །ཡེ་རྗེ་སྨོན་པའི་རྒྱལ་སྲིད་ཐོབ། །ཅི་བཏབ་ཅི་ཡི་མོ་ལ་བཟང་། །ཕུ་དེ་བདེ་ཞིང་མདའ་དེ་འཇམ། །དགྲ་ཟུན་གཉིས་ཀྱང་དེ་དང་འདྲ། །གཞི་བརླིངས་པ་གསེར་གྱི་ཕ་བོང་འདྲ། །ཁོང་དྲང་བ་ཉག་ཕྲན་མདའ་དང་འདྲ། །རྩེ་མཐོ་བ་དཔག་བསམ་ཤིང་དང་འདྲ། །དེ་གཅེས་བའི་མོ་


MR16_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་ཉེར་ལྔ་ཡིན། །མོ་ཡི་ཕྱོགས་ཀྱི་སྲུང་བཞི་ནི། །གཅིག་ལ་སུམ་མཉམ་བབས་པ་ན། །ཤར་གྱི་སྲུང་མ་སྟག་སྐྱ་ཡིན། །བཞི་ཡི་སྟེང་གི་ཧྲང་ཟེ་དེ། །ལྷོ་ཡི་གཡུ་འབྲུག་སྔོན་མོ་ཡིན། །བརྒྱད་ཀྱི་སྟེང་གི་གལ་བར་དེ། །ནུབ་ཀྱི་སྲུང་མ་བྱ་དམར་ཡིན། །བཅུ་ཡི་སྟེང་གི་བྱ་ཡུན་དེ། །བྱང་གི་རུས་སྦལ་རྒྱ་པོ་ཡིན། །ཤར་གྱི་སྲུང་མ་བབས་པ་ན། །རབ་ཆད་མེད་བཀྲ་ཤིས་སྲུང་མ་ཡིན། །ལྷོ་སྲུང་མས་གཡང་ལ་མུ་གེ་མེད། །ནུབ་སྲུང་མས་མི་ནད་ཕྱུགས་གོད་མེད། །བྱང་སྲུང་མས་དགྲ་དང་སྲི་མི་འབྱུང་། །དེ་ནས་ལ་ཉེ་རྣམ་བཞི་བཤད། །གཅིག་གི་སྟེང་དུ་གལ་བར་ན། །སྦལ་ནག་ཤར་གྱི་ལ་ཉེ་ཡག །བཞི་ཡི་བྱ་ཡུན་དཀར་མོ་ན། །བྱ་དམར་ལྷོ་ཡི་ལ་ཉེ་ཡག །བརྒྱད་ཀྱི་སྟེང་དུ་ཚོལ་ཚེ་ན། །སྟག་སྐྱ་ནུབ་ཀྱི་ལ་ཉེ་ཡག །བཅུ་གཅིག་ཧྲང་ཟེ་ཁ་ལང་ན། །གཡུ་འབྲུག་བྱང་གི་ལ་ཉེ་ཡག །ལ་ཉེ་བཟང་པོ་དེ་བཞི་སྣང་། །ལོ་གཅིག་ནང་དུ་མི་མི་འཆི། །བུ་དཔའ་བོ་གློག་དམར་ལྡི་བུར་ཡིན། །རྟ་མགྱོགས་པ་རེ་སེ་ཀྱུ་ནེ་ཡིན། །མཚོན་རྣོན་པོ་ཤིང་རྩེ་རུ་དཀར་ཡིན། །དེ་བས་དཔའ་མགྱོགས་རྣོ་གསུམ་ནི། །སད་གསུམ་ཆེ་བ་ཧོར་དྲུག་དང་། །ལི་ཡན་རླུང་ཁྲི་གཤོག་ནག་དང་། །ཙེ་ར་གནམ་ལྕགས་རལ་གྲི་གསུམ། །དཔའ་མགྱོགས་རྣོ་གསུམ་མོ་ཁོག་གཅིག་ལ་ཚང་། །བཟང་ཆེ་བས་སོས་དལ་ཁྱོགས་པར་དཀའ། །མགར་གྱིས་མ་བརྡུངས་མཚོན་གསུམ་ནི། །གནམ་ས་ཧག་སོ་སྟར་ཆེན་དེ། །གནམ་ལྕགས་ངར་མའི་སྟྭ་རེ་ཡིན། །སྐྱེར་ཐོག་དཔའ་བོ་མདུང་བཟུང་དེ། །རྣོ་རྩེ་མོ་བྱུང་རྒྱལ་མདུང་མོ་ཡིན། །རྩེ་ར་སྤང་ཐོག་བྱ་བ་དེ། །རྣོན་པོ་གནམ་ལྕགས་རལ་གྲི་ཡིན། །མ་ཡིས་མ་བྱིན་ཟས་གསུམ་ནི། །ཚོལ་ཚེ་ལུ་གུ་འབྲི་མར་སེར་མོ་དང་། །བག་སྐྱེར་བུང་མའི་སྦྲང་རྩི་དང་། །སྐྱམ་དཀར་བ་མེན་ཆུ་ཤེལ་འོ་མ་གསུམ། །མི་བུའི་དགའ་


MR16_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རྣམ་གསུམ་ནི། །ཟས་ཞིམ་པོ་ཚོལ་ཚེ་ལུ་གུ་དང་། །གཏམ་སྙན་པ་ཨ་ཁད་རྩེ་མ་དང་། །སེམས་དགའ་བ་དིང་དིང་གའུ་ཡིན། །བྱད་ངོ་རྣམ་བཞི་བྱ་བ་ནི། །སོ་ཡི་ཁ་བུར་དམུ་བྱད་ཡིན། །སྤོ་ཡི་ཁ་བུར་བདུད་བྱད་ཡིན། །སོ་ཡི་རྟིང་བཤལ་བན་བྱད་ཡིན། །སྤོ་ཡི་རྟིང་བཤལ་བོན་བྱད་ཡིན། །ལ་ལས་སད་སྔ་གྱེར་རྒྱུད་བོན་བྱད་ཟེར། །སློ་ངོ་རྣམ་བཞི་བྱ་བ་ནི། །སོ་སྟོད་རྐང་བྲན་དག་གི་སློ། །སྐྱམ་ཟེ་རྔ་བྲན་དག་གི་སློ། །རུ་སོད་སྒོ་བརྒྱག་འབྲི་གཡག་སློ། །བྱ་རལ་སྒོ་བརྒྱག་ཁྱི་ཕག་སློ། །མནའ་ངོ་རྣམ་བཞི་བྱ་བ་ནི། །བྱ་རལ་ངན་རིགས་ཁྱིམ་པའི་མནའ། །སྐྱམ་བྲག་ཕུང་སྐྱམ་ཆུ་མིག་མནའ། །རུ་སོད་ངན་རིགས་མནའ་ལོག་ཡིན། །སོ་ཡོན་རྟིང་བཤལ་ཆོས་མནའ་ཡིན། །དམུ་སྨན་ཡག་པ་སྡེ་བཞི་ནི། །དགོ་ཚང་དང་ནི་བྱ་ཡུན་དང་། །སྐྱེར་འུན་ར་ལ་བརྒྱག་པ་དང་། །སྐྱམ་གྱི་ལའུ་དཀར་སང་བཞི། །གར་བབས་འཕན་ཁ་བྱེད་པ་ཡིན། །ལི་ཡན་ཆུ་དོ་ལི་ཡན་དང་། །སོ་སང་སྤོ་སང་འདི་བཞི་པོ། །ཕ་མྱེས་མ་ཕྱིའི་རུས་པ་འཐོར། །བྱ་གླིང་མཁར་ཆགས་བཅུ་གསུམ་བཤད། །གཅིག་ཁྲུང་ཁྲུང་དཀར་མོའི་གདན་ས་དེར། །རྐང་པར་བྱུང་ན་ཁྲུང་ཁྲུང་ཡིན། །དེ་བཞིན་སོ་སོའི་གདན་ས་ལ། །བྱ་སོ་སོ་བབས་པ་རིམ་སྦྱར་ནས། །གཉིས་ལ་བྱ་མེད་ངུར་པ་ཡིན། །གསུམ་ལ་བྱོད་ཕུར་ཁུ་བྱུག་ཡིན། །བཞི་ལ་བག་ཚོ་ཐེ་བ་ཡིན། །ལྔ་ལ་སོ་ཡོན་འུག་པ་ཡིན། །དྲུག་ལ་སྐྱེར་བྱུང་རྨ་བྱ་ཡིན། །བདུན་ལྡི་བུར་མ་སངས་འགྱེད་ཁྲ་ཡིན། །བརྒྱད་རུ་སོད་བརྒྱག་ཅན་བྱང་གླག་ཡིན། །དགུ་ས་ཙ་ལ་རྔམ་གོ་བོ་ཡིན། །བཅུ་མུ་ས་དངུལ་མདངས་བྱ་རྒོད་ཡིན། །བཅུ་གཅིག་སད་དེ་ཨ་ཁད་ན། །སྒམ་པོ་ཕ་ཝང་ཡེ་ཟེ་ཡིན། །བཅུ་གཉིས་རུ་སོད་སོལ་ཁྲ་ཡིན། །བཅུ་གསུམ་ཁྱུང་བརྒྱང་ཁྱུང་ཆེན་ཡིན། །རང་སར་ལྷུས་མ་ལོག་ན་བཟང་། །ཕྱི་


MR16_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ས་རང་ས་བརྗེས་པ་སོགས། །ལྷུས་ལོག་བྱུང་ན་ཅི་ལའང་ངན། །ཡང་ལྷ་རྟགས་བཅུ་གསུམ་བཤད་པ་ནི། །བཅུ་གསུམ་ཡར་དིང་སྣང་བ་འོད་ལྡན་ཡིན། །བརྒྱད་བྱ་བུར་ཤཱཀྱ་ཐུབ་པ་ཡིན། །ལི་ཡན་ངང་པ་བསྔགས་ལྡན་ཡིན། །ཝ་ཚོ་རྒྱལ་པོ་ཟས་གཙང་ཡིན། །སྐྱེར་ཁྲིམ་སྒྱུ་མ་ལྷུམ་མཛེས་ཡིན། །དམུ་དབལ་གླིང་བཞི་འདོད་འཇོའི་བ་མོ་ཡིན། །གལ་བར་རུ་ཆེན་གླིང་པོ་སྟོབས་ལྡན་ཡིན། །དགུ་སད་རྔ་གྱེར་བརྡུང་གཤེན་རབ་ཡིན། །སད་མ་ཟེ་ཤར་ལྷ་འོད་ལྡན་ཡིན། །སྐྱམ་མ་ཟེ་ལྷོ་ལྷ་བརྡལ་དྲུག་ཡིན། །ཏྲོང་མ་ཟེ་ནུབ་ལྷ་འཕྲུལ་ཆེན་ཡིན། །སྤོ་མ་ཟེ་བྱང་ལྷ་རྡུལ་མེད་ཡིན། །དིང་དིང་དུང་མི་ལྡན་དཀར་ཡིན། །དེ་ནི་ལྷ་ངོ་བཅུ་གསུམ་ཡིན། །གཞན་ཡང་ཕྱ་དམུ་གཙུག་གསུམ་གྱི། །བླ་མདུད་བཅུ་གཉིས་དག་དང་ནི། །ཀ་བཞི་གདུང་བརྒྱད་མི་འདྲ་གཞན། །གཞན་ཡང་སྡེ་ཚན་སྣ་ཚོགས་པའི། །རྣམ་གྲངས་ཤིན་ཏུ་མང་ཡོད་ཀྱང་། །ཐམས་ཅད་བཤད་པར་མི་ནུས་པས། །མོ་གཞུང་གཞན་ལས་ཤེས་པར་བྱ། །གཞན་ཡང་མ་སང་འཕྲུལ་ཆ་དང་། །དྲ་མ་བརྒྱད་དང་མགྲོན་ཡག་བཅུ་གསུམ་དང་། །ནོར་ངོ་སུམ་ཅུ་རྩ་གསུམ་སོགས། །མགྲོན་ཕྱ་ལ་སོགས་སོ་སོ་ཡི། །སྐབས་སུ་འཆད་པར་འགྱུར་བ་ཡིན། །ད་སྡེ་ཚན་དེ་དག་བསྡུས་པ་ན། །དངས་མ་སྙིགས་མ་གཉིས་སུ་འདུས། །དེ་ནི་མདུད་རྫོང་སྐབས་སུ་བཤད། །དངས་མ་ཡིན་ཀྱང་བརྒྱག་ངན་ན། །བཟང་པོ་ངན་པར་གྱུར་པས་ངན། །ཁྱད་པར་སྒོ་བརྒྱག་ཐམས་ཅད་བདུད་ཆད་ཡིན། །གཡས་བརྒྱག་བཟང་ལ་གཡོན་བརྒྱག་ངན། །མ་བརྒྱག་ངན་ལ་བུ་བརྒྱག་བཟང་། །ཁོག་བརྒྱག་འབྲིང་ལ་དེ་ལ་ཡང་། །བཟང་ངན་རིམ་པ་སྣ་ཚོགས་འོང་། །དེ་རྣམས་མདུད་རྫོང་སྐབས་ལས་ཤེས། །མོ་ངན་པ་ཡིན་ཀྱང་བརྒྱག་བཟང་ན། །མུན་ལ་སྒྲོན་མེ་ཆེས་གསལ་


MR16_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །བཟང་པོ་དག་ཏུ་འགྱུར་བ་ཡོད། །དཀར་པོ་བགད་པའི་སོ་ཞོ་ལས། །ནག་པོ་འཛུམ་པ་ཁ་ཕོ་ཆེ་ཞེས་བྱ། །མོ་ངན་ཀྱང་གདབ་ཡུལ་བྱ་བ་ལ། །ལྟོས་ན་བཟང་པོར་འགྱུར་བ་ཡོད། །གསོད་གཅོད་མཐུ་དང་དུག་སྦྱོར་ལ། །སོ་སོའི་བླ་རྟགས་བཟང་བ་བཞིན། །མོ་བཟང་ཡང་འདེབས་ཡུལ་ལ་ལྟོས་ནས། །གནས་སྐབས་དེ་ལ་ངན་པ་ཡོད། །དཔེར་ན་བརྒྱག་ཁ་བཟང་སྡེའི་རིགས། །ནད་པ་དག་ལ་ངན་པ་བཞིན། །མོ་ཁས་དྲག་ཁས་དམན་དབྱེ་བ་ལ། །འཐོར་རིགས་བརྒྱག་ཁ་བཟང་སྡེ་ཅན། །དགྲ་བླ་ཝེར་མའི་བླ་མདུད་དང་། །དཔའ་རིགས་ཐམས་ཅད་ཁས་དྲག་ཡིན། །སྔར་རིགས་སྐྱམ་ངན་ཁས་དམན་ཡིན། །མོ་ལ་སྐྱ་སྣུམ་དཔྱད་པ་ན། །བུ་བརྒྱག་གཡས་བརྒྱག་ཚོལ་ཚེའི་རིགས། །སྣུམ་ལ་མ་བརྒྱག་གཡོན་བརྒྱག་དང་། །བྱ་རལ་ལི་ཡན་ཐང་ལེ་རྣམས། །སྐྱ་བོའི་རིགས་ཡིན་གཞན་བཏང་སྙོམས། །རང་སར་སྐྱ་བོ་ཕྱི་སར་སྣུམ། །གཡང་ཤོར་ཕྱི་ས་དེ་ཕྱོགས་ཀྱི། །འགོང་པོ་བསེ་རག་གནོད་པ་དང་། །བྲན་ལ་སོགས་པའི་ཤི་འདྲེ་གནོད། །མོ་ཡི་དཀར་ནག་བཤད་པ་ན། །ཡེ་ཡི་ཕྱོགས་སུ་གཏོགས་ཚད་དཀར། །ངམ་གྱི་ཕྱོགས་སུ་གཏོགས་ཚད་ནག །སྙད་ཡོད་སྙད་མེད་བཤད་པ་ན། །སྙད་ལ་རྣམ་པ་གསུམ་ཡོད་དེ། །ཚ་བ་མེད་པའི་མེ་དང་གཅིག །རླན་པ་མེད་པའི་ཆུ་དང་གཉིས། །མ་བརྐོས་པ་ཡི་དོང་དང་གསུམ། །འདི་གསུམ་བྱུང་ན་སྙད་ཕོག་ཡིན། །བརྒྱག་ཁ་ངན་དང་ལན་ངན་པའི། །སྙད་ཁ་ཕོག་ན་ལད་པ་ཡིན། །འཁོར་ལུགས་གཡས་འཁོར་ཐམས་ཅད་བཟང་། །གཡོན་དུ་འཁོར་བ་དེ་ལས་ཞན། །སྙད་མེད་མོ་མདུད་བཟང་པོ་གཅིག །བབས་དགོས་ས་གཅིག་ཏུ་ཁེར་བབས་ན། །དེ་ལ་བློ་གཏད་གཅིག་ཆོག་ཡིན། །མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །སྙད་ཀྱིས་ཕོག་ཏུ་མི་རུང་ངོ་། །གཡུང་དྲུང་


MR16_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་སྙད་སོང་ན། །ལ་ཐོད་ཤོར་བའི་རྒྱལ་པོ་འདྲ། །ཆུས་ལ་མཐོ་ཐབས་ག་ལ་ཡོད། །སད་ལ་སྙད་སོད་ཁ་འོད་ཉམས། །དེ་ལ་བཀྲག་གསལ་ལྡན་དུས་མེད། །བཏགས་པར་སྙད་སོང་ལྕུག་ཕྲན་ཟོར་བས་བརྔས། །དེ་ལ་འབྲས་དྲུག་སྨིན་དུས་མེད། །དར་མ་ཚེ་ཕུག་ག་ལ་འཁྱོལ། །ཡར་པར་སྙད་སོང་ཁྲ་རྒོད་སྙིལ་ཟིན། །དེ་ལ་འཕུར་ཐབས་ག་ལ་ཡོད། །འབྲེལ་བར་སྙད་སོང་རི་བོ་གུར་ཁྱིམ་རྡིབས། །དེ་ལ་མཐོ་དུས་ག་ལ་ཡོད། །བརྒྱག་ལ་སྙད་སོང་གཡང་གི་ཟོ་ཞབས་རྡོལ། །དེ་ལ་ཕྱ་གཡང་ཆགས་ཐབས་མེད། །འཐོར་བར་སྙད་སོང་རི་དྭགས་ཁྱིས་དེད་འདྲ། །དེ་ལ་དལ་ཐབས་ག་ལ་ཡོད། །བྲག་ལ་སྙད་སོང་སྡོང་རྒན་རྩ་བ་འགྱེལ། །དེ་ལ་ཡལ་ག་སྨིན་དུས་མེད། །སངས་ལ་སྙད་སོང་སྦྲང་བུ་གཤོགས་ཆད་འདྲ། །དེ་ལ་སྦྲང་རྩི་ལོན་དུས་མེད། །བཟང་ལ་སྙད་སོང་སྐྱིད་པའི་རེ་ཐག་ཆད། །ངན་ལ་སྙད་སོང་སྡུག་བསྔལ་རྒྱུན་མི་འཆད། །སྙད་ཀྱིས་ཕོག་ན་ཅི་ལའང་ངན། །རིམ་གྲོ་ཚ་ཚ་ཆོས་འདོན་བྱ། །ད་མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །ཡོད་ཁམས་སྲིད་པ་ཐམས་ཅད་དེ། །རྩ་བ་གཅིག་ལ་བསྡུས་པ་དེ། །ཡེ་ཡོད་སྲིད་པའི་རྒྱལ་པོ་ཡིན། །དེ་དིང་དིང་ཁ་ལེ་དཀར་པོ་ཡིན། །མེད་ཁམས་སྲིད་པ་ཐམས་ཅད་པོ། །རྩ་བ་གཅིག་ལ་བསྡུས་པ་དེ། །ཡེ་མེད་སྟོང་པའི་རྒྱལ་པོ་ཡིན། །དེ་ནི་ཆུ་དོ་ལི་ཡན་ཡིན། །གཡུང་དྲུང་རི་བོ་བརྒྱད་ཅུ་དེ། །རྩ་བ་གཅིག་ལ་བསྡུས་པ་དེ། །ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་ཡིན། །དེ་ནི་ཤ་རིང་སྤོ་ཚེ་ཡིན། །བྲག་ནག་སུམ་བརྒྱ་དྲུག་ཅུ་དེ། །རྩ་བ་གཅིག་ལ་བསྡུས་པ་དེ། །བཤིག་པ་དྲག་བྱེད་རྒྱལ་པོ་ཡིན། །དེ་ནི་སོ་ཡོན་རེ་འབྱམས་ཡིན། །སངས་བྱ་དཀར་བརྒྱ་དང་རྩ་བརྒྱད་དེ། །རྩ་བ་གཅིག་ལ་བསྡུས་པ་དེ། །དཔལ་ཟན་ཟི་མ་མུ་འཕྱོ་ཡིན། །བྱ་ནག་བརྒྱ་དང་རྩ་བརྒྱད་དེ། །རྩ་བ་


MR16_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུས་པ་དེ། །མི་ཟན་སྦྲང་བུ་མཆུ་རིང་ཡིན། །ཡང་དང་མ་བརྒྱ་དང་ཉི་ཤུ་དེ། །རྩ་བ་གཅིག་ཏུ་བསྡུས་པ་ནི། །སྨོན་པ་བཞད་པའི་ཡ་སོ་ཡིན། །ཁམས་གསུམ་གསལ་བའི་སྒྲོན་མེ་ཡིན། །དེ་བྱ་ཡུན་དང་རྩེ་དཀར་མོ་རེད། །སྙིགས་མ་བརྒྱ་དང་ཉི་ཤུ་དེ། །རྩ་བ་གཅིག་ཏུ་བསྡུས་པ་ནི། །ངམ་རྗེ་ངུས་པའི་མཆི་མ་ཡིན། །དུག་གི་ཆུ་མིག་ནག་པོ་དེ། །སོ་ཡོན་ཐུན་ཁུག་ནག་མོ་ཡིན། །བུ་བརྒྱ་གསུམ་བརྒྱ་དྲུག་ཅུ་དེ། །རྩ་བ་གཅིག་ཏུ་བསྡུས་པ་ནི། །འཆི་མེད་བདུད་རྩི་ཐིགས་པ་ཡིན། །དེ་དཀར་ཐོག་གཡུང་དྲུང་ཆེན་མོ་ཡིན། །མ་བརྒྱག་གསུམ་བརྒྱ་དྲུག་ཅུ་དེ། །རྩ་བ་གཅིག་ཏུ་བསྡུས་པ་ནི། །མ་བདུད་རྒྱལ་མོའི་མངལ་ཁྲག་ཡིན། །དེ་ནི་སྐྱམ་ནག་སེ་སྟོད་ཡིན། །མོ་བསྡུས་པའི་རྩ་བ་དེ་བཅུ་ཡིན། །མོ་ལ་བཟང་ངན་གཉིས་ལས་མེད། །མི་ལ་སྐྱེ་འཆི་རྟ་མགྱོགས་བུལ། །མཚོན་ལ་རྣོ་རྟུལ་གཉིས་ལས་མེད། །མོ་བཟང་ངན་གཉིས་ལ་འདུས་པ་དེ། །ཡེ་མེད་སྟོང་པའི་རྒྱལ་པོ་གཅིག །བཤིག་པ་དྲག་བྱེད་རྒྱལ་པོ་གཉིས། །བྱ་ནག་ཐུར་འདུག་དེ་དང་གསུམ། །ངམ་རྗེ་ངུས་པའི་མཆི་མ་བཞི། །མ་བདུད་རྒྱལ་མོའི་མངལ་ཁྲག་ལྔ། །དེ་ལྔ་གཅིག་ཏུ་བསྡུས་པ་དེ། །གྱོད་ཀྱི་མེ་རྡོ་ནག་པོ་སྟེ། །དེ་ནི་ཕུང་བྱེད་གཟི་འབར་ཡིན། །དེ་མོ་ཁོག་གཅིག་ལ་གཅིག་གི་ཆོག །ཕྱི་ནང་མེད་པར་གར་བབས་ཀྱང་། །དགུང་སྔོན་དཀྱིལ་ནས་རྡིབ་པ་ཡིན། །དོག་མོ་གཞུང་ནས་རལ་བ་ཡིན། །རང་སའི་བཙན་ས་གར་བབས་ཀྱང་། །གྱོད་ཆེན་རི་རབ་ཉིལ་བ་འདྲ། །སྤུར་ཆེན་ཐང་ཤིང་འགྱེལ་བ་འདྲ། །ད་བུ་སྲན་མ་འཐོར་བ་འདྲ། །ཡུག་ས་ཐོ་རུ་རྡོག་བྲག་འདྲ། །ངུ་འབོད་སྤྱང་ཚང་རྡིབ་པ་འདྲ། །དེ་ངན་པ་བསྡུས་པའི་རྩ་བ་ཡིན། །ཡེ་ཡོད་སྲིད་པའི་རྒྱལ་པོ་གཅིག །ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་གཉིས། །བྱ་དཀར་གྱེན་འདུག་དེ་དང་གསུམ། །


MR16_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པ་བཞད་པའི་ཡ་སོ་བཞི། །འཆི་མེད་བདུད་རྩི་ཐིགས་པ་ལྔ། །དེ་ལྔ་གཅིག་ཏུ་བསྡུས་པ་དེ། །སྨོན་པའི་ལྷ་རྡོ་དཀར་པོ་དེ། །ཡིད་བཞིན་ནོར་བུ་ཤ་རིར་སྤོ་ཚེ་ཡིན། །འདི་མོ་ཁོག་གཅིག་ལ་གཅིག་གིས་ཆོག །གཞན་མ་ངན་ཀྱང་འཇིགས་པ་མེད། །མེད་ལ་ཡོད་གཅིག་སྲིད་པ་ཡིན། །སྲིད་པ་མཐའ་རུ་ཕྱིན་པ་ཡིན། །སྟོང་ལ་གང་གཅིག་ཆགས་པ་ཡིན། །ཆགས་ནས་འཇིག་པ་མེད་པ་ཡིན། །ངམ་ལ་ཤ་ལན་ལོན་པ་ཡིན། །ལོན་ནས་ཕུ་བདེ་མདའ་བདེ་ཡིན། །བདུད་ལས་གཡུལ་གཅིག་རྒྱལ་བ་ཡིན། །རྒྱལ་ནས་ཕམ་པ་མེད་པ་ཡིན། །ཕ་རྒྱལ་བུ་རྒྱལ་ཚ་བོ་རྒྱལ། །ཚ་བོ་རྒྱལ་བས་དཔའ་མདུང་བཟུང་། །དཔའ་མདུང་མགུལ་ནས་དཔའ་དར་བཙུགས། །དཔའ་རྒྱལ་མགོ་ལ་སྟག་འཕྲུ་བཙུགས། །ཡང་རྒྱལ་རྒྱལ་ནས་འབྲུག་སླག་གོན། །རྒྱལ་བཅོ་བརྒྱད་འཛོམས་ནས་དགུང་དང་མཉམ། །དེ་བཟང་པོ་བསྡུས་པའི་རྩ་བ་ཡིན། །དེ་ནས་མདུད་པའི་དམིགས་བསལ་ལ། །མ་སང་ཐི་འུ་རང་སྨྲ་ལས། །ཡར་དིང་ཡར་ལ་དིང་མོ་གལ། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཉི་མ་ཉིན་གཅིག་ངན་པ་ཡོད། །བདེ་དལ་གཞི་ཡི་མོ་ལ་ངན། །མི་གྲངས་མར་ལ་འཁོར་ངོ་ཡོད། །བྲག་གི་ཀོང་ཙེ་དུན་དུན་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཡུལ་གསར་བཟུང་བའི་མོ་ལ་ངན། །ཁང་གསར་ཁང་རལ་རེད་ངོ་ཡིན། །ཙེ་ར་གནམ་ལྕགས་ཅི་བཏབ་བཟང་ན་ཡང་། །བུ་མོ་བག་མར་འགྲོ་ན་ངན། །ལུང་གསུམ་མདོ་རུ་མི་ནོར་བརླག །བག་བྱ་ཡུན་ཉི་མ་རང་ཤར་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །བག་མ་མགྲོན་ལ་འགྲོ་ན་ངན། །མུ་གེའི་ས་མཐའ་ལང་བ་ཡིན། །ཁྱུང་བརྒྱང་མཛོ་མོ་ཁལ་ཁུར་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །རྨང་པོ་གཅིག་གི་མོ་ལ་ངན། །རྨང་


MR16_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མི་རབ་ཆད་དོགས་ཡོད། །སྐྱམ་དཀར་ལི་ཡན་བྱ་བ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །མགྲོན་པོ་ནོར་ཚོལ་མོ་ལ་ངན། །ཕྱུག་པོས་སྤྲང་སྒྱེ་ཁུར་བ་ཡིན། །སྤོ་ཚེ་ཤིང་ལོ་དགུ་འགྱུར་ཏེ། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཁྲ་བོ་ཤིང་བཏུས་མོ་ལ་ངན། །ཁོལ་བོ་ཤིང་གིས་བསད་ངོ་ཡིན། །དམུ་དག་དྲང་ཤིང་དཀར་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཇག་པ་དགྲ་ལ་རྒྱུག་དུས་སུ། །ཅི་མི་ཐོབ་སྟོང་ལོག་འབྱུང་དོགས་ཡོད། །གལ་བར་ལ་སེ་དཀར་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །རྟ་རྒྱུག་བྱེད་པའི་མོ་ལ་ངན། །རྐང་པ་འདམ་ལ་འཐོག་ངོ་ཡིན། །སྐྱིན་དིང་གོར་མོ་ཕ་བོང་འདི། །ཅི་ལ་བཏབ་ཀྱང་འབྲིང་ཙམ་ལ། །མནའ་བསྐྱལ་བ་ཡི་མོ་ལ་ངན། །གནམ་རྡོ་འཁོར་ནས་དམུ་གབ་རེད། །སུམ་མཉམ་ལྕགས་ཀྱི་སྤྱང་མོ་འདི། །ཅི་ལ་བཏབ་ཀྱང་འབྲིང་ཙམ་ལ། །ལུག་རྫི་འཇོག་པའི་མོ་ལ་ངན། །ལུག་ཁྱུ་སྤྱང་ཀིས་བསད་ངོ་ཡིན། །བྱ་བུར་དུང་གི་ཟླ་བ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །དགེ་བཤེས་གསར་པའི་མོ་ལ་ངན། །བཀའ་ལོག་ཁྲམ་པ་བྱེད་ངོ་ཡིན། །བྱ་ཡུན་གསེར་གྱི་ཉི་མ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཉིན་གཅིག་དགྲ་ལ་ཕམ་ངོ་ཡིན། །རང་སྙན་ལྷ་ཡི་བུ་མོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཤོད་མ་གཅིག་གི་མོ་ལ་ངན། །སད་ཀྱི་པ་ཙ་ལ་ངམ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །འབྲོག་པ་ཡུལ་དུ་འདུག་ན་ངན། །ལོ་ཐོག་སད་ཀྱི་ཁྱེར་ངོ་ཡིན། །དཀར་ཐོག་ལྷ་ཡི་གཡུང་དྲུང་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །བུ་མོ་ཁྱིམ་དུ་འདུག་ན་ངན། །ནལ་ཕྲུག་གོ་ཁ་འཁོར་ངོ་ཡིན། །དིང་དིང་ཁ་ལེ་དྲལ་དཀར་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཁང་གསར་བརྩིགས་པའི་མོ་ལ་ངན། །ཁང་པ་ཚར་ནས་


MR16_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྡིབ་ངོ་ཡིན། །སྐྱམ་གྱི་ནག་ཆུང་ཟལ་ཟལ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཡུག་སའི་མགོ་བདག་བྱིད་ན་ངན། །རུ་སོད་ཁ་ལེ་དཀར་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །འབྲོང་རྒོད་གཤོལ་བའི་མོ་ལ་ངན། །གཡག་གིས་མི་རྟ་བསད་ངོ་ཡིན། །སྐྱེར་དཀར་ཀུ་ཡེ་བྱིལ་ཚང་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཆུ་ལ་གྲུ་གཟིངས་འཛུག་ན་ངན། །དིང་དིང་ཕོ་ལྷ་བྱ་ཤིང་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །རི་ཁའི་ཕྱི་གྲུམ་བརྐོ་ན་ངན། །ཁུང་བུ་རྡིབ་ནས་རྔོན་པ་ཤི། །གཏམ་སྙན་ཨ་ཁད་རྩེ་མ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །འཁོར་གཡོག་ཕོ་མོ་ཉོ་ན་ངན། །འབངས་ཀྱིས་རྗེ་བོ་བསད་ངོ་ཡིན། །ཧྲང་ཟེ་ཁ་ལང་ཆེན་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཆུ་སྐོར་བཞག་པའི་མོ་ལ་ངན། །ཆུ་སྐོར་གྲི་མཁར་རེད་ངོ་ཡིན། །བྱ་རལ་རིན་ཆེན་བྱ་བ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །སྐུ་མཁར་བརྩིགས་པའི་མོ་ལ་ངན། །སྐུ་མཁར་ཚར་ནས་བདག་པོ་འཆི། །རྐང་སྤར་ལྡི་བུར་བྱ་བ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །བག་མ་ཁྱིམ་དུ་འགྲོ་ན་ངན། །མི་ཁས་ཁམས་གསུམ་གང་ངོ་ཡིན། །གཞི་མ་དིང་དིང་སྔོན་མོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཀླུ་ནད་ཅན་གྱི་མོ་ལ་ངན། །ཡུན་རིང་མཛེ་ཡི་ན་དོགས་ཡོད། །ཝ་ཚོ་ཕོ་ལྷ་སུམ་བརྩེགས་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཡུལ་ས་དྲོ་འཇམ་མོ་ལ་ངན། །དཔའ་མཁར་ཁྱི་ཤི་བོན་པོ་གསུམ། །མདུད་པ་འདི་ལ་ཚང་བ་ཡིན། །མི་གཅིག་མི་ཤི་ཁ་མེད་ཡིན། །དགྲ་གཅིག་མི་སོད་ཁ་མེད་ཡིན། །བུ་གཅིག་མི་སྐྱེ་ཁ་མེད་ཡིན། །སྟོན་པ་སད་རྔ་གྱེར་རྒྱུངས་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །རྔོན་པ་གཅིག་གི་མོ་ལ་ངན། །རྔོན་པ་གྲི་ཁར་ཤི་དོགས་ཡོད། །བྱོད་


MR16_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་གཡའ་སྤང་སྐྱེས་གཅིག་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཡ་མ་ནད་པའི་མོ་ལ་ངན། །ཡ་མ་ནད་པ་ཤི་དོགས་ཡོད། །ཨ་ཁད་རྒྱ་སྟག་དམར་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ཡུལ་པ་འབྲོག་ལ་འགྲོ་ན་ངན། །སྤང་ལ་མེ་ཆེན་འཆོར་ངོ་ཡིན། །ཧྲང་ཟེ་གཡུ་འབྲུག་སྔོན་མོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །མགར་བ་གཅིག་གི་མོ་ལ་ངན། །མགར་རྒྱུད་ཆད་པའི་བླ་རྟགས་ཡིན། །ཀྱེ་བ་རང་ཤག་དཀར་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །མ་རབ་གཅིག་གི་མོ་ལ་ངན། །མི་ཐེག་ཁུ་རུ་ཁུར་ངོ་ཡིན། །དམུ་དབལ་ཟེ་ཟེ་ཆེན་པོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །གཤེན་པོ་མ་སྨད་བདུར་ན་ངན། །གཤེན་པོ་ལྷ་དང་ཕྱེ་ངོ་ཡིན། །ད་རོག་གཡུ་མཚོ་ཕྱག་མོ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །དབུལ་པོ་རྐུན་མའི་མོ་ལ་ངན། །བག་ཚོ་སྤྲིན་གྱི་བླ་མདུད་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །ནོར་མེད་ནོར་ཚོལ་འགྲོ་ན་ངན། །དོན་མེད་སྡུག་བསྔལ་ཆེ་ངོ་ཡིན། །སད་དཀར་སྣམ་བུ་ཚོལ་ཚེ་འདི། །ཅི་ལ་བཏབ་ཀྱང་བཟང་བ་ལ། །རྒད་པོ་ནད་པའི་མོ་ལ་ངན། །ཤིད་ཟན་མར་ཁུ་འཐུང་ངོ་ཡིན། །སྐྱེར་འདི་ཅི་བཏབ་བཟང་བ་ལ། །འབྲི་མོ་འཚོར་བའི་མོ་ལ་ངན། །ཀྱེ་བ་ཅི་བཏབ་བཟང་ན་ཡང་། །དར་མའི་མོ་ལ་ངན་པ་སྟེ། །ཐ་མ་དམེ་ལག་འདྲེས་ངོ་ཡིན། །སྐྱམ་ཆུང་བུམ་པ་གསེར་མིག་འདི། །ཅི་ལ་བཏབ་ཀྱང་བཟང་ན་ཡང་། །ཆུ་ལ་ཉ་གཤོར་འགྲོ་ན་ངན། །ཉ་པ་ཆུ་ཡིས་ཁྱེར་བ་ཡིན། །གཞན་ཡང་མདུད་པ་བཟང་ན་ཡང་། །དམིགས་བསལ་ངན་པ་ཅི་རིགས་པ། །མདུད་རྫོང་སྐབས་སོགས་ཅི་རིགས་གསལ། །ཕ་རོལ་དགྲ་ཡི་བླ་མདུད་ནི། །དར་བ་དེ་རིགས་བབས་པ་ན། །དེ་འཇོམས་པའི་དུས་སུ་མི་དགེ་ཡིན། །དེ་ལ་དེ་ཡི་གཤེད་མ་དགོས། །མོ་ངན་ཀྱང་བཟང་


MR16_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམིགས་བསལ་ནི། །བྱ་རལ་ཅི་བཏབ་ངན་ན་ཡང་། །ནད་པ་གཅིག་གི་མོ་ལ་བཟང་། །ནད་པ་དུར་ལོག་བྱེད་པ་ཡིན། །སོ་ཡོན་ཅི་བཏབ་ངན་ན་ཡང་། །འཁོར་གཡོག་ཕོ་མོ་ཉོ་ན་བཟང་། །འཁོར་བ་རྗེ་བོར་ཆུད་ངོ་ཡིན། །སྐྱེར་ནག་ཅི་བཏབ་ངན་ན་ཡང་། །ད་བུ་གཅིག་གི་མོ་ལ་བཟང་། །ད་བུ་སྐྱེ་འཕེལ་ཆེ་ངོ་ཡིན། །བག་ལྡི་ཅི་བཏབ་ངན་ན་ཡང་། །བྲན་མོས་བག་མ་བྱེད་ན་བཟང་། །བྲན་མོས་རྗེ་ས་འཕྲོག་པ་ཡིན། །སེ་སྟོད་ཅི་བཏབ་ངན་ན་ཡང་། །དགྲ་ལ་ཐུང་ཤ་འགྱེད་ན་བཟང་། །དགྲ་ཡི་མི་ནོར་ཚང་བརླག་ཡིན། །ཕུང་ཁད་ཅི་བཏབ་ངན་ན་ཡང་། །རྨུན་མ་གཅིག་གི་མོ་ལ་བཟང་། །བུ་གཅིག་མི་སྐྱེ་ཁ་མེད་ཡིན། །མ་ཟེ་ཅི་བཏབ་ངན་ན་ཡང་། །མནན་པ་བྱེད་པའི་མོ་ལ་བཟང་། །ཀླུ་གཉན་འཁྲུགས་ནས་དགྲ་བོ་བརླག །ལི་ཡན་ཅི་བཏབ་ངན་ན་ཡང་། །རྟ་རྒྱུག་བྱེད་པའི་མོ་ལ་བཟང་། །སྐྱམ་འདི་ཅི་བཏབ་ངན་ན་ཡང་། །གཉེན་ཕྱ་མོ་བཙུན་སྐམ་པར་བཟང་། །དེ་སོགས་ལས་ཀྱི་གནས་སྐབས་ལ། །མོ་མདུད་ངན་ཀྱང་བཟང་པོ་ཡོད། །ཡང་གཡུང་དྲུང་བཟང་ཡང་བཟང་ཆེ་བས། །ཕལ་ལ་མི་ཁྱགས་ཁུ་རུ་ཡིན། །གཡུང་དྲུང་ཡུལ་གྱི་མི་ཆེན་འདྲ། །ནམ་ཡིན་འབབ་པར་དཀའ་བ་ཡིན། །གཡུང་དྲུང་ཁྱགས་པའི་མི་ལ་གཉིས། །ཡ་རབ་མི་དང་བན་བོན་ཡིན། །བྲག་ནག་ས་འཁྱག་རྦབ་རྒོད་ཡིན། །གཏིང་ཆེན་མ་ལོག་མི་འབབ་བོ། །བྲག་ནག་ཁྱགས་པའི་མི་ལ་གཉིས། །རྫུ་འཕྲུལ་ཅན་དང་འཁྲུག་པ་ཅན། །སངས་རིགས་སྦྲང་བུ་མཆུ་རྣོན་ཡིན། །གཟེན་ཤ་ཚང་མེད་པར་མི་འབབ་བོ། །སངས་རིགས་ཁྱགས་པའི་མི་ལ་གཉིས། །ནད་ཆེན་དང་ནི་རྒྱུག་ཆེན་ལངས། །ཡང་ཏྲོང་རིགས་ཐང་མིག་གྲི་འཛིན་ཡིན། །གཤིན་རྗེའི་ཕོ་ཉ་ཡིན་པས་ན། །སྤྱི་ལ་


MR16_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ངན་ན་ཡང་། །གཤིན་རྗེའི་སྲོག་མཐུ་བྱེད་ན་བཟང་། །སོ་ཡོན་དམེ་ཅན་མགར་བ་དང་། །སེ་སྟོད་ནལ་མ་དམེ་ཕོ་ལ། །མི་སྐྱོན་རང་རང་བླ་མདུད་ཡིན། །ད་ནི་གནས་ཀྱི་སྡེ་ཚན་ལ། །སྤྱི་དང་བྱེ་བྲག་དམིགས་བསལ་གསུམ། །དང་པོ་བཅུ་གསུམ་གནས་དག་གི། སྤྱི་དཔྱད་གོང་དུ་བཤད་ཟིན་ལ། །བ་ཡི་གལ་བྱང་བསྟན་པ་ན། །བཅུ་གསུམ་པ་ཡི་མགོ་བོ་ལ། །མདུན་གྱིས་ཕོག་དང་མ་ཕོག་བལྟ། །བཅུ་གཉིས་རྭ་རྩེ་གཡོན་པ་ལ། །དགྲ་ལ་གོང་བ་ཨེ་ཤོར་བརྟག །བཅུ་གཅིག་ར་ཅོ་གཡས་པ་ལ། །ཕ་མྱེས་བསགས་པ་ཅི་འདྲ་བལྟ། །བཅུ་བ་ཡི་རྣ་བ་གཡས་པ་ལ། །བུ་ཚ་བོའི་ཕ་མཚེར་ཨེ་ཟིན་ལྟ། །དགུ་ནི་བ་ཡི་སྒང་ཡིན་པས། །རྨང་བདུད་ཡོད་མེད་དེ་ལ་བལྟ། །བརྒྱད་བ་ཡི་མིག་ཡིན་འཕེལ་ཁ་བལྟ། །བདུན་གཞོག་གཡས་ཕོ་རིགས་འཕེལ་ཁ་བལྟ། །དྲུག་གཞོག་གཡོན་མོ་ཡི་འཕེལ་ཁ་བལྟ། །ལྔ་སྤོ་ལ་བྱེ་བྲལ་ཡོད་མེད་བལྟ། །བཞི་ནུ་མ་ཕྱུག་དབུལ་ཅི་འོང་བལྟ། །གསུམ་བ་ཁོག་སྣུམ་དང་མི་སྣུམ་བལྟ། །གཉིས་སྲིད་ཁ་སྲིད་ཀྱི་སྔ་ཕྱི་བལྟ། །གཅིག་རྔ་མར་དུར་སོང་མ་སོང་བལྟ། །དེ་སྲིད་པའི་བ་དཀར་གྱེན་རྩིས་ཡིན། །གལ་ཏེ་རྩེ་མོ་ལད་པ་ན། །མགོ་མཇུག་བཟློག་སྟེ་བ་ནག་དཔྱད། །གཉིས་ཀར་ངན་ན་ཤིན་ཏུ་ངན། །རྩེ་མོ་བཟང་ན་མགོ་མཇུག་བཟློག་མི་རུང་། །དཀོར་ཕྱ་ཕལ་ཆེར་བ་ལྟར་དཔྱད། །ད་ནི་སྦལ་པའི་གལ་བྱང་བཤད། །མགོ་བོ་བཞི་ལ་མཇུག་མ་བཅུ། །གཞོག་གཡས་གཅིག་ལ་གཡོན་པ་བདུན། །ལག་གཡས་ལྔ་ལ་གཡོན་པ་བརྒྱད། །རྐང་གཡས་གཉིས་ལ་གཡོན་བཅུ་གཅིག །གསུམ་དང་དྲུག་ནི་ཁོག་པ་ཡིན། །དགུ་དང་བཅུ་གཉིས་དགྲ་གཤེད་ས། །བཅུ་གསུམ་སྦལ་བའི་འབྲོས་རི་ཡིན། །གལ་ཏེ་བཅུ་གསུམ་ལད་པ་ན། །སྦལ་པ་ན་འཆི་དུར་ཞུགས་ཡིན། །


MR16_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི་གནས་མལ་དག་ལ་ནི། །ལྷོ་མེ་ཁམས་རྒྱལ་པོ་སྤར་ཁ་ལི། །རྟ་སྦྲུལ་ལོ་པའི་ལོ་ཁྱིམ་དེ། །སྨེ་བ་དགུ་དམར་གནས་དེ་ལ། །བླ་དེ་མེ་ཡི་དངས་མ་ཡིན། །ལྷ་དེ་ཤིང་གི་དངས་མ་ཡིན། །དཔལ་དེ་ལྕགས་ཀྱི་དངས་མ་ཡིན། །བདུད་དེ་ས་ཡི་སྙིགས་མ་ཡིན། །དགྲ་དེ་ཆུ་ཡི་སྙིགས་མ་ཡིན། །དེ་བཞིན་ཕྱོགས་མཚམས་ཀུན་ལ་སྦྱར། །སྤར་སྨེ་ལོ་སྐོར་གནས་ལུགས་དང་། །འབྱུང་བ་མ་བུ་དགྲ་གྲོགས་བརྩི། །རྒྱས་པར་སྦལ་པའི་སྐོར་རྩིས་སུ། །སྔར་ཇི་སྐད་བསྟན་པ་བཞིན་དུ་དཔྱད། །བཞི་རྟ་སྦྲུལ་ལོ་པའི་ལོ་ཁྱིམ་དང་། །ཡོས་ལོ་པ་ཡི་ལོ་མལ་ཡིན། །མཚམས་བཞི་ལོ་མལ་ལོ་ཁྱིམ་གཅིག །གཞན་བརྒྱད་ཐ་དད་དག་ཏུ་གནས། །སོ་སོའི་ལོ་ཁྱིམ་སྲོག་གི་གནས། །ལོ་མལ་ལུས་ཀྱི་གནས་མལ་དང་། །གླེས་རི་དབང་ཐང་གནས་མལ་དང་། །རླུང་རྟའི་ཁམས་གང་ཡིན་པ་ཡི། །ཕྱོགས་བཞིའི་གནས་མལ་དག་དང་བཞིར། །བླ་དང་འཕྲད་ན་ཚེ་རིང་ཞིང་། །ལྷ་དང་འཕྲད་ན་དར་བ་ཡིན། །དཔལ་དང་འཕྲད་ན་གྲོག་གི་ངོ་། །བདུད་དང་དགྲ་ལ་གུད་པ་ཡིན། །སྲོག་གིས་ཚེ་དང་ལུས་ཀྱིས་ནད། །དབང་ཐང་ནོར་དང་ང་རྟ་ཡིས། །བྱ་བ་ལམ་འགྲོས་མི་ཁ་བརྟག །གཞི་ཕྱྭ་སྦལ་པ་གཙོ་ཆེར་དཔྱད། །ད་ནི་ཁྱུང་གི་གལ་བྱང་བཤད། །བཅུ་གསུམ་ཁྱུང་གི་རྭ་ཅོ་གཡས་པ་ལ། །རང་ཚན་དར་དང་མི་དར་དཔྱད། །བཅུ་གཉིས་རྭ་ཅོ་གཡོན་པ་ལ། །དགྲ་བོ་ལང་དང་མ་ལང་བརྩི། །བཅུ་གཅིག་ཁྱུང་གི་མཆུ་རྩེ་ལ། །ཁྱུང་མཆུ་དགྲ་ལ་ཨི་ཐེབ་བལྟ། །བཅུ་འདི་ཁྱུང་གི་གྲེ་བ་ལ། །ཟས་ནོར་སྲབ་འཐུག་ཅི་བྱེད་བལྟ། །དགུ་འདི་བྱ་ཁྱུང་ལྟག་པ་ལ། །དགྲ་ལམ་གཉེན་ལམ་ཅི་བྱེད་ཡོད། །བརྒྱད་འདི་བྱ་ཁྱུང་དཔྲལ་བའི་མིག །སྐྱོན་ཡོན་གང་མཐོང་དེ་ལ་དཔྱད། །བདུན་འདི་བྱ་ཁྱུང་ཁོག་པའི་སྙིང་། །སྙིང་བདེ་


MR16_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་བདེ་དེ་ལ་དཔྱད། །དྲུག་བྱ་ཁྱུང་གཤོག་པ་གཡས་པ་ལ། །ནོར་དང་སྲིད་པའི་སྲབ་འཐུག་བལྟ། །ལྔ་ཁྱུང་གི་གཤོག་པ་གཡོན་པ་ལ། །ཇག་པ་རྐུན་མ་ཨེ་ཡོད་བལྟ། །བཞི་པ་ཁྱུང་གི་གསུས་པ་ལ། །བུད་མེད་སྲིད་ཁ་སྲ་སྙི་ཡོད། །གསུམ་བྱ་ཁྱུང་རྐང་པ་གཡས་པ་ལ། །རང་མཚོན་དགྲ་ལ་ཨེ་འཆོར་བལྟ། །གཉིས་པ་རྐང་པ་གཡོན་པ་ལ། །རྐུན་མ་དགྲ་བཙོན་ཨི་ཟིན་བལྟ། །གཅིག་འདི་བྱ་ཁྱུང་མཇུག་སྒྲོ་ལ། །བྱ་བ་གང་ཡང་ལེགས་ཉེས་བལྟ། །གཡས་ཕྱོགས་ཐམས་ཅད་རང་ས་ཡིན། །གཡོན་ཕྱོགས་ཐམས་ཅད་དགྲ་ས་ཡིན། །གཡས་མཐོ་སར་ཁས་དྲག་བཟང་སྡེ་དགོས། །གཡོན་མཐོ་སར་ཁས་དམན་ངན་སྡེ་དགོས། །དབུས་ལ་དངས་མ་བརྒྱག་བཟང་དགོས། །རྐང་གཡས་གདོས་མེད་མགྱོགས་སྡེ་དགོས། །རྐང་གཡོན་གདོས་ཐེག་ངན་པ་དགོས། །དགྲ་ཕྱ་ཕལ་ཆེར་ཁྱུང་ལྟར་དཔྱད། །བྱེ་བྲག་སོ་སོའི་སྡེར་དཔྱད་ལ། །ཡེ་ངམ་མཁར་བརྒྱད་དཔྱད་པ་ན། །གཅིག་དེ་སྨོན་པའི་བུ་མཁར་ཡིན། །གཉིས་དེ་ངམ་གྱི་བུ་མཁར་ཡིན། །གླེས་རིགས་གང་མཐོ་གསུམ་ལ་དཔྱད། །གཅིག་གསུམ་དར་ཞིང་གཉིས་གུད་ན། །སྨོན་པའི་བུ་མཁར་དར་བ་ཡིན། །ལྡོག་ན་ངམ་གྱི་བུ་མཁར་དར། །སྨོན་མཁར་དར་ན་ཆུང་རྒྱུད་བཟང་། །དེ་བཞིན་བཞི་ལྔ་དྲུག་གསུམ་ལ། །འབྲིང་རྒྱུད་སྨོན་པའི་བུ་མཁར་བརྟག །བརྒྱད་དགུ་བཅུ་ལ་ཆེ་རྒྱུད་དང་། །བཅུ་གཅིག་བཅུ་གཉིས་བཅུ་གསུམ་ལ། །སྨོན་པའི་གཙོ་མཁར་སྤྱི་རུ་བརྟག །ཕྱོགས་བཞིའི་གནས་སུ་དཔྱད་པ་ན། །གཅིག་འདི་ཤར་གྱི་གཞི་ས་ལ། །གཉིས་འདི་ཤར་གྱི་ལམ་སོ་ཡིན། །གསུམ་འདི་ཤར་གྱི་གྲོགས་ས་ཡིན། །དེ་བཞིན་ལྷག་མ་གསུམ་པོ་ཡང་། །ལྷོ་དང་ནུབ་དང་བྱང་གི་ཡིན། །ཉིན་སྲིབ་གཉིས་སུ་དབྱེ་བ་ན། །ཕྱོགས་བཞིའི་རང་


MR16_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཉིན་ཡིན་ལ། །དགྲ་ས་སྲིབ་ལ་གླེས་རི་མཚམས། །བདུན་པ་དབུས་ཀྱི་རི་རབ་སྟེ། །ཕྱོགས་ཀྱི་རྙེད་ཚོལ་དོན་གཉེར་དང་། །བོར་སྟོར་ལ་སོགས་མང་ཞིག་ལ། །འདི་མན་ངག་གནད་ཀྱི་གལ་བྱང་ཡིན། །མ་བདག་གི་མན་ངག་འདི་རུ་བྲིས། །གཅིག་དང་བདུན་དང་བཅུ་གསུམ་གསུམ། །མོ་སྨད་དང་བར་དང་སྟོད་ཀྱི་ནི། །གཙོ་བོ་སྡེ་གསུམ་བྱ་བ་ཡིན། །གཅིག་དང་བཞི་དང་བདུན་དང་ནི། །བཅུ་གསུམ་ཁ་འཛིན་རྣམ་བཞི་ཟེར། །རི་རབ་༧ལད་ན་རྒྱ་མཚོས་༤སྲུང་། །རྩེ་འཛིན་༡༣ལད་ན་གཞི་༡འཛིན་སྲུང་། །དེ་དག་ཕན་ཚུན་སྲུང་རིས་དང་། །གཅིག་གི་གཅིག་ལ་སྐྱོབ་དགོས་སོ། །གནས་ཀྱི་དགྲ་གཤེད་བསྟན་པ་ལ། །གཅིག་དགྲ་གཉིས་ལ་བཞི་དགྲ་ལྔ། །བརྒྱད་དགྲ་དགུ་ལ་བཅུ་གཅིག་གི། །དགྲ་ནི་བཅུ་གཉིས་ཡིན་པར་གསུངས། །གཉིས་གཤེད་གསུམ་ལ་ལྔ་གཤེད་དྲུག །དགུ་གཤེད་བཅུ་ལ་བཅུ་གཉིས་ཀྱི། །གཤེད་ནི་བཅུ་གསུམ་དག་ཡིན་ནོ། །གནས་ཀྱི་དགྲ་གཤེད་ཐུབ་ཐང་དེར། །བབས་ལུགས་དེ་ལྟར་དཔྱད་པ་གཅེས། །དགྲ་བླའི་གནས་མལ་རྣམ་གསུམ་ནི། །བཅུ་གཅིག་གནས་མལ་ཆེ་བ་དམག་དཔོན་ས། །བརྒྱད་གནས་མལ་འབྲིང་པོ་དམག་དཔོན་ས། །བདུན་གནས་མལ་ཆུང་བ་འོག་རྟའི་ས། །ཡང་ན་བཅུ་གཅིག་གནས་མལ་ཆེ་བ་དགྲ་བླའི་ས། །བརྒྱད་འབྲིང་པོ་སྐྱེས་བུ་འཁོར་གསུམ་ཅན་གྱི་ས། །བདུན་ཆུང་བ་འོག་རྟ་སྒ་སྲབ་ཅན་གྱི་ས། །འདི་གསུམ་གནས་མལ་ཡང་དག་ཡིན། །ལུགས་གཞན་དགྲ་བླའི་གནས་མལ་རྣམས་གསུམ་ནི། །གཅིག་འདི་དགྲ་བླའི་སྲོག་གི་རྟེན། །བརྒྱད་འདི་དགྲ་བླའི་གོ་ཚང་བྲག །བཅུ་གཅིག་དགྲ་བླའི་བང་མཛོད་དམ། །ཡང་ན་དགྲ་བླའི་གནས་མལ་ཡང་དག་ཟེར། །མོ་ཡི་སྒོ་བཞི་བཤད་པ་ན། །གཅིག་འདི་ཤར་སྒོ་ཐུད་ཀྱི་རི། །བཞི་འདི་ལྷོ་སྒོ་ནས་ཀྱི་མཛོད། །བརྒྱད་འདི་ནུབ་སྒོ་མར་ཁུའི་མཚོ། །བཅུ་གཅིག་བྱང་སྒོ་ནོར་གྱི་ར་བ་ཡིན། །མོ་ཡི་མཛོད་ལྔ་བཤད་པ་ནི། །གཅིག་འདི་ས་བདག་བང་མཛོད་ཡིན། །བཞི་འདི་ཀླུ་ཡི་བང་


MR16_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཡིན། །བརྒྱད་འདི་གཉེན་གྱི་བང་མཛོད་ཡིན། །བཅུ་གཅིག་སྟོང་ཀྱི་བང་མཛོད་ཡིན། །བཅུ་གསུམ་ནོར་ཕྱུགས་བང་མཛོད་ཡིན། །གཅིག་བཞི་བདུན་ཅུ་རིམ་པ་བཞིན། །ས་བདག་ཀླུ་མཚུན་གཉན་གྱི་ཀ་བ་ཡིན། །ཡང་གཅིག་བཞི་བརྒྱད་དང་བཅུ་གཅིག་ཕྱོགས། །དྲུག་བདུན་བཅུ་དང་བཅུ་གསུམ་མཚམས། །ཤར་ལ་སོགས་པར་རིམ་བཞིན་བཤད། །མོ་ཡི་གནས་མལ་རྣམ་བཞི་ནི། །གཅིག་ཤར་ཕྱོགས་རླུང་གི་སེར་བའི་ས། །བཞི་ལྷོ་ཕྱོགས་ཆུ་ཡི་བ་གླང་ས། །བརྒྱད་ནུབ་ཕྱོགས་ཤིང་གི་རྨ་བྱའི་ས། །བཅུ་གཅིག་བྱང་ཕྱོགས་རྡོ་རྟ་གྲོ་མོའི་ས། །མོ་ཡི་འཛིན་གཉིས་བཤད་པ་ནི། །གཅིག་གཞི་འཛིན་བཅུ་གསུམ་རྩེ་འཛིན་ཡིན། །ཁམས་བརྒྱད་དག་ཏུ་དཔྱད་པ་ན། །གཅིག་ནི་ཡོད་ཁམས་གཉིས་མེད་ཁམས། །ལྔ་ནི་དགྲ་ཁམས་བདུན་ཟུན་ཁམས། །བརྒྱད་ནི་ལྷ་ཁམས་དགུ་འདྲེ་ཁམས། །བཅུ་གསོན་ཁམས་བཅུ་གཉིས་གཤིན་ཁམས་ཡིན། །ཡང་བཅུ་གཅིག་དོན་ཁམས་ཡིན་པ་དང་། །བཅུ་གསུམ་ལྷ་ཁམས་སྤྱི་ཁྱབ་ཡིན། །ཡང་བཅུ་གཉིས་མདའ་ལ་བཅུ་གསུམ་ཕུག །ཡང་བ་སྦལ་ཁྱུང་གསུམ་བཤད་པ་ན། །ཆང་ངབ་དང་ནི་གསུམ་སྦལ་པ། །བཞི་དྲུག་བཅུ་ནི་བ་ཡིན་ལ། །བཅུ་གཅིག་བཅུ་གསུམ་ཁྱུང་ཡིན་ནོ། །གཉིས་ནི་ས་སྒོ་བཅུ་གནམ་སྒོ། །ཡང་གནས་མལ་ཀུན་གྱི་དབང་ཆེན་གཉིས། །ཆང་ངབ་དང་ནི་བཅུ་གསུམ་ཡིན། །སྡེ་གསུམ་བྱས་ན་སྙིང་མིག་སྲོག་གསུམ་ཡིན། །རང་ས་ཡུལ་བཞི་བྱས་པ་ན། །གསུམ་སྟེང་བདུན་པ་བསྣན་པ་ཡིན། །དེ་བཞིར་ཕོ་ས་ཞེས་ཀྱང་བྱ། །བ་ཁོག་གསུམ་མོ་ས་ཁྱིམ་ནོར་ས། །གཞི་འཛིན་རྩེ་འཛིན་ཀུན་ལ་དགོས། །ཕྱི་ས་ཡུལ་བཞི་སྤྱི་ཁྱབ་ཡིན། །སྟོད་ཀྱི་ཁྱུང་ཚང་སྤུན་གསུམ་དེ། །བཅུ་དང་བཅུ་གཅིག་བཅུ་གསུམ་ཡིན། །བར་གྱི་རྒོད་ཚང་སྤུན་གསུམ་དེ། །དྲུག་དང་བདུན་དང་བརྒྱད་རྣམས་ཡིན། །སྨད་ཀྱི་ཉ་ཚང་སྤུན་གསུམ་དེ། །གཅིག་དང་གསུམ་དང་བཞི་ལ་ཟེར། །ཆེ་རྒྱུད་འབྲིང་རྒྱུད་


MR16_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་རྒྱུད་དང་། །སྟོད་བར་སྨད་ཀྱི་ས་རིམ་བཞིན། །གཞན་ཡང་ལུས་ཁམས་གནས་དཔྱད་སོགས། །གནས་སྐབས་སོ་སོར་ཤེས་པར་བྱ། །གསུམ་པ་དམིགས་ཀྱིས་བསལ་བ་ལ། །སྲིའུ་མ་དང་རབས་ཆད་ནག །ཐག་རིང་བྱེས་སུ་སོང་བ་ལ། །ལྔ་ནི་རང་སར་བརྩི་བ་ཡིན། །བོན་པོ་དང་ནི་མོ་མ་དང་། །ཤིད་བྱེད་པ་དང་གཏོ་བྱེད་དང་། །རབས་ཆད་དཀར་པོའི་དུར་མོ་ལ། །དགུ་ནི་རང་སར་བརྩི་བ་ཡིན། །གཞན་ཡང་ཕྱོགས་བཞིའི་ཟམ་སོ་ནས། །གཏམ་འདྲི་སྙན་ལམ་བརྟག་པ་དང་། །རང་སར་གྲོགས་ལེན་བྱུང་བ་ན། །ཕྱི་ས་གྲོག་གི་རྒྱུ་ལམ་དུ། །དཔྱད་དང་འདུན་མ་བསྒྲིག་པ་དང་། །ཕྱི་སར་རང་ཕྱོགས་ལོ་ཡོད་དང་། །ཕྱོགས་གཞན་བྱེས་སུ་སོང་ཟིན་དང་། །གཉིས་བྲན་ལྔ་ནི་བུ་སྲིང་མག་པའི་ས། །བཅུ་གཉིས་ཤག་པོའི་ས་ལ་སོགས། །ཕྱི་ས་དག་ཀྱང་བཟང་དགོས་པའི། །སྐབས་ཀྱང་ཅི་རིགས་ཡོད་པ་དང་། །དགྲ་ཡི་ངན་པ་འདུལ་དོན་དུ། །རང་སར་དེ་ཡི་གཤེད་མདུང་བབས། །མི་སྐྱོན་རང་གི་ལྷ་ཡིན་སོགས། །དམིགས་ཀྱིས་བསལ་ཏེ་ཤེས་པར་བྱ། །གསུམ་པ་གནས་ཀྱི་བབས་ལུགས་ཀུན། །ཕན་ཚུན་སྦྱར་ཏེ་དཔྱད་པ་ལ། །བབས་ལན་དཔྱད་དང་བརྟུད་པ་དང་། །འགྲིག་ལ་དཔྱད་པ་རྣམ་པ་གསུམ། །དང་པོར་སྤྱི་དང་བྱེ་བྲག་སྤྱི་ཁོག་གསུམ། །དང་པོ་ལན་ལ་རྣམ་པ་གཉིས། །ཁ་ལན་དཔྱད་པ་འདི་ལྟ་སྟེ། །གཅིག་ལན་གཉིས་དང་གཉིས་ལན་གསུམ། །གསུམ་ལན་བཞི་སོགས་བཅུ་གསུམ་བར། །དེ་དང་འདྲ་བར་བརྩི་བ་ཡིན། །ཁ་ལན་ཁ་ཡི་འགྲམ་ལྕགས་འདྲ། །དེ་མ་ཐག་ཏུ་བཟང་ངན་ཡིན། །རྒྱང་ལན་ལ་སྤྱི་དང་བྱེ་བྲག་གཉིས། །གཉིས་དང་བཅུ་རུ་བརྩི་བ་འདི། །གནམ་ས་གཉིས་ཀྱི་རྒྱང་འདུས་ཡིན། །ཡང་ན་ཕུ་མདོའི་རྒྱང་


MR16_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཡིན། །གཅིག་དང་བཅུ་གཅིག་བརྩི་བ་འདི། །རྩ་རྩེ་གཉིས་ཀྱི་རྒྱང་འདུས་ཡིན། །གཅིག་དང་བཅུ་གསུམ་བརྩི་བ་འདི། །གཞི་འཛིན་རྩེ་འཛིན་རྒྱང་འདུས་ཡིན། །ཡང་ན་གཞི་བྱེས་རྒྱང་འདུས་ཡིན། །གསུམ་དང་བཅུ་གསུམ་བརྩི་བ་འདི། །ཆེ་གསུམ་ཆུང་གསུམ་རྒྱང་ལན་ཡིན། །གསུམ་དང་དྲུག་ཏུ་བརྩི་བ་འདི། །སྒྱེད་པུ་ཁྱིམ་སྤྱད་རྒྱང་ལན་ཡིན། །བདུན་དང་བརྒྱད་དུ་བརྩི་བ་འདི། །ལྷ་མི་གཉིས་ཀྱི་རྒྱང་འདུས་ཡིན། །བཞི་དང་བརྒྱད་དུ་བརྩི་བ་འདི། །གཡང་རྩ་གློ་རྩའི་རྒྱང་འདུས་ཡིན། །ལྔ་དང་བདུན་དུ་བརྩི་བ་དེ། །གཡའ་སྤང་གཉིས་ཀྱི་རྒྱང་འདུས་ཡིན། །ཡང་ན་ཉིན་སྲིབ་རྒྱང་འདུས་ཡིན། །སྙིང་མིག་སྲོག་གསུམ་བརྩི་བ་དེ། །རང་ས་ལྷ་ཁང་རྒྱང་འདུས་ཟེར། །རང་ས་ཡུལ་བཞི་རྩི་བ་དེ། །རང་ས་གྲོག་ལམ་རྒྱང་འདུས་ཡིན། །ཕྱི་ས་ཡུལ་བཞི་བརྩི་བ་དེ། །ཕྱི་ས་དགྲ་ལན་རྒྱང་འདུས་ཟེར། །བ་ཁོག་རྣམ་གསུམ་འཕེན་ལེན་དེ། །ཁྱིམ་ས་བ་ཁོག་རྒྱང་འདུས་ཡིན། །ཡང་ན་སྣོད་སྤྱད་རྒྱང་འདུས་ཟེར། །ཕྱི་བཞི་ནང་བཞི་བརྩི་བ་དེ། །ཕྱི་ནང་གཉིས་ཀྱི་རྒྱང་འདུས་ཡིན། །མདོར་ན་གཅིག་ལན་བཅུ་གཅིག་དང་། །གཉིས་ལན་བཅུ་ལ་སོགས་པ་ཡི། །སྔ་མའི་ལན་དུ་ཕྱི་མ་ཡིན། །ཕན་ཚུན་གོ་སྡུར་དཔྱད་པ་ནི། །སྙིང་མིག་སྲོག་གསུམ་བཟང་ངན་སོགས། །ཕན་ཚུན་སྤྲགས་ཏེ་སྤྱིར་དཔྱད་ཡིན། །ཡང་གཅིག་ལན་བརྒྱད་དང་བཅུ་གཅིག་ཡིན། །གཉིས་ལན་ལྔ་ལ་ལྔ་ལན་དགུ། །གསུམ་ལན་དྲུག་ལ་དྲུག་ལན་བཅུ། །བཞི་ལན་བརྒྱད་ལ་བརྒྱད་ལན་བཅུ་གསུམ་སྟེ། །འདི་རྣམས་རང་ས་ཕན་ཚུན་དང་། །དགྲ་ས་ཕན་ཚུན་ཞན་ན་བཟང་། །བཟང་ངན་ཕྱེད་མ་འབྲིང་ཡིན་ལ། །སྔ་ཕྱི་གཉིས་ལས་ཕྱི་མ་གཙོ། །དཔེར་ན་གཉིས་ལས་ལྔ་གཙོ་ཞིང་། །གསུམ་ལས་དྲུག་གཙོ་སོགས་ཀྱིས་འགྲེས། །


MR16_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལེན་ཕལ་ཆེར་མགྲོན་ལ་བརྩི། །རྒྱང་ལེན་ལ་ཁའི་སོ་བ་ཡིན། །ལར་ཁ་ལན་ཐམས་ཅད་ད་ལོ་ཡིན། །འཕྲལ་རྐྱེན་གློ་བུར་འབྱུང་ཡང་ཐང་། །ཁྱིམ་མཚེས་ངན་ན་སང་ཕོད་ཡིན། །སང་ཕོད་བར་དུ་གཅིག་བཞག་ཡིན། །བསུས་མ་ངན་ན་རྗེས་ཕོད་ཡིན། །རྗེས་ཕོད་བར་དུ་རྗེས་བཞག་ཡིན། །རྩེ་མོ་ལང་ན་གཏོ་མེད་ཡིན། །དེ་ལྟར་ལན་དུ་གྱུར་བའི་གནས། །དེར་ནི་བབས་པའི་མདུད་པ་ནི། །སྤྱིར་བཏང་སྐྱམ་ལེན་སྐྱེར་ལྟ་བུ། །བཟང་ཞིང་སྐྱེར་ལན་སྐྱམ་ལྟ་བུ། །མདུད་ཆད་རིགས་ཡིན་ངན་པས་ན། །མོ་བཟང་ཡང་སོ་སོའི་ངན་པ་ཡོད། །ཁམས་ཀྱི་ཁྱད་པར་ལ་བརྟེན་ནས། །བྱོད་ཕུར་ལན་དུ་སུམ་མཉམ་ན། །དུང་གི་ལུ་གུ་ལྕགས་སྤྱང་གིས། །ཟིན་པ་ལྟ་བུ་ངན་བཤད་ཡོད། །མདུད་ངན་རང་སར་བབས་པ་ལའང་། །དེའི་མདུད་ཆད་བབས་ན་བཟང་བཤད་དང་། །བབས་ལན་བཤད་པ་ངན་པ་ཡང་། །གནས་སྐབས་ལས་ལ་ལྟོས་ན་ནི། །བཟང་བའང་ཡོད་དེ་བྱོད་ཕུར་ལན། །གལ་བར་བྱེས་ཆུང་འཇོལ་ལ་ཤི། །སྤྱིར་ངན་ཡང་འཇོལ་བཙུགས་བཟང་བ་ལྟའི། །དམིགས་བསལ་རིག་པས་ཤེས་པར་བྱ། །ཐུབ་ཐང་གྱོད་ཐར་བཤད་པ་ནི། །རུ་སོད་དེ་ལྡི་བུར་སྐྱམ་གྱིས་ཐུབ། །མ་ཟེ་ཨ་ཁད་སྤོ་ཚེས་ཐུབ། །ན་འབན་དིང་དིང་དག་གིས་ཐུབ། །ཧྲང་ཟེར་སྤོ་ཡི་མགོ་ཡོད་པས། །སྤོ་ཡི་ངན་སྙིགས་ཐུབ་པ་ཡིན། །ཕུར་བུ་གཉིས་ཡོད་ལྡི་བུར་ངན་རིགས་ཐུབ། །སྐྱམ་ཡོད་པས་སྐྱམ་གྱི་ངན་རིགས་ཐུབ། །དེ་ཡི་རིགས་འགྲེས་ཀུན་ལ་དཔྱད། །གཞན་ཡང་གོང་བཤད་ཁ་འཛིན་དང་། །རྫིའུ་ལ་སོགས་བཞིན་དུ་ཤེས། །སེ་སྟོད་ལན་དུ་བྱོད་ཕུར་དང་། །བྱ་ཡུན་བབས་ན་གྱོད་ཐར་ཡིན། །བྱ་རལ་ལན་དུ་ཨ་ཁད་དང་། །གལ་བར་བབས་ན་གྱོད་ཐར་ཡིན། །སོ་ཡོན་ལན་དུ་སྐྱིན་དིང་དང་། །ལི་ཡན་ལན་དུ་བྱ་བུར་


MR16_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གྱོད་ཐར་ཡིན་སོགས་ཀུན་ལ་འགྲེ། །སྤྱིར་སྙིགས་མའི་ལན་དུ་དངས་མ་ན། །རང་སྲོག་རང་གིས་བཏོན་པ་ཡིན། །དངས་ལེན་སྙིགས་མ་དེ་ལས་ལྡོག །གཡས་འདོགས་ལན་དུ་གཡོན་འདོགས་ན། །ལག་ཏུ་ཡོད་པ་ཕྱི་ལ་ཤོད། །གོ་ལོག་བཤད་པ་བཟློག་སྟེ་སྦྱར། །བུ་བརྒྱག་ལན་དུ་མ་བརྒྱག་ན། །ཁབ་ཙམ་རྙེད་ན་ཕུབ་ཙམ་བོར། །མ་བརྒྱག་ལན་དུ་བུ་བརྒྱག་ན། །དཔྱིད་ཀྱི་རི་བོང་ལག་པ་དེ། །སྟོན་གྱི་ཤ་ཕོའི་རྐང་པར་སོང་། །བརྒྱག་མེད་ལན་དུ་བརྒྱག་ཡོད་བཟང་། །དེ་ཡང་མོ་མདུད་གཅིག་པ་ཡི། །རིགས་ལ་ཁྱད་པར་བརྟག་བྱ་སྟེ། །དཔེར་ན་དིང་དིང་བརྒྱག་མེད་ལན། །བརྒྱག་བཟང་བབས་པ་ལྟ་བུ་དང་། །དིང་དིང་བརྒྱག་བཟང་བབས་པའམ། །ཡང་ན་དིང་དིང་གཙང་མའི་ལན། །སྒོ་བརྒྱག་རང་སྲོག་རང་བཅད་སོགས། །བཟང་ངན་ཁྱད་པར་ཆེ་བ་ཡིན། །དེ་སོགས་ས་བོན་ཙམ་ཞིག་སྟེ། །རྒྱས་པར་རིག་པས་སྤྲོ་ཤེས་བྱ། །གཉིས་པ་བྱེ་བྲག་དམིགས་བསལ་ལ། །བྱེ་བྲག་སོ་སོའི་བབས་ལན་ནི། །མདུད་རྫོང་སྡེ་ཚན་མཐའ་རུ་བཤད། །དམིགས་བསལ་འགའ་ཞིག་བཤད་པ་ལས། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་གཅིག་གིས་གཅིག་བསྐྱེད་པ། །ཀྱེ་བས་ཝ་ཚོ་དང་ནི་བྱ་ཡུན་སྐྱེད། །ཙེ་ར་ཡིས་ནི་སྐྱེར་བསྐྱེད་དེ། །སད་ཀྱི་མུ་ས་དང་ནི་སྐྱ་ཡུན་བསྐྱེད། །ལྡི་བུར་གྱིས་ནི་བག་བྱ་བསྐྱེད། །སྐྱིན་དིང་གིས་ནི་བྱོད་བུར་བསྐྱེད། །ཧྲང་ཟེ་ཡིས་ནི་ཚོལ་ཚེ་བསྐྱེད། །ཝ་ཚོས་བྱ་ཡུན་ཏྲོང་བསྐྱེད་དེ། །ཨ་ཁད་ཀྱིས་ནི་སེ་སྟོད་བསྐྱེད། །མུ་སས་བྱ་ཡུན་བྱ་རལ་བསྐྱེད། །བག་བྱས་སྐྱིན་དིང་བསྐྱེད་པ་དེ། །སོ་སྟོད་ཀྱིས་ནི་སོ་ཡོན་བསྐྱེད། །བྱ་བུར་གྱིས་ནི་དིང་དིང་བསྐྱེད། །བྱོད་ཕུར་གྱིས་ནི་ཨ་ཁད་བསྐྱེད། །སྐྱེར་འུན་གྱིས་ནི་ཧྲང་ཟེ་བསྐྱེད། །སྤོ་ཚེ་ཡིས་ནི་ད་རོག་


MR16_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །རུ་སོད་ཀྱིས་ནི་དམུ་དབལ་བསྐྱེད། །ཚོལ་ཚེ་ཡིས་ནི་བྱ་རལ་བསྐྱེད། །ཏྲོང་གིས་སྤོ་བར་བསྐྱེད་པ་དང་། །གསེར་བྱས་རུ་སོད་རིགས་རྣམས་བསྐྱེད། །སེ་སྟོད་ཀྱིས་ནི་རུ་སོད་དང་། །སོ་ཡོན་སྤོ་བར་གསུམ་ཀ་བསྐྱེད། །སྤོ་བར་གྱིས་སྐྱམ་མ་ཟེ་བསྐྱེད། །སོ་ཡོན་གྱིས་ནག་ཆུང་ཟལ་ཟལ་བསྐྱེད། །དིང་དིང་གིས་ནི་བྱ་བུར་སྐྱེད། །སྐྱམ་གྱིས་ལྡི་བུར་བསྐྱེད་པ་དེ། །དམུ་དབལ་གྱིས་ནི་ཝ་ཚོ་བསྐྱེད། །ད་རོག་གིས་ནི་ཀྱེ་བ་བསྐྱེད། །སྐྱམ་མ་ཟེས་ཡར་དིང་བསྐྱེད་པར་བཤད། །བཟང་པོ་བསྐྱེད་ན་གོང་འཕེལ་ཡིན། །ངན་པ་བསྐྱེད་ན་སྟོབས་ཆེ་ངན། །ལར་རིགས་མཐུན་ཕན་ཚུན་གཅིག་བསྐྱེད་པ། །སོ་ཡོན་སྤོ་བར་གྱོད་པ་རྒན་རྒོན་བཞིན། །ཟས་དང་ཟ་ཕོ་ཕྲད་པ་ནི། །བྱ་རལ་དང་ནི་ཚོལ་ཚེ་བཞིན། །མདུད་པའི་ངོ་བོས་བསྐྱེད་པ་ནི། །ཧྲང་ཟེལ་སྐྱམ་གྱི་མདུད་ཡོད་པས། །སྐྱམ་ངན་པ་བཟང་པོར་གྱུར་པ་བཞིན། །དེ་སོགས་སྣ་ཚོགས་ཚུལ་ལས་ནི། །གཅིག་གིས་གཅིག་བསྐྱེད་ཤེས་པར་བྱ། །འབྱུང་བ་མ་ཡིས་བུ་བསྐྱེད་དོ། །གཅིག་གིས་གཅིག་ཐུབ་ཟ་གཟན་ནི། །བྱོད་ཕུར་གྱིས་ནི་བྱ་རལ་ཟ། །སྐྱམ་དང་ཚོལ་ཚེས་ཕུང་བྱལ་ཟ། །ཧྲང་ཟེ་ཁ་གདངས་འདི་ཡིས་ནི། །དིང་དིང་སྤོ་ཚེ་ཙེ་ར་དང་། །ལྡི་བུར་བྱོད་ཕུར་མིན་པ་ཟ། །ལྡི་བུར་གྱིས་སྐྱམ་དང་རུ་སོད་དང་། །བྱ་རལ་དང་ཕུང་བར་བྱ་རལ་ཟ། །བྱ་ཡུན་གྱིས་ནི་རུ་སོད་ཟ། །སྤོ་བར་གྱིས་ནི་ཚོལ་ཚེ་ཟ། །བྱོད་ཕུར་ལྡི་བུར་གཉིས་ཀྱིས་སྤྱིན་དིང་ཟ། །དེ་ཡང་མདུད་པའི་དགྲ་གཤེད་དང་། །ཐུབ་ཐང་སོགས་བཞིན་བརྟག་བྱ་ཞིང་། །འབྱུང་བ་དགྲ་ཡིས་གྲོགས་ལ་ཟ། །མོ་ལྕི་གསུམ་ཡང་གིས་བཀྱག་པ་དེ། །ཕ་བོང་རླུང་གིས་བཀྱག་པ་འདྲ། །སྐྱེར་དང་སྐྱིན་དིང་གལ་བར་གསུམ། །དེ་གསུམ་ལན་གྱི་ལི་ཡན་ཡིན། །ཆེ་གསུམ་ཆུ་ངལ་


MR16_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་དེ། །རི་རབ་གད་ལ་བརྟེན་པ་འདྲ། །ཀྱེ་བ་ད་རོག་དམུ་དབལ་གསུམ། །དེ་ཡི་ལན་དུ་བྱོད་ཕུར་ཡིན། །སྲ་གསུམ་སྙི་ཡིས་བཅད་པ་དེ། །ཤིང་སྡོང་སོག་ལས་བཅད་པ་འདྲ། །ཙེ་ར་ཡར་ལྡིང་ཝ་ཚོ་གསུམ། །དེ་ཡི་ལན་དུ་ཚོལ་ཚེ་ཡིན། །སྤོམ་གསུམ་ཕྲ་བུས་བཀུག་པ་དེ། །གཞུ་མེ་རྒྱུད་ཀྱིས་བཀུག་པ་འདྲ། །དེ་སངས་རིགས་ལན་གྱི་དམུ་དག་ཡིན། །དཔའ་གསུམ་སྡར་མས་དེད་པ་དེ། །སྟག་མོ་ཝ་སྐྱས་དེད་པ་འདྲ། །ལྡི་བུར་ཧྲང་ཟེ་བྱ་བུར་གསུམ། །དེ་ཡི་ལན་དུ་ཝ་སྐྱམ་ཡིན། །དེ་རྣམས་བཀྱག་པའི་ལན་ཞེས་བྱ། །བྲག་གི་ལན་གྱི་སངས་རིགས་དེ། །ཤ་བཙོན་དོང་ནས་ཐར་བ་འདྲ། །མ་བརྒྱག་ལན་དུ་བུ་བརྒྱག་དེ། །འདམ་ལ་མེ་ཏོག་སྐྱེས་པ་འདྲ། །སྙིགས་མའི་ལན་གྱི་དངས་མ་དེ། །མཚོ་ལ་དངུལ་དར་ཆགས་པ་འདྲ། །འཐོར་ངན་ལན་གྱི་བཏགས་བཟང་དེ། །ཁྱི་རྒོད་སྡོང་ལ་བསྐོར་བ་འདྲ། །དེ་རྣམས་འཐེན་པའི་ལན་ཞེས་བྱ། །བུ་བརྒྱག་ལན་གྱི་མ་བརྒྱག་དེ། །མར་མེ་ཁྲག་གིས་བསད་པ་འདྲ། །གཡས་བརྒྱག་ལན་གྱི་གཡོན་བརྒྱག་དེ། །དཔའ་བོ་གོ་དང་བྲལ་བ་འདྲ། །དབུས་བརྒྱག་ལན་གྱི་སྒོ་བརྒྱག་དེ། །ཁོག་པའི་ནང་གི་དུག་རུ་འདྲ། །འབྲེལ་ཁམས་ལན་གྱི་འཐོར་ཁམས་དེ། །གངས་དཀར་ཆར་བས་བཤིག་པ་འདྲ། །དེ་རྣམས་བཤིག་པའི་ལན་ཞེས་བྱ། །དོགས་པ་ཉི་ཤུ་རྩ་ལྔ་ནི། །ཀྱེ་བ་མི་གྲངས་བསྐྱེད་ཤིང་ལ། །ངན་ཁུར་སྤྲེལ་གྲུམ་འཛེགས་དོགས་ཡོད། །ལན་དུ་ཕུང་བར་ཨ་ཁད་ཡིན། །གྲི་ཡས་བོང་ལ་དགྲ་བླ་གསོལ། །ད་རོག་ཕྱུགས་ཀྱི་གསེར་རྩི་ལ། །གོད་ཁའི་སྟར་སོ་ཡར་དོགས་ཡོད། །ལན་དུ་སེ་སྟོད་བབས་ན་ཡིན། །སྟོང་ཡས་བོར་ལ་གོད་བྲུབ་བྱེད། །དམུ་དབལ་གཤེན་གྱི་ཁ་འཛིན་ལ། །སྒོ་དོང་གསུམ་གྱིས་བསྐོར་དོགས་ཡོད། །ལན་དུ་ལི་ཡན་བབས་ན་ཡིན། །


MR16_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་བ་ལྷ་གསོལ་ཡར་བསང་བྱ། །དིང་དིང་སྨོན་པའི་བུ་རྒྱུད་དེ། །ངམ་རྗེའི་བུ་ཚས་ཕུང་དོགས་ཡོད། །ལན་དུ་སོ་ཡོན་བབས་ན་ཡིན། །བཟློག་པ་བྱ་ཞིང་ཚ་ཚ་གདབ། །ཨ་ཁད་རྒྱ་སྟག་དམར་པོ་ལ། །ས་མདའ་སྐྱ་མོས་ཕོག་དོགས་ཡོད། །ལན་དུ་སྐ་བྲག་བྱ་རལ་ཡིན། །མི་ཁ་བྲུབ་མནན་ཇི་འགྲུབ་བྱ། །ཚོལ་ཚེ་ཕྱེ་མར་སྡེར་གང་དེ། །ངམ་རླུང་འཚུབ་མས་གཏོར་དོགས་ཡོད། །ལན་དུ་ལི་ཡན་བབས་ན་ཡིན། །ལ་བཙས་བསྟོད་ཅིང་འགོང་བཀར་བྱ། །ཁྱུང་བརྒྱང་མཛོ་མོ་ཁལ་ཁུར་དེ། །ཡ་བརྒྱད་གོང་ཚྭས་བསད་དོགས་ཡོད། །ལན་དུ་ཨ་ཁད་བབས་ན་ཡིན། །སུར་མཛོའི་སྙིང་དུ་སོལ་རོག་བཅུག །ཐང་ཕྲོམ་ཡ་བརྒྱད་བཀལ་ལ་བོར། །ཀླུ་བཅོས་གཏོ་ནག་ཞི་བ་བྱ། །ཡར་ལྡིང་མི་གྲངས་བསྐྱེད་ཤིང་ལ། །གནམ་ལྕགས་སྟྭ་རེ་ཕོག་དོགས་ཡོད། །ལན་དུ་ཕུང་བར་བྱ་རལ་ཡིན། །སྲུང་བཟློག་བྱ་ཞིང་སྐྱེ་ཞིང་བཙུག །ཝ་ཚོ་ཕོ་ལྷའི་དར་མདུང་ལ། །སྲིན་མདུང་ནག་པོ་རེད་དོགས་ཡོད། །ལན་དུ་གལ་བར་སེ་སྟོད་ཡིན། །སུར་བུའི་མི་ནག་བཅུ་གསུམ་ལ། །རེ་བའི་བ་དན་བཟུང་དུ་བཅུག །མདའ་མདུང་ཆག་པོ་དགུ་དང་སྦྲགས་ལ་བོར། །ཡར་ལ་དར་མདུང་ལ་བཙས་བསྟོད། །གྲུ་བརྒྱག་ནོར་བུ་རིན་ཆེན་ལ། །རྩ་ནག་བྱུར་གྱིས་ཕོག་དོགས་ཡོད། །ལན་དུ་སྒོ་བརྒྱག་བྱུང་ན་ཡིན། །བྱུར་བཀར་རྩ་དཀར་གཡང་སྐྱབས་བྱ། །དམུ་དག་བྲ་བའི་སྣ་ཐག་ལ། །ངམ་གླང་རུ་ཡུག་ཕོག་དོགས་ཡོད། །ལན་དུ་རུ་སོད་སྒོ་བརྒྱག་ཡིན། །གཡག་རུར་རྡོ་ནག་ལོ་གྲངས་བླུག །ཤིང་ནག་གླང་ལ་ངར་མི་བསྐྱོན་ལ་བོར། །མཆོད་རྟེན་བརྩིགས་སམ་སྐུ་དཀར་གསོལ། །གལ་བར་དུང་གི་གླང་པོ་ལ། །བདུད་གླང་རོབ་པོས་བརྡུང་དོགས་ཡོད། །ལན་དུ་དམུ་བྲག་བྱ་རལ་ཡིན། །བདུད་ཀྱི་ཁྲམ་ཁ་སྟོང་


MR16_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་བྱ། །བྱ་ཡུན་བུ་མོ་གནས་བདམ་དེ། །ཁྱུ་གེ་ཨ་འདྲེས་བསླུ་དོགས་ཡོད། །ལན་དུ་ཕུང་བར་ཨ་ཁད་ཡིན། །ལྷ་ངོ་བསྟོད་ལ་ཤུག་མགོན་བརྡན། །སྲང་ཟེ་གཡུ་འབྲུག་སྔོན་པོ་ལ། །ཟེ་བ་མེ་ཡིས་ཚིག་དོགས་ཡོད། །ལན་དུ་བག་ལྡི་རུ་སོད་ཡིན། །རྒྱས་པ་བཏང་ལ་གནམ་སྒོ་བཅད། །རྐང་སྤར་གངས་སེང་དཀར་མོ་དེ། །ཐོ་རེངས་བ་མོས་ཕོག་དོགས་ཡོད། །ལན་དུ་སྒོ་བརྒྱག་བབས་ན་ཡིན། །ལྷ་གསོལ་ཡུལ་ས་འདན་པར་བྱ། །ཙེ་ར་གནམ་ལྕགས་རལ་གྲི་དེ། །ཞ་ཉེས་སོ་སྐོར་རེད་དོགས་ཡོད། །ལན་དུ་ཐང་ལེ་སྣ་དམར་ཡིན། །ཤིང་གི་རལ་གྲི་ཞ་ཉེས་རྨོག །ཤ་མང་ཕུབ་དང་སྦྲགས་ལ་བོར། །བག་བྱ་བུར་དུང་གི་ཟླ་བ་དེ། །ཁྱབ་འཇུག་གཟའ་ཡིས་མིད་དོགས་ཡོད། །ལན་དུ་སོ་ཡོན་རྟིང་བཤལ་ཡིན། །གཟའ་ཀླུ་འཁྲུགས་པ་ཡོ་བཅོས་བྱ། །བག་བྱ་ཡུན་གསེར་གྱི་ཉི་མ་དེ། །ངམ་སྤྲིན་ནག་པོས་གཡོགས་དོགས་ཡོད། །ལན་དུ་ཐང་ལེ་བག་ལྡི་ཡིན། །གསས་མཁར་བསྟོད་ལ་གཏོར་སྐུ་བཙུག །བག་མུ་ས་ཤེལ་གྱི་སྐར་མ་དེ། །ངམ་རླུང་འཚུབ་མས་གཏོར་དོགས་ཡོད། །ལན་དུ་ལི་ཡན་རིགས་བབས་ཡིན། །ཉེའུ་འདོན་སྲོག་བསླུ་དཔལ་བླང་བྱ། །སྐྱིན་དིང་ཡོད་ཀྱི་སྒྲོན་མ་ལ། །མེད་རླུང་ནག་པོས་བསད་དོགས་ཡོད། །ལན་དུ་ཆུ་དོ་ལི་ཡན་ཡིན། །སྟོང་ཡས་བོར་ལ་གསེར་འོད་འདོན། །སུམ་མཉམ་ཤུལ་རིང་མགྲོན་པོ་དེ། །མི་རྒོད་ཆོམ་པོས་བཅོམ་དོག་ཡོད། །ལན་དུ་སྐྱམ་ཆད་སྐྱམ་རྒན་ཡིན། །དགྲ་བྲུབ་གཏོར་བཟློག་ཤུག་མགོན་བརྔན། །རེ་སེ་ཀླུ་རྒྱལ་དགའ་བོ་དེ། །དམེ་དང་བཙོག་གིས་མནོལ་དོགས་ཡོད། །ལན་དུ་བག་ལྡི་ཐང་ལེ་ཡིན། །བསང་སེལ་ཀླུ་བཅོས་རྣམ་འཇོམས་བྱ། །སྐྱེར་བྱ་དགྲ་བླའི་ལྕམ་མོ་དེ། །ངམ་འབར་ནག་པོས་བསླུ་དོགས་


MR16_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ལན་དུ་དམུ་ཆུ་སྐྱམ་ནག་གམ། །ཆུ་སྤར་སྐྱམ་ནག་བྱ་བ་ཡིན། །གླང་ལ་ཤིང་གི་མི་བསྐྱོན་ལ། །མགོ་ལ་རེ་བའི་བ་དན་བཙུགས་ལ་བོར། །ཡར་ལ་ཁ་དྲག་ཤུག་མགོན་བརྔན། །བྱོད་ཕུར་དུང་གི་ལུ་གུ་དེ། །ངམ་སྤྱང་ནག་པོས་བསད་དོགས་ཡོད། །ལན་དུ་སུམ་མཉམ་སྒོ་བརྒྱག་ཡིན། །ལམ་བསལ་ཟམ་འཛུག་ཚེ་ཐར་བཏང་། །དེ་དོགས་པ་ཉི་ཤུ་རྩ་ལྔ་ཡིན། །ཡང་རེ་བ་ཉེར་བདུན་བཤད་པ་ན། །ན་འབན་སེར་བ་རྟ་དེད་ལ། །ལུག་གི་བསྟར་ཐག་དཀྲི་དུ་རེ། །ལན་དུ་ན་འབན་ཏྲོང་ཆུང་ཡིན། །དགྲ་ལ་རྒྱུག་ན་ལུག་བསྟར་ཐོབ། །ཕྱི་མ་གཞན་ལ་བཟང་རྒྱུ་མེད། །མ་ཟེ་བཙན་གྱི་ཇག་པ་ལ། །གཤིན་གྱིས་ཕྱག་རྒྱས་བཅད་དུ་རེ། །ལན་དུ་སུམ་མཉམ་ཁྲ་ཆེན་ཡིན། །འདྲེ་བཏགས་གཡེན་དཀར་མོ་ལ་བཟང་། །སོ་ཡོན་མུན་པའི་གཏེར་ཁུང་དུ། །གསལ་བའི་སྒྲོན་མེ་བཏེགས་སུ་རེ། །ལན་དུ་བྱ་ཡུན་སྡེ་དྲུག་ཡིན། །ལྷག་པར་ནད་པའི་མོ་ལ་བཟང་། །སྐྱིན་དིང་ཕ་བོང་ཁྲབ་ཁྲེབ་དེ། །སྒོ་ཁར་གླེར་མོར་བཏང་དུ་རེ། །ལན་དུ་ཚོལ་ཚེ་བུ་བརྒྱག་ཡིན། །ཏྲོང་བྲག་བདུད་ཀྱི་སོག་ལེ་ལ། །སྨོན་པའི་རྟ་རྨིག་ཚུག་ཏུ་རེ། །ལན་དུ་སྤོ་བར་མདོང་བུ་ཡིན། །དམག་དང་ཇག་པའི་མོ་ལ་བཟང་། །ལི་ཡན་ཁང་སྟོང་སྐྱ་མོ་ལ། །སྲིད་ཀྱི་ཆུ་མིག་རྡོལ་དུ་རེ། །ལན་དུ་བག་གི་བྱ་བུར་ཡིན། །ལྷག་པར་སྲིད་སློང་མོ་ལ་བཟང་། །སྤོ་བར་མཁོན་གྱི་ལག་པ་ལ། །གསེར་གྱི་ཐ་རམ་སྦྱར་དུ་རེ། །ལན་དུ་སྐྱེར་དཀར་བུ་བརྒྱག་ཡིན། །ཐབ་ལྷ་གསོ་པའི་མོ་ལ་བཟང་། །སེ་སྟོད་ནལ་གྱི་གསུས་པ་ལ། །མི་དར་ཆུ་འབྲུབ་རྣམ་བཞི་རེ། །ལན་དུ་ད་རོག་བཟང་རིགས་ཡིན། །དམུ་ཡི་མི་དར་ཆུ་འབྲུབ་ཡིན། །མར་ལྡིང་ཤིང་ཕུང་རྩ་ལོག་ལ། །ཤིང་ཕྲན་ཡལ་ག་སྐྱེ་དུ་རེ། །ལན་དུ་དམུ་དག་གཡས་བརྒྱག་ཡིན། །རུ་སོད་


MR16_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ཇག་པ་ལ། །ལྷ་ཡི་དམག་གི་སྐྱབས་སུ་རེ། །ལན་དུ་ཝ་ཚོལ་ཡབ་སྲས་ཡིན། །སྒོ་བརྒྱག་སྲིན་གྱི་བློ་དོང་དེ། །ལྷ་ཡི་ཕྱག་རྒྱས་བཅད་དུ་རེ། །ལན་དུ་བུ་བརྒྱག་བཟང་སྡེ་ཡིན། །དབྱིས་ཁམས་མཐོང་དམིགས་གྲི་འཛིན་ལ། །གཤེན་གྱིས་གྲི་འཛིན་བཅིང་དུ་རེ། །ལན་དུ་བུ་བརྒྱག་བཟང་སྡེ་ཡིན། །བྱ་རལ་ཕུང་གི་རི་བོ་ལ། །ས་མདོའི་སྐུ་མཁར་ཚུགས་སུ་རེ། །ལན་དུ་གལ་བར་ཐོད་དཀར་ཡིན། །ཡུལ་བཟུང་མཁར་རྩིག་མོ་ལ་བཟང་། །བྲག་ངན་རིགས་བདུད་ཀྱི་རྐུན་མ་ལ། །ལྷ་ཡི་སོ་པས་མཐོང་དུ་རེ། །ལན་དུ་སངས་ཀྱི་བཟང་སྡེ་ཡིན། །ནེ་ཚ་ཁྲག་གི་མཚོ་མོ་ལ། །དྲོ་གསལ་ཉི་མ་ཤར་དུ་རེ། །ལན་དུ་བག་གི་བྱ་ཡུན་ཡིན། །ཕུང་ཁད་ཕུང་དྲིལ་ཅག་ཚང་ལ། །སྨོན་པའི་རྟ་དཀར་འབྱུང་དུ་རེ། །ལན་དུ་སྤོ་ཚེ་མདུང་བུ་ཡིན། །སྐྱམ་རྒན་ཁྱིམ་ཕུར་ར་ལོག་ལ། །ཚོང་བའི་བྲུང་མ་བརྩེགས་སུ་རེ། །ལན་དུ་སུམ་མཉམ་ཁྲ་ཆེན་ཡིན། །མཛོ་དང་ཚོང་བའི་མོ་ལ་བཟང་། །སུམ་སྐྱེར་རྩ་ནག་སྤུན་གསུམ་ལ། །རྩ་དཀར་སྐྱེ་འཕེལ་ཡོད་དུ་རེ། །ལན་དུ་ཡར་ལྡིང་བོང་མིག་ཡིན། །ཆུ་སྤར་རོ་བསྲེག་རྡོ་དམར་ལ། །ལྷ་ཡི་གཞལ་ཡས་ཁང་དུ་རེ། །ལན་དུ་དིང་དིང་དྲིལ་དཀར་ཡིན། །རོག་པ་རྟ་བདུད་སྤུན་གསུམ་ལ། །མུ་ཏིག་ཤེལ་དུ་རྒྱུག་ཏུ་རེ། །ལན་དུ་རེ་སེ་ཀྱུ་ནེ་ཡིན། །ལྷག་པར་རྟ་རྒྱུག་མོ་ལ་བཟང་། །ཕུང་བར་ཁྱི་ནག་ལྕགས་མགོ་ལ། །དུང་ཁྱི་སྨན་ཁྱིར་འགྱུར་དུ་རེ། །ལན་དུ་བྱ་རལ་རིན་ཆེན་ཡིན། །བག་ལྡི་ཐེའུ་རང་ར་ཞོན་ལ། །དགྲ་བླས་དྲན་ཆུས་སངས་སུ་རེ། །ལན་དུ་དངས་མ་གཡུ་སྒྲོན་ཡིན། །ཆུ་སྤར་སྐྱམ་འདྲེ་མོའི་མྱོས་ཆུ་ལ། །རྩ་དཀར་དྲན་ཆུ་རེད་དུ་རེ། །ལན་དུ་ལའུ་དཀར་སངས་ཡིན། །སྐྱམ་སེ་ཆུ་ཕོར་ཁྲག་རླངས་ལ། །ལྷ་ཡི་དྲན་ཆུ་རེད་དུ་རེ། །ལན་དུ་སྟོང་


MR16_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཕུད་དཀར་ཡིན། །ཆུ་དོ་ལི་ཡན་མེད་ཀྱི་རུ་མ་ལ། །ཡོད་ཀྱི་འབྲས་བུ་ཆགས་སུ་རེ། །ལན་དུ་ལྡི་བུར་གསེར་མགོ་ཡིན། །དམུ་ངམ་རུ་སོད་བྱ་བ་དེ། །སོལ་ཁྲ་ངམ་གྱི་བྱ་ནག་ལ། །ཕོ་ལྷ་བྱ་དཀར་འཛོམ་དུ་རེ། །ལན་དུ་རྐང་སྤར་གཡས་རུ་ཡིན། །རེ་བ་ཉི་ཤུ་རྩ་བདུན་ནོ། །ཡང་འཇིགས་མིག་ཉི་ཤུ་རྩ་གཅིག་ནི། །མགྱོགས་པའི་སྔོན་ན་ལག་དོང་འཇིགས། །བྱོད་ཕུར་ལན་གྱི་སོ་ཡོན་ཡིན། །དཔའ་བོའི་སྔོན་ན་ཆུ་ཆེན་འཇིགས། །གློག་དམར་ལན་གྱི་སྐྱམ་སྒོ་བརྒྱག །མཚོན་རྣོན་སྔོན་ལ་ཕ་བོང་འཇིགས། །ཤིང་རྩེའི་ལན་གྱི་སྐྱིན་དིང་ཡིན། །མཛོ་ཁྱུང་དཀར་སྔོན་ན་སྣ་རྡོ་འཇིགས། །ཁྱུང་བརྒྱང་ལན་གྱི་སྐྱེར་སྒོ་བརྒྱག །འབྲི་ཐུས་ལེའི་སྔོན་ན་དོམ་ནག་འཇིགས། །སྐྱེར་ལན་སུམ་མཉམ་གླག་མོ་ཡིན། །ར་མའི་སྔོན་ན་འཕར་བ་འཇིགས། །བག་ལྡིའི་ལན་དུ་སེ་སྟོད་ཡིན། །ལུག་གི་སྔོན་ན་རི་སྤྱང་འཇིགས། །ཚོལ་ཚེའི་ལན་དུ་སུམ་མཉམ་ཡིན། །རྟ་ཡི་སྔོན་ན་རྒྱ་སྟག་འཇིགས། །སྤོ་ཚེའི་ལན་དུ་ཨ་ཁད་ཡིན། །རྒྱ་སྟག་སྔོན་དུ་སྒང་ཐུང་འཇིགས། །ཨ་ཁད་ལན་དུ་སུམ་མཉམ་ཡིན། །རེ་འབྱམས་སྔོན་ན་གླ་རྩི་འཇིགས། །ཆེ་གསུམ་ཧོར་དྲུག་ལན་དུ་དཀར་ཐོག་ཡིན། །གླ་བ་རོག་པོའི་སྔོན་ན་འགུག་སྙི་འཇིགས། །དཀར་ཐོག་ལེན་དུ་ཧྲང་ཟེ་ཡིན། །རྟ་གྲོ་བོ་ཅན་ལ་རྐུན་ངོ་འཇིགས། །བྱོད་ཕུར་ལན་དུ་སྐྱེར་བྱ་ཡིན། །གཡག་རོག་པོ་ཅན་ལ་ཐོད་མདའ་འཇིགས། །རུ་སོད་ལན་དུ་བྱོད་ཕུར་ཡིན། །གླང་ཆེན་སྔོན་ན་བྱི་ཅི་འཇིགས། །གལ་བར་ལན་དུ་ཏྲོང་སྐྱ་ཡིན། །ལྷ་མགྲོན་སྔོན་ན་ཟས་དུག་འཇིགས། །བྱོད་ཕུར་ལན་དུ་ཏྲོང་སྦས་རྒན། །དོན་ལ་ཤ་རང་ཏྲོང་ཏྲིག་ཡིན། །སྨན་མཛངས་མའི་སྔོན་ན་མཛེ་རོ་འཇིགས། །དངས་མ་གཡུ་སྒྲོན་ལན་དུ་གླེས་སྨེ་ཡིན། །ཉིག་རུའི་སྔོན་ན་རི་སྤྱང་འཇིགས། །


MR16_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྱོད་ཕུར་ལན་དུ་སུམ་མཉམ་ཡིན། །སྒང་གི་ལན་དུ་པོ་ཐོ་འཇིགས། །དཀར་ཐོག་ལན་དུ་སྐྱེར་ཡིན་ནོ། །ཨ་བྲའི་སྔོན་ན་སྲེ་མང་འཇིགས། །བྱོད་ཕུར་ལན་དུ་སྐྱེར་ཡིན་ནོ། །གླང་ཆེན་སྔོན་ན་བུ་ཡུག་འཇིགས། །གལ་བར་ལན་དུ་ན་འབན་ཡིན། །བཙན་པོའི་སྟེང་ན་ཐོག་རྡོ་འཇིགས། །སུམ་མཉམ་ལན་དུ་སྐྱམ་སྔོན་ཡིན། །འཇིགས་མིག་ཉི་ཤུ་རྩ་གཅིག་འདི། །སྤྱིར་ལན་ལ་དེ་ཚོ་མི་ལྟོ་སྟེ། །རང་ས་ཕྱི་སའི་འཕེན་དཔྱད་ཡིན། །སྤྱི་སར་ཁས་དྲག་རྣམས་བབ་ན། །རང་སར་དེ་ཡི་ལན་རྣམས་སུ། །འཇིགས་མིག་བབས་ན་དགྲ་ལན་ཐེབས། །རང་སར་སྔོན་མ་རྣམས་བབས་ནས། །ཕྱི་སར་འཇིགས་མིག་རྣམས་བབས་ན། །དགྲ་ལ་དོགས་པ་ཆེན་པོ་དགོས། །ཁྱད་པར་སྔ་མ་སྔ་མ་རྣམས། །བཅུ་གཅིག་དང་ནི་འཇིགས་མིག་རྣམས། །བཅུ་གཉིས་སྟེང་དུ་བབས་པ་ལ། །ངོས་བཟུང་བཤད་པ་གཞུང་ན་སྣང་། །ཡང་ངན་པའི་མཐའ་མིག་བཤད་པ་ན། །བཅུ་པོ་མན་ཆད་གཡུང་དྲུང་དང་། །བཅུ་གཅིག་སྟེང་དུ་ཏྲོང་རིགས་ན། །གཡུང་དྲུང་རི་ཕྲན་འདྲ་བ་བརྒྱད་ཅུ་དེ། །མཐའ་མིག་གཅིག་ཏུ་ལྷུང་བ་ཡིན། །དགུང་སྔོན་དཀྱིལ་དུ་གཡུང་དྲུང་ཤི། །ཡ་རབ་ཁྲེལ་ཕོག་གདན་ས་ཤོར། །གཏོ་ལ་སེལ་དཀར་སེལ་ནག་བྱ། །དེ་བཞིན་བཅུ་པོ་མན་ཆད་དང་། །བཅུ་གསུམ་བབ་ལུགས་གཞིར་བཞག་ནས། །སད་ཆེན་ཏྲོང་གི་སུམ་མཉམ་ན། །སད་ཆེན་ཉི་མ་ཤར་འདྲ་རི་རབ་ཁ་ལ་ཤོར། །སངས་རིགས་མུ་ས་ཤོར་ཁུང་ན། །སངས་ཕྲན་ཟླ་བ་ཆས་འདྲ་གཟའ་ཡིས་ཟིན། །ལྡི་བུར་སྐྱམ་ངན་རྣོ་མཚོན་རྡོ་ཡིས་བརྡུང་། །སྤོ་ཚེ་ཏྲོང་གི་མ་ཟེ་ན། །སྤོ་ཚེ་ལོ་མ་དགུ་འགྱུར་སྲིན་བུས་ཟོས། །བྱ་ཡུན་དང་ནི་སོ་ཡོན་ན། །བྱ་ཡུན་བྱ་ཁྲ་མཆེད་བརྒྱད་སོལ་ཁྲས་བཅོམ། །ལི་ཡན་དང་ནི་སོ་སང་ན། །འཐོར་བྱེད་སྡེ་བརྒྱད་ངམ་གྱི་མུན་པས་ཁྱེར། །ཁྱུང་བརྒྱད་སྐྱེར་


MR16_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཐུར་ཟུང་ན། །ཁྱུང་བརྒྱད་སྡེ་བཞི་དུག་རི་ནགས་ལ་ཤི། །རུ་སོད་ལན་དུ་སྐྱེར་དང་ལི་ཡན་ན། །རུ་སོད་རུས་ངན་སྡེ་དྲུག་ཁྱི་ཤས་བརླག །ཧྲང་ཟེ་དང་ནི་བྱ་ཡུན་རོག་མོ་ན། །ཧྲང་ཟེ་སྡེ་བཞི་དག་པོའི་རྦབ་ཀྱིས་བསད། །རྐང་སྤར་གཡས་རུ་ཕུང་ཁད་ན། །དུང་སེང་ལྟག་ཚིགས་བུད་པ་ཡིན། །སྐྱམ་རིགས་མུ་ཙ་ལི་ཤག་ན། །སྐྱམ་ཆུ་འདྲ་ཉེར་ལྔ་ཐན་པས་བསྐམ། །སངས་རིགས་ལན་དུ་བྱ་རལ་ན། །སངས་སྦྲང་འདྲ་བརྒྱད་ཅུ་ཤ་ཡིས་དུག །སྤོ་སང་ཝ་ཚོ་ཐུར་ཟུང་ན། །སྤོ་སང་སྦྲང་འདྲ་བརྒྱད་ཅུ་རྦབ་ཀྱིས་བསད། །དཀར་རིགས་ལན་དུ་སྐྱེར་ནག་བྱ་རལ་ན། །དཀར་ལྷ་ངོ་ཁྱི་ཡིས་བརྫིས་པ་ཡིན། །དེ་སོགས་མདུད་པའི་མཐའ་མིག་རྣམས། །རྒྱས་པར་གཞན་དུ་ཤེས་པར་བྱ། །ཡང་བཟང་བའི་འབྲོས་རི་བཤད་པ་ན། །བཅུ་པོ་མན་ཆད་གཡུང་དྲུང་དང་། །བཅུ་གཅིག་ཀྱེ་བ་རིང་ཤག་ན། །དུང་རའི་ཁ་ལ་ཉི་མ་ཤར། །ཡ་རབ་གཅིག་གི་མོ་ལ་བཟང་། །ཁབ་ལུགས་དེ་བཞིན་སྦྱར་ནས་སུ། །སད་ཁམས་བྱ་ཡུན་དང་རྩེ་ན། །རི་རབ་ཁ་ལ་ཟླ་བ་ཚེས། །ལྡི་བུར་མུ་ས་ཡ་རི་ན། །དགུང་ལ་འཇའ་ཚོན་ཤར་བ་ཡིན། །རྣོ་མཚོན་ཉེར་ལྔ་རྣོ་གཡང་འཁོར། །སྤོ་ཚེ་རྔེ་རྒོད་འབར་མ་ན། །ཤིང་ཆེན་ལོ་འདབ་རྒྱས་པ་ཡིན། །བྱ་ཡུན་སྐྱེར་གྱི་བཟང་རིགས་ན། །བྱ་ཡུན་གསལ་བའི་སྒྲོན་དང་འཕྲད། །ལི་ཡན་ཚོལ་ཚེ་བུ་བརྒྱག་ན། །ལི་ཡན་གཡུ་བུན་གཡང་དང་འཕྲད། །རུ་སོད་ཝ་ཚོ་དཔའ་མདུང་ན། །གངས་ལ་གཡུ་བུན་ཆགས་པ་ཡིན། །སྐྱམ་དང་ཙེ་ར་ཝང་ཐོགས་ན། །སྐྱམ་རིགས་ལྷ་ཁང་གནས་དང་འཕྲད། །སུམ་མཉམ་མུ་ས་དངུལ་ཆབ་ན། །བྱ་རྒྱལ་རྒོད་པོ་གནས་དང་འཕྲད། །སྤོ་སང་མུ་ས་ཡ་རི་ན། །སྤོ་སང་སྦྲང་བུ་གནས་དང་འཕྲད། །ཁྱུང་བརྒྱད་ཀྱེ་བ་སད་དེ་ན། །ཁྱུང་ཆེན་གནས་དང་འཕྲད་པ་ཡིན། །བྱ་རལ་ཚོལ་ཚེ་ལུག་གུ་ན། །བྱ་རལ་ཚེ་ལོ་གནས་དང་འཕྲད། །ཏྲོང་རིགས་སྤོ་ཚེ་མདོང་བུ་ན། །ཏྲོང་རིགས་གཡུ་བྲག་གནས་དང་འཕྲད། །དེ་སོགས་ཐུན་མིན་ཁ་འཛིན་གྱི། །


MR16_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་དམིགས་བསལ་ཤེས་པ་གལ། །ཞིབ་པར་མན་ངག་ཡིག་སྣར་གསལ། །དེ་དག་མཚོན་པ་ཙམ་དུ་སྟེ། །ལན་གྱི་དམིགས་བསལ་སྣ་ཚོགས་ནི། །ཤེས་བྱའི་ཁམས་བཞིན་མཐའ་མེད་ལ། །སྐབས་སུ་བབས་པའི་དོན་དག་ལ། །ལྟོས་ནས་བཟང་ངན་དམིགས་བསལ་ཀྱང་། །རང་གི་རིག་པས་ཤེས་བྱ་ཞིང་། །ཐམས་ཅད་འབྲི་བར་མི་ལངས་པས། །མོ་གཞུང་གཞན་ལའང་བལྟ་བར་བྱོས། །བྱེ་བྲག་གནས་སུ་དབྱེ་བ་ལ། །ཆང་ངབ་བཅུ་གཅིག་དཔྱད་པ་ལ། །གཅིག་གི་དིང་དིང་བཅུ་གཅིག་དམུ་དག་ན། །རྒྱ་མཚོའི་ནང་དུ་ལྕུག་ཕྲན་འཁྲུངས། །གཅིག་གི་དིང་དིང་བཅུ་གཅིག་ཡར་དིང་ན། །མཁར་ལ་དཔའ་མདུང་ཚུགས་པ་སོགས། །ཕལ་ཆེར་ལན་དཔྱད་སྤྱི་དང་འདྲ། །དེ་བཞིན་ཆང་ངབ་བྱེད་ཕུར་ལ། །མཐོང་བ་ཉེར་གཅིག་བཤད་པ་སོགས། །དོན་དུ་ལན་དཔྱད་འདྲ་བ་ཡིན། །དེ་ཕྱིར་གཅིག་དང་བཅུ་གཅིག་གི། བབས་ལུགས་དཔྱད་པ་ཆེས་མང་པོ། །སྤྱིར་བཏང་ལེན་དཔྱད་ཁོག་ལྟར་དཔྱད། །ལན་དཔྱད་ཀུན་གྱི་ནང་ནས་ནི། །གཅིག་དང་བཅུ་གཅིག་གཙོ་ཆེ་བས། །ཁྱད་པར་དུ་ནི་བཤད་པ་ཡིན། །ལྷག་པར་གཞི་ཕྱའི་སྐབས་སུ་གཅེས། །ངན་པ་འདྲ་གཉིས་ཀུན་ལ་ངན། །ལི་ཡན་བློ་སྟོང་སྤོ་བར་གྱོད། །བྱ་རལ་བྱེ་བྲལ་སོགས་ཀྱི་འགྲེ། །བཟང་པོ་འདྲ་གཉིས་འགྲིགས་པ་ན། །རྩེ་འཛིན་དག་ལས་བཟང་ངན་དཔྱད། །གཅིག་དང་བཅུ་གཅིག་བབས་ལན་ལས། །བདུད་ཆེན་གནམ་བབས་དཔྱད་པ་ནི། །གཅིག་ལ་རུ་སོད་ཁ་ལེ་དང་། །བཅུ་གཅིག་སོལ་ཁྲ་རུ་སོད་ན། །སྤུ་རུ་རོག་པོའི་ཁོང་རྡུབ་གྱིས། །བྲེ་སྔོན་འབྲོང་གི་ལྟག་ཚིགས་ཕུད། །ཕུ་བོ་འབྲོང་རྒོད་འདྲ་བ་ཤི། །ནུ་བོ་སྤུ་རུ་འདྲ་བ་ལུས། །དེ་བཞིན་གཅིག་དང་བཅུ་གཅིག་ལ། །བྱ་ཡུན་སྐ་བྲག་རུ་སོད་ན། །ཁྭ་ཏས་བྱ་རྒོད་དང་རུ་བཅག །


MR16_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་བོ་བྱ་རྒོད་འདྲ་བ་ཤི། །ནུ་བོ་ཁྭ་ཏ་འདྲ་བ་ལུས། །བྱོད་ཕུར་དང་ནི་སྐྱམ་བབས་ན། །ཝ་སྐྱས་གངས་སེང་ལྟག་ཚིགས་ཕུད། །ཕུ་ཤི་ནུ་ལུས་ཀུན་ལ་འགྲེས་སུ་སྦྱོར། །རྐང་སྤར་གཡས་བརྒྱག་ནག་ཐོག་སེ་སྟོད་ན། །གླང་འོན་ནག་པོའི་ལ་གཡབ་ཀྱིས། །ཤ་རྒོད་བརྒྱད་པའི་ལྟག་ཚིགས་ཕུད། །དིང་དིང་དང་ནི་བྱ་རལ་ན། །ནེ་ལེས་གཡུ་འབྲུག་ལྟག་ཚིགས་ཕུད། །ཁྲི་ཐོག་སྟག་རིས་བྱ་རལ་ལུམ་སྲུངས་ན། །ཁྱི་གདའ་ལིས་སྟག་དམར་ལྟག་ཚིགས་ཕུད། །སྐྱམ་དཀར་བུ་བརྒྱག་གླེས་སྨི་མཆུ་ནག་ན། །ལི་ལིས་གངས་སེང་གཡུ་རལ་བཅད། །བག་ཚོ་ཁྲ་ཆེན་ཝ་སྐྱམ་ན། །ཝ་ཡིས་སྟག་གི་འཛུམ་དྲུག་བཀོག །འདི་རྣམས་གཏོ་ལ་བདུད་མདོས་བཏང་། །གཞན་ཡང་གཅིག་ལ་བརྒྱག་ཁ་བཟང་སྡེ་བབས། །བཅུ་གཅིག་ཧ་ཅང་ངན་པ་ན། །བདུད་བབས་བཟང་ཤི་ངན་ལུས་ཡིན། །གོང་མའི་འགྲེས་སུ་ཀུན་ལ་སྦྱར། །གཅིག་དང་བཅུ་གསུམ་དཔྱད་པ་ལ། །སྤྱིར་ནི་གོང་བཤད་ལན་དང་འདྲ། །འདྲ་བ་བརྟུད་པའི་སྐབས་སུ་སྟོན། །གཡང་རྩ་བློ་རྩའི་དཔྱད་པ་ལ། །བཞི་ལ་དིང་དིང་བརྒྱད་ན་འབན། །གློ་རྩ་གཡང་རྩ་མ་སྙོམས་པས། །མི་ཤི་ཆུང་མས་ད་ཕྲུག་སྐྱོང་། །དེ་བཞིན་བཞི་ལ་གལ་བར་དང་། །བརྒྱད་ལ་བྱ་རལ་ལ་སོགས་པ། །བཟང་ངན་མི་སྙོམས་གོང་ལྟར་ངན། །བརྗེས་ན་གློ་རྩ་གཡང་རྩ་སྙོམས། །ཕ་ཡིས་བུ་ཕོག་མ་ཡིས་བུ་མོ་བརྫོང་། །ཇག་མོར་སྟོང་པ་བཅུད་ཀྱིས་གང་། །གཉིས་ཀ་བཟང་ཞིང་སྔ་མ་ཡིན། །ལན་དཔྱད་དག་ཀྱང་བཟང་བ་ན། ནོར་དང་གྲོག་གི་ཆ་ལ་བཟང་། །བློ་རྩ་རང་གི་དཔྱད་པ་ལ། །བདུན་དང་བརྒྱད་གཉིས་ལན་དཔྱད་བལྟ། །བཟང་ངན་ལན་དཔྱད་སྤྱི་དང་མཚུངས། །དེ་བཞིན་གསུམ་དྲུག་ལ་སོགས་པ། །ཕན་ཚུན་ལན་གྱི་རྣམ་པ་ལ། །རབ་ཏུ་རྒྱ་ཆེ་མཐའ་དང་བྲལ། །ཐམས་ཅད་བརྗོད་པར་


MR16_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལངས་བས། །མ་བྲིས་མོ་གཞུང་གཞན་ལ་ལྟོས། །སྤྱིར་བཏབ་བབས་ལན་བཟང་ངན་ནི། །གོང་འོག་བཤད་པ་ཀུན་བསྡུར་ལ། །ས་གནས་དེ་ཡི་དམིགས་བསལ་གྱི། །ཕོ་ས་མོ་ས་ལྷ་ས་དང་། །ནོར་གྲོག་དགྲ་དང་ནད་པ་སོགས། །སོ་སོའི་དམིགས་བསལ་ཤེས་པར་བྱ། །གཡང་རྩ་གློ་རྩ་རྩེ་འཛིན་དཔྱད་པ་ལ། །བཞི་དང་བརྒྱད་ལ་བྱ་ཡུན་ནས། །བཅུ་གཅིག་བཅུ་གསུམ་ཨ་ཁད་ན། །གྲོས་ཀྱི་རྒྱ་ཚོ་ཡལ་བ་ཡིན། །སྡེ་པ་རྣམས་ཀྱི་མོ་ལ་ངན། །བཞི་དང་བརྒྱད་ལ་ཁྱུང་བརྒྱང་ནས། །བཅུ་གཅིག་བཅུ་གསུམ་མུ་ས་བྱ་ཡུན་ན། །བྱ་རྒན་ཚང་ནས་བུད་པ་ཡིན། །སྒོམ་ཆེན་རྣམས་ཀྱི་མོ་ལ་ངན། །བཞི་བརྒྱད་སད་ཁམས་དངས་མ་ནས། །བཅུ་གཅིག་བཅུ་གསུམ་མའུ་དུན་བཏགས་ན། །ཤང་ཤང་གདོས་ཐག་བཅད་པ་ཡིན། །ཤལ་རིང་མགྲོན་པོའི་མོ་ལ་ངན། །བཞི་དང་བརྒྱད་ལ་ལྡི་བུར་ནས། །བཅུ་གཅིག་བཅུ་གསུམ་བྱོད་ཕུར་ན། །ཁུ་བྱུག་ཡ་ཁ་ཕྱེ་བ་ཡིན། །སྤུན་གཉིས་པ་ཡི་མོ་ལ་ངན། །བཞི་དང་བརྒྱད་ལ་སྤོ་ཚེ་དང་། །བཅུ་གཅིག་བཅུ་གསུམ་དམུ་དག་ན། །ཤིང་རྒན་རྩ་ལོག་རེད་པ་ཡིན། །རྒན་པོ་རྣམས་ཀྱི་མོ་ལ་ངན། །བཞི་དང་བརྒྱད་ལ་ལྷང་ཟེ་དང་། །བཅུ་གཅིག་བཅུ་གསུམ་བག་ཚོ་བརྒྱག །སྨན་ཁྲ་མོའི་མིག་གི་མཆི་མ་ཡིན། །ཕོ་གསར་རྣམས་ཀྱི་མོ་ལ་ངན། །བཞི་དང་བརྒྱད་ལ་རང་སྙན་དང་། །བཅུ་གཅིག་བཅུ་གསུམ་བྱོད་ཕུར་ན། །སྨན་ཁྲ་མོས་སྡུག་གླུ་ལེན་པ་ཡིན། །ཆུང་གསུམ་སྲིད་ཕྱ་འདེབས་ཉིན་ངན། །བཞི་དང་བརྒྱད་ལ་སྐྱིན་དིང་ན། །བཅུ་གཅིག་བཅུ་གསུམ་མུ་ས་ན། །སྲང་མཐའ་བདུད་ལ་ཤོར་བ་ཡིན། །སྲོག་ཕྱ་གཞི་ཕྱ་གཉིས་ལ་ངན། །བཞི་དང་བརྒྱད་ལ་བུ་བརྒྱག་ནས། །བཅུ་གཅིག་བཅུ་གསུམ་དཀར་ཐོགས་ན། །མཚུན་རྒན་ལུག་མགོས་བདུར་བ་ཡིན། །ནད་པ་རྣམས་ཀྱི་མོ་ལ་ངན། །བཟང་པོ་


MR16_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་གི་དམིགས་བསལ་འདི། །རྒྱང་ཐིག་མ་ཡིན་ལོ་གཅིག་ཚུན་ལ་ཡིན། །སྙིང་མིག་སྲོག་གསུམ་དཔྱད་པ་ལ། །སྤྱིར་བབས་དང་ལན་གྱི་ཁྱད་པར་གྱིས། །སྙད་མེད་བཟང་པོ་གསུམ་བྱུང་ན། །མོ་ཁོག་ཞན་ཀྱང་སྐྱོན་མི་འབྱུང་། །ངན་ན་གཞན་པ་བཟང་ཀྱང་ཞན། །བརྟུད་པའི་དཔྱད་པ་འོག་ཏུ་སྟོན། །ཡང་གཅིག་དང་བརྒྱད་ལ་སྐྱེར་བབས་ནས། །བཅུ་གཅིག་སྟེང་དུ་སྐྱམ་བབས་ན། །རྗེ་རྒྱལ་ཤི་ནས་ཡུག་ས་ལུས། །གཅིག་བརྒྱད་སུམ་མཉམ་བཅུ་གཅིག་སྐྱམ། །གཙོད་མ་བདུན་བུ་བདུན་ཆུས་ཁྱེར་ཡིན། །གཅིག་བརྒྱད་ལྡི་བུར་བཅུ་གཅིག་པག་ལྡི་ན། །རྭ་ཅན་ཡུ་མོ་རེད་པ་ཡིན། །ཕ་རྒས་ཙ་ན་བུ་ཤི་ཡིན། །གཅིག་དང་བརྒྱད་ལ་ལྡི་བུར་ནས། །བཅུ་གཅིག་སྐྱམ་ནག་སེ་སྟོད་ན། །ལོང་པས་གླང་མཇུག་ཤོར་བ་ཡིན། །རྨང་གི་བུ་ཤི་ནལ་འདྲེ་ལྡིག །གཅིག་བརྒྱད་གལ་བར་བཅུ་གཅིག་བྱ་རལ་ན། །རི་རབ་རྩེ་ཉིལ་གཙོ་བོར་ངན། །གཅིག་བརྒྱད་དམུ་དག་བཅུ་གཅིག་བྱོད་ཕུར་ན། །གནམ་གྱི་འཇུ་ཐག་ས་ཡི་རྟེན་བུར་ཞིག །གཅིག་དང་བརྒྱད་ལ་སྤོ་བར་དང་། །བཅུ་གཅིག་སྐྱམ་དང་སོ་སྟོད་ན། །རི་རྒྱལ་སྲོག་ཤིང་ཆག་པ་ཡིན། །གཅིག་དང་བརྒྱད་ལ་བྱོད་ཕུར་དང་། །བཅུ་གཅིག་སྐྱམ་དང་སེ་སྟོད་ན། །དྲང་སྲོང་ལྷ་ལ་མདུན་ཡིག་ཕོག །གཅིག་བརྒྱད་སྐྱིན་དིང་བཅུ་གཅིག་སོ་ཡོན་ན། །མི་ཤི་མགོ་ནས་ཤི་བ་ཡིན། །གཅིག་བརྒྱད་སྤོ་ཚེ་བཅུ་གཅིག་སྤོ་བར་ན། །དྲིའུ་རྔོ་ཅན་མདོ་བའི་ཕུང་སྲི་ཡིན། །གཅིག་བརྒྱད་བྱ་རལ་བཅུ་གཅིག་སྐྱམ། །འདྲེ་བུ་དགུ་ཆུ་གྲིར་ཤི་བ་ཡིན། །གཅིག་དང་བརྒྱད་ལ་སྐྱེར་བབས་ནས། །བཅུ་གཅིག་ཀ་བྲག་རུ་སོད་ན། །སྨོན་སྲས་ངམ་གྱིས་བསད་ངོ་ཡིན། །གཅིག་བརྒྱད་བྱ་ཡུན་བཅུ་གཅིག་སེ་སྟོད་ན། །མིག་སྒོར་མཆི་མ་མི་སྐམ་ཡིན། །དེ་སོགས་དེ་ལས་མཚོན་ཤེས་བྱ། །ཡང་དེ་


MR16_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོག་སྟེ་བཟང་བབས་ན། །བཤད་པ་གོ་བཟློག་བཟང་བར་དཔྱད། །བབས་ལན་སྤྱི་དང་བསྟུན་ནས་སུ། །བ་ཁོག་གསུམ་དང་སྙིང་མིག་སྲོག །ཕན་ཚུན་མཚོན་ཏེ་ཤེས་པར་བྱ། །དེ་བཞིན་ལྷ་ས་གསུམ་སོགས་འགྲེ། །སྟོད་སྨད་བར་གསུམ་དཔྱད་པ་ལ། །ཆུང་རྒྱུད་སོགས་ཀྱི་གནས་སོ་སོར། །བཟང་ངན་སྤྱི་ལྟར་དཔྱད་པ་དང་། །དགྲ་གཉེན་ལན་ཆགས་དཔྱད་པ་ལ། །གཅིག་ལ་དངས་མ་བརྒྱག་མེད་ནས། །གཉིས་ལ་ཁ་དྲག་བརྒྱག་བཟང་ཤོར། །གསུམ་ཁ་ལེན་བརྒྱག་གིས་མ་ཟིན་ན། །ཤར་ཕྱོགས་དགྲ་ཡི་ལན་ཆགས་དང་། །གཡོག་འཁོར་འབངས་ཀྱི་ལན་ཆགས་འདེད། །བཞི་ལྔ་དྲུག་ལ་དེ་བཞིན་ཏུ། །ལྷོ་ཡི་ཕྱོགས་ཀྱི་དགྲ་དང་ནི། །བུ་སྲིང་མག་པའི་ལན་ཆགས་ཡིན། །བརྒྱད་དགུ་བཅུ་ཡིས་ནུབ་ཕྱོགས་དང་། །ལེ་གུ་ཞང་པོའི་ལན་ཆགས་དཔྱད། །བཅུ་གཅིག་བཅུ་གཉིས་བཅུ་གསུམ་ལ། །བྱང་དགྲ་གཤིན་དུར་གྱི་ལན་ཆགས་ཡིན། །སྤྱིར་རང་སར་དངས་མ་བརྒྱག་མེད་དང་། །ཕྱི་སར་བརྒྱག་བཟང་ཁ་དྲག་ཤོར། །ཁ་ལེན་བརྒྱག་གིས་མ་ཟིན་ན། །མེད་ཁམས་སྟོང་བའི་བླ་གནས་དང་། །གཡང་ཁ་ཕྱིར་ཤོར་ལན་ཆགས་འདོད། །རང་ས་ཕྱི་སའི་དཔྱད་པ་ལ། །ཕྱི་སར་ཁྲམ་ནག་སེ་སྟོད་དང་། །ཁྱིམ་ཕུང་སྤུན་དགུ་བབས་པ་ན། །དགྲ་ཡི་ཡུལ་མཁར་ཞིག་པ་ཡིན། །རང་སར་གལ་བར་ཐོད་དཀར་ན། །དགྲ་ཡི་ཡུལ་མཁར་ཟུན་གྱིས་བཤིག །རང་སར་ཤ་རིང་མཁར་བརྒྱག་ན། །དགྲ་ཡི་ཡུལ་མཁར་ཟུན་གྱིས་འབེབས། །དེ་ཀླུང་ལོག་བྱས་ན་རང་ཕྱོགས་འཛེར། །དེ་བཞིན་དགྲ་ཡི་མཚོན་ཆད་སོགས། །རང་སའི་ཁ་དྲག་བླ་རྟགས་དང་། །ཕྱི་སར་དེ་མཐུན་མདུད་ངན་བབས། །སྣ་ཚོགས་ཁ་དམར་ཤེས་པར་བྱ། །ཕྱི་ས་གཡུལ་བཞིའི་དཔྱད་པ་ལ། །ཐམས་ཅད་དར་


MR16_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤིན་ཏུ་ངན། །མི་རུང་འདྲ་བཞི་བབས་པ་སོགས། །རོ་འཛིན་སོགས་ཡིན་ཅུང་ཟད་རྩུབ། །དགྲ་ཆེ་ཆུང་གཉིས་ནས་རིམ་པས་ཆེ། །བཅུ་དང་བཅུ་གཅིག་བབས་དཔྱད་ལ། །བཅུ་ཡི་སྟེང་དུ་ཡར་དིང་ལ། །བཅུ་གཅིག་ཆུ་དོ་ལི་ཡན་ལ། །གནར་རྒས་པ་མུན་དུ་རེད་པ་ཡིན། །མཛོ་རྒན་རྟ་རྒན་གཡག་རྒན་ལ། །སྟོང་ཡས་བཀར་ལ་རྒྱབ་ཏུ་བོར། །མི་རྒན་དག་ལ་སྟོན་མོ་བྱ། །དེ་བཞིན་བཅུ་དང་བཅུ་གཅིག་ལ། །བག་བྱ་བུར་དང་ནི་ལི་ཡན་ལ། །ཟླ་བ་རྒས་པ་ཟོར་ལང་རེད། །མདའ་དར་རིན་ཆེན་སྣ་ལྔ་ཤུགས་མགོན་བརྔན། །ཤིང་ནག་མདའ་ལ་སྟོང་ཡས་བཏགས་ལ་བོར། །བག་བྱ་བག་ལྡིར་ཉི་རྒས་གྲིབ་སོ་ཁུག །གསས་མཁར་བསྟོད་ལ་བཀྲ་ཤིས་བརྗོད། །མུ་ས་མུ་ས་ནག་པོ་ན། །སྐར་མ་རྒས་པས་ཉུང་གཞི་རེད། །གསེར་འོད་འདོན་ཞིང་ཁྲམ་བཟློག་བྱ། །བག་ཚོ་བརྒྱག་ཅན་ཝ་སྐྱམ་ན། །ལྷོ་སྤྲིན་རྒས་པ་ལྷོ་བུར་རེད། །བྱ་མ་བྱིལ་གྱི་དོགས་སེལ་བྱེད། །ཆུ་གཏོར་བཏང་ལ་གཡང་སྐྱབས་བྱ། །དོག་ཚ་ང་དང་ཝ་རི་མགོ་ནག་ན། །གཞའ་ཚོན་རྒས་པ་སྨིག་རྒྱུ་རེད། །སྐོང་ཟློག་ཟམ་བཅུགས་གྲ་ཡས་བོར། །ཁ་ལང་ཝ་ཚོ་སྐྱ་བོ་ན། །གཡུ་འབྲུག་རྒས་པ་འཚུབ་མ་རེད། །ཡར་སེལ་དགྲ་ཆོས་བྱ་བ་དང་། །སྐས་ཀྱེ་རྐེད་པར་གཏུབ་ལ་བོར། །ན་འབན་ཁྲལ་ཁྲོལ་སྐྱམ་ལི་ཡན། །ཐོག་དམར་རྒས་པ་ཐལ་བ་རེད། །ཡུལ་འདོན་དུར་སྤོ་གནམ་སྒོ་བཅད། །ཞི་བ་མང་དུ་བྱས་ན་ཕན། །ཀ་ཅ་ལ་རྔམ་བྱ་རལ་ན། །གློག་རྒས་པ་དེ་སྨིག་རྒྱུ་རེད། །ཚ་ཚ་རྣམ་འཇོམས་གསུང་རབ་འདོན། །རང་སྙན་དངས་མ་སྒོ་བརྒྱག་ན། །མེ་ཤེལ་རྒས་པ་ལྷང་ཚེར་རེད། །ཚ་ཚ་གདབ་ལ་ཞི་བ་བྱ། །རྐང་སྤར་གཡས་རུ་ཕུང་བྱལ་ན། །སེང་གེ་རྒས་པ་ཁྱི་རྒན་རེད། །གྲ་ལྔ་འདོན་


MR16_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟློག་ཟོར་འཕང་། །རུ་སོད་ཁ་ལེ་དམུ་བྲག་བྱ་རལ་ན། །འབྲང་བུ་རྒས་པ་སྤུ་རུ་རེད། །ལྷ་བསང་བྱས་ལ་གསས་མཁར་བཙུགས། །ཨ་ཁད་རྩེ་མ་ཕུང་བར་ན། །རྒྱ་སྟག་རྒས་པ་སྲེ་མོང་རེད། །ཡས་བོར་ཚ་ཚ་ཞི་བ་བྱ། །རང་རང་གི་ཐུབ་ཐང་ཡས་གཟུགས་སོགས། །སྟོང་ཡས་དང་བཅས་རེ་སྒྱེར་བཅུག །ཐང་ཤིང་གཅིག་ལ་བཏགས་བྱས་ལ། །བཟང་གྲངས་ལོ་གྲངས་བྲིས་ལ་བོར། །མདུང་དར་དང་བཅས་གསས་མཁར་བསྟོད། །གསེར་འོད་མང་དུ་བཏོན་ན་བཟང་། །དེ་མོ་ཡི་རྒས་པ་བཅུ་གསུམ་ཡིན། །ཡང་བཅུ་གཉིས་བཅུ་གསུམ་དཔྱད་པ་ཡིན། །ངན་པ་དགུ་ཐུབ་བཅོ་བརྒྱད་ནི། །དགྲ་བྱའི་སྐབས་སུ་འཆད་པར་འགྱུར། །ཡང་བརྒྱད་ལ་སེ་སྟོད་ནག་རིགས་དང་། །བཅུ་གཅིག་སོ་ཡོན་ནག་རིགས་བབས། །དེ་ཡི་རྩེ་མོ་ལད་གྱུར་ན། །བཟང་ཁ་མྱོང་གཅིག་ལ་ཞིག་རལ་འོང་། །དཔོན་གྱི་དབང་ལ་ཕྱི་ལྟས་བྱས། །བཟང་བསྟོད་ར་ཅན་ལ་ཕྲག་དོག་ཡོད། །བདུན་ལ་བུང་མ་ནེའུ་ཆུང་ནས། །བརྒྱད་ལ་སེ་སྟོད་སྦྲུལ་འཇུས་ན། །ལྷོ་ཙནྡན་ནགས་ཀྱི་དཀྱིལ་རུམ་དུ། །སྤྲེལ་དར་མ་གཅིག་གིས་སྡུག་འདུག་བྱེད། །མོ་གསར་མ་གཅིག་འདུག་བྱེད་དོགས་ཡོད། །དྲུག་ལ་ཁྱིམ་ཕུང་རེ་ལོག་དང་། །བདུན་ལ་ཆུ་དོ་ལི་ཡན་ན། །བྱང་མ་ལྗང་གི་གོང་བུ་དེར། །རྐྱང་ཕོ་རེང་གཅིག་འདུག་བྱེད་དོགས་ཡོད། །མོ་གཡུ་འཕྲུ་ཅན་ལ་འཛེར་དོགས་ཡོད། །ཕོ་གསར་ཁེར་འདུག་བྱེད་དོགས་ཡོད། །གཅིག་ལ་དངས་མ་བྱ་བུར་དང་། །གཉིས་ལ་ཆུ་སྤར་སྤུན་གསུམ་དང་། །དྲུག་ལ་ཐང་ལེ་སྐྱ་བོ་ན། །བུ་ཆུང་ཚར་ནས་ལན་ཆགས་འཁོར། །མ་ཡི་ནུ་ཞོ་རས་དོགས་ཡོད། །བདུན་ལ་ཙེ་ར་མགོ་བཏུམ་དང་། །བརྒྱད་ལ་ལི་ཡན་སྐྱ་བོ་ན། །ཕ་སྤུན་གཉའ་ཤ་གཟན་དོགས་སྣང་། །ཕ་སྤུན་གཅིག་གི་ཚེ་ཚད་ཡིན། །


MR16_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ན་འབན་འཐོར་གསུམ་དང་། །བཅུ་གསུམ་ནག་ཐོག་སེ་སྟོད་ན། །ཞང་པོས་ཚ་བོ་སྐྱེལ་མ་བྱས། །ཚ་ཞང་གཉིས་པོ་ཚེ་ཚད་རྫོགས། །ཕོ་ས་གསུམ་དུ་ཕུང་བར་དང་། །ཁྱིམ་ས་གསུམ་དུ་ལི་ཡན་དང་། །གྲོགས་ས་གསུམ་དུ་བྱ་ར་ལན། །ཕྱུག་པོའི་ནོར་ལ་གོར་བ་འབྱུང་། །ལུང་པ་གསུམ་གྱི་འདུས་མདོ་རུ། །ཚེ་གཅིག་བསགས་པ་ཉིན་གཅིག་འཆོར། །གཉིས་ལ་ཧྲང་ཟེ་སྐྱམ་བརྒྱག་དང་། །ལྔ་ལ་སློག་དམར་ལྡི་བུར་ན། །བྲན་གྱིས་རྗེ་བོ་བསད་ངོ་ཡིན། །བདུན་དང་བརྒྱད་ལ་ཚོལ་ཚེ་དང་། །བཅུ་གཅིག་ཆུ་དོ་ལི་ཡན་ན། །ཙནྡན་ནགས་ཀྱི་དཀྱིལ་རུམ་དུ། །དོམ་དྲེད་གཉིས་ལ་བློ་སྟོར་བྱུང་། །མི་ཆེན་བློ་སྟོར་འོང་དོགས་ཡོད། །ལྔ་དྲུག་བདུན་ལ་དམུ་དག་དང་། །བརྒྱད་ལ་བག་ལྡི་སྐྱ་བོ་ན། །ཐང་ཆེན་ལ་ཕྱི་གྲུམ་པོ་བསྣ་ཟད། །སྤུན་གསུམ་པོ་ཡི་ཚེ་ཚད་རྫོགས། །གཅིག་ལ་ཝ་ཚོ་གནམ་རེད་དང་། །བཅུ་གཅིག་སྐྱམ་ནག་ཐུར་ཟུག་ན། །དམག་དཔོན་གཅིག་གི་མོ་ལ་ངན། །གཅིག་གི་དིང་དིང་བརྒྱད་བྱ་ཡུན། །བཅུ་གཅིག་ཚོལ་ཚེ་འདན་དཀར་ན། །མི་ཡི་ནང་གི་སྤུར་ངོ་ལ། །ཕྱིང་དཀར་ཞབས་ཀྱི་རོ་དུད་ངན། །གཅིག་གི་དིང་དིང་སྔོན་པོ་ལ། །བཅུ་གཅིག་རུ་སོད་ཁ་ལེ་ན། །བྱ་རྒོད་བོ་རོ་ལ་ལངས་པ་འདྲ། །མི་དོགས་ས་ཡི་གྲི་ངོ་ཡིན། །གཅིག་གི་དིང་དིང་སྔོན་པོ་ལ། །བཅུ་གཅིག་དངས་མ་གཡུ་སྒྲོན་ན། །མེ་དོང་ནང་གི་སྤུར་ངོ་སྟེ། །མི་དོགས་ས་ཡི་དགྲ་ངོ་ཡིན། །གནས་དཔྱད་སྣ་ཚོགས་བཀོད་པ་ལ། །གཉིས་དང་བཅུ་གཉིས་དཔྱད་པ་ཡི། །མེ་ཏོག་ཚེ་ཟད་བརྩི་བ་ལ། །གཉིས་ཀྱི་སྟེང་དུ་བྱོད་ཕུར་དང་། །བཅུ་གཉིས་སྟེང་དུ་བྱོད་ཕུར་ན། །དམྱལ་བའི་མེ་ཏོག་སྟོང་ཚོ་ཟད། །དེ་བཞིན་གཉིས་དང་བཅུ་གཉིས་ལ། །དམུ་དག་ཡི་དྭགས་དག་དང་ནི། །བྱ་བུར་


MR16_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བྱོལ་སོང་ཧྲང་ཟེ་མི། །བྱ་ཡུན་ལྷ་མིན་སད་ཁམས་ལྷའི། །མེ་ཏོག་སྟོང་ཚེ་ཟད་པ་ཡིན། །བཅུ་གསུམ་བརྒྱག་བཟང་བབས་གྱུར་ན། །གདུང་རྒྱུད་དར་བ་ཆད་འདོད་ཡིན། །དམྱལ་བའི་མེ་ཏོག་སྟོང་ཚེ་ཟད། །བབས་ན་བན་ལ་ངན་པ་ཡིན། །དེ་བཞིན་ཡི་དྭགས་ཆུང་རྒྱུད་དང་། །བྱོལ་སོང་ནོར་དང་མི་འབྲིང་རྒྱུད། །ལྷ་མིན་ཆེ་རྒྱུད་ལྷ་ཡུལ་དཔོན། །སྤྱིར་བཏང་བན་བོན་ཆེན་པོ་དང་། །སྐྱིད་དགའ་ཅན་དང་ནད་པར་ངན། །བོར་སྟོར་མོ་ལ་བཟང་བ་ཡིན། །སྲིད་ཕྱ་ལ་ནི་བུ་སྐྱེ་བཟང་། །སྲིའུ་དང་ནི་མ་རབ་ངན། །མེ་ཏོག་ཅེས་བྱ་མི་འགྱུར་དོན། །ཕྱི་སའི་གནས་མལ་གཞན་ལའང་ཚུལ་འདྲར་སྦྱར། །ཡང་མ་བརྒྱག་སྡེ་ལྔ་ཐུར་དེད་ལས། །བཅུ་གཅིག་ཤ་རང་ཧྲོང་ཀྲིག་མ་བརྒྱག་ན། །ལན་ཡར་ལམ་ཚོལ་མར་ལ་ཚོལ། །འདི་ཡི་ལན་དུ་ཡར་ལྡིང་ན། །གཡུ་འབྲུག་སྔོན་མོའི་ཟེ་བ་ལ། །གྲི་རྗེ་སྤྱང་ཀིས་འདུར་རྒྱུག་བྱེད། །རྐང་སྤར་སེང་གེའི་གཡུ་རལ་ལ། །གལ་བར་ཕུབ་མོ་རང་བཟུར་རྟེན་ཐག་ལ། །ཚོལ་ཚེ་ཁྲབ་ཀྱི་རྒྱུན་ཐག་ལ། །ཝ་ཚོ་དགྲ་བླའི་མདུང་རྩེ་ལ། །བྱ་བུར་རྨོག་མོ་རྒྱལ་ཚང་ལ། །གྲི་རྗེ་སྤྱང་གིས་འདུར་རྒྱུག་བྱེད། །དེ་བཞིན་ཝ་སྐྱམ་མ་བརྒྱག་དེ། །བཅུ་གཅིག་སྟེང་དུ་བབས་པ་ན། །ལན་ཡར་ལ་མ་ཚོལ་མར་ལ་ཚོལ། །འདི་ཡི་ལན་དུ་དིང་དིང་ན། །ཏེ་ལོ་ག་མའི་ལག་གཡབ་ཀྱིས། །གཡུ་འབྲུག་སྔོན་མོ་ཐང་ལ་བསྐྱུར། །ཡུལ་གྱི་གྲགས་པ་ཅན་ལ་ངན། །རྐང་སྤར་ལ་རི་བོང་ལག་གཡབ་ཀྱིས། །སེང་གེ་དཀར་མོ་ཐང་ལ་བསྐྱར། །ཡུལ་གྱི་གཡེར་གྲགས་ཅན་ལ་ངན། །སད་དཀར་སྲེག་པ་བཟུར་འགྲོས་བྱེད། །བྱ་རྗེ་ཤང་ཤང་གདོས་ལ་བཏགས། །དགེ་བཤེས་གཅིག་གི་མོ་ལ་ངན། །སྐྱེར་སྨད་སོ་བྱའི་ཚང་སྒོ་དེར། །ཉ་མོ་ལྟོ་དཀར་ཕྱིན་པ་ཡིན། །སྦྲུམ་མ་གཅིག་གི་མོ་ལ་ངན། །བག་ཚོ་ཁྲ་ཆུང་སྡར་མའི་གྱ་གྱུ་


MR16_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནས། །དཔའ་བོ་སྟག་གི་འཛུམ་དྲུག་བཀོག །དཔའ་བོ་གཅིག་གི་མོ་ལ་ངན། །ལྡི་བུར་དགྲ་བླའི་ལྕགས་ཁྲ་དེ། །རེ་འབྱམས་སྔོན་མོས་ཁྱེར་བ་ཡིན། །སྐྱེས་བུ་དར་མ་གཅིག་གི་མོ་ལ་ངན། །བྱོད་ཕུར་དུང་གི་ལྕོག་དེ། །སྔ་དྲོ་ནམ་མཁའི་དབྱིངས་ལ་འཕུར། །ཕྱི་དྲོ་ལྕགས་ཁྲ་ཧོར་པས་ཁྱེར། །བུ་ཚ་གཅིག་གི་མོ་ལ་ངན། །ཚོལ་ཚེ་དུང་གི་ལུ་གུ་དེ། །སྔ་དྲོ་གཡང་མོ་ལུག་ཁྱུར་ཞུགས། །ཕྱི་དྲོ་སྤྱང་ཐང་སྔོན་མོས་ཁྱེར། །རྨང་པོ་གཅིག་གི་མོ་ལ་ངན། །ཝ་ཚོ་སྤང་ལ་མེ་ཏོག་ཡལ། །བག་མ་གཅིག་གི་མོ་ལ་ངན། །གཏོ་ལ་མིང་བརྗེ་ལུས་བསྒྱུར་དང་། །ཚེ་ཐར་བཏང་ཞིང་སེལ་འབྱེད་བྱ། །གསུམ་པ་སྤྱི་ཁོག་དཔྱད་པ་ལ། །སྤྱི་དང་བྱེ་བྲག་ཐོར་བུ་གསུམ། །དང་པོ་རང་ས་བཟང་ཞིང་ཕྱི་ས་འཇམ། །འབྱུང་བའི་གསོ་བསྐྱེད་བབས་ལན་ལེགས། །རང་ས་ཕྱི་ས་དེ་དག་ཏུ། །བབས་དང་ལན་གྱི་སྐྱོན་མེད་པ། །བཟང་པོ་ཤོག་ཡག་བྱ་བ་ཡིན། །འབྱུང་བའི་དགྲ་གཤེད་འཁྲུགས་གྱུར་ཅིང་། །རང་སར་སྐྱོན་མེད་མ་བབས་པ། །ངན་པ་སྡེ་ལད་བྱ་བ་ཡིན། །མོ་སྨད་བཟང་ཞིང་སྟོད་ངན་པ། །ཀུ་རུ་མགོ་ནག་བྱ་བ་ཡིན། །འཕེལ་འགྲིབ་ཆེ་ཞིང་ཚོང་འོང་ངོ་། །ནོར་ལ་གང་སྟོང་འོང་བ་ཡིན། །ཡང་ན་ཕུགས་སུ་ངན་པའི་མོ། །མོ་སྨད་ངན་ཀྱང་མོ་སྟོད་བཟང་། །ནག་གུ་མགོ་དཀར་བྱ་བ་ཡིན། །ཆུང་གསུམ་ས་ལ་ངན་པ་སྟེ། །ནོར་ད་ལྟ་དབུལ་ཀྱང་ཕུགས་སུ་འོང་། །ཕྱི་སར་བཟང་པོའམ་བརྒྱག་ཅན་བབས། །རང་ས་ངན་པར་གྱུར་པ་ནི། །ཕྱི་དཀར་ནང་ནག་ཅེས་བྱ་སྟེ། །ནོར་ལ་དགྲ་ཡོད་ཕོ་ལྷ་བཅོས། །ནང་དཀར་ཕྱི་ནག་དེ་ལས་ལྡོག །བཟང་ཞིང་དགྲ་འདྲེ་སྒོར་སོང་ཡིན། །སྤྱིར་བཟང་ཀྱང་འཛེར་བག་རེ་ཙམ་བྱུང་། །དཀར་ཁྲ་ཞེས་བྱ་གཏོ་ཡིས་ཆོས། །སྤྱིར་ངན་རྫིའུ་རེ་རེ་བྱུང་། །ནག་ཁྲ་ཕྲལ་བཟང་


MR16_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕུགས་སུ་ངན། །གཏོ་ཆེན་པོ་སྣ་ཚོགས་འབད་པར་བྱ། །མོ་ཁོག་ཐམས་ཅད་བཟང་བ་ལ། །བརྒྱད་ལ་ལི་ཡན་བབས་གྱུར་ན། །ཤེས་བཞི་རྫོགས་ནས་ཐུགས་རྨུག་ཡིན། །ཀུན་བཟང་བཅུ་གཅིག་སྐྱིན་དིང་ན། །ཁམས་གསུམ་གསལ་ནས་སྤྱན་ལོང་ཡིན། །ཀུན་བཟང་བདུན་གྱི་སྐྱིན་དིང་ན། །ནག་པོ་སྙིང་མེད་བྱ་བ་ཡིན། །ཀུན་བཟང་བརྒྱད་ཀྱི་སེ་སྟོད་ན། །དམར་མོ་ཁོག་སྟོང་བྱ་བ་ཡིན། །ཀུན་བཟང་བཅུ་གཅིག་སྐྱིན་དིང་ན། །གཤོག་རྒྱས་དོང་དུ་ལྷུང་བ་ཡིན། །ཀུན་བཟང་བཅུ་ལད་སྡད་པ་བཅོས་མེད་ཡིན། །གཞན་བཟང་བརྒྱད་ལ་བག་ལྡི་ན། །གས་པ་འབྱོར་མེད་བྱ་བ་ཡིན། །ཀུན་བཟང་དྲུག་ལ་བྲག་ངན་རིགས། །བུག་པ་གསོ་མེད་བྱ་བ་ཡིན། །གཞན་བཟང་བདུན་ལ་སྐྱམ་ཆད་སོགས། །ཆད་པ་མཐུད་མེད་བྱ་བ་ཡིན། །གཞན་བཟང་ཆང་ངབ་བྲག་ངན་ན། །འགྱེལ་བ་བསླང་མེད་བྱ་བ་ཡིན། །འདི་དག་ཁེར་འདུག་བྱུང་ན་ཡིན། །གཞན་ཡང་གནས་མལ་གཞན་ལ་ཡང་། །མདུད་ངན་རེ་རེ་ཁེར་བབས་ན། །དེ་དེའི་ཚུལ་གྱིས་ཁ་དམར་གདགས། །ལར་ཁེར་འདུག་རྟགས་ཅན་བྱུང་ན་ངེས། །འཕར་ན་དེ་ཙམ་མི་བཙན་ནོ། །བཟང་པོ་རང་སར་འཁོར་ན་བཟང་། །ངན་པ་ཕྱི་སར་འཕར་ན་བཟང་། །བ་ཁོག་རྣམ་གསུམ་གཞི་འཛིན་བཞི། །བབས་ཀྱི་མི་གཙོ་ལན་གྱིས་གཙོ། །སྙིང་མིག་སྲོག་གསུམ་རྩེ་འཛིན་བཞི། །ལན་གྱིས་མི་གཙོ་བབས་ཀྱིས་གཙོ། །ཕྱི་ས་ཡུལ་བཞི་གང་ཡིན་པ། །བབས་དང་ལན་དཔྱད་གཉིས་ཀ་གཙོ། །རྩེ་འཛིན་ཆེན་མོ་བབས་ཁོ་ན། །དེ་ཕྱིར་དེ་ལ་དཔྱད་པ་ན། །སྨད་དུ་དངས་སྙིགས་འདྲེས་འདྲེས་ནས། །བཅུ་གསུམ་ཆུ་དོ་ལི་ཡན་ན། །སྨིག་ལ་རིག་རིག་ཚེ་མཐའ་ཟིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །མུག་དྲུག་ཕ་སར་


MR16_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ན་ངན། །དེ་བཞིན་སྨད་དུ་དངས་མ་དང་། །སྙིགས་མ་འདྲེས་པ་གཞིར་བཞག་ནས། །བཅུ་གསུམ་ཁོ་ནའི་བབས་ལུགས་ལ། །ལི་ཡན་སུམ་པ་མགོ་འཁོར་རང་ཡུལ་བཟུང་། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཇ་ཐབས་བཅའ་བའི་མོ་ལ་ངན། །དགེ་མ་རྣམས་ཀྱི་མོ་ལ་ངན། །མགོ་སྤུ་གྲིས་ཟིན་པ་བཅད་དང་འདྲ། །བྱ་རལ་གཡུང་པོ་ཁྱི་སྲོག་ཀ་བར་བཏགས། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཕུང་བར་བྱ་རལ་རིགས་བབས་ན། །སྤྲིན་ནག་ཡེ་ནས་ནག་པ་ལ། །གནམ་ལྕགས་ཁྲ་མོའི་གོས་གཅིག་གྱོན། །གནམ་ཕྱེད་གོས་གྱོན་ས་ཕྱེད་གདན་དུ་བཏིང་། །མཐོན་པོ་དགུང་གི་དབྱིངས་ན་ཕྱིན། །བལ་མོ་སྤྲིན་གྱི་རྒྱ་ཐག་བཀྲལ། །གློག་ལྕམ་དམར་མོའི་ཟུར་ཕུད་བཅད། །གཡུ་འབྲུག་སྔོན་མོའི་ཟེ་བ་བཀོག །ཆུས་ལ་དེ་བས་ཆེ་བ་དང་། །གནངས་ལ་དེ་བས་བཟང་བ་མེད། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །དབུལ་སྡུག་རྨང་གསུམ་ཀུན་ལ་ངན། །བྱ་རལ་ངན་རིགས་ཀུན་དེ་འདྲ། །བཅུ་གསུམ་སེ་སྟོད་ངན་རིགས་ན། །བཤུག་པ་རླངས་པ་རྡུལ་དང་གསུམ། །དུས་གཅིག་ལ་ཁར་ཐོན་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །མཛེ་བོ་དམེ་པོ་གཉིས་ལ་ངན། །བཅུ་གསུམ་ཕུང་བར་ཨ་ཁད་ན། །མི་ཁ་རི་གསུམ་རྩེ་ལ་འགྲིམ། །མ་ཟེ་བཙན་གྱི་རང་ཡུལ་བཟུང་། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཆུང་གསུམ་ཐར་བྱེད་མོ་ལ་ངན། །བཅུ་གསུམ་སྟེང་དེར་སྐྱིན་དིང་ན། །དཔའ་བོའི་གྱད་རྡོ་ལ་ཁར་ཐོན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཀླུ་མཆོད་བྱེད་པའི་ཉིན་པར་ངན། །སྤོ་བར་ས་བདག་སྦྲུལ་མགོ་དེས། །རི་རབ་བང་རིམ་བདར་ན་དཀར། །གྱོད་ཀྱི་མི་རྒན་འབེས་ལོག་ཅན། །ཕུ་ལ་བུད་ནས་ཕྱི་བལྟས་བྱེད། །དགྲ་གཞི་དུར་གསུམ་ཀུན་


MR16_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་། །བྲན་དང་མ་རབ་གཉིས་ལ་ངན། །སོ་ཡོན་ས་སྲིན་སྙིང་ཁྲག་དེ། །མདོ་ཁམས་བོད་ཀྱིས་ལོན་པ་ཡོད། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །རྒན་མོའི་དུར་ས་འདེབས་ཉིན་ངན། །གླེས་རྨི་ཐོག་ཐོག་མཁར་གྱི་རྒྱལ་པོ་ཡིན། །ཐོ་བ་གློག་ལྟར་འཁྱུག་པ་ཡིན། །ཕྱུག་གསེར་རྩི་མི་འཆད་རྫིའུ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །མགར་བ་རྣམས་ཀྱི་མོ་ལ་ངན། །བཅུ་གསུམ་ཆུ་སྦར་ལྡི་བུར་ན། །ཀང་ཀ་རི་གསུམ་རྩེ་ལ་འགྲིམ། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཆོས་བྱེད་དབུས་འགྲོའི་མོ་ལ་ངན། །བཅུ་གསུམ་ཝ་ཐེའི་རིགས་བབས་ན། །ཁྱི་བདའ་ལིས་རི་བྲོས་རྒྱབ་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཚོང་པ་རྣམས་ཀྱི་མོ་ལ་ངན། །བཅུ་གསུམ་སོལ་ཁྲ་རུ་སོད་ན། །བྱ་ཤ་ཟན་རི་གསུམ་རྩེ་ལ་འགྲིམ། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བན་བོན་བྱེད་པའི་མོ་ལ་ངན། །བཅུ་གསུམ་ན་འབན་བབས་པ་ན། །གཉན་རྒན་དེ་བ་ཁྲོས་ལེགས་པས། །བེར་ཀ་འབྲུག་གི་མགོ་ལ་བརྒྱབ། །གཉན་དམག་འུབ་ཀྱིས་འདུས་པ་ཡིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །དམག་འདྲེན་བྱེད་པའི་མོ་ལ་ངན། །སེར་བ་བཞིན་དུ་འཐོར་བ་ཡིན། །བཅུ་གསུམ་བྱ་མེད་སེ་སྟོད་ན། །བྱང་བཙན་དམར་པོས་རྒྱལ་པོ་བྱེད། །ཐེའུ་རང་སྙིང་ནོར་བོད་ཀྱིས་ལོན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བན་བཙུན་བཀའ་ལོག་མོ་ལ་ངན། །བཅུ་གསུམ་ཏྲོང་རིགས་བབས་པ་ན། །རྒྱ་ཐན་མིག་དམར་དགུང་ནས་ཡར། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཆར་པ་བཀག་པའི་མོ་ལ་ངན། །བཅུ་གསུམ་ཏྲོང་གི་ངན་རིགས་ན། །གཤིན་རྗེ་ནག་པོས་ཡུལ་མཁར་བཟུང་། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །བག་མ་རྣམས་ཀྱི་མོ་ལ་ངན། །བཅུ་


MR16_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐྱམ་བྲག་ལྡི་བུར་ན། །ཐིའུ་རང་རྩིག་པ་དགུང་དུ་ཕྱིན། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །མོ་བཙུན་སྲིད་ཕྱ་འདེབས་ཉིན་ངན། །བཅུ་གསུམ་ཝ་སྐྱམ་རིགས་བབས་ན། །ཕུང་བྱེད་རྒན་མོས་རི་གསུམ་བསྒུལ། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །རྒན་མོ་ནད་པའི་མོ་ལ་ངན། །བཅུ་གསུམ་སྐྱམ་ཆད་རིགས་བབས་ན། །ཡུག་ས་མོ་ཡི་མི་གསུམ་འཚེངས། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཆང་གི་ཉོ་ཚོང་བྱེད་ཉིན་ངན། །བཅུ་གསུམ་སྐྱམ་སྔོན་རིགས་བབས་ན། །དབྱར་ཟླ་གསུམ་གྱི་མོ་ལ་ནི། །གཡུ་འབྲུག་སྐད་ཐག་མི་འཆད་ཡིན། །དཔྱིད་ཟླ་གསུམ་གྱི་མོ་ལ་ནི། །ཤིང་ཨུག་ཆོས་དར་ལོ་མི་འབྱིད་དོ། །དགུན་ཟླ་གསུམ་གྱི་མོ་ལ་ནི། །རྡོ་གོར་མོའི་འཁྲིས་ཐག་མི་འཆད་དོ། །སྟོན་ཟླ་གསུམ་གྱི་མོ་ལ་ནི། །ཆང་སྐྱེམ་འཕང་རྒྱུན་ཐག་མི་འཆད་དོ། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ཡུག་ས་མོ་ཡི་མོ་ལ་ངན། །གཏོལ་ཆུ་གཏོར་བཏང་བར་བྱ། །སྨད་དུ་དངས་སྙིགས་འདྲེས་འདྲེས་ནས། །བཅུ་གསུམ་སྟེང་དུ་བག་ལྡི་ན། །གཙང་ཕག་མི་བརྒྱད་བྱ་བ་དེས། །ཐེའུ་རང་སློག་པ་སྐུ་ལ་གསོལ། །དགྲ་གཞི་དུར་གསུམ་ཀུན་ལ་བཟང་། །ལྷམ་མཁན་རྣམས་ཀྱི་མོ་ལ་ངན། །འདི་བྲམ་ཟེ་གོང་རུམ་ལས་བཤད་དེ། །ངན་པ་ཕྱིན་ཅི་ལོག་གི་དཔྱད། །བླ་མའི་མན་ངག་ལམ་ལ་ལྟོས། །རང་གར་འཇུག་ན་ཧ་ལའི་ཚལ། །མོ་ཁོག་ཤིན་ཏུ་བཟང་བ་ལ། །བཅུ་གསུམ་ཅུང་ཟད་ཞན་ན་ཡང་། །ནམ་ཕུག་མི་ཁྱོགས་ངོ་ཙམ་ལས། །མི་སྐྱོན་མོ་ཁོག་ལད་གྱུར་ན། །བཅུ་གསུམ་ཁོ་ནས་ཕན་མི་ཐུག །གཏོ་ཡོད་ཙམ་ཞིག་མཚོན་པ་ཡིན། །གསུམ་བདུན་བརྒྱད་དང་བཅུ་གཅིག་དེ། །རང་སའི་བཙན་ས་མ་ལད་ནས། །ཕྱི་ས་ཡུལ་བཞི་ལད་པ་ཡི། །བཅུ་གསུམ་རྩེ་མོ་ངན་


MR16_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། །རང་ལ་མི་སྐྱོན་མདུན་ངོ་ཡིན། །རང་སའི་གནས་རྣམས་མ་ལད་ནས། །ཕྱི་སར་འཇིགས་ངོ་བབས་ན་ཡང་། །ཤོར་གོད་མེད་པའི་སྟོང་འུར་ཡིན། །དེ་བཞིན་ཕྱི་སའི་རོ་འཛིན་ལ། །མི་སའི་འགྱོད་ངོ་ཨེ་བྱུང་དང་། །ལྷ་སའི་གནས་མལ་ཨེ་ཞིག་ལྟ། །དགྲ་ངོ་ལ་ཡང་མི་ས་རུ། །ལད་དང་ནོར་སའི་གོད་བྱུང་ན། །ངེས་པར་ངན་པའི་མོ་བབས་ཡིན། །དེས་འགྲེ་ཕན་ཚུན་བསྟུན་ཏེ་དཔྱད། །མོ་མདུད་སྟོབས་ཆེན་གཉན་པོའི་རིགས། །རང་སའི་བཙན་སར་ཁེར་བབས་ན། །ངན་བརྒྱ་གཅིག་གིས་ཆོམ་པ་ཡོད། །དེ་བཞིན་བཟང་བརྒྱ་ངན་གཅིག་གིས། །དམིགས་སུ་བསལ་ནས་བསླུས་པ་ཡོད། །སྨད་དུ་དངས་སྙིགས་འདྲེས་པའམ། །དན་ན་བཅུ་གསུམ་རྩེ་མོ་ལ། །བརྒྱག་ཁ་བཟང་སྡེ་ཆེ་ཡང་ནི། །ནད་པ་མིན་ན་ཁྱོགས་པ་ཡོད། །བཟང་སྡེའི་རྩེ་མོ་བཟང་ཆེས་ཤིང་། །མོ་འདེབས་ཡུལ་འཕེལ་དར་ཅན་ཡིན་ན། །ཉ་ཆེན་འགྲིབ་འདོད་ལྟ་བུ་ཡི། །དམིགས་བསལ་ངན་པའི་སྐབས་ཀྱང་ཡོད། །དེས་ན་བྱེ་བྲག་རང་བློས་དཔྱད། །མོ་བཟང་པོ་ཐམས་ཅད་ཡར་ལ་དེད། །དཔག་བསམ་ཤིང་གི་རྩེ་ལ་བལྟ། །དེ་བཅུ་གསུམ་སྟེང་ལ་ཟེར་བ་ཡིན། །རྩེ་མོ་མ་ལད་གྱོད་མི་འོང་། །དངས་མ་ཡར་ལ་རྩི་བ་དེ། །མོ་ཁོག་དེ་ལ་དངས་མ་དུ་ཡོད་ཀྱང་། །གཅིག་ནས་བཅུ་གསུམ་བར་དུ་བརྩི། །བཟང་པོ་ཕྱི་ནང་གར་གྱུ་ལྟ། །བཟང་པོ་གཅིག་ལ་བསྡད་པ་ན། །གཞི་འཛིན་ལ་ནི་དུར་མི་ལྡང་། །གཉིས་ལ་རྐུན་མ་ནོར་ལ་ཆས། །གསུམ་ལ་ཆུང་གསུམ་ཆེ་ལ་ཕྱིན། །བཞི་ལ་མནའ་མ་བུ་ནོར་འཛོམས། །ལྔ་ལ་ཇག་པའི་རྒྱུག་ལམ་ཕྱེ། །དྲུག་ལ་ཁྱིམ་མི་ཁ་འགྱོད་མེད། །བདུན་ལ་རང་བྱས་བློ་མི་ཉེས། །བརྒྱད་ལ་ཁོག་པའི་སྙིང་མི་འབུད། །དགུ་གཤིན་ལམ་ཕྱེ་


MR16_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅོད་འདྲལ་འོང་། །བཅུ་ལ་མ་ཕྱི་ཡུལ་མི་བརྗེ། །བཅུ་གཅིག་ཆེར་རབ་གྱོད་མི་འོང་། །བཅུ་གཉིས་དགྲ་དང་གྱོད་སྒོ་འབྱེད། །བཅུ་གསུམ་མགོ་ལ་མདུན་མི་ཕོག །མོ་ངན་པ་ཐམས་ཅད་ཐུར་དུ་དེད། །ཁྲོ་ཆུའི་ཕ་བོང་རྩ་བར་བལྟ། །དེ་ཆང་ངབ་སྟེང་ལ་ཟེར་བ་ཡིན། །ངན་པས་རང་ཡུལ་མ་བཟུང་ན། །གོད་དང་ན་ཚ་གདོན་མི་འོང་། །གཞི་ཐོག་སྙིགས་མ་དུ་གདའ་ཡང་། །གཅིག་ནས་བཅུ་གཉིས་བར་དུ་བརྩི། །ངན་པ་ཕྱི་ནང་གར་བྱུང་བལྟ། །གཅིག་ལ་བསྡད་ན་གཞི་འཛིན་ནད་ཀྱིས་ཐེབས། །གཉིས་ལ་འདྲེ་རིགས་ཕར་ལ་གྱུ། །གསུམ་ལ་ཆུང་གསུམ་སད་ལ་འཆོར། །བཞི་ལ་གཡང་ལྷ་འདྲེ་ཡིས་ཕུད། །ལྔ་ལ་དུར་སྒོ་དགྲ་ལ་གྱུ། །དྲུག་ལ་བུད་མེད་རླུང་གིས་ཁྱེར། །བདུན་ལ་ཕ་སྤུན་ལག་ཡ་གོག །བརྒྱད་ལ་བློ་ཡ་བློ་ཕུག་སྟོང་། །དགུ་ལ་དགྲ་ཡི་ལག་པ་ཆག །བཅུ་ལ་མ་ཕྱི་ཡུལ་ནས་འབུད། །བཅུ་གཅིག་མི་ཤིའི་མདུན་གྱིས་ནོན། །བཅུ་གཉིས་དགྲ་འདྲེའི་ཟ་ཁ་བསྡུམས། །འབྲིང་པོ་ཐམས་ཅད་འཕྲེད་དུ་དེད། །དགུ་བདུན་འདུས་པའི་གསང་ལ་དཔྱད། །དེ་བརྒྱད་ཀྱི་སྟེང་ལ་ཟེར་བ་ཡིན། །རྩེ་མོ་ལད་ན་རྒྱ་མཚོ་སྲུང་། །རྒྱ་མཚོ་ལད་ན་རྩེ་མོ་སྲུང་། །དེ་གཉིས་ལད་ན་རི་རབ་སྲུང་། །རི་རབ་ལད་ན་དེ་གཉིས་སྲུང་། །དངས་མ་དིང་དིང་རང་སར་བསྡད། །ཕྱི་སར་ངན་སྙིགས་སོང་ན་བཟང་། །ཡོད་ཀྱི་གནས་གཞི་བདེ་བ་ཡིན། །དེ་ལས་གོ་ལྡོག་བྱུང་ན་ངན། །འདྲེས་མ་བཟང་ངན་འདྲེས་མ་ཡིན། །དིང་དིང་གཅིག་ཀྱང་མེད་པ་ན། །མོ་མི་བཟང་གནད་གཅིག་ཡོད་པ་ཡིན། །གཉིས་པ་བརྟུད་པ་དཔྱད་པ་ལ། །མོ་གང་ཡང་ལན་གཉིས་བབས་པ་ནས། །མང་པོའི་བར་དུ་བབས་པ་ལ། །བརྟུད་པ་ཞེས་བྱ་དེ་ལའང་། །བར་མ་


MR16_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པར་བརྟུད་པ་དང་། །བར་ཆོད་པར་བབས་པ་འཕར་བ་ཡིན། །སྐྱིན་དིང་གལ་བར་ལ་སོགས་པ། །རེ་རེ་གོར་མོ་རྡོ་བས་ལྕི། །བརྟུད་ན་ཟེར་མ་རླུང་བས་ཡང་། །བཟང་པོ་བཙན་སར་བབས་པ་རྣམས། །མ་འཕར་གཅིག་འདུག་བྱུང་ན་བཙན། །བཟང་ངན་ཕྱི་ནང་གར་གྱུ་བ། །བཤད་མ་ཐག་པ་བཞིན་དུ་བལྟ། །བཟང་པོའི་མོ་མདུད་གང་ཡིན་པ། །ལོ་མལ་ས་མལ་ནས་འཕར་ནས། །ཕྱི་སར་སོང་བ་ངན་པ་ཡིན། །སླར་ཡང་རང་སར་མ་འཁོར་ན། །བླ་ཉམས་ཡུལ་འཕོ་སོགས་འབྱུང་བས། །བླ་བསླུ་སྲོག་གཏའ་ཚེ་འགུགས་བྱ། །ངན་པ་རང་ས་ནས་ཕྱི་སར། །འཕར་བ་འཚུབ་ཆ་ཕྱིར་བུད་བཟང་། །ཁྱད་པར་གཞི་འཛིན་སྟེང་དག་ཏུ། །མོ་མདུད་བཟང་པོ་གཡོན་ཆོག་བབས། །དེ་བཅུ་གསུམ་སྟེང་དུ་སོང་བ་ན། །གཡང་ཉམས་དོན་ཤོར་སོགས་ཀྱི་ངོ་། །སྤྱིར་བཅུ་གསུམ་རྩེ་འཛིན་བཟང་དགོས་ཀྱང་། །འདི་ཡང་མཐའ་ལ་གཏོགས་པའི་ཕྱིར། །འདྲ་གཉིས་འདིར་སོང་ལ་བརྒལ་ཡིན། །དེ་ལའང་བཟང་ངན་སྣ་ཚོགས་འོང་། །ལར་དིང་དིང་ཆེད་རུ་མ་འགྲིགས་ན། །སྤྱིར་བཏང་མང་ཡང་སྐྱོན་མི་འོང་། །མོ་གང་ཡང་གསུམ་ཡན་ཆེར་མི་ཉེས། །བཞི་འགྲིགས་ཕན་ཆད་འགྲིགས་དཔྱད་དགོས། །ལྔ་ཕན་ཆད་འགྲིག་གི་རེ་འབྱམས་ཡིན། །སྨད་དུ་དིང་དིང་འཕྲེད་འགྲིགས་དེ། །དཀྱིལ་འཁོར་ཁྲ་མོ་བཞེངས་པ་ཡིན། །དོ་མ་ཁ་འགྲིགས་བཏགས་པ་ཡིན། །བར་དུ་ཡུལ་ལ་འཕོ་འཇུག་འོང་། །རི་ཆེན་རྩ་བར་དུར་ཞིག་འདེབས། །སྟོད་དུ་སྟོན་པ་གྲལ་ལ་འགྲིགས། །ལ་ཁ་སྟོད་དུ་དུར་གཅིག་འདེབས། །གསས་མཁར་བརྩིགས་ལ་གནམ་སྒོ་བཅད། །ལར་ལྔ་ཕན་ཆད་མང་དུ་འགྲིགས་པ་ན། །ཅུང་ཟད་སྐྲག་འུར་ངོ་ཆེ་ཡི། །དེ་ཚུན་ཉེས་པ་ཆུང་བ་ཡིན། །དིང་དིང་འགྲིགས་


MR16_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉེས་པ་ཆུང་། །འབབ་པར་དཀའ་བའི་མོ་རིགས་ཀྱི། །གསུམ་འགྲིགས་ཀྱང་རྒྱུ་མཚན་ཆེ་བ་ཡིན། །མི་མང་ཚོགས་དང་ཆོས་ཆེན་འདྲི། །ལྷ་ཁང་བཞེངས་སོགས་འདྲ་འགྲིག་གི ། ལས་ཀ་བྱུང་ན་དེ་ལ་བལྟ། །མིན་ན་འདུ་ལོང་བྲེལ་ཚུབ་ཕྱིར། །དུར་ངོ་སོགས་སུའང་ལྟ་བ་ཡོད། །སྐབས་ཀྱི་རང་བློས་ཕྱེ་སྟེ་དཔྱད། །ལན་དང་མོ་ཁོག་ས་སྦྲགས་ཏེ་བལྟ། །ལར་དིང་དིང་རིགས་རྣམས་འགྲིགས་པ་འདི། །མནན་པས་མི་ནོན་ཟངས་ཁའི་གློ་བ་འདྲ། །ཡུལ་ཁམས་དམག་གིས་གང་བའི་ངོ་། །འཕྲུ་དཀར་དམར་ནག་གསུམ་འདྲེས་པའི་ངོ་། །གཞན་མ་ཅི་བཏབ་ངན་པ་ལ། །མི་ཆེན་འདུན་ཚོགས་བྱེད་པ་དང་། །དམག་ཆེན་དར་མདུང་འགྱེད་ཉིན་བཟང་། །སྐྱིན་དིང་སྨད་དུ་འགྲིགས་པ་དེ། །རྡོ་ཡི་མཁར་བུ་བྱས་པ་ཡིན། །དུར་གཅིག་མི་འདེབས་ཁ་མེད་ཡིན། །ཁྱི་ར་ཕག་གསུམ་ས་སྒོ་བཅད། །བར་འགྲིགས་ཤིང་ཆེན་སྡོང་པོ་འགྱེལ། །དུར་གཅིག་མི་འདེབས་ཁ་མེད་ཡིན། །རྟ་དྲེལ་བོང་བུས་ས་སྒོ་བཅད། །སྟོད་འགྲིགས་རི་ཆེན་གདན་དུ་བཏིང་། །དུར་གཅིག་མི་འདེབས་ཁ་མེད་ཡིན། །བྱ་ལྡང་ལུག་ལོས་ཁ་སྲོད་བྱ། །ལར་སྐྱིན་དང་འགྲིགས་རྣམས་གང་ཡིན་ཀྱང་། །དོག་མོ་མཐའ་ནས་གཡོས་པ་ཡིན། །གསེར་སྤལ་རྡིབ་གྲིར་ཤི་བ་ཡིན། །ས་ཞིང་རྩོད་འཁྲུག་ཡུལ་མཁར་འཆོར། །འོན་ཀྱང་སྨད་དུ་རྨིང་འདིང་དང་། །བར་དུ་མཁར་བརྩིགས་སྟོད་དུ་ནི། །རི་ལ་བྲག་རྫོང་བཅའ་སོགས་བཟང་། །ལྡི་བུར་འགྲིགས་ནང་འུས་ཕ་བླ་འབོད། །བརྡུང་རུ་དམར་ཚང་ནས་བུད་པ་ཡིན། །གཏོ་ལ་གོ་མཚོན་ཡས་སུ་བོར། །ཅི་ལ་བཏབ་ཀྱང་ངན་པ་ལ། །རྣོ་མཚོན་ངར་མ་འགྱེད་ན་བཟང་། །བྱོད་ཕུར་གྲི་ངོ་གཏམ་ངན་ཡིན། །ཡུལ་འབུད་སྐྱས་ངན་བྱེད་ངོ་ཡིན། །གཤིན་རྗེའི་ཚོང་བཟློག་འཁོར་ཡས་བོར། །ཅི་ལ་


MR16_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ཀྱང་ངན་པ་ལ། །མི་ཐར་ཡུལ་ནས་འབུད་ན་བཟང་། །སོ་ཡོན་མ་སྲུའི་ངུ་གདངས་བསྒྲིགས་པ་ཡིན། །ངུ་འབོད་དུར་ལོས་བྱས་པས་འགྱུར། །མཁར་ནག་ལས་གདངས་བསྒྲིགས་སོགས་བཟང་། །སྤོ་བར་ཕ་ཁུའི་དམེ་གྲལ་འགྲིགས། །ས་བདག་འཁྲུགས་པའི་ལྟས་ངན་ཡིན། །ཞི་བའི་སྦྱིན་སྲེག་མང་དུ་བྱ། །གྱོད་ཀྱི་ཁུར་པོ་སྒོ་སྐྱེལ་འདི། །ཅི་ལ་བཏབ་ཀྱང་ངན་པ་ལ། །ཕུང་ཆེན་གྲོས་ཤོམ་བྱེད་ན་བཟང་། །སྐྱམ་ངན་ཡུག་སའི་དུ་གྲལ་བསྒྲིགས། །འབྱུང་བ་ཆུ་ཡི་བསྐལ་པ་དང་། །ཤྭ་འོད་ཆུ་འདྲེན་སོགས་མིན་ན། །གཞན་མ་ཅི་ལ་བཏབ་ཀྱང་ངན། །བུད་མེད་འདུ་ཚོགས་བྱུང་ན་ཐུབ། །མོ་འདྲེ་མདོས་དང་སྣང་བརྒྱད་བྱ། །བྱ་རལ་ཁྱི་ནག་རུ་ལྡང་བསྒྲིགས། །སྦྲ་རི་བོ་ཐལ་གྱིས་འཐོར་བ་ཡིན། །འབྱུང་བ་རླུང་གི་བསྐལ་པ་དར། །བྱིས་པ་བུ་བདུན་ཚང་ནས་བུད། །མི་དོགས་ས་ཡི་དགྲ་ངོ་ཡིན། །ཅི་ལ་བཏབ་ཀྱང་ངན་པ་ལ། །དབྱེ་བྱེད་སྔགས་པ་ཚོགས་ཉིན་བཟང་། །ནགས་གསུམ་མང་དུ་ཚོགས་ན་ཐུབ། །ལི་ཡན་ལྷོ་བུར་སྔོ་དམར་འཁྲིགས། །ས་སྟོང་ལུང་སྟོང་བསྒྲིགས་ངོ་ཡིན། །སྟོང་ཡས་བཅུ་གསུམ་བོར་བར་བྱ། །གཞན་ཅི་ལ་བཏབ་ཀྱང་ངན་པ་ལ། །ཡུལ་གཏོང་བྱེད་པའི་ཉིན་པར་བཟང་། །སེ་སྟོད་ཤ་ཁྲག་རི་ལྟར་སྤུངས། །ཁྲག་གི་རྒྱ་མཚོ་འཕྱུར་བ་ཡིན། །དམར་ལོས་ཤ་འགྱེད་བྱས་པས་འགྱུར། །ཅི་ལ་བཏབ་ཀྱང་ངན་པ་ལ། །ལིང་ཆེན་བཏགས་པའི་མོ་ལ་བཟང་། །གཞན་མ་ཅིས་ཀྱང་མི་ཐུབ་ངན། །སྤོ་ཚེ་ཤིང་སྒྲོམ་འཕྲེད་ལ་བསྒྲིག །ཤིང་ཆེན་རྐེད་ཆད་སྤུར་སྒྲོམ་ངོ་། །ཤིང་བཅད་ཤིང་ཁང་མང་བསྒྲིགས་བཟང་། །གཞན་མ་ཅི་ལ་བཏབ་ཀྱང་ངན། །ཤིང་སྒྲོམ་དུར་བསྲེག་ལ་སོགས་བྱ། །དམུ་དག་ཤིང་སྡོང་བསྒྲིགས་པ་འདི། །ཅི་ལ་


MR16_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ཀྱང་ཁྱགས་དཀའ་བས། །དུར་ཤིང་བརྩིགས་ལ་གཏོ་བཅོས་བྱ། །བྱ་བུར་གོར་མོ་གདན་དུ་བཏིང་། །ཉ་ཆེན་རྒྱས་ནས་འགྲིབ་པ་ཡིན། །བོན་ཆེན་མང་དུ་ཚོགས་ངོ་ཡིན། །ལྷང་ཟེ་དོ་མས་ཁ་གྲལ་འགྲིགས། །སད་རིགས་བན་བོན་གྲལ་དུ་འགྲིགས། །ཚོལ་ཚེ་ཤ་ཐུད་གྲལ་དུ་བསྒྲིགས། །ཨ་ཁད་མེ་ཆེན་གནམ་དུ་འབར། །བྱ་ཡུན་བན་ཆེན་གྲལ་དུ་ཚོགས། །ཉི་མ་རྒས་ནས་འགྲིབ་འདོད་ཡིན། །ཡུལ་ལྷ་བྱེས་སུ་འཁྱམས་པ་ཡིན། །བརྒྱག་རིགས་ཉེ་བས་ཟས་ནོར་སྐྱེས། །སངས་རིགས་ཅངས་སེ་རྒྱུག་མདུར་ལངས། །བྲག་རིགས་གཤིན་རྗེ་ཁྲོམ་དུ་ལྷག །གཡུང་དྲུང་ཡུལ་གྱི་མི་ཆེན་བསྒྲིགས། །ཀྱེ་བ་ད་རོག་དམུ་དབལ་རྣམས། །དེ་དང་འདྲ་སྟེ་ཕྱ་རྗེ་སོགས། །རང་རང་སོ་སོའི་ཚེ་ཚད་ཡིན། །རུ་སོད་བདུད་དམག་གཏིང་ནས་གཡོས། །མ་ཟེ་བཙན་དམག་ཐང་ལ་ལྷག །ན་འབན་གཉན་དམག་ཁྲོམ་དུ་ལྷག །ཡར་ལྡིང་དགྲ་བླ་ཡུལ་ནས་བྲེལ། །ཝ་ཚོ་མདུང་མོ་གྲལ་ལ་བསྒྲིག །རྩེ་ར་རྣོ་མཚོན་སོ་གདངས་བསྒྲིགས། །གལ་བར་ཕུབ་ཁུར་གྲལ་ལ་བསྒྲིགས། །ཏྲོང་རིགས་གཤིན་རྗེའི་ཉུལ་མ་བསྒྲིགས། །ཆུ་སྤར་སྲིན་པོའི་ཤ་ཐབས་བཅས། །དེ་སོགས་བཟང་ངན་གང་འགྲིགས་ཀྱང་། །འདུ་ཚོགས་བྲེལ་བ་མང་ངོ་ཡིན། །ཁྱད་པར་བྲག་སོགས་ངན་རིགས་ལ། །ཧ་ཅང་ངན་སྤྱོད་ལས་ཀྱི་མཐའ། །མང་པོ་དཔུང་བསྒྲིལ་བྱེད་མ་གཏོགས། །ཅིས་ཀྱང་མི་ཐེག་ཤིན་ཏུ་ངན། །གཡུང་དྲུང་སོགས་བཟང་སྡེ་ཆེ་བ་ཀུན། །འགྲིགས་པ་ཁྱོགས་པར་ཤིན་ཏུ་དཀའ། །དིང་དིང་ལ་སོགས་དངས་མ་འཇམ་པོའི་སྡེ། །འགྲིགས་ཀྱང་འདུ་ལོང་སོགས་ཀྱི་ངོ་། །གཏོ་སོགས་བྱས་ན་སྐྱོན་ཆེར་མེད། །སོ་སོའི་དམིགས་བསལ་སྐབས་ཀྱིས་ཤེས། །ཀུན་ཀྱང་སྨད་དུ་ས་ལ་འགྲིགས། །


MR16_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དོག་མོ་གདན་དུ་བཏིང་བ་ཡིན། །དོག་མོ་གདན་དུ་བཏིང་བ་དེའི། །བདུན་གྱི་ཏྲོང་དམར་སེ་སྟོད་ན། །དུར་གཅིག་མི་འདེབས་ཁ་མེད་ཡིན། །བདུན་གྱི་གལ་བར་ཐོད་དཀར་ན། །ཡུལ་གཅིག་མི་ལོན་ཁ་མེད་ཡིན། །ཆུང་གསུམ་བུད་མེད་བསྒྲིགས་པ་ཡིན། །བར་དུ་དོ་མ་ཁ་ལྡང་བསྒྲིགས། །རི་རབ་པང་དུ་བཏབ་ངོ་ཡིན། །རི་རབ་པང་དུ་བཏབ་པ་ན། །བཅུ་གཅིག་ཁྲི་སྙན་ཏྲོང་རིགས་བབས། །མཁར་གཅིག་མི་འཆོར་ཁ་མེན་ཡིན། །བདུན་ལ་དམུ་དག་བརྒྱག་ཅན་ན། །མཁར་གཅིག་མི་ཕེབ་ཁ་མེད་ཡིན། །སྟོད་དུ་བན་བོན་གྲལ་ལ་ཚོགས། །དགུང་སྔོན་ཞྭ་ལྟར་གྱོན་པ་ཡིན། །དགུང་སྔོན་ཞྭ་ལྟར་གྱོན་པ་ལ། །བཅུ་གསུམ་སྟེང་གི་སྐྱམ་སྔོན་ན། །ཆུས་གཅིག་མི་འཆོར་ཁ་མེད་ཡིན། །བཅུ་གསུམ་ཨ་ཁད་རྩེ་མ་ན། །ཆུས་གཅིག་མི་ལོན་ཁ་མེད་ཡིན། །སྤྱིར་འགྲིགས་རིགས་གང་དང་གང་ཡིན་ཀྱང་། །རྐང་པས་མི་ཁྱོག་ལྕགས་སྒྲོག་འདྲ། །ལུས་ཀྱིས་མི་ཐེག་ཁུ་རུ་འདྲ། །མགོ་ཡི་མི་ཁྱོགས་ཞྭ་མོ་འདྲ། །སྟོད་སྨད་བར་གསུམ་གང་དུའང་ངན། །སྨད་ཀྱི་བཞི་འགྲིགས་ཡམས་ངོ་ཡིན། །ལན་ལད་ཡམས་ཀྱི་སྒོ་ནག་ཕྱེ། །བར་གྱི་བཞི་འགྲིགས་འཁྲུག་ངོ་ཡིན། །ལན་ལད་ན་དར་མ་དུར་ལ་ཐོགས། །སྟོད་ཀྱི་བཞི་འགྲིགས་མྱ་ངན་ཡིན། །ལན་ལད་ན་སྡུག་ཡུན་ཤིན་ཏུ་རིང་། །སྟོད་ཀྱི་ཆེ་གསུམ་འདྲ་འདྲ་སྟེ། །རྒྱལ་པོ་མི་ཡི་ཚེ་ཚད་ཡིན། །ལྷུ་བཅུ་གཉིས་གོང་ནས་མགོ་བོ་ཆད། །བར་གྱི་མཛང་གསུམ་འདྲ་འདྲ་སྟེ། །བློན་པོ་མི་ཡི་ཚེ་ཚད་ཡིན། །བྱང་ཁོག་ནང་གི་སྙིང་བུད་ཡིན། །སྨད་ཀྱི་སྙིགས་གསུམ་འདྲ་འདྲ་སྟེ། །དབུལ་སྡུག་རྨང་གསུམ་ཚེ་ཚད་ཡིན། །སྡུག་ལ་སྡུག་གི་མཐའ་དེད་ཡིན། །གཉིས་བརྟུད་པ་ཆས་པ་ཙམ་ཡིན་ལ། །གསུམ་བརྟུད་པ་ནི་བྲེལ་བ་ལང་། །བཞི་བརྟུད་པ་ནི་འུར་ཟིང་


MR16_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག །ལྔ་ཕན་ཆད་རེ་འབྱམས་གྲངས་སུ་འགྲོ། །བརྒྱད་ཕན་ཆད་ཤིན་ཏུ་ཕུང་ཆེན་ཡིན། །ཡུལ་བུད་མིན་པར་དེ་མི་འབབས། །ད་ནི་རེ་འབྱམས་དཔྱད་པ་ལ། །མོ་མདུད་བཟང་ངན་གང་ཡིན་ཀྱང་། །ལྔ་ཕན་ཆད་བརྟུད་ན་རེ་འབྱམས་ཡིན། །མ་བརྟུད་པ་ཡི་རེ་འབྱམས་ནི། །སོ་ཡོན་དམུ་ཆུ་བྲེང་བྲེང་ཡིན། །བརྟུད་མི་དགོས་ལན་གཅིག་བབས་པས་ཆོག །བརྟུད་པའི་རེ་འབྱམས་རིགས་ལ་ནི། །དིང་དིང་ནམ་མཁའི་རེ་འབྱམས་དང་། །སྐྱིན་དིང་ས་གཞིའི་རེ་འབྱམས་སོགས། །སོ་སོའི་མདུད་པའི་ཁམས་ལས་དཔྱད། །གནས་ཀྱི་དབང་དུ་བྱས་པ་ན། །སྨད་དུ་ས་གཞི་སྤྲུལ་གྱི་རེ་འབྱམས་ཡིན། །བར་དུ་བར་སྣང་རླུང་གི་རེ་འབྱམས་ཡིན། །སྟོད་དུ་ནམ་མཁའ་ཐོག་གི་རེ་འབྱམས་ཡིན། །རེ་འབྱམས་འཚུབས་ཟིང་བྲེལ་འུར་ཡིན། །རེ་འབྱམས་སྣ་ལ་གང་ཡོད་པའི། །མདུད་པ་དག་ལ་དཔྱད་བྱ་སྟེ། །རེ་འབྱམས་སྣ་ཡི་ཀྱེ་བ་ན། །དྲུག་ཆེན་ཧོར་ལ་ནང་དམེ་དར། །ད་རོག་བོད་ལ་ནང་དམེ་དར། །དམུ་དབལ་གཤེན་ལ་ལྷ་འཁྲུགས་བྱུང་། །བྲག་རིགས་རྫོངས་ཆེན་གྱང་རལ་འོང་། །བྱ་རལ་སྦྲ་ལ་རོ་དུམ་རེད། །ཕུང་བར་སྡེ་ཆེན་དབྱེན་ཀྱིས་ཕྱེ། །གསེར་བྱ་དམ་ཆོས་བསྟན་པ་ནུབ། །སད་ཁམས་བོན་གྱི་བསྟན་པ་ནུབ། །སྤོ་བར་ས་མདོའི་མཁར་ལ་ངན། །རེ་འབྱམས་སྣ་ཡི་ཨ་ཁད་ན། །གྲོང་པ་གཅིག་ལ་བྱ་ཐོང་དང་། །གྲོང་ཆུང་མེ་ཡི་འཚིག་གོ་སྨྲོས། །སེ་སྟོད་གླིང་ཕྲུག་གསེར་ཕུད་འཆད། །རུ་སོད་འགྲུ་ལ་ཇག་པ་རྒྱུག །ན་འབན་རྟ་དམར་འདྲེས་པའི་ཁྱུ། །དགྲས་འདེད་ནོར་འཆོར་གྲི་ངོ་ཡོད། །སྤོ་ཚེ་རྟ་ལ་ཇག་པ་རྒྱུག །ཚོལ་ཚེ་ལུག་ལ་དགྲ་སྤྱང་འཇིགས། །སྐྱེར་ལེབ་འབྲི་ལ་གློ་ཉོན་འབྱུང་། །སྐྱམ་རིགས་མོ་སྨན་གཡུ་ཕུད་ཆད། །མ་ཟེ་གྲུ་སྐྱ་ཆུ་ལ་ཤོར། །སུམ་མཉམ་རི་སྤྱང་འཇོལ་ཀྱིས་གླེབ། །


MR16_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་ཀྲེ་གཡུ་འབྲུག་མཐའ་ཡར་བརྒྱབ། །ལྡི་བུར་དོང་ཁྲ་ཐོགས་གིས་བསད། །གལ་བར་ཝ་ཚོ་ཡར་ལྡིང་དང་། །སངས་དང་བྱ་ཡུན་གང་བབས་ཀྱང་། །མི་གྲགས་པ་ཅན་ལ་བྱ་ཐོང་དང་། །སང་ཕོད་ནང་དམེ་འོང་ངོ་གྱིས། །སོ་ཡོན་ཡར་ལྡིང་བག་ལྡི་སོགས། །ངན་པའི་རིགས་རྣམས་གང་བབ་ཀྱང་། །མི་སྡུག་བསྔལ་ཅན་ལ་བྱ་ཐོང་དང་། །སྡུག་ཡུན་ཆུ་བས་རིང་ངོ་གྱིས། །མདོར་ན་སྣ་ལ་གང་ཡོད་པའི། །མདུད་པར་བརྟགས་ལ་དེ་དང་དེའི། །བླ་ཁམས་ཅན་ལ་ངན་པར་བཤད། །ད་ནི་རེ་འབྱམས་གདོང་ཐུབ་པའི། །མདུད་པའི་སྡེ་རིགས་བཤད་པ་ན། །རེ་འབྱམས་སྣ་ཡི་བྱ་བུར་ན། །རྒྱལ་བུས་ཆོས་འཁོར་ལོན་པ་ཡིན། །བོད་ལ་ལོངས་སྤྱོད་འཕེལ་བ་ཡིན། །སྣ་ལ་སྐྱིན་དིང་བབས་པ་ན། །རེ་འབྱམས་སྣ་དེ་ལུག་རིལ་གྱིས། །བརྟེན་པས་གྱོད་དང་གོད་མི་འོང་། །གལ་ཏེ་དམུ་དག་བབས་པ་ན། །དམག་ཆེན་འུབ་ཀྱིས་འདུས་པ་ཡིན། །ཁྲོམ་པ་རང་ལ་གུས་པ་ཡིན། །ཕྱི་སྣོད་ནང་བཅུད་ཤིང་ལ་བརྟེན། །འགྱུར་མེད་ཤིང་ལ་ཡོན་ཏན་ཚང་། །རེ་འབྱམས་སྣ་ལེན་འདི་གསུམ་ཡིན། །ཅི་བཏབ་ཅི་ལ་བཟང་བ་ཡིན། །གཞན་ཡང་རྩེ་བཞི་འདྲ་བཞི་དང་། །ལོག་བཞི་ཟུར་བཞིའི་འདྲ་བཞི་ངན། །ཕྱི་ས་བཞི་ཡི་འདྲ་བཞི་དེ། །ཚུར་ལ་ཐེབ་པས་དགྲ་ངོ་ཡིན། །ལན་སོགས་དགྲ་ཕྱའི་སྐབས་སུ་དཔྱད། །རང་ས་བཞི་ཡི་འདྲ་བཞི་ཡང་། །ཕལ་པས་མི་ཐུབ་དགྲ་ངོ་ཡིན། །རྫིའུ་བྱུང་ན་རྒྱལ་ངོ་ཡིན། །གནས་མལ་ལད་ན་ཕམ་ངོ་ཡིན། །བཟང་པོ་ཕྱི་ནས་ནང་འགྲིག་བཟང་། །ངན་པ་ནང་ནས་ཕྱི་འགྲིག་བཟང་། །གོ་སྐབས་ལོག་ན་ཤིན་ཏུ་ངན། །སྤྱིར་འདྲ་བ་ཐམས་ཅད་དེ་འདྲའི་རིགས། །མང་དུ་ཚོགས་ཤིང་དཔུང་བསྒྲིལ་བས། །བྲེལ་ཟིང་འུར་ངོ་ཆེ་བ་ལ། །བཟང་འུར་ངན་འུར་ལན་ལ་བལྟ། །ད་བརྟུད་པ་རྒྱུག་འདུར་ལང་བ་ཡི། །


MR16_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འཛིན་མདུད་པ་འདི་ལྟ་སྟེ། །དགྲ་བླའི་ལོག་སྐོར་བྱུང་ཙ་ན། །དུང་ཁྱུང་མགོ་ཡི་ནོར་བུ་དགོས། །བཅུ་གཅིག་བཅུ་གསུམ་གཉིས་ལ་ནི། །སྐྱམ་བྲག་ལྡི་བུར་བརྒྱག་ན་ཡིན། །རེ་འབྱམས་ཁ་རླངས་བྱུང་ཙ་ན། །དམུ་ཡི་ཕག་རྒོད་ཟེ་བ་དགོས། །གལ་བར་ལེགས་ལྡམ་བརྒྱག་ན་ཡིན། །ཟི་མ་གཡུལ་ཆེན་འགྱེད་ཙ་ན། །བུང་བའི་རྒྱབ་ཀྱི་སྟག་རིས་དགོས། །བག་སྐྱེར་བུང་ཟི་ཁྲ་མོ་ཡིན། །སངས་ལ་རྒྱུག་འདུར་བྱུང་ཙ་ན། །དར་སྙི་སེར་མོ་དགུ་བསྒྲིལ་དགོས། །ཤ་རིང་སྤོ་ཚེ་བརྒྱག་ན་ཡིན། །དབྱིག་དཀར་ལྷོ་སྤྲིན་འཁྲིགས་ཙ་ན། །རླུང་བ་ཤ་ཤུའི་རྫི་སད་དགོས། །རང་སྙན་ལྷ་རླུང་དཀར་མོ་ཡིན། །དབྱིག་དམར་ཁྲག་མཚོ་ཁོལ་ཙ་ན། །འཛིན་ཉ་དཀར་མོ་ཁྱུང་དྲག་དགོས། །སྐྱམ་གྱི་དངས་མ་གཡུ་སྒྲོན་ཡིན། །དབྱིག་ནག་དུག་མཚོ་ཁོལ་ཙ་ན། །སྨན་ཤ་ཡུ་མོའི་མཁྲིས་པ་དགོས། །སྐྱེར་དཀར་ཀུ་ཡེ་བྱེལ་ཚང་ཡིན། །འཁྲུག་གི་དམེ་ལེབ་ཉིལ་གྱུར་ན། །ཕྱ་རྗེ་མགོ་ཡི་དབུ་ཞྭ་དགོས། །ཀྱེ་བ་ཀྱེ་ལེ་འོད་དཀར་ཡིན། །ཅངས་སེ་ཁྲོམ་དུ་ལྷག་ཙ་ན། །ཤེལ་གྱི་བང་བ་མིག་དགུ་དགོས། །དིང་དིང་ཤཱཀྱ་གུར་ཆེན་ཡིན། །མོ་སྐྱ་བུ་ཡུག་འཚུབས་ཙ་ན། །ལྷོ་སྤྲིན་ཕྱུག་མོའི་ཆར་པ་དགོས། །བག་ཚོ་གད་མོ་འཛུམ་ཆེན་ཡིན། །བྲག་རྒོད་སྤྱང་ལྟོག་འགྲོལ་བ་ན། །འབྲོང་རྒོད་མགོ་ཡི་རུ་ཐུར་དགོས། །དཀར་ལ་རུ་ཐོག་གཡུང་དྲུང་དིང་མོ་གལ། །སྐྱམ་ཁམས་ཆུ་ཞོག་བརྒྱུག་ཙམ་ན། །རྨ་རྒྱལ་སྤོམ་རའི་སྐྱབས་གཅིག་དགོས། །དེ་ནི་དཀར་ཐོག་གཡུང་དྲུང་ཡིན། །སངས་རྒོད་སྦྲང་ཚང་འཐོར་ཙ་ན། །རྨ་བྱའི་རྒྱབ་ཀྱི་ལྡེམ་དར་དགོས། །དེ་ནི་ཚོལ་ཚེ་ལུ་གུ་དང་། །སྐྱེར་ཡ་རྔེལ་རྒོད་རྣམ་གཉིས་ཡིན། །ཏྲོང་སྐྱ་རྦབ་རྒོད་འདྲིལ་བ་ལ། །བ་གླང་སྨུག་པོའི་བརྡུང་རུ་དགོས། །


MR16_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གལ་བར་ཐོད་དཀར་ཡིན། །སད་ཁམས་གཟའ་སྐར་འཁྲུགས་པ་ན། །དགུ་ཐིག་སྐྱ་མོའི་འཐེན་ཐག་དགོས། །ཀྱེ་བ་ལྷ་དབྱིག་སྒམ་པོ་ཡིན། །སོ་བྲག་མུན་པ་འཐིབ་ཙམ་ན། །ཉི་ཟླ་མ་བུ་སུམ་འགྲོལ་དགོས། །བག་བྱ་གསེར་ཉི་འོད་བརྒྱག་ཡིན། །སྤོ་བྲག་སྡོང་འགྱེལ་བྱུང་ཙམ་ན། །འཕེན་ཤིང་རྩེ་མོ་བྱུང་རྒྱལ་དགོས། །དམུ་དག་གཡུ་ཡི་ཕོ་རོག་ཡིན། །ཏྲོང་བྲག་དུག་མཚོ་ཁོལ་ཙ་ན། །ཁུ་བྱུག་རྒྱབ་ཀྱི་བང་ལྡེམ་དགོས། །རེ་སེ་སྐྱེར་ཡ་རྔེས་རྒོད་ཡིན། །མོ་རྒོད་ལྷ་བཙན་འཕྱོ་ཙ་ན། །དམུ་རྗེ་བཙད་པོའི་དབུ་ཞྭ་དགོས། །དམུ་དབལ་དུང་རི་དཀར་པོ་ཡིན། །ཡང་ན་རུ་སོད་ཁ་ལེས་ཆོག །ནག་རིགས་འཐོར་འདྲོག་བྱུང་ཙ་ན། །སྟག་མོ་དམར་པོའི་མཆེ་བ་དགོས། །དེ་ནི་ཨ་ཁད་རྩེ་མ་ཡིན། །སེང་ཕྲན་ཚོ་མདུར་བྱུང་ཙ་ན། །རྐོས་རྗེ་དྲང་དཀར་ཕྱག་ཆ་དགོས། །དམུ་དབལ་དུང་རི་དཀར་པོ་ཡིན། །སེ་སྟོད་ཁྲག་མཚོ་ཁོལ་ཙ་ན། །བདུད་རྩི་སྨན་གྱི་ཞལ་བུ་དགོས། །སྐྱམ་ཆུང་བུམ་པ་གསེར་མིག་ཡིན། །གཏན་གྱི་མདུད་པ་ཉི་ཤུ་བོ། །གོང་གི་འཐབ་བརྒྱག་བརྟུད་པའི་ལན། །བཅུ་གཅིག་བཅུ་གསུམ་དག་ལ་དགོས། །གལ་ཏེ་བརྟུད་པ་མིན་ན་ཡང་། །དེ་དང་དེ་ཡི་ངན་རིགས་ཀྱི། །ལན་དུ་འདི་དག་བབས་ཆོག་ཡིན། །ད་སྙིང་མིག་སྲོག་གསུམ་འདྲ་དཔྱད་ལ། །སྙིང་མིག་སྲོག་གསུམ་དམུ་དག་གསུམ། །གནའ་ཡང་གཡུང་དྲུང་མི་ཁྱིམ་བདུན། །ད་ཡང་གཡུང་དྲུང་མི་ཁྱིམ་བདུན། །ཕ་ཤེད་བྱས་ཀྱང་མ་ཕན་ཡིན། །དེ་བཞིན་སྙིང་མིག་སྲོག་གསུམ་ལ། །འདྲ་བ་བབས་པའི་དཔྱད་པ་ལ། །བྱོད་ཕུར་མདུང་རྩེ་སྒྲོ་བ་གང་། །ད་ཕྲུག་སིལ་ཀྱིས་འགྲོ་བ་ཡིན། །ནལ་མས་ལྷ་མནོལ་གྲི་ངོ་ཡོད། །སྐྱིན་དིང་མཚེར་སྲུང་བུ་མོ་གླེན་མས་བྱེད། །རྒྱལ་བུ་རབས་ཆད་ཡོལ་གྱིས་མནན། །སྐྱམ་ཕབས་བུ་


MR16_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བུ་བས་ཚ་བོ་ངན། །སྤོ་བར་ཕ་སྤུན་ནང་མཁོན་འོང་། །དམེ་རྡོ་ལ་ཁར་འདྲིལ་བ་ཡིན། །སེ་སྟོད་མི་གཉིས་མཁོན་སར་འཆི། །ལི་ཡན་ཤིང་རུལ་འཛེར་བ་བུད། །མི་རབས་མཐའ་བརླག་མུག་གིས་བཟུང་། །མ་ཟེ་གཅན་གཟན་ཐན་སྣ་སྡིག །ཤིད་བྱས་དུར་ཡོན་མི་བརླག་ཐང་། །སྤོ་མ་ཟེ་མི་བླ་བཙན་གྱིས་ཁྱེར། །སང་མ་ཟེ་སྐྱེས་སྐྱེས་སྟག་ལ་སྐྱེས། །ཤི་ཤི་གྲི་ལ་ཤི་བ་ཡིན། །མི་རབས་གསུམ་དུ་མི་འདོད་འབྱུང་། །རུ་སོད་གྲི་བོ་ཐང་ནས་ལང་། །ན་འབན་འཁྲུགས་འདྲེ་སྤུན་གསུམ་ལང་། །ཐོག་གི་ཐོག་ལམ་དོད་ན་སྔོས། །སོ་ཡོན་དམེ་རྡོ་ལ་ཁར་འདྲིལ། །སྐྱེར་ནག་བུ་ཚེའི་འཕེལ་ཁ་བུ་མོས་འཕྲོག །བག་ལྡི་མི་རྒྱུད་རྒུད་པ་ཡིན། །མར་ལྡིང་བྲན་གྱིས་རྗེ་བོ་གསོད། །མི་ཚན་གཅིག་དེར་རབས་ཆད་ཡིན། །སྐྱེར་གསུམ་མི་ཡི་སྐྱེ་བ་ལད། །བུ་ཚ་སྐྱེས་ཚད་ལྐུག་པར་སྐྱེ། །སྐྱེར་ལེབ་ཕ་གླེན་བུ་སྨྱོན་སྐྱེ། །སྤོ་བར་ཕོ་ལྷའི་དབུགས་ཆད་ཡིན། །མི་ནོར་གཉིས་ཀ་འཕེལ་ཁ་ཆུང་། །བྱ་ཡུན་ཉི་མའི་བུ་མོ་གནམ་ནས་བྱོན། །བག་མ་གནམ་བབས་ཚུལ་དུ་རྙེད། །བག་མ་དེ་ལ་བུ་མོ་བདུན་དུ་སྐྱེ། །སངས་གསུམ་ལ་ཁར་ཐུར་དུ་རྒྱུག །འབྲོག་པ་ཡུལ་བབས་ས་གླ་ལེན། །རོར་ས་བྱང་གྱུར་ར་ཞོ་བསྙལ། །བྱ་བུར་ཕ་ཤི་ཞྭ་སྟོར་ཡིན། །ཐེ་སྐྱམ་ཡུག་སའི་མཚེར་སྒོ་བྱས། །ཝ་ཚོ་མི་རྒབ་སྐྱེ་བ་ངན། །ནོར་རྒབ་འཕེལ་ཁ་ཉུང་བ་ཡིན། །མི་སྙིང་ལྷ་ལ་འཛེར་བ་ཡིན། །ས་བདག་སྙིང་ཐོག་མི་ཤིས་འགྲམ། །སྙིང་འགྲམ་བཅོས་པའི་གཏོ་བྱའོ། །ཆུ་སྤར་མི་རབས་གྲི་རྒྱུད་དང་། །རོག་པ་སྲིན་པོས་ཤ་རྒྱ་བཙུགས། །གྲི་བོ་སྤུན་གསུམ་ལང་བ་ཡིན། །ཤག་ལེ་མི་འགབ་རླུང་གིས་ཁྱེར། །ཡུལ་དགུ་རྨོས་ཀྱང་ཕྱེ་མི་སྐྱ། །ཁྱུང་བརྒྱད་རྒྱལ་པོའི་རྒྱལ་རབས་ཆད། །སོ་བྱ་ལྷ་གྲལ་དམེ་ཡིས་བཅད། །སྐྱམ་རྒན་རབས་ཆད་ཁྱིམ་


MR16_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཡིན། །དེ་རྣམས་ངན་པའི་འགྲིག་ལུགས་ཡིན། །ཡང་བཟང་པོ་འགྲིག་པའི་དཔྱད་བཤད་ན། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །མཐའི་རྒྱ་མཚོ་རླུང་གིས་མི་བསྐྱོད་ཅིང་། །དབུས་རི་རྒྱལ་གཡོ་འགུལ་མེད་པ་ཡན། །གཙོ་བོ་དབང་ཐང་ཅན་གྱི་བླ་རི་ཡིན། །ཁྲི་ཐོགས་གསུམ་དེ་འདྲ་བར་བབས། །བཙན་དྲག་གཉིས་ཀྱི་གཉའ་ནོན་ཡིན། །མགྱོགས་དར་སྐད་མི་འཆད་རྫིའུ་ཡིན། །ཡར་ལྡིང་གསུམ་ཁྲི་སྲོང་ལྡེའུ་བཙན་ཡིན། །བདེ་དལ་ཅན་གྱི་མོ་ལ་བཟང་། །སྡུག་བསྔལ་ཅན་གྱི་མོ་ལ་ངན། །ལྡི་བུར་དགྲ་བླའི་དཔའ་མཁར་ཚར། །གལ་བར་དཔའ་རྫོང་མི་འཁྲུག་ཅིང་། །རྫོང་མི་ལ་མི་ཤོར་རྫིའུ་ཡིན། །ཨ་ཁད་ཕ་བས་བུ་སྨྲ་མཁས། །མི་རབས་སྐྱེ་འཕེལ་ཆེ་བ་ཡིན། །བྱ་བུར་གནམ་གྱི་འཇུ་ཐག་མི་ཆད་ཅིང་། །ས་ཡི་རྟེན་ཕུར་མི་འབུད་བཟང་། །སྤོ་ཚེ་རྒྱལ་པོའི་ཟ་ཐང་འཕེལ། །རྟ་རིགས་འཕེལ་ཞིང་མི་རབས་དར། །རང་སྙན་མི་རབས་ནས་བས་འཕེལ། །མི་སྲོག་བྲག་བས་སྲ་བ་ཡིན། །དེ་སོགས་མདུད་བཟང་ཕལ་ཆེར་བཟང་། །ཡང་སྙིང་མིག་སྲོག་གསུམ་སད་ཁམས་སམ། །ཡང་ན་འདོགས་ཁམས་གསུམ་བབས་དང་། །ཡང་ན་སངས་ཀྱི་བཟང་སྡེའམ། །གང་ལྟར་བཟང་གསུམ་འདྲ་བར་བབས། །བཅུ་གསུམ་ཏྲོང་ཆུང་ན་འབན་ན། །དཔག་བསམ་ཤིང་རྩེར་ཁྱུང་སྒོང་འཐོར། །སྙིང་མིག་སྲོག་གསུམ་འདྲ་བ་ནི། །གཞིར་བཞག་བཅུ་གསུམ་བབས་ལུགས་ལ། །ཕུང་མ་ལུང་ཟ་བབས་པ་ན། །ཤིང་རྩེར་འདྲེ་བྱ་སྲེག་ཚང་བཅས། །ན་འབན་རི་རབ་ཐོག་གིས་བཤིགས། །བྱ་རལ་གསེར་གྱི་གཉའ་ཤིང་ཆག །སོ་ཡོན་དུང་སེང་གཡུ་རལ་ཆད། །སྐྱམ་ངན་གངས་དཀར་ཉི་མས་ཞུ། །སོར་ཁྲ་བ་སེར་བརྡུང་རུ་ཕོག །ཕུང་བར་སྒོ་བརྒྱག་སྒང་གི་སྤུ་ཐུར་ཆགས། །


MR16_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དུར་སྣ་གདོན་བས་དུར་བཅོས་བྱ། །སད་ཁམས་སྒོ་བརྒྱག་རྒྱ་སྟག་རི་མོ་ཡལ། །ནལ་དང་གོ་ཁྲབ་མོ་གདོན་གནོད། །སྤོ་བར་སྒོ་བརྒྱག་གྱི་ལིང་དཔུང་བ་ཆག །གསེར་བྱ་རྐེད་ཆད་ངུར་པ་ཚེ་ཚད་རྫོགས། །སྒོ་བརྒྱགས་རིགས་ནི་གང་བབས་ཀྱང་། །དགུང་ལ་བྱ་འཕུར་གཤོག་པ་ཆད། །འགག་འདྲེ་གནོད་པས་གདོན་བཅོས་བྱ། །ལི་ཡན་མཚོ་ལ་རུས་སྦལ་སྐམ། །དམེ་ཕོ་དང་ནི་གྲི་བོ་གདོན། །སྐྱིན་དིང་བརྒྱག་ཅན་རི་རབ་བརྟེན་གཞི་ཞིག །ཞ་ལོང་ལྐུགས་གསུམ་གྲི་བོ་གདོན། །ཏྲོང་རིགས་འཕན་པོའི་སྲོག་མཁར་ཞིག །མཚོན་རིགས་གནོད་པས་མཚོན་བསྒྱུར་བྱ། །སངས་ངན་མཁར་རྩེར་བཙན་ཇག་རྒྱུག །རི་དྭགས་བཤོར་བས་ཕུང་དོགས་ཡོད། །བཙན་རིགས་གནོད་པས་བཙན་བསྒྱུར་བྱ། །མ་ཟེ་ནོར་ལ་བཙན་གྱི་ཤོད་མས་བཏབ། །སོལ་ཁྲ་གྲི་སྲིའི་ས་བོན་འཐོར། །དུང་ཁྱུང་གདན་ས་སོལ་ཁྲས་འཕྲོག །ཡུག་ས་དང་ནི་འགག་འདྲེ་གནོད། །སྲིན་ཐོག་དང་ནི་སྒོ་བརྒྱག་ན། །རྫུ་འཕྲུལ་ཡེབུའི་བཞུགས་ཁྲི་ལ། །ངམ་བན་མཇུག་ལྡུམ་ཚང་བཅས་ཡིན། །སྒེག་མོའི་ཟུར་ཕུད་ཆད་པ་ཡིན། །བྲག་ངན་ཕ་མཚུན་དུར་ལད་ཡོད། །གསེར་སྦལ་ཚང་ལ་ངམ་སྦལ་ཞུགས། །དེ་སོགས་མདུད་ངན་གང་བབས་ཀྱང་། །ཤིན་ཏུ་ངན་པའི་གནད་གཅིག་ཡིན། །སྐྱ་ཞིབ་བཟང་སྡེ་དངས་མ་བབས། །ཤིན་ཏུ་བཟང་བའི་གནད་གཅིག་ཡིན། །བརྒྱག་ཁ་བཟང་སྡེ་ཆེ་རིགས་བབས། །བཟང་གསུམ་ལན་ཡིན་ཁྱོགས་པར་དཀའ། །ངན་གསུམ་ལན་ཡིན་ཐུབ་སྟེ་བཟང་། །ཡང་བ་ཁོག་གསུམ་དུ་འདྲ་གསུམ་བབས། །བཅུ་གསུམ་ངན་རིགས་གང་བབས་ཀྱང་། །རྒྱུ་མས་མ་ཚོར་ལོང་རྩ་ཆད། །མི་ནོར་འཕེལ་ཁ་ཆད་པ་ཡིན། །སྙིང་མིག་སྲོག་གསུམ་འདྲ་གསུམ་བབས། །


MR16_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་སློ་བྲག་ཧྲོང་གསུམ་སོགས། །ངན་པའི་མོ་མདུད་གཅིག་བབས་ན། །སྒལ་བས་མ་ཚོར་གཞུང་པ་ཆད། །ཕོ་སྐྱེས་དཔའ་རྒོད་འཛོམས་ལ་ངན། །ཡང་གསུམ་དང་དྲུག་ལ་འདྲ་གཉིས་བབས། །བཅུ་ལ་ངན་པ་གང་བབས་ཀྱང་། །གྲོད་པས་མ་ཚོར་མཚེར་རྩ་ཆད། །སྐྱེ་འཕེལ་སད་ཀྱིས་ཁྱེར་བ་ཡིན། །ཕྱི་ས་བཞི་རུ་འདྲ་བཞི་བབས། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །པགས་པས་མ་ཚོར་གཞུང་རུས་བུད། །ཀླུ་འབུམ་འདོན་ཞིང་ཀླུ་བཅོས་བྱ། །མདོར་ན་འདྲ་ཞིང་འགྲིག་པ་འདི། །སྟོད་སྨད་བར་གསུམ་གང་བྱུང་བའི། །གནས་དང་བསྟུན་ལ་བདུན་དང་བཅུ་གཅིག་དང་། །བཅུ་གསུམ་སྟེང་གི་ལན་ལ་དཔྱད། །ཁྱད་པར་བཅུ་གསུམ་སྟེང་དུ་བརྩི། །རང་སར་བཟང་པོ་འདྲ་བ་འགྲིགས། །རྩེ་མོ་ལད་ན་ཕུགས་སུ་ངན། །རྩེ་མོ་བཟང་ན་ཕུག་གི་བཟང་ཆེན་ཡིན། །དེ་ལས་སྦྲོས་ཏེ་ཤེས་པར་བྱ། །རྒྱས་པར་བརྗོད་དུ་ག་ལ་ལང་། །ཅི་རིགས་གཞུང་གཞན་རྣམས་སུ་ལྟོས། །རྣོ་མཐོང་སྟོན་ལ་ཕྱག་འཚལ་ནས། །ད་ནི་རྩ་བའི་གསུམ་པ་ནི། །དམིགས་བསལ་གནས་སྐབས་སོ་སོ་ཡི། །ལེགས་ཉེས་བརྟག་པར་བྱ་བ་ལ། །གཞི་ཕྱ་སྲོག་ཕྱ་བློ་ཕྱ་དང་། །དོན་ཕྱ་ནོར་ཕྱ་མཚེར་ཕྱ་དང་། །མགྲོན་ཕྱ་དགྲ་ཕྱ་ནད་ཕྱ་དང་། །གདོན་ཕྱ་དུར་ཕྱ་བོར་སྟོར་ཕྱ། །སྲིད་ཕྱ་ཆུས་ཕྱ་ཆོས་ཕྱ་སྟེ། །སྡེ་ཚན་བཅོ་ལྔའི་གྲངས་ཀྱིས་བཤད། །དང་པོ་གཞི་ཕྱ་བརྟག་པ་ལ། །སྤྱི་དང་བྱེ་བྲག་ཁོག་དཔྱད་གསུམ། །དང་པོ་ལོ་མལ་ས་མལ་དང་། །གླེས་རི་ལ་སོགས་གནས་རྣམས་སུ། །བབས་དང་ལན་གྱི་དཔྱད་པ་དང་། །ཕྲལ་དང་ཕུག་གི་ལེགས་ཉེས་དང་། །དགྲ་གྱོད་ནད་གདོན་འོང་མི་འོང་། །བདེ་སྐྱིད་དར་ཆ་ཆེ་ཆུང་རྣམས། །གོང་བཤད་རྣམས་ལས་ཅི་རིགས་ཤེས། །བདེ་དལ་གཞི་ཡི་མོ་ལ་ནི། །ཧ་ཅང་


MR16_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་དྲག་མང་བ་དང་། །བྲག་དང་ཏྲོང་སོགས་ངན་རིགས་མེད། །བཙན་སར་རྫིའུ་རེ་ཙམ་བབས། །བརླིང་ཞིང་བརྟན་ན་དགེ་བ་ཡིན། །གཅིག་འདི་བུ་ཕོའི་གླེས་རི་ཡིན། །གཉིས་པ་བུ་མོ་གསུམ་ཆུང་གསུམ། །བཞི་འདི་མནའ་མའི་གླེས་རི་ལ། །ལྔ་ནི་བུ་སྲིང་མག་པའི་ས། །དྲུག་ནི་མོ་བཙུན་དར་མ་སྟེ། །བདུན་འདི་ཕ་སྤུན་བརྒྱད་གཟའ་དཔོན། །དགུ་ནི་ཞང་པོ་ལེའུ་དང་། །བཅུ་ནི་མ་ཕྱི་བཅུ་གཅིག་དགྲ་བླའི་ས། །བཅུ་གཉིས་ངམ་ལ་བཅུ་གསུམ་ནི། །མཚུན་གྱི་གླེས་རིར་བཤད་པ་ཡིན། །གཅིག་གི་སུམ་སད་ཡེ་རྔམ་དེ། །གཞི་འཛིན་ཚངས་པའི་རྫིའུ་ཡིན། །གཅིག་གི་སྟེང་གི་སྐྱེར་ལེབ་དེ། །ཇི་ལྟར་ས་ཡོ་གནམ་བཟུར་ཀྱང་། །བྲ་རྟ་དཀར་མོས་རང་ཡུལ་བསྲུང་། །ཡུལ་མི་འཆོར་བའི་རྫིའུ་ཡིན། །གཉིས་ཀྱི་སྟེང་གི་ཕུང་བྱར་དེ། །དགྲ་ཡི་ཟམ་པ་རྐེད་དུ་ཆག །དགྲ་དང་ཟུན་དུ་སོ་སོར་ཕྱེ། །དགྲ་མི་འོང་བ་ཡི་རྫིའུ་ཡིན། །གསུམ་གྱི་རེ་སེ་ཀྱུ་ནེ་དེ། །ཆུང་གསུམ་རྐང་མཐིལ་ས་ལ་བཙུགས། །ཆུང་གསུམ་འཚོ་བའི་རྫིའུ་ཡིན། །བཞི་ཡི་སྐྱིན་འདིང་གཡུ་ཐོག་དེ། །སྐྲ་སྐུད་མི་ལ་མི་རེའི་རྫིའུ་ཡིན། །ལྔ་ཡི་སྟེང་གི་སྐྱེར་འུན་དེ། །བུ་སྲིང་མི་བརླག་རྫིའུ་ཡིན། །དྲུག་གི་གལ་བར་ཐོད་དཀར་དེ། །ཁྱིམ་བདག་མོ་ནི་ལྷ་སྲུང་དང་། །མི་འབྲལ་བ་ཡི་རྫིའུ་ཡིན། །བདུན་གྱི་སྤོ་ཚེ་མདངས་བུ་དེ། །འོག་རྟ་ཚང་བའི་རྫིའུ་ཡིན། །བརྒྱད་ཀྱི་ཝ་ཚོ་ལྷ་རྒྱལ་དེ། །ཕོ་ལྷའི་གནས་མལ་བརྟེན་པའི་རྫིའུ་ཡིན། །དགུ་ཡི་སད་རྡ་གྱེར་རྒྱུད་དེ། །ལེའུ་ལྷ་དང་བསྡོང་བའི་རྫིའུ་ཡིན། །བཅུ་ཡི་ལི་ཤོ་དམར་མོ་དེ། །མཚུན་སྨན་དང་ཕྲད་པའི་རྫིའུ་ཡིན། །བཅུ་གཅིག་རྐང་སྤར་ལྡི་བུར་དེ། །ཕ་མཚུན་དགྲ་བླར་བསྡོང་བའི་རྫིའུ་ཡིན། །བཅུ་གཉིས་སྟེང་གི་དིང་དིང་


MR16_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །གཤེན་རབ་ཕྱག་རྒྱས་དུར་སྒོ་བཅད། །དུར་སྒོ་མི་ཕྱེད་རྫིའུ་ཡིན། །བཅུ་གསུམ་དམུ་དག་གཡས་བརྒྱག་དེ། །ཤིང་འབྲས་རི་རབ་རྩེ་ལ་སྨིན། །དེ་རྣམ་རྒྱལ་ཁང་བཟང་དྲུང་དུ་སླེབས། །མཚེར་ས་དུ་བ་མི་འཆད་རྫིའུ་ཡིན། །ཡང་ཆང་ངབ་སྟེང་གི་སྐྱིན་དིང་དེ། །གསེར་སྦལ་སེར་པོས་ས་གཞི་བསྲུང་། །གཉིས་ཀྱི་བྱ་རལ་ལུན་སུས་དེ། །ཁྱི་མོ་ཚང་མས་སྒོ་ཁ་བསྲུང་། །གསུམ་གྱི་སྟེང་གི་སྐྱར་དཀར་དེ། །རྩ་དཀར་དངས་མས་ཆུ་མིག་བསྲུང་། །བཞི་ཡི་བྱ་བུར་གསེར་ཐིག་ན། །དུང་ཕོ་ཨ་གྲགས་རྒྱ་མཚོ་བསྲུང་། །ལྔ་ཡི་སྟེང་གི་སྐྱམ་སྔོན་ན། །བུ་སྲིང་མག་པས་དགྲ་སྒོ་བསྲུང་། །དྲུག་གི་སྐྱེར་འུན་ར་བརྒྱག་ན། །གསེར་ཉ་སེར་བོས་གཙང་ཆབ་བསྲུང་། །བདུན་གྱི་ཨ་ཁད་རྩེ་མ་ན། །རྒྱ་སྟག་དམར་པོས་ནགས་ཚལ་བསྲུང་། །བརྒྱད་ཀྱི་སྟེང་དུ་གལ་བར་ན། །བན་གླང་སྨུག་པོས་རི་རབ་བསྲུང་། །དགུ་ཡི་མ་རྐྱང་བྱོད་ཕུར་དེ། །ལྕོག་ཆུང་ཁྲ་མོས་ལྷས་མཐའ་བསྲུང་། །བཅུ་ཡི་ཧྲང་ཟེ་ཁ་ལད་དེ། །གཡུ་འབྲུག་སྔོན་མོས་ནམ་མཁའ་བསྲུང་། །བཅུ་གཅིག་རྐང་སྤར་དུང་སེང་དེ། །སེང་གེ་དཀར་མོས་གངས་དཀར་བསྲུང་། །བཅུ་གཉིས་སྟེང་གི་སུམ་སྐྱེར་དེ། །ངམ་ཤ་བཟང་པོས་དུར་སྒོ་བསྲུང་། །བཅུ་གསུམ་སྟེང་གི་ཁྱུང་བརྒྱང་ན། །དཔག་བསམ་རྩེ་མོ་ཁྱུང་གིས་བསྲུང་། །ད་ནི་མོ་ལྷ་བཅུ་གསུམ་བཤད། །ཆང་ངབ་སྟེང་གི་སྐྱིན་དིང་ན། །རྨང་རྟེན་མི་རལ་མཁར་གྱི་ལྷ། །ས་ཆ་ཡུལ་གྱི་མོ་ལ་བཟང་། །གཉིས་ཀྱི་སྟེང་དུ་སུམ་སྐྱེར་ན། །ས་སྒོ་མ་ཕྱེས་སྲིད་ཀྱི་ལྷ། །གསུམ་གྱི་སྟེང་དུ་རང་སྙན་ན། །ཆུང་གསུམ་ཚང་བ་བྱིས་པའི་ལྷ། །བཞི་ཡི་གལ་བར་ཐོད་དཀར་དེ། །དཀོར་མཛོད་མི་སྟོང་ནོར་གྱི་ལྷ། །ལྔ་ཡི་སྐྱམ་སམ་སྐྱེར་སྒོ་བརྒྱག །དགྲ་སྣ་མི་ཕོག་ཟུན་གྱི་ལྷ། །དྲུག་གི་ཀྱེ་བ་ད་རོག་དེ། །


MR16_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མི་རབས་མི་ཆད་ལས་ཀྱི་ལྷ། །བདུན་གྱི་ལྡི་བུར་རུ་སྔོན་དེ། །རྣོ་མཚོན་མི་ཆག་རྐེད་ཀྱི་ལྷ། །བརྒྱད་ཀྱི་ཚོལ་ཚེ་བུ་བརྒྱག་དེ། །སྲོག་སྙིང་མི་སྟོང་ཁོག་པའི་ལྷ། །དགུ་ཡི་སད་སྔ་གྱེར་རྒྱུད་དེ། །སྲུང་མ་མ་འཆུག་ལེ་གུའི་ལྷ། །བཅུ་ཡི་ངམ་རུ་དཀར་སང་དེ། །མ་ལྷ་མི་གཡེལ་སྨན་གྱི་ལྷ། །བཅུ་གཅིག་སྟེང་གི་བྱོད་ཕུར་དེ། །ལྷ་མིག་མ་ལོང་དཔྲལ་བའི་ལྷ། །བཅུ་གཉིས་སྟེང་གི་བྱ་རལ་དེ། །དགྲ་འདྲེ་མི་ལོང་ནོར་གྱི་ལྷ། །བཅུ་གསུམ་ལྡི་བུར་རུ་སྔོན་དེ། །ཀླད་ར་མི་འབོག་མགོན་གྱི་ལྷ། །མི་འགྱུར་ལྷ་རིགས་བཅུ་གསུམ་ཡིན། །ཡང་གཉིས་ཀྱི་ཐང་ལེ་སྐྱ་བོ་དེ། །ཤར་ཕྱོགས་དུང་གིས་འདན་པ་ཡིན། །ལྔ་ཡི་བྱ་བུར་དངས་མ་གཡུ་མིག་དེ། །ལྷོ་ཕྱོགས་གཡུ་ཡིས་འདན་པ་ཡིན། །དགུ་ཡི་སྐྱིན་དིང་ཚོལ་ཚེ་དེ། །ནུབ་ཕྱོགས་ལྕགས་ཀྱིས་འདན་པ་ཡིན། །བཅུ་གཉིས་ཤ་རིང་སྤོ་ཚེ་དེ། །བྱང་ཕྱོགས་གསེར་གྱིས་འདན་པ་ཡིན། །རྫིའུ་སྲུང་མ་ལྷ་དང་ནི། །འདན་པ་འདི་རྣམས་གཞི་ཕྱར་བཟང་། །སོ་སོའི་ལོ་ལྷ་ལོ་བྲག་དང་། །རྫིའུ་ལ་སོགས་སྤྱི་ལྟར་དཔྱད། །ན་འབན་མ་མོའི་རོ་འཛིན་ཡིན། །གློག་དམར་ལྡི་བུར་ངམ་གྱི་རོ་འཛིན་ཡིན། །མ་ཟེ་བཙན་གྱི་རོ་འཛིན་ཡིན། །རུ་སོད་བདུད་ཀྱི་རོ་འཛིན་ཡིན། །ཆུ་སྦར་གཤིན་རྗེའི་རོ་འཛིན་ཡིན། །སྐྱམ་སེ་ཀླུ་ཡི་རོ་འཛིན་ཡིན། །སྐྱམ་རྒན་དམུ་ཡི་རོ་འཛིན་ཡིན། །རོ་འཛིན་དེ་རྣམས་ཕྱི་སར་བབས། །རོ་འཛིན་ལག་པ་བརྗེས་པ་ཡིན། །ཁྱད་པར་ལྔ་ཡི་སྟེང་དུ་ངན། །ཁ་ལན་བྱ་རལ་བབས་པ་ན། །རོ་འཛིན་ལག་པ་སྟོང་པ་ཡིན། །ཕྱི་ས་དུར་གྱི་སྒོ་བཞི་པོ། །མ་ཕྱེ་འདན་ན་ཤིན་ཏུ་བཟང་། །སྐྱིན་དིང་སྐྱེར་སོགས་དགོས་པ་ཡིན། །གཉིས་ཀྱི་རྩེ་ར་བང་ཐོག་དེ། །རོ་མདུང་ནག་པོ་ཐད་དུ་ལེངས། །ལྔ་ཡི་གློག་དམར་ལྡི་


MR16_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བུར་དེ། །དགྲ་ཆེན་ངར་ལྷབ་བྱེད་པ་ཡིན། །དགུ་ཡི་མ་ཟེ་ཨོག་དམར་དེ། །བཙན་གྱི་ཇག་པ་རྒྱུག་ངོ་ཡིན། །བཅུ་གཉིས་དིང་དིང་ལྕགས་ཁྲ་དེ། །ངམ་རྗེ་གོ་ཐོག་ཆས་པ་ཡིན། །དེ་སོགས་ཕྱི་སའི་ཁས་དྲག་ན། །ཕྱི་འཇིགས་དགྲ་དང་གྱོད་སོགས་ངོ་། །ལར་སྐྱ་རིགས་མོ་ཡི་ཕ་ཆེན་ཡིན། །ནག་རིགས་མོ་ཡི་སྙིགས་མ་ཡིན། །དམར་རིགས་མོ་ཡི་མཐའ་མིག་ཡིན། །བཏགས་པ་མོ་ཡི་ཡལ་ག་ཡིན། །སྐྱམ་སྔོན་མོ་ཡི་འཕེལ་ཆུ་ཡིན། །བརྒྱག་ཁ་མོ་ཡི་གསེར་རྩི་ཡིན། །སད་ཁམ་མོ་ཡི་ཁ་འོད་ཡིན། །སངས་ཁམས་མོ་ཡི་བྱ་བ་ཡིན། །བགྱིས་དམར་མོ་ཡི་བདུད་གཅོད་ཡིན། །ཏྲོང་ཁམས་མོ་ཡི་གསུར་ལྟོ་ཡིན། །ཀྱེ་བ་མི་ཡི་འཕེལ་ཤིང་སོགས། །གོང་དུ་བསྟན་པ་བཞིན་ཤེས་ལ། །བཟང་ངན་བྱེ་བྲག་རྟོགས་བྱས་ནས། །རང་ས་ཕྱི་སར་བབས་ཚུལ་ལ། །དཔྱད་ནས་འཇམ་རྩུབ་ཤེས་པར་བྱ། །གཉིས་པ་བྱེ་བྲག་བརྟག་པ་ལ། །བན་བོན་སྔགས་པའི་མོ་འདེབས་ན། །ཕུར་བུ་རང་གྲུབ་སྤུན་ལྔ་དགོས། །བྱ་བུར་གསེར་ཐིག་གསེར་ཕུར་དགོས། །བྱ་ཡུན་དཀར་མོ་སེང་ལྡིང་ཕུར་པ་དགོས། །བྱོད་ཕུར་ལྕགས་ཀྱི་ཕུར་པ་དགོས། །ལྡི་བུར་བརྒྱག་ཅན་ཤེལ་ཕུར་དགོས། །དིང་དིང་མི་འགྱུར་ཕུང་པ་དགོས། །རཀྟའི་རྒྱ་མཚོ་སེ་སྟོད་དགོས། །སྨན་གྱི་ཞལ་བུ་ཚོལ་ཚེ་བུ་བརྒྱག་དགོས། །རྫས་ཀྱི་གྲུབ་པ་དཀར་ཐོག་སྤུན་གསུམ་དགོས། །ཟ་ཁ་འབྱེད་པའི་སྨོན་སྲས་དགོས། །དེ་ནི་དོག་ཚང་ཁྲ་མོ་ཡིན། །ཕྱག་ཆ་འཕྲུལ་གྱི་སྡེ་ཆེན་དགོས། །དེ་ནི་སད་ཁམས་བརྒྱག་བཟང་ཡིན། །བབས་ས་དགུ་དང་བཅུ་གཅིག་བཅུ་གསུམ་ཡིན། །བབས་ན་སྔགས་པའི་བླ་གནས་དར། །བན་དེ་གཅིག་གི་མོ་འདེབས་ན། །གསེར་བྱ་གསེར་ཐིག་སྟོན་པ་ཤཱཀ་ཐུབ་ཡིན། །ལ་བང་གྲི་

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


MR16_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མགོན་པོ་ལེགས་ལྔན་དགོས། །དིང་དིང་དྲལ་དཀར་ཡང་དག་སངས་རྒྱས་དགོས། །གླེགས་བམ་ཁྲི་ཐོག་དང་ནི་གལ་བར་དགོས། །སྟོང་རི་ཕུད་དཀར་ཡེ་ཤེས་མཁའ་འགྲོ་དགོས། །གསེར་བྱར་བསྒྲིལ་ཁ་འཛིན་ལྷ་ཆེན་དགོས། །བྱ་རལ་རིན་ཆེན་རྒྱལ་བུ་དགེ་དོན་དགོས། །བྱ་བུར་བརྒྱག་ཅན་གཙུག་ན་རིན་ཆེན་དགོས། །སོ་ཡོན་ལིང་ཀུན་བཀྲ་ཤིས་དྲིལ་བུ་དགོས། །བྱ་བུར་བརྒྱག་ཅན་རིན་ཆེན་རྡོ་རྗེ་དགོས། །འདི་རྣམས་བབ་ས་བརྒྱད་ལ་གཅེས། །གཞན་ཡང་པ་ཙ་ལ་རྔམ་སོགས། །དམིགས་བསལ་བཟང་པོ་ཇི་རིགས་བཟང་། །བོན་པོ་གཅིག་གི་མོ་འདེབས་ན། །ཡར་ལྡིང་སྐྱེར་བརྒྱག་སྣང་བ་འོད་ལྡན་དགོས། །སད་རྔ་གྱེར་རྒྱུང་གཤེན་ལྷ་འོད་དཀར་དགོས། །དིང་དིང་བྱ་ཤིང་མུ་ཆོ་ལྡེམ་དྲུག་དགོས། །རྐང་སྤར་གཡས་རུ་ཡེ་གཤེན་དབང་རྫོགས་དགོས། །བྱ་རུ་ཁྱུང་རུ་གལ་བར་ཁ་སྤྲོད་དགོས། །དམུ་དབལ་གཤེན་གྱི་ཁ་འཛིན་དགོས། །དེ་རྣམས་བབས་ས་དགུ་ལ་གཅེས། །སྐྱེས་པ་ཕོ་ཡི་མོ་འདེབས་ན། །ཕོ་དཔལ་མདའ་ལ་བརྟེན་པའི་ཕྱིར། །དགྲ་བླ་མདའ་མོ་སེང་སེང་དགོས། །བླ་ནི་ཏྲོང་གི་དམུ་ཆུ་བྲེང་བྲེང་ཡིན། །ཕོ་ལྷ་དུང་ཁྱུང་དཀར་པོ་དགོས། །བླ་ནི་བག་ཚོ་ཁྲ་རྒན་ཡིན། །དགྲ་བླ་གཡུ་འབྲུག་སྔོན་མོ་དགོས། །བླ་ནི་ཡར་ལྡིང་སྐྱེར་བརྒྱག་ཡིན། །ཕོ་ལྷ་དུང་ཁྲ་དཀར་པོ་དགོས། །སྐྱེས་པ་དར་མའི་མོ་འདེབས་ན། །གལ་བར་སྐྱེས་ཀྱི་རྫིའུ་དགོས། །ཨ་ཁད་སྐྱེས་ཀྱི་ཁ་པོ་དགོས། །དམུ་དག་སྐྱེས་ཀྱི་སྲབ་མདའ་དགོས། །གཡས་ན་སྟག་དོང་ཁྲ་བོ་དགོས། །དེ་ནི་སྲང་ཟེ་ཡིན་པར་བཤད། །སྟག་དོང་ནང་ན་མདའ་མོ་དགོས། །དེ་ནི་གསེར་བྱ་ཡིན་པར་བཤད། །གཡོན་ན་གཟིག་ཤུབས་རི་བཀྲ་དགོས། །དེ་ནི་ལྡི་བུར་ཡིན་པར་བཤད། །


MR16_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཞུ་མོ་རང་གྲུབ་དགོས། །དེ་ནི་སུམ་མཉམ་ཡིན་པར་བཤད། །ཕྱག་ན་མདུང་མོ་རང་འདེབས་དགོས། །བླ་ནི་ཝ་ཚོ་སྡེ་བཞི་ཡིན། །དབུ་ལ་བྱ་བུར་གསེར་རྨོག་དགོས། །དེ་ལ་ལྡེམ་འཕྲུ་ནག་ཆུང་ཟལ་ཟལ་དགོས། །ཁྲི་ཐོག་འབུམ་དབྱུག་ཞོན་ཐུབ་དགོས། །བསེ་ཕུབ་གལ་བར་ཕུབ་བརྒྱག་དགོས། །རལ་གྲི་སྐྱམ་བྲག་ལྡི་བུར་དགོས། །ཡ་ཚ་ཙེ་ར་དཀར་ཕྲན་དགོས། །ལྡི་བུར་བཤན་གྲི་ཡུ་དཀར་དགོས། །འོག་རྟ་སྤོ་ཚེ་གཙང་མ་དགོས། །དེ་བབས་ས་གསུམ་དང་བདུན་ལ་གཅེས། །ཡང་མདུད་བར་དཔའ་མདུང་སུམ་བརྩེགས་སོགས། །ཝ་ཚོའི་བཟང་སྡེ་ཐམས་ཅད་དགོས། །གྲི་འཛིན་ཤང་རྩེ་རུ་དཀར་སོགས། །རང་རང་སོ་སོའི་བླ་མདུད་དེ། །ལོ་མལ་བཙན་སར་བབས་ན་བཟང་། །ཟ་མ་མོ་ཡི་མོ་འདེབས་ན། །མ་ལྷ་གསེར་འཕང་སེར་མོ་དགོས། །བླ་ནི་ཐང་ལེ་འོད་དཀར་ཡིན། །དེ་ཟ་མ་མོ་ཡི་གཡུ་ཝེར་ཡིན། །གསེར་གྱི་ཕ་བོང་སེར་པོ་དགོས། །སྐྱམ་དཀར་བ་མེན་ཆུ་ཤེལ་ཡིན། །མོ་བཙུན་དར་མའི་མོ་འདེབས་ན། །སྨན་མེ་ལོང་ཅན་ལ་བཅུད་གསུམ་དགོས། །ལྷ་ལྕམ་ཀླུ་ལྕམ་སྨན་ལྕམ་སྟེ། །བག་བྱ་གསེར་བྱ་ཙ་མེད་ལི་ཤོ་ཡིན། །མེ་ལོང་སྣ་ལ་རྒྱ་ལོང་དགོས། །བླ་ནི་བྱ་ཡུན་བརྒྱག་ཅན་ཡིན། །བག་ཚོ་ལྷ་སྨན་ལྡེམ་བུ་དགོས། །ཝ་སྐྱམ་བུ་བརྒྱག་ལྷ་ཟ་ལྡེམ་བུ་དགོས། །ཚོལ་ཚེ་བུ་བརྒྱག་གཡའ་འབྲི་སི་ལི་དགོས། །སྐྱམ་དཀར་བུ་བརྒྱག་གསེར་བཙུན་འཕྲུལ་མ་དགོས། །སྐྱམ་ཁྲ་ན་ཆུང་ཕྱ་ལྕམ་དཀར་མོ་དགོས། །ད་རོག་མཚོ་རྒྱལ་སྐྱེད་ཟ་ལྡེམ་བུ་དགོས། །སྐྱེར་འུན་དགྲ་ལྷའི་ལྕམ་མོ་དགོས། །དེ་རྣམས་མོ་བཙུན་རྫིའུ་ཡིན། །བབས་ས་བ་ཁོག་གསུམ་ལ་གཅེས། །ཡང་སྨན་གྱི་མོ་རྫོང་སྣ་དགུ་ནི། །བག་ཚོ་གོ་ཟུ་དཀར་པོ་དང་། །རུ་སོད་ཁ་ལེ་


MR16_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་ཀྱི་ཕྱིང་དཀར་དང་། །རང་སྙན་སྒེག་མོའི་གཡུ་ཕུད་དང་། །སྤོ་བར་བུ་བརྒྱག་སྤུ་ཟི་ཁྲ་བོ་དང་། །ཁྱུང་བརྒྱང་སྨུག་ཐོག་གཡུ་ཆེན་འོད་འབར་དང་། །བྱ་བུར་གསེར་ཐིག་གསེར་རྒྱན་དང་། །གཉིས་མ་རྙེད། སྨུག་ཐོག་སེ་སྟོད་མཆོང་དམར་ཟུར་བརྒྱད་དང་། །ཡང་བག་བྱ་བུ་བརྒྱག་མགོ་ཡི་དར་འཕྲུ་དང་། །བག་ཚོ་བུ་བརྒྱག་ལུས་ལ་ཟ་འོག་དགོས། །བག་ལྡི་ཤད་ཤད་རྐང་ལ་སག་ཏིའི་ལྷྭམ། །དྲལ་དཀར་གུར་ཁྱིམ་རི་བོ་སྟོང་ཤོང་དང་། །དིང་དིང་སྐྱིན་དིང་སྨན་གྱི་བྲང་ཁེ་བརྒྱན། །བྱ་རལ་མ་ཁྲ་བུ་ཁྲ་ནི། །རིན་ཆེན་པར་བུ་ཁ་སྤྲོད་དང་། །མུ་ས་བྱ་ཡུན་ཕྱག་ཆ་གསེར་ལིང་བཅས། །བ་ཁོག་གསུམ་བབས་མོ་ཕྱར་བཟང་། །བུ་ཚ་ཆུང་གསུམ་མོ་འདེབས་ན། །བྱ་བུར་ཀླུ་བུ་རིན་ཆེན་དང་། །སྐྱམ་བྲག་དུང་གླིང་དཀར་པོ་དང་། །བག་ཚོ་མ་ལྷ་བུ་རྫི་དང་། །ཡང་ན་རྨོག་མོ་བྱ་བུར་ཡིན། །བྱོད་ཕུར་མཐིང་གི་རྒེའུ་ཆུང་དང་། །དམུ་དག་ཡོངས་འདུས་ས་བརྟོལ་དང་། །སྐྱམ་དངས་མ་བུ་ཚའི་རྫིའུ་དང་། །ཚོལ་ཚེ་བུ་བརྒྱག་དུང་གི་ལུ་གུ་སོགས། །གཅིག་དང་གསུམ་ལ་བབས་ན་བཟང་། །བུ་མོ་ཆུང་གསུམ་མོ་འདེབས་ན། །ན་ཆུང་དཔྲལ་བའི་ཕུད་བུ་དགོས། །བླ་ནི་རིང་སྙན་དཀར་མོ་ཡིན། །ཚོལ་ཚེ་བུ་བརྒྱག་སྐྱིད་ཀྱི་གཡུ་ཕུད་དང་། །བག་ཚོ་བུ་བརྒྱག་ན་ཆུང་རལ་ཀ་སོགས། །གཅིག་དང་གསུམ་ལ་བབས་ན་གཅེས། །རྒྱལ་པོ་རྒྱལ་བུའི་མོ་འདེབས་ན། །ཀྱེ་བ་རྒྱལ་པོའི་གདུང་རྒྱུད་དགོས། །གཡུང་དྲུང་རྒྱལ་པོའི་ལ་ཐོད་དགོས། །ཡུལ་གྱི་རྒྱལ་པོའི་མོ་འདེབས་ན། །ཡར་དིང་རི་རབ་སྲོག་ཤིང་དགོས། །ཙེ་ར་མགར་གྱི་རྒྱལ་པོ་དགོས། །སྐྱིན་དིང་ཡེ་མཁྱེན་རྒྱལ་པོ་དགོས། །གལ་བར་ཕྱ་ཡི་རྒྱལ་པོ་དགོས། །བག་ཚོ་བརྒྱག་ཅན་མི་ཡི་རྒྱལ་


MR16_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དགོས། །དཀར་ཐོག་ལྷ་ཡི་རྒྱལ་པོ་དགོས། །རྐང་སྤར་ཡུལ་ལྷའི་རྒྱལ་པོ་དགོས། །རུ་སོད་ཁ་ལེ་བདུད་ཀྱི་རྒྱལ་པོ་དགོས། །ཁྱུང་བརྒྱང་གཉེན་གྱི་རྒྱལ་པོ་དགོས། །བྱ་ཡུན་ཀླུ་ཡི་རྒྱལ་པོ་དགོས། །ཝ་ཚོ་ཕོ་ལྷའི་རྒྱལ་པོ་དགོས། །རྒྱལ་པོའི་གདུང་བརྒྱུད་བཅུ་གསུམ་དགོས། །དེ་ནི་སད་ཀྱི་བཟང་སྡེ་ཡིན། །རྒྱལ་པོ་དེ་ཡི་ལ་ཐོད་དགོས། །དེ་ནི་དཀར་ཐོག་ཆེན་མོ་ཡིན། །ཚོལ་ཚེ་རྒྱབ་ཀྱི་ལེབ་ཕྱིང་དགོས། །བྱ་རལ་རིན་ཆེན་སྐུ་ཡི་བེར་ཆེན་དགོས། །མུ་ས་སྤ་དཀར་དབྱུག་པ་དགོས། །འདི་རྣམས་བརྒྱག་བཟང་བྱུང་བ་ཡིན། །གཞན་ཡང་མོ་ཡི་རྒྱལ་པོའི་རིགས། །བཅུ་གཅིག་བཅུ་གསུམ་བབས་ན་གཅེས། །བློན་པོ་བློན་རྒྱུད་མོ་འདེབས་ན། །དམུ་དབལ་ལྷ་བློན་རྫུ་འཕྲུལ་དགོས། །ད་རོག་གསེར་གྱི་བང་བ་དགོས། །རྐང་སྤར་དམུ་ཡི་ཡིག་ཚང་དགོས། །དེ་སོགས་ཆེ་རིགས་མཁས་གསལ་རིགས། །བདུན་དང་བརྒྱད་ལ་བབས་ན་གཅེས། །ཕ་དཔའ་བུ་དཔའ་མོ་འདེབས་ན། །ཝ་ཚོ་སྟག་མོའི་དྲུག་མདོ་དགོས། །ཕ་ཕྱུག་བུ་ཕྱུག་མོ་འདེབས་ན། །ད་རོག་ཕྱུག་གི་རྫིའུ་དགོས། །ཕ་བཟང་བུ་བཟང་མོ་འདེབས་ན། །ཀྱེ་བ་བཟང་པོའི་ཁ་འཛིན་དགོས། །ཕ་སྒོམ་བུ་སྒོམ་མོ་འདེབས་ན། །སྒོམ་ཁྱེར་ཕ་ཝང་ཡེ་ཟེ་དགོས། །དེ་ནི་ཨ་ཁད་རྩེ་མ་ཡིན། །མི་བཙན་དྲག་ཅན་གྱི་མོ་འདེབས་ན། །ཡར་ལྡང་དཔའ་བོ་སྟག་འཕྲུ་དགོས། །གཞན་ཡང་སད་གསུམ་ལ་སོགས་པ། །དགྲ་བླ་དྲག་རྩལ་ཅན་རྣམས་བཟང་། །མཛངས་པ་གཅིག་གི་མོ་འདེབས་ན། །དགོ་ཚངས་འཕྲུལ་གྱི་ཡི་གེ་དགོས། །བློ་གྲོས་གསལ་བྱེད་སྡེ་བཞི་དགོས། །འཕན་པོ་གཅིག་གི་མོ་འདེབས་ན། །དིང་དིང་རི་བོ་ཆུ་མིག་དགོས། །ཡར་ལྡིང་དཔའ་བོ་ཆུ་བཞི་


MR16_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །རྨང་པོ་གཅིག་གི་མོ་འདེབས་ན། །ནགས་ཀྱི་སྟག་བུ་ཐང་གཅིག་དགོས། །ཕ་རྨང་བུ་རྨང་མོ་འདེབས་ན། །ལྡི་བུར་རྨང་བུ་ཉག་གཅིག་དགོས། །དམུ་དག་རྨང་གི་སྲོག་ཤིང་དགོས། །ཕ་གཅིག་བུ་གཅིག་མོ་འདེབས་ན། །ཐང་ཤིར་གྲིབ་ལ་གཡའ་སྤང་དགོས། །སྤོ་ཚེའི་ལན་དུ་བྱོད་ཕུར་ཡིན། །སྡར་མ་གཅིག་གི་མོ་འདེབས་ན། །སྡར་མའི་བྲོས་རི་མར་ལྡང་དགོས། །གཞན་ཡང་བྱོད་ཕུར་སྡར་མ་སོགས། །སྡར་མའི་བླ་རི་ཐམས་ཅད་བཟང་། །དབུལ་པོ་གཅིག་གི་མོ་འདེབས་ན། །དབུལ་པོ་བང་བ་ལག་རྩེད་དགོས། །དེ་ནི་རེ་སེ་ཀྱུ་ནེ་ཡིན། །ཕྱུག་པོ་གཅིག་གི་མོ་འདེབས་ན། །བག་ཚོ་ཕྱུག་པོ་སྤུན་གསུམ་དགོས། །སྟོད་ཀྱི་དངས་མ་གཡུ་སྒྲོན་དེ། །ཕྱུག་པོའི་ཚེ་ཡི་རྫིའུ་ཡིན། །མཚེའུ་སྤུན་གྱི་མོ་འདེབས་ན། །མཚེའུ་སྤུན་གཉིས་རྫིའུ་དགོས། །བླ་ནི་མུ་ས་གཡང་ར་ཡིན། །མ་བུ་གཅིག་གི་མོ་འདེབས་ན། །སྐྱེར་སྨད་མ་བུ་ཁ་འཇོམ་དགོས། །དེ་རྣམས་རང་སར་བབས་པ་གཅེས། །རྒན་པོ་གཅིག་གི་མོ་འདེབས་ན། །བཅུ་གསུམ་སྐྱེར་དཀར་མདུང་འཛིན་དགོས། །མི་གཟན་ཚོལ་རྣམས་ཀྱི་མོ་འདེབས་ན། །སུམ་མཉམ་རི་སྦྱང་སྔོན་མོ་དགོས། །ཕོ་ལྷ་དུང་ཁྱུང་དཀར་མོ་དགོས། །སད་ཀྱི་བག་ཚོ་ཁྲ་ཆེན་ཡིན། །དགྲ་བླ་གཡུ་ཁྲ་གཟན་ཚོལ་དགོས། །བླ་ནི་བག་ཚོ་ཁྲ་ཆུང་ཡིན། །ཉུལ་མཁན་ཝེར་མ་སྣ་ནག་དགོས། །འཐབ་སྐྱེན་སྟག་བུ་དོང་གཅིག་དགོས། །སྔ་རུ་དཔལ་གྱི་ཕོ་ལང་དགོས། །བླ་ནི་སྐྱིན་དིང་མཁར་མིག་ཡིན། །གཡས་ན་ལྕགས་ཀྱི་དྲིལ་ཤད་དགོས། །དེ་རྣམས་བཅུ་གཅིག་བབས་ན་བཟང་། །བྲན་དང་གླ་བའི་མོ་འདེབས་ན། །ཁྱི་བརྒྱག་གངས་མཐའ་འཁོར་བ་དགོས། །


MR16_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཁད་དང་ནི་བྱོད་ཕུར་ཡིན། །བག་ལྡི་ཙོ་རར་མུན་འཐག་དགོས། །ལི་ཡན་སྒོ་ཁྱི་སྟོང་བཤལ་དགོས། །དེ་གཉིས་བཅུ་གཅིག་སྟེང་དུ་གཅེས། །བཟོ་བོ་གཅིག་གི་མོ་འདེབས་ན། །ཧྲང་ཟེ་ཀརྨ་བི་ཤྭ་དགོས། །བཟོ་གྲི་དགྱེ་བོ་ངར་ལྡན་དགོས། །དེ་ཝ་ཚོ་ལྡི་བུར་བྱོད་ཕུར་ཡིན། །བཟོ་ཁབ་དཔལ་སོ་རྣོན་པོ་དགོས། །དེ་ལྡི་བུར་དང་ནི་བྱོད་ཕུར་ཡིན། །སྤོ་ཚེ་བཟོ་བོའི་ཁ་འཛིན་དགོས། །ཡར་དིང་བཟོ་བོའི་དགྲ་བླ་དགོས། །སྐྱེར་བྱ་བཟོ་བོའི་རྫིའུ་དགོས། །མགར་བ་གཅིག་གི་མོ་འདེབས་ན། །རྩེ་ར་མགར་གྱི་དགྲ་བླ་དགོས། །མུ་ས་མགར་བའི་ཁ་འཛིན་དགོས། །སོ་ཡོན་མགར་ལྷ་ནག་པོ་དགོས། །བྱ་ཡུན་མགར་གྱི་ཐོ་བ་དགོས། །སྐྱིན་དིང་མགར་གྱི་འོག་རྡོ་དགོས། །དཀར་ཐོག་མགར་གྱི་ཚ་ལ་དགོས། །དེ་རྣམས་ལྔ་དང་བཅུ་ལ་གཅེས། །དམེ་ཅན་གཅིག་གི་མོ་འདེབས་ན། །དཀར་ཐོག་དམེ་ལག་གཙང་བ་ཡིན། །གླིང་དཀར་སྲིད་པའི་གྲོལ་ཕུག་དགོས། །བ་དཀར་གླང་དཀར་བཅུ་གསུམ་ཡིན། །དེ་དང་པོ་སྨོན་མི་དབུ་ནག་ཚང་། །བར་དུ་སྲིན་ལ་རྒན་རྒུན་ཚང་། །ཐ་མ་རྒྱལ་བུ་མཐིང་གེ་ཚང་། །ཕན་ཟན་མུག་གི་མོ་འདེབས་ན། །དམུ་དབལ་གསེར་མཚོ་སེར་པོ་དགོས། །ལི་ཡན་རིགས་མུག་གི་རྒྱལ་པོ་དགོས། །དེ་དག་བཅུ་གཅིག་བབས་ན་བཟང་། །མུག་འབྲུ་གཅིག་འབྲུ་བརྒྱ་རེད་ངོ་ཡིན། །གཞན་ཡང་རྟ་ནོར་ལུག་སོགས་ཀྱི། །རྫིའུ་རང་རང་སྐབས་སུ་བཤད། །གོང་གསལ་དེ་དག་མདོར་བསྡུས་ཏེ། །རྒྱས་པར་མདུད་རྫོང་སྐབས་དང་ནི། །སྤྱི་ཡི་སྡེ་ཚན་ལས་བཤད་དོ། །གཞན་ཡང་རྒྱས་པར་ཕྱེ་བ་ན། །དམིགས་བསལ་རེ་རེའི་དོན་ལ་ཡང་། །ཁ་འཛིན་རྫི་བུ་གནོད་བྱེད་སོགས། །ཤིན་ཏུ་རབ་མང་དབྱེར་ཡོད་པ། །མོ་གཞུང་གཞན་ལས་ཤེས་པར་བྱ། །ཡང་


MR16_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་ངན་པའི་རིགས་བཤད་ན། །རྒྱལ་པོ་གཅིག་གི་མོ་འདེབས་ན། །ཕུ་རི་རྒྱལ་རྩེ་ནས་མ་ཉིལ་དགོས། །བཅུ་གཅིག་བྲག་དང་སེ་སྟོད་ན། །རི་རྒྱལ་རྩེ་ནས་ཉིལ་བ་ཡིན། །ཡང་རྒྱལ་ས་འབངས་ཀྱིས་འཕྲོག་པ་དེ། །གཅིག་ལ་གཡུང་དྲུང་བཅུ་གསུམ་ཏྲོང་ངན་ཡིན། །ཕྱུག་པོ་གཅིག་གི་མོ་འདེབས་ན། །རྩང་པོ་མཐའ་ནས་ཟག་ན་ངན། །བཞི་ལ་མ་ཟེ་བབས་ན་ཡིན། །འཕན་པོ་གཅིག་གི་མོ་འདེབས་ན། །སྐར་ཕྲན་རླུང་གིས་གཏོར་ན་ངན། །བཅུ་ཡི་མུ་ས་བཅུ་གཅིག་ལི་ཡན་ཡིན། །རྨང་པོ་མི་མཁར་ཐུར་དུ་འདྲིལ་ན་ངན། །སེ་སྟོད་ལན་དུ་སྐྱམ་བབས་ཡིན། །བཙན་པོ་ཉི་ཟླ་ས་བབས་དེ། །གཅིག་གི་བྱོད་ཕུར་བཅུ་གཅིག་མར་ལྡིང་ཡིན། །སྐྱིད་པོ་ཉི་ཟླ་གཟས་བཟུང་ངན། །བཅུ་ཡི་ཡར་ལྡང་བཅུ་གཅིག་སོ་ཡོན་ཡིན། །དབུལ་པོར་གྲོག་རྐེད་སྟ་རེས་བཅད་ན་ངན། །བཞི་ཡི་བྱོད་ཕུར་ལྔ་ཡི་སྲང་ཟེ་ཡིན། །མི་དཔོན་གདན་ཁྲི་རླུང་བསྐྱོད་ངན། །བཅུ་ཡི་ཡར་ལྡིང་བཅུ་གཅིག་ལི་ཡན་ཡིན། །བློན་པོ་འཕྲུལ་གྱི་ཡིག་ཚང་འཐོར་ན་ངན། །གཉིས་ལ་ཨ་ཁད་བཅུ་ལ་སྤོ་བར་ཡིན། །མཁས་པ་འཕྲུལ་གྱི་ཡིག་ཚངས་ཚིག་ན་ངན། །བདུན་ལ་ཨ་ཁད་བབས་ནས་སུ། །བརྒྱད་ལ་ཆུ་སྤར་ལྡི་བུར་ཡིན། །ཕྱུག་པོ་དཀོར་གྱི་མཛོད་བཞི་སྟོང་ན་ངན། །བདུན་ལ་སྐྱིན་དིང་བརྒྱད་ལ་ལི་ཡན་ཡིན། །དོམ་ལེན་བྱིལ་འཛིན་ནས་འབྲུ་འཐོར་བ་ནི། །གསུམ་ལ་དང་མ་བདུན་ལ་མ་ཟེ་ཡིན། །དཔའ་བོ་རྒྱ་སྟག་མཆུ་སྡེར་ཆག་ན་ངན། །བརྒྱད་ལ་ཏྲང་གི་སུམ་མཉམ་དང་། །དགུ་སད་ཀྱི་ཛ་ཝང་ཛུ་ཝང་ཡིན། །སྡར་མ་ཝ་སྐྱ་ཁོང་དུ་བརྒྱལ་ན་ངན། །བརྒྱད་ལི་ཡན་དགུ་ཡི་སྐྱིན་དིང་ཡིན། །འབྲོག་པ་འབྲི་བླ་ཆར་ཆུས་འཐུང་ན་ངན། །བཞི་སྐྱམ་སྔོན་ལྔ་ཡི་སྐྱེར་


MR16_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལབ་ཡིན། །ཡུལ་པ་ཞིང་ལྷས་རྒུ་མ་བུ་ཐུ་ན་ངན། །དྲུག་ལ་སུམ་མཉམ་སྐྱམ་བརྒྱག་དང་། །བདུན་ལ་སོ་ཡོན་བྱུང་ན་ཡིན། །རྒས་པོ་ཉི་མའི་མཐའ་ལ་སྤྲིན་གཡོགས་ངན། །བཅུ་གཅིག་བྱ་ཡུན་བཅུ་གསུམ་སོ་ཡོན་ཡིན། །བྱིས་པ་ལྕོག་ཆུང་ཚང་རྡིབ་ངན། །གཉིས་ལ་ཝ་ཆོ་སང་ཆེན་ནས། །གསུམ་ལ་སྐྱིན་དིང་བབས་ན་ཡིན། །ཡང་ལྕོག་ཆུང་དུང་ཁྲས་ཁྱེར་ན་ངན། །གཉིས་སྤོ་ཚེ་གསུམ་ལ་སྤོ་བར་ཡིན། །ཡང་ཡུལ་པའི་མོ་བཙུན་འགྱོད་ན་ངན། །གཅིག་སྐྱམ་དྲུག་གི་ཝ་སྐྱམ་ཡིན། །བན་དེ་ཆ་ལང་ཐོག་གིས་བཅད་ན་ངན། །བརྒྱད་ལ་བྱ་བུར་དགུ་ཡི་ན་འབན་ཡིན། །བོན་པོ་རྔ་གཤང་རླུང་གིས་གཏོར་ན་ངན། །དགུའི་བྱ་རལ་བཅུ་གཅིག་ལི་ཡན་ཡིན། །སྨན་པ་བཟང་དྲུག་དུག་ཏུ་སོང་ན་ངན། །བདུན་གྱི་ཚོལ་ཚེ་བུ་བརྒྱག་ལ། །བརྒྱད་ལ་ཕུང་བར་བབས་ན་ཡིན། །བཟོ་བོར་འབྲོང་ཀོའི་ལྕིབས་མོ་ཟད་ན་ངན། །གཅིག་ལ་མ་ཟེ་གཉིས་ལ་ཧྲང་ཟེ་ཡིན། །མགར་བ་ཏི་ཚ་ཁབ་ཏུ་ཟད་ན་ངན། །བཞི་ལ་སོ་ཡོན་ལྔ་ལ་མ་ཟེ་ཡིན། །མོ་བཙུན་ངང་པ་མཚོ་ནས་བུད་ན་ངན། །བཞི་ལ་དིང་དིང་ལྔ་ལ་བྱ་མེད་ཡིན། །ཡང་མོ་བཙུན་གཡུ་ཕུད་ཆད་ན་ངན། །བཞི་སྐྱིན་དིང་ལྔ་ལ་བྱ་རལ་ཡིན། །བུ་ཚ་མེ་ཏོག་སད་ཀྱིས་ཁྱེར་ན་ངན། །གཉིས་ལ་བྱ་ཡུན་གསུམ་གྱི་སེ་སྟོད་ཡིན། །གཙོ་བོར་མི་ཁ་དྲིལ་ལ་ཞོན་ན་ངན། །བདུན་ལ་བྱོད་ཕུར་བརྒྱད་ཀྱི་ཕུང་ཁད་ཡིན། །བུད་མེད་མཁོན་གྱི་བུ་མོས་བྲང་བརྡུང་ངན། །དྲུག་ལ་ཕུང་ཁད་བབ་ན་ཡིན། །དགྲ་བོ་མི་སློ་རྟ་སློ་འདྲེས་ན་ངན། །ཕྱི་སར་དཀར་ཐོག་རང་སར་ནག་ཐོག་ཡིན། །དེ་སོགས་ངན་དམིགས་ཤེས་པར་བྱ། །ནམ་ཟླ་དུས་བཞིའི་དམིགས་བསལ་ལ། །གང་དུ་ཨུག་ཆོས་ངར་ལོས་བརྒྱན། །ཁུ་བྱུག་


MR16_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་གསུང་སྙན་སྒྲོགས། །གོར་མོ་ས་ལ་རྒྱུན་སྐོར་དྲ། །དཔྱིད་གསུམ་མི་ནོར་རྟགས་ཡིན་ལ། །དཔྱིད་འབྱུང་བ་ཤིང་ངམ་རླུང་གི་དུས། །བླ་ནི་མ་ཟེ་ལི་ཡན་བྱ་རལ་དང་། །གཞན་ཤིང་དང་རླུང་གི་ཁམས་རྣམས་ཡིན། །དུས་ཀྱི་རྟགས་ནི་དམུ་དག་སྟེ། །དེ་ནི་ཤིང་རྩི་སྔོ་བའི་ལྟས། །དཔྱིད་ཟླ་གསུམ་ལ་མོ་འདེབས་ན། །རླུང་བེར་ཆེན་སྲུབས་སུ་མ་རལ་ན། །རླུང་ཁམས་མང་ཡང་སྐྱོན་ཆུང་ཡིན། །ལི་ཡན་བརྟུད་ལན་བྱ་རལ་ན། །རླུང་བེར་ཆེན་སྲུབས་སུ་རལ་བ་ཡིན། །ནོར་ཟད་གཞི་འཐོར་གཉིས་ཀ་འོང་། །གཏོ་ལ་སྦྱིན་སྲེག་ཚོགས་བསག་བྱ། །ཡང་ཧྲང་ཟེ་གསུམ་དུ་བརྟུད་པའི་ལན། །ལི་ཡན་རླུང་གི་སེར་བུ་རལ། །རང་ས་བྱོད་ཕུར་ཕྱི་སར་ལི་ཡན་ན། །ཨུག་ཆོས་མེ་ཏོག་དར་བའི་རྟགས། །བྱ་རལ་ས་ཞིང་རྨོ་བའི་རྟགས། །རང་སར་དམུ་དག་ཕྱི་སར་དིང་དིང་ན། །ས་ལ་ཤིང་རྩི་སྔོ་བའི་བླ། །དེ་སོགས་དུས་ཀྱི་ཁམས་ལས་འབབས། །ཡང་ནམ་ཟླ་དབྱར་གྱི་དུས་རྟགས་ནི། །འབྲི་མོ་མ་བུ་ངུར་རྒྱུག་བྱེད། །མེ་ཏོག་སེར་ཆེན་ལ་ཁ་བརྒྱན། །གཡུ་འབྲུག་སྔོན་མོ་སྒྲ་ཆེན་སྒྲོགས། །དབྱར་ཟླ་གསུམ་གྱི་བླ་མདུད་ནི། །བྲག་ལ་ཡར་དང་སྐྱམ་རྣམས་ཡིན། །དམུ་དག་ཤིང་ལོ་སྔོ་བའི་རྟགས། །དབྱར་ཟླ་གསུམ་གྱི་མོ་འདེབས་ན། །ཆུ་ནག་དགུང་ནས་མ་ཟག་ན། །སྐྱམ་ཁམས་མང་ཡང་སྐྱོན་ཆུང་ངོ་། །སྐྱམ་བརྟུད་ལན་ན་འབན་ཆུ་ཕེམ་ཟག །དགྲ་གྱོད་གཉིས་ཀ་དུས་གཅིག་འོང་། །གལ་བར་གསུམ་ལན་སྐྱམ་སྔོན་དེ། །ཆུ་ཡི་བན་གླང་སྣ་ཟག་ཡིན། །དིང་དིང་ལན་དུ་བྱོད་ཕུར་ན། །མེ་ཏོག་རྒྱས་པ་མཚོན་པ་ཡིན། །སྟོན་ཟླ་གསུམ་གྱི་མི་འགྱུར་རྟགས། །ཤ་བ་རོག་པོས་ངུ་འདུར་བྱེད། །ལྕགས་ཟོར་


MR16_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགུག་མོས་ལས་ལམ་ཕྱེད། །གཡུ་ལོ་སྤང་རྒྱན་སྤང་ལ་བཀྲམ། །སྟོན་ཟླ་གསུམ་གྱི་མོ་འདེབས་ན། །རྨ་བྱའི་སྤུ་མདངས་མ་ཡལ་ན། །ལྕགས་ཁམས་མང་ཡང་སྐྱོན་ཆུང་ངོ་། །ཚོལ་ཚེ་བརྟུད་ལན་ཨ་ཁད་ན། །རྨ་བྱའི་སྤུ་མདངས་ཡལ་བ་ཡིན། །ཡང་ན་བྱ་ཡུན་གསུམ་བརྟུད་ལན། །མ་ཟེ་བབས་ན་དེ་དང་འདྲ། །མི་ཤི་ནོར་ཟད་འོང་པ་ཡིན། །རྒྱལ་པོ་གསེར་མདོས་ལ་སོགས་བྱ། །མ་ཟེ་ཤ་བ་ངུ་བའི་ལྟས། །རང་སར་དིང་དིང་ཕྱི་སར་བྱོད་ཕུར་ན། །གཡུ་ལོ་སྤང་རྒྱན་བཀྲ་བ་ཡིན། །རང་སར་ལྡི་བུར་ཕྱི་སར་བྱོར་ཕུར་ན། །ལྕགས་ཀྱི་ཟོར་བ་དར་བའི་ངོ་། །ནམ་ཟླ་དགུན་གྱི་མི་འགྱུར་རྟགས། །རི་ཀླུང་གས་པ་མང་དུ་འོང་། །གོར་མོ་རྡོ་ཡི་འཁྲིས་ཐག་ཆད། །རྒྱ་མཚོའི་ནང་དུ་མེ་ཏོག་ཨུཏྤལ་འཆར། །དགུན་ཟླ་གསུམ་གྱི་མོ་འདེབས་ན། །རྡོ་གྲོ་མོའི་རྒྱུན་ཐག་མ་ཆད་ན། །ས་ཁམས་མང་ཡང་སྐྱོན་ཆུང་ངོ་། །སྐྱིན་དིང་བརྟུད་ལན་བྱ་རལ་བབས། །རྡོ་ཡི་རྒྱུན་ཐག་ཆད་པ་ཡིན། །ནད་དང་མུ་གེ་གཉིས་ཀ་འོང་། །འབུམ་འདོན་ཟམ་བཙུགས་ཚ་ཚ་གདབ། །ཡང་ན་བག་ཚོ་གསུམ་བརྟུད་ལན། །རུ་སོད་བབས་ཀྱང་དེ་དང་འདྲ། །ཐ་ཆུང་བཞི་ལ་མོ་འདེབས་ན། །ས་ཟད་རྡོ་ལ་མ་ཐུག་ན། །ས་ཁམས་མང་ཡང་སྐྱོན་ཆུང་ངོ་། །སྐྱིན་དིང་བརྟུད་ལན་ཐང་ལེ་བབས། །ས་ཟད་རྡོ་ལ་ཐུག་པ་ཡིན། །ཕ་ཡུལ་སྤངས་ནས་མི་ཡུལ་འགྲོ། །གཏོ་ལ་ཀོང་ཙེ་གཏོ་བསྒྱུར་བྱ། །ཕྱི་ས་བཞི་ལ་དིང་དིང་བཞི། །མཚོ་ལ་དར་ཆགས་དུས་རྟགས་ཡིན། །དཔྱིད་འཕྱོ་བ་རླུང་གི་དངས་མ་དགོས། །བྱ་རལ་ལི་ཡན་བབས་ན་ཡིན། །དབྱར་སྔོན་པོ་ཆུ་ཡི་ཁ་རླངས་དགོས། །དེ་ནི་ནག་ཆུང་ཟལ་ཟལ་ཡིན། །སྟོན་དཔག་བསམ་ཤིང་གི་འབྲས་བུ་དགོས། །དེ་ནི་སྤོ་ཚེ་གླིང་བརྒྱག་ཡིན། །དགུན་སྲ་བརྟན་ལྕགས་ཀྱི་


MR16_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དངས་མ་དགོས། །དེ་ཚོལ་ཚེ་ལྕགས་མདོག་དྲུག་པོ་ཡིན། །གཞན་ཡང་དམག་ཇག་དྲག་ལས་དུས། །བྲག་སོགས་མདུད་པ་རྩུབ་མོ་དང་། །མི་མང་འདུ་དུས་བརྟུད་པ་དང་། །ནད་པ་ངན་སྙིགས་བབས་པ་རྣམས། །དམིགས་བསལ་དུས་ཡིན་མི་སྐྱོན་ཞིང་། །ལས་དང་མཚུངས་པའི་བླ་རྟགས་རིགས། །བབས་ས་ཡུལ་དུས་སྐབས་སྦྱར་ཏེ། །དམིགས་བསལ་སྣ་ཚོགས་ཤེས་པར་བྱ། །གསུམ་པ་སྤྱི་ཁོག་དཔྱད་པ་ལ། །ཕྱི་རྟགས་བྱང་བུ་བཅུ་གསུམ་ནི། །མི་འཕེན་པོར་མོ་རྩེ་ཞན་པ་དང་། །བརྒྱག་མེད་ངན་སྙིགས་རྟག་ཏུ་བབས། །ཐ་མར་རྨང་པོར་འགྱུར་དོགས་ཡོད། །ཕྱུག་པོ་མོ་ཁོང་སྐྱ་བ་དེ། །ཐ་མར་སྤྲང་པོར་འགྱུར་དོགས་ཡོད། །བརྒྱག་མེད་ཁ་ཁོག་སྐྱ་ན་ཡིན། །བཙན་པོ་ཁས་དྲག་མེད་པ་ན། །ཐ་མར་ཁས་ཞེན་འོང་དོགས་ཡོད། །དངས་མ་ཆེ་སྡེ་མེད་ན་ཡིན། །རྒྱལ་པོ་ཕྱག་རྩེ་མེད་པ་ན། །ཐ་མར་བྲན་དུ་འགྱུར་དོགས་ཡོད། །སྙིང་མིག་སྲོག་གསུམ་ལད་ན་ཡིན། །གཞི་ལ་སྲུང་བཞི་མེད་པ་ན། །ཐ་མར་འཁྱམ་པོ་འོང་དོགས་ཡོད། །གཅིག་ལད་སྲུང་བཞི་མེད་ན་ཡིན། །འབྲོག་པར་སྲུང་རྫི་མེད་པ་ན། །ཐ་མར་སྐྲ་སྐུད་མེད་དོགས་ཡོད། །བཞི་དང་བཅུ་དང་རྩེ་འཛིན་ལ། །སྙིགས་མ་སྐྱ་ཚག་བབས་ན་ཡིན། །བན་བོན་སྲུང་བཞི་མེད་པ་ན། །ཐ་མར་དམ་ཚིག་ཉམས་དོགས་ཡོད། །བརྒྱད་དགུ་བཅུ་གཅིག་ལད་ན་ཡིན། །སྐྱེས་པ་བླ་གནས་མེད་པ་ན། །ཐ་མར་མདའ་ར་སྟོང་དོགས་ཡོད། །བདུན་ལད་ལོ་བྲག་ཆད་པ་ཡིན། །བུད་མེད་བླ་མཚོ་མེད་པ་ན། །ཐ་མར་ཐག་ར་སྟོང་དོགས་ཡོད། །བཞི་དང་བ་ཁོག་ལད་ན་ཡིན། །བུ་ཆུང་སྲུང་བཞི་མེད་པ་ན། །ཐ་མར་རྩེ་ར་སྟོང་དོགས་


MR16_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །གཅིག་གསུམ་བཅུ་གཅིག་ལད་ན་ཡིན། །ནད་པར་བདུད་རྩི་མེད་པ་ན། །ཐ་མར་སྲོག་སོས་མེད་དོགས་ཡོད། །བཙན་སར་རྫིའུ་མེད་ན་ཡིན། །ཕྱི་རྒྱུད་རྩ་བ་མེད་པ་ན། །བཟང་ངན་མོ་ལ་འཚེར་དོགས་ཡོད། །གཅིག་ལད་ངན་པ་ཡང་དག་ཡིན། །སྤྱི་ཡི་རྩེ་མོ་མེད་པ་ན། །མགོ་གཡོགས་ཞབས་ཀྱི་སོ་ནམ་ཡིན། །བཅུ་གསུམ་ངན་ན་ཡང་དག་ཡིན། །འདི་རྣམས་རྒྱུན་དུ་བཏབ་པའི་དུས། །ལན་གྲངས་རྟག་ན་ཕྱི་ཕུག་གི། འབྱུང་འགྱུར་ལུང་སྟོན་ནུས་པ་ཡིན། །དེ་ལས་བཟློག་སྟེ་བབས་པ་ན། །རྨང་པོ་ཡིན་ཀྱང་འཕན་པ་དང་། །ཁས་ཉན་བཙན་པོར་འགྱུར་བ་སོགས། །ཇི་ལྟར་རིགས་པར་ལུང་སྟོན་ནུས། །ལོ་ཟླ་མེ་ཏོག་སྟོང་རྩིས་ལས། །ལོ་ཡི་ཚང་དུ་བཤད་པ་ལ། །གཅིག་གི་དམུ་དག་བརྒྱད་ཝ་ཚོ། །བཅུ་གཅིག་མུ་སའམ་ལི་ཡན་དང་། །བཅུ་གསུམ་སློ་བྲག་ཏྲོང་གསུམ་དང་། །སོ་བྱ་ན་འབན་ཁ་བུར་དང་། །སྐྱེར་ནག་སྐྱམ་ཚག་འཐོར་གསུམ་སོགས། །ངན་སྙིགས་རིགས་རྣམས་གང་བབས་ཀྱང་། །ན་ནིང་སྦ་དཀར་ཐོག་བུ་འཁྲུངས། །ད་ལོ་སྙུག་མ་ལོ་འདབ་རྒྱས། །སང་ཕོད་སྡོང་རྒན་རླུང་གིས་བསྒྱེལ། །ལོ་ན་ནིང་མ་ཡིན་ད་ལོ་ཡིན། །ད་ལོ་མ་ཡིན་སོང་ཕོད་ཡིན། །སྐྱེས་དར་མ་གཅིག་མི་འགྲོ་ཁ་མེད་ཡིན། །གྲི་ངོ་ཡོད་པས་གྲི་བྲུབ་བྱ། །གཞན་ཡང་དར་ནས་རྒུད་པའི་ངོ་། །གཅིག་ལ་དམུ་དག་བརྒྱད་ཝ་ཚོ། །བཅུ་གཅིག་ནག་ཐོག་སེ་སྟོད་ན། །ན་ནིང་སྨྱུག་མ་ཚལ་གཅིག་འཁྲུངས། །ད་ལོ་སྨྱུག་ལ་ལོ་འདབ་རྒྱས། །སང་ཕོད་སྨྱུག་མའི་སྡོང་པོ་འགྱེལ། །ལོ་ཕྱེད་དང་གསུམ་ནས་འཛེར་བ་ཡིན། །གཅིག་སྐྱིན་དིང་བརྒྱད་ཀྱི་ཤ་


MR16_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྤོ། །བཅུ་གཅིག་ཆུ་དོ་ལི་ཡན་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །ན་ནིང་སྤང་དཀར་མེ་ཏོག་བཀྲ། །ད་ལོ་ས་ཤོད་མེ་ཏོག་རྒྱས། །སང་ཕོད་མེ་ཏོག་སད་ཀྱིས་ཁྱེར། །ཡང་གཅིག་དང་བརྒྱད་ལ་སྐྱིན་དིང་དང་། །བཅུ་གཅིག་ཐོག་ཏུ་དམུ་དག་དང་། །བཅུ་གསུམ་དམུ་དཔལ་ཟེ་ཟེ་ན། །ན་ནིང་དཀྱིལ་འཁོར་ས་སྟེགས་བརྩིགས། །ད་ལོ་དཀྱིལ་འཁོར་ཐིག་ཚོན་བཀྲ། །སང་ཕོད་དཀྱིལ་འཁོར་ཐིག་ཚོན་ཡལ། །ལོ་གསུམ་ཚུན་དགེ་བཤེས་འདས་གྲོངས་འོང་། །གཅིག་ལ་ཙེ་ར་བརྒྱད་ཡར་ལྡང་། །བཅུ་གཅིག་སེ་སྟོད་ཕུང་བར་དང་། །བཅུ་གསུམ་ངན་སྙིགས་གང་བབས་ཀྱང་། །ན་ནིང་གཡུ་ཤུག་དབྱར་རྒུན་སྔོ། །ད་ལོ་གཉན་ཤིང་ཀ་བ་བཙུགས། །སང་ཕོད་ཤིང་ཆེན་ཐོག་གིས་བསྒྱེལ། །ལུག་དོན་པོ་འདྲ་བའི་མི་ལ་ངན། །གཅིག་ལ་ཙེ་ར་བརྒྱད་ཡར་ལྡང་། །བཅུ་གཅིག་ན་འབན་ཏྲོང་ཆུང་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །དེ་ཡང་གོང་དང་འདྲ་བ་ཡིན། །གཅིག་ལ་བག་བྱ་བརྒྱད་བྱ་ཡུན། །བཅུ་གཅིག་སོ་ཡོན་བཅུ་གསུམ་ངན། །ན་ནིང་ཁུ་བྱུག་གསུང་སྐད་སྙན། །ད་ལོ་ལྕོག་དགུང་དུ་འཕུར། །སང་ཕོད་དུང་ཁྲ་ནེ་ལེས་བསད། །མི་ཁྲ་རྒོད་འདྲ་ལ་ངན་པ་ཡིན། །གཅིག་ལ་བག་བྱ་བརྒྱད་སྐྱེར་འུན། །བཅུ་གཅིག་མུ་སའམ་ལི་ཡན་ནས། །བཅུ་གསུམ་སྙིགས་མ་གང་བབས་ཀྱང་། །ན་ནིང་བྱ་ཁྲ་གཟན་དང་འཕྲད། །ད་ལོ་ནེ་སེང་གྲོགས་དང་འཕྲད། །སང་ཕོད་བྱ་ཝང་མུ་གེས་ཤི ། མི་བྱ་ཁྲ་འདྲ་བ་གཅིག་ལ་ངན། །གཅིག་ལ་བྱ་ཡུན་བརྒྱད་ཝ་ཚོ། །བཅུ་གཅིག་ཆུ་སྤར་ལྡི་བུར་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །ན་ནིང་དུང་ཁྱུང་གཟན་ལ་ཆས། །ད་ལོ་བྱ་རྒོད་གཤོག་དྲུག་རྒྱས། །སང་ཕོད་ཐལ་


MR16_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ནང་དུ་ཕོག །མི་བྱ་རྒོད་ཐང་དཀར་འདྲ་ལ་ངན། །གཅིག་དང་བརྒྱད་ལ་སྐྱེར་བབས་ནས། །བཅུ་གཅིག་ལི་ཡན་སྐྱ་བཞི་དང་། །བཅུ་གསུམ་ཏྲོང་མུན་འཐོར་བྲག་ན། །ན་ནིང་བེའུ་ཆུང་མ་རྩར་རྩེ། །སང་ཕོད་ཐུས་མའི་ཞོ་གསར་བྱེད། །གནང་ཕོད་འབྲི་རྒན་བཤས་རར་ཕྱིན། །གནང་ཕོད་བུ་མོ་གཅིག་ལ་ངན། །གཅིག་སྐྱེར་བརྒྱད་ལ་རྔེས་རྒོད་དུན་རྩེ་དང་། །བཅུ་གཅིག་སློ་བྲག་ཏྲོང་གསུམ་ནས། །བཅུ་གསུམ་ལི་ཡན་སྐྱ་བཞི་ན། །ན་ནིང་རྒྱ་བྱ་རི་མོ་བཀྲ། །ད་ལོ་རྨ་བྱ་གཡུ་མདངས་གསལ། །སང་ཕོད་ཁྭ་ཏས་ཁྱུང་ཆེན་བསད། །གྲགས་པ་ཅན་གྱི་མི་དེ་ཤི། །མདོ་རིས་ཅན་གྱི་རྟ་དེ་བཏང་། །གཅིག་དང་བརྒྱད་ལ་སྐྱེར་བབས་ནས། །བཅུ་གཅིག་ཏྲོང་གི་སོ་བྲག་དང་། །བཅུ་གསུམ་སྙིགས་མ་གང་བབས་ཀྱང་། །གྲི་ཡི་ཚ་ཚྭ་འཐོར་བ་ཡིན། །གྲི་བོན་དཔལ་རུ་གྱོན་པ་ཡིན། །སང་ཕོད་གྲི་ངོ་ཡོད་པ་ཡིན། །གཅིག་ཚོལ་ཚེ་བརྒྱད་ལ་སད་ཚོལ་ཚེ། །བཅུ་གཅིག་སྐྱམ་ནག་སེ་སྟོད་དང་། །བཅུ་གསུམ་སྙིགས་མ་གང་བབས་ཀྱང་། །ན་ནིང་དཔའ་བོ་ཁ་པོ་ཆེ། །ད་ལོ་བཙན་ཕྱུག་དར་གསུམ་འཛོམས། །སང་ཕོད་བཙན་ཤི་རྣོན་པོ་ཆག །ཕོ་བརྒྱས་བྲང་བརྡུང་མོ་བརྒྱ་ངུ་། །སྟག་བརྒྱའི་རི་མོ་ཡལ་བ་ཡིན། །མི་སྙིང་དང་འདྲ་ལ་སང་ཕོད་ངན། །གཅིག་ལ་ཚོལ་ཚེ་བརྒྱད་གསོལ་ངོ་། །བཅུ་གཅིག་སྐྱམ་གྱི་མ་བརྒྱག་དང་། །བཅུ་གསུམ་སྙིགས་མ་གང་བབས་ཀྱང་། །ན་ནིང་རྣོན་པོ་སོ་ངར་ལྡན། །ད་ལོ་རྣོན་པོར་ངར་ཡང་བླུད། །སང་ཕོད་རྣོན་པོ་སོ་ཁ་ལོག །ཕོ་བརྒྱ་གྲིར་འཆི་མོ་བརྒྱ་ཡུག །རྣོན་བོ་ཤུབས་དང་འབྲལ་བ་ཡིན། །དེ་ད་ལོ་མ་རེད་སང་ཕོད་ཡིན། །གཅིག་དང་བརྒྱད་ལ་བྱོད་ཕུར་དང་། །བཅུ་གཅིག་ན་འབན་ཏྲོང་ཆུང་དང་། །བཅུ་གསུམ་ལི་ཡན་སྐྱ་བཞི་བབས། །


MR16_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནིང་གཡའ་སྤང་སྐྱེ་གཅིག་སྐྱེས། །ད་ལོ་ཉི་གྲིབ་མཚམས་ལ་འདུག །སང་ཕོད་རི་བོང་གླག་གིས་ཁྱེར། །སྐྱེས་དར་མ་གཅིག་གི་མཐའ་མིག་ཡིན། །གཅིག་ལ་རུ་སོད་ཁ་ལེ་དང་། །བརྒྱད་ལ་གློག་དམར་ལྡི་བུར་དང་། །བཅུ་གཅིག་སློ་བྲག་ཏྲོང་གསུམ་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །ན་ནིང་ལྷ་གཡག་རྫ་ལ་འགྱིང་། །ད་ལོ་བྲེ་སེར་ར་ལ་སྐར་ཁུང་བཅས། །སང་ཕོད་གཡག་ཆད་མདའ་ཡིས་བསད། །ཕོ་དཔའ་བོ་འབྲོང་དང་འདྲ་ལ་ངན། །གཅིག་ལ་ཨ་ཁད་རྩེ་མ་དང་། །བརྒྱད་ལ་མུ་ཙ་ལི་ཡན་དང་། །བཅུ་གཅིག་སོ་ཡོན་བྱ་ཡུན་དང་། །བཅུ་གསུམ་ཏྲོང་ཆུང་འཐོར་བྲག་ན། །ན་ནིང་རྒྱ་སྟག་ནགས་ལ་འགྱིང་། །ད་ལོ་འཛུམ་དྲུག་སྒང་ལ་རྫོགས། །སང་ཕོད་སྟག་མོ་ཚེ་ཟད་ནགས་དང་བྲལ། །མི་རྒྱ་སྟག་འདྲ་བ་གཅིག་ལ་ངན། །གཅིག་དང་བརྒྱད་ལ་རྩེ་མ་དང་། །བཅུ་གཅིག་སྐྱམ་གྱི་མ་བརྒྱག་དང་། །བཅུ་གསུམ་ངན་སྙིགས་གང་བབས་ཀྱང་། །ན་ནིང་ནེ་ཙོ་གསུང་སྙན་སྒྲོགས། །ད་ལོ་ཕ་ཝང་ལྕེ་རྩ་གྲོལ། །སང་ཕོད་ནེ་ཚོ་སྨྲ་མཁན་ལྐུག །མཛངས་པ་དང་བོན་ཆོས་མཁན་ལ་ངན། །གཅིག་ལ་ལྷང་ཟེ་བརྒྱད་ལ་སད་ལྷང་ཟེ། །བཅུ་གཅིག་སོལ་ཁྲ་རུ་སོད་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །ན་ནིང་གཡུ་འབྲུག་གསང་སྙན་སྒྲོགས། །ད་ལོ་འབྲུག་མོ་དགུང་དང་མཉམ། །སང་ཕོད་གཡུ་འབྲུག་ནམ་མཁར་གྲགས། །ཕོ་གྲགས་པ་ཅན་གྱི་མོ་ལ་ངན། །ཡང་གཅིག་དང་བརྒྱད་ལ་ལྷང་ཟེ་དང་། །བཅུ་གཉིས་མ་ཟེ་སོ་བྲག་དང་། །བཅུ་གསུམ་ངན་སྙིགས་གང་བབས་ཀྱང་། །ན་ནིང་གསེབ་ཆེན་བྲེས་ལ་འཚེར། །ད་ལོ་གྱི་ལིང་དགུང་མཐའ་འཁོར། །སང་ཕོད་མགྱོགས་པ་བང་ཐང་ཆད། །མི་གྱི་ལིང་འདྲ་བ་གཅིག་


MR16_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངན། །གཅིག་དང་བརྒྱད་ལ་སུམ་མཉམ་དང་། །བཅུ་གཅིག་སྐྱམ་ཆད་སྒོ་བརྒྱག་དང་། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །ན་ནིང་སྤྱང་མོ་གཟན་དང་འཕྲད། །ད་ལོ་རི་སྤྱང་མགྲོན་ལ་ཆས། །སང་ཕོད་སྤྱང་མོ་གལ་དང་འཕྲད། །མི་སྤྱང་ཀི་འདྲ་བ་གཅིག་ལ་ངན། །གཅིག་བརྒྱད་སུམ་མཉམ་བུ་བརྒྱག་དང་། །བཅུ་གཅིག་སྐྱམ་རིགས་མ་བརྒྱག་དང་། །བཅུ་གསུམ་ངན་སྙིགས་གང་བབས་ཀྱང་། །ན་ནིང་བྱ་མོ་གཟན་ལ་ཆས། །ད་ལོ་གྲི་བྱ་མགྲོན་ལ་འགྲོ། །སང་ཕོད་སྤྱང་ཀི་གལ་ལ་ཟིན། །མི་སྤྱང་ཀི་འདྲ་བ་གཅིག་ལ་ངན། །གྲགས་པ་ཅན་གྱི་བུ་གཅིག་འཆི། །གཅིག་བག་ལྡི་བརྒྱད་ལ་རེ་སེ་དང་། །བཅུ་གཅིག་ལི་ཡན་བབས་ནས་སུ། །བཅུ་གསུམ་ནག་ཐོག་སྤུན་གསུམ་ན། །ན་ནིང་ཕྱུག་པོའི་ནོར་ལྷས་གང་། །ད་ལོ་བེའུ་ལུག་ལོ་འདབ་རྒྱས། །སང་ཕོད་དབུལ་པོའི་གོ་མཐའ་འཁོར། །རྒྱལ་པོས་སྤྲང་སྒྱེ་ཁུར་བ་དང་། །སྡེ་བ་ཁྱི་ཤིག་སྤར་གང་རེད། །གཅིག་དང་བརྒྱད་ལ་སྤོ་ཡི་རིགས། །དངས་མ་བརྒྱག་ཅན་བབས་ནས་སུ། །བཅུ་གཅིག་ལི་ཡན་སྐྱ་བཞི་དང་། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །ན་ནིང་འཁོར་འབངས་བརྒྱ་དང་སྟོང་། །ད་ལོ་རྒྱལ་པོ་ཁྲི་ལ་བཞུགས། །སང་ཕོད་རྒྱལ་པོའི་དཔའ་ཁྲོམ་ཞིག །རྒྱལ་ཆེན་གདན་ས་སྟོང་ངོ་ཡིན། །གཅིག་དང་བརྒྱད་ལ་སུམ་མཉམ་དང་། །བཅུ་གཅིག་ལི་ཡན་སྐྱ་བཞི་དང་། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །གཞི་ནང་ཁྲི་ཆེན་བདུན་བརྩེགས་བརྩེགས། །ན་ནིང་དཔོན་གཡོག་བརྒྱ་དང་སྟོང་། །ད་ལོ་རྒྱལ་པོ་གདན་ལ་བཞུགས། །སང་ཕོད་རྒྱལ་པོས་སྤྲང་སྒྱེ་ཁུར། །རྒྱལ་པོ་གཅིག་གི་མོ་ལ་ངན། །གཅིག་དང་བརྒྱད་ལ་སྤོ་ཚེ་དང་། །བཅུ་གཅིག་ལི་ཡན་སྐྱ་བཞི་དང་། །བཅུ་གསུམ་ལྷང་ཟེ་སྒོ་བརྒྱག་


MR16_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ད་ལོ་རྟེལ་ཆུང་མ་མཆེན་རྩེ། །སང་ཕོད་གཞི་མོ་བྲེས་ན་ཚར། །རྗེས་ཕོད་རྒོད་མའི་བྲེས་ཁང་སྟོང་། །མོ་བཙུན་མི་ཤི་ཁ་མེད་ཡིན། །གཅིག་བརྒྱད་སྐྱམ་གྱི་བུ་བརྒྱག་དང་། །བཅུ་གཅིག་སྐྱམ་ནག་སེ་སྟོད་དང་། །བཅུ་གསུམ་ངན་སྙིགས་གང་བབས་ཀྱང་། །ན་ནིང་གཙང་པོ་འབྲུབ་ལ་ལུ་མ་རྒྱས། །ད་ལོ་མཚོ་ལ་ཉ་སྲམ་འཁོར། །སང་ཕོད་ལྷ་མཚོ་ཐན་པས་བསྐམ། །ཆུ་མིག་རྡོལ་ཙ་གཙང་པོ་སྐམ། །མི་དེ་ཤི་ནས་ནོར་དེ་ཟད། །འགྲོས་དེ་ལད་ནས་རྟ་དེ་ཤི། །གཅིག་བརྒྱད་སད་སྐྱམ་ཏྲོང་ཏྲིག་ནས། །བཅུ་གཅིག་སྟེང་དུ་སོ་ཡོན་བབས། །བཅུ་གསུམ་ཁ་ཐུན་སྤུན་གསུམ་ན། །ན་ནིང་རྒྱལ་པོ་གདན་ལ་བཞུགས། །ད་ལོ་རྒྱལ་པོ་འཁོར་གྱིས་བསྐོར། །སང་ཕོད་རྒྱལ་པོ་གདན་ལས་འདྲེད། །རྒྱལ་པོ་བུ་ཡི་དོན་པོ་དེ། །འབངས་ལོ་ངམ་རྟ་རྫིས་བསད་པ་ཡིན། །གཅིག་བརྒྱད་སྐྱམ་ལེ་བུ་བརྒྱག་དང་། །བཅུ་གཅིག་སྐྱམ་རིགས་བབས་ནས་སུ། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །ན་ནིང་གཙང་པོར་ཆུ་གཟིངས་འདོར། །ད་ལོ་ཆབ་ལ་ཉ་སྲམ་འཁོར། །སང་ཕོད་གཙང་ཆེན་གཞུང་ནས་སྐམ། །མི་ཤི་ནོར་ཟད་གཉིས་ཀ་ཡིན། །བན་བོན་ཡིན་ན་མགྲོན་ལད་ཡིན། །སྐྱེ་བོ་ཡིན་ན་ཇག་ལད་ཡིན། །གཅིག་ལ་བྱོད་ཕུར་བརྒྱད་སངས་རིགས། །བཅུ་གཅིག་སྐྱམ་གྱི་ངན་རིགས་དང་། །བཅུ་གསུམ་སྙིགས་མ་ངན་པ་རྣམས། །ད་ལོ་ཤེའུ་ཆུང་མ་དང་རྩེ། །སང་ཕོད་ཤ་རྒྱལ་མ་དང་མཉམ། །རྗེས་


MR16_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་ཤ་རྒན་གདོས་དང་འཕྲད། །མི་ཆེ་རབ་གཅིག་གི་མོ་ལ་ངན། །གཅིག་བརྒྱད་དིང་དིང་དུང་ཁྱུང་དང་། །བཅུ་གཅིག་སོ་ཡོན་བབས་ནས་སུ། །བཅུ་གསུམ་ན་འབན་ཏྲོང་ཆུང་ན། །ན་ནིང་དྲང་ཤིང་བྱ་ཁྲ་འཁོར། །ད་ལོ་དཔག་བསམ་རྩེ་ན་ཁུ་བྱུག་གྲགས། །སང་ཕོད་ཁྱུང་ཆེན་གཙུག་ནོར་སྟོར། །མི་ཤི་མཁར་ཞིག་ནོར་འཛད་ཡིན། །གཅིག་དང་བརྒྱད་ལ་མུ་ས་དང་། །བཅུ་གཅིག་ཆུ་དོ་ལི་ཡན་དང་། །བཅུ་གསུམ་སོ་ཡོན་ནག་མོ་ན། །ན་ནིང་ལྗོན་ཤིང་ལོ་འདབ་རྒྱས། །ད་ལོ་སྐྱེད་ཤིང་ཐོག་གུ་འཁྲུངས། །སང་ཕོད་ཤིང་ཐོག་སྐམ་པ་ཡིན། །གཅིག་བརྒྱད་ཀོང་ཚེ་དུན་དུན་དང་། །བཅུ་གཅིག་ཚེ་ར་མགོ་བཏུམ་དང་། །བཅུ་གསུམ་ན་འབན་སོ་ཡོན་ན། །ན་ནིང་ལྗོན་ཤིང་ལོ་འདབ་རྒྱས། །ད་ལོ་དྲང་ཤིང་ཐོག་གུ་རྒྱས། །སང་ཕོད་སྡོང་རྒན་སྟ་རེས་བཅད། །གྲི་གཡེན་སུམ་བརྒྱ་དྲུག་ཅུ་ཡི། །བརྒྱ་དེ་གྲི་ཡིས་ཤི་བ་ཡིན། །ལོ་གཉིས་ནང་ནས་གྲི་གསུམ་འབྱུང་། །གཅིག་ལ་དམུ་དག་བརྒྱད་མུ་ས། །བཅུ་གཅིག་རུ་སོད་བཅུ་གསུམ་ལད། །ན་ནིང་དྲང་ཤིང་ཐོག་བུ་སྐྱེས། །ད་ལོ་ལྗོན་ཤིང་ལོ་འདབ་རྒྱས། །སང་ཕོད་གྲི་ཤིང་སྟག་པ་སྒོ་ཁར་སྐྱེས། །གཅིག་དང་བརྒྱད་ལ་ཡར་དིང་དང་། །བཅུ་གཅིག་སྤོ་བར་རྟིང་བཤལ་དང་། །བཅུ་གསུམ་སོ་ཡོན་ན་འབན་ནམ། །ཡང་ན་མར་ལྡིང་ཏྲོང་ཆུང་ན། །ན་ནིང་གསེར་ཤིང་ཐོག་བུ་སྐྱེས། །ད་ལོ་གཡུ་ཤིང་མེ་ཏོག་བཀྲ། །སང་ཕོད་གཉན་ཤིང་རྐེད་ནས་ཆག །གྲི་བྱ་གྲི་ཁྱི་རྒྱུག་ངོ་ཡིན། །གཅིག་དང་བརྒྱད་ལ་ཝ་ཚོ་དང་། །བཅུ་གཅིག་ལ་ཝང་སེ་སྟོད་དམ། །ཡང་ན་ཤ་རིང་སྒོ་བརྒྱག་བབས། །བཅུ་གསུམ་ངན་


MR16_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་གང་བབས་ཀྱང་། །ན་ནིང་མདུང་ལ་བ་དན་བཏགས། །ད་ལོ་དཔའ་མདུང་མཁར་ལ་བཏགས། །སང་ཕོད་མདུང་ཆག་པ་དན་ཆད། །དྲང་ཤིང་རྩེ་ལ་གྲི་བྱ་ལྡིང་། །གཅིག་བརྒྱད་གསེར་བྱ་བཅུ་གཅིག་སོ་ཡོན་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །ན་ནིང་ངུར་མོ་མཚོ་ལ་རྐྱལ། །ད་ལོ་ངུར་པ་དཀའ་ཐུབ་ཆས་དང་ལྡན། །སང་ཕོད་ངུར་པ་ཁྲི་ཐུབ་ཚེ་ཚད་ཟད། །བན་དེ་ཚེ་ཟད་མོ་ལ་ངན། །གཅིག་དང་བརྒྱད་ལ་ཀྱེ་བའི་རིགས། །བཅུ་གཅིག་སྐྱམ་གྱི་ངན་རིགས་དང་། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །ན་ནིང་རྒྱལ་པོ་གདན་ལ་བཞུགས། །ད་ལོ་བློན་པོས་བློ་སྣ་བསྒྱུར། །སང་ཕོད་རྒྱལ་བློན་གདན་ས་ཤོར། །རྒྱལ་བློན་འབངས་གསུམ་མོ་ལ་ངན། །གཅིག་བརྒྱད་དམུ་དཔལ་བཟང་སྡེ་དང་། །བཅུ་གཅིག་བྱ་རལ་ངན་པའི་སྡེ། །བཅུ་གསུམ་སྙིགས་མ་གང་བབས་ཀྱང་། །ན་ནིང་གཤེན་རབ་འཁོར་དང་ལྡན། །ད་ལོ་གཤེན་རབ་དབང་ཞུ་རྫོགས། །སང་ཕོད་གཤེན་རབ་གྲལ་དུ་ངུ་། །བོན་པོ་སྨན་པའི་ཚེ་ཕུག་ཟད། །གཅིག་དང་བརྒྱད་ལ་སད་ཁམས་དང་། །བཅུ་གཅིག་སྟེང་དུ་གསེར་བྱ་དང་། །བཅུ་གསུམ་ཀྱེ་བ་རིང་ཤག་ན། །ན་ནིང་གསུང་རབ་གསེར་གྱིས་བཞེངས། །ད་ལོ་གསུང་རབ་དབུ་དུམ་ཀློག །སང་ཕོད་གསུང་རབ་རྫོགས་དུམ་ཀློག །བན་བོན་གཅིག་མི་གདན་ཁ་མེད་ཡིན། །གཅིག་དང་བརྒྱད་ལ་སང་རིགས་དང་། །བཅུ་གཅིག་སློ་བྲག་ཏྲོང་གསུམ་དང་།བཅུ་གསུམ་ངན་སྙིགས་གང་བབས་ཀྱང་། །ན་ནིང་ཝེར་མས་དཔའ་ཁྲོམ་བཙུགས། །ད་ལོ་ཅངས་སེ་གསོལ་ཟས་འཕྲད། །སང་ཕོད་དགྲ་བླ་གནས་ན་ངུ་། །གཅིག་དང་བརྒྱད་ལ་དིང་དིང་ནས། །བཅུ་གཅིག་སུམ་མཉམ་བཅུ་གསུམ་བྱ་རལ་བབས། །ད་ལོ་


MR16_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བློན་མདུན་གྲོས་བྱེད། །སང་ཕོད་ལས་པ་ཁྲེལ་གསུམ་འཛོམས། །གཞེས་ཕོད་སྐྱེས་པར་མཛོ་ལམ་དོད། །ཡུལ་ལ་འཁྲུག་པ་འོང་ངོ་ཡིན། །གཅིག་དང་བརྒྱད་ལ་རྐང་སྤར་དང་། །བཅུ་གཅིག་སྤོ་ཡི་ཁ་ཕུར་དང་། །བཅུ་གསུམ་སྤོ་བྲག་རིགས་བབས་ན། །ད་ལོ་ཤེའུ་ཆུང་མ་དང་རྩེ། །སང་ཕོད་ཤ་རྒྱས་མ་དང་མཉམ། །རྗེས་ཕོད་ཤ་རྒན་གདོས་ལ་ཐོགས། །མི་ཆེ་རབ་གཅིག་ལ་ངན་པར་བཤད། །གཅིག་དང་བརྒྱད་ལ་ད་རོག་དང་། །བཅུ་གཅིག་སྐྱིན་དིང་གཡུ་ཐོག་དང་། །བཅུ་གསུམ་བྲག་གི་རིགས་བབས་ན། །ད་ལོ་རེ་འབྱམས་མཚོ་ལ་རྐྱལ། །སང་ཕོད་འབྲོང་བུ་རྫ་ལ་འགྱིང་། །གནང་ཕོད་ཤ་རྒན་མཐའ་ལ་ཡར། །གནང་ཕོད་བློ་ཆེན་མ་གཅིག་འཆི། །གཅིག་དང་བརྒྱད་ལ་ད་རོག་དང་། །བཅུ་གཅིག་སེ་སྟོད་ནག་ཐོག་རིགས། །བཅུ་གསུམ་མུ་ཁ་ལི་ཡན་ན། །ན་ནིང་ལུག་དང་འབྲི་གདང་བསྒྲིག །ད་ལོ་ཕྱུགས་ཀྱི་ནོར་རྩིས་བྱེད། །སང་ཕོད་བེའུ་གཅིག་གདང་ཐག་བཅའ། །རྒྱལ་བློན་འབངས་གསུམ་གནས་དང་ཕྱེ། །གཅིག་ལ་སྤོ་ཚེ་བབས་ནས་སུ། །བརྒྱད་ལ་ཤ་རིང་སྤོ་ཚེ་དང་། །བཅུ་གཅིག་ལི་ཡན་བཅུ་གསུམ་སྙིགས་མ་ན། །ན་ནིང་སྤེན་མར་མེ་ཏོག་རྒྱས། །ད་ལོ་སུར་བུར་གཡུ་འབྲས་སྨིན། །སང་ཕོད་ཤིང་ཕུང་རྩད་ནས་སྐམ། །རོ་མང་འོང་ཞིང་ནོར་འཛད་ཡིན། །གཅིག་དང་བརྒྱད་ལ་གལ་བར་དང་། །བཅུ་གཅིག་འདམ་བུ་སྨྱུག་ཤད་དང་། །བཅུ་གསུམ་སོ་ཡོན་བྱ་འུན་དང་། །ངན་སྙིགས་རིགས་ནི་གང་བབས་ཀྱང་། །ན་ནིང་སྨོན་གླང་ངམ་ལ་འགྱིང་། །ད་ལོ་ངམ་གླང་སྟག་རིས་སྒོ་ཁར་ཕྱིན། །སང་ཕོད་དཔལ་རི་དཔལ་ཤིང་རྩར། །གྲི་ཡི་རྒྱ་ཐག་བྲེས་པ་ཡིན། །གཅིག་བརྒྱད་སད་རྔ་གྱེར་རྒྱུང་དང་། །བཅུ་གཅིག་སོ་


MR16_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བཅུ་གསུམ་ངན། །ན་ནིང་བོན་བོའི་གསས་མཁར་བརྩིགས། །ད་ལོ་བོན་པོས་བྱ་གདང་བརྩིགས། །སང་ཕོད་རྟ་བོན་རྟ་ཁྲི་ཁ་ལ་འདུག །ཁྱད་པར་བོན་པོའི་མོ་ལ་ངན། །གཅིག་དང་བརྒྱད་ལ་ཁྲི་ཐོག་དང་། །བཅུ་གཅིག་སོ་བྱ་བཅུ་གསུམ་སྙགས། །ན་ནིང་སྐུ་མཁར་ཐོད་དང་ལྡན། །ད་ལོ་ཆོས་ཀྱི་ཝེར་མ་ཆས། །སང་ཕོད་བནྡེ་རོ་ཚོལ་རོ་དང་འཕྲད། །ལྷག་པར་བནྡེའི་མོ་ལ་ངན། །དེ་གཉིས་བན་བོན་གཉིས་ཀྱི་ཚེ་ཚད་ཡིན། །གཅིག་བརྒྱད་སྤོ་ཚེ་བཅུ་གཅིག་ལི་ཡན་དང་། །བཅུ་གསུམ་ལྷང་ཟེ་སྒོ་བརྒྱག་ན། །ད་ལོ་རྟའུ་ཆུང་མདང་རྩེ། །སང་ཕོད་གཞི་མོ་བྲེས་ནས་འཚེར། །གནང་ཕོད་གསེབ་ཆེན་སྐད་ཐག་ཆད། །མོ་བཙུན་དང་ནི་གཞོན་ནུར་ངན། །གཅིག་བརྒྱད་སྐྱེར་ལེབ་བཅུ་གཅིག་ལི་ཡན་དང་། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །ད་ལོ་བེའུ་ཆུང་མ་རྩར་རྩེ། །སང་ཕོད་ཐུས་མའི་ཞོ་གསར་བྱེད། །གནང་ཕོད་འབྲི་རྒན་སོ་རིས་རྫོགས། །མོ་སྨན་རྒྱལ་མོ་གཅིག་ལ་ངན། །གཅིག་བརྒྱད་བྱ་ཡུན་བཅུ་གཅིག་བྱོད་ཕུར་དང་། །བཅུ་གསུམ་སྟེང་དུ་ལི་ཡན་ན། །ད་ལོ་ཕུག་རོན་ཚང་ནས་མཁུན། །སང་ཕོད་ཁུ་བྱུག་གསུང་སྙན་སྒྲོགས། །གནང་ཕོད་རྗེ་རྒྱལ་དགུང་དུ་གཤེགས། །རྒྱལ་པོ་གཅིག་གི་མཐའ་མིག་ཡིན། །གཅིག་བརྒྱད་མུ་ལེ་སུམ་ཟུར་དང་། །བཅུ་གཅིག་སྙིགས་མ་ངན་རིགས་དང་། །བཅུ་གསུམ་སློ་བྲག་ཏྲོང་གསུམ་ན། །ན་ནིང་ཝེར་མ་སོ་ལ་ཆས། །སང་ཕོད་ཝེར་མ་གཟན་དང་འཕྲད། །གནང་ཕོད་དགྲ་བླ་གྲལ་དུ་ལྐུག །མདོར་ན་གཅིག་བརྒྱད་བཟང་སྡེ་དང་། །བཅུ་གཅིག་སྙིགས་མའི་རིགས་བབས་ནས། །བཅུ་གསུམ་སྐྱ་ཚག་འཐོར་གསུམ་ན། །རྒྱལ་བློན་འབངས་གསུམ་སྡེ་ཆུས་ངན། །གྲི་བཟློག་མདོས་དང་ལྷ་གསོལ་བྱ། །སོ་སོའི་ངན་པའི་


MR16_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་ནི། །དེ་དེའི་མཆེ་སྡེར་རྨིག་པ་སོགས། །གཏོ་ཡས་བྱས་ནས་ཞི་བར་འགྱུར། །གཞན་ཡང་བ་ཁོག་གནས་མལ་སོགས། །རྟགས་ཆེན་བབས་ན་དེ་དང་དེའི། །དཔྱད་པ་ཅི་རིགས་སྤྲོས་ཤེས་བྱ། །ཡང་གཅིག་གི་སྟེང་དུ་སྐྱིན་དིང་དང་། །བཅུ་གཅིག་བྱ་བུར་གསེར་ཐིག་ན། །བདལ་བ་གསེར་གྱི་ས་གཞི་ལ། །མ་ཧཱ་རུས་སྦལ་ཚེ་ཚད་རྫོགས། །ལྔ་ལ་རུ་སོད་བདུན་མ་ཟེ། །ཀླུ་གཙུག་ན་རིན་ཆེན་ཚེ་ཚད་ཡིན། །ལྔ་ལ་སྤོ་མདོང་བདུན་ལི་ཡན། །མཚོ་སྨན་རྒྱལ་མོའི་ཚེ་ཚད་ཡིན། །དགུ་ཧྲང་ཟེ་བཅུ་ལ་ཨ་ཁད་སྒོ་བརྒྱག་ན། །གཡུ་འབྲུག་སྔོན་མོའི་ཚེ་ཚད་ཡིན། །གཅིག་ལ་དངས་མ་གཡུ་སྒྲོན་དང་། །བཅུ་གཅིག་གླེས་སྨི་མཆུ་ནག་ན། །གནམ་སྨན་དཀར་མོའི་ཚེ་ཚད་ཡིན། །བཅུ་གཅིག་ཆུ་སྦར་སྐྱམ་བརྒྱག་དང་། །བཅུ་གསུམ་ཆུ་གྲི་མེ་སྟག་ན། །དུང་སེང་དཀར་མོའི་ཚེ་ཚད་ཡིན། །བཅུ་གཅིག་ལྡི་བུར་ཤིང་རྩེ་དང་། །བཅུ་གསུམ་ཧྲང་ཟ་ཁྲ་མོ་ན། །གཟའ་སྐར་ཀྱ་ཀྱུའི་ཚེ་ཚད་ཡིན། །བཅུ་གཉིས་བྱ་ཡུན་དཀར་མོ་དང་། །བཅུ་གསུམ་བག་བྱ་དཀར་མོ་ན། །གསེར་གྱི་ཉི་མ་འཁོར་འགྲོས་བྱས། །ཉི་མ་མེ་ཤེལ་ཚེ་ཚད་ཡིན། །བཅུ་གཉིས་བྱ་བུར་གསེར་ཐིག་དང་། །བཅུ་གསུམ་རྐང་སྤར་གཡས་རུ་ན། །ཟླ་བ་ཆུ་ཤེལ་ཚེ་ཚད་ཡིན། །བཅུ་གཉིས་མུ་ས་སྒོ་བརྒྱག་དང་། །བཅུ་གསུམ་ན་འབན་ཏྲོང་ཆུང་ན། །སྨིན་དྲུག་ཁྲ་མོའི་ཚེ་ཚད་ཡིན། །བཅུ་གཉིས་ད་རོག་གསེར་གཞུང་དང་། །བཅུ་གསུམ་བྱ་ཡུན་སྒོ་བརྒྱག་ན། །གནམ་ཕྱི་མཐའ་མེད་དགུང་ལ་གཤེགས། །གནམ་ཕྱི་གོང་རྒྱལ་ཚེ་ཚད་ཡིན། །བཅུ་གཉིས་ཁ་ལེ་དཀར་པོ་དང་། །བཅུ་གསུམ་ན་འབན་སིལ་བུ་ན། །གཉན་རྒན་དེ་བའི་ཚེ་ཚད་ཡིན། །གཅིག་ལ་མུ་ས་དྲང་ཤིང་དང་། །བཅུ་གསུམ་སུས་ཁྱུང་བྱ་ར་ལན། །རྒྱལ་བུ་


MR16_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གི་ཚེ་ཚད་ཡིན། །བརྒྱད་ལ་བྱ་རལ་ལོང་གསུམ་དང་། །དགུ་ལ་བྱ་བུར་གསེར་ཐིག་ན། །ཡབ་ལྷ་བདལ་དྲུག་ཚེ་ཚད་ཡིན། །བཅུ་གཅིག་སྐྱམ་ཆད་སྒོ་བརྒྱག་དང་། །བཅུ་གསུམ་སྐྱམ་བྲག་རང་ཆུ་ན། །ཡེ་སྨོན་རྒྱལ་པོའི་ཚེ་ཚད་ཡིན། །བཞི་ལ་ན་འབན་དྲོང་ཆུང་དང་། །བཅུ་གཅིག་གསེར་བྱ་རྐེད་ཆད་ན། །མཛེས་སྡུག་རྨ་བྱའི་ཚེ་ཚད་ཡིན། །བརྒྱད་ལ་གསེར་བྱ་རྐེད་ཆད་དང་། །དགུ་ལ་ཨ་ཁད་རྩེ་མ་ན། །མཚལ་སྟག་དམར་པོའི་ཚེ་ཚད་ཡིན། །གསུམ་ལ་སུམ་སྐྱེར་སྒོ་བརྒྱག་དང་། །ལྔ་ལ་ལྡི་བུར་ཞོན་པ་ཅན། །མང་སྙིང་ཨུ་བེར་ཚེ་ཚད་ཡིན། །གསུམ་ལ་ཆུ་སྤར་ལྡི་བུར་དང་། །ལྔ་ལ་སྤོ་ཡི་མ་ཟེ་ཞོན་པ་ཅན། །བཙན་ཡ་བ་རྐྱ་གཅིག་ཚེ་ཚད་ཡིན། །གཅིག་ལ་སྐྱེར་བོན་ར་བརྒྱག་དང་། །བཅུ་ལ་གསེར་བྱ་མ་བརྒྱག་ན། །བདུད་རེ་སྡེ་མགོ་ཉག་ཚེ་ཚད་ཡིན། །ཡང་གཅིག་དང་བརྒྱད་ལ་རང་སྙན་དང་། །བཅུ་གཅིག་མ་རྐྱང་བྱོད་ཕུར་ན། །རྒྱལ་པོའི་གདན་ས་ཤོར་བ་ཡིན། །ད་ལོ་མ་ཡིན་སང་ཕོད་ཡིན། །གཅིག་དང་བརྒྱད་ལ་མུ་ས་དང་། །བཅུ་གཅིག་ཤིང་རྩི་ལྡི་བུར་སྒོ་བརྒྱག་ན། །ཕུ་བོ་ཁྲ་རྒོད་འདྲ་བ་ཤི ། ནུ་བོ་ནེའུ་ལེ་འདྲ་བ་ལུས། །སང་ཕོད་དུས་ན་འཛེར་ངོ་ཡིན། །གཅིག་བརྒྱད་ཨ་ཁད་བཅུ་གཅིག་བྱ་རལ་ན། །ཕུ་བོ་སྟག་འདྲ་ཤི་ནས་ནི། །ནུ་བོ་ཁྱི་འདྲ་ལུས་པ་ཡིན། །གཅིག་དང་བརྒྱད་ལ་ཚོལ་ཚེ་དང་། །བཅུ་གཅིག་རུ་སོད་བརྒྱག་ངན་ན། །ཕ་ཆེན་སྡེ་འཐོར་འབྱུང་ངོ་ཡིན། །གཅིག་དང་བརྒྱད་ལ་ཝ་ཚོ་དང་། །བཅུ་གཅིག་དམུ་དག་དྲང་ཤིང་ན། །སྨོན་པའི་མཁར་ལ་བརྩེག་གཅིག་དམའ། །གཅིག་དང་བརྒྱད་ལ་ལྡི་བུར་དང་། །བཅུ་གཅིག་རུ་སོད་ཁ་ལེ་ན། །གྲི་རྒོད་གནམ་འབེབས་ཡིན་ཀྱང་ཟེར། །གཅིག་དང་བརྒྱད་ལ་ཧྲང་


MR16_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་དང་། །བཅུ་གཅིག་ཝ་སྐྱམ་མ་བརྒྱག་ན། །ལི་ལི་ག་མའི་རྔ་ལྗགས་ཀྱིས། །གཡུ་འབྲུག་སྔོན་མོ་ཐང་ལ་བསྒྱུར། །མོ་མགྲོན་སྣ་ལ་བརླག་དོགས་ཡོད། །སང་ཕོད་ཙམ་ན་འཛེར་བ་ཡིན། །གཅིག་དང་བརྒྱད་ལ་བྱ་ཡུན་དང་། །བཅུ་གཅིག་ཝ་སྐྱམ་སྒོ་བརྒྱག་ན། །གཡའ་བྱ་གོང་མོ་ཕྱིར་བུད་དང་། །འཇུལ་ཁྲ་མར་འོང་འཕྲད་པ་ཡིན། །གོད་རོའི་སྟེང་དུ་འཐབ་མོ་འབྱུང་། །གང་ཡང་མ་རྒྱལ་གཉིས་ཀ་ཕམ། །སང་ཕོད་ཕ་སྤུན་དམེ་ཤི་འབྱུང་། །གཅིག་བརྒྱད་གསེར་བྱ་བཅུ་གཅིག་སོ་བྱ་ན། །གསེར་བྱ་བྱ་ནག་འཕྲད་པ་ཡིན། །དེ་ཡང་བཤད་པ་གོང་དང་འདྲ། །གཅིག་བརྒྱད་བྱོད་ཕུར་བཅུ་གཅིག་སུམ་མཉམ་ན། །རི་བོང་གླག་གིས་ཁྱེར་བ་ལ། །འབོད་ས་གནམ་ལས་མེད་པ་ཡིན། །མགྲོན་པོ་ཁྱི་ཁྲིད་སྣ་ལ་བརླག །གཅིག་དང་བརྒྱད་ལ་བྱོད་ཕུར་དང་། །བཅུ་གཅིག་སྐྱེར་བྱ་སྒོ་བརྒྱག་ན། །སྔོན་ཡང་མོ་མགྲོན་སྣ་ལ་བརླག །སང་ཕོད་ལ་ཡང་དེ་ལྟར་ངན། །གཅིག་དང་བརྒྱད་ལ་གལ་བར་དང་། །བཅུ་གཅིག་སྤོ་ཚེ་སྒོ་བརྒྱག་ན། །བ་ལང་སྣ་ཡི་ཟིལ་པ་སྐམ། །གླང་ཆེན་སྟོབས་དང་ཕྱེ་བ་ཡིན། །གཅིག་བརྒྱད་རུ་སོད་བཅུ་གཅིག་ལི་ཡན་ན། །རླུང་ཁྲིར་བདུད་རྩིའི་ཟིལ་པ་བསྐམ། །གཅིག་དང་བརྒྱད་ལ་རུ་སོད་དང་། །བཅུ་གཅིག་མ་ཟེ་ཞོན་པ་ན། །ཕྱུག་པོའི་གསེར་གྱི་ནོར་ཡིན་ཏེ། །ནོར་འདི་བདག་པོའི་མགོ་བཙོང་ཡིན། །གཅིག་དང་བརྒྱད་ལ་སྤོ་ཚེ་དང་། །བཅུ་གཅིག་ཏྲོང་དམར་རྐེད་ཆད་ན། །དགྲ་བླའི་རྟ་མཁར་ཞིག་པ་ཡིན། །གཅིག་བརྒྱད་སུམ་ཟུར་ལྡི་བུར་དང་། །བཅུ་གཅིག་ཧྲང་ཟེ་སྒོ་བརྒྱག་ན། །ཕོ་ལྷའི་མི་མཁར་ཞིག་པ་ཡིན། །གཅིག་དང་བརྒྱད་ལ་སྐྱེར་རིགས་དང། །བཅུ་གཅིག་བྱ་རལ་སྒོ་བརྒྱག་ན། །སྨོན་སྲས་མི་འགབ་ཆད་པ་ཡིན། །གཅིག་བརྒྱད་བྱོད་ཕུར་བཅུ་གཅིག་ལི་ཡན་ན། །


MR16_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔའི་ཟླ་བ་སྟོར་བ་ཡིན། །གཅིག་དང་བརྒྱད་ལ་རྐང་སྤར་དང་། །བཅུ་གཅིག་བག་ལྡི་ཞོན་པ་ན། །ཤ་བ་བརྒྱད་པ་ཁུང་དུ་འཛུལ། །གཅིག་བརྒྱད་སྐྱམ་གྱི་དངས་མ་དང་། །བཅུ་གཅིག་ཤ་བག་ལི་ཡན་ན། །ཆུ་རྒྱུན་ཐན་པས་སྐམ་པ་ཡིན། །གཅིག་བརྒྱད་ལྡི་བུར་བཅུ་གཅིག་བག་ལྡི་ཞོན། །རི་བོང་ར་ཚོལ་སོང་བ་ལ། །ར་མ་རྙེད་རྣ་བ་གཉིས་དང་བྲལ། །གཅིག་བརྒྱད་རྐང་སྤར་ལྡི་བུར་དང་། །བཅུ་གཅིག་བྱ་རལ་སྒོ་བརྒྱག་ན། །རྒྱལ་པོའི་ལྟག་སྐྲ་ཁྱི་ཡིས་བཅད། །མནའ་ཟོས་པ་ཡིས་བརླག་དོགས་ཡོད། །གཅིག་དང་བརྒྱད་ལ་དཀར་ཐོག་དང་། །བཅུ་གཅིག་ལི་ཡན་སྐྱེར་ངན་རིགས། །ཕྱ་རྗེའི་ཡི་གེ་བདུད་ལ་ཤོར། །གཅིག་དང་བརྒྱད་ལ་ཙེ་ར་དང་། །བཅུ་གཅིག་སྐྱམ་གྱི་སྒོ་བརྒྱག་ན། །མོ་མགྲོན་སྐྱས་ནག་སྣ་ལ་ཕུང་། །གཅིག་དང་བརྒྱད་ལ་ཁྱུང་བརྒྱད་དང་། །བཅུ་གཅིག་གལ་བར་སྒོ་བརྒྱག་ན། །ཕོ་མཛངས་བློ་དང་བྲལ་བ་ཡིན། །གཅིག་དང་བརྒྱད་ལ་ལ་ཝང་དང་། །བཅུ་གཅིག་ལྡི་བུར་དཔའ་སྡེ་དྲུག །རྣོ་མཚོན་ཤུབས་སུ་བརླག་པ་ཡིན། །གཅིག་དང་བརྒྱད་ལ་ཀྱེ་བ་དང་། །བཅུ་གཅིག་དམུ་དམར་སེ་སྟོད་ན། །རྒྱལ་པོ་གསེར་ཁྲིའི་སྟེང་ནས་བརླག །གཅིག་བརྒྱད་ད་རོག་གི་ལི་ཡན། །བཅུ་གཅིག་སེ་སྟོད་བབས་པ་ན། །ཕྱུག་པོ་ཟོག་དང་བྲལ་བ་ཡིན། །འདི་རྣམས་ཐམས་ཅད་སང་ཕོད་ངན། །གཞན་ཡང་གཡུང་དྲུང་ཆེ་སྡེའི་རིགས། །བབས་པའི་ལན་དུ་ལི་ཡན་ན། །རྒྱལ་པོས་སྤྲང་སྒྱེ་ཁུར་བ་ཡིན། །བྱ་རལ་རྒྱལ་ས་ཁྱི་ཡིས་བཟུང་། །སྐྱམ་དང་སྐྱེར་ངན་རྒྱལ་ས་མོ་ཡིས་བཟུང་། །དེ་བཞིན་བྱ་བུར་གསེར་ཐིག་སོགས། །བཟང་སྡེ་ཁ་དྲག་ཁྱད་པར་ཅན། །དེ་ལན་སྒོ་བརྒྱག་རུས་ངན་ན། །ལྷག་པར་ངན་པའི་ཚུལ་ལྟ་བུས། །སྙིང་མིག་སྲོག་གསུམ་བ་ཁོག་གསུམ། །


MR16_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དང་ནང་གི་གནས་མལ་དུ། །བབས་ཚུལ་དཔྱད་པས་ལེགས་སྤྲོས་ནས། །ཕྱི་མཐའི་བཟང་ངན་དཔྱད་པར་བྱ། །ཐམས་ཅད་བརྗོད་དུ་མི་ལང་བས། །ཅི་རིགས་དཔེ་གཞན་ལས་ཤེས་བྱ། །དེ་བཞིན་མདུད་པའི་ངོ་བོ་དང་། །ལན་གྱི་ཁྱད་པར་ཇེ་བཟང་དུ། །སོང་པའི་ཚུལ་ལས་ད་ལོ་ལས། །སང་ཕོད་བཟང་སོགས་ཤེས་པར་བྱ། །བཟང་ངན་ལྟར་སྣང་དམིགས་བསལ་བཤད། །བཞི་དང་བརྒྱད་ལ་སོ་ཡོན་དང་། །བཅུ་གཅིག་བཅུ་གསུམ་སྙིགས་མ་ན། །བདུད་སྲོག་མཁར་མི་ཞིག་རྫིའུ་ཡིན། །མཁར་ཆེན་རྣམས་ཀྱི་མོ་ལ་བཟང་། །བཞི་བརྒྱད་ལི་ཡན་བཅུ་གཅིག་བཅུ་གསུམ་སྙིགས། །མུག་གིས་ཕ་མཚེར་ཟིན་པ་ཡིན། །མུག་ཆེན་རྣམས་ཀྱི་མོ་ལ་བཟང་། །བཞི་བརྒྱད་ཕུང་ཁད་བཅུ་གཅིག་བཅུ་གསུམ་སྙིགས། །མཚར་བྱི་སྙི་ལས་ཐར་བ་ཡིན། །མི་ཁ་ཁ་ལྕེ་ཅན་ལ་བཟང་། །བཞི་བརྒྱད་ཝ་སྐྱམ་བཅུ་གཅིག་བཅུ་གསུམ་སྙིགས། །ཕུང་བྱེད་རྒན་མོས་ཡུལ་གསུམ་བསྒུལ། །ཡུག་ས་གྱོད་མ་རྣམས་ལ་བཟང་། །བཞི་བརྒྱད་ཝ་ལྡི་བཅུ་གཅིག་བཅུ་གསུམ་སྙིགས། །གྱོད་ལམ་དུ་ཡོད་པ་ཁྱིམ་དུ་ཚུད། །གྱོད་ལག་ལེན་བྱེད་པའི་མོ་ལ་བཟང་། །བཞི་བརྒྱད་ཆུ་དོ་ལི་ཡན་དང་། །བཅུ་གཅིག་བཅུ་གསུམ་སྙིགས་མ་ན། །ཕུང་བྱེད་ནོར་བུ་ས་ལ་གབ། །ཞིང་རྩོད་བྱེད་པའི་མོ་ལ་བཟང་། །བཞི་བརྒྱད་ཆུ་སྤར་གླེས་སྨེ་དང་། །བཅུ་གཅིག་བཅུ་གསུམ་སྙིགས་མ་ན། །དམེ་པོའི་དམེ་གྲི་ལག་ན་འཛིན། །ཕ་སྤུན་ནང་དམེ་བྱེད་ན་བཟང་། །བཞི་བརྒྱད་དྲོང་དང་ན་འབེན་དང་། །བཅུ་གཅིག་བཅུ་གསུམ་སྙིགས་མ་ན། །སེར་བ་མུ་ཁྲིད་བྱེད་པ་དང་། །ཕྱུག་པོའི་ལུག་བསྟར་བྱེད་པ་དང་། །ལུག་ཇག་བྱེད་པའི་མོ་ལ་བཟང་། །འདི་རྣམས་གང་དང་གང་བབས་པའི། །བཞི་


MR16_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཅུ་གཅིག་གང་རུང་ལ། །དངས་མའི་རྫིའུ་རེ་རེ་དགོས། །ངན་པ་ཕྱིན་ཅི་ལོག་གི་དཔྱད། །ལྟར་སྣང་ངན་ཀྱང་དམིགས་བསལ་དེར། །བཟང་བའི་མོ་བབས་ཡིན་པར་བཤད། །གཞན་མ་ཀུན་ལ་དེ་མི་བཟང་། །ཡང་ལྟར་སྣང་བཟང་ཡང་ངན་པའི་མོ། །སྨད་དུ་དངས་སྙིགས་འདྲེས་པ་ནི། །གཞིར་བཞག་བཅུ་གསུམ་བབས་ལུགས་ལ། །དིང་བརྒྱག་སྣོད་དུ་མ་ཤོང་སྲུབ་ཏུ་རལ། །སྡེ་པ་རྣམས་ཀྱི་མོ་ལ་ངན། །ཀྱེ་བ་ད་རོག་དམུ་དབལ་བརྒྱག །གསེར་འཕྲུ་མཁར་ཡལ་གསེར་འཕྲུ་ཅན་ལ་ངན། །གསེར་བྱ་ཉིགས་མཁར་གོང་རེད། །བནྡེ་རྣམས་ཀྱི་མོ་ལ་ངན། །བནྡེ་བཀའ་ལོག་བྱེད་ན་བཟང་། །ཡར་དིང་བརྒྱག་ཅན་བབས་པ་ན། །ཉ་ཆེན་རྒྱས་ནས་འགྲིབ་པ་སྟེ། །བོན་པོ་རྣམས་ཀྱི་མོ་ལ་ངན། །རབས་ཆད་རྣམས་ཀྱི་མོ་ལ་བཟང་། །མུ་ས་ཅོད་པན་ཉི་ཟླ་སྐར་མ་གསུམ། །དུང་རི་ནས་ཤར་ལྕགས་རིའི་མགོ་ལ་ཐལ། །ཕ་ཆེན་ཡ་རབ་མོ་ལ་ངན། །བྲན་མི་ངོ་གསུམ་པ་ཅན་ལ་བཟང་། །ཁ་ལང་འབྲུག་ལ་ཟེ་རྒྱས་ཉལ་འདོད་ཡིན། །གྲགས་པ་ཅན་གྱི་མོ་ལ་ངན། །སྔགས་པས་སྲིའུ་གསོ་ཉིན་བཟང་། །དམུ་དག་བརྒྱ་གཅན་འཇའ་མཚོན་མཁའ་ལ་ཡལ། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །སྒོམ་ཆེན་སྟོང་ཉིད་སྒོམ་ན་བཟང་། །ཁྱུང་ཆེན་ཁྱུང་ཆེན་མཁའ་ལ་འཕུར། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །མཛོ་ཁྱུང་དཀར་རྒྱ་དབུས་བགྲོད་ན་བཟང་། །རྐང་སྤར་བརྒྱག་ཅན་སེང་གེ་རལ་རྒྱས་མཆོང་། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །མར་བ་བྲན་གྱི་མོ་ལ་བཟང་། །ཨ་ཁད་རྩེ་མ་སྟག་མོ་འཛུམ་རྒྱས་འཕར། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །སྡར་མ་རྣམས་ཀྱི་མོ་ལ་བཟང་། །སྤོ་ཚེ་མདོང་བུ་རྟ་སྒ་བརྟད་ནས་རྒྱུག །སྦྲ་


MR16_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དུར་གསུམ་ཀུན་ལ་ངན། །ཤིས་གཉེན་ཆེ་བའི་མོ་ལ་བཟང་། །རུ་སོད་དཔའ་དར་འབྲོང་རུ་རྒྱས་ནས་བརྡུང་། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །ལྷ་གཡག་བཙན་པའི་མོ་ལ་བཟང་། །སྐྱེར་བུ་བརྒྱག་འབྲི་ལ་བེའུ་བཙས་ནས་ཤི། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །ཡུལ་པ་རྣམས་ཀྱི་མོ་ལ་བཟང་། །བག་ཚོ་བརྒྱག་ཅན་ལུག་ཁྱུ་རྒྱས་ནས་བརླག །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །སྤྲང་པོ་རྣམས་ཀྱི་མོ་ལ་བཟང་། །རེ་སེ་ཀྱུ་ནེ་ར་ཁྱུ་རྒྱས་ནས་བརླག །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །རབས་ཆད་རྣམས་ཀྱི་མོ་ལ་བཟང་། །ཚོལ་ཚེ་བུ་བརྒྱག་ས་འོད་མཁལ་ལ་ཡལ། །སྦྲ་གཞི་དུར་གསུམ་ཀུན་ལ་ངན། །མགར་བ་རྣམས་ཀྱི་མོ་ལ་བཟང་། །སྐྱམ་བུ་བརྒྱག་ན་ཆུང་གཡུ་འབིལ་གྱོན་ནས་བརླག །གཞན་མ་ཀུན་ངན་རྒན་མོ་རྣམས་ལ་བཟང་། །དཀར་ཐོག་སྤུན་གསུམ་ཚེ་གཅིག་ནོར་བསགས་བརླག །གཞན་མ་ཀུན་ངན་དབུལ་པོའི་མོ་ལ་བཟང་། །འདི་རྣམས་བཞི་བརྒྱད་བཅུ་གཅིག་ལ། །སྙིགས་མའི་རྫིའུ་རེ་རེ་དགོས། །དེ་གསུམ་བཟང་ན་གཏོ་མེད་ཡིན། །ངན་ན་གཏོ་ཡོད་ངོ་ཡིན་ནོ། །རྒྱས་པ་ཡིན་པས་གཏོ་ཆེན་མི་བྱ་ཞིང་། །ཤིད་སྟོན་མི་བྱ་ཟོར་མི་འཕེན། །གསས་མཁར་མི་བརྩིགས་གཏོ་ལ་ནི། །མི་རོ་གསེར་སྒྲུང་བྱིལ་པ་བྱིལ་སྒྲུང་དང་། །གཅག་པའི་མདོ་སྒྲུང་མར་མེའི་གཞི་སྒྲུང་ཀློག །ཡོན་དུ་རིན་ཆེན་སྦྱིན་པར་བྱ། །མ་རྙེད་གླུ་སྒྲུང་གིས་ནམ་བསྐྱལ། །ཟམ་སྐེ་རགས་བཅུ་གསུམ་ཅན་ཆང་བླུད། །ཡོན་དུ་འོད་ཆེན་རྫས་སྦྱིན་བྱ། །འཇམ་དཔལ་མང་འདོན་ཚེ་ཐར་བཏང་། །ཡང་བཞི་དང་བརྒྱད་ལ་བྱ་ཡུན་དང་། །བཅུ་གཅིག་བཅུ་གསུམ་ཨ་ཁད་ན། །དྲོད་ཀྱི་རྒྱལ་པོ་ཡལ་བ་ཡིན། །སྡེ་བ་རྣམས་ཀྱི་མོ་ལ་ངན། །བཞི་བརྒྱད་ཁྱུང་བརྒྱད་བཅུ་གཅིག་བཅུ་གསུམ་ལ། །མུ་ས་བྱ་


MR16_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་བྱ་རྒན་ཚང་ནས་བུད། །སྒོམ་ཆེན་རྣམས་ཀྱི་མོ་ལ་ངན། །བཞི་བརྒྱད་སད་ཁམས་དངས་མ་བཅུ་གཅིག་དང་། །བཅུ་གསུམ་མའུ་དུན་བཏགས་ན། །ཤང་ཤང་གདོས་ཐག་བཅད་པ་ཡིན། །ཤལ་རིང་མགྲོན་པོའི་མོ་ལ་ངན། །བཞི་བརྒྱད་ལྡི་བུར་བཅུ་གཅིག་བཅུ་གསུམ་ལ། །བྱོད་ཕུར་ཁུ་བྱུག་ཡ་ཁ་ཕྱེ། །སྤུན་གཉིས་པ་ཡི་མོ་ལ་ངན། །བཞི་བརྒྱད་སྤོ་ཚེ་བཅུ་གཅིག་བཅུ་གསུམ་ལ། །དམུ་དག་ཤིང་སྡོང་རྩ་བ་ལོག །རྒན་པོ་རྣམས་ཀྱི་མོ་ལ་ངན། །བཞི་བརྒྱད་ལྷང་ཟེ་བཅུ་གཅིག་བཅུ་གསུམ་ལ། །བག་ཆོལ་བརྒྱག་ཅན་སྨན་ཁྲའི་མཆི་མ་ཡིན། །ཕོ་སར་རྣམས་ཀྱི་མོ་ལ་ངན། །བཞི་བརྒྱད་རང་སྙན་བཅུ་གཅིག་བཅུ་གསུམ་ལ། །བྱོད་ཕུར་མོ་སྨན་ཁྲ་མོས་སྡུག་གླུ་ལེན། །ཆུང་གསུམ་སྲིད་བྱ་འདེབས་ཉིན་ངན། །བཞི་བརྒྱད་སྐྱིན་དིང་བཅུ་གཅིག་བཅུ་གསུམ་ལ། །མུ་ས་སྲང་མཐའ་བདུད་ལ་ཤོར། །སྲོག་ཕྱ་གཞི་ཕྱ་གཉིས་ལ་ངན། །བཞི་བརྒྱད་བུ་བརྒྱག་བཅུ་གཅིག་བཅུ་གསུམ་ལ། །དཀར་ཐོག་མཚུན་རྒན་ལུག་མགོས་བདུར། །ནད་པ་རྣམས་ཀྱི་མོ་ལ་ངན། །བཟང་པོ་ཕྱིན་ཅི་ལོག་འདི་རྣམས། །ལོ་གཅིག་ཚུན་ལ་ངན་པ་ཡིན། །བཞི་བརྒྱད་བཅུ་གཅིག་གང་རུང་ལ། །འཁྱིལ་བའི་མདུད་པ་གཅིག་བབས་ན། །ཅུང་ཟད་འགྱང་ཡང་སྲིད་པ་ཡིན། །བཟང་པོ་ཕྱིན་ཅི་ལོག་གི་དཔྱད། །མདོར་ན་བཅུ་གསུམ་སྟེང་དུ་ནི། །བརྒྱག་ཆེན་ཧ་ཅང་བཟང་སྡེ་བབས། །མོ་ཁོག་བཟང་འགྲིགས་བྱུང་བ་ན། །བཟང་པོའི་ལ་བརྒལ་ངན་པར་དཔྱད། །ངན་པ་འདྲ་འགྲིག་བྱུང་བ་ཡི། །རྩེ་འཛིན་སྙིགས་ཀྱང་རང་རང་གི། །དམིགས་བསལ་རྣམས་ལ་བཟང་བ་སོགས། །ཞིབ་ཏུ་ཕྱེ་སྟེ་ཁ་དམར་གདགས། །ཡང་སངས་དང་བྲག་དང་གཡུང་དྲུང་གསུམ། །དཀར་ཐོག་གཡུང་དྲུང་དེ་ལ་ཚོང་། །བ་དང་


MR16_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་པ་ཁྱུང་དང་གསུམ། །དིང་དིང་བྱ་ཤིང་དེ་ལ་ཚང་། །གནམ་དང་ས་དང་བར་སྣང་གསུམ། །དིང་དིང་གའུ་དེ་ལ་ཚང་། །ཏྲོང་དང་གཤིན་རྗེ་ནེ་ཚ་གསུམ། །སེ་སྟོད་གཉིས་སྒྲིལ་དེ་ལ་ཚང་། །ཕྱེ་མར་དབུ་ཤུག་སྡུག་ཟན་གསུམ། །ཐང་ལེ་སྣ་དམར་དེ་ལ་ཚང་། །མེ་དང་ས་དང་ཆུ་དང་གསུམ། །ཨ་ཁད་རྩེ་མ་དེ་ལ་ཚང་། །བག་མ་འོག་རྟ་གཡུ་འཕྲུ་གསུམ། །སྐྱམ་ལ་ཞུ་དཀར་མོ་དེ་ལ་ཚང་། །ཝེར་མ་རེ་འབྱམས་འཁྲུག་པ་གསུམ། །སུམ་སྐྱེར་སྒོ་བརྒྱག་དེ་ལ་ཚང་། །ཕྱྭ་དང་དམུ་དང་གཙུག་དང་གསུམ། །སྤོ་ཧ་ལ་གཡུ་གཤོག་དེ་ལ་ཚང་། །ཉི་མ་ཟླ་བ་སྐར་མ་གསུམ། །མུ་ས་ཅོད་པཎ་དེ་ལ་ཚང་། །སྤྲིན་དང་ན་བུན་ཆར་བ་གསུམ། །བག་ཚོ་ཁྲ་ཆེན་དེ་ལ་ཚང་། །འཁྲིལ་དང་ནེ་ཚ་ནེ་ཙོ་གསུམ། །ཕུང་བར་ཝ་སྐྱམ་དེ་ལ་ཚང་། །ཞྭ་དང་ལྷམ་དང་རྒྱལ་བུ་གསུམ། །གླེས་སྨི་དུར་བྱིལ་དེ་ལ་ཚང་། །རོ་དང་ས་བདག་གསོན་པོ་གསུམ། །རྩེ་ར་མགོ་བཏུམ་དེ་ལ་ཚང་། །ས་བདག་ཀླུ་དང་གཉན་དང་གསུམ། །སྤོ་བར་ལིང་གུན་དེ་ལ་ཚང་། །འདི་རྣམས་བཅུ་གསུམ་ལ་བབས་ན། །ལོ་ཕྱེད་དང་གསུམ་གྱི་བརླག་ཚད་ཡིན། །ར་ཀུན་བརྒྱག་པའི་བརྒྱག་ཆེན་རིགས། །བཅུ་གསུམ་བབས་པ་ཁྱོགས་པར་དཀའ། །བརྒྱག་ཆེན་བཙན་སར་ཀེར་བབས་ཀྱི། །བཅུ་གསུམ་དངས་མ་བརྒྱག་མེད་ན། །གཞི་མི་འཆུག་བཙན་དར་གཉིས་ཀ་ཐོབ། །སྤྱིར་སྔ་རྟགས་གཅིག་དང་གཉིས་ལ་དཔྱད། །མོ་མདུད་སོ་སོའི་ཁམས་ལས་ནི། །མི་གཤིས་མི་གྲངས་གཞི་ཞིང་དང་། །དར་རྒུད་ཅི་བྱུང་བཤད་པ་དང་། །ཕྱི་རྟགས་བཅུ་དང་བཅུ་གཅིག་ལ། །ད་གཟོད་བདེ་སྡུག་ཅི་འབྱུང་རྣམས། །མོ་གཞུང་གཞན་དུ་ཤེས་པར་བྱ། །གཞན་ཡང་གནམ་ས་བར་གྱི་ནི། །ཁྱུང་དང་གླང་གི་བླ་མདུད་སོགས། །


MR16_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ན་གྲགས་པའི་རྣམ་གྲངས་ནི། །མང་མོད་འདི་རུ་མ་སྤྲོས་སོ། །མོ་ཡི་གབ་ཚིག་འབྲུ་བདུན་བཤད། །དཔག་བསམ་རྩེ་མོ་ཆད་པ་ན། །རྒྱ་མཚོའི་གཞི་མ་སྲུང་བ་གལ། །དེ་བཅུ་གསུམ་ལད་ཀྱང་གཅིག་བཟང་དགོས། །རི་རབ་རྐེད་ནས་ཞིག་པ་ན། །རྒྱ་མཚོའི་ལྟེ་བ་མ་ཉམས་དགོས། །བརྒྱད་ལད་ན་བཞི་དེ་བཟང་བ་ཡིན། །རྒྱལ་པོ་སྐྱས་དང་ཆས་པ་ན། །དགྲ་ལ་བྱ་ར་བྱས་ན་བཟང་། །གཅིག་ལད་ན་བཅུ་གཅིག་བཟང་བ་དགོས། །རྒྱ་གྲོག་དམར་པོའི་ཚང་རྡོལ་ན། །གླང་ཆེན་རབ་བརྟན་ཡན་ན་བཟང་། །ཕྱི་ས་བཞི་ལ་ཁས་དྲག་བབས། །གཟུགས་༡ཟླ་༡དྲག་༡༡འདོད་༡༣བཟང་བ་དགོས། །རྒྱལ་པོ་གདན་ནས་ཡ་རབ་ན། །སྤྲང་པོས་རང་ཡུལ་བསྲུང་བ་གཅེས། །བཙན་ས་བཞི་པོ་ཞན་གྱུར་ན། །གཅིག་འདི་བཟང་བ་གཅེས་པ་ཡིན། །སྡར་མ་གྲི་འཛིན་ལང་བ་ན། །དཔའ་བོ་ཁྱིམ་དུ་གབ་ན་བཟང་། །ཕྱི་སར་སོ་རིགས་མང་བ་ན། །རང་སར་ལྡི་བུར་བྱོད་ཕུར་དགོས། །བུ་ཡི་བླ་དེ་འཁྱམས་པ་ན། །ཕྱག་རྩེ་ལ་ནི་སྲུང་བ་བཙུགས། །ལོ་ཁྱིམ་སྡར་ཀྱང་གཅིག་བཟང་དགོས། །བཙན་པོས་ཤོད་མ་བྱས་པ་ན། །ཁས་ཉེན་དཔུང་ཚུགས་བཟུང་ན་ལེགས། །འཐོར་བ་བྲག་རིགས་མང་ན་ཡང་། །རང་སར་བཏགས་པ་ཁས་དྲག་རིགས། །རེ་རེ་ཙམ་ཞིག་བྱུང་ན་ལེགས། །དེ་བཞིན་གོང་འོག་ཐམས་ཅད་དུ། །བབས་ཚུལ་མ་ལུས་ལེགས་དཔྱད་དེ། །གཞི་ཕྱིའི་ལེགས་ཉེས་ཤེས་པར་བྱ། །གཉིས་པ་སྲོག་ཕྱ་དཔྱད་པ་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་གཞི་ཕྱས་ཁོག་བཟུང་ལ། །གང་གི་ལོ་མལ་དག་དང་ནི། །ཕོ་མོ་རྒན་གཞོན་དང་བསྟུན་པའི། །རང་རང་ས་མལ་དག་དང་ནི། །གཙོ་བོ་བློན་པོ་བནྡེ་སོགས། །རང་རང་རིགས་ཀྱི་ས་མལ་ཏེ། །མལ་མིག་རྣམས་སུ་བཟང་ངན་གྱི། །


MR16_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་པ་གང་བྱུང་གཙོ་བོར་བརྟག །གལ་ཏེ་བཟང་པོ་ཁེར་བབས་སོགས། །སྙད་མེད་བྱུང་ན་བཟང་བར་བརྟག །ཁྱད་པར་བརྒྱད་དང་བཅུ་གཅིག་འདི། །སྲོག་གི་ས་ཡིན་དེ་དག་ཏུ། །གལ་བར་སྐྱིན་དིང་སྐྱེར་དཀར་དང་། །དམུ་དག་བྱོད་ཕུར་ཝ་ཚོ་སོགས། །བཟང་ཞིང་ཆུ་སྤར་ཏྲོང་དང་ནི། །སྒོ་བརྒྱག་ལ་སོགས་ཤིན་ཏུ་ངན། །གལ་ཏེ་ངན་ན་རྩེ་འཛིན་བརྟག །དེ་ཡང་ངན་ན་གཞི་འཛིན་བརྟག །ཕན་ཚུན་སྦྱར་ལ་ཁ་དམར་གདགས། །བྱེ་བྲག་ངན་པའི་དམིགས་བསལ་ལ། །འཇབ་བུ་བཅོ་བརྒྱད་བཤད་པ་ནི། །སྤྱི་དང་ཁྱད་པར་སྲིའུ་སོགས། །གསོ་བའི་ཚེ་ན་ཤེས་པ་གཅེས། །དིང་དིང་ལན་གྱི་སོ་ཡོན་དེ། །སེང་གེ་དཀར་མོ་འབྲུག་ལ་འཇབ། །དེ་ཡང་སྲོག་གི་བར་ཆད་ཡིན། །སོ་སངས་ལན་གྱི་སོ་བྲག་དེ། །བསེ་སྒང་ལ་འཇབ་པའི་བར་ཆད་ཡིན། །ཡར་དིང་ལན་གྱི་ཕུང་རལ་དེ། །དྲེད་དོམ་ལ་འཇབ་པའི་བར་ཆད་ཡིན། །སྤོ་ཚེ་ལན་གྱི་ཏྲོང་རིགས་དེ། །སྟག་རྟ་ལ་འཇབ་པའི་བར་ཆད་ཡིན། །སྐྱེར་དཀར་ལན་གྱི་སྐྱམ་སེ་དེ། །དོམ་སྤྲེལ་ལ་འཇབ་པའི་བར་ཆད་ཡིན། །ཚོལ་ཚེའི་ལན་དུ་རུ་སོད་ན། །སྤྱང་ལུག་ལ་འཇབ་པའི་བར་ཆད་ཡིན། །བྱ་ཡུན་ལན་གྱི་སེ་སྟོད་དེ། །མུན་པས་ཉི་མར་འཇབ་པའི་བར་ཆད་ཡིན། །བྱ་བུར་ལན་དུ་གསེར་བྱ་དེ། །ཁྱབ་འཇུག་ཟླ་བར་འཇབ་པའི་བར་ཆད་ཡིན། །མུ་ས་ལན་གྱི་ལྡི་བུར་དེ། །སྐར་བདུད་སྐར་མར་འཇབ་པའི་བར་ཆད་ཡིན། །བག་ཚོ་ལན་དུ་ལི་ཡན་དེ། །རླུང་སྤྲིན་ལ་འཇབ་པའི་བར་ཆད་ཡིན། །སྲང་ཟེའི་ལན་དུ་མ་ཟེ་དེ། །འཕར་བ་ར་ལ་འཇབ་པའི་བར་ཆད་ཡིན། །བྱོད་ཕུར་ལན་གྱི་བག་ལྡི་དེ། །ཁྲ་བྱེའུ་འཇབ་པའི་བར་ཆད་ཡིན། །ཁྱུང་བརྒྱང་ལན་དུ་སྐྱེར་བྱ་དེ། །རྐུན་བུ་མཛོ་ལ་འཇབ་པའི་བར་ཆད་ཡིན། །རིན་ཆེན་ལན་དུ་ཆུ་སྤར་དེ། །


MR16_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་ཁྱི་ལ་འཇབ་པའི་བར་ཆད་ཡིན། །གཡས་བརྒྱག་ལན་གྱི་གཡོན་བརྒྱག་དེ། །སྲེ་མོང་བྱི་བར་འཇབ་པའི་བར་ཆད་ཡིན། །འབྲེལ་ཁམས་ལན་གྱི་འཐོར་ཁམས་དེ། །ཉ་སྦྲང་ལ་འཇབ་པའི་བར་ཆད་ཡིན། །དབུས་བརྒྱག་ལན་གྱི་སྒོ་བརྒྱག་དེ། །བདུད་སྲོག་ལ་འཇབ་པའི་བར་ཆད་ཡིན། །བུ་བརྒྱག་ལན་གྱི་མ་བརྒྱག་དེ། །འདྲེ་མོ་བུ་ལ་འཇབ་པའི་བར་ཆད་ཡིན། །གཏོ་ལ་ཟན་ལས་འཇབ་བུའི་གཟུགས། །བྱས་ལ་ཚེ་ཟད་གསུམ་དང་སྦྲགས། །ལོ་བདུད་སྟེང་དུ་བོར་བྱས་ནས། །ཚེ་ཆོག་ཚེ་ཐར་ཚ་ཚ་གདབ། །དེས་མཚོན་རང་རང་གནས་མལ་གྱི། །གཤེད་དུ་གྱུར་བའི་ལན་བབས་ན། །སྲོག་ལ་འཇབ་བུ་ཡོད་པས་ན། །བཟློག་པ་རིམ་གྲོ་དྲག་ཏུ་བྱ། །བརྗེས་ན་འཇབ་བུའི་ཁ་ནས་ཐར། །ཚེ་འཛིན་སྲོག་གི་རྫིའུ་ནི། །སོ་སོའི་དཔལ་དུ་གྱུར་པ་གང་། །བྱོད་ཕུར་ལན་དུ་དམུ་དག་སོགས། །འཐོར་བའི་ལན་དུ་འབྲེལ་བ་དང་། །གསོ་བསྐྱེད་རྟེན་འབྲེལ་ཅན་རྣམས་བཟང་། །རང་ས་ཕྱི་ས་གང་དུ་ཡང་། །རོ་འཛིན་ཚེ་བདུད་མ་བབས་ཤིང་། །གནས་མལ་བརྟན་ལ་མ་འགྱུར་ན། །སྲོག་ལ་བར་ཆད་མེད་པར་བརྟག །ད་ནི་སྲིའུ་ཡ་མའི་དཔྱད། །གཅིག་གཞི་འཛིན་མ་འཐོར་མ་སྐྲག་དགོས། །གཉིས་སྒོ་ཐེམ་རོ་ཁུང་མ་བྱེ་བཟང་། །བུ་བརྒྱག་དངས་མ་གཡས་བརྒྱག་དང་། །སྐྱིན་དིང་དིང་དིང་དེ་རྣམས་དགོས། །བྱ་རལ་ས་སྒོ་ཕྱེ་བས་བཅད། །ལི་ཡན་བབས་ན་སྐྲུ་གཏོ་བྱ། །རུ་སོད་བབས་ན་གྲི་བོ་བཀར། །སྐྱམ་རིགས་བབས་ན་རྫ་མདོས་བྱ། །སེ་སྟོད་འཇིམ་པའི་ཕག་གཟུགས་བོར། །མ་ཟེ་བབས་ན་ཤ་བ་འབོར། །བྱོད་ཕུར་དོང་ཁ་ཕྱེ་བས་ན། །སྒོ་ཐེམ་དོང་མཐོ་དོ་བ་བརྐོས། །བྱིའུ་ཚང་གཉིས་དང་དར་ཆུང་གཉིས། །དེ་ནང་བླུགས་ལ་མི་གཉིས་ཀྱི། །རན་ལྟེ་རན་ཡུར་བཟུང་ནས་མནན། །ཆུང་སྲི་མ་


MR16_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་ཟེར་བ་ལན་གཉིས་བསྒྲག །གསུམ་བཀའ་ཉན་ཡིན་པས་གསལ་བ་དགོས། །བཞི་ལ་གང་བས་རུང་བ་ཡིན། །དྲུག་མ་བང་བཟང་ལ་བརླིང་བ་དགོས། །ཏྲོང་རིགས་བབས་ན་འཇམ་དཔལ་འདོན། །སྲེ་ལོང་བཙན་བྱ་བྱ་རལ་ལ། །ཁྱི་བང་བཅོལ་ལ་ཁྱི་བླུག་བཏགས། །ལི་ཡན་བབས་ན་ཕྱེ་རྐོམ་བསྐོན། །སླུ་བླུད་བཏགས་ལ་ཕུང་ཁད་ན། །མི་ཁའི་ཟས་སྦྱིན་མེ་འགལ་དབང་བྱའོ། །སྒོ་བརྒྱག་བབས་ན་ཤི་གཏོ་བྱ། །རེ་བའི་གོས་བསྐོན་བྱོད་ཕུར་ན། །མ་ཡི་པང་ནས་བུ་ཡར་བས། །ཚེ་ཐར་བཏང་ལ་ཚེ་གཟུངས་འདོན། །མཆིག་ལྟེ་བཏགས་པར་བྱས་ན་ཕན། །བདུན་ཕ་བང་ཡིན་པས་བརླིང་དགོས་སོ། །བརྒྱད་བཟང་ན་བནྡེ་ཕ་བ་བྱེད། །དགུ་བཟང་ན་བོན་བོར་ཕ་བ་བྱེད། །བཅུ་བཟང་ན་མ་དང་ཕྱི་མོར་སྐྱབས། །ཅུང་ཟད་ངན་ཀྱང་བཟོད་པ་ཡིན། །བཅུ་གཅིག་སྲིའུར་ངན་ན་བཟང་། །བཅུ་གཉིས་ངན་ཀྱང་མི་སྐྱོན་ནོ། །བཅུ་གསུམ་བྱོད་ཕུར་བབས་པ་ན། །མི་ལ་བཟུར་འགྲོས་བྱེད་པས་ན། །ར་ལུག་ལ་སོགས་ཚེ་ཐར་བཏང་། །མཆིག་ལྟེ་གསུམ་བཏགས་མཆིག་ཡུ་གསུམ་བཙན་བྱ། །མཆིག་བརྒྱག་གསུམ་གྱི་ཟས་སྦྱིན་ལ། །མ་རབ་གསུམ་གྱི་མིང་བཏགས་ནས། །དགེ་མ་དག་ལ་སྐྱབས་ན་ཕན། །གཉིས་དྲུག་བཅུ་གསུམ་བྱོད་ཕུར་ན། །གཏོ་མེད་རེ་རེ་བབས་ན་གཏོ་བྱའོ། །བུ་ཤི་རྒྱབ་ཀྱི་བུ་སྐྱེས་དང་། །བུ་མོ་ཤི་རྒྱབ་བུ་མོ་སྐྱེས། །ཡ་མ་ནག་པོ་བྱ་བ་ཡིན། །བུ་ཤི་རྒྱབ་བུ་མོ་ཁྲ་བོ་ཡིན། །བུ་མོ་ཤི་རྒྱབ་བུ་སྐྱེས་དཀར་པོ་ཡིན། །དཀར་པོ་ཅུང་ཟད་བཟང་ན་ཐུབ། །ཁྲ་བོ་བ་ཁོག་སྙིང་མིག་སྲོག་འཇམ་བཟང་། །དེ་གཉིས་བཅུ་གསུམ་འཇམ་ན་བཟང་། །གང་ལའང་བརྒྱག་མེད་དངས་མ་དགོས། །ནད་པ་ཐུ་ཚབ་ཆེ་བ་དང་། །ཡ་མ་ནག་མོའི་མོ་ལ་ནི། །བཅུ་གསུམ་ངན་སྙིགས་


MR16_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ན་བཟང་། །གཅིག་ལན་གསུམ་དང་གསུམ་ལན་དྲུག །དེ་ལན་བཅུ་དང་དེའི་ཁ་འཛིན། །བཅུ་གཅིག་བཅུ་གསུམ་གནས་མལ་དཔྱད། །གསུམ་པ་བློ་ཕྱ་བརྟག་པ་ལ། །སྙིང་མིག་སྲོག་གསུམ་བཟང་ངན་དང་། །ཁྱད་པར་འཕྲལ་གྱི་ལེགས་ཉེས་ལ། །གསུམ་འདི་སྙིང་དགའ་དང་པོ་ཡིན། །བདུན་འདི་བློ་ས་འགྱུར་མེད་ཡིན། །བཅུ་གསུམ་ནམ་ཕུག་ལེགས་ཉེས་ཡིན། །དེ་གསུམ་གཞི་རུ་བྱས་ནས་སུ། །གནས་གཞན་ལའང་ཚུལ་བཞིན་བརྟག །ཁ་གསལ་སྙིང་དགའ་བབས་ན་བཟང་། །གལ་བར་སྐྱེར་སོགས་བབས་ན་བརྟན། །འཐོར་བ་ངན་རིགས་བབས་ན་འགྱོད། །བྲག་སོགས་ནག་ནོག་དབྱེ་བསལ་དཀའ། །སོ་ཡོན་སོགས་བབས་བློ་མི་གསལ། །གསལ་བ་སྡེ་བཞི་བབས་ན་ལེགས། །སྤོ་བར་ཝ་སྐྱམ་སོགས་བབས་ན། །བློ་ཉེས་གྲོས་ཉེས་འོང་བ་ཡིན། །ལན་བཟང་གཞན་གྱི་གྲོས་བཟང་སྟོན། །ངན་ན་གཞན་གྱིས་གྲོས་ངན་ཕུང་། །སྙིང་དགའ་བཅུ་དྲུག་བཤད་པ་ལ། །འཕྲད་འདོད་སྙིང་དགའ་བཞི་པོ་ནི། །ལི་ཡན་སྐྱམ་ལེ་བྱ་རལ་དང་། །སུམ་མཉམ་བཞི་ལ་ཟེར་བ་ཡིན། །འདི་བཞི་བབས་ན་འགྲོ་བ་གྲུ། །ཤོལ་བར་འདོད་པའི་སྙིང་དགའ་བཞི། །གལ་བར་སྐྱེར་དང་ཐང་ལེ་དང་། །དམུ་ཐག་བཞི་ཡིན་འདི་བབས་ན། །བཤོལ་བར་འདོད་ན་བཤོལ་མ་ཐེབ། །ཐུབ་པར་འདོད་པའི་སྙིང་དགའ་བཞི། །རུ་སོད་ལྷང་ཟེ་མ་ཟེ་དང་། །ན་འབན་བཞི་ཡིན་དེ་བབས་ན། །དགྲ་སོགས་ཐུབ་པར་འགྱུར་བ་ཡིན། །དོན་ཡོངས་སུ་འགྲུབ་པའི་སྙིར་དགའ་བཞི། །གལ་བར་ཐོད་དཀར་གླང་པོ་སྟོབས་ལྡན་དང་། །སྤོ་ཚེ་ཐོད་དཀར་སྤྲེའུ་གསེར་མགོ་དང་། །སྒོམ་ཁྱེར་ཕ་ཝང་ཨ་ཁད་རྩེ་མ་དང་། །གསེར་གྱི་འདབ་ཆགས་ལི་ཡན་གསེར་བྱ་


MR16_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །རང་སར་བབས་ན་དོན་ཀུན་ཡིད་བཞིན་གྲུབ། །དེ་ནང་སྔ་མ་གསུམ་པོ་ལ། །དོན་གྲུབ་ཝེར་མ་གསུམ་ཀྱང་ཟེར། །བློ་ས་རྣམས་སུ་དངས་མའི་རིགས། །བབས་ན་མི་བློ་ལམ་དུ་འགྲོ། །བརྒྱག་ཁ་བཟང་སྡེ་གསལ་རིགས་བབས། །མི་བློ་ལྷ་ཡིས་བསྟན་པ་ཡིན། །བྲག་དང་ངན་རིགས་བརྒྱག་ངན་བབས། །མི་བློ་འདྲེ་ཡིས་ཁྲིད་པ་ཡིན། །ལན་དང་བསྟུན་ལ་ཁ་དམར་གདགས། །བཞི་པ་དོན་ཕྱ་བརྟག་པ་ལ། །སྤྱི་ཁོག་བློ་ཕྱ་དང་མཚུངས་ཞིང་། །གང་བསྒྲུབ་འདོན་གྱི་ཁྱད་པར་གྱི། །རང་རང་གནས་མལ་གང་ཡིན་པར། །སོ་སོའི་བླ་རྟགས་བབས་པ་དང་། །རང་ས་བཟང་ན་ངེས་པར་འགྲུབ། །ཁྱད་པར་གྲོག་ཕྱ་བསྟན་པ་ལ། །ཕྱི་ས་གྲོག་གི་རྒྱུ་ལམ་ཡིན། །རང་ས་གྲོག་གི་འབབ་ཡུལ་ཡིན། །བྱིན་ལེན་ལག་པ་འཕྲོད་ན་བཟང་། །ཕྱི་སར་གྲོག་བབས་རང་སར་འོང་། །གྲོག་ཕྱི་ནས་ནང་དུ་ཁུག་ངོ་ཡིན། །སྙིགས་མ་ཕྱི་ནས་རང་སར་བབས། །གཞན་དུ་འགྱོད་པ་མ་བབས་ན། །སྙིགས་མའི་བྱིན་ལེན་བྱ་བ་ཡིན། །དེ་ལས་གོ་ལྡོག་ཕར་ལ་འགྲོ། །ཕྱུག་པོའི་བང་མཛོད་ན་མེད་པ། །མེད་པོའི་སྦྲང་ཁུག་ནང་ཡོད་པ། །ལི་ཡན་ལན་དུ་སྐྱམ་བབས་ཡིན། །དེ་སོགས་གྲོག་ཕྲན་ངོ་ཡང་དཔྱད། །ཕྱི་སར་བྱ་རལ་ལི་ཡན་སོགས། །སྒོ་བཞི་ཕྱེ་ཞིང་རང་སར་གྲོགས། །བབས་ན་དཀའ་ཚེགས་མེད་པར་འགྲུབ། །ཕྱི་སར་གལ་བར་སྐྱེར་སོགས་བབས། །རང་ས་ཞན་ན་བསྒྲུབ་པར་དཀའ། །རང་ས་བཟང་ཞིང་ཕྱི་ས་ཞན། །དེ་ལན་ལེགས་ན་བྱིན་ལེན་འཕྲོད། །དཔེར་ན་འདི་བཞིན་དཔྱད་བྱ་སྟེ། །གཅིག་གི་སྐྱེར་བྱ་གཉིས་ལི་ཡན། །གསུམ་ལ་ཚོལ་ཚེ་བྱུང་བ་ན། །སྐྱ་བཀྲ་ཆེན་མོས་བྱིན་ལེན་འཕྲོད། །གཅིག་སྐྱེར་གཉིས་ཀྱི་སེ་སྟོད་ལ། །གསུམ་པར་གང་


MR16_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བབས་བརྟག་བྱ་སྟེ། །གསུམ་ལ་རྐང་སྤར་ལུག་ཁྱུ་ཐོབ། །གང་ག་དཀར་མོའི་བྱིན་ལེན་འཕྲོད། །ཁྱུང་བརྒྱད་སྨུག་ཐོག་མཛོ་ཁྱུ་ཐོབ། །བྱ་ཁྲ་མ་བུའི་བྱིན་ལེན་ཡིན། །དེ་བཞིན་བཞི་ལྔ་དྲུག་སོགས་སུ། །བྱིན་ལེན་དཔྱད་པ་མང་མཆིས་ཀྱང་། །མ་བརྗོད་རིག་པས་སྦྲོས་ཏེ་ཤེས། །གཅིག་པ་བཟང་ཞིང་གཉིས་པ་ལ། །གཅོད་སྟར་སྤུན་དགུ་ལྟ་བུ་བབས། །གསུམ་ལ་ནོར་གྱི་བླ་རྟགས་བབས། །བྱིན་ལེན་འཕྲོད་ཅེས་དེ་ལ་བྱ། །དེ་བཞིན་གནས་གཞན་ལ་ཡང་འགྲེ། །གྲོགས་གང་ཡོད་མདུད་པའི་རིགས་ལ་དྲིས། །གསུམ་འདི་དོན་ཚོལ་གྲོགས་ས་ཡིན། །བཞི་འདི་གྲོགས་ཀྱི་བླ་གནས་ཡིན། །འདི་གཉིས་བཟང་བ་ཤིན་ཏུ་གཅེས། །དཔེར་ན་གསུམ་ལ་ཚོལ་ཚེ་བབས། །གྲོགས་ངོ་ཡིན་པས་བཟང་ན་ཡང་། །བཞི་ཡི་སྟེང་དུ་བྱ་རལ་ན། །གྲོགས་ཁ་ན་ཡོད་པ་ལྕེ་ཡིས་ཕུལ། །བཞི་ཡི་སྟེང་དུ་ལི་ཡན་ན། །གྲོགས་ལག་ན་ཡོད་པ་འཆང་བར་ཤུད། །བཞི་ཡི་སྟེང་དུ་སྤོ་བར་ན། །ཞག་ནི་ཉ་མིག་ཙམ་ཞིག་ལ། །འགོང་པོ་གཡག་ཤད་ཙམ་ཞིག་འཁྲི། །གྲོགས་ཀྱི་རྗེས་འབྲངས་གནོད་པ་ཆེ། །དེ་བཞིན་གཞན་ལའང་ཅི་རིགས་སྦྱར། །གསུམ་ལ་བཟང་བབས་གྲོགས་ངོ་སྟེ། །ངན་པ་གང་བབས་གྲོགས་གཅོད་ཡིན། །དོན་གྲུབ་གྲོགས་ངོ་བསྟན་པ་ལ། །ནོར་ངོ་སུམ་ཅུ་རྩ་གསུམ་བཤད། །ལྷ་ཡི་དཀོར་མཛོད་སྡེ་ལྔ་ལ། །ཡར་ལྡང་བང་མིག་བརྒྱག་ཅེས་པ། །སྐྱེར་དཀར་པདྨ་བརྒྱག་ཀྱང་ཟེར། །དཔག་བསམ་ཤིང་གི་སྡོང་པོ་ཡིན། །སྤྱིར་རང་ས་གང་བབས་གྲོགས་ངོ་ཡིན། །ཁྱད་པར་གསུམ་དང་གཅིག་ལ་བཟང་། །གལ་བར་ཐོད་དཀར་ཞེས་བྱ་བ། །སེང་ཕྲུག་སྨུག་པོ་བརྒྱག་ཀྱང་ཟེར། །གླང་ཆེན་ས་ལ་རབ་བརྟེན་ཡིན། །སྤྱི་དང་ཁྱད་པར་བཅུ་གསུམ་བཟང་། །ཤ་རིང་སྤོ་ཚེའི་སྐྱམ་གཉིས་


MR16_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག །ཤ་རིང་ལི་ཤག་ཁྲ་མོ་ཟེར། །ཡིད་བཞིན་ནོར་བུ་རིན་ཆེན་ཡིན། །བྱ་ཡུན་དང་རྩེ་དཀར་མོ་དེ། །ཤེལ་གོང་ཁྲ་མོར་ཐང་དཀར་བརྒྱག །ཡོན་ཏན་འདོད་འཇོའི་བ་མོ་ཡིན། །ཀྱེ་བ་རང་ཤག་དཀར་མོ་ནི། །ལུ་གུ་རྒྱུད་ཀྱི་ཞགས་པ་ཡིན། །ཕྱ་ཡི་འཁྲུལ་ཁེབ་རྣམ་བཞི་ནི། །སྤོ་ཚེ་ར་གཉིས་བརྒྱག་པ་ནི། །རྐྱ་བཀྲ་ལ་བྲུང་མཚལ་མིག་བརྒྱག །བསེ་བྲུང་སྨུག་པོ་བཞི་སྐོར་ཡིན། །ཁྱད་པར་བཅུ་གཅིག་སྟེང་དུ་གཅེས། །བྱ་བུར་ར་ལ་བརྒྱག་པ་ནི། །བག་བྱ་བུར་ཕྱག་རྩེ་བླ་གམ་བརྒྱག །དངུལ་སྡེར་དཀར་པོ་འཕྲ་མིག་ཅན། །ཁྱད་པར་བཅུ་གཅིག་སྟེང་དུ་གཅེས། །སྐྱིན་དིང་གཡུ་ཐོག་ཅེས་བྱ་བ། །གཡུ་འོད་གུར་བཀྲ་ཞེས་ཀྱང་བྱ། །ཟ་འོག་པང་ཁེབ་ཆོ་ལོ་རིས། །སྐྱེར་དཀར་ཁྲ་མོ་ཁོད་སེང་ནི། །ཤ་སྒྲོ་རྫི་ཐུབ་བཟང་པོ་ཡིན། །གཉན་གྱི་ཕ་ནོར་སྣ་དགུ་ནི། །སྐྱེར་གྱི་བ་དམར་ལྟོ་སྦྱོར་བརྒྱག །མ་སང་བསེ་ཡི་མཁར་ཆེན་ཡིན། །བྱ་ར་ལམ་བརྒྱག་བུ་བརྒྱག་འདི། །བྱ་རལ་བསེ་བཀྲ་ཆེན་མོ་ཟེར། །ཤ་ཐུད་མར་གསུམ་བང་མཛོད་ཡིན། །ཁྱད་པར་གཅིག་ལ་བབས་ན་གཅེས། །ཤ་རིང་མ་བུ་གསུམ་ཀ་བརྒྱག །བཀྲ་གསུམ་ནེ་མན་རིས་ཀྱང་ཟེར། །རྫུ་འཕྲུལ་སྤྲུལ་བའི་ར་སླག་ཡིན། །སྤུ་རེ་ལ་གཉན་དམག་བརྒྱ་རེ་སྤྲུལ། །སྤོ་བྲེག་རུ་ཐོག་ཟེ་ཟེ་འདི། །ནེ་ཚ་སང་སླག་ཧྲང་ཞེས་བྱ། །ལྕགས་ཀྱི་དྲིལ་ཞགས་འདོམ་དགུ་ཡིན། །སུམ་མཉམ་མ་བརྒྱག་བུ་བརྒྱག་ན། །བསེ་ཡི་ཁོང་བྱང་ཁྲ་མོ་ཡིན། །ཆུ་སྤར་ཆུ་དོ་དཀར་མོ་ནི། །དར་སྙི་སེར་མོ་འགུ་གུ་ཡིན། །སད་བག་ཚོ་ལིང་ཁུག་ཁྲ་མོ་ནི། །མ་སང་ཞིང་དོར་བརྒྱད་པ་ཡིན། །རི་སེ་ཀུ་ནེ་བུ་བརྒྱག་དེ། །གཉན་གྱི་ར་ས་ཡུལ་བདུན་ཡིན། །ཀ་བྲག་བྱ་རལ་མ་བུ་བརྒྱག །ཀ་བྲག་བསེ་བཀྲ་ཆེན་མོ་ན། །སྤྲུལ་པ་ལ་ཆུ་དཀར་མོ་ཟེར། །གཉན་གྱི་འཕྲུལ་གྱི་སྨན་བདུན་ཡིན། །འདི་རྣམས་བཅུ་ལ་བབས་ན་བཟང་། །སྨན་ལ་མོ་ནོར་སྣ་བདུན་ཡོད། །བག་བྱ་རང་ཉི་འོད་


MR16_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དེ། །སྨན་འཁོར་གཡུ་ཡི་བྱུག་ཐོག་ཡིན། །དེ་ལ་མོ་ནོར་སྣ་བདུན་ནི། །ད་རོག་མཚོ་རྒྱལ་རིང་ནམ་དེ། །ཡ་མཚན་གསེར་གྱི་ཡ་ཐོག་ཡིན། །རྫུ་འཕྲུལ་ད་རོག་ཡབ་སྲས་བརྒྱག །མགུལ་གྱི་གཡུ་ལོང་སལ་སིལ་ཡིན། །ན་འབན་སྐར་ཆེན་ཁྲལ་ཁྲོལ་དེ། །བྲང་གི་གཟི་མཆོང་ཐལ་ཁྲོལ་ཡིན། །སྐྱེར་འུན་མཆོང་སྙིང་སྨུག་པོ་དེ། །སྐྲ་རྔ་སྟེང་གི་མེ་ལོང་ཡིན། །ཨ་ཁད་རྩེ་མ་གཡུ་སྔོན་དེ། །གློ་ཡི་ཨ་ལོང་ཚེམ་ཚེམ་ཡིན། །སད་མ་ལ་དུན་བཏགས་དཀར་མོ་དེ། །ཕྱག་གི་དངུལ་དཀར་སོར་གདུབ་ཡིན། །ཝ་རི་དགོ་ཙང་ཁྲ་མོ་དེ། །སྨན་རྟ་རག་པ་འགུལ་འཁྲིལ་ཡིན། །དེ་རྣམས་བརྒྱད་དང་བཅུ་ལ་བཟང་། །ཐེའུ་རང་བུ་ནོར་སྣ་བཞི་ཡོད། །ལྡི་བུར་བུང་བ་ཁྲ་གཤོག་དེ། །གནམ་ལྕགས་རལ་གྲི་བསམ་ཆོད་ཡིན། །སྤོ་ཚེ་བྱ་འདབ་བརྫི་བསྐྱོད་དེ། །བསམ་བྱིན་འཕྲུལ་གྱི་རྟ་ལྕགས་ཡིན། །སྲང་ཟེ་ཁ་ལོང་དཀར་པོ་དེ། །སྤྲུལ་བའི་དྲོ་འབྱོར་སླེ་ཀར་ཡིན། །སྐྱམ་དངས་མ་བུ་ལ་བརྒྱག་སོང་བ། །སྐྱམ་དཀར་བུམ་པ་གཡུ་མིག་འདི། །སྤྲུལ་པའི་དབུ་ཞུ་གོང་དཀར་ཡིན། །འདི་རྣམས་དྲུག་དང་བདུན་ལ་ལྷག་པར་བཟང་། །ཀླུ་ཡི་མོ་ནོར་རྣམ་བཞི་ནི། །བག་ཚོ་བུ་གཉིས་བརྒྱག་པ་ནི། །ཚང་སྤལ་དཀར་མོ་བྱི་བྱི་ལང་། །ཀླུ་ཡི་ཡིད་བཞིན་ནོར་བུ་ཡིན། །བག་ཝ་ཚོ་རལ་བརྒྱག་སོང་བ། །ངང་མ་ཁྲི་གཤོག་བརྒྱག་ཀྱང་ཟེར། །དོན་ཡོད་ཞགས་པ་ཕྱར་ཟིན་ཡིན། །སྐྱམ་ཁྲིམ་དུན་དུན་རྩ་དཀར་བརྒྱག །དུག་མེད་བདུད་རྩིའི་རྐྱལ་བ་ཡིན། །ཕུང་རལ་བུ་ལ་བརྒྱག་སོང་བ། །ཕུང་བར་གསེར་རྒྱུན་ཁྲ་མོ་དེ། །གསེར་གཡུ་རིན་ཆེན་གྲམ་གླིང་ཡིན། །འདི་རྣམས་ལྷག་པར་བཞི་ལ་བཟང་། །ནོར་ངོ་


MR16_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གསུམ་འདི། །ཕྱི་སར་ཤོར་དུ་མི་རུང་ཞིང་། །རང་སར་འདོད་དགུའི་འབྱུང་གནས་ཡིན། །ཡང་བདུད་རྩི་ཅན་གྱི་མོ་མདུད་བཅོ་བརྒྱད་ནི། །སྐྱམ་བྲག་རང་ཆུ་དཀར་མོ་ནི། །དམུ་ལྕམ་རྒྱལ་མོའི་དྲན་ཆུ་ཡིན། །ལྷག་པར་བཅུ་ལ་བབས་ན་གཅེས། །ཀྱེ་བ་བག་ལེ་ཐེ་སྐྱམ་བརྒྱག །ཀྱེ་བ་ལི་ཕྱི་ལྕམ་དཀར་ཟེར། །ཡེ་རྗེ་སྨོན་པའི་དྲན་ཆུ་ཡིན། །དིང་དིང་གུར་བཀྲ་ཆེན་མོ་དེ། །བདུད་རྩི་གནམ་ཞོ་དཀར་པོ་ཡིན། །སྐྱིན་དིང་ཉ་མིག་ཙག་ཙིག་འདི། །བདུད་རྩི་ས་སྣུམ་སྨུག་པོ་ཡིན། །འདི་ག་བཞི་ལ་བབས་ན་གཅེས། །དཀར་ཐོག་གསལ་བའི་སྒྲོན་མེ་དེ། །བདུད་རྩི་ས་ཡི་ཁ་ཞག་ཡིན། །སྐྱམ་དངས་མ་བུ་ལ་བརྒྱག་པ་དེ། །དམུ་ཡི་དྲན་ཆུ་གཙང་མ་ཡིན། །འདི་ཉིད་བཅུ་ལ་བབས་ན་གཅེས། །ཚོལ་ཚེ་དཀར་པོ་ལུ་གུ་སྙིང་། །འབྲས་དཀར་སཱ་ལུའི་ལྗང་བུ་ཡིན། །གསུམ་ལ་བབས་ན་ངེས་པ་ཡིན། །སད་མུ་ལེ་ཟུར་གསུམ་སྐྱམ་དཀར་བརྒྱབ། །དགྲ་བླའི་དྲན་ཆུ་གཙང་མ་ཡིན། །ཆུ་སྤར་བུ་བརྒྱག་ཆུ་དོ་དཀར་མོ་དེ། །གསེར་སྦྲུལ་སེར་པོའི་བདུད་རྩི་ཡིན། །ལྷག་པར་བཞི་ལ་བབས་ན་གཅེས། །སྐྱམ་དཀར་བ་མན་ཆུ་ཤེལ་དེ། །དམུ་མཚོ་སྨུག་མོའི་ཁ་ཞག་ཡིན། །ཁྱུང་བརྒྱད་ར་བརྒྱག་ཀླད་པའི་སྤྱི་ཐོག་ཟེར། །དཔག་བསམ་རྩེ་ཡི་དམུ་ཞག་ཡིན། །འདི་ཉིད་བཅུ་གཅིག་བཅུ་གསུམ་བབས་ན་གཅེས། །བག་བྱ་རང་ཉིད་འོད་གུར་བཀྲ། །ངམ་གཡག་མཁྲིས་པའི་བདུད་རྩི་ཡིན། །འདི་ཉིད་བབས་ས་བཞི་ལ་གཅེས། །སྐ་བྲག་ཚོལ་ཚེའི་བུ་ལ་བརྒྱག །ཚོལ་ཚེ་ལི་ཤག་དཀར་མོ་དེ། །རྒྱལ་བུ་མཐིང་གི་དྲན་ཆུ་ཡིན། །བབས་ས་དྲུག་དང་བཅུ་ལ་གཅེས། །སྐྱམ་མ་ཟེ་གཡུ་ཡི་ཆུ་མིག་དེ། །རྨ་སྤོམ་རའི་ལྷ་ཆབ་ཀེ་རུ་ཡིན། །བབས་ས་བ་ཁོག་གསུམ་དུ་གཅེས། །དམུ་བྲག་ཚོལ་ཚེའི་བུ་ལ་བརྒྱག །དམུ་བྲག་


MR16_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཕྱིན་དུན་ཙེ་ཟེར། །དམུ་ལྕམ་རྒྱལ་མོའི་དྲན་ཆུ་ཡིན། །སྐྱེར་གྱི་ཐང་ལེ་འོད་དཀར་འདི། །དོམ་ནག་མཁྲིས་པའི་བདུད་རྩི་ཡིན། །བདུན་དང་བརྒྱད་ལ་བབས་ན་གཅེས། །སད་མ་ཟེ་གླང་མིག་འཁྱིལ་པ་དེ། །གནམ་གཉན་དཀར་མོའི་དྲན་ཆུ་ཡིན། །སྐྱེར་དཀར་བུ་ལ་བརྒྱག་གཉིས་སོང་། །སྐྱེར་དཀར་བ་ནན་ཆོ་ལོ་རིས། །སྲིད་པ་རྒྱལ་མོའི་དྲན་ཆུ་ཡིན། །འདི་རྣམས་ཕྱི་སར་ཤོར་མི་རུང་། །རང་ས་དང་ནི་ཁྱད་པར་གྱི། །བབས་གནས་རྣམས་སུ་ཁེར་བབས་ན། །ཕྱི་ས་ལད་ཀྱང་མི་སྐྱོན་ནོ། །ལི་ཡན་ཕུད་བར་ཆུ་སྤར་རྣམས། །འགོང་པོ་མི་ལ་སྤུན་གསུམ་ཡིན། །མི་ལ་རང་སར་མ་བབས་ན། །གཞན་པ་སུས་ཀྱང་བཤིག་མི་ཐུབ། །མི་ལ་སྤུན་གསུམ་རང་སར་བབས། །ཕྱི་སར་བདུད་རྩི་ཅན་བབས་ན། །བསེ་རག་ཕུག་ཞུགས་གཡང་ཕྱིར་འགྲོ། །མི་རབས་གསུམ་ལ་དབུལ་ཞིང་རྨོང་། །མྱེས་པོས་གསེར་གཡུ་བྲེ་ལ་འཇལ། །ཚ་བོས་ནོར་སྐལ་བེར་ག་བཟུང་། །རང་སར་བདུད་རྩི་ཅན་བབས་ནས། །ལན་བཟང་མི་རབས་གསུམ་དུ་དར། །རྨང་པོ་འཕན་ལ་དབུལ་པོ་ཕྱུག །གྲོག་ནོར་ཆེན་པོ་འབྱུང་ངོ་ཡིན། །ནད་པ་དང་ནི་རྒན་རྒོན་གྱིས། །ཁྱོགས་དཀའ་གཞན་མ་ཅི་བཏབ་བཟང་། །ཕྱེ་མར་རི་ལྟར་སྤུང་ངོ་ཡིན། །དེ་སོགས་གྲོག་དང་ནོར་གྱི་ནི། །བླ་མདུད་གང་བབས་དཔལ་གྱི་ངོ་། །གཞན་ཡང་དོན་གྲུབ་གྲོག་ངོ་བསྟན། །སྐྱིན་དིང་ས་ནག་སྐུ་མཁར་ལ། །གཡུ་ཐོག་འོད་འབར་བརྟན་པ་བརྒྱག །དེ་ཡང་དོན་གྲུབ་གྲོག་ངོ་ཡིན། །དེ་བཞིན་གཞན་ལ་སྦྱར་ནས་སུ། །བྱ་རལ་རླུང་གི་གོང་བུ་ལ། །བྱ་ཁྱུང་མགོ་ཡི་ནོར་བུ་བརྒྱག །སེ་སྟོད་ཁྲག་གི་གྲོད་པུ་ལ། །དཀར་ཐོག་གཡུང་དྲུང་མཁར་རྩེ་བརྒྱག །ལི་ཡན་རླུང་གི་འཁོར་ལོ་ལ། །རིན་ཆེན་གསེར་གྱི་མེ་ཏོག་བརྒྱག །སྐྱམ་སྔོན་ཆུ་ཟད་ན་ཆུ་ལ། །


MR16_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བརྒྱག་བུམ་པ་གསེར་མིག་བརྒྱག །སྐྱམ་ཆད་ཆུ་ཆད་དོང་ཆུ་ལ། །བུ་བརྒྱག་བུམ་པ་རང་ཆུ་བརྒྱག །སྐྱམ་ལེ་ཆུ་སྐར་ཕྲ་མོ་ལ། །བུ་བརྒྱག་བ་མན་ཆུ་ཤེལ་བརྒྱག །ཝ་སྐྱམ་རྒན་མོ་མཆུ་ནག་ལ། །ནག་ཆུང་རིན་ཆེན་ཆུ་ཐིག་བརྒྱག །མ་ཟེ་རྐྱ་མི་རྐྱང་རྒྱུག་ལ། །གཡུ་ཡི་ཆུ་མིག་རིང་མོ་བརྒྱག །དངས་མ་གདོས་ཐག་བཏགས་འདྲ་ལ། །བུ་བརྒྱག་གཡུ་སྒྲོན་ལྷ་མོ་བརྒྱག །ཨ་ཁད་ཁ་སྟོང་ལྕེ་སྟོང་ལ། །བུ་བརྒྱག་གཏམ་སྙན་རྩེ་མ་བརྒྱག །ཕུང་ཁད་མི་ཁ་གཏམ་ངན་ལ། །རིན་ཆེན་མེ་ཤེལ་དམར་པོ་བརྒྱག །ཏྲོང་ཁད་སྟག་མོ་རྔོ་བྱུང་ལ། །ནམ་མཁའ་འོད་ཀྱི་རྩེ་མ་བརྒྱག །བག་ལྡི་ཐིའུ་རང་རྐང་གཅིག་ལ། །རེ་སེ་ངང་པ་ཤུགས་ལྡན་བརྒྱག །ཏྲོང་ཁྱུང་ཁྱུང་གཤོག་ཆད་པ་ལ། །བུ་བརྒྱག་དངུལ་མདངས་རྩི་ཐོག་བརྒྱག །ཏྲོང་སུམ་མཉམ་སྤྱང་མོ་ཁ་འཐམ་ལ། །བུ་བརྒྱག་གླག་མོ་མཁར་དཀར་བརྒྱག །སོ་ཡོན་ནག་པོ་སྙིང་འགྱོད་ལ། །ལིང་ཀུན་དཀར་མོ་ཤེལ་དཀར་བརྒྱག །སྤོ་བར་གྱོད་རྒན་མགོ་སེ་ལ། །ཨ་རག་ཤེལ་གྱི་སྡོང་པོ་བརྒྱག །བག་ཚོ་ཕྱེ་སྐྱ་སྤག་མེད་ལ། །ལྷོ་སྤྲིན་ཕྱུག་མོ་འཇའ་རིས་བརྒྱག །འདི་རྣམས་དོན་གྲུབ་གྲོག་ངོ་ཡིན། །ཁྱིམ་ས་བཙན་ས་རྣམས་སུ་གཅེས། །ལར་མོ་ཁོག་མི་སྐྱ་སྣུམ་པ་དང་། །འགྱོད་སྙིགས་མེད་པར་དངས་མ་བབས། །བརྒྱག་ཁ་བཟང་སྡེ་བྱུང་བ་ནི། །གྲོགས་ཡོད་དེ་ལས་ལྡོག་ན་མེད། །ཞིབ་ཏུ་བཏགས་ལ་ཁ་དམར་གདགས། །གྲོག་ནོར་གང་དང་ཅི་འབྱུང་བ། །མགྲོན་ཕྱ་དང་ནི་འཕྲུལ་ཞིང་དཔྱད། །ལྔ་པ་དཀོར་དང་ནོར་གྱི་ཕྱ། །བཟང་ངན་མཚན་མ་བརྟག་པ་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ཁྱབ་བ་ཁོག་རྣམ་གསུམ་དང་། །མཛོད་བཞི་རྣམས་སུ་དཔལ་ཅན་བབས། །ཕྱི་སར་བཟང་ཁ་མ་ཤོར་ཞིང་། །


MR16_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ས་རྩེ་འཛིན་མ་ལད་ན། །དཀོར་ནོར་འཕེལ་བའི་ངོ་རུ་བཤད། །རང་སར་སྣུམ་ཐིག་བརྒྱག་བཟང་བབས། །ཕྱི་ས་ལད་ཅིང་མོ་ཁོག་བརྟན་ན་བཟང་། །ཁྱད་པར་སྐམ་ནོར་མཛོད་བཞི་དང་། །ཁྱད་པར་བཞི་འདི་གལ་ཆེ་ལ། །ཕྱུགས་སོགས་རང་རང་ས་མལ་དུ། །སོ་སོའི་བླ་རྟགས་བཟང་སྡེ་བབས། །དཀོར་ནོར་འཕེལ་བའི་ངོ་ཡིན་ནོ། །ཁྱད་པར་འབྲུ་རིགས་ཞིང་གི་ཕྱ། །གཅིག་འདི་ས་ཞིང་བརླིང་ན་བཟང་། །གཉིས་ས་ལུད་བཀྲམ་པ་འཐོར་ན་བཟང་། །གསུམ་སྐོམ་རློན་ལྟས་རླན་ན་བཟང་། །བཞི་འབྲུ་སྣ་དཀྲམ་སར་བརྒྱག་ན་བཟང་། །ལྔ་གཤོལ་གྱི་རྨེད་སར་སྙི་ན་བཟང་། །དྲུག་ལྗང་བུ་འཁྲུངས་སར་བརྟན་པ་དགོས། །བདུན་དངས་སྙིགས་འབྱེད་སར་བརྒྱག་ཁ་དགོས། །བརྒྱད་ལྗང་བུའི་སྲབ་འཐུག་ལྟ་ས་ལ། །བརྒྱག་ཁ་བཟང་སྡེ་སྣུམ་པ་དགོས། །དགུ་སྙེམ་ཨེ་མཛེས་ལྟ་ས་ལ། །གསལ་བྱེད་བཟང་སྡེ་དངས་མ་དགོས། །བཅུ་ཞིང་མིག་ཨེ་གང་ལྟ་ས་ལ། །བརྒྱག་བཟང་དངས་མས་གང་བ་དགོས། །བཅུ་གཅིག་ཞིང་ལྷ་ཚངས་པའི་ས། །ལྷ་ངོ་མཐོ་ཞིང་དར་ན་བཟང་། །བཅུ་གཉིས་ལོ་ཐོག་ཟོར་བས་འབྲེག་པའི་ས། །མི་བརྟན་མི་དར་ཞན་ན་བཟང་། །བཅུ་གསུམ་ཁ་ཕོ་སྒྲོགས་པའི་ས། །ལོ་ནས་སྔ་ཕྱི་ངོ་ཐུག་མིན། །ལྟ་ས་ཡིན་པས་བཟང་བ་དགོས། །ལོ་ལ་མོ་བཟང་བབས་ན་ཡང་། །ཆེས་ཐལ་མི་འབྱུང་བཟང་ཞེས་གྲགས། །སྐྱིན་དིང་ཞིང་ཡིན་དིང་དིང་མཁར། །སུམ་མཉམ་རྨོས་རོལ་སྐྱམ་རིགས་ཆུ། །དམུ་ཐག་ལྗང་བུ་ཚོལ་ཚེ་འབྲས། །བྱོད་ཕུར་ནས་སོགས་ཤེས་པར་བྱ། །ངན་རིགས་བཙའ་སད་སེར་སོགས་བརྟག །མདོ་བ་རྟ་ཡི་མོ་འདེབས་ན། །གཅིག་རྟ་ཡི་རྟོད་ཕུར་བརྟན་ན་བཟང་། །གཉིས་ཁྱི་སྤྱང་འགུལ་ས་འཇམ་ན་བཟང་། །གསུམ་བྱ་མཁན་དང་ནི་རྟ་


MR16_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྫིའི་ས། །བཞི་པ་རང་ཁུང་ས་མལ་ཡིན། །ལྔ་རྟ་བྲེས་སྨན་པའི་ས་མལ་ཡིན། །དྲུག་རྟ་བདག་མོ་ཡི་ས་མལ་ཡིན། །བདུན་པ་གསེབ་ཆེན་ས་མལ་ཡིན། །བརྒྱད་པ་རྟ་བདག་ས་མལ་ཡིན། །དགུ་པ་རྟ་མཁན་དང་ནི་སྔགས་པའི་ས། །བཅུ་པ་རྟ་ཡི་དམུ་དག་ཡིན། །བཅུ་གཅིག་རྟ་ལྷའི་ས་མལ་ཡིན། །བཅུ་གཉིས་རྟ་ཡི་དགྲ་གདོན་ས། །བཅུ་གསུམ་ནམ་ཕུག་ཕན་མིན་བལྟ། །གཅིག་བྱ་རལ་ལི་ཡན་རྟོད་ཕུར་བུད། །ཕུར་གསུམ་བབས་ན་རྟོད་ཕུར་ཟུག །བྲག་རིགས་རྟ་བདུད་བབས་ན་འཆི། །སེ་སྟོད་བྱ་རལ་ཆུ་སྤར་དང་། །སོ་ཡོན་ཕུང་ཁད་སོགས་བབས་ན། །རྟ་ཡི་གནས་མལ་འགྲམ་པ་ཡིན། །གཉིས་མ་ཟེ་བབས་ན་ཁྱི་སྤྱང་འགུལ། །ལི་ཡན་སྐྱིན་དིང་མ་འགུལ་ལོ། །གསུམ་ཏྲོང་དྲག་དམུ་བྲག་སོ་ཡོན་དང་། །སྤོ་བར་ཞར་བ་བབས་པ་ན། །རྟ་རྫིས་རྟ་ནད་སྐྱོང་ངོ་ཡིན། །བཞི་མུ་ས་ཝ་ཚོ་དམུ་ཐག་སོགས། །བཏགས་རིགས་བབས་ན་བྱ་བ་དེ། །སྐུང་ནས་མ་བུད་བཟང་བ་ཡིན། །འཐོར་བ་ཨ་ཁད་ངན་རིགས་སོགས། །བྱ་བ་རྐུང་ནས་བུད་པས་ངན། །མོ་སྟོད་བཟང་ན་མི་འཆི་ཙམ། །ལྔ་ལ་ཁས་དྲག་མི་བཟང་ཀྱང་། །རང་ས་མ་ལད་ན་མི་སྐྱོན། །དྲུག་ལ་སྙིགས་མ་བདག་མོ་འགྱོད། །བདུན་བརྒྱད་ལད་ན་མདོ་བ་འཆི། །བདུན་ལ་སྐྱམ་དང་ལི་ཡན་ན། །རྟ་ཕོས་མོ་ལུས་བླང་བ་ཡིན། །བརྒྱད་དེ་ལད་ན་ངེས་པ་ཡིན། །རོག་སྐྱམ་རོག་པ་ལྡི་བུར་དང་། །བྲག་ཆེན་བབས་ན་ངེས་པར་འཆི། །བརྒྱད་ཀྱི་སྟེང་དུ་གར་བར་ན། །སྔ་རུ་སྲབ་ལག་མ་ཕྱེ་བཟང་། །དམུ་ཐག་སྲབ་ལག་མ་ཕྱེ་བཟང་། །ཁྱུང་བརྒྱང་རྟ་དང་རྒ་མ་ཕྱེ། །གཞན་ཡང་དངས་མ་གང་བབས་བཟང་། །དགུ་ལ་ལི་ཡན་ཝ་སྐྱམ་སོགས། །རྟ་མཁན་ཁ་འགྱོད་སྙིང་སྟོང་ཡིན། །ཚོལ་ཚེ་བབས་ན་གྲོག་ངོ་ཡིན། །བྱ་ཡུན་བབས་ན་ངོ་སོ་ཡིན། །


MR16_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཁད་དངས་མ་ཁ་པོ་ཡིན། །གཞན་ཡང་དངས་མ་གང་ཡང་བཟང་། །བཅུ་ལ་བྱ་རལ་སྒོ་བརྒྱག་སོགས། །རྟ་ཡི་དམུ་དག་ཆད་པ་ཡིན། །བྲག་རིགས་དམུ་དག་བདུད་ཀྱིས་བརྐུས། །བཅུ་གཅིག་དམུ་དག་བྱ་ཡུན་སོགས། །མདོ་བ་རྟ་ཡི་དར་སོ་ཡིན། །བཅུ་གཉིས་མོ་རྒོད་བརྒྱག་ཆེན་རིགས། །རྟ་གཟུགས་ཁྱི་ཡིས་ཁྱེར་བ་ཡིན། །བཅུ་གསུམ་དངས་མའི་སྡེ་རིགས་བཟང་། །ཁྱད་པར་བདུན་དང་བརྒྱད་གཉིས་པོ། །མདོ་བ་རྟ་ཡི་ས་ཡིན་དཔྱད། །རྟ་དང་ཀུ་རུའི་མོ་འདེབས་ན། །སྒོ་ཡི་མཚལ་བུ་སྨྲ་ཤེས་དགོས། །དེ་ནི་སྤོ་ཚེ་མདོངས་བུ་ཡིན། །སྤོ་ཚེ་རྟ་ལྟ་འཕན་པོ་དགོས། །རེ་སེ་ཀྱུ་ནེ་སྨོན་རྟ་ཤེལ་རུ་དགོས། །སྤོ་བར་རྟ་རྫི་རྒད་པོ་དགོས། །དམུ་དག་རྟ་ཡི་སྲབ་མདའ་དགོས། །བྱོད་ཕུར་རྡོ་རྟ་གྲོ་མོ་དགོས། །བྱ་ཡུན་རྟ་ཡི་ཁ་བུར་དགོས། །སུམ་མཉམ་རྟ་ཡི་མགྱོགས་ཆུ་དགོས། །རང་སྙན་རྟ་སྐད་འཚེར་བ་དགོས། །ཤ་རིང་རྟ་ཡི་ར་བ་དགོས། །ལི་ཡན་རྟ་ཡི་བང་རྩལ་དགོས། །ཡང་ན་རྟ་སྟན་གྲུ་བཞི་ཡིན། །བྱ་རལ་རིན་ཆེན་རྟ་སྒ་ནག་ཆུང་དགོས། །དམུ་དབལ་རྟ་ཡི་སྔགས་མཁན་དགོས། །སྲང་ཟེ་ཕྱ་ས་ལག་ཡང་དགོས། །ཤོ་དོ་རྟ་ཡི་གཡེར་ཕྱར་དགོས། །དེ་རྣམས་བདུན་དང་བརྒྱད་ལ་གཅེས། །རྟ་ཡི་གཡོན་ཆོག་རྣམ་ལྔ་ནི། །གསུམ་ལ་སྤོ་ཚེ་མདོངས་བུ་དང་། །བདུན་ལ་དམུ་དག་འབྲོང་བུ་དང་། །བཞི་ལ་སྐྱིན་དིང་གཡུ་ཐོག་དང་། །དྲུག་ལ་གར་བར་ཐོད་དཀར་དང་། །དགུ་ལ་སྤོ་བར་ལིང་ཀུན་ལྔ། །གང་བབས་གཡོན་ཆོག་ཁ་དམར་ཐོགས། །བཅུ་གཅིག་སྟེང་གི་ཨ་ཁད་འདི། །ཅི་བཏབ་བཟང་ཡང་རྟ་ཕྱར་ངན། །རྟ་ལྤགས་ཁྱི་ཡི་འདྲད་ངོ་ཡིན། །བདུན་གྱི་བྱ་ཡུན་རོག་མོ་དེ། །རྟ་ཤ་ཁ་རྟས་འདྲད་ངོ་ཡིན། །བདུན་གྱི་དིང་དིང་སྲིན་ཐོག་དེ། །རྟ་ལུང་ཁྱི་ཡིས་འདྲད་ངོ་ཡིན། །བདུན་གྱི་སེ་སྟོད་སྒོ་


MR16_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་དེ། །རྟ་ཁྲག་ཐང་ལ་ཞམ་ངོ་ཡིན། །བདུན་གྱི་ཙེ་ར་རྣ་རུ་སངས། །རྟ་བརྒྱ་གཤམ་ལ་ཤི་ངོ་ཡིན། །བཅུ་གཅིག་བྱ་ཡུན་སྒོ་བརྒྱག་དེ། །རྟ་ཐོད་བྱ་ཡིས་བཏོག་ངོ་ཡིན། །གཞན་ཡང་རྟ་བདུད་རྟ་ལྷའི་རིགས། །མདུད་རྫོང་ནང་བཞིན་བརྟགས་ཏེ་སྨྲ། །རྐང་བཞི་གནག་གི་ཕྱ་ལ་ནི། །བཅུ་དྲུག་བཞི་འདི་རིམ་བཞིན་དུ། །མོ་ཕྱུག་ཆེ་འབྲིང་ཆུང་གི་ས། །གསུམ་པ་བེའུ་ཆུང་ས་མལ་ཡིན། །བདུན་བརྒྱད་མཛོ་གཡག་ཆེ་བའི་ས། །འདི་དག་རྣམས་སུ་བཟང་བ་ནི། །སྐྱིར་དཀར་འབྲི་ཡི་བང་མཛོད་དགོས། །སྐྱེར་སྨད་ཕྱ་ཡི་བེའུ་གདོང་དགོས། །བག་སྐྱེར་གཉེན་གྱི་བེའུ་གདོང་དགོས། །སྐྱིན་དིང་གཡང་གི་ཕུར་པ་དགོས། །གསེར་བྱ་དར་གྱི་སྒྱིད་ཐག་དགོས། །ཚོལ་ཚེ་འོ་མཚོ་དཀར་མོ་དགོས། །མུ་ས་བསེ་ཡི་ཟོ་བ་དགོས། །རེ་སེ་འབྲི་མར་སེར་མོ་དགོས། །ད་རོག་རྒྱ་མཚོ་གསེར་གཞོང་དགོས། །དིང་དིང་གཡང་གི་ར་བ་དགོས། །ཡར་དིང་ཕྱ་ཡི་བང་མཛོད་དགོས། །གལ་བར་དུང་གླང་དཀར་པོ་དགོས། །རུ་སོད་ལྷ་གཡག་དཀར་པོ་དགོས། །བྱ་རལ་བརྒྱག་བཟང་འབྲི་མཚོ་གླིང་དགུ་དགོས། །ཝ་སྐྱམ་ཕྱུག་གི་མཛོ་མོ་དགོས། །ལར་སྐྱེར་རིགས་ཐམས་ཅད་གནག་ལ་བཟང་། །གཡང་དཀར་ལུག་གི་མོ་འདེབས་ན། །སྨད་ན་སྤེལ་བའི་སྒོ་གསུམ་ཡོད། །གཅིག་འདི་ལུག་རྫིའི་ལྟ་བའི་མིག །གཉིས་འདིར་དགྲ་གྲོག་རྐུན་ངོ་བརྟགས། །གསུམ་འདིར་ལུག་རྒབ་འཕེལ་ལམ་བལྟ། །བར་ན་གནས་པའི་ཡུལ་གསུམ་ནི། །བཞི་དྲུག་བདུན་དང་གསུམ་པོ་ཡིན། །ཕུ་ན་འཚོ་བའི་གཟས་རི་གསུམ། །དགུ་དང་བཅུ་དང་བཅུ་གཅིག་ཡིན། །དེ་རྣམས་སུ་བཟང་ངན་རིག་པས་དཔྱད། །འདི་ནི་ནོར་ཕྱུག་སྤྱི་ལའང་སྦྱར། །ཁྱད་པར་ལུག་ཕྱ་བརྒྱད་ལ་བརྟག །བརྒྱད་འདི་སྤོམ་རའི་ལུག་ལྷས་ཡིན། །འདི་ལ་ལུག་


MR16_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་གསུམ་དགོས། །སྐྱིན་དིང་གཡང་སྒྲོ་འཕེལ་ཆེན་དང་། །སྦོ་མ་ཟེ་རུ་མ་འཕེལ་ཆེན་དང་། །སྐྱམ་མ་ཟེ་གཡུ་ཡི་ཆུ་མིག་ཡིན། །ཡང་ན་བཟང་པོ་འདི་རྣམས་དགོས། །ལྡི་བུར་བརྒྱག་ཅན་དམུ་གཡང་འབེབས། །རུ་སོད་བརྒྱག་ཅན་བདུད་གཡང་འབེབས། །བྱ་ཡུན་བརྒྱག་ཅན་བཙན་གཡང་འབེབས། །ཤ་རིང་སྤོ་ཚེ་ཕྱ་ཡིས་སྨོན་ལམ་བཏབ། །ཤ་རིང་བརྒྱག་ཅན་སྨོན་གཡང་འབེབས། །གལ་བར་བརྒྱག་བཟང་ལུག་ལྷས་ཙནྡན་བསྐོར། །སད་རིགས་རྨ་ལུག་ལྷ་ཡིས་འཚོ། །ཙེ་ར་བང་མིག་མིག་རྣོན་དག་གིས་འཚོ། །སོ་ཡོན་བྱ་ཡུན་ལང་ཏང་ཙེ། །འགྲོ་རྐང་མགྱོགས་པ་ཡིས་ལུག་ཁྱུ་འཚོ། །ཀྱེ་བ་ད་རོག་གཡུང་དྲུང་གསུམ། །གང་བབས་ལྷ་ཀླུ་མི་ཡིས་འཚོ། །ཨ་ཁད་ཅེ་མ་སྐྱེར་འུན་བརྒྱག །སད་མ་ལ་དུན་ཐག་བརྒྱག་དང་ནི། །དོག་ཚང་ཁྲ་མོ་གང་བབས་ཀྱང་། །ལུག་ཁྱུ་ཝེར་མས་འཚོ་བ་ཡིན། །བྱ་བུར་གསེར་གྱི་ཡང་ཐིག་བརྒྱག །དིང་དིང་བརྒྱག་ཁ་རུ་ཟད་བརྒྱག །དམུ་དག་དུང་ཤ་སྒྲོན་ཁྱེར་བརྒྱག །བག་ཚོ་བཅུད་བྱེད་ཞུན་ཐིག་བརྒྱག །བྱ་ཡུན་ཉི་ཟེར་སྐར་མ་བརྒྱག །བག་མུས་སྨན་མོའི་ནོར་རྫོང་བརྒྱག །འདི་དྲུག་གང་བབས་ལུག་ཁྱུ་རྒྱས། །གཞན་ཡང་གཡང་དཀར་ལུག་མོ་ལ། །ཏྲོང་རིགས་ལུག་མཚོ་གླིང་དགུ་བཟང་། །སད་ཚོལ་ཚེ་གཡང་གི་རྫིའུ་དགོས། །དིང་དིང་བལ་གྱི་ཚོང་ཐག་བཟང་། །སྤོ་ཚེ་གསེར་གྱི་ཚོང་ཐག་བཟང་། །དམུ་དག་གཡང་མོའི་བསྟར་ཐག་བཟང་། །དེ་རྣམས་བརྒྱད་དང་བཅུ་ལ་གཅེས། །སྐྱམ་ངན་རིགས་ལུག་ལྷས་ཆུ་ཡིས་ཁྱེར། །ཕུང་ཁད་ལུག་ལྷས་མེ་ཡིས་ཚིག །བྱ་རལ་ལི་ཡན་རླུང་གིས་གཏོར། །གསུམ་དྲུག་བཞི་ལ་སྐྱམ་སོགས་ཞོན་པ་ཅན། །ལུག་ལྷས་སྤྱང་ཀི་ཞུགས་ངོ་ཡིན། །ལུག་ལྷ་ཕྱི་སར་ཤོར་


MR16_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ན་ངན། །ར་ཡི་ས་ནི་བཞི་དང་ལྔ། །སྤྱི་ཁོག་ལུག་དང་མཚུངས་པར་དཔྱད། །བ་ནི་འབྲི་དང་ཀུན་ནས་མཚུངས། །སྤྱིར་བཏང་ཕྱུག་རྣམས་ཀུན་ལ་ཡང་། །སློ་ངོ་དམར་ངོ་འགྱོད་སྟོང་ངན། །བརྒྱག་སྣུམ་བརྟན་པ་གང་བྱུང་བཟང་། །གཅིག་འདི་ཕག་གི་ས་ཡིན་པས། །ཕག་གིས་ས་བརྐོས་བདག་པོར་ངན། །གཉིས་པ་སྒོ་ཁྱིའི་ས་ཡིན་ཏེ། །སྒོ་ཁྱི་ངུ་ཟུག་བྱས་ན་ངན། །གསུམ་ར་མ་ཆར་གྱིས་དེད་ན་ངན། །བཞི་བའི་སྲིན་གྱིས་བཞོས་ན་ངན། །ལྔ་གླང་གི་ས་བརྐོས་བྱས་ན་ངན། །དྲུག་བཞོན་འབྲིའི་གསེར་ཟོ་སྟོང་ན་ངན། །བདུན་འོག་རྟ་བྲེལ་གྱིས་ནོན་ན་ངན། །བརྒྱད་གཡང་དཀར་སྤྱང་ཀིས་བསད་ན་ངན། །དགུ་རྫིའུ་རྒྱུག་མདུར་ལང་ན་ངན། །བཅུ་ཕྱུག་ར་བདུད་ཀྱིས་མ་གཤོགས་དགོས། །བཅུ་གཅིག་ལྷ་གཡག་མདའ་ཡིས་མ་བསད་དགོས། །བཅུ་གཉིས་མཛོ་མོ་ཚ་ཐོག་མ་རྒྱུག་དགོས། །བཅུ་གསུམ་གཏན་ནོར་མ་སྲབ་དགོས། །ཕུང་བར་དྲེལ་དང་བོང་བུའི་བླ། །བྱ་རལ་ཁྱི་ལ་སོ་ཡོན་ཕག །དེ་སོགས་སོ་སོའི་བླ་རྟགས་རིགས། །བརྒྱག་ཁ་བཟང་པོར་བྱུང་ན་བཟང་། །ཏྲོང་དང་སྒོ་བརྒྱག་རིགས་བྱུང་ན། །གང་བྱུང་སོ་སོའི་བདུད་ཆད་ཡིན། །སྤྱིར་གྱི་དཀོར་ནོར་མོ་ལ་ནི། །དགྲ་ས་ཆག་ལ་གདོན་ས་སྟོང་། །ཁྱིམ་ས་བཟང་ལ་ལྷ་ས་བཙན། །དཀོར་ནོར་བང་མཛོད་འཕེལ་ངོ་ཡིན། །དཀར་ཐོག་སྨུག་ཐོག་ལ་སོགས་པའི། །མདུད་པ་གཡང་ཅན་རང་མལ་བབས། །ལན་གྱིས་ཁྱོགས་ན་དཀོར་ནོར་འཕེལ། །སོ་སོའི་བླ་རྟགས་མདུད་པ་ནི། །གོང་འོག་ལས་བཤད་བཞིན་དུ་ཤེས། །ཡང་བདུད་རྩི་ཆང་གི་མོ་འདེབས་ན། །གཅིག་ཆང་གི་སྒྱེད་པུ་བཙུགས་ས་ཡིན། །གཉིས་འདི་ཆང་ཆུ་ལེན་ས་ཡིན། །གསུམ་པ་ཕབ་ནས་སྤྲད་ས་ཡིན། །བཞི་འདི་ཆང་གི་བང་བ་ཡིན། །ལྔ་འདི་ཆང་སྣོད་དྲུག་


MR16_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། །སྤང་མ་གྲང་དྲོ་བལྟ་བའི་ས། །བདུན་ཆང་མ་ཆང་ལ་བཅར་ས་ཡིན། །བརྒྱད་འདི་ཞིམ་མངར་ལྟ་ས་ཡིན། །དགུ་འདི་ཆང་ཆུ་བསབ་ས་ཡིན། །བཅུ་གཉིས་དངས་སྙིགས་འབྱེད་ས་ཡིན། །བཅུ་གཅིག་ཆང་མགྲོན་བསྒྲིག་ས་ཡིན། །བཅུ་གསུམ་ཁ་བརྒྱག་གཏམ་ས་ཡིན། །སྐྱམ་གྱི་བུ་བརྒྱག་བཟང་སྡེ་རྣམས། །སྐྱེམ་པོ་ཆང་གི་ཝེར་མ་ཡིན། །ཚོལ་ཚེ་ལ་སོགས་ཞིམ་མངར་ཡིན། །ཨ་ཁད་བཟང་སྡེ་གླུ་དབྱངས་ཡིན། །ད་རོག་བཟང་སྡེ་ཆང་མཚོ་ཡིན། ༈ །དྲུག་པ་མཚེར་ཕྱ་བརྟག་པ་ལ། །གཅིག་འདི་མཚེར་གྱི་གཞི་མ་ཡིན། །གཞི་མ་མ་འགུལ་བརླིང་ན་བཟང་། །སྐྱེར་དང་སྐྱིན་དིང་གལ་བར་གསུམ། །ཡར་དིང་དིང་དིང་གཡུང་དྲུང་དྲུག །སྤོ་ཚེ་ཚོལ་ཚེ་ལྡི་བུར་དགུ། །བབས་ན་མཚེར་བརྟན་བརླིང་བ་ཡིན། །རུ་སོད་འཐོར་བ་བྱ་རལ་ཞིག །ན་འབན་འཁྲུག་ཅིང་ས་སྟོད་གོད། །སྤོ་བར་གྱོད་དང་ལི་ཡན་འཕོ། །ས་ཁམས་བརྟན་ཅིང་ལྕགས་ཁམས་འབྲིང་། །ཤིང་ལྔ་འབྲིང་སྨད་རླུང་ཁམས་གཡོ། །ཆུ་ཁམས་བབས་ན་ངན་ཞེས་བཤད། །གཉིས་མཚེར་སྒོ་དགྲ་ཡོ་བ་འགུལ་ས་ཡིན། །མ་བཙན་ཁས་དམན་བྱུང་ན་བཟང་། །གསུམ་འདི་མཚེར་གྱི་ར་བ་ཡིན། །བཞི་འདི་དཀོར་ནོར་ས་མལ་ཡིན། །སྐྱིན་དིང་གཡུ་ཐོག་ར་བ་བརྟན། །ལྔ་དགྲ་ས་ཐབ་དང་སྒྱེད་པུ་ཡང་། །དྲུག་མོ་བཙུན་ཁྱིམ་བདག་མོ་ཡི་ས། །འཕང་ཆ་མ་འབྲི་རྒོད་གསུམ་ས། །བདུན་ཕོ་ས་བློ་ཕུག་ཕ་སྤུན་ས། །བརྒྱད་གྲོང་དཔོན་གནས་མལ་གྲོས་ཀྱི་ས། །མཚེར་སྙིང་འགྱུར་མེད་ཡིན་པར་བཤད། །དགུ་དགྲ་ཟུན་སོ་པ་འདུག་ས་ཡིན། །མི་འགྱུར་མཚེར་གྱི་གཟས་རི་ཡིན། །བཅུ་གནམ་སྒོ་བཅུ་གཅིག་དགྲ་བླའི་ས། །བཅུ་གཉིས་དགྲ་ས་བཅུ་གསུམ་ཁ་འཛིན་ཡིན། །ཕྱི་ས་མ་དར་འཇམ་ན་བཟང་། །རང་


MR16_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་རྒུད་དར་ན་བཟང་། །མ་ཟེ་ན་འབན་ལི་ཡན་སོགས། །ས་མལ་གང་བྱུང་དེ་ལ་ནི། །རྐྱེན་འོང་ཡང་ན་ཟླ་ཞག་ནི། །གནས་ཀྱི་གྲངས་མཚུངས་དེ་དུས་འཛེར། །སོ་ཡོན་ཐབས་ཟངས་རྫིའུ་ཡིན། །གཉིས་ལ་བབས་ན་རྫིའུ་ས་འཚོས། །ཝ་ཚོ་ཟོག་རྫི་དགུ་ལ་གཅེས། །སྐྱམ་བྲག་རང་ཆུ་དཀར་མོ་དེ། །བུད་མེད་རྫིའུ་དྲུག་ལ་གཅེས། །བྱ་རལ་ཁྱི་རྫི་གཉིས་ལ་གཅེས། །སྲང་ཟེ་རྟིས་ཆུང་རྫིའུ་བདུན་ལ་གཅེས། །སྤོ་ཚེ་མདོངས་བུ་རྟ་རྫི་བཅུ་གཅིག་གཅེས། །བྱ་བུར་གསེར་ཐིག་གནག་རྫི་བཞི་ལ་གཅེས། །ཚོལ་ཚེ་ལུ་གུ་ལུག་རྫི་བརྒྱད་ལ་གཅེས། །རྫིའུས་བསྲུང་ན་གང་བསྲུང་བདེ། །ལར་དཀར་ཐོག་མཚེར་གྱི་རྫིའུ་ཡིན། །ནག་ཐོག་མཚེར་གྱི་བདུད་ཆད་ཡིན། །ཆུ་སྐྱམ་མཚེར་གྱི་མཆི་མ་ཡིན། །ཕུང་ཁད་མཚེར་གྱི་གཏམ་ངན་ཡིན། །གླེས་སྨི་མཚེར་གྱི་ལེ་དེད་ཡིན། །བརྟུད་པ་མང་ན་བྲེལ་ངོ་ཡིན། །ཁས་དྲག་བརྟུད་ན་འཇིགས་ངོ་ཡིན། །གཉིས་ལྔ་བཅུ་དང་བཅུ་གཅིག་གི། །འདྲ་འགྲིག་དཔྱད་པ་མང་ན་ཡང་། །ཧ་ཅང་དོན་མི་ཆེ་བས་བཞག །བཅུ་གཅིག་བཅུ་གཉིས་སེ་སྟོད་དང་། །བཅུ་གསུམ་གྱི་ནི་སེ་སྟོད་དེ། །ཅི་བཏབ་ཅི་ལ་ངན་ན་ཡང་། །བྱང་བ་རྒད་པོའི་མཚེར་ཕྱར་བཟང་། །མཛོ་རྒན་རྩ་བཟང་ཆུ་དང་འཕྲད། །ཡང་གཅིག་མཚེར་ཕྱའི་མན་ངག་ལ། །ཉིན་ལ་འདུག་ན་ཐོ་དཀར་གཅེས། །ཉིན་གྱི་ཐོ་དཀར་བཅུ་གསུམ་ནི། །སྨད་དུ་དངས་སྙིགས་འདྲེས་འདྲེས་ནས། །བཅུ་གསུམ་དཀར་ཐོག་གཡུང་དྲུང་ན། །མཚེར་འཁོར་གསུམ་ལ་དགྲ་མེད་ཡིན། །བཅུ་གཅིག་བབས་ཀྱང་དེ་དང་འདྲ། །དེ་བཞིན་གཞན་མ་ཀུན་ལ་སྦྱར། །བཅུ་གསུམ་གར་བར་ཐོད་དཀར་ན། །མཚེར་འཁོར་གསུམ་ལ་དགྲ་མེད་ཡིན། །བཅུ་གསུམ་ཡར་ལྡང་སྟག་འཕྲུ་དང་། །ཨ་ཁད་རྩེ་མ་རུ་སོད་ཁ་ལེ་དང་། །ལྕགས་ཁྲ་


MR16_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བབས་མཚེར་གཉིས་དགྲ་མེད་དོ། །ཀུ་ཡེ་བྱེའུ་ཚང་སྐྱམ་ཆུང་བུམ་པ་དང་། །སྐྱམ་སྔོན་སྲང་ཟེ་ཁ་ལང་དང་། །བྱ་ཡུན་དངུལ་དཀར་ཆབ་མིག་དང་། །དངས་མ་གཡུ་སྒྲོན་ཚོལ་ཚེ་རྣམས། །བབས་ན་མཚེར་གཅིག་དགྲ་མེད་དོ། །སྲིབ་ཀྱི་ཐོ་ནག་བཅུ་གསུམ་ནི། །གཅིག་གི་དིང་དིང་ལན་དུ་ནི། །བཅུ་གཅིག་བཅུ་གསུམ་གང་རུང་ལ། །བྱ་རལ་བྱ་ཡུན་གྲོ་མོ་དང་། །སྐ་བྲག་རུ་སོད་ལི་ཡན་དང་། །དམར་ཐོག་སེ་སྟོད་བག་བྱ་ཡུན། །བག་ཚོ་བག་གི་སྐྱེར་དང་ནི། །སྐྱམ་བྲག་ཚོལ་ཚེ་སྐྱམ་བྲག་ལྡི་བུར་དང་། །སྤོ་བར་གང་རུང་བབས་པ་ན། །སྲིབ་ལོག་ནག་ན་དགྲ་མེད་ཡིན། །སྲིབ་ཀྱི་ན་ཆུང་ཡོལ་མོ་ན། །ཟལ་དཀར་འབྲི་ཡི་རྩ་ལ་སྐོར་ཟོས་བྱེད། །རྫ་ཆུ་སིལ་མ་དེ་ལ་འཐུང་། །སྲིབ་ཏུ་འདུག་ན་ཐོ་ནག་གཅེས། །ཉིན་སྲིབ་བར་གྱི་ཐོ་ཁྲ་ནི། །གཅིག་གི་སྟེང་དུ་སྐྱམ་དང་ནི། །དམུ་དག་བབས་ན་ཟླ་གཅིག་དགྲ་མེད་ཡིན། །ཡང་ན་བཅུ་གཅིག་དག་གམ་བཅུ་གསུམ་ལ། །མུ་ས་དང་ནི་སྐྱེར་བྱ་ཡུན། །ཡར་ལྡང་ཝ་ཚོ་གལ་བར་དང་། །ལྡི་བུར་བྱོད་ཕུར་བྱ་བུར་དང་། །ཚོལ་ཚེ་རང་སྙན་རྐང་སྤར་ན། །ཟླ་བ་གཅིག་ལ་དགྲ་མེད་ཡིན། །དེ་ཀུན་བཅུ་གཉིས་ཆག་ན་ངེས། །གཉིས་བརྒྱད་སྐྱ་སྣུམ་མ་ལོག་ན། །མཚེར་ཁ་དྲོ་བར་ཁོ་ཐག་ཆོད། ༈ །བདུན་པ་མགྲོན་ཕྱ་བསྟན་པ་ལ། །ཤར་དུ་འགྲོ་བའི་དུས་ཀྱི་ཚེ། །གཅིག་པ་བཟང་ཞིང་གཉིས་པ་ཆགས། །གསུམ་ལ་དོན་གྲུབ་གྲོག་ངོ་དགོས། །དེ་བཞིན་ལྷོ་རུ་བཞི་ལྔ་དྲུག །ནུབ་ཏུ་བརྒྱད་དགུ་བཅུ་དང་ནི། །བྱང་དུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་དཔྱད། །བདུན་འདི་གཏན་གྱི་བློ་ས་ཡིན། །མ་འགྱོད་རང་ཚུགས་ཟིན་པ་དགོས། །གཅིག་དང་གཉིས་ལ་ཟ་འཇལ་བབས། །གསུམ་ལ་བུ་བརྒྱག་དངས་མ་ན། །ཤར་


MR16_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དོན་ཚོལ་དོན་དང་འཕྲད། །དེ་བཞིན་ཀུན་ལ་སྦྱར་བར་བྱ། །མགྲོན་ལ་ཤིན་ཏུ་གཅེས་པ་ཡི། །མ་སང་འཕྲུལ་ཆ་སྣ་དགུ་དང་། །མགྲོན་ཡག་དར་མ་བཅུ་གསུམ་བཤད། །མ་སང་འཕྲུལ་ཆ་སྣ་དགུ་ནི། །རྐང་སྤར་དུང་སྒོང་དཀར་པོ་འདི། །ཚན་ཀྱིས་ཐུབ་པའི་སེང་གེ་ཡིན། །ཧྲང་ཟེ་ཁ་ལོང་ཆེན་མོ་འདི། །སྐད་ཀྱིས་ཐུབ་པའི་གཡུ་འབྲུག་ཡིན། །ཀྱེ་བ་སད་དེ་ཨ་ཁད་འདི། །ཤག་གིས་ཐུབ་པའི་ཕ་བོང་ཡིན། །བསམ་འགྲུབ་ཡིད་ཀྱི་བེར་ག་ནི། །ཤ་རིང་སྤོ་ཚེ་བསམ་འགྲུབ་ཡིན། །མགྱོགས་པའི་རྟ་ཕོ་བང་ཆེན་ནི། །མགྱོགས་པ་རེ་སེ་ཀྱུ་དེ་ཡིན། །ཅི་འདོད་ཁྲོལ་རྩི་ཁྲ་བོ་ནི། །བྱ་ཡུན་དང་རྩེ་དཀར་མོ་ཡིན། །ཀ་ར་བུ་རམ་སྦྲང་གི་བཅུད། །ཚོལ་ཚེ་ལུ་གུ་དཀར་པོ་ཡིན། །གནམ་ལྕགས་དཔལ་གྱི་རལ་གྲི་ནི། །ཝ་ཚོ་ལྷ་སྨན་ཆེན་མོ་ཡིན། །ཀོ་ཡི་ཏ་ལེའི་ཕུབ་ཆེན་ནི། །གལ་བར་ལ་སེ་དཀར་པོ་ཡིན། །མ་སང་འཕྲུལ་ཆ་སྣ་དགུ་པོ། །གཅིག་གི་སྟེང་དུ་བབས་པ་ན། །ཚེས་གཅིག་བཅུ་གཅིག་ཉེར་གཅིག་ལ། །མགྲོན་པོ་ཆ་རན་དུས་ཚོད་ཡིན། །གཞི་ཡག་དོན་གྲུབ་དགྲ་བླ་ཡིན། །གཉིས་ཆུ་ཁ་རབ་སོའི་ཐུག་འཕྲད་ཡིན། །གསུམ་ཇི་འདོད་སྣ་དགུ་ལོན་པ་ཡིན། །བཞི་སྨོན་པའི་ཁ་ཤར་གྲོལ་བ་ཡིན། །ལྔ་ཉིན་སྲིབ་མཚམས་སུ་ཐུག་ཕྲད་འོང་། །མི་འགྱུར་བ་ཡི་དགྲ་ངོ་ཡིན། །དྲུག་ལ་ནོར་དང་འཕྲད་ངོ་ཡིན། །བདུན་ལ་ཕོ་བློ་མར་ཁུ་འཁྱིལ། །ས་སྒོང་གསེར་དུ་སོང་བ་ཡིན། །དགུ་བོན་པོ་དོན་ཚོལ་ཡིན་ན་བཟང་། །གཞན་ནུབ་ཏུ་འགྲོ་ན་དགྲ་ངོ་སྟེ། །ཉིན་མཚན་བར་གྱི་ཐུག་ཕྲད་ཡིན། །བཅུ་ལ་བབས་ན་གནང་དང་འཕྲད། །བཅུ་ཚོ་གསུམ་ལ་ཆ་རེ་རན། །བཅུ་གཅིག་མགྲོན་རེས་གཅིག་གི་རྫིའུ་ཡིན། །བཅུ་གཉིས་ནང་ནོར་ཁོལ་དུ་བུད། །རི་ཟང་མཚམས་སུ་ཐུག་ཕྲད་འོང་། །ཁྱད་པར་བྱང་དུ་


MR16_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ན་ངན། །བཅུ་གསུམ་བྱེས་སུ་མགྲོན་ཡག་ལ། །ཡུལ་དུ་བུ་སྐྱེ་ཅི་བསམ་འགྲུབ། །ལར་མ་སང་འཕྲུལ་ཆ་སྣ་དགུ་པོ། །རང་སའི་བཙན་སར་བབས་པ་ན། །མགྲོན་རེས་གཅིག་ལ་དོན་ཀུན་འགྲུབ། །མི་འགྱུར་མགྲོན་གྱི་ལམ་ལྷ་ཡིན། །ཕྱི་སར་ཤོར་ན་མི་བཟང་ངོ་། །ཡང་ཇག་པའི་མགྲོན་ཉེས་བཤད་པ་ལ། །བཅུ་གསུམ་སྟེང་གི་བབས་ལུགས་ནི། །ལི་ཡན་བཙན་ཡ་བརྐྱ་གཅིག་མགྲོན་ཉེས་ཡིན། །ན་འབན་གཉན་རྒན་དེ་བ་དང་། །བྱ་རལ་སྒོ་བརྒྱག་གཡུ་ཁྱི་མགྲོན་ཉེས་དང་། །སུམ་མཉམ་སྒོ་བརྒྱག་སྤྱང་མོའི་མགྲོན་ཉེས་དང་། །སྐྱམ་རྒན་སྤོ་བརྒྱག་བང་མཛོད་མགྲོན་ཉེས་དང་། །དམུ་དག་སྒོ་བརྒྱག་རྒྱལ་པོ་གྲིར་ཤིས་ཉེས། །སོ་ཡོན་རྒང་སྤུར་ཆད་པའི་མགྲོན་ཉེས་དང་། །རུ་སོད་སྒོ་བརྒྱག་འབྲུ་ཡི་བུ་དགུ་ཤི་བའི་ཉེས། །ཏྲོང་རིགས་སྨོན་སྲས་ངམ་གྱིས་བསད་མགྲོན་ཉེས། །མུ་ས་ཤོར་ཁུང་མཁར་བཙན་དགྲས་ཁྱེར་ཉེས། །སྐྱེར་སྨད་སྒོ་བརྒྱག་གྲིར་ཤིའི་མགྲོན་ཉེས་ཡིན། །དེ་སོགས་ཏྲོང་དང་ཞར་བ་སྒོ་བརྒྱག་སོགས། །མདུད་ངན་ཕལ་ཆེར་སྤྱིར་བཏང་མགྲོན་ཉེས་ཏེ། །ཕྱི་ས་དར་ན་བཅུ་གསུམ་ངན་ཀྱང་བཟང་། །ཡང་མགྲོན་གྱི་བསླུ་བ་རྣམ་ལྔ་བཤད། །གཉིས་ཚོལ་ཚེའམ་སུམ་མཉམ་གཡས་བརྒྱག་ལ། །གསུམ་ལ་སོལ་ཁྲ་རུ་སོད་ན། །མགྲོན་པོས་མགྲོན་པོ་བསླུས་པ་ཡིན། །བཞི་ལ་ཚོལ་ཚེ་སྒོ་བརྒྱག་དང་། །ལྔ་ཕུང་བར་རུ་སོད་སྒོ་བརྒྱག་ན། །ངམ་གྱི་གླང་བུས་སྨོན་པ་ས་འོག་བསླུས། །བརྒྱད་ལ་ཡར་ལྡང་བང་མིག་དང་། །དགུ་ལ་སོ་ཡོན་ལིང་ཀུན་ན། །མགྲོན་པོ་སྣ་ཁྲིད་དག་གིས་བསླུས། །བདུན་ལ་སྣམ་བུ་ཚོལ་ཚེ་དང་། །བརྒྱད་ལ་སྐ་བྲག་བྱ་རལ་ན། །མགྲོན་པོ་ནང་བསླུས་བྱེད་ངོ་ཡིན། །བརྒྱད་ལ་ཚོལ་ཚེ་སྒོ་བརྒྱག་དང་། །དབུ་ལ་ཤ་རིང་སྤོ་ཚེ་ན། །མགྲོན་པོ་ཤ་བས་


MR16_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བསླུས་པ་ཡིན། །ཁྱི་ཐོད་སོགས་སུ་དགྲ་བྲུབ་བྱ། །ཡང་བཟང་བའི་སྣ་ཁྲིད་རྣམ་བཞི་ནི། །གཅིག་གི་ལྡི་བུར་སྔོན་པོ་དེ། །དུང་ཁྲ་དཀར་མོས་ཤར་དུ་སྣ་ཁྲིད་བྱས། །བཞི་ཡི་སུམ་མཉམ་གླག་མོ་དེ། །རི་སྦྱང་སྔོན་མོས་ལྷོ་རུ་སྣ་ཁྲིད་བྱས། །བརྒྱད་ཀྱི་རུ་སོད་ཁ་ལེ་དེ། །ཕོ་རོག་ནག་པོས་ནུབ་ཏུ་སྣ་ཁྲིད་བྱས། །བཅུ་ཡི་བྱ་ཡུན་དཀར་མོ་དེ། །སྐྱ་ག་ཁྲ་མོས་བྱང་དུ་སྣ་ཁྲིད་བྱས། །འདི་རྣམས་མགྲོན་རེས་གཅིག་གི་རྫིའུ་ཡིན། །ཁྱད་པར་དེ་ཕྱོགས་འགྲོ་ན་བཟང་། །དེ་སོགས་ཤིན་ཏུ་མང་བ་རྣམས། །མ་བརྗོད་རིག་པས་འཕྲུལ་ཤེས་བྱ། །ཡང་མགྲོན་ཡག་དར་མ་བཅུ་གསུམ་བཤད། །བཅུ་གསུམ་མ་རྐྱང་བྱོད་ཕུར་ན། །གཡའ་སྤང་མགྲོན་ཡག་ཁྱིམ་དུ་སླེབ། །བཅུ་གསུམ་ཤང་རྩེ་རུ་དཀར་ན། །སྐྱ་ཁྲ་མགྲོན་ཡག་ཁྱིམ་དུ་སླེབ། །བཅུ་གསུམ་རུ་སོད་ཁ་ལེ་ན། །ཕོ་རོག་མགྲོན་ཡག་ཁྱིམ་དུ་སླེབ། །དེ་བཞིན་བཅུ་གསུམ་གནས་དག་ཏུ། །རྐང་སྤར་དུང་རྒོད་དུང་སེང་མགྲོན་ཡག་ཡིན། །ཁྱུང་བརྒྱང་མཚལ་ཐིག་དུང་ཁྱུང་མགྲོན་ཡག་ཡིན། །ཧྲང་ཟེ་ཁ་ལང་གཡུ་འབྲུག་མགྲོན་ཡག་ཡིན། །བྱ་ཡུན་དང་རྩེ་གཡས་བརྒྱག་ཐང་དཀར་མགྲོན་ཡག་ཡིན། །དམུ་དག་གཡས་བརྒྱག་རྒྱལ་བུ་མགྲོན་ཡག་ཡིན། །རང་ཤག་དཀར་མོ་སྤྲེལ་དཀར་མགྲོན་ཡག་ཡིན། །རླུང་ཁྲི་གཤོག་ནག་རེ་འབྱམས་མགྲོན་ཡག་ཡིན། །གསེར་གཞོང་ཁྲ་མོ་ངུར་བ་མགྲོན་ཡག་ཡིན། །སྐྱིན་དིང་གཡུ་ཐོག་གསེར་སྤལ་མགྲོན་ཡག་ཡིན། །ཙེ་ར་ཝང་ཐོག་དགྲ་བླ་མགྲོན་ཡག་ཡིན། །མགྲོན་ཡག་བཅུ་གསུམ་འདི་བབས་ན། །བྱེས་རེས་གཅིག་ལ་དོན་གྲུབ་ནས། །སླར་ཡང་རང་གི་ཁྱིམ་དུ་སླེབ། །མགོ་ཐོན་ཡང་དག་དེ་ལ་ཟེར། །གཞན་ཡང་ཚོལ་ཚེ་ལུ་གུ་གཟིག་མོ་དང་། །སུམ་མཉམ་གླག་མོ་དུང་སྤྱང་མགྲོན་ཡག་དང་། །ཨ་ཁད་རྩེ་མ་རྒྱ་སྟག་མགྲོན་


MR16_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་དང་། །ཀུ་ཡེ་བྱིལ་ཚང་སྨོན་པ་མགྲོན་ཡག་དང་། །བྱ་རལ་རིན་ཆེན་ནོར་བུ་མགྲོན་ཡག་དང་། །སྤོ་ཚེ་མདོང་བུ་རྟ་མཆོག་མགྲོན་ཡག་དང་། །ཡར་ལྡིང་དཔའ་བོ་ལྷག་གཡག་མགྲོན་ཡག་དང་། །དཀར་ཐོག་གཡུང་དྲུང་ཝེར་མ་མགྲོན་ཡག་དང་། །གལ་བར་ཐོད་དཀར་གླང་ཆེན་མགྲོན་ཡག་སོགས། །བརྒྱག་བཟང་གཞན་ལའང་མགྲོན་ཡག་བཤད་པར་སྣང་། །མགྲོན་ལ་དགྲ་ངོ་ཡོད་མེད་དཔྱད། །ཕྱི་ས་གཡུལ་བཞི་གང་དག་དུ། །དིང་དིང་དགྲ་ལམ་དར་བས་འཇམ། །སྐྱིན་དིང་དགྲ་མགོ་རྡོ་ཡིས་མནན། །སྐྱམ་རིགས་དགྲ་བོ་བུད་མེད་རེད། །བག་ལྡི་དགྲ་བོ་རྐང་ཐང་རེད། །བག་ཚོ་དགྲ་བོ་བག་མར་སོང་། །ལི་ཡན་དགྲ་ཡུལ་ཕྱག་མས་བཏབ། །སོ་ཡོན་དགྲ་བོ་མིག་གཉིས་ལོང་། །སེ་སྟོད་དགྲ་མིག་ཁྲག་གིས་བཅར། །སྐྱེར་རིགས་དགྲ་བོ་གཉིད་དུ་སོང་། །བྱ་རལ་དགྲ་བོ་སྒོ་ཁྱིར་སོང་། །ཚོལ་ཚེ་ས་མཐའ་ལྕགས་ཀྱིས་བསྐོར། །དགྲ་སྙིང་མར་བས་འཇམ་པ་ཡིན། །འཐོར་ཁམས་དགྲ་ལ་ཐོག་ཤལ་བྱུང་། །མགྲོན་པོ་འཐོར་འདྲོག་བྱེད་ངོ་ཡོད། །ཝ་སྐྱམ་དགྲ་སྙིང་ངམ་གྱིས་བརྐུས། །ཕུང་ཁད་དགྲ་བོ་སྨྲེ་སྔགས་འདོན། །འདི་རྣམས་བབས་ན་དེ་ཕྱོགས་སུ། །དགྲ་མེད་ངེས་པའི་གཏན་ཚིགས་ཡིན། །ཡང་ལྔ་ལ་ཁ་ལེ་དཀར་པོ་ན། །དཔུང་ཉུང་མགྲོན་པོ་ལྔ་ལ་དཀར། །བཅུ་གཉིས་དམུ་དག་ཕྱི་ལམ་དམའ་བས་དྲང་། །བྱོད་ཕུར་དགྲ་མིག་ཕུར་གྱིས་ཐེབ། །དེ་རྣམས་དགྲ་མེད་དམིགས་བསལ་ཡིན། །བཅུ་གསུམ་བཟང་ན་ཤིན་ཏུ་ངེས། །ཕྱི་སར་ཁས་དྲག་བརྒྱག་བཟང་བབས། །དགྲ་ངོ་ཡོད་པས་རིམ་གྲོ་བྱ། །མགྲོན་པོའི་དོན་ངོ་དཔྱད་པ་ལ། །སྙིང་མིག་སྲོག་གསུམ་བུ་བརྒྱག་གསུམ། །མགྲོན་རེས་གཅིག་ལ་དོན་གསུམ་འགྲུབ། །བ་ཁོག་རྣམས་གསུམ་བུ་བརྒྱག་གསུམ། །མགྲོན་རེས་གཅིག་


MR16_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོན་གཉིས་འགྲུབ། །དོན་ཕྱ་འཕྲུལ་གྱི་ལྡེའུ་མིག་བཤད། །དིང་དིང་གོས་དར་རེ་བ་དང་། །ཕྱར་བ་ཕྱིང་བ་སྐྱེ་ཡི་ངོ་། །དིང་དིང་བུ་བརྒྱག་བྱུང་བ་ན། །གོས་ལ་རི་མོ་གྱ་གྱུའམ། །སྤུ་རས་རྟགས་མཚན་ཅན་གྱི་ངོ་། །སྤོ་ཚེ་རྟ་ལ་ཁྱུང་བརྒྱང་མཛོ། །སྐྱེར་དཀར་འབྲི་ལ་ཚོལ་ཚེ་ལུག །བག་ལྡི་ར་ལ་ཕུབ་ཁད་དྲིལ། །གལ་བར་གླང་ལ་ཙེ་ར་མཚོན། །གསེར་བྱ་དངུལ་ཆབ་གཡུ་ཐོག་སོགས། །གསེར་དངུལ་གཡུ་སོགས་རིན་ཆེན་ངོ་། །ཡང་བྱ་བུར་རིན་ཆེན་གསེར་དངུལ་དང་། །སེར་པོ་རི་མོ་ཅན་གྱི་ངོ་། །རྟ་བྲ་ནག་མདངས་རིས་ཅན་ཡང་ཡིན། །སྐྱམ་ཆུང་བུམ་པ་མདའ་ཡི་ངོ་། །ཡང་ན་མོ་བཙུན་དར་མའི་ཆས། །སྔོན་པོ་སྤུ་རིས་ཅན་ཡང་ཡིན། །མུ་ས་ཡ་རུ་དིལ་དཀར་འདི། །ཤིང་ལས་བྱུང་དང་དར་ལྗང་ངོ་། །ཕོ་ཆས་རྣོན་པོ་རས་གོས་དང་། །སྣ་གྲངས་ཅན་དང་ཁྲ་བོའི་རིགས། །རུ་སོད་ཁ་ལེ་གཡག་གི་ངོ་། །རྫས་ནག་གོས་ནག་ཟངས་ནག་ཡིན། །ཧྲང་ཟེ་ཁ་ལང་རྟ་རྐྱང་དང་། །ལྤགས་རིགས་རྒྱལ་གདོན་འཁྲི་བའི་རྫས། །དམར་སེར་སྤུ་རིས་མི་གཅིག་གསུམ། །ཚོལ་ཚེ་ལུག་གུ་ལྕགས་རིགས་དང་། །ལྕགས་རི་མོ་ཅན་དང་ཤིང་ལྕགས་སྤྲད། །སོ་ཡོན་ལིང་ཀུན་གོས་ཀྱི་ངོ་། །མདའ་མདུང་མཚོན་གྲི་བོས་ཤིང་ཡིན། །སྣེ་ཆ་ག་སོགས་ཡུ་མེད་དམ། །ཡང་ན་དམེ་མཚོན་ཟེར་བའི་རིགས། །དཀར་ཐོག་གཡུང་དྲུང་དུང་དཀར་དང་། །རྡོར་དྲིལ་ལ་སོགས་ལྷ་ཆའི་རིགས། །འོད་ཅན་རི་མོ་ཅན་ཡང་ཡིན། །བྱ་བུར་གསེར་ཐིག་རྒྱལ་པོའི་མཛོད། །སྙིང་ནོར་རྫས་དང་བྱད་ཅན་ཡིན། །མ་ཟེར་མ་ཐིག་ཟངས་དཀར་ཁྲབ་དཀར་ངོ་། །བན་སྐྱ་བོན་གསུམ་ཆེ་རིགས་རྫས། །ཨ་ཁད་རྩེ་མ་སྟག་གཟིག་དང་། །གོ་མཚོན་རྒས་པ་དག་དང་ནི། །ལྷ་སྐུ་གོས་ཕྱག་བཟང་པོ་ཡོད། །ནག་ཆུང་ཟལ་ཟལ་བུད་མེད་རྫས། །


MR16_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དངས་མ་གཡུ་སྒྲོན་རྨ་བྱའི་མདངས། །བུམ་པ་ལྷ་སྐུ་མཆོད་པའི་རྟེན། །སེང་འབྲུག་སྟག་གཟིག་རི་མོ་ཅན། །རྒྱ་ཡིག་ལ་སོགས་ཡིག་སྣ་ཡོད། །ལྷ་ཆ་དག་གི་དཀོར་ངོ་ཡིན། །དེ་སོགས་སོ་སོའི་བླ་རྟགས་དང་། །བསྟུན་ལ་དེ་དེའི་བརྒྱག་བཟང་ན། །དངོས་པོ་དེ་དེའི་དགེ་མཚན་ཅན། །རང་གི་ལག་ཏུ་འོང་བ་ཡིན། །རུ་སོད་ཕུང་ཐོག་ན་འབན་དང་། །མ་ཟེ་བཙན་ཁམས་སྡེ་བཞི་རྣམས། །ཕྱི་ནང་འདྲེས་ཤིང་བབས་ཙ་ན། །འཐོར་འདྲོག་འུར་ཟིང་བྱེད་ངོ་ཡིན། །འདི་རྣམས་ཕྱི་ནས་རང་སར་འོང་། །མི་འགྱུར་བ་ཡི་དོན་ངོ་ཡིན། །གཞན་ཡང་གོང་འོག་ནས་བཤད་པ། །བསྡུར་ལ་ཞིབ་ཏུ་དཔྱད་པར་བྱ། །མགྲོན་ལ་ངན་པའི་མོ་བབས་ནི། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །བཅུ་གསུམ་ཤག་ལེ་ར་བརྒྱག་ན། །མགྲོན་པོ་བྱེས་སུ་ཤི་བ་ཡིན། །ཁ་ཆེམ་དགུང་ལ་བཞག་པ་ཡིན། །དེ་བཞིན་སྙིང་མིག་སྲོག་གསུམ་ལ། །དིང་དིང་བཞིར་བཞག་བཅུ་གསུམ་ལ། །སེ་སྟོད་སྔོན་མོ་ཆུ་ཁུག་ན། །དམར་མོ་ཁྲག་གི་ཚ་ཚ་འཕྲོ། །དགྲ་ཟུན་གཉིས་ཀྱི་སུམ་བརྒྱ་འཆི། །བཅུ་གསུམ་རེ་སེ་ཀྱུ་ནེ་ན། །བོད་མགོ་ནག་ཁ་དེ་གྱེན་ལ་ལྟ། །མི་གཅིག་གི་ཁ་དེ་ཐུར་ལ་བལྟས། །ཡང་སྙིང་མིག་སྲོག་གསུམ་དམུ་དག་ལ། །དེ་ཡི་བཅུ་གསུམ་སྟེང་དུ་ནི། །བྱ་རལ་གཡུལ་ཉེས་བྱེས་ཉེས་མགྲོན་ཉེས་ཡིན། །ནད་པ་མ་གཏོགས་ཀུན་ལ་ངན། །དེ་ཡི་བཅུ་གསུམ་ཕུང་ཁད་ན། །སྲབ་མདའ་སྣ་ཐག་དགྲ་ལ་ཤོར། །གཏམ་ངན་ས་མཐར་གྲགས་པ་ཡིན། །དེ་ཡི་བཅུ་གསུམ་སེ་སྟོད་ནག་ཐོག་ན། །གཟེས་པར་མི་ཉོས་ཡུལ་དུ་རང་ཉེས་འོང་། །གྱོད་དང་ན་ཚ་འོང་ངོ་ཡིན། །དེ་ཡི་བཅུ་གསུམ་སྐྱམ་ནག་སེ་སྟོད་ན། །རྨང་ཤིང་ཉག་གཅིག་རླབས་ཀྱིས་ཁྱེར། །ཡང་སྙིང་མིག་སྲོག་གསུམ་བྱོད་ཕུར་


MR16_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དེ་ཡི་བཅུ་གསུམ་སྟེང་དག་ཏུ། །སྐྱམ་བྲག་སེ་སྟོད་ནག་ཐོག་སེ་སྟོད་དང་། །སྐྱིན་དིང་བག་ལྡི་བབས་པ་ན། །མགྲོན་པོ་གྲི་རུ་འཆི་བ་ཡིན། །དེའི་བཅུ་གསུམ་དིང་དིང་བརྒྱག་བཟང་ན། །གཉན་གཡའ་སྤང་སྐྱེས་གཅིག་མགྲོན་ལ་ཆས། །མགྲོན་རབ་གཅིག་ལ་དོན་གསུམ་འགྲུབ། །དེས་མཚོན་སྙིང་མིག་སྲོག་གསུམ་སོགས། །འདྲ་བའི་བཅུ་གསུམ་རྩེ་འཛིན་ལ། །བཟང་ངན་གང་བབས་འབྲས་བུ་ལ། །རིགས་པས་བརྟགས་ཏེ་བླང་དོར་བྱ། །རྒྱས་པར་ཡི་གེས་འཇིགས་པས་བཞག །ད་ནི་རྒྱུ་འགྲུལ་ལམ་ཕྱ་བཤད། །དྲུག་ནི་འོང་བའི་གནས་ཡིན་ལ། །ལྔ་ནི་སྤོགས་པའི་གནས་ཡིན་ཞིང་། །བཞི་ནི་ཉེ་རིང་ས་མཚམས་ཡིན། །གསུམ་ནི་ཞགས་ས་གཉིས་འོང་ལམ། །གཅིག་ནི་སླེབ་པའི་ས་ཡིན་ནོ། །གཅིག་ལ་སྐྱམ་བབས་དེ་རིང་སླེབ་ངོ་ཡིན། །མ་སླེབས་ཞགས་གསུམ་མི་སླེབས་སོ། །དེ་ཡང་གཉིས་ལ་ཨ་ཁད་དང་། །སེ་སྟོད་ལྡི་བུར་མེད་ན་ངེས། །ཨ་ཁད་སྟག་ལ་གྲུམ་པས་གདོང་ལྕགས་བརྒྱབ། །ལྡི་བུར་སྟག་གི་སྤར་ཞབས་ཚེར་མ་ཟུག །ཆས་ཁར་གྱོད་ཕྲན་བྱུང་བས་ཤོལ། །གཉིས་ལ་སྐྱར་འུན་ཞོན་པ་ཅན། །སང་བ་མོ་མཞུ་ཆུན་ལ་སླེབ། །རུ་སོད་མ་ཟེ་ལྡི་བུར་དང་། །བྱ་ཡུན་ཁ་དྲག་ཞོན་པ་ཅན། །བྱུང་ན་མགྲོན་པོ་སླེབ་ངོ་ཡིན། །སང་དང་ཧྲང་ཟེ་སངས་ཀྱི་རིགས། །ཞོན་པ་མེད་ཀྱང་མགྱོགས་ངོ་ཡིན། །གཅིག་ལ་བྱ་རལ་བབས་པ་ཡི། །གཉིས་ལ་ཨ་ཁད་ལྡི་བུར་མེད། །སྒོ་ཁྱིས་མཇུག་མ་བསྐྲིལ་ངོ་སྟེ། །མགྲོན་པོ་རྣམས་ཀྱི་མགྱོགས་ངོ་ཡིན། །ལི་ཡན་བསྟུད་ན་མགྱོགས་ངོ་ཡིན། །གཉིས་ལ་ཁེར་འདུག་བྱུང་ན་ཡང་། །ཟམ་སོ་སྟོང་པས་ཐེ་ཚོམ་ཆེ། །ཁས་དྲག་ཞོན་པ་ཅན་ཀུན་སླེབ། །ཞོན་པ་གང་བྱུང་འོང་ངོ་ཡིན། །ཡང་ཆང་ངབ་ལྡི་བུར་ཁེར་འདུག་ན། །དེ་ཉིན་


MR16_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འོང་སོགས་གནས་ཀྱི་གྲངས། །དུ་ཡིན་དེ་ཡི་ཞག་ལ་འོང་། །མོ་གང་ཡང་བསྟུད་ན་འོང་ངོ་ཡིན། །གཅིག་དང་གཉིས་ནི་གང་རུང་ལ། །གལ་བར་དམག་ཆེན་སྟོང་ཤོལ་ཡིན། །སྐྱེར་ལ་རྟ་སྒ་བཏད་ཀྱང་ཤོལ། །སྤོ་བར་བཏེག་མ་རག་ཀྱང་ཤོལ། །སོ་ཡོན་འགྲོ་ལམ་འགག་པས་ཤོལ། །དིང་དིང་སོས་དལ་ངང་ལ་ཤོལ། །སྐྱིན་དིང་བསྒུལ་བསྐྱོད་མེད་པར་ཤོལ། །འདི་རྣམས་གང་བབས་ཤོལ་ངོ་ཡིན། །དེ་ཕྱིར་མགྲོན་པོ་མི་འོང་ངོ་། །གཞན་ཡང་གདོས་ཐག་ཁྲེལ་ཐག་སོགས། །གཅིག་དང་གཉིས་བབས་ཅུང་མི་འོང་། །ཡང་གཅིག་གི་བྱོད་ཕུར་ཁེར་བབས་ནས། །སྟོད་དུ་སྐྱེར་རིགས་ཁེར་བབས་ན། །ཆས་ཆས་ཤོར་ལ་བསྒུག་བསྒུག་འོང་། །ཨ་རོག་ཕྱེད་ཆོས་ཕྱེད་མ་ཆོས། །སྐ་རག་བཅིངས་དང་ལྷྭམ་སྒྲོག་བཀྲོལ། །ཆ་ལ་ཁད་ཀྱི་ལྡིང་ལྡེམ་དང་། །རྒྱུག་ལ་ཁད་ཀྱི་གདོང་ལྕགས་དང་། །འབྲོས་ལ་ཁད་ཀྱི་ཚུག་འགྱེལ་གསུམ། །ཤེས་ན་མདུད་པ་གཅིག་ལ་ཚང་། །གཅིག་གི་བྱོད་ཕུར་ཁེར་བབས་དང་། །སྟོད་དུ་སྐྱམ་རིགས་ཁེར་བབས་ན། །ཨ་ཉི་རྒད་པོ་ཆ་བལ་སྡུག །ལན་དུ་བརྒྱག་ཁ་གང་བབས་ན། །གཡའ་སྤང་བསམ་དོན་འགྲུབ་པ་ཡིན། །གཅིག་གི་ཕྱོད་ཕུར་ཁེར་འདུག་ལ། །བཅུ་གཅིག་གམ་བཅུ་གསུམ་སྤོ་བར་ན། །ལང་འདོད་ཅོ་ཐོ་ཤིང་གིས་བཟུང་། །འགྲོ་འདོད་ཤོལ་བར་ཐེ་ཚོམ་མེད། །བསྒུག་བསྒུག་སླེབ་པ་ཐག་ཆོད་ཡིན། །ལྡི་བུར་ལན་དུ་མུ་ས་ན། །ཆུ་ཁ་གཅིག་ལ་རབ་སོ་གཉིས། །མགྲོན་པོ་གས་གཉིས་འོང་ངོ་ཡིན། །ལྡི་བུར་ལན་དུ་གསེར་བྱ་ན། །གསེར་བྱ་ངང་པ་ཐོན་མེད་ཡིན། །ཕར་ཚུར་གཉིས་ཀར་བརྒྱང་བརྒྱང་ཡིན། །དིང་དིང་བརྟུད་ལན་དམུ་དག་ན། །ཤིང་རིང་མགོ་ཡི་འབྲིང་ཐུང་ཡིན། །འབྲིང་པ་འདོག་པ་ཡོད་དེ་གྲོལ་བ་མེད། །


MR16_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གལ་བར་བསྟུད་ལན་སེ་སྟོད་ན། །ཁྲབ་གདོང་ངམ་གྱིས་བཤིག་པ་ཡིན། །སེ་སྟོད་མང་དུ་བསྟུད་པ་ན། །སྡུག་དང་ཚེགས་དང་བྱུར་དང་གསུམ། །དུས་གཅིག་ལ་ཁར་ཐོན་པ་ཡིན། །སྐྱེར་རིགས་མང་དུ་བསྟུད་པ་ན། །གཡག་པོ་ངར་བས་ལ་དགུ་བརྒལ། །སྐྱམ་བསྟུང་ཆབ་ནག་ལ་ཁར་བུད། །དམུ་དག་མང་བསྟུད་སྲབ་མདའ་རྒྱུག་འདུར་ཡིན། །ཚོལ་ཚེ་མང་བསྟུད་ཁ་གང་གད་མོ་བྱས། །ཨ་ཁད་མང་བསྟུད་ཀི་ཅོ་ལ་ཁར་འདྲེས། །རང་སྙན་མང་བསྟུད་སྙན་པའི་བ་དན་ཕྱར། །འདི་རྣམས་མི་ཤོལ་ཆས་ངོ་ཡིན། །ལར་སྐྱེར་སོགས་ཁེར་བབས་གོར་མོ་རྡོ། །བསྟུད་ན་ཟེར་མ་རླུང་བས་མགྱོགས། །ཡང་མུ་ས་ལན་དུ་དམུ་དག་ན། །གྲོག་ཁ་ན་ཡོད་པ་སྣ་ཡི་ཕུལ། །སྤོ་ཚེ་ལན་དུ་དམུ་དག་ན། །གྲོག་གི་སྔོན་རྒྱུག་འགོང་པོས་བྱས། །གཅིག་དང་གཉིས་ལ་འདི་ལྟར་བབས། །ལམ་ཕྱར་ཅུང་མི་ལེགས་ཀྱང་ཟེར། །ཡང་གཅིག་གི་ལྡི་བུར་གཉིས་བག་ཚོ། །དཔའ་བོ་ཆས་པ་བག་མས་བཤོལ། །གཅིག་གི་ལྡི་བུར་གཉིས་ཝ་ཚོ། །སྟག་གི་མགྲོན་སྒོ་ཝ་ཡིས་འགག །གཅིག་གི་ལྡི་བུར་གཉིས་སྤོ་བར། །མི་བུ་ཆས་པ་རྒད་པོས་བཤོལ། །གཅིག་གི་ལྡི་བུར་གཉིས་སོ་ཡོན། །བ་བཙུན་འཕྲུལ་མོ་རྒན་མོས་བཤོལ། །འདི་རྣམས་བཞི་དང་ལྔ་ལ་འགྱུར་མེད་ཡིན། །བརྒྱད་དགུར་བྱེས་ཀྱི་བཤོལ་ངོ་ཡིན། །བཅུ་གཅིག་བཅུ་གཉིས་དགྲ་འུར་ངོ་། །ཡང་གཅིག་གི་བྱོད་ཕུར་གཉིས་ཚོལ་ཚེ། །གཡའ་སྤང་ཁ་ཡི་ཕྱེ་མར་ཡིན། །གཅིག་ལ་བྱོད་ཕུར་གཉིས་སེ་སྟོད། །གཡའ་སྤང་ཁྱུང་མཆུ་དམར་བ་ཡིན། །གཅིག་ལ་བྱོད་ཕུར་གཉིས་མ་ཟེ། །གཡའ་སྤང་གནང་དང་ཕྲད་པ་ཡིན། །གཅིག་གི་བྱོད་ཕུར་གཉིས་སྐྱམ་ན། །གཡའ་སྤང་སྲུ་མོའི་རུམ་དུ་གཉིད། །དེ་སོགས་བྱེ་བྲག་ཤེས་པར་བྱ། །ཡང་གཅིག་


MR16_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལྡི་བུར་རུ་སྔོན་གཉིས་ཚོལ་ཚེ། །མགྲོན་པོ་ལུག་ཟན་སྒོ་ཁར་ཐོན། །གཅིག་གི་སྐྱམ་ལ་གཉིས་ཚོལ་ཚེ། །ཕྱེ་མར་ཟ་བ་སྒོ་ཁར་སླེབ། །གཅིག་གི་ལྡི་བུར་གཉིས་སྐྱམ་རིགས། །དགྲ་ཚང་ངན་ཟང་གི་ར་སྒོ་བྱེ། །གཅིག་གི་ལྡི་བུར་གཉིས་ལི་ཡན། །སྟོང་བང་གཟིགས་པ་དོན་མེད་ཡིན། །སྙན་པའི་བྱ་བཞི་གང་བབས་པ། །དེ་ཕྱོགས་གཏམ་སྙན་མགྲོན་འོང་ཡིན། །ད་མགྲོན་པོའི་ཕྱི་ལམ་བཅད་པ་བཤད། །གཅིག་སྐྱེར་སྨད་གཉིས་ལ་ཚོལ་ཚེ་ན། །ཉ་ཡི་ཕྱི་ལམ་སྲམ་གྱིས་བཅད། །དེ་ལ་ཉ་མགོ་སྲམ་སྣའི་གཏོ་བྱའོ། །དེ་བཞིན་གཅིག་དང་གཉིས་ལ་ནི། །བག་ལྡི་སྤོ་ཡི་མ་ཟེ་ན། །ར་ཡི་ཕྱི་ལམ་འཕར་བས་བཅད། །ཚོལ་ཚེ་སུམ་མཉམ་ལུག་ལམ་སྤྱང་ཀིས་བཅད། །རང་སྙན་སོ་ཡོན་ལྷ་ལམ་སྲིན་གྱིས་བཅད། །ལྡི་བུར་གལ་བར་སྐྱས་ལམ་དམག་གིས་བཅད། །བྱོད་ཕུར་གལ་བར་རྐུན་ལམ་སྒུག་མས་བཅད། །བྱོད་ཕུར་དང་ནི་སྐྱིན་དིང་ན། །གཡའ་སྤང་འགྲིན་ལམ་དོམ་གྱིས་བཅད། །མུ་ས་སོ་ཡོན་སྨོན་ལམ་དམ་གྱིས་བཅད། །བྱ་ཡུན་ལྡི་བུར་བྱ་ལམ་ཁྲ་ཡིས་བཅད། །ཨ་ཁད་ཁྱུང་བརྒྱད་སྒོ་བརྒྱག་ན། །སྟག་གི་ཕྱི་ལམ་སྒང་གིས་བཅད། །ཁྱུང་བརྒྱང་སོལ་ཁྲ་རུ་སོད་ན། །དུང་ཁྱུང་ཕྱི་ལམ་སོལ་ཁྲས་བཅད། །དིང་དིང་སྐྱེར་བྱ་ལྕོང་རྔ་རྒྱ་མཚོར་ལུས། །ཀྱེ་བ་བག་ལྡི་སྤོ་བར་ན། །ལྷ་ཡི་ཕྱི་ལམ་ངམ་གྱིས་བཅད། །རྐང་སྤར་གལ་བར་ཤ་ལམ་ཁྱི་ཡིས་བཅད། །སྤོ་ཚེ་ཕུང་བར་རྟ་ལམ་སྟག་གིས་བཅད། །སོལ་ཁྲ་སྒོ་བརྒྱག་བྱོད་ཕུར་ན། །འུག་པའི་ཕྱི་ལམ་སྐྱ་ཁྲས་བཅད། །སྐྱམ་བྱོད་ཕུར་སྦྲུལ་ལམ་འོལ་བས་བཅད། །བྱ་རལ་སུམ་མཉམ་སྒོ་བརྒྱག་ན། །ཁྱི་ཡི་ཕྱི་ལམ་གཟིག་གིས་བཅད། །སེ་སྟོད་སྐྱིན་དིང་ནས་ལམ་གོད་ཁས་བཅད། །


MR16_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡོན་དང་ནི་གར་བར་ན། །དཔུང་ཉུང་ལམ་འཕྲང་དགྲ་ཡིས་བཀག །སྐྱམ་དང་གལ་བར་སྒོ་བརྒྱག་ན། །གྲོག་ཚང་སྦྲུལ་གྱིས་བཤིག་པ་ཡིན། །ཡང་བཅུ་གཅིག་ཝ་རི་ཝ་ཚོ་དང་། །བཅུ་གཉིས་ཁ་ལང་སྟག་ལམ་སྒང་གིས་བཅད། །སྤོ་ཚེ་རུ་སོད་ཁ་ལེ་ན། །རྟ་ཡི་ཕྱི་ལམ་གཡག་གིས་བཅད། །སྤོ་མ་ཟེའམ་སྤོ་བར་དག་དང་ནི། །དེ་ཡི་ལན་དུ་གར་བར་ཐོད་དཀར་ན། །གོང་མོའི་ཕྱི་ལམ་སྐྱ་བཀྲས་བཅད། །བྱོད་ཕུར་གློག་དམར་ལྡི་བུར་ན། །བྱེའུ་ཆུང་ཕྱི་ལམ་སྐྱ་བཀྲས་བཅད། །ཤ་རང་སྤོ་ཚེ་མ་ཟེ་གླག་མིག་ན། །རྐྱང་གི་ཕྱི་ལམ་སྟག་གིས་བཅད། །ཨ་ཁད་རྩེ་མ་སྐྱེར་ཆེན་ར་བརྒྱག་ན། །བྲ་བའི་ཕྱི་ལམ་སྲེ་མོང་བཅད། །སོ་ཡོན་གློག་དམར་ལྡི་བུར་ན། །ངང་པའི་ཕྱི་ལམ་ཁྲ་ཡིས་བཅད། །སུམ་མཉམ་དང་ནི་ཝ་ཚོ་ན། །བྱི་བའི་ཕྱི་ལམ་སྲེ་མོང་བཅད། །ལི་ཡན་བག་ཐོག་ལྡི་བུར་ན། །རི་བོང་ཕྱི་ལམ་གླག་གིས་བཅད། །ཕུང་བར་གློག་དམར་ལྡི་བུར་ན། །སྲེག་པའི་ཕྱི་ལམ་ཁྲ་ཡིས་བཅད། །ནག་ཤུལ་སད་ཀྱི་ཤེལ་མིག་ན། །གྲུམ་པའི་ཕྱི་ལམ་སྟག་གིས་བཅད། །ཏྲོང་དམར་དང་ནི་ནག་རིགས་ལན། །སོ་ཡོན་བརྒྱག་ཅན་བབས་པ་ན། །སྦྲུལ་གྱི་བྱི་ལམ་ཕག་གིས་བཅད། །ཏྲོང་གི་ཆེ་རིགས་སུམ་མཉམ་ཡེ་རྔོད་ན། །རེ་འབྱམས་ཕྱི་ལམ་ཁྱུང་གིས་བཅད། །སྤོ་མ་ཟེ་ཁ་ལང་ཆེན་པོ་ན། །རྒོད་ཀྱི་ཕྱི་ལམ་ཁྱུང་གིས་བཅད། །དེ་སོགས་དགྲ་གཤེད་མདུང་པ་དང་། །ཁྱད་པར་རང་སར་གང་བབས་པའི། །དགྲ་མདུད་ཁས་དྲག་ལན་དུ་བབས། །ཕྱི་ས་དར་བས་ཕྱི་ལམ་ཆོད། །དེ་གཅིག་དང་གཉིས་ལ་ཤོལ་སྡོད་ངོ་། །བཞི་དང་ལྔ་ལ་དགྲ་ཡི་ངོ་། །བརྒྱད་དང་དགུ་ལ་ཟ་འཇལ་ངོ་། །བཅུ་གཅིག་བཅུ་གཉིས་བྱེས་ལམ་དགྲ། །མ་ནོར་ཞིབ་ཏུ་དཔྱད་


MR16_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཁྱད་པར་བཅུ་གཅིག་བཅུ་གཉིས་ལ། །ཇག་པའི་ཕྱི་ལམ་ཆོད་པ་ཡིན། །ཡང་མགྲོན་གྱི་བྱིན་ལེན་འཕྲོད་ངོ་བཤད། །གཅིག་སྐྱེར་བྱ་གཉིས་ཀྱི་ལི་ཡན་དང་། །གསུམ་ལ་ཚོལ་ཚེ་བབས་པ་ན། །སྐྱ་བཀྲ་ཆེན་པོའི་བྱིན་ལེན་འཕྲོད། །གཅིག་སྐྱེར་གཉིས་ཀྱི་སེ་སྟོད་དང་། །གསུམ་གྱི་ཚོལ་ཚེ་བབས་པ་ན། །བྱ་མ་མ་བུའི་བྱིན་ལེན་འཕྲོད། །ར་མ་ཁྱུ་གཅིག་ཐོབ་པ་ཡིན། །གཅིག་བྱ་ཡུན་དཀར་མོ་གཉིས་བྱོད་ཕུར། །གསུམ་ལ་ཚོལ་ཚེ་བུ་བརྒྱག་ན། །བྱི་ཁྲ་གཉིས་ཀྱི་བྱིན་ལེན་འཕྲོད། །ནོར་འོད་ཆེན་ང་ཡི་མོ་ཡོན་ཡིན། །གཅིག་གི་སུམ་མཉམ་གླག་མོ་གཉིས་སྤོ་བར། །གསུམ་ལ་ཚོལ་ཚེ་ལུ་གུ་ན། །གནག་རིགས་ལྔ་བཅུ་ཡན་ཆད་ཐོབ། །གཅིག་གལ་བར་ཐོད་དཀར་གཉིས་ཕུང་ཁད། །གསུམ་ལ་ཚོལ་ཚེ་ལུ་གུ་ན། །ཁལ་མ་དང་ནི་ཟངས་ཟང་ཐོབ། །གཟི་མཆོང་ང་ཡི་མོ་ཡོན་ཡིན། །གཅིག་བྱ་རལ་རིན་ཆེན་གཉིས་ཕུང་ཁད། །གསུམ་ལ་ཚོལ་ཚེ་བུ་བརྒྱག་ན། །ཤར་ནས་དོན་གྲུབ་མགྲོན་པོ་འོང་། །རྐྱ་མི་གཅིག་དང་རྐང་ཐང་གཉིས། །སྔ་དྲོའི་ཆ་ལ་སླེབ་པ་ཡིན། །གསེར་ཟངས་གསེར་ཐམ་ཡོང་པ་དེ། །མོ་མ་ང་ལ་མོ་ཡོན་དགོས། །གཅིག་གི་ཁྲ་ཆུང་གཉིས་རུ་སོད། །གསུམ་ལ་ཚོལ་ཚེའང་དེ་དང་འདྲ། །གཅིག་གི་ལྡི་བུར་གཉིས་བག་ལྡི། །དགྲ་ཉམས་ཆུང་སྟེང་དུ་ཟུན་ཁས་དྲག །སླེབ་ངོ་གསུམ་ལ་ཚོལ་ཚེ་ན། །བཙོན་བཞི་ཟིན་ཅིང་ནོར་ཐོབ་ངོ་། །གཅིག་གི་ལྡི་བུར་གཉིས་བྱོད་ཕུར། །གསུམ་ལ་རེ་སེ་ཀྱུ་ནེ་ན། །མ་རབ་གཅིག་གི་བུ་ཚ་ཟིན། །གཅིག་གི་བག་ཚོ་གཉིས་རུ་སོད། །གསུམ་ལ་ཚོལ་ཚེ་བུ་མོ་ཐོབ། །གཅིག་གི་བག་ཚོ་གཉིས་བྱ་རལ། །གསུམ་ལ་ཚོལ་ཚེ་མདའ་གཞུ་ཐོབ། །གཅིག་གི་རུ་སོད་གཉིས་སྐྱམ་བྲག་ལྡི་བུར། །གསུམ་ལ་ཚོལ་ཚེ་གནག་ཁྱུ་


MR16_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །གཅིག་གི་སྐྱེར་གསུམ་གཉིས་བྱ་རལ། །གསུམ་ལ་དཀར་ཐོག་གཡུང་དྲུང་ན། །ཕུང་སྲི་རྔ་མོང་ཁལ་བཅས་ཐོབ། །སྐྱེར་གསུམ་སྒོ་བརྒྱག་རྔ་མོང་བླ་མདུད་ཡིན། །མདོར་ན་རང་སར་གང་བབས་པའི། །ཕྱི་ས་ཆག་ཤིང་ཟ་འཇལ་བབས། །དོན་སར་བརྐྱག་དང་ཚོལ་ཚི་སོགས། །སྣུམ་རིགས་གྲོག་ངོ་བབས་པ་ན། །རང་སའི་དངོས་པོ་གང་ཡིན་དེའི། །བྱིན་ལེན་ལག་པ་འཕྲོད་པ་ཡིན། །དེ་བཞིན་བཞི་ལྔ་དྲུག་ལ་སོགས། །ལྷག་མ་གསུམ་ལའང་དེ་ཡིས་འགྲེས། །ཐག་ཉེ་རིང་གསུམ་དང་ནམ་ཕུག་གམ། །ཕྱོགས་བཞིའི་ས་རུ་བརྟག་པར་བྱ། །བརྟག་ཤེས་ན་ཡ་མཚན་མངོན་ཤེས་ཡོད།། ༈ །།དེ་ནས་ཚོང་ཕྱ་བཤད་པ་ན། །བདུན་འདི་ཚོང་གྲོག་གཞན་གྱི་ས། །བརྒྱད་འདི་ཚོང་བ་རང་གི་ས། །བདུན་འཇམ་བརྒྱད་དར་རང་ཉིད་རྒྱལ། །དགུ་འདི་ཚོང་གི་བར་པའི་ས། །དགུ་དེ་དར་ནས་བཅུ་ཞན་ན། །བར་པ་གཞན་ལ་ཕྱོགས་པ་ཡིན། །བཅུ་དེ་དར་ན་རང་ལ་ཕྱོགས། །གལ་བར་བྱ་རལ་རིན་ཆེན་དང་། །སྐ་བྲག་སད་དཀར་ཚོལ་ཚེ་དང་། །ཤ་རིང་སྤོ་ཚེ་སྤོ་ཚེ་བརྒྱག །གློག་དམར་ལྡི་བུར་དྲུག་པོ་འདི། །ཚོང་པ་རྣམས་ཀྱི་དགྲ་བླ་ཡིན། །རང་ས་དག་ཏུ་བབས་ན་བཟང་། །ལར་གཅིག་འདི་རྡོག་རྟེན་གཞི་ས་ཡིན། །གསུམ་ཕྲལ་གྱི་ཁ་དགའ་ལྟ་ས་ཡིན། །བཞི་ལག་གི་ཟོང་རྫས་ནོར་ས་ཡིན། །འདི་རྣམས་མ་སྟོང་གང་ན་བཟང་། །གཉིས་ནོར་རྫས་ཕར་ལ་གཏོང་བའི་ས། །ལྔ་འདི་གཞི་ལམ་དགྲ་ས་ཡིན། །བཅུ་གཉིས་བྱེས་ཀྱི་ཚུར་ལམ་དགྲ་ས་ཡིན། །དེ་རྣམས་མ་དར་འཇམ་ན་བཟང་། །གསུམ་འདི་བྲང་ཁ་འཐོར་ས་ཡིན། །འཐོར་བའི་སྡེ་རིགས་བབས་ན་ངན། །དྲུག་འདི་ཚོང་བའི་བྲང་ཁ་ཡིན། །སྐྱེར་སོགས་བརྟན་པའི་རིགས་རྣམས་གཅེས། །བདུན་བརྒྱད་བཅུ་


MR16_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁལ་རྟའི་ས། །དམར་ངོ་སྙིང་སྟོང་མ་བབས་དགོས། །བཅུ་གཅིག་ཚོང་ལྷ་གཉན་པོའི་ས། །བཅུ་གསུམ་ནམ་ཕུག་ཕན་མིན་ལྟ། །གསུམ་བཟང་ཚོང་འགྲིགས་མྱུར་དུ་དགའ། །བཞི་བཟང་ལག་ནས་ཟས་ནོར་འདུ། །བརྒྱད་བཟང་རང་ཉིད་ཚོང་ལས་རྒྱལ། །སྣུམ་ཐིག་ཐམས་ཅད་ནས་ངོ་ཡིན། །སྐྱ་ཐིག་ཐམས་ཅད་ཚ་ངོ་ཡིན། །སྐྱིན་དིང་ནས་ལ་སྐྱམ་སེ་གྲོ། །དེ་སོགས་རྫས་ཀྱི་བླ་མདུད་རིགས། །བབས་ན་དེ་དག་ཉོ་བར་བཟང་། །དིང་དིང་ཚོལ་ཚེ་ཧྲང་ཟེ་དང་། །ལྡི་བུར་དེ་རྣམས་ཚོང་འོང་ངོ་། །སྐྱིན་དིང་ལ་སོགས་དངས་མ་དང་། །བརྒྱག་ཁ་སྣུམ་ཐིག་བཟང་པོ་རྣམས། །སྣོད་གང་རྒྱབ་ཁལ་ནོན་པ་ཡིན། །ཆུ་དོ་ལི་ཡན་སྐྱེར་ཐང་ལེ། །ད་རོག་མུན་རུམ་རྣམ་པ་གསུམ། །སྣོད་སྟོང་སྒྲོ་སྟོང་ངོ་ཡིན་ནོ། །སོ་ཡོན་སྤོ་བར་འཐེན་རྩོད་ཡིན། །ཕུང་ཁད་ལ་སོགས་ཁ་འགྱོད་ཡིན། །བྱ་ཡུན་ལ་སོགས་གསལ་ཁ་ཡིན། །སྙན་ལམ་ཐམས་ཅད་ཁ་དགའ་ཡིན། །སྐྱམ་དང་ལི་ཡན་བྱ་རལ་དང་། །ཕུང་བར་ལ་སོགས་ངན་སྙིགས་ཕལ། །བློ་ཉེས་ཚོང་ཉེས་འོང་ངོ་ཡིན། །ཚོང་ལོག་བྱེད་པ་སྤུན་གསུམ་ནི། །ཕུང་ཁད་སྐྱམ་ཟེ་ཕུང་བྱལ་ཡིན། །སྐྱ་ཐིག་བརྒྱག་རན་ཐམས་ཅད་ངན། །སྣུམ་ཐིག་བརྒྱག་བཟང་ཐམས་ཅད་བཟང་། །ཚ་ལེན་མོ་ལ་སྣུམ་ཐིག་སོགས། །ཧ་ཅང་གྲོག་ངོ་ཆེ་བ་ན། །ཚ་མི་ལོན་པའམ་མི་བཟང་ཟེར། །སྐྱམ་དང་ལི་ཡན་སྐྱེར་ཐང་ལེ། །ཚ་བ་ཚོང་མཐའི་མོ་ལ་བཟང་། །བཞིའི་བྱོད་ཕུར་ཚ་བའི་སུག་ཕུང་ཡིན། །ལི་ཡན་ཚ་སྐྱེ་སྐྱམ་དངས་མ། །ཁུར་ཐག་བྱ་མེད་ཚ་སྐྱེ་གང་། །དེ་སོགས་གོང་འོག་ཀུན་བསྡུར་ནས། །དམིགས་བསལ་ལས་དང་མཚུང་པ་ཡི། །མདུད་པའི་ཁྱད་པར་ཤེས་པར་བྱ། །མགྲོན་ཕྱ་དགྲ་ཕྱ་སོགས་ལ་ནི། །གལ་ཆེ་བ་ཡི་གདམས་པ་བཤད། །ཁ་ལན་རྒྱང་ལན་དཔྱད་ནས་སུ། །


MR16_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བྱའི་ལན་དུ་ཤག་དགུ་ན། །ཕོ་ལྷས་མ་ཚོར་སྐྱེས་པ་གྲི་ལ་ཤི། །ཚོལ་ཚེ་ལུ་གུའི་ལན་དུ་བྱ་རལ་ན། །མོ་ལྷས་མ་ཚོར་སྨན་ཚེ་ཟད། །སྐྱེར་བརྒྱག་ལན་དུ་ནག་ཐོག་སེ་སྟོད་ན། །མ་ལྷ་བུ་རྫིས་མ་ཚོར་བར། །ནེའུ་གསེང་སད་ཀྱིས་ཁྱེར་བ་ཡིན། །བྱོད་ཕུར་ལན་དུ་ན་འབན་ན། །ས་བདག་མ་ཚོར་ས་བཅུད་སྲི་ཡིས་ཁྱེར། །རྐང་སྤར་ལན་དུ་སེ་སྟོད་ན། །གངས་ཀྱིས་མ་ཚོར་སེང་གེ་གཡུ་རལ་བྱེ། །ཨ་ཁད་ལན་གྱི་ནག་ཐོག་ན། །ནགས་ཀྱིས་མ་ཚོར་སྟག་མོ་མཆེ་སྡེར་བུད། །སྐྱམ་བརྒྱག་ལན་དུ་བྱ་རལ་ན། །ཉ་ཡིས་མ་ཚོར་རྒྱ་མཚོ་གཞུང་ནས་རལ། །ཀུ་ཡེ་བྱིའུ་ཚང་ལན་དུ་སྐྱམ་སེ་སྟོད། །འབྲི་ལྷས་མ་ཚོར་འབྲི་ལྤགས་བཤུས། །མདོང་བུའི་ལན་དུ་སྤོ་བར་ཞར་པ་ན། །རྟ་ལྷས་མ་ཚོར་རྟ་ལྤགས་རལ། །དེ་དང་དེ་ལ་སོགས་པ་ཡི། །མདོར་ན་བརྒྱག་བཟང་ཆེ་སྡེ་བབས། །དེ་དེའི་ལན་དུ་བདུད་ཆད་ཀྱི། །མདུད་པ་སྒོ་བརྒྱག་ཅན་སོགས་བབས། །མ་ཚོར་སྙིང་བུད་ངན་པ་ཡིན། །ཐམས་ཅད་བྲི་བར་མི་ནུས་པས། །རང་གི་རིག་པས་དཔྱད་དེ་སྨྲོས། །བརྗེས་ན་བཟང་བར་ཤེས་པར་བྱ།། །།བརྒྱད་པ་དགྲ་ཕྱའི་དཔྱད་པ་ལ། །དང་པོ་སྔོན་གྱི་གཏམ་རྒྱུད་བཤད། །སྔོན་ཡེ་དང་ངམ་གཉིས་འདྲེས་ནས་སུ། །ཡེ་སྲས་དུང་རྒོད་ངམ་གྱིས་བསད། །སྨོན་པས་ཡེ་ཤ་གཉེར་པ་ལ། །ངམ་བོན་གུ་རུས་མོ་བཏབ་ནས། །ངམ་རྗེ་རྩོམ་པོས་མོ་སྨོད་པར། །དིང་དིང་ཁ་ལེ་དཀར་པོ་བབས། །ངམ་བོན་གུང་རུས་འདི་སྐད་ཟེར། །འདི་ངམ་ལ་མི་ཉེ་ཡེ་ལ་ཉེ། །ལྷ་གཡག་འདྲ་པའི་དགྲ་ངོ་སྣང་། །ངམ་རྗེའི་སྐུ་སྲོག་བཙའ་རེ་རན། །ངམ་གྱི་ཤ་མཐའ་བྲག་དམར་གྱི། །བྱ་རྒོད་གཤོག་རྫོང་བཙན་པོ་ཡོད། །དེ་རུ་བྲོས་ན་འཐད་ཅེས་ཟེར། །དེར་སོང་ནས་ཡང་གཅིག་མོ་བཏབ་པས། །དིང་དིང་ལྕགས་ཁྲ་སྔོན་མོ་བབས། །འདི་ངམ་ལ་


MR16_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉེ་ཡེ་ལ་ཉེ། །འབྲུག་སྔོན་མོ་འདྲ་བའི་དགྲ་ངོ་སྣང་། །ཤ་མཐའ་བྲག་དམར་འགབ་མ་ན། །གླ་བ་རོག་པོའི་མཁྲིས་རྫོང་ཡོད། །དེ་རུ་བྲོས་ན་འཐད་ཅེས་ཟེར། །དེ་རུ་ཕྱིན་ནས་མོ་གཅིག་བཏབ། །སད་རྒོད་རྨོག་མོ་བྱ་བུར་བབས། །འདི་ངམ་ལ་མི་ཉེ་ཡེ་ལ་ཉེ། །ལྷ་བོན་ཐོད་དཀར་འདྲ་བའི་དགྲ་ངོ་སྣང་། །ཡེ་ཡི་དགྲ་བླ་དར་ནས་སྣང་། །ངམ་མཁར་བཙན་ལ་སྤོས་ན་བཟང་། །ཅུང་ཟད་མར་ལ་སྤོས་ན་བཟང་། །དེ་ཕྱིན་ཡང་ནི་མོ་བཏབ་པར། །སྤོ་ཚེ་རྟ་ལྷ་འཕན་པོ་བབས། །འདི་ངམ་ལ་མི་ཉེ་ཡེ་ལ་ཉེ། །ལྷ་རྟ་སྙན་དཀར་འདྲ་བའི་དགྲ་ངོ་སྣང་། །དེ་ནས་ཅུང་ཟད་མར་སྤོས་ནས། །ཡང་ནི་ངམ་བོན་མོ་ཞིག་བཏབ། །ཆུ་སྤར་རོ་བསྲེག་རྡོ་དམར་གྱི། །མཁར་ལ་བརྒྱག་ཞིག་ཡོད་པར་བབས། །འདི་ཡེ་ལ་མི་ཉེ་ངམ་ལ་ཉེ། །ངམ་གྱི་ཕོ་ལྷ་དར་ན་ཡག །ད་རུང་ཅུང་ཟད་ཕྱིར་ལ་སྤོས། །ངམ་བོན་གུ་རུས་མོ་ཞིག་བཏབ། །ཉ་ར་ཁྱི་ཐོད་མཁར་བརྒྱག་བབས། །འདི་ཡེ་ལ་མི་ཉེ་ངམ་ལ་ཡེ། །ད་རྫོང་ལ་བཙན་ཆུས་བྱེད་དགོས་ཟེར། །འོབས་དང་སྒོ་སྲུང་རིམ་པར་བཞག །བསྐལ་པ་དེ་ཡི་དུས་ཙམ་ན། །ཟངས་ལྕགས་གཉིས་ལ་སྔགས་བཏབ་ནས། །སྦྲང་བུ་སྔོ་དམར་གཉིས་སུ་སྤྲུལ། །ཡེ་སྨོན་རྒྱལ་པོས་ངམ་ཡུལ་བཏང་། །སྨོན་སྲས་ཨེ་བསད་ལྟ་བ་ལས། །དེ་གཉིས་ངམ་མཁར་རྩེ་ལ་བབས། །བརྒྱད་ཀྱི་ཤང་ཤག་རུ་སོད་དང་། །དགུ་ལ་རྩེ་ར་ཝང་ཐོག་ཡིན། །དེ་ཚེ་ཡེ་སྨོན་རྒྱལ་པོ་དེས། །སྨོན་མི་རྐྱ་བདུན་ངམ་ཡུལ་བཏང་། །ཡེ་ངམ་མཚམས་སུ་སླེབས་པའི་ཚེ། །ངམ་གྱི་ཁྱི་ནག་ལྕགས་མགོ་དེས། །ངམ་ཤ་ཟེད་པོ་བརྡས་ནས་འོང་། །ཁྱི་དང་ཤ་བ་དུས་གཅིག་བསད། །བསྐལ་པ་དེ་ཡི་མོ་མདུད་ནི། །ཏྲོང་ཐིག་ཉི་མ་བྲག་ནག་དང་། །བཅུ་གཅིག་བྱ་རལ་ཉིད་དུ་བཤད། །ཁྱི་རོས་ཕོ་ལྷ་མནོལ་བ་ཡིས། །


MR16_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྨོན་རྒྱལ་པོ་མྱོས་ཏེ་སོང་། །བཅུ་གཅིག་བྱ་རལ་བཅུ་གསུམ་ལ། །སྐྱམ་སེ་དེ་ཡི་བླ་མདུད་ཡིན། །ཁ་འཛིན་ཡེ་གཤེན་དབང་རྫོགས་ཀྱིས། །ལྗགས་ཀྱི་མཆིལ་མ་ཁོ་ལ་བཏབ། །དྲན་ཆུ་དཀར་པོ་སྤྱི་བོར་བླུག །སྨོན་པ་མྱོས་པ་དྲན་ཆུས་བསང་། །བསྐལ་པ་དེ་ཡི་མོ་མདུད་ནི། །བཅུ་གཅིག་སྤོ་བར་བཅུ་གསུམ་ལ། །སྤོ་སང་བབས་པ་དེ་ལ་བྱ། །དེ་དུས་ཡེ་སྲས་ཕ་དེ་ཡིས། །ད་ནི་གྲོས་ན་ལྷ་ཡང་མེད། །རྒས་ན་བུ་མེད་ཤི་ན་སྟོང་། །མེད་པ་ང་འདྲས་ཅི་ཞིག་བྱ། །གྲོས་དང་དཔུང་རོག་སུ་ལ་འཚོལ། །ཞེས་པའི་འོ་དོད་གནམ་དུ་བོས། །ཡི་ཆད་སྐ་རག་ཅངས་སེ་བཅིངས། །ངམ་གྱི་ཡུལ་དུ་འཁྱུག་འགྲོ་ཟེར། །ཉི་ཟླ་སྣམ་འཕྲག་ནང་དུ་བཅུག །རྩངས་པོ་སེ་རལ་ཁ་ལ་ཁུར། །དུང་གླང་དཀར་པོ་ཞབས་སུ་ཞོན། །སྨོན་པ་ངམ་གྱི་ཡུལ་དུ་ཆས། །བསྐལ་པ་དེ་ཡི་མོ་མདུད་ནི། །གཅིག་གི་སྐྱེར་ལེབ་བཅུ་གཅིག་གི ། སྐྱམ་གྱི་རྡེའུ་དཀར་སང་ཡིན། །ཡེ་སྨོན་རྒྱལ་པོའི་ཞལ་ན་རེ། །ཁྱོད་སྨོན་པ་བདུད་ལ་སོང་བ་ན། །ཅིས་ཀྱང་སྨོན་པ་ཕམ་འདུག་པས། །ད་རེས་མ་འགྲོ་གསུངས་ནས་སུ། །དུང་གླང་དཀར་པོའི་སྣ་ལ་འཇུས། །དེ་ཡི་བླ་མདུད་གལ་བར་ཡིན། །ཤ་ཆང་ཁུར་བའི་ཐག་པ་བཅད། །དེ་ནས་སྨོན་པ་འགྲོ་བ་ཤོལ། །བཅུ་གསུམ་ཁེར་སྐྱེར་བབས་པ་ཡིན། །དེར་ཡེ་སྨོན་རྒྱལ་པོའི་ཞལ་ན་རེ། །བློ་ཕུག་གཏད་ན་ང་ལ་གཏོད། །གྲོས་ཆེན་འདྲི་ན་ང་ལ་དྲིས། །མཐུ་དང་དཔུང་ནི་ང་ལ་ཚོལ། །ངམ་དང་བདུད་ཀྱི་ཡུལ་ཁམས་སུ། །ཕོ་ལྷ་དུང་ཁྱུང་དཀར་པོ་སོང་། །སྨོན་སྲས་གྲི་ཐུལ་བླ་ཁུགས་གསུངས། །བདུན་ལ་ཁ་ལེ་དཀར་པོ་དང་། །དགུ་ལ་སད་སྔ་གྱེར་རྒྱུད་ཡིན། །བཅུ་ཡི་ཨ་ཁད་རྩེ་མ་དང་། །བཅུ་གཅིག་བྱ་ཡུན་དཀར་མོ་ཡིན། །དེ་དུས་སྲིད་པ་ཡེ་སྨོན་དེས། །ལྷ་མི་མང་པོའི་མདུད་མ་བསྡུས། །


MR16_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་བཤེན་དབང་རྫོགས་གཤེགས་སུ་གསོལ། །བསྐལ་པ་དེ་ཡི་མོ་མདུད་ནི། །རྐང་སྤར་དུང་སྒོང་དཀར་པོ་ཡིན། །དུང་ཁྱུང་དཀར་པོ་ངམ་ཡུལ་དུ། །སྨོན་སྲས་བླ་དེ་ཚོལ་དུ་སོང་། །བཅུ་གཅིག་བྱ་ཡུན་བཅུ་གཉིས་ལ། །རུ་སོད་བབས་ན་དེ་ལ་བྱ། །ཁ་འཛིན་ཡེ་གཤེན་དབང་རྫོགས་ཀྱིས། །ཡེ་ཤ་ངམ་ལ་ཨེ་ལོན་དང་། །སྨོན་སྲས་བླ་དེ་ཨེ་ཁུག་སོགས། །དུང་སྐུད་དཀར་པོ་སྐྱ་དྲུག་ལ། །མདུད་ནས་ཕྱིང་དཀར་སྟེང་དུ་འཕང་། །དིང་དིང་ཐིག་དྲུག་འབྲེལ་བ་བབས། །འདི་ངམ་ལ་མི་ཉེ་ཡེ་ལ་ཉེ། །ཡེ་ཡི་ཕོ་ལྷ་དང་ནས་སྣང་། །ངམ་གྱི་ཕོ་ལྷ་རྒུད་ནས་སྣང་། །ཡེ་ཤ་ངམ་ལ་ལོན་པ་དེ། །བཅུ་གཅིག་ཁ་ལེ་བཅུ་གཉིས་ལ། །རུ་སོད་བབས་པ་དེ་ལ་བྱ། །གཡུ་འོད་ནམ་མཁའི་གུར་ཁང་དུ། །སྲིད་པ་ཆེ་དྲུག་མདུན་མ་བྱས། །རིན་ཆེན་དུང་གི་ཤོ་དཀར་ལ། །དྲོང་མཁན་ལྷ་ཡེས་བྱས་ནས་འཕང་། །ཤོ་མིག་བཅོ་བརྒྱད་ཡོད་པར་བབས། །ཤོ་ཡི་ལ་ཉེ་དེ་ལྟར་བཟང་། །བཅུ་གཅིག་བྱ་བུར་གསེར་ཐིག་དང་། །བཅུ་གཉིས་དངས་མ་གཡུ་མིག་ཡིན། །ཡང་གུ་ལང་གསེར་གྱི་ཆོ་ལོ་ལ། །ཕོ་གསུམ་མོ་གསུམ་མཚན་མ་བྱས། །ལྷ་གཞི་དཀར་པོའི་སྟེང་དུ་འཕང་། །ཆོ་ལོའི་ལ་ཉེ་མཆོག་ཏུ་བཟང་། །བཅུ་གཅིག་སྤོ་སང་ཐོད་དཀར་ལ། །བཅུ་གཉིས་སྤོ་སང་གྱོད་ཐར་ཡིན། །ཡང་དུང་གི་ལེབ་བྱང་དཀར་པོ་ལ། །ཅོག་ལ་མཚལ་གྱིས་རི་མོ་བྲིས། །བཅུ་གཅིག་དག་གི་རེའུ་མིག་ལ། །མཁར་སྒོ་ཉི་ཤུ་རྩ་ལྔ་བཏོད། །མིག་མང་དབུས་ཀྱི་ལྟེ་བ་ལ། །བཙད་པོ་གཅིག་གི་བཙན་མཁར་བཙུགས། །དགྲ་མཁར་ཡིན་ནམ་རང་མཁར་ཡིན། །དེ་ལ་མིང་དུ་བཏགས་པ་ནི། །ལ་ལས་ཐེག་ཆེན་བསྣོལ་མའི་རྒྱ་མདུད་ཟེར། །ལ་ལས་དྲང་ཆེན་སྟོང་པའི་གཡུ་མདོ་ཟེར། །ལ་ལས་དབུས་ཀྱི་གའུ་གསེར་རྫོང་ཟེར། །


MR16_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་རྫོང་སྨོན་པའི་རང་མཁར་བྱས། །བཅུ་གཅིག་གའུ་བཅུ་གཉིས་ལ། །བྱ་རལ་ལུམ་གསུས་བབས་ན་ཡིན། །མིག་མང་ལ་ཉེ་དེ་ལྟར་བཟང་། །དུང་ལུག་དཀར་པོའི་ཐིག་གུ་ལ། །ཕྱོགས་བཞི་དབུས་དང་ལྔ་རུ་བལྟས། །ཡེ་ངམ་གང་རྒྱལ་ལ་ཉེ་བརྟག །ལྷ་གཞི་དཀར་པོའི་ཐོག་ཏུ་འཕང་། །ཐུ་གུ་ཨ་བུ་སྟག་རིས་བྱུང་། །དེ་ཕོ་ལྷ་རྟ་ལ་ཞོན་པ་དེ། །དགྲ་ཡུལ་ཁ་ཞབས་ལོག་གོ་ཟེར། །བཅུ་གཅིག་དཀར་ཐོག་གཡུང་དྲུང་ལ། །བཅུ་གཉིས་རུ་སོད་བབས་པ་ཡིན། །ཐིག་གུའི་ལ་ཉེ་དེ་ལྟར་བཟང་། །ཡང་དུང་གི་ཕྲེང་བ་བརྒྱ་རྩ་བརྒྱད། །གཉིས་སུ་བཅད་ནས་གསུམ་དུ་བགྲང་། །རང་ས་རྒྱལ་ཞིང་དགྲ་ས་ཕམ། །ཕྲེང་ཐག་ལྷ་དམག་རྒྱུ་ལམ་ལ། །ཕྲེང་བ་ལྷ་ཆེན་དམག་མི་ཡིན། །བརྒྱ་དཔོན་ལྟ་བུ་ལོད་པོ་ཡིན། །ཚུར་བགྲང་ལྷ་དམག་རྩིས་ལ་བཏབ། །ཕར་བགྲང་ངམ་གྱི་གཡུལ་སོ་བཟློག །བཅུ་གཅིག་བྱ་བུར་བཅུ་གཉིས་རུ་སོད་ཡིན། །ཕྲེང་བའི་ལ་ཉེ་དེ་ལྟར་བཟང་། །དེ་ནས་སྲིད་པ་ཆེ་དྲུག་གིས། །སྨོན་པ་རྒྱལ་བར་བློ་ཐག་བཅད། །འགྱུར་མེད་རྟིང་བཅད་ཁས་ལེན་བྱས། །བརྒྱད་ཀྱི་བག་ཚོ་བུ་བརྒྱག་དང་། །བཅུ་གཉིས་ཏྲོང་གི་མ་ཟེ་ཡིན། །དེ་ཚོ་སྨོན་གཤེན་ལྷ་རྣམས་ཀྱིས། །སྒོམ་ཁྱེར་ཕ་བོང་མང་སྐེ་ལ། །བདུད་རྩི་དྲན་ཆུ་ལག་ཏུ་ཕྱིན། །དགུ་ལ་ཨ་ཁད་རྩེ་མ་དང་། །བཅུ་གཅིག་སྐྱམ་རག་རང་ཆུ་ཡིན། །དེ་ནས་སྨོན་པས་ཕོ་ཉ་བཏང་། །ངམ་ཁམས་ཡོངས་ལ་ཉུལ་མ་བྱས། །ང་ཡི་དགྲ་བླའི་རྟེན་གསུམ་སྟོར། །མཐོང་མི་ཡོད་ན་བརྔན་པ་སྦྱིན། །ལྡེམ་མི་ཡོད་ན་ལྡེམ་ཁ་བཙག །སྨྲས་ཏེ་ཡུལ་ཁམས་བསྐོར་བའི་དུས། །ངམ་རླུང་འཚུབས་མས་ངས་མཐོང་ཟེར། །རང་ཤ་རང་གིས་འདེད་བ་ལ། །རང་རྒྱུད་རང་གི་ལྡེམ་པོ་བྱས། །བསྐལ་པ་དེ་ཡི་མོ་མདུད་ནི། །བརྒྱད་ལ་ཕུང་ཁད་


MR16_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ལི་ཡན། །དེ་ཚེ་ཡབ་རྗེ་སྨོན་པ་དེས། །བསེ་ཁྲབ་ཤོལ་མང་རྒྱབ་ཏུ་ཁུར། །བཅུ་ཡི་གལ་བར་ཐོད་དཀར་ལ། །བཅུ་གཅིག་བག་ཚོ་གཡུ་མིག་ཡིན། །སྨོན་རྟ་མི་འགྱུར་ཤེལ་སྒ་ལ། །དར་དཀར་གསལ་བཀྲ་རྒྱབ་ཏུ་བཀལ། །བརྒྱད་ཀྱི་རང་སྙན་བཅུ་གཅིག་ལ། །དིང་དིང་ཕུ་ཝེར་དཀར་པོ་ཡིན། །རྫུ་འཕྲུལ་སྤྲུལ་པ་གསེར་མགོ་ལ། །ལག་ཏུ་གནམ་ལྕགས་སྟྭ་རེ་བྱིན། །བརྒྱད་ཀྱི་ཕུང་བྱལ་ར་བརྒྱག་དང་། །བཅུ་གཅིག་ཧྲང་ཟེ་ཁ་ལང་ཡིན། །དེ་ཚེ་རླུང་གིས་སྨོན་པ་ཁྲིད། །རླུང་དང་སྨོན་པ་མ་འཆམས་ནས། །འཚུབ་མའི་མགོ་བོ་རལ་གྲིས་བཅད། །བླ་ནི་ཙེ་ར་བང་ཐོག་ཡིན། །དེ་ནས་ཡེའུ་དམག་ལ་ཆས། །མཐུ་ཆེན་ཝེར་མ་མ་ཆས་ན། །ཡེའུ་དམག་ལ་ཆས་ཐབས་མེད། །དེ་བས་མཐུ་ཆེན་ཝེར་མ་ཆས། །ཡོང་པོ་རུ་མང་འདུས་སོ་སྐད། །ཝེར་མ་ཉི་ཉ་འདུས་སོ་སྐད། །དཔའ་བརྟན་ལྡོག་མེད་ལ་སོགས་པའི། །དགྲ་བླ་མང་པོ་འདུས་སོ་སྐད། །བླ་ནི་གོང་དུ་བཤད་པ་བཞིན། །དེ་ཚེ་དགྲ་བླའི་དཔའ་ཆས་ལ། །དྲ་མ་བརྒྱད་སོགས་ཐམས་ཅད་ཚང་། །སྤྲུལ་པའི་དུང་ཁྱུང་ངམ་ལ་ལྡིང་། །ཡེའུའི་གདུང་གི་ར་མདར་སོང་། །གདུང་མཁར་རྩར་གྱད་ཀྱི་རྡོ་ལ་བཏགས། །མི་འཆད་བསེ་འབྲེང་བསྡམ་པ་ལས། །དུང་ཁྱུང་ཟོར་བ་རྣོན་པོར་སྤྲུལ། །འབྲེང་བ་བཅད་དེ་གདུང་སྤུར་ཁྱེར། །བྲོས་ནས་བར་སྣང་ཁམས་སུ་ཕྱིན། །ངམ་བྱ་ནག་གཤོག་རིང་ར་མདར་འོང་། །བྱ་གཉིས་བར་སྣང་ཁམས་སུ་འཐབ། །བྱ་མེད་སེ་སྟོད་སྤུན་གསུམ་སྲིད། །སྤུར་དེ་མ་ཐུབ་མཚོ་ལ་ལྷུང་། །མཚོ་ལ་དུང་ཁྱུང་སྤར་གྱིས་བཏབ། །སད་དང་སྐྱམ་དང་ལྡི་བུར་གྱི། །ཆུ་སྤར་སྤུན་གསུམ་དེ་ལས་སྲིད། །དུང་ཁྱུང་ངལ་ནས་བྲག་སྟེང་བབས། །ལག་པ་རྒྱབ་ལག་བྱས་ནས་བསྡད། །


MR16_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཁྱུང་རྒྱབ་ལ་སྤུ་རིས་ཆགས། །གཡུ་འབྲུག་སྔོན་མོ་སོ་སོར་སྲིད། །སྤུར་དེ་ཡེ་གཤེན་ཕྱག་ཏུ་བཏང་། །ངམ་ཡུལ་བཙན་པའི་ལོ་རྒྱུས་བཤད། །དེ་ནས་ཡེ་བའི་དགྲ་བླ་གསོལ། །གོ་ཆ་བགོས་ཤིང་མཚོན་ཆ་བརྡར། །ཀི་སྒྲ་བཏབ་ཅིང་བསོ་སྒྲ་ལྡིར། །ངམ་ཡུལ་ཆམ་ལ་ཕབ་པ་ཡིན། །སྔོན་ཚེ་སྲིད་པའི་དཔེ་བཞིན་དུ། །ད་ཐང་དམག་གི་འདྲེན་ལུགས་གཅེས། །ད་དགྲ་ཕྱ་དག་ལ་མོ་འདེབས་ན། །རང་ས་བཙན་ཞིང་ཕྱི་ས་ཆག །རྩེ་འཛིན་དར་ན་དགྲ་ལས་རྒྱལ། །དེ་ལ་གྲུབ་པ་མཐུ་ཆེན་སོགས། །དགྲ་བླའི་རྒྱལ་པོ་སྡེ་དགུ་དང་། །དོམ་མགོ་གླང་སྙིང་ལ་སོགས་པའི། །དགྲ་བླ་མཆེད་གསུམ་སྲིང་མོར་བཅས། །གཞན་ཡང་སྐྱ་ཞིབ་བརྒྱག་སྡེ་དང་། །བྲག་དང་སངས་ཀྱི་ཁས་དྲག་རིགས། །གོང་དུ་བཤད་པ་དེ་རྣམས་ནི། །གཅིག་ལ་སོགས་པར་བབས་ནས་སུ། །ཕྱི་ས་ཆག་ན་དགྲ་ལས་རྒྱལ། །གནང་ནོར་སྣ་དགུ་ལོན་པ་ཡིན། །དགྲ་བླའི་དྲ་མ་མཆེད་བརྒྱད་ནི། །དགྲ་བླའི་གོ་མཚོན་སྣ་དགུ་ལ། །དབང་བའི་དགྲ་བླ་མཆེད་བརྒྱད་ཡིན། །རྨོག་ཞུན་ཀེ་རུ་དཀར་པོ་ལ། །དྲ་མ་བཙན་གྱི་བྱ་རུ་ཅན། །གོ་ཁྲབ་འབུམ་དབྱིལ་སྔོན་པོ་ལ། །དྲ་མ་མེ་འཕྲོ་ཡང་ཤམ་ཅན། །རལ་གྲི་ཡ་ཚ་རྣོ་དཔལ་ལ། །དྲ་མ་དབལ་གྱི་ངར་སོ་ཅན། །གཞུ་མོ་རང་བརྡུང་ཉིད་ལ་ནི། །དྲ་མ་ཞུན་དཀར་ཚ་ཚ་ཅན། །མདའ་མོ་རང་འཕེན་ཉིད་ལ་ནི། །དྲ་མ་དཔལ་གྱི་མདའ་ཕུད་ཅན། །མདུང་མོ་རང་འདེབས་ཉིད་ལ་ནི། །དྲ་མ་མེ་ཡི་བ་དན་ཅན། །ཕུབ་མོ་རང་འཁོར་ཉིད་ལ་ནི། །


MR16_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་མ་རླུང་གི་ཞལ་ཤམ་ཅན། །ཞགས་པ་རང་བསྐྱིལ་ཉིད་ལ་ནི། །དྲ་མ་གློག་གི་མྱུར་མགྱོགས་ཅན། །ལྕགས་ཀྱུ་རང་འཛིན་ཉིད་ལ་ནི། །དྲ་མ་འཕྲུལ་གྱི་ཤ་ཟུང་ཅན། །འདི་རྣམས་ཕྱི་སར་ཤོར་མི་རུང་། །རང་སར་བབས་ན་མཆོག་ཏུ་བཟང་། །མ་སང་སྤུན་དགུ་བཤད་པ་ན། །འདི་མ་སང་གཡའ་སྤང་སྐྱེས་གཅིག་ཡིན། །འདི་མ་སང་སྒོ་བུ་དྲ་མ་ཡིན། །འདི་མ་སང་ཨོལ་བུ་ཤེལ་ལྕགས་ཡིན། །འདི་མ་སང་ཤེལ་བུ་རུ་རྩེ་ཡིན། །འདི་མ་སང་མུ་སྟེགས་མི་བོ་ཆེ། །འདི་མ་སང་ཨོད་བུ་ཝེར་མ་མཐུ་ཆེན་ཡིན། །འདི་མ་སང་གླན་བུ་ངམ་གླང་སྟོབས་ཆེན་ཡིན། །འདི་མ་སང་གླང་བུ་ཟིལ་རྩེ་ཡིན། །འདི་མ་སང་གླང་བུ་མེ་ལེན་ཡིན། །མ་སང་ཕ་དགུ་འདི་ལྟ་སྟེ། །འདི་ཅང་སེ་མི་མགོན་དཀར་པོའི་བླ། །འདི་ལྷ་རབ་སྲིད་ལྷ་འོད་དཀར་ཡིན། །འདི་ཡེ་གཤེན་དབང་རྫོགས་བླ་མདུད་ཡིན། །འདི་ལྷ་ཆེན་དུང་མའི་བླ་མདུད་ཡིན། །འདི་སྟོན་པ་གཤེན་རབ་བླ་མདུད་ཡིན། །འདི་བྱིན་རྒྱ་ཡེར་བླ་མདུད་ཡིན། །


MR16_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྷ་ཆེན་མུ་ཙ་ཛོ་ཡེར་བླ། །འདི་ཧྲིས་པ་གྱེར་རྒྱུང་བླ་མདུད་ཡིན། །འདི་དྲོང་མཁན་མཆེད་གསུམ་བླ་མདུད་ཡིན། །འདི་སྐུ་བླ་གེ་གོད་བླ་མདུད་ཡིན། །དྲ་མ་མ་སང་མདུད་པ་འདི་རིགས་ཅུང་མི་དག་འདྲ་སླར་བརྟག་མཆན། སད་ཁམས་དངས་མ་གླིང་དགུ་དེ། །མ་སང་ཕ་གུའི་བླ་གནས་ཡིན། །མ་སང་འཕྲུལ་ཆ་སྣ་དགུ་དང་། །གཞན་ཡང་ནོར་ངོ་སུམ་ཅུ་ནི། །གོང་དུ་བཤད་པ་དག་ལས་ཤེས། །འདི་གཞུ་ནི་ཨ་མོ་ཙེང་ཡིན་ནོ། །འདི་མདའ་ཁ་ཏ་ཡོག་ཏ་བྱ་བ་ཡིན། །འདི་ནི་འདོད་འཇོའི་བ་མོ་ཡིན། །འདི་ཁྱི་དང་ལེ་དུང་ལེ་བྱ་བ་ཡིན། །དིང་དིང་ཤག་བཀྲ་གུར་ཆེན་འདི། །མ་སང་བཞུགས་པའི་ཡུལ་གཅིག་ཡིན། །དམུ་ཙ་ལི་ཤག་དམར་མོ་འདི། །མ་སང་དགྲ་བླའི་སྲུ་མོ་ཡིན། །ཀྱེ་བ་སད་དེ་གེ་གོད་འདི། །ལྷ་ཆེན་ཕུ་ཝེར་དཀར་པོ་ཡིན། །མ་སང་ཁ་འཛིན་བྱེད་པའི་ལྷ། །ཤ་རིང་སྤོ་ཚེ་བརྒྱག་ཅན་འདི། །མ་སང་བསེ་ཡི་མཁར་བོ་ཆེ། །མཐུ་ཆེན་ཝེར་མ་ཉི་ཉ་དེ། །མ་སང་རྣམས་ཀྱི་སྡོང་ཟླ་ཡིན། །བྱ་ཡུན་བྱ་བུར་མུ་སའི་བརྒྱག་ཅན་དེ། །ཉི་རྨོག་ཟླ་ཕུབ་སྐར་མའི་ཁྲབ། །ཝེར་མའི་སྐུ་ཡི་རྒྱན་ཆ་ཡིན། །མྱེས་པོ་གཉན་གྱི་བླ་མདུད་སོགས་དཔེ་ལས་ཆད་སླར་འཛུད། དེ་ལྟར་མ་སང་སྐོར་འདི་རྣམས། །རང་སར་བབས་པ་ཤིན་ཏུ་གཅེས། །དགུ་ཡི་ཁ་ལང་ཆེན་པོ་དེ། །སྲིན་པོ་གཉའ་རིང་བླ་གནས་ཡིན། །ཡང་མདུད་པ་དཔའ་བོ་


MR16_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ནི། །དམག་གི་ཕྱི་ལམ་གཙང་མ་ནི། །དིང་དིང་ཁ་ལེ་དཀར་པོ་ཡིན། །གནང་ལ་ཕྱི་ནང་མེད་པ་ནི། །ཤིང་ཐོག་གུར་ཐུང་ཝ་ཚོ་ཡིན། །འཁྲུག་པའི་གཡུལ་རྒྱབ་གཙང་བ་ནི། །ད་རོག་རྒྱལ་བུ་མཆེད་གསུམ་ཡིན། །འདི་རྣམས་བབས་ས་བཅུ་གཅིག་གཅེས། །རྐང་སྤར་ར་ལ་བརྒྱག་གཉིས་ནི། །དུང་ཁྱུང་མགོ་ཡི་ནོར་བུ་ཡིན། །སད་ཀྱི་ཛ་ཝང་ཛུ་ཝང་ནི། །དམག་མི་ཚང་པའི་རྫིའུ་ཡིན། །སོལ་ཁྲ་རོག་མོའི་ཁོང་ཁྲག་དེ། །སྐྱམ་གྱི་དངས་མ་གཡུ་སྒྲོན་ཡིན། །འཁྲུག་རྗེས་རང་གེས་ཐོབ་པ་ནི། །སད་ཀྱི་ལ་ཝང་དཀར་ཐོག་ཡིན། །མཐོན་པོ་དགུང་གི་སྲོག་མཁར་ནི། །དཀར་ཐོག་གཡུང་དྲུང་ཆེན་མོ་ཡིན། །དགྲ་ཡུལ་ཤུགས་ཀྱིས་ཕུད་མི་དེ། །སྐྱམ་ཆད་མ་ཁྲ་བུ་ཁྲ་ཡིན། །ལྷུན་པོ་ཕུབ་ཀྱིས་འགེབ་མི་དེ། །གལ་བར་གླང་ཆེན་ཐོད་དཀར་ཡིན། །དགྲ་རོ་ཐང་དམར་བརྡལ་མི་དེ། །སུམ་མཉམ་གླག་མོ་མཁལ་དཀར་ཡིན། །དོག་མོ་ས་ཡི་བགས་པ་སྟེ། །གནང་ལ་སྤུང་བགོས་བྱེད་མི་དེ། །སྐྱིན་དིང་གོལ་མོ་གླིང་ཆེན་ཡིན། །འདི་གསུམ་བབས་ས་བརྒྱད་མིག་ཡིན། །དཔའ་སྡར་ངོས་འཛིན་བྱེད་མི་དེ། །རྒྱལ་བུ་སྐྱིད་ཀྱི་ཡེ་གཤེན་ཡིན། །ཕམ་རྒྱལ་སྤུ་རིས་བྱེད་མི་ཡིན། །མདུད་པ་དཔའ་བོ་བཅུ་གསུམ་འདི། །རང་སའི་བཙན་སར་བབས་པ་ན། །འཁྲུག་པའི་རྒྱལ་ཁ་ལོན་པ་ཡིན། །གཡུང་དྲུང་རྣམས་དང་འཕྲད་ཙ་ན། །ཁ་རྗེ་ཅན་ལས་རྒྱལ་ཁ་ལོན། །བྲག་ལ་བཙན་དར་ཅན་དང་ནི། །སྐྱ་ཞིབ་ལ་ནི་རྐང་གྲངས་ཅན། །སད་རིགས་འཕན་དར་ཅན་དང་ནི། །བརྒྱག་རིགས་ལ་ནི་ཕྱུག་པོ་དང་། །སྙིགས་རིགས་ནོར་ངན་ཅན་ལས་ནི། །རྒྱལ་ཁ་ཐོབ་པར་བཤད་པ་ཡིན། །ཡང་ཁས་དྲག་མདུད་པ་


MR16_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ནི། །བྱ་ཁྱུང་མགོ་ཡི་ནོར་བུ་ནི། །བྱ་རལ་རིན་ཆེན་འདི་དང་ནི། །གཡུ་འབྲུག་སྔོན་མོའི་ཁ་ཆུ་ནི། །ཧྲང་ཟེ་ཁ་ལང་ཆེན་མོ་ཡིན། །དུང་ཤ་ཡུ་མོའི་མཁྲིས་པ་ནི། །མུ་ས་ཡ་རི་དིལ་དཀར་ཡིན། །སྤུ་རུ་རོག་པོའི་ཁོང་ཁྲག་ནི། །རུ་སོད་ཁ་ལེ་དཀར་པོ་ཡིན། །ཕྱེ་མ་སླེབ་ཙེའི་རུས་པ་ནི། །ཧྲང་ཟེ་ཁ་ལོང་ཆེན་མོ་ཡིན། །ཐང་དཀར་རྒོད་པོའི་མཁལ་ཁེབ་ནི། །ཚོལ་ཚེ་ལུ་གུ་དཀར་པོ་ཡིན། །མཚལ་བྱ་སྤྱན་གཅིག་མིག་འབྲས་ནི། །སོ་ཡོན་ནག་མོའི་ར་བརྒྱག་ཡིན། །ལྕོག་ཆུང་ཁྲ་མོའི་འགྱུར་སྐད་ནི། །དཀར་ཐོག་གཡུང་དྲུང་ཆེན་མོ་ཡིན། །བྱ་ཁྱུང་མགོ་ཡི་བསེ་སྒམ་ནི། །བྱ་བུར་ནག་མོ་གསེར་ཐིག་ཡིན། །ཁུ་བྱུག་ཞབས་ཀྱི་དབང་ལྷམ་ནི། །སྐྱམ་མ་ཟེ་གཡུ་ཡི་ཆུ་མིག་ཡིན། །བོང་ཆུང་རྒྱབ་ཀྱི་སྟག་རིས་དེ། །ཨ་ཁད་རྩེ་མ་ཞེས་པ་ཡིན། །ཕ་བོང་ཡེ་ཟེའི་དྲན་ཆུ་དེ། །སྐྱམ་ཆད་བུ་ལ་བརྒྱག་སོང་ཡིན། །རྨ་བྱའི་རྒྱབ་ཀྱི་ལྡེམ་དར་དེ། །སྐྱམ་གྱི་དངས་མ་གཡུ་སྒྲོན་ཡིན། །འདི་རྣམས་ཚབ་ཆེན་ནད་པ་མ་གཏོགས་པའི། །ཅི་བཏབ་རང་སར་བབས་ན་བཟང་། །བྱེས་སུ་མགྲོན་ཡག་ཡུལ་དུ་བུ་སྐྱེ་ཡིན། །ཕྱི་སར་བབ་ཏུ་མི་རུང་ངོ་། །ཡང་དུང་ཁྱུང་མགོ་ཡི་གཡུ་རྨོག་དེ། །བྱ་བུར་གསེར་ཐིག་ཉིད་དུ་བཤད། །འབྲོང་བུའི་མགོ་ཡི་རུ་ཐུར་དེ། །རུ་སོད་ཁ་ལེ་དཀར་པོ་ཡིན། །སྟག་མོའི་རྒྱབ་ཀྱི་ཐང་ཤ་དེ། །སད་ལང་ཆོས་ཀྱི་དཀར་ཐོག་ཡིན། །གཟིག་མོའི་རྒྱབ་ཀྱི་ཐིག་ལེ་དེ། །དམུ་རྩ་ལི་ཤག་དམར་མོ་ཡིན། །སྟག་བྱེ་མ་ལེབ་ཀྱི་རུས་པ་དེ། །ད་རོག་མུ་ཁ་ལི་ཡན་ཡིན། །སོལ་ཁྲ་རོག་པོའི་ཁོང་ཁྲག་དེ། །སྐྱམ་གྱི་དངས་མ་གཡུ་སྒྲོན་ཡིན། །བུང་མའི་རྒྱབ་ཀྱི་སྟག་རིས་དེ། །བག་སྐྱེར་བུད་མ་གཟི་གཤོག་ཡིན། །འདི་རྣམས་རང་སར་བབས་ན་བཟང་། །


MR16_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླའི་དར་མ་སྤུན་བརྒྱད་ནི། །སེམས་མི་འགྱུར་དཔའ་སྙིང་ལྕགས་ཁྲ་ཡིན། །མི་མི་འཆི་བདུད་རྩི་དཀར་ཐོག་གཡུང་དྲུང་ཡིན། །ལུས་རྒུད་མེད་ལང་ཚོ་ཚོལ་ཚེ་ལུ་གུ་ཡིན། །ནོར་དགོས་འདོད་ནོར་བུ་བྱ་རལ་རིན་ཆེན་ཡིན། །བློ་མི་འགྱུར་བརྟན་པ་རྨོག་མོ་བྱ་བུར་ཡིན། །མཚོན་རྣོ་གཅོད་ཙེ་ར་བང་ཐོག་ཡིན། །རྟ་ཅང་ཤེས་ཀྱེ་བ་སད་སྤོ་ཡིན། །གོ་ཕུབ་ཆེན་གལ་བར་གླིང་བརྒྱག་ཡིན། །ལྷ་འདི་བརྒྱད་གནས་མལ་མ་ཤོར་ན། །བུ་དམུ་ཡུལ་སོད་ཀྱང་མི་བསླུའོ། །ལུས་མདའ་མཚོན་ཁུར་ཀྱང་ཡ་མི་ང་། །ཤི་སྐད་དགུང་དུ་བསྒྲགས་ཀྱང་ཉམས་མི་ཚ། །རུས་པ་སིལ་བུར་འཐོར་ཀྱང་སེམས་མི་གཡོ། །ཁོང་ཁྲག་ཐང་ལ་ཕོས་ཀྱང་དོགས་མི་ཚོལ། །བརྒྱད་དང་བཅུ་གཅིག་བཅུ་གསུམ་ལ། །བབས་ན་གཡོན་ཆོག་ཁ་དམར་ཐོགས། །ཕྱི་སར་རྒྱལ་ཁ་དགྲ་ལ་འཆོར། །གཞན་ཡང་དགྲ་བླ་བཅུ་གསུམ་དང་། །ལམ་ལྷ་ལ་སོགས་གཞན་དུ་བསྟན། །བུ་དཔའ་བོ་གློག་དམར་ལྡི་བུར་ཡིན། །དེ་ཡན་ན་དཔའ་བོ་གཅིག་ལས་མེད། །དེ་དཔའ་བོ་རྔམ་པ་སྟག་འཕྲུ་ཡིན། །རྟ་མགྱོགས་པ་ངང་པ་ཤུགས་ལྡན་ཡིན། །དེ་ཡན་ན་མགྱོགས་པ་གཅིག་ལས་མེད། །ལི་ཡན་རླུང་ཁྲི་གཤོག་ནག་ཡིན། །མཚོན་རྣོན་པོ་ཤངས་རྩེ་རུ་དཀར་ཡིན། །དེ་ཡན་ན་རྣོན་པོ་གཅིག་ལས་མེད། །དེ་ཙེ་ར་གནམ་ལྕགས་རལ་གྲི་ཡིན། །ཟས་ཞིམ་པོ་འབྲི་འོ་དཀར་མོ་ཡིན། །དེ་ཡན་ན་ཞིམ་པོ་གཅིག་ལས་མེད། །དེ་སྐྱམ་ཆུང་ཀླུ་ཡི་བ དུད་རྩི་ཡིན། །གཏམ་སྙན་པ་ཨ་ཁད་རྩེ་མ་ཡིན། །དེ་ཡན་ན་སྙན་པ་གཅིག་ལས་མེད། །དེ་རང་སྙན་བཀྲ་ཤིས་དུང་དཀར་ཡིན། །རྒྱུ་གཅེས་པ་དངུལ་དཀར་མེ་ལོང་ཡིན། །དེ་ཡན་ན་གཅེས་པ་གཅིག་ལས་མེད། །དེ་བྱ་ཁྱུང་


MR16_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཡི་ནོར་བུ་ཡིན། །ཁྱི་བཙན་པོ་ཁྱི་ནག་ལག་དཀར་ཡིན། །དེ་ཡན་ན་བཙན་པོ་གཅིག་ལས་མེད། །ངམ་གྱི་ཁྱི་ནག་ལྕགས་མགོ་ཡིན། །དེ་རྣམས་རང་སར་བབས་ན་བཟང་། །མདོར་ན་དགྲ་བླ་བཟང་སྡེ་རྣམས། །གཅིག་སོགས་རང་སར་བབས་ནས་སུ། །གཉིས་སོགས་ཕྱི་ས་ཆག་པ་ན། །དགྲ་ཐུབ་ནོར་གྱིས་འཚེང་བ་སྟེ། །དཔེར་ན་བདུན་བརྒྱད་དཔའ་སྡེ་བབས། །ལྔ་དགུར་སློ་བྲག་ཏྲོང་གསུམ་ན། །དགྲ་སོད་སྤོ་བྲག་རྟ་ཐོབ་ངོ་། །སྐྱེར་བྲག་ནོར་དང་ཏྲོང་བྲག་ལུག །ཕུར་བར་དྲིལ་ལ་སྐྱམ་བྲག་ཁྱིམ་སྤྱད་དང་། །ལྕགས་ཆ་མོ་རྫོང་ཐོབ་ངོ་ཡིན། །བྱ་ལམ་སྤུན་བབས་གནང་ཐོབ་ངོ་། །གཅིག་ལ་མ་སང་དཔའ་སྡེ་བབས། །གཉིས་ཞན་གསུམ་ལ་ནོར་ངོ་ན། །མ་སང་བྱིན་ལེན་འཕྲོད་པ་ཡིན། །བཞི་ལྔ་དྲུག་སོགས་དེ་ཡིས་འགྲེས། །བདུན་དང་བརྒྱད་ལ་མ་སང་བབས། །ལྔ་དགུ་ཆག་ནའང་དེ་དང་འདྲ། །ལར་གཅིག་འདི་མ་སང་གཞི་འཛིན་ས། །གཉིས་འདི་མ་སང་རྡོག་སོ་ཡིན། །གསུམ་གཡའ་བཙུན་བྲང་ས་ཐབ་ས་ཡིན། །བཞི་འདི་མ་སང་བཙན་རྫོང་ཡིན། །ལྔ་དགྲ་ས་གཉའ་རིང་སྲིན་གྱི་ས། །དྲུག་གཡའ་འབྲུམ་མོ་ཡི་སོ་པ་ཡིན། །བདུན་གཡའ་སྤང་སྤྱན་གཅིག་བླ་རྫོང་ཡིན། །བརྒྱད་མ་སང་གཡའ་སྤང་སོ་པ་ཡིན། །དགུ་སྲིན་པོ་ཁྲག་མིག་སོ་བ་ཡིན། །བཅུ་མ་སང་མགོ་དཔོན་འདུག་ས་ཡིན། །བཅུ་གཅིག་མ་སང་དགྲ་ལ་ཆས་ས་ཡིན། །བཅུ་གཉིས་མ་སང་ཕྱི་ལམ་སྲུང་ས་ཡིན། །བཅུ་གསུམ་མ་སང་གནང་གི་འཚེང་ས་ཡིན། །དེ་ལ་བཙན་སར་དཔའ་སྡེ་དགོས། །མ་སང་དགྲ་བླ་ཁས་དྲག་རིགས། །བབས་པ་དེ་ལ་དཔའ་སྡེ་ཟེར། །དོན་སར་ནོར་ངོ་གྲོག་ངོ་དགོས། །དགྲ་སར་བྱ་རལ་སྐྱམ་ལ་སོགས། །མགྲོན་ཕྱའི་སྐབས་བཤད་བཞིན་བབས་ན། །དགྲ་ཐུབ་དོན་གྲུབ་ནོར་ལོན་


MR16_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཕྱི་སར་མ་སང་རང་ས་ཆག །དགྲ་བོ་མི་ཐུབ་རང་ཉིད་ཕམ། །གཞན་ཡང་བྲག་གི་ཁས་དྲག་དང་། །སད་རིགས་བཟང་སྡེ་རང་སར་བབས། །ཕྱི་ས་ཞན་ན་དགྲ་བོ་སོད། །གནང་ནོར་སྣ་ཚོགས་ལོན་ངོ་ཡིན། །ཕྱི་སར་གཅོད་སྟར་སྤུན་དགུ་གཅེས། །སྐྱེར་བྲག་སྐྱམ་བྲག་སོ་ཡོན་གསུམ། །ནགས་རིགས་གཅོད་པའི་སྟ་རེ་ཡིན། །ལི་ཡན་སེ་སྟོད་སྤོ་བར་གསུམ། །དམར་རིགས་གཅོད་པའི་སྟ་རེ་ཡིན། །ཏྲོང་དང་མ་ཟེ་བྱ་རལ་གསུམ། །སྐྱ་རིགས་གཅོད་པའི་སྟ་རེ་ཡིན། །མ་བརྗེད་ཡིད་ལ་བཟུང་ན་ཤིན་ཏུ་མཁོ། །ཕར་རྒོལ་ཚུར་རྒོལ་གང་ལ་ཡང་། །དགྲ་ངོ་ཡོད་པ་བཤད་བྱ་ན། །གཉིས་ཀྱི་སྐྱེར་བུན་ར་བརྒྱག་དེ། །སྟག་མོ་གཟན་ཚོལ་ལམ་དུ་འདུག་པའི་དགྲ། །དགུའི་ཀྱེ་བ་བག་ཐོག་ལྡི་བུར་ན། །ཁྱུང་ཆེན་གཟན་ཚོལ་ལམ་དུ་འདུག་པའི་དགྲ། །བཅུ་གཉིས་སྤོ་ཡི་མ་ཟེ་ཨོག་དམར་འདི། །ཧོར་གྱི་ཇག་པ་ལམ་དུ་འདུག་པའི་དགྲ། །ལྔ་ཡི་ཏྲོང་གི་ལི་ཤོ་དམར་མོ་དེ། །སྤྱང་མོ་གཟན་ཚོལ་ལམ་དུ་འདུག་པའི་དགྲ། །དེ་བཞི་ལན་གྱིས་མི་འགྱུར་དགྲ་ངོ་ཡིན། །གཉིས་ཀྱི་བྱ་བུར་བརྒྱག་ཅན་ནམ། །ཡང་ན་རེ་སེ་ཀྱུ་ནེ་དང་། །ལྔ་ལ་སད་ཀྱི་བྱི་མིག་ལྟག་སྤུང་དང་། །དགུ་ལ་ན་འབན་སྐར་ཆེན་དང་། །བཅུ་གཉིས་རུ་སོད་དཔལ་དར་དེ། །གཏོ་ཡི་མི་འགྱུར་དགྲ་ངོ་ཡིན། །གཅིག་ཀི་སོ་ཡོན་གཉིས་རྐང་སྤར། །ལོང་པའི་སྟེང་དུ་མིག་ཅན་འོང་བའི་དགྲ། །བཞི་ཡི་ལི་ཡན་ལྔ་ལ་ལྡི་བུར་བརྒྱག །ཡུ་བོའི་སྟེང་དུ་ར་ཅན་འོང་བའི་དགྲ། །གཅིག་སྐྱམ་གཉིས་ལ་གློག་དམར་ལྡི་བུར་ན། །བེར་ཅན་སྟེང་དུ་གྲི་ཅན་བྱུང་བའི་དགྲ། །བརྒྱད་སྐྱམ་མ་ཟེ་དགུ་ལ་རུ་སོད་བརྒྱག །གཅེར་བུའི་སྟེང་དུ་ཁྲབ་ཆེན་འབྱུང་བའི་དགྲ། །དེ་སོགས་དགྲ་གཤེད་མདུད་པར་བརྟག །གཅིག་གཉིས་སོགས་སུ་


MR16_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟེ་དང་། །ན་འབན་དེ་ཕྱོགས་འཁྲུག་པའི་ངོ་། །ཡང་སྐྱམ་བཞི་བསྟུད་ལན་དུ་ལྡི་བུར་ན། །སྐྱམ་གྱི་བ་མོ་ཐོག་རྫིས་བྱས། །བ་མོ་ཞུ་མི་ཁོམ་པའི་དགྲ་ངོ་ཡིན། །དིང་དིང་བཞི་བསྟུད་ན་འབན་ན། །དིང་དིང་སེར་བུ་དྲོད་ཤོར་ཡིན། །དྲོད་ཕྱེ་མི་ཁོམ་དགྲ་ངོ་ཡིན། །ལི་ཡན་བཞི་བསྟུད་ལྡི་བུར་ན། །ལི་ཡན་གླ་བ་རྦབ་རྡོ་ཡིན། །གཞུ་བརྡུང་མི་ཁོམ་དགྲ་ངོ་ཡིན། །ཨ་ཁད་བཞི་བསྟུད་རུ་སོད་ན། །འབྱུང་བ་མེ་ལྕགས་འཐབ་པ་ཡིན། །ལྕགས་འབྱེད་མི་ཁོམ་དགྲ་ངོ་ཡིན། །རང་སར་བྱོད་ཕུར་བསྟུད་ནས་སུ། །ཕྱི་སར་ལྡི་བུར་བབས་པ་ན། །བྱེའུ་ཁྲ་གཉིས་ཀྱི་བདའ་དེད་ཡིན། །རྐང་ཐང་མདའ་ཁ་བྱེད་ངོ་ཡིན། །གཅིག་ན་འབན་གཉིས་ལ་ལྡི་བུར་ན། །ཤར་ཕྱོགས་རྒྱ་ཡི་གཡུལ་སོ་འགུལ། །དེ་བཞིན་ལྷག་མ་གསུམ་ལ་འགྲེས། །རང་སར་གང་དང་གང་བསྟུད་ཀྱང་། །ཕྱི་སར་ལྡི་བུར་སུམ་མཉམ་བརྒྱག་ཅན་ནམ། །མོ་རྒོད་རྣམ་གསུམ་གང་བབས་ཀྱང་། །དགྲ་ངོ་ཡིན་པར་ཤེས་བྱས་ནས། །བཞི་ལ་བབས་ན་འགྲོ་བ་བཤོལ་ན་བཟང་། །བྱེས་སུ་སྐུང་ས་སྤོས་ན་བཟང་། །མོ་རྒོད་གསུམ་ཞེས་བྱ་བ་ནི། །མ་ཟེ་ན་འབན་རུ་སོད་ཡིན། །ཡང་བཅུ་གཉིས་དིང་དིང་ཁ་ལེ་ན། །ལྷ་གཡག་འདྲ་བའི་དགྲ་ངོ་ཡིན། །བཅུ་གསུམ་ཕུང་བར་ནེ་ཆུ་སེ་སྟོད་ན། །དགྲ་འཕྲུལ་གྱི་རྒྱ་མཚོ་འདྲ་བ་ལ། །ཟུན་ངམ་ང་འཚུབ་མས་ཐོབ་ཤལ་བྱས། །མཚོ་འགྲམ་ཞིག་ཏུ་གནད་ཆེན་ཐོབ། །གྲགས་པ་ཅན་གྱི་མི་གཅིག་ཟིན། །དེ་བཞིན་བཅུ་གཉིས་བཅུ་གསུམ་ལ། །རྐང་སྤང་དུང་སེང་སུམ་སྐྱེར་རྣ་ནག་ན། །ཟུན་རྔ་མོས་དགྲ་ཡི་སེང་གེ་བསད། །བྱ་བུར་གསེར་ཐིག་སྐྱིན་དིང་གཡུ་ཐོག་ན། །དགྲ་མཁར་མཐོར་ཟུན་གྱི་རྡོ་སྒྱོག་ཕོག །དམུ་དག་དྲང་ཤིང་བརྒྱག་པ་དང་། །སྐྱིན་དིང་གཡུ་ཐོག་བབས་པ་ན། །དགྲ་ལྕུག་ཕྲན་ཟུན་གྱི་རྡོ་ཡིས་མནན། །ཨ་


MR16_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཁད་རྩེ་མ་བྱ་མེད་སེ་སྟོད་ན། །དགྲ་སྟག་མོ་ཟུན་གྱི་སྒང་གིས་བསད། །གློག་དམར་ལྡི་བུར་ཝ་སྐྱམ་ནག །དགྲ་ཡི་མཚོན་རྣོན་ཟུན་གྱི་སོལ་མེས་བཞུས། །ལྷང་ཟེ་ཁ་ལང་བྱོད་ཕུར་ན། །དགྲ་བན་གླང་སྨུག་པོའི་པགས་པ་དེ། །ཟུན་རི་བོང་ལག་གཡབ་བྱས་པས་བཤུས། །ཡར་ལྡང་བར་མིག་ཆུ་དོ་ལི་ཡན་ན། །དགྲ་ཡི་རྨོག་འཕྲུ་ཟུན་གྱི་རླུང་གིས་བཅད། །དིང་དིང་བརྒྱག་གསུམ་ན་འབན་ན། །དགྲ་ཡི་ལོ་ཐོག་ཟུན་གྱི་སེར་བས་བརྡུང་། །བཅུ་གཉིས་བུ་བརྒྱག་གཡས་བརྒྱག་དང་། །གཡུང་དྲུང་རིགས་རྣམས་གང་བབས་ཀྱང་། །བཅུ་གསུམ་སྐྱམ་ཆད་སྐྱམ་རྒན་དང་། །ཆུ་དོ་ལི་ཡན་ཕུང་ཁད་དང་། །ཕུང་རལ་ཀུ་ཆང་གཡུག་གུ་བྲག །མ་ཟེ་སྒོ་བཞི་སེ་སྟོད་རིགས། །རུ་སོད་ངན་རིགས་གང་བབས་ཀྱང། །དགྲ་ཡི་ཚེ་གཅིག་བསོགས་པའི་ཟས་ནོར་དེ། །ཟུན་སྒྲོ་ཐུམ་འདྲ་བའི་ནང་དུ་བླུགས། །ཡུལ་མཁར་ཆུས་ཆེན་རྩོད་ན་བཟང་། །ཡུལ་དྲོ་ས་འཇམ་མོ་ལ་ངན། །བཅུ་གཉིས་གལ་བར་ཐོད་དཀར་ལ། །བཅུ་གསུམ་སྟེང་གི་བག་ལྡི་ན། །རེའུ་ཐུག་ཕ་ཤ་གླང་ལ་ལོག །ད་ངན་པ་དགུ་ཐུབ་བཅོ་བརྒྱད་བཤད། །བཅུ་གཉིས་ཨ་ཁད་རྩེ་མ་ལ། །བཅུ་གསུམ་ནག་ཐོག་སེ་སྟོད་ན། །དགྲ་སྨྲ་མཁས་བརྒྱ་ཡི་ལྕེ་ཐོག་ལ། །ཟུན་བློ་རྒོད་ཞིག་གིས་རྩི་དུག་ཐེབ། །ཉིན་གཅིག་གཏུག་ཤེར་བྱེད་ཉིན་བཟང་། །རང་ལྕེ་མི་འཆད་རྫིའུ་ཡིན། །དེ་བཞིན་བཅུ་གཉིས་བཅུ་གསུམ་ལ། །རྐང་སྤར་ལྡི་བུར་གླེས་སྨེ་མཆུ་ནག་ན། །དགྲ་སེང་གེ་གྱེན་ལང་འདྲ་བ་ལ། །ཟུན་སྨོན་པའི་གཡུ་རུ་རྒྱས་པ་ཡིན། །གངས་དཀར་རྩེ་ནས་ཞུ་བ་ཡིན། །ཁྲོམ་པ་མགོ་མཇུག་ལོག་ཉིན་བཟང་། །སྨོན་པའི་དུང་ཁྱིས་ངམ་ཁྱི་དེད། །ཧོར་བོད་འཁྲུག་པ་བྱེད་ཉིན་བཟང་། །ཁྱི་བུད་མེད་གཉིས་ཀྱི་དམག་དཔོན་བཟུང་། །རེ་སེ་ཀྱུ་ནེ་བྱ་མེད་རྐེད་ཆད་ན། །དགྲ་གཡུ་


MR16_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ཚང་ནས་ལང་འདྲ་ལ། །ཟུན་ཕག་པ་རོག་པོས་ཐོག་བཤལ་བྱས། །བན་བོན་གཏུག་ཤེར་བྱེད་ཉིན་བཟང་། །རང་སྐད་མི་འཆོར་རྫིའུ་ཡིན། །གལ་བར་ཐོད་དཀར་ཕུང་ཁད་ན། །དགྲ་རྒྱ་གྲོག་ཟུན་གྱི་མེ་ཡིས་བཅོམ། །དཔའ་གཉིས་གཏུག་ཤེར་བྱེད་ཉིན་བཟང་། །རང་སྨྲས་བདེན་པའི་རྫིའུ་ཡིན། །རུ་སོད་དཔལ་དར་ནག་ཐོག་སེ་སྟོད་ན། །དགྲ་བདུད་ཁྱི་ཟུན་གྱི་ཡུག་མོས་བཏུལ། །ཆེན་ཆུན་གཏུག་ཤེར་བྱེད་ཉིན་བཟང་། །རང་གཞིས་མི་འཆོར་རྫིའུ་ཡིན། །རུ་སོད་དཔའ་དར་སྐྱམ་ནག་སེ་སྟོད་ན། །ཕ་སྤུན་གཏུག་ཤེར་བྱེད་ཉིན་བཟང་། །རང་བློ་མི་ཉེས་རྫིའུ་ཡིན། །དཀར་ཐོག་གཡུང་དྲུང་ནག་ཐོག་སེ་སྟོད་ན། །རྨེ་ཅན་གཏུག་ཤེར་བྱེད་ཉིན་བཟང་། །དམེ་པོ་སྨྲ་ལྕེ་ཆད་པ་ཡིན། །རང་སྲིད་མི་འཆོར་རྫིའུ་ཡིན། །ཧ་ལ་གཡུ་གཤོག་ཕུང་ཁང་ན། །དགྲ་གཡུ་འབྲུག་ཟེ་བ་མེ་ཡིས་ཚིག །དཔོན་གཡོག་གཏུག་ཤེར་བྱེད་ཉིན་བཟང་། །ནང་ནོར་མི་འཆོར་རྫིའུ་ཡིན། །སོ་སང་ནེ་གུ་སྐྱམ་ལི་ཡན། །དགྲ་གཡུ་སྤྲད་ཟུན་གྱི་ཆར་པས་བཅོམ། །གཡོག་པོས་དཔོན་ལ་རྒོལ་ཉིན་བཟང་། །རང་མགོ་མི་གཡོགས་རྫིའུ་ཡིན། །སོ་སང་ནི་གུ་ནག་ཐོག་སེ་སྟོད་ན། །སྐྱེས་བུ་གྱོད་ལས་ཐར་པ་ཡིན། །ཚོལ་ཚེ་བུ་བརྒྱག་སོ་ཡོན་ན། །དགྲ་མགར་ནག་ཏི་ཚ་ཁབ་ཏུ་བསིལ། །བྲན་གྱིས་རྗེ་ལ་རྒོལ་ན་བཟང་། །ཁ་ཆེ་ཡེ་སང་སྐྱེར་དཀར་ན། །དགྲ་ཚང་ལང་ཟུན་གྱི་ཞ་བོས་བསུབ། །གྱོད་ཅན་གཏུག་ཤེར་བྱེད་ཉིན་བཟང་། །རང་ཡུལ་མི་འཆར་རྫིའུ་ཡིན། །སོ་བྱ་ལིང་ཐང་དམུ་དག་ན། །དགྲ་མི་ཚང་ཟུན་གྱི་ཐོག་བཤལ་བྱས། །ཕ་སྤུན་ཕ་ཤ་གཉེར་ཉིན་བཟང་། །ལྡི་བུར་སྔོན་པོ་སྐྱེར་ནག་ཐུར་ཟུང་བྲག །དགྲ་ཤ་རུ་གཟིང་པ་སྨོན་ཁྱིས་བཀུག །ཕ་ཆེན་ཕ་བྲན་འཁྲུག་ཉིན་བཟང་། །དཔོན་ས་མི་འཆོར་རྫིའུ་ཡིན། །


MR16_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བརྒྱག་རིགས་དང་ལི་ཡན་བརྒྱག །དགྲ་ངམ་སྲས་ཟུན་གྱི་སྨོན་པས་བསད། །སུམ་མཉམ་གླག་མོ་སོ་ཡོན་ཐུན་ཁུག་ན། །དགྲ་དུང་སྤྱང་ཚང་ནས་ལང་འདྲ་བ། །ཟུན་ཁྲོ་ཆུ་ཕ་བོང་དག་གིས་མནན། །སྐྱེས་དར་མ་དཔའ་འཐབ་བྱེད་ཉིན་བཟང་། །རང་སྲོག་མི་འཆོར་རྫིའུ་ཡིན། །ཏྲོང་ཁད་ཕུང་བར་བྱ་རལ་ན། །དགྲ་ངམ་སྤྲིན་ཟུན་གྱི་རླུང་གིས་གཏོར། །སྤོ་རྒོད་མ་ཟེ་ཏྲོང་དམར་སེ་སྟོད་ན། །དགྲ་ངམ་བཙན་ཟུན་གྱིས་ཐུབ་པ་ཡིན། །ཕ་ཤ་འཕྲད་པའི་ཉིན་པར་བཟང་། །ནག་ཆུང་ཟལ་ཟལ་མ་བཀྲ་བུ་སེ་ན། །དགྲ་ལ་ཟུན་གྱིས་ཐོག་བཤལ་བྱས། །ཡུག་ས་མོ་གཅིག་སྡུད་ན་བཟང་། །ནལ་མར་ལྷ་རབ་ཚང་བ་ཡིན། །བུ་སྲོག་མི་འཆད་རྫིའུ་ཡིན། །སོ་ཡོན་ལིང་ཀུན་གལ་བར་སྒོ་བརྒྱག་ན། །དགྲ་སྲིན་གཡག་ཟུན་གྱིས་བཤས་པ་ཡིན། །གཞན་ཡང་བཅུ་གཉིས་བཅུ་གསུམ་ལ། །བྱ་ཡུན་དངུལ་ཆབ་ཕུང་ཁང་ན། །དགྲ་ཉི་ཤར་ཟུན་གྱི་རྡུལ་འཚུབ་བསྒྲིབས། །སྡེ་ཆུས་རྩོད་པའི་ཉིན་པར་དགོས། །མུ་ས་ཅོད་པན་ཕུང་བྱར་ན། །ཟུན་གྱི་ཁྱི་ནད་ལྕགས་མགོ་དེས། །དགྲ་ཡི་གྱད་པ་ཐུར་དུ་དེད། །གཞི་བྱེས་གཉིས་ཀྱི་དམག་དཔོན་ཡིན། །ཧོར་བོད་འཁྲུགས་པ་བྱད་ཉིན་དགོས། །སྤོ་བར་ལིང་ཀུན་སོ་ཡོན་ནག་མོ་ན། །དགྲ་ཁམས་སྒོ་བབ་བྱེད་པ་དེས། །ཟུན་ལ་ཅི་འདོད་སྣ་དགུ་བསྐྱལ། །ཟུན་རྟག་ཏུ་རྒྱལ་བ་གཏན་ཚིགས་ཡིན། །སྲིད་སྡེ་ནང་འཁྲུགས་བྱེད་ན་དགོས། །དེས་མཚོན་གཞན་ཀྱང་ཤེས་པར་བྱ། །དེ་སོགས་ཕྱི་སར་བརྒྱག་བཟང་ཁས་དྲག་ན། །ལན་དུ་ངན་རིགས་གཤེད་དུ་སོང་བས་བཟང་། །བཅུ་གཉིས་བྲག་གི་ངན་རིགས་དང་། །བཅུ་གསུམ་སྐྱམ་ཚགས་འཐོར་གསུམ་ན། །རྒྱལ་རྩེ་འཛིན་གཅིག་ལ་བབ་ན་བཟང་། །རྒྱལ་ས་བློན་གྱིས་བཟུང་བ་ཡིན། །མི་ཆེན་རྒྱལ་ས་ལོན་དོགས་ཡོད། །


MR16_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ཀུན་ལ་དེ་ཚུགས་མིན། །དགྲ་ཕྱ་འདེབ་པའི་ཉིན་པར་བཟང་། །ཡང་ཕྱི་སར་འདྲ་བཞི་བྱུང་བ་དེ། །ཐུབ་པར་དཀའ་བའི་དགྲ་ཡིན་ཀྱང་། །དེ་ཡི་ཐུབ་ཐང་འགའ་ཞིག་བཤད། །ཕྱི་བཞིར་འབྲེལ་ཁམས་བཟང་སྡེ་བཞི། །དེ་ལན་སྐྱམ་བྲག་བྱ་རལ་ན། །དགྲ་ཐང་ཆེན་བརྡལ་བར་ཟུན་གྱི་སེར་བ་བབས། །དེ་བཞིན་བཅུ་གསུམ་བྱ་རལ་ལ། །ཕྱི་ས་བཞི་ལ་ཨ་ཁད་བཞི། །དགྲ་སྨྲ་མཁས་བརྒྱ་ཡི་ལྕེ་དེ་ཆད། །ཚོལ་ཚེ་བཞི་དགྲ་ཡི་ཕྱེ་མར་དེ། །ཟུན་གྱི་རླུང་གིས་གཏོར་བ་ཡིན། །སྐྱམ་ཆུང་བུམ་པ་བཞི་ལ་ནི། །དགྲ་ཆུ་ཆེན་གཟིང་གིས་བརྒལ་བ་ཡིན། །བྱ་བུར་གསེར་ཐིག་བཞི་ལ་ནི། །དགྲ་ཉ་ཆེན་རྒྱས་པ་སྤྲིན་གྱིས་བསྒྲིབས། །རང་སྙན་བཞི་གསེར་ཉི་ཆར་བས་གཡོགས། །འདི་རྣམས་ཅི་བཏབ་ཅི་ལ་ངན་ན་ཡང་། །མི་ཆེན་གོང་ལ་འགྲོ་ན་བཟང་། །མདོ་དབུས་འགྲོད་པའི་མོ་ལ་བཟང་། །རྒྱ་བོད་ཞལ་ལྕེ་གཅོད་ན་བཟང་། །གྱོས་པོས་མནའ་མ་འཇོག་ཉིན་བཟང་། །ནད་པ་ཡིན་ན་གཡོན་ལན་ཡིན། །ཡ་མ་ཡིན་ན་གྱོད་ཐར་ཡིན། །ཇག་པ་ཡིན་ན་ཚང་བུད་ཡིན། །ཡུལ་ས་དྲོ་འཇོམ་མོ་ལ་ངན། །དགུང་སྔོན་ཁོལ་དུ་བུད་པ་ཡིན། །ཕྱི་ས་བཞི་ལ་དིང་དིང་བཞི། །དེ་ཡི་བཅུ་གསུམ་ཕུང་ཁད་ན། །དགྲ་རྩི་ཐོག་རྒྱས་པ་ཟོར་བས་བརྔས། །བཅུ་གསུམ་ཕུང་ཁད་གཞིར་བཞག་ནས། །ཕྱི་ས་བཞི་ཡི་འདྲ་བབས་ལ། །དམུ་དག་བཞི་དགྲ་ཡི་ཤིང་ཆེན་ལ། །ཟུན་རྒན་མོ་སྟར་བཟུང་ཐོག་བཤལ་བྱས། །སྐྱམ་བཞི་དགྲ་ཡི་སྤྲིན་ནག་ལ། །ཟུན་ཁྲི་གདུགས་ཉི་མས་ཐོག་བཤལ་བྱས། །མུ་ས་བཞི་དགྲ་ཡི་ཤ་བའི་ཁྱུ། །ཟུན་འཇང་ཁྱི་ནག་པོས་ཐོག་བཤལ་བྱས། །བྱ་འུན་བཞི་ལན་ཕུང་ཁད་ན། །ས་བོན་རིའམ་བྲག་རི་ཟེར་བ་ན། །མི་བོན་རྒྱལ་ཟེར་བའི་ལྷ་རྟེན་གཏོར། །ལྡི་བུར་བཞི་ཡི་ལན་དུ་ན། །ས་ཁྱུང་ར་ཟེར་རམ་ཁྱུང་རྫོང་ཟེར། །མི་ཁྱུང་རྒན་ཤི་ནས་ཁྱུང་ཕྲུག་འཐོར། །སྐྱེར་རིགས་བཞི་ལན་དེ་བབས་ན། །ས་ནག་སོགས་ཆུ་


MR16_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དགེ་བཤེས་དེ། །མི་ནག་སང་ཟེར་རམ་ནག་འབྱམས་ཟེར། །སྐྱིད་ཉི་མ་འཁོར་འདེ་བྱེད་པ་ལ། །གྱོད་བ་མོས་ཐོག་བརྫིས་བྱེད་པ་ཡིན། །དཀར་ཐོག་གཡུང་དྲུང་བཞི་ལ་ནི། །ས་དཀར་ཤོད་ཟེར་རམ་དཀར་ཐང་ཟེར། །མི་དཀར་ཡག་ཟེར་རམ་དཀར་རྒྱལ་ཟེར། །སྐྱིད་ཉི་མ་འཁོར་འདེས་བྱེད་པ་ལ། །གྱོད་བ་མོས་ཐོག་བརྫིས་བྱས་པ་ཡིན། །ལར་འདི་དག་ཅི་བཏབ་ངན་ན་ཡང་། །དུན་དུན་ནད་པའི་མོ་ལ་བཟང་། །ནད་པ་ཁ་ཆེམས་བཞག་ནས་སོས། །ཡ་མ་ཐར་སྟོན་བྱས་ནས་ཤི། །ཡུལ་ས་དྲོ་འཇམ་མོ་ལ་ངན། །ཡང་ཕྱི་ས་བཞི་ལ་དིང་དིང་བཞི། །དེ་ཡི་བཅུ་གསུམ་སྐྱེར་གསུམ་ན། །དགྲ་དགུང་སྔོན་མཁར་ཆེན་ཕུབ་འདྲ་ལ། །ཟུན་ཆར་ཆེན་ཞོད་ཀྱིས་ཐོག་བཤལ་བྱས། །གནང་ལ་སྟོང་ཕྱེད་ལྔ་བརྒྱ་ཐོབ། །དམུ་དག་བཞི་ལན་སྐྱེར་གསུམ་ན། །དགྲ་མདུང་བཟུང་གྲལ་དུ་ལྷག་པ་ལ། །ཟུན་འཕང་བཟུར་བུ་མོས་ཐོག་བཤལ་བྱས། །བྱོད་ཕུར་བཞི་ལན་སྐྱེར་གསུམ་དེ། །དགྲ་ཡི་རྟ་ལམ་ཟུན་གྱིས་བོང་བས་བཀག །ཅང་ཤེས་རྟ་ལ་ཁྱུ་དེད་བྱེད། །ལྡི་བུར་བཞི་ལན་སྐྱེར་གསུམ་དེ། །དགྲ་ཡི་རྣོ་མཚོན་ཟུན་གྱི་རྡོ་བས་བཅག །འདི་རྣམས་ཡུལ་ས་དྲོ་འཇམ་མོ་ལ་ངན། །ཁྱི་ཕག་པ་གཉིས་ཀྱི་གནམ་ས་རྡིབ། །དུན་དུན་ནད་པའི་མོ་ལ་བཟང་། །སྐ་རག་བཅིང་ལ་ལྷྭམ་སྒྲོག་སྒྲོགས། །མདོ་དབུས་བགྲོད་པའི་མོ་ལ་བཟང་། །སྨོན་པ་རྟ་དེད་བྱ་བ་དེས། །ངམ་གྱི་ཡུལ་དུ་འཁོར་འཁོར་ནས། །སྨོན་པའི་ཡུལ་དུ་དལ་གྱིས་སླེབ། །ཡང་ཕྱི་ས་བཞི་ལ་འབེལ་ཁམས་བཟང་སྡེ་བཞི། །དེ་ཡི་བཅུ་གསུམ་སྐྱམ་ཆད་ན། །དགྲ་དར་ཡོལ་ལ་ཟུན་གྱི་སོལ་རིས་འཐེན། །ཚོལ་ཚེ་བཞི་ལན་དེ་བབས་ན། །དགྲ་ཁྲབ་ཅན་ཟུན་གྱིས་བཟུང་བ་ཡིན། །ཨ་ཁད་བཞི་ལན་དེ་བབས་ན། །དགྲ་སྨྲ་མཁས་ལྕེ་ལ་བཙན་དུག་ཐེབ། །


MR16_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཚོ་བཞི་ལན་དེ་བབས་ན། །དགྲ་རྐང་ཐང་ཟུན་གྱི་ཞ་བོས་བཅོམ། །སེ་སྟོད་བཞི་ལན་དེ་བབས་ན། །དགྲ་དོམ་ནག་བསྒྲིབ་པ་ཟུན་གྱིས་ཐུབ། །ཟལ་དཀར་འབྲི་ལ་ཁྱུ་ཕྱག་བྱས། །རྒྱལ་བློན་གཉིས་ཀྱི་མོ་ལ་ངན། །གསས་མཁར་ནང་ནས་མཆོད་རྟེན་ཉིལ། །ཡུལ་ས་དྲོ་འཇོམ་མོ་ལ་ངན། །སྨན་བརྒྱའི་མཆི་མ་བང་བར་འཁྱིལ། །འདི་ཅི་བཏབ་ཅི་ལ་ངན་ན་ཡང་། །དུན་དུན་ནད་པ་སོགས་ལ་བཟང་། །སྡུག་མཆི་མ་ལྷུང་དང་ཡུག་ས་འཇོག །དེ་ལ་བཟང་བ་ཡིན་ཞེས་བཤད། །ཕྱི་ས་བཞི་ལ་མ་ཟེ་བཞི། །བཅུ་གསུམ་གསེར་བྱ་རྐེད་ཆད་ན། །དགྲ་ལམ་ཁའི་འབུ་རོ་ཟུན་གྱིས་འཐུས། །རུ་སོད་བཞི་ལན་དེ་བབས་ན། །དགྲ་བརྡུང་གཡག་ཟུན་གྱི་མདའ་ཡིས་བསད། །ན་འབན་བཞི་ལན་དེ་བབས་ན། །དགྲ་སེར་ཆེན་ཟུན་རླུང་སྐྱ་མོས་གཏོར། །ཙེ་ར་བཞི་ལན་དེ་བབས་ན། །དགྲ་མདུང་མོ་ཟུན་གྱི་རལ་གྲིས་བཅད། །སྐྱིན་དིང་བཞི་ལན་དེ་བབས་ན། །དགྲ་རྒྱ་སྟག་གྲལ་བསྒྲིགས་ཟུན་གྱི་བསད། །ལར་ཡུལ་དྲོ་ས་འཇམ་མོ་ལ་ངན། །དུན་དུན་ནད་པའི་མོ་ལ་བཟང་། །ཞལ་ལྕེ་གཏུག་ཤེར་སོགས་ལ་བཟང་། །ཡང་ཕྱི་ས་བཞི་ལ་དིང་དིང་བཞི། །བཅུ་གསུམ་སྐྱམ་གྱི་མ་ཟེ་ན། །དགྲ་རྒྱལ་བྲན་གྲལ་བསྒྲིག་ཡུགས་མ་བུས་ཐུབ། །ལི་ཡན་བཞི་ལན་དེ་བབས་ན། །དགྲ་ནོར་མང་ཟུན་གྱི་སྤྲང་པོས་བསད། །དམུ་དག་བཞི་ལན་དེ་བབས་ན། །དགྲ་ཤིང་ཆེན་ཟུན་གྱི་སྟ་རེས་བཅད། །ཡང་རྨང་པོའི་བུ་སྟོན་བྱེད་ན་བཟང་། །སྐྱ་གཞི་ས་སྤོ་འཇུག་བྱེད་ན་བཟང་། །ཡུལ་ས་དྲོ་འཇམ་མོ་ལ་ངན། །ཡང་ཕྱི་ས་བཞི་ལ་དིང་དིང་བཞི། །དགྲ་རྒྱ་མཚོར་ཟུན་གྱི་ཁྲག་སེར་ཐེབ། །དམུ་དག་བཞི་ལན་འདི་བབས་ན། །དགྲ་རྣོ་མཚོན་ཟུན་གྱིས་བཅག་པ་ཡིན། །ཐང་ལེ་བཞི་ལན་འདི་བབས་ན། །དགྲ་དོག་མོའི་རྩི་ཐོག་ཟུན་གྱིས་བརྔས། །དཀར་ཐོག་བཞི་ལན་འདི་


MR16_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ན། །ས་དམར་ཟེར་རམ་བྲག་དམར་ཟེར། །མི་ཡུལ་སྐྱོང་ཟེར་རམ་ཡུལ་སྐྱབས་ཟེར། །མདོ་བ་རྟ་ལ་ཁྱུ་ཕྱག་བྱས། །ཕྱི་ས་བཞི་ལ་དྲལ་དཀར་བཞི། །དེ་ཡི་ལན་དུ་འདི་བབས་ན། །ས་ཡག་ཁུར་ཟེར་རམ་ཡར་ལུང་ཟེར། །ཟལ་དཀར་འབྲི་ལ་ཐོག་བཤལ་བྱས། །མི་ཨ་ནག་འོག་ནས་རྟ་ནག་ཐོབ། །ཀྱེ་བ་བཞི་ལན་འདི་བབས་ན། །ས་འབྲི་ཐང་ཟེར་རམ་འབྲི་ཆུ་སེར། །མི་ཨ་གྲོ་ཟེར་རམ་ཨ་དཔལ་གྱིས། །མཁར་རྨང་གཞི་ཅན་ལ་བསླུས་ཀྱིས་ཐེབ། །ཁྲབ་སྟག་ཞོལ་ཅན་ལ་ལྔ་གསུམ་ཐོབ། །ད་རོག་བཞི་ལན་འདི་བབས་ན། །ས་གཡག་ལ་ཟེར་རམ་གཡག་རུ་ཟེར། །མི་ཉེ་ཏོ་ཟེར་རམ་ཉེ་ཏུ་ཟེར། །མཛོ་ཁྱུང་དཀར་རྒྱུད་སྔང་གཅོག་པ་ཡིན། །གནང་ལ་མཛོ་མོ་བརྒྱ་ཕྱེད་ཐོབ། །འདི་རྣམས་མི་ཤ་ངམ་ལ་ལེན་ཉིན་བཟང་། །དྲེལ་ཁ་ཐོབ་ཤོལ་བྱེད་ཉིན་བཟང་། །སྨས་པ་ཁྲག་ཅན་མོ་ལ་བཟང་། །མདོ་དབུས་བགྲོད་པའི་མོ་ལ་བཟང་། །དའུ་ཡུག་སྨད་མོ་ལ་བཟང་། །ཡང་ཕྱི་ས་བཞི་ལ་དིང་དིང་བཞི། །བཅུ་གསུམ་ན་འབན་བབས་པ་ན། །དགྲ་དགུང་སྔོན་ཟུན་གྱི་སེར་བས་བཀང་། །ས་འགྲང་ལུང་འགྲང་ཐང་ཟེར་བ་རུ། །མིང་ཨ་ཉན་ཨ་ཏིང་ཟེར་བ་ཡི། །བུ་སྟག་རས་ཅན་ལ་ལྔ་ཙམ་ཟིན། །གོས་སྟག་ཤམ་ཅན་ལ་དྲུག་ཙམ་ཐོབ། །རང་སྙན་བཞི་ལན་འདི་བབས་ན། །ས་མཁར་ཐབས་བྲག་ལུང་ཟེར་བ་ནས། །མིང་ལུང་ལས་དྲས་བ་ཟིན་ནས་སུ། །གཡང་དཀར་ལུག་ཁྱུ་ཐོབ་ངོ་ཡིན། །ཕུང་ཁད་བཞི་ལན་འདི་བབས་ན། །ས་ཁྱུང་ལུང་ཁྱུང་ཚང་ཟེར་བ་ནས། །མིང་ཁྱུང་བོ་ཁྱུང་འཕན་ཟེར་བ་ཡི། །མདོ་བ་རྟ་ལ་ཁྱུ་ཕྱག་བྱེད། །ཤོར་ཁུང་བཞི་ལན་འདི་བབས་ན། །དགྲ་གཟའ་བདུད་ཟུན་གྱི་རྡོ་རྗེས་བཅོམ། །ས་དཀར་ཤོད་ཟེར་རམ་ནག་ཤོད་ཀྱི། །མིང་ཨ་གྲགས་ཟེར་རམ་ཨ་བདུད་ཀྱི། །སྦྲ་རེ་བོ་སྟོང་


MR16_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཤོང་གནང་དུ་ཐོབ། །བྱ་བུར་བཞི་ལན་འདི་བབས་ན། །དགྲ་ཉ་ཆེན་རྒྱས་པ་སྤྲིན་གྱིས་བསྒྲིབས། །ས་གོ་ཐུབ་གོ་ཆེན་ཟེར་བ་རུ། །མི་རྒྱ་རབ་རྒྱ་འཕེན་ཟེར་བ་ཡི། །རྟ་གཞུ་མོ་གཟེབ་དང་བཅས་པ་ཐོབ། །མི་སྤུན་གསུམ་ཡོད་པའི་འབྲིང་པོ་སོད། །སོ་ཡོན་བཞི་ལན་འདི་བབས་ན། །དགྲ་ཡུག་སའི་གྲལ་དེ་རང་མིས་བཤིགས། །ས་དའུ་དེའུ་ཟེར་བ་རུ། །མི་དའུ་ཟེར་རམ་ཡོན་ཏན་ཟེར། །ཕོ་རང་ཤི་བའི་མོ་ཡུག་ལུས། །ལར་དམག་ཆེན་ཆ་དང་ཟོར་ཆེན་འཕེན། །བག་མ་ལེན་དང་ལུག་མོ་དང་། །ཕ་ཤིད་རྟ་རྒྱུག་བྱེད་ན་འདི་རྣམས་བཟང་། །ཡང་ཕྱི་ས་བཞི་ལ་རང་ཉི་འོད། །བཅུ་གསུམ་མུ་ས་ཤོར་ཁུང་ན། །དགྲ་ཉ་ཆེན་རྒྱས་པ་གཟའ་ཡིས་བསྒྲིབས། །དྲལ་དཀར་བཞི་ལན་འདི་བབས་ན། །དགྲ་གསེར་འོད་རྒྱས་འདྲ་མུན་པས་བསྒྲིབས། །གཉན་ཡུལ་འཕན་པོའི་རྟ་ཁྱུ་ཐོབ། །ཁ་ལང་བཞི་ལན་འདི་བབས་ན། །དགྲ་གཡུ་འབྲུག་ཟུན་གྱི་ལབ་ཙེས་བཅོམ། །དཀར་ཐོག་གཡུང་དྲུང་བཞི་ལན་འདི་བབས་ན། །དགྲ་སྒོང་ཐུང་ཟུན་གྱི་བོང་བུས་ཐུབ། །ས་གྱང་རལ་ཟེར་རམ་གྱང་ཐུང་ཟེར། །མི་པྲ་ཏི་ཟེར་རམ་པྲ་ཕུད་ཟེར། །དཔའ་བོ་སོད་ནས་རྣོ་མཚོན་ཐོབ། །རྩེ་ར་བཞི་ལན་འདི་བབས་ན། །དགྲ་རྒྱ་སྟག་ཟུན་གྱི་ས་མདས་ཕོག །ས་ན་བཀྲ་ཟེར་རམ་སྤང་བཀྲ་ཟེར། །མི་རིང་བོ་ཟེར་རམ་རག་ཤི་ཟེར། །རག་ནེ་ཁོང་ནས་བརླག་པ་ཡིན། །བྱ་རལ་རིན་ཆེན་བཞི་ལན་འདི་བབས་ན། །དགྲ་འབྲོང་གཡག་ཟུན་གྱི་མདའ་མོས་བསད། །ས་སོག་ལམ་ཟེར་རམ་སོག་ལ་ཟེར། །མི་གྲགས་པ་ཟེར་རམ་བློ་གྲོས་ཟེར། །གནང་ལ་དྲིལ་མོ་ཁྱུ་དེད་བྱེད། །རེ་སེ་ཀྱུ་ནེ་བཞི་ལན་འདི་བབས་ན། །དགྲ་སྦྲུལ་དཀར་ཟུན་གྱི་གླ་བས་བསད། །ས་པ་ཤི་རྟ་ཤིའི་ཚིགས་པ་དེར། །མི་བརྒྱ་དཔོན་སྟོད་དཔོན་སོད་པ་ཡིན། །ལར་འདི་ཡིས་མི་ཐུབ་མ་མཆིས་ཀྱང་། །ཁ་


MR16_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚིག་ཤོར་ལག་ནས་རྡོ་ཤོར་དང་། །རླུང་བོང་བ་ཤ་ཤུ་གསུམ་མི་ཐུབ། །འདི་མི་ཆེན་གོང་ལ་འགྲོ་བ་དང་། །དམག་ཆེན་གཡོ་དང་ཐག་རིང་མགྲོན། །ཡ་མ་ནག་པོའི་མོ་དང་ནི། །དུན་དུན་ནད་པའི་མོ་ལ་བཟང་། །དེ་མིན་གཞན་མ་ཀུན་ལ་ངན། །ཡུལ་ས་དྲོ་འཇམ་མོ་ལ་ངན། །ཡང་ཕྱི་ས་བཞི་ལ་དིང་དིང་བཞི། །ལན་གྱིས་མི་ཐུབ་དགྲ་ངོ་ཡིན། །ཡུལ་གྱིས་མི་ཐུབ་བགེགས་ངོ་ཡིན། །བཅུ་གསུམ་སྐྱིན་དིང་གཡུ་ཐོག་ན། །མཚོན་རྣོན་པོའི་རྩེ་མོ་བྲག་ལ་ཐུག །དེ་ནི་ཕྱི་ས་བཞི་དང་ནི། །བཅུ་གསུམ་སྟེང་གི་བབས་དཔྱད་ལ། །གལ་བར་བཞི་ལན་དམུ་དག་ན། །དགྲ་མགྱོགས་པའི་ཚ་སྣ་རྡོ་ལ་ཐུག །བྱོད་ཕུར་བཞི་ལན་གལ་བར་ན། །བྱི་ཆུང་འཇོལ་གྱིས་ནོན་པ་ཡིན། །སྐྱིན་དིང་བཞི་ལན་དམུ་དག་ན། །དགྲ་ཉ་མོ་ལྕགས་ཀྱུས་ཟིན་པ་ཡིན། །སུམ་མཉམ་བཞི་ལན་སྐྱིན་དིང་རོག་ཡུ་ན། །འཕར་བ་མཚོ་ལ་ཟིན་པ་ཡིན། །བྱ་ཡུན་བཞི་ལན་དམུ་དག་ན། །ཐང་དཀར་རྒོད་པོ་སྙི་ལ་འདུས། །དམུ་དག་བཞི་ལན་ལྡི་བུར་ན། །དགྲ་ཤིང་ཆེན་ཟུན་གྱི་རལ་གྲིས་བྲེག །ལི་ཡན་བཞི་ལན་རླུང་ཁྲི་གཤོག་ནག་ན། །དགྲ་རླུང་དགྲ་བླའི་མཁར་དུ་སོང་། །ཡང་དིང་དིང་བཞི་ལན་ནག་ཆུང་ཟལ་ཟལ་ན། །ནམ་མཁའི་ཁ་འོད་སྐུད་པ་ཡིན། །སྐྱིན་དིང་བཞི་ལན་བྱ་བུར་གསེར་ཐིག་ན། །ས་སྙིང་གསེར་དུ་སོང་བ་ཡིན། །དེ་སོགས་སྤྲོས་ཏེ་ཤེས་པར་བྱ། །ལར་ཕྱི་ས་བཞི་པོ་དར་པའམ། །འདྲ་བ་བཞི་འགྲིག་བྱུང་བ་ན། །བཅུ་གསུམ་སྟེང་དུ་ངན་པ་དགོས། །ཡང་གཅིག་མགྲོན་སྒོ་དཔྱད་པ་ལ། །བྱེས་ཐུབ་དཔའ་བོ་སྤུན་དྲུག་བཤད། །གཅིག་གི་མ་རྐྱང་བྱོད་ཕུར་ན། །སེང་གེ་དཀར་མོ་སོ་བ་བྱེད། །མགྲོན་རེས་གཅིག་ལ་དགྲ་མེད་ཡིན། །ཉི་མ་ཤར་ནས་དགྲ་མེད་ཡིན། །གཅིག་ལ་ཝ་ཚོ་བྱ་


MR16_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་ན། །རེ་འབྱམ་སྦྲུལ་གྱི་སོ་བ་བྱེད། །མགྲོན་རེས་གཅིག་ལ་ལྷོ་དགྲ་མེད། །གཅིག་གི་སྟེང་དུ་སྐྱམ་བབ་ན། །སྲིན་བུ་ར་སླག་ཅན་གྱི་སོ་བ་བྱེད། །མགྲོན་རེས་གཅིག་ལ་བྱང་དགྲ་མེད། །གཅིག་གི་གལ་བར་ཐོད་དཀར་ན། །གླང་ཆེན་ས་ལ་རབ་བརྟན་གྱིས། །ནུབ་ཕྱོགས་མོན་ཡུལ་སོ་པ་བྱེད། །མགྲོན་རེས་གཅིག་ལ་ནུབ་དགྲ་མེད། །གཅིག་ལ་ཁྱུང་བརྒྱང་ཀེ་རུ་ན། །བྱ་ཁྱུང་ཀེ་རུས་སོ་པ་བྱེད། །གཅིག་ལ་སོ་ཡོན་ལིང་ཀུན་ན། །ཆུ་སྲིན་མ་ཧཱ་ཀ་ར་ཡིས། །སྤྱན་གྱིས་ཕྱོགས་ཀུན་སོ་པ་བྱེད། །ཉི་མ་ཕྱོགས་བཞི་གར་འགྲོ་ཡང་། །དགྲ་མེད་གཡོན་པས་ཆོག་པ་ཡིན། །དེ་ནི་བྱེས་ཐུབ་དཔའ་དྲུག་ཡིན། །ཡང་བརྒྱད་ཀྱི་སྟེང་དུ་གསེར་བྱ་ན། །ཕར་ལ་གསེར་བྱ་ངང་པ་འགྲོས། །ཚུར་ལ་རྐྱང་པར་འོང་བ་ཡིན། །དགྲ་མེད་དོན་མེད་མོ་མདུད་དེ། །ཕྱི་ས་ཅི་ལྟར་འགྲོགས་ཀྱང་གཡོན་ཆོག་ཡིན། །དེ་ལྟར་སྤྱི་རུ་ཤེས་བྱས་ནས། །ད་ནི་དམག་གི་ཆ་ལུགས་ལ། །དང་པོ་དམག་མི་རྫིའུ་བཤད། །སྤྱིར་བཏང་བཅུ་གཅིག་བཅུ་གསུམ་དཔྱད། །བཅུ་གཅིག་དགྲ་བླའི་བང་མཛོད་ཡིན། །དགྲ་ལྷ་གོང་སྔོན་གཤོག་རིང་གིས། །གཤོག་པ་བརྐྱངས་ས་ཡིན་པས་ན། །དེར་ཁ་དྲག་གཉེན་གྱི་རྫིའུ་དགོས། །དེ་ནི་ཡར་དིང་སྐྱེར་བརྒྱག་ཡིན། །དགྲ་བླ་ཟ་འོག་གོས་གྱོན་ལ། །དར་གྱི་འཕྲུ་ཆུང་བཙུགས་ན་བཟང་། །དེ་མུ་ཙ་ལི་ཤག་དམར་མོ་ཡིན། །དྲང་ཤིང་སྤ་སྨྱུག་དཀར་པོ་ལ། །དར་དཀར་པོའི་བ་དན་བཏགས་ན་བཟང་། །དེ་ནི་མུ་ས་ཅོད་པན་བབ་ན་ཡིན། །ཡང་ན་ཝ་ཚོ་བབ་ཀྱང་ཡིན། །འདི་གསུམ་གང་བབ་ཇག་རེས་གཅིག་ལ་ཡག །འདི་དགྲ་བླ་རྣོ་གཅོད་གཏིང་འབྱིན་ཡིན། །འདི་དར་མགྱོགས་སྐད་མི་འཆད་རྫིའུ་ཡིན། །ཇག་རེས་གཅིག་ལ་བཟང་བ་ཡིན། །བཅུ་གཅིག་འདི་ལ་དགྲ་


MR16_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཁས་དྲག་རིགས། །གང་བབ་དམག་གི་རྫིའུ་ཡིན། །རྫིའུ་བཟང་ན་གཞན་མ་ངན་ཀྱང་རུང་། །བཅུ་གཅིག་ངན་ན་གཞན་བཟང་ཕན་པ་མེད། །གཡུལ་མཇུག་ལེགས་ཉེས་བཅུ་གསུམ་དཔྱད། །དེར་ཡང་ཁས་དྲག་རྫིའུའི་རིགས། །བབ་ན་བཟང་བ་གོང་ལྟར་ཡིན། །ཡང་གཅིག་གི་སུམ་སད་ཡེ་རྡོད་འདི། །གཞི་འཛིན་ཚང་བའི་རྫིའུ་ཡིན། །གསུམ་གྱི་མ་ཟེ་རླག་མིག་འདི། །ཐབ་ཆ་ཚང་བའི་རྫིའུ་ཡིན། །བཞི་ཡི་སྐྱེར་འུན་ར་བརྒྱག་དེ། །སྟག་དང་གར་དམག་ཚོང་བའི་རྫིའུ་ཡིན། །བདུན་སྤོ་ཚེ་མདོང་བུ་འོག་རྟའི་རྫི། །བརྒྱད་གློག་དམར་སྟག་རུ་བ་ཡི་རྫི། །བཅུའི་ཁ་ལང་ཆེན་མོ་དར་འཛིན་རྫི། །བཅུ་གསུམ་ཝ་ཚོ་གཡས་བརྒྱག་དར་མདུང་རྫི། །གསུམ་གྱི་ནག་ཆུང་ཟལ་ཟལ་གྲོ་ཕྱེའི་རྫི། །བདུན་མུ་ཙ་ལི་ཤག་འཛུད་མའི་རྫི། །བདུན་ཙེ་ར་བང་ཐོག་རྣོ་མཚོན་རྫི། །བརྒྱད་དམུ་དག་དྲང་ཤིང་སྲབ་མདའི་རྫི། །བཅུའི་གལ་བར་ཐོད་དཀར་གོ་ཁྲབ་རྫི། །བཅུ་གཅིག་ཛ་ཝང་ཛུ་ཝང་དགྲ་བླའི་རྫི། །བཅུ་གསུམ་ཡར་ལྡང་སྐྱེར་བརྒྱག་དེ། །སྟག་འཕྲུ་ཚང་བའི་རྫིའུ་ཡིན། །བཅུ་གསུམ་བྱ་ཡུན་གཡས་བརྒྱག་དེ། །དར་འཕྲུ་ཚང་བའི་རྫིའུ་ཡིན། །བཅུ་གསུམ་ཝ་ཚོ་ཕྱ་ཡུན་དེ། །རྒོད་འཕྲུ་ཚང་བའི་རྫིའུ་ཡིན། །ཡང་དག་ཚང་བའི་རྫིའུ་སྤུན་གསུམ་བཤད། །བཅུ་གསུམ་གཡུང་དྲུང་ལུ་གུ་རྒྱུད། །དཔའ་བརྟན་ལྡོག་མེད་བྱ་བུར་དེ། །ཡང་དག་དྲ་མ་ཚང་བ་ཡིན། །གཡུང་དྲུང་དངུལ་གྱི་ཕ་ཝང་ཡིན། །མཚལ་མིག་གཡུས་སྤྲས་སྤོ་ཚེ་བྱ། །ཡང་དག་རྟ་སྒྲོགས་ཚང་བ་ཡིན། །གཡུང་དྲུང་མུ་ཞག་འཁྱིལ་བ་ན། །གསེར་ཏོག་སེར་པོའི་བྱ་ཡུན་ཡིན། །ཡང་དག་ཆས་མ་ཚང་བ་ཡིན། །དེ་གསུམ་རྫིའུ་སྤུན་གསུམ་


MR16_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཡང་གཅིག་དམག་གི་རྫིའུ་ལ། །ཁྱུང་བརྒྱད་དངུལ་མདངས་བྱ་བ་འདི། །བརྒྱ་ཚོ་དམག་གི་རྫིའུ་ཡིན། །ཡར་དིང་ཟེ་བ་རླུང་ཐོག་ན། །བརྒྱ་ཚོ་དམག་ལ་འཕྲུ་བཙུགས་ཡིན། །འདི་གཉིས་ལ་མདུད་པ་འདི་དག་འཇིགས། །ཡང་ཧྲང་ཟེ་ཁ་ལང་གཡུ་གཤོག་འདི། །སྟོང་རྗེ་གཡུ་འབྲུག་སྔོན་མོ་ཡིན། །སྟོང་ཚོ་ཚང་བའི་རྫིའུ་ཡིན། །སྤོ་ཀེ་ཟ་ལན་མེད་གཡུང་དྲུང་འདི། །སྟོང་ཚེ་མདུང་ལ་དར་བཏགས་ཡིན། །འདི་ལ་མདུད་པ་འདི་ཡིས་འཇིག །རྐང་སྤར་ལྡི་བུར་ར་གཉིས་བརྒྱག །ཁྲི་རྗེ་གསེར་གྱི་སེང་གེ་ཡིན། །ཁྲི་ཚོ་ཚང་བའི་རྫིའུ་ཡིན། །ཝ་ཚོ་གནམ་གྱི་དྲང་ཤིང་འདི། །ཁྲི་ཚོ་ཁྲིམ་གྱི་དར་མདུད་ཡིན། །འདི་གཉིས་མདུད་པ་འདི་ཡིས་འཇིག །དིང་དིང་ཁ་ལེ་དཀར་པོའམ། །ཡང་ན་ཤག་བཀྲ་གུར་ཆེན་དེ། །འབུམ་རྗེ་ཀུན་ཐུབ་འཇིགས་མེད་ཡིན། །ཀོང་ཚེ་དུན་དུན་ར་བཞི་བརྒྱག །ཡང་ན་ད་རོག་བྲག་འདི་ག །འབུམ་ཚོ་ཁྲིམས་ཀྱི་རྔ་བརྡུང་ཡིན། །དེ་ལ་དམུ་ཆུ་བྲེང་བྲེང་འཇིགས། །ཡང་ཕྱ་མི་མགོན་དཀར་པོའི་དབུ་ཞུ་དང་། །དམུ་རྗེ་བཙན་པོའི་ལ་ཐོད་དང་། །


MR16_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རྐོས་རྗེ་དྲང་དཀར་ཕྱག་ཆ་གསུམ། །དམག་དང་ཇག་པའི་རྫིའུ་ཡིན། །བརྒྱ་ཚོ་འབུམ་ཚོ་གར་འགྲོ་ཡང་། །ཇག་པ་མི་ཉེས་གཡོན་ཆོག་ཡིན། །འདི་དགུང་སྔོན་གནམ་གྱི་དབུ་ཞུ་ཡིན། །འདི་གཉིས་དོག་མོ་ས་ཡི་ལྕགས་ལྷམ་ཡིན། །འདི་བར་སྣང་ཁམས་ཀྱི་ཡོལ་བ་ཡིན། །འདི་གསུམ་ཇག་པའི་རྫིའུ་ཡིན། །གཞན་ཡང་ཇག་པའི་རྫིའུ་བཤད། །སྤོ་རྒན་དཀར་པོ་ལུག་གུ་སྙིང་། །བྲག་ཆེན་རྣམས་ཀྱི་ཕ་རྒན་ཡིན། །སོ་ཡོན་ནག་མོ་རེའུ་ཆུང་སྙིང་། །བྲག་ཆུང་རྣམས་ཀྱི་མ་རྒན་ཡིན། །དམུ་ཙ་ལི་ཤོ་དམར་མོ་དེ། །དེ་རྣམས་ཀུན་གྱི་ལྕམ་མོ་ཡིན། །ཡར་ལྡང་ཟེ་བ་རླུང་ཐོག་རྒྱས། །སེང་གེ་རྣམས་ཀྱི་གཡུ་རལ་ཡིན། །འདི་དཔའ་ཆུ་སྲིན་འབྲུག་མགོ་རལ་བ་ཅན། །འདི་ཚོལ་ཚེ་མོན་པ་གྲི་བཟུང་ཡིན། །འདི་ལི་ཡན་འཕྱོ་བ་རླུང་གཅོད་ཡིན། །འདི་ཤར་གྱི་དཀར་མོ་དུན་དུན་ཡིན། །འདི་ལྷོ་ཡི་སྔོན་མོ་ཉར་ཉེར་ཡིན། །འདི་གཉིས་ནུབ་ཀྱི་དམར་མོ་མེར་མེར་ཡིན། །


MR16_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྱང་གི་སྨུག་པོ་རྫབ་རྫིབ་ཡིན། །འདི་མིང་པོ་མེ་ཡི་སེང་གེ་ཡིན། །འདི་སྲིང་མོ་ཆུ་ཡི་བྱ་ཁྱུང་ཡིན། །འདི་ཚང་ཟླ་ཁྲོ་ཆུའི་ཕོ་རོག་ཡིན། །འདི་ཡ་མཚན་ལྕགས་ཀྱི་བྱ་ཁྲ་ཡིན། །འདི་བཞི་སྒོ་བཞིའི་ནང་ནས་རྡོལ་བ་ཡིན། །རྫིའུ་བཙན་སྡེ་འདི་རྣམས་ནི། །བརྒྱད་སྨོན་ཡུལ་ཐང་བཀྲར་བབ་ནས་སུ། །དགུ་འང་དུང་སེ་སྟོད་སོགས་བབས་ན། །མི་སོད་ནོར་ཐོབ་ཝེར་མ་ཡིན། །བཅུ་གཅིག་བཅུ་གསུམ་བབས་པ་ན། །གཟས་པའི་དགྲ་བོ་སོད་པ་དང་། །འདོད་པའི་གནང་ནོར་ཐོབ་པ་ཡིན། །ཡང་དིང་དིང་ཤག་གྱ་གུར་བཀྲ་དང་། །སྐྱིན་དིང་འབྲི་མིག་འཁྱིལ་བ་གཉིས། །ཆོས་ཀྱི་མིང་ཅན་འབུམ་སྡེ་བརྒྱག །གལ་ཏེ་བབ་ན་ལན་མི་དགོས། །ལན་ལ་བབ་ན་གཏོས་མི་འགྱུར། །འདི་ཡར་མི་གནམ་ཀྱི་ཡང་ཐོག་ན། །དགུང་མཐོང་སེང་གེ་དཀར་མོ་བརྒྱག །རང་སར་བབ་ན་ལན་མི་དགོས། །དགྲ་སར་བབ་ན་གཏོས་མི་འགྱུར། །འདི་མར་མི་ས་ཡི་མར་ཞབས་ན། །དོམ་ནག་ཁལ་ཁུར་ངན་མོ་བརྒྱག །འདི་སྐྱེར་གྱི་གྱི་ལིང་འཕར་མ་ན། །ཞེ་སྡང་སྦྲུལ་ཆེན་སུན་མ་བརྒྱག །འདི་སྐྱམ་ཆད་གནམ་རིང་ཞལ་སང་ན། །ལྕགས་ཁང་ཁ་མེད་ཁྱུང་མགོ་བརྒྱག །འདི་ཏྲོང་དམར་སྟག་སེང་ཏྲོང་བྲག་ན། །ཁྲག་མེད་དབུགས་བཟང་བརྒྱག་


MR16_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ། །འདི་ཞི་ཕུར་དོང་བྱིད་དོང་རྐུན་ན། །བདུད་ཆེན་གཡག་རིས་རིང་བཀྲ་བརྒྱག །འདི་བྱ་ཡུན་དོང་བ་ཤ་ཟན་ན། །ཉི་བཀྲ་རྟ་མཐུར་རྒྱ་མཐའ་བྲག །འདི་སད་ཀྱི་དབལ་ཐོག་ཟེ་ཟེ་ན། །གངས་དཀར་སྲུང་བའི་སེང་གེ་བརྒྱག །འདི་སུམ་མཉམ་ཧེ་སད་ཧེ་རྒོད་ན། །དུང་སྤྱང་གཡུ་ཡི་རྩིད་པ་བརྒྱག །འདི་སྤོ་ཚེ་དངས་མ་གླིང་བཞི་ན། །ཐུམ་ལུམ་བདུད་ཁྱུང་གཤོག་པ་བརྒྱག །འདི་ག་ཆུ་མུན་རུ་མཐུ་རེ་ན། །ཐང་དཀར་ཤལ་གྱི་གཤོག་པ་བརྒྱག །འདི་གལ་བར་རྒྱ་གྲེ་ཙག་ཙིག་ན། །གནམ་ས་འཕང་ལོ་རང་འཁོར་བརྒྱག །འདི་ཁྱུང་བརྒྱང་ཁྱུང་ལྡིང་དབང་ཆེན་ན། །གནམ་ལྕགས་ཐོག་གི་ཁ་འཛུམ་བརྒྱག །རྐང་སྤར་སྟག་མོ་ལི་ཕྱི་ན། །ཟླ་གམ་དུང་གི་ཕྱག་རྩེ་བརྒྱག །འདི་ནི་ཨ་ཁད་རྩེ་མ་ན། །བྱི་བ་སྔོན་པོ་གཡུ་རུ་བརྒྱག །ལྡི་བུར་རུ་ན་ཤག་ཤག་ན། །རྒྱ་སྟག་དམར་པོ་བྱ་རུ་བརྒྱག །རུ་སོད་ནེ་གུ་རག་རོག་ན། །དོམ་ནག་ལྕགས་ཁང་གཟོང་བུ་བརྒྱག །ན་འབན་སྟོང་མེད་ན་བུན་ན། །ཡོད་བུ་ཐང་དཀར་ཟླ་བ་བརྒྱག །གསེར་ལ་གླང་ཆེན་སེ་སྟོད་ན། །སྦྲུལ་དཀར་ཉ་རྒྱས་ཡར་བབ་བརྒྱག །འདི་རྣམས་ཐམས་ཅད་རང་


MR16_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སར་ལན་མི་དགོས། །ཕྱི་སར་བབ་ན་གཏོས་མི་འགྱུར། །གཞན་ཡང་བརྒྱག་ཆེན་འབབ་དཀའི་རིགས། །ཐམས་ཅད་དེ་དང་མཚུངས་པར་དཔྱད། །རང་སར་བབ་ནས་ཕྱི་ས་ཆག །དགྲ་སོད་ནོར་ཐོབ་ངེས་པ་ཡིན། །ལར་འདི་རྣམས་བཞི་ལ་བབ་པ་ན། །དམག་ཆེན་དྲ་མ་ཆ་རེ་རན། །རྒྱུག་ཁར་བབ་ན་རྒྱུག་རན་ཡིན། །ལམ་དུ་བབ་ན་འགྲོ་རན་ཡིན། །སྐུང་སར་བབ་ན་འབུད་རན་ཡིན། །ད་ནི་ངན་པའི་སྡེ་ཚན་བཤད། །ཇག་པའི་འཇིགས་མིག་བདུན་པོ་ནི། །འདི་བདུན་རང་སར་བབས་ན་ནི། །ཕྱི་སར་བཟང་ངན་གང་བབ་ཀྱང་། །འཇིགས་མིག་ཡིན་པས་ཇག་རེས་བཤོལ། །ལན་བཟང་ཡང་ཕན་པར་མི་འགྱུར་ཏེ། །སྟོང་རྒྱུག་སྐྲག་སྔངས་འོང་ངོ་ཡིན། །ཡང་ངན་པ་བྱས་ཀྱི་གླེ་རིང་བཤད། །འདི་གཅིག་ལ་གཞི་འཛིན་གླེ་རིང་ཡིན། །ཝེར་མ་ཚང་དུ་རུལ་བས་ངན། །འདི་གསུམ་ལ་མི་རྟ་ཆུང་རབ་ངན། །འདི་བཞི་ལ་སྟག་དང་གར་མ་དང་། །དམག་རྒོད་ལ་ངན་པའི་གླེ་རིང་ཡིན། །འདི་དྲུག་ལ་གོ་མཚོན་འཆོར་བའི་གླེ་རིང་ཡིན། །འདི་བདུན་ལ་རྐྱ་བཀྲའི་གླེ་རིང་ཡིན། །འོག་རྟ་དགྲ་ལ་འཆོར་བ་ཡིན། །འདི་བརྒྱད་ལ་གླག་མོའི་གླེ་རིང་ཡིན། །བློ་འཛིན་དག་ལ་ངན་པའི་མོ། །འདི་ནི་ཀུ་བྱི་ཡིག་འཇོལ་ཡིན། །བཅུ་ལ་བབ་


MR16_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅུ་གཅིག་ལད། །ལྷ་མགོར་སྲིན་མཁར་བརྩིགས་པ་ཡིན། །བྱ་རྒོད་ཐང་དཀར་གླེ་རིག་ཟེར། །ཇག་པའི་ཕྱེད་འདྲལ་བྱེད་པ་ཡིན། །འདི་བཅུ་གཅིག་དམག་དཔོན་གླེ་རིང་ཡིན། །གླེ་རིང་ངན་པ་འདི་རྣམས་རང་སར་བབས། །དམག་མི་དམག་དཔོན་འོག་རྟར་ངན། །བསྟུད་པའི་ལན་དུ་འདི་རྣམས་བབས། །སྔ་མ་གང་དང་གང་བསྟུད་ཀྱང་། །དུ་བསྟུད་གྲངས་ཀྱི་མི་རྟ་ལུས། །ཕྱི་ནང་གང་བབ་དེ་ག་ཕུང་། །གཉིས་ཀར་བབ་ན་དགྲ་ཕུང་ཟན་བརླག་ཡིན། །རང་སར་དར་བའི་ལན་དུ་ནི། །འདི་རྣམས་བབ་ན་ཇག་ལད་ཡིན། །རང་སར་བབས་ན་དགྲ་བྲུབ་བྱ། །དགུའང་དང་བབ་ན་དགྲ་བོ་སོད། །ཡང་གཅིག་ཇག་པའི་མཐའ་མིག་ལ། །བྲག་གི་གཡག་རོ་འདྲ་བ་བཅོ་བརྒྱད་བཤད། །འདི་ནི་དམུ་ནག་ཤ་མཐའ་བྲག །ལྷའི་མགོ་ཐོག་སྤྲིན་གྱི་མཁར་བརྩིགས་ཡིན། །འདི་ཡང་བྲག་གི་གཡག་རོ་ཡིན། །གསུམ་བབ་བཞི་ཡི་སོ་ཡོན་ན། །གཅོད་མ་དག་གི་མཐའ་མིག་ཡིན། །བཅུ་བབ་བཅུ་གཅིག་སོ་ཡོན་ན། །དམག་དཔོན་དག་གི་མཐའ་མིག་ཡིན། །མི་རྟ་ཟུང་གསུམ་ལུས་ངོ་ཡིན། །སྐྱེར་གྱི་མུ་ཤ་གལ་མིག་བྲག །གྲུམ་པས་རྒྱ་སྟག་བསད་པའི་བྲག །གཅིག་ལ་ན་མཉམ་ཉིད་ཀྱི་བྲག །བརྒྱད་ལ་ན་མཉམ་བརྒྱད་ཀྱི་བྲག །བཅུ་གཅིག་མཉམ་པ་བཅོ་བརྒྱད་བྲག །བཅུ་གསུམ་དགྲ་ཕུང་ཟུན་བརླག་ཡིན། །ཕྱི་སར་བབས་ནས་རང་སར་ལྷ་ངོ་ནི། །དགྲ་བོ་ན་མཉམ་སོད་པ་ཡིན། །འདི་ནི་སྐྱེར་ན་མ་ཕུང་མ་ཕུར་བུ་བྲག །སྤྲེལ་རྒྱལ་ཧ་ནུ་མནྠ་ཡིས། །ཁྱུང་གི་རྒྱལ་པོ་ཁྲི་མ་བསད། །ལྷ་སྲིན་མི་གསུམ་བཙོན་ཁང་བྱུང་། །གཅིག་ལ་གཞི་


MR16_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བཙོན་དུ་ཤོར། །བརྒྱད་ལ་དམག་དཔོན་བཙོན་དུ་བཟུང་། །བཅུ་གཅིག་དར་འཛིན་བཙོན་དུ་འཆོར། །འདི་ནི་དམུ་ནམ་རྒྱ་མཐའ་བྲག །ངམ་གཡག་བླ་མདུད་ཤ་བས་སྟག་བསད་ངོ་། །དཔྱད་པ་གོང་དང་འདྲ་བ་སྟེ། །ཕྱི་སར་བབ་ནས་རང་སར་ལྷ་ངོ་ན། །བཙོན་པ་ཚུར་ལ་ཟིན་ངོ་ཡིན། །འདི་ནི་སྐྱེར་འུན་རུམ་ཤོ་བྲག །གཡག་རོག་པོས་བསེ་སྟག་བསད་པའི་བྲག །རང་སར་གྲི་མདུད་བྱས་པའི་ངོ་། །གཞན་མ་རྙེད་རྙེད་ན་འཛུད་པར་གྱིས།། ༈ །།གཞན་ཡང་བྲག་གི་ངན་པའི་རིགས། །རང་ས་གང་བབ་མཐའ་མིག་ཡིན། །ད་ནི་བདུད་ཆད་ངན་པ་བཤད། །དགུ་གློག་དམར་བརྒྱད་ཀྱི་བྱ་རལ་དང་། །བདུན་གལ་བར་གློ་བའི་སྒང་རྩ་ཆད། །མི་བདུད་ཆད་དེ་མི་ལ་ངན། །བརྒྱད་སྐྱམ་བདུན་སྐྱམ་མཆིན་པའི་གཤའ་རིང་ཆད། །བདུན་ལ་ཝ་ཚོ་ཡབ་སྲས་དང་། །བརྒྱད་ལ་སད་དཀར་ཚོལ་ཚེ་ན། །གློ་སྙིང་འབྲེལ་བའི་རྩ་མདུད་ཆད། །བདུན་ཡར་ལྡང་བརྒྱད་ལ་སྐྱེར་འུན་ན། །སྤྱི་བོའི་གཙུག་རྩ་ཆད་པ་ཡིན། །བདུན་སྐྱིན་དིང་བརྒྱད་ཀྱི་ལི་ཡན་ན། །རྣ་བའི་ཉན་རྩ་ཆད་པ་ཡིན། །བདུན་དམུ་དག་བརྒྱད་ཀྱི་བྱོད་ཕུར་ན། །མིག་གི་ཨ་འབྲས་བུད་པ་ཡིན། །བདུན་ཁྱུང་བརྒྱང་བརྒྱད་ཀྱི་ཨ་ཁད་ན། །སྨྲ་བའི་ལྕེ་རྩ་ཆད་པ་ཡིན། །བདུན་སུམ་མཉམ་བརྒྱད་ལ་ཏྲོང་སུམ་མཉམ། །ཁ་ནང་རྒྱུ་བའི་དབུགས་ཆད་ཡིན། །བདུན་མུ་ས་བརྒྱད་ཀྱི་ལྡི་བུར་ན། །འགྲོ་བའི་རྐང་རྩ་ཆད་པ་ཡིན། །འདི་ཀུན་མི་ཡི་བདུད་ཆད་ཡིན། །དགུ་ཁས་དྲག་བྱུང་ན་ངེས་པ་ཡིན། །དེ་བཞིན་བཟང་པོའི་མདུད་པ་གཞན། །རང་སར་བབ་པའི་ཕྱི་ས་རུ། །རང་རང་གི་མདུད་ཆད་ལན་དུ་བབ། །རིགས་པས་བསྒྲེས་ལ་ཁ་དམར་གདགས། །འདི་གཞི་


MR16_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་དང་ནི་ནད་པ་དང་། །སྨས་མ་སོགས་ལའང་དཔྱད་པར་བྱ། །གཅིག་ལད་ན་གཞི་འཛིན་བདུད་ཆད་ཡིན། །གསུམ་ལད་ན་ཆུང་རབ་དག་ལ་ངན། །བཞི་ལ་སྟག་དང་འཛུད་མར་ངན། །དྲུག་ལ་བྲང་ཁ་ལམ་དུ་ངན། །བདུན་འོག་རྟ་དང་ནི་དར་མར་ངན། །བརྒྱད་དམག་དཔོན་དག་གི་བདུད་ཆད་ཡིན། །བཅུ་སྟག་རུ་བ་དང་ཁྲབ་ཅན་དང་། །ཡ་རབ་དང་ནི་རྟ་ལ་ངན། །བཅུ་གཅིག་དམག་དཔོན་དར་འཛིན་ངན། །བཅུ་གསུམ་དམག་མི་སྤྱི་ལ་ངན། །གཅིག་དར་གཉིས་ཆག་གཞི་པས་དཔའ་བླས་བྱེད། །གསུམ་དང་བཞི་དར་ལྔ་ཆག་སོགས། །དེ་བཞིན་སོ་སོར་སྦྱར་ཏེ་བཤད། །ཆད་པ་དག་གི་ལན་བཟང་ན། །ཆད་པ་སླར་ལ་མཐུད་དེ་བཟང་། །ཡང་ལྔ་འདི་དགྲ་ས་འགྱུར་མེད་ལ། །ཁས་དྲག་བརྒྱག་སྡེ་བབ་ཚུལ་བཤད། །ལྔ་ལ་ཧྲང་ཟེ་སྐྱམ་བརྒྱག་ན། །མོག་རོ་གཡུང་དྲུང་ཅན་གྱི་བྲག །གློག་དམར་ལྡི་བུར་ཁམས་པ་མདོ་རིས་ཅན། །མ་ཟེ་གླག་མིག་སེར་པོ་སྤུ་སུམ་ཅན། །ཨ་ཁད་རྩེ་མ་དམར་མོ་མེ་ལྕེ་ཁ། །ཁྱུང་བརྒྱང་བརྒྱག་ཅན་ཁམས་པ་མདོ་རིས་ཅན། །རུ་སོད་ཁ་ལེ་ནག་པོ་དཔྲལ་མདངས་ཅན། །སྐྱིན་དིང་བརྒྱག་ཅན་དམར་པོ་རྡོག་ནག་ཅན། །རྐང་སྤར་བརྒྱག་ཅན་རག་པ་ཕྲུམ་དཀར་ཅན། །ཚོལ་ཚེ་བུ་བརྒྱག་གྲོ་སྔོན་སྒབ་ནག་ཅན། །བྱོད་ཕུར་གྲོ་བོ་མེ་འཕུར་ཁ། །བྱ་མེད་གཤོག་བརྒྱག་ངང་པ་ཉི་མ་ཁ། །ལྔ་ལ་བྱ་ཡུན་དཀར་མོ་ན། །ཟག་དཀར་རྒོད་ཕྲུག་འདྲ་བའི་བྲག །གལ་བར་ཐོད་དཀར་རྐྱང་བུ་ཁ་དཀར་བྲག །བྱ་རལ་རིན་ཆེན་བྲ་རྐྱང་གཞུང་ཁྲིལ་བྲག །དིང་དིང་བྱ་ཤིང་མཚལ་སྨུག་མདོ་རིས་ཅན། །རྟ་དེ་འདྲ་རྣམས་ལ་ངན་པ་ཡིན། །ལྔ་ལ་སྤོ་བྲག་བབས་ནས་སུ། །རང་སར་དེ་རྣམས་བབ་པ་ན། །རྟ་དེ་འདྲ་ཚུར་ལ་ལོན་ངོ་ཡིན། །ཡང་བཞི་ལ་


MR16_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

སང་རིགས་ལྔ་ལ་ན་འབན་ན། །ཞེའུའི་འཕྲ་བས་དགུང་སྔོན་བརྟོལ། །བཞི་ཡི་བྲག་ཕུར་ལྔ་ལ་ནི། །བྱ་རལ་འང་ཁུག་བབ་པ་ན། །བྱི་བས་ས་བདག་རྒྱལ་པོ་ཁྱུང་ཆེན་བསད། །ལྔ་ལ་བྱ་མེད་བརྒྱད་ལ་ནི། །བྱ་རལ་སད་ཁུག་བབ་པ་ན། །རི་བོང་ལག་བས་གླང་རྔ་བཅད། །ལྔ་ལ་ཝ་སྐྱམ་བདུན་ལ་ནི། །ནེ་ཆུ་སེ་སྟོད་བབ་པ་ན། །དིང་ཤག་སྡེར་མོས་བྱ་ཁྱུང་གཤོག་པ་བཅད། །བརྒྱད་ཀྱི་རྐང་སྤར་བཅུ་ན་འབན། །ལི་ལིའི་སྤར་མོས་སེང་མགོ་བཅད། །བརྒྱད་ལ་ལི་ཡན་བཅུ་ཕུང་བར། །བལ་གྱི་ཕོ་ལོང་དག་གིས་ནི། །རྡོ་རྗེའི་བྲག་ཆེན་བཅག་པ་ཡིན། །གཉིས་ལ་སྤོ་བར་སྒོ་བརྒྱག་ནས། །བརྒྱད་ལ་སེ་སྟོད་གཡུང་གི་བ་ཕུར་གྱིས། །རྒོད་གྱི་མིག་འབྲས་བཅར་བ་ཡིན། །བརྒྱད་ལ་བྱོད་ཕུར་དགུ་ན་འབན། །རི་བོང་ཚང་ནས་གླག་གིས་ཁྱེར། །སྐ་བྲག་རུ་སོད་ལན་དུ་སེ་སྟོད་ན། །མི་ཕོ་གཡག་གིས་བསད་པ་ཡིན། །འདི་རྣམས་མི་སྲིད་པ་ཡི་དགྲ་ངོ་ཡིན། །ཉམ་ཆུང་དགྲ་ལ་གལ་མ་འཛུད། །སོ་སོའི་དགྲ་ཡི་གསོབ་དང་ནི། །ཐོད་པར་དགྲ་བྲུབ་བྱས་ན་ཕན། །ཡང་སྐྱེས་བུ་མི་ཡི་འབྲུབ་ཁུང་དང་། །མདོ་བ་རྟ་ཡི་ལག་དོང་བཤད། །བདུན་སྐྱམ་བརྒྱད་ལ་སེ་སྟོད་དང་། །དགུ་ལ་ལྡི་བུར་བབ་པ་ན། །མི་བདུད་ཆད་དེ་མི་ལ་ངན། །བདུན་ལ་སྤོ་ཚེ་སྲབ་ཆོད་ན། །སྲབ་བདུད་ཆད་དེ་སྲབ་ལ་ངན། །བདུན་གྱི་ཐོག་ཏུ་ཐང་ལེ་ན། །སྒ་བདུད་ཆད་དེ་སྒ་ལ་ངན། །བདུན་ལ་ཡར་ལྡང་སྒོ་བརྒྱག་ན། །འཕྲུ་བདུད་ཆད་དེ་འཕྲུ་ལ་ངན། །བདུན་གྱི་གལ་བར་སྒོ་བརྒྱག་ན། །ཕུབ་བདུད་ཆད་དེ་ཕུབ་ལ་ངན། །བདུན་ལ་ཝ་ཚོ་སྒོ་བརྒྱག་ན། །མཚོན་བདུད་ཆད་དེ་མཚོན་ལ་ངན། །བདུན་ལ་འདི་རྣམས་བབས་ནས་སུ། །དེའི་ལྔ་ལ་ཡར་དིང་སྐྱེར་བརྒྱག་ན། །དམག་དཔོན་ལུས་པའི་འབྲུབ་

ཤོག་ལྷེབ་ ༧༠༡ ནས་ ༨༡༣ བྱོན།


MR16_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ཡིན། །ཝ་ཚོ་ཕོ་ལྷའི་དར་འཛིན་ལུས། །གློག་དམར་སྟག་རུ་བ་རྣམས་ལུས། །ཛ་ཝང་ཛུ་ཝང་ཁྲབ་ཆེན་ལུས། །ལྔ་ལ་བྱ་རལ་རིན་ཆེན་ན། །ཁྲབ་ཅན་ལུས་པའི་ཁྲེལ་ཐག་ཡིན། །ཨ་ཁད་རྩེ་མ་བེང་ཅན་ལུས། །སྐྱེར་འུན་ར་བརྒྱག་འཕྲུ་ཅན་ལུས། །དམུ་ཙ་ལི་ཤོ་སྣ་ཁྲིད་ལུས། །བྱིལ་མིག་སྟག་ཕུང་སྟག་གར་ལུས། །འདི་རྣམས་མི་ཡི་འབྲུབ་ཁུང་ཡིན། །ལྔ་ལ་མ་སང་རྟ་ངོ་བཅུ་གསུམ་དང་། །ཁ་དྲག་རྟ་ངོ་བཅུ་གསུམ་སྟེ། །ཉི་ཤུ་རྩ་དྲུག་གང་རུང་བབས། །དེ་ཡི་ལན་དུ་སོ་ཡོན་གང་བབས་ཀྱང་། །མདོ་བ་རྟ་ཡི་ལག་དོང་ཡིན། །གཞན་ཡང་ལྔ་བདུན་དཔྱད་པ་ལས། །ལྔ་ལ་ཨ་ཁད་རྩེ་མ་དང་། །བདུན་ལ་ནག་ཐོག་སེ་སྟོད་ན། །རྒྱ་སྟག་ཀན་དང་ལོག་པ་ཞེས། །དམར་ཞུར་ཅན་ལ་མདའ་ཕོག་བྲུབ་ཁུང་ཡིན། །དེ་བཞིན་ལྔ་ཡི་བཟང་སྡེ་དེའི། །བདུན་ལ་ནག་རིགས་སེ་སྟོད་བབས། །དེ་དེའི་བྲུབ་ཁུང་གོང་བཞིན་བཤད། །དེ་ནི་ཁྲེལ་ཐག་དཔྱད་པ་ལ། །བརྒྱད་ཀྱི་མ་རྐྱང་བྱོད་ཕུར་དེ། །དམག་དཔོན་ཆེ་བའི་ཁྲེལ་ཐག་ཡིན། །བདུན་ལ་ལྷ་རི་དིལ་ངོས་ལ། །ཞག་བརྒྱ་ཝ་བྲོས་བྱས་པའི་ཁྲེལ། །དེའི་བཅུ་གཅིག་སད་ཀྱི་མ་ཟེ་ན། །དེ་དང་དེ་ལྟར་ངེས་པ་ཡིན། །ལྔ་གློག་དམར་སྟག་རུ་བ་རྣམས་ལུས། །བྱ་རལ་རིན་ཆེན་ཁྲབ་ཅན་ལུས། །ཨ་ཁད་རྩེ་མ་ཇག་དཔོན་ཁ་ལྕེ་སྐམ། །བཅུ་གཅིག་སྐྱམ་གྱི་མ་ཟེ་ན། །ཇག་པས་བྲ་བ་བྱེའུ་ལ་སྨོན། །སྤོ་མ་ཟེ་དམག་དཔོན་རི་ལ་བྲོས། །དར་མདུད་ཆད་པའི་ཁྲེལ་ཐག་ཡིན། །ཏྲོང་མ་ཟེ་ཇག་པ་སྣ་སྡུམ་བྱས། །བྱ་རལ་ཟུན་གྱི་དམག་དཔོན་གྱིས། །དགྲ་ཡི་དམག་ལ་ཕྱག་འཚལ་ཡིན། །སེ་སྟོད་ཟུན་དམག་དགྲ་ཁྱིམ་མནན། །ལི་ཡན་དམག་དཔོན་རི་སུལ་འགྲིམ། །སྐྱམ་ཟུན་དམག་དགྲ་ཡི་


MR16_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོར་སྐྱབས། །ཆུ་སྤར་སྐྱམ་དེ་བབས་པ་ན། །དམག་དཔོན་མཆི་མ་དར་ལྕེས་ཕྱིས། །ཕུང་ཁད་དམག་དཔོན་ངོ་ཟུམ་གནག །ཁ་ལེ་སྟང་སང་ལྷ་བལ་མོན་ཆུང་གིས། །གཞུ་ཆུང་གྲུ་ལ་བསྐོན་ནས་སུ། །ཞྭ་ཆུང་ལྟག་པར་བཞག་ནས་བྲོས། །སོ་བྱ་མི་བསད་འོག་རྟ་ཤོར། །མཚོན་ཤོར་ཇག་ལ་བསད་བྲོས་ཡིན། །དེ་རྣམས་བཅུ་གཅིག་སྟེང་དུ་བབ། །དམག་གི་ཁྲེལ་ཐག་ངན་པ་ཡིན། །ཡང་ལྔ་ལ་བྱ་ཡུན་གཡས་བརྒྱག་དང་། །བདུན་བྱ་རལ་འམ་ནི་ཕུང་བྱལ་ན། །ཟུན་གྱི་མགྱོགས་པ་བྱ་བརྒྱ་དེས། །དགྲ་མོང་ཚེ་ཀམ་མ་སླེབ་ཁྲེལ། །བདུན་ཙེར་བརྒྱད་ཀྱི་སེ་སྟོད་ན། །ཟུན་གྱི་དཔའ་བོ་མི་དགུ་དེས། །དགྲ་སྟག་ར་ཁོང་ཡོན་མ་ཐུབ་ཁྲེལ། །བདུན་རུ་སོད་དཔའ་དར་བརྒྱད་སེ་སྟོད། །ཟུན་གྱི་དཔའ་ར་མི་བརྒྱ་ཡིས། །དགྲ་སྟག་ར་ཁོང་ལོད་མ་ཐུབ་ཁྲེལ། །བདུན་ཨ་ཁད་བརྒྱད་ལ་ཕུང་བར་ན། །ཟུན་གྱི་མཛད་པ་མི་བརྒྱ་དེས། །དགྲ་མི་མོ་ཤག་མཁན་མ་ཐུབ་ངོ་། །བདུན་ཙེ་རའམ་ནི་ཚོལ་ཚེ་ལ། །བརྒྱད་ཀྱི་ཐང་ལེ་སྣ་དམར་ན། །གནམ་ལྕགས་རལ་གྲི་རྣོན་པོ་དེས། །ཞ་ཉེའི་སླག་པ་མ་ཆོད་ཁྲེལ། །དེ་སོགས་རང་སའི་བཟང་སྡེ་ལ། །ངན་སྐྱོན་སྨ་ཕབ་བྱུང་བ་ཀུན། །ཁྲེལ་ཐག་ཡིན་པས་ཇག་ལ་འཛེམ། །གསང་བའི་ཁྲེལ་ཐག་དགུ་འགྱུར་ནི། །བྱ་རལ་དགུ་བསྟུད་བྱུང་ནས་ནི། །བཅུ་ལ་ཨ་ཁད་རྩེ་མ་ན། །གདིང་ལོ་རྒྱང་རྒྱང་ན་འཐབ་མོ་བྱུང་། །གཏམ་ངན་འཕྲིན་པ་སྐྱེལ་བ་ཡིན། །གཅིག་ཐར་པའི་ཁྲེལ་བའི་ཁྲེལ་ཐག་ཡིན། །བྱ་རལ་དགུ་བསྟུད་བབས་ནས་སུ། །བཅུ་ཡི་ཚོལ་ཚེ་བུ་བརྒྱག་ན། །སྔ་དྲོ་གནང་ལ་སུམ་ཁུག་ཐོབ། །ཕྱི་འཕྲེད་གྲི་ཤང་གས་པ་ཐོབ། །བསད་བཅད་ལུང་པར་མི་ཤོང་ཁྲེལ། །བྱ་རལ་དགུ་བསྟུད་བཅུ་ལ་ཁྱུང་བརྒྱག །རྒྱ་རི་མགོ་ལ་


MR16_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཁྱུང་ལྡིང་། །དམག་དཔོན་མགོ་བོ་བྱ་ཡིས་བཏོག་པས་ཁྲེལ། །དེ་སོགས་ཞིབ་ཏུ་དཔྱད་པར་བྱ། །མདོར་ན་ཁས་དྲག་ཕྱི་སར་ཤོར། །རང་སའི་བཟང་སྡེ་ངན་པས་བསླད། །ངན་པའི་གདང་སྣ་བཟང་ལ་ཕོག །ཝ་སྐྱམ་ཝ་སྡེ་ལ་སོགས་པ། །ངན་པ་སྡར་མས་བཙན་ས་བཟུང་། །དེ་རྣམས་ཁྲེལ་ཐག་ཡིན་པས་ན། །ཇག་པའི་མོ་ལ་མི་ལེགས་སོ། །ཡང་ཁྲེལ་ཐག་བཅུ་གསུམ་བཤད་པ་ལ། །བཅུ་གསུམ་སྟེང་དུ་དཔྱད་པ་ཡིན། །བཅུ་གསུམ་སྟེང་གི་སྐྱེར་སྨད་ན། །བྱི་བ་ལོ་པའི་ཁྲེལ་ཐག་ཡིན། །སྐྱེར་སྒོ་བརྒྱག་གླང་ལོ་པ་ཡི་ཁྲེལ། །དམུ་དག་སྒོ་བརྒྱག་སྟག་ལོ་པ། །སྤོ་བར་སྒོ་བརྒྱག་ཡོས་ལོ་པ། །སྐྱེར་བྱ་སྒོ་བརྒྱག་འབྲུག་ལོ་པ། །ཏྲོང་གི་ཨ་ཁད་སྦྲུལ་ལོ་པ། །སང་རིགས་སྒོ་བརྒྱག་རྟ་ལོ་པ། །སྐྱིན་དིང་རོག་ཡུ་ལུག་ལོ་པ། །ཚོལ་ཚེ་སྒོ་བརྒྱག་སྤྲེལ་ལོ་པ། །བག་ལྡི་སྒོ་བརྒྱག་བྱ་ལོ་པ། །ཡར་ལྡང་སྒོ་བརྒྱག་ཁྱི་ལོ་པ། །སྐྱམ་རྒན་སྒོ་བརྒྱག་ཕག་ལོ་པ། །གཞན་ཡང་ཝ་ལྡི་ཝ་སྐྱམ་སོགས། །སྡར་མའི་མོ་མདུད་ལོ་མལ་བབས། །ཡང་ན་ཞར་བ་ཏྲོང་སྒོ་བརྒྱག །ཁྲེལ་ཐག་གང་བབས་དེ་ལ་ངན། །ཡང་གཅིག་དར་སོ་དཔྱད་པ་ལ། །བཅུ་གསུམ་དངས་མ་གཡུ་སྒྲོན་དེར། །བྱི་བ་ལོ་བའི་དར་སོ་ཡིན། །དེ་བཞིན་བཅུ་གསུམ་སྟེང་དུ་ནི། །གལ་བར་ཐོད་དཀར་གླང་ལོ་པ། །དམུ་དག་དུང་སྒོང་སྟག་ལོ་པ། །ལྡི་བུར་ཤིང་རྩེ་ཡོས་ལོ་པ། །སྤོ་སྟོད་འབྲུག་ལོ་པའི་དར་སོ། །སད་དེ་ཨ་ཁད་སྦྲུལ་ལོ་པ། །ཨ་ཁད་རྩེ་མ་སྟག་ལོ་པ། །དཀར་ཐོག་སྤུན་གསུམ་སྤྲེལ་ལོ་པ། །ཁྲ་ཆུང་སྐྱམ་བརྒྱག་ལུག་ལོ་པ། །བག་ཚོ་ཁྲ་རྒན་བྱ་ལོ་པ། །ཡར་ལྡིང་སྐྱེར་བརྒྱག་ཁྱི་ལོ་པ། །སྐྱམ་གྱི་བུ་བརྒྱག་ཕག་ལོ་པའི། །དར་སོ་ཡིན་པས་དེ་དེར་བཟང་། །


MR16_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ལོ་མལ་གང་ཡིན་པར། །ཝེར་མ་བཟང་སྡེ་གྲགས་ཆེན་བབས། །བཟང་ཞིང་དར་སོ་ཐོབ་པར་དཔྱད། །དེ་ལྟར་བཟང་ངན་ཤེས་བྱས་ནས། །ད་ནི་ཇག་ལ་ཆས་པའི་ཚེ། །མེ་ཚུགས་བསྔོ་བགྲང་མ་ཤེས་ན། །ཤལ་ཆེན་ཞག་མལ་མི་ཤེས་སོ། །ཚང་བུད་ཚང་འདུས་མ་ཤེས་ན། །འཛུད་པའི་རྒྱུག་ཚོད་མི་ཤེས་སོ། །ཚང་མ་བཅུ་གསུམ་མ་ཤེས་ན། །བུ་རྟའི་སྔོ་བགྲང་མི་ཤེས་སོ། །མ་ཟེ་འལ་འོལ་མ་ཤེས་ན། །འོག་རྟ་ཐེབ་ཤོར་མི་ཤེས་སོ། །ཁ་ལང་ཉ་ལང་མ་ཤེས་ན། །རྐུང་གི་འཇིགས་མིག་མི་ཤེས་སོ། །ས་མདོའི་སྤྱང་ཚང་གོང་འོག་མ་ཤེས་ན། །ཕྱི་ལམ་ཨེ་ལད་མི་ཤེས་སོ། །ས་བབ་གནང་བགོས་མ་ཤེས་ན། །ནོར་ཅི་ཐོབ་སྤུ་རྟགས་མི་ཤེས་སོ། །དེ་དང་དེ་ལ་སོགས་པ་ཡི། །མ་སང་གསང་གཏམ་བཤད་པ་ལས། །དང་པོ་མེ་ཚུགས་བཤད་པ་ལ། །གཅིག་སྨོན་པའི་མེ་ཚུགས་དང་པོ་ཡིན། །དེ་ལ་ཨ་ཁད་རྩེ་མ་ན། །དྲོ་མལ་དང་པོར་འཇིགས་མིག་མེད། །གཅིག་ལ་མོ་རྒོད་རྣམ་གསུམ་ན། །དྲོ་མལ་དང་པོར་འབྲོག་ཡར་འོང་། །གཅིག་ལ་ཆུ་སྤར་འབྲུག་ཐོག་ལྡི་བུར་ན། །མེ་ཡི་སེང་གེ་ཆས་པ་ཡིན། །གཞི་འཛིན་དཔའ་བླས་བྱེད་ངོ་ཡིན། །གཉིས་འདི་སྲིན་མོ་མི་ཟན་མ། །དགུ་ཤང་མ་ཡི་མེ་ཚུགས་ཡིན། །གཉིས་ལ་ཨ་ཁད་རྩེ་མ་དང་། །གསུམ་ལ་ཚོལ་ཚེ་གོང་སྔོན་ན། །མེ་ཚུགས་གཉིས་ལ་འཇིགས་མིག་མེད། །གཉིས་ལ་གློག་དམར་ལྡི་བུར་ན། །ཇག་ལ་རྐུན་མ་ཕོག་པ་ཡིན། །དེ་ཡང་གསུམ་ལ་ལི་ཡན་ཞོན་པ་ན། །ཇག་པའི་འོག་རྟ་འཆོར་ངོ་ཡིན། །སུམ་མཉམ་སྒ་དང་གལ་བར་ཕུབ། །ཐང་ལེ་མཚོན་དང་ཝ་ཚོ་སྒོ་བརྒྱག་མདུང་། །ཝ་ཚོ་མ་བརྒྱག་བྲོ་ཕྱེ་འཆོར། །གསུམ་གཡའ་བཙུན་ཁོན་མ་སྐྱེས་ཀྱི་མེ་


MR16_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་ཡིན། །གསུམ་གྱི་སྟེང་དུ་ཨ་ཁད་ན། །དྲོ་མལ་གསུམ་ལ་འཇིགས་མིག་མེད། །འབྲུག་ཐོག་མེ་ཡི་སེང་གེ་ཆས། །མི་རྟ་ཆུང་རབ་དཔའ་ལ་མགྱོགས། །བཞི་ཝེར་ཤམ་ཤེལ་ལྕགས་མེ་ཚུགས་ཡིན། །རྩེ་མ་བབ་ན་དྲོ་མལ་བཞིར་མི་འཇིགས། །འབྲུག་ཐོག་མེ་ཡི་སེང་གེ་ཆས། །ཀླུ་ཡི་ཝིང་མ་རྔམ་པ་ཡིན། །སྟག་དང་གར་མས་དཔའ་བླས་བྱེད། །བཞི་ལ་མོ་རྒོད་རྣམ་གསུམ་ན། །དྲོ་མལ་བཞི་ལ་འདྲོག་ཡར་འོང་། །ལྔ་གཉའ་རིང་སྲིན་གྱི་མེ་ཚུགས་ཡིན། །ལྔ་ལ་ཨ་ཁད་རྩེ་མ་དང་། །དྲུག་ལ་ཁྱུང་བརྒྱང་དངུལ་མདངས་ན། །དགྲ་ལྕེ་ཐུར་མས་བཏུལ་བ་ཡིན། །གྲོ་མལ་ལྔ་ལ་འཇིགས་མིག་མེད། །ལྔ་ལ་ཁ་ལང་ཆེན་མོ་ན། །གཉའ་རིང་རང་སྒ་གཏད་པ་ཡིན། །དྲུག་ལ་མོ་རྒོད་རྣམ་གསུམ་ན། །སྐུང་ལ་ཐོག་ཤལ་འོང་བ་ཡིན། །དྲུག་གཡའ་འབྲུམ་སི་ལིའི་མེ་ཚུགས་ཡིན། །ཨ་ཁད་རྩེ་མ་བབ་པ་ན། །དྲོ་མལ་དྲུག་ལ་འཇིགས་པ་མེད། །འབྲུག་ཐོག་མེ་ཡི་སེང་གེ་ཆས། །ཇག་པའི་སྐུད་ཕུད་བྱེད་ན་བཟང་། །དྲུག་ལ་མོ་རྒོད་རྣམ་གསུམ་ན། །ཕྱི་དྲོ་སྐུང་ལ་ཐོག་ཤལ་འོང་། །བདུན་གཡའ་སྤང་སྐྱེས་གཅིག་མེ་ཚུགས་ཡིན། །བདུན་ལ་ཨ་ཁད་རྩེ་མ་ན། །དྲོ་མལ་བདུན་ལ་འཇིགས་མིག་མེད། །ཆུ་སྤར་འབྲུག་ཐོག་མེ་ཡི་སེང་གེ་ཆས། །མོ་རྒོད་རྣམ་གསུམ་བབ་པ་ན། །དྲོ་མལ་བདུན་སར་འདྲོག་ཡར་འོང་། །བརྒྱད་ལྷ་བཙུན་དགྲ་བླའི་མེ་ཚུགས་ཡིན། །རྩེ་མ་བརྒྱད་ལ་འཇིགས་མིག་མེད། །འབྲུག་ཐོག་མེ་ཡི་སེང་གེ་ཆས། །ཝེར་མ་ཤ་ཁྲིའི་སྟེང་དུ་ལོང་། །ཟུན་སྟག་རུས་དགྲ་ཡི་སྟག་རུ་སོད། །མོ་རྒོད་བརྒྱད་ལ་འདྲོག་ཡར་འོང་། །དགུ་སྲིན་བཙན་བུ་དགུའི་མེ་ཚུགས་ཡིན། །རྩེ་མ་དགུ་སར་འཇིགས་མིག་མེད། །


MR16_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ལ་འབྲུག་ཐོག་བཅུ་ལ་ཚོལ་ཚེ་བུ་བརྒྱག་ན། །དྲོ་མལ་དགུ་ལ་འཇིགས་མིག་མེད། །དགུ་ལ་བག་ཐོག་ལྡི་བུར་ན། །སྤྱང་མོ་ལ་ཉེ་ལོག་པ་ཡིན། །ཅོག་རོ་ཧོར་གྱིས་དགྲ་ངོ་ཡིན། །དེ་ལ་མོ་རྒོད་རྣམ་གསུམ་ན། །ཕྱི་དྲོ་སྐུང་ལ་ཐོག་ཤལ་འོང་། །བཅུ་འདི་དགྲ་བླའི་རྒྱལ་མོ་ནི། །ཇོ་དར་ཞེས་བྱའི་མེ་ཚུགས་ལ། །རྩེ་མ་མོ་རྒོད་གོང་ལྟར་དཔྱད། །འབྲུག་ཐོག་དུང་ཁྱུང་གྲེ་འབོད་གང་། །མགོ་དཔོན་བུ་མོས་བཙུགས་པ་ཡིན། །མོ་རྒོད་རྣམ་གསུམ་འཐོར་འདྲོག་འོང་། །བཅུ་གཅིག་དགྲ་བླ་འཕྱོ་བའི་མེ་ཚུགས་ལ། །རྩེ་མོ་བབས་ན་མེ་ཚུགས་སམ། །དྲོ་མལ་བཅུ་གཅིག་འཇིགས་མིག་མེད། །ཕྱི་སར་སློ་བྲག་ཏྲོང་གསུམ་ན། །དགྲ་བླར་འགྲོ་བའི་མི་གཅིག་སོད། །ལྟད་མོ་ལྟ་བའི་གནང་ཞིག་ཐོབ། །མོ་རྒོད་གསུམ་བབ་བཅུ་གཅིག་པའི། །དྲོ་མལ་དག་ལ་འཇིགས་པ་འོང་། །བཅུ་གཉིས་དམ་རྗེ་རྩོལ་པོའི་མེ་ཚུགས་ལ། །ཨ་ཁད་རྩེ་མ་བབས་ནས་སུ། །བཅུ་གསུམ་ཚོལ་ཚེ་བུ་བརྒྱག་ན། །དྲོ་མལ་བཅུ་གཉིས་ས་ལ་འཇིགས་མིག་མེད། །མོ་རྒོད་རྣམ་གསུམ་ཇག་པའི་ཕྱི་ལམ་ལད། །བཅུ་གསུམ་མཚུན་གྱི་མི་མགོན་དཀར་པོ་ཡི། །མེ་ཚུགས་འདི་ལ་ཨ་ཁད་རྩེ་མ་ན། །དྲོ་མལ་བཅུ་གསུམ་བར་དུ་འཇིགས་མིག་མེད། །འདི་ལ་ཚོལ་ཚེ་བུ་བརྒྱག་དང་། །ཆུ་སྤང་འབྲུག་ཐོག་ལྡི་བུར་ན། །སྤྱི་རྗེ་ཁྱུང་ཆེན་ཡེ་ལ་ཕྱོགས། །བྱ་ཁྱུང་དྲ་མ་ཀླུ་ལ་ཡག །མི་ཡི་སེང་གེ་སོ་ལ་ཆས། །ཇག་པ་ཡག་པའི་ཁ་པོ་ཡིན། །མེ་ཚུགས་བཅུ་གསུམ་འདི་དག་ཏུ། །ཨ་ཁད་རྩེ་མ་མེ་ཚུགས་དགྲ་བླ་ཡིན། །ཆུ་སྤར་འབྲུག་ཐོག་མེ་ཚུགས་ཝེར་མ་ཡིན། །ཚོལ་ཚེ་བུ་བརྒྱག་མེ་ཚུགས་རྫིའུ་ཡིན། །མོ་རྒོད་རྣམ་གསུམ་མེ་ཚུགས་འཇིགས་མིག་ཡིན། །དེ་རྣམས་གང་བབ་མེ་ཚུགས་ཀྱི། །བཟང་


MR16_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཁ་དམར་གདགས་པར་བྱ། །ད་ནི་ལམ་གྱི་མན་ངག་བསྟན། །གཞི་ལ་འདུག་ནས་མོ་འདེབས་ན། །དྲུག་འདི་གསེར་བཙུན་འཕྲུལ་མོའི་ས། །གྲོ་ཕྱེ་རྫོང་ས་ཡིན་པས་ན། །མོ་མདུད་བཟང་པོ་བབ་པ་དགོས། །ལམ་དུ་ཞུགས་ནས་ཁྲི་ལམ་སྟོང་ཤོང་ཡིན། །ཡང་ན་དགྲ་ཆེན་རྐུང་ལུང་ཡིན། །དགྲ་ཡི་རུ་མགོ་མཐོང་དུས་ན། །དགྲ་ཁྱིམ་ནེ་གུ་བྱ་བ་ཡིན། །འཛུད་དཔུང་ཕྱེས་ནས་བརྩོན་ར་ནག་པོ་ཡིན། །དགུ་འདི་གཞི་ལ་འདུག་ཙ་ན། །དགུ་འང་དུང་ཆེན་མོ་བྱ་བ་ཡིན། །སྐུང་ལ་འདུག་ན་བྱ་ཁྱུང་སྟག་རུས་ཡིན། ལ་བཙས་བགོས་པ་ཕྱིན་ཆད་ནས། །ལབ་ཙེ་གསོལ་མཆོད་བྱེད་ས་ཡིན། །འཛུད་དཔུང་བྱེད་ན་ཟུན་གྱི་དམག་དཔོན་ས། །ལྔ་འདི་གཞི་ལ་འདུག་དུས་ན། །དགུ་འང་དུང་ཆེན་པོ་བྱ་བ་ཡིན། །གཏན་དུ་སེ་སྟོད་ངན་རིགས་དགོས། །སྐུང་ལ་འདུག་ན་སྐུང་ས་ཡིན། དེ་དུས་དར་ཀྱང་བཟང་བ་ཡིན། །སྐུང་ལ་འདུག་དུས་ལྔ་དགུ་ཆག་རོས་དགོས། །འཛུད་དཔུང་ཕྱེད་ཁར་ལྔ་དྲུག་ཆག་རེས་དགོས། །འཛུད་དཔུང་ཕྱེས་ནས་ལྔ་དར་བརྒྱད་ཆག་དགོས། །བཅུ་གཅིག་བཅུ་གསུམ་ནམ་ཡང་དར་དགོས་སོ། །ཕྱི་རྐུང་མས་འཛུད་མའི་མོ་འདེབས་ན། །བཅུ་གཅིག་བཅུ་གཉིས་ལན་བརྗེ་དགོས། །བཅུ་གསུམ་ལ་ནི་འགྱུར་བ་མེད། །གཞི་ལ་འདུག་པའི་གྲོ་ལམ་དྲུག །བྱེས་ཀྱི་གྲོ་ལམ་བཞི་ལ་བྱེད། །ལམ་དུ་ཞུགས་ནས་མགྲོན་ལམ་གསུམ། །སྔ་དྲོ་ཕར་ལ་འགྲོ་ན་གསུམ། །སྐུང་ལ་འདུག་པའི་མགོན་ལམ་བདུན། །ཚུར་ལ་འོང་དུས་མགྲོན་ལམ་བཅུ། །ཉིན་གཅིག་མགྲོན་ལམ་ཐང་གསུམ་འགྱུར། །ཚོལ་ཚེ་བུ་བརྒྱག་མགྲོན་སླེབ་ཡིན། །རང་སྙན་གལ་ལྟ་ཁྲ་བོ་ཡིན། །བག་ཆོ་ཕྱེ་དང་ཐུད་ཀྱི་ངོ་། །སྐྱམ་མ་ཟེ་བརྒྱག་ན་གྲོགས་ངོ་ཡིན། །རང་སར་གྲོག་ངོ་ཕྱི་


MR16_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སར་གཅོད་སྟར་བབ། །གྲོ་ཕྱེ་ཐོབ་ལ་བརྗེས་ན་ཤོར། །གཡའ་སྤང་མགྲོན་ལམ་དཔྱད་པ་ན། །ལྔ་ཡི་སོ་ཡོན་བདུན་བྱོད་ཕུར། །བྱེའུའི་སྤུ་གསེབ་བྱ་སྤུ་ལེན། །བུ་གཏིལ་རྩ་བ་དུས་གཅིག་ལོན། །བརྗེས་ན་ཕར་ལ་འཆོར་བ་ཡིན། །ལྔ་ལ་ཆུ་དོ་ལི་ཡན་དང་། །དྲུག་ཤ་རིང་མཁལ་མ་གློ་བརྒྱག་ན། །གཡའ་སྤང་ཡུལ་གཏིལ་ཟིན་པ་ཡིན། །བརྗེས་ན་ཕར་ལ་ཤོར་བའི་ངོ་། །ལྔ་ལ་ལི་ཡན་བརྒྱད་ལ་བྱ་ཕུར་བརྒྱག །དགྲ་ཡི་སྲབ་མདའ་ལག་ཏུ་ཚུད། །བརྗེས་ན་ཕར་ལ་ཤོར་བ་ཡིན། །དེ་སོགས་དགྲ་ལ་ཤ་ལེན་སོགས། །གཏིལ་རྩོད་བཟང་ངན་སྤྲོས་ཏེ་དཔྱད། །ཇག་པ་ལམ་དུ་ཞུགས་ནས་ཀྱང་། །སྐུང་གི་གནས་ཚུལ་དཔྱད་པ་ན། །གསུམ་འདི་སྔ་དྲོའི་སྐུང་ས་ཡིན། །གཉིས་ལ་རུ་སོད་ཁ་ལེ་ནས། །གསུམ་ལ་མ་ཟེ་སྡེ་བཞི་ན། །སྔ་དྲོ་སྐུང་ལ་ཐོག་ཤལ་འོང་། །ཁྲ་རྒྱས་བཀབ་པ་བཞིན་ཏུ་འགྲོ། དྲུག་འདི་ཉིན་ཕྱེད་སྐུང་ས་ཡིན། །ལྔ་ལ་བྱིལ་མིག་སྟག་སྤུངས་ནས། །དྲུག་ལ་མ་ཟེ་སྡེ་བཞི་ན། །ཉིན་ཕྱེད་སྐུང་ལ་ཐོག་ཤལ་འོང་། །ཁྲ་རྒྱས་བཀབ་པ་བཞིན་ཏུ་འགྲོ། །བཅུ་འདི་ཕྱི་འཕྲེད་སྐུང་ས་ཡིན། །དགུ་ལ་ན་འབན་བཅུར་མ་ཟེ། །ཕྱི་འཕྲེད་སྐུང་ལ་ཐོག་ཤལ་འོང་། རྐུང་ལ་འདུག་དུས་འདི་རྣམས་བབ། །དགྲ་བྲུབ་བྱས་ལ་སོ་པ་བརྗེ། །ཡང་གཉིས་ཀྱི་སྐྱེར་བྱ་དཀར་མོ་ལ། །གསུམ་ལ་དིང་དིང་བརྒྱག་ཅན་ན། །ཁྱི་མོ་ཚང་མས་རང་སྒོ་བསྲུང་། །ནུབ་གཅིག་སྐུང་སར་དགྲ་མེད་ཡིན། །མཚན་གྱི་དྲོད་མཁན་ཟླ་བ་ཡིན། །དགུ་ཡི་བྱ་ཡུན་དང་རྩེ་དང་། །བཅུ་ཡི་དིང་དིང་བརྒྱག་ཅན་ན། །རྐྱ་བཀྲ་ཧོར་པས་རང་སྒོ་བསྲུང་། །ཉིན་པར་སྐུང་སར་དགྲ་མེད་ཡིན། །ཉིན་གྱི་དྲོང་མཁན་ཉི་མ་ཡིན། །ཡང་བཅུའི་བྱ་ཡུན་ཉིན་གྱི་སྐུང་ས་ཡིན། །ཉིན་པར་སྐུང་ལ་དགྲ་མི་འོང་། །དྲུག་གི་བྱ་ཡུན་མཚན་གྱི་སྐུང་ས་


MR16_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ནུབ་མོ་སྐུང་སར་དགྲ་མི་འོང་། །གཉིས་སྐྱེར་བྱ་ནུབ་གཅིག་སྐུང་དགྲ་མེད། །ཁྱི་མོ་ཚང་མས་རང་སྒོ་བསྲུང་། །གཉིས་ཨ་ཁད་རྩེ་མ་སྒོ་སྲུང་སྟག་གིས་བྱས། །གཉིས་བག་ལྡི་གསེར་གྱི་འུག་པས་སྒོ་སྲུང་བྱས། །འདི་རྣམས་ནུབ་གཅིག་སྐུང་དགྲ་མེད། །ཡང་ལྔ་ཡི་སྟེང་གི་རུ་སོད་དེ། །གཡུ་ཡི་ཕོ་རོག་ཉིན་གྱི་བྱ་ར་བྱེད། །དགུ་ཡི་བྱ་ཡུན་དཀར་མོ་དེ། །དུང་གི་ལྕོག་གས་ཉིན་གྱི་བྱ་ར་བྱེད། །ཉིན་པར་སྐུང་ལ་དགྲ་མེད་ཡིན། །གཞི་བྱེས་ཁྱད་པར་མེད་པར་ནི། །ནུབ་གཅིག་དགྲ་མེད་བཤད་པ་ལ། །གཉིས་ལ་ཨ་ཁད་རྩེ་མ་སྐྱེར། །སྐྱིན་དིང་བརྒྱ་གཅན་དེ་རྣམས་བབ། །སྒོ་སྲུང་ཡིན་པས་དགྲ་མེད་དོ། །ལྔ་ལ་བག་ལྡི་དིང་དིང་བྱོད་ཕུར་དང་། །སྐྱིན་དིང་སོ་ཡོན་སྐྱམ་དང་སྐྱེར། །གལ་བར་བབ་ན་ནུབ་གཅིག་དགྲ་མེད་ཡིན། །དེ་རྣམས་གང་བབ་དེ་ཕན་མདུད་མི་དགོས། །བཅུ་གཉིས་དམུ་དག་སྒོ་བརྒྱག་དང་། །ཚོལ་ཚེ་དིང་དིང་སྐྱིན་དིང་སྐྱེར། །གལ་བར་བབ་ན་དཔུང་ཆུང་གི ། མགྲོན་རེས་གཅིག་ལ་རྫིའུ་ཡིན། །དམག་ཆེན་ཡིན་ན་ཞག་གཅིག་ལས་མིན་ནོ། །རྐང་སྤར་ལྡི་བུར་ཡུལ་པས་མི་ཚུགས་རྫི། །ཆུ་སྤར་ལྡི་བུར་ངམ་གྱིས་མི་ཚུགས་ལ། །སང་ཁམས་དགྲ་བླས་མི་ཚུགས་རྫི། །འདི་རྣམས་གང་བབ་མི་ཚུགས་ཀྱི། །བར་དུ་སྐྱོན་མེད་ཁ་དམར་ཐོགས། །ཡང་གཞི་ཕྱྭ་སོགས་ལ་མཁོ་བ་ཡི། །སྤྱིར་བཏང་སོ་སྐུང་ཉི་ཤུ་བཤད། །གཅིག་དང་བརྒྱད་ལ་དིང་དིང་ནས། །བཅུ་གཅིག་རྐང་སྔར་དུང་སྒོང་ན། །ཏི་སེ་གངས་ཀྱི་གཏིང་རུམ་ན། །སེང་གེ་དཀར་མོའི་སོ་སྐུང་ཚུགས། །ཡ་རབ་རྒྱལ་རྒྱུད་དག་ལ་བཟང་། །གཅིག་བརྒྱད་དིང་དིང་གཞིར་བཞག་ནས། །བཅུ་གཅིག་སྟེང་དུ་བབ་ལུགས་ལ། །ཨ་ཁད་རྩེ་མ་ནགས་ལ་རྒྱ་སྟག་དང་། །ཡར་ལྡིང་དཔའ་


MR16_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཁའ་ལ་གཡུ་འབྲུག་དང་། །བྱ་བུར་སྤང་ལ་ཉིག་རི་དང་། །མུ་ས་དིལ་དཀར་རི་ལ་ཡུ་མོ་དང་། །སུམ་མཉམ་གླག་མོ་རི་སུལ་ལྕགས་སྤྱང་དང་། །ཝ་ལྡི་བུ་བརྒྱག་ཝ་མོ་མཚལ་ལུ་དང་། །སྐྱེར་བྱ་དཀར་མོ་ཤིང་ལ་ནེའུ་ལེ་དང་། །གསེར་བྱ་ཟུར་ཐིག་མཚོ་ལ་ངང་པ་དང་། ཝ་སྐྱམ་བུ་བརྒྱག་མཚོ་ལ་མཚོ་སྨན་དང་། །ཆུ་སྤར་འབྲུག་ཐོག་ཆུ་ལ་ཆུ་སྲིན་དང་། །བྱ་བུར་གསེར་ཐིག་གཡའ་ལ་ཨོག་དཀར་དང་། །ཝ་ཚོ་ཁྲ་རྒན་བྲག་ལ་གཟིག་མོ་དང་། །ཤང་རྩེ་རུ་དཀར་བྲག་ལ་གང་དབྱི་དཀར། །ཀྱེ་བ་སད་ཁད་བྲག་རིར་དྲེད་མོང་དང་། །རུ་སོང་ཁ་ལེ་རྫ་རིར་འབྲོང་མོ་དང་། །གལ་བར་ཐོད་དཀར་རི་ལ་གླང་པོ་དང་། །སྤོ་ཚེ་མདོང་བུ་ཐང་ལ་རྐྱང་བུ་དང་། །སྐྱེར་སྨད་བུ་བརྒྱག་མཚོ་ལ་ཉ་མོ་དང་། །བྱ་རལ་རིན་ཆེན་ནགས་ལ་གསེར་སྤྲེལ་ཏེ། །དེ་དག་སོ་སོའི་སོ་སྐུང་ཚུགས། །གཞན་ཡང་བཅུ་གཅིག་བཟང་སྡེའི་རིགས། །གང་བབ་དེ་ལྟར་བསྒྲེས་ཏེ་དཔྱད། །གཞི་མགྲོན་ཇག་པ་ལ་སོགས་པར། །སོ་སྐུང་ཚུགས་ན་སྲོག་ཕྱྭ་བཙན། །ཡང་ཇག་པའི་སྐུངས་ཀྱི་དམིགས་བསལ་ལ། །ཁ་ལང་ཉ་ལང་དཔྱད་པ་ནི། །གཅིག་གི་ཁ་ལང་ཆེན་མོ་ན། །བསེ་ཡི་གླག་ནག་དགྲ་ལ་ཆས། །གཞི་འཛིན་གྱི་ནི་དཔའ་བླས་བྱེད། །གཉིས་ལ་སེ་སྟོད་ངན་རིགས་ན། །གླག་གི་ཕྱི་སྡེར་ཁྲག་ལ་ནུབ། །དགྲ་བོའི་བུ་ཚ་བུད་མེད་སོད། །དེ་བཞིན་ཁ་ལང་ཆེན་མོ་འདི། །བཅུ་གསུམ་བར་དུ་བབ་ཚུལ་ལ། །གཉིས་རྒྱ་བོད་ཟམ་སོར་སྒང་ཐུང་ཆས། །དེའི་གསུམ་ལ་མོ་རྒོད་རྣམ་གསུམ་ན། །སྔ་དྲོ་སྐུངས་ལ་ཐོག་ཤལ་འོང་། །སྐུང་ས་སྤོས་ལ་སོ་པ་བརྗེས། །གསུམ་རྒྱ་སྟག་ཕྲུ་གུ་ཚང་ནས་བུད། །མི་རྟ་ཆུང་རབ་དཔའ་ལ་མགྱོགས། །དེ་ཡི་བཞི་ལ་གློག་དམར་ན། །བྲག་ལ་སྟག་གཟིག་རྩེད་མོ་རྩེ། །ཉིན་གྱི་སྐུང་ས་བརླིང་བ་ཡིན། །


MR16_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཟུན་གྱི་དཔའ་བོ་དགྲ་ལ་ཆས། །བཞི་གཡུ་མཚོར་གཡུ་འབྲུག་ཞག་ས་བབས། །སྟག་དང་གར་མ་གཉིས་ཀ་དཔའ། །དེ་ཡི་ལྔ་ལ་སྐྱམ་ནག་སེ་སྟོད་ན། །འབྲུག་ཟེ་བ་དགྲ་ཡི་ཁྲག་ལ་ནུབ། །དགྲ་ཡི་གཞོན་ནུ་གར་མ་སོད། །སྐུང་ལ་ཐོག་བཤལ་མི་འོང་ངོ་། །ལྔ་གཉའ་རིང་ར་རྒན་བསྡད་པ་ཡིན། །དེ་ཡི་དྲུག་ལ་མོ་རྒོད་རྣམ་གསུམ་ན། །ཉིན་ཕྱེད་སྐུང་ལ་ཐོག་ཤལ་འོང་། །དྲུག་གསེར་བྲག་མཚལ་གླག་ལ་ཉེ་བྱེད། །དགྲ་བོའི་མདའ་མོ་རྒྱན་བཅས་ཐོབ། །སྐུང་ལ་ཐོག་ཤལ་མི་འོང་ངོ་། །བདུན་ཕུ་བོ་བས་ཀྱང་ནུ་བོ་དཔའ། །ཟུན་གྱི་དཔའ་བོ་དགྲ་ལ་ཆས། །བརྒྱད་རྟ་གཡུང་དྲུང་ཅན་གྱིས་བདུད་རྩི་ལོན། །དེའི་བརྒྱད་རྐང་སྤར་ལྡི་བུར་ན། །དབུས་ཀྱི་བྲག་དམར་བསམ་ཡས་ལ། །རྒོད་གླག་མ་བུ་རོལ་མོ་བྱེད། །གྲོགས་དང་ཕ་སྤུན་གཉིས་ཀ་དཔའ། །སྐུང་ལ་ཐོག་ཤལ་མི་འོང་ངོ་། །བརྒྱད་ལིང་ཤ་དགྲ་ལ་ཆས་པ་ཡིན། །དེ་ཡི་དགུ་ལ་སྐྱམ་ཟེ་ན། །ཀར་མ་བི་ཤྭས་བིང་ཆེན་བསྒྲིལ། །ལྷ་མིན་གཡུལ་ངོ་བཟློག་པ་ཡིན། །དགྲ་སོད་ནོར་ཐོབ་སྐུང་མི་འཇིགས། །དགུ་སྲིན་གྱི་ཟངས་རི་དིལ་ཆེན་ལ། །སྲིན་བྱ་འུག་པ་སོ་ལ་ཆས། །སྲིབ་ཀྱི་ཤང་ཁ་ལང་ལང་ལ། །མགོ་དམར་ཅན་གྱི་དགྲ་ངོ་ཡིན། །བཅུ་ལ་མོ་རྒོད་རྣམ་གསུམ་ན། །ཕྱི་དྲོ་སྐུངས་ལ་ཐོག་ཤལ་འོང་། །སྐུང་ས་སྤོས་ལ་སོ་པ་བརྗེས། །བཅུ་དགུང་ལ་གཡུ་འབྲུག་གསུང་སྐད་སྒྲོགས། །གླང་པོ་ཆེ་ལ་སྐེ་བེམ་རྒྱས། །ཁྱིམ་ལྟག་ཡོད་རི་དིལ་དཀར་ལ། །གར་མ་ཇག་པས་ནོར་བགོས་ཡིན། །དེའི་བཅུ་གཅིག་གལ་བར་ཐོད་དཀར་ན། །ཟུན་གྱི་དཔའ་བོ་དགྲ་ལ་ཆས། །དེའི་བཅུ་གཉིས་སློ་བྲག་ཏྲོང་གསུམ་ན། །མི་ཆེན་སོད་ལ་ནོར་ཆེན་ཐོབ། །བཅུ་གཅིག་དགྲ་བླའི་དུང་བྲག་ནས། །གཡུ་འབྲུག་སྔོན་མོའི་ཟེ་བ་བདར། །དེ་ཡི་


MR16_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་སློ་བྲག་ན། །འབྲུག་ཟེ་བ་དགྲ་ཡི་ཁྲག་ལ་ནུབ། །ཐང་གང་མི་སོད་ཤོག་གང་ནོར་ལོན་ཡིན། །བཅུ་གཉིས་ཡེ་ངམ་ས་མཚམས་དེར། །སྤྱང་མོ་དུན་མ་སོ་ལ་ཆས། །བྱང་འབང་ལུང་གཡོན་མར་ར་མདའ་ལང་། །དེ་ཡི་བཅུ་གསུམ་སོ་བྲག་ན། །ཟུན་ཁྲག་དགྲ་ཡི་སྔོན་དུ་འཐོར། །ཇག་པའི་ཕྱི་ལམ་ལད་པ་ཡིན། །བཅུ་གསུམ་སྨོན་པའི་སྙུག་རི་ལ། །དགྲ་བླའི་བྱ་ཁྱུང་རོལ་མོ་བྱེད། །བྱེས་ཀྱི་གཏམ་སྙན་ཁྱིམ་དུ་སྒྲོགས། །ལར་ཁ་ལང་བྱང་སྣམ་ཆེན་མོ་འདི། །དགྲ་བླའི་གཡུ་འབྲུག་སྐད་གྲགས་ཡིན། །གལ་བར་བཀྲ་ཆུང་གུར་བཀྲ་འདི། །གླང་ཆེན་ས་ལ་རབ་བརྟན་ཡིན། །འདི་གཉིས་སྲིད་པ་བརྟན་པའི་དགྲ་བླ་ཡིན། །རང་སའི་བཙན་སར་བབ་པ་ན། །རྐུང་ལ་ཐོག་བཤལ་མི་འོང་ཞིང་། །སྐུང་མི་འདྲོག་པ་ཡི་རྫིའུ་ཡིན། །ཕྱི་བཞིར་སྐུང་ཐོག་དགྲ་འོང་ཞིང་། །བྲུང་ཐོག་ཁྱི་ཡིས་བརྫི་པས་ན། །སྐུང་ས་སྤོ་ལ་སོ་པ་བརྗེ། །དགྲ་བྲུབ་བྱས་ལ་བྱེས་ལྷ་མཆོད། །ད་ནི་མ་ཟེ་འོལ་འོལ་དཔྱད། །གཅིག་ལ་མ་ཟེ་གླག་མིག་ནས། །གཉིས་ལ་སྤོ་བར་སློ་བརྒྱག་ན། །མཚལ་བུ་སྟེང་དཀར་ཐོབ་པ་ཡིན། །དེ་བཞིན་གཉིས་ལ་འདི་ལྟ་སྟེ། །སྐྱམ་བྲག་རུ་སོད་ནག་པོ་མདངས་ཅན་དང་། །སྐྱམ་བྲག་སེ་སྟོད་མོག་རོ་གཡུང་དྲུང་ཅན། །བྱ་མེད་ངང་ངུར་ལྟ་བུ་འཐོབ། །ཏྲོང་དང་སེ་སྟོད་མར་ཞུར་མདངས་ཅན་ཐོབ། །བྱ་རལ་ལུམ་གསུས་བྲ་རྐྱང་གཞུང་ཁྲེལ་ཐོབ། །ཕུང་ཁད་རག་པ་སྟག་རལ་ཐོབ། །ཨ་ཁད་དམར་པོ་མེ་ལྕེ་ཁ། །དེ་རྣམས་གསུམ་ལ་བྱ་ཡུན་གཡས་བརྒྱག་དགོས། །བབ་ལན་བརྗེས་ན་དེ་འདྲ་ཕར་ལ་འཆོར། །བཞི་དང་ལྔ་ཡང་དེ་དང་འདྲ། །བརྒྱད་དགུ་བཅུ་གཅིག་བཅུ་གཉིས་ཀྱང་། །དེ་དང་འདྲ་བར་དཔྱད་པར་བྱ། །ཡང་གཅིག་གཡའ་སྤང་ལོན་རྙེད་སོགས། །ཇག་མགྲོན་མན་ངག་འགའ་ཞིག་


MR16_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །གཡའ་སྤང་ལོན་བདུན་དཔྱད་པ་ན། །བདུན་གྱི་བྱོད་ཕུར་གཞིར་བཞག་ནས། །བརྒྱད་ཀྱི་སྟེང་དུ་བབས་ལུགས་ལ། །ཨ་ཁད་རྩེ་མ་སྟག་ལ་མོ་ཟུང་ལོན། །ཁ་ལེ་འབྲོང་ལ་བེམ་ཤ་ལོན། །བྱ་ཡུན་དཀར་མོ་བྱ་རྒོད་དང་རུ་ལོན། །ཁྱུང་བརྒྱད་དངུལ་མདངས་ཁྱུང་ལ་མེ་ཏོག་ལོན། །ཝ་རི་དོག་ཚང་ཝ་ལ་ཁ་སྤུ་ལོན། །སྐྱམ་གྱི་བུ་བརྒྱག་གཟིག་ལ་ཐིག་ལེ་ལོན། །སྐྱིན་དིང་གཡུ་ཐོག་ས་ནས་གསེར་ལོན་ཡིན། །གཞན་ཡང་བཟང་སྡེ་གང་བྱུང་དེ་དཔལ་ལོན། །དེ་རྣམས་གང་དང་གང་བབ་ཀྱང་། །དགུ་ལ་ཚོལ་ཚེ་ལུག་གུ་ན། །ལོན་པ་ཡང་དག་དེ་ལ་ཟེར། །ཝ་སྣ་བུང་ཚང་དཔྱད་པ་ནི། །གཅིག་ལྡི་བུར་གཉིས་ལ་བྱ་རལ་ན། །ཟུན་གྱི་ཝ་མོ་སྣ་ནག་མས། །དགྲ་ཡི་བུང་ཚང་ཆུང་བ་རྫོགས། །གསུམ་ལ་ཚོལ་ཚེ་ལུག་གུ་ན། །རྫོགས་པ་ཡང་དག་དེ་ལ་ཟེར། །དེ་བཞིན་བཞི་ལྔ་འབྲིང་པོ་སྟེ། །དྲུག་ལ་ཚོལ་ཚེ་བརྒྱག་ན་ངེས། །བརྒྱད་དགུར་འབྲིང་པོ་བཅུ་ཚོལ་ཚེ། །བཅུ་གཅིག་བཅུ་གཉིས་ཆེ་བ་སྟེ། །བཅུ་གསུམ་ཚོལ་ཚེ་ལུག་གུ་བབ་ན་ངེས། །ད་ནི་ཀུ་ཀུ་ཤ་ཆང་བཤད། །བཅུ་ལ་དཀར་ཐོག་བབ་པ་གཞིར་བཞག་ནས། །གཉིས་ལ་གང་བབ་དཔྱད་པ་ལ། །ཨ་ཁད་རྩེ་མ་རྒྱ་སྟག་ཤ་ཆང་གང་། །གློག་དམར་རི་སྤྱང་ཁ་ལེ་འབྲོང་བུ་དང་། །སྤོ་མ་ཟེ་མི་དྲེད་ངོ་དམར་དང་། །བྱ་ཡུན་དཀར་མོ་དུང་ཁྲ་དཀར་མོ་སོགས། །སྦྱར་ལ་བྱ་བུར་གསེར་ཐིག་དང་། །བྱ་རལ་རིན་ཆེན་ཁྱུང་བརྒྱང་དངུལ་མདངས་དང་། །དགོ་ཚང་སྐྱམ་གྱི་བུ་བརྒྱག་དང་། །རྐང་སྤར་དུང་སྒོང་ལ་སོགས་པ། །ཝེར་མ་དེ་དང་དེ་དག་ནི། །ཤ་ཆང་གང་ཞེས་རྙེད་ངོ་ཡིན། །ཁྱད་པར་རྐུན་མ་སོགས་ལ་བཟང་། །ཡང་གཉིས་དང་བཅུ་ཡི་དཔྱད་དེ་ནི། །རྒྱ་སྟག་མཆན་གྱི་བུ་ཟིན་


MR16_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །དཔྱད་པ་ཕར་ཆེར་འདྲ་བ་ཡིན། །བརྗེས་ན་ཕར་ལ་ཤོར་ཏེ་ངན། །ད་ནི་བག་ཚོ་འཛུམ་དྲུག་བཤད། །ཧྲང་ཟེ་ལྔ་བསྟུད་ལན་དུ་ནི། །བག་ཚོ་སྤུན་གསུམ་གང་བབས་ཀྱང་། །སྦང་དཀར་ཤིང་རྩེ་རྟ་ལ་འཛུམ། །རྟ་བརྒྱ་བོང་དང་བཅས་པ་ཐོབ། །དེ་ནང་ཁམས་པ་བཞི་རྒྱང་ཡོད། །དེ་མོ་མ་ང་ཡི་མོ་ཡོན་ཡིན། །རུ་སོད་ལྔ་བསྟུད་ལན་བག་ཚོ། །བྲེ་བོ་རུ་ཅན་འབྲི་ལ་འཛུམ། །འབྲི་མ་བརྒྱ་བུ་བརྒྱ་ཐོབ་པ་ཡིན། །མཛོ་ཁྱུང་དཀར་སྣ་མདོ་དཀར་བ་དེ། །མོ་མ་ང་ཡི་མོ་ཡོན་ཡིན། །ཚོལ་ཚེ་ལྔ་བསྟུད་ལན་བག་ཚོ། །ཡོ་བྱའི་རྒྱལ་པོ་ལུག་ལ་འཛུམ། །ལུག་མ་བརྒྱ་བུ་བརྒྱ་ཐོབ་པའི་ནང་། །ཁྲོམ་པོ་སྔོ་ཡུ་མོ་ཡོན་དགོས། །ཙེ་ར་ལྔ་བསྟུད་བག་ཚོ་ན། །རྣོ་མཚོན་གངས་དང་དབྱིག་ལ་ཡོད། །དེ་རེས་རྣོ་མཚོན་མང་པོ་ཐོབ། །རལ་གྲི་ཡུ་དམར་ངེད་ལ་དགོས། །དམུ་དག་ལྔ་བསྟུད་བག་ཚོ་ན། སྣ་ཐག་ཅན་གྱིས་མཆང་བ་གང་། །ཡུ་མོ་སྣ་ཅན་མོ་ཡོན་དགོས། །ཡར་ལྡིང་ལྔ་བསྟུད་བག་ཚོ་ན། །ཁྲབ་དཀར་མ་ཐོབ་དགུ་ཐོབ་ལ། །གསེར་ཝ་གཞུང་ཐུར་ཅན་དེ་མོ་ཡོན་དགོས། །ཡང་ཞོན་པ་མི་བཞི་བཤད་པ་ན། །བཅུ་གཅིག་སྟེང་དུ་དཔྱད་པ་སྟེ། །མ་ཟེ་ཨོག་དམར་རང་རྩེ་ཤ་བ་ཞོན། །ཨ་ཁད་རྩེ་མ་གེ་སྟོད་སྟག་ལ་ཞོན། །ཤང་རྩེ་རུ་དཀར་དམུ་མཐུར་རྐྱང་ལ་ཞོན། །ཁྱུང་བརྒྱང་མཚལ་ཐིག་ཡོ་བྱ་འདབ་དྲག་ཁྱུང་ལ་ཞོན། །དེ་ཁས་དྲག་ཞོན་པ་མི་བཞི་ཡིན། །སྐྱམ་མ་ཟེ་སྒོ་བཞི་དཔྱད་པ་ན། །གཅིག་སྐྱམ་མ་ཟེ་གཉིས་ལ་ནི། །ཨ་ཁད་སྒོ་བརྒྱག་ཤར་དུ་སོང་། །དགྲ་ཡི་རུ་བ་བཤད་མིར་ཕྲད། །དེ་བཞིན་བཞི་ལྔ་སོགས་ལ་འགྲེ། །ད་ནི་ཚང་བུད་དཔྱད་པ་ལ། །བཞི་དར་ལྔ་ཆག་ཚང་བུད་ནི། །ཁྱིམ་དུ་བབ་ན་ཆ་རན་ཡིན། །བྱེས་སུ་བབ་ན་འགྲོ་རན་ཡིན། །སྐུངས་སུ་བབ་ན་བཏེགས་རན་


MR16_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རྒྱུག་ཁར་བབ་ན་རྒྱུག་རན་ཡིན། །འཇབ་ཁར་བབ་ན་འཇབ་རན་ཡིན། །འདབ་ཆགས་རྣམས་ཀྱི་ཚང་བུད་ནི། །ཚང་མ་རྣམས་ཀྱི་ཆུང་བ་ཡིན། །ལྔ་དར་དྲུག་ཆག་ཚང་བུད་ནི། །འཛུད་དཔུང་ཕྱེ་ཁའི་ཚང་བུད་ཡིན། །སང་དང་བྲག་ཆེན་ཚང་བུད་གཡུལ་སྤྲོད་ཡིན། །ཚང་བུད་ནང་གི་ཆེ་བ་ཡིན། །ཚང་བུད་ནམ་བྱུང་ཕར་ལ་རྒྱུག་པ་གཅེས། །ད་བཞི་དར་ལྔ་ཆག་ཚང་བུད་བཤད། །བཞི་ལ་ཁྱུང་བརྒྱང་དངུལ་མདོང་ནས། །ལྔ་ལ་བྱ་རལ་ལུམ་གསུས་ན། །ཕོ་ལྷ་བྱ་དཀར་ཚང་ནས་བུད། །ཁམས་པ་འདྲེས་པ་ཁྱུ་གཅིག་ཐོབ། །བཞི་གློག་དམར་ལྔ་ལ་སྐྱམ་སེ་སྟོད། །དུང་ཁྲ་ཧོར་པ་ཚང་ནས་བུད། །དམར་པོ་འདྲེས་པ་ཁྱུ་གཅིག་ཐོབ། །དེ་བཞིན་བཞི་ལྔ་སྦྱང་ནས་སུ། །བྱ་ཡུན་དཀར་མོ་བྱ་མེད་སེ་སྟོད་ན། །ཐང་དཀར་ཚང་བུད་ཟག་ཞུར་འདྲེས་པ་ཐོབ། །བྱོད་ཕུར་ལང་ང་ལིང་ཆུང་སེ་སྟོད་ན། །སྦྲང་བུ་ཚང་བུད་སེར་པོ་འདྲེས་པ་ཐོབ། །སྐྱིན་དིང་གཡུ་ཐོག་བྱ་མེད་སེ་སྟོད་ན། །འུག་པ་ཚང་བུད་ངང་སེར་འདྲེས་པ་ཐོབ། །ནག་ཆུང་ཟལ་ཟལ་ཕུང་བར་ཨ་ཁད་ན། །སྐྱ་ག་ཚང་བུད་ཟལ་ཟལ་འདྲེས་པ་ཐོབ། །རུ་སོད་ཁ་ལེ་སྐ་བྲག་རུ་སོད་ན། ཕོ་རོག་ཚང་བུད་ནག་པོ་འདྲེས་པ་ཐོབ། །གལ་བར་ཐོད་དཀར་ནེ་ཆུ་སེ་སྟོད་ན། །འོལ་བ་ཚང་བུད་བྲ་རྐྱང་འདྲེས་པ་ཐོབ། །དིང་དིང་བྱ་ཤིང་བྱ་མེད་སེ་སྟོད་ན། །ཕ་ཝང་ཚང་བུད་གྲོ་བོ་འདྲེས་པ་ཐོབ། །འདི་རྣམས་གང་དང་གང་བབ་ཀྱང་། །མི་འགྱུར་རྟགས་སུ་བྱ་ཡུན་དཀར་མོ་དགོས། །བརྒྱད་བྱ་ཡུན་དཀར་མོ་ཚང་ནས་བུད། །བརྒྱད་བྱ་ཡུན་བརྒྱག་མེད་ཚང་སྒོར་བུད། །བདུན་ལ་བྱ་ཡུན་དཀར་མོ་ན། །ཚང་སྒོར་བུ་ལ་བསྣུན་པ་ཡིན། །བརྒྱག་མེད་ཚང་སྒོར་འདུག་པ་ཡིན། །སྙིགས་མ་གང་བབ་ཚང་དུ་རུལ། །ཚང་ནས་


MR16_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ན་དོ་ནུབ་རྒྱུག །ཚང་སྒོར་བུད་ན་སང་ནུབ་རྒྱུག །ཚང་དུ་བུ་བསྣུན་གནང་ནུབ་རྒྱུག །ཚང་སྒོར་འདུག་ན་གཞེས་ནུབ་རྒྱུག །ཚང་དུ་རུལ་ན་རྒྱུག་མི་གྲུ། །ཡང་ལྔ་དར་དྲུག་ཆག་ཚང་བུད་བཤད། །ལྔ་གློག་དམར་དྲུག་ལ་སྐྱམ་སེ་ན། །དུང་ཁྲ་ཧོར་པ་ཚང་ནས་བུད། །དགྲ་མི་དཔའ་བོ་སོད་ནས་སུ། །ཁམས་མདངས་འདྲེས་པ་ཁྱུ་གཅིག་ཐོབ། །དེ་བཞིན་ལྔ་དང་དྲུག་མལ་ལ། །བྱ་ཡུན་དཀར་མོ་བྱ་མེད་སེ་སྟོད་ན། །ཐང་དཀར་ཚང་བུད་ཡ་རབ་བུ་སོད་ནས། །ཟག་དཀར་འདྲེས་པ་ཁྱུ་གཅིག་ཐོབ། །ཁྱུང་བརྒྱང་དངུལ་མདངས་བྱ་རལ་ལུམ་གསུས་ན། །ཕོ་ལྷ་བྱ་དཀར་ཚང་ནས་བུད། །ཡ་རབ་མིང་ཡིག་ཁྱུང་ལས་དྲས་པ་སོད། །ཁམས་མདངས་འདྲེས་པ་ཁྱུ་གཅིག་ཐོབ། །ཨ་ཁད་རྩེ་མ་བྱ་རལ་ལུམ་གསུས་ན། །སྒོམ་ཁྱེར་ཕ་ཝང་ཚང་ནས་བུད། །དཔའ་མིང་སོད་ནས་མཚལ་བུ་ཐོབ། །རྐང་སྤར་ལྡི་བུར་བག་ལྡི་བྱ་མེད་ན། །དུང་ཁྲ་ཧོར་པ་ཚང་ནས་བུད། །བོན་པོ་སོད་ལ་གྲོ་སྔོན་ཐོབ། །རུ་སོད་ཁ་ལེ་རུ་སོད་ངན་རིགས་ན། །ཕོ་རོག་ནག་པོ་ཚང་ནས་བུད། །མི་འགྲུ་ཚ་སོད་ནས་རྟ་ནག་ཐོབ། །ལྔ་ལ་མ་ཟེ་གླག་མིག་དང་། །མ་ཟེ་གཡུ་ཡི་ཆུ་མིག་བབ། །དྲུག་ལ་སྐྱམ་བྲག་བྱ་རལ་ན། །བསེ་གླག་ཚང་བུད་བཙན་ལས་དྲས་པ་སོད། །རྟ་ནི་སེ་པོ་སྤུ་གསུམ་ཐོབ། །ལྔ་ལ་རུ་སོད་ཁ་ལེའམ། །ཡང་ན་རེ་སེ་ཀྱུ་ནེ་ནས། །དྲུག་ལ་བག་གི་ལྡི་བུར་བབས། །ཀླུ་སྦྲུལ་ཚང་བུད་ཀླུ་ལས་དྲས་པ་སོད། །སྨུག་པོ་རྣ་རྐྱ་འདྲེས་པ་ཐོབ། །པ་ཙ་ལ་རྔམ་ཕུད་སྐྱམ་སྐྱམ་སྔོན་ན། །རྒྱ་སྟག་ཚང་བུད་དཔའ་ལས་དྲས་པ་སོད། །རྟ་ནི་རག་པ་སྟག་ལག་ཐོབ། །ཁ་ཟེ་ཀླད་དམར་ཐང་ལེ་སྣ་དམར་ན། །དོམ་ནག་ཚང་བུད་མི་ནག་སོད། །རྟ་ནག་མདངས་འདྲེས་པ་ཁྱུ་གཅིག་ཐོབ། །ཛ་ཝང་ཛུ་ཝང་སུམ་མཉམ་སྒོ་བརྒྱག་ན། །གཡུ་འབྲུག་ཚང་བུད་མི་ཕོ་གྲགས་


MR16_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སོད། །མགོ་སྔོན་འདྲེས་པ་ཁྱུ་གཅིག་ཐོབ། །ལྔ་ལ་ལྕོག་མོ་བུ་བརྒྱག་དང་། །དྲུག་ལ་ཏྲོང་གི་ཧྲང་ཟེ་སྤོ་བར་སྒོ་བརྒྱག་ན། །སེང་ཕྲུག་ཚད་བུད་གཡེར་ཆེན་བུ་སོང་ནས། །མཚལ་རྐྱང་འདྲེས་པ་ཁྱུ་གཅིག་ཐོབ། །སྐྱེར་འུན་ར་བརྒྱག་སྐྱམ་ནག་སེ་སྟོད་ན། །ལྕགས་ཁྲ་ཚང་བུད་གླ་ལས་དྲས་པ་སོད། །ཟག་དཀར་འདྲེས་པ་ཁྱུ་གཅིག་ཐོབ། །ཁ་ལང་དང་ནི་ཏྲོང་ལྷང་ཏྲོང་མ་ཟེ། །བསེ་གླག་ཚང་བུད་དཔའ་བོ་སོད། །རྟ་མོག་རོ་འདྲེས་པ་ཁྱུ་གཅིག་ཐོབ། །སྐྱིན་དིང་བརྒྱག་ཅན་ལི་ཡན་སྐྱ་བཞིན། །གྱད་མོ་གོང་རྩེ་ཚང་ནས་བུད། །འཕེན་པོའི་བུ་ཚ་གླེན་པ་སོད། །རྟ་བོང་ཁ་གཞུང་ནག་པོ་ཐོབ། །དེ་རྣམས་གང་དང་གང་བབ་ཀྱང་། །མི་འགྱུར་རྟགས་སུ་གློག་དམར་དགོས། །འདི་གཅོད་དཔུང་བྱེད་ཁའི་ཚད་བུད་ཡིན། །གཞན་དུས་རྒྱུན་དཔྱད་པར་བྱ་བ་མིན། །བརྒྱད་ལ་གློག་དམར་ལྡི་བུར་ན། །ཚང་ནས་བུད་པའི་ཆགས་ཚད་ངེས། །བརྒྱག་མེད་ཚང་སྒོར་འདུག་པ་ཡིན། །བདུན་ལ་ཚད་དུ་བུ་བསྣུན་ཡིན། །ད་ནི་སང་ཆེན་ཚང་བུད་བཤད། །འདི་ད་རོག་དགུ་སངས་སངས་ཞེས་བྱ། །སྨོན་ཡུལ་ཐང་བཀྲར་བབས་ནས་སུ། །དགུ་ཡང་དུང་ཅིག་སེ་སྟོད་ན། །མཁའ་ལ་ཁྱུང་ཆེན་ཚང་ནས་བུད། །འདི་ནི་རྒྱལ་རྒྱུད་སོད་པ་དང་། །རྟ་ནི་ཁྱུང་འདྲ་ཐོབ་པ་ཡིན། །འདི་ནི་ཤིང་ཤག་མདའ་ཁྲི་སངས་ཞེས་བྱ། །རང་སར་བབ་ནས་ཕྱི་ས་ཆག །བྲག་ལས་བདུད་བྱ་ལྕོང་ཁྲ་ཆས། །བཙན་པོའི་བུ་སོད་རྟ་ནག་ཐོབ། །འདི་ཚར་གང་མདའ་ཁྲི་སངས་ཀྱི་བྱ། །གངས་དཀར་གངས་དབྱི་སོ་ལ་ཆས། །མི་ཡ་རབ་སོད་ནས་རྟ་ཁྲ་ཐོབ། །འདི་མ་རྒྱང་ཁྲི་ཐོག་སངས་


MR16_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱ། །ཙན་དན་ནགས་ནས་དོམ་བུ་ཆས། །མི་དཔའ་བོ་སོད་ནས་རྟ་ནག་ཐོབ། །འདི་ད་རོག་ཤ་བ་སངས་ཞེས་བྱ། །ཉིན་རྫ་རི་སྨུག་ནས་སྤྱང་ཐང་ཆས། །བཙན་པོའི་བུ་སོད་གྲོ་བོ་རྔོག་ནག་ཐོབ། །འདི་སྐྱེར་ནག་མུ་ཏ་སངས་ཞེས་བྱ། །བྲག་ནས་བསེ་ཡི་གླག་ནག་ཆས། །བཙན་པོའི་བུ་སོད་བྲ་སྐྱ་ཐོབ། །འདི་བྲག་ཚོལ་གཡག་རུ་སངས་ཞེས་བྱ། །སྤྲིན་ནས་གཡུ་འབྲུག་ཚང་བུད་ཡིན། །གཡེར་ཅན་བུ་སོད་རྟ་སྔོན་སྒབ་ནག་ཐོབ། །འདི་དམུ་དབལ་སྦྲང་བུ་སངས་ཞེས་བྱ། །གཙང་པོའི་ཀློང་ནས་ཟི་མ་མྱུར་མགྱོགས་ཆས། །མི་ཞར་བ་སོད་ནས་རྟ་ཁམས་ཐོབ། །འདི་ནག་ཤུལ་སྟག་མོ་སངས་ཞེས་བྱ། །ནགས་ནས་རི་བཀྲ་སྟག་མོ་ཆས། །མི་དཔའ་སོད་འོག་རྟ་སྨུག་བཀྲ་ཐོབ། །འདི་སོ་སྤེར་དུག་བཞི་སངས་ཅེས་བྱ། །གངས་རིའི་ཐེམ་ནས་གསའ་ནག་མིག་སེར་ཆས། །བཙན་པོའི་བུ་སོད་རྟ་ནི་གྲོ་བོ་ཐོབ། །འདི་མུ་ས་ལ་རྒོད་སངས་ཞེས་བྱ། །ཤེལ་བྲག་ནས་ཕོ་རོག་ནག་པོ་ཆས། །བོན་པོའི་བུ་སོད་རྟ་ནག་ཐོབ། །འདི་བྱ་ཡུན་གཡག་ཏ་སངས་ཞེས་བྱ། །གཡུ་མཚོའི་ངང་པ་སེར་པོ་ཆས། །བནྡེའི་བུ་སོད་དང་བ་ཐོབ། །འདི་ཀུ་དོ་མར་སྐེ་སངས་ཞེས་བྱ། །ཉིན་གདབ་ནང་ནས་སྦྲུལ་ནག་ཆས། །མི་ཞེ་ནག་སོད་ནས་མོག་རོ་ཐོབ། །འདི་ཙེ་ར་ཀུ་བྱི་སངས་ཞེས་བྱ། །ཉིན་རྡོ་བརྩེགས་དྲུང་ནས་རྒྱ་བོང་ཆས། །རྒད་པོ་སོད་


MR16_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུ་གཏིལ་ཐོབ། །འདི་ལྕོག་ཁྱིམ་འོལ་བརྒྱད་སངས་ཞེས་བྱ། །གཡའ་རི་ནས་གཡའ་བྱ་གོང་མོ་ཆས། །གོང་མོ་འདྲ་བའི་མི་ཟིན་ནས། །སྲེག་པ་འདྲ་བའི་རྟ་ཐོབ་ཡིན། །འདི་སྐྱེར་ཆེན་ངམ་རླུང་སངས་ཞེས་བྱ། །ནུབ་ལྕགས་རི་ནས་དྲེད་མོང་རལ་ཆེན་ཆས། །མི་སོད་ཁམ་པ་རྡོག་རིང་ཐོབ། །སངས་ཆེན་དེ་རྣམས་བརྒྱད་ལ་བབས། །དགུ་ལ་སེ་སྟོད་བབ་ན་ངེས། །རང་ས་མི་འགྱུར་རྟགས་སུ་ནི། །དམུ་དག་དྲང་ཤིང་དཀར་པོ་དགོས། །བཅུ་གཅིག་དམུ་དག་དྲང་ཤིང་ན། །སངས་ཆེན་ཚང་ནས་བུད་པ་ཡིན། །བཅུ་གཅིག་དམུ་དག་བརྒྱག་མེད་ཚང་སྒོར་འདུག །བཅུ་ལ་དམུ་དག་བརྒྱག་ཅན་ན། །ཚང་དུ་ཕྲུ་གུ་བསྣུན་པ་ཡིན། །དེ་བརྒྱད་དར་དགུ་ཆག་ཚང་བུད་ཡིན། །བརྗེས་ན་ངན་པའི་ངོ་ཡིན་པས། །ཁྱིམ་སར་བབ་ན་དྲ་མ་བཤོལ། །བྱེས་སུ་དགྲ་བྲུབ་སྐུང་སྤོ་བྱ། །ད་བྲག་ཆེན་ཚང་བུད་དཔྱད་པ་ལ། །ཕྱྭ་མི་མགོན་དཀར་པོའི་བླ་མདུད་འདི། །ལྔ་ལ་འདི་བས་བརྒྱད་ལ་ལི་ཡན་ན། །མི་མགོན་དཀར་པོ་ཚང་ནས་བུད། །ཡུལ་ཆེན་གྲུ་གུ་གནངས་སུ་ཐོབ། །དཀར་ནག་དམར་གསུམ་མོ་རྫོང་དང་། །སྤྱད་དང་ལྔ་ཁ་ཐོབ་པ་ཡིན། །འདི་ཡེ་གཤིན་དབང་རྫོགས་བླ་དེ་ཡིན། །ལྔ་ལ་འདི་བབ་བརྒྱད་ལ་ལི་ཡན་ན། །ཡེ་གཤེན་དབང་རྫོགས་ཚང་ནས་བུད། །དམེ་མུག་ནལ་གསུམ་ཡོད་པའི་མི་གཅིག་སོད། །གྲ་གལ་འོག་རྟ་ཁྱིམ་གཞིས་ཐོབ། །འདི་ལྔ་བབ་བརྒྱད་ལ་ལི་ཡན་ན། །དུང་སེང་ཚང་བུད་གཙོ་བོ་སོད། །གཡང་དཀར་ལུག་དེ་ཐོབ་ངོ་ཡིན། །དེ་བཞིན་ལྔ་བརྒྱད་འགྲེས་སྦྱར་ནས།


MR16_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་དཀར་ཚང་བུད་མ་རབ་སོད། །མདོ་རིས་ཅན་གྱི་རྟ་ཐོབ་ངོ་། །འདི་གཡུ་འབྲུག་ཚང་ནས་བུད་པ་ཡིན། །གྲགས་ཅན་སོད་ནས་མིང་ཅན་ཐོབ། །འདི་བྱ་ནག་ཚང་ནས་བུད་པ་ཡིན། །མགར་བ་སོད་ནས་བོང་དྲིལ་ཐོབ། འདི་སེང་དཀར་ཚང་ནས་བུད་པ་ཡིན། །མི་དབང་ཆེན་སོད་ནས་དབང་བེར་ཐོབ། །འདི་དཔལ་གྱི་གླང་ཆེན་ཚང་ནས་བུད། །འཕན་པོ་སོད་ནས་གནག་ཁྱུ་གླང་འདྲེས་ཐོབ། འདི་དྲེད་མོང་རལ་ཆེན་ཚང་ནས་བུད། །དཔའ་བོ་སོད་ནས་རྣོན་པོ་ཐོབ། །འདི་གངས་དབྱི་ཚང་ནས་བུད་པ་ཡིན། །དགྲ་མ་རབ་ལ་ཡོ་གསུམ་པ་སོད། །ཁྲབ་མིང་ཆེན་ཐོབ་པའི་ངོ་རུ་བཤད། །འདི་གང་དབྱི་དཀར་མོ་ཚང་ནས་བུད། །ཕོ་ངོ་ལྔ་སོད་ཁྲབ་ཅན་བཤུ། །འདི་ཕོ་རོག་ནག་པོ་ཚང་ནས་བུད། །དགྲ་བོན་བོ་སོད་ནས་རལ་གྲི་ཐོབ། །འདི་བསེ་ཡི་གླག་ནག་ཚང་ནས་བུད། །མ་རུམ་བུ་སོད་གཡུ་ཕུད་ཐོབ། །འདི་གཤིན་རྗེ་དགུ་རྫོགས་ཚང་ནས་བུད། །དགྲ་སྤུན་ལྔའི་ཕོ་བོ་སོད་པ་ཡིན། །ཤུབས་དམར་མགོ་ལ་མདངས་ཡོད་ཐོབ། རེ་ཏེ་མགོ་ཡག་ཚང་ནས་བུད། །སྤུན་གསུམ་པ་ཡི་ནུ་བོ་སོད། །མིང་པོ་གཉིས་ཀྱི་སྲིང་མོ་ཐོབ། །འདི་བཙན་ཡ་བ་རྐྱ་གཅིག་ཚང་ནས་བུད། །བཙན་པོའི་བུ་སོད་བསེ་ཤུབས་ཅན་དེ་ཐོབ།


MR16_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕུང་སྲི་མགོ་དམར་ཚང་ནས་བུད། །མི་གསུམ་སོད་ནས་དཀར་དམར་ནག་གསུམ་ཐོབ། །བྲག་ཆེན་འདི་རྣམས་ལྔ་ལ་བབ། །བརྒྱད་ལི་ཡན་བབ་ན་ཚང་པུད་ཡིན། །འདི་རྣམས་གཅོད་དཔུང་ཕྱེ་ཁའི་ཚང་བུད་སང་བྲག་འདི་རིགས་མདུད་པ་ཅུང་མི་དག་པས་སླར་བརྟག ཡིན། །གཞན་དུ་དཔྱད་པ་མ་ལགས་སོ། །འདི་རྣམས་གང་དང་གང་བབ་ཀྱང་། །རང་ས་མི་འགྱུར་བ་ཡི་རྟགས། །བྱ་བུར་གསེར་ཐིག་རང་སར་དགོས། །དེ་ཡང་བཅུ་གཅིག་བྱ་བུར་གསེར་ཐིག་ན། བྲག་ཆེན་ཚང་ནས་བུད་པ་ཡིན། །བརྒྱག་མེད་ཚང་སྒོར་འདུག་པ་ཡིན། །བཅུ་ལ་བྱ་བུར་བརྒྱག་ཅན་ན། །ཚང་དུ་བུ་ལ་བསྣུན་པ་ཡིན། །སྙིགས་མ་གང་བབ་ཚང་རུལ་ཡིན། །ལར་བྱ་བུར་བརྒྱག་ཅན་དུང་ཕོ་ཨ་གྲགས་འདི། །རིན་ཆེན་བྲག་གི་གཟོང་རྡོ་ཡིན། །ནག་པོ་བྲག་གི་གློ་མདའ་ཡིན། །གྲི་ཤིང་རྩེ་མོའི་ཤ་ཟུང་ཡིན། །འཕྲུལ་ཞགས་སྣ་ཡི་ཨ་ལོང་ཡིན། །ཕར་བཏབ་མི་ཟིན་གཅིག་ཀྱང་མེད། །ཟིན་ན་མི་ཐུབ་གང་ཡང་མེད། །འདིས་ཀྱང་མི་ཐུབ་ལན་འགའ་ཡོད། །སྟག་ཆུང་བུང་བའི་འཕང་མདུང་དེ། ཚང་བུད་བྱས་ནས་ཕར་ལ་ཐལ། །ལན་དུ་ཨ་ཁད་རྩེ་མ་ཡིན། །སྐྱི་སེར་རླུང་གི་ངད་པ་དེ། །གྲང་སིབས་སེ་བྱས་ནས་ཕར་ལ་ཐལ། །ལན་དུ་སྐྱིན་དིང་བབ་ན་ཡིན། །དུང་སེང་དཀར་མོའི་གཡུ་རལ་དེ། །སྔོ་ཁྱུག་གེར་བྱས་ནས་ཕར་ལ་ཐལ། །ལན་དུ་རྐང་སྤར་བབ་ན་ཡིན། །ཁྱུང་ཆེན་སྨུག་པོའི་ཕྱི་སྡེར་དེ། །ནག་འུབ་བེ་བྱས་ནས་ཕར་ལ་ཐལ། །ལན་དུ་ཁྱུང་བརྒྱང་དངུལ་མདངས་ཡིན། །གཡུ་འབྲུག་སྔོན་མོའི་གློག་ལྕེ་དེ། །དམར་ཁྱུགས་སེ་བྱས་ནས་ཕར་ལ་ཐལ། །ལན་དུ་ཧྲང་ཟེ་ཁ་ལང་ཡིན། །ཆ་ཚོད་ཉི་མ་དགུ་དུས་བཤད།


MR16_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་གློག་དམར་གཉིས་བྱོད་ཕུར། །དུང་ཁྲས་ལ་ཉི་བྱས་པ་ཡིན། །ནམ་ལང་དུས་ན་ཆ་རན་ཡིན། །བཞི་ལ་རྐང་སྤར་ལྔ་གསེར་བྱ། །དུང་ཁྱུང་ལ་ཉེ་སྔ་དྲོ་ཆ། །བརྒྱད་ལ་རེ་སེ་ལྔ་གླེས་སྨི། །ཀླུ་སྦྲུལ་ལ་ཉེ་དགུང་ལ་ཆས། །བཞི་ལ་རྔས་རྒོད་ལྔ་སོ་ཡོན། །དྲེད་མོང་རལ་ཆེན་ནམ་སྟོད་ལ། །བརྒྱད་གཡུ་ཐོག་དགུ་ཡི་ལི་ཡན་ན། །བྲག་བྱ་འུག་པ་ནམ་གུང་ཆས། །བཅུ་གཅིག་སུམ་མཉམ་གླག་མོ་དང་། །བཅུ་གཉིས་ཏྲོང་དམར་སེ་སྟོད་ན། །དུང་སྤྱང་གཟན་ཆས་ཐོ་རེངས་ལ། །ཆ་རན་དུས་ཚོད་འཛིན་པ་ཡིན། །ད་ཚང་མའི་ཚང་འདུས་བཤད་པ་ན། །བརྒྱད་ལ་མ་ཟེ་གླག་མིག་དང་། །དགུ་ལ་སྤོ་ཚེ་སྒོ་བརྒྱག་ན། །ཟུན་རྒྱ་སྟག་དམར་པོའི་ཚང་སྒོ་དེར། །དགྲ་ཅང་ཤེས་རྟ་ཡི་ཚང་འདུས་ཡིན། །ཇག་པ་རྐུང་ནས་མ་འབུད་དང་། །དགྲ་ཐུབ་ཐང་ཅན་ཞིག་ད་ལྟ་འོང་། །དགྲ་ལམ་ནོར་ལམ་དུ་ཞུགས་ནས་འོང་། དེ་བཞིན་བརྒྱད་དར་དགུ་ཆག་ཚུལ། །སུམ་མཉམ་བརྒྱག་ཅན་བག་ཚོ་བརྒྱག་མེད་ན། །སྤྱང་ཐང་ཚང་སྒོར་ལུག་འདུས་ཡིན། །སྤོ་མ་ཟེ་ཨོག་དམར་བག་ལྡི་ན། །འཕར་བའི་ཚང་སྒོར་ར་མ་འདུས། །གལ་བར་ཐོད་དཀར་སྤོ་བར་སྒོ་བརྒྱག་ན། །ཁྲ་ཡི་སྒོ་ཁར་གང་བ་མིག་དམར་འདུས། །སྐྱེར་འུན་ར་བརྒྱག་མ་རྐྱང་བྱོད་ཕུར་ན། །ལྕགས་ཁྲའི་ཚང་སྒོར་བྱེའུ་ཆུང་ལྕོག་ག་འདུས། །བྱ་བུར་གསེར་ཐིག་ཏྲོང་གི་སུམ་མཉམ་ན། །མོང་རྩེའི་ཚང་སྒོར་བྱི་བ་མ་སྨད་འདུས། །རུ་སོད་དཔལ་དར་བྱ་མེད་སེ་སྟོད་ན། །ཕོ་རོག་ཚང་སྒོར་འུག་པ་མིག་སེར་ཝ་ཚོ་ལྷ་རྒྱལ་སྤོ་བར་སྒོ་བརྒྱག་ན། །འབུ་སྤུར་གྲུམ་ཚང་སྤུ་རུ་རོག་པོ་འདུས། །རུ་སོད་ཁ་ལེ་སྤོ་ཚེ་སྲབ་ཆོད་ན། །འབྲོང་བུ་ཉལ་བར་རྐྱང་གི་སེ་ཏྲིག་བྱས། །བརྒྱད་ལ་སུམ་མཉམ་སུམ་སད་དང་། །དགུ་ལ་བྱོད་ཕུར་གླིང་ཞོན་ན། །སྤྱང་ཐང་ཉལ་བ་ལུག་


MR16_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསླང་། །གློག་དམར་ལྡི་བུར་བག་ལྡི་ན། །ཟུན་འཕར་བ་ཉལ་བར་ར་ཡིས་བརྡུང་། །ཁ་ལང་ཆེན་མོ་སེ་སྟོད་ན། །འབྲུག་ཚང་སྒོར་སེམས་ཅན་ཚེ་ཟད་འོང་། །ཏྲོང་ལི་ཤོ་བྱ་མེད་སེ་སྟོད་ན། །སྲེ་མོང་ཚང་སྒོར་བྲ་བ་འདུས། །དངུལ་རྒོད་དུན་ཙེ་བག་ལྡི་ཞོན་པ་ཅན། །དུང་སྤྱང་ཚང་སྒོར་ར་མ་འདུས། །ཚང་འདུས་འདི་རྣམས་བབ་པ་ན། །བཙན་པོའི་བུ་ལོན་ཉལ་ནས་སྐྱེ་བ་བཞིན། །ཚུར་ལ་འོང་བའི་དགྲ་ཐུབ་ཡིན། །བརྗེས་ནས་ཕར་ལ་དགྲ་ཚང་སྒོ་རུ་འདུས། །མཚེར་དང་སྐུང་ས་སྤོ་བར་གཅེས། །གཞན་ཡང་བརྒྱད་ཀྱི་ཁས་དྲག་དང་། །དེ་དེས་ཐུབ་ཐང་མོ་ངན་རིགས། །དགུ་ལ་བབ་ན་དེ་བཞིན་དཔྱད། །ད་ནི་ཚང་མའི་མགྲོན་སྒོ་དཔྱད། །གཅིག་གི་ཁ་ལང་གཉིས་སུམ་མཉམ། །གསུམ་ལ་ལྡི་བུར་བབ་པ་ན། །དབྱི་སྤྱང་གཉིས་ཀྱི་མགྲོན་སྒོ་ཕྱེ། །སྨོན་པས་ངམ་ལ་རྟ་གཡུ་ཐོབ། ། ཟ་མ་གསུམ་ན་ཆ་རན་ཡིན། །གཏིལ་ཟིན་ཤ་ལེན་ལོན་པ་ཡིན། །ཤར་གྱི་མགྲོན་སྒོ་ནུབ་ཏུ་དབྱེ། །བཞི་ལ་བྱ་ཡུན་ལིང་ཀུན་དང་། །ལྡི་བུར་ལྔ་ལ་བྱོད་ཕུར་བབས། །དྲུག་ལ་ཚོལ་ཚེ་བུ་བརྒྱག་ན། །ཁྲ་ཡི་མགྲོན་སྒོ་བྱིལ་ལ་ཕྱེ། །ལྷོ་ཡི་མགྲོན་སྒོ་བྱང་དུ་ཕྱེས། །ནོར་སྣ་ཅི་འདོད་ཐོབ་པ་ཡིན། །བརྒྱད་ལ་ཚོལ་ཚེ་དགུ་སྐྱེར་སྨད། །བཅུ་ལ་ཁྱུང་བརྒྱང་མདོང་བུ་ན། །སྲམ་གྱིས་མགྲོན་སྒོ་ཉ་ལ་ཕྱེ། །ཉ་ཚང་ནང་དུ་ལག་པ་ཚུད། །ནུབ་ཀྱི་མགྲོན་སྒོ་ཤར་དུ་དབྱེ། །བཅུ་ལ་ཨ་ཁད་བཅུ་གཉིས་བྱ་རལ་དང་། །བཅུ་གཅིག་ཁྱུང་བརྒྱང་མཚལ་ཐིག་ན། །སྟག་གི་མགྲོན་སྒོ་རྟ་ལ་ཕྱེ། །ནོར་དང་གོ་ས་ཇི་འདོད་ཐོབ། །བྱང་གི་མགྲོན་སྒོ་ལྷོ་རུ་དབྱེ། །ཡང་གཅིག་ལ་བྱ་ཡུན་ལིང་ཀུན་དཀར། །གཉིས་ལ་ཚོལ་ཚེ་གསུམ་པ་ལ། །ཏྲོང་གི་ལི་བྱིན་དཀར་མོ་ན། །སྐྱེས་ཕོད་དཀར་ཅན་གྱི་མགྲོན་སྒོ་ཕྱེ། །ཞི་བ་


MR16_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་བྱས་པ་ན། །གནང་ནོར་བཞི་བཅུ་རྩ་གསུམ་ཐོབ། །གཅིག་ཡར་ལྡང་གཉིས་ལ་སུམ་མཉམ་དང་། །གསུམ་ལ་བྱ་ཡུན་དཀར་མོ་ན། །ཁྲི་གཉན་དྲ་མ་ཡག་པ་ཡིན། །ཤར་དུ་མགྲོན་སྒོ་ཕྱེ་བ་ཡིན། །ཟ་མ་གསུམ་ནས་ཆེ་རེར་ན། །མི་རྒན་མགོ་སེ་སོད་པ་ཡིན། །གཅིག་ལ་བྱ་ཡུན་གཡས་བརྒྱག་དང་། །གཉིས་ལ་སྤོ་ཚེ་གསུམ་ལྡི་བུར། །ཤར་དུ་མགྲོན་སྒོ་ཕྱེས་པ་ཡིན། །སྐྱ་སྣར་དང་ནི་མཚལ་བུ་ཐོབ། །བཞི་ལྡི་བུར་ལྔ་ལ་ན་འབན་དང་། །དྲུག་ཚོལ་ཚེ་ཀླུ་ཡི་མགྲོན་སྒོ་ཁྱུང་ལ་བྱས། །ཀླུ་ཡིས་ཁྱུང་གི་སྒོ་ང་བཅག །ཟ་མ་ལྔ་ནས་ཆ་རན་ཡིན། །རྫོང་བཅོམ་རྟ་ཁྱུ་ཐོབ་པ་ཡིན། །བཞི་ཡི་ཁ་ལང་དང་དཀར་ཐོག །ལྔ་རུ་སོད་དྲུག་གི་ཚོལ་ཚེ་ན། །ལྕོང་མོ་འདྲ་བ་བཅུ་གཅིག་ཐོབ། །བཞི་ལ་ཧྲང་ཟེ་ལྔ་རུ་སོད། །དྲུག་ལ་ཨ་ཁད་གཡུང་དྲུང་ན། །སྟག་གཡག་གཉིས་ཀྱི་མགྲོན་སྒོ་བྱས། །ཆེ་བཙུན་དང་འཕྲད་ཡ་རབ་ཟིན། །མཚལ་བུའི་རྟ་ཐོབ་མཁར་ནོར་ཕེབ། །ཐ་མར་ཤག་ཤིག་འཁྲུགས་པ་བྱུང་། །བརྒྱད་ཀྱི་རང་སྙན་དགུ་སོ་ཡོན། །བཅུ་ལ་ཨ་ཁད་གཡུང་དྲུང་ན། །ལྷ་ཡི་མགྲོན་སྒོ་སྲིན་ལ་ཕྱེ། །དགྲ་ཡི་དོན་སྙིང་རྣམ་ལྔ་ཐོབ། །ཟ་མ་དགུ་ནས་ཆ་རར་ན། །བརྒྱད་ཀྱི་རུ་སོད་དགུ་ཁྱུང་བརྒྱད། །བཅུ་ཡི་ཚོལ་ཚེ་ནུབ་སྒོ་ཕྱེ། །དམར་མགོ་ཞུར་འདྲེས་པའི་རྟ་དགུ་ཐོབ། །བརྒྱད་ལ་ཝ་ཚོ་ལྷ་རྒྱལ་དང་། །དགུ་ལ་སྤོ་བར་སྒོ་བརྒྱག་དང་། །བཅུ་ལ་ཨ་ཁད་གཡུང་དྲུང་ན། །སྨོན་པའི་མགྲོན་སྒོ་ངམ་ལ་ཕྱེ། །དགྲ་སོད་ནོར་ཐོབ་འོང་ངོ་ཡིན། །ཡང་རུ་སོད་གསུམ་བསྟུད་དགུའི་ཚོལ་ཚེ། །ཕྱྭ་ཡི་མགྲོན་སྒོ་བདུད་ལ་ཕྱེ། །ཟ་མ་དགུ་ན་ཆ་རན་ནོ། །སྐྱིན་དིང་གསུམ་བསྟུད་དགུ་ཚོལ་ཚེ། །གྲིབ་ཆེན་འདུས་ནས་ཆ་རན་ཡིན། །བྱང་དུ་མགྲོན་སྒོ་ཕྱེ་བ་ཡིན། །ལྷང་ཟེ་གསུམ་བསྟུད་དགུ་ཚོལ་ཚེ། །བྱང་དུ་སྒོ་ཕྱེ་རྟ་ཐོབ་ངོ་། །


MR16_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བུར་གསུམ་བསྟུད་དགུ་ཚོལ་ཚེ། །དམར་པོ་ཁྱུ་གཅིག་ཐོབ་པ་ཡིན། །རུ་སོད་གསུམ་བསྡུར་དགུ་ཚོལ་ཚེ། །མཛོ་དང་གཡག་ནི་ཐོབ་ངོ་ཡིན། །བྱོད་ཕུར་བྱ་ཡུན་གསུམ་བསྟུད་དགུའི་ཚོལ་ཚེ། །ཁྲ་ཁྲ་འདྲེས་པ་ཁྱུ་གཅིག་ཐོབ། །ན་འབན་གསུམ་བསྟུད་དགུའི་ཚོལ་ཚེ། །རྟ་ཁྱུ་མྱུར་དུ་ཐོབ་པ་ཡིན། །ལི་ཡན་གསུམ་བསྟུད་དགུའི་ཚོལ་ཚེ། །ལི་ཡན་གཡང་དུ་གྱུར་པ་སྟེ། །དགྲ་མེད་ནོར་གྱི་ཡུལ་དུ་ཕྱིན། །བཞི་ཡི་ཁ་ལེ་གཉིས་ཀྱི་སྐྱམ། །གསུམ་ཚོལ་ཚེ་ཕུང་ཕུ་ཐང་སྐམ་ནས། །སྒ་སྡེས་ཆུ་རྙེད་ཚ་ཞང་མིང་གསུམ་སོད། །རྩོད་པའི་དོན་དེ་ཐོ་རངས་འགྲུབ། །དེ་ལྟར་མགྲོན་སྒོ་དཔྱད་པ་ཡང་། །མགྲོན་མོའི་བྱིན་ལེན་སྐབས་ལྟར་དཔྱད། །རང་ས་བཟང་ཞིང་ཕྱིས་ན། །དེ་ཡི་ཐུབ་ཐང་བབ་པའམ། །ཡང་ན་ངན་པའི་སྡེ་རིགས་བབ། །དོན་ས་བཟང་པོ་གང་བབ་ཀྱང་། །མགྲོན་སྒོ་ཕྱེ་ཞིང་བྱིན་ལེན་འཕྲོད། །ཡང་གཅིག་དགྲ་བླ་གཟན་ཕྲད་བཤད། །གཅིག་གི་ཨ་ཁད་རྩེ་མ་འདི། །ཝེར་མ་རྒྱ་སྟག་དམར་པོ་ཡིན། །འདི་ལ་གཟན་གཅིག་ཡོད་པ་དེ། །བྱང་གི་འབྲོང་བུ་རུ་སྔོན་ཡིན། །བཅུ་གཅིག་རུ་སོད་ཁ་ལེ་ན། །རྒྱ་སྟག་གཟན་དང་འཕྲད་པ་ཡིན། །ད་རེས་འདོད་པའི་མི་གཅིག་ཟིན། །ད་རེས་འདོད་པའི་རྟ་གཅིག་ཟིན། །དམར་པོ་ཅན་དེ་མ་བཏང་དང་། །དེ་ནི་ནོར་གྱི་སྡོང་པོ་ཡིན། །དེ་བཞིན་གཅིག་དང་བཅུ་གཅིག་ལ། །བབ་ལུགས་གཞན་ལ་ཁ་བསྒྱུར་ཏེ། །སུམ་མཉམ་གླག་མོ་ཚོལ་ཚེ་ལུག་གུ་ན། །རི་སྤྱང་ལུག་གི་གཟན་དང་འཕྲད་པ་ཡིན། །གློག་དམར་བག་ལྡིའམ་སྐྱམ་གྱི་མ་ཟེ་བརྒྱག །འཕར་བ་དམར་པོ་ར་ཡི་གཟན་དང་འཕྲད། །སྒང་སྤར་དུང་སྒོང་ཨ་ཁད་རྩེ་མ་ན། །སྒང་ཐང་སྔོན་པོ་སྟག་གི་གཟན་དང་འཕྲད། །བྱ་བུར་གསེར་ཐིག་ནག་ཆུང་ཟལ་ཟལ་ན། །སྲམ་བུ་མགོ་


MR16_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཉ་ཡི་གཟན་དང་འཕྲད། །སྐྱེར་བྱ་དཀར་མོ་བྱོད་ཕུར་བབ་པ་ན། །ནེ་ལེ་དཀར་ཆེན་བྲ་བའི་གཟན་དང་འཕྲད། །ཡེ་སྟོད་ཙི་ལི་དང་ནི་ན་འབན་ན། །མི་དྲེད་ངོ་དམར་གྲོག་མའི་གཟན་དང་འཕྲད། །བྱ་རལ་རིན་ཆེན་མུ་ས་དིལ་དཀར་ན། །ཤ་ཁྱི་རྒྱུག་སྐྱེན་ཡུ་མོའི་གཟན་དང་འཕྲད། ཁྱུང་བརྒྱང་སྨུག་ཐོག་དམར་ཐོག་སེ་སྟོད་ན། །ཁྱུང་ཆེན་ཤ་ཡི་གཟན་དང་འཕྲད། །མུ་ས་བྱ་ཡུན་ཏྲོང་གི་སྲང་ཟེ་ན། །བསེ་གླག་ཆེན་པོ་གཟན་དང་འཕྲད། །བྱ་ཡུན་དཀར་མོ་དཀར་ཐོག་དུང་ཁྲ་དང་། །རུ་སོད་ཁ་ལེ་སྐྱམ་བྲག་ཚོལ་ཚེ་འབྲོང་། །ཚོལ་ཚེ་ཁྲ་ཆུང་ལྡི་བུར་ཤིང་རྩེ་འབར་བ་དང་། །པ་ཚལ་རྔམ་བྱ་ཡུན་དཀར་མོ་ཝ་ལྕམ་དམར། །སྐྱམ་ཆུང་བུམ་བ་སྣམ་བུ་ཚོལ་ཚེ་ཉ་མོ་དང་། །རུ་སོད་ཁ་ལེ་སྤོ་ཚེ་མདོང་བུ་ནི། །ཝེར་མ་འབྲོང་བུ་དར་མ་གཟན་ཕྲད་སོགས། །གཞན་ལའང་ཐུབ་ཐང་དང་སྦྱར་རིགས་བསྒྲེས་ལ། །དགྲ་ཐུབ་ནོར་ཐོབ་མདུད་པ་ཤེས་པར་བྱ། །གཞན་ཡང་གཅིག་གི་བབ་ལུགས་ལས། །ནོར་གྱི་གྲངས་དང་ངོ་བོ་དང་། །བཅུ་གཅིག་ཐོབ་དང་མི་ཐོབ་དཔྱད། །བཅུ་གཅིག་བཅུ་གཉིས་དཔྱད་པ་ལས། །ཡེ་ངམ་དྲ་མ་ལེགས་ཉེས་དང་། །གཅིག་བརྒྱད་ལེགས་པར་བཅུ་གཅིག་གིས། །སྨ་བབ་ཐོག་བཤལ་འབྱུང་ཚུལ་དང་། །བདུན་བཅུ་ཉིན་སྲིབ་དཔྱད་ལས་ནི། །ཐུག་ཕྲད་ཕར་ཚུར་མཐོང་བའི་དཔྱད། །དེའི་རྒྱལ་ཕ་མ་བཅུ་གཅིག་དཔྱད་པ་དང་། །རང་སའི་ཏིང་ཆུ་དཔྱད་པ་སོགས། །ཤིན་ཏུ་མང་པོ་ཞིག་ཡོད་པ། །མོ་དཔྱད་གཞན་ལས་ཤེས་པར་བྱ། །ཁ་ཕར་གྱུ་ཚུར་གྱུ་བཤད་པ་ན། །ཁས་དྲག་ཐམས་ཅད་ལེན་མི་ཡིན། །ཁས་དམན་ཐམས་ཅད་སྦྱིན་མི་ཡིན། །གཡས་བརྒྱག་ལེན་མི་གཡོན་བརྒྱག་སྦྱིན། །མ་བརྒྱག་སྦྱིན་མི་བུ་བརྒྱག་ལེན། །སྒོ་བརྒྱག་སྦྱིན་མི་ཕུག་བརྒྱག་ལེན། །ནག་རིགས་སྦྱིན་མི་དཀར་


MR16_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལེན། །དཔའ་བོ་ཐང་ཆེན་ལེན་མི་དང་། །བྱུར་པོ་སྣ་ནག་སྦྱིན་མི་ཡིན། །སྤོ་བྲག་སྦྱིན་མི་སོ་བྲག་ལེན། །སང་ཕྲན་སྦྱིན་མི་སང་ཆེན་ལེན། །སྤོ་སང་སྦྱིན་མི་སོ་སངས་ལེན། །སྦྱིན་མི་ཐམས་ཅད་ཕྱི་སར་དགོས། །ལེན་མི་ཐམས་ཅད་རང་སར་དགོས། །ཝེར་མ་རང་སར་སེ་སྟོད་ཕྱི་སར་དགོས། །སྐྱིན་དིང་རང་ས་བྱ་རལ་ཕྱི་སར་དགོས། །གལ་བར་རང་ས་རུ་སོད་ཕྱི་སར་དགོས། །ཚོལ་ཚེ་རང་ས་གྱོད་ངོ་ཕྱི་སར་དགོས། །སང་རིགས་རང་ས་སློ་བྲག་ཕྱི་སར་དགོས། །དེ་ལྟར་བབ་ན་ཟ་ཁ་ཕར་ལ་གཏད། །བརྗེས་ན་དགྲ་ཡི་ཟ་ཁ་ཚུར་ལ་གྱུ། །བཟང་པོ་རང་ས་ནས་ནི་ཕྱི་སར་སོང་། །གྱ་གྱུ་བྱས་པ་ངན་པ་ཡིན། །རང་སར་འཁོར་ན་ཚུར་ལོན་ཡིན། །བསྟུད་ནས་ལན་ལད་རྒྱུག་ལོག་ཡིན། །སྨད་དུ་བཙན་ཀྱང་མོ་སྟོད་དུ། །སྐྱེར་གྱིས་བཅད་ན་ལད་པ་ཡིན། །ལན་ངན་པས་བསླད་ན་ལད་པ་ཡིན། །འདི་གསུམ་དཔའ་བོ་ཐང་ཆེན་ཡིན། །འདི་གསུམ་བྱུར་པོ་སྣ་ནག་ཡིན། །མདུང་རྩེ་བ་དཔའ་བོ་ཐང་ཆེན་ཡིན། །འགར་འགོབ་བྱུར་པོ་སྣ་ནག་ཡིན། །ཐང་ཆེན་རྩེ་མོ་ཝ་ཚོར་སོང་བ་དང་། །བྱ་ཡུན་སོང་ན་ཁས་དྲག་ཡིན། །མུ་སར་སོང་ན་ཁས་ཞན་ཡིན། །བྱུར་སྣ་ནག་ལ་དཔའ་རྡོ་བྲག་གསུམ་ཡོད། །དཔའ་རྡོ་བྲག་གི་ཁས་དྲག་ཡིན། །ཡུ་མོ་བྲག་གི་ཁས་དམན་ཡིན། །སྤྱིར་སོ་བྲག་ནག་པོ་འཕེལ་ཆེན་ཡིན། །སྤོ་བྲག་དཀར་པོ་ལ་སེ་ཡིན། །སོ་བྲག་སྤོ་བྲག་འདྲེས་པ་དང་། །ཐང་ཆེན་སྣ་ནག་འདྲེས་པ་ན། །ཝེར་མ་རེ་འབྱམས་འདྲེས་པ་ཡིན། །དེ་ཡི་བཅུ་


MR16_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཅུ་གསུམ་ལ། །བྲག་གི་རྫིའུ་ཡར་ལྡང་དགོས། །དབྱིག་རིགས་ཁ་སྤྲོད་བཅོ་བརྒྱད་དང་། །དཔའ་རྡོ་བྲག་རྣམས་འདྲེས་པ་ན། །དབྱིག་དང་དཔའ་རྡོ་འདྲེས་པ་ཡིན། །བཅུ་གསུམ་རྫིའུར་སངས་གཅིག་དགོས། །ཡང་སངས་ལ་དཔའ་སྡར་མཛངས་གསུམ་ཡོད། །སོ་སངས་ཐམས་ཅད་དཔའ་བོ་ཡིན། །སྤོ་སངས་ཐམས་ཅད་མཛངས་པ་ཡིན། །སངས་སྒོ་བརྒྱག་ཐམས་ཅད་སྡར་མ་ཡིན། །སངས་ལ་རྒྱལ་བློན་འབངས་གསུམ་ཡོད། །ཡ་རབ་མ་རབ་དཀར་ནག་ཡོད། །སངས་ཆེན་སུམ་ཅུ་རྩ་དགུ་ཡོད། །ཁ་ཡེ་སངས་དང་བཞི་བཅུ་ཡོད། །དཔེ་ནི་ཐང་དཀར་རྒོད་དང་འདྲ། །གོད་རོ་མིན་པར་མི་ལྡང་ངོ་། །སངས་ཆེན་རང་སའི་བཙན་སར་དགོས། །སེ་སྟོད་ནག་པོ་ཕྱི་སར་དགོས། །སངས་ཕྲན་ཉི་ཤུ་རྩ་བརྒྱད་ཡོད། །དུན་དུན་སངས་དང་རྩ་དགུ་ཡོད། །སངས་ཕྲན་དཔེ་ནི་སྦྲང་བུ་འདྲ། །ཤ་རུལ་མིན་པར་མི་འབབ་བོ། །སངས་ཕྲན་རྣམས་ནི་རང་སར་དགོས། །སེ་སྟོད་ཆུ་སྤར་ཕྱི་སར་དགོས། །ཝེར་མ་གླེ་རིང་རེ་འབྱམས་གསུམ། །དབྱིག་དང་དཔའ་རྡོ་མགར་ཚང་གསུམ། །བྱ་ཁྱུང་རུས་སྦལ་ཕུར་ཐོག་གསུམ། །ཆང་ཁྲ་དེ་གསུམ་རང་སར་བབས། །ཕྱི་སར་ཆག་ན་དགྲ་བོ་སོད། །ཕྱི་ནང་ཕྱག་རྩེ་མ་ནོར་དཔྱད། །དེ་ལྟར་ཚང་བུད་ཚང་འདུས་དང་། །ཕྱི་ནང་རྒྱལ་ཕམ་ཤེས་བྱས་ནས། །ད་ནི་གདོང་བཟློག་རིགས་རྣམས་བཤད། །ཆས་ལ་ཁད་ཀྱི་རྟིང་ལྡེམ་ལ། །གཅིག་སྐྱེར་གཉིས་ཀྱི་གློག་དམར་ལྡི་བུར་ན། །ལྕགས་ཁྲ་ཆས་པ་འོལ་བས་བཤོལ། །ཆས་ལ་ཁད་ཀྱི་གཏིང་ལྡེམ་ཡིན། །དེ་བཞིན་གཅིག་དང་གཉིས་ལ་ནི། །ལི་ཡན་རྐང་སྤར་དབྱི་དཀར་གྲུམ་པས་བཤོལ། །སེ་སྟོད་བྱོད་ཕུར་རྨ་ཁྱིམ་སོ། །ཆུང་མའི་རུམ་དུ་གཉིད་པ་ཡིན། །སེ་སྟོད་དང་ནི་རང་སྙན་ན། །ཕྱོ་མ་སྲུ་མོའི་གར་ལ་གཡེང་། །དང་མ་ལི་བྱིན་ཤ་


MR16_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་གདོས་ལ་ཐོགས། །སོ་ཡོན་སྤོ་བར་གྱི་ལིང་འདོམ་ལ་ཟུག །བྱ་ཡུན་བྱ་མེད་ངང་པ་གཤོག་པ་ཆད། །བྱ་རལ་ཁྱུང་བརྒྱད་དུང་ཁྱུང་རྐང་པ་ཆག །ཐང་ལེ་མུ་ས་གླག་མོ་ཕྱི་སྡེང་འདྲེད། །བྱ་རལ་ཨ་ཁད་སྟག་མོ་ཚང་ལ་ཉལ། །ཏྲོང་དང་སུམ་མཉམ་སྤྱང་མོ་གདོང་ལ་བརྒྱུས། བྱོད་ཕུར་རུ་སོད་འབྲོང་བུ་རྫས་ཞེ་ན། །ཡང་ལྡང་ཚོལ་ཚེ་སྤྲང་པོའི་བེ་རག་གཡུག །འདི་རྣམས་ཆས་ལ་ཁད་ཀྱི་གཏིང་ལྡེབ་ཡིན། །རྒྱུག་ལ་ཁད་ཀྱི་གདོང་ལྕག་ལ། །ལྔ་ལ་གློག་དམར་ལྡི་བུར་དང་། །དྲུག་ལ་གར་བར་ཐོད་དཀར་ན། །ཁྲ་རྒོད་རྒྱ་ལ་འཐུམ་པ་ཡིན། །རྒྱུག་ལ་ཁད་ཀྱི་གདོང་ལྕག་ཡིན། །དེ་བཞིན་ལྔ་དང་དྲུག་མལ་དུ། །གལ་བར་ཐོད་དཀར་ཁྱུང་བརྒྱང་བརྒྱག །གླུང་ལ་ཁྱུང་གི་གདོང་ལྕག་བརྒྱག །ནག་ཤལ་དོམ་བུ་བྱི་མིག་སྟག་སྤུང་ན། །གྲུམ་པས་སྟག་ལ་གདོང་ལྕགས་བརྒྱབ། །སྐྱམ་ནག་སེ་སྟོད་ཁ་ལང་ཆེན་པོ་ན། །དགུང་སྔོན་བོང་བས་མནན་པ་ཡིན། །རུ་སོད་དཀར་ཐོག་འབྲོང་གི་ར་ཅོ་བུད། དམར་ཐོག་སེ་སྟོད་ཨ་ཁད་ཙེ་མ་ན། །རྒྱ་སྟག་མཆེ་བ་བུད་པ་ཡིན། །ཏྲོང་དམར་སེ་སྟོད་སུམ་མཉམ་ན། །སྤྱང་མོ་གལ་ལ་ཟིན་པ་ཡིན། །གལ་བར་གཡས་བརྒྱག་བྱ་བུར་ན། །གླང་པོ་ཆེ་ལ་སྣ་འཇུ་བརྒྱུས། །སྐྱམ་བྲག་ལྡི་བུར་སྐྱིན་དིང་བརྒྱག །རྒྱ་བཀྲའི་ཕྱི་སྡེར་འདྲེད་པ་ཡིན། །མུ་ས་གལ་བར་གླག་ནག་ཕྱི་སྡེར་འདྲེད། །སྤོ་བར་རུ་སོད་ཁ་ལེ་ན། །དཔའ་བོས་དོང་གི་གལ་ཁུང་བརྫིས། །བྱ་རལ་ཁྱུང་བརྒྱང་མདོར་བུ་ན། །བྱེའུ་ཆུང་སྙི་ལ་ཟིན་པ་ཡིན། །དྭངས་མ་ཁ་ལང་གཡུ་འབྲུག་རྒྱབ་ལོག་བྱས། །སྤོ་ཚེ་མདོང་བུ་མ་ཟེ་ཨོག་དམར་ན། །རྒྱལ་པོ་རྐང་ཐང་འགྲིམ་པ་ཡིན། །བྱ་མིད་སེ་སྟོད་ན་འབན་ན། །གསའ་དབྱི་འདམ་ལ་ཟུག་པ་ཡིན། །འདི་རྣམས་རྒྱུག་ལ་ཁད་ཀྱི་གདོང་ལྕག་ཡིན། །གཅོད་དཔུང་ཕྱེས་ནས་གཅོད་མ་རྣམས། །རྒྱུག་ཁར་བབ་ན་ངན་པ་ཡིན། །ད་འབྲོས་ལ་ཁད་ཀྱི་ལམ་ལོག་དཔྱད། །དྲུག་ལ་ཨ་ཁད་རྩེ་མ་


MR16_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བདུན་ལ་གློག་དམར་ལྡི་བུར་ན། །རྒྱ་སྟག་ནགས་ཚལ་བཀྲ་བ་ཡིན། །བྲོས་ལ་ཁད་ཀྱི་ལམ་ལོག་ཡིན། །དེ་བཞིན་དྲུག་བདུན་གནས་མལ་དུ། །སྤོ་ཚེ་མདོད་བུ་ཛ་ཝང་ཛུ་ཝང་ན། །རྐྱང་གི་གུག་ར་བཀྲ་བ་ཡིན། །སོ་ཡོན་ལག་ཆག་རུ་སོད་ཁ་ལེན། །འབྲོང་བུ་རྫ་ལ་ཆགས་པ་ཡིན། །བྱ་རལ་རིན་ཆེན་ཁྱུང་བརྒྱང་མདོང་བུ་ན། །ཁྱུང་ལ་ནོར་བུས་འཐེན་ཐག་ཡིན། །གསེར་བྱ་བྱ་ཡུན་དཀར་མོ་ན། །ཐང་དཀར་སེན་སྐྱི་ཆད་པ་ཡིན། །སོ་ཡོན་བརྒྱག་ཆེན་ཝ་ཚོ་གློག་དམར་ན། །དོམ་དྲེད་ནགས་ལ་ཕྱི་ཆགས་ཡིན། །རྐང་སྤར་ལྡི་བུར་སུམ་སད་ཡེ་རྡོད་ན། །སེང་གེ་དགུང་མཐོང་བྱེད་པ་ཡིན། །འདི་རྣམས་གྲོས་ལ་ཁད་ཀྱི་ལམ་ལོག་ཡིན། །གཏིང་ལྡེམ་ཕར་ལ་ཆས་དུས་ཡིན། །གདོང་ལྕགས་དགྲ་ལ་རྒྱུག་དུས་ཡིན། །ལམ་ལོག་ཚུར་ལ་འོང་དུས་བརྩི། །དེ་རྣམས་མེད་ན་བཟང་བར་ངེས། །ད་ནི་ཐུག་ཕྲད་དཔྱད་པ་ལ། །ར་མདའ་དང་ནི་དམག་ཆེན་ལ། །ཐུག་ཕྲད་མེད་ན་འབྱམས་པ་ཡིན། །མཐོ་ནམ་མཁའ་དར་གྱིས་གང་ན་བཟང་། །བར་སྣང་ལྕགས་ཀྱིས་གང་ན་བཟང་། །ས་གཞི་རྟ་ཡིས་གང་ན་བཟང་། །འཕྲུ་དཀར་དམར་སྡོ་གསུམ་འདྲེས་ན་བཟང་། །དགྲ་ཆོམ་ཟུན་ཆོམ་འདྲེས་ན་བཟང་། །བྲག་མདུང་རྩེ་འདྲ་བ་འདྲེས་ན་བཟང་། །དབྱིག་དང་དཔའ་རྡོ་འདྲེས་ན་བཟང་། །རྣོ་མཚོན་མཚལ་ཁྲག་འདྲེས་ན་བཟང་། །སྔ་རུ་སྲབ་མདའ་འདྲེས་ན་བཟང་། །འདི་རྣམས་བབ་ན་ཐུག་ཕྲད་ཡིན། །ཐུག་ཕྲད་དགོས་ན་འདི་རྣམས་བརྟག །དར་ངོ་མཚོན་ངོ་རྟ་ངོ་རྣམས། །སྟོད་པར་སྨད་དུ་འགུལ་བ་དང་། །བྱ་ཡུན་དཔའ་བོ་སྡེ་དྲུག་དང་། །ཙེ་ར་ཝ་ཚོ་ཡར་ལྡིང་རྣམས། །ཕྱི་ནང་མེད་པར་འདྲེས་པ་ན། །འཕྲུ་དཀར་དམར་སྔོ་གསུམ་འདྲེས་པ་ཡིན། །འཕྲུ་ལ་དང་མའི་རྫི་འདི་འཇིགས།


MR16_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ལ་འཕྲུ་ཡི་རྫིའུ་དགོས། །འདི་ཡང་དག་འཕྲུ་ཡི་རྫིའུ་ཡིན། །འདི་ཡང་དག་ཐོ་ལེ་སྤུན་གསུམ་ཡིན། །ཟུན་གྱི་གད་རྒྱང་བོས་པ་ཡིན། །ཨ་ཁད་དཔའ་བོ་དངས་མའི་རིགས། །ཨ་ཁད་ཐོ་ལེ་འུར་རྒྱང་ཡིན། །འདི་གནོད་སྦྱིན་རྒྱལ་པོའི་ཕྱག་རྒྱ་ཡིན། །འདི་ངམ་རྗེ་རྩོལ་པོའི་ཀུ་ཅོ་ཡིན། །འདི་གཉའ་རིང་ཁྲག་མིག་བླ་དེ་ཡིན། །འདི་རྣམས་འདྲེས་ན་དགྲ་ཆོམ་ཟུན་ཆོམ་འདྲས། །བཅུ་གསུམ་ཡང་དག་སྐད་ཀྱི་རྫིའུ་ཡིན། །ཡང་ལྡི་བུར་དཔའ་བོ་སྤུན་དྲུག་དང་། །ལྡི་བུར་ཐོ་ལེ་སྤུན་གསུམ་འདི། །གཞན་ཡང་ཕྲག་གི་མདུད་རྩེ་ནི། །འདི་རྣམས་དང་ནི་ཙེ་ར་ཝང་ཐོག་དང་། །སད་ཤེལ་ཝེར་ཆུ་སྤང་འབྲུག་ཐོག་དང་། །བག་བྱ་བུར་ལ་སོགས་རྣོ་མཚོན་བླ། །སློ་བྲག་དང་ནི་འདྲེས་པ་ན། །རྣོ་མཚོན་མཚལ་ཁྲག་འདྲེས་པ་ཡིན། །རྫིའུ་ལ་བཅུ་གསུམ་སྟེང་དུ་ནི། །གལ་བར་ཐོད་དཀར་བབ་ན་བཟང་། །མཁའ་ལྡིང་རྒྱལ་མོ་འཕུར་ཤེས་ཡིན། །འདི་རྣམས་ཕྱི་ནང་འདྲེས་པ་ན། །སྔ་རུ་སྲབ་མདའ་འདྲེས་པ་ཡིན། །དབྱིག་དང་དཔའ་རྡོ་གང་བཞིན་ཤེས། །བྲག་ཆེན་ཆད་པ་


MR16_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཀྱི། །ཁ་འཛིན་བཅུ་གསུམ་བྱ་བུར་གསེར་ཐིག་ཡིན། །ད་ས་མདོའི་སྤྱང་ཚང་གང་འོག་དཔྱད། །གཉིས་ལ་སོ་ཡོན་བརྒྱག་ཅན་ན། །ས་མདོའི་སྤྱང་ཚང་འོག་མ་ཡིན། །ལྔ་ལ་བབ་ན་བར་མ་སྟེ། །བཅུ་གཉིས་དེ་བབ་གོང་མ་ཡིན། །དགྲ་ར་མདའ་ཕག་ཏུ་བརྫུས་ངོ་ཡིན། །དྲུག་ལ་དན་ཐང་ཆེན་དབུས་ནས་སླེབ། །བདུན་ལད་ན་ཇག་པར་ངན་ངོ་ཡིན། །བདུན་སྤོ་བྲག་བབ་ན་རྟ་འཆོར་ངོ་། །ཏྲོང་བྲག་བབ་ན་ལུག་འཆོར་སོགས། །གོང་བཤད་བཞིན་དུ་བཤད་པ་བསྒྱུར། །ལྔ་ལ་སོ་ཡོན་བརྒྱག་ཅན་དང་། །བརྒྱད་ལ་ཡར་ལྡང་སྒོ་བརྒྱག་ན། །དམག་དཔོན་དག་གི་མཐའ་མིག་ཡིན། །ལྔ་ལྡི་བུར་བརྒྱད་ལ་སེ་སྟོད་ན། །སྟག་རུ་བ་ཡི་མཐའ་མིག་ཡིན། །སུམ་སྐྱེར་སུམ་མཉམ་སྒོ་བརྒྱག་ན། ༈ ། སྣ་ཁྲིད་པ་ཡི་མཐའ་མིག་ཡིན། །བཅུ་གཉིས་བཅུ་གསུམ་དེ་ཚུགས་དཔྱད། །ཇག་མགྲོན་ཐུག་ཕྲད་ཐམས་ཅད་ལ། །མཁོ་བ་གདོང་ཐུགས་བསྒུག་ར་བཤད། །དེ་ལ་དང་པོ་གདོང་ཐུག་ནི། །གཅིག་ལ་ཨ་ཁད་གཉིས་ལ་ནི། །རུ་སོད་ཁ་ལེ་བབ་པ་ན། །སྟག་གཡག་ངོ་རུ་གདོང་ཐུག་ཡིན། །གསུམ་གྱི་དཀར་ཐོག་གཡུང་དྲུང་ན། །ཟུན་གྱི་བུ་རྟའི་རྒྱལ་ཁ་ཐོག །དེ་བཞིན་གཅིག་དང་གཉིས་ལ་ནི། །ཨ་ཁད་རྩེ་མ་མུ་ཙ་ལི་ཤོ་ན། །སྟག་སྒང་ངོ་རུ་གདོང་ཐུག་ཡིན། །རུ་སོད་ཁ་ལེ་ཧྲང་ཟེ་རྟ་གཡག་ཐུག །བྱོད་ཕུར་ཁ་ལེ་མདའ་དང་གཡག་གདོང་ཐུག །བྱ་རལ་རིན་ཆེན་མུ་ས་ཁྱི་དང་ཤ་བ་ཕྲད། །བྱ་ཡུན་དཀར་མོ་མུ་ས་བྱ་ཡུན་ཁྲ་གླག་ཕྲད། །བྱ་བུར་གསེར་ཐིག་ནག་ཆུང་ཟལ་ཟལ་ཉ་སྲམ་ཕྲད། །ལྡི་བུར་ཤང་རྩེ་སྤོ་སྟོད་དགྲ་ཟུན་ངོ་རུ་ཕྲད། །གལ་བར་ཐོད་དཀར་ཡར་ལྡང་འབྲུག་སེང་ཕྲད། །ལྡི་བུར་བག་ལྡི་ར་དང་འཕར་བ་ཕྲད། །བྱ་རལ་ཚོལ་ཚེ་ཁྱི་ཕག་གདོང་སྣ་ཕྲད། །དེ་རྣམས་གང་བབས་གསུམ་ལ་དཀར་ཐོག་ན། །


MR16_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཟུན་གྱིས་རྒྱལ་ཁ་ལོན་པ་ཡིན། །ད་ནི་མ་སང་བསྒུག་ར་བཤད། །གཉིས་གལ་བར་བཅུ་ཡི་སུམ་མཉམ་ན། །རི་སྤྱང་སྔོན་མོར་བསྒུག་ར་བཙུགས། །ཇག་པའི་མོ་ལ་བྲོས་རེ་རན། །དེ་བཞིན་གཉིས་དང་བཅུ་ལ་ནི། །ལྕགས་ཁྲ་ཨ་ཁད་འཕར་བ་བསྒུག་རར་བཅུག །སྔ་དྲོ་ཉིན་གུང་ཐུག་ཕྲད་ཡིན། །བཅུ་ཨ་ཁད་རྩེ་མ་ཡིན་ན་ཐར། །བྱ་ཤིང་སྐྱམ་ལ་བྱི་བ་བསྒུག་ར་བཙུགས། །སྔ་དྲོ་གསུམ་གྱི་གོང་དུ་ཕྲད། །སྲིན་ཐོག་སྐྱམ་ཀྱང་དེ་དང་འདྲ། །སྔ་དྲོ་ལྔ་ཡི་གོང་དུ་ཐུག །གལ་བར་སྐྱེར་ལ་གསེར་ཉ་བསྒུག་ར་བཙུག །སྔ་དྲོ་དྲུག་གི་གོང་དུ་ཐུག །སྐྱེར་བྱ་སྐྱིན་དིང་ཁྲོ་ཆུའི་ཕ་བོང་འདྲིལ་རྐྱེན་ལ། །བྱི་བ་སྔོན་མོས་བསྒུག་ར་བཙུགས། །སྔ་དྲོ་བརྒྱད་ཀྱི་གོང་དུ་ཐུག །གློག་དམར་ལྡི་བུར་དཀར་ཐོག་ན། །ནམ་མཁའི་སྦལ་པར་ངོམ་བྱས་བསྒུག་ར་བཙུགས། །སྔ་དྲོ་དགུ་ཡི་གོང་དུ་ཐུག །གསེར་བྱ་རེ་སེ་ཀླུ་སྦྲུལ་འོལ་བས་བསྒུག །འདི་རྣམས་བསྒུག་ར་ཡིན་པས་བྲོས་ན་བཟང་། །བཅུ་གཅིག་བཅུ་གསུམ་བཟང་ན་བྲོས་པས་ཐར། །བབ་ལེན་བརྗེས་ན་དགྲ་བོ་བསྒུག་རར་ཚུད། །ཡང་ལྔ་དང་བདུན་གྱི་བསྒུག་འདྲིལ་བཤད། །ལྔ་སོ་ཡོན་ལིང་ཀུན་བདུན་བག་ཚོ། །མེ་དབལ་ཁྲོ་ཆུང་ཞེས་བྱ་བས། །བསྐལ་པ་འཇིག་པའི་བསྒུག་ར་བཙུགས། །གུང་ཚིགས་གཉིས་ཀྱི་ཐོག་ནས་འཕྲད། །དེ་བཞིན་ཙེ་ར་ཕུང་བྱལ་ངམ་རླུང་མཚོན་གྱིས་བསྒུག །གལ་བར་སྤོ་བར་སྤ་དཀར་དྲང་ཤིང་སྟྭ་རེས་བསྒུག །སྐྱེར་གསུམ་ཁྱུང་བརྒྱང་མཛོ་ཕོ་བཞི་དོ་གོང་ཚས་བསྒུག །སྐྱེར་བྱ་བྱོད་ཕུར་བྲ་བ་ནེ་ལེས་བསྒུག །ཕུང་བར་སོག་དཀར་ཨ་ཁད་ཙེ་མ་ན། །མི་བུ་སྟག་མོ་གྲུས་མས་བསྒུག །ཤང་རྩེ་སྤོ་བར་རྟ་ཕོ་མི་བུས་བསྒུག །གུང་ཚིགས་གསུམ་ནས་བརྒྱད་བར་རིམ་བཞིན་ཕྲད། །བརྗེས་ན་དགྲ་བོ་བསྒུག་རང་བཅུག །


MR16_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཟང་ན་ཐུན་ལ་བཟང་བར་དཔྱད། །སྤྱིར་ཕྱི་སར་འཇིགས་པས་བསྒུག་རའི་དཔྱད། །གཉིས་གལ་བར་ལམ་དུ་དམག་ཆེན་ཕྲད། །གློག་དམར་དྲག་རྩལ་ཅན་དང་ཕྲད། །གསེར་ཐིག་ཁྲབ་བེར་ཅན་དང་འཕྲད། །གསེར་བྱ་གསེར་ཡིག་ཅན་ལ་སོགས། །མདོར་ན་ཕྱི་ས་བཞི་དང་ནི། །ཁྱད་པར་གཉིས་ལྔ་བཅུ་གཉིས་ལ། །ཉེ་དང་བར་མ་རིང་པོ་ཡི། །ས་ནས་ཐུག་ཕྲད་དེ་ལྟར་བརྟག །གསུམ་དྲུག་བཅུ་གཅིག་དག་ཏུ་ནི། །དཀར་ཐོག་ལ་སོགས་ཁས་དྲག་ན། །ཟུན་གྱི་རྒྱལ་ཁ་ལོན་པ་ཡིན། །ལར་དགྲ་ཟུན་འཐབས་ལྔ་བདུན་ཡིན། །ལྔ་འདི་གཉའ་རིང་སྲིན་ཀྱི་སོ་པའི་ས། །བདུན་འདི་གཡའ་སྤང་སྐྱེས་གཅིག་སོ་བ་ཡིན། །འཁྲུག་པའི་རྒྱལ་ཕམ་དེ་ལ་དཔྱད། །ལྔ་སོ་ཡོན་བདུན་ལ་ལྡི་བུར་ན། །གཡའ་སྤང་མདའ་འཕང་སྲིན་ལ་ཕོག །ལྔ་སྐྱམ་བདུན་གྱི་ཚོལ་ཚེ་ན། །གཡའ་སྤང་སྐྱིད་ཀྱི་ཕྱེ་མར་ཟ། །གཉའ་རིང་མཆི་མ་ཁྲག་ཏུ་ངུས། །ལྔ་སྐྱམ་བདུན་གྱི་ལྡི་བུར་ན། །གཡའ་སྤང་རྣོ་མཚོན་ངར་ཆེན་བཟུང་། །གཉའ་རིང་བེར་རྒ་ཆག་པོ་བཟུང་། །ལྔ་ཕུང་ཁད་བདུན་ལ་ཁྱུང་བརྒྱད་ན། །གཡའ་སྤང་རྐྱང་ཆིབ་སྲིན་གྱིས་བོང་བུ་ཞོན། །ལྔ་ན་འབན་བདུན་ལ་སྐྱིན་དིང་ན། །གཉའ་རིང་དམག་ཆེན་བསྡུས་ན་ཡང་། །གཡའ་སྤང་རྫོང་ལ་ཞུགས་ནས་སུ། །ཁྲི་ཚོ་སྟོང་ལ་སྡུག་པའི་ངོ་། །ལྔ་མ་ཟེ་བདུན་གྱི་བྱོད་ཕུར་ན། །གཉའ་རིང་གི་ཁྲབ་ཆེན་སྟོང་ཚོ་དེ། །གཡའ་སྤང་ར་སླག་ཅན་གྱིས་བཟློག །སྟོང་ཚོ་གཅིག་ལ་རྡུགས་པའི་ངོ་། །ལྔ་སྐྱམ་བདུན་གྱི་རང་སྙན་ན། །གཡའ་སྤང་གད་མོ་ལྷག་གིས་བགད། །གཉའ་རིང་བཙུན་མོ་ངུ་འབོད་བྱས། །དེ་རྣམས་བརྗེས་ན་དགྲ་གྱོད་འོང་། །གཏོ་ལ་དགྲ་མཁར་དག་ལ་ནི། །རེ་བའི་བ་དན་བཙུགས་ནས་སུ། །ཐལ་བ་རྡོ་དཀར་ཕྱེ་མར་བཞག །བུ་ཚའི་དམག་


MR16_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཕྱེ་མར་གཏོར། །དགྲ་མཁར་བསྐྱེལ་ལ་བ་དན་བསྲེག །དར་ཕྱར་དུང་འབུད་དགྲ་བླ་གསོལ། །དེ་ནི་དགྲ་བཟློག་མན་ངག་ཡིན། །ད་བདུན་གྱི་བྱོད་ཕུར་བརྒྱད་སོ་ཡོན། །གཡའ་སྤང་འོག་རྟ་འཐེང་བ་ཡིན། །སྟེང་དུ་གཞུ་མོ་ཆག་པ་ཡིན། །བདུན་གྱི་ལྡི་བུར་བརྒྱད་སྐྱམ་ན། །གཡའ་སྤང་ནད་ཀྱིས་ཐེབ་པ་ཡིན། །བདུན་གྱི་དྭངས་མ་བརྒྱད་ཕུང་བར། །གཡའ་སྤང་ཁྲེལ་གྱིས་གོས་པ་ཡིན། །བདུན་གྱི་བྱོད་ཕུར་བརྒྱད་སེ་སྟོད། །གཡའ་སྤང་བྱེས་མགྲོན་ལ་སོང་ནས། །ལམ་ལོག་བྱས་ཤིང་གྱོད་ལ་འཐོག །བདུན་གྱི་སེ་སྟོང་བརྒྱད་སོ་ཡོན། །གཡའ་སྤང་མི་རྨིས་རྟ་འཐིང་ཡིན། །བདུན་གྱི་ཚོལ་ཚེ་བརྒྱད་བྱོད་ཕུར། །གཡའ་སྤང་ཐེ་ལེ་བྱས་པ་ཡིན། །བདུན་གྱི་བྱོད་ཕུར་བརྒྱད་ལྡི་བུར། །གཡའ་པང་བསམ་པ་འགྲུབ་པ་ཡིན། །བདུན་གྱི་བྱོད་ཕུར་བརྒྱད་ཨ་ཁད། །གཡའ་སྤང་ཁ་ཕོ་བྱས་པ་ཡིན། །བདུན་གྱི་སྤོ་བར་བརྒྱད་སྤོ་སང་། །གཡའ་སྤང་གྱོད་ལས་ཐར་པ་ཡིན། །དེ་སོགས་ཞིབ་ཏུ་དཔྱད་པར་བྱ། །ལར་ཕྱི་ས་ཆག་ན་དགྲ་ཕྱར་བཟང་། །དམག་དཔོན་སོགས་ཀྱི་ལོ་མལ་གང་། །ཕྱི་སར་ཡོད་པ་དེ་དར་ཀྱང་། །དགྲ་ཁྱིམ་ཟུན་གབ་ཟེར་ཏེ་ཅུང་མི་སྐྱོན། །རང་སར་ཁས་དྲག་ཤིན་ཏུ་གཅེས། །ཕྱི་སར་ལྡི་བུར་ཅི་དང་ཀྱང་། །རང་སའི་ཧྲང་ཐེ་དག་གིས་ཐུབ། །ཕྱི་སར་མ་ཐེ་ཅི་བྱུང་ཡང་། །རང་སའི་སྐྱིན་དིང་དག་གིས་ཐུབ། །དེ་སོགས་ཐུབ་ཐང་ཤེས་པར་བྱ། །ད་ནི་གནངས་ཀྱི་ཐོབ་ངོ་ལ། །མགྲོན་ཕྱིའི་སྐབས་ཀྱི་བྱིན་ལན་སོགས། །གོང་མ་ཀུན་དང་འཕྲུལ་ཞིང་དཔྱད། །ཡང་ཐོབ་པའི་དྲ་མ་བལྡབ་ཁུག་བཤད། །བཞི་ལ་ཡར་ལྡིང་སྐྱེར་བརྒྱག་དང་། །བརྒྱད་ལ་ཡར་ལྡིང་སྐྱེར་བརྒྱག་ན། །མཁར་ལ་བ་གམ་བཏགས་པ་ཡིན། །ཐོབ་ན་དྲ་མ་བལྡབ་ན་བཟང་། །བཞི་བརྒྱད་གལ་བར་ཐོད་དཀར་ན། །ཁྲབ་ལ་སྟག་ཤམ་བཏགས་པ་ཡིན། །བཞི་བརྒྱད་ཝ་ཚོ་བརྒྱག་ཅན་ན། །མདུང་ལ་བ་དན་བཏགས་པ་ཡིན། །


MR16_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱད་དམུ་དག་བརྒྱག་ཅན་ན། །རྣོན་པོ་རྩེ་མོ་བྱུང་རྒྱལ་ཡིན། །བཞི་བརྒྱད་ཙེ་ར་ཝང་ཐོག་ན། །རྣོན་པོ་ངར་ཆུ་སྤྲད་པ་ཡིན། །བཞི་བརྒྱད་བྱ་ཡུན་དཀར་མོ་ན། །ཐང་དཀར་གཤོག་པ་བརྐྱང་པ་ཡིན། །བཞི་བརྒྱད་བྱ་བུར་བརྒྱག་ཅན་ན། །དུང་ཕོས་དཔའ་སྐད་ཐོན་པ་ཡིན། །བཞི་བརྒྱད་ཁྱུང་བརྒྱད་བརྒྱག་ཅན་ན། །ཁྱུང་ཆེན་གཤོག་པ་རྒྱས་པ་ཡིན། །བཞི་བརྒྱད་ཁ་ལང་ཆེན་མོ་ན། །གཡུ་འབྲུག་གསུང་སྐད་གྲགས་པ་ཡིན། །བཞི་བརྒྱད་རུ་སོད་དཔལ་ངར་ན། །ལྷ་གཡག་དཔལ་རུ་རྒྱས་པ་ཡིན། །བཞི་བརྒྱད་གློག་དམར་ལྡི་བུར་ན། །རྐྱ་བཀྲ་ལ་ཉེ་བྱེད་པ་ཡིན། །བཞི་བརྒྱད་རྐང་སྤར་ལྡི་བུར་ན། །དབྱི་དཀར་གཟན་ལ་ཆས་པ་ཡིན། །བཞི་བརྒྱད་ཛ་བང་ཛུ་བང་ན། །དུང་སེང་སེན་མོ་བརྡར་བ་ཡིན། །བཞི་བརྒྱད་པ་ཙ་ལ་རྔམ་ན། །རྒྱ་སྟག་གཟན་ལ་ཆས་པ་ཡིན། །འདི་རྣམས་ཐོབ་ནས་དྲ་མ་བལྡབ་ན་བཟང་། །གཅིག་ཐོབ་སྟེང་དུ་གཉིས་ཐོབ་ངོ་། །མ་སང་རྟ་ངོ་དཔྱད་པ་ལ། །ལྔ་འདི་དགྲ་ཡི་རྟ་བྲེས་ཡིན། །བདུན་འདི་ཟུན་གྱི་རྟ་བྲེས་ཡིན། །ལྔ་ལ་མ་ཟེ་བབ་ན་ནི། །དགྲ་ཡི་རྟ་བྲེས་ཞིག་པ་ཡིན། །སྤུ་རིས་ཇི་ཐོབ་བརྒྱད་ལ་དཔྱད། །དེ་ཚུགས་བབ་ན་དགྲ་མེད་ལ། །གྲོག་ནོར་འལ་འོལ་ཆལ་ཆོལ་འོང་། །མ་སང་རྟ་ངོ་བརྒྱང་ལ་དཔྱད། །ཀྱེ་བ་ཐམས་ཅད་ཁྲ་བོ་ཡིན། །མུ་ས་ཐམས་ཅད་སེར་པོ་ཡིན། །ཁྱུང་བརྒྱང་ཐམས་ཅད་ཁམས་པ་ཡིན། །ཡར་ནམ་སང་དམར་པོ་མདོ་རིས་ཅན། །གློག་དམར་ཁམས་པ་མདོ་རིས་ཅན། །ཁ་ལང་གྲོ་བོ་གཡུང་དྲུང་ཅན། །རྐང་སྤར་དཀར་པོ་མདངས་རིས་ཅན། །རུ་སོད་ཁ་ལེ་ནག་པོའི་མདངས། །སྤོ་ཚེ་མཚལ་རྐྱང་མདོང་རིས་ཅན། །གལ་བར་ཐོད་དཀར་རྐྱང་མདང་ཅེ་ན། །ཡང་ན་བྲ་བོ་སྟེང་དཀར་ཡིན། །ཚོལ་ཚེ་བུ་བརྒྱག་གྲོ་སྔོན་ཡིན། །སུམ་མཉམ་སེར་ཞུར་མདང་རིས་ཅན། །ཨ་ཁད་དམར་པོ་མེ་ལྕེ་ཁ། །ལྡི་བུར་ཁམས་པ་རག་


MR16_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཡིན། །བྱ་ཡུན་ཟག་དཀར་མདོ་རིས་ཅན། །སྐྱེར་འུན་ཟག་དམར་མདངས་དང་ལྡན། །བྱ་བུར་ངང་ཟག་མདོག་ཏུ་གནས། །བག་ཚོ་ཁྲ་བོ་ཟག་ཞུར་ཡིན། །དོག་ཚང་གལ་བ་གཞུང་ཁྲེལ་ཡིན། །བྱ་རལ་རིན་ཆེན་བྲ་རྐྱང་ཡིན། །སྤོ་བར་སྒོ་བརྒྱག་མཚལ་མདངས་ཅན། །སྐྱིན་དིང་གཡུ་ཐོག་བོང་ཁ་སྟག་ལག་ཡིན། །བདུན་བརྒྱད་གང་བྱུང་དེ་འདྲ་ཐོབ། །དེ་རྣམས་ཐོབ་ངེས་རྫིའུ་ལ། །བཅུ་གཅིག་དགྲ་བླའི་རྟ་བྲེས་གོང་མ་ལ། །དམུ་དག་བརྒྱག་ཅན་བབ་ན་ཡིན། །ཡང་ན་བདུན་ལ་བབ་ཀྱང་ཆོག །ལྔ་ལ་རྟ་ངོ་འདི་རྣམས་བབ། །བདུན་ལ་མ་ཟེ་སྒོ་བཞི་དང་། །བཅུ་གཅིག་ཕུང་བར་ཝ་ལྡི་ན། །དེ་འདྲ་ཕར་ལ་འཆོར་བ་ཡིན། །དམུ་དག་ཕྱི་སར་སོང་ཀྱང་ངན། །དེ་སོགས་གནངས་ཀྱི་ཐོབ་ཚུལ་དཔྱད། །ད་མ་ཐོབ་སྟོང་རི་བསྐོར་ལོག་བཤད། །བཅུ་གསུམ་སྟེང་དུ་ཡར་ལྡིང་བཟང་ན་ཡང་། །བཅུ་གཅིག་བག་ཚོ་བརྒྱག་ཅན་ན། །སྨོན་པ་དོན་མེད་ས་མཐའ་བསྐོར། །མ་ཐོབ་སྟོང་རིའི་བསྐོར་རྒྱབ་བཟང་། །དེ་བཞིན་སྔ་མ་བཅུ་གསུམ་དང་། །ཕྱི་མ་བཅུ་གཅིག་ལ་སྦྱར་ཏེ། །དམུ་དག་བརྒྱག་ཅན་ལི་ཡན་ན། །དུང་གི་གྲུམ་པས་རི་མཐའ་བསྐོར། །བྱ་བུར་བརྒྱག་ཅན་བྱ་རལ་ན། །གཡུ་ཡི་བྱི་བས་རི་མཐའ་འཁོར། །གལ་བར་ཐོད་དཀར་ཕུང་བར་ཝ་སྐྱམ་ན། །གསེར་བྱ་མ་བྱིལ་གྱིས་རི་ཕྱི་འཁོར། །པ་ཙ་ལ་རྔམ་ཕུང་བྱལ་ན། །གསེར་སྤྲེལ་སེར་བོས་རི་མཐའ་འཁོར། །ཕུང་བར་གསེར་སྟག་ཐང་ལེ་ན། །དོམ་བུ་ཐུགས་ཀར་རི་མཐའ་འཁོར། །ཀུ་ཡེ་བྱིལ་ཚང་བག་ལྡི་ན། །རྒྱ་སྟག་དམར་པོས་རི་མཐའ་འཁོར། །དོག་ཚང་ཁྲ་མོ་ལི་ཡན་ན། །ཀླུ་གླང་དཀར་མོ་རི་མཐའ་བསྐོར། །སུམ་མཉམ་བུ་བརྒྱག་ཝ་ལྡི་ན། །ལྕགས་སྤྱང་སྔོན་མོས་རི་མཐའ་འཁོར། །


MR16_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་བྱ་ར་བརྒྱག་ཐང་ལེ་ན། །དགྲ་བླའི་ལྕམ་མོས་རི་མཐའ་འཁོར། །མ་ཐོབ་སྟོང་རི་སྐོར་ལོག་ཡིན། །ལར་རང་ས་བཙན་ཀྱང་ཕྱི་དར་ན། །དགྲ་ལ་གཅོད་མ་མི་ཐེབ་སྟེ། །ཕྱི་གཅོད་པའི་སྟྭ་རེས་མ་བཅད་ན། །ནང་ནོར་ངོ་བྱུང་ཡང་མི་འཚེང་ངོ་། །ནང་དུ་ནོར་ངོ་མ་བྱུང་ན། ། ཁས་དྲག་མང་ཀྱང་མི་འཚེང་ངོ་། །བཙན་སར་ཝེར་མ་མ་བབ་ན། །ཕྱི་ས་ཆག་ཀྱང་ཕན་པར་དཀའ། །ཕྱི་སར་གཅོད་སྟར་དོན་སར་གྲོག་ངོ་དང་། །བཙན་སར་ཁས་དྲག་ཝེར་མ་བབས། །དགྲ་སོད་དོན་གྲུབ་ནོར་གྱིས་འཚེང་། །དེ་ནས་ཇག་པའི་ཕྱི་ལམ་ནི། །མགྲོན་གྱི་སྐབས་སུ་བཤད་ལྟར་དཔྱད། །བཅུ་གསུམ་དར་ཞིང་བཅུ་གཉིས་ཆག །ཇག་མགྲོན་ཕྱི་ལམ་བདེ་བ་ཡིན། །ད་གཡའ་སྤང་ལམ་མོ་ལོག་འཐེན་ཅེས། །ཇག་པ་ཐབས་ཆག་མོ་བཤད་ན། །ལར་གྱི་གཡའ་སྤང་མཆེད་བཞི་ཡོད། །བྱོད་ཕུར་ཁྱུང་བརྒྱང་དར་བའི་གཡའ་སྤང་ཡིན། །སྐྱམ་དང་ལི་ཡན་རྒུད་པའི་གཡའ་སྤང་ཡིན། །ཐབས་མ་ཆགས་དར་བ་གཉིས་ལ་དཔྱད། །ཐབས་ཆགས་རྒུད་པ་གཉིས་དང་ནི། །སྐྱེར་དང་བཅས་པ་གསུམ་ལའང་བརྩི། །དེ་གསུམ་བདུན་བབས་ཐབས་ཆགས་ཙམ་དུ་རུང་། །ད་གཡའ་སྤང་ལོག་འཐེན་མོ་ལ་ནི། །གསང་ཚིག་ཆེན་པོ་བཅོ་ལྔ་ཡོད། །དེ་མ་ཤེས་ལམ་མོ་མི་ཤེས་སོ། །ལི་ཡན་འཕྲུལ་ཚེའི་གསང་ཚིག་ལྔ། །བདུན་ལི་ཡན་བརྒྱད་ལ་བྱ་བུར་བརྒྱག །གཡའ་སྤང་སྐྱེས་གཅིག་བསམ་པ་འགྲུབ། །སྲིན་ཨག་པ་རྒྱལ་དང་ཨུག་མོ་རྒན། །དེ་གཉིས་བླ་ནི་གཏིལ་དུ་ཟིན། །ཇག་པ་ཐབས་ཆག་མོ་ལ་བཟང་། །བདུན་ལི་ཡན་བརྒྱད་ལ་བྱོད་བུར་ན། །གཡའ་སྤོང་སྐད་དེ་ཆད་ནས་དབུགས་དེ་ཕྱུང་། །ཐང་ཆད་ནས་ནོར་རྙེད་ངོ་ཡིན་ནོ། །བདུན་ལི་ཡན་བརྒྱད་ལ་ཨ་ཁད་རྩེ་མ་ན། །གཡའ་སྤང་ཁ་


MR16_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བསྒྲག་པ་ཡིན། །ཕོངས་པས་ནོར་རྙེད་དབུལ་པོ་ཕྱུག །ཇག་བ་ཆད་པོ་ནོར་དང་འཕྲད། །བདུན་གྱི་ལི་ཡན་བརྒྱད་ལ་མུ་ཙ་མེད། །གཡའ་སྤང་བདུད་ལ་ཤག་ཐེབས་ནས། །སྐྱེས་བུ་གཏམ་གྱིས་རྒྱལ་ངོ་ཡིན། །བདུན་ལ་ལི་ཡན་བརྒྱད་ཀྱི་ནི། །ཤོ་བྱི་ཤོ་ཤག་དགུའི་ཚོལ་ཚེ། །གཡའ་སྤང་སྲིན་ལ་བློ་ཇག་ཡག །ཇག་རེས་གཅིག་ལ་དོན་གསུམ་གྲུབ། །གཞན་ཡང་ལི་ཡན་མཆོག་དེད་ལ། །བདུན་ལི་ཡན་བརྒྱད་ཀྱི་སྐྱིན་དིང་གཡུ་ཐོག་ན། །ལི་ཡན་ཕུང་ཡུལ་གསེར་རི་ལ། །ཕྱི་ཡི་གསེར་ཐོན་ཞེས་ཏེ་བཟང་། །དེ་བཞིན་བདུན་དང་བརྒྱད་མིག་ལ། །ལི་ཡན་སྐྱམ་གྱི་ཕུམ་བུ་གཡུ་མིག་ན། །ཤིད་གཞོད་སྐྱ་མོར་ཕྱེ་མར་སྤུང་། །ལི་ཡན་བྱ་བུར་མུན་པར་དུང་ཟླ་ཚེས། །ལི་ཡན་སྟོང་པ་གང་བའི་རིགས། །བབ་ན་ཇག་འགྲུལ་མོ་་ལ་བཟང་། །ལྔ་ཆག་ན་ནོར་ཐོབ་ངོ་རུ་ངེས། །གནང་ཆེན་ཆུང་ཡང་ཕྲལ་ཇག་ཡག །ལི་ཡན་འཕྲུལ་གྱི་ལྡེའུ་མིག་གོ ། སྐྱམ་ཆུ་ཤེལ་དཀར་མོའི་གསང་ཚིག་ལ། །བདུན་སྐྱམ་བརྒྱད་ལ་ཚོལ་ཚེ་བུ་བརྒྱག་ན། །ཤུམ་མེ་ངུས་པ་ལྷག་གེ་བགད། །སྡུག་སྙིང་སྐྱིད་ཀྱིས་བསལ་བ་ཡིན། །ཇག་པ་སྙིང་ནོར་ཕྲད་པ་ཡིན། །དེ་བཞིན་བདུན་དང་བརྒྱད་དག་ལ། །སྐྱམ་གློག་དམར་མིག་སྒོའི་མཆི་མ་སྐམ། །གཡའ་འབྲུམ་བླ་གཡུ་ཐོབ་པ་ཡིན། །སྐྱམ་དང་དམུ་དག་བརྒྱག་ཅན་ན། །སྡུག་གི་ཁུར་ཕོག་བྱུར་ཐག་ཆད། །གཡའ་སྤང་སྐྱེས་གཅིག་བསམ་དོན་འགྲུབ། །སྐྱམ་དང་སྐྱམ་ཆུང་ཕུམ་བུ་གཡུ་མིག་ན། །ཕོངས་པས་འབྲི་སྦྲེལ་རྙེད་ནོར་ཐོབ། །སྐྱམ་དང་ལྡི་བུར་རུ་སྔོན་ན། །ར་སྐྱེས་སྒ་དང་བཅས་པ་ཐོབ། །སྲིན་གྱི་ར་རྫི་བསད་ནས་སུ། །སྒ་ཅན་སྲབ་བཤལ་ཐོབ་པ་ཡིན། །དགྲ་ལ་སྙིང་འཁྲུགས་ཐེབ་ངོ་ཡིན། །


MR16_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐྱམ་གྱི་གསང་ཚིག་ལྔ་པོ་ཡིན། །སྐྱེར་གྱི་ལིང་འཕར་མའི་གསང་ཚིག་ལ། །བདུན་གྱི་སྐྱེར་ལ་སྒོར་བརྒྱག་ཅན། །བརྒྱད་ལ་ཡར་ལྡང་སྐྱེར་བརྒྱག་ན། །སེང་གེ་དཀར་མོའི་སྔེར་འཁྲབ་དེས། །གདང་འཐོག་ཝ་མོ་ཐར་བ་ཡིན། །བདུན་ལ་སྐྱེར་འུན་ར་བརྒྱག་དང་། །བརྒྱད་ལ་ཡར་ལྡིང་སྐྱེར་བརྒྱག་ན། །གནང་ཡང་ཤོ་མིག་རྒྱས་པ་ཐོབ། །སེ་བོ་སྐར་མ་ཙམ་ཞིག་ཐོབ། །བདུན་སྐྱེར་བརྒྱད་ལ་སྐྱེར་འུན་བུ་བརྒྱག་ན། །ཕ་སེར་མེད་བུ་ཡིས་སེར་ཟིན་ཡིན། །རལ་གྲིའི་སོ་ལ་རྣོ་ངར་ཐོན། །སྐྱེས་ཕོད་དཀར་གྱི་ཆིབ་པ་བྱ་བརྫུས་དང་། །དཔྱལ་མོ་བཙུན་བཟང་པོ་གཉིས་དུས་གཅིག་ཐོབ། །བདུན་སྐྱེར་བརྒྱད་ཀྱི་ཝ་ཚོ་ན། །ཞ་ཉེའི་མདུང་ཡུར་གནམ་ལྕགས་མདུད་མོ་བཏགས། །སྡེ་ཡི་གཡུལ་འགྱེད་ཡག་པ་ཡིན། །སྡར་མས་མདུང་མོ་ཐོབ་ངོ་ཡིན། །བདུན་སྐྱེར་བརྒྱད་ལ་གྱི་ལིང་འཕར་མ་ན། །ཕ་མེད་མ་མེད་དྭའུ་ནི། །སྤུན་གྱི་སོ་ནམ་ཚུད་པ་ཡིན། །དེ་སྐྱེར་གྱི་གསང་ཚིག་ལྔ་པོ་ཡིན། །གཞན་ཡང་བཅུ་ལ་སྐྱེར་འུན་ར་བརྒྱག་ནས། །བཅུ་གཅིག་བཟང་ན་དགྲ་བོ་སོད། །རྟ་སྒ་སྲབ་ཅན་དང་མཚོན་ཆ་ཐོབ། །དེ་ལྟར་དགྲ་ཕྱའི་ཁོག་བུབ་ནས། །རྐང་ཐང་རྐུན་མའི་སྐྱིན་ལེན་ནི། །གཅིག་དང་གཉིས་དང་གསུམ་ལ་དཔྱད། །རྐྱ་མི་རྐུན་མའི་སྦྱིན་ལེན་ནི། །བཞི་དང་ལྔ་དང་དྲུག་ལ་དཔྱད། །ཇག་པ་ཆེ་ཆུང་སྦྱིན་ལེན་ནི། །བརྒྱད་དང་དགུ་དང་བཅུ་ལ་དཔྱད། །དམག་ཆེན་ཡུལ་མཁར་ཐོབ་ཤོར་ནི། །བཅུ་གཅིག་བཅུ་གཉིས་བཅུ་གསུམ་དཔྱད། །སྤྱིར་ཀུན་ལ་ཀུན་ཀྱང་བརྟག་པར་བྱ། །གདམས་ངག་བླ་མའི་ཞལ་ཤེས་ཟབ། ༈ ། ཁ་མཆུ་གཏུག་ཤེར་བྱ་བ་ལའང་། །ཤག་འགྱེད་ལྔ་བདུན་སྟོབས་བརྩི་ཞིང་། །བར་མི་དགུ་དེ་སུ་ལ་ཕྱོགས། །བཅུ་ཡི་སྟེང་དུ་དཔྱད་པར་བྱ། །ནམ་ཕུག་རྒྱལ་ཕམ་བཅུ་གཅིག་དང་།


MR16_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་སྟོབས་དཔྱད་བཅུ་གསུམ་གྱི། །རྩེ་འཛིན་བཟང་ངན་སྤྱི་ལ་གཅེས། །ཨ་ཁད་བཟང་རིགས་རང་སར་བཟང་། །གཏམ་ངན་བསྒྲག་ན་ཕུང་ཁད་སོགས། །བཅུ་གསུམ་སྟེང་དུ་བབ་ཀྱང་བཟང་། །རྒན་པའི་སྲེ་མོང་འབྲུ་བདུན་བཤད། །རྒྱ་གྲོག་ཉི་མ་བྲག་དང་གཅིག །དཀར་ཏེ་མགྲོན་བུ་བྲག་དང་གཉིས། །དམར་ཏེ་ལྗི་བ་བྲག་དང་གསུམ། །ནག་སྟེ་སྲན་མ་བྲག་དང་བཞི། །བྱ་ཤི་གདུང་མ་བྲག་དང་ལྔ། །བྱ་ནག་མཇུག་ཆག་བྲག་དང་དྲུག །བྱ་རྗེ་ངང་པ་བྲག་དང་བདུན། །འདི་བདུན་བྲག་གི་འབྲུ་བདུན་ཡིན། །དགྲ་གཞི་དཀོར་གསུམ་ཀུན་ལ་ངན། །གྱོད་ཆེན་གཏམ་ཉིན་བྱ་ནག་བཟང་། །བྱ་ནག་གྲིབ་མ་ཅི་ལ་དཀར། །བྱ་ནག་གྲིབ་མ་གྱོད་ལ་དཀར། ༈ ། རྔོན་པ་རི་དྭགས་བླ་རྟགས་ཀྱི། །སྒོ་བརྒྱག་དང་ནི་ཕྱི་ས་རུ། །སློ་ངོ་སེ་སྟོད་བབས་ན་བཟང་། །ཕལ་ཆེར་དགྲ་ཕྱའི་ཁོག་དང་མཚུངས། ༈ ། དྲག་པོ་མཐུ་ཡི་ལས་བྱེད་ན། །ལྷ་སར་ཁ་དྲག་ཝེར་མ་དགོས། །དགྲ་སར་བདུད་བྲག་སེ་སྟོད་དགོས། །གང་བསྒྲུབ་ལྷ་ཡི་བླ་མདུད་རྣམས། །རང་སར་འཁོར་ཞིབ་ཕྱི་ས་རུ། །སྒོ་བརྒྱག་ངན་སྙིགས་རིགས་བབ་ནས། །བཅུ་གསུམ་རྩེ་འཛིན་ཁ་ལང་དང་། །རྩེ་མ་ལ་སོགས་བབ་པ་ན། །དྲག་པོ་མཐུ་ཡི་སྙན་པ་རྒྱས། །ཞིབ་པར་གཞན་ལས་ཤེས་པར་བྱ། ༈ ། ད་ནི་ཤོ་རྒྱན་རྒྱལ་ཕམ་དཔྱད། །གཉིས་པ་ངན་ཞིང་གསུམ་བཟང་ན། །རྒྱན་ལས་རྒྱལ་བར་ཐེ་ཚོམ་མེད། །སྐྱིན་དིང་སོ་ཡོན་སྤོ་པར་


MR16_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །བརྒྱག་ན་རྒྱན་ལྷ་སྤུན་གསུམ་ཡིན། །ལྔ་ངན་དྲུག་བཟང་ཤོ་རྒྱལ་ལོ། །ཤོ་དོ་བཟང་གསུམ་ཤོ་ལྷ་ཡིན། །དགུ་ངན་བཅུ་བཟང་མདའ་རྒྱལ་ལོ། །དམུ་དག་བརྒྱག་བཟང་མདའ་ཡི་ལྷ། །ལྔ་ངན་བདུན་བཟང་རྟ་རྒྱུག་རྒྱལ། །ལི་ཡན་བཟང་རིགས་རྒྱུག་གི་ལྷ། །དེ་བཞིན་རྩལ་འགྲན་ལ་སོགས་པར། །ལྔ་བདུན་ལ་སོགས་ཕྱི་ནང་དཔྱད། །ཀྱེ་བ་སད་དེ་ཨ་ཁད་སོགས། །གློ་དང་གྲོས་ཀྱིས་རྒྱལ་བའི་ལྷ། །ལྡི་བུར་ཤང་རྩེ་རུ་དཀར་སོགས། །དཔའ་དང་རྣོ་སོས་རྒྱལ་བའི་ལྷ། །ཤ་རིང་སྤོ་ཚེ་བསམ་འགྲུབ་སོགས། །བསོད་ནམས་བསམ་པ་འགྲུབ་པའི་ལྷ། །ལྕགས་ཁྲ་དཀར་ཐོག་གཡུང་དྲུང་སོགས། །ཆེ་བཙན་མཐུ་ཡིས་རྒྱལ་བའི་ལྷ། །གལ་བར་གླང་ཆེན་ཐོད་དཀར་སོགས། །སྟོབས་དང་བརྗིད་དང་ཤུགས་ཀྱི་ལྷ། །སྲང་ཐེ་ཁ་ལང་ཆེན་པོ་སོགས། །ལྷ་དང་ཝེར་མའི་ཤུགས་ཀྱིས་རྒྱལ། །རྐང་སྤར་དུད་རྒོད་ལ་སོགས་པ། །རྩལ་དང་ཚན་གྱིས་རྒྱལ་བའི་ལྷ། །མུ་ས་ཡ་རུ་དིལ་དཀར་སོགས། །གྲངས་དང་དཔུངས་ཀྱིས་རྒྱལ་བའི་ལྷ། །དེ་སོགས་ཁས་དྲག་རང་སར་བཟང་། །སྐྱམ་མཆི་མ་ལི་ཡན་སྙིང་སྟོང་དང་། །སོ་ཡོན་ངོ་འཛུམ་གནག་པ་སོགས། །ཕྱི་ས་དགྲ་ཡི་མལ་དུ་གཅེས། །དེ་ཚུགས་བབ་ན་རང་ཉིད་རྒྱལ། ༈ ། ད་ནི་དགུ་པ་ནད་ཕྱྭ་བཤད་པ་ལ། །དང་པོ་ལེགས་ཉེས་བརྟག་པ་དང་། །བར་དུ་ནད་ཀྱི་ངོས་འཛིན་དང་། །ཐ་མར་སྨན་དཔྱད་རིམ་གྲོ་སྟེ། །ས་བཅད་གསུམ་གྱིས་བསྟན་པ་ལས། །དང་པོ་བཟང་ངན་དཔྱད་པ་ལ། །སྤྱི་ཡི་དབང་དུ་བྱས་པ་ནི། །གཅིག་ནད་གཞི་ཡིན་པས་ཡང་ན་བཟང་། །གཉིས་རྡེ་ཁང་མ་འཁྱག་དོན་བཟང་། །གསུམ་སྨན་པ་མ་འགྱོད་དགའ་ན་བཟང་། །བཞི་སྨན་ཕོར་བདུད་རྩིས་གང་ན་བཟང་། །ལྔ་གཏམ་འདྲི་སྙན་ལམ་


MR16_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ན་བཟང་། །དྲུག་རྟེན་མ་མ་འཐོར་དམན་བཟང་། །བདུན་ངར་མའི་ཉལ་ས་གང་ན་བཟང་། །བརྒྱད་སྨན་སྣོད་ཆེ་བ་བདུད་རྩིས་གང་ན་བཟང་། །དགུ་ལེའུ་མ་འགྱོད་གཏོ་སེལ་ཡག །བཅུ་གནམ་སྒོར་དུ་བ་མ་འཐོར་དགོས། །བཅུ་གཅིག་ངོ་སོར་མྱ་ངན་མ་ལང་དགོས། །བཅུ་གཉིས་ཤི་གསོན་ས་མཚམས་ལ། །ནད་པ་གཤིན་ཡུལ་མ་ཆས་དགོས། །བཅུ་གསུམ་ཕྱི་ཕུག་ལྟ་ས་ལ། །འདུ་འཚོགས་མང་པོ་མ་ལང་དགོས། །སྔས་རྟེན་གལ་བར་སྐྱེར་སོགས་བཟང་། །སྨན་ཕོང་སར་དང་བྱ་ཡུན་བདུད་རྩི་བཟང་། །སྨན་པ་ལེའུའི་ས་རུ་ནི། །ཧྲང་ཟེ་གསལ་ངོ་བབས་ན་བཟང་། །ཕྱི་སར་འདན་པ་འཇམ་པོ་བཟང་། །བཅུ་གཉིས་སྐྱེར་དང་སྐྱིན་དིང་བཟང་། །ཆེས་ཐལ་བབ་པ་ངན་པ་ཡིན། །བཅུ་གསུམ་བརྒྱག་མེད་དྭངས་མ་བཟང་། །དུན་དུན་ནད་པར་ངན་པར་བཟང་། །ལུས་ཀྱི་གནས་དང་སྦྱར་བ་ན། །གཅིག་འདི་རྐང་གཡས་གཉིས་རྐང་གཡོན། །གསུམ་འདི་བུས་མོའི་འཕང་ལོ་ཡིན། །བཞི་ནི་ཕོ་བ་གསུམ་པའི་ས། །ལྔ་ནི་རྩིབས་གཡས་དྲུག་གཡོན་པ། །བདུན་འདི་གློ་སྙིང་འབྲེལ་ཐག་ཡིན། །བརྒྱད་འདི་དཔྲལ་བའི་མིག་གི་ས། །དགུ་ནི་ལག་པ་གཡས་གཡོན་ཡིན། །བཅུ་ནི་ལྟག་པ་མགུལ་བ་ཡིན། །བཅུ་གཅིག་བཅུ་གཉིས་ངོ་ཞོ་གཡས་གཡོན་ཡིན། །བཅུ་གསུམ་སྤྱི་བོའི་གཙུག་རུམ་ཡིན། །གོང་རུབ་ལས་བཤད་དེ་ལྟར་ཡིན། །གཞན་ན་གཞན་དུ་བཤད་པའང་ཡོད། །ད་ནི་རྫིའུ་བཅུ་གསུམ་བཤད། །རྐང་སྤར་དབང་པོའི་རྫིའུ་ཡིན། །ཝ་ཚོ་སྲོག་གི་རྫིའུ་ཡིན། །སད་དུན་ཐག་སེམས་ཀྱི་རྫིའུ་ཡིན། །དྭངས་མ་གཡུ་སྒྲོན་མཆིན་པའི་རྫི། །སྐྱིན་དིང་གླེང་བརྒྱག་ཕོ་བའི་རྫི། །སྐྱེ་གསུམ་མཁྲིས་པའི་རྫིའུ་ཡིན། །མུ་ས་


MR16_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

མཁལ་མའི་རྫིའུ་ཡིན། །རུ་སོད་རུས་པའི་རྫིའུ་ཡིན། །སྐྱམ་སེ་ཁྲག་གི་རྫིའུ་ཡིན། །སུམ་མཉམ་དབུགས་ཀྱི་རྫིའུ་ཡིན། །ཨ་ཁད་སྐད་ཀྱི་རྫིའུ་ཡིན། །མུ་ས་ཅོད་པན་ལག་པའི་རྫི། །ལྡི་བུར་རྐང་པའི་རྫིའུ་ཡིན། །སྐྱེར་བྱ་གློ་བའི་རྫིའུ་ཡིན། །དེ་རྣམས་བརྒྱད་དང་བཅུ་གཅིག་བཅུ་གསུམ་ལ། །བབ་ན་ནད་པའི་རྫིའུ་ཡིན། །ཡང་གཅིག་རྫིའུ་རྣམ་བཞི་བཤད། །ཤ་རིང་གཡུ་བྱི་རྟ་སྐད་འཚེར་བ་དང་། །སྐྱིན་དིང་གསེར་གྱི་ཕ་ཝོང་མི་སྐད་སྨྲ། །ཐང་ལེ་དུང་གི་བྱི་བ་ཁྱི་སྐད་ཟུག །སྐྱམ་སྔོན་གཡུ་ཡི་ཁུ་བྱུག་འབྲུག་སྐད་ལྡིར། །ལོ་མལ་ས་མལ་གར་བབ་ཀྱང་། །ནད་པ་མི་འཆིའི་རྫིའུ་ཡིན། །ཕྱི་སར་བབ་ན་ལྕགས་ཀྱི་འདན་པ་ཡིན། །ལར་རྫིའུ་མ་མང་རེ་རེ་བཟང་། །ཁྱད་པར་མ་འཕར་ཁེར་བབ་བཟང་། །གཉིས་སུ་འཕར་ན་ན་ངོ་ཡིན། །གསུམ་བཞིར་འཕར་ན་འཆི་ངོ་ཡིན། །སྐྱེར་དང་སྐྱིན་དིང་ཤ་རིང་གསུམ། །གསུམ་ལ་ཆུང་གསུམ་སྲོག་གི་རྫི། །བཞི་ལ་མནའ་མ་ལྔ་བུ་སྲིང་། །དྲུག་ལ་བུད་མེད་བདུན་དར་མ། །བརྒྱད་ལ་བནྡེ་དགུ་བོན་པོ། །བཅུ་ལ་མ་ཕྱི་བཅུ་གཅིག་བློ་འཛིན་དང་། །བཅུ་གཉིས་ཞང་པོ་བཅུ་གསུམ་རྒྱལ་བློན་རྫི། །ལོ་མལ་གང་བབ་དེ་དེའི་རྫིའུ་ཡིན། །ནད་པ་རྣམས་ལ་བཟང་བར་བཤད། །དིང་དིང་སྐྱིན་དིང་གལ་པར་གསུམ། །འཁྱིལ་པའི་རྫིའུ་ཡིན་པས་ན། །ནད་བ་ཕྱི་འཁྱིལ་ཕྱེད་པ་ཡིན། །བདུན་ལ་བབ་ན་མི་མི་འཆི། །ནད་པ་གཤིན་ཆུའི་འགྲམ་ནས་ལོག །བདུན་བྱོད་ཕུར་བརྒྱད་ལ་བྱ་ཤིང་ན། །སྐྱེས་པ་དར་མ་འཆི་ངོ་ཡིན། །དྭངས་མ་བུ་བརྒྱག་ཅན་བབ་འཆི། །སྙིགས་མ་བབས་ན་མི་འཆིའོ། །ཡང་བདུན་གྱི་གལ་བར་བབ་ནས་སུ། །བརྒྱད་ཀྱི་སྟེང་གི་བབ་ལུགས་ལ། །སོ་ཡོན་གླང་ཆེན་


MR16_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲི་ཐག་བདུད་ལས་ལོན། །ཕུང་ཁད་གཟའ་དགུའི་ཁ་ནས་བདུད་རྩི་ལོན། །སྤོ་བར་གླང་ཆེན་འདམ་མིག་ནང་ནས་ལོན། །སྐྱམ་སྔོན་བན་གླང་ཆུ་མིག་ནང་ནས་ལོན། །འདི་རྣམས་གང་བབ་ནད་པ་མི་འཆིའོ། །བདུན་ངན་བརྒྱད་བཟང་མཐའ་མིག་ཡིན། །བདུན་བཟང་བརྒྱད་ངན་མཐའ་ལ་ཚུད། །སོ་ཡོན་རྟིང་བཤལ་སྤོ་རྟིང་བཤལ། །སྐྱམ་དྭངས་མ་བརྟོད་པའི་རྫིའུ་ཡིན། །བཅུ་གཅིག་དག་ལ་བབས་ན་བཟང་། །ཕུང་ཁད་ཕུང་བྱལ་ཝ་སྐྱམ་གསུམ། །འདི་གསུམ་ཕྱིང་ལོག་རྫིའུ་ཡིན། །བརྒྱད་ལ་བབ་ན་ངེས་བ་ཡིན། །བཞི་ཡི་སང་རིགས་ཁེང་འདུག་སྟེ། །སྦས་སྲོག་འཚོ་བའི་རྫིའུ་ཡིན། །བདུན་གྱི་སྐྱེར་ལེབ་ཁེར་འདུག་སྟེ། །གབ་སྲོག་འཚོ་བའི་རྫིའུ་ཡིན། །བཅུ་ཡི་སྐྱམ་སྔོན་ཁེར་འདུག་དེ། །གསང་སྲོག་འཚོ་བའི་རྫིའུ་ཡིན། །བརྒྱད་ཀྱི་ངན་དགུ་ཁེར་འདུག་དེ། ཤར་རྨ་གཉན་སྤོམ་རིའི་གོང་བ་དེར། །ཤ་བརྒྱད་བ་ཤི་སྐད་ཤོར་ནས་ཐར། །སྐྱེས་པ་མི་འཆིའི་རྫིའུ་ཡིན། །དགུ་ཡི་སྟེར་གི་སྐྱམ་སྔོན་དེ། །བོན་པོ་ནད་པ་མི་འཆིའི་རྫིའུ་ཡིན། །བརྒྱད་སོ་ཡོན་བན་དེ་ནད་པའི་རྫི། །འདི་རྣམས་ཁེར་འདུག་འདི་བཞིན་བབ། །ཁ་ཆེམས་བཞག་ཀྱང་འཆི་མི་སྲིད། །གཞན་རྫིའུ་ཉེར་གཉིས་སོགས་བཤད་ཀྱང་། །མ་སྤྲོས་སྙིང་པོ་འདི་རྣམས་ཡིན། །སྤྱིར་བཏང་ནད་པའི་སྐྱོང་རྫིའུ་དྲུག །ལི་ཡན་ཆུ་དོ་ལི་ཡན་དང་། །མུ་ཁ་ལི་ཡན་སྐྱེར་ལི་ཡན། །བྱ་རལ་ཀུ་ཆང་གཡུ་ཕུང་བྲག །འདི་དྲུག་ཕོས་མོས་གར་བབ་ཀྱང་། །ནད་བ་དེ་དང་དེ་ཡི་རྫིའུ་ཡིན། །ཡང་མཉེན་བྱེད་ཀླད་པའི་སྐུ་མཁར་དེ། །གས་ཆག་བྱེད་པ་སྐ་བྲག་བྱ་རལ་ཡིན། །ཉན་བྱེད་རྣ་བའི་འཛེར་བུ་སོ་ཡོན་རྟིང་བཤལ་ཡིན། །ལྟ་བྱེད་མིག་གི་ལིང་ཐོག་སེ་སྟོད་ནག་ཐོག་ཡིན། །སྣོམ་བྱེད་སྣ་ཡི་དབུགས་ཆད་ཏྲོང་གི་སུམ་


MR16_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཡིན། །སྨྲ་འདོད་ལྕེ་ཡི་རྩ་ཆད་ཏྲོང་གི་ཨ་ཁད་ཡིན། །དུང་སོ་སུམ་ཅུ་སྲིན་ཟོས་ན་འབན་ཏྲོད་ཆུང་ཡིན། །སྙོབ་བྱེད་ལག་པར་གཟའ་ཕོག་བྱ་མེད་སྟེ་སྟོད་ཡིན། །རུས་ཆེན་འཐོར་ཞིག་བྱེད་པ་ན་འབན་ཧྲལ་མོ་ཡིན། །ཆུ་རྒྱུས་དྲྭ་བ་གཅོད་མི་སྤོ་རྒོད་མ་ཟེ་ཡིན། །སྲོག་རྩ་བུ་དགུ་གཅོད་པ་རུ་སོད་སྒོ་བརྒྱག་ཡིན། །གློ་བ་དབུགས་མཚོ་འགས་པ་དམུ་བྲག་ཕུང་བྱལ་ཡིན། །རྣམ་ཤེས་བྱེའུ་ཆུང་སྤུར་བ་ཆུ་དོ་ལི་ཡན་ཡིན། །ཁྲག་མཚོ་མཆིན་པ་འགས་པ་སྐྱམ་བྲག་ཕུང་རལ་ཡིན། །ཆུ་མཚོ་མཁལ་མ་འགས་བ་སྐྱམ་ཆད་སྒོ་བརྒྱག་ཡིན། །མཁྲིས་པ་གསེར་ཁུ་ཁ་ལུད་ཐང་ལེ་མ་བརྒྱག་ཡིན། །ཕོ་བའི་དར་ཤ་ཆད་པ་ལི་ཡན་སྐྱ་བོ་ཡིན། །རྒྱུ་མའི་རྒྱང་ཐག་ཆད་པ་སྐྱམ་གྱི་ངན་རིགས་ཡིན། །རྐང་པ་གྲུམ་པས་བཟུང་བ་སྤོ་བར་ཞར་བ་ཡིན། །ལུས་ཀྱི་དྲོད་ཆེན་ཡལ་བ་སྐྱམ་དཀར་ལི་ཡན་ཡིན། །དེ་རྣམས་ལུས་ཀྱི་དགྲ་གཤེད་ཡིན། །ནད་པའི་མོ་ལ་གང་བབ་ངན། །བཟང་ངན་བྱེ་བྲག་བཤད་པ་ལ། །དང་པོ་བཟང་བའི་སྡེ་ཚན་ལས། །ནད་པའི་རྫིའུ་བཅུ་གསུམ་བཤད། །གཅིག་གི་སྐྱམ་བྲག་སྔོན་པོ་དེ། །བྱི་བ་ལོ་པའི་རྫིའུ་ཡིན། །དེ་བཞིན་ལོ་མལ་མོ་མདུད་སྦྱར། །གལ་བར་༢ཕུབ་ཆེན་ལྡི་བུར་རུ་༤སྔོན་དང་། །དམུ་དག་བརྒྱག་༤ཅན་ལི་ཡན་སྐྱ་མོ་༥དང་། །བྱ་ཡུན་དང་༦རྩེ་ཨ་ཁད་༧རྩེ་མ་དང་། །སྐྱིན་དིང་གཡུ་༨ཐོག་ཚོལ་༩ ཚེ་ལུག་གུ་དང་། །སྐྱམ་ཆུང་༡༠བུམ་པ་བྱ་༡༡རལ་ལག་དཀར་དང་། །སྐྱམ་ལེ་བུ་བརྒྱག་༡༢གླང་སོགས་སོ་སོའི་རྫི། །བཅུ་གསུམ་མུ་ས་བྱ་ཡུན་དེ། །ནད་པ་ཀུན་གྱི་རྫིའུ་ཡིན། །གཞན་ཡང་འདྲ་མིན་དུ་མར་མཆིས། །ད་ནད་པའི་ཤོལ་མ་བཅུ་གསུམ་བཤད། །ལོ་མལ་བཅུ་གཉིས་རང་རང་དང་། །བཅུ་གསུམ་ནད་པ་ཀུན་ལ་ནི། །སྦྱར་བ་འོག་མ་རྣམས་སུ་ཡང་། །ཤེས་པར་བྱ་བ་སྦྱིར་བཏང་ནས། །


MR16_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིན་དིང་གཡུ་ཐོག་༡དང་ནི་སྐྱེར་༢དང་ནི། །བག་ཚོ་གཡུ་༣མིག་བྱ་ཡུན་༤དམར་མོ་དང་། །གལ་བར་ཐོད་དཀར་༥སྤོ་བར་༦ལིང་ཀུན་དང་། །དམུ་དག་བརྒྱག་༧ཅན་སྤོ་ཚེ་གླིང་བརྒྱག་༨དང་། །ཁྱུང་བརྒྱང་༩མཚལ་ཐིག་སོ་སངས་༡༠གླིང་བརྒྱག་དང་། །བྱོད་ཕུར་༡༡དང་ནི་སྐྱིན་༡༢དིང་མོ་མ་དང་། །ལྡི་བུར་༡༣རུ་སྔོན་བཤོལ་མ་བཅུ་གསུམ་ཡིན། །འདི་རྣམས་གང་བབ་ནད་པ་མི་འཆིའོ། །བཅུ་གཅིག་བྱོད་ཕུར་ནད་གཞི་ཡར་ཡར་དང་། །བཅུ་གཉིས་སྐྱིན་དིང་ཤི་གསོན་བར་གྱི་རྡོ། །འདི་གཉིས་ནད་པ་སྤྱི་ལའང་བཟང་བར་བཤད། །ནད་པའིའབྲོས་རི་བཅུ་གསུམ་ནི། །སྐྱམ་སེ་ཁྲ་མོ་༡དམར་ཐོག་སེ་སྟོད་༢དང་། །སད་ལིང་བྱིལ་མིག་༣སྐྱེར་གྱི་གླིང་༤བརྒྱག་དང་། །ལི་ཡན་སྐྱ་མོ་༥སྐྱམ་དཀར་བུ་བརྒྱག་༦དང་། །སད་སྡ་གྱེར་རྒྱུད་༧སྐྱམ་ཆུང་བུམ་པ་༨དང་། །སྤྲེལ་ཕོ་༩རྟ་ཐོང་དམུ་དག་དཔའ་རྒོད་༡༠དང་། །རེ་སེ་ཀྱུ་ནི་༡༡ སད་དེ་ཨ་ཁད་༡༢དང་། །ཆུ་སྤར་འབྲུག་ཐོག་༡༣རྣམས་ནི་འབྲོས་རི་ཡིན། །ཡང་གཅིག་ནད་པའི་རྐུང་ས་བཅུ་གསུམ་ནི། །སྐྱིན་དིང་༡གཙང་མ་བྱ་རལ་གཙང་མ་༢དང་། །སྐྱམ་བྲག་༣རང་ཆུ་གལ་བར་རུ་༤ཐོག་དང་། །ཙེ་རའང་༥ཐོག་རེསེ་ཀྱུ་༦ནི་དང་། །ཨ་ཁད་རྩེ་མ་༧ཝ་ཚོ་དཔའ་མདུད་༨ དང་། །དིང་དིང་ལྕགས་ཁྲ་༩སྐྱམ་ཆུང་༡༠བུམ་པ་དང་། །ནག་ཆུང་༡༡ཟལ་ཟལ་སོ་སེང་སྟག་༡༢རིས་དང་། །སྐྱིན་དིང་༡༣གཙང་མ་ནད་པའི་སྐུངས་ས་ཡིན། །ནད་པའི་སོས་ངོ་བཅུ་གསུམ་བཤད་པ་ནི། །སོ་སང་༡དང་ནི་སོ་སྟོད་༢དང་སྤོ་བར། ༣ ། གལ་བར་༤རུ་ཐོག་བྱ་ཡུན་༥དང་རྩེ་དང་། །བྱ་རལ་༦དང་ནེ་བྱ་མེད་སེ་སྟོད་༧དང་། །ཙང་ཀུན་ཁྱབ་པ་དཔའ་སྟག་ཡམ་༩པ་དེ། །སྤོ་བར་༡༠མཛོ་རུ་མ་ཟེ་རམ་༡༡ཐིག་དང་། །མུ་ས་དིལ་༡༢དཀར་སྐྱིན་དིང་གཙང་མ་༡༣དེ། །ནད་པ་རྣམས་ཀྱི་སོས་ངོ་ཡིན། །ནད་པའི་དུར་ལོག་བཅུ་གསུམ་ནི། །བག་ལྡི་༡སྐྱམ་༢སྔོན་སྐྱེར་སྨད་༣དང་། །


MR16_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རལ་༤ཐང་ལེ་༥མུ་ས་༦དང་། །ལི་ཡན་༧སྐྱིན་དིང་༨དིང་བརྒྱག་༩དང་། །ཤ་རིང་༡༠སྤོ་ཚེ་རེ་སེ་༡༡དང་། །ལི་ཡན་༡༢བག་ལྡི་༡༣ནད་པ་དུར་ནས་ལོག །འདི་རྣམས་བཟང་བའི་སྡེ་ཚན་ནོ། །ཡང་ནི་ངན་པའི་སྡེ་ཚན་བཤད། །ནད་པའི་བདུད་ཆད་བཅུ་གསུམ་ནི། །ནག་ཐོག་སེ་༡སྟོད་གལ་བར་སྒོ་བརྒྱག་༢དང་། །ཨ་ཁད་སྒོ་བརྒྱག་༣དམུ་དག་བརྒྱག་༤ཅན་དང་། །དིང་དིང་༥ཆུ་སློ་ཆུ་གྲི་མེ་སྟག་༦ དང་། །བྱ་མེད་༧སེ་སྟོད་སྐྱམ་སེ་ནག་༨ཐོག་དང་། །དིང་དིང་༩དྲལ་དཀར་མུ་ས་ཤོར་ཁུང་༡༠དང་། །དམུ་ངམ་༡༡བྱ་རལ་དཀར་ཐོག་གཡུང་དྲུང་༡༢དང་། །སེ་སྟོད་༡༣སྒོ་བརྒྱག་ནད་པའི་བདུད་ཆད་ཡིན། །ནད་པའི་དུར་ཞུགས་བཅུ་གཉིས་དཔྱད། །བརྒྱད་ལ་ཏྲོང་ཆུང་ན་འབན་ན། །བྱི་བ་ལོ་པའི་ཤི་ཆོས་རན། །དེ་བཞིན་བརྒྱད་མིག་ཁོ་ན་ལ། །ཏྲོང་ན་དུན་ཏྲོང་ཐིག་གླང་ལོ་དང་། །ཏྲོང་གི་སུམ་མཉམ་སྟག་ལོ་བ། །ཏྲོང་སྤས་རྒན་ཡོས་བུ་ལོ་བ་དང་། །ཏྲོང་གི་ཧྲང་ཟེ་འབྲུག་ལོ་པ། །ཏྲོང་གི་ཨ་ཁད་སྦྲུལ་ལོ་པ། །ཏྲོང་གི་སྦས་རྒན་རྟ་ལོ་པ། །ཏྲོང་གི་ཁྱུང་བརྒྱང་ལུག་ལོ་པ། །ཏྲོང་གི་རྦབ་རྒོད་སྤྲེལ་ལོ་པ། །ཏྲོང་གི་ནག་ཆུང་བྱ་ལོ་པ། །ཏྲོང་གི་ཕུང་ཁད་ཁྱི་ལོ་པ། །ཤ་རིང་ཏྲོང་ཏྲིག་ཕག་ལོ་པ། །དུར་དུ་ཞུགས་པས་ཤི་ཆོས་རན། །ཡང་གཅིག་དུར་འདས་བཅུ་གསུམ་ནི། །སོ་ཡོན་༡ནག་མོ་སྐྱེར་ནག་༢དང་། །ཏྲོང་ཕུང་༣ཁད་ནག་ཐོག་སེ་སྟོད་དང་། །ཕུད་བར་༤ཨ་ཁད་ཕུང་བྱལ་༦དང་། །བྱ་ཡུན་༧རོག་མོ་ལིང་ང་ནག་ཐོག་དང་། །སུམ་མཉམ་སྒོ་བརྒྱག་༨མུན་དམར་སེ་སྟོད་༡༠དང་། །ཐོམ་པ་༡༡ མགོ་འཁོར་རུ་སོད་སྒོ་བརྒྱག་༡༢དང་། །ཧྲང་ཟེ་ཞར་བ་༡༣ནད་བདུར་དུ་འདས། །དུར་ཁ་ཚེ་བཟློག་མང་དུ་བྱ། །ནད་པའི་ཚེ་ཚད་བཅུ་གཉིས་ནི། །བཅུ་གཅིག་གོང་ཚེ་དུན་དུན་ནི། །བྱི་བ་ལོ་པའི་ཚེ་ཚད་ཡིན། །དེ་བཞིན་བཅུ་གཅིག་ཁོ་ན་ལ། །བྱ་རལ་སྒོ་


MR16_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་གླང་ལོ་པ། །སོ་ཡོན་སྒོ་བརྒྱག་སྟག་ལོ་པ། །སྤོ་ཚེ་སྒོ་བརྒྱག་ཡོས་བུ་ལོ། །རྐང་སྤར་སྒོ་བརྒྱག་འབྲུག་ལོ་པ། །སྐ་དྲག་ཞར་བ་སྦྲུལ་ལོ་པ། །སོལ་ཁྲ་རོག་མོ་རྟ་ལོ་པ། །དིང་དིང་སྒོ་བརྒྱག་ལུག་ལོ་པ། །ཕུང་བྱལ་སྒོ་བརྒྱག་སྤྲེལ་ལོ་པ། །ཕུང་ཁད་སྒོ་བརྒྱག་བྱ་ལོ་པ། །ཨ་ཁད་སྒོ་བརྒྱག་ཁྱི་ལོ་པ། །སོལ་ཁྲ་སྒོ་བརྒྱག་ཕག་ལོ་པ། །དེ་དག་རྣམས་ཀྱི་ཚེ་ཚད་རྫོགས། །དེ་ནས་སྤྱི་ཁོག་དཔྱད་པ་ལ། །མི་སོས་འཆི་ངོ་བསྟན་པ་ནི། །ནད་པ་སྤྱི་ཡི་ཚེ་ཚད་ལ། །བཅུ་གསུམ་བརྒྱག་ཁ་བཟང་ཆེན་དང་། །ལོ་བདུད་ངན་པ་ཚེ་ཚད་རྫོགས། །གཅིག་དང་བཅུ་གཅིག་ལན་དཔྱང་ལས། །དིང་དིང་ལན་དུ་བྱ་རལ་ན། །དགུང་སྔོན་ཁོལ་དུ་བུད་པ་ཡིན། །ཡ་རབ་ནད་པའི་ཚེ་ཚད་ཡིན། །བྱ་ཡུན་དཀར་མོ་སོ་ཡོན་ན། །ཉི་མ་མུན་པས་བསྒྲིབས་པ་ཡིན། །བླ་མ་ཡོན་ཏན་ཅན་ལ་ངན། །བག་ཚོ་ལི་ཡན་ཕྱུག་པོར་ངན། །ལྷོ་སྤྲིན་རླུང་གིས་གཏོར་པ་ཡིན། །སྐྱིན་དིང་འབྲི་མིག་འཁྱིལ་བ་དང་། །བྱ་རལ་ལུམ་གསུས་གཙོ་བོར་ངན། །དོག་མོ་གཞུང་ནས་རལ་བ་ཡིན། །གཡུ་གུར་ལུམ་གསུས་བུད་མེད་ངན། །གཡུ་ཡི་ཆུ་མིག་སྐམ་པ་ཡིན། །ར་ཟི་དཀར་ཐོག་སེ་སྟོད་བུད་མེད་ངན། །མེ་ཏོག་སད་ཀྱིས་ཁྱེར་བ་ཡིན། །དེ་སོགས་ཞིབ་ཏུ་དཔྱད་པར་བྱ། །ཡང་བཞི་བརྒྱད་ལན་གྱི་བབ་ཚུལ་ལ། །ལི་ཡན་ལན་དུ་སྐྱེར་རྡེའུ་དཀར། །གཡང་གི་རྒྱ་མཚོའི་ལྟེ་བ་བུད། །ཨ་ཁད་ལན་དུ་རེ་སེ་ན། །རྒྱ་སྟག་ངར་མའི་ཚེ་ཚད་རྫོགས། །སྟག་རལ་ཅན་ལ་ངན་པར་བཤད། །གཅིག་གི་བྱོད་ཕུར་གཉིས་གློག་དམར། །གསུམ་ལ་སྤོ་བར་སྒོ་བརྒྱག་ན། །ལྕོག་ཆུང་དུང་ཁྲ་ཧོར་པས་ཁྱེར། །བུ་ཚ་གཅིག་གི་ཚེ་ཚད་ཡིན། །དེ་སོགས་བབ་ལན་དཔྱད་པ་འདི། །ནད་པ་ཁོ་ནར་མ་ཟད་ཀྱི། །གཞི་ཕྱྭ་སྲོག་ཕྱྭ་སོགས་


MR16_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་དཔྱད། །ཡང་སང་དང་སད་ཁམས་ལ་སོགས་པ། །འདྲ་བཞིར་བསྟུད་པ་འཆི་བའི་ངོ་། །ཕྱི་ས་བཞི་ལའང་དེ་དང་འདྲ། །གང་བསྟུད་ཐམས་ཅད་བཅུ་གཉིས་དང་། །བཅུ་གསུམ་ཐལ་ན་འཆི་ངོ་ཡིན། །སྤོང་དག་བྱས་ན་ལོ་གཅིག་བཟློག །ཁྱིམ་སྤང་དགོན་པར་བསྡད་ན་ལོ་གཉིས་ཐུབ། །རབ་ཏུ་བྱུང་ན་ལོ་གསུམ་གེགས་དེ་བཟློག །རིག་སྔགས་བསྒྲུབ་ན་རིང་བོའི་མཐར་ཡང་འཚོ། །མ་ཟེ་བཙན་ལ་རུ་སོད་བདུད། །ན་འབན་གཉན་དང་ཆུ་སྤར་ནི། །གཤིན་རྗེའི་རོ་འཛིན་ཡིན་པར་བཤད། །ཉི་མ་བྲག་ནི་མ་ཡམ་དང་། །གློག་དམར་མ་ཡམ་རོ་འཛིན་ཡིན། །རོ་འཛིན་དེ་རྣམས་གཉིས་དང་ལྔར། །བབས་ན་རོ་འཛིན་ལག་པ་བརྗེས། །ལན་དུ་སེ་སྟོད་ཏྲོང་རིགས་ན། །རོ་འཛིན་ལག་པ་དམར་བ་ཡིན། །བྱ་རལ་བབས་ན་རོ་འཛིན་ལག་པ་ཆག །ལི་ཡན་རོ་འཛིན་ལག་པ་སྟོང་། །ཝ་ཚོ་བབས་ན་རོ་འཛིན་སྐྱེངས། གཞན་ཡང་རྟ་ངོའི་ལན་དུ་རུ་སོད་ན། །དོ་མ་བྱ་རུ་བཙུགས་པའི་ངོ་། །ཚོལ་ཚེ་བྱོད་ཕུར་འདྲེས་པ་ན། །སྐྱིན་ལུག་མཚུན་གྲལ་བསྙེགས་པ་ཡིན། །རུ་སོད་སྐྱིན་དིང་ཙེ་ར་གསུམ། །ཕྱི་ནང་མེད་པར་འདྲེས་པ་ན། །བླ་རྡོ་རི་ལུང་བསྐོར་པ་ཡིན། །བྱ་ཡུན་ཨ་ཁད་འདྲེས་པ་ན། །དུ་བ་མེ་ལྕེ་འདྲེས་པ་ཡིན། །བག་ཚོ་བརྒྱག་ཅན་འདྲེས་པ་ན། །བརྒྱག་སྐྱེང་རྒྱག་དང་འཛོམས་པ་ཡིན། །ཝ་ཚོ་ཙེ་ར་ཡར་དིང་གསུམ། །འདྲེས་ན་བྱ་ཁྱུང་མཁའ་དང་འཛོམས། །ཤིང་ཤག་ཏྲོང་རིགས་འདྲེས་པ་ན། །རོ་ཤིང་སོལ་བ་འདྲེས་པ་ཡིན། །ཏྲོང་དང་ཨ་ཁད་འདྲེས་པ་ན། །སྤྲེའུ་གྲུམ་པ་འདྲེས་པ་ཡིན། །ཕྱི་ནང་མེད་པར་སུམ་མཉམ་དང་། །བཅུ་གསུམ་ཏྲོང་གི་སྙིགས་མ་ན། །རི་སྤྱང་ཤན་དུ་ཞུགས་པ་ཡིན། །ཕྱི་ནང་མེད་པར་ལི་ཡན་དང་། །བཅུ་གསུམ་རླུང་གི་སྙིགས་མ་ན། །རླུང་ཁམས་དབྱིངས་སུ་འཕྱོ་བ་ཡིན། །དེ་བཞིན་ཨ་ཁད་མེ་


MR16_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་དགུང་དུ་ཆད། །སྐྱམ་རིགས་ཆུ་བོ་ཁ་ལུད་བྱུང་། །སྐྱིན་དིང་ས་གཞི་གནམ་དུ་གཡོས། །བཅུ་གསུམ་སྟེང་དུ་འབྱུང་ཁམས་ནི། །རང་རང་སྙིགས་མ་བབ་ན་ཡིན། །འདི་རྣམས་འུར་ཟིང་ནད་པ་འཆི་ངོ་ཡིན། །གཞན་ཡང་གཡུང་དྲུང་མང་བ་ནི། །རྒྱལ་པོ་གྲལ་དུ་བྱས་པ་ཡིན། །བྲག་མང་ན་བློན་པོ་ཁྲོམ་རྒྱུག་བྱས། །དིང་དིང་མང་ན་གཙོ་བོའི་མདུན་ཞུ་གྱོན། །ཡར་སྡང་མང་ན་དུར་དཔོན་འཕྲུ་བཙུགས་ཡིན། །འཐོར་བ་མང་ན་ཁྲོམ་པ་འདུས། །མདོར་ན་བསྟུད་པ་མང་པོ་ནི། །འདུ་ཚོགས་བྲེལ་བ་མང་བ་ཡིན། །ཤིང་ཤག་ཤིང་ཐུན་སྐྱམ་བྲག་ཆུ་ལེན་ཡིན། །སྤོ་རིགས་བསྟུད་ན་ཤིང་སྒྲོམ་ཡིན། །སྐྱིན་དིང་བསྟུད་ན་རྡོ་ཁང་ཡིན། །བྱ་ཡུན་བསྟུད་ན་མར་མེ་ཡིན། །ཚོལ་ཚེ་བསྟུད་ན་དུར་བརྒྱག་ཡིན། །ཝ་ཚོ་བྱ་ཡུན་གཤོག་དར་ཡིན། །སད་ལིང་དཀར་ཐོག་དུར་འདས་ཡིན། །སད་སྔ་གྱེར་རྒྱོད་དུར་བོན་ཡིན། །རྐང་སྤར་ལྡི་བུར་དུར་ནག་ཡིན། །ཀྱེ་བ་ཀྱི་ལེ་དུར་ས་ཡིན། །སྲབ་ཆོད་ཚོལ་ཚེ་སྒོ་བརྒྱག་དུར་ཐག་ཡིན། །ཆུ་སྲིན་འདབ་སེར་དུར་ཆུ་ཡིན། །སྐ་བྲག་རུ་སོད་དུར་ཕྱིད་ཡིན། །རུ་སོད་དུར་རྡོ་དུར་ཐབ་ཡིན། །ཆུ་སྤར་ལྡི་བུར་དུལ་མལ་ཡིན། །ལི་ཡན་དུར་གྱི་ཟན་ཕོར་ཡིན། །ཨ་ཁད་མེ་ཡིན་སོ་ཡོན་དུ་བ་ནག །སེ་སྟོད་བཅུ་གསུམ་ཐོག་རོལ་ཡིན། །བརྟུད་པ་ཐམས་ཅད་གཏམ་དྲི་ཡིན། །ཆུ་སྤར་ཙི་ར་འདྲེས་པ་ན། །མེ་དང་རོ་དུད་འདྲེས་པ་ཡིན། །དེ་སོགས་ངན་རིགས་དཔྱད་པར་བྱ། །བཀྲ་བཙུན་དུར་ལམ་བཅུ་གཉིས་ཡིན། །དར་མའི་དུར་ལམ་ལྔ་ལ་དཔྱད། །ཆུང་གསུམ་དུར་ལམ་གཉིས་ལ་དཔྱད། །ལི་ཡན་ཆུ་སྤར་ན་འབན་དང་། །མ་ཟེ་སྒོ་བཞི་རུ་སོད་དང་། །ཐང་ལེ་ཤག་ལེ་བབ་ན་ཕྱེས། །བཟང་རིགས་བབ་ན་དུར་སྒོ་བསྡོམ། །བྱོད་ཕུར་བསྟུད་ན་གཟེར་ངོ་ཡིན། །དིང་དིང་བསྟུད་ན་རྒྱུག་འདུར་ངོ་། །བསྟུད་


MR16_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣ་ལ་གང་བྱུང་བའི། །ཁམས་ཀྱི་མདུད་པ་ཅན་ལ་ངན། །སྙིང་མིག་སྲོག་གསུམ་རང་སྙན་གསུམ། །གྲོག་མས་གསེར་ཁུང་ཤོར་བ་ཡིན། །དེ་ཡི་བཅུ་གསུམ་བྱ་རལ་ན། །གྲོག་རྐེད་སྟྭ་རེས་བཅད་པ་ཡིན། །སྙིང་མིག་སྲོག་གསུམ་བྱ་རལ་གྱི། །བཅུ་གསུམ་རང་སྙན་བབ་པ་ན། །གྲོག་མས་གསེར་ཁུང་རྙེད་པ་ཡིན། །དེ་སོགས་དཔྱད་པ་མང་པོ་དང་། །སྙིང་མིག་སྲོག་གསུམ་བཟང་གསུམ་ངན་གསུམ་དང་། །འདྲ་གསུམ་དག་གི་རྩེ་མོ་ལ། །གང་བབ་འབྲས་བུ་རྣམ་མང་པོ། །གཞན་དུ་བཤད་པ་བཞིན་དུ་བརྟག །ད་མི་སོས་འཆི་ངོ་དཔྱད་པ་ལ། །སྨད་དུ་དྭངས་སྙིགས་འདྲེས་འདྲེས་ནས། །བཅུ་གསུམ་དཀར་ཐོག་གཡུང་དྲུང་ན། །མི་རྒན་ལྷ་བ་སྟོད་དུ་བུད། །ད་རེས་ཅིས་ཀྱང་མི་ཕན་འཆི། །སྨད་དུ་དྭངས་སྙིགས་འདྲེས་པ་དེ། །གཞིར་བཞག་བཅུ་གསུམ་བབ་ལུགས་ལ། །ཁྱུང་བརྒྱད་མཚལ་ཐིག་བབས་པ་ན། །ཁྱུང་ལ་ཁར་བུད་ནས་འཕུར་འདོད་ཡིན། །དེ་བཞིན་གལ་བར་ཐོད་དཀར་དེ། །གླང་དཔའ་ཤེད་རྫོགས་ནས་འཆི་འདོད་ཡིན། །ཨ་ཁད་ཙེ་མ་རྒྱ་སྟག་རི་བཀྲ་རྫོགས་ནས་འཆི། །སེ་སྟོད་བརྒྱག་གཉིས་ཤ་རྒན་མཐའ་ལ་ཡར་ནས་འཆི། །སེ་སྟོད་སྒོ་བརྒྱག་སྦྲང་བུ་འདམ་ལ་ཟུག་ནས་འཆི། །ཡར་ལྡིང་སྐྱེར་བརྒྱག་སེང་གེའི་གཡུ་རལ་རྫོགས་ནས་ཤི། །ཁ་ལང་གཡུ་འབྲུག་ངར་སྐད་རྫོགས་ནས་ཤི། །ཝ་ཚོ་དུང་སྒོང་གཡུ་ཤུག་ལོ་མ་རྒྱས་ནས་སྐོམ། །ཤ་རིང་སྤོ་ཚེ་ལྗོན་ཤིང་ལོ་མ་རྒྱས་ནས་ཆག །ཚོལ་ཚེ་བུ་བརྒྱག་གཡང་མོ་བསྟར་ལ་བརྒྱུས་ནས་འཆི། །ཙེར་ཝང་ཐོག་སྨོན་པའི་ཚེ་མཐའ་ཟད་ནས་འཆི། །ཀུ་ཡེ་བྱིལ་ཚང་འགུལ་འཚེར་རྒན་པོ་ལ་ཁར་བུད། །བྱ་བུར་གསེར་ཐིག་ཉ་ཆེན་རྒྱས་ནས་འགྲིབ་པ་ཡིན། །བྱ་ཡུན་དཀར་མོ་ཉི་མ་རྒས་པ་ལ་ཁར་ཐོན་ནས་འགྲིབ། །མུ་ས་ཅོད་པན་ཐོ་རེངས་སྐར་བཀྲ་ཡལ་


MR16_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡིན། །སྐྱེར་འུན་དངུལ་ཆབ་མ་ལྷ་ཚེ་ཚད་རྫོགས་ནས་ཤི ། བྱ་རལ་རིན་ཆེན་གཉན་གྱི་བུ་ནོར་ཐོབ་ནས་ཤི ། ཁ་ལེ་དཀར་པོ་མགྱོགས་བའི་དཔལ་རྩལ་འཛོམས་ནས་ཤི ། སྐྱིན་དིང་གཡུ་ཐོག་གཤེན་བོན་བྱ་རུ་བཙུགས་ནས་ཆད། །བ་ཚ་ལ་རྔམ་བནྡེས་རྡོར་དྲིལ་ཐོགས་ནས་ཆག །སོ་ཡོན་ལིང་ཀུན་གསེར་སྦྲུལ་གཤོག་པ་རྒྱས་ནས་ཤི ། གསེར་བྱ་ཟུར་ཐིག་ངུར་པ་ཁྲི་ཚོ་ཐུབ་ནས་འཆི། །རུ་སོད་ཁ་ལེ་ཕོ་རོག་སྟོང་ཚེ་ཐུབ་ནས་འཆི། །ཝ་ཚོ་གནམ་རང་ཤུག་གུ་འབུམ་ཚོ་ཐུབ་ནས་འཆི། །བག་ཚོ་ཁྲ་མོ་དགུང་ལ་ལྷོ་སྤྲིན་འདུས་ནས་ཡལ། །བུམ་པ་གསེར་མིག་རྒྱ་མཚོ་རྒྱས་ནས་ལུད་འདོད་ཡིན། །དགོ་ཚང་ཁྲ་མོ་འཇའ་ཚོན་བཀྲ་ནས་ཡལ་འདོད་ཡིན། །རེ་སེ་ཀྱུ་ནེ་མགྱོགས་པ་ལ་ཁར་ཕྱིན་ནས་ཤི ། གློག་དམར་ལྡི་བུར་དཔའ་ཤེད་རྫོགས་ནས་འཆི་འདོད་ཡིན། །དེ་དང་དེ་ལ་སོགས་པ་ཡི། །མདོར་ན་བཅུ་གསུམ་བརྒྱག་ཆེན་རིགས། །ལ་ཁར་བུད་པས་འཆི་འདོད་ཡིན། །ད་ནི་མི་འཆི་སོས་ངོ་བཤད། །སྨད་དུ་དྭངས་སྙིགས་འདྲེས་འདྲེས་ནས། །བཅུ་གསུམ་བྱ་རལ་སྐྱ་བོ་ན། །གཡུང་པོའི་ཁྱི་སྲོག་ཀ་བར་བཏགས། །ད་རེས་ནད་པ་མི་འཆི་སོས། །སྨད་དུ་དྭངས་སྙིགས་འདྲེས་པ་གཞིར་བཞག་ནས། །བཅུ་གསུམ་སྟེང་གི་བབས་ལུགས་ལ། །ལི་ཡན་རླུང་སྨུག་རྟ་རུ་ཟིན། །སྐྱམ་སྔོན་བྱི་ལོང་འཇོལ་ལས་ཐར། །ཐང་ལེ་ཉ་མོ་སྲམ་ལས་ཐར། །སེ་སྟོད་བཤས་ལུག་ཤན་པའི་ལག་ནས་ཐར། །སྐྱེར་སྨད་ཉ་མོ་གངས་ལ་ཐུག་ནས་ལོག །སྐྱིན་དིང་སྦལ་པས་ཕྱི་ལྟས་བྱས། །སོ་ཡོན་མདུན་ཞྭ་མགོ་ཡིས་ཕུད། །བག་ལྡིར་ཡུ་མོར་བཙུག་རྭ་སྨིན། །ཝ་སྐྱམ་མི་བླ་འདྲེ་ལས་ཐར། །གླེས་སྨི་མཆུ་ནག་དུར་བྱ་དུར་ནས་ལོག །ཆུ་སྤར་ལྡི་བུང་དུར་བྱའི་ལྟོ་བ་སྟོང་། །སྐྱམ་ཆད་དྲོ་ཆད་ལ་ནས་


MR16_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལོག །སྐྱམ་སེ་མཛོ་རྒན་ཆད་པོ་ལ་ནས་ལོག །སྤོ་ཡོ་གཡག་རྒན་བཤའ་གྲིའི་ཁ་ནས་ཐར། །ཕུང་བྱལ་སྤྲེལ་རྒན་འགག་ཐག་ཆད། །ཕུང་ཁད་ཤ་རྒན་ཤི་སྐད་བྱས་ནས་ཐར། །སྐྱེར་གསུམ་མཛོ་རྒན་བཤལ་ཁྲིའི་སྟེང་ནས་ཐར། །ཆུ་སྐྱམ་མཆི་མ་ལག་པས་ཕྱིས་ནས་བགད། །དེ་སོགས་མདོང་ན་སྐྱ་ཞིབ་ངན་སྡེ་བབས། །དུན་དུན་ནད་པ་མི་འཆིའོ། །ཡུན་རིང་ནད་པའི་ན་ངོ་ཡིན། །དམུ་དག་ཙེ་ར་ནད་ལོག་ཡིན། །གཞན་སྐྱ་ཞིབ་དྭངས་མ་གང་བབས་ཀྱང་། །ནད་པ་མཁུན་དྭངས་ལྷ་ངོ་མཐོ། །ཁྱད་པར་ཡུན་རིང་ནད་པར་བཟང་། །ལར་ནད་ཕྱྭ་དག་ལ་མོ་ཁོག་ནི། །ཧ་ཅང་མི་འཇམ་ཅུང་ཞན་བཟང་། །ཐམས་ཅད་བཟང་ཞིང་རྩེ་འཇིན་བཟང་། །ཡང་ན་མྱུར་དུ་དྭངས་ངོའམ། །ཡང་ན་མྱུར་དུ་འཆི་ངོ་ཡིན། །འདི་ཡང་མོ་ཡི་མན་ངག་ཡིན། །འཁྲུག་པ་སོགས་ཀྱང་དེ་དང་འདྲ། །འཇམ་ཆེས་ན་མི་འཁྲུག་སྟོང་འབྱམས་ཡིན། །མདོར་ན་མི་བདེ་བྱུང་ཟིན་ནས། །ཅུང་ཞན་པ་བབས་ཀྱང་སྐྱོན་མེད་ཡིན། །མོ་ཁོག་ཧ་ཅང་ངན་པ་ན། །ནད་མོ་སོགས་ཅི་ལའང་རྩུབ་ངོ་ཡིན། །ལོ་བྲག་རོ་འཛིན་ལ་སོགས་པ། །མོ་ཁོག་འཚུབ་ཆ་ཆེར་བབས་ནས། །བཅུ་གསུམ་སོས་ངོ་བབས་ན་ཡང་། །ཐེང་གཅིག་བཟང་ཡང་ནམ་ཕུག་ངན། །མོ་ཁོག་བློ་གཏད་རྫིའུ་ཡོད། །བཅུ་གསུམ་འཆི་ངོ་བབས་ན་ཡང་། །རིམ་གྲོ་བྱས་ན་ཐེབས་ཡོད་ཡིན། །སོས་ལོག་མོ་དཔྱད་གཞན་དུ་བལྟ། །སོས་རོ་བབས་ལན་རྫིའུ་ལ། །བཅུ་ལ་ཆུ་དོ་ལི་ཡན་ན། །ཡུ་མོ་མངའ་དགུས་ཤོར་པ་ཡིན། །བཅུ་ཕུང་ཁད་དམུ་སྨན་རི་མོ་རྒྱས། །བཅུ་བྱ་རལ་ལུམ་གསུས་སྲོག་གི་རྫི། །བཅུ་སྐྱམ་རྒན་ར་ཡ་སད་ཀྱང་དེ་དང་འདྲ། །དུན་དུན་ནད་པའི་མོ་འདེབས་ན། །དིང་དིང་ལན་དུ་སྐྱིན་དིང་དང་། །ཨ་ཁད་ལན་དུ་སྐྱམ་རིགས་དང་། །བྱོད་ཕུར་ལན་དུ་


MR16_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སེ་སྟོད་དང་། །ཚོལ་ཚེའི་ལན་དུ་སྐྱམ་རིགས་དང་། །ལྡི་བུར་སང་ལན་སྐྱམ་རིགས་བཟང་། །བརྒྱག་ཡོད་ལན་དུ་བརྒྱག་མེད་དང་། །ཕུག་བརྒྱག་ལན་དུ་སྒོ་བརྒྱག་དང་། །གཡས་འདོགས་ལན་དུ་གཡོན་འདོགས་སོགས། །ངན་པ་བབས་ན་བཟང་བ་ཡིན། །འཐོར་བ་སོ་བྲག་ཏྲོང་རིགས་རྣམས། །བརྟུད་ཀྱང་བཅུ་གཉིས་མ་ཐལ་ན། །བཅུ་གསུམ་དམུ་དག་བརྒྱག་ཅན་བབས། །ཤི་སར་སླེབས་པའི་ནད་པ་ཡང་། །ནག་པོ་བདུད་ཀྱིས་མ་འདོད་དོ། །དེ་སོགས་ཤིན་ཏུ་མང་པོ་རྣམས། །འདི་རུ་མ་བྲིས་གཞན་ནས་ལོང་། །དེ་ལྟར་འཚོ་འཆི་སྤྱིར་དཔྱད་ནས། །གཉིས་པ་ནད་ཀྱི་ངོས་འཛིན་ལ། །སྤྱིར་བཏང་འབྱུང་བའི་དཔྱད་པ་ལ། །ལི་ཡན་བྱ་རལ་གཉིས་ནི་རླུང་གི་ནད། །མུ་ཁ་ལི་ཡན་ཕུང་རལ་ལུམ་གསུས་གཉིས། །རླུང་གི་དུག་ཡིན་བྱ་མེད་རྐེད་ཆད་དང་། །ཕུང་རལ་སྒོ་བརྒྱག་རླུང་གི་རོ་ཡིན་ནོ། །ཏྲོང་ཁད་ཕུང་ཁད་གཉིས་ནི་མེ་ཡི་ནད། །ཏྲོང་ཕུང་ཁད་བྱ་ཡུན་སྒོ་བརྒྱག་གཉིས། །མེ་ཡི་དུག་ཡིན་ཏྲོང་ཁད་སྒོ་བརྒྱག་དང་། །ཕུང་ཁད་སྒོ་བརྒྱག་མེ་ཡི་རོ་ཡིན་ནོ། །སྐྱམ་དང་ཝ་སྐྱམ་གཉིས་ནི་ཆུ་ཡི་ནད། །སྐྱམ་ཆད་སྐྱམ་སེ་ཆུ་ཡི་དུག་ཡིན་ལ། །ཆུ་སྤར་སྐྱམ་དང་སྐྱམ་རྒན་ཆུ་ཡི་ངོ་། །གལ་བར་སྐྱེར་གཉིས་སྒོ་བརྒྱག་ས་ཡི་ནད། །སོ་ཡོན་སོ་ཡི་རྟིང་བཤལ་ས་ཡི་དུག །སོ་རྟོད་རྟིང་བཤལ་སྒོ་བརྒྱག་ས་ཡི་རོ། །ཏྲོང་སྤོ་དམུ་དག་སྒོ་བརྒྱག་ཤིང་གི་ནད། །སྤོ་བར་སྤོ་ཡི་རྟིང་བཤལ་ཤིང་གི་དུག །ཙེ་ར་མགོ་བརྟུམ་མར་ལྡིང་སྒོ་བརྒྱག་ཤིང་གི་ངོ་། །སྐྱམ་བྲག་ལྡི་བུར་རོག་ལྡི་ལྕགས་ཀྱི་ནད། །ཁ་ཟ་ལྡི་བུར་ཁ་ཁུག་ལྡི་བུར་ནི། །ལྕགས་ཀྱི་དུག་ཡིན་ཆུ་སྤར་ལྡི་བུར་དང་། །ལྡི་བུར་སྒོ་བརྒྱག་ལྕགས་ཀྱི་ནད་ཡིན་པས། །ལུས་གནས་གར་བབས་ནད་གཞི་ཡོད། །མེ་ནི་ཚ་བ་ཆུ་


MR16_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་བ། །ས་ནི་བད་ཀན་ཞ་རེངས་སོགས། །ཤིང་ནི་རྩ་རྒྱུས་དག་གི་ནད། །རླུང་ནི་རླུང་ནད་ལྕགས་སྐྲན་འབྲས། །ནད་དྲུག་ན་ལ་དུག་གིས་དུག །རོ་དྲུག་བབས་ན་འཆི་ངོ་ཡིན། །ཡང་ཁམས་ལྔའི་གཅོད་འདྲལ་བརྟག་པ་ལ། །གཉིས་ལྔ་དགུ་དང་བཅུ་གཉིས་བདུན། །ཤར་ལྷོ་ནུབ་བྱང་དབུས་ལྔ་ཡིན། །ཤིང་མེ་ལྕགས་ཆུ་ས་ཡི་ཁམས། །དེ་དེར་རང་འབྱུང་སྙིགས་མ་དང་། །དགྲ་སྙིགས་བབས་ན་གཅོད་འདྲལ་བྱས། །དྭངས་མ་འཇུས་སྡེ་བབས་ན་བཟང་། །ཤིང་ལ་བཅད་ན་རྩ་ལ་ངན། །མེ་ལ་དྲོད་དར་ཆུ་ལ་ཁྲག །ལྕགས་ལ་རུས་པ་ས་ལ་ཤ ། ཉམས་པ་ཉིད་དུ་ཤེས་པར་བྱ། །དགྲ་ཡི་འབྱུང་བ་གང་བབས་ཀྱང་། །རང་ཕྱོགས་འབྱུང་བར་འབྱུང་དགྲ་སྤྲད། །ཤིང་གི་རྒྱལ་པོ་ལྕགས་ཐལ་སོགས། །འབོད་བ་བྱས་ན་ཐུབ་པ་ཡིན། །དཔེར་ན་ཤིང་དགྲ་ལྕགས་དར་ན། །ཤར་དུ་གོས་དམར་ཅན་གྱིས་ནི། །ལྕགས་བཅད་དུམ་བུ་མེ་ལ་བསྲེག །ལྕགས་ཀྱི་རྒྱལ་པོ་མེ་ཐལ་ཞེས། །འབོད་པ་ལན་གསུམ་བྱ་རུ་གཞུག །ཡོན་དུ་ལྕགས་སམ་དར་དམར་སྦྱིན། །དེས་འགྲེ་གཞན་ལ་ཤེས་པར་བྱ། །ཡང་ན་ཚ་ཚ་དགྲ་མདོག་དགྲ་སྟེང་བཞག །ལྕགས་དགྲ་དར་ན་ནུབ་ཕྱོགས་སུ། །ཚ་ཚ་དམར་པོ་བཞག་སོགས་འགྲེ། །ལུས་པོ་རྩ་ལ་བརྟེན་པའི་ཕྱིར། །རྩ་ཁམས་གང་ལ་ནད་ཡོད་བརྟག །ལར་དམུ་དག་གཡས་སུ་འཇུས་པ་དེ། །རྩ་དཀར་གཡས་སུ་གྱེས་པ་ཡིན། །གཡོན་འཇུས་རྩ་དམར་གཡོན་དུ་གྱེས། །དབུས་འཇུས་དབུ་མ་དབུས་སུ་ཟུག །དེ་ལ་བརྒྱག་གཅིག་བཅས་པ་སྟེ། །སྟོང་ཉིད་མཐའ་དང་བྲལ་བ་ཡིན། །སྒོམ་ཆེན་རྣམས་ཀྱི་མོ་ལ་བཟང་། །རྩ་ལ་རླུང་ཁམས་བདེ་བའི་རྫིའུ་ཡིན། །འདི་གསུམ་བཞི་བདུན་དང་བརྒྱད་རྣམས་དང་། །བཅུ་དང་བཅུ་གཅིག་རྣམས་སུ་གཅེས། །གཞན་ཡང་ཙེ་ར་ཝ་ཚོ་ཡར་


MR16_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་རྣམས། །སྟོད་ཀྱི་གཙུག་རྩིའི་སྡོང་པོ་ཡིན། །བརྒྱད་ལ་ཝ་ཚོ་ཡབ་སྲས་དང་། །བྱོད་ཕུར་དག་ནི་མིག་རྩ་ཡིན། །བདུན་ལ་བྱ་བུར་མུ་ས་མར་ལྡིང་གསུམ། །སྙིང་སྲོག་འབྲེལ་བའི་རྩ་ཡིན་ནོ། །འདི་རྣམས་ལན་དུ་ལྕགས་རིགས་ན། །རྩ་ལ་བཅད་གཏུབ་བྱུང་བས་ངན། །སོ་ཡོན་སྐྱིན་དིང་སེ་སྟོད་དང་། །བག་ལྡི་ལ་སོགས་བབས་ན་ངན། །གཏོ་ལ་སྐྱེ་ཤིང་བཙུགས་ན་ཕན། །སྙིགས་མ་གང་བབས་ནད་ཀྱི་ངོ་། །གཞན་ཡང་འབྲེལ་རིགས་རྩ་ལ་བཟང་། །འཐོར་བ་ངན་སྙིགས་རྩ་ལ་ངན། །སྙིང་མེ་ཁམས་ཨ་ཁད་བྱ་ཡུན་དང་། །གློ་བ་ལྕགས་ཁམས་ཚོལ་ཚེ་བྱོད་ཕུར་དང་། །མཆིན་པ་ཤིང་ཁམས་དམུ་དག་སྐྱེར་དང་ནི། །མཚེར་བ་ས་ཁམས་གལ་བར་སྐྱིན་དིང་སྟེ། །མཁལ་མ་ཆུ་ཁམས་སྐྱམ་དང་དིང་དིང་གི ། བཟང་ངན་དར་རྒུད་ལན་གྱི་ཚུལ་ལས་བརྟག །ལུས་གནས་རྩ་ཁམས་གང་ལ་ནད་གང་ཞུགས། །དབང་པོ་དོན་སྣོད་འབྱུང་བའི་དར་རྒུད་བརྟག །ད་ནི་ནད་ཀྱི་ངོས་འཛིན་བཤད། །དིང་དིང་ཚ་པའི་གཞི་མ་ཡིན། །སྐྱིན་དིང་ཚ་པའི་གཏིབ་ཁང་ཡིན། །ཨ་ཁད་ཚ་པའི་ངོ་བོ་ཡིན། །སོ་ཡོན་ཆད་པའི་གབ་ཁུང་ཡིན། །བྱ་རལ་ཚད་པའི་འཐོར་བྱེད་ཡིན། །གལ་བར་ཚ་པའི་རྫོང་མཁར་ཡིན། །ལི་ཡན་ཚ་པའི་འཐོར་བྱེད་ཡིན། །ཀྱེ་བ་ཚ་པའི་དམག་དཔོན་ཡིན། །ད་རོག་ཚ་པའི་རྒྱུག་ལམ་ཡིན། །བྱ་ཡུན་ཚ་པའི་སོ་བ་ཡིན། །ཚོལ་ཚེ་ཚ་པའི་ལུང་པ་ཡིན། །གཡས་བརྒྱག་ཚ་པའི་གཡས་རུ་བ། །གཡོན་བརྒྱག་ཚ་པའི་གཡོན་རུ་ཡིན། །སྤོ་བར་ཚ་པའི་གཏིང་སྡོད་ཡིན། །དེ་ཕྱིར་གནས་མལ་ཨ་ཁད་བབས། །བཅུ་གསུམ་ལ་སོགས་དེའི་ལན་དུ། །ལི་ཡན་སྐྱ་མོ་བབས་པ་ན། །ཚ་བ་རླུང་གིས་བསྐྱོད་པ་ཡིན། །བྱ་ཡུན་ཚ་བ་མེ་ལྟར་འབར། །སྐྱིན་


MR16_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དིང་སྐྱེར་བབ་ཚ་བ་གབ། །སོ་ཡོན་གང་བབ་སྙོགས་པ་ཡིན། །བྱ་རལ་བབས་ན་ཚ་བ་འགྲམ། །ལི་ཡན་མང་ན་སྟོང་ཚད་ཡིན། །སེ་སྟོད་ཁྲག་གམ་འཁྲུག་ཚད་ཡིན། །སྐྱེར་བབས་ཚ་བ་མཁྲིས་པར་ལྡན། །ཕུར་ཐོགས་རིགས་ལ་གཟེར་ནད་ལྡང་། །སྐྱམ་བཟང་པོ་ཚད་པའི་བདུད་རྩི་ཡིན། །ཡང་གྲང་བའི་ནད་ཀྱི་ངོས་འཛིན་ལ། །དིང་དིང་གྲང་བའི་གཞི་མ་ཡིན། །སྐྱིན་དིང་གྲང་བ་འཁོར་ས་ཡིན། །སྐྱམ་རིགས་གྲང་བའི་དམག་དཔོན་ཡིན། །ལི་ཡན་གྲང་བའི་སྣ་ཁྲིད་ཡིན། །སྐྱེར་རིགས་གྲང་བའི་རྒྱུ་ལམ་ཡིན། །བྱ་རལ་གྲང་བའི་སྡུད་ཤིང་ཡིན། །བྱ་ཡུན་གྲང་བའི་གཉེན་པོ་ཡིན། །ཡང་སེ་སྟོད་ཁྲག་གི་གྲོད་པ་ཡིན། །སོ་ཡོན་ཁྲག་གི་དཔུང་རོག་ཡིན། །བྱ་མེད་ཁྲག་གི་གཏིང་རྡོ་ཡིན། །སྐྱམ་སེ་ཁྲག་གི་རྫིའུ་ཡིན། །ཡང་ལི་ཡན་རླུང་གི་ས་བོན་ཡིན། །བྱ་རལ་ང་གི་གཞི་མ་ཡིན། །དིང་དིང་ང་གི་རྒྱབ་རི་ཡིན། །སྐྱམ་དང་ལི་ཡིན་ཐང་ལེ་དང་། །སྐྱེར་རིགས་ངན་པ་གཅོང་གི་ངོ་། །གལ་བར་སྐྱིན་དིང་ཁེར་འདུག་སྐྲན། །དེ་སོགས་རྒྱས་པར་གཞན་ལས་ཤེས། ༈ ། བྱེ་བྲག་དུག་མོ་བཤད་པ་ལ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཟས་ངན་དུག་གི་ཕྱག་ཚང་དར། །དེ་བས་དེ་ལ་བརྟག་པ་གཅེས། །སོ་ཡོན་དུག་མ་རྒན་མོ་ཡིན། །སྤོ་བར་དུག་ཕ་རྒན་པོ་ཡིན། །སོ་ཡོན་ཐུན་ཁུག་སྤོ་བར་རྟིང་བཤལ་དང་། །བྱ་ཡུན་ནག་མོ་འདི་གསུམ་ནི། །དུག་རུ་སྤུན་གསུམ་བྱ་བ་ཡིན། །གང་བབས་དེ་ལ་དུག་གི་ངོ་། །གཞན་ཡང་དུག་ངོ་བསྟན་པ་ནི། །བཅུ་ལ་གལ་བར་བཅུ་གཅིག་སྐྱམ་སེ་ན། །གངས་ཀྱི་སེང་གེ་འབྲུག་རོས་དུག །ནད་པ་དུག་གི་རིགས་ཡིན་ནོ། །ཨ་ཁད་ལན་དུ་སྐྱམ་སེ་ན། །རྨ་བྱ་ཁྲ་མོ་སྐྱ་གས་དུག །ལྔ་ལ་གླང་ཆེན་སེ་སྟོད་དང་། །བདུན་ལ་ཁྱུང་ཆེན་སེ་སྟོད་ནི། །དུང་ཁྱུང་དཀར་མོ་བྱི་རོས་དུག །གསུམ་


MR16_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སུམ་མཉམ་བཞི་བག་ཚོ། །དུག་སྦྱང་དཀར་མོ་ལུག་རོས་དུག །གཅིག་གི་ཁ་ལེ་བཅུ་གཅིག་གི ། ཏྲོང་གི་ཉི་མ་བྲག་ནག་ན། །བྱང་གི་མི་རྒོད་གཡག་རོས་དུག །གཅིག་གི་མ་ཟེ་ཨོག་དམར་དང་། །བཅུ་གཅིག་ལྡི་བུར་སྒོ་བརྒྱག་དེ། །འཕར་བ་དམར་པོ་ར་རོས་དུག །གཅིག་ལ་གློག་དམར་བཅུ་གཅིག་གི ། བྱོད་ཕུར་ཁྲ་རྒོད་བྱེའུ་རོལ་དུག །ལར་ཟ་པའི་ལན་དུ་གཟན་རིགས་ལ། །ཏྲོང་དང་སྒོ་བརྒྱག་སོང་བ་ནང་། །དུག་གི་ངོ་ཡིན་དཔྱད་པར་བྱ། །དིང་དིང་ལན་དུ་དིང་དིང་སྒོ་བརྒྱག་དེ། །གནམ་དུག་གནམ་གྱི་སྤྲིན་དམར་ཡིན། །སྐྱིན་དིང་ལན་དུ་སོ་ཡོན་དེ། །ས་དུག་བོང་བ་མུ་ཟི་ཡིན། །སྤོ་ཚེ་ལན་གྱི་སྤོ་བར་དེ། །ཤིང་དུག་སྟག་མ་གླང་མ་ཡིན། །དམུ་དག་ལན་དུ་དམུ་དག་སྒོ་བརྒྱག་དེ། །རྩ་དུག་ར་དུག་རེ་ལྕགས་ཡིན། །སྐྱམ་གྱི་ལན་གྱི་སྐྱམ་སེ་དེ། །ཆུ་དུག་ན་ཆུ་བཙན་ཅན་ཡིན། །གལ་བར་ལན་དུ་གལ་བར་སྒོ་བརྒྱག་དེ། །མེདུག་མོན་གྱི་ཧོར་ནག་ཡིན། །འདི་རྣམས་མཐོང་བསྣམས་རེག་དུག་ཡིན། །སྐྱིན་དིང་ལན་དུ་སྤོ་བར་རྟིང་བཤལ་དེ། །རྒྱ་ཡི་སྤལ་དུག་ནག་པོ་ཡིན། །ཕུང་རལ་ལན་དུ་སོ་ཡོན་རྟིང་བཤལ་ནི། །འཇང་གི་ཁྱི་དུག་ནག་པོ་ཡིན། །གསེར་བྱ་ལན་དུ་བྱ་མེད་སེ་སྟོད་ན། །ཧོར་གྱི་གཡུ་དུག་སྔོན་པོ་ཡིན། །སེ་སྟོད་སྒོ་བརྒྱག་ཐམས་ཅད་ནི། །ར་དུག་སྦྲུལ་དུག་བྱ་དུག་ཡིན། །འདི་རྣམས་ལན་དུ་སེ་སྟོད་ན། །ཕག་གི་ཤ་དང་སྦྱར་བ་ཡིན། །རུ་སོད་གཡག་གི་ཤ་དང་སྦྱར། །སྐྱེར་རིགས་འབྲི་ཡི་ཤ་དང་སྦྱར། །མ་ཟེ་ལུག་གི་ཤ་དང་སྦྱར། །ཏྲོང་རིགས་རི་དྭགས་ཤ་ལ་སྦྱར། །དམུ་དག་རྦ་བྲན་ཤ་ལ་སྦྱར། །སྤོ་ཚེ་རྟ་ཡི་ཤ་ལ་སྦྱར། །བག་ལྡིར་ར་ཡི་ཤ་ལ་སྦྱར། །ལི་ཡན་བབས་ན་ཇ་ལ་སྦྱར། །སྐྱམ་རིགས་བབས་ན་ཆང་ལ་སྦྱར། །ཚོལ་ཚེ་ཕྱེ་མར་དག་ལ་སྦྱར། །བུ་བརྒྱག་ཐམས་ཅད་མངར་གསུམ་སྦྱར། །འདི་རྣམས་གང་ནས་འོང་བའི་ཕྱོགས། །གཅིག་གཉིས་ཤར་དང་ཤར་ལྷོ་ནས། །བྲན་དང་མ་རབ་


MR16_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་འོང་། །བཞི་ལྔ་ལྷོ་དང་ལྷོ་ནུབ་ནས། །ཉེ་བ་མག་པའི་རྒྱུད་ནས་འོང་། །དགུ་བཅུ་ནུབ་དང་ནུབ་བྱང་ནས། །ཁུ་ཞང་ཕ་སྤུན་རྒྱུད་ནས་འོང་། །བཅུ་གཅིག་བཅུ་གཉིས་བྱང་ངམ་བྱང་ཤར་ནས། །སྲིད་སྡེ་དགྲ་ཡི་ཕྱོགས་ནས་འོང་། །བཞི་ཐབ་དང་ཆུང་མའི་ལག་ནས་འོང་། །དྲུག་ཐབ་ཆེན་ཆེན་མའི་ལག་ནས་འོང་། །བརྒྱད་ལ་བློན་པོ་བནྡེའི་ལག་ནས་འོང་། །བཞི་ལ་ཕོར་བུའི་ནང་དུ་ཕྱིན། །བཅུ་ལ་བབས་ན་ཁ་ནང་ཕྱིན། །བཞི་དང་བཅུ་གཉིས་བབས་པ་ན། །དུག་ཡོད་ཀྱང་ཁོང་དུ་མ་ཕྱིན་ངོ་། །འདི་རྣམས་ལན་དུ་སད་ཁམས་ཀྱི། །དྭངས་མ་གང་བབ་སྨན་གྱིས་དུག་འཇོམ་བཟང་། །དུག་དེ་བླུད་པའི་མི་བརྟག་པ། །ཕྱི་ས་བཞི་ལ་བག་ལྡི་ན། །ས་མིང་ར་ལོད་ར་སྐྱབ་ན། །རྟ་ཁམས་པར་མགོ་ཅན་གྱི་རྒྱུད་ནས་འོང་། །ཕྱི་ས་བཞི་ལ་གལ་བར་ན། །ས་སྐས་ལུང་སྐས་མདོ་ཟེར་བ་རུ། །མི་ནི་གླིང་སྐྱབས་གླིང་རྒྱལ་མིང་། །རྟ་ཁྲ་ཅན་གྱི་རྒྱུད་ནས་འོང་། །དེ་བཞིན་ཕྱི་ས་བཞི་ལ་ནི། །ཝ་ཚོ་ཁྱུང་ལུང་ཁྱུང་སྐྱབས་མིང་། །རྟ་ཁམས་པ་ཅན་གྱི་རྒྱུད་ནས་འོང་། །ལྡི་བུར་ས་དང་མི་ཡི་མིང་། །ཁམས་དང་འབུམ་ལས་དྲ་བབ་ཅན། །རྟ་ཁམས་པ་ཅན་གྱི་རྒྱུད་ནས་འོང་། །ཧྲང་ཟེ་འབྲུག་ཡུལ་སྐྱབས་རྒྱལ་མིང་། །རྟ་སྔོན་ཅན་གྱི་རྒྱུད་ནས་འོང་། །སངས་རིགས་ང་ལས་དྲས་པའི་མིང་། །རྟ་སྤུ་སུན་ཅན་གྱི་རྒྱུད་ནས་འོང་། །བྱ་ཡུན་བྱ་ལས་དྲས་པ་ཡི། །རྟ་སྔོན་ཅན་གྱི་རྒྱུད་ནས་འོང་། །བྱོད་ཕུར་དིང་དིང་ཨ་ལས་དྲས། །རྟ་གྲོ་བོ་དཔུང་དཀར་ཅན་ལས་འོང་། །དིང་དིང་མཚོ་དང་དཔལ་ལས་དྲས། །རྟ་མཚོ་དཀར་ཅན་གྱི་རྒྱུད་ནས་འོང་། །སྐྱིན་དིང་བྲག་དང་ས་བདག་མིང་། །རྟ་ནག་ཅན་གྱི་རྒྱུད་ནས་འོང་། །ཐང་ལེ་ཆོས་དཔལ་ཆོས་སྐྱབས་མིང་། །མཇོ་མོ་བྲེད་དམར་ཡོད་པ་དང་། །སྒོ་ཁྱི་ཁམས་དམར་


MR16_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྒྱུད་ནས་འོང་། །མ་ཟེ་བཙན་སྐྱབས་བཙན་རྒྱལ་སྙིང་། །རྟ་དམར་ཅན་གྱི་རྒྱུད་ནས་འོང་། །རུ་སོད་བདུད་འབུམ་བདུད་རྒྱལ་མིང་། །རྟ་ནག་ཅན་གྱི་རྒྱུད་ནས་འོང་། །ཨ་ཁད་སྟག་སྐྱབས་སྟག་རྒྱལ་མིང་། །རྟ་དམར་ཅན་གྱི་རྒྱུད་ནས་འོང་། །དུག་ངོ་གར་བབས་དེ་ཡི་དུས། །བསྒྲིབས་ནས་འཛེམ་པར་བྱ་དགོས་སོ། །ད་ནི་ནད་ཀྱི་བྱེ་བྲག་ལས། །རྩ་ཆུའི་མཚན་ཉིད་བཤད་པར་བྱ། །བདུན་གྱི་ཆུ་ས་ལ་སོགས་པའི། །རྩ་རིགས་ལན་དུ་བརྒྱད་ལ་ནི། །ལྡི་བུར་ལ་སོགས་བབས་པ་ན། །རྩ་ལ་སྐྱོན་འོང་དེ་དག་ཀྱང་། །ཁམས་དང་སྦྱར་ཏེ་སྙིང་རྩ་སོགས། །སྡོད་འཐེན་སྐྱོན་སོགས་ཤེས་པར་བྱ། །སྐྱེར་གྱི་ལན་དུ་སྐྱོམ་སྔོན་ན། །མཁྲིས་པའི་ཆུ་ནི་སེར་ལ་རྙོགས། །ལྡོག་པ་ཉི་མ་ཤར་ནས་ལྡོག །དེ་ལ་མཁྲིས་པ་ཞི་སྦྱང་བཏང་། །ངན་པ་སྦྲ་དང་གཞི་ལ་ངན། །ཨ་ཁད་ལན་དུ་སྐྱོམ་སྔོན་ན། །ཚ་བའི་ཆུ་ནི་དམར་ལ་ཉོག །ལྡོག་པ་ཉི་མ་ལྷོ་ནས་ལྡོག །ག་བུར་སྨན་གྱི་བསིལ་གཞི་བཏབ། །ངན་པ་མ་དང་སྲུ་མོར་ངན། །གལ་བར་ལན་དུ་སྐྱམ་སྔོན་ན། །བད་ཀན་ཆུ་ནི་སྐྱ་ལ་ཉོག །ལྡོག་པ་ཉི་མ་ནུབ་ནས་ལྡོག །དེ་ལ་བད་ཀན་བཅོས་ཀ་བྱེད། །ངན་པ་ཕ་དང་ཁུ་བོར་ངན། །དིང་དིང་ལན་དུ་སྐྱམ་སྔོན་ན། །གྲང་བའི་ཆུ་ནི་སྔོ་ལ་ཉོག །ལྡོག་པ་ཉི་མ་བྱང་ནས་ལྡོག །དེ་ལ་དྲོད་ཀྱི་བཅོས་ཀ་བྱད། །ངན་པ་བླ་མ་སློབ་དཔོན་ངན། །ཆུ་ལྡོག་པའི་ཕྱོགས་བཞི་མ་ཤེས་ན། །ཚ་གྲང་ནད་ཀྱི་ངོས་མི་ཟིན། །དེ་རྣམས་གཉིས་དང་བཅུ་ལ་ནི། །གོ་རིམ་བཞིན་དུ་བབ་ལན་དཔྱད། །གནས་གཞན་དུ་ཡང་བརྟག་པ་ཡོད། །ཆུ་ལ་བརྟག་འདི་ཤིན་ཏུ་ངེས། །དེ་ལྟར་ནད་རྣམས་ངོས་བཟུང་ནས། །གསུམ་པ་སྨན་དཔྱད་རིམ་གྲོ་ལ། །ཐོག་མར་འཚོ་བྱེད་བླ་རྟགས་བཤད། །བཙལ་རྡམ་འཚོ་བྱེད་གཞོན་ནུ་ཡིན། །ཧྲང་ཟེ་ཁ་ལང་


MR16_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀླུ་སྒྲུབ་ཡིན། །རྐང་སྤར་ལྡི་བུར་དྲང་སྲོང་རྒྱུན་ཤེས་ཡིན། །ཀྱེ་བ་རང་ཤག་སྨན་པ་དུང་འོད་ཡིན། །སད་སྔ་གྱེར་རྒྱུང་ལ་བོན་གུ་རུ་ཡིན། །ཨ་ཁད་རྩེ་མ་རྒྱ་རོང་སྟག་ཤལ་ཡིན། །རང་སྙན་ལྷ་རླུང་བྱང་སེམས་ལག་ཡང་ཡིན། །བག་བྱ་སངས་རྒྱས་སྨན་ལྷ་ཡིན། །གསེར་བྱ་ཤཱཀྱ་ཐུབ་པ་ཡིན། །གཉིས་བརྒྱག་ཀླུ་སྒྲུབ་གསུམ་བརྒྱག་རིགས་གསུམ་མགོན། །བཞི་བརྒྱག་སྨན་པ་མི་བཞི་བཅས་པ་ཡིན། །དོག་ཚང་རྩེ་མ་བ་མན་ཆུ་ཤེལ་གསུམ། །སྨན་གྱི་བུ་མོ་སྤུན་གསུམ་ཡིན། །བྱ་ཡུན་སྨན་ལྕམ་སྡེ་དྲུག་ཡིན། །ཝ་སྐྱམ་སྨན་གྱི་ལྷ་མོ་ཡིན། །འདི་རྣམས་བབ་ས་བརྒྱད་ལ་གཅེས། །སྨན་པ་སུ་ལ་མོ་འདི་བབས། །དེ་ཡིས་བཅོས་ན་འཚོ་བ་ཡིན། །དིང་དིང་སྨན་གྱི་སྡུད་ཤིང་ཡིན། །ཡར་དིང་སྨན་གྱི་སྡོང་པོ་ཡིན། །དམུ་དག་སྨན་གྱི་ལོ་འདབ་ཡིན། །སྤོ་ཚེ་སྨན་གྱི་རྩེ་མོ་ཡིན། །བུ་བརྒྱག་སྨན་གྱི་འབྲས་བུ་ཡིན། །བཅུ་གཅིག་བཅུ་གསུམ་བབས་ན་བཟང་། །རང་སྙན་ངམ་གཡག་མཁྲིས་ཁུ་ཡིན། །ཁྱུང་བརྒྱད་སྤོ་ཚེ་དམུ་ཞག་བདུད་རྩི་ཡིན། །སྐྱིན་དིང་གཡུ་བྱི་སྤོམ་རའི་ལྷ་ཆབ་ཡིན། །ཚོལ་ཚེ་དང་ནི་སྐྱམ་གྱི་བུ་བརྒྱག་གཉིས། །ཡེ་རྗེ་འཕྲུལ་གྱི་གླང་སྨན་དཀར་མོ་ཡིན། །བྱོད་བུར་སྨན་ཕོར་ཁ་ལ་མེ་ཏོག་འཁྲུངས། །བྱ་ཡུན་ཉི་ཤང་བུ་བརྒྱག་དྭངས་མའི་རིགས། །བདུད་རྩིས་གང་བས་འདི་རྣམས་ཀུན། །བཞི་སྨན་ཕོར་ཆུང་བར་བབ་ན་གཅེས། །བཞི་ལ་ཨ་ཁད་མེ་སྨན་སྦྱོར་བ་བྱ། །ཚོལ་ཚེ་ལྡི་བུར་བཟང་སྡེ་རྡོ་སྨན་སྦྱར། །སྐྱམ་གྱི་བུ་བརྒྱག་ཆུ་སྨན་བྱེད། །བརྒྱད་འདི་སྨན་ཕོར་ཆེ་བ་ཡིན། །འདིར་དིང་དེང་ཤིང་གི་པར་བུ་དགོས། །སྐྱིན་དིང་ས་ཡི་བར་བུ་དགོས། །གསེར་བྱ་གསེར་གྱི་བར་བུ་དགོས། །ཁ་ལང་གཡུ་ཡི་པར་བུ་དགོས། །སྐྱེར་རིགས་མཆོང་གི་བར་བུ་དགོས། །གལ་བར་ཐོད་དཀར་དུང་གི་པར་བུ་དགོས།


MR16_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཚོ་སྨན་ཆེན་སྡེ་བཞི་དང་། །བྱ་བུང་མཐིང་གི་སྒོམ་ཆུང་དང་། །གལ་བར་སྨན་གླང་མཆེད་དྲུག་རྣམས། །གང་བབ་སྨན་གྱི་མོ་ལ་བཟང་། །ལྔ་འདི་སྨན་པའི་མགྲོན་ལམ་ཡིན། །མ་དར་བཀའ་ཉན་ཚུལ་དུ་དགོས། །དབུ་འདི་སྔས་སྲུང་ས་ཡིན་ངོ་མཐོ་དགོས། །དུར་སྒོ་གཉིས་ལྔ་བཅུ་གཉིས་གསུམ། །སྐྱིན་དིང་བབ་ན་ལྕགས་ཀྱིས་འདན། །དུར་སྒོ་འདན་ན་ནད་པར་ཕན། །དེ་ལྟར་སྨན་པ་ཤེས་བྱས་ནས། །༈། །ད་ནི་སྨན་གྱི་གཏོང་ཚུལ་བཤད། །དིང་དིང་འབྱུང་བའི་རེ་འབྱམས་ལ། །ཤ་ཆེན་ལྔ་ཡི་སྦྱོར་བ་བྱ། །ཁྱུང་ཆེན་ལྔ་ཡི་རིལ་བུ་ཡིན། །སྐྱམ་རིགས་གྲང་བའི་རེ་འབྱམས་ལ། །བདུད་རྩི་ཐིག་པའི་སྦྱོར་སྡེ་བྱ། །ཞི་བྱེད་དཀར་པོ་དྲུག་སྦྱོར་ཡིན། །ཕུར་ཐོག་གཟའ་ལག་བུར་དགུ་སྦྱོར་བྱ། །སད་ཁམས་ལྷ་ལ་ནག་པོ་དགུ་སྦྱོར་བྱ། །བྱ་རལ་འདྲེ་ལ་བདུད་རྩི་དགུ་སྦྱོར་བྱ། །སེ་སྟོད་ཀླུ་ལ་འཇམ་པོ་དགུ་སྦྱོར་བྱ། །ཡང་ན་སེ་སྟོད་དུག་རིགས་ལ། །མཁྲིས་སྣ་བརྒྱའམ་དགུ་སྦྱོར་བྱ། །སོ་ཡོན་དུག་ལ་དབང་རིལ་བཏང་། །སྐྱམ་སེ་སེ་སྟོད་འདྲེས་པ་ནི། །རྣག་ཁྲག་ཡིན་པས་དཔའ་བོ་དགུ་སྦྱོར་བྱ། །ལི་ཡན་སྐྱམ་འདྲེས་གྲང་བར་དྲོད་སྦྱོར་བྱ། །ཆུ་སྤར་གྲང་བར་དྲོད་ཀྱི་སྨན་ནག་གཅེས། །སེ་སྟོད་བསྟུད་པ་ཁྲག་ལ་ནི། །ཙན་དན་དགུ་ཡི་སྦྱོར་བ་བྱ། །ལི་ཡན་ཨ་གར་བརྒྱད་པ་བཏང་། །ཨ་ཁད་མེ་ནད་བསིལ་སྨན་བཏང་། །དེ་སོགས་ནད་ཁམས་གང་ཡིན་གྱི། །གཉེན་པོ་དང་ནི་སྨན་གང་ལ། །སྨན་ཕོར་ཁྱོགས་པའི་སྨན་དེ་བཏང་། །བྱ་མེད་ལི་ཡན་སེ་སྟོད་གསུམ། གཅིག་ལ་རྐང་གཡས་ན་སོགས་དཔྱད། །དེ་དག་གང་བབ་གཉེན་པོ་ནི། །རྒྱ་ཚ་༡སུག་སྨེལ་༢གསེར་ཕེ་༣དང་། །སེ་འབྲུ་༤གུར་གུམ་༥རུ་རྟ་༦ དང་། །བྲག་ཞུན་༧ཤིང་མངར་༨ཀོ་བྱི་༩ལ། །ཨ་གར་༡༠ཨ་རུ་༡༡དུར་བྱིད་༡༢དང་། །ཅོང་ཞི་༡༣དག་གིས་ཆིག་ཐུབ་ཡིན། །ཡང་གཅིག་གི་བྱོད་ཕུར་འབྲོང་ཤས་འདུལ། །


MR16_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཆུ་སྤར་ལུག་ཤས་འདུལ། །གསུམ་གྱི་སྐྱམ་ནག་ཕག་ཚིལ་འདུལ། །བཞི་ཡི་ཝ་ཚོ་སྲེ་མོང་ཤས། །ལྔ་ཡི་སྐྱེར་དཀར་ཕག་ཤས་འདུལ། །དྲུག་གི་བག་ཚོ་དྲེད་མོང་ཤས། །བདུན་གྱི་མུ་ཤ་བྱ་ཤས་འདུལ། །བརྒྱད་ཀྱི་སྲིན་ཐོག་སྤྲེ་ཤས་འདུལ། །དགུ་ཡི་ཆེ་གསུམ་ཡུངས་ཀར་གྱིས། །བཅུ་ཡི་ནག་ཐོག་གླང་ཤས་འདུལ། །བཅུ་གཅིག་བྱ་རལ་བྱ་ཤས་འདུལ། །བཅུ་གཉིས་དམུ་དག་ར་ཤས་འདུལ། །བཅུ་གསུམ་ཤ་བག་ལི་ཡན་དེ། །བྱ་ཤ་དང་ནི་ཕག་ཤས་འདུལ། །ཡང་གཉིས་ཀྱི་བྱོད་ཕུར་སྨན་ཆེན་འདུལ། །གསུམ་གྱི་ཚོལ་ཚེ་རྒྱ་ཚས་འདུལ། བཞི་ཡི་བྱ་ཡུན་ཅུ་གང་འདུལ། །ལྔ་ཡི་ཁྱུང་བརྒྱང་ཚ་ལས་འདུལ། །དྲུག་གི་ཏྲོང་རིགས་གླ་རྩིས་འདུལ། །བདུན་གྱི་སྤོ་ཚེ་བྱ་ཤས་འདུལ། །བརྒྱད་ཀྱི་བྱ་མེད་གུ་གུལ་འདུལ། །དགུ་ཡི་གྱེར་རྒྱུད་ཆུ་དག་འདུལ། །བཅུ་ཡི་ཚོལ་ཚེ་ལང་ཏང་ཙེས། །བཅུ་གཅིག་སེ་སྟོད་སྨན་ཞུན་གྱིས། །བཅུ་གཉིས་སྤོ་སྟོད་ཕག་ཤས་འདུལ། །བཅུ་གསུམ་སོ་བྱ་དན་རོག་འདུལ། །ཡང་གཅིག་གི་སོ་ཡོན་ཉ་ཡིས་ཐུབ། །གསུམ་གྱི་ལྡི་བུར་ག་ཀོ་ལས། །བཞི་ཡི་སྐྱམ་དེ་འབྲུག་རུས་ཀྱིས། །ལྔ་ཡི་ཝ་སྐྱམ་དོམ་མཁྲིས་ཀྱིས། །དྲུག་གི་བྱ་ཡུན་དོམ་ཚིལ་ཀྱིས། །བདུན་གྱི་ཨ་ཁད་སྐྱར་མོའི་ཤས། །བརྒྱད་ཀྱི་རྐང་སྤར་སྦྲུལ་ཤས་ཐུབ། །དགུ་ཡི་ཝ་ཚོ་འབྲུ་བདུན་གྱིས། །བཅུ་ཡི་ཤོ་སྐྱམ་དྭངས་མ་ལྔས། །བཅུ་གཅིག་ཚོལ་ཚེ་སེར་བེ་ལྔས། །བཅུ་གཉིས་སོ་ཡོན་ནག་པོ་ལྔས། །བཅུ་གསུམ་བྱ་ཡུན་རྩ་བ་ལྔས། །ཡང་དིང་དིང་ཤ་ཆེན་བུར་སྨུག་གིས། །སྐྱིན་དིང་རྒྱ་རུ་ཐང་ཕྲོམ་གྱིས། །ཏྲོང་རིགས་སྤང་སྤོས་གསེར་མས་ཐུབ། །སྤོ་རིགས་ཤུག་གུ་ཚེར་མས་ཐུབ། །ལྡེ་བུར་མ་ཟེ་ཏེ་ལོའི་ཤས། །གྲི་ཕུར་བོང་ང་སེར་པོས་འདུལ། །འཐོར་བ་བཟང་པོ་དྲུག་གིས་ཐུབ། །དེ་སོགས་མདུད་པའི་ཁམས་དང་ངོ་བོ་ཡིན། །སྨན་དཔྱད་ཚད་མེད་


MR16_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཤེས། །ད་དེ་ལྟར་བཅོས་ཀྱི་རིམ་པ་ལས། །ནད་པ་འཐིབ་དྭངས་ལྟ་བ་ལ། །བཅོས་ལོག་སོང་བའི་ངོ་བཤད་ན། །ཡར་ལྡང་ལན་དུ་སེ་སྟོད་ནི། །སྨན་པས་སྨན་ལོག་སོང་བའི་ངོ་། །དེ་བཞིན་ཤིང་རིགས་དག་དང་ནི། །མ་ཟེ་མུ་ས་སྐྱེར་དང་ནི། །ལྡི་བུར་ལན་དུ་སེ་སྟོད་ན། །སྨན་པའི་སྨན་ལོག་སོང་ངོ་ཡིན། །སྨན་ངོ་ཕྱི་སར་བབས་ནས་སུ། །སྨན་ཕོར་ནང་དུ་དུག་ངོ་བབས། །སྨན་ལོག་སོང་བའི་ངོ་ཡང་ཡིན། །སྨན་ངོའི་ལན་དུ་དུག་ངོ་བབས། །དེ་ཡང་སྨན་མི་འཕྲོད་པའི་ངོ་། །དེ་སོགས་ཞིབ་པར་དཔྱད་པར་བྱ། །དེ་ནས་བཅོས་ཀྱིས་ཕན་ཐོགས་པའི། །སྨན་པའི་ཁ་ཕོ་བཅུ་གསུམ་བཤད། །གཅིག་གི་སྐྱིན་དིང་གཡུ་ཐོག་དེ། །སྨན་པ་བྱི་བ་ལོ་པས་ཁ་ཕོ་བྱེད། །གཉིས་ཀྱི་གལ་བར་ཐོད་དཀར་དེ། །གླང་ལོ་པ་ཡིས་ཁ་ངོ་བྱེད། །དེ་བཞིན་ལོ་མིག་དང་སྦྱར་ནས། །རང་ཆུ་༣ དཀར་མོ་ཨ་ཁད་༤རྩེ་མ་དང་། །སྲང་༥ཟེ་ཁ་ལང་སད་དཀར་༦ཚོལ་ཚེ་དང་། །ཤ་རིང་སྤོ་༧ཚེ་རང་སྙན་ལྷ་རླུང་དཀར། ༨ ། རང་ཉི་འོད་༩ལྡེམ་སྐྱམ་ཆུང་བུམ་༡༠པ་དང་། །བྱ་རལ་༡༡རིན་ཆེན་སོ་ཡོན་ལིང་ཀུན་དཀར། ༡༢ ། སྟག་སོགས་ལོ་པའི་སྨན་པའི་ཁ་ཕོ་ཡིན། །བཅུ་གསུམ་དཀར་ཐོག་སྨན་པའི་ངོ་མདངས་དཀར། །དེ་དག་སྨན་པར་བཏབ་ན་བཟང་། །གཞན་ཡང་སྨན་པའི་ལོ་མལ་དང་། །དགུ་བརྒྱད་དག་ལ་ཁ་གསལ་དང་། །བཟང་སྡེ་བབས་ན་ངོ་སོ་ཡིན། །འགྱོད་དང་སྙིང་སྟོང་མེད་ན་བཟང་། །ད་ནི་གཏོ་རིམ་ཅི་དགོས་ལ། །དགུ་འདི་གཏོ་མཁན་ས་མལ་ཡིན། །གཏོ་སེལ་ཨེ་ཡག་འདི་ལ་དཔྱད། །བཅུ་གཅིག་དར་ཞིང་བཅུ་གཉིས་ཆག །གཏོ་སྒོ་མ་འགག་བཟང་བ་ཡིན། །ད་ནི་རིམ་གྲོ་དཔྱད་པ་ལ། །མཐུན་པས་མཐུན་པ་གཡང་བླང་གཏོ། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །དེ་ཡི་བཅུ་གསུམ་བྱོད་ཕུར་ན། །དཀྱིལ་འཁོར་སྟེང་གི་ལྷ་བཤོས་


MR16_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྙིང་མིག་སྲོག་གསུམ་དིང་དིང་གསུམ། །གཞིར་བཞག་བཅུ་གསུམ་བབས་ལུགས་ལ། །སྐྱམ་སྔོན་ཡོན་ཆབ་ཨ་ཁད་དང་། །བྱ་ཡུན་མར་མེ་གསེར་བྱ་མཎྜལ་དང་། །སྐྱམ་ཆུང་བུམ་པ་དམུ་དག་ཀུ་ཤ་ཡིན། །ཁྱུང་བརྒྱང་པ་ཙ་ལ་རྔམ་རྡོར་དྲིལ་ཡིན། །དེ་སོགས་ལྷ་རྫས་སོ་སོ་ཡི། །བླ་མདུད་བབས་པ་དེ་བཞིན་དུ། །དཀྱིལ་འཁོར་བཞེངས་ཤིང་མཆོད་པ་བཤམ། །རིམ་གྲོ་བསྒྲུབ་ན་ངེས་པར་ཕན། །གདོན་ངོ་གང་བབས་དེ་ཡི་ནི། །གཉན་པོ་ཞི་དྲག་གཏོ་མདོས་སོགས། །གང་ལ་གང་ཕན་བརྟགས་ཏེ་བྱ། །རྒྱས་པར་གདོན་ཕྱྭ་སྐོར་དང་ནི། །གཏོ་ཐིག་ནང་བཞིན་ཞིབ་ཏུ་དཔྱད། །མདོར་བསྡུས་འདི་རུ་བརྗོད་པ་ནི། །ཀླུ་ནད་ཡིན་ན་བཞི་དང་ནི། །བདུད་ནད་བདུན་དང་ལྷ་ནད་བརྒྱད། །གཉན་ནད་དགུ་དང་རྒྱལ་པོ་ལ། །བཅུ་ལ་དེ་དེའི་རྟགས་ཤིག་འབབ། །སད་མང་ན་ལྷ་ནད་ལྷ་གསོལ་བྱ། །སོ་བྲག་ཏྲོང་གསུམ་སྲིན་པོ་བཀར། །སྤོ་བྲག་འདྲེ་བཀར་རྫོངས་ཡས་བྱ། །དིང་དིང་ན་འབན་འདྲེས་པ་ན། །ཤི་འདྲེ་གཤེད་སྲི་བཀར་བར་བྱ། །ལི་ཡན་བག་ལྡི་མང་ན་འགོང་པོ་བཀར། །རུ་སོད་བདུད་དང་སངས་མ་ཡམ། །སྐྱམ་ཀླུ་མ་ཟེ་བཙན་མདོས་བྱ། །ལར་བསྟུད་པ་མང་ན་གཟེར་གྱི་ངོ་། །འབུམ་དང་བཀའ་ཐང་འུར་རྒྱུན་བྱ། །ལོ་བྲག་བབས་ན་འཆི་བསླུ་དང་། །འབུད་བཟློག་ཤེར་སྙིང་མདོས་རིགས་བྱ། །དགྲ་གཤེད་འཁྲུགས་ན་ཡར་མདོས་དང་། །སྣང་སྲིད་ཞི་བ་བརྒྱ་ཚར་བྱ། །དུག་ངོ་མང་ན་རྨ་བྱ་ཆེ། །གདོན་ངོ་མང་ན་གྲ་ལྔ་བཀླག །འཆི་ངོ་མང་ན་ཚེ་སྒྲུབ་བྱ། །ལོ་མལ་སོགས་ནས་ཕྱི་སར་ཐལ། །བླ་བསླུ་ཚེ་འགུགས་ནན་ཏན་བྱ། །ཞིབ་པར་འོག་ནས་འཆད་པར་འགྱུར། །གཏོ་རིམ་བྱས་པས་ཕན་ཐོགས་རྟགས། །སྟོན་པས་གྲི་འདུལ་ཉེར་ལྔ་བཤད། །དགུ་ཡི་སྟེང་གི་སྐྱིན་དིང་གཡུ་


MR16_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དེ། །སྟོན་པས་ས་གདོན་ཐུལ་བ་ཡིན། །དེ་བཞིན་དགུ་མིག་ཁོ་ན་ལ། །ཐེ་ཡེར་སྐྱམ་སེ་བསེན་མོ་ཐུལ། །ལིང་དང་དཀར་ཐོག་ལྷ་གདོན་ཐུལ། །སྐྱམ་སེ་གཤེན་རབ་མཆི་ལམ་བདུད་ལ་ཐེབ། །ཨ་ཁད་སྟོན་པས་བདུད་བཞི་ཐུལ། །ཀྱེ་བ་བག་སྐྱམ་བུ་བརྒྱག་དེ། །སྟོན་པས་ཐིལ་མོ་ཐུལ་བ་ཡིན། །རེ་སེ་ཀྱུ་ནེ་སྡེ་བརྒྱད་གྲི་བོ་ཐུལ། །ཀྱེ་བ་སད་ཁད་སྟོན་པས་ཀླུ་འདྲེ་བརྟུལ། །མུ་ས་དིལ་དཀར་སྟོན་པས་གྲི་རྒོད་ཐུལ། །བྱ་ཡུན་དང་རྩེ་སྟོན་པས་དུག་མཚོ་སྐམ། །གྱེར་རྒྱུང་ཧར་ལྔང་དཀར་པོ་ནི། །སྟོན་པའི་ཐུགས་ལ་ཉི་མ་ཤར། །བ་ཙོ་ལ་རྔམ་སྟོན་པས་རྒྱལ་པོ་ཐུལ། །བྱ་རལ་རིན་ཆེན་སྟོན་པས་ཀླུ་གདོན་ཐུལ། །སད་རྒོད་སྟོན་པས་བར་ཐེ་ཐུལ། །སྐྱམ་ཆུང་བུམ་པ་སྟོན་པས་ས་ཐེ་ཐུལ། །ལྡི་བུར་དབུ་མ་བཙན་རྐྱ་ཡ་བདུན་ཐུལ། །རྐང་པར་ལྡི་བུར་སྟོན་པས་གཟའ་འདྲེ་ཐུལ། །མ་ཟེར་མ་ཐིག་སྟོན་པས་ངོ་བདུད་ཐུལ། །དཀར་ལ་རུ་ཐོག་སྟོན་པས་ངམ་ཁམས་ཐུལ། །ཁ་ལང་ཆེན་མོ་སྟོན་པས་གཤེད་བདུད་ཐུལ། །བྱོད་ཕུར་སྟོན་པས་གྲི་གཤེད་ཐུལ། །ཚོལ་ཚེ་བུ་བརྒྱག་གནམ་བདུད་ཐུལ། །ཝ་ཚོ་ལྷ་རྒྱལ་སྟོན་པས་དམེ་འདྲེ་ཐུལ། །ཁྱུང་བརྒྱད་རུ་རིང་སྟོན་པས་གཟའ་གཉན་ཐུལ། །དམུ་དག་དུང་སྒོང་སྟོན་པས་སྲོག་བདུད་ཐུལ། །འདི་རྣམས་གང་དང་གང་བབས་ཀྱང་། །ལེའུའི་སྲུང་མདའ་བྲག་ལ་ཟུག །གནམ་ས་བར་གྱི་གདུག་པ་ཅན། །གཤེན་རབ་སྟོན་པས་ཐུལ་བ་ཡིན། །གཏོ་དང་རིམ་གྲོ་གང་བྱེད་ཀྱང་། །ངེས་པར་ཕན་ཐོགས་འབྱུང་ངོ་ཡིན། ༈ ། ད་ནི་བཅུ་པ་གདོན་ཕྱྭ་བཤད། །དང་པོ་གནས་ཀྱི་གདོན་ཟུང་ལ། །གཅིག་ལ་དན་ཡུལ་གཞི་ས་བདག་གནོད། །གཉིས་གྲི་གཤེད་ཁྱིམ་མཚེས་བྲན་སྒོ་ཁྱི། །གསུམ་ཕུང་སྲི་ཆུང་སྲི་བུ་ཚའི་འདྲེ། །བཞི་ཀླུ་དང་བང་མཛོད་གྲོགས་


MR16_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདྲེ། །ལྔ་ཉེ་བ་བུ་སྲིང་མག་པའི་ཕྱོགས། །དྲུག་བུད་མེད་སྦྲ་དང་ཐབ་ཀའི་འདྲེ། །བདུན་སྨྱོ་འདྲེ་ཕ་སྤུན་རྟ་སྒ་ཆས། །བརྒྱད་ལྷ་ས་ལྷ་རྟེན་མཚུན་ལྷས་གནོད། །དགུ་ཕྱི་ནང་མཚམས་དང་གཟས་སར་ཡོད། །བཅུ་གནམ་ཐེལ་མ་ཕྱི་ཕུག་གི་རྫས། །བཅུ་གཅིག་དགྲ་བླ་མནོལ་རྫས་གདོན། །བཅུ་གཉིས་ཕྱི་སྒོ་དགྲ་རྫས་བྱད་ཀྱི་ངོ་། །བཅུ་གསུམ་ཡར་གཏོ་ཞུད་པས་ལན། །གཉིས་པ་མདུད་པའི་གདོན་ཟུང་ལ། །རྫས་དང་གང་གནོད་ངོས་བཟུང་གཉིས། །དང་པོ་གདོན་གྱི་གནས་མལ་དུ། །དིང་དིང་གོས་དར་སྒྱེ་ཕྱར་བ། །ཤིང་ལྕགས་སྦྲང་མ་ཟོ་བ་གདོན། །མགྲོན་གྱི་སྐབས་བཞིན་བརྟག་པ་དང་། །སྐྱེར་གསུམ་རྟ་དང་གླང་གི་སྒ་སྲབ་དང་། །འབྲི་མོ་དཀར་མཚན་ཅན་ཞིག་གདོན། །སྐྱེར་སྨད་བུད་མེད་གཉིས་འགྲོགས་ཀྱི། །ལག་བླངས་མོ་ཆ་མོ་རྫས་དང་། །ཕྱར་བ་སྣམ་བུ་ཐག་ཆ་གདོན། །སྐྱམ་རྒན་གོ་རྒན་མཚོན་རྒན་གདོན། །ཡར་དིང་མདུང་ལ་མར་དིང་གཞུ། །གར་བར་མར་གྱོན་ཞྭ་ཡི་ངོ་། །ཡར་ལྡང་ཡར་གྱོན་ལྷྭམ་གྱི་ངོ་། །ཨ་ཁད་སྟག་རིས་གཟིག་རིས་དང་། །གཅན་ཟན་དང་ནི་དམར་པོ་རི་མོ་ཅན། །དར་ཤི་གྲི་ཤིའི་ཟས་ནོར་གདོན། །ཕུང་ཁད་གཏམ་ངན་འཐབ་རྩོད་རྫས། །རུ་སོད་གཡག་ནག་རྫས་ནག་དང་། །ཟས་གོས་རྒྱན་ཆ་ནག་པོའི་ངོ་། །སྐྱམ་མོ་མགྲོན་མོ་ཆ་མོ་རྫས་གདོན། །སྐྱམ་ངན་རིགས་བྱེ་ཡུག་ངན་པའི་རྫས། །སྤོ་བར་མགོ་སེའི་རྟའམ་རྫས། །ཤིང་ཆ་ནག་པོ་རྙིང་པ་གདོན། །སག་ཐག་དང་ནི་ཕྱུགསཀྱི་རིགས། །ཁུ་ཡོར་ནིས་ཞ་སྐྱོན་ཅན་གདོན། །ཡང་ན་དུར་ཟས་སོགས་ཀྱི་ངོ་། །སོ་ཡོན་མགར་ཚང་མགར་བའི་རྫས། །ལོང་བའི་ཟས་ནོར་མིག་མེད་དང་། །གྲིབ་ནག་ཟས་ནོར་ནག་པོ་ཡིན། །མཚོན་སོ་ཆ་གཡུ་མེད་སྣེ་ཟླུམ་ཡིན། །སེ་སྟོད་དམེ་ཕོ་དག་གི་རྫས། །


MR16_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་ཁྱི་དང་རྔ་བྲན་དམར། །ཟངས་སྒོག་རས་དམར་བཅད་འཕྲོ་ཅན། །བྱ་རལ་རུ་ནག་སྐྱས་ནག་དང་། །ཁྱི་ནོར་ནག་པོ་རྔ་སྤུ་ཅན། །གོ་ཆ་ཐབ་ཆ་ནག་ཧྲུལ་ཞིག །གཉིས་བསྒྲིགས་བཅད་འཕྲོ་ཆག་དུམ་ཅན། །སེམས་ཅན་སྣ་ཤོ་རྭ་ཆག་པ། །དབང་པོ་མི་ཚང་བ་ཞིག་གདོན། །གལ་བར་རྔ་བྲན་ཁ་སེ་གཞོང་སེར་དང་། །ཕུབ་དང་བནྡེའི་ལག་གི་ནོར། །ལྡི་བུར་མཚོན་ཆ་ཙེ་ར་རལ་གྲི་དང་། །ཤག་ལེ་སྒ་དང་ལི་ཡན་སྟན། །གསེར་བྱ་ལྷ་ཁང་ཁྲ་བོའི་རྫས། །བནྡེའི་ཟས་ནོར་སེར་པོ་དང་། །གསེར་སོགས་རྒྱལ་པོ་འཁྲི་བ་གདོན། །མ་ཟེ་གཅན་ཟན་པགས་པ་དང་། །ར་དང་མཆེ་སྡེར་བཅད་ཕུག་རྫས། །བཙན་དང་གཤེད་འཁྱམས་འཁྲི་བ་གདོན། །བྱ་རལ་རིན་ཆེན་གསེར་དངུལ་དང་། །སེར་པོ་རི་མོ་ཅན་ཡང་ཡིན། །སྐྱམ་ཆུང་བུམ་པ་མདའ་མོ་ཆས། །གཡུ་བྱེར་རིན་ཆེན་ཡིད་འོང་རྫས། །མུ་ས་དིལ་དཀར་ཤིང་ལས་བྱུང་། །དར་ལྗང་ཕོ་ཆས་རྣོ་མཚོན་གོས། །ཧྲང་ཟེ་ཁ་ལང་རྟ་རྐྱང་ལྤགས། །དམར་སེར་ཉིས་བསྒྲིལ་སུམ་བསྒྲིལ་ཅན། །རྒྱལ་གདོན་འཁྲི་བའི་རྫས་ཡོད་དོ། །དཀར་ཐོག་གཡུང་དྲུང་རྡོར་དྲིལ་དུབ། །ལྷ་ཆ་ཡ་རབ་དག་གི་རྫས། །བྱ་བུར་གསེར་ཐིག་རྐྱལ་པོའི་མཛོད། །རྒྱུ་ནོར་དངོས་བཟང་བྱད་ཁ་ཅན། །མ་ཟེ་ཆུ་མིག་ཁྲབ་ཟངས་དཀར། །རྐྱ་མི་མཚོན་ཐོགས་ལག་ནས་བླངས། །དྭངས་མ་གཡུ་སྒྲོན་རྨ་བྱའི་མདངས། །བུམ་པ་ལྷ་སྐུ་མཆོད་རྟེན་དང་། །སེང་འབྲུག་སྟག་གཟིག་རི་མོ་ཅན། །རྒྱ་ཡིག་ལ་སོགས་ཡིག་སྣ་གདོན། །བྱ་བུར་དངུལ་དང་ཁྲབ་བྱང་དཀར། །དཀར་ལྷང་ངེ་བ་ཞིག་གདོན་པ་ཡིན། །ལི་ཡན་སྒྱེ་སྟོང་སྣོད་སྟོང་དང་། །སྤྲང་པོའི་ཟས་ནོར་སྐྱ་བོ་གདོན། །ཚོལ་ཚེ་ལྕགས་རིགས་ལུག་དང་ཁྲབ། །མི་ཤ་རྩ་སྔོན་པོའི་ལག་ནས་བླངས། །


MR16_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བྱོད་ཕུར་ལུག་ཤ་ལུག་ཁྲིད་དང་། །རྐང་ཐང་དབྱུག་བཟུང་རྐྱ་མི་སྐྱ་རག་དང་། །དེ་སོགས་མདོར་ན་གདོན་ངོ་ནི། །མདུང་པའི་ཁམས་ལ་བརྟགས་ནས་སུ། །སྤོ་ཚེ་རྟ་ལ་ཁྱུང་བརྒྱང་མཛོ། །ཕུང་ཁད་དྲེལ་སོགས་རང་རང་གི ། ཁམས་དང་མདོག་དང་བྱེད་ལས་དང་། །དབྱིབས་དང་གྲངས་དང་མིང་ལ་དཔྱད། །དབྱིབས་ལ་སྤོ་ཚེ་ལི་ཡན་ནི། །གྲུ་བཞི་བྱ་རལ་གྲུ་གསུམ་སོགས། །མདོག་ནི་མེ་ཁམས་དམར་པོ་སོགས། །གྲངས་ནི་བྱོད་ཕུར་གཅིག་སོགས་དང་། །བྱེད་ལས་སོ་ཡོན་མི་གསལ་དང་། །བྱ་ཡུན་ཨ་ཁད་ལྷ་ངེ་བ། །སྐྱིན་དིང་དིང་དིང་འཁྱིལ་ལེ་བ། །དེ་སོགས་སོ་སོའི་ཁམས་ལ་བརྟག །མིང་ནི་མིང་ཐོག་སོགས་མཚུངས་དཔྱད། །དཔེར་ན་མུ་ས་སྒོ་བརྒྱག་ལ། །རྣ་ལུང་གཉིས་ཆ་གདོན་པ་དང་། །ལྡི་བུར་སྒོ་བརྒྱག་ལྷྭམ་གཉིས་སོགས། །ཞིབ་པར་དཔྱད་ན་མང་དུ་མཆིས། །དེ་ཀུན་བརྗོད་པར་མི་ནུས་པས། །ཅི་རིགས་རང་གིས་བརྟག་ལ་དཔྱད། །བརྒྱད་འདི་གདོན་གྱི་ཁང་པ་ཡིན། །དྲལ་དཀར་དཀར་ཐོག་སྤུན་གསུམ་སོགས། །བུ་བརྒྱག་བཟང་པོ་ཁེར་བབས་ན། །དུན་དུན་ནད་པའི་གདོན་ངོ་ཡིན། །རིན་ཆེན་གོས་དར་ལྷ་ཆ་རིགས། །འོད་ཅན་རྒྱལ་པོས་བདག་བཟུང་གདོན། །མ་བརྒྱག་ངན་སྡེ་སྒོ་བརྒྱག་དང་། །སེ་སྟོད་བྱ་རལ་སོགས་བབས་ན། །མ་རབ་ངན་པའི་ཟས་ནོར་རིགས། །རྙིང་ཧྲུལ་གྲིབ་ཅན་གདོན་ཕ་ཡིན། །མ་ཟེ་ལྡི་བུར་རུ་སོད་སོགས། །མཚོན་ཆ་དམེ་ཕོ་དམག་གི་ཆས། །གྲི་ངོ་གྲི་གཤེད་འཁྲི་བ་གདོན། །སྐྱ་ཞིབ་དྭངས་མ་ཁས་དམན་རིགས། །མནོག་ཆུང་མངོན་ཆུང་གདོན་པ་ཡིན། །གདོན་ངོ་ཆང་ངབ་སོགས་བབས་ནས། །བཞི་དྲུག་བརྒྱད་གསུམ་གདོན་གྱི་ས། །ཚུར་འབྲིང་ཆེའམ་སྒོ་བར་ཕུག་གསུམ་དུ། །བསྟུད་ནས་ལོ་ལམ་


MR16_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་བབས། །གང་བསྟུད་དེ་ཡི་གདོན་ངོ་ཡིན། །གཉིས་ལ་ཕྱི་ནང་མཚམས་ན་ཡོད། །ལྔ་ལ་འདས་ན་ཉེ་རིང་སར། །སོང་བ་ཡིན་ཞིང་དགུར་འདས་ན། །ནད་པ་སོས་ཀྱང་བསྲུང་བས་མ་ཁྱོགས་ངོ་། །བཅུ་གཉིས་འདྲེ་གདོན་རང་ཡུལ་བསྙེགས། །ལོ་མལ་སྟེང་ནས་སོང་ན་ཡང་། །རང་སར་འཁོར་ན་ནད་གཞན་ལྡང་། །ཟླ་བ་ཞག་རྩིས་བྱ་བ་ན། །གཅིག་ནས་བཅུ་གསུམ་བར་དུ་ཡིན། །ཕྱོགས་ནི་གཉིས་པ་ཤར་ཕྱོགས་ནས། །རང་སར་འོང་བ་དེ་ནས་གདོན། །ཞིབ་པར་གཞན་ལས་ཤེས་པར་བྱ། །ད་ནི་གདོན་ཚོགས་ངོས་བཟུང་བཤད། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྡེ་བརྒྱད་ནད་ནི་ཆར་ལྟར་འབེབས། །དེ་བས་དེ་དག་དཔྱད་པ་གལ། །སྡེ་བརྒྱད་བརྟེན་དང་སྒྲུབ་པ་དང་། །སྲོག་སེར་ལྟས་ངན་དཔྱད་ལ་ཡང་། །འདི་ཉིད་མཁོ་བས་ཤིན་ཏུ་གསང་། །ལྷ་འདྲེའི་སྲོག་སྙིང་རང་གནད་ཀྱི། །འཁོར་ལོ་འདི་ནི་རང་ཉིད་ཀྱི། །བརྒྱུད་འཛིན་མིན་པར་སྤེལ་མི་བྱ། །གཅེས་ཀྱང་བུ་ལ་མི་བརྟན་ཞིང་། །དམར་ཀྱང་སྲོག་དང་མི་བརྗེ་བའི། །མན་ངག་གཅེས་པ་འདི་ན་བཀོད། །སྣང་སྲིད་ལྷ་འདྲེ་གདུག་རྩུབ་ཆེ། །བཀའ་སྲུང་ཙེ་རག་ཆེ་བས་ན། །གསང་སྟེ་སྤྱད་པར་བྱ་བར་གསུངས། །སྙིང་མིག་སྲོག་གསུམ་སད་ཁམ་གསུམ། །ལྷ་ཡུལ་ལྷ་ཡི་སུན་མ་འོང་། །ཀྱེ་བ་ད་རོག་དམུ་དབལ་དང་། །ཙེ་ར་ཝ་ཚོ་ཡར་ལྡང་དང་། །བུ་བརྒྱག་དྭངས་མ་ཞོན་པ་རྣམས། །བྱུང་ན་དཔའ་པོའི་སུན་མ་ཡིན། །སུན་བཟློག་གར་བབས་ཕྱོགས་སུ་བསྐྱལ། །ཚེ་དབང་ཞུ་ཞིང་ཚེ་སྒྲུབ་བྱ། །ཁྱི་སྤང་འགྱེད་བཏང་སྐྱབས་སུ་ཞུ། །ཁྱི་སྤུ་ར་སྤུ་བདུག་པ་བྱེད། །ཁྱི་སྤྲང་ལས་དྲས་མིང་བཏགས་ལ། །སྤྲང་ཚུལ་བྱས་ལ་དམན་ས་བཟུང་། །ཡང་ནི་གཟའ་ཡི་བླ་


MR16_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་དཔྱད། །ཆུ་སྤར་ལྡི་བུར་གཟའ་ཡི་ཕ། །སྲིན་པོ་རཀྴ་ཛྭ་ལ་ཡིན། །ཆུ་སྤར་སྐྱམ་འདི་གཟའ་ཡི་ཡུམ། །ཀླུ་མོ་སྤལ་མགོ་ཁྲག་མིག་ཡིན། །མུ་ས་ཤོར་ཁུང་ཁྱབ་འཇུག་ཆེན་པོ་ཡིན། །རོག་པ་ཐེ་སྐྱམ་ཕུ་བོ་གཟའ་རྒོད་ཡིན། །སྤོ་བར་ངམ་རུ་ནུ་བོ་ནི། །གཟའ་བྲན་གྱི་ལིང་འཕར་མ་ཡིན། །ཀུ་ཅང་ཡེ་གུ་བྲག་དེ་ནི། །ཁུ་བོ་རོ་གཏི་ནག་པོ་ཡིན། །སྤོ་བར་རྟིང་བཤལ་བྱ་བ་དེ། །སྲིང་མོ་ཨུ་ཙ་རུ་མེ་ཡིན། །ཝ་སྐྱམ་སྲིན་མོ་ཆུ་ལམ་སྔོན་མོ་ཡིན། །མུ་ཙ་སྒོ་བརྒྱག་ཤར་གྱི་སྟག་སྲིན་ཡིན། །མུ་ས་སྒོ་བརྒྱག་ལྷོ་སྲིན་དྲེད་མོང་གདོང་། །སྐྱམ་ཆད་སྒོ་བརྒྱག་ནུབ་ཀྱི་ཆུ་སྲིན་གདོང་། །སྐྱམ་སེ་སྒོ་བརྒྱག་བྱང་གི་རྔ་མོང་གདོང་། །སྲུ་མོ་གདོང་མོ་མཆེད་བཞི་ཡིན། །ཏྲོང་གི་ཕུང་ཁད་བྱ་བ་འདི། །ཕ་ཞང་ཝ་བ་ལྷ་ཆེན་ཡིན། །ཏྲོང་གི་སྤོ་ཚེ་བྱ་བ་འདི། །མ་ཞང་འབྲི་ཆེན་ལྡེ་མ་ཡིན། །ཟང་ཁ་ཐེ་སྐྱམ་བྱ་བ་འདི། །ཁ་ཁྲིད་སྲིན་མོ་གྲེ་གདང་ཡིན། །སོ་ཡོན་རྟིང་བཤལ་བྱ་བ་འདི། །གཟའ་བདུད་དུ་བ་མཇུག་རིང་ཡིན། །འདི་རྣམས་གང་བབས་ལན་དུ་ནི། །མེ་དྲུག་མེ་བཟའ་ཡིན་པས་ཆུ་ཡིས་བཅོས། །དེ་བཞིན་ས་སོགས་གཞན་ལ་འགྲེ། །ཡང་ནི་གཉན་གྱི་མོ་བཤད་པ། །ན་འབན་གཉན་རྒན་དེ་བ་ཡིན། །མ་ཟེ་གཉན་ལྕམ་འཕར་མ་ཡིན། །བྱ་བུར་བྱོད་ཕུར་ལྡི་བུར་གསུམ། །གཉན་གྱི་བུ་གསུམ་བྱ་བ་ཡིན། །སད་ཀྱི་མ་ཟེ་བྱ་བ་དེ། །ཤར་གཉན་གོང་བ་མཁལ་དཀར་ཡིན། །སྐྲང་མདོག་དཀར་ཞིང་ཟུག་གཟེར་ཆུང་། །སྐྱམ་གྱི་མ་ཟེ་བྱ་བ་དེ། །ལྷོ་གཉན་སྔོ་བ་གཡུ་རྩེ་ཡིན། །སྐྲང་མདོག་སྔོ་ཞིང་ཟུག་གཟེར་འབྲིང་། །ཏྲོང་གི་མ་ཟེ་བྱ་བ་དེ། །ནུབ་གཉེན་ནག་པ་ལྕགས་རྩེ་ཡིན། །སྐྲང་མདོག་ནག་ཅིང་ཟུག་གཟེར་ཆེ། །སྤོ་ཡི་མ་ཟེ་བྱ་བ་དེ། །བྱང་གཉན་དམར་བ་མཚལ་རྩེ་ཡིན། །སྐྲང་མདོག་དམར་ཞིང་སྲོག་ལ་རྒྱུག །བཅུ་


MR16_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེང་དུ་ན་འབན་ན། །གཉན་དེབ་གཞུང་པའི་རྒྱུད་ལ་ཞུགས། །གཅིག་ལ་ན་འབན་རྐང་པར་ཞུགས། །བུ་གསུམ་གང་བབས་ཚིགས་ལ་ནི། །ཚ་ཚགས་དང་ནི་སྐྲང་ལོང་འོང་། །ལུས་ཀྱི་ས་མལ་གང་བབས་དེ་ལ་ཞུགས། །ལན་འབྱུང་ཁམས་གང་བབས་དེ་དེའི་གཉན། །གཉན་བཅོས་གཉན་འབུམ་གཉན་གྱི་བྱ་སྡང་བཀྱག །སྨན་ཁྱུང་ལྔ་བརྟེན་ཅིང་བྱ་ཁྱུང་བསྒྲུབ། །ཡང་གཅིག་ཀླུ་ཡི་སྡེ་ཚན་བཤད། །བག་ཚོ་ཚང་སྤ་དཀར་པོ་དང་། །སད་བག་ཚོ་ངང་མ་ཁྲི་གཤོག་དང་། །སྐྱིན་དིང་འབྲི་མིག་འཁྱིལ་པ་དང་། །སྐྱིན་དིང་ཉ་མིག་ཙག་ཙིག་དང་། །སོ་ཡོན་ལིང་ཀུན་དཀར་མོ་རྣམས། །ཀླུ་རྒྱལ་རིགས་དང་ནི་རྗེ་རིགས་ཡིན། །སྐྱམ་དཀར་བ་མན་ཆུ་ཤེལ་དང་། །སྐྱམ་གྱི་ནག་ཆུང་ཟལ་ཟལ་དང་། །སྐྱམ་ཆད་ལྷ་མོ་ཀླུ་མོ་དང་། །སྐྱམ་གྱི་པདྨ་དཀར་པོ་དང་། །སྐྱམ་མ་ཟེ་གཡུ་ཡི་ཆུ་མིག་དང་། །སྐྱམ་ཆུང་ཕོམ་བུ་གཡུ་མིག་དང་། །སྐྱེར་གྱི་ཐང་ལེ་འོད་དཀར་རྣམས། །ཀླུ་དམངས་རིགས་དང་ནི་བྲམ་ཟེའི་རིགས། །བཞི་བརྒྱད་བཅུ་གཅིག་འདི་རྣམས་བབས། །ཀླུ་མཆོད་ན་ཀླུ་གཡང་འབེབ་པ་ཡིན། །ནོར་ཕྱྭ་གཞི་ཕྱྭ་ཀུན་ལ་བཟང་། །མཛེ་ཕོ་གཅོང་ནད་པ་ལ་ངན། །དིང་དིང་ཆུ་རྩོད་རྒྱ་ཡེར་དང་། །སྐྱམ་སེ་སྒོ་བརྒྱག་དེ་དང་ནི། །ལ་བར་སེ་སྟོད་སྒོ་བརྒྱག་དང་། །སེ་སྟོད་བྱི་ལ་སྦྲུལ་མཇུག་བཞི། །གདོལ་པའི་རིགས་ཡིན་བཞི་བརྒྱད་བཅུ་གཅིག་ལ། །བབས་ན་ཀླུ་དང་འདྲེས་པ་དང་། །ཀླུ་གཏད་ཡོད་པས་ཀླུ་གཏེར་བཞག །འབྱུང་འདུལ་དབང་ཞུ་ཁྱུང་སྔགས་བཟླ། །ཀླུ་སྲུང་འཁོར་ལོ་ལུས་ལ་ཐོག །མཛེ་ཕོ་གཅོང་ཅན་མོ་ལ་བཟང་། །དེ་ནས་རྒྱལ་པོའི་བླ་རྟགས་བཤད། །བཅུ་གཅིག་བཅུ་གསུམ་གནས་མལ་དུ། །ཆུ་དོ་ལི་ཡན་བབས་པ་ན། །གནམ་ཐིལ་དཀར་པོ་གོ་བོའི་རྟ་ལ་ཞོན། །གཏོ་ལ་འཇིམ་པའི་གོ་བོ་ལ། །གཟི་བཀལ་ནས་གདོན་གྱི་


MR16_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་བསྐྱལ། །གནམ་ཐེ་དཀར་པོ་རྟ་ལོང་ཞེས། །གང་བབས་གྲངས་ཀྱི་འབོད་པ་བྱེད། །འབོད་མི་དེ་ལ་གཟི་སྦྱིན་ནོ། །གཟི་འབར་སྐུང་ཕུད་བྱས་ན་ཕན། །མ་ཐུབ་གཟི་བྱང་གཟུགས་ཀྱི་སྲེག་བླུག་བྱ། །སྐྱམ་བྲག་ལྡི་བུར་བྱ་བ་འདི། །ཐེའུ་རང་རྒད་པོ་རྒྱུ་འགྱུར་དེ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །སྐྱམ་ཆད་གཅོང་སྲིང་ངོ་སེར་མ། །འབོང་ལྕམ་སེལ་མའི་བླ་མདུད་ཡིན། །ཕུང་ཁད་བུ་ཆེན་མི་ཁའི་རྒྱལ། །འབངས་རྗེ་ཐོད་དཀར་བླ་མདུད་ཡིན། །ཏྲོད་ཕུང་ཁད་བྲ་མཆུའི་རྒྱལ་པོ་སྟེ། །ལི་བྱིན་ཧ་རའི་བླ་མདུད་ཡིན། །རོག་ནག་ལྡི་བུར་མང་ཐང་རྒྱལ་པོ་དེ། །འབངས་བུ་སྐྱེས་གཅིག་བླ་མདུད་ཡིན། །རོག་པ་ལྡི་བུར་སྙོག་ལོང་རྒྱལ། །དམ་ཅན་རྡོར་ལེགས་བླ་མདུད་ཡིན། །ངམ་རུ་ལྡི་བུར་ངམ་དེའི་རྒྱལ། །བེ་ནག་གི་ནི་བླ་མདུད་ཡིན། །ཟ་ཁ་ཡག་ཐུན་ལྡི་བུར་འདི། །སྙོག་རད་རྒྱལ་པོ་བེ་ཧར་བླ། །ཁ་ཟ་ཐུན་ཁུག་ལྡི་བུར་འདི། །ངད་རྒྱལ་གསེར་སྟག་ཞུ་ཅན་ཡིན། །ལི་ཡན་སྤྲང་པོ་སྐྱ་རྫུན་འདི། །བར་ཐེལ་ཁྲ་བོའི་བླ་མདུད་ཡིན། །བག་ལྡི་ཐེའུ་རང་ར་འཛག་འདི། །ས་ཐིལ་ནག་པོའི་བླ་མདུད་ཡིན། །ཝ་སྐྱམ་ཐེའུ་རང་བུ་མོ་དཀར་མོ་འཕན། །ས་སྲིན་ནག་མོའི་བླ་མདུད་ཡིན། །སྐྱེར་གྱི་མགྲོན་བུ་བྲག་བར་འདི། །ཐེའུ་རང་རྣམས་ཀྱི་ཁང་པ་ཡིན། །འདི་རྣམས་བ་ཁོག་གསུམ་བབས་ན། །སྲིད་མེད་བུད་མེད་འཆི་བ་ཡིན། །ལོ་མལ་གང་བབས་བུད་མེད་སྐམ། །གཞན་རྒྱལ་པོ་ཐེའུ་རང་ནད་ཀྱིས་ཐེབ། །རྒྱལ་མདོས་ཐེའུ་རང་དགུ་མདོས་བཏང་། །འཇམ་དཔལ་འདོན་ཅིང་མགོ་གསུམ་འཕང་། །ཚེ་ཐར་བཏང་ཞིང་སྦྱིན་སྲེག་བླུག །འབྱུང་འདུལ་དབང་ཞུ་ཐེའུ་རང་གཏེར་བཞག་བྱ། །མོ་ཁོག་གཅིག་ལ་འདི་རྣམས་མང་། །རྒྱལ་པོ་ལ་ཅན་གུར་ཅན་མདོས། །སྤྱི་ཆིངས་མདོས་དང་འཆར་ཁའི་


MR16_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་ནག་དང་། །ཁྲོ་རོལ་གཏོར་ཟློག་ཁམས་ཆེན་ཐང་འབུམ་བྱ། །གླེས་སྨི་སྤོ་བར་མགར་བ་ཡིན། །སོ་ཡོན་ཐམས་ཅད་མགར་ཚང་ཡིན། །བྲག་ངན་པ་ཐམས་ཅད་མགར་བ་ཡིན། །སངས་ངན་པ་ཐམས་ཅད་མགར་ཚད་ཡིན། །འཇུས་པའི་སྒོ་བརྒྱག་ཐམས་ཅད་ཐོ་སྐམ་ཡིན། །བཅུ་སོ་ཡོན་ཚོལ་ཚེ་མགར་འོད་ཡིན། །ཕྱི་སའི་སེ་སྟོད་མགར་གྱི་ཚྭ་ཚྭ་ཡིན། །མགར་བ་འདི་རྣམས་བབས་པའི་གཏོ། །མགར་བའི་མ་སྒྱེད་དུར་ས་དུར་རྡོ་ལ། །མགར་ཚང་བཅའ་ལ་དེ་ནང་དུ། །འཇིམ་པའི་ར་ཡུ་ཁལ་ཡུ་དང་། །མགར་ཆ་ཚང་མ་བྱས་ལ་བླུག །ཤིང་ནག་བཏུས་ནས་མེ་ལ་བསྲེག །མགར་ལེ་སང་རྒྱལ་པོ་མེ་ཐལ་ཞེས། །གང་བབས་གྲངས་ཀྱི་འབོད་པ་བྱེད། །ཕྱི་སར་བག་ལྡི་བྱུང་བ་ན། །ར་ཁྲིད་ཅན་གྱི་མགར་ཚང་བསྐྱལ། །མགར་ལེ་སང་རྒྱལ་པོ་མགར་བ་དང་། །ར་ཁྲིད་ཅན་དུ་འགྲོ་རན་ཞེས། །འབོད་པ་བྱས་ལ་དེ་རུ་བཞག །དིང་དིང་བྱུང་ན་དཔལ་འབྱོར་ཅན་དུ་དང་། །སྐྱམ་རིགས་བྱུང་ན་ལོད་མོ་ཟེར་ནས་འབོད། །བྱ་ཡུན་བྱུང་ན་རླུང་སྐྱབས་ཟེར་ནས་འབོད། །བྱོད་ཕུར་ཨ་དབལ་ཟེར་ནས་འབོད། །ལྡི་བུར་འབུམ་ཁྲི་ཟེར་ནས་འབོད། །ཨ་ཁད་སྟག་སྐྱབས་ཟེར་ནས་འབོད། །ལྷང་ཟེ་འབྲུག་སྐྱབས་ཟེར་ནས་འབོད། །ཐང་ལེ་ཆོས་བཟང་ཟེར་ནས་འབོད། །འདི་རྣམས་མགར་ཚང་གཏོ་ངན་སྐྱེལ་བའི་དུས། །སྙིང་འདྲ་མིན་པར་སྟོན་མི་ཉན། །ལྷ་འདྲེ་ཞེ་ནག་རང་ལ་ལྡོག །དེ་སྲིད་པའི་འདྲེ་དགུའི་བླ་གནས་ཡིན། །ད་གཙུག་ལག་གདོན་བཅུའི་དཔྱད་པ་ལ། །ཆུ་དོ་ལི་ཡན་ཞེས་བྱ་བ། །ཐེའུ་རང་ཁྲོས་པས་རང་སྲོག་བཅད། །གནམ་ཐིལ་དཀར་པོ་བྱ་བ་ཡིན། །ཕུང་བར་བྱ་རལ་ལུམ་སུས་འདི། །ས་ཐིལ་ནག་མོ་བྱ་བ་ཡིན། །ཆེ་བ་སེར་བ་རུམ་པོ་དང་། །


MR16_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོང་བ་དེ་ནི་ན་འབན་ཡིན། །སེར་བ་མུ་ཁྲིད་བྱེད་ན་བཟང་། །དེ་མིན་ཅི་ལ་བཏབ་ཀྱང་ངན། །དེ་འོག་བྱང་བཙན་དམར་པོ་དང་། །བསྡོང་བ་བྱ་མེད་ཡིན་པར་བཤད། །ཐེའུ་རང་བསྒྲུབ་པ་བྱེད་ན་བཟང་། །དེ་འོག་བད་ཀན་སྐྱ་བོ་དང་། །བསྡོང་བ་སེ་སྟོད་ངན་རིགས་ཡིན། །མཛེ་ཕོ་རྣམས་ཀྱི་མོ་ལ་བཟང་། །དེ་འོག་རྒྱ་ཐན་མིག་དམར་དང་། །བསྡོང་བ་ཏྲོང་གི་ཕུང་ཁད་ཡིན། །ཆར་ཆོད་བྱེད་ན་བཟང་བ་ཡིན། །དེ་འོག་དུག་གྲི་རྐང་རིང་དང་། །བསྡོང་བ་སྤོ་བར་ཡིན་པར་བཤད། །དུག་གི་ཕྱག་ཚང་བྱེད་ན་བཟང་། །དེ་འོག་གཤིན་རྗེ་ནག་ཚགས་དང་། །བསྡོང་བ་ཆུ་སྤར་རིགས་ཡིན་ནོ། །དེ་འོག་ཚགས་པ་ཐན་འགྱེད་དང་། །བསྡོང་བ་མ་ཟེ་ཡིན་པར་བཤད། །སྔགས་པ་རྣམས་ཀྱི་མོ་ལ་བཟང་། །དེ་འོག་སུབ་མ་མགོ་འཁོར་དང་། །བསྡོང་བ་ལི་ཡན་ཡིན་པར་བཤད། །མགྲོན་པོ་ཇ་ལེན་ཇ་བསྐྱེལ་མོ་ལ་བཟང་། །གཙུག་ལག་གདོན་བཅུ་འདི་རྣམས་ནི། །བ་ཁོག་གསུམ་དང་སྙིང་མིག་སྲོག །ལོ་མལ་གང་དུ་བབས་ཀྱང་ངན། །དམག་ཆེན་འཁྲིད་དང་ཁྲག་ཟོར་འཕེན། །གཏུག་ཤེར་ས་རྐོ་རྡོ་རློག་ལ། །བཅུ་གཅིག་བཅུ་གསུམ་བབས་ན་བཟང་། །དེ་མིན་ཅི་ལ་བཏབ་ཀྱང་ངན། །འདི་དག་རྣམས་ཀྱི་ལན་དུ་ནི། །རུ་སོད་དཔལ་དར་འབྲུ་ལ་བཟང་། །ཨ་ཁད་རྩེ་མ་དབྲ་ལ་བཟང་། །གལ་བར་ཐོད་དཀར་སྒ་ལ་བཟང་། །སྐྱམ་བུ་བརྒྱག་གང་བབ་སྡོང་ལ་བཟང་། །ཡང་ནི་མ་མོའི་བླ་རྟགས་བཤད། །དིང་དིང་ཤལ་ཆེན་གཡོན་དར་དང་། །དིང་དིང་ལྕོག་ག་དཀར་མོ་དང་། །དིང་དིང་སྟོད་སྤུང་ཆེན་མོ་དང་། །དིང་དིང་ཉ་ཁྲི་ཉི་མིག་དང་། །དིང་དིང་ཞ་མཁར་གཡུ་རྩེ་དང་། །དིང་དིང་པདྨ་དཀར་པོ་རྣམས། །བརྒྱད་དང་བཅུ་གཅིག་ལ་བབས་ན། །ཡེ་ཤེས་མཁའ་འགྲོའི་བླ་གནས་ཡིན། །མཁའ་འགྲོ་བསྒྲུབ་


MR16_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོ་ལ་བཟང་། །བུད་མེད་མོ་ལ་ལོ་མལ་བབས། །མཁའ་འགྲོ་མ་ཡི་རིགས་ཡིན་ནོ། །རྟགས་ལ་གནས་མལ་གང་བབ་པར། །ཤ་མཚན་སྨེ་བ་དཀར་པོ་ཡོད། །ནོར་བུ་དུང་དཀར་ལྟ་བུའི་ཤ་མཚན་ཡོད། །ཕྱི་སར་མཁའ་འགྲོའི་སུན་མ་ཡིན། །སུན་ཟློག་གར་བབ་ཕྱོགས་སུ་བསྐྱལ། །སྐྱམ་པདྨ་དཀར་པོ་ཞེས་པ་འདི། །ཁ་རག་ཁྱུང་བཙུན་བླ་མདུད་ཡིན། །དེ་ཡི་དུང་སྦལ་དཀར་པོའི་རྟ། །སྐྱིན་དིང་གཡུ་ཐོག་དེ་ཡིན་ནོ། །བརྒྱད་བཅུ་གཅིག་བབས་ན་མི་ནོར་འཕེལ། །སྐྱམ་ཆུང་བུམ་པ་གསེར་མིག་དེ། །བཀྲ་ཤིས་ཚེ་རིང་མ་ཡི་བླ། །དེ་ཡི་ཆིབས་པ་ཉི་ཟེར་གྱི། །རྟ་ནི་བག་གི་བྱ་ཡུན་ཡིན། །སྐྱམ་ཆུང་བུམ་པ་གཡུ་མིག་ནི། །གངས་དཀར་ཤ་མེད་མ་ཡི་བླ། །ཆིབས་པ་གོང་རྟ་གཡུ་སྔོན་ནི། །སུམ་མཉམ་གྱི་ནི་བུ་བརྒྱག་ཡིན། །སྐྱམ་ཆད་ལྷ་མོ་ཞེས་པ་ནི། །ཀོང་བཙུན་དེ་མོའི་བླ་མདུད་ཡིན། །ཆིབས་ཕ་རྟ་ནག་ལྕགས་སྐྲ་ནི། །རུ་སོང་དཔལ་གྱི་དར་ནག་ཡིན། །སྐྱམ་ཆད་ཀླུ་མོ་ཞེས་པ་ནི། །གཡའ་འབྲི་སི་ལིའི་བླ་མདུད་ཡིན། །ཆིབས་པ་རུས་སྦལ་མགོ་དགུ་ནི། །སྐྱིན་དིང་ཉ་མིག་ཙག་ཙིག་ཡིན། །སྐྱམ་དཀར་བ་མིན་ཆུ་ཤེལ་ནི། །སྨན་གཅིག་དིང་མོ་གལ་གྱི་བླ། །ཆིབས་པ་གཡུ་བྱིལ་སྔོན་པོ་ནི། །སྤོ་སང་བརྒྱག་གཅིག་སོང་བ་ཡིན། །སྐྱམ་མ་ཟེ་གཡུ་ཡི་ཆུ་མིག་ནི། །སྨན་གཅིག་ཨུག་ཆོས་དབྱར་མོ་ལྕམ། །ཆིབས་པ་གསེར་བྱིལ་སེར་པོ་ནི། །སྤོ་སང་བརྒྱག་གཉིས་སོང་བ་ཡིན། །སྐྱམ་གྱི་དྭངས་མ་གཡུ་སྒྲོན་ནི། །སྨན་གཅིག་ཤེལ་བྲག་འོང་མཚོ་མ། །རྟ་ལྷ་བྱ་གོང་མོ་བྱོད་ཕུར་ཡིན། །སྐྱེར་བུན་ནེ་ལྕམ་གཡུ་སྒྲོན་མ། །རྟ་སྨན་ཤ་ཡུ་མོ་དམུ་དག་ཡིན། །སྐྱམ་ནག་ནག་ཆུང་ཟལ་ཟལ་ནི། །སྨན་གཅིག་ཐོ་ལེ་གཡག་བཞུར་ལྕམ། །རྟ་གློག་


MR16_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཞགས་པ་བྱོད་ཕུར་ཡིན། །སྐྱམ་ཆད་སྐྱེམ་སྐྱེར་གཉིས་ལ་བརྒྱག་གཉིས་བཅས། །སྐྱམ་ཆད་ལྷ་མོ་ཀླུ་མོ་ཡིན། །སྨན་གཅིག་གནམ་ལ་སྐས་འཛིན་བླ། །བ་བོང་ཡེ་ཟེད་རྟ་ནི་སོ་སང་ཡིན། །ལི་ཡན་རླུང་ཁྲ་གཤག་ནག་ན། །སྨན་གཅིག་ཀུན་ལ་དབང་བསྒྱུར་མ། །སྨྲིག་བུའི་རྟ་ཕོ་ལི་ཡན་ཡིན། །ཨ་ཁད་རྩེ་མ་ཞེས་པ་ནི། །སྨན་བཞི་སད་ལེ་མེ་འབར་མ། །སྤྲིན་དམར་མེ་ཁྱེར་རྟ་དེ་ནི། །ཕུང་སྟག་གསེར་མིག་བྱ་བ་ཡིན། །དམུ་ཝ་ཚོ་འཕྲུལ་གྱི་རྒྱལ་མོ་ནི། །སྨན་མཚོ་ལ་དབང་བསྐྱུར་མ་ཡི་བླ། །ཕག་ཝ་ཚོ་འཕྲུལ་གྱི་རྒྱལ་མོ་ནི། །སྨན་གནམ་ལ་དབང་བསྒྱུར་མ་ཡི་བླ། །འཇའ་ཚོན་སྣ་ལྔའི་རྟ་དེ་ནི། །དམུ་དག་གླིང་བཞི་བྱ་བ་ཡིན། །སད་ཝ་ཚོ་འཕྲུལ་གྱི་རྒྱལ་མོ་ནི། །སྨན་གཅིག་བར་སྣང་དབང་བསྒྱུར་མ། །བྱ་རྒྱལ་ཁྱུང་གི་རྟ་ཆིབས་པ། །ཁྱུང་བརྒྱང་མདོང་པ་ཞེས་པ་ཡིན། །སྨན་ཆེན་འདི་རྣམས་བཞི་བརྒྱད་བཅུ་གཅིག་ལ། །བབས་ན་མི་ནོར་ཀུན་ལ་བཟང་། །གང་བབ་སྨན་བཙུན་དེ་ཡི་རྟེན། །ནོར་ཕྱུག་དཀར་མཚན་ཅན་ལ་བཅའ། །སྨྱུག་རྒོད་ཚིགས་གསུམ་སྦ་དཀར་ཚིགས་གསུམ་ལ། །དར་ཚོན་སྣ་ལྔ་རིན་ཆེན་བཏགས། །སྨན་དེའི་མིང་བྲིས་རྟེན་དུ་བཙུགས། །ལོ་མལ་བབས་ན་སྨན་བཤོས་དང་། །དར་ཚོན་མིང་ནས་འབོད་ལ་མཆོད། །སྨན་གྱིས་དཔལ་སྟེར་དར་རྒྱས་འོང་། །གཞི་ཕྱྭར་རང་སར་སྨན་བཙུན་མགོན། །ཕྱི་སར་གང་བབས་སུན་མ་ཡིན། །སུན་ཟློག་བྱ་ཞིང་སྨན་འགྱོགས་བྱ། །ཕྱི་དང་ནང་དུ་འདྲེས་མར་བབས། །སྨན་བཤོས་དཀར་པོ་བཞི་དག་ནི། །མར་གྱི་པུ་ལུ་དང་བཅས་པ། །གོས་དཀར་ཅན་གྱིས་ཤར་དུ་བསྐྱལ། །གོས་སྔོན་ལྷོ་དང་དམར་པོས་ནུབ། །སེང་པོས་བྱང་བསྐྱལ་བུ་ལུ་དང་། །གཏོར་མའི་གྲངས་ནི་གང་བབས་བསྟུན། །སྨན་བཤོས་ཤ་བ་ཡུ་མོ་དབུས་སུ་


MR16_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། །ཡང་གཅིག་སྲིན་མོ་ཤི་འདྲེ་དང་། །གསོན་འདྲེ་རྣམས་ཀྱི་དཔྱད་ལ་ནི། །གཉིས་ལྔའི་སྐྱེར་འུན་ར་བརྒྱག་ནི། །ནམ་མཁའི་སྨྲིག་མོ་གློག་འགྱུའི་བླ། །བརྒྱག་མེད་བར་སྣང་གློག་མོ་འགྱུར། །གཉིས་ལྔའི་སྐྱམ་གྱི་དྭངས་མ་ནི། །ས་སྲིན་ནག་མོའི་བླ་མདུད་ཡིན། །འདི་གསུམ་རྟ་ནི་རྔ་མོང་དང་། །ར་དང་ཁྱི་གསུམ་ཡིན་པར་བཤད། །གཉིས་ཀྱི་སྐྱེར་འུན་དང་སྐྱམ་ཆད། །དྭངས་མ་འདི་གསུམ་བྲན་གྱི་གསོན་འདྲེ་ཡིན། །འདི་རྣམས་ལྔ་ལ་བུ་སྲིང་གསོན་འདྲེ་མོ། །དགུ་བཅུར་མ་སྲུའི་གསོན་འདྲེ་མོ། །བཅུ་གཉིས་བཅུ་གསུམ་མགོ་དཔོན་དང་། །ཉེ་བ་ཞང་ཕྱོགས་གསོན་འདྲེ་ཡིན། །འདི་རྣམས་ཀྱི་ནི་མཆན་ལན་ལ། །ན་འབན་ཐོག་གིས་བསད་པའི་ཤི་འདྲེ་ཡིན། །ལྡི་བུར་སྒོ་བརྒྱག་གྲི་ཡི་ཁར་ཤིའི་འདྲེ། །དམུ་དག་སྒོ་བརྒྱག་མགུལ་པ་འགགས་པའི་འདྲེ། །དིང་དིང་སྒོ་བརྒྱག་ཆུ་ནང་ཤི་བའི་འདྲེ། །ལི་ཡན་དགེ་མ་ཡུག་ཅན་གྱིས་བསད་འདྲེ། །བྱ་མེད་སེ་སྟོད་བན་དྷེས་བསད་པའི་འདྲེ། །ལ་ཝང་སེ་སྟོད་བོན་པོས་བསད་པའི་འདྲེ། །སེ་སྟོད་སྒོ་བརྒྱག་མཛེ་པོ་དམེ་པོས་བསད་པའི་འདྲེ། །འདི་རྣམས་གཏོ་ལ་གསོན་འདྲེར་བཅའ་ཏི་བརྩིགས། །རྫ་མདོས་གར་བབས་ཕྱོགས་སུ་བསྐྱལ། །གང་བབ་ཕྱོགས་ཀྱི་ནག་མོ་རྣམས་ལ་ནི། །ཆང་གླུད་ཤི་འདྲེའི་གཏོ་ལ་ནི། །བཅའ་ཏི་བརྩིགས་ཤིང་སྲིན་མོ་དགུ་མདོས་ནི། །གར་བབས་ཕྱོགས་སུ་བསད་པའི་མི་དེས་བསྐྱལ། །དེ་རྣམས་ལ་ནི་ཤ་བྱིན་ནས། །ཚེར་མས་སྡུད་མོས་ཁྱིམ་ཕྱག་ལ། །སྒོ་ཐེམ་ནང་དུ་ཐབས་ཀ་བཅའ། །མེ་ནང་སྐྲ་ཤད་ཁྱི་སྤུ་དང་། །སྒོག་ས་རན་ལྟེ་རན་ཡུ་དང་། །ཡོག་མགོ་རན་བརྒྱག་ཁྲུད་ད་རྣམས། །ནག་མོ་དགུ་ཡིས་གཞོབ་བྱ་ཞིང་། །མ་འཛོམ་ཕོ་མོ་བསྲེས་མས་བྱ། །སྲིན་མོ་གཞོང་ལ་


MR16_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྣོམ་ཟེར་བའི། །འབོད་པ་ལན་དགུ་བྱས་ནས་སུ། །ཐལ་སོལ་ཕྱོགས་བརྒྱད་དབུས་དགུར་བསྐྱལ། །ཆུ་ནི་ཞལ་བུ་རེ་རེ་གཏོར། །སྲིན་མོ་སྐྱས་ཁྱོགས་ཟེར་བ་ཡི། །འབོད་པ་དགུ་རེ་བྱེད་དུ་བཅུག །དེ་རྣམས་ལ་ནི་སྐ་རགས་དགུ། །ཅན་གྱི་ཟོམ་ནས་ཆང་བླུད་ལ། །གླུ་བླངས་བཅུག་ནས་སྲིན་མོ་རྣམས། །གླུ་ལ་ཉོན་ཟེར་གཏམ་མང་བྱ། །སྦང་མ་ཡུལ་གྱི་རྒན་མོར་བྱིན། །འདྲེ་མོ་རྣམས་ཀྱི་གདོན་ཟུང་ཡིན། །བདུད་ཀྱི་བླ་རྟགས་བཤད་པ་ན། །རུ་སོད་བདུད་ཀྱི་བླ་རྟགས་ཡིན། །གཡས་བརྒྱག་མི་བདུད་འབྱམས་པ་ཁྲག་མགོ་ཡིན། །གཡོན་བརྒྱག་ཀླུ་བདུད་ནག་མོ་གཟུངས་མཆུ་ཡིན། །གཡས་མགོར་བརྒྱག་གཉིས་བཅས་པ་དེ། །བདུད་ཆེན་རེ་སྡེ་མགོ་ཡག་ཡིན། །དཀྱིལ་དུ་བརྒྱག་གཉིས་བཅས་པ་ན། །བཙན་བདུད་རྒྱལ་པོ་ཧེ་རུ་ཡིན། །གཡོན་ན་བརྒྱག་གཉིས་བཅས་པ་ན། །བདུད་རིགས་ཀུན་གྱི་བླ་གནས་ཡིན། །འདི་རྣམས་བཞི་བརྒྱད་བཅུ་གཅིག་ལ། །བབ་ན་བོན་གྱི་མོ་ལ་བཟང་། །བོན་པོ་གཅིག་ལ་མི་བདུད་གསུམ། །གཏོ་ལ་མི་བདུད་རྗེས་གནང་ཞུ། །བནྡེ་རྣམས་ཀྱི་མོ་ལ་བཟང་། །མགོན་པོ་ལེགས་ལྡན་ནག་པོ་དེས། །གྲི་གུག་བཟུང་ནས་ཐུར་འགྲོས་བྱེད། །བན་གསར་གཅིག་ལ་མགོན་པོ་གསུམ། །འགྲུ་རིགས་རྣམས་ཀྱི་མོ་ལ་བཟང་། །འགྲུ་མི་རེས་གཅིག་ལ་དར་རེས་གསུམ། །བ་ཁོག་བབ་ན་བདུད་སྐོང་དང་། །ཆོས་སྐྱོང་སྐོང་བ་གང་མང་བྱ། །ལོ་མལ་ཆོས་སྐྱོང་བདུད་ཀྱི་སྐོར་མདོས་བྱ། །བཙན་ས་བ་ཁོག་ལོ་མལ་དུ། །སུས་རྟ་རུ་སོད་རུ་སོད་སྒ་བརྒྱག་དང་། །སྐྱམ་ཁྲག་རུ་སོད་ཆུ་སྤར་ལྡི་བུར་ན། །གྲི་གཤེད་ཡིན་པས་གཤེད་ཕུད་བྱེད། །བདུད་ཀྱི་ཁྲམ་སེལ་ཁྲམ་བཟློག་བྱ། །ར་གཞོབ་གར་བབས་ཕྱོགས་སུ་བྱེད། །གསེབ་རི་ནག་པོ་གཞོབ་ལ་སྣོམ། །


MR16_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའི་འབོད་པ་མང་དུ་བྱ། །གྲི་བཙན་ར་ཅོས་དབང་ཞུ་ལ། །གྲི་བོ་དབང་ལ་རྒུས་ཞེས་འབོད། །དེ་དག་རྣམས་ལ་ནོར་མགོ་སྦྱིན། །ཡང་བཙན་རིགས་རྣམས་ཀྱི་མོ་བཤད་པ། །སད་མ་ཟེ་ལྷ་བཙན་དཀར་པོ་ཡིན། །སྐྱམ་མ་ཟེ་ཆུ་བཙན་སྔོན་པོ་ཡིན། །བརྒྱག་གཅིག་ཡ་བ་རྐྱ་བདུན་ཡིན། །བརྒྱག་གཉིས་ཤན་པ་མི་བདུན་ཡིན། །ཏྲོང་མ་ཟེ་ས་བཙན་ནག་པོ་ཡིན། །བརྒྱག་གཅིག་རྡོ་རིང་དམར་པོ་ཡིན། །བརྒྱག་གཉིས་རྩིལ་ཐོག་རྒྱུག་འགྱེལ་ཡིན། །སྤོམ་ཟེ་བྱང་བཙན་དམར་པོ་ཡིན། །བརྒྱག་གཅིག་དམ་ཅན་རྡོར་ལེགས་ཡིན། །བརྒྱག་གཉིས་ཨ་བསེ་རྒྱལ་པོ་ཡིན། །བརྒྱག་མེད་བཞི་བཙན་ལྕམ་མཆེད་བཞི་ཡིན། །འདི་རྣམས་བན་བོན་བཙན་མཆོད་བྱེད་ལ་བཟང་། །བ་ཁོག་བབས་ན་བཙན་སྐོང་བཙན་མདོས་བྱ། །བཞི་བརྒྱད་བཅུ་གསུམ་བབས་ན་ཤ་རུ་བྱེད། །ལོ་མལ་བཙན་ཀྱི་རྗེས་གནང་ཞུ། །ཕྱི་སར་བཙན་གྱི་ཁྲམ་ཕྱིས་བྱེད། །དགྲ་བྲུབ་གང་བབས་གྲངས་བསྟུན་པའི། །ཤ་རུ་དུམ་བུ་ལྭ་བ་དམར་པོས་བཏུམ། །གང་བབས་ཕྱོགས་སུ་ཁྱེར་ལ་བཏགས། །སྡེ་བརྒྱད་གནོད་ངོ་གང་ཤར་ཀྱང་། །འཇམ་དཔལ་གདོན་ལ་བསྲུང་ཟློག་བྱ། །དེས་ནི་ཞི་དང་བདེ་ལེགས་འགྱུར། །ད་ནི་ཐན་ངོ་དཔྱད་པ་ལ། །མི་འདོད་ཐན་དང་ལྟས་ངན་ངོ་། །སྐྱམ་དང་ཏྲོང་གི་མ་ཟེ་དང་། །སྐྱམ་རྒན་གཞུང་འཛིངས་དག་དང་ནི། །སྐྱམ་གནམ་ས་མ་བུ་འདུས་པའི་བྲག །སྐྱེར་ཐོམ་པ་ཐང་ལེ་ལ་སོགས་རྣམས། །བ་ཁོགས་གར་བབས་ཐན་ངོ་ཡིན། །མར་ལྡིང་ཁུ་ཡོར་སྐྱེར་གསུམ་དང་། །ཁྱུང་ཀུན་མར་སང་སྒོ་བརྒྱག་གི ། ཙ་སང་རྣམ་པ་བཞི་དང་ནི། །བྲག་གི་ངན་རིགས་ཕལ་ཆེ་བ། །གང་བབས་ཐན་དང་ལྟས་ངན་མོ། །ཡང་བཞི་ལ་ཞོན་པ་ཅན་བྱུང་ན། །ཐན་དང་ལྟས་


MR16_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ངོ་ཡིན་ནོ། །ལི་ཡན་ཞོན་པ་རི་བོང་ཁྱིམ་དུ་འོང་། །ཡང་ན་ཞྭ་ཕྱིང་ཕྲེང་བ་ཡལ། །མ་ཟེ་ཞོན་པ་སྲེག་པ་ཁྲས་དེད་དམ། །ཡང་ན་གཅན་ཟན་དག་གི་ཐན། །བྱོད་ཕུར་ཞོན་པ་བྱ་ཐན་བྱད་ཁ་ཡིན། །བྱ་རལ་ཞོན་པ་གཅན་ཟན་རྨིག་ཆག་ཐན། །སྐྱམ་ནག་ཞོན་པ་སྦྲུལ་ནག་ཀླུ་གཉན་ཐན། །ཚོལ་ཚེ་ཞོན་པ་སྒོ་ཟོག་ཟས་ཀྱི་ཐན། །ལྡི་བུར་ཞོན་པ་ཞིང་ལ་རྡོ་ཐན་དང་། །མཚོན་ལ་མི་འདོད་ལྟས་ངན་ངོ་། །ཁྱུང་བརྒྱང་ཞོན་པ་ཁང་ཚིག་ཀ་གདུང་ཆག །སྤོ་ཚེ་ཞོན་པ་སྒོ་ཟོག་རྔ་མ་བུད། །སུམ་མཉམ་ཞོན་པ་ལོ་ཏོག་ཁོལ་བུར་སོང་། །ཡང་ན་ལྕགས་སྤྱང་ངུ་ཟུག་བྱེད། །བྱ་ཡུན་ཞོན་པ་འུག་པས་ཧ་ཧ་ཟེར། །ཝ་སྐྱམ་ཞོན་པ་དུར་ཁྲོད་ཝ་མོ་བརྒྱལ། །སད་ཁམས་ཞོན་པ་སྒོ་ཟོག་ནུ་མ་སྐམ། །དྭངས་མ་ཞོན་པ་ནོར་ལ་ལྷག་ཆད་ཁྲིད། །རུ་སོད་ངན་རིགས་ཞོན་པ་ཕོ་རོག་ཐན། །ཤོར་ཁུང་ཞོན་པ་ཤ་བས་མགོ་སྦྲ་སྒྱེལ། །བྱ་རལ་ཞོན་པ་སྒོ་ཁྱི་ངུ་ཟུག་བྱེད། །སེ་སྟོད་ཞོན་པ་ཆུ་སོགས་ཁྲག་ཏུ་ཁོལ། །ཏྲོང་རིགས་ཞོན་པ་རོ་ལ་ཐན་བྱུང་ཡིན། །དེ་སོགས་མདུད་པའི་ཁམས་སྦྱར་ཞིབ་ཏུ་དཔྱད། །ཞོན་པ་སྒོ་བརྒྱག་འདོམ་ན་ཐན་ངོར་ངེས། །གང་བབ་ཕྱོགས་སུ་གཏོ་དང་ཟློག་ཟོར་བཏང་། །རྒྱབ་བརྟེན་གང་བྱེད་མཆན་ལན་དག་ལ་དྲིས། །དེ་དེའི་མདོས་དང་སྐོང་ཟློག་བྱས་ན་ཕན། ༈ ། ད་ནི་བྱད་ངོ་དཔྱད་པ་ལ། །སྤོ་དང་སོ་ཡི་ཁ་ཕུར་བྱད་ཀྱི་ངོ་། །སྤོ་དང་སོ་ཡི་རྟིང་བཤལ་གཏད་ཀྱི་ངོ་། །ཕུར་ཐོག་སྒོ་བརྒྱག་ཐམས་ཅད་བྱད་ཀྱི་ངོ་། །སངས་ཀྱི་སྒོ་བརྒྱག་ངན་རིགས་བྱད་ཀྱི་ངོ་། །དེ་རྣམས་རང་སར་བབ་ནས་སུ། །ཕྱི་སར་སྡེ་བརྒྱད་བླ་རྟགས་ན། །དེ་དེའི་རྦོད་གཏོང་ཡོད་ངོ་ཡིན། །ཕུང་རལ་ལུས་སུས་ཁྱི་ཡི་མནའ། །དམུ་བྲག་རུ་སོད་ཆུ་མིག་དུ། །ཁྲག་མཆོད་དཔང་བཞག་བྱས་


MR16_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མནའ། །སོ་ཡོན་བང་མིག་ཆོས་མནའ་ཡིན། །སྤོ་བར་ཁོག་བརྒྱག་ཆོས་ཀྱི་མནའ། །འདི་བཞི་གར་བབ་མནའ་ཕུང་ཡིན། །ཕུད་ཁད་སྒོ་བརྒྱག་བྱ་ཡུན་སྒོ་བརྒྱག་དང་། །ཨ་ཁད་ཞར་བ་འདི་གསུམ་པོ། །རི་གཉན་མེ་ལ་བཀྱེས་པས་ཕུང་། །སྤོ་ཚེ་སྲབ་ཆོད་དམུ་དག་སྒོ་བརྒྱག་སོགས། །ཤིང་གཉན་བཅད་པས་ཕུང་བ་ཡིན། །སྐྱམ་ནག་སྒོ་བརྒྱག་ངན་རིགས་རྣམས། །ཆུ་གཉན་རྩོག་པས་ཕུང་བ་ཡིན། །དགྲ་བླ་བཟང་སྡེ་ཁས་དྲག་རིགས། །ཏྲོང་དང་ཞར་དང་སྒོ་བརྒྱག་གིས། །བསླད་ན་དགྲ་ལྷ་མནོལ་གྲིབ་གཡེལ། །དེ་ཡང་བཅུ་གཅིག་བབས་ན་ངེས། །དེ་སོགས་ཞིབ་ཏུ་དཔྱད་པ་ན། །ལེ་ལན་མཐའ་ཡས་ཡོད་པ་རྣམས། །རྣམ་པར་སྤྲོས་ཏེ་ཤེས་པར་བྱ། །རང་སར་བྱད་ངོ་བབ་པ་ཡི། །ཕྱི་སར་སྡེ་བརྒྱད་བླ་རྟགས་དཔྱད། །ཨ་ཁད་ངན་རིགས་སྦྱིན་སྲེག་དང་། །སྐྱེར་ནག་སོ་ཡོན་མནན་པ་དང་། །བྱ་རལ་ལི་ཡན་ངན་རིགས་ལ། །རླུང་ལ་འཁོར་ལོ་བསྐོར་བ་སོགས། །རྒྱས་པར་ཕྱེ་ན་ཚད་མེད་པ། །མ་བརྗོད་ཞིབ་ཏུ་ཤེས་པར་བྱ། །ད་ནི་བཅུ་གཅིག་དུར་ཕྱྭ་བཤད། །མི་ཤི་རྗེས་ཀྱི་མོ་འདེབས་ན། །ཕྱི་ས་བཞི་དང་ཁྱད་པར་དུ། །བཅུ་གཉིས་གཤིན་ལམ་འདེན་པ་གཅེས། །བརྒྱད་ཀྱི་མཚུན་ས་མ་འཁྲུག་གཅེས། །བཅུ་གཅིག་ཕུག་སླས་མ་ཞན་གཅེས། །བཅུ་གསུམ་རྩེ་འཛིན་མ་རྒུད་དགོས། །ལི་ཡན་གསེར་བྱ་ལ་སོགས་པ། །ཤི་གཞུག་གཅོད་པ་བབ་ན་ལེགས། །དམུ་དག་དུར་ཞབས་ཐགས་བཏགས་སོགས། །བབས་ན་ངན་པས་དུར་ཁ་བཅད། །མོ་ཁོག་ལོག་རེད་འཁྱམས་གསུམ་མེད། །རྒྱུག་འདུར་མ་ལ་བརྟན་ལ་འཇམ། །དེ་འདྲ་བྱུང་ན་དུར་མོ་བཟང་། །ལར་ཁྱིམ་དུ་རོ་ཡོད་རིགས་ལ་ནི། །ཅུང་ཟད་སྙིགས་ཀྱང་མི་ལྟོ་བས། །དུར་བཏབ་རྗེས་ལ་དུར་མོ་འདེབས། །གཤིན་པོའམ་གཞན་ཡང་རུང་


MR16_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །སྐྱེ་བ་སྔ་ཕྱིའི་དཔྱད་བྱེད་ན། །གཅིག་བརྒྱད་བཅུ་གཅིག་དག་ལ་དཔྱད། །གཅིག་ལ་བྱ་རལ་རིགས་བབས་ན། །སྔ་མ་དམྱལ་བའི་གནས་སུ་སྐྱེས། །ཁོག་སྨད་རླུང་གི་ནད་ཀྱང་ཡོད། །བརྒྱད་ལ་ཕུར་གསུམ་གང་བབས་ཀྱང་། །ད་ལྟ་མི་ཡི་གནས་སུ་སྐྱེས། །གློ་མཆིན་བར་ན་བད་ཀན་རྒྱས། །བཅུ་གཅིག་སད་ཁམས་དྭངས་མ་ནི། །ཕྱི་མ་ལྷ་ཡུལ་འགྲོ་བ་ཡིན། །ནད་བརྟག་ན་སྟོད་འཁྲུགས་ཚ་བ་ཡོད། །འདི་ཚུགས་བབ་ན་ཅི་ལ་བཟང་། །ཁྱད་པར་རབ་ཆད་ནད་མོར་བཟང་། །དེ་བཞིན་ཨ་ཁད་སྙིགས་མ་ཡི་དྭགས་དང་། །སྐྱམ་ཁམས་བྱོལ་སོང་འཐོར་བ་ལྷ་མིན་ཡིན། །མི་ནི་སྐྱེར་རམ་ཕུར་ཐོགས་ཡིན། །ལྷ་ནི་སད་ཁམས་དྭངས་མ་ཡིན། །ཞིབ་པར་སྣོད་བཅུད་བླ་མདུད་ལ། །བརྟེན་ནས་ཁ་དམར་ཞིབ་ཏུ་གདགས། །དུར་བྱ་གཙོར་བྱས་ས་མོ་ལ། །གཅིག་གཉིས་ཤར་སྟོད་ཤར་སྨད་ཡིན། །བཞི་ལྔ་ལྷོ་ལ་བདུན་བརྒྱད་ནུབ། །བཅུ་དང་བཅུ་གཅིག་བྱང་གི་ཕྱོགས། །གསུམ་དྲུག་དགུ་དང་བཅུ་གཉིས་ནི། །སོ་སོའི་མཚམས་ཡིན་བཅུ་གསུམ་དབུས། །དེ་དག་རྣམས་སུ་དཔྱད་པ་ལ། །མདོ་ཆེན་རྒྱུག་པའི་ཐང་དང་ནི། །ཉ་སྲམ་འཕྱོ་བའི་ཆབ་དང་ནི། །ཤ་རྐྱང་འགྲིམ་པའི་རི་དང་ནི། །རྒོད་གླག་ལྡིང་བའི་བྲག་དང་ནི། །གཅན་གཟན་འཁོར་བའི་ནགས་ཚལ་རྣམས། །ས་ཡོ་ཡོན་ཏན་བཟང་པོ་ཡིན། །གསུམ་མན་ཆད་སྐྱམ་དང་ད་རོག་རིགས། །ཉ་སྲམ་འཕྱོ་བའི་ཆབ་དེ་ཡིན། །བཞི་ལ་ལྡི་བུར་དམུ་དག་སད་ཁམས་ན། །ཆབ་ལ་རྐྱང་སྡོམ་ཐོག་པ་ཡིན། །འོག་རྟ་རྐྱང་སྡོམ་ཐོགས་པ་སྐྱེ། །བདུན་བརྒྱད་ལ་སོགས་དེ་ལྟར་དཔྱད། །གསུམ་གལ་བར་སྐྱིན་དིང་བྱོད་ཕུར་དང་། །དིང་དིང་གང་བབ་ཐང་གི་བླ། །བཞི་ལ་མུ་ས་རིགས་བབས་ན། །ཐང་ལ་མདོ་རིས་དོད་པ་


MR16_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་བབ་ད་ཕྱིའི་ཁ་རྗེ་སྐྱེ། །གསུམ་ད་རོག་སྐྱམ་གྱི་བཟང་རིགས་ན། །མཚོ་ཆེན་ཕྱུག་མོའི་བླ་མདུད་ཡིན། །བཞི་རང་སྙན་དངུལ་རྒོད་དམུ་ཙ་མེད། །ལྡི་བུར་ཙ་མེད་སད་ཁམས་བཟང་རིགས་ན། །མཚོ་ལ་མི་ལོང་ཐོགས་པ་ཡིན། །ད་ཕྱིའི་བུ་སྲིང་བཟང་མོ་སྐྱེ། །ལྔ་དྲུག་ཀྱེ་བ་གལ་བར་དང་། །སྐྱེར་བཟང་སྡེ་གང་བབ་རི་རབ་ཡིན། །བཅུ་གསུམ་ཀྱེ་བ་དེ་རོག་དམུ་དབལ་དང་། །ཡར་དིང་གལ་བར་དམུ་དག་དང་། །བྱ་ཡུན་བྱ་བུར་གང་བབས་ཀྱང་། །རི་ལ་ཉི་ཟླ་འཁོར་བ་ཡིན། །བཟང་པོ་ཆེ་རིགས་ཕྱི་ནས་སྐྱེ། །བརྒྱད་དགུར་སད་ཁམས་སང་ཁམས་ན། །རྒོད་གླག་ལྡིང་བའི་བྲག་དེ་ཡིན། །བཅུ་བཅུ་གཅིག་ཀྱེ་བ་དག་དང་ནི། །སད་དང་སད་ཁམས་བུ་བརྒྱག་ན། །བྲག་ལ་སྟག་རལ་ཐོགས་པ་ཡིན། །དཔའ་བོ་སྟག་དང་འདྲ་བ་སྐྱེ། །གསུམ་ལ་ཏྲོང་གི་རིགས་བབས་ནས། །བཞི་ལ་ཤ་རིང་སྤོ་ཚེ་དང་། །ཙེ་ར་ཝ་ཚོ་ཡར་ལྡང་དང་། །དམུ་དག་བབ་ན་ཏྲོང་གིས་ནི། །སྤྱང་དཀར་གྱོན་ཞེས་བྱ་བ་ཡིན། །གཙོ་བོ་སྤྱང་ཐུལ་ཅན་རྣམས་སྐྱེ། །མོ་སྐེད་དམུ་དག་སྤོ་ཚེ་ན། །གཅན་ཟན་འཁོར་བའི་ནགས་ཚལ་ཡིན། །སྟོད་དུ་ཨ་ཁད་སུམ་མཉམ་དང་། །རྐང་སྤར་འདི་རྣམས་བུ་བརྒྱག་བབས། །ནགས་ལ་གཅན་གཟན་འཁོར་བ་ཡིན། །ཕ་སྤུན་དགྲ་ལག་རྒྱས་པ་ཡིན། །ཡང་ཕྱི་བཞིར་དིང་དིང་བག་སྐྱེར་དང་། །སྤོ་ཚེ་བབས་ན་རི་བོ་ཟུར་ཕུད་ཅན། །ཕྱི་བཞིར་སོ་ཡོན་བྲག་དང་རུ་སོད་ཀྱི། །བྲག་བཞི་བབ་ན་ནགས་རི་ཡིན། །ནང་སྐོར་བཞི་ལ་སད་ཁམས་གཡུང་དྲུང་ན། །ནགས་ལ་གཅན་གཟན་འཁོར་བ་ཡིན། །མདོར་ན་སོ་སོའི་བླ་མདུད་ཀྱི། །བརྒྱག་བཟང་གང་བབས་དེ་ཕྱོགས་སུ། །དེ་དང་དེ་འདྲའི་དཔལ་ཁ་ཡོད། །ད་ནི་ས་ཡི་སྲུང་བཞི་བཤད། །


MR16_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

སད་སུམ་མཉམ་བུ་བརྒྱག་ཤར་སྟག་སྐྱ། །ཤར་གྱི་ཕྱོགས་སུ་བབས་ན་ཡིན། །ཁྱད་པར་གཉིས་ཀྱི་སྟེང་དུ་ཡིན། །ཤར་ན་དགྲ་མེད་ཤར་ཕྱོགས་ལེགས། །གསུམ་བཞི་བརྒྱད་དང་བཅུ་རྣམས་ལ། །སློ་བྲག་ཏྲོང་གསུམ་བབས་པ་ན། །སྟག་ལ་སྡིག་ཤལ་ཕོག་པ་ཡིན། །ཤར་ནས་ས་དགྲ་ལམ་དགྲ་ཡིན། །དེའི་བཅུ་གསུམ་བྱ་ཡུན་དཀར་མོ་ན། །གསེར་བྱིལ་སྟག་ལ་ཞོན་པའི་ལ་ཉེ་ཡིན། །བཞི་ལྔའི་སྐྱམ་དེ་ལྷོའི་གཡུ་འབྲུག །སྐེད་དུ་ཨི་ཆད་དྲུག་ལ་དཔྱད། །བྱ་རལ་བབས་ན་ཆད་པ་ཡིན། །ལྔ་ལ་སྐྱམ་ཁམས་བུ་བརྒྱག་ནས། །དྲུག་བརྒྱག་མེད་འབྲུག་ལ་འབྲུག་གིས་བཤལ། །བདུན་བརྒྱད་སད་ཁམས་དྭངས་མ་ན། །དུང་སྦྲུལ་འབྲུག་ཞོན་ལ་ཉེ་བཟང་། །དགུའི་གལ་བར་སྐྱིན་དིང་སྤོ་ཚོ་ནི། །ནུབ་ཀྱི་རུས་སྦལ་རྒྱ་པོ་ཡིན། །རྐེད་པ་ཨི་ཆགས་བཅུ་ལ་དཔྱད། །ན་འབན་བྱ་རལ་བབས་ན་ཆག །བཅུ་ལ་སད་ཁམས་དྭངས་མ་ན། །རུས་སྦལ་དངུལ་མདངས་ཐོན་པ་ཡིན། །བཅུ་གཉིས་བྲག་གི་རིགས་དང་ནི། །སོ་ཡོན་ལིང་ཀུན་སྤོ་བར་ལིང་ཀུན་ན། །བྱང་གི་བྱ་དམར་བྲག་རི་ཡིན། །གཤོག་པ་ཨི་ཆད་བཅུ་གསུམ་དཔྱད། །ཆུ་སྤར་ལྡི་བུར་དག་དང་ནི། །དབྱིག་དམར་གང་བྱུང་གཤོག་པ་ཚིག །བཅུ་གསུམ་བཟང་ན་བྱ་དམར་མཚལ་མདངས་ཐོན། །ལར་ས་མོར་ཕྱི་ནང་ཐམས་ཅད་བཟང་ན་ལེགས། །བཟང་བབས་ལན་གྱིས་མ་བསླད་ན། །ས་མོ་ལ་ནི་བཟང་བ་ཡིན། །དེ་རྣམས་བཟང་བའི་ས་དཔྱད་ཡིན། །ད་ནི་ངན་པའི་ས་དཔྱད་ལ། །ན་འབན་མཚོ་ཤུལ་ས་རལ་ཡིན། །སྐྱམ་མ་ཟེ་བྲག་དམར་ཚྭ་ཕུག་ཡིན། །སད་མ་ཟེ་བྲག་དཀར་ས་དཀར་ཡིན། །སྤོ་མ་ཟེ་བྲག་དམར་ཤིང་ཅན་ཡིན། །རུ་སོད་བྲག་ནག་ཕ་བོང་


MR16_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ལོང་ཡིན། །ཙེ་ར་ཝ་ཚོ་ཡར་ལྡིང་གི ། སྒོ་བརྒྱག་ཤིང་ངན་གདུག་པའི་དགྲ། །ཏྲོང་ཚྭ་ཕུག་བྲག་ཕུག་ཁ་གདང་བ། །སུམ་མཉམ་ཞར་བ་ཏྲོང་གསུམ་མཉམ། །ལམ་ཆད་ལམ་གྱི་དགྲ་ཡིན་ནོ། །རུ་སོད་ངན་རིགས་སྲིན་གཡག་ཡིན། །སྐྱམ་ངན་རིགས་སྲིན་མོའི་མཆི་རིས་དང་། །སྐྱམ་སྒོ་བརྒྱག་ཆུ་ཡི་དགྲ་ཡིན་ནོ། །གལ་བར་ངན་རིགས་རི་ཡི་དགྲ། །ཨ་ཁད་ངན་རིགས་བྲག་ངན་རི་མོ་ཅན། །དེ་སོགས་ཞིབ་ཏུ་དཔྱད་པར་བྱ། །ཙེ་ར་ཝ་ཚོ་ཡར་ལྡང་བང་མིག་དང་། །གལ་བར་གཡས་རུ་ལ་སོགས་ལས་དྲག་དང་། །ཁྱད་པར་རྣོ་མཚོན་ངར་མའི་བླ། །ཕྱི་ས་བཞིར་བབས་ནང་དུ་ན་འབན་དང་། །རུ་སོད་བྱ་རལ་ལ་སོགས་ངན་རིགས་བབས། །གནམ་སྒྲོན་ལ་སོགས་ས་དགྲ་ངན་པ་ཟུག །ཕྱོགས་དང་ཆུང་རྒྱུད་ལ་སོགས་གནས་སྦྱར་དཔྱད། །གཉིས་ཀྱི་སྐྱིན་དིང་ས་ཡི་པད་འདབ་བརྒྱད། །ཡང་ན་གཅིག་ལ་བབས་ཀྱང་འདྲ། །བཅུའམ་བཅུ་གཅིག་དིང་དིང་ནི། །གནམ་དཔྱད་འཁོར་ལོ་རྩིབས་བརྒྱད་ཡིན། །བཞི་སྐྱམ་དང་ད་རོག་ཆུ་དང་མཚོ། །བརྒྱད་གལ་བར་རི་རྒྱལ་ལྷུན་པོ་ཡིན། །བཅུ་བྱ་ཡུན་ལ་སོགས་ཉི་ཟླའི་བླ་མདུད་བཟང་། །བཅུ་བྱ་རལ་ལི་ཡན་གནམ་སྒོ་ཕྱེ། །རྟགས་སུ་ལུང་པ་ཕུ་རལ་འོང་། །གཉིས་བྱ་རལ་ལི་ཡན་ལུང་མདའ་རལ། །བཅུ་གསུམ་བཅུ་གཅིག་སོ་ཡོན་ན། །ས་བདག་མདུན་ཞུ་གྱོན་པ་ཡིན། །དེ་རྟགས་རི་ནག་ཐུར་རྒྱུག་ཡོད། འདི་གསུམ་ས་བདག་རྒྱལ་པོ་ཡི། །བླ་ངོ་སྲོག་གསུམ་ཡིན་པས་ན། །གཅིག་ལ་བབས་ན་ས་བདག་དགྱེས། །དེ་ཡང་རྒྱས་པར་བཤད་པ་ན། །དིང་དིང་ས་བདག་མ་ཐུབ་གཡར། །རྐང་པར་ས་བདག་རྒྱལ་པོ་ཡིན། །


MR16_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་བྱ་ཡུན་ས་བདག་ཞལ་བྱོན་ཡིན། །ཚོལ་ཚེ་ས་བདག་སྙིང་བསྟན་ཡིན། །དུན་ཐག་ས་བདག་སྨན་གཅིག་ཡིན། །སྤོ་བར་ལིང་ཀུན་ས་བདག་གྲོག །སྐྱིན་དིང་ས་བདག་དག་གི་རྟེན། །སེ་སྟོད་ས་བདག་དག་གི་གནས། །སད་ཁམས་ས་བདག་རུས་པ་ཡིན། །ཡར་ལྡིང་ས་བདག་ཀ་བ་ཡིན། །ཨ་ཁད་བཟང་རིགས་ས་བདག་བློན། །ཙེ་ར་ཝ་ཚོ་ཡར་ལྡང་རྣམས། །ས་བདག་དག་གི་རུ་མཚོན་ཡིན། །དེ་རྣམས་གཅིག་ལ་བབས་པ་ན། །ས་བདག་སྙིང་བསྟན་ཡིན་པས་བཟང་། །བརྒྱད་ལ་མཚུན་གྱི་སྙིང་བསྟན་ཡིན། །བཅུ་གཅིག་བཟང་ན་ནམ་ཕུག་ལེགས། །གཅིག་ལ་ས་བདག་སྐོར་རྣམས་བབས། །བཅུ་གསུམ་བཟང་ཞིང་བརྒྱད་ལ་སད་ཁམས་བནྡེར་བཟང་། །དགུ་ལ་སད་ཁམས་བོན་སོགས་བཟང་། །དེ་ཡི་འགྲེས་སུ་ཀུན་ལ་དཔྱད། །མཆོད་རྟེན་ལྟར་དུ་དཔྱད་པ་ལ། །གཅིག་གདན་ནས་བཅུ་གསུམ་དབུ་རྩེའི་བར། །ཞིབ་པར་གཞན་དུ་ཤེས་པར་བྱོས། ༈ ། བཅུ་གཉིས་བོར་བ་རྙེད་འཚོལ་དཔྱད། །གཅིག་འདི་བོར་བའི་རྟོད་ཕུར་ཡིན། །ཕུར་པ་མ་བུད་དམ་ན་བཟང་། །གལ་བར་དིང་དིང་སྐྱིན་དིང་བཟང་། །གཉིས་འདི་ཚོལ་ས་རྡོག་ལམ་ཡིན། །དེ་ལ་འདའ་མཁས་སྤུན་གསུམ་དགོས། །ཨ་ཁད་བཟང་རིགས་བརྒྱག་བཟང་ཡིན། །གསུམ་བཞི་བོར་བའི་ར་བ་ཡིན། །ར་བ་མ་སྟོང་གང་ན་བཟང་། །ལྔ་དགྲ་སར་འདན་པ་བྱུང་ན་བཟང་། །དྲུག་ཁྱིམ་སར་དངས་མ་བརྒྱག་སྡེ་བཟང་། །བདུན་བརྒྱད་བློ་འགྱོད་ཡོད་མེད་དཔྱད། །སད་ཁམས་བཟང་རིགས་བབས་ན་བཟང་། །དགུ་འདི་ལམ་འཕྲད་སྒུག་པའི་ས། །ཐུག་ཕྲད་ཨེ་འོང་ལྟ་བ་ཡིན། །འཕྲད་འདོད་སྙིང་དགའ་བཞི་བབས་དགོས། །གཞན་ར་མདས་ལམ་འཕྲང་སྒུག་སོགས་ལ། །གདོང་ཐུག་སྤུན་གསུམ་བྱུང་ན་


MR16_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད། །རུ་སོད་ལྡི་བུར་སེ་སྟོད་ཡིན། །བཅུ་ཕྱི་ཕུག་ངོ་སོ་ལྟ་བ་ལ། །ཕུར་ཐོགས་བྱ་ཡུན་གསལ་སྡེ་བཟང་། །བཅུ་གཅིག་བོར་བ་རང་ལག་ཏུ། །ཨེ་འོང་ལྟ་ས་ཡིན་པས་ན། །དཀར་ཐོག་ཐོབ་རྒྱལ་སྤུན་གསུམ་དགོས། །བཅུ་གཉིས་སྟོར་པ་གཞན་ཡུལ་དུ། །མི་སྟོར་རྫིའུ་སོ་ཡོན་དང་། །སྤོ་བར་སྐྱིན་དིང་ལ་སོགས་དགོས། །བཅུ་གསུམ་ཕྱི་ཕུག་ལྟ་ས་ལ། །ངོ་མཐོ་ངོ་གསལ་རིགས་བབས་བཟང་། །བོར་བའི་རྫས་ཀྱི་བླ་མདུད་ནི། །རང་སར་བབས་སམ་རང་སར་འཁོར། །བོར་བ་རྙེད་པའི་ངོ་ཡིན་ནོ། །ཕྱི་སར་ཤོར་རམ་ལན་གྱིས་བསླད། །མི་ལོན་པའམ་བཙལ་ལོག་ངོ་། །ཕྱོགས་གང་ནས་བོར་བའི་ཕྱིས་དང་། །ཁྱད་པར་གཉིས་ཀྱི་གནས་སུ་ནི། །གལ་བར་གངས་རི་རྩེ་རྒྱལ་དང་། །ཝ་ཚོ་བྲག་རི་ཟུར་ཅན་དང་། །ཙེ་ར་རྫ་རི་ཁྲ་བོ་དང་། །ཡར་ལྡང་ནགས་རི་འཐུག་པོ་དང་། །མུ་ས་སྤང་རི་ཤ་ཅན་དང་། །རྐང་སྤར་རྫ་བྲག་འདྲེས་པ་དང་། །དཀར་ཐོག་རྫ་སྤང་འདྲེས་པ་དང་། །སོ་ཡོན་བྲག་དང་ཆུ་འཐབ་པ། །སྐྱམ་རིགས་འབབ་ཆུ་ཤག་ཤག་དང་། །སུམ་མཉམ་སྤར་རྒང་རིང་མོ་དང་། །དམུ་དག་ཤིང་རྐང་རིང་མོ་དང་། །བྱ་བུར་བྱེ་སྒང་རིང་མོ་དང་། ཐང་ལེ་ས་ཐག་སྐྱ་བོ་དང་། །དོག་ཚང་སྤང་ཐང་སྔོན་པོ་རྣམས། །སྤྱིར་བཏང་གོང་དུ་བཤད་བཞིན་དང་། །བྱ་རལ་གད་པ་ཁྲབ་ཁྲེབ་དང་། །སྤོ་བར་ཤིང་ཕུང་ལང་ལོང་དང་། །ཏྲོང་བྲག་རྫ་རི་ཧྲལ་ཧྲོལ་དང་། །ད་རོག་མཚོ་དང་ཆུ་བོ་དང་། །ཀྱེ་བ་ཐག་རི་བཟང་པོ་དང་། །སེ་སྟོད་ས་རལ་ཁང་རལ་དང་། །ཏྲོང་མ་ཟེ་བྲག་དམར་ཞག་ཞིག་དང་། །ན་འབན་བྲག་ནག་ཕག་འདྲོག་འདྲ། །སྐྱིན་དིང་ཕ་བོང་ཁྲབ་ཁྲེབ་སོགས། །མིང་དང་ཁ་དོག་མདུད་པ་དང་། །མཚུངས་པའི་ཕྱོགས་སུ་བཅལ་བར་བྱ། །འདི་རྣམས་རིགས་ལ་བརྒྱག་བཟང་ཅན། །གང་


MR16_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བབས་དེ་དེའི་ཕྱོགས་ཀྱི་ནི། །ས་རྟགས་དེ་དང་དེ་འདྲར་བཙལ། །ལར་ཚོལ་ཚེ་གང་བབས་རྙེད་ངོ་ཡིན། །ཕྱི་ས་གང་བབས་དེ་ཕྱོགས་དང་། །དྲུག་ལ་ཆུ་ཡི་འགྲམ་ནས་རྙེད། །བརྒྱད་སོགས་རང་ས་གང་བབ་རྙེད། །དེ་དང་མཉམ་པར་གང་བབ་པའི། །མདུད་པའི་ཁམས་ཀྱང་གོང་བཞིན་བརྟག །ཡང་རྟ་ལ་སྤོ་ཚེ་བཅུ་གསུམ་བབས། །གསེར་སྦྲུལ་ཁོང་སོང་མཇུག་མ་ཟིན་པས་རྙེད། །བཅུ་གཅིག་དག་ལ་བབ་ཀྱང་རྙེད། །བྱོད་ཕུར་ལྡི་བུར་ཧྲང་ཟེ་རྣམས། །ཁ་གསལ་ཡིན་པས་རང་སར་རྙེད། ༈ ། ད་ནི་བཅུ་གསུམ་སྲིད་ཕྱྭ་བཤད་པ་ན། །ལར་མོ་ཡི་སྙིང་མིག་སྲོག་གསུམ་ལ། །ཁ་ལང་གསུམ་བབ་གྲགས་ཆེན་བུ་གསུམ་སྐྱེ། །དེ་བཞིན་བྱ་རལ་རིན་ཆེན་དང་། །རྩེ་མ་རྐང་སྤར་དུང་རྒོད་དང་། །ལྕགས་ཁྲ་སད་སྔ་སད་མ་ཟེར། །མ་ཟེ་གླག་དམར་སྐྱིན་དིང་གཡུ་ཐོག་དང་། །གལ་བར་ཐོད་དཀར་སོ་ཡི་ལིང་ཀུན་དཀར། །མུ་ས་ཙ་མེད་དོག་ཚང་བྱོད་ཕུར་རྣམས། །གསུམ་བབ་འགྲན་མེད་བུ་གསུམ་སྐྱེ། །དེ་བཞིན་སྙིང་མིག་སྲོག་གསུམ་ལ། །བྱ་རལ་སོ་ཡོན་ཝར་ལྡི་ཝ་སྐྱམ་དང་། །གླེས་སྨི་ཐང་ལེ་ལི་ཡན་གསུམ་བབ་ན། །བུ་མི་སྐྱེ་བུ་མོ་ཁོ་ནར་སྐྱེ། །ཡང་དཀར་ཐོག་གཡུང་དྲུང་གང་བབ་པའི། །ལོ་མ་དེ་ལ་བུ་སྐྱེ་ངོ་། །ཡང་བརྒྱད་ལ་སེ་སྟོད་བབ་ནས་སུ། །དགུ་ཕན་ཆད་པ་ཙལ་རྔམ་ན། །སྲིད་ཕྱྭ་དག་ལ་མདའ་ངོ་ཡིན། །བརྒྱད་སེ་སྟོད་དགུ་དང་བཅུ་གཅིག་དང་། །བཅུ་གསུམ་སོ་ཡོན་ལང་ཐང་ཙེ། །རུ་སོད་གཡས་བརྒྱག་སྐྱམ་བྲག་རུ་སོད་དང་། །རྐང་སྤར་ལྡི་བུར་སྐྱམ་བྲག་ལྡི་བུར་དང་། །ཤང་ཤག་ལྡི་བུར་དུན་གཡུང་དྲུང་ལྡི་བུར། །ད་རོག་གཡུང་དྲུང་ལྡི་བུར་གློག་དམར་ལྡི། །སད་ཀྱི་ཧྲང་ཟེ་སད་ཀྱི་ཏྲོང་ཆེན་དང་། །ཁྱུང་བརྒྱང་དང་ནི་སད་སྔ་དང་ཧྲང་ཟེ། །གང་བབ་མདའ་


MR16_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ངེས་པ་ཡིན། །ཡང་བརྒྱད་ཀྱི་སེ་སྟོད་བབ་པ་ཡི། །བ་ཁོག་གསུམ་དུ་བུ་བརྒྱག་མ་བརྒྱག་དང་། །དྲལ་དཀར་ལྕགས་བྲ་བྱ་ཤིང་གློག་དམར་ལྡི། །ཀུ་ཡེ་བྱིལ་ཚང་ཚོལ་ཚེ་ལུ་གུ་སོགས། །གཏན་ཚིགས་མདུད་པ་བཅུ་གསུམ་གང་བབས་ཀྱང་། །མདའ་ཡི་ངོ་རུ་ངེས་པར་བཤད། །གཞན་ཡང་བརྒྱག་བཟང་ཁས་དྲག་རིགས། །གང་བབ་མདའ་ཡི་ངོ་རུ་བཟུང་། །མདའ་ཞེས་པ་རྩ་དཀར་བུ་ཡི་ངོ་། །ཡང་དྲུག་ལ་སེ་སྟོད་བབས་ནས་སུ། །བདུན་ཕན་ཆད་སྐྱེར་བྱ་བྱ་ཡུན་དང་། །མུ་ས་བག་བྱ་ལི་ཡན་སྐྱམ། །ཨ་ཁད་བྱ་རལ་བག་ཚོལ་ཚེ། །སྐྱེར་རིགས་བྲག་རིགས་སྤོ་བར་དང་སྐྱམ་བརྒྱག །སྐ་བྲག་ལ་སོགས་ཚོལ་ཚེའི་རིགས། །ཏྲོང་དང་དམུ་དག་ངན་རིགས་དང་། །རང་སྙན་ལྡི་བུར་བརྒྱག་མེད་རྣམས། །འཕང་གི་ངོ་ཡིན་དེ་ལྟར་དཔྱད། །ཡང་བཞི་ལ་སེ་སྟོད་ལྔ་ཡན་ཆད། །སྙིགས་མ་གང་བབས་འཕང་ངོ་ཡིན། །འཕང་ཞེས་རྩ་ནག་བུ་མོའི་ངོ་། །དྲུག་དང་བཞི་ལ་སེ་སྟོད་བབས། །བདུན་བརྒྱད་ཡན་ཆད་མུ་ས་བཞི། །མཚེ་མ་ནག་པོའི་ངོ་ཡིན་ནོ། །ལར་མུ་ས་གང་བབས་མི་གྲངས་འཕེལ། །གསུམ་ཁས་དྲག་ཝེར་མ་བུ་ལ་བཟང་། །བུ་དང་བུ་མོའི་བཟང་ངན་ནི། །བརྒྱག་དང་སྐྱ་ཞིབ་བཟང་ངན་ཡིན། །མ་ཡི་ལོ་མལ་ཁྱོགས་ན་བཟང་། །དྲུག་སྲིད་ཀྱི་འཕེལ་ས་བརྒྱད་སྲོགས། །དེ་རུ་ཁ་གསལ་བཟང་སྡེ་བཟའ། །འཐོར་བ་འགྱོད་སྟོང་ཕྲག་ངན་རིགས། །གང་བབས་འགྱོད་ངོ་བར་ཆད་ཡིན། །ཞིབ་ཏུ་དཔྱད་ལ་ཁ་དམར་གདགས། །༈། །ད་ནི་བཅུ་བཞི་ཆུས་ཕྱྭ་བཤད། །ཆུང་རྒྱུད་འབྲིང་རྒྱུད་ཆེ་རྒྱུད་དང་། །བང་མཛོད་ལྷ་ས་རྩེ་འཛིན་དང་། །དགྲ་ས་རྣམས་ཀྱི་གནས་མལ་དུ། །གོང་བཤད་བཞིན་དུ་རྒྱལ་


MR16_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། །སྡེ་ཆུས་བཟང་ངན་བརྟག་པར་བྱ། །རྒྱས་པར་བཅུ་གསུམ་འཁོར་ཆེན་གྱི། །དཔྱད་པ་ཞིབ་ཏུ་བྱ་བ་ཡིན། །ནམ་ཕུག་བཅུ་གསུམ་སྟེང་ལ་བལྟ། །དྭངས་མ་བཟང་པོ་མདུན་མི་ཕོག །དགྲ་བླ་དར་རྒུད་བཅུ་གཅིག་བལྟ། །ཁས་དྲག་ཝེར་མ་སྟོབས་མི་ཞན། །བློ་གྲོས་བཟང་ངན་བརྒྱད་བདུན་བལྟ། །གསལ་སྡེ་བཟང་རིགས་བློ་མི་ཉེས། །ནང་ནོར་ཆེ་ཆུང་བཞི་དྲུག་བལྟ། །བརྒྱག་ཁ་སྣུམ་ཐིག་གཡང་མི་ཉམས། །གཞི་དང་ཡུལ་ཁམས་གཅིག་ལ་བལྟ། །བརྟན་སྡེ་ཁེར་བབ་ཡུལ་མི་འཆོར། །སྤྱིར་གཞི་ཆེན་ཇུས་ཕྱ་འདེབས་པ་ལ། །བཅུ་གཅིག་བཅུ་གསུམ་མདུན་ཞུ་མེད་པ་གལ། །བཙན་སར་ཁས་དྲག་རྫིའུ་རེ་རེ་བབས། །ལོ་གསུམ་ཚུན་ལ་གཡོན་ཆོག་ཡིན། །ཕྱི་ས་དགྲ་བཞི་རྒུད་པ་དགོས། །དེ་ལས་གོ་ལོག་ངན་པ་ཡིན། །སྤྱི་ཁོག་གཞི་ཕྱའམ་ཁྱིམ་ཕྱ་དང་། །མཚུངས་པར་བརྟགས་ཤིང་གོང་འོག་གི ། བཤད་པ་ཀུན་དང་འཕྲུལ་ཞིང་དཔྱད། །༈། །བཅོ་ལྔ་ཆོས་ཕྱ་བསྟན་པ་ལ། །བརྒྱད་འདི་བན་དེ་དགུ་བོན་པོ། །བཅུ་གཅིག་ལྷ་ས་བཅུ་གསུམ་རྩེ་འཛིན་བཞི། །ཁྱོགས་ནན་མ་ཕུག་བཀྲ་ཤིས་དགེ ། བརྒྱད་ལ་ལྷ་ངོ་བཅུ་གསུམ་དང་། །བྱ་ཡུན་དང་རྩེ་འཇམ་པའི་དབྱངས། །བྱ་བུར་གསེར་ཐིག་སྤྱན་རས་གཟིགས། །མུ་ས་དིལ་དཀར་ཕྱག་རྡོར་སོགས། །ལྷ་རྟགས་བཟང་པོ་བབས་ན་དགེ ། གཞན་ཡང་རྡོར་དྲིལ་ལྷ་ཆའི་རིགས། །བབ་ཤིང་མདུན་ངོ་མེད་ན་དགེ ། བན་མོ་རིན་ཆེན་ཕྲེང་བ་བཤད། །གཅིག་འདི་སྔགས་པའི་འདུག་ས་ཡིན། །དྲག་པོར་ངན་ཞིང་ཞི་བར་བཟང་ན་ལེགས། །གཉིས་ཧོམ་ཁུང་བྱ་རལ་ལི་ཡན་དགོས། །གསུམ་ཆག་ལྷམ་བག་ལྡི་མང་ལྡིང་དགོས། །བཞི་གཏོར་གཞོང་བུ་བརྒྱག་ཚོལ་ཚེ་དགོས། །ལྔ་རྟན་མ་ཡིན་པས་


MR16_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ན་བཟང་། །དྲུག་དབུ་སྔས་ཡིན་པས་བརླིང་ན་བཟང་། །བདུན་ཕྲེང་ལུང་འཇུས་པའི་རིགས་བབས་བཟང་། །བརྒྱད་སྒྲུབ་ཁང་ཡིན་པས་བག་དྲོ་དགོས། །དགུ་ཆོས་སྐྱོང་བོན་སྐྱོང་འགྲིམ་ལམ་ཡིན། །གང་བསྒྲུབ་ལྷ་ཡི་བཀའ་རྟགས་དགོས། །བཅུ་དབུ་རྒྱན་ས་ཡིན་དྭངས་མ་དགོས། །བཅུ་གཅིག་ཕོ་ལྷའི་གནས་མལ་ལ། །ཞི་བར་ཁས་དྲག་ཝེར་མ་དང་། །བརྒྱག་ཁ་བཟང་སྡེ་ཆེ་དགུ་དགོས། །དྲག་པོར་དགྲ་འདྲེའི་མིག་ལ་ནི། །ཕུར་པ་ཐེབ་ན་བཟང་བ་ཡིན། །ལྡི་བུར་ལྕགས་ཕུར་བྱོད་ཕུར་དུང་ཕུར་དང་། །མུ་ས་ཤེལ་ཕུར་བྱ་བུར་གསེར་ཕུར་ཡིན། །བཅུ་གཉིས་ཡུངས་ཀར་རྦབ་ཀྱིས་ནི། །དགྲ་འདྲེ་ཐུབ་པའི་ས་ཡིན་པས། །སེ་སྟོད་སྐྱ་བོ་སྐྱམ་བུད་མེད། །ལི་ཡན་དགེ་མ་གསེར་བྱ་བནྡེ་དང་། །རྐང་སྤར་སྒོ་བརྒྱག་བོན་པོ་ཐུབ། །གཞན་ཡང་ལི་ཡན་མུག་སྲི་དང་། །སྒོ་བརྒྱག་བཙོག་དྲི་སེ་སྟོད་དམེ་སྲི་དང་། །ཏྲོང་རིགས་གཤིན་རྗེ་སྐྱམ་མོ་འདྲེ། །ལ་སོགས་ཐུལ་པའི་མཚན་མ་ཡིན། །བཅུ་གསུམ་གཏན་གྱི་ས་ཡིན་པས། །ཞི་བ་བསྒྲུབ་ན་བཟང་འཇམ་དགོས། །དྲག་པོར་དྲག་ལ་རྩུབ་པ་དགོས། །ཡང་བརྒྱད་དགུ་བཅུ་གཅིག་གང་རུང་ལ། །ཁ་ལེ་བྱ་ཡུན་ལྟ་བ་མཐོ། །བྱ་བུར་གལ་བར་སྒོམ་པ་བརྟན། །དམུ་དག་མུ་ས་ཐབས་ལམ་ལེགས། །སད་དང་སྤོ་ཚེ་སྤྱོད་པ་མཛེས། །ཨ་ཁད་རང་སྙན་ཧྲང་ཟེ་གྲགས་པ་ཆེ། །ད་སོགས་ཞིབ་པར་ཤེས་པར་བྱ། །གཞན་ཡང་བདུན་ལ་གང་བབས་པའི། །ལན་དུ་བརྒྱད་ལ་དཔྱད་པ་དང་། །གཅིག་ལན་བཅུ་གཅིག་དཔྱད་པ་དང་། །ལོ་མལ་སོགས་ཀྱི་ལན་དུ་ནི། །རྩེ་འཛིན་དཔྱད་པ་སོགས་ལས་ནི། །རིག་པ་བསླབ་དང་ལྷ་གང་བརྟེན། །སོགས་ཀྱང་ཤེས་པར་བྱ་བ་སྟེ། །རྒྱས་པར་གཞན་དུ་ཤེས་པར་བྱ། །


MR16_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ཤ་རིང་སྤོ་ཚེ་ལ། །བཅུ་གཅིག་བ་མེན་ཆུ་ཤེལ་བབས། །ཤིང་ཡོ་ཆུ་ཡིས་བྲན་པ་སྟེ། །བཅུ་གསུམ་སྐྱེར་དཀར་ཡེ་སྨོན་བབས། །རྟ་ལོ་བསོད་ནམས་ལྡན་པ་ཡིས། །སྒྲོལ་དཀར་ཚེ་སྒྲུབ་བྱས་པ་ན། །ཚེ་མཐའ་རུ་ཕྱིན་པའི་རྟེན་འབྲེལ་ཡིན། །དེ་སོགས་གནས་མལ་བླ་ཁམས་དང་། །བབ་ལན་ལ་སོགས་སྣ་ཚོགས་པའི། །དཔྱད་པ་བསམ་གྱིས་མི་ཁྱབ་པ། །གཞུང་དང་མན་ངག་དང་མཐུན་པར། །ཀུན་གསལ་རིག་པའི་ཀློང་ནས་སྤྲོས། །ད་ནི་གཏོ་ཐིག་བཤད་པ་ལ། །གཞི་༡འཛིན་ངན་ན་ས་བདག་བཅོས། །གཏིང་ནས་ངན་ན་ཡུལ་བུད་བྱ། །སྒོ་ཐེམ་༢འདྲོག་ན་རྐུན་གྲུབ་བྱ། །གཏིང་ནས་ལོག་ན་དགྲ་ཆོས་བྱེད། །སྙིང་དགའ་༣འགྱོད་ན་མི་ཁ་བྲུབ། །གཏིང་ནས་ངན་ན་མགོ་གསུམ་བོར། །ཀླུ་༤ཚང་འཁྲུགས་ན་ཀླུ་བཅོས་བྱ། །གཏིང་ནས་ངན་ན་ཀླུ་འབུམ་འདོན། །ལྷ་སྲིན་༥འཁྲུགས་ན་ཞི་བ་འདོན། །གཏིང་ནས་ངན་ན་སྣང་ཞི་བླུག །བ་༦ཁོག་ལད་ན་མར་ཀླུང་འཇལ། །གཏིང་ནས་ངན་ན་གསེར་འོད་འདོན། །སློ་རྩ་༧ཆད་ན་སྐྱེ་ཤིང་བཙུགས། །གཏིང་ནས་ངན་ན་རྒྱུན་གྱིས་མཐུད། །ལྷ་༨ས་རྨུགས་ན་བསང་མཆོད་བྱེད། །གཏིང་ནས་ངན་ན་སྐོང་བཤགས་བྱ། །གཉན་༩སྡོང་འཁྲུགས་ན་གཉན་བཅོས་བྱ། །གཏིང་ནས་ངན་ན་ཐུགས་ཀར་བརྒྱག །མང་ཇ་བཏང་ཞིང་སེལ་འབྱེད་བྱ། །གནམ་སྒོ་ཕྱེས་ན་གནམ་༡༠སྒོ་བཅད། །གཏིང་ནས་ངན་ན་ཡ་དར་བཀྱབ། །དགྲ་བླ་འཁང་༡༡ན་ལྷ་གསོལ་བྱེད། །གཏིང་ནས་ངན་ན་གསས་མཁར་བསྟོད། །དགྲ་ལྷ་ཐུགས་དཀར་གསོལ་མཆོད་བྱ། །དགྲ་ས་༡༢དར་ན་དགྲ་ཆོས་བྱེད། །གཏིང་ནས་ངན་ན་མདོས་ཟོར་འཕེན། །ཚེ་༡༣འཛིན་ལད་ན་མཚུན་བཅོས་བྱེད། །གཏིང་ནས་ལད་ན་གསས་མཁར་བརྩིགས། །ཡར་ཚེ་རིང་གསུམ་ལ་གཏོར་སྐུ་བཙུགས། །མར་ཚེ་ཟད་


MR16_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་གླུད་འབོར་བྱེད། །ཚེ་ཐར་བཏང་ཞིང་ཚེ་མདོ་འདོན། །ཚེ་སྦྲུབ་བྱེད་ལ་ཚེ་འབར་གསོ། །ཡང་རྩེ་འཛིན་ངན་ན་བསོད་ནམས་བསགས། །སྙིང་མིག་སྲོག་གསུམ་ལད་ན་སྒྲུབ་མཆོད་བྱ། །བ་ཁོག་ལད་ན་གཡང་སྒྲུབ་བྱ། །ཕྱི་ས་དར་ན་མདོས་ཟོར་འཕེན། །བཞི་རྒྱ་མཚོ་ལད་ན་བུམ་གཏེར་གཞུག །བདུན་བློ་ས་འགྱོད་ན་བསྙེན་རྒྱུན་བྱ། །ཡང་ལྷ་ས་ཞན་ན་ལྷ་གསོལ་བྱ། །འདྲེ་ས་དར་ན་གླུད་མདོས་བོར། །མི་ས་རྒུད་ན་དབང་བསྐུར་ཞུ། །ཡང་དྭངས་མའི་གཏོ་ལ་ཡར་བཅོས་བྱེད། །སྙིགས་མའི་གཏོ་ལ་མར་གླུད་འཇལ། །བཟང་ལ་རྟེན་གཟུགས་གཡང་ཁ་བླན། །ངན་ན་དེ་མཚུང་ཟློག་གཏོ་བོར། །དཔེར་ན་བདུན་གྱི་བྱ་ཤིང་ལ། །དར་ལ་ཕོ་ལྷ་དུང་ཁྱུང་བྲིས། །མདའ་དར་རིན་ཆེན་རྟེན་དུ་བཙུགས། །ཕྱེ་མར་དར་གྲངས་བབས་མིག་བསྟུན། །རྟ་ལོ་པ་ཡིས་འདི་སྐད་དུ། །ཕོ་ལྷ་དུང་ཁྱུང་དཀར་པོ་ཁྱོད། །ལྷ་རྟེན་འདི་ལ་བཞུགས་ཞེས་བརྗོད། །ལྷ་རྒྱལ་འབོད་ཅིང་ཞལ་བསྲོ་བྱ། །བཀྲ་ཤིས་བརྗོད་ཅིང་གཡང་འགུགས་བྱ། །གཞན་ལའང་དེས་མཚོན་རྟེན་འབྲེལ་བསྒྲིག །དེས་གང་བབས་ལྷ་དེས་མགོན་པ་ཡིན། །ཡང་ན་ཤོག་གུར་གང་བབས་པའི། །མདུད་པ་བྲིས་ལ་མདའ་ལ་གདགས། །མདུད་སྒོ་ཟས་ནོར་བཟང་པོས་བཀྲོལ། །བརྒྱད་ལ་སྐྱམས་སེ་བབས་པ་ན། །སྲིན་མོའི་གཟུགས་བྱ་ཆུ་གྲོད་ནི། །བརྒྱད་དེ་ལུག་ལོས་ལྷོ་ནུབ་བོར། །དེས་མཚོན་གཞན་ལའང་ཤེས་བྱ་སྟེ། །རྟེན་འབྲེལ་མཁྱུད་སྤྱད་ཞལ་ལས་ཤེས། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ། །མོ་ཆེ་གསུམ་བསྟུད་ན་མི་ཆེན་འབོད། །བརྒྱག་ཆེ་གསུམ་བསྟུད་ན་རྒྱས་པ་འདོན། །བསྟུད་པ་མང་ན་ཆོས་སྣ་འདོན། །འཐོར་བ་མང་ན་མདོས་རྫས་


MR16_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར། །མོ་ཆེན་གངས་རི་ཉིལ་བ་ལ། །ཁམས་ཆེན་དང་ནི་རྒྱལ་ཡུམ་འདོན། །བྲག་ནག་མུན་པ་གཏིབས་པ་ལ། །གཡག་ནག་བཤས་ལ་གཟུགས་ཡས་བོད། །ཡང་ན་གཡག་མགོ་ཤ་ཟ་རུས་བོར་བྱེད། །ཤེར་སྙིང་བདུད་ཟློག་བརྒྱ་བཞི་བྱ། །ཅང་སེ་རླུང་ལྟར་འཚུབ་པ་ལ། །རྟ་དཀར་རྒྱུག་ལ་ཡག་ཁ་བརྗོད། །ཉི་ཁྲི་བརྒྱད་སྟོང་སྡུད་པ་འདོན། །ཝེར་མ་སེང་ལྟར་རྔམ་པ་ལ། །ཝེར་མའི་སྐུ་མཁར་བཀྱག་པ་དང་། །དགྲ་བླ་དཔང་བསྟོད་བསང་མཆོད་བྱ། །གཡུང་དྲུང་གདན་ལ་བྱོན་པ་ན། །ཅང་སེ་བརྔན་ཞིང་བྱ་ལྡང་བཀྱག །ས་སྙིང་འཁོར་ལོ་བཅུ་པ་དང་། །རྒྱ་ཆེ་རོལ་པ་གསེར་འོད་བཀླག །བཟང་པོ་རུ་ལག་རྒྱས་པ་ལ། །ལྷ་གསོལ་གཡང་སྐྱབས་མང་དུ་བྱ། །སྙིགས་མའི་ལྷ་བ་བུད་པ་ན། །གསེར་གཡུ་རྟེན་བཙན་ཐང་འབུམ་བཀླག །ཨ་ཁད་མེ་ལྟར་འབར་བ་ལ། །ཀུན་རིག་མེ་མཆོད་ལ་སོགས་པའི། །སྦྱིན་སྲེག་བྱ་ཞིང་འོད་ཟེར་ཅན་མ་འདོན། །སྐྱམ་ནག་ཆུ་ལྟར་འབྲུབ་པ་ལ། །ཆབ་གཏོར་བཏང་ལ་ཀླུ་མཆོད་བྱ། །ས་སྟོད་ཁྲག་མཚོ་ཁོལ་བ་ལ། །གྲི་བྲུབ་བྱས་ལ་སྨན་མདོ་བཀླག །མ་ཟེ་བཙན་ལྟར་འགྲོགས་པ་ལ། །ཤ་རུ་བཙན་མདོས་བཀྱག་པར་བྱ། །རུ་སོད་བདུད་ཁམས་ཁྲོས་པ་ལ། །བདུད་མདོས་ཤེས་རབ་སྙིང་པོ་བྱ། །ལི་ཡན་ང་ལྟར་འཚུབ་པ་ལ། །ཕུང་འདྲེ་འགོང་བཀར་གུར་དྲག་འདོན། །དིང་དིང་དགུང་སྔོན་རྡིབ་པ་ལ། །དཀྱིལ་འཁོར་ཞལ་བསྒྱུར་ཤེར་ཕྱིན་བཀླག །ཀྱེ་བ་རི་རབ་འགྱེལ་བ་ལ། །ཕལ་ཆེན་འདོན་ཅིང་སྟོན་མོ་བྱ། །ད་རོག་མཚོ་ཆེན་འཁྲུགས་པ་ལ། །ཚ་ཚ་གདབ་ཅིང་ནོར་རྒྱུན་འདོན། །དམུ་དབལ་འཁོར་ལོ་བསྐོར་བ་ལ། །མར་མེ་མང་ཕུལ་གཤེན་ལྷ་མཆོད། །སྐྱིན་དིང་ས་གཞི་འགུལ་བ་ལ། །


MR16_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ས་སེལ་རྡོ་སེལ་སྡོང་བརྒྱན་འདོན། །ཏྲོང་རིགས་གཤིན་རྗེ་ཆས་པ་ལ། །འཇམ་དཔལ་ཞི་ཁྲོ་མཆོད་ཅིང་བརྟེན། །རྣམ་འཇོམས་འབར་མ་འཆར་ཀ་བྱ། །སད་ཁམས་སྐར་ལྟར་འཁྲུག་པ་ལ། །འབུམ་རྒྱུན་བྱ་ཞིང་ལྷ་མཆོད་བྱ། །བྱ་རལ་ཁྱི་ལྟར་ངུ་བ་ལ། །དུར་ཁ་ཚེ་ཟློག་གདུགས་དཀར་བྱ། །སོ་ཡོན་མུན་ཁང་གཏིབ་པ་ལ། །མར་མེ་སྟོང་རྩ་མདོ་སྡེ་འདོན། །སྤོ་བར་སྡོང་རྒན་འགྱེལ་བ་ལ། །རྣམ་འཇོམས་འདོན་ཅིང་སྤར་མདོས་བྱ། །ན་འབེན་ཐོག་ལྟར་བབས་པ་ལ། །གཉན་བཅོས་བྱ་ཞིང་གཤེད་དམར་བསྒྲུབ། །ཕུར་ཐོགས་ཕུར་ལྟར་འདྲིལ་བ་ལ། །གདུགས་དཀར་འདོན་ཅིང་བྱད་ཟློག་བྱ། །སུམ་མཉམ་ལྕགས་སྤྱང་ངུ་བ་ལ། །ཟ་ལམ་བཏང་ཞིང་པད་དཀར་བཀླག །མར་ལྡིང་ཕག་ནག་མཁུན་པ་ལ། །གཏོ་ཡས་བོར་ཞིར་དུར་སྲི་མནན། །ཡང་པའི་གྲོང་ཁྱེར་མདོ་སྡེ་བཀླག །གལ་བར་གླང་ཆེན་མྱོས་པ་ལ། །གླིང་བཞི་སྤྱི་མདོས་བསྐལ་བཟང་འདོན། །བྱ་ཡུན་དར་སོ་ཆད་པ་ལ། །མང་ཇ་དུང་གྲགས་རྣམ་རྒྱལ་འདོན། །བྱ་བུར་ཕུབ་ཆེན་ཆས་པ་ལ། །མ་ཎི་འུར་འདོན་ཇོ་དར་བཀྱག །སྤོ་ཚེ་རྟ་ཁྱུ་འདྲོག་པ་ལ། །རླུང་རྟ་བསྟོད་ཅིང་རྣམ་སྲས་བསྒྲུབ། །སྡོང་པོ་བརྒྱན་པ་མང་དུ་འདོན། །ཝ་ཚོ་མདུང་རྩེ་གཟིང་པ་ལ། །གྲི་ཁ་བསྒྱུར་ཞིང་མདོ་ཐིག་འདོན། །སྐྱེར་ནག་བཤའ་གདན་བཏིང་བ་ལ། །སེལ་བྱ་འཁྲུག་བཅོས་འདུལ་བ་འདོན། །དམུ་དག་ཞགས་པ་བརྒྱང་ཙ་ན། །གཟའ་ཡུམ་དང་ནི་རྡོར་གཅོད་འདོན། །མུ་ས་རལ་བ་བཀྲམ་པ་ན། །སྒྲོལ་མ་འདོན་ཅིང་འདུས་པ་བཀླག །ཁྱུང་བརྒྱང་བྱ་ཆེན་ལྡང་བ་ན། །ཚོགས་མཆོད་བྱ་ཞིང་བཀའ་ཐང་འདོན། །ཚོལ་ཚེ་ལྕགས་རྡོ་ཉིལ་བ་ལ། །སྤྲང་འགྱེད་བྱ་


MR16_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཟང་སྤྱོད་འདོན། །ཙེ་ར་རྣོ་མཚོན་བརྡར་བ་ལ། །ཏིང་རྒྱལ་བཀླག་ཅིང་ལང་གཤེགས་འདོན། །བྱོད་ཕུར་བྱེའུ་ཆུང་འཕུར་བ་ལ། །ཆུང་གླུད་བྱ་ཞིང་གྲ་ལྔ་འདོན། །ལྡི་བུར་རུ་རྩེ་བདར་བ་ལ། །སྣང་བརྒྱད་འདོན་ཅིང་གཟེར་མིག་བཀླག །ཡར་དིང་སྟག་མོ་ངར་བ་ལ། །ཤ་བརྒྱ་ཟན་བརྒྱ་མདོ་སྣ་བྱ། །སྲང་ཟེ་གཡུ་འབྲུག་ལྡིར་བ་ལ། །དྲག་པོ་མདོ་བཞི་གསེར་སྐྱེམས་བྱ། །ཡང་འབྱུང་བའི་ཁམས་ཀྱི་བཅོས་དཔྱད་ལ། །མེ་ཁམས་མེ་ལར་འབར་བ་ན། །སྦྱིན་སྲེག་བྱ་ཞིང་ཆབ་གཏོར་བཏང་། །ས་ཁམས་རི་ལྟར་ཉིལ་བ་ལ། །ཚ་ཚ་དབྱེ་བསལ་རླུང་རྟ་བྱ། །ཆུ་ཁམས་ཆུ་ལྟར་འཁྲུགས་པ་ལ། །ཆུ་གཏོར་བྱ་ཞིང་ཇོ་དར་བཀྱག །ཤིང་ཁམས་སྤྲིན་ལྟར་གཏིབ་པ་ལ། །འབུམ་རྒྱུན་ཚེ་ཐར་འཁོར་འབར་བྱ། །ལྕགས་ཁམས་སྐར་ལྟར་འཁྲུགས་པ་ལ། །དུང་གྲགས་མེ་མཆོད་དྲག་བསྒྲུབ་བྱ། །རླུང་ཁམས་རླུང་ལྟར་འཕྱོ་བ་ལ། །འུར་འདོན་གསས་མཁར་སྒྲོལ་མ་འདོན། །ཡང་ས་རྒུད་པར་དལ་བཞེངས་ཚ་ཚ་གདབ། །ཆུ་རྒུད་པར་ཆུ་སྦྱིན་ཆུ་འཁོར་བཙུགས། །རླུང་རྒུད་པར་རླུང་རྟ་ཇོ་དར་བཀྱག །ཤིང་རྒུད་པར་སྐྱེ་ཤིང་བཙུགས་པ་དང་། །སྤྲིན་ཆེན་མདོ་འདོན་འབྲུ་སྣ་མཆོད། །ལྕགས་རྒུད་པར་མཚོན་ཆ་ལྷ་ལ་ཕུལ། །ལྕགས་རིགས་དག་ལ་རྟེན་གསུམ་བཞེངས། །མེ་རྒུད་པར་སྦྱིན་སྲེག་མང་དུ་བྱ། །༈། །གཞན་ཡང་དམིགས་བསལ་སྒེར་བཅོས་ལ། །ཚེ་ལ་གཟེན་ན་ཚེ་ཐར་དང་། །ཉེའུ་འདོན་སྤྱིན་གཏོང་ལམ་བསལ་བྱ། །ཚེ་མདོ་ཚེ་གཟུངས་ཚེ་སྒྲུབ་བྱ། །ལྷ་ས་ཞན་ན་རང་རང་གི ། གང་བརྟེན་ལྷ་དང་སྲུང་མ་གསོལ། །སྐོང་བཤགས་བྱ་ཞིང་དགྲ་བླ་བརྔན། །གང་གནོད་སྡེ་བརྒྱད་ངོས་བཟུང་ལ། །དེ་དེའི་མདོས་དང་


MR16_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་ལྷ། །ཞི་དྲག་གང་ལ་གང་དགོས་སྦྱར། །བྱད་དང་ཐན་དང་དུར་ངོ་སོགས། །གང་བབ་དེ་དེའི་གཉེན་པོ་བརྟེན། །གཞན་ཡང་གཏོ་ཐིག་རྣོ་དཔྱད་དང་། །མོ་བ་བརྟེན་འབྲེལ་མཁྱུད་སྤྱད་རིགས། །བྱ་སླ་དོན་ཆེ་མང་མཆིས་པ། །འདི་རུ་མ་སྤྲོས་གཞན་ནས་ལོང་། །རལ་བ་ཐམས་ཅད་འབུམ་གྱིས་བསྲུབ། །ཆད་པ་ཐམས་ཅད་རྒྱུན་གྱིས་མཐུད། །བུག་པ་ཐམས་ཅད་གཏོ་ཡིས་བཙད། །འཁྱོགས་པ་ཐམས་ཅད་མདོས་ཀྱིས་བསྲང་། །འཁྱམས་པ་ཐམས་ཅད་བསླུས་ཀྱིས་བཀུག །ཁྲོས་པ་ཐམས་ཅད་བརྔན་གྱིས་བསྙམ། །འཁྲུགས་པ་ཐམས་ཅད་ཟོར་གྱིས་བཟློག །དགེ་བ་ཐམས་ཅད་གཡང་དུ་བླང་། །དབུལ་པོར་ཕྱུག་གི་གསེར་རྩི་གདབ། །རྨང་པོར་འཕན་གྱི་སྐྱེ་ཤིང་བཙུགས། །སྡུག་ལ་སྐྱིད་ཀྱི་གསོས་སྨན་བཏང་། །རྒུད་པར་དཔལ་གྱི་དར་ཆེན་ཕྱར། །ལྷ་ལ་བརྔན་དང་བདུད་ལ་ཡས། །ཚུལ་བཞིན་ཐེབས་པའི་རྣོ་དཔྱད་རིགས། །ཞལ་ཤེས་མན་ངག་དང་བསྟུན་ཏེ། །རིག་པའི་གསང་ནས་སྨྲ་བྱེད་པ། །ཀུན་ཕན་ཉི་མ་སྣང་བྱེད་ཡིན། ༈ ཤེས་བྱ་དག་ལ་མཐའ་མེད་ལྟར། །མཚོན་བྱེད་མོ་ཡང་དེ་འདྲ་བས། །ཐམས་ཅད་བརྗོད་པར་མི་ནུས་ཀྱང་། །གལ་ཆེན་མདོ་ཙམ་གཅིག་ཏུ་བསྡུས། །མོ་ཁོག་འདི་ཡིས་གཞི་བཟུང་ནས། །འདི་རུ་མ་འདུས་དོན་ཆེན་རིགས། །ཟུར་དུ་ལྷན་ཐབས་ཚུལ་དུ་བསྡུས། །རྣོ་ཐིག་མན་ངག་གནད་བྱང་སྤྲོད། །༈། །མོ་འདི་ཡི་ཆེ་བ་སོགས་བཤད་ན། །དཔྱད་དོན་སྒྱུ་མ་གསེར་འབུམ་ལས། །གཡུ་འབྲུག་ནམ་མཁར་གྲགས་པ་ལ། །བུང་བ་མ་བུས་འགྲན་དུ་མེད། །ཁྱུང་ཆེན་གནམ་འཕང་གཅོད་པ་ལ། །ཤིང་ཁའི་བྱིའུས་འགྲན་དུ་མེད། །གངས་ལ་སེང་གེ་འགྱིང་པ་ལ། །རྡོ་ཐོག་བྲ་བས་འགྲན་དུ་མེད། །ཤུགས་ལྡན་རྟ་ཕོ་


MR16_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པ་ལ། །གྲོང་གསེབ་བོང་བུས་འགྲན་དུ་མེད། །སྟག་མོ་ནགས་ཁུང་འགྲིམ་པ་ལ། །སྡེར་མགྱོགས་ཝ་མོས་འགྲན་དུ་མེད། །མཚོ་ལ་ཉ་ཆེན་རྐྱལ་བ་ལ། །འདམ་གྱི་ལྕོང་མོས་འགྲན་དུ་མེད། །བཅོ་ལྔའི་ཉ་ཆེན་རྒྱས་པ་ལ། །ཏིལ་གྱི་སྒྲོན་མེས་འགྲན་དུ་མེད། །མཁའ་ལ་ཁྲི་གདུགས་ཤར་བ་ལ། །སྲིན་བུ་མེ་ཁྱེར་འགྲན་དུ་མེད། །བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་ལ། །དབུལ་པོ་ནོར་མེད་འགྲན་དུ་མེད། །སྟོན་པས་སྡེ་སྣོད་བོན་བཤད་ལ། །སྒྲིན་བུ་ཚིག་ཆུང་འགྲན་དུ་མེད། །ཐུབ་པས་དམ་ཆོས་སྒོམ་བཤད་ལ། །བླུན་སྒོམ་ཤེས་ཆུང་འགྲན་དུ་མེད། །མཁས་པས་དཔེ་དོན་བཤད་ཙ་ན། །ཡིད་དཔྱད་ལྕེ་སྦྱོར་འགྲན་དུ་མེད། །བདེན་པའི་གཞུང་ཆེན་བཤད་པ་ལ། །རྫུན་མའི་བླ་བཅོལ་འགྲན་དུ་མེད། །མོ་ཡི་རྒྱལ་པོ་ཇུ་ཐིག་ལ། །མོ་ཕྲན་གཞན་གྱིས་འགྲན་དུ་མེད། །བཅུ་ཐིག་མོ་ཡི་ཁོག་དཔྱད་ལ། །དཔྱད་ཕྲན་གཞན་གྱིས་འགྲན་དུ་མེད། །ཞེས་དང་དགོས་པ་བཤད་པ་ནི། །སྒྱུ་མ་གསེར་འབུམ་ལས་གསུངས་པ། །གོང་མ་རྣམས་ཀྱི་ཞལ་ཆེམས་ཡིན། །གཉོན་མ་སང་བུ་དགུའི་སྟང་མ་ཡིན། །རིན་ཆེན་གསེར་གྱི་ནང་ནོར་ཡིན། །དགོས་འདོད་འབྱུང་བའི་ནོར་བུ་ཡིན། །ཁམས་གསུམ་གསལ་བའི་སྒྲོན་མེ་ཡིན། །ལུས་ཅན་འཚོ་བའི་རྫིའུ་ཡིན། །སྲོག་ཅན་བཤུག་པའི་བར་པ་ཡིན། །དགེ་སྡིག་གཉིས་ཀྱི་ཤན་འབྱེད་ཡིན། །ཤི་བདུད་ཟློག་པའི་གཉེན་པོ་ཡིན། །འདུ་བ་ནད་ཀྱི་སྨན་པ་ཡིན། །ཆག་ཚད་གཏོ་ཡི་སྟོན་པ་ཡིན། །འདྲེ་ཡས་སྤྲད་པའི་གཏོ་པ་ཡིན། །དཀོན་པ་ཨུ་དུམ་ཝ་ར་ཡིན། །བསགས་པ་ནོར་གྱི་བང་མཛོད་ཡིན། །ཞེས་དང་ཁོག་བརྡུང་སོགས་ལས་ཀྱང་། །འདི་ཉིད་ཤེས་པའི་མོ་མ་རྣམས། །དངུལ་དཀར་མེ་ལོང་ཕྱིས་པ་འདྲ། །བཟང་ངན་ལེགས་ཉེས་ཐམས་


MR16_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གསལ། །གང་གིས་གཞུང་འདི་མི་ཤེས་པ། །མུན་པ་ནག་པོའི་གཏིང་རུམ་དུ། །རྫས་འདོད་ལག་པས་ཉུལ་བ་བཞིན། །ཞེས་གསུངས་འདྲ་དཔེ་བཤད་པ་ལ། །དཔྱད་དོན་སྒྱུ་མ་གསེར་འབུམ་ལས། །མུ་མེད་པ་ནམ་མཁའི་མཐའ་དང་འདྲ། །གཏིང་མེད་པ་རྒྱ་མཚོའི་གཏིང་དང་འདྲ། །ཕུག་རིང་ཚད་ཆུ་བོ་གངྒཱ་འདྲ། །མཐའ་རིང་ཚད་དགུ་ཐིག་སྐྱ་མོ་འདྲ། །གྲངས་མེད་པ་གངྒཱའི་བྱེ་མ་འདྲ། །ཀུན་ཁྱབ་པ་ནམ་མཁའི་མཚན་ཉིད་འདྲ། །ཀུན་སྐྱེད་པ་གསེར་གྱི་ས་གཞི་འདྲ། །གཟིགས་པ་ཉི་ཟེར་སྒྲོན་མེ་འདྲ། །མཁྱེན་པ་རིག་པའི་ཡེ་ཤེས་འདྲ། །ཞེས་དང་ཐི་གུའི་འདྲ་དཔེ་ཡང་། །སྙན་རྒྱུད་སོགས་ལས་འདི་ལྟར་གསུངས། །ལར་ཐིག་གུ་དར་གྱི་ཟུར་ཕུད་ཅན། །དཔེ་ནི་ནམ་མཁའི་སྤྲིན་དང་འདྲ། །འཁོར་བ་བར་སྣང་འཇའ་ཚོན་འདྲ། །མདུད་འགྲོས་སྤང་བའི་ལྕོང་མོ་འདྲ། །ཟློ་འདོད་ནེ་ཙོ་སྨྲ་མཁས་འདྲ། །འཕེལ་འགྲིབ་ཆུ་ཡི་གྲུ་དང་འདྲ། །འགྱུར་ལྡོག་བན་དེ་ཅོལ་ཆུང་འདྲ། །ཚིག་མི་རྟག་བུ་མོ་གོ་མ་འདྲ། །ཡན་ལག་ཆུ་བོའི་རྩ་ལག་འདྲ། །ངོས་འཛིན་དབྱར་གྱི་མེ་ཏོག་འདྲ། །མདུད་སྒྲོ་བག་མ་ཚུལ་སྲུང་འདྲ། །བརྒྱག་བཟང་རྒན་མོ་གནས་བདམ་འདྲ། །གཡུང་དྲུང་ཡུལ་གྱི་མི་ཆེན་འདྲ། །བྲག་རིགས་ས་འཁྱག་སྦབ་རྒོད་འདྲ། །སངས་རྣམས་བྱ་རྒོད་གཟན་ཚོལ་འདྲ། །མོ་མ་ལྷ་འདྲེའི་གཟུ་བ་འདྲ། །སྨོད་མི་ལྷ་འདྲེའི་ཕྲིན་པ་འདྲ། །ཞེས་གསུངས་མོ་ཡི་འདེབས་ལུགས་ཀྱང་། །སྙན་རྒྱུད་སོགས་ལས་འདི་སྐད་བཤད། །མོ་རྒྱལ་པོ་ཡིན་པས་གདན་ཞིག་དགོས། །བཙུན་མོ་ཡིན་པས་འཕྱོར་ཞིག་དགོས། །རྒྱལ་ཕྲན་བཞིན་དུ་གྲངས་ཤིག་དགོས། །ཡིག་ཆུང་བཞིན་དུ་དོན་ཤེས་དགོས། །རྣོ་མཚོན་འདྲ་བར་བརྡར་ཅིག་དགོས། །སྒྲོན་མེ་ཡིན་པས་གསལ་


MR16_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགོས། །དྲི་ཟ་བཞིན་དུ་གསུར་ཞིག་དགོས། །སྨས་མ་བཞིན་དུ་ཁྲུས་ཞིག་དགོས། །རྒྱལ་བུ་ཡིན་པས་རྒྱན་ཅིག་དགོས། །རྒན་རྒོན་འདྲ་བས་གོས་ཞིག་དགོས། །མོ་བཙུན་ཡིན་པས་གླུ་ཞིག་དགོས། །སྲིད་པ་ཡིན་པས་སྨྲེང་ཅིག་དགོས། །འཕྲུལ་ཆ་ཡིན་པས་གཡུ་གཅིག་དགོས། །ཞེས་དང་ཁྱད་པའི་ཚུལ་དག་ཀྱང་། །བྲམ་ཟེ་ཀླུ་ཡི་བེར་ནག་ལས། །ལར་མོ་ཁོག་ནམ་མཁའ་ལྟ་བུར་ལ། །གཟེ་མོ་ལྷོ་སྤྲིན་འདྲ་བས་བསྡམ། །དེ་རིག་པ་རླུང་ཤུགས་སྐྱ་མོས་གཏོར། །ཞེས་དང་སྒྱུ་མ་གསེར་འབུམ་ལས། །བརྟག་པའི་མན་ངག་ཟེར་ཙ་ན། །མོ་བ་སྤུ་རྟ་སྤུ་འདྲེས་པ་དེ། །འོ་མ་ཁྲག་དང་འདྲེས་པ་འདྲ། །དཔུང་ཆེ་ཆུང་མོ་ཡི་ལན་དང་བསྟུན། །སྲུང་གི་ལྷ་ལྔ་བརྟག་པ་དེ། །སོ་པ་རི་ལ་བུད་པ་འདྲ། །བཟང་ངན་མོ་ཡི་ལན་ལ་དཔྱོད། །དཔྱད་པའི་མན་ངག་ཟེར་ཙ་ན། །མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །དྭངས་མ་བརྒྱ་དང་ཉི་ཤུ་དེ། །ལྷ་ཁམས་སྲིད་པའི་བླ་གནས་ཡིན། །མཛངས་ཕ་བརྒྱ་དང་ཉི་ཤུ་དེ། །མི་ཁམས་སྲིད་པའི་བླ་གནས་ཡིན། །སྙིགས་མ་བརྒྱ་དང་ཉི་ཤུ་དེ། །འདྲེ་ཁམས་སྲིད་པའི་བླ་མདུད་ཡིན། །དེ་ཚན་ཀམ་ནོར་སོ་སོར་དཔྱོད། །ཤེས་པའི་མན་ངག་ཟེར་ཙ་ན། །མདུད་པ་སུམ་བརྒྱ་དྲུག་ཅུ་ལ། །མོ་མིང་སུམ་བརྒྱ་དྲུག་ཅུ་ཡོད། །བརྒྱག་ཁ་བདུན་བརྒྱ་ཉི་ཤུ་ཡོད། །བྲག་ལ་ཁྲི་དང་སད་ལ་འབུམ། །ཁ་ནས་ཤོད་ལ་ཡིད་ལ་ཞོག །སྨྲ་བའི་མན་ངག་ཟེར་ཙམ་ན། །བཟང་ངན་འབྲིང་གི་ཤན་འབྱེད་ནི། །སོ་སོར་བབས་ན་ཏལ་གྱིས་སྨྲོས། །ཐེ་ཚོམ་མི་དགོས་སྨྲོས་པས་ཆོག །དོན་མི་གསལ་ན་གཏིང་མ་གཅོད། །མ་བབ་པ་ལ་སྨྲ་རྒྱུ་མེད། །དོན་གྱི་མན་ངག་ཟེར་ཙ་ན། །ཕ་མྱེས་བཟང་པོའི་ཚིག་རྒན་དང་། །སློབ་དཔོན་མཁས་པའི་མན་ངག་དང་། །གཞུང་ཆེན་བསླབས་པའི་ལྡེ་མིག་གསུམ། །ཁ་ལ་མ་སྨྲ་སེམས་ལ་ཞོག །དོན་མེད་མི་ལ་ཁ་མ་འབྱམས། །བཤད་པའི་མན་ངག་ཟེར་ཙ་ན། །བཀྲོལ་རྒྱུ་མེད་


MR16_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐེ་ཚོམ་དེ། །མང་པོ་ཟུང་ལ་ངེ་རེས་ཁྲོལ། །བཀྲོལ་རྒྱུ་མེད་པ་ཐབས་ཀྱིས་ཞོག །གསང་ཚིག་མ་བྱེད་ཉམས་དང་བསྟུན། །རྩོད་པ་འོང་བའི་ཉེས་སྐྱོན་ཡོད། །བཟུང་བའི་མན་ངག་ཟེར་ཙ་ན། །གཞུང་ཆེན་ཁ་ནས་ཤོད་ཀྱིས་ལ། །འགག་ཆེན་ཡིད་ལ་བཟུང་བར་གྱིས། །དྲི་མི་བྱུང་ན་ཐབས་ཀྱིས་སྨྲོས། །གདམས་ངག་འཆོར་བའི་ཉེས་སྐྱོན་ཡོད། །སྦས་པའི་མན་ངག་ཟེར་ཙ་ན། །ངན་གསུམ་བསྒྱུར་བའི་གཏོ་ཐིག་དེ། །ཁ་ལ་མ་སྨྲ་སེམས་ལ་འཆོང་། །ཁ་གསེར་བྱིན་ན་སྙིང་ནས་སྟོན། །གྲིབ་ཆེན་ཕོག་པའི་ཉེས་སྐྱོན་ཡོད། །ཞེས་གསུངས་གདམས་པ་སྦ་ཚུལ་ཀྱང་། །མ་སང་འཁོར་ལོ་མདོ་སོགས་ལས། །གང་ལ་མི་བསྟན་གསང་བ་ནི། །སློབ་དཔོན་གསང་ནས་རང་ཆེ་འདོན། །རྫུན་མ་ཁ་འཇམ་བྲིད་ཐབས་མཁན། །གཡོ་སྒྱུ་གཞོག་ངོམ་དཔེ་རྐུན་ལ། །བསྟན་པར་མི་བྱ་སྤ་བར་བྱ། །ཞེས་དང་གབ་ཡིག་སོགས་ལས་ཀྱང་། །སྟོང་གསུམ་གསེར་གྱིས་བཀང་ན་ཡང་། །མན་ངག་སྣ་རེའི་རིན་ཐང་མེད། །གསེར་ནི་རྡོ་ཡི་རང་བཞིན་ཏེ། །གདམས་པ་ནོར་བུ་ལག་བཅང་ཡིན། །ནོར་བུ་རང་གི་མཛོད་ཕུག་སྦ། །སྲང་མདོར་འགྲིམ་ན་དེ་བས་ཆུང་། །ཞེས་དང་སྤྱོད་པའི་རིམ་པ་ཡང་། །ཁྲི་གདུགས་འཁོར་ལོ་ལས་གསུངས་པ། །སྤྱིར་ནི་རྒྱུ་འབྲས་བོན་རྣམས་ལ། །སེམས་བསྐྱེད་གཞི་མ་མེད་པས་ན། །གང་ཡང་རྒྱུ་ཡིས་འབྲས་མི་ཚོལ། །དོན་དམ་རྙེད་པར་ག་ལ་འགྱུར། །ཞེས་དང་། ཐོག་མར་འཇུག་པའི་རིམ་པ་ལ། །སེམས་བསྐྱེད་སྙིང་རྗེའི་གཞི་བཟུང་ལ། །འགྲོ་ལ་ཕན་པའི་སེམས་ལྡན་ཞིང་། །མོ་རྩིས་གཏོ་དཔྱད་གང་བསླབ་ཀྱང་། །མཁས་པར་བྱས་ལ་ཤེས་པར་བསླབ། །ཞེས་དང་། ཕྱྭ་གཤེན་སྲུང་བའི་དམ་ཚིག་


MR16_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

དགུ། །མི་དབང་ཡས་དང་ཐོད་མི་བཀྱེ། །མ་མཐོང་ལྷ་དང་འདྲེ་མི་བཟུང་། །སེམས་ཅན་སྲོག་ལ་གཟན་མི་བསྐུར། །ཕུ་ཝེར་གཤེན་གྱི་ལྷ་མི་སྤང་། །ལྟ་བས་དམིགས་པའི་རྟེན་མི་བཅའ། །སྤྱོད་པས་གཞན་གྱི་ཡས་མི་བསྐྱེལ། །མི་འགྲོ་ཡས་དང་གླུད་མི་བསྟན། །ཚོད་ཡོད་སྨན་དང་ཟས་མི་སྦྱར། །ཐེ་ཚོམ་མེ་དང་གཏར་མི་བྱ། །ཞེས་དང་། གཡུང་དྲུང་བོན་ལ་རྒྱ་ཆེན་གྲངས་མང་ཡང་། །མདོ་རུ་བསྡུས་ན་ཐེག་པ་རིམ་དགུར་འདུས། །ལྟ་བ་ཡས་འབུབ་སྤྱོད་པ་མས་ཡར་འཛེགས། །མཐར་ནི་དོན་དམ་ཐིག་ལེ་གཅིག་ལ་བསྡུ། །ཀུན་གཞི་བྱང་ཆུབ་སེམས་ཀྱི་ཀློང་དུ་ངེས། །འོན་ཀྱང་སེམས་ཅན་འདུལ་བའི་ཐབས་བསྟན་པ། །དང་པོ་ཕྱྭ་གཤེན་ཐེག་པའི་སྒོ་རུ་འཇུག །འགྲོ་ལ་ཕན་བྱེད་སྣང་སྲིད་དགའ་བ་བསྐྱེད། །བདག་ཀྱང་བོན་སྒོ་རིམ་པར་འཆད་ཚུལ་ལ། །མི་ལོ་བརྒྱ་ལོན་གཤེན་ལོ་གཅིག་ལོན་ནས། །ཐེག་པ་ཆེན་པོ་ཕྱྭ་གཤེན་འཆད་པར་བྱེད། །སྐྱོན་ཡོན་བྲ་ལྟས་ལེགས་ཉེས་དྲང་ཤན་འབྱེད། །བདེན་རྫུན་ཡོ་དྲང་ཆག་དང་ཚད་ལ་གཞལ། །ནད་གསོ་འཆི་སློང་ཚེ་གཡང་དཔལ་གསུམ་སྐྱེད། །འགྲོ་ལ་ཕན་བདེ་རིམ་པར་ཤུགས་ཀྱིས་འབྱུང་། །དར་ཙམ་བདེ་ཡང་ཡོན་ཏན་བསམ་ལས་འདས། །སེམས་ཅན་དགའ་བ་བོན་གྱི་རབ་མ་ཡིན། །དེ་ཕྱིར་གང་ལ་གང་དགའི་ཕན་ཐོགས་བྱ། །ལུས་སྲོག་ཡིན་ཀྱང་དེ་ཡི་ཕྱོགས་ལ་གཏོང་། །རང་དོན་མེད་ན་འགྲོ་དོན་དེ་ཡིན་མོད། །སེམས་བསྐྱེད་རྩ་བ་ཆ་གཅིག་དེ་ལ་ཐུག །ཕྱྭ་གཤེན་ལེགས་རྒྱལ་གཙུག་ཕུད་ཐུགས་ཀྱི་དཀྱིལ་དུ་ཞོག །ཅེས་དང་དེ་ཡི་འབྲས་བུ་ཡང་། །འབྱུང་བ་ལྔ་ཡི་ཁོག་རྡུང་ལས། །རྒྱལ་བའི་བཀའ་དང་འཕགས་པའི་ལུང་། །བདེན་པ་ཚད་དུ་བརྗོད་པ་ན། །བདག་གཞན་


MR16_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་གྲུབ་པར་འགྱུར། །ཞེས་གསུངས་བཞིན་དུ་ཤེས་པར་བྱ། འདིར་སྨྲས་པ། འགྲོ་ལ་ཕན་པའི་ཐབས་ནི་སྣ་ཚོགས་ཞིག །དྲང་སྲོང་ཆེན་པོའི་དུ་མའི་འཕྲུལ་གྱིས་སྟོན། །བློ་ལྡན་སྙིང་རྗེ་ཅན་རྣམས་དེ་བསླབ་ནས། །རྣམ་མང་འགྲོ་བའི་ཕན་བདེ་སྒྲུབ་པར་བྱེད། །ལེགས་བྱས་མཐུ་ཡིས་ལྷ་ལ་ལྷ་མིག་བཞིན། །ལེགས་སྤེལ་ཉེས་ཚོགས་བསུབ་པའི་སྣང་བྱེད་དུ། །རྣོ་མཐོང་འཕྲུལ་གྱི་སྒོ་མོ་རིན་ཆེན་འདི། །བསོད་ནམས་ཅན་ལ་གྲོས་ཀྱི་གཉེན་བཞིན་གནས། །འདི་ན་འཕྲུལ་གྱི་མདུད་པའི་གཞུང་བཟང་པོ། །མངོན་ཤེས་ལྡན་པའི་ལུང་གིས་བསྟན་མོད་ཀྱི། །མ་རྟོགས་ལོག་རྟོག་རང་བཟོའི་ཉེས་པ་ཡིས། །ཚོང་དུས་འོ་མ་བཞིན་དུ་རྣམ་པར་བསླད། །མདུད་པའི་ཚུལ་དང་དཔྱད་ཀྱི་གནས་རྣམས་ལ། །དཔེར་ན་རྒྱུན་འབྱམས་ནོར་བ་རབ་ཏུ་མང་། །ཐོར་བུའི་ཡིག་ཚོགས་ཤིན་ཏུ་རྒྱ་ཆེ་བས། །ཕྱོགས་གཅིག་མི་རྙེད་རྙེད་ཀྱང་བལྟ་བར་དཀའ། །དེ་ཕྱིར་ནོར་འཁྲུལ་བསལ་ནས་ཕྱོགས་གཅིག་ཏུ། །བསྡེབས་པ་གང་འདི་རྣོ་མཐོང་མཁན་པོ་ཡི། །དཔྲལ་བར་གསར་དུ་བཀོད་པའི་མིག་བཟང་དང་། །བླང་དོར་སྣང་བ་གསལ་བའི་སྒྲོན་མེ་ཡིན། །དེ་ལྡན་མོ་མ་མཆོག་དམན་མཐའ་དག་གི ། ལེགས་ལམ་ནོར་གླིང་བགྲོད་པའི་དེད་དཔོན་དང་། །འཇིགས་པའི་རྦ་ཀློང་ཟློག་པའི་འཁྲུལ་འཁོར་མཁན། །སྡུག་བསྔལ་རླུང་གནོན་རིག་སྔགས་མཁན་དུ་འགྱུར། །མྱ་ངན་གཉེར་མས་གདོང་ལ་སྨ་ཕབ་པ། །ཆུ་རྙོགས་དྭངས་བ་བཞིན་ཏུ་བཤིག་བྱས་ནས། །དགའ་བའི་བཞིན་རས་ཉ་རྒྱས་ཟླ་བའི་གཟུགས། །འཛུམ་པའི་འོད་དཀར་འགྱེད་པར་འདི་ཡིས་ནུས། །སྲོག་གི་ལྗོན་པར་གཟས་པའི་བདུད་ཀྱི་གྲི། །བླ་ཡི་ནོར་བུ་རྐུ་བ་འདྲེའི་


MR16_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ། །མི་མངོན་བཞིན་དུ་བརྐྱང་བ་དེ་དག་ཀྱང་། །མི་ལ་སྦྲོན་པར་བྱེད་པར་འདི་ཡིས་ནུས། །འཆི་སློང་ནད་གསོ་བྱེད་པའི་བདུད་རྩི་དང་། །དབུལ་ཕྱུག་རྨང་པོ་འཕེལ་བའི་ནོར་བུ་དང་། །ཁས་ཞན་བཙན་པོར་བྱེད་པའི་ལས་ཐམ་གསུམ། །འདི་ལ་བརྟེན་ན་དཀའ་བ་མེད་པར་རྙེད། །རྒྱུས་མེད་ལམ་དུ་ནོར་མང་མགྲོན་པོ་བཞིན། །སྲིད་པར་སྲེད་པས་རྒྱུ་བ་དོན་མཐུན་ཚོགས། །ཕྱི་ནང་ཉེར་འཚེའི་དགྲ་ཡི་ལམ་སྒུག་ལས། །བྱོལ་བའི་བྱ་གཏོང་འཕྲུལ་གྱི་ཇུ་ཐིག་ཡིན། །དུས་དང་ཕྱོགས་སུ་གང་ཞིག་དོན་གཉེར་ན། །མི་མཐོང་མི་ལ་ས་འོག་གཏེར་བཞིན་དུ། །ལེགས་ལམ་སྣང་བའི་སྒོ་དེ་འདི་ཡིན་ཞེས། །གསལ་པོར་སྨྲ་བ་འཕྲུལ་གྱི་བཅུ་ཐིག་ལགས། །འདི་ནི་ཀུན་སྙོམས་ཀུན་ཕན་ཀུན་ལ་མཁོ། །དེ་ཕྱིར་གཤེན་རབ་སྟོན་པ་ཐུགས་རྗེ་ཅན། །ནམ་མཁའ་ལྟ་བུའི་ཐུགས་དང་ལྡན་ན་ཡང་། །དམན་ལ་བརྩེ་བས་བཀྲིད་དྲང་ལམ་འདི་བསྟན། །རྟེན་འབྲེལ་མི་བསླུར་ཡིད་ཆེས་ལྟ་བ་ཡིན། །དད་བརྩེས་རྩེ་གཅིག་འཇུག་པ་སྒོམ་པ་ཉིད། །ཕྱོགས་མེད་བླང་དོར་སྟོན་པ་སྤྱོད་པ་སྟེ། །རང་ཕན་གཞན་ཕན་མོ་ཡི་འབྲས་བུ་ལགས། །དོན་ཆུང་མོ་ལ་མཁས་པས་ཅི་བྱ་ཞེས། །ཤེས་མེད་ཁ་གཡམ་སྨྲ་བས་སྟོང་སྐད་སྒྲོགས། །འགག་ལ་ཐུག་ཚེ་བླུན་པོའི་སྤྱི་བརྟོལ་གྱི། །རྫུན་ལུང་གསེར་གྱིས་ཉོ་བ་མཁས་པ་མིན། །མངོན་ཤེས་ལྡན་པའི་དྲང་སྲོང་གིས་བསྟན་པའི། །རྣོ་མཐོང་འཕྲུལ་གྱི་མོ་བྲའི་བདེན་ཚིག་ལ། །ཕན་བདེ་འབུམ་ཕྲག་སྒྲུབ་པའི་ལུང་ཡིན་ཞེས། །ཡིད་ཆེས་ལྡན་པ་བློ་ལྡན་མཁས་པའི་ཚུལ། །ཚུལ་བཞིན་སྦྱངས་པ་ལྟ་ཅི་ཅུང་ཟད་ཙམ། །ཤེས་ཤིང་གོམས་པ་འཕྲུལ་མདུད་མཁན་རྣམས་ཀྱང་། །བླང་དོར་གནས་ལ་མོ་མ་གཞན་ཀུན་ལས། །འཕགས་པར་མངོན་སུམ་


MR16_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལ་སུ་ཡིས་བསྙོན། །དེ་ཕྱིར་རྒྱ་ཆེ་རབ་ཟབ་ཕྱྭ་གཤེན་ལུང་། །སྣ་ཚོགས་ཐོར་བུར་གནས་པ་གྲངས་མང་བས། །ཕྱོགས་གཅིག་བསྡུ་བ་དཀའ་ཚེགས་ཆེ་མོད་ཀྱི། །སེམས་ཁྲལ་བསྐྱུངས་ཏེ་འབད་པས་བྲིས་པ་ཡིན། །ནོར་འཁྲུལ་བསལ་ཕྱིར་གཞན་ལ་བརྩེ་བའི་ཕྱིར། །བླང་དོར་མཐོང་ཕྱིར་གཤེན་ལ་དད་པའི་ཕྱིར། །ཝེར་མ་དགྱེས་ཕྱིར་འཇིག་རྟེན་བདེ་བའི་ཕྱིར། །འབད་པ་དེ་ཡང་དོན་མེད་འགྱུར་མ་ལགས། །འཇམ་དབྱངས་བླ་མའི་དྲིན་ལས་ཤེས་བྱའི་ཚུལ། །གང་ལ་བལྟས་པ་དེ་ཡང་མདུན་དུ་དངར། །ལྷག་བསམ་འོད་དང་འགྲོགས་པའི་བློ་གྲོས་ཀྱི། །ཟླ་བ་འདི་དག་གང་དུ་འགྲོ་ཡང་མཛེས། །ཀྱེ་ཧོ་རྣམ་དཔྱོད་བཟང་པོའི་མིག་ཡངས་མ། །དགྲ་བླ་ཝེར་མ་དགྱེས་པའི་བརྫུས་གཟུགས་ཀྱི། །འཕྲུལ་ཆེན་མདུད་པ་འདི་ན་བླང་དོར་བརྒྱ། །མ་འདྲེས་གསལ་པོར་འཆར་ལ་གཟིགས་མོ་མཛོད། །གཤེན་ལུགས་རྒྱ་མཚོའི་ངོགས་སུ་ཞུགས་པ་ང་། །སྣ་ཚོགས་ལྟད་མོར་ནམ་མཁའི་གཏོས་སུ་རྩེ། །སྒྱུ་མའི་རྩེད་འཇོ་མུ་མཐའ་མེད་པ་ཡིས། །འགྲོ་ཀུན་སྐྱོང་བའི་སྨོན་ལམ་ཡུན་རིང་བྱས། །ཡབ་གཅིག་ཉི་མ་འཆར་བའི་སྣང་བ་ཅན། །བདག་བློའི་ཨུཏྤལ་གཞོན་ནུ་སྐྱོངས་ཤིག་དང་། །མཁའ་མཉམ་སྲིད་པའི་མཐའ་དང་ཤེས་བྱའི་མུ། །དུས་ཀྱི་ཡུན་ལ་སྐྱོ་བར་ང་མི་སེམས། །བློ་སྣང་སྐྱ་རེངས་དང་པོས་འཁྲུལ་པའི་མཚན། །རིང་བྱས་དཔྱད་ཀྱི་སྒོ་མོ་བཏོད་བྱས་ནའང་། །དཔེ་ངན་ཁུངས་རྒྱུན་ལ་ཆགས་ནོར་བའི་ཆ། །ཕྲ་མོ་མཆིས་གང་རྗེས་སུ་འཆོས་པར་བརྩོན། །བདག་གིས་མཐོང་བའི་ཡིག་ཚོགས་རྣམས་ཀྱི་ནི། །སྙིང་པོ་འདི་ཡིན་འདི་ཚུལ་རྒྱ་ཆེ་བས། །ཁུངས་ལྡན་དཔེ་ལས་འདིར་མ་འདུས་པའི་དོན། །མཐོང་བ་དེ་དག་མཁས་པས་འདིར་བསྡུ་མཛོད། །


MR16_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་གཤེན་ཐེག་པའི་ཕྱོགས་གཅིག་པྲ་ལྟས་མོ། །དེ་ཡི་དང་པོ་ཡེ་སྲིད་ཇུ་ཐིག་ལུགས། །ཕྱོགས་ཙམ་རྣམ་དཀར་བསམ་པས་བཏུས་པ་ལས། །ལེགས་བྱས་སྣང་བས་འགྲོ་འདི་གསལ་གྱུར་ཅིག །མི་མཐུན་གནོད་པའི་ཕྱོགས་ལས་རིང་དུ་བསྣོལ། །ཕུན་ཚོགས་ལེགས་དགུའི་རྟེན་འབྲེལ་ངང་གིས་འགྲིག །དགྲ་བླ་ཝེར་མ་དགྱེས་པའི་བརྡ་རྟགས་ཀྱིས། །སྙན་གྲགས་བཟང་དགུའི་རྒྱལ་ཁ་བསྟོད་གྱུར་ཅིག །གཞུང་འདི་འཛིན་པའི་ཡིད་ལ་ཕུ་ཝེར་སོགས། །དགྲ་བླ་ཝེར་མ་དགྱེས་པའི་མཐུ་ཞུགས་ནས། །བླང་དོར་སྒྲིབ་མེད་གསལ་བའི་ཕྲིན་ལས་ཀྱིས། །དཀར་ཕྱོགས་གླིང་གི་རྒྱལ་མཚན་བསྒྲེང་གྱུར་ཅིག །འཇིག་རྟེན་ཁམས་སུ་རྒུད་པའི་ཚོགས་ཀུན་གཞི། །སྡེ་བཞིའི་དཔལ་འབྱོར་དབྱར་གྱི་ཆུ་ལྟར་འཕེལ། །གནས་སྐབས་རེ་བ་ཡིད་བཞིན་གྲུབ་ནས་ཀྱང་། །མཐར་ཐུག་གཡུང་དྲུང་ཆོས་སྐུའི་གནས་ཐོབ་ཤོག །བདག་ཀྱང་སྐྱེ་ཀུན་མངོན་ཤེས་མཐུ་ལྡན་ཞིང་། །བརྩེ་བའི་བསམ་པས་གཞན་ལ་བླང་དོར་སྟོན། །སྣ་ཚོགས་སྤྱོད་པས་འགྲོ་ཀུན་ཕན་བདེར་སྦྱོར། །ཕྱོགས་དུས་མུ་མཐའ་སྲིད་དུ་གནས་གྱུར་ཅིག །བོན་གཡུང་དྲུང་གི་ར་བ་མཐའ་ནས་བརྟེན། །བན་བདུད་རྩིའི་ཉིང་ཁུ་བཅུད་དུ་འཁྱིལ། །ཆོས་དཔལ་འབྱོར་བདེ་སྐྱིད་བཀྲ་ཤིས་ཀྱིས། །ཕྱོགས་འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཅིག །ཅེས་པ་འདི་ནི་མོ་དཔྱད་ཀུན་ལས་མཆོག་ཏུ་གྱུར་པ་བཅུ་ཐིག་གི་སྲོལ་ཙམ་གནའ་པོའི་དུས་ནས་ཕྱོགས་ཀུན་ཏུ་དར་ནའང་། ཡིག་ཆ་མང་ཞིང་འཐོར་བུར་གནས་པས་མོ་མའི་རིགས་ལ་ཕན་དཀའ་བར་མཐོང་ནས་གཅིག་ཏུ་བསྡུ་བའི་འདུན་པ་སྔ་ནས་ཡོད་པ་ལས། དུས་ཕྱིས་མཁས་པ་མཉྫུ་གྷོ་ཥ་གུ་ཎས་ཡིག་ཚོགས་བསྡུ་བ་སོགས་བརྩོན་པ་བསྐྱེད་དེ་བསྐུལ་མ་


MR16_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་རྐྱེན་བྱས་ནས། དཔྱད་དོན་སྒྱུ་མ་གསེར་འབུམ། གཏེར་མོ་རིག་པའི་ཁོག་པ་སྡོང་། བྲམ་ཟེ་གོང་རུམ། བྲམ་ཟེ་ཀླུ་ཡི་བེར་ནག །མ་སང་འཁོར་ལོ་མདོ་ཆེན། འཁྲུག་པའི་སྟོང་ཐུན་དམར་མོ། །ནད་མོ་རིག་པའི་མདོ་བདུན། །ཏི་ཚང་གཡུ་སྒྲོན་གྱི་མན་ངག །ཇུ་ཐིག་སྲིད་པའི་རྒྱུད་འབུམ། ཁོག་ཆེན་འཕྲུལ་གྱི་རྒྱལ་པོ། གླིང་བཞི་ཉི་མ་འཁོར་རྩིས། སྙན་རྒྱུད་ཉི་མའི་འོད་ཟེར། སྙན་རྒྱུད་དང་ལྡེ་མིག་སྐོར། མ་སང་ཐི་གུ་རང་སྨྲ། མོ་སྡེ་སྲིད་པའི་གཞི་འབུམ། མགྲོན་མོ་གསང་བ་སྡེ་གཅིག །མོ་མཚོ་སྲིད་པའི་བླ་གནས། དགྲ་ཕྱྭ་གསང་བ་ཡང་ཁུག །ས་མོ་གསེར་གྱི་ཡང་སྙིང་དང་། གཞན་ཡང་བདར་གྱི་རིགས་ཡིག་རྙིང་དུ་མ་བཅས་དང་། མདུད་རྫོང་ཀུན་གསལ་མེ་ལོང་ཞེས་པ་མདུད་རྫོང་ཉེར་ལྔའི་ཉིང་ཁུ་དང་། གྱང་ལ་དབུ་དཀར་མཁས་པས་བཀོད་པའི་མདུད་རྫོང་ཁྲ་མོ་གཞུང་ཁྲལ་ཞེས་པ་དང་། རྐྱང་དཔྱད་གསལ་བའི་མེ་ལོང་མཇུག་དོན་དར་བཅས་པ། མདུད་རྫོང་ཁྲ་མོ་གཞུང་འགྲེལ་ལས་གཏོ་དཔྱད་དཀར་ནག་ཁྲ་གསུམ་བསྟན་པ་ལ་སོགས་པ་མདུད་རྫོང་དང་། དཔྱད་ཀྱི་སྡེ་ཚན་སྣ་ཚོགས་བཀོད་པའི་ཡིག་སྣ་ཤིན་ཏུ་མང་བ་དང་། ཡང་ཡིག་རྙིང་དུ་མའི་དོན་བསྡུས་ནས་འབར་གཅུང་བཀྲ་ཤིས་རྒྱ་མཚོས་མཛད་པའི་མདུད་རྫོང་རྡོ་རྗེ་གསང་བའི་ཐ་རམ་དང་། ཁོག་དབུབ་ཁྱུང་ཆེན་ལྡིང་བ། ཞང་ཞོང་གི་མོ་ཡིག་པོད་བཅུ་བདུན་ཙམ་གཟིགས་ཤིང་བཏུས་པ་རྒྱུད་ཆེན་དགོངས་པ་རབ་གསལ་ཞེས་བྱ་བའི་མོ་ཡིག་ཇོ་བོ་མཁན་བློ་བཟང་མདོ་རྒྱུད་ཀྱིས་སྦྱར་བ་སོགས། མདོར་ན་བཅུ་ཐིག་གི་ཡིག་ཆ་པོད་ཆེ་བ་བཅུ་གཅིག་གི་གྲང་ལག་ཏུ་སོན་པ་རྣམས་ལ་བརྟེན་ནས། དེ་དག་གི་དོན་གྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་ལེགས་པར་བསྡུས་ཏེ་


MR16_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་པོ་ནི་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཞེས་བྱ་བ་མདོ་མེད་རྣམ་གཡེང་མཁན་དེས་བཀྲ་ཤིས་ལྷ་རྩེའི་གནས་སུ་རབ་ཚེས་ས་སྐྱོང་ཤིང་བྱ་ལོའི་སྟོན་ཕྱོགས་སུ་ཅི་རིགས་རེ་བྲིས་ཤིང་། ལོ་དེའི་སྨིན་དྲུག་ཟླ་བའི་ཉ་ལ་རྫོགས་པར་གྲུབ་པར་བགྱིས་པ་འདིས་འགྲོ་བ་ཀུན་ལ་བླང་དོར་གྱི་སྣང་བ་མཆོག་ཏུ་གསལ་བར་གྱུར་ཅིག །།འདིར་དེ་སྔ་མ་རྙེད་པའི་ཡིག་ཆ། སྨོན་ཆེན་གཡུ་ཁ་དྲུག་འདུས། ནག་རིགས་སྲིད་པའི་རྒྱུད་འབུམ། ནད་མོ་གསལ་བའི་མེ་ལོང་། བཟང་དབུ་སྦས་པའི་ལྡེའུ་མིག །རྩོད་པ་གནམ་ལྕགས་འཁོར་ལོ། །ཡོད་མཚོ་དམར་ནག །རྒྱལ་པོ་སྤྲེལ་དཀར། ཇག་མོ་ཙི་ཙི་དགུ་སྐོར། རྔོན་མོ་ཁྱི་ཤ་ལྟག་སྐོར་སོགས་སྤྱིར་མོ་འདིར་ཡིག་སྣ་མཐའ་མེད་པ་ཡོད་པར་འདུག་པས་དེ་རིགས་རྙེད་ན། གནད་ཆེན་རྣམས་འདིའི་ཁ་སྐོང་དུ་བསྡུ་བར་འོས་ལ། དེ་ཡང་ཡིག་ཆ་སྔ་མ་བསྡུས་པ་ཁ་ཅིག་ཏུ་སད་སྐྱམ་ལྡི་བུར་གྱི་རིགས་ཉེར་ལྔ་སོགས་སོ་སོའི་སྡེ་ཚན་མཐའ་ཆོད་པར་མ་འབྱེད་པས། ནོར་བ་དང་མ་ཚང་བའི་སྐྱོན་བསལ་ནས་སྐྱ་ཞིབ་རྣམས་འཁྲུལ་མེད་ཁུངས་ལྡན་གྱི་དཔེ་བཞིན་གསལ་བར་བཤད་པ་ཡིན་ལ། བྲག་དང་སངས་ཀྱི་རིགས་ནི་དཔེ་རྣམས་ནའང་ཚང་བར་མི་འདུག་ཅིང་། འགའ་ཞིག་ཡོད་རིགས་རྣམས་ཀྱང་མདུད་རྫོང་དག་པོ་མི་སྣང་ཡང་། སྤྱིར་སྡེ་ཚན་གྱི་འགྲོ་ལུགས་དང་། འདུད་པ་བྱ་ཚུལ་གྱི་ཁོག་བཀྲོལ་མོད་ཀྱི། མ་དག་པ་ཅི་རིགས་ཡོད་པ་སླར་དཔེ་ཡིད་ཆེས་ཅན་རྙེད་ན་བྲག་དང་སངས་ཀྱི་མདུད་རྫོངས་ལོགས་སུ་འབྲི་དགོས་ཤིང་། དཔྱད་རྣམས་ཀྱང་ཇི་ལྟར་རྙེད་པ་བསྡུས་པ་ལས་ཐམས་ཅད་ཚང་བ་རྙེད་དཀའ་ཞིང་། སླར་དོན་ཆེན་རིགས་རྙེད་ན་ལྷན་ཐབས་ཀྱི་ཚུལ་དུ་བྲིས་ན་ལེགས་པར་མངོན་ནོ། །ལན་དཔྱད་སོགས་འདྲ་མིན་སྣ་ཚོགས་འདུག་ཀྱང་། ཁུངས་ལྡན་གྱི་ཕྱོགས་གཅིག་ལས་ཐམས་ཅད་བྲིས་པ་ཡིག་ཚོགས་མང་བས་འཇིགས་ནས་བཞག་ལ།


MR16_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་ཆད་ཀྱི་རིགས་ནི། བསྐལ་སྲིད་ཆགས་དགུ་འཇིག་བཅུ་ཐིག་པ་ལ་བཅུ་ཐིག་ཅེས་གཞུང་དུ་བཤད་པ་ལྟ་བུ་ལ། ཟུར་ཆག་སྟེ་ཇུ་ཐིག་སོགས་སུ་འབོད་པ་ལྟ་བུ་དང་། ཡང་བྱོད་ཕུར་ལ། སྤྱོད་ཕུར་བྱོན་འཕུར་སོགས་ཀྱི་ངེས་ཚིག་གི་བཤད་པ་དང་། སྐྱམ་མམ་ལྕམ་དང་། སྲང་ཟེ་ལྷང་ཟེ་ཧྲང་ཟེ་ལྟ་བུ་དང་། སྤོ་ཚེའམ་སྐྱོ་ཚེ་ལྟ་བུ་སོགས་ཡུལ་སྐད་དང་བརྡའ་ཆད་མི་འདྲ་བ་རྣམས་ནི། ཇི་སྐད་དུ། སྐར་རྩིས་དེ་བཞིན་གྲུབ་མཐའ་དང་། །མཁའ་ལྡིང་སྔགས་དང་སྔགས་བཟླ་བ། །དོན་གྱི་དེ་ཉིད་གཟུང་བྱ་ཡིན། །སྒྲ་ལ་དཔྱད་པར་མི་བྱའོ། །ཞེས་གསུངས་པ་བཞིན་དུ། དོན་ལ་རྟོན་པའི་སྒོ་ནས་བརྡ་རྣམས་ནི་ཡུལ་རང་རང་ལ་ཇི་ལྟར་གྲགས་པ་དང་། དོན་དང་མཐུན་པར་ངེས་ཚིག་མི་འདྲ་བ་སྣ་ཚོགས་སུ་བཤད་པ་དག་ཀྱང་མི་འགལ་བར་ཤེས་པར་བྱ་ལ། དཔྱད་ཀྱི་རྣམ་པ་ལ་ཚད་མེད་ཀྱང་མོ་ཁོག་འདི་ཙམ་གྱིས་ཀྱང་བློ་གྲོས་ཀྱི་སྒོ་ཕྱེས་ནས་དོན་ཡོངས་སུ་གྲུབ་པར་ཤེས་པར་བྱའོ། །འདི་ཡང་རྩོམ་པོ་རང་ཉིད་ཀྱིས་སྨྲས་པ་དགེའོ།། །།མངྒ་ལམ། ༈ ། རྒྱལ་རྣམས་ཐབས་མཁས་ཐུགས་རྗེའི་རང་གཟུགས་ཕྱིར། །འགྲོ་ལ་བླང་དོར་སྟོན་པའི་དམིགས་བུ་ཆེ། །ཕྱྭ་གཤེན་ཐེག་པར་སྣང་བའི་གླེགས་བམ་འདིས། །ཀུན་ལ་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་མི་ཕམ་འཇམ་པའི་དབྱངས་ཀྱི་གཞུང་བཟང་ལ་ཆེད་དུ་བརྗོད་པ་མཉྫུ་གྷོ་ཥས་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ ཨོཾ་སྭ་སྟི། འགྲོ་ལ་ལེགས་ཉེས་མ་ལུས་སྣང་བྱེད་པའི། །ཐུབ་མཆོག་བསྟན་པའི་མེ་ལོང་དྭངས་པ་ནི། །ལྷར་བཅས་གཙུག་གི་རྒྱན་དུ་རབ་འབར་བ། །དེ་ཡིས་རྣམ་ཀུན་བདེ་ལེགས་སྩལ་གྱུར་ཅིག ༡ ། སྲིད་པའི་འཇིགས་བཅོམ་ཞི་བའི་དཔལ་སྦྱིན་པ། །རྒྱལ་དང་རྒྱལ་སྲས་རྣམ་ཐར་ཁོ་ན་སྟེ།


MR16_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་ན་འབབ་པའི་ཆུ་ཀླུང་ཀུན། །མ་དྲོས་ཀླུ་ཡི་དབང་པོ་ལས་བྱུང་བཞིན། ༢། སྣང་དང་མུན་བཞིན་བླང་དོར་མ་ནོར་དང་། །ལོག་པའི་མཐུ་ལས་འདི་དང་གཞན་དག་གི ། བདེ་དང་སྡུག་བསྔལ་མ་ལུས་འབྱུང་ན་ཡང་། །ཚུལ་དེ་སྐྱེ་བོ་རྣམས་ལ་ལྐོག་ཏུ་གྱུར། ༣ ། འདི་ན་ལྐོག་གྱུར་གནས་ལ་མངོན་སུམ་བཞིན། །མ་ནོར་གསལ་བར་འཆར་བའི་འཕྲུལ་གྱི་སྒོ། །འདི་ཀོ་རྒྱལ་བའི་ཐབས་མཁས་མ་ཡིན་ན། །གཞན་དུ་བདེ་ལེགས་ལམ་བཟང་ཇི་ལྟར་སྟོན། ༤ ། འགྲོ་ལ་ཕན་བདེ་བྱེད་པ་འདི་འདྲ་བ། །རྒྱལ་བའི་སྲས་རྣམས་འཇུག་པའི་གནས་མིན་ན། །འདི་ལས་གཞན་དུ་བྱང་སེམས་རྣམས་ཀྱི་ནི། །སྤྱོད་པ་དམ་པ་བཙལ་ཀྱང་རྙེད་པར་དཀའ། ༥ ། དེ་ཕྱིར་ཕྱྭ་གཤེན་ཐེག་པ་ལས་འོངས་པ། །ལྐོག་གྱུར་བླང་དོར་ལྟ་བའི་ཡང་དག་མིག །མདུད་པ་བྱེ་བ་སྟོང་གི་ཚུལ་དུ་ནི། །འཕྲུལ་གྱི་ཇུ་ཐིག་འཕྲུལ་གྱི་སྐྱེས་བུས་བསྟན། ༦ ། སྙིགས་མའི་སྐྱོན་གྱིས་ལོང་བས་གཟུགས་བཞིན་ཏུ། །ལྐོག་གྱུར་འཆད་པས་བསླུ་བྱེད་བདུད་ཀྱི་ཕྱོགས། །རིང་དུ་བསྲིངས་ནས་མཁས་པ་འཇུག་པའི་སྒོ། །འདི་ལ་རྒྱལ་བའི་སྲས་རྣམས་འཇུག་པར་འོས། ༧ ། དེ་སླད་ཚུལ་འདི་སྟོན་པའི་གཞུང་མང་པོའི། །ལེགས་བཤད་ཆུ་ཀླུང་མ་ལུས་གཅིག་འདྲེས་པ། །རྣམ་དཔྱོད་དཔལ་གྱི་རྒྱ་མཚོ་ཆེན་པོ་ནི། །དེང་སང་འདི་ན་གླེགས་བམ་ཚུལ་གྱིས་སྣང་། ༨ ། འདི་ནི་སྐྱེ་བས་ཐོབ་དང་སྦྱོར་བྱུང་གིས། །རང་གཞན་གྲུབ་མཐའི་ཕ་རོལ་བྱོན་ནས་ཀྱང་། །འཇམ་དབྱངས་གཞོན་ནུ་སྙིང་དབུས་ཁུག་པའི་གཏམ། །འཇམ་དབྱངས་བླ་མ་གང་གི་བློ་གྲོས་མཐུ། ༩ ། འདི་ལ་ལྐོག་གྱུར་གཟིགས་པའི་སྤྱན་རྣོན་ཅན། །རྣམས་ཀྱང་བསྔགས་པའི་མེ་ཏོག་འཐོར་བྱེད་པས། །ད་ནི་བླང་དོར་ཇི་བཞིན་མཐོང་བའི་ལམ། །འདི་རུ་མཁས་རྣམས་སྙིང་ནས་འཇུག་པར་རིགས། ༡༠ ། དེ་ཕྱིར་འགྲོ་ལ་གཅིག་ཏུ་ཕན་བཞེད་པ། །ལྷ་རིགས་དྲང་སྲོང་ཆེན་པོའི་


MR16_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ལས། །ཀུན་ཕན་འོད་སྣང་འབུམ་ཕྲག་སྤྲོ་བ་ཡི། །གླེགས་བམ་ཟླ་བ་གཞོན་ནུའི་འཁྲི་ཤིང་གྲུབ། ༡༡ ། དེ་ལས་བྱུང་བའི་དགེ་བས་འགྲོ་བའི་ཁམས། །ནམ་མཁའ་མུ་ཁྱུད་ཡངས་པོས་བསྐོར་བ་ན། །ལས་དང་ཉོན་མོངས་རྐང་པས་རྒྱུ་བ་ཀུན། །ཕྱིན་ཅི་ལོག་པའི་གཡང་ལས་ཐར་བར་ཤོག ༡༢ ། ཆོས་ཀུན་མཐོང་བའི་མིག་དཀྱུས་རིང་པོ་ལེགས་བཤད་ཐུར་མས་སླར་ཡང་དབྱེ། །ཡང་དག་ལམ་ལ་ངེས་པར་འཇུག་པའི་སྙིང་སྟོབས་བཟང་པོ་མ་སྨད་བརྟས། །གནས་སྐབས་མཐར་ཐུག་ཕན་བདེའི་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་དབུས་སུ་བརྟོལ། །དགེ་ལེགས་དཔལ་གྱིས་འགྲོ་ཀུན་དགེ་བའི་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག ༡༣ ། ཅེས་པའི་སྤར་བྱང་ཉུང་ངུ་འདི་ཡང་གཞན་ཕན་ཐུགས་བསྐྱེད་ཀྱི་གོ་ཆས་དད་འབྱོར་ཚོགས་བསགས་ཅན་རྣམས་ཀྱིས་སྤར་དུ་བསྒྲུབས་པར་མཛད་པ་ན། དམ་པ་འགའི་བཀའ་ལུང་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། འགྲོ་ལ་སྨན་པའི་བསམ་པ་ཡིད་སྨོན་དུ་འཆང་བ་བནྡེ་ལྷག་བསམ་རྒྱལ་མཚན་གྱིས་བྲིས་པ་དགེ་ལེགས་འཕེལ།། །།

རྣོ་མཐོང་མོ་ལྷའི་རྒྱལ་པོ།


MR16_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་མཐོང་མོ་ལྷའི་རྒྱལ་པོ་བཞུགས། །


MR16_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་མཐོང་མོ་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིར་ཞང་ཞོང་འཕྲུལ་གྱི་བཅུ་ཐིག་ཆེན་པོ་བརྟག་པར་བྱ་བ་ལ། ལས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་འབྲི་ན། དང་པོ་རྟེན་བཅུ་ཐིག་བཅའ་ཚུལ་ནི། ལུག་གཡང་མོ་ཁྱུ་བརྒྱ་མཚོ་མོ་དལ་ཆེན་གྱི་འགྲམ་དུ་བསྐོར་ནས། ལུག་ཆེ་བ་ཐོད་དཀར་བོང་མིག་ལ་དར་གྱིས་བརྒྱན་པར་བྱས་ནས་གྱེན་དུ་བཏང་། ཁྱི་སེ་མཁལ་ནག་ལ་བཟློག་གཏོ་བཀལ་ནས་ཐུར་དུ་བཏང་། ནག་པོ་སྤྱི་དཀར་ལ་རྣ་དར་དཔུང་རྒྱན་བྱས་ནས་ལྷ་དང་སྲུང་མ་ལ་འབུལ། རྒྱ་རྩ་བཞིན་བཟང་དང་། དམར་རྩ་མཚལ་ཁ། སྔོན་པོ་ལྕགས་ཁ། ཀ་བ་བོང་མིག་དང་བཞི་མགོ་ན་ར་ཕྱུགས་པ་མིག་དང་དབང་པོ་མ་ཉམས་པ་དེ་རྣམས་ཀྱི་སོག་བལ་གཡས་གཡོན་ནས་འདབ་མ་གསུམ་གསུམ་བླང་བའི་བལ་ལ་གཞི་བྱས་ཏེ། དེ་ཡི་ནང་དུ་བསྲེ་རྒྱུ། ར་དཀར་མོའི་ཨག་ཚོམ། དྲེད་མོང་གི་རྣ་བའི་སྤུ། རི་སྤྱང་གི་རྔ་ལྗགས། འབྲོང་གི་རྩིད་པ། སྟག་གཟིག་གི་སྤུ། བྱ་རྒོད་ཐང་དཀར་གྱི་ལྟག་སྤུ། ཕུང་སྲི་རྔ་མང་གི་དཔུང་རྩིད། རྟ་མཆོག་མཚལ་བུའི་རྔོག་མ། རི་སྤྱང་སྔོན་མོས་བསད་པའི་ལུག་གི་སོག་བལ་བཅུ་གསུམ་དང་བཅས་པ། བུ་མོ་ཕ་མ་འཛོམ་པ་གསུམ་གྱིས། དུས་ཚེས་བཟང་པོར་སྔ་དྲོ་གསུམ་ལ་སྔ་བཀལ་བྱས། ཕྱི་དྲོ་གསུམ་ལ་ཕྱིར་འཁེལ་བྱས། ཉིན་གུང་གསུམ་ལ་བཞི་སྒྲིལ་བྱས་ཏེ། ནང་རྐྱ་བརྒྱད་ཕྱི་རྐྱ་བཞི་ཡོད་


MR16_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྦོམ་ན་བྱ་རྒོད་ཀྱི་སུག་པ། ཕྲ་ན་ཨབ་ཐོང་གི་རྒྱུ་མ་ཙམ་པ་ཐིག་གུ་ལྔ་ནི་རིང་ཐུང་ཁྲུ་དོ་པ། མོ་རྟ་འདོམ་གསུམ་མམ་འདོམ་གང་བ། སོ་སོའི་རྩེ་མོར་ཁ་བུན་མཛུབ་གང་བ་དར་སྐུད་དམ་རས་སྐུད་དམ་མ་འབྱོར་ན་བལ་སྐུད་ཀྱིས་ཀྱང་རུང་སྟེ། གྲངས་བརྒྱད་དམ། ཡང་ན་སུམ་ཅུ་ཡོད་པ་བྱས་པ། མོ་རྟའི་ཁྲུ་དོའི་མཚམས་སུ་ཤེས་བཞི་མཚོན་བྱེད་ཁ་བུན་བཞི་བཏགས་པ། དེར་དངུལ་དཀར་མེ་ལོང་བཏགས། ཁ་བུན་ཐམས་ཅད་སྔོན་པོ་ཆིག་རྐྱང་ངམ། དཀར་སེར་དམར་ལྗང་སྔོ་ནག་གི་མདོག་སོ་སོར་བྱས་ཀྱང་རུང་། ཁབ་ཚུབ་བདུན་བརྒྱ་ཉི་ཤུ་བཏབ་པ། ཁ་བུན་མཐོ་བརྒྱད་བྱ་རྒོད་ཀྱི་སུག་རིས་སུ་བཏགས་པའམ། མཛེས་ཆོས་སུ་ཚར་ལོའི་རྣམ་པར་རྐེ་དཀྲིས་དང་། ཁ་བུན་གྱི་གོང་དུ་ཁ་དོག་ལྔ་པའི་དཀྲིས་སོགས་མཛེས་ཆོས་མཐོང་བརྒྱུད་ལྟར་བྱ་ཞིང་། ཕྱི་ནང་གསལ་བའི་ཤེལ་དཀར། འུག་པའི་སྤུ་རུ། སྟག་རས་གཟིག་རས་གཡི་དཀར་དང་གསའ་ཡི་སེན་མོ། གླག་གི་ཕྱི་སྡེར། སྟག་གཟིག་གི་སྡེར་མོ་རྣམས་དང་། རིན་ཆེན་སྣ་ལྔ། གཡུ་བྱེར་དུང་སོགས་སྒྲོན་མ་རིན་ཆེན་སྣ་ཚོགས་ཀྱང་། ཤེས་མཐོང་རྣམས་སུ་ཅི་རིགས་པར་གདགས། གཞན་ཡང་མགྲོན་ཡག་གི་སོ་སེན་དང་། བཀྲ་ཤིས་པའི་རྫས་སོགས་ཅི་རིགས་དང་དར་སྣ་སོགས་བཏགས་པར་བྱ་ཞིང་། བགེགས་བསྐྲད་དུག་


MR16_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ཁྲུས་བསང་བྱས་ལ། ཝེར་མའི་རྟེན་དུ་བསྒྲུབ་པར་བྱའོ། ༈ །དེ་ལྟར་བསྒྲུབས་པའི་ཇུ་ཐིག་དེས། རྣོ་མཐོང་བརྟག་པའི་དུས་སུ། གནས་གཙང་མར་ལེབ་ཕྱིང་དཀར་པོའི་སྟེང་ནས་ཀྱི་གཡུང་དྲུང་བཀོད་པར། འབྲུག་ཁྱུང་སེང་གསུམ་བྲིས་པའི་ལྷ་གདན་ལ། མདའ་དར་ལ་གཡུ་དང་ཤེལ་རྡོ་རིན་ཆེན་སྣ་ཚོགས་ཕུ་ཝེར་སོགས་ཀྱི་བྲིས་སྐུ་དང་མེ་ལོང་བཏགས་པ་བཤམ། མོ་ཆས་རྣམས་ཀྱང་དེར་བཤམ། འོལ་སྐོམ་གྱི་ཕྱེ་མར། དཀར་མོ་ལག་གཡས། འོ་ཆང་བསྲེས་པའི་སྐྱེམས་ཕུད། དམོད་ནས། བསང་སོགས་མཆོད་པ་ཅི་འབྱོར་འདུ་བྱ། རྒྱས་པར་རྩ་གསུམ་གཏོར་མ་དང་། རྣམ་ལྔ་བདུད་རྩི་སོགས་ཀྱང་བཤམ། མར་གཞི་ནག་པོར། འདྲེ་སྲིན་བྱུར་གསུམ་དང་། ངམ་རྗེ་རྩོལ་པོ། ཉ་རིང་ཁྲག་མིག་ལྔ་མཚོན་བྱེད། ཕྱོགས་བཞིར་དབུས་ལྔར་མི་གཟུགས་ལྔའམ་བཤོས་བུའམ་འབྲུ་ནག་ཚོམ་བུ་རེ་བཞག །ཐུག་དམར་བུ་དགུ་ལ་ངར་མི་དགུའམ་རྡི་ལ་ནག་དགུ། ཕྱི་རིམ་གོ་བོ་མིག་དམར། བྱི་བ་ལག་སེར། སོལ་པ་ནག་པོ། ཕོ་རོག །སོལ་ཁྲ། སྤྱང་ཀི་ཁ་ནག །རི་བོང་། བྱ་ནག །དྲེལ་ནག །ཁྱི་ནག་ལྕགས་མགོ་རྣམས་ཀྱི་གཟུགས་བྱང་ངམ་མཚོན་བྱེད་ཀྱི་སྔོན་དུ། ཆང་བུ། ཤ་རུས། རམ་པ། ཇ་ལོ་སོགས་མི་ཁའི་ཡས་རྫས་སྣ་ཚོགས་བཞག་གོ ། དེ་ནས་དང་པོ་བགེགས་བསྐྲད་པ་ནི། ཀྱེ། སྟོན་པ་གཤེན་རབ་ཐུགས་རྗེ་ཡིས། །ངེད་སྐྱེས་མཆོག་སྲིད་པའི་བོན་པོ་རྣམས། །ཕྱྭ་གཤེན་བོན་གྱི་སྒོར་ཞུགས་ནས། །ལྷ་གཞི་རིན་ཆེན་སྟེང་ཤེད་ནས། །མོ་པྲ་བཟང་ངན་ལྟ་བ་ལ། །བར་དུ་གཅོད་པའི་བདུད་བགེགས་ཀུན། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བདག་ཉིད་མགོན་པོ་རྣམ་གསུམ་དང་། །ཕུ་ཝེར་མཆེད་གསུམ་སྤྲུལ་པ་ལས། །འཕྲུལ་གྱི་ཇུ་ཐིག་


MR16_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གློག་ལྟར་འགྱུ། །ཁ་བུན་ཛོ་དཔལ་མེ་ལྟར་འཕར། །མོ་མདའ་དྲག་ཆེན་ཐོག་ལྟར་འབེན། །བར་དུ་གཅོད་པའི་བདུད་བགེགས་དང་། །སྡིག་པ་མོ་རྐུན་རྡུལ་དུ་རློག །མོ་ཡི་དམུ་གབ་ངན་པ་ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །བ་སྭོ་ཨོཾ་ཡུ་ཏྲ་རུ་ཏྲི་ཕཊ་ཤག་ཤག་དུལ་དུལ་ནན་ནན་༔ ཞེས་བརྗོད་ཇུ་ཐིག་གི་བྱ་གླག་སྡེར་མོ་སོགས་ཕྱོགས་བཞིར་ཕྱར་རོ། །དེ་ནས་མཚམས་བཅད་པ། དེ་རིང་སྤྲུལ་པ་ཇུ་ཐིག་གི་མོ་འདི་ལ་བཟང་མཐོང་ངན་དུ་བསྟན་པ། ངན་མཐོང་བཟང་དུ་སྟོན་པ། དགྲ་ངོ་དྲག །གདོན་བྱིངས་ཆེན། སྡིག་པ་མོ་རྐུན་རྣམས་མཚམས་ཆོད་ཅིག །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་བོ་ཕྱག་མཚན་མེ་རི་འབར་བས་མཚམས་བཅད་དེ་སྲུང་བའི་གུར་ཁང་བརྟན་པར་གྱུར། ཨོཾ་དུམ་བུ་ཚལ་པ་རྦད་སྭཱ་ཧཱ། བསོ་རཾ་རཾ་ཛ་རཾ་རཾ་ཧཱུྃ་རཾ་རཾ་ཕཊ་དུང་ལེ་ཕཊ༔ དེ་ནས་དུག་ཕྱུང་བ་ལ། བསེ་ཤིང་ཁྲག་ཅན་རེག་པའི་དུག །རེ་ལྕག་ཁྲ་མོ་མཐོང་བའི་དུག །ཐར་ནུ་སེར་པོ་ཁ་རླངས་དུག །ཐང་ཁྲོམ་དཀར་མོ་མྱོས་པའི་དུག །དུག་ཆེན་བོང་ངག་གསོད་པའི་དུག །མུ་ཟི་སེར་ནག་དྲི་ཡི་དུག །ཨག་ཙམ་སྒོག་པ་ངད་ཀྱི་དུག །ཤུ་ཙཱ་སླ་མོ་བཟའ་བའི་དུག །བཙག་ཆུ་ཉོག་མོ་ཆུ་ཡི་དུག་སྟེ། །དུག་དེ་དགུས་དུག་མར་ལ་ཕུད་དེ། །འདི་སྐད་བརྗོད་དོ། །ཀྱེ། ལྷ་གཞི་དཀར་པོའི་གོང་འདི་རུ། །རྣོ་མཐོང་སྟོན་པའི་ལྷ་ཚོགས་རྣམས། །ཐུགས་དགོངས་ཤེལ་ལྟར་གསལ་བ་ལ། །མུན་པའི་བཙོག་དུག་མི་མངའ་སྟེ། །སེམས་ཅན་མ་རིག་ཉོན་མོངས་པའི། །མེད་ཁམས་གདུག་པའི་ངན་སེམས་ལས། །གདུག་པའི་དུག་དང་བཙོག་པའི་གྲིབ། །ཡི་དམ་ལྷ་དང་དགྲ་བླ་ཡིས། །མི་བཞེད་པ་ཡི་དུག་མར་ཕྱུང་། །དུག་ཕྱུང་ཆག་བསལ་བསྦྲེན་འདོན་ནོ། །ཧ་ལ་ཧ་ལ་མཱ་ར་ཡ་དུག་


MR16_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཤིག་ཆོམ་ཆོམ། །ཀ་ཡ་ཀ་ཡ་མཱ་ར་ཡ་དུག་ཤིག་ཤིག་ཆོམ་ཆོམ། །ཀེ་དུ་ཀེ་དུ་མཱ་ར་ཡ་དུག་ཤིག་ཤིག་ཆོམ་ཆོམ། ཞེས་བཟླས་ལ་དུག་སྣ་རྣམས་ལྷ་གཞི་ལ་བསྐོར་ཚུལ་བྱས་ལ་གཞི་ནག་སྟེང་དུ་བོར་རོ། །དེ་ནས་ཚན་ཁྲུས་བྱ་བ་ལ། ག་བུར་གངས་ཀྱི་སྨན། རྒྱ་མཚོ་སྦུ་བ་ཆུ་ཡི་སྨན། གུར་གུམ་སེར་པོ་སྤང་གི་སྨན། ཅོང་ཞི་རྡོའི་སྨན། བྲག་ཞུན་བྲག་གི་སྨན། གླ་རྩི་ནགས་ཀྱི་སྨན། གི་ཝཾ་གླང་པོའི་སྨན། ཏི་སའི་གངས་དང་མ་ཕམ་གྱི་མཚོ་དང་བཅས་པ་དངུལ་སྐྱོགས་ནང་བླུག་པ་ཚན་ཁྲུས་ཀྱི་རྫས་ཡིན་ལ། དེ་ལྷ་བྱ་གོང་མོའི་གཤོག་གཡས་ཀྱིས་གཏོར་ནས། འདི་སྐད་བྱའོ། །གང་ཞིག་གློ་བུར་རྟོག་བཅས་དྲི་མ་རྣམས། །ནམ་མཁའི་ངོགས་ལྟར་གསལ་བར་བྱ་བའི་ཕྱིར། །འོད་དཀར་ཚན་ཁྲུས་འཛིན་པའི་ལྷ་མོ་ཡིས། །ཁྲུས་གསོལ་དག་ཚང་ཁ་བཤལ་ཚངས་པར་བགྱིད། །སྒོ་གསུམ་སྒྲིབ་པ་མ་ལུས་དག་གྱུར་ཅིག །བསོ། དེང་གི་གཙང་མའི་གནས་འདི་རུ། །མོ་པྲ་བཟང་ངན་ལྟ་བ་ལ། །རྫས་དང་ཡོ་བྱད་ཐམས་ཅད་དང་། །ཕྱྭ་གཤེན་བདག་ཅག་འཁོར་བཅས་ལ། །མི་གཙང་དྲི་མ་མི་མངའ་ཡང་། །གཙང་ཆབ་ཁྲུས་ཀྱི་བདུད་རྩི་འདིས། །བག་ཆགས་སྡིག་སྒྲིབ་བྱང་གྱུར་ཅིག །ཨོཾ་ཀུ་ཤུདྡྷོ་གཙང་སལ་ལེ་སང་ངེ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་ནས་བསང་བྱ་བ་ལ། ཨ་ཀྲོང་དཀར་པོ་གངས་ཀྱི་རྩི། སྲོ་ལོ་གཡའ་ཡི་རྩི། ཨ་བ་བྲག་གི་རྩི། སྦྲ་བ་ཐོད་དཀར་སྤངས་ཀྱི་རྩི། སྤོས་མོ་དྲི་ཞིམ་རྫ་ཡི་རྩི། མཁན་པ་གསེར་ལོ་གད་པའི་རྩི། །ཤུག་པ་གཡུ་ལོ་ཉིན་གྱི་རྩི། བ་ལུ་དཀར་པོ་སྲི་བ་ཀྱི་རྩི། ཙནྡན་སྨུག་པོ་ནགས་ཀྱི་རྩི་སྟེ་རྩི་དགུ་སྦྱར་ལ་བསང་བྱ་ཞིང་འདི་སྐད་དོ། །སྐྱོན་རྣམས་མ་ལུས་གློ་བུར་དྲི་མ་ཅན། །ལས་དང་བག་ཆགས་འཁོར་བའི་སྡུག་བསྔལ་རྣམས། །བསང་གིས་དག་པར་བྱེད་པའི་


MR16_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཡིས། །གསེར་གྱི་སྤོས་ཁང་དྲི་ངད་འཕྱུར་བ་འཛིན། །རྣམ་ཐར་གཙང་མའི་ལས་ལ་ངེས་པར་མཛོད། །བསང་ངོ་། །ཡབ་ལྷ་དཔལ་ཆེན་གེ་ཁོད་བསང་། །ལྕམ་མོ་མུ་ཏིང་ཙ་མེད་བསང་། །དགྲ་བླ་དཀྱེལ་ཆེན་ཕུ་ཝེར་བསང་། །རྫུ་འཕྲུལ་ཀུ་བྱི་མང་ཀེ་བསང་། །ཡུམ་གཅིག་ཚང་ཏང་རྒྱལ་མོ་བསང་། །སྲིང་གཅིག་ཏིང་ནམ་རྒྱལ་མོ་བསང་། །ལྕམ་གཅིག་ལི་མུན་ལིན་བརྒྱད་བསང་། །དཔའ་བོ་གྱད་ཀྱི་ཁྱེའུ་བཞི་བསང་། །ཕ་མྱེས་རིགས་ཀྱི་བརྒྱུད་གསས་བསང་། །སློབ་དཔོན་གཉན་གྱི་དྲིན་གསས་བསང་། །བླ་རི་གངས་དཀར་ཏི་སེ་བསང་། །བླ་མཚོ་མ་ཕམ་གཡུ་མཚོ་བསང་། །སྤྲུལ་པ་སུམ་བརྒྱ་དྲུག་ཅུ་བསང་། །རྣལ་འབྱོར་བདག་གི་སྲུང་མ་བསང་། །རྣོ་མཐོང་སྟོན་པའི་འཕྲག་ལྷ་བསང་། །གར་འདུག་ཡུལ་ལྷ་གཉན་པོ་བསང་། །ཁ་ཟ་འབྱེད་པའི་ཞལ་ལྕེ་བསང་། །བསང་ངོ་ལྷ་ཚོགས་དག་གྱུར་ཅིག །ཅེས་བྱས་ལ་བསང་བྱ། དུག་ཕྱུང་ཚན་ཁྲུས་བསང་འདི་རྣམས་རྨི་ལམ་བརྟག་པ་དང་མོ་དང་པྲ་ཡི་རིགས་གང་ལའང་ཤིན་ཏུ་གཅེས་སོ། །དེ་ནས་སྒྲིབ་པ་ཕྱེ་ཞིང་བསལ་བ་ནི། །བསོ། རྣོ་མཐོང་མོ་ལྷའི་རྒྱལ་པོ་རྣམས་ཀྱི་ཡེ་ཤེས་མཁྱེན་པའི་འོད་ཟེར་དང་། རིན་ཆེན་སྒྲོན་མ་འབར་བའི་འོད་ཀྱིས། མོ་འདིའི་མི་མཐོང་བའི་དམུག་པ་དང་གབ་སྐུང་ངན་པ་ཐམས་ཅད་ཕུད་དུ་གསོལ། གཅིག་གཉིས་གསུམ་སྤྲུགས་པས་བཅུ་ཐིག་གི་རྨུག་པ་དེངས། གཅིག་གཉིས་གསུམ་དུ་སྤྲུགས་པས་བཅུ་ཐིག་གི་འཐིབ་པ་སང་། ཤེལ་བས་གསལ། མཆོང་བས་དམར། གཡུ་བས་སྔོ། གསལ་བྱེད་ཀྱི་སྒྲོན་མ་བཀྱག་གོ། །ཕྲག་པ་གཡས་གཡོན་དུ་བརྡབ་བོ། །ཐང་གསུམ་ཀླད་ལ་གཡུག་གོ ། མོ་དམུ་གབ་ཀྱིས་མ་ནོན། ཇུ་ཐིག་འདྲེ་སྲིན་གྱིས་མ་ནོངས། ལྷའི་བདེན་ཚིག་


MR16_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདུད་ཀྱིས་བསླུ་བ་མ་བྱེད། འདྲེ་གདོན་གྱིས་སྒྲིབ་གཡོགས་མ་འཛུད། སྲིན་པོས་གློ་མདའ་མ་རྡེག །མ་སང་གི་འཕྲུལ་མདུད་མ་ཉམས། ཐེ་གུའི་ལེ་ཡོག་མ་ཁུར། བཅུ་ཐིག་ཤར་པ་སྐྱ་དྲུག་འདི་ཡི་འབྱུང་ཁུངས་ལྷ་ལུག་ཉམ་ཆུང་གི་རིང་ལ་རྩྭ་ངན་ཟོས་པ། ཆུ་ངན་འཐུངས་པ་སོགས་ཀྱི་གྲིབ་དང་། མོ་ཆས་ལ་དམེ་བསྣོལ་འགོ་མ་ཡུག་མི་གཙང་བ་ཕོག་པའི་གྲིབ་དང་། ལ་ཁ་བས་ཆོད་པ། ལུང་བ་མོས་ཆོད་པ། བར་སྣང་སྨུག་པས་ཆོད་པ། རྣོ་ལམ་རྡུལ་གྱིས་ཆོད་པ། གནམ་ལ་གོ་བོ་མིག་དམར་གྱི་གྲིབ། ས་ལ་བྱི་བ་ལག་སེར་གྱི་གྲིབ། ཉི་མ་གུང་གི་གྲིབ། མུན་པ་ཚབ་ཚུབ་ཀྱི་གྲིབ། སྐར་མ་རྟ་ཡི་གྲིབ། བྱི་བའི་ཉི་མའི་གྲིབ། ཚེས་དགུ་གསུམ་གྱི་གྲིབ། ཟླ་བ་ཉ་ཡི་གྲིབ་ལ་སོགས་ཕྱོགས་དུས་ཡོ་བྱད་མི་རུང་བའི་དབང་གིས་མོ་སྨོད་པ་བཞིན་དུ་མི་འབབ་མི་ཐིག་པའི་གྲིབ་ཐམས་ཅད་དང་། སྔ་དྲོ་མ་ཕྱིས་མ་བདར་བས། ཕྱི་དྲོ་རང་ཤི་རང་གིས་མ་ཚོར་བའི་གབ་སྐུང་རྨུགས་འཐིབ་དམུ་གབ་ཅི་ཡོད་པ་ཐམས་ཅད་རྩྭ་ཤིང་མཁར་གོང་ལ་སོགས་པའི་རྫས་འདིས། དགྲ་ཁ་དྲག་གདོན་ངོ་དྲག་སྡིག་པ་མོ་རྐུན་ངམ་ཁམས་བདུད་ཀྱི་མགོ་ལ་མར་གཟར་རོ། །ཞེས་བརྗོད་ལ། རྩྭ་འཇག་མ་གཅིག་དང་། ཤིང་མགལ་བ་ཁ་ནག །མཁར་གོང་སྲིན་ཅན། སྤྲུ་མ་མཁན་པ། ཐང་ཕུབ་རྣམས་ལ་མཆིལ་མས་ཐུ་ཡིས་བཏབ་ལ་མར་བཞིའི་སྟེང་དུ་བོར་བར་བྱའོ། །དེ་ནས་སྨྲེང་གྱེར་བྱི་ཞིང་མོ་ལྷ་སྤྱན་འདྲེན་པ་ལ། བསང་བཏང་མདའ་དར་ཐོགས་ལ་འདི་སྐད་དོ། །ཀྱེ། དེ་རིང་སྲིད་པའི་ཁྲི་གདུགས་ལ། གནམ་ལ་ཉི་མ་ཀླུང་བཟང་། ས་ལ་དུས་ཚོད་བག་དྲོ། གཟའ་སྐར་ཐམས་ཅད་མཐུན་ཞིང་ཤིས་དུས་འདིར། བདག་ཅག་རྒྱུད་ཀྱི་བོན་པོས། རིགས་ཀྱི་ལྷ་བདར། ཁུང་གི་སྨྲེང་གྱེར་རོ། །


MR16_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ད་སྲིད་པ་རྒྱུད་ནས་འབྱུང་བ་ཡི། །རྣོ་མཐོང་མོ་ལྷའི་རྒྱལ་པོ་སྟེ། །ཕུ་ཝེར་རྒྱལ་པོ་མཆེད་དེ་གསུམ། །སྲིང་མོ་ཙ་མིན་མཆེད་གསུམ་དང་། །ཕྱྭ་འུ་གཡང་དཀར་དེ་དང་བདུན། །མདུན་ལྷ་སུམ་བརྒྱ་དྲུག་ཅུ་དེ། །སྔོན་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ཡིས། །ཇི་ལྟར་མཆོད་ཅིང་བསྟེན་པ་ལྟར། །དེ་རིང་མཆོད་ཅིང་ངས་བསྟེན་ན། །རྣོ་མོ་ཡོན་གཉན་པོ་ཕྱག་ཏུ་བཞེས། །རྣོ་མཐོང་སྟོན་པའི་བྱ་ར་མཛོད། །དེ་འོག་རྒྱུད་ནས་རྒྱུད་དུ་བསྟེན། །ཀུན་མཁྱེན་འཕྲུལ་གྱི་རྒྱལ་པོ་དང་། །ཡེ་མཁྱེན་མངོན་ཤེས་རྒྱལ་པོ་དང་། །ཀུན་རིགས་འཕྲུལ་གྱི་སྒྲོལ་མ་དང་། །སྐལ་ལྡན་ཡིད་བཞིན་ཐང་པོ་ཡིས། །ཇི་ལྟར་མཆོད་ཅིང་བསྟེན་པ་ལྟར། །དེ་རིང་མཆོད་ཅིང་ངས་བསྟེན་ན། །རྣོ་མོ་ཡོན་གཉན་པོ་ཕྱག་ཏུ་བཞེས། །རྣོ་མཐོང་སྟོན་པའི་བྱ་ར་མཛོད། །ད་སྲིད་པ་དེ་རིང་ལུག་ལ་རིང་། །ལུག་ལྷ་བ་བལ་ཆེན་གྱི་སོག་བལ་ལ། །བཅུ་ཐིག་ཤར་པ་སྐྱ་དྲུག་བྱུང་། །དེ་མ་ཆགས་འཕུར་ཏེ་སོང་བ་ལས། །དཔག་བསམ་ཤིང་གི་རྩེ་མོ་ན། །སྤྱི་རྗེ་ཁྱུང་གི་རྭ་ལ་བབས། །དེར་ཡང་མ་ཆགས་འཕུར་ཏེ་སོང་། །རི་བདུན་ཁ་ཁྱེར་བར་མ་ཡི། །བ་བཙུན་འཕྲུལ་མོའི་སྟེང་དུ་བབས། །དེར་ཡང་མ་ཆགས་འཕུར་ཏེ་སོང་། །དབང་ཆེན་གསེར་གྱི་ས་གཞི་ཡི། །མ་ཧཱ་རུས་སྦལ་སྟེང་དུ་བབས། །དེར་ཡང་མ་ཆགས་འཕུར་ཏེ་སོང་། །ཡོད་རི་དིལ་དཀར་རྩེ་མོ་ན། །གཡང་ལྷ་བ་བལ་ཆེན་གྱི་སྟེང་དུ་བབས། །མདུད་མགོ་དྲུག་ལ་མཁར་དྲུག་བཅས། །ཡེ་རྗེ་སྨོན་པས་མིང་བཏགས་པ། །དིང་དིང་སྤུང་པ་གུར་ཆེན་ཞེས། །དེ་ལྷ་གཞི་དཀར་པོའི་སྟེང་དུ་བཏགས། །ཀུན་ཤེས་དྲོང་མཁན་གྱི་དབང་བཟུང་ནས། །ཕྱྭ་འུ་གཡང་དཀར་གྱི་དཔྱད་བཏབ་པས། །ད་བསྐལ་སྲིད་ཆགས་གནས་འཇིག་སྟོང་དང་། །ཚེ་རབས་སྔ་ཕྱི་ད་ལྟ་དང་། །


MR16_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དུས་ཀྱི་འགྱུར་ལྡོག་དང་། །སྐྱོན་ཡོན་ལེགས་ཉེས་ཚེ་ཚད་དང་། །སྲིད་པ་རྩ་དཀར་འཕེལ་འགྲིབ་དང་། །ན་ཤི་དུར་གསུམ་གྱི་དཔྱད་ལུགས་དང་། །དགྲ་ཞི་དུར་གསུམ་དཔྱད་རྣམས་ཐིག །ད་མོ་ལ་དིང་དིང་བྱ་བ་དང་། །ཡེ་སྨོན་རྒྱལ་པོའི་བླ་མདུད་དང་། །བ་སྦལ་ཁྱུང་གསུམ་གྱི་དཔྱད་ལུགས་དང་། །ཀུན་མཁྱེན་དྲོང་མཁན་གྱི་སྟོན་པ་དང་། །ཕྱྭ་འུ་གཡང་དཀར་གྱི་སྨྲ་བ་རྣམས་ཀྱང་དེ་ནས་སྲིད། །ད་སྔོན་ཚེ་སྲིད་པའི་ལུགས་བཞིན་དུ། །གཡུང་དྲུང་ཕྱྭ་གཤེན་བདག་ཅག་གིས། །སེམས་བསྐྱེད་སྙིང་རྗེས་གཞི་བཟུང་ནས། །སྣང་སྲིད་གཏན་ལ་དབབ་པའི་ཕྱིར། །ལེབ་ཕྱིང་དཀར་པོ་གཙང་མའི་སྟེང་། །སྔོན་མོ་ནས་ཀྱི་སྨན་མ་བླུགས། །མཚོ་རོག་གཡུ་ཡི་སྒྲོན་མ་བཏེགས། །ལི་དམར་མདའ་ཡི་སྲོག་མཁར་བཙུགས། །བདུད་རྩི་ཤིང་གི་དུད་པ་སྦྲེང་། །དྲི་ཞིམ་སྤོས་ཀྱིས་གཤེགས་ཤུལ་མཚོན། །ཕྱེ་མར་འོལ་སྐོམ་ཕུད་ཀྱིས་མཆོད། །གཡུ་འབྲང་བདུད་རྩི་སྐྱེམས་ཀྱིས་གསོལ། །སྒྲུབ་གཤེན་དཔལ་བོན་སྨྲེང་གིས་བཀྲོལ། །ལྷ་ཆེན་ཕུ་ཝེར་དཀར་པོ་མཆོད། །ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་བདར། །ཡེ་མཁྱེན་དགྲ་བླའི་མངོན་ཤེས་བསྒྲུབ། །ཡེ་རྗེ་སྨོན་པའི་རྨི་ལམ་བརྟག །ཡེ་དབང་ལྔ་ཡི་བཀའ་བབ་བྱ། །སྔ་རྟགས་ཕྱི་རྟགས་ངོས་འཛིན་ན། །རྣོ་མཐོང་མོ་ལྷའི་རྒྱལ་པོ་རྣམས། །དེ་རིང་བདག་གི་མགོན་མཛོད་ཅིག །བསོ། ལམ་སྣ་འདྲེན་པའི་བླ་མ་དང་། །རྣོ་མཐོང་མོ་ལྷའི་རྒྱལ་པོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཁྱེད་བཞུགས་པ་ནམ་མཁའི་དབྱིངས་ན་བཞུགས། །སྤྱན་འདྲེན་པ་བར་སྣང་ཁམས་ནས་འདྲེན། །སྐུ་བསྐྱོད་པ་ས་གཞིའི་གནས་སུ་བསྐྱོད། །ལྷ་གཞིའི་གོང་དུ་གདན་ཕོག་ལ། །འབྲུག་ཁྱུང་སེང་གསུམ་གདན་ལ་བཞུགས། །ལྷ་རྟེན་


MR16_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྟེན་ཆོས་ལ། །སྒྲུབ་གཤེན་བདག་ལ་བྱིན་གྱིས་རློབས། །ཇུ་ཐིག་འདི་ལ་དབང་ཞིག་སྐུར། །སྲིད་པ་རྣམས་ལ་གྲོས་ཤིག་གྱིས། །བདར་བ་ཙམ་གྱིས་དགོངས་མཛོད་ལ། །དྲང་པོར་ཕོབ་ལ་གསལ་བར་སྟོན། །རྣོ་མཐོང་མོ་ཡི་དངོས་གྲུབ་སྩོལ། །ཞེས་བྱས་ལ་མདའ་དར་གཡབ། ནས་མཆོད་ཅིང་། ཀྱེ། ལྷ་མཆོད་དོ་བསྟོད་དོ་བཀུར་རོ་བཀྱག་གོ་དབྱིང་ངོ་བརྔན་ནོ་གསོལ་ལོ་འབོད་དོ་བདར་རོ། །མཆོད་ནི་ནས་དང་འབྲས་ཀྱིས་མཆོད། །བརྔན་ནི་གཡག་དང་ལུག་གིས་བརྔན། །བྲག་གི་ཁ་ཁོག །དབྱིག་གི་ངོ་ལོང་། སྐྱ་ཞིབ་ཀྱི་གཉའ་ནོན། ལྟག་བདུད་བཅུ་གཉིས་མ་འགུལ། དུར་སོ་བཅུ་གསུམ་མ་ལྡང་། ལྷ་ཡེ་ཤེས་སྤྱན་ལྡན་གྱི་སྤྱན་དེ་ཡར་ལ་ཕྱེས། །འདྲེ་སྲིན་མོ་མོ་རྐུན་མའི་མིག་དེ་མར་ལ་ཁོབ། །མོ་མིག་གཉན་པོ་ནས་ཀྱིས་ཕྱེས། །བྱ་མིག་གཉན་པོ་རླུང་གིས་ཕྱེས། །དེ་ནས་བདར་བ་ལ་ཇུ་ཐིག་ཐིག་གུ་རྣམས་སོར་རྩེས་འཕེན་བཞིན་འདི་ལྟར་བདར་རོ། །བསོ། མོ་བདར་བ་འདི་དྲངས་སུ་བདར། ཤེས་སུ་བདར། རྣོ་རུ་བདར། མཐོང་དུ་བདར། གསལ་དུ་བདར། བདར་རོ་བདར་རོ་རྣོ་མཐོང་མངོན་ཤེས་འཕྲུལ་གྱི་ལྷ་བདར་རོ། །བསོ། ཇུ་ཐིག་ཤར་བ་སྐྱ་དྲུག་གི ། ཡང་མྱེས་པོ་ཡེ་གཤེན་འཕྲུལ་གྱི་རྒྱལ་པོ། མི་ཤེས་དགུ་ཤེས་ཁོག་པ་ལ་སྙིང་གིས་གང་བ་བདར། ཡང་ཕྱི་དྲོང་མཁན་འཕྲུལ་གྱི་རྒྱལ་མོ། མི་མཐོང་དགུ་མཐོང་དཔྲལ་བ་ལ་མིག་གིས་གང་བ་བདར། མྱེས་པོ་ཡེ་སྲིད་འཕྲུལ་ཀྱི་རྒྱལ་པོ་སྟེང་དུ་གནམ་ཕུབ་མཁན་བདར། ཕྱི་མོ་ཡེ་ཕྱི་འཕྲུལ་གྱི་རྒྱལ་མོ་འོག་ཏུ་ས་བཏིང་མཁན་བདར། ཡབ་ལྷ་རྒྱལ་ཚངས་པ་དཀར་པོ་རིན་ཆེན་གསེར་གྱི་བྲག་ཐོག་ན་རྐན་སྒྲ་ཐག་ཐག་བརྡེབ་པ་བདར། ཡུམ་མཚོ་སྨན་ནེ་ཏྲ་སྔོན་མོ་གཡུ་ཡི་མཚོ་གཏིང་ན་ཟིལ་


MR16_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྲོ་ཕྲོམ་བྱེད་པ་བདར། སྲས་ཕྱྭ་གསས་ཁྱེའུ་དྲུག་གསུམ་བཅོ་བརྒྱད་བྲག་ལ་མདའ་རྒྱབ་ན་ཤར་ཤར་འབུད་པ་བདར། གཡུ་མིག་ལ་མཚལ་གྱིས་བྲིས་པ་བདར། མཚལ་ཐོག་ཏུ་མེ་འབར་བ་བདར། མེ་ཐོག་ཏུ་དུ་བ་འཐུལ་བ་བདར། ཞང་མེས་དྲོང་མཁན་མུན་རུམ་དཀར་པོ་དགེ་སྡིག་གི་རྟིང་འབྱེད་པ་བདར། སྲིང་མོ་ཕྱྭ་ལྕམ་གནམ་སྨན་མཆེད་གསུམ་མཚོ་ལ་མེ་སྔར་ན་ལྷབ་ལྷབ་བྱེད་པ་བདར། བསོ། ད་ནི་བརྒྱུད་པའི་བླ་མ་བདར། །སངས་རྒྱས་བསྟན་པའི་གཙོ་བོ་བདར། །སྟོན་པ་གཤེན་རབ་མི་བོ་བདར། །སྤྲུལ་པ་ཀུན་ཤེས་ཐང་པོ་བདར། །ཕྱྭ་གཤེན་ལི་རྒྱལ་ཐང་པོ་བདར། །སྟོན་པ་ཡེ་གཤེན་དབང་རྫོགས་བདར། །མཁས་པར་ལྗགས་ལ་སོགས་ཞང་ཞོང་བརྒྱུད་པའི་བླ་མ་བདར། བསོ། ད་ནི་མོ་ཡི་དགྲ་བླ་བདར། སྙིང་མིག་སྲོག་གསུམ་དར་བའི་དགྲ་བླ་ཕུ་ཝེར་རྒྱལ་པོ་མཆེད་གསུམ་བདར། བ་ཁོག་རྣམ་གསུམ་དར་བའི་དགྲ་བླ་སྲིང་མོ་ཙ་མེད་མཆེད་བཞི་བདར། སྲུང་བརྒྱད་དར་བའི་དགྲ་བླ་ལང་རྒྱུད་དཀར་པོ་མཆེད་བརྒྱད་བདར། ལོ་ཁྱིམ་ཕྱག་རྩེ་དར་བའི་དགྲ་བླ་འོལ་རྗེ་གནམ་གྱི་ལྷ་དགུ་བདར། གནས་མལ་རྩེ་འཛིན་དར་བའི་དགྲ་བླ་སྤྲུལ་པ་གཉན་ཆེན་སྡེ་བཞི་བདར། ནམ་མཁའ་འོད་ཀྱི་ལྡིང་ཁང་ན། །འཐོར་གསས་སུམ་བརྒྱ་དྲུག་ཅུ་བདར། །བར་སྣང་འོད་ཀྱི་ལྷ་རྫོང་ན། །བདར་གསས་ཉི་ཁྲི་ལྔ་སྟོང་བདར། །ས་གཞི་བདལ་བའི་གྲུབ་གནས་ན། །རྣོ་གསས་བརྒྱ་དང་རྩ་བརྒྱད་བདར། །དྲོང་མཁན་ཤེས་བཞི་མཐོང་བརྒྱད་བདར། །བསོ། ཤར་ཕྱོགས་དུང་གི་མཁར་ནང་ན། །ཀྱེ་བ་དར་བའི་རྣོ་ལྷ་བདར། །ལྷོ་ཕྱོགས་གཡུ་ཡི་མཁར་ནང་ན། །ད་རོག་དར་བའི་རྣོ་ལྷ་བདར། །ནུབ་ཕྱོགས་ཟངས་ཀྱི་མཁར་ནང་ན། །དམུ་དབལ་དར་བའི་རྣོ་ལྷ་བདར། །བྱང་ཕྱོགས་ལྕགས་ཀྱི་མཁར་ནང་ན། །


MR16_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁེད་དར་བའི་རྣོ་ལྷ་བདར། །དབུས་ཀྱི་གའུ་གསེར་རྫོང་ན། །གཡུང་དྲུང་དར་བའི་རྣོ་ལྷ་བདར། །ཕྱོགས་བཞི་སྒོ་བཞིའི་མཁར་ནང་ན། །མ་ཟེ་དར་བའི་རྣོ་ལྷ་བདར། །ནམ་མཁའ་སྟོང་པའི་དབྱིངས་རུམ་ན། །དིང་དིང་དར་བའི་རྣོ་ལྷ་འདྲར། །དོག་མོ་ས་ཡི་དཀྱིལ་འཁོར་ནས། །སྐྱིན་དིང་དར་བའི་རྣོ་ལྷ་བདར། །དབུས་རི་རྒྱལ་ལྷུན་པོའི་གཞལ་ཡས་ནས། །གལ་བར་ལིང་ཚེ་ལྷ་བརྒྱད་བདར། །མེ་ཤེལ་ཉི་མའི་མཁར་ནང་ན། །བྱ་ཡུན་དར་བའི་རྣོ་ལྷ་བདར། །ཆུ་ཤེལ་ཟླ་བའི་མཁར་ནང་ན། །བྱ་བུར་དར་བའི་རྣོ་ལྷ་བདར། །འཕན་པོ་སྐར་མའི་མཁར་ནང་ན། །མུ་ས་དར་བའི་རྣོ་ལྷ་བདར། །ཕྱུག་པོ་སྦྲིན་གྱི་མཁར་ནང་ན། །བག་ཚོ་དར་བའི་རྣོ་ལྷ་བདར། །བཙུན་པོ་གཞའ་ཡི་མཁར་ནང་ན། །དོག་ཚང་དར་བའི་རྣོ་ལྷ་བདར། །བར་སྣང་འོད་ཀྱི་གཞལ་ཡས་ན། །ཡར་ལྡིང་དར་བའི་རྣོ་ལྷ་བདར། །སྣང་བྱེད་ཟེར་གྱི་མཁར་ནང་ན། །ཝ་ཚོ་དར་བའི་རྣོ་ལྷ་བདར། །བརྟན་པ་ས་ཡི་མཁར་ནང་ན། །ཁྱུང་བརྒྱང་དར་བའི་རྣོ་ལྷ་བདར། །སྲ་བརྟན་ལྕགས་ཀྱི་མཁར་ནང་ན། །ཚོལ་ཚེ་དར་བའི་རྣོ་ལྷ་བདར། །ལོ་ཕྲོམ་བསེ་ཡི་མཁར་ནང་ན། །ལྡི་བུར་དར་བའི་རྣོ་ལྷ་བདར། །མེ་དཔུང་འབར་བའི་མཁར་ནང་ན། །ཨ་ཁད་དར་བའི་རྣོ་ལྷ་བདར། །ཤིང་ཆེན་ལོ་རྒྱས་མཁར་ནང་ན། །སྤོ་ཚེ་དར་བའི་རྣོ་ལྷ་བདར། །རྣོན་པོ་མཚོན་ཆའི་མཁར་ནང་ན། །ཙེ་ར་དར་བའི་རྣོ་ལྷ་བདར། །དྲང་ཤིང་ལྡེམ་པའི་མཁར་ནང་ན། །དམུ་དག་དར་བའི་རྣོ་ལྷ་བདར། །བདུད་རྩི་ཆུ་ཡི་མཁར་ནང་ན། །སྐྱམ་རིགས་དར་བའི་རྣོ་ལྷ་བདར། །རྦབ་རྒོད་འདྲིལ་བའི་མཁར་ནང་ན། །དྲོང་རིགས་དར་བའི་རྣོ་ལྷ་བདར། །རཀྟ་ཁྲག་གི་མཁར་ནང་ན། །སེ་སྟོད་དར་བའི་རྣོ་ལྷ་བདར། །འཐིབ་བྱེད་མུན་པའི་


MR16_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ནང་ན། །བྲག་རིགས་དར་བའི་རྣོ་ལྷ་བདར། །རྒྱུག་བྱེད་རླུང་གི་མཁར་ནང་ན། །སངས་རིགས་དར་བའི་རྣོ་ལྷ་བདར། །བསོ། དགྲ་བླ་གཡའ་སྤང་སྐྱེས་གཅིག་སོགས། །བྱོད་ཕུར་དར་བའི་རྣོ་ལྷ་བདར། །དགྲ་བླ་བྱ་དཀར་མཚལ་ཐིག་སོགས། །སད་ཁམས་དར་བའི་རྣོ་ལྷ་བདར། །དགྲ་བླ་དུང་སྤྱང་སྔོན་མོ་སོགས། །སུམ་མཉམ་དར་བའི་རྣོ་ལྷ་བདར། །དགྲ་བླ་གཡུ་འབྲུག་སྔོན་པོ་སོགས། །ཧྲང་ཟེ་དར་བའི་རྣོ་ལྷ་བདར། །དགྲ་བླ་དོམ་བུ་ཐུགས་དཀར་སོགས། །མར་ལྡིང་དར་བའི་རྣོ་ལྷ་བདར། །སྲིད་པ་ཡེ་སྨོན་རྒྱལ་པོ་སོགས། །སྐྱེར་རིགས་དར་བའི་རྣོ་ལྷ་བདར། །དགྲ་བླ་ཙང་ཀུན་ཁྱབ་པ་སོགས། །སྤོ་བར་དར་བའི་རྣོ་ལྷ་བདར། །དགྲ་བླ་རེ་འབྱམས་རྒྱུག་པ་སོགས། །སོ་ཡོན་དར་བའི་རྣོ་ལྷ་བདར། །དགྲ་བླ་རྣོ་གཅོད་གཏིང་འབྱིན་སོགས། །མ་ཟེ་དར་བའི་རྣོ་ལྷ་བདར། །དགྲ་བླ་མཐུ་ཆེན་ཝེར་མ་སོགས། །དིང་ཆུ་དར་བའི་རྣོ་ལྷ་བདར། །དགྲ་བླ་སྤྱི་རྗེ་ཁྱུང་ཆེན་སོགས། །ཛ་ཝང་ཛུ་ཝང་དར་བའི་རྣོ་ལྷ་བདར། །བསོ། ན་འབན་གཉན་མཚམས་གོང་མ་དེར། །སྨུག་པོ་སྟོང་གི་དགྲ་བླ་བདར། །རུ་སོད་བདུད་དམག་ཁྲོས་པ་དེར། །ཨ་ལྕགས་འགྲུ་ཡི་དགྲ་བླ་བདར། །བྱ་རལ་སྦྲིན་དམར་གཏིབ་པ་དེར། །སེ་ཁྱུང་དགྲ་ཡི་དགྲ་བླ་བདར། །ལི་ཡན་རླུང་ཁྲིག་ཤོག་རག་དེ། །དམུ་ཚ་སྒ་ཡི་དགྲ་བླ་བདར། །བསོ། ནམ་མཁའི་ཝེར་མ་འབྲུག་ལ་ཆིབས། །ཁམས་གསུམ་སྐད་ཀྱིས་གནོན་པ་བདར། །བར་སྣང་ཝེར་མ་སེང་ལ་ཆིབས། །སྲིད་གསུམ་ཟིལ་གྱིས་གནོན་པ་བདར། །ས་གཞིའི་ཝེར་མ་གླང་ལ་ཆིབས། །ས་གསུམ་ཁ་ལོ་བསྒྱུར་བ་བདར། །ཨ་བསེ་གེ་ཁོད་སྟག་ལ་ཆིབས། །སྟག་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །ཁས་དྲག་དང་པོ་གཡག་ལ་ཆིབས། །


MR16_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །མུ་མཐུར་སྨུག་པོ་རྐྱང་ལ་ཆིབས། །རྐྱང་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །ཁས་དྲག་ཡོ་གསལ་ཁྱུང་ལ་ཆིབས། །ཁྱུང་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །མ་ཡམ་རིན་ཆེན་ཤ་བ་ཆིབས། །ཤ་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །ཅང་སེ་གར་མཁན་ལུག་ལ་ཆིབས། །ལུག་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །མེ་ཕུར་དམར་པོ་གློག་ལ་ཆིབས། །གློག་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །ཆུ་སྲིན་སྔོན་པོ་གྱུར་ལ་ཆིབས། །གྱུར་ཆིབས་ཅན་སུམ་བརྒྱ་དྲུག་ཅུ་བདར། །བསོ། ལྷ་རབ་དབང་པོ་བརྒྱ་བྱིན་བདར། །གཙང་རིས་དཔལ་མགོན་བདུན་ཅུ་བདར། །གཉན་རྗེ་སྦར་པ་དུང་མགོ་བདར། །མ་སང་སྤུན་དགུའི་དགྲ་བླ་བདར། །ཀླུ་རྒྱལ་གཙུག་ན་རིན་ཆེན་བདར། །སྤར་སྨེ་ལོ་སྐོར་ས་བདག་བདར། །ལྷ་རབ་སྣང་བ་འོད་ལྡན་བདར། །མི་རབ་ཡེ་སྨོན་རྒྱལ་པོ་བདར། །སྤྲུལ་པ་དུང་མི་ལྡན་དཀར་བདར། །དྲོང་མཁན་མུད་རུམ་དཀར་པོ་བདར། །བན་གྱི་དགྲ་བླ་གསེར་ཐོག་འབར་བ་བདར། །བོན་གྱི་དགྲ་བླ་གཡུ་ཐོག་འབར་བ་བདར། །སྐྱེས་བུའི་དགྲ་བླ་ཐོག་འབྲུག་གློག་གསུམ་བདར། །སྟོང་གསུམ་མགོན་ལྷ་དཀར་པོ་བདར། །སྲིད་པའི་རྨ་གཉན་ཐུགས་ཀར་བདར། །དམུ་ཆེན་དར་མ་སྣང་བྲན་བདར། །ཡེ་སང་དཔའ་བོ་མཆེད་དགུ་བདར། །མ་སང་དཔའ་མོ་མཆེད་དགུ་བདར། །འགྱེད་པའི་ཁྲ་དགུ་བདར། །ཕུག་པའི་དུང་ཁྱུང་དཔལ་རུ་ཅན་དེ་བདར། །བར་པའི་གཡུ་འབྲུག་མེ་གཤོག་ཅན་དེ་བདར། །སྒོ་པའི་དུང་སེང་གཡུ་རལ་ཅན་དེ་བདར། །ཕྱྭ་ཡི་གསེར་སེང་རྔམ་བརྗིད་ཅན་དེ་བདར། །དམུ་ཡི་གཡུ་སེང་བཙུན་བརྗིད་ཅན་དེ་བདར། །གཙུག་གི་དུང་སེང་དཔའ་བརྗིད་ཅན་དེ་བདར། །ཡེ་སྲིད་དཔའ་བརྟན་ལྡོག་མེད་བདར། །


MR16_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

། ཡེ་དབང་དོམ་མགོ་གླང་སྙིང་བདར། །ཡེ་རྗེ་རྣོ་གཅོད་གཏིང་འབྱིན་བདར། །ཡེ་གྲུབ་དྲ་མ་མཆེད་དགུ་བདར། །ཐུགས་དཀར་སྣང་ལྡན་ལ་ཁྲ་བདར། །ཕོ་ལྷ་མི་རྫི་དཀར་མོ་བདར། །ཅང་སེ་མི་མགོན་དཀར་པོ་བདར། །ལྕམ་མོ་ལམ་ལྷ་ཆེན་མོ་བདར། །མཐུ་ཆེན་ཡོར་བོ་རུ་མང་བདར། །གཤེན་མགོན་གསེར་མི་གཡུ་རྟ་བདར། །ཐུག་དཀར་བུ་དགུ་ཡབ་དང་བཅུ་པོ་བདར། །དགུང་སྨན་མཆེད་བདུན་ཡུམ་དང་བརྒྱད་པོ་བདར། །བསོ། གསལ་ནས་མ་འགྲིབ་པ་ཉི་ཟླ་གཉིས་ཀྱི་དྲང་མཁན་བདར། །ཆགས་ནས་མ་ཞིག་པ་འབྱུང་བ་ལྔའི་དྲང་མཁན་བདར། །འདྲེས་ནས་མ་ཕྱེ་བ་གནམ་ས་གཉིས་ཀྱི་དྲང་མཁན་བདར། །བརྩིགས་ནས་མ་ཞིག་པ་རི་རབ་ལྷུན་པོའི་དྲང་མཁན་བདར། །ལྷ་ཀླུ་གཉན་དང་ཝེར་མའི་དྲང་མཁན་བདར། །དགྲ་འདུལ་གྲུབ་པ་མཐུ་ཆེན་བདར། །མ་སང་སྟོང་སྡེ་ཝེར་མ་བདར། །བསྐལ་སྲིད་གཞི་བཏིང་གནམ་ཕྱི་མཆེད་གསུམ་བདར། །ཡང་སྙིང་དཔའ་བོ་སྡེ་བཞི་བདར། །རྣོ་མཐོང་མོ་ལྷ་མཆེད་བརྒྱད་བདར། །མགྲོན་ཡག་དར་མ་བཅུ་གསུམ་བདར། །རྫུ་འཕྲུལ་རླུང་རྟ་ལྷ་བཞི་བདར། །བསོ། ཇུ་ཐིག་མཛད་མི་གཤེན་རབ་མི་བོ་བདར། །བརྒྱུད་པ་ལེགས་རྒྱལ་ཐང་པོ་བདར། །སྤེལ་མི་རིག་པ་དེས་ཁྱེར་བདར། །ཞུ་མི་ཞང་ཞོང་སྤུན་དགུ་བདར། །སྒྲུབ་མི་དཔལ་བོན་རྣམ་གསུམ་བདར། །སྒྲུབ་ས་ཁྱུང་ལུང་དངུལ་མཁར་བདར། །ཇུ་ཐིག་གི་མགོ་བོ་རྨ་རྒྱལ་སྤོམ་ར་བདར། །རྟིང་པ་བཀྲ་རི་ལྷ་མཚོ་བདར། །བཞག་ས་བཞག་བྲ་ལྷ་རྩེ་བདར། །འགྲིམ་ས་ལྷ་སྒང་རིང་མོ་བདར། །ཁྲུས་བྱེད་སྟོང་རི་མཚོ་ནག་བདར། །ཁ་འཛིན་ཡེ་གཤེན་དབང་རྫོགས་བདར། །སྲིང་མོ་འཛི་ཆུ་ལྷ་རྩེ་བདར། །རྒྱབ་བརྟེན་བསིའུ་རུ་གཅིག་བདར། །ཤག་ཕོ་བཀྲ་རི་ལྷ་མཚོ་བདར། །ཕ་ཞང་


MR16_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་ཆེན་སྤོམ་ར་བདར། །མ་ཞང་འབྲི་ཆེན་སྡོང་དུར་བདར། །ཞང་པོ་ཁྲི་ལ་སྐྱ་དྲུག་བདར། །སྲུ་མོ་ནེ་བྲ་གཡག་སྙིང་བདར། །བསོ། ནམ་མཁའ་ཁྱུང་གི་རྣོ་ལྷ་བདར། །ཁྱུང་མངོན་ཤེས་ཅན་གྱི་རྣོ་ལྷ་བདར། །བར་སྣང་བ་ཡི་རྣོ་ལྷ་བདར། །བ་རྫུ་འཕྲུལ་ཅན་གྱི་རྣོ་ལྷ་བདར། །ས་གཞི་སྦལ་པའི་རྣོ་ལྷ་བདར། །སྦལ་པ་ཤེས་རབ་ཅན་གྱི་རྣོ་ལྷ་བདར། །དྲན་པོ་འོད་དཀར་ལ་སོགས་པ། །ཞང་ཞོང་སྒོ་ཕུག་བར་གསུམ་གྱི་རྣོ་ལྷ་བདར། །དེ་དང་དེ་ལ་སོགས་པ་དགྲ་བླ་ཝེར་མ་ཐུག་དཀར་ཅོང་སེ་གཉེན་པོ་རྣོ་མཐོང་མོ་ལྷ་རབ་འབྱམས་བདར་རོ། །བསོ། མགོ་བའི་ལྷ་དང་སྲུང་མ་གཉན་པོ་བདར་རོ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་བདར་རོ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ནུས་པ་བདར་རོ། །མཐུ་ཆེན་དགྲ་བླ་ཝེར་མའི་སྟོབས་རྩལ་བདར་རོ། །བསོ། རང་གི་ལུས་ངག་ཡིད་གསུམ་ཕུ་ཝེར་རྒྱལ་པོ་མཆེད་གསུམ་གྱི་སྐུར་གྱུར་པ་ལ། སྣང་སྲིད་མོ་ལྷ་ཐམས་ཅད་འདུས་པ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། མིག་དང་རྣ་བ་ལྕེ་གསུམ་དུ་སྲིང་མོ་ཙ་མེད་མཆེད་གསུམ་དུང་གི་ལྕོག་ག་དཀར་མོ། སྨྲ་མཁས་གཡུ་ཡི་ནེ་ཚོ། གཡུ་ཡི་ཁྱུ་བྱུག་སྔོན་མོ་གསུམ་དུ་སྤྲུལ་པ་ལ། སྒྲ་ལྷང་ལྷང་། སྐད་སྙན་སྙན། བཞིན་འཛུམ་འཛུམ་དུ་སྟོན་པའི་རྣོ་མཐོང་སྣ་ཚོགས་གཟུགས་ཅན་གྱིས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། བདག་གི་ལག་པ་གཉིས་སུ་ཁྱུང་ནག་གཡུ་ཡི་རལ་བ་ཅན་དང་། བྱ་ཁྲ་ལྕགས་ཀྱི་མཆུ་སྡེར་ཅན་གཉིས་ལ་སྣང་སྲིད་ཀྱི་དགྲ་བླས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། གཞན་ཡང་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྣང་གསལ་རྣོ་མཐོང་མོ་ལྷའི་དཀྱིལ་འཁོར་ཆེན་པོར་གྲུབ་པ་ནང་ཞུགས་པའི་ལྷ་ཚོགས་ཐམས་ཅད་དེ། རྣོ་བའི་མོ་དང་ཕྱ་ལ་བདར། བདག་གི་སྤྱི་


MR16_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གཙུག་ན་བཞུགས་པ་རྣོ་མཐོང་ཕྱ་འུ་གཡང་དཀར་ལ། སྲོག་ལྷ་ཡུལ་ལྷ་ཁ་འཛིན་རྒྱབ་བརྟེན་གྱི་ལྷ་སྲུང་གཉན་པོས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། ཕྲག་པ་གཡས་ཀྱི་གོང་རོལ་ན་མཐུ་ཆེན་ཝེར་མ་ཉི་ཉལ་དགྲ་བླ་འཕྲག་ལྷ་སྡོང་གྲོགས་ཀྱི་ལྷ་ཡིས་བསྐོར་པ་དེ། རྣོ་བའི་མོ་དང་ཕྱྭ་ལ་བདར། ཕྲག་པ་གཡོན་གྱི་གོང་ན་སྲིད་མོ་ཕྱ་ལྕམ་དཀར་མོ་ལ་མ་ལྷ་ཞང་ལྷ་གཉན་པོས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། སྙིང་ཁ་ཆོས་ཀྱི་ཕོ་བྲང་ན་དོན་གྲུབ་ཝེར་མ་དཀར་པོ་དང་དྲོང་མཁན་སྲིད་པའི་གཟུ་བོ་ལ་མངོན་ཤེས་སྣང་གསལ་ཝེར་མས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། ལྟག་རྩ་འཁྱིལ་པའི་གནས་ན་མ་སྲིང་བའི་རྒྱལ་མོ་འདོད་ཁམས་དབང་ཕྱུག་མ་ལ་མ་མཁའ་འགྲོས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། ལྟེ་བ་སྤྲུལ་པའི་མཁའ་ཀློང་ན་གྲོག་མ་བདུད་རྒྱལ་མོ་སྟག་རི་རོང་བར་ཆད་འདུལ་བའི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། མདུན་གྱི་ནམ་མཁར་དཔལ་ལྡན་ནག་པོ་ཆེན་པོ་ལ་བསྟན་སྲུང་དམ་ཅན་རྒྱ་མཚོས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། མདུན་དུ་གཏེར་སྲུང་རྨ་རྒྱལ་སྤོམ་ར་ལ་འཛམ་གླིང་ཟོ་དོར་ཡོངས་ཀྱིས་བསྐོར་བ་དེ། རྣོ་བའི་མོ་དང་ཕྱ་ལ་བདར། བསོ་བསོ། མགོན་པོ་དགྲ་བླ་བཅུ་གསུམ། འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། བཀའ་གཏེར་གྱི་སྲུང་མ། ཕ་མྱེས་བརྒྱུད་ཀྱི་སྲུང་མ། སློབ་དཔོན་བརྒྱུད་ཀྱི་སྲུང་མ། ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་མཛད་པའི་ལྷ་མགོན་གཉན་པོ་བདར་རོ། །བསོ་བདར་རོ། །ཇུ་ཐིག་གི་མདུད་ལྷ་སུམ་བརྒྱ་དྲུག་ཅུ། རྫིའུ་སུམ་བརྒྱ་དྲུག་ཅུ། ཝེར་མ་སུམ་བརྒྱ་དྲུག་ཅུ། ཕྲག་པ་གཡས་ལ་ལྡིང་བ། གཡོན་ལ་འཁོར་བ། ལྷང་ལྷང་དུ་འབོད་པ། ཡུག་ཡུག་ཏུ་རྒྱུག་པ། དག་དག་ཏུ་སྨྲ་བ། གསལ་གསལ་དུ་སྟོན་པ། མདངས་ལ་


MR16_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་ཁམས་གསུམ་གསལ་བ། སྐད་ལ་ཉན་པས་སྲིད་གསུམ་གོ་བ། ཡིད་ལ་བསམ་པས་དུས་གསུམ་ཤེས་པ་ཁྱེད་རྣམས་ཀྱིས་བདག་གི་མོ་འདི་དོན་ཆེ་གེ་མོ་འདི་ལ་འདེབས་ན། བདག་གིས་མི་ཤེས་པའི་དྲི་བ་འདི་ལ། ཐུགས་ཀྱིས་དགོངས་སྙན་གྱིས་གསོན། སྤྱན་གྱིས་གཟིགས་ལ། བཟང་ལ་མི་བྲ་དང་ངན་ལ་མི་ཕོད་མེད་པར་བཟང་ངན་གྱི་ཤན་ཕྱེས། ལེགས་ཉེས་ཀྱི་ལྟད་ཆོད། དཀར་ནག་གི་ཐིག་ཐོབ། ལས་ལ་བསྐོས་པ་གང་ཡོད། མོ་ལ་མངོན་ཤེས་བཞིན་དུ་ཕོབ་ཅིག །བཟང་ངན་མ་བསྲེ། ཡག་ཉེས་མ་བསྣོལ། མགོ་མ་གཡོགས། དིག་མ་བསྐོར། དྲང་དུ་ཕོབ། དྲང་དུ་སྨྲོས། རྣོ་རུ་སྟོན། གསལ་བར་སྟོན། མ་ནོར་མ་འཁྲུལ་མ་བསླུ་བར་འཕྲུལ་གྱི་མཛུབ་མོ་ཅན་གྱིས་མདུད། རིག་པའི་ལྡེའུ་མིག་ཅན་གྱིས་ཁྲོལ། གསལ་བའི་སྒྲོན་མེ་ཅན་གྱིས་དཔྱོད། མཁྱེན་པའི་ཡེ་ཤེས་ཅན་གྱིས་དགོངས། ཡིད་ཀྱི་སྨྱུ་གུ་ཅན་གྱིས་བྲིས། གསལ་པོར་སྟོན་ཅིག །ཅེས་བྱས་ལ། མོ་རྣོ་བའི་སྔགས་འདི་ཅི་མང་བཟླའོ། །བསྭོ་མུ་ཡེ་སྤྲོས་འབར་གསལ་ཟེར་ཕྱོད་ལམ་གསལ། སད་ཀྱེང་ཨ་དཀར་འོད་ལམ་ཕྱོད། མ་མིག་རྐོ་ཡི་ས་ལེ་ཤག་སལ་སལ། ཞེས་བཟླ་ཞིང་། ཡང་དེའི་ཤམ་དུ་འདི་བཏགས་ལ་བཟླའོ། །བསོ་ཐ་ཐ་ཡེ་ཡེ་སྤྲ་མོ་ཡེ། སྤྲ་ཉོས་ན། སྤྲ་མོ་ཕོབ། ཏྲད་ཅི་ཧོ་ཡ། སྤྲ་མོ་སྟོན། ཞེས་བཟླས་ནས་ཇུ་ཐིག་ལ་ཕུས་གདབ། གཞན་ཡང་གང་མོས་ཀྱི་བླ་མ་ཡི་དམ་ཆོས་སྐྱོང་དགྲ་བླ་ཟོ་དོར་སོགས་འགོ་བའི་ལྷ་དང་སྲུང་མ་དྲག་ཏུ་བདར། ཡེ་དྷརྨཱ་མང་དུ་བཟླས་ལ་ཚུགས་བཅུ་གསུམ་དུ་མདུད་པར་བྱ་ཞིང་། གནས་རྣམས་སུ་ཆོ་ལོ་སོགས་བཀྲམ་པའམ། མིང་སོགས་མཚོན་བྱེད་བྲིས་ལ་མ་ནོར་བར་བྱ། མོ་འདེབས་ཚེ་ཞྭ་གྱོན་པ་དང་། མདུན་ནས་ལང་བ་


MR16_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་བྱ་བར། ཇུ་ཐིག་ལ་བཤད་དང་བྱུག་པ་ཡང་ཡང་བྱས་ལ་ཚུགས་རེ་བཞིན་སྨྲེང་འདོན་བཞིན་མདུད་པར་བྱའོ། ༈ །། །གཅིག་ལ་མ་ཟློ་གདོང་བཟློག་འོང་། གཉིས་ལ་མ་གསང་དམུ་གབ་ཡིན་ཞེས་པ་ལྟར། གཅིག་དང་པོར་བབས་པའི་ཚེ་ན་ཡིད་ལ་བཞག་ནས་མི་བཤད། གཉིས་ནས་བརྩམས་ཏེ་ཐམས་ཅད་བྲི་བར་བྱའོ། །ཆང་ངབ་འདི་མོའི་དང་པོ། བབ་ཀྱི་ཐོག་མ། དཔྱད་ཀྱི་དང་པོ། མཁར་གྱི་རྨངས་རྡོ། སྲིད་པའི་གཞི་མ། འབྱུང་བའི་ཕུག །དཔའ་བོ་ཆས་ས། མགྱོགས་པ་འགྲོ་ས། རྣོན་པོ་གཟིང་ས། ཉི་མ་ཤར་བའི་རྩེ་མོ། །ཤར་ཕྱོགས་ཤིང་གི་རྫིའུ། དགྲ་བླ་དར་མ་སྐྱ་གཅིག་གི་ས་མལ། གཞི་འཛིན་དབང་ཅན་འདུག་ས། ལོ་ཡི་མགོ་བོ་བྱི་བ། ཟླ་བའི་མགོ་བོ་སྟག །དུས་ཚོད་ཐོག་མ་ཡོས། འབྱུང་བའི་དང་པོ་ཤིང་། བྱི་བ་ལོ་པའི་ལོ་མལ། བུ་ཚའི་གླིང་རི། ཡུལ་ལ་འཕོ་འཆུག་མེད་ས། ས་ལ་རྟེན་ཕུར་འཛུགས་ས། རྒྱལ་པོས་གདན་ནོན་ས། གཞི་ལ་བུག་རལ་འཁྱམས་གསུམ་ཨེ་འོང་མི་འོང་ལྟ་ས་ཡིན་པས། གོར་མོ་རྡོ་བས་ལྕི་ན་བཟང་། ༈ །། །གཉིས་འདི་སྒོ་ཕྱི་ནང་གཉིས་ཀྱི་ས་མཚམས། མར་གྱི་ས་སྒོ་མ་སང་གི་རྡོག་སོ། །རྒྱ་བོད་ཀྱི་ཟམ་སོ། །མི་འགྱུར་ཤར་གྱི་དགྲ་ས། ཁྱིམ་མཚེས་ར་བ་སྒོ་སྤྲོད་དང་། བྲན་དང་སྒོ་ཁྱི་བུ་མོའི་ས་མལ། ཕྱི་ས་བཞི་ཡི་ཆུང་བ། སྒོ་གདན་ཨི་འགུལ་ལྟ་ས། སྒོ་ཁྱིའི་རྔ་མ་བསྒྲིལ་ས། ཁོལ་པོ་གསོས་པ་ལས་ལ་རེམ་ས། ཁོལ་མོ་གསོས་པ་གཡོག་ལ་མཁས་ས། སྒོ་ཁྱི་གསོས་པ་སྟག་ལས་ངར་ས། བུ་མོ་དང་མཛོ་མོའི་གླིང་རི། གླང་ལོ་པ་ཡི་ལོ་མལ་ཡིན། དར་བས་འཇམ་དགོས། ༈ །། །གསུམ་འདི་སྙིང་དགའ་གསུམ་གྱི་དང་པོ། རྒྱལ་བུ་མཐིང་གི་བ་ཁོག །བ་ཁོག་གསུམ་གྱི་


MR16_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བ། གཅེས་པའི་བུ་ཆུང་རྩེ་ས། རྨང་གི་རྟིའུ་ཆུང་རྒྱུག་ས། སྨྲ་བ་ཚིག་གསུམ་བརྗོད་ས། མི་གསུམ་གྲོས་ལ་འདུ་ས། དཔའ་གསུམ་དགྲ་ལ་ཆས་ས། མགྱོགས་གསུམ་རྔ་མ་སྒྲིལ་ས། རྣོ་གསུམ་ཡུ་བ་བརླིང་ས། སྒྱེད་པུ་སུམ་ཚུགས་ཀྱི་གནས་མལ། ནུ་བོ་དང་བུ་ཚའི་གླེང་རི། སྟག་ལོ་པ་ཡི་ལོ་མལ་ཡིན། མེ་ལྟར་གསལ་ན་བཟང་།། །།བཞི་འདི་གཡང་གི་ར་བ། ནོར་གྱི་ཀ་བ་བཙུགས་ས། སྲིང་གི་ཆུ་མིག་རྡོལ་ས། གཡང་གི་ལྡིང་ཕུར་བཙུགས་ས། གྲོག་གི་རྒྱ་མཚོ་བསྐྱིལ་བ། རྫུ་འཕྲུལ་པ་ཡི་ནུ་མ། རྒྱ་མཚོ་ཀླུའི་ལྟོ་བ། དཀོར་ནོར་སྣ་ཐག་དཀྲི་ས། ཡང་དག་མ་སང་གི་བརྒྱག་སྒྲོ། ཡོས་ལོ་པ་ཡི་ལོ་མལ། མནའ་མའི་གླེང་རི། བརྒྱ་ཞོན་བརྒྱ་ཁྲིད་མན་ཆད་རྐང་ཐང་ཁུ་རུ་ཅན་ཡན་ཆད་ཀྱི་གྲོག་ས་འགྱུར་མེད། གཡང་གི་རུ་མ་ཆགས་ས། ཕྱུག་གི་གསེར་རྩི་འབེབ་ས། གྲོག་གི་སྤུངས་རི་ཡིན་པས་མར་ཁུ་བས་སྣུམ་དགོས།། །།ལྔ་འདི་མི་འགྱུར་དགྲ་ས། ལྷོ་ཕྱོགས་འཇང་གི་གཡུལ་སོ། །སྲིན་པོ་ཕག་ནག་ཞོན་པའི་ས། སྲིན་མོ་མི་རྐུན་ཆས་པའི་ས། གནམ་གྱི་གཡས་རུ་གྲུམ་པའི་ས། ས་ཡི་གཡོན་ཤ་བདར་བའི་ས། ཐུག་དམར་བུ་དགུ་ལང་བའི་ས། མཁར་ལྔ་ཡོད་པ་དགྲ་མཁར། མི་ལྔ་ཡོད་པ་དགྲ་མི། ཆུ་ལྔ་ཡོད་པ་དམེ་ཆུ། ལྷོ་ཐང་ཤིང་ནག་པོའི་སྒུག་ར་ན། ཁྱི་ནག་རྟོད་ལ་སྐོར་ས། འདྲེ་ངན་གྱི་བར་ཆད་ལྟ་ས། གདོན་ངན་ཕྱི་ལྟས་བྱེད་ས། འདྲེ་གདོན་ལམ་དུ་ཚུད་ས། བུ་སྲིང་མག་པའི་གླེང་རི། འབྲུག་ལོ་པ་ཡི་ལོ་མལ་ཡིན། སྤྱིར་བཏང་ཞན་ཅིང་དམའ་ན་བཟང་།། །།དྲུག་འདི་ཡབ་ལྷ་བདལ་དྲུག་གི་བ་ཁོག །བ་ཁོག་གསུམ་གྱི་འབྲིང་པོ། ཁྱིམ་ས་བར་མ། ཡར་དྲུག་གི་རྩ་བ། མར་དྲུག་གི་རྩེ་མོ། གྱོད་དྲུག་


MR16_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པས་ནོན་ས། འདྲེ་དྲུག་ཆམ་ལ་ཕབ་ས། རྒྱན་དྲུག་ལུས་ལ་རྫོགས་ས། མོ་བཙུན་དར་མའི་ས་མལ། མོ་བཙུན་ཐབ་གཡང་ཆགས་ས། མ་འབྲི་རྒོད་གསུམ་གྱི་ས་མལ། ཁྱིམ་བདག་མོ་ངོ་སོ་འཛུམ་ས། གཞིན་ཁྲ་མོ་དུང་འཕྲུ་བཙུགས་ས། བྱེས་ན་ཁྲ་མོ་སྟག་འཕྲུ་བཙུགས་ས། སྦྲ་ཕུག་བརྩིགས་བྲུང་བརྩིགས་ས། བཞོན་མ་ཞོ་འབེབ་ཆེ་ས། སྦྲུལ་ལོ་པ་ཡི་ལོ་མལ་ཡིན། ཁ་འོ་མ་འཐུང་བ་བཞིན་དུ་དཀར་ཞིང་སྣུམ་ན་བཟང་།། །།བདུན་འདི་མོ་ཉིས་ཁུག་གི་མགོ་བོ། སྐྱེས་ཀྱི་ཕོ་བློ་ཤར་གཅིག་གཏད་ས། ཕུ་ནུ་ཕ་ཚོའི་གནས་མལ། ཕ་སྤུན་སྟག་ལག་རྒྱས་ས། མཉེས་སྤུན་འབྲོང་རུ་གཤིབ་ས། དབུས་ཀྱི་རི་བོ་མཆོག་རབ། འོག་རྟ་འགེལ་མཛོའི་ས་མལ། གཡའ་སྤང་སྲིན་ལ་ཆས་ས། རྡོ་རྟ་གྲོ་མོ་རྟོད་ས། གཞོན་ནུ་དགྲ་ལ་དཔའ་ས། མི་ཕོ་བློ་ལ་མཁས་ས། རྟ་ཕོ་བང་སྣ་མགྱོགས་ས། སྐྱེས་བུ་དར་མའི་བློ་རྩ། རྟ་ལོ་པའི་ལོ་མལ། མི་འགྱུར་དོན་དང་ལྡན་པའི་མདུད་པ་བབ་ན་བཟང་།། །།བརྒྱད་འདི་མོ་ཡི་མིག །ནོར་གྱི་གཡང་ར་ཆེ་བ། ལྷ་བརྒྱད་གདན་ལ་བཞུགས་ས། འདྲེ་བརྒྱད་དམ་ལ་བཏགས་ས། ཛ་ཡེ་ལྷ་ལ་འབོད་ས། ལྷ་མགོན་གདན་ལ་བཞུགས་ས། ཨ་སུ་ར་ཡི་བྲག་ཕུག །བཅོམ་ལྡན་འདས་ཀྱི་བཞུགས་ས། སངས་རྒྱས་ཆོས་ཀྱི་སྒྲུབ་གནས། ཆོས་ཀྱི་ཉི་མ་ཤར་ས། བན་ཆོས་བྱེད་ཆོས་ལ་མཁས་ས། ཆོས་དར་བྱེད་དགྲ་བླའི་ས་མལ། ཝེར་མའི་དཔའ་མཁར་བང་མཛོད། དགྲ་བླའི་ཁྱུད་ཚང་བྲག་དམར། བཟའ་དཔོན་དང་དམག་དཔོན་གྱི་གླེང་རི། སྙིང་མི་འགྱོད་པའི་ས་མལ། དགེ་སློང་ཆོས་གོས་ཅན་གྱི་བཞུགས་གནས། གདོན་ཕྱ་གདོན་གྱི་ཁང་པ། ལུག་ལོ་བ་ཡི་ལོ་མལ་ཡིན། གསལ་བྱེད་ཉི་ཟླ་འདྲ་བ་བབ་ན་བཟང་།། །།དགུ་འདི་བཟང་དགུ་


MR16_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཚང་ས། ངན་དགུ་དགྲ་ལ་བསྒྱུར་ས། གཉན་སྡོང་གཉིས་ཀྱི་ཟམ་སོ། ཉི་མ་ནུབ་ཀྱི་དགྲ་ས། གཉན་བོན་པོ་གཉིས་ཀྱི་ས་མལ། སྟོན་པ་གཤེན་རབ་བཞུགས་ཁྲི། བོན་དར་བྱེད་དགྲ་བླའི་གནས་མལ། གཤེན་རབ་ཕྱག་ཤིང་བཙུགས་ས། ལྷ་གཞི་གསས་མཁར་བརྟོད་ས། ལེའུ་གཏོ་བྱེད་ཀྱི་ས་མལ། ཕྱི་མ་ནང་གི་ཟམ་སོ། བདུད་མུན་པ་མགོ་དགུའི་སོ་བ། ལྷ་སྲིན་སྡེ་བརྒྱད་ཀྱི་རྫོང་མཁར། སོ་པ་མི་དགུ་རྐུང་ས། སྒྲིབ་ཤིང་རིམ་དགུ་བཙུགས་ས། ཁེ་ལེ་མོན་གྱི་ལ་སོ། སྔ་དྲོ་བཏབ་ན་རང་ས། ཕྱི་དྲོ་བཏབ་ན་དགྲ་ས། དགྲ་ཟུན་ལ་བཙས་ཐུན་མོང་། ཕྱི་སའི་ནང་ནས་རང་ས། ཞང་པོའི་གླིང་རི། སྦྲེལ་ལོའི་ལོ་མལ་ཡིན་པས་སྐབས་དང་བསྟུན་པར་བབ་ལུགས་དགོས།། །།བཅུ་འདི་སྨོན་ལམ་བྲག་ཐོག །གནམ་ཕྱི་གུང་རྒྱལ་བཞུགས་ས། བདུད་རྩི་ཐང་མར་བདལ་ས། སྲིད་པ་རྒན་རྒོན་གནས་མལ། མ་སྲུ་རྒན་རིམ་ས་མལ། དབང་ཡོད་ཀྱི་དབང་གཅོད་ས། དབང་མེད་ཆམ་ལ་འབེབ་ས། ཕྱི་ས་གསུམ་གྱི་ཁ་གནོན། རང་ས་གསུམ་གྱི་ཁ་འཛིན། དགུང་སྔོན་གནམ་གྱི་ཡར་སྟེང་། ཐུག་དཀར་བྱ་ལམ་གོང་མ། དགུང་ལ་ལྷོ་སྤྲིན་ཆགས་ས། ཐུག་དཀར་བུ་དགུ་ཕ་དང་བཅུ་བཞུགས་ས། མ་སང་གི་བགོས་གཞི་ཁྲ་མོ་བཏིང་ས། བ་ཁོག་གསུམ་གྱི་ཆེ་བ། ཆུ་བཞི་འབབ་པའི་མགོ་བོ། རི་བཞི་བརྟན་པའི་རྩེ་མོ། བུ་སྲིང་མཛེས་པ་གནས་མགོ་མཐོ་ས། རྟ་ཕོ་མགྱོགས་པ་གོང་ཐང་ཆེ་ས། ནོར་དང་མི་གྲངས་འཕེལ་ས། ཚ་ཐུབ་གྲང་ཐབ་ཝེར་མའི་ཁ། མ་ཕྱིའི་གླང་རི། བྱ་ལོ་པའི་ལོ་མལ་ཡིན། འཇའ་ལྷོ་སྤྲིན་བཞིན་དུ་ཕྱུག་ཅིང་མཛེས་ན་བཟང་།། །།བཅུ་གཅིག་འདི་མོ་ཡི་སྲོག །དགྲ་བླའི་གནས་མལ་གོང་མ། ཝེར་མའི་ཁྲ་ཚང་མཐོན་པོ། ཁྲ་རྒན་ཉི་མ་འདེ་ས། ཁྲ་མོས་གཤོག་པ་རྐྱོང་ས།


MR16_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་མཐུ་བུ་ལ་འགེབ་ས། གཤོག་ལྕག་དགྲ་ལ་རྒྱབ་ས། ཁྲ་ཕྲུག་རྩེད་མོ་རྩེ་ས། ཁྲ་ཀི་རིག་ཀི་རིག་ཟེར་ས། ཀི་རིག་ལྷ་ལ་འབོད་ས། ཛ་ཡེ་ཛ་ཡེ་ཟེར་ས། ཛ་ཡེ་ལྷ་ལ་འབོད་ས། ཁྲམ་བུས་བྱིན་ལེན་བྱེད་ས། དོན་ག་རེ་འདི་རེ་ལྟ་ས། དགྲ་བླའི་རྒྱུག་ལམ་དང་པོ། ཕོ་ལྷའི་བཙན་མཁར་གོང་མ། ཕོ་ལྷ་དུང་ཁྱུང་འབབ་ས། དུང་ཁྱུང་གཤོག་པ་རྐྱོང་ས། རྨོག་ལ་དར་འཕྲུ་བཙུགས་ས། མདུང་ལ་བ་དན་བཏགས་ས། དགྲ་བླའི་དར་ཆེན་ཕྱར་ས། ཕོ་ལྷས་དུང་ཆེན་འབུད་ས། ཝེར་མའི་གློག་དམར་འགྱུ་ས། ཅང་སེའི་རླུང་དམར་འཚུབ་ས། ལྷ་ཞལ་དུང་བས་དཀར་ས། གསས་ཞལ་དགུང་བས་མཐོ་ས། ཡུལ་མཁར་འཛིན་ས། དར་འཛིན་སྡོད་ས། མི་ཚེ་རིང་ས། མི་སྲོག་སྲ་ས། དགྲ་བླའི་གླིང་རི། ཁྱི་ལོ་པ་ཡི་ལོ་མལ། བཙན་ཁས་དྲག་གི་དར་འཕྲུ་བཙུགས་ན་བཟང་།། །།བཅུ་གཉིས་ཡེ་ངམ་འཁྲུག་སོ། །ངམ་གྱི་མགར་བའི་འཚོགས་ར། ཉ་ར་ཁྱི་ཐོད་ཀྱི་མཁར་རྫོང་། སྟོང་གསུམ་གླིང་གི་ཕྱི་ར། ཨ་བ་གླང་མགོའི་བྲེས་ར། ཨ་བ་ཧོར་གྱི་དགྲ་ས། དགྲ་ཁ་དྲག་དང་གདོན་བྱིང་ཆེན་གྱི་ས་མལ། བྱང་གི་དགྲ་ས་འགྱུར་མེད་ཡིན། ལོ་ཟླ་འབྱུང་བའི་མཇུག་མ། བསྐལ་པ་ཟད་པའི་སྙིགས་མ། འབྱུང་བ་ཟད་པའི་ཐ་མ། ཁྱུང་ཆེན་ཨན་ཐག་བཅད་ས། ཡེ་ངམ་གཉིས་ཀྱི་ཟམ་སོ། ངམ་རྗེ་རྩོལ་པོའི་ས་མལ། ངམ་མི་ནག་པོའི་གླིང་རི། ངམ་སྲས་ནེ་གུའི་གནས་མལ། ངམ་གྱི་བུ་མོ་ངུ་ས། བྱང་གི་བྱེ་རི་སྨུག་པོ། །ཇག་པ་ཚོང་པའི་ཕྱི་ལམ། སྡང་དགྲ་གདོན་བགེགས་བཀུག་ས། སྡང་དགྲ་བོ་ལ་གོང་བ་འཛིན་ས། དགྲ་བལ་གཞོབ་ལྡོག་པས་དྲིལ་ས། ཕག་ལོ་པ་ཡི་ལོ་མལ་ཡིན། དགྲ་རོ་ཐང་ལ་རུལ་ན་བཟང་།། །།བཅུ་གསུམ་ཐེག་པའི་ཡང་གོང་། བློ་ཡི་བློ་ཕུག །དཔའ་བོ་སྐྱབས་ས། སྡར་མ་བྲོས་ས། དགུང་སྔོན་པོས་ཀུན་ལ་ཁྱབ་ས།


MR16_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཕུག་ངོ་སོ་ལྟ་ས། ཕྱི་ཕུག་རྒྱལ་ཁ་རྩོད་ས། སུམ་ཅུ་གྲུབ་པའི་ལྷ་གནས། རྣམ་པར་རྒྱལ་པའི་ཁང་བཟང་། དཔག་བསམ་ཤིང་གི་རྩེ་མོ། སྨོན་པའི་ལྷ་ཤུག་གི་མགོ་བོ། བྱ་རྒྱལ་ཁྱུང་གི་ནོར་བུ། ནམ་མཁའ་གཡུ་ཡི་ལྡིང་ཁང་། གཡུ་འབྲུག་གསུང་སྐད་སྒྲོགས་ས། གསེར་གྱི་ཡི་གེ་འབྲུ་གཅིག །སྔ་དྲོ་གཙོ་བོ་བརྒྱ་འདུས་ཀྱང་ཕྱི་དྲོ་དབང་ཆེན་གཅིག་གི་ཐག་བཅད་ས། མ་སང་གནང་གི་ལྷ་བ་མུར་ས། གནང་ཁ་དོག་སྤུ་རིས་བརྟག་ས། ཡང་དག་སྨོན་པའི་དམག་མི་བགྲང་ས། བཟོས་བཟོས་གོས་ཀྱི་གོང་བ། བརྩིགས་བརྩིགས་མཁར་གྱི་རྩེ་མོ། མོ་བཅུ་གཉིས་ཀྱི་ནམ་ཕུག་གཏད་ས། ཡང་འཁོར་ལྷ་ལམ་དཀར་པོ། མགོན་པོའི་བྱ་ལྡང་རྩེ་མོ། མོ་ཐམས་ཅད་བཅུ་གསུམ་གྱི་མངའ་འོག །མི་ཐམས་ཅད་རྗེ་རྒྱལ་གྱི་བྲན་འབངས། ཆུ་ཐམས་ཅད་གཙང་པོའི་རུ་ལག །བསོ་བསོ་བསོ། བཅུ་གསུམ་མིན་པས་བསོ་མི་ཁྱགས། ནམ་མཁའ་མིན་པས་ཁྱུང་མི་ཁྱགས། བསོ་བསོ། ཞེས་མདུད་དོ། །དེ་ནས་ཁ་དམར་གདགས། མཐར། ད་མོ་བཟང་ཕྱ་ཡི་རྒྱལ་ཁ་ཟུང་། འདྲེ་སྲིན་བྱུར་གསུམ་གྱི་མགོ་མ་ལྡང་། ཕྱ་དམུ་གཙུག་གསུམ་གྱི་སྐོས་མ་ཞིག །ལྷ་མི་གཤེན་གསུམ་གྱི་དབུ་མ་དམའ། ངོ་སོ་དགྲ་བླ་གཉན་པོ་བསྟོད། རྟིང་མ་མཐུན་ཆེན་ཝེར་མས་མཛོད། དིང་དིང་རྒྱལ་གྱི་མོ་སྨྲེང་ཡག །ཡགས་སོ་ཡགས་སོ་ལྷ་རྒྱལ་ལོ། །ཞེས་སྨྲས་ལྷ་གཞིའི་སྟེང་དུ་ངོ་སོ་བསྟོད་ལ་འབྲུ་མཆོད་དོ། །རྒྱས་པར་སྤྲོ་ན་སྔོན་གྱི་བདར་ཆེན་མོ་རྣམས་བྱའོ། །ཞེས་པའང་ཞང་ཞོང་གི་མོ་བདར་གསལ་སྒྲོན་ཁྲི་འདུག་འཁོར་ལོ་སོགས། ཆེན་གཞུང་རྙིང་གསུམ་གྱི་ལུང་ཚིག་གཙང་མ་རང་བཟོ་སྤངས་ཏེ་འབྲེལ་བསྒྲིགས་ནས་ཁོག་གཅིག་ཏུ་དྲིལ་བར་བྱས་པ་མི་ཕམ་པས་སོ།། །།མངྒ་ལཾ། ༈ ། སྨྲེང་གྱེར་ཟབ་མོ་


MR16_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། འོ་དེ་རིང་གནམ་གྱི་ལྷ་དཔང་། བར་གྱི་དགྲ་བླ་དཔང་། ས་འོག་གི་ཀླུ་དཔང་། སྲིད་པའི་ཇུ་ཏིག་ཤར་པ་སྐྱ་དྲུག །མ་དག་རིགས་དྲུག་གི་སེམས་ཅན། དག་པ་ཡེ་ཤེས་དྲུག་གི་རོལ་བ། ཁམས་གསུམ་འདུས་པའི་དྭངས་མ་འདིའི་ནང་དུ། ཡ་ཀི་རྒྱལ་བ་ཞི་ཁྲོ་ནས། མ་ཀི་གྲོང་རྒྱུག་ཐེའུ་རང་ཡན་ཆོད་ཀྱི། འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། སྲོག་ཚང་། ལུས་ཚང་། རིགས་ཚང་། མིང་ཚང་། ཡར་འདྲེན་དྭངས་མ་ཡོད་ཁམས་དཔལ་ཁམས་ཡེ་ཁམས་ལྷ་ཁམས་ཀྱི་བླ་ཚང་། མར་འདྲེན་སྙིགས་མ་མེད་ཁམས་བྱུང་ཁམས་ངམ་ཁམས་འདྲེ་ཁམས་ཀྱི་བླ་ཚང་། སྲིད་པ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་བཟང་ངན་གཉིས་སུ་སྲིད། རྟེན་འབྲེལ་ལ་མ་བརྟེན་གང་ཡང་མེད། རྟེན་འབྲེལ་འདི་དབང་བཙན། ལྷ་ཡང་རྟེན་འབྲེལ་ལ་རག་ལས། འདྲེ་ཡང་རྟེན་འབྲེལ་ལ་རག་ལས་པས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སྲིད་པ་ཆགས་གནས་ཀྱི་བདག་པོ་ཀུན། སྦྱན་ས་ལེར་གཟིགས། སྙན་ཀྲོང་ངེར་གསོན། ཐུགས་ལྷན་ནེར་དགོངས། ངའི་མོ་འདིའི་ནང་དུ་རྒྱུ་འབྱོར་ཡོན་གྱི་བདག་པོ་སོགས་དམོད་དོན། སྔ་ཕྱི་བར་གསུམ་ལེགས་ཉེས་གང་འདོད་མ་དྲིས་པ་མི་འོང་། མ་སྨོད་པ་མི་འབབ། བསྐོས་པ་ཤོག །སྨྲོས་པ་སྟོན། འོང་གང་དགོས། འོང་དོན་གང་ཡོད་ཀྱི་མོ་ཤོག །པྲ་ཤོག །ཆ་ཆ། བསོ་བསོ། འདུ་འདུ། ཧེ་ཧེ། མུ་ཁྲི་མུ་རྒྱང་ཨ་དཀར་ས་ལེ་འོད་པོ་ཆ་འདུ་འདུ། ཨོཾ་ཧ་རམ་སྤུང་ལཾ་གསལ་ཁོད་དེ་འདུ། མདུད་ལྷ་སུམ་བརྒྱ་དྲུག་ཅུ་པོ་ཁྱེད་རྣམས་སྨྲེང་གང་ཡོད་གྱེར། ཆ་གང་ཡོད་ཤོད། བརྡའ་གང་ཡོད་སྟོན། སྔོན་ཚེ་ལྷ་མི་གཤེན་གསུམ་གྱི་དམ་ཚིག་བཞིན་དུ་སྲིད་པ་རང་གི་ལུགས་ལས་འགྱུར་མི་སྲིད། ད་ཡང་གཡུང་དྲུང་སེམས་དཔའི་རྟེན་འབྲེལ་བརྟག་པ་ལ། རྟེན་


MR16_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ནམ་ཡང་མི་འགྱུར་བདེན་ཅིང་བསླུ་བ་མེད། རྣོ་མཐོང་སྲིད་པ་འཕྲུལ་གྱི་ལྷ་མཆོད་དོ། །བསྟོད་དོ། །བརྡར་རོ། །མོ་འདི་གསལ་ས་ལེར་པྲ་ཕོབ། མི་ཕམ་རྣམ་རྒྱལ་ལམ། དུན་མུ་ལེ་གཡུང་དྲུང་འོད་དཀར་གྱིས་བྲིས་པ་དགེའོ། ༈ །མོ་བདར་བསྡུས་པ་བཞུགས། བསོ་བསོ་ཨོཾ། རྩ་གསུམ་སྲུང་མའི་བྱིན་རླབས་ཀྱིས། །མོ་ཡི་དམུ་གབ་ཐམས་ཅད་སོལ། །སྣང་གསལ་འཕྲུལ་གྱི་སྒྲོན་མེ་སྦོར། །བྱིན་གྱིས་རློབས་ཤིག་མཐུ་སྩལ་སྐྱེད། །བསོ། རང་སྣང་ཡེ་ཤེས་གཞལ་ཡས་ཁང་། །སྣང་སྲིད་ཀུན་གསལ་ཆོས་དབྱིངས་ཀློངས། །རབ་འབྱམས་རྩ་བ་གསུམ་གྱི་ལྷ། །སྲིད་ཞིའི་དྭངས་བཅུད་ལས་འཁྲུངས་པའི། །རྣོ་གསལ་དགྲ་བླའི་སྐུར་བཞེངས་ལ། །ལེགས་ཉེས་དྲང་ཤན་འབྱེད་ཚུལ་གྱིས། །ཇུ་ཐིག་འདི་ལ་བྱིན་གྱིས་རློབས། །མཆོད་པ་འདི་རྣམས་བཞེས་སུ་གསོལ། །གང་དྲིས་དོན་འདི་གསལ་བོར་སྟོན། །བསོ་བསོ། བདར་རོ་དཀོན་མཆོག་རྩ་བ་གསུམ། །ཆོས་སྐྱོང་ནོར་ལྷ་གཞི་བདག་དང་། །དགྲ་བླ་ཝེར་མ་ཐུགས་ཀར་ཚོགས། །ཅོང་སེ་རྣོ་མཐོང་འཕྲུལ་གྱི་ལྷ། །དྲོང་མཁན་ཤེས་བཞི་མཐོང་བརྒྱད་བདར། །ལྷ་ཆེན་སྣང་བ་འོད་ལྡན་དང་། །གཤེན་རབ་བརྒྱུད་པའི་མོ་ལྷ་བདར། །ཕུ་ཝེར་རྒྱལ་པོ་ལྕམ་དྲལ་བཅས། །རྣོ་མཐོང་ཕྱ་འུ་གཡང་དཀར་བདར། །བ་སྤལ་ཁྱུང་གསུམ་རྣོ་ལྷ་དང་། །སྒོ་ཕུག་བར་གསུམ་མོ་ལྷ་བདར། །ལྷ་ཆེན་དུང་མི་ལྡན་དཀར་དང་། །སྲིད་པ་ཡེ་སྨོན་རྒྱལ་པོ་སོགས། །སྔོན་རབ་སྲིད་པའི་དགྲ་བླ་བདར། །བན་བོན་གཉིས་ཀྱི་དགྲ་བླ་དང་། །ཕྱ་དམུ་གཙུག་གསུམ་དགྲ་བླ་བདར། །དགྲ་བླ་མཆེད་གསུམ་དྲ་མ་བརྒྱད། །རྫུ་འཕྲུལ་རླུང་རྟ་ལྷ་བཞི་དང་། །མགྲོན་


MR16_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཡག་དར་མ་བཅུ་གསུམ་སོགས། །མ་ངེས་རྫུ་འཕྲུལ་རོལ་བ་ཅན། །གནམ་ས་བར་སྣང་གང་བའི་ཚོགས། །མཆོད་དོ་བསྟོད་དོ་བཀུར་རོ་བདར། །རྫིའུ་སྤྱན་རྣོ་འཕྲུལ་གྱི་ལྷ། །དིང་དིང་སྐྱིན་དིང་གལ་བར་སོགས། །སྡེ་ཚན་སུམ་ཅུ་རྩ་གསུམ་གྱི། །མདུད་ལྷ་སུམ་བརྒྱ་དྲུག་ཅུ་བདར། །སྲིད་དང་ཞི་བའི་མོ་ལྷ་ཀུན། །ཡོངས་འདུས་སྙིང་པོའི་བརྫུས་གཟུགས་གར། །རྟེན་འབྲེལ་མི་བསླུའི་འཆར་སྒོ་ལས། །གང་བསམ་བླང་དོར་གསལ་བར་མཛོད། །བསོ། འབྲུག་ཞོན་གློག་འགྱུ་ཐོག་འབེབས་པའི། །ནམ་མཁའ་གང་བའི་དགྲ་བླ་ནི། །དྲག་རྩལ་ཆེ་བའི་ཚོགས་རྣམས་བདར། །རྣོ་མཐོང་མོ་ཡི་ཁ་འཛིན་མཛོད། །སེང་ཞོན་དར་ཕྱར་དུང་འབུད་པའི། །བར་སྣང་གང་བའི་ཝེར་མ་ནི། །རྫུ་འཕྲུལ་ཆེ་བའི་ཚོགས་རྣམས་བདར། །རྣོ་མཐོང་མོ་ལ་གསལ་སྣང་སྤོར། །སྣ་ཚོགས་རྫུ་འཕྲུལ་རོལ་པ་ཅན། །ས་གཞི་གང་བའི་ཅང་སེ་ནི། །མྱུར་མགྱོགས་ཐོགས་པ་མེད་པ་བདར། །རྣོ་མཐོང་མོ་ཡི་ཁ་དམར་སྨྲོས། །བསོ། སྲིད་པ་རྒྱུད་ཀྱི་དགྲ་བླ་བདར། །རྣོ་མཐོང་འཕྲུལ་གྱི་མོ་ལྷ་བདར། །སྐྱེས་བུ་རང་གི་དགྲ་བླ་བདར། །ཕྱོགས་དུས་གནས་རྒྱུའི་མཐུ་ལྡན་བདར། །རྟེན་འབྲེལ་རྒྱུད་ལ་སྲིད་ཚད་བདར། །དེ་རིང་མོ་འདིའི་དཔང་པོ་མཛོད། །ཆོས་ཉིད་ཀ་ནས་དག་པ་དང་། །ཆོས་ཅན་རྟེན་འབྲེལ་བསླུ་མེད་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུ། །རྩ་གསུམ་ལྷ་ཡི་བདེན་ཚིག་གིས། །འཇམ་དཔལ་དབྱངས་དང་དོན་གྲུབ་རྗེ། །ཐོགས་མེད་དགྲ་བླའི་རྒྱུད་བསྐུལ་ཏེ། །ཡེ་སྲིད་འཕྲུལ་གྱི་བཅུ་ཐིག་འདིར། །གཉིས་སུ་མེད་པར་འཇུག་མཛད་ཅིང་། །རྟེན་འབྲེལ་དབང་གིས་སྣང་སྲིད་ཀུན། །མཉམ་ཉིད་འོད་གསལ་རྒྱས་ཐེབས་ནས། །གང་འདོད་རྩོལ་མེད་རང་ཤར་


MR16_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

བ། །བརྡའ་རྟགས་མཚན་མའི་སྣང་ཆ་ལས། །བསླུ་མེད་བླང་དོར་གསལ་གྱུར་ཅིག །ཨོཾ་ཨ་ར་པ་ཙ་ན་དྷཱི་ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་ཧཾ་ཨཱཿ ཨོཾ་ཧ་རྃ་སྤྲུངས་སོ་ལཾ་གསལ་ཁོད་དེ་འདུཿ ཨ་ཀརྵ་ཡེ་ར་ཡ་ཝ་ཡྃ་ཨུར་ཏེཾ་ཏེཾ་ཏ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་སོགས། ཎ་ཡེ་སྭཱ་ཧཱ། ཨོཾ་པྲ་མོ་ཐུན། པྲ་མོ་ཤག །པྲ་མོ་ཚལ། པྲ་མོ་ཕོབ། པྲ་མོ་སྟོན། བྲ་མོ་གསལ་སྭཱ་ཧཱ། ཞེས་བཟླས་བཅུ་ཐིག་བསྔགས་ལ་གདབ། དེས་དུས་གསུམ་བླང་དོར་གསལ་ལོ། །བཅུ་ཐིག་གི་མོ་བདར་སྣང་སྲིད་ཀུན་གསལ་ཞེས་པ་འདི་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་ཤིང་བྱ་ཟླ་༢ཚེས་༡ལ་དཔལ་སྤུངས་སུ་བྲིས་པ་མངྒ་ལཾ། །མོ་བདམ་བྱ་མང་དུ་ཡོད་པ་ལྟ་བུ་ལ། དང་པོ་བསང་ཁྲུས་དང་བདར་ཆེན་མོ་ལན་གཅིག་བཏང་ནས། དེ་འོག་བདར་ཆུང་གིས་ཆོག །དུས་རྒྱུན་ཚེགས་ལ་མི་ལྟ་བར་བདར་ཆེན་བྱས་ན་བཟང་བས་གང་དགོས་སུ་སྦྱར་རོ། །མངྒ་ལཾ། ༈ ། བཀའ་སྲུང་གི་མཆོད་ཐབས་བཞུགས། བྷྱོ། མ་གཡེལ་ནག་མོ་སྟག་རི་རོང་། །ཚུར་གཤེགས་ནག་མོ་སྟག་རི་རོང་། །གཡའ་དང་གངས་ཀྱི་ཕ་རོལ་ན། །སྤྲིན་དང་ན་བུན་ཚུ་རོལ་ན། །དགྲ་བླའི་རྒྱལ་མོ་སྟག་རི་རོང་། །ནམ་མཁའ་དག་པའི་སྐུ་མདོག་ལ། །མཐིང་ནག་མུན་གྱི་ཚྭ་ཚྭ་འཕྲོ། །རལ་པ་ཁམ་ནག་སྤྲིན་ལྟར་གཏིབ། །སྐུ་ལ་དར་ནག་ཐུལ་བ་གསོལ། །གཡས་པས་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་ནད་རྐྱལ་དགྲ་ཡུལ་ཕུང་། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། །འདིར་བྱོན་རྒྱན་གྱི་མཆོད་པ་བཞེས། །མི་མཐུན་རྐྱེན་རྣམས་ཕྱིར་བཟློག་ཅིང་། །བསྟན་པ་སྲུང་ཞིང་སྡོང་གྲོག་མཛོད། །བྷྱོ། མ་མ་རག་མོ་མུ་ཏྲི་མུ་ཤང་ཛ་བྷྱོ། །སྟོང་དུམ་པ་ནི་ས་མ་ཡ་ཛ་ཛཿ དབོན་དྲུང་ཞི་བ་ལྷ་འཕགས་


MR16_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་ཐུགས་བཞེད་དུ། རྒྱ་བཙུན་མཁས་གྲུབ་ཁམ་སྤྱོད་ཁི་ཁར་གྱིས་སྦྱར་བ་དགེའོ། ༈ ། གཏེར་སྲུང་མཆོད་ཐབས་བཞུགས། ཀྱེཿ ཤར་ཕྱོགས་རྨ་རི་བཀྲ་གསལ་གྱི། །འོད་དང་གཞའ་ཚོན་གུར་ཁྱིམ་ན། །ཀུན་བཟང་ཐུགས་ཀྱི་སྤྲུལ་པ་སྟེ། །རྨ་གཉན་སྤོམ་ར་ལྷ་ཡི་སྲས། །འཁོར་ཏུ་ལྷ་ཀླུ་གཉན་ཟོ་དོར། །གནོད་སྦྱིན་གཏེར་བདག་འབུམ་གྱིས་བསྐོར། །ལས་སུ་གཡུང་དྲུང་བསྟན་པ་སྲུང་། །ཕྱ་གཤེན་ཀུན་གྱི་རྣོ་མཐོང་སྟོན། །དར་དཀར་ཇུ་ཐིག་གཡབ་ཅིང་འབོད། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །བསང་དང་སྐྱེམས་ཕུད་གཏོར་མ་དང་། །བརྔན་ཆ་འདོད་ཡོན་སྣ་ཚོགས་འབུལ། །མོ་མ་བདག་ལ་རྣོ་དབང་སྐུར། །ཇུ་ཐིག་འདི་ལ་དངོས་གྲུབ་ཕོབ། །ཁ་བུན་འདི་ལ་རྣོ་ངར་ལུད། །རྣོ་མཐོང་སྟོན་པའི་བྱ་ར་མཛོད། །སྔ་རྟགས་ཕྱི་རྟགས་དྲང་ཤན་ཕྱེས། །ལུས་དང་གྲིབ་བཞིན་ཁ་འཛིན་མཛོད། །ཕྱ་གཤེན་ཇུ་ཐིག་རྣོ་མཐོང་གི ། བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད། །ར་ཙེ་ཧ་ར་ཎ་འདུས་ཐོལ་ཐོལ་སྨྲོས་སྨྲོས། །གཏེར་སྲུང་རྨ་རྒྱལ་གྱི་གསོལ་མཆོད་དགེའོ། ༈ ། ཕུ་ཝེར་ཕྱ་གཤེན་རྣོ་མཐོང་གི་སྒྲུབ་པ་བཞུགས་སོ། །ཕུ་ཝེར་གསང་བའི་སྒྲུབ་པ། ཕུ་ཝེར་ལྷ་ལ་ཕྱག་འཚལ་ལོ། །གསང་བའི་སྒྲུབ་པ་འདི་ཉམས་སུ་ལེན་པར་འདོད་ན་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་སྔོན་འགྲོ་ལ། བྲག་རི་དཀར་པོ་ཤིང་རྩི་རྒྱས་པའམ། མཚོ་གཉན་གྱི་འགྲམ་དུ་འགྲོལ། ཆབ་གཏོར་གསེར་སྐྱེམས་བཏང་ཞིང་། གཞི་བདག་ལྷ་ཀླུ་བརྟན་མ་མཆོད། སྡོང་གྲོགས་བཅོལ་པའི་སྙན་གསན་གསོལ། དེ་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ནི། བཀྲ་ཤིས་


MR16_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ལ་དཀྱིལ་འཁོར་ཟླུམ་པོ་འདབ་བརྒྱད་གོང་རས་བཅས་པ་ལ། ལྟེ་བ་སེར་ལ་འདབ་བརྒྱད་དཀར། གོང་རས་དམར། མུ་ཁྱུད་སྔོ། དེ་ལ་གཡུང་དྲུང་ར་བས་བསྐོར། སུར་དཀར་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར། མདའ་བྱ་རྒོད་མ་གཅིག་ལ་དར་སྣ་ལྔ་རིན་པོ་ཆེ་ལྔ་བལ་ཚོན་སྣ་ལྔ་བཏགས། དར་དཀར་པོ་ཁ་གང་ལ་ཕུ་ཝེར་ཀྱི་སྐུ་བྲི་བ་ནི། དབུས་སུ་ལྷ་ཕུ་ཝེར་སེར་པོ་དར་དཀར་ཉི་ཟླ་རིས་གསོལ་བ། གཡས་ཇུ་ཐིག་གཡོན་མེ་ལོང་བསྣམས་པ་གཅིག་བྲི། གཡས་སུ་དཀྱིལ་ཕུ་ཝེར་དཀར་པོ་ནི། སྔོན་པོ་འཇའ་ཚོན་རལ་ཀ་གྱོན་པ། གཡས་ཇུ་ཐིག་གཡོན་ཁུ་བྱུག་བསྣམས་པ་བྲི། གཡོན་དུ་ཤེལ་ཕུ་ཝེར་དཀར་པོ་ནི། དར་དཀར་རལ་ཀ་གསོལ་བ། གཡས་རྩིས་བྱང་དང་གཡོན་ཇུ་ཐིག་བསྣམས་པ་བྲིས། ལྕམ་གསུམ་སྔོན་མོ་དར་དཀར་གོ་ཟུ་ཅན་གཡས་གསུམ་མེ་ལོང་། གཡོན་གསུམ་བུམ་པ་བསྣམས་པ་བྲི། ཀུན་ཀྱང་བཞེངས་སྐུ་བྲི། དེ་མདའ་ཡི་མགུལ་དུ་བཏག །ཕ་ཝང་། ཁུ་བྱུག །ཁྲུང་ཁྲུང་གི་སྙིང་དང་རྒྱལ་མཚན་དངུལ་དཀར་མེ་ལོང་ལྤགས་བུ་དཀར་པོ་བཏགས ། དེ་དཀྱིལ་འཁོར་དབུས་སུ་འཛུག །མཆོད་རྫས་འབྲུ་སྣའི་ཕྱེ་མ་ལ་གཡུ་ཏི་བྲན། འབྲང་རྒྱས་མར་གྱི་གཡུང་དྲུང་ཅན། གཡག་ལུག་ར་གསུམ། བྱ་དང་རི་དྭགས་སྣ་ཚོགས་ཀྱི་གཟུགས་བྱས་ལ་རིན་པོ་ཆེའི་སྣོད་དུ་བཤམ། གཡང་མོ་ལུག་གི་སྟོད་ཤས་བརྒྱན། གཡུ་ཏི་སྦྲང་ཆང་རྒུན་ཆང་གིས་བྲན། དཀྱིལ་འཁོར་དབུས་སུ་བཞག །དུས་གསུམ་བསང་བྱ། དུག་ཕྱུང་བྱ། དམུ་ཕོད་བྱ། ཚན་ཁྲུས་བྱ། བགེགས་བསྐྲད། མཚམས་བསྡམ། ངག་བཅད། མི་ལ་གསང་། དེ་ནས་ཏིང་འཛིན་རིམ་པ་ནི། བདག་ཕུ་ཝེར་དུ་བསྒོམ། དཀྱིལ་འཁོར་འཇའ་ཚོན་སྣ་ལྔའི་གུར་དུ་བསྐྱེད། དེའི་ནང་དུ་ཕུ་ཝེར་


MR16_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་གསུམ་དང་ལྕམ་གསུམ་བྲིས་སྐུ་བཞིན་དུ་བསྐྱེད། འཁོར་སྨན་བྲན་བརྒྱད་ཕྱག་ན་མེ་ལོང་སྟོན་ཞིང་གླིང་བུ་བཀྲོལ་བར་བསམ། གནས་ནས་སྤྱན་དྲངས་ལ་བསྟིམ། བདག་ལ་ཡོན་ཏན་ཐམས་ཅད་དང་སྲིད་པ་གསུམ་གྱི་མངོན་ཤེས་སྟོན་པར་བསམ། སྙིང་པོས་རྒྱུད་བསྐུལ་སྔགས་ཀྱི་འོད་ཟེར་ཐུགས་ཀ་ནས་འཕྲོས། མདུན་གྱི་ལྷ་ལ་ཕོག་པས་བདག་ལ་ས་འོག་གི་གཏེར་རྣམས་སྟོན་པར་བསམ། དེ་ནས་སྙིང་པོ་འདི་སྨྲ་བ་བཅད་ལ་བསྒྲང་། ཨཱོཾ་ཧ་རཾ་སྤུངས་སོ་ལམ་གསལ་ཁོད་དོ་འདུ། སྟོང་བཟླས་པས། ཉི་ཟླ་ཤར་དང་སྒྲོན་མེ་འདེགས། །མེ་ཏོག་བཏུ་དང་ཞལ་ཟས་སྟེར། །དྲི་བཟང་སྨན་རྣམས་དྲི་བྲོ་འོང་། །དེ་ནས་བསྟོད་དེ་འདི་སྐད་དོ། །ཀྱེ། གཡུ་བུན་འོད་ཀྱི་གཞལ་ཡས་ཀྱི། །འཇའ་ཚོན་འོད་ཀྱི་ཕོ་བྲང་ནས། །ཕུ་ཝེར་གསང་བའི་ལྷ་ཚོགས་བཞེངས། །སྨྲ་བྱེད་ཕུ་ཝེར་རྒྱལ་པོ་ནི། །གསེར་གྱི་མི་བོ་དར་དཀར་རལ་ཀ་ལུས་ལ་གྱོན། གཡས་ན་དུང་གི་ཇུ་ཐིག་བསྣམས། །བཟང་ངན་སྐྱོན་ཡོན་གཤེན་ལ་སྟོན། །གཡོན་ན་དངུལ་གྱི་མེ་ལོང་བསྣམས། །སྣང་སྲིད་ཐམས་ཅད་ས་ལེར་གསལ། །བདག་ལ་སྣང་སྲིད་ཡོན་ཏན་སྟོན། །དཀྱིལ་ཆེན་ཕུ་ཝེར་དཀར་པོ་ནི། །སྔོན་པོ་གཞའ་ཚོན་རལ་ཀ་གསོལ། །ཕྱག་ན་སྣང་བྱེད་སྒྲོན་མེ་འཛིན། །སྣང་སྲིད་ཐམས་ཅད་བདག་ལ་སྟོན། །ཤེལ་ཆེན་ཕུ་ཝེར་དཀར་པོ་ནི། །དུང་མདངས་དར་དཀར་རལ་ཀ་གྱོན། །རྩིས་བྱང་ཇུ་ཐིག་ཕྱག་ན་བསྣམས། །སྐྱོན་ཡོན་ཀུན་གྱི་དྲང་ཤན་ཕྱེས། །ལྕམ་མོ་བཟང་བྱེད་གསལ་མཛད་གསུམ། །སྔོན་མོ་དར་དཀར་གོས་སུ་གྱོན། །མེ་ལོང་བུམ་པ་ཕྱག་ན་བསྣམས། །རྣོ་གཡང་དངོས་གྲུབ་བདག་ལ་སྟོན། །འཁོར་དུ་སྨན་ཕྲན་བརྒྱད་ཀྱིས་བསྐོར། །སྨྲ་བྱེད་ལྕམ་དྲལ་ད་ཚུལ་བྱོན། །འབོད་ཟས་མང་པོ་བདག་ལ་


MR16_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །སྨྲ་བྱེད་ལྕམ་དྲལ་བྱོན་ཙམ་ན། །གཞའ་ཚོན་འོད་ཟེར་ཐིབས་སེ་ཐིབ། །རིན་ཆེན་རྒྱན་ཆ་སི་ལི་ལི། །རྦ་གླིང་སྙུག་གླིང་ཀྱུ་རུ་རུ། །དངུལ་དཀར་མེ་ལོང་ད་ལ་ལ། །གླུ་ལེན་བྲོ་བརྡུངས་ཁྲིགས་སེ་ཁྲིག །བདག་ལ་སྣང་སྲིད་ས་ལེར་སྟོན། །ཅེས་བརྗོད་ཅིང་གླིང་བུའི་སྒྲ་བཏང་། བསང་བྱ། དེ་ནས་བདག་ལ་བཟང་ངན་ཐམས་ཅད་དང་ས་འོག་གི་གཏེར་ཡང་སྟོན། དངོས་གཞི་སྒྲུབ་ཐབས་ཀྱི་རིམ་པའོ། །གསུམ་པ་མཇུག་གི་རིམ་པ་ནི། སྒྲུབ་པ་ཐོན་ནས་སྐུ་དང་རྟེན་རྣམས་རང་གི་ལུས་ལ་བཅིང་། མཆོད་རྫས་ཆ་གསུམ་བྱ། ཆ་གཅིག་བསང་བྱ། ཆ་གཅིག་རང་གིས་རོལ། ཆ་གཅིག་རྟེན་དུ་བཅང་། རྟ་བྱིན་ཡང་རྐུན་མ་ངོས་མི་བཟུང་། དུས་སུ་བསང་དང་མཆོད་པ་བྱ། དེ་ནས་ལུས་དང་གྲིབ་མར་འགྲོགས། དེ་ནི་མཇུག་གི་རིམ་པའོ། །ཕུ་ཝེར་གསུང་གི་སྒྲུབ་པ་ནི། བྱ་བ་སླ་ལ་དངོས་གྲུབ་མྱུར། བླ་ཆེན་བདག་གིས་ཕྱི་རབས་དོན་དུ། མོ་སྤྲ་དོན་འདུས་པ་ཕུ་ཝེར་ལྕམ་དྲལ་སྒྲུབ་ཐབས་ཡང་བཅུད། མདོ་ཁམས་ལྷ་བཙན་རྒྱལ་པོ་ལ་གཏད། འདི་ནི་ཡིད་བཞིན་ནོར་བུ་འདྲ། ལས་འཕྲོ་ཅན་དང་འཕྲད་པར་ཤོག། དྦྲྒྱ་བ་ཏཿ །བྷཿཨུ་ཡ་བྒ་རྒྱ་རྒྱ་རྒྱ་བི་ཏུ་ཞུ་རར་སྦག །གསལ་སྒྲོན་བསྟན་པ་ནི། སྒྲུབ་པ་ཐམས་ཅད་གོང་དུ་གསལ། བྱ་གསུམ་གྱི་སྙིང་དང་རྒྱལ་མཚན་འཛོམ་ན་རབ། མ་འཛོམ་ན་དར་ལ་བྲི། དངུལ་གྱི་མེ་ལོང་མེད་ཁ་མེད། ཕྱེ་མར་འོལ་སྐོམ་རྟེན་དུ་བཤམ། ཇུ་ཐིག་ལ་དིང་དིང་ཤཱཀྱ་གུར་ཆེན་གཅིག་མདུད་ལ་རྟེན་དུ་བཤམ། ཡང་ན་དིང་དིང་ཅོག་ཁ་གཅིག་མདུད་ལ་བརྟེན་དུ་བཀོད། སྟེང་དུ་དར་དཀར་ཉི་མ་རིས་ཀྱི་གུར་ཕུབ། མནོལ་ཡས་ནལ་མ་དང་ཡུག་ས་ལ་འཛེམ། སྒྲུབ་ཚེ་མི་ཟས་མི་ཟ། མཁོན་འཐབ་མི་བྱ། མི་རོ་མི་བཟུང་། ཐབ་གཞོབ་མི་བྱ། རྟགས་


MR16_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གསང་ངེས་ཐུབ་པར་བྱ། བསྟོད་པ་དུས་གསུམ་ལ་བྱ། སྤོས་དཀར་དུད་པ་བཏང་། མཚན་མ་ངན་ན་ཡི་དམ་བསྙེན་པ་བཟླ། ལིངྒ་བྲི་ལ་སྒོ་ཐེམ་ཞབས་སུ་མནན། དེ་ཡིས་དངོས་གྲུབ་མྱུར་རོ། །ཨུ་ཡ་ཡག་ཐཾ། རྒྱ་རྒྱ་རྒྱ། གནད་ཀྱི་གདམས་པ་ནི་གོང་གི་རྟགས་བྱུང་ནས་གཞུང་བསྙེན་དགུ་པ་ལ་ཤམ་བུ་བཅུ་པ་འདི་བཏགས། མ་མ་སིང་སིང་ཁྲོལ་ཁྲོལ་ལ་པུ་ཙ་ཏ་ར་བདག་ལ་ཕོབ། དེར་ཁྱེའུ་ཆུང་གཡུ་ཡི་ཟུར་ཕུད་ཅན་དང་བུད་མེད་རྒྱན་བཟང་གིས་བར་སྣང་ནས་བདག་ལ་སྨྲ་བའམ་སྒྲུབ་ཁང་དུ་སྒྲ་བཟང་ངན་སྒྲོག་པ་དང་།གླིང་བུའི་སྒྲ་བསྒྲགས་པ་སྐྱོན་ཡོན་ཏན་ཐམས་ཅད་མཐོང་བ་མེད་པར་ལྷང་ལྷང་བསྒྲག་པ་འོང་། དེ་ནས་གོང་མ་གཉིས་ལ་བཅུ་དགུ་པའི་ཡབ་སྔགས་འདི་བཏགས་པ་སྟོང་བཟླ། ཨོཾ་རི་མ་མ་སྟོན་སྲིད་པ་གསུམ་གྱི་མངོན་ཤེས་སྟོན་སི་རི་སི་རི་མི་གོ་སྟོན། དེ་བཟླས་པས་སྐྱོན་ཡོན་བཟང་ངན་ཐམས་ཅད་བཀག་པ་མེད་པར་སྟོན་ཏེ་ཐེ་ཚོམ་མེད། དྲི་བཟང་ཆི་ལི་ལི་འོང་། དེ་ནས་འབྲུ་བཅུ་གཅིག་པ་འདི་བཏགས་ལ་བཟླ། སིང་སིང་ཕོབ་ཕོབ། སྣང་སྲིད་ས་ལེར་སྟོན། བྲུཾ་འདུ། དེས་ནི་སྣང་སྲིད་སྐྱོན་ཡོན་སྣ་ཚོགས་དང་། དངོས་གྲུབ་ཐམས་ཅད་བདག་ལ་སྟོན་པར་འགྱུར། རྣ་བར་སྐྱོན་ཡོན་ཟློ་བར་ངེས། འདི་ནི་གནད་ཀྱི་གདམས་པའོ། །ཨུ་ཡ་རྒྱ་རྒྱ་རྒྱ་༔ ཇུ་ཐིག་འདི་སྤུ་བར་འདོད་ན། སྔགས་གོང་མ་རྣམས་ལ་བཅུ་གསུམ་པ་འདི་བཏགས། ཡང་ཡང་ཏེ་སྤུར། མ་སྤུར་ག་སྤུར་ཇུ་སྤུར་ཏིག་ནཾ་སྤུར། ཞེས་སྟོང་བཟླས།ཇུ་ཐིག་ལ་ཨ་ཁད་རྩེ་མ་མདུད་ལ་བསང་བྱ་བའི་ནང་དུ་བསྒྱུར་རོ། །བསྟོད་པ་བྱ། དེ་ནས་རྒྱ་མཚོ་ཡང་བསྐོར་ནུས་སོ། །སྤྱད་ཆ་ལ་སོགས་གང་ཚོལ་དེའི་མིང་ནས་བརྗོད། འཕྲུལ་གྱི་ཇུ་ཐིག་ཁྱོད་བདག་གི་ཅི་འདོད་དྲོངས་ཤིག །ཅེས་བརྗོད་པས་འདོད་པ་ཐམས་ཅད་བསྒྲུབས་


MR16_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོང་། དེ་ནི་སྤུར་བའི་རིམ་པའོ། །ཨུ་ཡ་རྒྱ་རྒྱ་རྒྱ། བདག་སྒྲུབ་པ་ལ་ཞུགས་པའི་དུས་སུ། ཡིད་མི་དགའ་ཁྲོ་སྙིང་འདོད། གནས་སྔར་བས་འཇིགས་པར་གྱུར་ན། གྲོ་ཤོག་ལ་ལིངྒ་བྲིས་ལ་སྔགས་འདིས་བསྐོར། སྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་ཏྲི་ཛ་ནན། སྔགས་ཡི་དམ་མམ་ཕུ་ཝེར་གྱི་བསྙེན་པའི་ཤམ་ལ་བཏགས། ཏྲི་ཛ་སྟྭཾ་བྷ་ཡ་གནོད་བྱེད་ཏྲིག་ནན། ཅེས་བརྒྱ་ཙམ་བརྗོད་ལ་སྒོ་ཐེམ་ཞབས་སུ་མནན། དེས་ཅི་བསམ་འགྲུབ་བོ། །ཕུ་ཝེར་དཀར་པོའི་སྒྲུབ་པ་ལ། འདི་མེད་གཞན་གྱིས་ཡུག་པ་རྐྱང་། བྦ་ཉྱ་བྒས་ཐྭཾ་྅རྒྱ་རྒྱ། །བྦ། ནོར་དུ་སྒྲུབ་ན་སྔགས་འདི་གོང་མ་ལ་བཏགས། རཏྣ་སི་ཏི་ཕ་ལ་དྲུང་མུ་རཏྣ་བྲུཾ་འདུ། རྫས་ནི་འབྲུ་སྣ་ཚོགས་ཚད། ཕྱུག་པོའི་ནོར་ལུག་སྤུ་རྩིད་དགོས། སྒྲུབ་པ་ཐོན་ནས་མེ་ལོང་སྐུ་ནི་མཆན་ཁུང་གཡོན་དུ་བཏགས། རྟེན་གཞན་མ་བང་མཛོད་ནང་དུ་སྤ། དེ་ནི་ནོར་སྒྲུབ་ཀྱི་རིམ་པའོ། །ཨུ་ཡ༔ གསལ་སྒྲོན་ལག་ལེན་འདི། ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག། བྦ་བྦ་ཞ་རྒྭ་རྒྭཿཨ་ཀ་ཐོཾ། རྒྱ་རྒྱ་རྒྱ། ཤོག་སེར་བུ་ལས་ཞལ་བཤུ་བྱས། ༤༡༢྅་བྦ་྅་བྚ ཕུ་ཝེར་སྒྲུབ་པའི་གནད་ཡིག་བཞུགས་སོ། བྦ ཕུ་ཝེར་ལྕམ་དྲལ་བསྒྲུབ་པ་ལ། ཐམས་ཅད་གཞུང་གིས་གསལ་བ་ལ། གནད་ཀྱི་གདམས་པ་བསྟན་པ་ནི། བསེ་རགས་བླ་རྐུན་སྦུན་བཞི་མནན་ཐབས་བསྟན། །བསེར་རག་སྦུན་བཞི་མ་མནན་ན། །སྒྲུབ་པ་མི་འགྲུབ་བར་ཆད་མང་། །དེས་ན་འདིའི་བྱ་ཐབས་བསྟན། །རོ་རས་དག་གམ་གྲོ་བ་ལ། །གྲི་ཁྲག་ཁྱི་ཁྲག་བསྲེས་པའི་ལིངྒ་བྱ། །བྱ་མགོ་ཁྱི་མགོ་སྦྲུལ་མགོ་བུ་མེད་མགོ་ཅན་གཟུགས་བཞི་བྲིས། ཏྲི་བཞི་ལ་སོགས་སྔགས་ཀྱིས་བསྐོར། །ར་རུ་ནག་པོའི་ནང་དུ་གཞུག །ཁྱིས་ཕུང་རེ་བའི་ནང་དུ་དྲིལ། །བདག་


MR16_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཕུ་ཝེར་རྒྱལ་པོ་སྒོམ། །ཏྲི་ལས་འོད་ཟེར་ལྕགས་ཀྱུ་སྤྲོས། །དེ་འདྲ་གཟུགས་ལ་ཡང་ཡང་བསྟིམ། །ཉུངས་དཀར་ཉུངས་ནག་ཆོགས་ཕྱེ་ཁྱི་ཁྲག །རམ་པ་ལ་བསད་སྔགས་འདི་བཟླས་ལ་ཐུན་གྱིས་བྲག །བསོ་རུ་ཏྲི་མར་ཤང་། ཨེ་ཏྲི་ནག་ཤན། ས་མ་ཡ་ཛ༔ རཱ་ཛ་ཏྲི་ཤཾ་བཛྲ་འུར་འུར་རྦད། བསེ་རག་ཨུ་དུག་རྦད་ནན། འདིའི་ཤམ་དུ་ལ་ཏ་བཏགས། ཞག་བདུན་བཟླས་པའི་ཐུན་བྲབ། ཐུན་དེ་མེ་རུ་འབར་བས་བསྲེགས་པར་བསམ། བུད་མེད་ཁྱེའུ་བསད་པ་འོང་། དེ་ལྟར་བྱུང་ནས་སྒྲུབ་ཁང་མི་མཐོང་བའི་ཕག་ཏུ་མནན། དེས་ནི་ལས་གྲུབ་བཀྲ་ཤིས་སོ། །དེ་ལྟར་བྱས་ན་སྒྲུབ་པ་པོ་དང་ཕུ་ཝེར་གཉིས། རྩི་ཏ་ཞིག་གི་ནང་དུ་གཏམས། དེ་མེད་གཞུང་ཡང་ཡུག་པ་རྐྱང་། དཀྱུས་ནས་གུད་དུ་ཕྱུང་བའི་ཡིག་ཆུང་། །ཨུ་ཡ་རྒྱ་རྒྱ་རྒྱ༔ ༤༡༔ ཐམས་ཅད་གཞུང་གིས་ཤེས་པ་ལ། །མན་ངན་ཟུར་ཙམ་བསྟན་པ་ནི། །ལིངྒ་གོང་བཞིན་བྲིས། སྙིང་གར་ཏྲི་བཞི་བྲིས་ལ་སྔགས་འདིས་བསྐོར། ཏྲི་ཛ་སྟམ་བྷ་ཧྲིང་གསང་བའི་སྒྲུབ་པ་ལ་བར་ཆད་བྱེད་པའི་བསེ་རག་སྟཾ་ཧྲིང་ནན། མ་ཏ་དེའི་ཤམ་དུ་བཏགས་ལ་བསྐོར། བདག་ཉིད་ཡི་དམ་དུ་བསྒོམ། ཐུགས་ལས་འོད་ཟེར་སྤྲོས་ལ་བསྟིམ། ཐུན་རྫས་མཚོན་ཆར་བསམས་ལ་བྲབ། །མཆོད་རྟེན་སྒོ་ཐེམ། ཡང་ན་སྒྲུབ་ཁང་ཕག་ཏུ་མནན། ཁྱད་པར་དུ་འདི་གལ་ཆེ། འདི་བྱས་བར་ཆད་མེད་པར་འགྱུར། ཨུ་ཡ་རྒྱ་རྒྱ་རྒྱ། འདི་རྩིས་ལ་མེད་དོ། །ཨུ་ཡ། ཐག་རིང་ལ་མི་མནན། མགོ་མཛུག་བར་གཙང་ཁྲིགས་སེ་འདུག་གོ། མངྒ་ལཾ། །འཁོར་ལོའི་གནད་ཡིག་ནི། དར་རས་རྒྱ་ཤོག་གང་རུང་གཙང་མ་ལ། སྨན་སྣ་གསུམ་བྱུག་ལ་བྲི། མུ་ཁྱུད་རིམ་པ་


MR16_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རུ་བསྐོར། དབུས་སུ་ནོར་བུའི་ཁང་སེང་དུ་ནྲྀ་ལ་རང་མིང་གིས་བསྐོར། ནོར་བུའི་ལྟེ་བར་ཨ་གསུམ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ་ཨོཾ་ཧ་ར་ཞེས་སོགས་བྲི། མ་མ་སིང་སིང་ཞེས་སོགས་བྲི། དེ་རྒྱབ་མུ་ཁྱུད་ལ། ཡང་ཡང་ཏི་སོགས་བྲི། འདོད་གསོལ་མཐའ་བསྒྱུར་ཤེས་པར་བྱ། སྤྱིར་གཟུགས་བརྙན་གསུམ་ནི། ཁུ་བྱུག་སྔོ། ཁྲུང་ཁྲུང་དཀར། ཕ་ཝང་གྲོ་བོའོ། །འཁོར་ལོའི་ཞལ་ཤེས་འདི་གཞན་ལ་མ་བསྟན། ཨུ་ཡ་རྒྱ་རྒྱ་རྒྱ། མངྒལཾ།