Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར།
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར།next

གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར།


MR19_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ ཡུ རྦྷ ག པྲ ཀཱ མ ཎཱ ཉ྄ི ཤྲཱ དཱ ནཾ ན མ མ ཧཱ ནི དྷི ར ཏྣ དྭཱི པ སྱཱ ཡུཿ སཱ ངྒ ཀ གུ ཧྱ ས མུ དྲཱ ཡ ཀ རྨ ཎ པ ཋ སི དྡྷ ནི བྱཱི ཧ བི ཧ ར ཏི སྨ།
གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །


MR19_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་དཀྱིལ་འཁོར་ཀུན་གྱི་གཙོ༔ སྐྱེ་འཆི་གཉིས་བྲལ་རྡོ་རྗེའི་སྐུ༔ བཅོམ་ལྡན་ཚེ་ཡི་བདག་པོ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔དེ་ཡི་སྤྲུལ་པ་རྒྱ་བོད་དུ༔ རྩོད་པ་མེད་པ་རབ་གྲགས་པ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་གསང་བ་འདུས་པ་ཡི༔ ཆོ་གའི་རིམ་པ་བསྟན་པར་བྱ༔ འདི་ལ་སྔོན་འགྲོ༔ དངོས་གཞི༔ རྗེས་ཀྱི་རིམ་པ་དང་གསུམ་མོ༔ ཐོག་མར་དབེན་པའི་གནས་སུ་བཀྲ་ཤིས་པའི་ས་ལ༔ དལ་འདོམ་གང་ངམ་མདའ་གང་ལ་སོགས་དྲིའི་ཆག་ཆག་གདབ་ལ༔ བུ་མོ་གཙང་མ་རིགས་བཟང་རྒྱན་དང་བཅས་ཏེ༔ གཟུངས་མར་མངའ་གསོལ་ཐིག་སྐུད་སྣེ་གཏད་ལ༔ རྡོ་རྗེའི་གླུ་འདིས་གདབ་པར་བྱའོ༔ ཧཱུྃ༔ སྐྱེ་བ་མེད་པའི་ཆོ་འཕྲུལ་ནི༔ མི་འགྱུར་རྟག་པའི་གཡུང་དྲུང་གསལ༔ གསང་བ་ཡུམ་


MR19_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཁའ་ཀློང་ནས༔ བཅུ་དྲུག་ལོན་པའི་ཐིག་ལེ་འཛིན༔ ཡིད་འོང་འཁྲིལ་ལྡེམ་ལྷ་མོའི་གཟུགས༔ གསང་བ་རྡོ་རྗེའི་ཐིག་ཐོབ་ཅིག༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྚ་ལ་ཧཱུྃ་བྷྲཱུྃ༔ ཞེས་ཐིག་གདབ་ཅིང་དཀྱིལ་འཁོར་བྲི་བ་ནི༔ ལྟེ་བ་དམར་པོ༔ དེའི་ཕྱི་རོལ་མུ་ཁྱུད་དཀར་དམར་མཐིང་གསུམ་སྐུ་གསུམ་དུ་མཚོན་པའོ༔ དེའི་ཕྱི་རིམ་ལ་པད་འདབ་བཞི༔ དེའི་ཕྱི་རོལ་དུ་པདྨ་འདབ་བཞི་དང་ཟུར་བཞི་རིན་པོ་ཆེས་མཚན་པའོ༔ དེའི་ཕྱི་རིམ་པདྨ་འདབ་བཞི་དང་༔ ཟུར་བཞིར་རྡོ་རྗེའི་རྭ་བཞིས་མཚན་པའོ༔ དེའི་ཕྱི་རིམ་པདྨ་ལྔ་དང་༔ མེ་ཏོག་གིས་མཚན་པའོ༔ དེའི་ཕྱི་ལ་སྒོ་རྟ་བབ་པད་རྡོར་མེ་རི་ལ་སོགས་གཞན་དང་མཐུན་པར་བྲིའོ༔ ཕྱི་ནང་གི་པདྨ་རྣམས་ནི་ཕྱོགས་ཚོན་ཀུན་དང་མཐུན་པར་འོང་ངོ ༔ གཉིས་པ་རྫས་བཤམ་པ་ནི༔ རིན་པོ་ཆེའི་བུམ་པ་ཆག་གས་མེད་པའི་ནང་དུ༔ ཛ་གད་


MR19_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་ཁུ༔ བུར་སྦྲང ༔ འོ་མ༔ བུམ་རྫས་ཉེར་ལྔ༔ མར་གྱི་རིལ་བུ་ལྷ་ཡི་གྲངས་སམ༔ གྲངས་མེད་པ༔ མགུལ་ཆིངས་དམར་པོ་ཁ་ཚངས་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཤམ༔ ཁ་ཚངས་ལ་ཙ་ཀ་ལི་རྣམས་བཀོད༔ སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་ཚོགས་ཐམས་ཅད་རྒྱས་པར་བཤམ༔ ཚེ་ནས་དཀར་མོའི་སྟེང་དུ་ཚེ་ཆང་ཚེ་འབྲས༔ ཕྱོགས་བཞིར་ཕྲིན་ལས་བཞིའི་འབྲང་རྒྱས༔ ཕྲིན་ལས་པ་རྣམས་ལ་རེ་རེ་ཞིང་༔ ཚེའི་མདའ་དར༔ ཕོའི་ཚེ་རྟེན་དུ་མདའ་དང་གསེར༔ མོའི་ཚེ་རྟེན་དུ་གཡུ་དང་བལ༔ བྱིས་པའི་ཚེ་རྟེན་དུ་དུང་དང་ཤྭ༔ ཚེའི་གཏོར་མ་གཡང་ཞགས་འཁྱིལ་བ་སོགས་བཤམ་མོ༔ དངོས་གཞི་སྒྲུབ་པའི་ཆོ་གར་འཇུག་པར་བྱ་བ་ལ༔ ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པས༔ དེ་ནི་སྒྲུབ་མཆོད་འདོན་འགྲིགས་ལས་གསུངས་པ་ལྟར་བྱ་སྟེ༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང་༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་བསམ༔ ཕ་མས་གཙོ་བྱས་འགྲོ་བ་རྣམས༔ སྒོ་གསུམ་གུས་པས་འདི་སྐད་དོ༔ སྐྱབས་སུ་འགྲོ་བ་ནི༔ ན་མོ་བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ་དང་༔ སེམས་བསྐྱེད་པ་ནི༔ ཀྱེ་མ་བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ཞེས་བྱ༔


MR19_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བདུན་པ་ནི༔ རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགག་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང་༔ འཁོར་བ་དོང་ནས་སྤྲུག་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ འབྱུང་གཏོར་བཏང་བ་ནི༔ སྣོད་གཅིག་ཏུ་ངར་མི༔ བཤོས་བུ༔ མར་མེ༔ ཆང་ཀྲད༔ ཐེབ་ཀྱུ་རྣམས་འབྲས་ཆན་དང་༔ ཤ་ཆང་གིས་བརྒྱན་པར་ཆུ་གཙང་བྲན༔ ཧྲཱིཿ པདྨཱནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝའི་རྩ་སྔགས་བརྗོད་པ་ཙམ་གྱིས་བདག་ཉིད་སྐད་ཅིག་གིས་རྟ་མགྲིན་དབང་ཆེན་རྟ་སྐད་སྟོང་གསུམ་གང་བར་སྒྲོགས་པའི་སྐུར་གསལ་བས༔ བགེགས་འགུག་པ་ནི༔ ཧྲཱིཿ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང་༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ དབང་ཆེན་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་ཞིག་གིས་འདིར་འདུས་ཤིག༔ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཌཱ་ཀི་རཱ་ཛ་ཧཱུྃ་ཛ༔ ཞེས་པས་བགེགས་དང་ལན་ཆགས་འབྱུང་པོ་ཐམས་ཅད་འདུས་པར་བསམ༔ ཨོཾ་སྭ་བྷཱ་ཝ ས་སྦྱངས༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས༔ ལན་གསུམ་བརྗོད་པས༔ རང་རང་དང་མཐུན་པའི་འདོད་ཡོན་


MR19_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལོངས་སྤྱོད་དཔག་ཏུ་མེད་ཅིང་ཟད་མི་ཤེས་པའི་གཏེར་ཆེན་པོར་བྱིན་གྱིས་བརླབས་ཏེ༔ སྦྱིན་པ་ནི༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ༔ ཧོ༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི༔ གང་འདིར་དགེ་བའི་ལས་སྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ༔ ནམ་མཁའ་ལ་འཕྱོ་བ༔ ས་གཞི་ལ་གནས་པ༔ ས་འོག་ཏུ་འགྲིམ་པ༔ འབྱུང་བ་ལ་བརྟེན་པ༔ སྐྱབས་གྲིབ་ལ་གབ་པ་ལ་སོགས༔ བླ་ན་མེད་པའི་དཀྱིལ་འཁོར་གཉན་པོ་འདི་སྒྲུབ་པ་ལ་མི་དབང་བའི་གདོན་བགེགས་གང་ཡིན་པ་དེ་དག་ཐམས་ཅད༔ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་དགའ་མགུ་ཡིད་རང་ནས་ཚིམ་པར་གྱུར་ཅིག༔ ཚིམ་ནས་ཀྱང་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛོད་ལ༔ འདིར་སྐད་ཅིག་ཡུད་ཙམ་ཡང་མ་གནས་པར་ཕྱིར་དེངས་ཤིག༔ བྱེར་ཞིག༔ སརྦ་བིགྷ་ནན་གཙྪ༔ ཞེས་དང་༔ གླུད་གཏོར་སྒྲུབ་ཁང་གི་བྱང་ཤར་མཚམས་སུ་དོར་ལ༔ རོལ་མོ་ཐམས་ཅད་དྲག་ཏུ་བསྒྲག༔ གུ་གུལ་གྱི་དུད་པས་བདུག༔ ལས་བྱང་གི་བཀའ་བསྒོ༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ བྱང་ཆུབ་སྒྲུབ་ལ་མི་དགའ་ཞིང་༔ ལུས་སེམས་སྦྱོར་བ་ངན་པ་ཡིས༔ མི་ལ་གནོད་ཅིང་འཚེ་བྱེད་པ༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ༔ གཤེད་དང་ལྕགས་དང་བླ་ཁྱེར་བྱེད༔


MR19_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་རིགས་ནི་གང་ཡང་རུང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ ནད་ཡམས་དལ་གྱི་བདག་མོ་སོགས༔ ཚེ་དང་སྲོག་ལ་གནོད་བྱེད་པའི༔ བདུད་སྡེ་དཔུང་བཅས་ཕྱིར་དེངས་ཤིག༔ ལན་ཆགས་གླུད་གཏོར་བྱིན་ནས་ཀྱང་༔ བསྒོ་བའི་བཀའ་ལ་མི་ཉན་ན༔ དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ རྟ་སྐད་མཚེར་ཞིང་མཚོན་ཆས་གཏུབ༔ རྡོ་རྗེ་འཛིན་ཡང་འཇིགས་ནུས་ན༔ བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས༔ ལུས་ངག་ཐལ་བར་བརླགས་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ དེ་བས་མ་རུངས་གདུག་པའི་ཚོགས༔སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ ཅེས་ཧཱུྃ་བཞིའི་སྔགས་ཤམ་དུ༔ ཚེ་དང་སྲོག་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བཀའ་བསྒོ་ནས་མཚམས་བཅད་པར་བྱ་སྟེ༔ རང་ཉིད་དབང་ཆེན་དུ་གསལ་བས༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས༔ ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང་༔ ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང་༔ ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་བསྐོར༔ མེ་ནི་སྲིད་གསུམ་ཁྱབ་པར་འབར༔ དྲེགས་ཤིང་གདུག་པ་སུ་ཡོད་ཀྱང་༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་བྷྲཱུྃ་བཛྲ་རཀྵ་བྷྲཱུྃ་བཛྲ་ཙཀྲ་ཏིག་སྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་


MR19_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་བྷཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་འཁོར་ལོ་དབྱུག་ཏོ་རལ་གྲི་རྒྱ་གྲམ་ཕུར་བུའི་གུར་ཁང་བསྣོལ་མར་འཁོར་ཞིང་བར་མཚམས་མེད་པའི་སྲུང་གུར་གྱིས་གཏམས་པའི་ཕྱི་ལ་ཡེ་ཤེས་ཀྱི་མེ་ལྕེ་ཁ་དོག་སྣ་ལྔ་ཚངས་གནས་ཀྱི་བར་དུ་འུ་རུ་རུ་འབར། བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་ལྕགས་རིའི་ཕྱིར་བསྐྲད་དེ་འདའ་བ་མེད་པར་བསམ་མོ། །དེ་ལྟར་མཚམས་བཅད་ནས་བྱིན་དབབ་པར་བྱ་སྟེ༔ མོས་གུས་གདུང་ཤུགས་དྲག་པོས་ཐུགས་དམ་བསྐུལ་བས་ཕྱོགས་བཅུ་དུས་བཞིའི་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་བསམས་ལ། དབྱངས་སྙན་ཞིང་རོལ་མོ་རྣམས་བཀྲོལ་ཏེ༔ སྤྲོ་ན་རིག་འཛིན་བྱིན་འབེབས་དང ༔ བྱིན་འབེབས་འོད་དྲྭ་སྦྱར༔ བསྡུ་ན་རང་གཞུང་གི་བྱིན་འབེབས་ནི༔ ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཚེ་ལ་དབང་བའི་དཀྱིལ་འཁོར་འདིར༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་ལྷ་མོ་མགྱོགས་མ་བཞི༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ ཕྱོགས་བཅུ་ནམ་མཁའི་མཐའ་མཉམ་ནས༔ འཁོར་འདས་ཀུན་གྱི་ཚེ་དང་དཔལ༔ བཀྲག་མདངས་གཟི་བརྗིད་ཀུན་བསྡུས་ནས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཚེ་དང་དཔལ་གྱི་འོད་ཟེར་འབར༔ དཀྱིལ་འཁོར་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་


MR19_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཆེན་སྐུར༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨཱ་ཝེ་ཤ་ཡ་ཨཨཱཿ སྐབས་འདིར་མཆོད་གཏོར་གཞན་དང་མཐུན་པར་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱི་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བྷ་ལིཾངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་བྷོ་དྷི་ཙིཏྟ་གྷ་ན་གུ་ཧྱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལན་གསུམ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཚེ་ལྷ་རྒྱལ་བ་འཁོར་བཅས་དགོངས༔ བདག་ཅག་ལུས་ངག་ཡིད་གསུམ་གྱི༔ མི་དགེ་ཉམས་ཆག་འགལ་འཁྲུལ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ དེ་ནས་དངོས་གཞི་བསྐྱེད་བཟླས་སོགས་བྱ་བ་ལ་ཐོག་མར་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྟོང་པ་ཆེན་པོ་ཆོ་འཕྲུལ་ཆེ༔ གསང་ཆེན་ཡུམ་ལྔའི་མཁའ་ཀློང་ནས༔ ཨེཿཡྃཿརྃཿསུྃཿཀེཾཿརྃཿལས༔ འབྱུང་བ་ཆེན་པོ་ལྔ་རུ་ཤར༔ སྲ་བརྟན་རྡོ་རྗེའི་རི་རབ་སྟེང་༔ པདྨ་རིན་ཆེན་རྡོ་རྗེ་དང་༔ ཁོར་ཡུག་འོད་ཀྱི་དྲྭ་བར་གསལ༔ རིན་ཆེན་སྣ་


MR19_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་རྩིག་པ་ལ༔ འགྱུར་མེད་རྡོ་རྗེའི་རྒྱ་ཡིས་གདབ༔ གྲུ་ཆད་སྒོ་ཁྱམས་རྒྱན་རྣམས་རྫོགས༔ རྟ་བབ་ཆོས་འཁོར་གདུགས་ཏོག་མཛེས༔ ཕོ་བྲང་མཉམ་ཡངས་འོད་དུ་འབར༔ ཕྱི་གསལ་ནང་གསལ་དྲི་མ་མེད༔ ངོ་མཚར་རྒྱལ་བའི་ཕོ་བྲང་གསལ༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྚ་ལ་ཧཱུྃ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དབུས༔ རྨ་བྱ་ཉི་ཟླ་པདྨའི་སྟེང ༔ ཡི་གེ་ཧྲཱིཿཡིས་འཕྲོ་འདུ་ལས༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ རིན་ཆེན་རྒྱན་རྫོགས་ཅོད་པན་ཅན༔ གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔ དམར་སེར་གཞོན་ཚུལ་བདེ་བ་རྒྱས༔ ཚེ་མདའ་གཡས་ལ་ཚེ་བུམ་གཡོན༔ བདེ་ཆེན་ཡབ་དང་གཉིས་མེད་འཁྲིལ༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔ ཤར་ཏུ་ལཱ་སེ་དཀར་མོ་ལ༔ ལྷོ་རུ་མཱ་ལེ་སྔོན་མོ་བསྐྱེད༔ ནུབ་ཏུ་གཱིརྟི་དམར་མོ་སྟེ༔ བྱང་དུ་ནཱིརྟི་ལྗང་གུ་བསྐྱེད༔ དེ་ཡི་ཕྱི་རིམ་འཁོར་ཡུག་ལ༔ ཤར་ཕྱོགས་དཀར་མོ་མགྱོགས་མ་སྟེ༔ ལྷོ་ཕྱོགས་སྔོན་མོ་རྒྱས་མའི་ཚུལ༔ ནུབ་ཕྱོགས་དབང་གི་མགྱོགས་མ་དམར༔ བྱང་ཕྱོགས་ལས་ཀྱི་མགྱོགས་མ་ལྗང་༔ དེ་ཡི་ཕྱི་རིམ་པདྨ་དང་༔མི་འགྱུར་རྡོ་རྗེའི་ཟུར་བཅས་ལ༔ ཤར་དུ་ལྕགས་ཀྱུ་ལྷོར་ཞགས་པ༔ ནུབ་ཏུ་ལྕགས་སྒྲོག་བྱང་དྲིལ་བུ༔ ཚེ་ཡི་བདག་པོ་མགྱོགས་མར་བཅས༔ དེ་ཡི་ཕྱི་རིམ་པདྨ་ལྔ༔ མེ་ཏོག་མཛེས་པའི་འཛུམ་


MR19_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ༔ ཚེ་བདག་རྒྱལ་བ་རིགས་ཀྱི་ཡུམ༔ ཤར་དུ་ཀུན་བཟང་མཱ་ཀི་དཀར༔ ལྷོ་རུ་སངས་རྒྱས་སྤྱན་མ་སེར༔ ནུབ་ཏུ་ན་བཟའ་དཀར་མོ་དམར༔ བྱང་དུ་དམ་ཚིག་སྒྲོལ་མ་ལྗང་༔ དེ་ལྟར་གཙོ་འཁོར་ལྷ་རྣམས་དང་༔ གཞན་ཡང་ཚེ་ལྷ་རིག་འཛིན་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཚེ་ཡི་འཕྲོ་འདུ་འོད་ཟེར་ཅན༔ ལྷུན་གྲུབ་འགྱུར་བ་མེད་པར་བསྒོམ༔ ཨོཾ་ཨཱ་ཡུ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲ་ས་མ་ཡ་ཛ་ཛ༔ སྐབས་འདིར་མདུན་བསྐྱེད་ནང་སྒྲུབ་ལྟར་བྱ་སྟེ། སྭ་བྷཱ་ཝ་སོགས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་བརྗོད་པས། མདུན་གྱི་དལ་བུམ་པ་དང་བཅས་པ་མི་དམིགས་པ་ལས༔ གཞལ་ཡས་ཁང་ཆེན་པོ་སྒོ་བཞི་གྲུ་བཞི་རྟ་བབས་གདུགས་ཏོག་ཆོས་འཁོར་རྣམས་ཡོངས་སུ་རྫོགས་པ༔ ཕྱི་གསལ་ནང་གསལ་འོད་དུ་འབར་བ༔ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ༔ རྨ་བྱ་བརྒྱད་དང་པདྨ་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ཡི་གེ་ཧྲཱིཿ དམར་པོ་འོད་འབར་བ་ལས་འོད་ཟེར་ཕར་འཕྲོས༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ ཁྱད་པར་དུ་འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་དྭངས་བཅུད་ཐམས་ཅད་ཚུར་འདུས་ཧྲཱིཿལ་ཐིམ༔ ཧྲཱིཿཡོངས་


MR19_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས༔ ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་མཉམ་གཞག་གི་སྟེང་ན་ཚེ་ཡི་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བ་འཛིན་པ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ མདུན་ན་ཚེ་ཡི་ལྷ་མོ་གོས་དཀར་མོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་སེར༔ ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་༔ གཡོན་པས་ཚེ་ཡི་བུམ་པ་ཡབ་ཀྱི་སྙན་གཡས་ཀྱི་ཐད་དུ་འཛིན་པ༔ དབུ་སྐྲ་གྲོལ་བ༔ སྐུ་གཅེར་བུ་ལ་རིན་པོ་ཆེ་དང་པདྨའི་ཕྲེང་བ་དང་རྒྱན་དྲུག་གིས་སྤྲས་པ༔ འཛུམ་པའི་མདངས་དང་ལྡན་པ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བའོ༔དེའི་ཤར་དུ་མི་བསྐྱོད་པ་ཚེ་དཔག་མེད་སྐུ་མདོག་སྔོན་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ཡུམ་མཱ་མ་ཀཱི་དང་འཁྲིལ་བའོ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད་སྤྱན་མ་ཡབ་ཡུམ་སྐུ་མདོག་སེར་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་རྣམ་པར་སྣང་མཛད་ཚེ་དཔག་མེད་དབྱིངས་ཕྱུག་མ་ཡབ་ཡུམ་སྐུ་མདོག་དཀར་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ བྱང་དུ་དོན་ཡོད་གྲུབ་པ་ཚེ་དཔག་མེད་སྒྲོལ་མ་ཡབ་ཡུམ་སྐུ་མདོག་ལྗང་གུ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ དེའི་ཕྱི་རིམ་དུ༔ ཤར་དུ་ལཱ་སེ་མ་དཀར་མོ་གཡས་མདའ་དར་དང་༔ གཡོན་ཚེའི་བུམ་པ་འཛིན་པ༔ ལྷོར་མཱ་ལེ་སྔོན་མོ་གཡས་མདའ་དར་དང་༔ གཡོན་ཚེའི་


MR19_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཛིན་པ༔ ནུབ་ཏུ་གཱིརྟི་མ་དམར་མོ་གཡས་མདའ་དར་དང་༔ གཡོན་ཚེའི་བུམ་པ་འཛིན་པ༔ བྱང་དུ་ནཱིརྟི་མ་ལྗང་གུ་གཡས་མདའ་དར་དང་༔ གཡོན་ཚེའི་བུམ་པ་འཛིན་པ༔ དེ་དག་ཐམས་ཅད་ལྷ་མོ་ཕྱེད་སྐྱིལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་ལ་ཤར་དུ་དཀར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ལྷོར་སྔོན་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་དམར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ བྱང་དུ་ལྗང་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ཀུན་ཀྱང་པདྨོའི་ཕྱེད་སྐྱིལ་གྱིས་བཞུགས་པའོ༔ དེའི་ཕྱི་རིམ་དུ་ཤར་དུ་སྒོ་མ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་དང་བསེའི་གའུ་འཛིན་པ༔ ལྷོར་སྒོ་མ་ཞགས་པ་མ་སེར་མོ་རིན་པོ་ཆེ་དང་ཞགས་པ་འཛིན་པ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་བྷནྡྷ་འཛིན་པ༔ བྱང་དུ་སྒོ་མ་དྲིལ་བུ་མ་ལྗང་གུ་རྒྱ་གྲམ་དང་གཡུའི་གའུ་འཛིན་པ༔ སྒོ་མ་རྣམས་བརྐྱང་བསྐུམ་གར་སྟབས་སུ་བཞུགས་པའོ༔ ཀུན་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ལ༔ དར་རྣམ་པ་ལྔའི་སྟོད་གཡོགས་དང་༔ དམར་པོའི་ཤམ་ཐབས་ཅན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསྒོམ༔ བདག་མདུན་གྱི་ལྷ་དེ་དག་རང་རང་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག་རེ་རེ་བསྒོམ༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་


MR19_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་སུ་བྱིན་གྱི་བརླབས་ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ལྔའི་དབང་བསྐུར་བར་བསམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧྲཱིཿདམར་པོའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ སྔགས་དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་རང་རང་གི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་རང་རང་ལ་བསྟིམ་པས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་ཏེ༔ འོད་ཟེར་གྱིས་སྟོང་གསུམ་གང་བར་བསྒོམ༔ དེ་ནས་ཚེ་མདའ་རོལ་མོ་དང་བཅས་ཏེ་སྤྱན་འདྲེན་པ་ནི་སྤྲོ་ན་ཚིག་བདུན་གསོལ་འདེབས་སྔོན་དུ་བཏང་ནས། ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་༔ འགྱུར་བ་མེད་པའི་ཕོ་བྲང་ནས༔ རིགས་བདག་ཚེ་ཡི་མགོན་པོ་ནི༔ ཚེ་ཡི་ལྷ་མོ་མགྱོགས་མ་དང་། ཕོ་ཉ་སྤྲུལ་པ་ཡང་སྦྲུལ་བཅས། རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ ཚེ་ཡི་དངོས་གྲུབ་བསྒྲུབ་བྱའི་ཕྱིར༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་བྱོན་ནས་ཀྱང་༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ དགྱེས་པའི་ཚུལ་དུ་བཞུགས་ནས་ཀྱང་༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨཱ་ཡུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དེང་གི་གནས་མཆོག་དམ་པ་འདིར༔ ཚེ་ཡི་ལྷ་ཚོགས་འཁོར་བཅས་ལ༔


MR19_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ལུས་ངག་རབ་དད་པས༔ རྟག་པར་རྒྱུན་གྱི་ཕྱག་བགྱིའོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་ཕྱི་ནང་སྨན་གཏོར་རཀྟ་ལ་སོགས་མཆོད་པ་ནི༔ ཧཱུྃ༔ ཚེ་ཡི་བདག་པོ་གཙོ་འཁོར་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྦྱོར་སྒྲོལ་སྟན་གྷན་རྨད་དུ་བྱུང་༔ ངོ་མཚར་མཆོག་གི་ཨ་མྲྀ་ཏ༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དུག་གསུམ་རཀྟ་ཛ་གད་ཆང་༔ མཆོད་པའི་བྱེ་བྲག་དཔག་མེད་ནི༔ མཛེས་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པའི་གར་བྱེད་ཅིང་༔ ནམ་མཁའ་ཁྱབ་པའི་ཕྱག་རྒྱ་བསྒྱུར༔ རྡོ་རྗེའི་གླུ་ཡིས་བསྐུལ་ནས་ཀྱང་༔ ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨཱ་ཡུ་ཥེ༔ པུཥྤེ༴ དྷཱུ་པེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནཻ་ཝི་དྱ༴ ཤབྟ་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ བྷོ་དྷི་ཙིཏྟ་གྷ་ན་གུ་ཧྱ་པཱུ་ཛ་ཧོ༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མུ་དྲ་ཛྙཱ་ན་སརྦ་པཉྩ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་ནང་གཅིག་དྲིལ་དུ་འབུལ་ལོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ བཅོམ་ལྡན་ཚེ་བདག་ཡབ་ཡུམ་ནི༔ དམར་གསལ་དྲི་མེད་ཚེ་བུམ་འཛིན༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་གྱི་ཚེ་བདག་ཆེན་མོ་ནི༔ དཀར་མོ་


MR19_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་བུམ་པ་འཛིན༔ ཤར་གྱི་ཕྱོགས་ནས་ཚེ་ཡི་བདག༔ ལཱ་སེ་དཀར་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ཡི་ཚེ་བདག་ཆེན་མོ་ནི༔ སྔོན་མོ་ཚེ་ཡི་བུམ་པ་འཛིན༔ ལྷོ་ཡི་ཕྱོགས་ནས་ཚེ་ཡི་བདག༔ མཱ་ལེ་སྔོན་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་ཀྱི་ཚེ་བདག་ཆེན་མོ་ནི༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཡི་བདག༔ གཱིརྟི་དམར་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་གི་ཚེ་བདག་ཆེན་མོ་ནི༔ ལྗང་མོ་ཚེ་ཡི་བུམ་པ་འཛིན༔ བྱང་གི་ཕྱོགས་ནས་ཚེ་ཡི་བདག༔ ནཱིརྟི་ལྗང་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ཤར་ཕྱོགས་ནས༔ ལུས་འཕགས་གླིང་ལ་དབང་བསྒྱུར་ཞིང་༔ དྲི་ཟ་ལ་སོགས་ཚེ་བདག་མོ༔ དཀར་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ལྷོ་ཕྱོགས་ནས༔ ཛཾ་བུའི་གླིང་ལ་དབང་བསྒྱུར་ཞིང་༔ གྲུལ་བུམ་ལ་སོགས་ཚེ་བདག་མོ༔ སྔོན་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་ནུབ་ཕྱོགས་ནས༔ བ་ལང་སྤྱོད་ལ་དབང་བསྒྱུར་ཞིང་༔ ཀླུ་དབང་ལ་སོགས་ཚེ་བདག་མོ༔ དམར་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ སྒྲ་མི་སྙན་ལ་དབང་བསྒྱུར་ཞིང་༔ གནོད་སྦྱིན་ལ་སོགས་ཚེ་བདག་མོ༔ ལྗང་མོ་མགྱོགས་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁམས་གསུམ་ཀུན་གྱི་ཚེ་བདག་ནི༔ ཤར་


MR19_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཞི་བའི་ལས་མཛད་ཅིང་༔ དཀར་མོ་ལྕགས་ཀྱུ་ཕྲིན་ལས་མ༔ ཤར་གྱི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ དུས་གསུམ་ཀུན་གྱི་ཚེ་བདག་ནི༔ ལྷོ་ཕྱོགས་རྒྱས་པའི་ལས་མཛད་ཅིང་༔ སྔོན་མོ་ཞགས་པ་ཕྲིན་ལས་མ༔ ལྷོ་ཡི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ སྲིད་གསུམ་ཀུན་གྱི་ཚེ་བདག་ནི༔ ནུབ་ཕྱོགས་དབང་གི་ལས་མཛད་ཅིང་༔ དམར་མོ་ལྕགས་སྒྲོག་ཕྲིན་ལས་མ༔ ནུབ་ཀྱི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་གསུམ་ཀུན་གྱི་ཚེ་བདག་ནི༔ བྱང་ཕྱོགས་དྲག་པོའི་ལས་མཛད་ཅིང་༔ ལྗང་མོ་དྲིལ་བུ་ཕྲིན་ལས་མ༔ བྱང་གི་སྒོ་མར་ཕྱག་འཚལ་བསྟོད༔ ཧཱུྃ༔ དེ་བཞིན་རིགས་ཀྱི་ལྷ་མོ་ནི༔ ནམ་མཁའི་ཁམས་ལ་དབང་ཡང་བསྒྱུར༔ སྐུ་མདོག་མཐིང་ནག་འོད་ཟེར་འབར༔ ཕྱག་འཚལ་ཀུན་ཏུ་བཟང་མོ་ལའོ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་ཆུ་ལ་དབང་ཡང་བསྒྱུར༔ སྐུ་མདོག་དཀར་ལ་འོད་ཟེར་འབར༔ ཕྱག་འཚལ་ཡུམ་ཆེན་མཱ་ཀི་ལའོ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་ས་ལ་དབང་ཡང་བསྒྱུར༔ སྐུ་མདོག་སེར་ལ་འོད་ཟེར་འབར༔ ཕྱག་འཚལ་སངས་རྒྱས་སྤྱན་མ་ལའོ༔ཧཱུྃ༔ པདྨ་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་མེ་ལ་དབང་ཡང་བསྒྱུར༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་འཚལ་ན་བཟའ་དཀར་མོ་ལའོ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་ལྷ་མོ་ནི༔ འབྱུང་བ་རླུང་


MR19_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཡང་བསྒྱུར༔ སྐུ་མདོག་ལྗང་ལ་འོད་ཟེར་འབར༔ ཕྱག་འཚལ་དམ་ཚིག་སྒྲོལ་མ་ལའོ༔ དེ་ནས་ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ གསང་འདུས་ཚེ་ཡི་དཀྱིལ་འཁོར་འདིར༔ རྒྱལ་བ་ཚེ་བདག་གཙོ་དང་འཁོར༔ དགའ་རབ་ཤྲཱི་སིངྷ་དང་༔ ཨོ་རྒྱན་ཆེན་པོ་བི་མ་ལ༔ ལྷ་དང་དྲང་སྲོང་ལ་སོགས་པའི༔ ཚེ་ལ་དབང་བའི་རིག་འཛིན་ཚོགས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ༔ ལུས་ངག་ཡིད་གསུམ་གུས་པས་བསྟོད༔ ཁྱེད་རྣམས་ཐུགས་རྗེའི་མངའ་དབང་ཅན༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ བསྟོད་ཅིང་གསོལ་བ་བཏབ་པའི་ཚེ༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་བས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ སྐྱེ་འཆི་མེད་པའི་དབང་ཆེན་སྐུར༔ འགྱུར་བ་མེད་པའི་བྱིན་ཆེན་ཕོབ༔ འབྱུང་བ་ཕྱི་ཡི་བཅུད་བསྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམས༔ ལུས་ལ་གཟི་མདངས་བསྐྱེད་དུ་གསོལ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ སེམས་ལ་བདེ་བ་བསྐྱེད་དུ་གསོལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྐབས་འདིར་བརྒྱུད་པའི་གསོལ་འདེབས་ཀྱང་སྤྲོ་ན་བྱ་གསུངས༔ དེ་ནས་བསྙེན་པ་ལ་འཇུག་པའི་སྔོན་དུ་ཚེའི་མདའ་དར་གཡབ༔


MR19_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དང་གུ་གུལ་བསྲེགས༔ དབྱངས་སྙན་པོའི་རོལ་མོ་དང་བཅས་ཏེ༔ ཚེ་འགུགས་ཤིང་བསྐུལ་བར་བྱ་བ་ནི༔ ཧཱུྃཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ནི་ནམ་མཁའི་རྡུལ་བག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་ཚེ་དར་བསྣམས༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ ཚེ་བུམ་བསྣམས་ནས་གཉིས་མེད་འཁྲིལ༔ ཡང་གསང་ཐུགས་ཀྱི་གའུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུ་སྩོལ༔ མགོན་པོས་ཚེ་བཞག་གནས་འདིར་ལགས༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ སྐབས་འདིར་བསྙེན་པ་དང་ཕོ་ཉ་བསྐུལ་བའི་དམིགས་པ་ནི་ཚེ་སྒྲུབ་ལྟར་བྱ་བར་གསུངས་པས༔ དང་པོ་རིགས་འདུས་གཙོ་བོའི་སྒོམ་བཟླས་ནི༔ བདག་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་སྟེང་ན་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་སེམས་ཀྱི་ངོ་བོ་ཧཱུྃ་དམར་གསལ༔ དེའི་ཞབས་ཀྱུ་ནང་དུ་ཚེའི་ངོ་བོ་ཨཿ དཀར་གསལ༔ དེའི་དཔུང་པའི་ནང་དུ་སྲོག་གི་ངོ་བོ་ནྲྀ་དམར་ལྗང་༔ དེ་དག་ལ་ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔དེའི་ཕྱི་ལ་ཡང་༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཞེས་སོགས་རིགས་ལྔའི་སྙིང་པོ་འབྲུ་བརྒྱད་རྣམས་ཀྱིས་བསྐོར་བར་བསྒོམ༔ མདུན་བསྐྱེད་ཀྱི་ལྷ་གཙོ་བོ་ལྔའི་ཐུགས་ཀར་ཡང་སོ་སོའི་ས་བོན་གྱི་མཐར་རང་


MR19_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བསྐོར་བར་གསལ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་དེ་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་བརྒྱུད་ནས་བུམ་ལྷའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་རང་བཞིན་ནྲྀ་དང༔ ཨཿདང་༔ ཧཱུྃ་གསུམ་གྱི་ངོ་བོ་བཀྲག་མེ་རེ་རེ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཁེངས་ཏེ༔ ཚུར་འུབ་འུབ་བསྡུས་པས་བུམ་པ་འབྲུ་གསུམ་གྱིས་མེར་མེར་གང་༔ བདག་ལ་ཡང་ཐིམ་པས་ཐུགས་ཀའི་འབྲུ་གསུམ་བཀྲག་མདངས་དང་ལྡན་པར་བསྒོམ༔ ཚེའི་ལྷ་ཚོགས་དེ་ཐམས་ཅད་ཀྱིས་ཀྱང་གཡས་ཐམས་ཅད་ན་ཚེའི་མདའ་དར་རིགས་ལྔ༔ གཡོན་ཐམས་ཅད་ན་ཚེའི་བུམ་པ་བསྣམས་པ༔ ཞལ་ནས་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་ཤིང་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་རང་དབང་མེད་པར་འགུགས་པའི་ལས་མཛད་པར་བསམས་ལ༔ གཟུངས་ཐག་སྙིང་གར་གཟུང་སྟེ༔ ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ༔ རིགས་འདུས་གཙོ་བོའི་སྔགས་དེ་ལ་བརྒྱ་སྟོང་སོགས་བསྙེན་ནོ༔ དེ་ནས་ཐུགས་རྡོ་རྗེ་རིགས་ཀྱི་སྒོམ་བཟླས་ནི༔ བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐུགས་རྡོ་རྗེའི་རིགས་ཐམས་ཅད་དང་༔ འབྱུང་བ་ནམ་མཁའི་དྭངས་མ་དང་འཁོར་འདས་ཀྱི་བཅུད་ཐམས་ཅད་ཨཿ


MR19_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བ་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ༔ ཤངས་ཀྱི་ང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས༔ འབྲུ་གསུམ་དང་ཁྱད་པར་ནྲྀ་འཁྱམས་པ༔ རང་གི་བླ་ཚེ་ཡར་བ༔ གདོན་གྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་དང་བུམ་པ་ལ་ཡང་ཡང་བསྟིམ་ཞིང་༔ རང་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་དུ་རང་གི་ཉི་ཟླའི་གའུའི་བར་དུ་སྲོག་རྟེན་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ ཧཱུྃ་བྷྲ྄ཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཞེས་བརྒྱ་རྩ་བརྒྱད་སོགས་བསྙེན་ནོ༔ དེ་ནས་སྐུ་བདེ་གཤེགས་རིགས་ཀྱི་སྒོམ་བཟླས་ནི༔ བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྐུ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང་༔ འབྱུང་བ་ཆུ་དང་༔ ཆུ་བོ་ཆེན་པོ་དང་༔ ཆུ་བྲན་དང་༔ ལྟེང་ཀ༔ རྒྱ་མཚོ་ཆེ་ནས་ཆུ་སྲིན་ལ་སོགས་ཆུའི་བཅུད་ཐམས་ཅད་ཨཿནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བས་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ༔ ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས༔ འབྲུ་གསུམ་དང་ཁྱད་པར་ནྲྀ་འཁྱམས་པ༔ རང་གི་བླ་ཚེ་ཡར་བ༔ གདོན་གྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་དང་བུམ་པ་ལ་ཡང་ཡང་བསྟིམ་ཞི༔ རང་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་དུ་རང་གི་ཉི་ཟླའི་གའུའི་བར་དུ་སྲོག་རྟེན་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ་པ་ལ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ བརྒྱ་རྩ་བརྒྱད་སོགས་བསྙེན་ནོ༔ དེ་ནས་ཡོན་ཏན་


MR19_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རིགས་ཀྱི་སྒོམ་བཟླས་ནི༔ བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཡོན་ཏན་རིན་པོ་ཆེའི་རིགས་ཐམས་ཅད་དང་༔ འབྱུང་བ་སའི་བཅུད༔ རི་རབ༔ རི་བྲན༔ གངས་རི༔ སྨན་རི༔རྩི་ཤིང་ནགས་ཚལ་གྱི་བཅུད་ཐམས་ཅད་ཨཱཿནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བས་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ༔ ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས༔ འབྲུ་གསུམ་དང་ཁྱད་པར་ནྲྀ་འཁྱམས་པ༔ རང་གི་བླ་ཚེ་ཡར་བ༔ གདོན་གྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་དང་བུམ་པ་ལ་ཡང་ཡང་བསྟིམ་ཞིང་༔ རང་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་དུ་རང་གི་ཉི་ཟླའི་གའུའི་བར་དུ་སྲོག་རྟེན་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ སྭཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ བརྒྱ་རྩ་བརྒྱད་སོགས་བཟླ༔ དེ་ནས་གསུང་པདྨ་རིགས་ཀྱི་སྒོམ་བཟླས་ནི༔ བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་གསུང་པདྨའི་རིགས་ཐམས་ཅད་དང་༔ འབྱུང་བ་མེའི་བཅུད་ཡེ་ཤེས་ཀྱི་མེ་དང་༔ བསྐལ་པའི་མེ་དང་༔ ཉི་མ་ལ་སོགས་པའི་བཅུད་ཐམས་ཅད་ཨཱཿནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བས་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ༔ ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས༔ འབྲུ་གསུམ་དང་ཁྱད་པར་དུ་ནྲྀ་འཁྱམས་པ༔ རང་གི་བླ་ཚེ་ཡར་བ༔ གདོན་གྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་དང་བུམ་པ་ལ་ཡང་ཡང་བསྟིམ་ཞིང་༔ རང་


MR19_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་དུ་རང་གི་ཉི་ཟླའི་གའུའི་བར་དུ་སྲོག་རྟེན་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ ཨཱོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ བརྒྱ་རྩ་བརྒྱད་སོགས་བཟླའོ༔དེ་ནས་ཕྲིན་ལས་ཀརྨ་རིགས་ཀྱི་སྒོམ་བཟླས་ནི༔ བདག་མདུན་གྱི་ཐུགས་ཀའི་འབྲུ་བརྒྱད་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཕྲིན་ལས་ཀྱི་རིགས་ཐམས་ཅད་དང་༔ འབྱུང་བ་རླུང་གི་བཅུད་ཐམས་ཅད་ཨཿནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཏིང་ངེ་འཛིན་གསལ་བར་དབུགས་ཀྱི་རྟ་ལ་ཚུར་དྲངས་ཏེ༔ ཤངས་རླུང་སྒྲོམ་ལས་ཀྱང་ཧཱུྃ་འཕྲོས༔ འབྲུ་གསུམ་དང་ཁྱད་པར་ནྲྀ་འཁྱམས་པ༔ རང་གི་བླ་ཚེ་ཡར་བ༔ གདོན་གྱིས་ཁྱེར་བ་ཐམས་ཅད་དབང་དུ་བསྡུས་ཤིང་བཀུག་ལ་བདག་དང་བུམ་པ་ལ་ཡང་ཡང་བསྟིམ་ཤིང་༔ རང་ལུས་དང་བུམ་པ་ཁེངས་ཤིང་ཁྱད་པར་དུ་རང་གི་ཉི་ཟླའི་གའུའི་བར་དུ་སྲོག་རྟེན་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ བརྒྱ་རྩ་བརྒྱད་སོགས་བསྙེན་ནོ༔ དེ་ལྟར་བསྡུས་པས་ཕྱོགས་བཅུའི་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་སྟེ༔ འབྱུང་བ་ནམ་མཁའི་བཅུད་བསྡུས་པས་ལུས་སྐྱེ་འཆི་དང་འཇིག་གཞོམ་གང་ཡང་མེད་དེ་རྡོ་རྗེའི་སྐུ་ཐོབ་པར་བྱེད་དོ༔ ཆུའི་བཅུད་ཀྱིས་རྒྱུན་ཆད་མེད་ཅིང་ཚེ་རིང་བར་བྱེད་དོ༔ མེའི་བཅུད་ཀྱིས་བཀྲག་མདངས་དང་ལྡན་པར་བྱེད་དོ༔ སའི་བཅུད་ཀྱིས་ཤ་རྒྱས་གཉེར་མ་མེད་ཅིང་སྲ་བ་དང་བརྟན་པར་བྱེད་དོ༔ རླུང་གི་བཅུད་ཀྱིས་ཡང་རྩལ་བདེ་ཞིང་མི་འགྱུར་བར་བྱེད་དོ༔ མདོར་ན་འབྱུང་བ་ཕྱིའི་བཅུད་བསྡུས་


MR19_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ནང་གི་འབྱུང་བ་སྟོབས་སུ་གྱུར་ཅིང་སོར་ཆུད་ནས་གནས་པས༔ ཚ་གྲང་ལ་སོགས་འདུ་བའི་ནད་མི་འབྱུང་ཞིང་ཚེའི་རིག་འཛིན་ཐོབ་པར་འགྱུར་བའི་དགོས་ཆེད་ཡོད་པའོ༔ དེ་ནས་ཚེ་བསྐུལ་གྱི་དམིགས་པ་ནི༔ བདག་མདུན་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཚེའི་བཅུད་ཀྱིས་གང་བར་བསྒོམ༔ ཚེའི་ཕོ་ཉ་ལྷ་མོ་བཞི༔ མགྱོགས་མ་བཞི་དང་སྒོ་མ་བཞི་རྣམས་བསྐུལ་བས༔ དེ་རྣམས་ཀྱི་སྤྲུལ་པ་ཡང་སྤྲུལ་གྲངས་མེད་པས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་སྟེ་ནམ་མཁའི་མཐའ་དང་མཉམ་པའི་ཞིང་ཐམས་ཅད་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་སྲོག་དཔལ་འབྱོར་དབང་ཐང་ཆོས་སྲིད་བྱིན་རླབས་ནུས་མཐུ་ལ་སོགས་པ་ཡོན་ཏན་གྱི་དྭངས་བཅུད་ཐམས་ཅད་རང་རང་གི་ཕྱག་གི་བུམ་པར་བསྡུས་ཤིང་དཀྱིལ་འཁོར་གྱི་བུམ་པར་སིབ་རུག་རུག་བླུགས་ཏེ་ཆིལ་གྱིས་གང་བས་རྣལ་འབྱོར་པ་བདག་ལ་ཡང་སྔགས་སྒྲ་དི་རི་རི་དབང་བསྐུར་ནས་བུམ་བཅུད་སྤྱི་བོར་བླུགས་པས་ལུས་དཀར་ལྟེམས་ཀྱིས་གང་བར་བསམ༔ དྭངས་མ་ཐམས་ཅད་སྙིང་གའི་ནྲྀ་ལ་ཐིམ་པས་ལུས་བཅུ་དྲུག་ལང་ཚོའི་བཀྲག་མདངས་དང་ལྡན་ཞིང་ཚེ་སྲོག་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཡུང་དྲུང་། མི་ཤིགས་པ་རྡོ་རྗེའི་བྲག་ལྟར་སྲ་ཞིང་ཚེ་ཉི་ཟླ་དང་མཉམ་པར་བསམས་ལ༔ མདའ་དར་གཡབ་སྟེ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་


MR19_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གཱིརྟི་དམར་མོ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིརྟི་ལྗང་གུ་ཚེ་ཡི་བདག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་༔ བུམ་པའི་


MR19_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་ཆིངས་ལེ་བརྒན་དར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ལ་པདྨའི་ཕྲེང་༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ཤར་ཕྱོགས་དཀར་མོ་ཤེལ་གྱི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་བཻཌཱུཪྻ་ཡི་ཞིང་ཁམས་ནས༔ སྔོན་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་སྔོན་མོ་མགྱོགས་མ་འབུམ༔ རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྗང་མོ་མགྱོགས་མ་འབུམ༔ ལས་རབ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ད་དུང་མགྲོན་གལ་ཆེན་ལ་བང་ཆེན་བསྣན་པ་ལྟར་ཕྱག་རྒྱ་བཞི་བསྐུལ་ཏེ༔ ཧཱུྃ༔ ཁམས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ༔ ཕྱག་ན་ཚེ་ཡི་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ དུས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ཞགས་པ་མ༔ ཕྱག་ན་རིན་ཆེན་ཞགས་པ་བསྣམས༔


MR19_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྲིད་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་སྒྲོག་མ༔ ཕྱག་ན་པདྨ་བྷནྡྷ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྐུ་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་དྲིལ་བུ་མ༔ ཕྱག་ན་གཡུ་ཡི་གའུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ལ༔ གསང་བ་བཞི་ཡི་རྒྱས་ཐོབ་ཅིག༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ་ཡུཪྫྙཱ་ན་ཛ་ཛཿ ཞེས་ཉེར་གཅིག་བཟླའོ༔ དེ་ལྟར་ཚེ་འགུགས་བསྐུལ་ཚར་ནས༔ ད་ནི་ཚེ་སྦ་ཞིང་སྐལ་ལྡན་གྱི་ལུས་ལ་བསྟིམ་པ་ནི༔ དམིགས་པ་སླར་ཡང་ཡུམ་ལྔའི་སྤྲུལ་པས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཚེ་ལྷ་རྒྱལ་བ་ཞི་ཁྲོ་ཐམས་ཅད་དང་༔ ལྷ་དང་དྲང་སྲོང་༔ རིག་འཛིན་ཀླུ་དབང་༔ འགྲོ་བ་མིའི་སྲོག་ནྲྀ་དང་༔ ནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་བདག་དང་བུམ་པ་ལ་སིབ་སིབ་ཐིམ༔ ཡང་འོད་དུ་མེ་རེ་རེ་འདུས་ནས༔ བ་སྤུའི་བུ་ག་ལ་ཡང་སིབ་སིབ་ཐིམ་པས་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་ཐོབ་པའི་གདེང་བསྐྱེད་ལ༔ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ དེ་བཞིན་ལྷ་མོ་ཀུན་ཏུ་བཟང་༔ རིན་ཆེན་གཏེར་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང ༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་


MR19_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནས་བཅུད་བསྡུས་ལ༔ འཁོར་ལོ་འབར་བའི་རྒྱས་་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བསྡོམ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེའི་ཡུམ་སྟེ་མཱ་མ་ཀཱི༔ རིན་ཆེན་ཤེལ་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་བསྡུས་ལ༔ རྡོ་རྗེ་འབར་བའི་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བསྡམ༔ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་ཡུམ་སྟེ་སངས་རྒྱས་སྤྱན༔ བཻཌཱུཪྻ་ཡི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རིན་ཆེན་འབར་བའི་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བསྡམ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ པདྨའི་ཡུམ་སྟེ་ན་བཟའ་དཀར༔ པདྨ་རཱ་གའི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ པདྨ་འབར་བའི་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བསྡམ༔ ཧཱུྃ༔བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལས་རབ་ཡུམ་སྟེ་དམ་ཚིག་སྒྲོལ༔ ཨིནྡྲ་ནཱི་ལའི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ཀྱང་༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་


MR19_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅུད་སྡུས་ལ༔ རྒྱ་གྲམ་འབར་བའི་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་བསྡམ༔ དེ་ལྟར་སྣོད་བཅུད་ཚེའི་རང་བཞིན་ཨཱཿནྲྀ་ཧཱུྃ་གསུམ་ནྲྀ་འཁྱམས་པ་ཐམས་ཅད་བདག་དང་བུམ་པ་ལ་ཐིམ༔ཕྱིའི་འབྱུང་བ་ནང་གི་ལུས་ལ་ཐིམ་པས་ཚེ་སྦ་བསྟིམ་རྒྱས་གདབ་པས་བདག་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམས༔ རྗེས་ལ་ཚེ་བརྟན་པར་བྱེད་པའི་སྙིང་པོ་འདི་བརྒྱའམ་ཉེར་གཅིག་བཟླའོ༔ ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔སྤྲོ་ཞིང་ལོང་ཡོད་ན་ཚེ་འགུགས་གཞན་བཏོན་ཀྱང་ཆོག་གོ༔ དེ་ནས་རྡོ་རྗེའི་ཚིག་འདིས་འགྱུར་མེད་དུ་རྒྱས་གདབ་སྟེ༔ ཧཱུྃ༔ སྙིང་པོ་བརྟན་པར་མི་ནུབ་སྟེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་འབར༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བྱས་ལ་ལྟ་བའི་རྒྱས་གདབ༔ དེ་ལྟར་བྱ་བ་ལས་ཚེ་འགྲུབ་པའི་རྟགས་ནི༔ ཕྱི་ནང་གསང་བ་གསུམ་དུ་འབྱུང་སྟེ༔ ཕྱི་རྟགས་སུ་དཀྱིལ་འཁོར་ལ་བྱིན་ཆགས་པ༔ སྒྲ་དང་དྲི་དང་འོད་སོགས་འབྱུང་བ༔ སྨན་རཀ་ཁོལ་བ༔ གཏོར་མ་ལ་བདུད་རྩི་འབབ་པ༔ རྨི་ལམ་དུ༔ ཉི་ཟླ་ཤར་བ༔ ནམ་ལངས་པ༔ མཆོད་རྟེན་ལ་བསྐོར་བ་བྱེད་པ༔ སཱཙྪ་མང་དུ་འདེབས་པ༔ གངས་རི་དང་མཆོད་རྟེན་ལ་གྱེན་དུ་འཛེགས་པ༔ གོས་དཀར་པོ་རྒྱན་དང་ཡོ་བྱད་མང་པོ་བགོས་པ༔ གོ་ཆ་གྱོན་པ༔ ཕྱག་མཚན་ལྔ་སོགས་བཀྲ་ཤིས་པའི་རྫས་


MR19_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེའི་གཏེར་སོགས་རྙེད་པ༔ ལོ་ཏོག་རྩི་ཤིང་མེ་ཏོག་རྣམས་རྒྱས་ཤིང་ལོངས་སྤྱོད་པ༔ མཁར་རྫོང་བཟང་པོ་འཛིན་པ༔ ཆུ་ཆེན་བརྒལ་བ༔ ལམ་དང་ཟམ་པ་ཁང་པ་སོགས་བཅོས་པ༔ འཕྲང་སོགས་ཉམ་པའི་གནས་ལས་བདེ་བར་ཐར་པ༔ དར་ཕྱར་བ༔ དུང་འབུད་པ་སོགས་རོལ་མོ་བསྒྲགས་པ༔ ཁྲི་ལ་འདུག་ཅིང་ཁྲོམ་འདུ་བ༔ བུད་མེད་ཀྱིས་བདུད་རྩི་ཆང་དང་འོ་མ་སྦྱིན་པ་སོགས་ལེགས་པའི་རྟགས་སྣ་ཚོགས་དང་༔ ནང་རྟགས་སུ་ལུས་ཡངས་ཤིང་བདེ་དྲོད་འབར་བ༔ གཞོན་ཤ་ཆགས་ཤིང་བཀྲག་མདངས་དང་ལྡན་པ༔འབྱུང་བ་མི་འཁྲུགས་ཤིང་ཁམས་སྙོམས་པ༔ སེམས་བག་ཕེབ་ཅིང་ཉམས་འུར་བ༔ བདེ་སྟོང་གི་ཏིང་འཛིན་འབར་བ༔ དངོས་སུ་གདུལ་བྱ་དང་ལོངས་སྤྱོད་འདུ་བ༔ རྟེན་འབྲེལ་ལ་ཉེ་བཟང་པོ་འོང་བ་སོགས་དང་༔ གསང་རྟགས་སུ་ཨོ་རྒྱན་ཚེ་དཔག་མེད་པའི་ལྷ་ཚོགས་གྱི་སྐུ་མཐོང་བ༔ གསུང་ཐོས་ཞིང་ཚེ་ཚད་སོགས་ལུང་སྟོན་པ་དང་ཆོས་འཆད་པ་སོགས༔ རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་འབྱུང་བ་དང ༔ ཟབ་མོའི་རྟོགས་པའི་གདེང་ཚད་རྙེད་པ༔ བྱམས་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་བ་སོགས་འོང་ངོ་༔ རྟགས་ངན་ན་ཡང་བསྐྱར་ལ་བསྒྲུབས་པས་ངན་ལྟས་འགྱུར་ཞིང་ཚེ་ཡི་དངོས་གྲུབ་ཐོབ་པ་དང་༔ ཕྱི་མ་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་སྲས་སུ་སྐྱེ་བར་གསུངས་སོ༔ སླར་ཡང་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་ཁ་བསྐངས་ལ༔ མཆོད་བསྟོད་བསྡུས་པའམ༔ ཡང་ན་མཆོད་ཕྲེང་ནི༔ གསར་རྩོམ་མཆན། ཧྲཱི༔ སྣང་སྲིད་རྣམ་དག་བདེ་ཆེན་ངང་ཉིད་ལས། །མ་འགགས་རང་སྣང་ཀུན་བཟང་མཆོད་པའི་སྤྲིན། །ལྷ་རྫས་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་


MR19_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བརྒྱད། །བུམ་བཟང་དཔག་བསམ་ཡིད་བཞིན་ནོར་བུའི་གཏེར། །བདུད་རྩིའི་སྤྲིན་ཆེན་མ་རྨོས་ལོ་ཏོག་ཚལ། །འདོད་འཇོའི་བ་མཆོག་གྲུབ་པའི་དམ་རྫས་རིགས། །བཟའ་བཏུང་གོས་རྒྱན་ཉེ་བའི་རིན་ཆེན་སོགས། །ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་ཏེ། །མཁའ་ཁྱབ་འཇིག་རྟེན་ཞིང་གི་བཀོད་པ་ཀུན། །རྩ་གསུམ་ཚེ་ཡི་ལྷ་ལ་མཆོད་པ་འབུལ། །འཆི་མེད་ཚེ་དང་དབང་གི་དངོས་གྲུབ་སྩོལ། །ཨེ་ཡིག་སྟོང་པའི་དབྱིངས་དང་མཉམ་སྦྱོར་བ། །ཝཾ་ཡིག་བདེ་ཆེན་ཐིག་ལེའི་བཅུ་དྲུག་ཆ། །དགྱེས་སྐྱེད་གཟུངས་ཀྱི་ཕྱག་རྒྱ་ལེགས་ཤར་བ༑ ༑བཀྲ་ཤིས་ལྷ་མོའི་ཚོགས་ཀྱི་གླུ་གར་གྱིས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་ནས། །ལྷ་རྫས་མེ་ཏོག་ཚོགས་ཀྱི་ཆར་འབེབས་ཤིང་། །སྣང་སྲིད་བདེ་སྟོང་མཆོད་པའི་ཕྱག་རྒྱ་རུ། །རྣམ་པར་སྤྲུལ་པའི་མཆོད་སྤྲིན་རབ་འབྱམས་འདི། །རྩ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ། །འཆི་མེད་ཚེ་དང་དབང་གི་དངོས་གྲུབ་སྩོལ། །རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས། །རྣམ་པར་དག་པའི་རང་བྱུང་མཆོད་རྫས་ནི། །དམ་རྫས་བདུད་རྩི་ལྔ་ལ་སོགས་པ་ཡི། །སྨན་རག་མཚོར་བསྐྱིལ་གཏོར་མ་ལྷུན་པོར་སྤུངས། །ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་


MR19_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྣང་སྲིད་བདེ་ཆེན་ཞིང་དུ་སྦྱོར་བ་ཡི། །རྨད་བྱུང་གསང་བ་སྔགས་ཀྱི་དམ་ཚིག་རྫས། །མ་ཚང་མེད་པའི་འབྱོར་པས་བརྒྱན་པ་འདི། །རྩ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ། །འཆི་མེད་ཚེ་དང་དབང་གི་དངོས་གྲུབ་སྩོལ། །མཉམ་ཉིད་མི་གཡོ་མཉམ་ཉིད་སངས་རྒྱས་པས། །ངན་རྟོག་མཚན་མའི་སྤྱོད་ཡུལ་ངང་གིས་མེད། །གཟུང་འཛིན་མཚན་མ་ཀུན་ལས་འདས་པ་ཡི། །མཉམ་པ་ཆེན་པོའི་མཆོད་པ་རྣམ་པར་རོལ། །སྣང་གྲགས་རིག་པ་རྡོ་རྗེ་གསུམ་གྱི་ངང་། །ཡེ་ནས་རྣམ་དག་འོད་གསལ་གཉུག་མའི་ཀློང་། །མ་འགག་རང་སྣང་ཡེ་ཤེས་ཟེར་ཐིག་སྦྲེང་། །ལྷུན་རྫོགས་རྡོ་རྗེ་བཀོད་པའི་མཆོད་པ་འདི། །རྩ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ། །འཆི་མེད་ཚེ་དང་དབང་གི་དངོས་གྲུབ་སྩོལ། །དེ་ལྟར་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། །འགྲོ་ཀུན་དམ་ཚིག་ཉམས་ཆག་ཀུན་དག་ནས། །འཆི་མེད་ཚེ་ཡི་རིག་འཛིན་གྲུབ་པ་དང་། །བསམ་དོན་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་མཆོད། བསྟོད་པ་ཚེ་སྒྲུབ་གཞན་ནས་བླང་བ་ནི། ཧྲཱིཿ ཆོས་དབྱིངས་ངང་ལས་རང་བྱུང་རང་ཤར་བའི༔ འགྲོ་བའི་འཆི་བདག་འཇོམས་མཛད་བཅོམ་ལྡན་འདས༔ རྒྱལ་བ་ཀུན་གྱི་གསུང་གི་དབང་ཕྱུག་ལྷ༔ བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔


MR19_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ སྙིང་རྗེས་གཟུགས་སྐུའི་རྣམ་རོལ་ཅིར་ཡང་སྟོན༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅོམ་ལྡན་འདས༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཁྱེད་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་འོད་ཟེར་འབུམ་གྱིས་འཁྱུད་པ་བཞིན། །མཚན་དཔེའི་གཟི་བྱིན་ཀུན་ནས་ལྷམ་མེ་བ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །རབ་མཛེས་པདྨ་ཟླ་བའི་ཁྲི་སྟེང་དུ། །ས་བོན་ཧྲཱིཿལས་མཚན་དཔེའི་སྐུར་སྣང་བ། །ཏིང་འཛིན་ཕྱག་རྒྱས་བདུད་རྩིའི་བུམ་པ་འཛིན། །འགྲོ་བའི་འཆི་བདག་འཇོམས་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་ཏུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཐུགས་ལས་རྣམ་རོལ་སྒྱུ་འཕྲུལ་གར། །མཛེས་སྡུག་ལང་ཚོའི་འོད་ཆགས་དཔལ་མོའི་གཟུགས། །ལྷ་རྫས་གོས་རྒྱན་འཆང་བའི་སེམས་མ་མཆོག །འཆི་མེད་འདོད་དགུའི་དཔལ་སྩོལ་བརྒྱད་ལ་བསྟོད། །ཚད་མེད་བདེ་ཆེན་དག་པའི་རང་བཞིན་ལས། །ལས་བཞིའི་ཕྲིན་ལས་གར་གྱི་རོལ་རྩེད་ཀྱིས། །གཞལ་ཡས་སྒོ་སྐྱོང་རྡོ་རྗེའི་ལྷ་མོ་བཞི། །འཁོར་ཚོགས་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །


MR19_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་དྲན་པས་འཆི་མེད་མཆོག་སྩོལ་བ། །རྩ་གསུམ་ཚེ་ལྷ་འདུས་པའི་དཀྱིལ་འཁོར་ལ། །དང་བའི་ཡིད་ཀྱིས་དད་པའི་ཤུགས་ཕྱུང་སྟེ། །རྡུལ་སྙེད་ལུས་ཀྱིས་བཏུད་ཅིང་ཕྱག་འཚལ་བསྟོད། །ཅེས་བྱས་ལ།ཡིག་བརྒྱ་ཚར་གཅིག་བཟླ། སྐབས་འདིར་ཐུན་གང་རུང་གཅིག་ལ་ཆོས་སྐྱོང་གི་གསོལ་ཁ་རྣམས་བཏང་། དེ་ནས་ཚོགས་མཆོད་འབུལ་བ་ནི་བླ་མའི་ལས་བྱང་ངམ ཐུགས་རྗེ་ཆེན་པོ་གང་རུང་ནས་ལེན་པར་གསུངས་པ་ལྟར་བླ་མའི་ཐུགས་སྒྲུབ་ནས་བླངས་ཏེ་བཀོད་པ་ནི་ཤ་ཆང་སོགས་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ནས་བྱིན་གྱིས་བརླབས་ལ། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་འཕྲོས༔ རྃ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡྃ་ལས་རླུང་བྱུང་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རྃ་ཡྃ་ཁྃ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་འཕྲོས༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱང ༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང་༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ སྤྱན་འདྲེན་པ་ནི༔ ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དབང་ཆེན་ཡབ་ཡུམ་གཙོ་དང་འཁོར༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ དཔའ་བོ་མཁའ་འགྲོ་གིང་དང་བཅས༔ སྐུ་ལ་སྒྲིབ་སེམས་མི་མངའ་ཡང་༔ འགྲོ་རྣམས་བསོད་ནམས་བསག་པའི་ཕྱིར༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔


MR19_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ༔ ཚོགས་ཕུད་དང་པོ་མཆོད་པ་ནི༔ ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་ཨཱ་ཡུཿདེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི༔ ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ གསུམ་པ་བསྒྲལ་བ་ནི༔ རྣྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿས་བཀུག་ལ། ཧཱུྃ༔ ཆེ་མཆོག་པདྨ་དྲག་པོ་རྩལ༔ རྔམས་དྲག་གཏུམ་པའི་རང་བཞིན་ལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང་༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ རྣྲྀ་ཏྲི་ཤཱ་ཏྲུཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་དུ་བསྟབ་པ་ནི༔ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་


MR19_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བཞེས༔ གུ་རུ་དེ་བ་དྷཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐང་བ་ལ༔ དཀྱིལ་འཁོར་གྱི་མཐའ་བསྐོར་དུ་མཆོད་སྐོང་གི་རྫས་ཅི་འབྱོར་པས་སྐོང་ཞིང་༔ ཁྱད་པར་དུ་ཚིལ་ཆེན་གྱི་མར་མེ་སྦར༔མཱཾ་སའི་བསུར་དུད་གཏོང་༔ ཛ་གད་དང་བདུད་རྩིའི་ཕུད་འཐོར་ཞིང་༔ ཐོད་རྔ་རྐང་གླིང་ལ་སོགས་པའི་བརྡས་མཚོན་ཏེ་དབྱངས་སྙན་རོལ་མོ་དང་བཅས་པས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ དམ་རྫས་གཏོར་ཆེན་བཤམ་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ དུར་ཁྲོད་རྫས་ཆེན་བཀྲམ་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ རྐང་གླིང་ཐོད་རྔ་སྒྲོགས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་


MR19_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འབུལ༔ ཞུན་ཆེན་སྣང་གསལ་གཏམས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ མཱཾ་སའི་གསུར་དུད་གཏོང་བ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ རྡོ་རྗེ་དྲི་ཆུའི་བྱུག་པ་ཡང ༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ ཛ་གད་དཔའ་བོའི་མཆོད་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ འདོད་ཡོན་རོ་མཆོག་སྤུངས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ ཐུགས་དམ་གཉན་པོ་བསྐངས་གྱུར་ཅིག༔ གཡར་དམ་ཉམས་ཆག་སོར་སྩོལ་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིངྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ༔ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ གཞན་ཡང་སྤྲོ་ན་གཏེར་ཆེན་རཏྣ་གླིང་པ་ཉིད་ཀྱིས་མཛད་པའི་སྐོང་བ་འཆི་བདག་བདུད་འཇོམས་སོགས། སྐོང་བཤགས་ཟབ་མོ་དག་ཀྱང་བཏོན་ན་ལེགས་སོ། །དེ་ནས་བཤགས་པ་ནི༔ ཧོཿ ཡེ་ཤེས་གསར་རྩོམ་མཆན་སྤྱན་གྱིས་ཆོས་ཀུན་ས་ལེར་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་མགོན་གྱུར་པ། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །གསང་འདུས་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་


MR19_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དམ་ལས་འགལ་གྱུར་ཏེ། །རྩ་གསུམ་སྲུང་མའི་ཐུགས་དང་ཅི་འགལ་བ། །ཐོགས་མེད་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །ལྕི་བཞི་ལོག་བརྒྱད་ལ་སོགས་སྡིག་པའི་ལས། །བགྱིས་དང་བགྱིད་སྩལ་ཡི་རང་བགྱིས་ཀུན་བཤགས། །མཆོག་གསུམ་སློབ་དཔོན་ཕ་མ་སོགས་ལ་བརྙས། །འགྲོ་ལ་འཚེ་དང་གསང་འཆལ་རྟོག་ངན་འགྱུས། །མི་རུང་གནས་གྲོགས་ཡོ་བྱད་བརྟེན་པ་སོགས། །འོས་མིན་ལས་ལ་ཞུགས་པ་མཐོལ་ལོ་བཤགས། །བག་མེད་ལས་དང་ཉོན་མོངས་གཞན་དབང་གིས། །ལྷ་བསྒོམ་སྔགས་བཟླས་ཏིང་འཛིན་དུས་མཆོད་གཡེལ། །ཕྱི་ནང་ཡོ་བྱད་དུས་སུ་མ་བརྟེན་སོགས། །བགྱི་འོས་དང་དུ་མ་བླངས་མཐོལ་ལོ་བཤགས། །སོ་ཐར་བྱང་སེམས་སྡོམ་ལས་ཉམས་པ་དང་། །ཁྱད་པར་གསང་སྔགས་རྡོ་རྗེའི་ཐེག་མཆོག་གི། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་ཡི། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་བཤགས། །མདོར་ན་འཕྲལ་རྐྱེན་ཡུན་གྱི་སྒྲིབ་གྱུར་པ། །སྡིག་ལྟུང་ཉེས་པའི་དངོས་པོ་གང་མཆིས་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །བྱམས་མགོན་ཐུགས་རྗེས་དག་ཅིང་ཚངས་པར་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་དང་ཡིག་བརྒྱ་བཟླའོ། །དེ་ནས་དོན་དམ་ལྟ་


MR19_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐོང་བཤགས་ནི་གནས་ལུགས་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་ལ་བློ་བཞག་སྟེ། ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔གཉིས་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ དེ་ནས་བརྡའ་དང་བརྡའི་ལན་གྱིས་ཚོགས་དྲངས་ལ་རྡོ་རྗེ་ནང་གི་ཚོགས་ལ་ཚུལ་བཞིན་རོལ། ལྷག་མ་རྣམས་བསྡུས་ཏེ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔དེ་ནས་ལྷག་མས་མི་མཆོད་རྒྱུ༔ འཁོར་ཚོགས་རྒྱ་མཚོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱེད་དང་ང་གཉིས་དམ་ཚིག་གཅིག༔ཨོཾ་ཨུཙྪིཥྚ་བ་ལིངྟ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ བྱིན་གྱིས་བརླབས་ལ། ཧཱུྃ༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་མ༔ དབང་གི་བཀའ་ཉན་མ་མོ་མཁའ་འགྲོའི་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པའི་དམ་ཅན་རྣམས༔ དཔལ་གྱི་བཀའ་སྡོད་ཅི་བགྱིའི་བཀའ་ཉན་ཚོགས༔ མཁའ་འགྲོ་གིང་དང་ལངྐའི་ཚོགས་དང་བཅས༔ དུར་ཁྲོད་བདག་མོ་མ་བདུན་སྲིང་བཞི་དང་༔ འབར་མ་ཕོ་ཉ་དབང་ཕྱུག་ཉི་ཤུ་


MR19_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད༔ དུར་ཁྲོད་ཆས་སོགས་འཇིགས་ཤིང་སྒེག་ཚུལ་ཅན༔ མེ་ཏོག་ཆུན་འཕྱང་དྲིལ་བུའི་སྐ་རགས་མཛེས༔ ཕྱག་ན་རཏྣའི་གཞོང་ཐོགས་གཏོར་ལེན་མ༔ ལྷག་གཏོར་འདི་བཞེས་དཔལ་གྱི་བཀའ་ལུང་བཞིན༔རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཀྲ་ཤའང་མ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ དེ་ནས་སྨོན་ལམ་ནི། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདེ་ཆེན་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ བདག་གཞན་བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ནས༔ མ་ལུས་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་བྱའོ། །དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དཔའ་བོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་མོའི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས་སུ་གསོལ༔ དཔའ་བོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་མོའི་ཚོགས་དང་གཤེགས་སུ་གསོལ༔ དམ་ཅན་ཚོགས་དང་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་


MR19_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རློབས༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ མཁའ་འགྲོ་གིང་བཞིས་བྱིན་གྱིས་རློབས༔ ནམ་མཁའི་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕྲ་མན་བྱིན་གྱིས་རློབས༔ རྒྱ་མཚོའི་གླིང་ནས་སྐུ་བསྐྱོད་ལ༔ མཚོ་གླིང་མཁའ་འགྲོས་བྱིན་གྱིས་རློབས༔ ཕྱོགས་བཞིའི་གནས་ནས་སྐུ་བསྐྱོད་ལ༔ ལས་བྱེད་མཁའ་འགྲོས་བྱིན་གྱིས་རློབས༔ གངས་དཀར་རྩེ་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་གིང་ཆེན་བྱིན་གྱིས་རློབས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་ཁང་༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རུ༔ རྗེ་བཙུན་པདྨ་ཐོད་ཕྲེང་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་ཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ རོལ་མོ་མང་པོ་


MR19_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱིས་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུལ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་སྡུས༔ འབྱུང་བཞིའི་བར་ཆད་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཅེས་བྱས་ལ། ད་ནི་ཚེའི་དངོས་གྲུབ་ལེན་པའི་སླད་དུ་ཐོག་མར་ཚེའི་ལྷ་རྣམས་རྡོ་རྗེའི་ཐ་ཚིག་ཟབ་མོའི་ལུང་གིས་ཐུགས་དམ་གནད་ནས་བསྐུལ་བ་ནི༔ མོས་གུས་གདུང་ཤུགས་དྲག་པོས་སྔོན་གྱི་ཐུགས་དམ་ཆེན་པོས་གནད་ནས་བསྐུལ་བས༔ ཚེ་བདག་གཙོ་འཁོར་ཚེའི་རིག་འཛིན༔ རིགས་ཀྱི་ལྷ་མོ་རྣམས་ཀྱིས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་འཕགས་ཚོགས་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྐུའི་དབྱིབས་བརྒྱུད༔ མགུལ་གྱི་བུམ་པ༔ ཐུགས་ཀྱི་དཔལ་བེའུ་ནས་ཚེའི་དྭངས་མ༔ བཅུད་ཀྱི་ས་བོན༔ བྱིན་རླབས་ཀྱི་ངོ་བོ༔ ཡེ་ཤེས་ཀྱི་སྙིང་པོ་རྣམས་བཀུག་ནས༔ རྣམ་པར་ཤེས་པ་ནྲྀ་ལ་ཐིམ་པས་བཀྲག་མདངས་གཟི་


MR19_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་དང་ལྡན་པར་བསམས་ལ༔ མདའ་དར་གཡབ་སྟེ༔ ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེ་ཚེ་སྒྲུབ་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡིས་བརྙེས༔ མགོན་པོ་ཚེ་དཔག་མེད་པ་དང༔ ཡུམ་མཆོག་གསང་ཡེ་གོས་དཀར་མོ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ རིག་འཛིན་དགའ་རབ་རྡོ་རྗེ་དང ༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོ་ཡིས༔ ཆུ་བོ་ཆེན་པོའི་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ རིག་འཛིན་ཤྲཱི་སིདྷ་དང༔ མཁའ་འགྲོ་རིན་ཆེན་ཞི་བ་མཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁའ་འགྲོ་ལྷ་ལྕམ་མནྡཱ་རས༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ པཎ་ཆེན་བི་མ་མི་ཏྲ་དང༔ མཁའ་འགྲོ་དབྱིངས་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་


MR19_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སློབ་དཔོན་ཧཱུྃ་ཆེན་ཀ་ར་དང་༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་དུ༔ སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནུབས་བན་ནམ་མཁའི་སྙིང་པོ་དང་༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་མཚོས༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔སྐྱེ་འཆི་མེད་པའི་ཚེ་ཡང་ཐོབ༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་དུས་ཚེ་ཡི་ཁུངས་རེ་བཟང་༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང་༔སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡིས༔ སྣོད་བཅུད་ཐམས་ཅད་ཚེ་རུ་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་སྐུར༔ སྐུ་ཡི་སྤྲུལ་པས་གློག་སྟོང་འགྱུ༔ གསུང་གི་སྤྲུལ་པས་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་བསྡུས༔ དྲི་ཟ་བསྐུལ་ཞིང་གཤིན་རྗེ་སྡུད༔ ཀླུ་རྣམས་འདུལ་ཞིང་གནོད་སྦྱིན་ཁོལ༔ ཚེ་སྲོག་བརྐུས་པ་ཤུལ་དུ་ཆུག༔ བླ་ཚེ་ཉམས་པ་སོར་དུ་ཆུག༔ གླིང་བཞི་རྒྱ་མཚོའི་མཐའ་བསྐོར་ནས༔ ཚེ་ཡི་དངོས་གྲུབ་བུམ་པར་སྡུས༔ དཔལ་དང་བསོད་ནམས་བདག་ལ་སྐྱེད༔ རྟགས་དང་མཚན་མ་


MR19_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང་༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ གཞན་ཡང་སྤྲོ་ན་བསྟོད་བསྐུལ་མཐའི་ཁྱེད་རྣམས་ཐུགས་རྗེའི་སོགས་བྱའོ༔ སྒྲུབ་པ་གྲོལ་བའི་ཚེ་སྐབས་འདིར་དབང་བཞི་རྒྱས་པར་བ་སྦྱར་བའམ༔ དུས་རྒྱུན་ཏིང་ངེ་འཛིན་གྱིས་དབང་དང་དངོས་གྲུབ་ལེན་པ་ནི༔ མདུན་གྱི་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ལ་མོས་གུས་གདུང་བའི་ཤུགས་བསྐྱེད་ལ༔ ན་མོ༔ ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ༔ རྡོ་རྗེའི་རིགས་དང་༔ རིན་པོ་ཆེའི་རིགས་དང ༔ པདྨའི་རིགས་དང་༔ ལས་ཀྱི་རིགས་དང་༔ དེ་བཞིན་གཤེགས་པའི་རིགས་དང་༔ སྐུ་ཡི་རིགས་དང་༔ གསུང་གི་རིགས་དང་༔ ཐུགས་ཀྱི་རིགས་དང་༔ ཡོན་ཏན་དང་ཕྲིན་ལས་ཀྱི་རིགས་ལ་སོགས་པ༔ རིགས་ཐམས་ཅད་ཀྱིས་བསྡུས་པའི་བཅོམ་ལྡན་འདས་རྣམས་ཀྱིས་བདག་ལ་འཆི་མེད་རིག་འཛིན་ཚེའི་དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ནམ་མཁའི་ཁམས་གང་བའི་རྩ་གསུམ་རྒྱལ་བ་ཚེའི་ལྷ་ཚོགས་རྣམས་ཀྱིས༔ བརྩེ་བ་ཆེན་པོས་བདག་དང་སྦྱིན་བདག་ལ་དགྱེས་པའི་ཚུལ་གྱིས་འཆི་མེད་ཚེའི་སྔགས་སྒྲ་དི་རི་རི་སྒྲོགས་ཤིང་༔ རིགས་ཀྱི་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༔ ཡུམ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ༔ འཁོར་འདས་ལམ་གསུམ་གྱི་དྭངས་བཅུད་མ་ལུས་པ་བུམ་པར་བསྡུས་ནས་ཆི་ལི་ལི་འཁོར་བས༔ སྤྱི་བོ་ནས་དབང་


MR19_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བདུད་རྩི་དཀར་ནར་གྱིས་བྱུང་བས་གསང་གནས་ནས་སྤྱི་བོའི་བར་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ རང་རྒྱུད་སྨིན་ཅིང་གྲོལ་ནས་དབང་བཞིའི་རྟོགས་པ་མངོན་དུ་གྱུར༔ བདུད་རྩི་ཡར་ལུད་པས་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ལ་སོགས་པས་དབུར་བརྒྱན༔ དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད༔ རིགས་ཀྱི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད་དེ༔ བདག་ཅག་འཆི་བ་མེད་པ་ཚེ་ལ་དབང་བའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ཆེན་པོ་དུས་འདི་ཉིད་དུ་འགྲུབ་པར་བསམས་ལ༔ ཀྱཻ༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་དང་འཁོར༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ འཆི་མེད་ཚེ་ཡི་བདུད་རྩིས་རབ་ཏུ་བཀང་༔ བཀྲག་བདངས་བཅུད་དང་ཚེ་ཡི་འོད་ཟེར་འབར༔ བསྙེན་སྒྲུབ་ལས་སྦྱོར་སྒྲུབ་ཚད་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་ད་བབས་ན༔ མགོན་པོ་ཁྱེད་ཀྱི་ཚེ་བཞག་དུས་འདིར་ལགས༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ རྡོ་རྗེའི་ནམ་ལངས་ཉི་ཟླ་མཁའ་ལ་ཤར༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ སྐལ་ལྡན་བདག་ལ་ཚེ་ཡི་དབང་མཆོག་བསྐུར༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ


MR19_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿབྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུཿཥེ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ ཞེས་སྒྲུབ་པ་གྲོལ་མཐར་བུམ་པ་ལས་དངོས་གྲུབ་ཀྱི་དབང་དངོས་སུ་བླང་བའམ། ཐུན་མཐར་དམིགས་པ་ཙམ་གྱིས་བླང་བས་ཆོག༔ དེ་དང་རྗེས་འབྲེལ་དུ་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ རིག་འཛིན་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ལྷ་ཡི་དགེ་བསྙེན་དམ་ལྡན་ཐམས་ཅད་ཀྱིས༔ ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ ཚེ་དང་ཆོས་དང་ཕྲིན་ལས་རྣམ་བཞི་དང་༔ རྐང་མགྱོགས་མིག་མཐོང་རིལ་བུ་མཁའ་སྤྱོད་དང་༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་ནུས་མཐུ་དང་༔ སྲིད་ནོར་ཟས་དང་འདོད་དགུའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་སྒྲུབ་པ་གྲོལ་མཐར་དངོས་གྲུབ་ཀྱི་རྫས་རྣམས་རོལ༔ རྟེན་རྣམས་ཀྱང་སོ་སོར་གཏད༔ དུས་རྒྱུན་བདུད་རྩི་མྱོང་བས་འཐུས༔ དེའི་རྗེས་སུ་ལུས་ནང་བདུད་རྩིས་གང་བའི་དྭངས་མའི་དྭངས་མ་བཅུད་ཀྱི་ཡང་བཅུད་རྣམས༔ སྙིང་གའི་འབྲུ་གསུམ་ལ་ཐིམ༔ ཉི་ཟླའི་གའུ་ཁ་བསྒྲིགས་ཏེ་ཞུན་ཐར་དུ་སོང་༔ འོག་གི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞི་གྱེན་དུ་ལངས་བས་བསྣོལ་མར་རྒྱས་གདབ༔ རྭ་བཞིའི་རྩེ་མོར་རྟ་མགྲིན་གྱི་སྔགས་ཀྱིས་བཅིངས་པས་བསྲུང་ཞིང ༔ དེའི་སྟེང་དུ་ཚེ་དཔག་མེད་དཀར་པོ་ཚོན་གང་བ་ཞིག་དབང་རྟགས་སུ་བཞུགས་པས་རྒྱས་གདབ་པས་ཚེ་ནམ་ཡང་མི་འཕོ་བར་བྱིན་གྱིས་བརླབ་པར་བསམས་ལ་ཚེ་


MR19_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་བརྗོད༔ མཉམ་ཉིད་ལྟ་བའི་ངང་དུ་རྒྱས་གདབ་བོ༔ དེ་ནས་བདག་གི་ལུས་ལ་ཚེ་བསྟིམ་ཞིང་རྡོ་རྗེའི་ཚེ་འཛུགས་པར་བྱ་སྟེ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དེ་ལྟར་ཚེ་འགུགས་དབང་ཡང་བསྐུར༔ ད་ནི་རྡོ་རྗེའི་ཚེ་འཛུགས་འཚལ༔ སྐྱེ་འཆི་མེད་པར་རྒྱས་འདེབས་འཚལ༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ རི་བོ་ཏ་ལའི་ལྷོ་ནུབ་ཏུ༔ རིགས་གསུམ་མགོན་པོའི་ཕོ་བྲང་དེར༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ རྡོ་རྗེ་ཚེ་མཆོག་བསྒྲུབ་པ་ལ༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་ཤི་མེད་པའི་རྒྱ་ཡིས་བཏབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ད་ལྟ་རྣལ་འབྱོར་བདག་ཅག་ཀྱང་༔ རྡོ་རྗེ་ཚེ་འདི་ས་ལ་འཛུགས༔ གལ་ཏེ་ས་ལ་མ་ཚུགས་ན༔ ས་ཡི་སྙིང་པོ་གསེར་ཡིན་པས༔ ཚེ་འདི་གསེར་གྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་ཆུ་ལ་འཛུགས༔ གལ་ཏེ་ཆུ་ལ་མ་ཚུགས་ན༔ ཆུ་ཡི་སྙིང་པོ་ཚྭ་ཡིན་པས༔ ཚེ་འདི་ཚྭ་ཡི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མེ་ལ་འཛུགས༔ གལ་ཏེ་མེ་ལ་མ་ཚུགས་ན༔ མེ་ཡི་སྙིང་པོ་དྲོད་ཡིན་པས༔ ཚེ་འདི་དྲོད་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་ང་ལ་འཛུགས༔ གལ་ཏེ་ང་ལ་མ་ཚུགས་ན༔ རླུང་གི་སྙིང་པོ་དབུགས་ཡིན་པས༔ ཚེ་འདི་དབུགས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མཁའ་ལ་འཛུགས༔ གལ་ཏེ་


MR19_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་མ་ཚུགས་ན༔ ནམ་མཁའི་སྙིང་པོ་སེམས་ཡིན་པས༔ ཚེ་འདི་སེམས་ཀྱི་དཀྱིལ་དུ་འཛུགས༔ རྡོ་རྗེ་ཚེ་འདི་མི་ལ་འཛུགས༔ གལ་ཏེ་མི་ལ་མ་ཚུགས་ན༔ མི་ཡི་སྙིང་པོ་ནྲྀ་ཡིན་པས༔ ཚེ་འདི་ནྲྀ་ཡི་དཀྱིལ་དུ་འཛུགས༔ ལོ་བརྒྱ་ཐུབ་པའི་ཚེ་འཛུག་གོ༔ སྟོན་བརྒྱ་མཐོང་བའི་ཚེ་འཛུག་གོ༔ ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ བྷྲཱུྃ་ནི་ཚེ་ཡི་གཞལ་ཡས་ཁང་༔ ཏྲཱྃ་ནི་མི་ཟད་རིན་ཆེན་གཏེར༔ ཧྲཱིཿནི་ཡེ་ཤེས་སྙིང་པོའི་སྲོག༔ ཨཱཿནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ རྒྱལ་བ་རིགས་ལྔའི་ཕྱག་རྒྱ་ཡིས༔ ཚེ་འདི་འགྱུར་མེད་རྒྱ་ཡིས་གདབ༔ སྲོག་འདི་འགྱུར་མེད་བརྟན་པར་འཛུགས༔ འདིར་འདུས་སྐལ་ལྡན་བདག་ཅག་གིས༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་ནས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཅེས་བརྗོད༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མེ་ཏོག་དཀར་པོ་འཐོར༔ རྒྱལ་ཐེབས་རྣམས་ཀྱིས་ཚེ་ཆང་དྲངས་ཤིང་རྡོ་རྗེ་དང་བཅས་པའི་མདའ་དར་གཡབ་སྟེ༔ ཨོཾ་སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱཿགསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་པས༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་


MR19_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཡུཪྫྙཱ་ན་ཧཱུྃ་ཧྲཱི༔ ཞེས་མི་འགྱུར་བར་རྒྱས་གདབ་བོ༔ དེ་ནས་སྨོན་ལམ་ནི༔ ཨེ་མ་ཧོ༔ ཚེ་དཔག་མེད་པའི་བྱིན་རླབས་དང༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་མཐུས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང་༔ གློ་བུར་དགུ་བཅུ་རྩ་གཅིག་དང་༔ དུས་མིན་འཆི་བ་རྣམ་བརྒྱད་སོགས༔ མི་མཐུན་ཚེ་ཡི་བར་ཆད་རྣམས༔ མ་ལུས་ཞི་ཞིང་བཟློག་པར་ཤོག༔ ཅེས་ལན་གསུམ་བརྗོད་ལ༔ རྟེན་འབྲེལ་སྙིང་པོ་བཟླ་ཞིང་༔ མཆེད་ལྕམ་ཡོན་བདག་དང་བཅས་པས་མེ་ཏོག་བཟུང་སྟེ་ཐལ་མོ་སྦྱར་ནས༔ ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ༔ ཚངས་པའི་གསུང་ནི་སྐྱེ་མེད་རྟག་པ་རྡོ་རྗེའི་གསུང་༔ སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་མེད་རྡོ་རྗེའི་ཐུགས༔ འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི༔ རྔ་སྒྲའི་རྒྱལ་པོ་རྒྱལ་བ་འདྲེན་པ་འོད་དཔག་མེད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འགྲུབ་གྱུར་ཏེ༔ བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཅེས་ལན་གསུམ་བརྗོད་པར་བྱ་སྟེ༔ རྡོ་རྗེའི་ཐ་ཚིག་གོ༔ དེ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད་པར་བྱའོ༔ གསུམ་པ་རྗེས་ཀྱི་བྱ་བ་ལ་ལྷག་གཏོར་གཏོང་བ་དང་གསོལ་ཁ་མཆོད་པ་སོགས་སྔོན་དུ་གྲུབ་ནས༔ ཆད་མདོ་བྱ་བ་ནི༔ གཏོར་མ་དཔག༔ རྔ་བརྡུང་༔ དུང་འབུད༔ རཀྟ་བྲན་ལ་འདི་སྐད་དོ༔ བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔


MR19_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་གསུམ་བསྒྲགས་སྣང་སྲིད་མ་མོ་བསྡུས༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་ཕུག་མཱ་ར་ཏི་ཀའི་གནས་མཆོག་ཏུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་༔ ཚེ་ལམ་གསང་བའི་ཡུམ་མཆོག་མནྡཱ་རས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་སྒྲུབ་པའི་ཚེ༔ ཚེ་དཔག་མེད་པ་དངོས་སུ་བྱོན་ནས་སུ༔ སྐྱེ་འཆིའི་འཇིགས་བྲལ་རྡོ་རྗེའི་དབང་ཐོབ་ཚེ༔ རྒྱུད་གསུམ་དམ་ཅན་རྒྱ་མཚོ་སྤྲིན་ལྟར་འདུས༔ སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔


MR19_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ བྲག་དམར་བསམ་ཡས་ཨཱཪྱ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མའི་དྭངས་མ་རྗེ་འབངས་གྲོགས་ལྔ་ཡིས༔ འཆི་མེད་ཚེ་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང་༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ སློབ་དཔོན་པདྨ་མཁར་ཆེན་མཚོ་རྒྱལ་དང་༔ ནམ་མཁའི་སྙིང་པོ་ལང་གྲོ་ལོ་ཙཱ་ཡིས༔ གསང་འདུས་ཚེ་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབང་ཕྱུག་ཉེར་བརྒྱད་མཁའ་


MR19_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སུམ་ཅུ་གཉིས༔ གིང་དང་ལངྐ་བརྟན་མར་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང ༔ རིག་འཛིན་སྔགས་འཆང་རཏྣ་གླིང་པ་ཡིས༔ རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞི༔ གཏེར་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གཏོར་མ་ཟོར་དུ་འཕེན་ན༔ བྷྱོ༔


MR19_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་དམ་ཉམས་དགྲ་དང་བགེགས༔ བསྟན་པའི་རུ་དྲ་མ་གཏོགས་པའི༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ ལྷ་ཀླུ་གཞི་བདག་སྐུ་གཟུར་ཅིག༔ གཏོར་ཟོར་དགྲ་དང་བགེགས་ལ་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་སྐྱེད༔ ཅེས་བརྡེག་གོ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང་༔ གངས་ཀྱི་གཡུ་བུན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་དབང་ཆེན་ཁྱེད་བཞི་ཡང་༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་བུན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་མཐུ་ཆེན་ཁྱེད་བཞི་ཡང་༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་མོ་ཆེན་མོ་བཞིན་མཛེས་ཁྱེད་བཞི་ཡང་༔ འདིར་གཤེགས་བཀའ་ཡི་གཏོར་མ་


MR19_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལོངས་ལ༔ དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་ཁྱེད་རྣམས་ཀྱང་༔ དཔོན་གཡོག་མང་པོ་སྨན་ཕྲན་འབུམ་དང་བཅས༔སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མཐུ་ཆེན་རླངས་ཆེན་དཔལ་སེང་གིས༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང་༔ རུ་དྲ་བསྒྲལ་བའི་ཞིང་ཆེན་གདན་ལ་བཞག༔ དབང་བསྐུར་དབང་རྟགས་སྤྱི་བོར་ཅོད་པན་བཏགས༔ དམ་ཚིག་གཉན་གྱི་བདུད་རྩི་ལྕེ་ལ་བཞག༔ དབང་རྟགས་རྡོ་རྗེ་ཕུར་པ་ལག་ཏུ་གཏད༔ གསང་སྔགས་འཆང་བའི་བྲན་དུ་ཁས་བླངས་ནས༔ མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་ཀྱི༔ འཇིག་རྟེན་མ་འདས་བར་དུ་དམ་བཅས་བཞིན༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྟན་མ་སྐྱོང་ཞིང་༔ རྗེས་ལ་གཏོར་གཞོང་བདུད་རྩིས་བཤལ་ལ་ཡང་མཆོད་དོ༔ དེ་ནས་རྟ་བྲོ་ནི༔ གཏོར་གཞོང་རི་རབ་འོག་ཏུ་དགུག་གཞུག་དྲག་ཏུ་བྱས་ལ༔ མཆེད་ལྕམ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ༔ དང་པོ་གླུ་བྲོའི་ལྷ་ཚོགས་སྤྱན་དྲངས་པ་ནི༔ ཧཱུྃ༔ གསང་འདུས་ཚེ་ལྷའི་དཀྱིལ་འཁོར་དུ༔ དགྲ་བགེགས་དམ་སྲི་བསྒྲལ་བའི་ཕྱིར༔ རྟ་མགྲིན་ཁྲོ་རྒྱལ་སྤྲུལ་པ་བཅས༔


MR19_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཚོགས་དང་བཅས་ནས་ནི༔ ཐབས་དང་ཤེས་རབ་འབྲེལ་བའི་ལས༔ གླུ་བྲོ་གར་གྱིས་ཐུགས་དམ་བསྐུལ༔ རྒྱུན་ཆད་མེད་པར་རབ་བརྟན་ཞིང་༔ བྲོ་ནི་འབར་བའི་ཕྱག་རྒྱ་ཡིན༔ རྒྱལ་བ་སྟོང་དང་མཉམ་པར་སྦྱོར༔ གླུ་ནི་ཚངས་པའི་དབྱངས་ཀྱིས་འདྲེན༔ མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ༔ ཚིག་ནི་དོན་དམ་རྟོགས་པའི་ཚིག༔ འཁོར་འདས་གཉིས་སུ་མེད་པར་རྟོགས༔ འདི་ནི་གླུ་དང་གར་གྱི་བརྡ༔ དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ༔ གར་ནི་ཁྱབ་བརྡལ་རིག་པའི་གར༔ ཞིང་ཁམས་ཕྱོགས་བཅུར་ཁྱབ་པར་བྱེད༔ ཕྱག་རྒྱ་བསྣོལ་བ་ལུ་གུ་རྒྱུད༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་ཅི་བཞིན་དུ༔ གླུ་བྲོ་གར་ལ་གཤེགས་སུ་གསོལ༔ ཅེས་བྲོ་བསྐོར་རོ༔ དེ་ནས་བྲོས་མནན་ཏེ༔ ཧཱུྃ༔ གསང་འདུས་ཚེ་ལྷའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ བདག་ཉིད་ཆེན་པོའི་སྐུར་བསྒོམ་ཏེ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ༔ དབང་ཆེན་རྔམས་པའི་སྒྲ་སྒྲོགས་ཤིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་ཏི་རི་རི༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ གསང་བའི་བཤུགས་པ་ཀྱུ་རུ་རུ༔ རྡོ་རྗེའི་ཐོག་འབེབས་ལམས་སེ་ལམ༔ ཧཱུྃ་གིས་དབང་བསྒྱུར་ཁམས་གསུམ་གཡོ༔ ཕཊ་ཀྱིས་སྤྲུལ་པས་འཇིག་རྟེན་ཁྱབ༔


MR19_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རྃ་གྱིས་མེ་འབར་ཐམས་ཅད་བསྲེགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས༔ ཀངྐ་འདབ་ཆགས་སྐར་ལྟར་འཁྲུགས༔ བདུད་དང་དམ་སྲི་རྡུལ་དུ་རློག༔ སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ༔ ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་བྲོ༔ ཟ་བྱེད་ཕོ་ཉའི་དཀྱིལ་འཁོར་དུ༔ དུག་ལྔས་དྲེགས་པའི་ཕུང་པོ་ལ༔ གཅན་གཟན་ཆེན་པོའི་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཞེ་སྡང་བཅོམ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྱིལ་བ་ལ༔ མ་ཚོགས་མཁའ་འགྲོའི་བྲོ་བརྡུངས་པས༔ ཀུན་ཏུ་ཞེན་པའི་འདོད་ཆགས་བཅོམ༔ རྔམས་འཇིགས་འཁྲུགས་པའི་དཀྱིལ་འཁོར་དུ༔ མཱཾ་ས་ཤ་ཆེན་སྤུངས་པ་ལ༔ སྡེར་ཆགས་འདུས་པའི་བྲོ་བརྡུངས་པས༔ རྨོངས་པའི་གཏི་མུག་ངོ་བོ་བཅོམ༔ གཏུམ་ཆེན་འཁྲུགས་པའི་དཀྱིལ་འཁོར་དུ༔ དབང་པོ་ཡན་ལག་རྫོགས་པ་ལ༔ གཤོག་པ་རྡོ་རྗེའི་བྲོ་བརྡུངས་པས༔ ཀུན་ཏུ་རྨོངས་པའི་ཕྲག་དོག་བཅོམ༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དབུས་ཀྱི་ཁྲི་རྐང་ཟླུམ་པོ་ལ༔ རྡོ་རྗེ་མཆུ་ཡི་བྲོ་བརྡུངས་པས༔ བདག་ཏུ་འཛིན་པའི་ང་རྒྱལ་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་


MR19_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྐང་༔ མ་ཚོགས་ཌཱ་ཀིའི་ད་ལ་རུ༔ ཏན་གྷན་སྤྲུལ་པའི་ལས་བྱས་པས༔ རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་ལས་བྱས་པས༔ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཆེན་པོའི་ད་ལ་རུ༔ བཀའ་འདས་བསྒྲལ་བའི་ལས་བྱས་པས༔ རུ་དྲ་མནན་པའི་ཆོ་ག་རྫོགས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ མུྃ་ལཾ༔ སྟྭཾབྷ་ཡ་ནན༔ དགྲ་བགེགས་སརྦ་ཤཱ་ཏྲཱུཾ་བྷ་ཡ་ནན༔ སླར་ཡང་མཆོད་བསྟོད་དང་བཟོད་གསོལ་རྟེན་བཞུགས་བྱས་ལ༔ བསྐྱེད་རིམ་བསྡུ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་ལས༔ གསང་འདུས་ཚེ་ལྷའི་དཀྱིལ་འཁོར་འཇའ་ལྟར་ཤར༔ འགྲོ་ཀུན་སྲིད་པའི་མཚོ་ལས་རབ་བསྒྲལ་ནས༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཛྲ་མུ༔ སླར་ཡང་ལྷའི་ང་རྒྱལ་གྱིས་ལྡང་བ་ནི་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་བདེ་ཆེན་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ངང་ཉིད་ལས༔ ཐུགས་རྗེའི་རང་བཞིན་གདུལ་བྱའི་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱའོ༔ དེ་ནས་སྨོན་ལམ་གདབ་པ་ནི༔ ན་མོ༔ བདག་གིས་ལྷ་མཆོག་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་


MR19_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་མྱུར་འགྲུབ་ཅིང་༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ ཅེས་དང་གོང་གི༔ ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སོགས་དང་། བསོད་ནམས་འདི་ཡིས་མཁའ་ཁྱབ་འགྲོ་ཀུན་གྱི༔ འཆི་བས་འཇིགས་སོགས་སྡུག་བསྔལ་རྒྱུན་ཆད་དེ༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ཐོབ་ནས༔ ཀུན་ཀྱང་ཐེག་མཆོག་ལམ་ལ་འཇུག་པར་ཤོག༔ བདག་ཀྱང་ཚེ་དཔག་མེད་མགོན་ཀུན་ཏུ་བཟང་༔ འཇམ་དཔལ་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི༔ རྣམ་ཐར་ཇི་བཞིན་མུ་མཐའ་ཇི་སྲིད་དུ༔ མ་ལུས་འགྲོ་བའི་ཕན་བདེ་སྒྲུབ་པར་ཤོག༔ གཞན་ཡང་སྨོན་ལམ་རྒྱ་ཆེར་གདབ༔ དེ་ནས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་པ་ནི༔ ཧོ༔ ཆོས་སྐུའི་བཀྲ་ཤིས་མགོན་པོ་ཚེ་དཔག་མེད༔ མི་འགྱུར་རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགགས་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ སྤྲོས་བྲལ་འགྱུར་མེད་ཐུགས་ཀྱི་བཀྲ་ཤིས་ཤོག༔ འཁོར་གྱི་བཀྲ་ཤིས་ལས་ཅན་རྗེ་འབངས་ཚོགས༔ གདུལ་བྱ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ གདམས་པའི་བཀྲ་ཤིས་ཡང་གསང་བླ་མེད་ཆོས༔ གསང་སྔགས་བསྟན་པ་དར་རྒྱས་བཀྲ་ཤིས་


MR19_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ ཡི་དམ་བཀྲ་ཤིས་གསང་འདུས་ཚེ་ཡི་ལྷ༔ འཆི་མེད་རིག་འཛིན་འགྲུབ་པའི་བཀྲ་ཤིས་ཤོག༔ མཁའ་འགྲོའི་བཀྲ་ཤིས་རིག་པའི་ལྷ་མོའི་ཚོགས༔ རྡོ་རྗེའི་ལང་ཚོ་འགྲུབ་པའི་བཀྲ་ཤིས་ཤོག༔ བཀའ་སྡོད་བཀྲ་ཤིས་དམ་ཅན་སྨན་སྲུང་ཚོགས༔ གང་བསམ་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་དང་ལྕམ༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང་༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང་༔ ཐོག་མའི་རང་བཞིན་ས་ལ་འཁོད་པར་ཤོག༔ ཆོས་ཚུལ་འདིས་ཀྱང་ཕྱོགས་ཀྱི་ཐ་གྲུ་ཁྱབ༔ གང་དུ་དར་བར་ཞལ་དྲོ་བྱིན་ཆགས་ཤིང་༔ དགེ་མཚན་བཀྲ་ཤིས་བདེ་ལེགས་གོང་དུ་འཕེལ༔ གེགས་ཞི་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ༔དགེ་འདུན་འདུས་པའི་སྡེ་འཕེལ་བཤད་སྒྲུབ་དར༔ འཁོར་སློབ་སྦྱིན་བདག་ཚེ་རིང་སྟོབས་འབྱོར་ལྡན༔ རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག༔ གཟུགས་བཟང་དཔལ་འབྱོར་རྒྱ་ཆེ་ཀུན་གྱིས་འདུད༔ ཕྱོགས་ལས་རྣམ་རྒྱལ་སྙན་པས་ས་སྟེང་ཁྱབ༔ ཚེ་རིང་ནད་མེད་སྐལ་བཟང་འཁོར་ཚོགས་འདུ༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་


MR19_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགེ་ལེགས་སུ་བྱའོ། །དེ་ལྟར་ཚེ་སྒྲུབ་ཀུན་ལས་ཁྱད་འཕགས་བཅུད། །གསང་བ་འདུས་པའི་ལས་བྱང་བཀླག་ཆོག་ཏུ། །རིག་འཛིན་རྣམས་ཀྱི་ཞལ་ལུང་བཞིན་བཀོད་པའི། །དགེ་བས་འགྲོ་ཀུན་ཚེ་མཆོག་འགྲུབ་པར་ཤོག །དེ་ཡང་སྤྱིར་ཨོ་རྒྱན་རིག་འཛིན་ཆེན་པོས་ཟབ་མོ་ཚེ་ཡི་གདམས་པ་གྲངས་མེད་པ་གཏེར་ལས་སྩལ་བ་ཐམས་ཅད་གང་ཉམས་སུ་བླངས་ཀྱང་ངོ་མཚར་དང་བྱིན་རླབས་ཆེ་བ་ཡིན་མོད། གཏེར་ཆེན་རཏྣ་གླིང་པ་ཉིད་ནི་རྟེན་འབྲེལ་ཐམས་ཅད་ལེགས་པར་འགྲིགས་པའི་དབང་གིས་འདིའི་ཆོས་བཀའ་ཐམས་ཅད་ཞལ་དྲོ་བྱིན་རླབས་ཀྱི་ཚན་ཀ་ཆེ་ཞིང་བཀྲ་ཤིས་པར་ཡོངས་སུ་གྲགས་ཤིང་གྲུབ་པ་དང་། ཁྱད་པར་ཚེ་སྒྲུབ་གསང་འདུས་འདི་ལ་བརྟེན་ནས་གཏེར་སྟོན་བརྒྱུད་པ་དང་བཅས་པ་ཐམས་ཅད་སྐུ་ཚེ་ཤིན་ཏུ་རིང་པོར་འཚོ་གཞེས་པ་དང་།དེང་སང་གི་བར་དུ་ལམ་འདི་ལ་བསྙེན་སྒྲུབ་ལེགས་པ་ཞིག་བྱས་ཕྱིན་ཆད་དུས་མིན་དུ་འཆི་བ་མ་མཐོང་ཞེས་ཀུན་གྱིས་གླེང་བ་ལྟར་དངོས་སུ་ཡིད་ཆེས་པར་མཐོང་ཐོས་སུ་གྱུར་པ་དང་། བསྙེན་སྒྲུབ་མི་ནུས་པའི་ཕལ་པ་དག་ལ་ཡང་སྐུ་རིམ་དུ་ཚེ་སྒྲུབ་འདི་དང་འདི་ཡི་སྟོང་མཆོད་བཏོན་པ་དག་གིས་ཀྱང་དམིགས་བྱ་རྐྱེན་ངན་ལས་གྲོལ་ཏེ་ཚེ་མཐར་ཕྱིན་པ་ཡང་མང་དུ་མཐོང་བས་ན་ཆོས་འདི་ནི་ཟབ་པར་ཡིད་ཆེས་རྙེད་པ་ལགས་པས་འདི་ལ་འབད་པ་དོན་ཆེ་སྟེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་ལྟར་གཞུང་བཞིན་སུས་བསྒྲུབ་པ༔ ཚེ་མཐར་ཕྱིན་པར་མ་གྱུར་ན༔ ཚེ་བདག་པདྨས་མ་ཤེས་ཀྱི༔ ཚུལ་བཞིན་ཉམས་སུ་སུས་བླངས་པ༔ ཚེ་ལ་དབང་ཐོབ་ཐེ་ཚོམ་མེད༔ སྡིག་ཅན་ལག་ཏུ་ཤོར་སྲིད་པས༔ སྙིང་གི་བུ་མིན་ཀུན་ལ་གསང་༔ ཟབ་པའི་མཐར་ཐུག་མིན་རེ་ཀན༔ ཞེས་དང་༔


MR19_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཟབ་མོའི་མན་ངག་གནད་ཡིག་བཅས༔ ཨོ་རྒྱན་ང་ཡི་ཐུགས་བཅུད་སྙིང་པོ་སྟེ༔ འདི་ལས་ཟབ་པ་གཏེར་དུ་སྦས་རེ་ཀན༔ ལྷོ་གཏེར་རིན་ཆེན་འབྲས་བུའི་ཚུལ་དུ་ཡང ༔ གཏེར་བདག་བཟང་ཕྱིར་གནམ་སྐས་བྲག་ལ་སྦས༔ མ་འོངས་ལྔ་བཅུ་ཁ་རལ་དུས་ཀྱི་ཚེ༔ ཆོས་ཀྱི་བདག་པོ་རཏྣ་གླིང་ལ་གཏད༔ ཅེས་དང་༔ མདོར་ན་རང་དོན་གཞན་དོན་གདུལ་བྱ་ཕྲིན་ལས་གང་བསྒྲུབ་ཀྱང་རྣལ་འབྱོར་པ་ཚེ་རིང་ན་ཅི་བསམ་འགྲུབ་པས༔ ཚེ་སྒྲུབ་པ་ལ་ནན་ཏན་བྱའོ་ཞེས་པདྨ་རྒྱལ་པོའི་ཐ་ཚིག་གོ༔ ཞེས་དང ༔བསྟན་འཛིན་བུ་ལ་སྙན་བརྒྱུད་སྤེལ་བར་བྱ༔ བཀའ་བཞིན་སྒྲུབ་པས་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་གསུངས་ཤིང་༔ ཨོ་རྒྱན་རིན་པོ་ཆེའི་བཀའ་བཞིན་མཁར་ཆེན་བཟས་ཡི་གེར་བཀོད་ནས༔ མ་འོངས་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་གཅིག་དང་འཕྲད་ནས་ཀྱང་༔ འགྲོ་དོན་བསྟན་པ་མཐར་རྒྱས་ཤོག༔ ཅེས་རྡོ་རྗེའི་བདེན་ཚིག་གཏད་རྒྱ་དང་བཅས་ཏེ་མཛད་ནས་གཏེར་དུ་སྦས་པ་ལས། ཕྱིས་སུ་ལྷོ་བྲག་གནམ་སྐས་ཅན་ནས། གཏེར་སྟོན་རྒྱལ་པོ་རཏྣ་གླིང་པས་ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ་གདན་དྲངས་པ་ལགས་ཏེ། ཟབ་ཆོས་འདི་ལ་བརྟེན་ནས་བསྟན་འཛིན་དམ་པ་རྣམས་དང་། བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱིས་མཚོན་པའི། གང་ཟག་རྣམས་ཀྱི་སྲོག་གི་ལྗོན་བཟང་རིང་དུ་བརྟན་པའི་སླད་དུ་རྣལ་འབྱོར་པ་རྣམས་ཀྱིས་བསྙེན་སྒྲུབ་བྱེད་པ་དང་། ཕལ་པའི་སྐུ་རིམ་དུ་ཚེ་སྒྲུབ་དང་སྟོང་མཆོད་བསགས་པ་སོགས་ལ། ཡི་གེ་མ་བུ་འཐོར་ཐབས་སུ་གནས་པ་རྣམས་ཕྱོགས་གཅིག་ཏུ་དྲིལ་ན་ཕན་པའི་ཡན་ལག་ཏུ་མཐོང་ནས། གཏེར་གཞུང་གི་ལས་བྱང་ཉིད་གཞིར་བཞག །


MR19_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཞལ་འཕང་རིགས་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་བཞིན་ཁ་བསྐངས༔ སྐབས་སུ་བབ་པའི་མཚམས་སྦྱོར་གསར་བསྣན་བཅས་ཏེ་བཀླག་ཆོག་མར་བཀོད་པ་ཚེ་དབང་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་འདི་ནི་རྒྱལ་དབང་པདྨའི་བྲན་དུ་གྱུར་པ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས། རབ་ཚེས་ཤིང་ལུག་ཁྲུམས་ཟླའི་ཚེས་ཀྱི་དང་པོ་གཟའ་སྐར་དགེ་བ་ལ་དབུ་བརྩམས་ཏེ་ཉིན་གསུམ་གྱིས་གཞུང་དང་། ཡན་ལག་གི་ཡིག་ཆ་བཅས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་གྲུབ་པར་བགྱིས་པ་འདིས། ལམ་འདི་ལ་ཞུགས་པ་ཐམས་ཅད་ཀྱིས་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གྷུཧྱ༔ རྒརྨརྒྱ༔ ཨིཐིཾ༔ ཤུ་བྷཾ༔ དགེའོ། །འདིའི་ཆ་ལག་ཏུ་སྟོང་མཆོད་བྱ་བའི་ལག་ལེན་རབ་གསལ། པད་གླིང་གི་བྱིན་འབེབས་འོད་དྲ། རིག་འཛིན་བྱིན་འབེབས། སྐོང་བ་འཆི་བདག་བདུད་འཇོམས། བརྒྱུད་འདེབས། ནང་སྒྲུབ་ཀྱི་བཟླས་དམིགས་ཟུར་བཀོལ། བཀའ་སྲུང་གི་གསོལ་མཆོད་བཅས་ཡོད་ལ། གཞུང་དང་ཆ་ལག་རྒྱལ་སྲིད་རིན་པོ་ཆེའི་གྲངས་ལྡན་དེ་རྣམས་ཚོགས་པས་དགོས་པའི་དོན་ཡོངས་སུ་གྲུབ་པ་ཡིན་ནོ། །མངྒ་ལཾ། །ཨོཾ་སྭ་སྟི། ཚེ་འོད་དཔག་མེད་གྲུབ་པའི་ན་དཱའི་དབྱངས། །ཆོས་དབྱིངས་ཀུན་ཁྱབ་གཞོམ་མེད་རྡོ་རྗེའི་སྲོག །གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝས། །ལྷོ་གཏེར་རིན་ཆེན་འབྲས་བུའི་དབྱིག་ཏུ་སྦས། ༡ །རྩོད་བྲལ་གཏེར་ཆེན་རཏྣ་གླིང་པ་ཡིས། །འཆི་མེད་ཚེ་ཡི་ལྷུན་པོ་བརྟན་ཕྱིར་དུ། །ངོ་མཚར་བསྟན་འགྲོའི་གཙས་སུ་དྲངས་པའི་ཆོས། །སྐལ་བཟང་


MR19_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཛིན་པའི་བཅུད་ལེན་གྲུབ། ༢ །འདི་ཉིད་དགོས་པ་ཁྱད་འཕགས་རིང་གཟིགས་ཏེ། །སླར་ཡང་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིས། །ཆོས་སྤྱན་རྡུལ་དང་བྲལ་བས་ཚར་དུ་དངར། །འདི་འདྲའི་ཐབས་ཆོས་ས་གསུམ་ནོར་ལས་གཅེས།༣ །ཆོས་སྦྱིན་འདི་བགྱིས་འབྲས་བུ་འཆི་མེད་ཞིང་། །འཇམ་མགོན་བླ་མ་མཁན་ཆེན་ཡབ་སྲས་ཀྱི། །དགྱེས་རབ་ཕུལ་དང་བསྟན་འཛིན་གང་བཞུགས་རྣམས། །ཞབས་པད་རྡོ་རྗེའི་ཁྲི་འཕང་འཚོ་གཞེས་གསོལ། ༤།བདག་དང་ཕ་མ་སྤུན་སྲིང་འབྲེལ་ཐོགས་ཀུན། །བཅོམ་ལྡན་ཚེ་འོད་དཔག་མེད་ཁྱེད་ཅི་འདྲ། །དེ་འདྲར་གྱུར་ཏེ་རིས་མེད་བསྟན་འགྲོའི་དོན། །རླབས་ཆེན་བྱེད་པའི་བསོད་ནམས་དར་བ་ཤོག ༥ །ཀླ་ཀློ་མཐའ་དམག་མ་ལུས་ཞི་བ་དང་། །ཆོས་ལྡན་རྒྱལ་པོའི་མངའ་ཐང་དར་ཞིང་རྒྱས། །ཡངས་པའི་རྒྱལ་ཁམས་བསྟན་པ་རིན་པོ་ཆེའི། །སྣང་བ་དམ་པས་འཇིག་རྟེན་མཛེས་གྱུར་ཅིག །ཅེས་པའང་སྙིགས་མ་ལྔ་ཡི་རང་བཞིན་སྟོན་པའི་དུས་འདིར་སྐྱེ་དགུ་རྣམས་འབྱོར་བ་དྲུག་གི་ཕོངས་ཤིང་རྐམ་ཆགས་གདུང་བ་ལྷག་པར་འཕེལ་བའི་སྟོབས་ཀྱིས་ཕན་ཚུན་གནོད་འཚེའི་བསམ་སྦྱོར་ངན་པས་འདི་དང་ཕྱི་མར་རྒུད་པ་ཆེན་པོ་བར་མེད་མྱོང་བར་མཐོང་བས་ཤིན་ཏུ་སྙིང་བརྩེ་ཞིང་། འདི་ལྟ་བུའི་གསེར་ཆོས་གདམས་ཟབ་ཁྱད་པར་དུ་འཕགས་པ་འདི་ཉིད་ལ་བརྟེན་ནས་འདི་དང་ཕྱི་མ་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པའི་ཐབས་སྟོབས་ཕུལ་དུ་ཕྱིན་པ་ཡིན་ཞེས་འཇམ་མགོན་རྡོ་རྗེ་འཆང་མི་ཕམ་རྣམ་པར་རྒྱལ་བའི་བཀའ་དྲི་མ་མེད་པའང་སྤྱི་བོར་ཕེབས། རང་གིས་ཀྱང་ཟབ་ཆོས་འདི་ཉིད་བསམ་འཕེལ་དབང་གི་རྒྱལ་པོ་


MR19_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ངེས་ཤེས་རྙེད་པའི་དད་པ་བརྟན་པོ་ཐོབ་སྟེ། དགོས་པ་དུ་མ་མཐོང་ཞིང་རིས་མེད་བསྟན་འགྲོར་སྨན་པའི་ལྷག་བསམ་ཀུན་ནས་བསླངས་ཏེ་ས་སྦྲུལ་ས་ག་ཟླ་བའི་དུས་ཆེན་༡༥ལ་གྲུབ་དབང་མཉན་པ་ཆེན་པོའི་མཚན་གྱི་བྱིན་རླབས་ཐོབ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མས་དཔལ་ལྡན་ཕུན་ཚོགས་དར་རྒྱས་གླིང་གི་ཆོས་སྡེ་ཆེན་པོ་ཆོས་སྦྱིན་གྱི་མ་མོར་འདུ་བ་བགྱིས་པའི་སྐབས་སྙིང་ནས་སྨོན་པ་དགེ་ལེགས་འཕེལ།། །།


previousགཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར།next