Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ བྱིན་འབེབས་འོད་ཀྱི་དྲྭ་བ།
   
   
   
   
   
   
   
   
   
   
   
   
   


 
previousཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ བྱིན་འབེབས་འོད་ཀྱི་དྲྭ་བ།next

ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ བྱིན་འབེབས་འོད་ཀྱི་དྲྭ་བ།


MR19_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ བྱིན་འབེབས་འོད་ཀྱི་དྲྭ་བ་བཞུགས་སོ༔


MR19_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ བྤགོཾཊཏ། ཅཊ། ཅ། ཤ། ཐྦ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་བྱིན་འབེབས་ཆེན་མོ་བཀོད༔ སྒྲུབ་པའི་ཞག་གྲངས་ཐེམ་པ་དང་༔དབང་བསྐུར་སྔོན་དུ་བྱིན་འབེབས་བྱ༔ དེ་ནས༔ དང་པོ་མདུན་གྱི་ནམ་མཁའ་ལ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་བྱུ་རུའི་མདོག༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ རང་འདྲའི་ཡུམ་མཆོག་ཆོས་དབྱིངས་སྦྱོར༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང་༔ གུ་རུ་པདྨ་འབྱུང་གནས་ནི༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ བདེ་


MR19_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ འབྱིན་ཤེས་རབ་ཡུམ་དང་སྦྱོར༔ ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ༔ སྐྱིལ་ཀྲུང་གཟི་བརྗིད་ལྡན་པར་བསྐྱེད༔ དེ་ཡི་འཁོར་དུ་ཚེ་ཡི་བདག༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་དང༔ ལྷ་མོ་བཞི་དང་མགྱོགས་མ་བཞི༔ མ་མོ་མཁའ་འགྲོ་ཕྲ་མེན་དང་༔ སྒོ་བ་ཡབ་ཡུམ་ལ་སོགས་རྣམས༔ རང་རང་ལས་མཛད་འཁོར་གྱིས་བསྐོར༔ སྣང་ལ་རང་བཞིན་མ་གྲུབ་པར༔ ཆུ་ནང་ཟླ་ཤར་ལྟ་བུ་སྟེ༔ རང་རང་མདུན་གྱི་ནམ་མཁར་བསྐྱེད༔ སྤོས་དང་རོལ་མོ་བྱ་ཞིང་འདི་སྐད་དོ༔ ཧྲཱིཿཞིང་ཁམས་སུམ་བརྩེགས་ཕོ་བྲང་ནས༔ བླ་མེད་ཕྱི་ཡི་དཀོན་མཆོག་གསུམ༔ སངས་རྒྱས་ཆོས་དང་དགེ་འདུན་རྣམས༔ ཨཱ་ཡུ་ཚེ་ཡི་བྱིན་ཕོབ་ཅིག༔ འཇའ་འོད་འཁྱིལ་


MR19_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོད་ལྔའི་ཀློང་༔ བླ་མེད་ནང་གི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ཨཱ་ཡུ་ཚེ་ཡི་བྱིན་ཕོབ་ཅིག༔ གནས་གསུམ་དག་པའི་ཐིག་ལེའི་ཀློང་༔ བླ་མེད་གསང་བའི་དཀོན་མཆོག་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམས༔ ཨཱ་ཡུ་ཚེ་ཡི་བྱིན་ཕོབ་ཅིག༔ བདེ་བ་ཆེན་པོའི་ཞིང་ཁམས་ནས༔ རང་བྱུང་སྤྲོས་པ་མི་མངའ་ཡང་༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ ཆོས་དབྱིངས་ཀློང་ནས་བྱིན་ཕོབ་ཅིག༔ ལྔ་ལྡན་ཐིག་ལེའི་གཞལ་ཡས་ནས༔ འོད་ལྔ་མ་འདྲེས་ལོངས་སྤྱོད་རྫོགས༔ རིགས་ལྔ་ཡབ་ཡུམ་ཚེ་ཡི་བདག༔ ཡེ་ཤེས་ལྔ་ཡི་བྱིན་ཕོབ་ཅིག༔ དཔལ་རི་པདྨའི་གཞལ་ཡས་ནས༔ རང་བཞིན་སྐྱེ་འཆི་མི་མངའ་བ༔ ཨོ་རྒྱན་པདྨ་ཚེ་ཡི་བདག༔ འཆི་མེད་ཚེ་ཡི་བྱིན་ཕོབ་ཅིག༔ མཁའ་སྤྱོད་རྣམ་དག་ཕོ་བྲང་ནས༔ གཞན་དོན་ཕྲིན་ལས་སྒྲུབ་པ་མོ༔ མཁའ་འགྲོ་མཚོ་རྒྱལ་ཚེ་ཡི་བདག༔ ཉམས་རྟོགས་སྤེལ་བའི་བྱིན་ཕོབ་ཅིག༔ སྣང་སྲིད་རྣམ་དག་ཆོས་སྐུའི་ཞིང༔ ཟབ་གཏེར་མངའ་བདག་མཚན་དཔེས་བརྒྱན༔ སྙིགས་དུས་འགྲོ་མགོན་ཚེ་ཡི་བདག༔ པདྨ་གླིང་པས་བྱིན་ཕོབ་ཅིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ན༔ རྩ་བའི་བླ་མས་བྱིན་ཕོབ་ཅིག༔ རང་སྣང་རྩ་ཡི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་བྱིན་ཕོབ་ཅིག༔ རྣལ་འབྱོར་བུ་བཞིན་སྐྱོང་བྱེད་པའི༔ མཁའ་


MR19_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ འགྲོ་ཆོས་སྐྱོང་བྱིན་ཕོབ་ཅིག༔ ཚེ་ཡི་ཕོ་ཉ་ལས་བྱེད་རྣམས༔ རང་རང་གནས་ནས་བྱིན་ཕོབ་ཅིག༔ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་ལྟར་སི་ལི་ལི༔ འཆི་མེད་ན་བུན་ཐུ་ལུ་ལུ༔ ཉམས་དང་རྟོགས་པ་བན་མ་བུན༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ནས༔ འཆི་མེད་རིག་འཛིན་ཐོབ་པར་ཤོག༔ ཅེས་བྱིན་འབེབས་པའོ༔ དེ་ནས་མདུན་གྱི་ནམ་མཁར་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་མེ་ལོང་ཧས་བཏབ་པ་བཞིན་དུ་རང་གི་སྤྱི་གཙུག་ནས་མར་སིབ་སིབ་ཐིམ་པར་བསམས་ལ༔ རྫོགས་རིམ་གྱི་ངང་ནས༔ ཕཊ༔ ཅེས་བྱས་ལ་བཞག་གོ༔ དེ་ནས་དབང་བསྐུར་རིམ་པ་བྱ༔ འཆི་མེད་ཚེའི་བྱིན་འབེབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤརྨ་ཧྱ༔ དྷ་ཐིམ༔ ཨ་ཐཾ༔ བདག་འདྲ་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ནས་གདན་དྲངས་པའི་གཏེར་མ་ལགས་སོ། །ཤུ་བྷཾ། །དགེའོ།། །།


previousཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ བྱིན་འབེབས་འོད་ཀྱི་དྲྭ་བ།next