Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
   
ཚེ་ཡི་དངོས་སྒྲུབ།
   
   
   
   
   
   
   
   
   
   
   


 
previousཚེ་ཡི་དངོས་སྒྲུབ།next

ཚེ་ཡི་དངོས་སྒྲུབ།


MR19_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་སྣང་བ་མཐའ་ཡས༔ བདེ་གཤེགས་རྒྱལ་བ་རིགས་ལྔ༔ མགོན་པོ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ ཐུགས་སྲས་རྗེ་འབངས་གྲོགས་ལྔ༔ གཏེར་སྟོན་རཏྣ་གླིང་པ༔ གསང་གཏེར་བརྒྱུད་པའི་བླ་མ༔ རྩ་བརྒྱུད་རྡོ་རྗེ་སློབ་དཔོན་དང་༔ གཞན་ཡང་བཀའ་གཏེར་གསར་རྙིང་གི་བླ་མ་རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾངྟ་ཁ་རཾ་ཁཱ་ཧི༔ རྗེས་འཇུག་རྣལ་འབྱོར་པ་བདག་ཅག་སྨིན་གྲོལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་གཙོ་མཆོག་མགོན་པོ་ཚེ་དཔག་མེད་ཡབ་ཡུམ༔ ཚེ་བདག་རིགས་བཞི་ཡབ་ཡུམ་བཅས༔ ཚེའི་ལྷ་མོ་བཞི༔ མགྱོགས་མ་བཞི༔ སྒོ་མ་བཞི༔ ཡུམ་མཆོག་ལྔ༔ མགྲོན་ཐབས་ཚེའི་རིག་འཛིན་འཁོར་དང་བཅས་པ་རྣམས་དང་༔ གཞན་ཡང་ཡི་དམ་རྒྱུད་སྡེ་དྲུག་གི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་འཁོར་བཅས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིངྟ༴ སྒྲུབ་མཆོག་རྣལ་འབྱོར་པ་ལ་མཆོག་ཐུན་མོང་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཡུམ་ཆེན་རྡོ་རྗེ་ཕག་མོ༔ སངས་རྒྱས་རྡོ་རྗེ་མཁའ་འགྲོ༔ རིན་ཆེན་པདྨ་མཁའ་འགྲོ༔ ལས་དང་འཇིག་རྟེན་མཁའ་འགྲོ༔ དམ་


MR19_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཤ་ཟ་མཁའ་འགྲོ་ཤུགས་འགྲོའི་ཚོགས་དང་༔ གཞན་ཡང་འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ༴ མ་ཧཱ་བ་ལིངྟ༴ དམ་ལྡན་རྣལ་འབྱོར་པ་རྣམས་ཀྱི་ཕྲིན་ལས་གང་བརྩམ་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ༔ རྩ་གསུམ་ཁཱ་ཧི་དང་༔ སྲུང་མ༔ ཨོཾ་ཨཱཿཧཱུྃ༔ གསང་གཏེར་གཉན་གྱི་སྲུང་མ་ཕྱིའི་བྱ་ར་དགེ་བསྙེན་མཁའ་རི༔ ནང་གི་གཏེར་སྲུང་ཀླུ་བདུད་ནག་པོ༔ གསང་བའི་བཀའ་སྲུང་རྡོ་རྗེ་ལེགས་པ་དང་༔ གཞན་ཡང་བཀའ་གཏེར་གསར་རྙིང་གི་ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན་འཁོར་སྤྲུལ་པའི་ཚོགས་བཅས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི༔ གསང་སྔགས་རྣལ་འབྱོར་པ་བདག་ཅག་གི་སྲུང་མ་དམ་པ་མཛད་པ་དང་༔ རྐྱེན་ཕྱི་ནང་གི་བར་ཆད་བསལ་ཞིང་གནོད་བྱེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མྱུར་དུ་སྒྲོལ་བར་མཛད་དུ་གསོལ༔ ཞེས་རྩ་གསུམ་སྲུང་མ་དང་བཅས་ཀྱི་མཚན་དོན་ལ་ཁཱ་ཧི་ཤམ་ཅན་དུ་སྦྱར་ནས་མཆོད་དོ༔


MR19_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མཆོད་པའི་སྤྲིན་གྱི་གཟུངས་དང་། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །འདོད་པའི་ཡོན་ཏན་དྲུག་ལྡན་མཆོད་པའི་སྤྲིན། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །གྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང་། །བསྟོད་དབྱངས་རོལ་མོ་ལྷ་རྫས་ཁྲུས་རྒྱན་དང་། །རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ། །བདག་གཞན་ལུས་དང་ལོངས་སྤྱོད་རྒྱུར་བྱས་པའི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ཟག་མེད་མཆོད་པ་བཅས། །མ་ལུས་ལུས་མེད་ཀུན་བཟང་བདེ་ཆེན་གཏེར། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དྷཱིཿམིང་པས་སོ། །


previousཚེ་ཡི་དངོས་སྒྲུབ།next