Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་ཀྱི་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས།
   
   
   
   
   
   
   


 
previousཚེ་སྒྲུབ་ཀྱི་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས།next

ཚེ་སྒྲུབ་ཀྱི་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས།


MR19_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ཀྱི་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས་བཞུགས་སོ། །གཏོར་མ་དང་སྐྱེམས་ཕུད། རྃ་ཡྃ་ཁྃ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་ལ། ཧཱུྃ། སྔོན་ཚེ་ཀུན་བཟང་ཧེ་རུ་ཀའི། །སྤྱན་སྔར་རྡོ་རྗེའི་ཐ་ཚིག་ཅན། །ལྷ་དང་དྲང་སྲོང་གྲུབ་པའི་གཙོ། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་། །ལྷ་ཀླུ་གནོད་སྦྱིན་རིག་སྔགས་འཆང་། །གནས་དང་ཡུལ་དང་ཞིང་སྐྱོང་བའི། །འཆི་མེད་དཔའ་བོ་ཌཱ་ཀི་མ། །བདུད་རྩི་སྨན་གྱི་ལྷ་མོ་རྣམས། །འདིར་གཤེགས་དམ་རྫས་མཆོད་པ་བཞེས། །ཚེ་མཆོག་སྒྲུབ་པའི་གྲོགས་མཛོད་ཅིག །ཁྱད་པར་ཟབ་གཏེར་ཆོས་འདི་ཡི། །བཀའ་ཡི་སྲུང་མར་ཞལ་བཞེས་པ། །དགེ་བསྙེན་ཤེའུ་མཁའ་རི་དང་། །ཇོ་བོ་ཀླུ་བདུད་མགོ་དགུ་མ། །བསྙོན་ཁ་ནག་པོ་ཏི་པ་ཙ། །དགེ་བསྙེན་རྡོ་རྗེ་ལེགས་པ་སོགས། །གཏེར་སྲུང་ཚོགས་རྣམས་གནས་འདིར་བྱོན། །མཉེས་མཆོད་འདོད་ཡོན་གཏོར་མ་དང་། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །རྡོ་རྗེའི་ཚེ་མཆོག་སྒྲུབ་པ་ལ། །མི་མཐུན་བར་ཆད་སྲུང་བ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །ཤྲཱི་དྷརྨ་པཱ་ལ་ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད་དོ། །འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།


MR19_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་ཁུག་ཅིག །


previousཚེ་སྒྲུབ་ཀྱི་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས།next