ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།


MR26_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ་བཞུགས་སོ།། །།


MR26_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲི་ཡེ། འདིར་གཙུག་ལག་སྤོར་ཐང་གི་ལུགས་མཐའ་ཡས་པ་ཞིག་མཆིས་པ་ལས། དེང་སང་དཔེ་རྒྱུན་སོགས་འབྱོར་པས་ཡོངས་སུ་གྲགས་པ་རྒྱ་རྩིས་རྙིང་མ་ཕུག་ལུགས་བཻཌཱུར་དཀར་པོ་ལྟར་གོ་དཀའ་བའི་གནས་ལ་གསལ་བྱེད་ཅུད་ཟད་བྲི་བ་ལ། ཐོག་མར་རྩིས་གང་ལའང་སྔོན་འགྲོ་བྱང་ཆུབ་པ་གལ་ཆེ་བས་ཁོ་བོས་བྲིས་པའི་སྔོན་འགྲོ་བློ་ལ་ངེས་པ་གལ་ཆེ། སོ་སོའི་སྐོར་མགོ་ལ་ཚེ་ཀག་ནད་དུར་ས་བག་རྩིས་དྲུག་དང་སྤྱི་རྩིས་དང་རྩིས་ཕྲན་སྣ་ཚོགས་པའི་སྐོར་ཚོ་དང་བརྒྱད་ལས། དང་པོ་ཚེ་རབས་ལས་རྩིས་ལ། སྤྱིར་གྱི་སྐོར་མགོའི་རྡེལ་གྲངས་རྣམས་ནི་ས་ཁོངས་འཛིན་པའི་གྲངས་ཙམ་ལས། ངོས་འཛིན་རྡེལ་སོགས་ཡི་གེར་བྲིས་ཀྱང་ཆོག རུས་ཁམས་ནི་ངོས་ཟིན་ན་དེ་དང་མིན་ན་བླ་རྟགས་གཡག་སོགས་གང་ཡིན་ངག་རྒྱུན་དང་རྨི་ལམ་སོགས་ལས་བརྟག་པ་དང། མི་གཤིས་སོགས་ཀྱིས་རུས་ཆེན་ལྔ་གང་ཡིན་ངོས་ཟིན་པར་བྱའོ། །ཐོག་མར་བརྩི་བྱའི་ནམ་སྐྱེས་པའི་ལོ་ཟླ་ཞག་དུས་དང་ཕ་མའི་བབས་སྤར་སྐྱེས་སྨེ་གཟའ་སྐར་རྣམས་ལེགས་པར་ངོས་ཟིན་དགོས་ཤིང་། གཞན་ཡང་རུས་ཁམས་དང་ཕ་མེས་བརྒྱུད་པའི་ལོ་སོགས་ཤེས་ནས་བརྩི་


MR26_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ལ། དང་པོ་གཅེས་རྡེལ་བཞི་ནི་བུས་པ་སྐྱེས་པའི་ལོ་ཟླ་ཞག་དུས་བཞི་ལ་ཟེར། དེ་དག་སོ་སོའི་བཟང་ངན་བཤད་པ་ནི་གཞུང་བཞིན་ནོ། །སྒོས་རྡེལ་གཅིག་ཟེར་བ་བརྩི་བྱའི་རུས་ཁམས་དང་སྐྱེས་ལོ་སྦྱར་ན་ཆད་ཆེན་ཆད་ཆུང་དབང་ལོ་མ་ལོ་བུ་ལོ་གྲོགས་ལོ་དགྲ་ལོ་གང་རུང་ཞིག་ཡིན་པས་དངོས་བཟུང་པ་ལ་ཟེར། དེའི་བཤད་པ་ཆད་ཆེན་ལོ་པ་གཅིག་བྱུང་ན། ཞེས་སོགས་ཀྱིས་གསལ། མེད་དུ་མི་རུང་བའི་རྡེལ་གཉིས་ནི་ཁ་ཡན་སོགས་ངོས་འཛིན་དང་ཁོ་རང་སྐྱེས་དུས་སམ་ད་ལྟ་རྩིས་ནམ་བརྩི་དུས་ཀྱི་དུས་གང་ཡིན་གཉིས་ལ་ཟེར། དེའི་འབྲས་བཤད་འོག་ཏུ་གསལ། མི་འགྱུར་ཀླུང་རྡེལ་ལྔ་ནི། བུ་ཡིན་ན་ཕ་ལོ་དང་། སྐྱེས་དུས་ཀྱི་མ་ཡི་ལོག་མིན་སྤར་ཁ་སྨེ་བ་གསུམ་དང་། སྐྱེས་བའི་ཟླ་དང་བཅས་པ་ལྔ་ཡིན། བུ་མོ་ཡིན་ན་ཕ་ལོའི་ཚབ་ཏུ་མ་ལོ་བཞག་པས་མ་ཀླུང་བཞི་སྐྱེས་ཟླ་དང་ལྔའོ། །དེ་ལྔ་ལ་བརྩི་བྱའི་སྲོག་སོགས་བཞིས་འཐབ། སྤར་སྨེ་རྐྱང་པ་གཞན་རྣམས་སྲོག་གིས་སྲོག་ལ་འཐབ་སོགས་སོ། །ཡང་བརྩི་བྱའི་སྲོག་སོགས་མ་བུ་དགྲ་གྲོགས་ཕྱེས་ལ་བརྩི་བྱའི་སྲོག་གི་མས་འཐབ་ཟླའི་


MR26_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དངོས་སོགས་ལ་འཐབ་པ་སོགས་མ་ནོར་བར་བྱས་པས་མ་རྡེལ་ཉི་ཤུ་བུ་རྡེལ་ཉི་ཤུ་སོགས་ཚན་ཚན་བཀོད་པས། རང་མ་བུ་གྲོགས་དགྲལྔའི་སྲོག་སོགས་ཐད་དཀར་བསྒྲིགས་པས་སྲོག་རྡེལ་ཉེར་ལྔ། ལུས་རྡེལ་ཉེར་ལྔ་སོགས། རྡེའུ་བརྒྱ་ཕྲག་གཅིག་གོ། དང་པོ་སྲོག་གི་རང་མ་བུ་གྲོགས་དགྲ་ལྔ་དེ་ནས་ལུས་དབང་ཀླུང་གི་ལྔ་པོས་ཕ་ལོའི་སྲོག་ལུས་དབང་ཀླུང་གི་འབྱུང་བ་ཁོ་རང་ལ་འཐབ་པའི་རྡེའུ་ཉི་ཤུ་པོ་འཕྲེད་དུ་བསྒྲིགས་དེ་འོག་མ་ཡི་ལོག་མིན་གྱི་ཉི་ཤུ་དང། དེ་ལོག་སྤར་སྨེ་སྐྱེས་ཟླའི་ཉི་ཤུ་པོ་བསྒྲིགས། སྲོག་གི་རང་ལྔ་པོ་དཀར་ནག་བརྩིས་ལ་འོག་ཏུ་བཏང་གཅོད་བཞག དེ་བཞིན་གཞན་ཀུན་ལ་བསྒྲེས་ཏེ་ཁ་དམར་བཏང་གཅོད་རྡེའུ་ཉི་ཤུ་བོར། འདིར་འཐབ་པའི་སྐབས་སུ་མ་གྲོགས་ལ་དཀར་པོ་རེ་རེ། བུ་དགྲ་ལ་ནག་པོ་རེ་རེ། ནང་ཕྲད་ལ་མེ་ལྕགས་ཤིང་གསུམ་ནང་ཕྲད་ནག་པོ་རེ་རེ། ས་ཆུ་ནང་ཕྲད་དཀར་པོ་བོར་བར་བྱའོ། །དར་རྒུད་ཞག་མལ་རྡེའུ་བཞི་ནི། སྲོག་ལུས་དབང་ཀླུང་བཞིའི་དར་གུད་རང་སྐྱེས་ཀྱི་


MR26_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཟླ་ཞག་དུས་བཞི་ལ་གཏུགས་ནས་བཟང་དྲུག་དཀར་པོ་ངན་དྲུག་ནག་པོའོ། །རྒྱས་པར་བྱེད་ན་སྲོག་ལུས་དབང་ཀླུང་བཞི་དང་དེ་སྟེང་ཁམས་ཞེས་སྐྱེས་སྨེ་ལྔ་ཡི་འབྱུང་ཁམས་ལྔ་པོ་རེ་རེ་ལའང་། རང་མ་བུ་གྲོགས་དགྲ་ལྔར་ཕྱེ་བའི་ཉེར་ལྔ་ཡོད་པ། དེ་དག་གིས་སྲོག་གནམ་ལོ་ལུས་ཟླ་བ་དབང་ཐང་ཞག་ཀླུང་རྟ་དང་སྨེ་བ་གཉིས་པོའི་དར་གུད་དུས་ཚོད་སྟེང་གཏུགས་པས་འཕྲེད་ལ་རྡེལ་ཕྲེང་ཉེར་ལྔ། དེ་འོག་མ་ཡི་རྡེལ་ཕྲེང་ཉེར་ལྔ། དེ་འོག་བུ་གྲོགས་དགྲ་ཡི་ཉེར་ལྔ་ཚན་གསུམ་དང་། དེ་འོག་བཏང་གཅོད་ཉེར་ལྔ་སྟེ་བརྒྱ་དང་ལྔ་བཅུ་ཐམ་པ་ཡོད་པ་ཡིན་ཏེ་འདི་ལྟར་འགོད་དོ། །དེ་དག་གི་འབྲས་བུ་ནི། སྤྱིར། གནམ་ལོ་རྒྱལ་པོའི་རྡེའུ་ནི། དཀར་ན་ཞེས་སོགས་བཞི་ནི། འཐབ་རྒྱུ་མེད་ཀྱང་བཤད་པ་བཟང་ན་དཀར་པོ། ངན་ན་ནག་པོ་བོར་བ་ཡིན། འདི་གཞན་འོག་མ་རྣམས་སུའང་ཅི་རིགས་འགྲེ། དེ་ནས་ཕྱི་སྐོར་ལོ་ཡི་ཚང་བསྟན་པ་ལ་རྩ་བ་ལྟར་ལོ་སོགས་སྲོག་ལུས་དབང་ཀླུང་ཟླ་བ་དང་། ཞག་གི་ཆ་ཤས་ཀྱི་དུས་དེ་དྲུག་གི་བཤད་པ་ལས། དང་པོ་ལ་བསྡུས་པར་ལོ་བཅུ་གཉིས་དང་། རྒྱས་པར་ལོ་དྲུག་ཅུ་གང་ལ་སྐྱེས་པའི་འབྲས་བཤད་ནི་གཞུང་བཞིན་བྲིས་ནས་ཁ་དམར་གདགས་སོ། །གཉིས་པ་ལུས་ལ་བསྡུས་པ་ལུས་ལྔ་དང་། རྒྱས་པར་ཁ་སྲོག་སྟེ་ལུས་སུམ་ཅུའི་བཤད་པ་གཞུང་བཞིན་དང་། དེ་དག་གི་


MR26_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་མ་ཡི་འབྱུང་བ་མ་ཀླུང་དང་འདོམས་ན་ངན་ཚུལ་བཅས་སོ། །གསུམ་པ་དབང་ཐང་ཁ་ཡན་ལ་སོགས་པ་ལྔ་དང་སོ་སོའི་ནང་གི་བྱེ་བྲག་བཅས་ཀྱི་བཤད་པ་གཞུང་བཞིན་བྱ། བཞི་པ་ཀླུང་རྟ་གཅིག་པའི། བྱི་འབྲུག་སྤྲེལ་གསུམ་ལོ་པ་ནི་ཞེས་སོགས་ཀྱི་བཤད་པ་གཞུང་བཞིན་ནོ། །རྒྱས་པར་ལོ་བཤད་འདི་གནམ་ལོ་ཙམ་དུ་མ་ཟད། སྐྱེས་དུས་ཀྱི་ཟླ་བ་དང་ཞག་དུས་ལའང་སྦྱར་ནས་བཤད་དོ། །གཅོད་འདྲལ་སྐོར་ནི་བྱིས་པ་རང་གི་སྲོག་སོགས་བཞི་པོ་ནང་ཕན་ཚུན་དགྲ་གྲོགས་སུ་འགྱུར་ཚུལ་གྱི་བཤད་པ་ཡིན་ཏེ། རབ་ཀླུངས་ཀྱིས་ནི་ཀླུང་རྟར་བརྒྱབ་ཅེས་པ། སྐྱེས་སྨེས་ཀླུང་རྟ་གཅོད་པ་ཡིན་ནོ། །སྲོག་སོགས་དེ་དག་མ་བུར་ཕྲད་པ་ནི། སྲོག་གིས་ལུས་གསོ་བ་སོགས་བྱུང་ན་བཟང་ཞེས་པའོ། །ལྔ་པ་ནི་གཞན་ཡང་ར་བ་བཞི་སོགས་ཀྱི་ལོ་བཤད་ཀྱང་གཞུང་བཞིན་ཏེ་འདི་ཟླ་བའི་བཤད་པའི་ས་ཁོངས་ཡིན་ནོ། །དྲུག་པ་དུས་ཀྱི་བཤད་པ་ནི་དུས་ལེར་ཁ་འཕང་བའོ། །ཁམས་དང་ལོ་སྦྱར་བ་ནི། སྒོས་རྡེལ་གྱི་འབྲས་བུ་སྟེ། རུས་ཁམས་དང་བུ་ཚའི་སྐྱེ་ལོ་སྦྱར་ཏེ་ཆད་ཆེན་ལོ་བ་གཅིག་བྱུང་ན་ཞེས་སོགས་གཞུང་བཞིན་ནོ། །དེ་ཡང་ཕ་ཚན་དེའི་ནང་དུ་རང་ལོ་སོགས་གཏན་མེད་ནའང་མི་རུང་། དགྲ་ལོའི་མཇུག་ཏུ་རྡེའུ་དཀར་ན་རང་སྲོག་འཆད་ཞེས་པ་ནི་བཟང་བཤད་ཅན་གྱི་དབང་ལོ་སོགས་བྱུང་བ་ལ་ཟེར། ནག་ན་ཞེས་པ་དགྲ་ལོ་བྱུང་བའོ། །མེད་མི་རུང་བ་བརྩི་དུས་ཀྱི་དུས་ཚོད་བཤད་པ་ནི་དུས་རྩིས་ནང་བཞིན་བྱའོ། །སྤར་ཁ་གང་སྐྱེས་བཤད་པ་ནི་མ་ཀླུང་། སྨེ་བ་ནི་ལུས་སྨེ་སྟེ་སྐྱེས་སྨེར་གྲགས་པ་དེའི་འབྲས་བཤད་གཞུང་བཞིན་ནོ། །གཞན་ཡང་ལྷ་དཔལ་ཚེ་བདུད་ནི། ཞེས་སོགས་ཀྱི་སྐབས་ནས་བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས་མ་ཀླུང་སྨར་ཁ་དང་། སྐྱེས་སྨེའི་ཁམས་ལ་འཐབ་པས་མ་དང་ཕྲད་ན་ཕ་མ་ལྷ། བུ་དང་འབྲད་ན་བུ་ཚ་དཔལ། རང་དང་འཕྲད་ན་མཐུན་པ་ཚེ།


MR26_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་དང་འཕྲད་ན་ཐུབ་པ་འདྲེ། དགྲ་དང་འཕྲད་ན་མི་ཐུབ་བདུད་ཅེས་ཐ་སྙད་ཐོབ་པ་དེའི་འབྲས་བཤད་དམིགས་བསལ་དང་བཅས་པ་གཞུང་བཞིན་ནོ། །དཔལ་བྱུར་བརྟག་པའི་རྩིས་ནི། བརྩི་བྱའི་སྲོག་ཀླུང་ཕ་ལོའི་སྲོག་ཀླུང་དང། ལུས་དབང་མ་ཡི་ལུས་དབང་ལ་འཐབ་པས། མ་ཕྲད་དཔལ་བབ། བུ་འཕྲད་མདངས་ཤོར། དགྲ་བྱུར་བས། ནང་ཕྲད་རང་རྐང་། གྲོགས་ཚེ་ལེན་ཞེས་བྱ་སྟེ། སོ་སོར་འབྱུང་བ་ལྔ་ཡོད་པས་དཔལ་བབ་ལྔ་ཞེས་སོགས་སོ། །རྒྱ་མ་ལས་གྲུབ་རྩིས་ནི། ཕ་དང་མེས་པོ་སོ་སོའི་སྲོག་སོགས་བཞིའི་དར་གུད་བུ་ལོའི་སྟེང་དུ་གཏུགས་པ་ཡིན་ལ། དེའང་གྱེན་ཐུར་འཕྲེད་ཀྱི་རིམ་པ་གསུམ་ཡོད་པའི། དང་པོ་ཐུར་དེད་ནི་ཕ་མེས་ཀྱི་སྲོག་སོགས་ཀྱི་དབུགས་སྤྱི་ལྟར་བླངས་ནས་བུ་ལོའི་སྟེང་དུ་གཏུགས་པ་མཐུར་དེད། སྤྱི་ལྟར་དབུགས་བླངས་ནས་མངལ་གནས་གང་ལ་བབ་པའི་ལོ་དེའི་སྟེང་ནས་སླར་ཡང་དབུགས་བླངས་ཏེ། གྱེན་དུ་ཡང་བགྲངས་ཏེ་བུ་ལོ་ལ་གཏུགས་པ་གྱེན་དེད། ཡང་སྤྱི་ལྟར་དབུགས་བླངས་ནས་བཙས་པ་གང་བབ་སྟེང་ནས་སླར་ཡང་དབུགས་བླངས་ཏེ་བུ་ལོའི་སྟེང་བར་སྦུབ་བ་འཕྲེད་དེད་དེ། དཔེར་ན་ཕ་མེས་ང་རྟ་ལྕགས་ལ་བུ་བྱི་ལོ་བྱུང་ན། ཐུར་དེད་ཤི་བ། གྱེན་དེད་བཙས་པ། འཕྲེད་དེད་དར་བ་ཡིན་པ་ལྟ་བུའོ། །དེ་དག་གི་སྐབས་སུ་ན་བ་ལ་བབ་ན་འཚོམས་པ་ཞེས་བྱ། ཤི་བར་བབ་ན་སྟོངས་བ་དང་། དུར་ཆུང་ཞེས་པ་དུར་ཞུགས་ཀྱི་ལོ་དེའི་བདུན་ཟུར་ལ་སྡོད་པ་དང་། དུར་གཤེད་ཅེས་དུར་ཞུགས་དངོས་ལ་ཁ་རལ་ཞེས་བྱ་སྟེ། ཡང་ནི་དུར་ཞུགས་སར་ཁ་རལ་དང་དེའི་དུར་གཤེད་ལ་སྡོད་པར་བཞེད་པའང་ཡོད་དེ། དུར་གཤེད་སོགས་ཀེག་རྩིས་བཞིན་ནོ། །དེ་ལྟར་ན་འཚོམས་སོགས་སྐྱོན་ལྔ་མེད་ན་རྡེའུ་དཀར་ཡོད་ན་ནག་པས་མེས་ལོའི་རྒྱ་མའི་རྡེའུ་བཅུ་གཉིས་དང་། ཕ་ཡི་རྡེའུ་བཅུ་གཉིས་ཏེ་ཉེར་བཞི་འོང་ངོ་། །རྒྱ་མ་ལྡོག་པ་


MR26_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རལ་དང་དོན་གཅིག །འཚོམས་པ་ལས་མ་ཁྲོལ་ན་སོགས་ལེ་ལན་དང་གཏོ་བཅས་ཀུན་ལ་སྦྱར། མི་གྲངས་དེ་དེའི་མཚམས་སུ་སྐྱེ་རྒ་བ་ལ་གནོད་པ་ཡིན་ལ། སྟོང་བ་ལ་ཀླུང་བུ་མོར་འགྲོ་བ། རྒན་གནོད་གཞོན་གནོད་ནི་སྲོག་ལ་སྦྱར་ཏེ་ཐུར་དེད་ལྟར་གཞུང་ན་དངོས་སུ་གསལ་ལོ། །ཁ་རལ་དང་སྡོད་པར་ཤི་ཁ་བྱེ་བ་སོགས་ཀྱི་འབྲས་བུ་ཡོད། རྒྱ་མ་ན་ཤི་དུར་ལོ་དུར་ཆུང་བཅས་གང་ཡིན་པ་གནམ་ལོ་དང་ལོག་མིན་ལ་ཤར་དུས་གཉན་པས་དེ་དུས་ཤི་ཁ་བྱེ་བ་སོགས་བཅོས་དགོས་སོ། །འཚོམས་སྡོད་སྐོར་འདི་སྲོག་གི་ཐུར་དེད་ལ་གཙོ་བོར་བཟུང་ན་ལེགས་ཤིང་། མི་གྲངས་འཕེལ་ཁ་བརྟགས་པའི་རྩིས་ཡིན་པས། དེ་ལྟར་བརྩིས་ལ་སྟོངས་པ་གང་བའི་གཏོ་སོགས་བྱའོ། །དར་གུད་རྒྱ་མ་ནི་བརྩི་བྱའི་རང་ལོ་དེའི་སྲོག་ལུས་དབང་ཀླུང་བཞིའི་དར་གུད་རང་ལོའི་སྟེང་དུ་སྤྱི་ལྟར་ཁྱེར་བ་སྟེ་འབྲས་བུ་ལས་གྲུབ་དང་གཅིག་གོ། ཕ་མེས་ཀྱི་རུས་ཁམས་དང་བུ་ཚའི་ལོ་སྦྱར་ནས་རྒྱ་བ་སྒོ་འགག་ལ་སོགས་པ་གཞུང་གིས་གསལ། ལེ་ལན་སྲིད་པའི་འདྲེ་རྩ་བརྒྱད་ནི་ཡུག་ས་མ་ལྷའི་ཆུང་སྲི་ལི་ལ་ཡོད་པ་སོགས་སྦྱར། དེ་ཡང་ལོ་གང་དུ་གཟའ་ཚང་རྣམས་སྤར་ཁ་ལི་ལ་མང་དུ་སྤུངས་པའམ། ལི་ལ་སྐྱེས་པ་མང་ན་ལི་ཡི་ལེ་ལན་བཤད་དགོས་ཤིང་། དེ་ཡང་ཤིང་ཁམས་མང་ན་ཕ་ཁུའི་ས་སོགས་སུ་བཤད། ཡང་ན་མ་ཀླུང་སྤར་ཁ་ལི་དང་སྐྱེས་དུས་ཀྱི་ལོ་ཟླ་རྟ་སྦྲུལ་དང་། ཞག་དུས་ཀྱི་སྤར་ཁ་ལི་འཆར་བ་རྣམས་འདོམས་པའི་དུས་སུ་སྐྱེས་པ་དེ་ལ་སྤར་ཁ་དེའི་ལེ་ལན་ཡོད་པར་བཤད་དོ། །ལན་སྐྱོན་སྡང་དུས་སམ་ཤི་ཁ་བྱེ་དུས་ནི། རང་དུར་གནམ་ལོ་ཤར་དུས་ཡིན་ཏེ། མེ་མང་ཤི་ཁ་མེ་ཕོ་ཁྱི་སོགས་གཞུང་གིས་གསལ། སྤྱིར་ཕ་མེས་ལོ་ལ་སྤུངས་པ་དང་དུར་ཞུགས་སོགས་རྩུབ་ན་བུ་ཚ་ལ་ངན་པ་དང་། བུ་ཚ་ལ་རྩུབ་ན་ཕ་མེས་ལ་ངན་སོགས་གཞུང་ལྟར་དང་། སྤྱིར་ལན་སྐྱོན་འདི་རིགས་སྤར་


MR26_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དངོས་མིན་ཀྱང་། ལོ་སོགས་ཀུན་སྦྱར་ཏེ་འབྱུང་བ་མེ་ཁམས་མང་ན་སྤར་ཁ་ལི་དང་འདྲ་བ་སོགས་སྤྱིར་བཤད་པའང་བྱའོ། །ཤི་སྣ་མཐུན་གསུམ་གྱི་འདྲེན་ཟེར་བ། ཕ་མེས་ཀྱི་ལོ་རྩུབ་ན། ཕ་མེས་དེའི་མཐུན་གསུམ་གྱི་བུ་ཚས་ཤི་སྣ་འདྲེན་པ་ལྟ་བུའོ། །འདི་རིགས་གཟའ་ཚང་ཐམས་ཅད་ལ་བརྩི་བ་དང་། ཁྱད་པར་གཟའ་ཚང་ནང་གི་རྒན་ཤོས་དེ་ཡར་གྱི་སོ་ཞེས་དང་། གཞོན་ཤོས་དེ་མར་གྱི་འཕྲང་ཞེས། སོ་འཕྲང་གཉིས་པོའི་རྒྱ་མ་འཚོམས་པ་སོགས་བརྩི་བ་གལ་ཆེ་སྟེ། གང་ལྟར་ཀྱང་གནམ་ལོ་ལོག་མིན་ན་ཤི་དུར་ཞུགས་སོགས་ལ་ཕྱིན་པའམ། དེ་དུས་བུ་ཚ་བྱུང་ན། ལན་རྐྱེན་ལྡང་དུས་ཡིན་པས། ས་བདག་དབང་ཆེན་སོགས་བཅོས་བྱའོ། །ཡང་ཅིག་ལན་རྐྱེན་ངོས་བཟུང་བ་སོགས་གཞུང་གིས་གསལ། དར་གུད་རྒྱ་མའམ་ལྷ་བཅོ་ལྔ་ཡར་བའི་ལན་རྐྱེན་ནི། རུས་ཁམས་ཀྱི་དར་གུད་སྤྱི་ལྟར་བཟའ་ཚང་སོ་སོའི་ལོ་ལ་གཏུགས་པས་དབུགས་ལེན་མང་བའམ། བྱི་བ་ལོ་པ་མང་ན་དབུགས་ལེན་མང་བས་མ་ལྷ་ཡར་བ་སོགས་ཀུན་ལ་འགྲེ། དབང་ཐང་དགྲ་བདུད་མང་ཞེས་པ། བཟའ་ཚང་ཕན་ཚུན་དབང་ཐང་དགྲ་གྲོགས་སུ་ཕྲད་པ་མང་བ་དང་། སྟག་ཡོས་ལོ་པའི་དུར་ལོ་ལུག་ཡིན་པས་སྟག་ཡོས་ལུག་གསུམ་ཚོགས་པ་ལྟ་བུ་ལ་ངོས་བཟུང་སྣང་། དབང་ཐང་དགྲ་དུར་ལ་སྐྱེས་པ་མང་བ་ནི། ལས་རྩིས་བརྒྱ་རྡེལ་གྱི་དབང་ཐང་ལ་དགྲ་མང་བ་ཅན་གྱི་མི་ངོ་མང་དུ་ཡོད་པ་དང་། གཟའ་ཚང་གི་མི་རྣམས་སྐྱེས་དུས་སྲོག་དང་དབང་ཐང་གི་དུར་ལོ་དུར་སྤར་འདོམས་པ་མང་བ་ལ་བཞེད་ཀྱང་བུ་ཡིག་ན་ཡང་བརྟག་གཞིར་མཛད་འདུག་པས་དཔྱད། དབང་གི་བྱུར་བབ་མང་བ་ནི་མ་དབང་གི་བུ་དབང་གཅོད་པ་ཅན་དང་། མཐུན་གསུམ་ཅན་མང་དུ་ཡོད་པའོ། །མདོར་ན་དབང་གུད་པ་ཅན་མང་ན་གཡང་ལྷ་ཉམས་པ་ཡིན་ཏེ་རིག་མདའ་


MR26_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ན་བཟའ་ཚང་གི་བླང་དོར་དུ་མ་མཐོང་ངོ་། །ཤིང་ཁམས་པ་ནི་གཅིག་བདུན་འཚོམས་ཞེས་སོགས་ནི། རུས་ཤིང་ཁམས་པ་ཡིན་ན་ཁྱིམ་ཚང་དེར་མི་ངོ་གཅིག་གམ་བདུན་བྱུང་ན་འཚོམས་པའི་དུས་ཡིན་ཞེས་སོགས་འགྲེའོ། །རྒྱ་འཐེམ་ཕ་མ་གང་རུང་གི་རུས་དང་སྤར་ཁ་སྦྱར་ལ་དེ་སྟེང་བུ་ཚ་བཅས་པ་གཞུང་གིས་གསལ་ཏེ། རུས་ཁམས་དང་མཐུན་པའམ་གཅིག་ཤོས་བཅས་ཀྱི་སྤར་སྟེང་དུ་བབ་པ་དང་། རུས་དེའི་དགྲ་ཁམས་ཅན་གྱི་དུར་ཞུགས་ལོ་པ་བཙས་པའོ། །རྒྱ་འགྲམ་ནི་ཕ་མ་རྟ་སྦྲུལ་ལི་སོགས་སྤར་ཁ་རང་ལོའི་ཐོག་ཏུ་ཕྱིན་པ་དང་། སྲོག་གི་དར་གུད་གནམ་ལོའི་སྟེང་དུ་སྤྱི་ལྟར་ཁྱེར་བས་ན་ཤི་གང་རུང་ལ་བབ་པ་འདོམས་དུས་བུ་བཙས་པ་འགྲམ། དེ་སྟེང་ལོ་ཟླའང་རང་ལོ་ཡན་པ་འདོམས་པར་བཙས་ན་ལྟ་མིག་ལོང་། དེ་སྟེང་ཞག་དུས་ཀྱང་རང་ལོར་འདོམས་ན་རྭ་ཆག་པའོ། །དེ་ཡང་ཁྱད་པར་མཚམས་བཞི་ལོ་པའི་རྒྱ་འགྲམ་དེ་ངན་ནོ། །ཕ་མ་མེ་ཡི་རྟ་སྦྲུལ་ལོ་ལི་ཁེན་ཐོག་བབ་སོགས་གཞུང་བཞིན་ནོ། །གཤེད་བཞི་སྤར་ཁ་འཐབ་དགྲའི་སྟེང་ཞེས་པ་ས་གླང་གིན་ཟོན། ས་ལུག་ཁོན་ཁམ། ས་ཁྱི་ལི་ཁེན། ས་འབྲུག་ཟོན་གིན་ནོ། །འདི་དུར་ཞུགས་ཀྱི་ལོ་ཡིན་པས་དུར་ཁ་རལ་བས་རྩུབ་ཞེས་སོ། །རྒྱ་མ་མཚང་ཅན་བརྒྱད་ནི་གཞུང་གིས་གསལ། ཡང་སྡོད་པ་ལུགས་གཅིག་གཞུང་གིས་གསལ། དེ་སྐབས་ལེ་ལན་ནི་ཕ་མེས་ལོ་ལྟ་དང་སྦྱར། ར་བསེའི་རྒྱ་མ་ནི་སྤྱིར་གཞུང་གིས་གསལ། ཟིན་མང་ར་ཉུང་བསེ་ཞེས་པ་ཟིན་ཁོ་ནར་མ་ངེས་ཏེ་གཟའ་ཚང་མང་བོར་ཟིན་ཡིན་པ་མང་ན་ར་རུ་དང་ཉུང་ན་བསེ་རུ་ཞེས་ཐ་སྙད་བྱེད་པའོ། །འདིར་གཙོ་བོ་ཕ་མའི་ལོ་བབ་སྤར་དབང་ཐང་གསུམ་ར་བསེ་གང་ཡིན་དང་། བུའི་དེ་གསུམ་བརྟགས་པ་བསེ་རུ་ལས་བསེ་རུ་སྐྱེས་པ་སོགས་རང་རིགས་མ་འཆོལ་ན་ལེགས། འཆོལ་ན་ཅུང་ཞན། ཁྱད་པར་འཆོལ་བ་མང་དུ་སྐྱེས་ན་འཚོམས་


MR26_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཆེ། ཁ་འཆམ་དང་ཁ་ཡར་ལ་སྡོད་ཅེས་པ། བུ་བསེ་རུ་སྐྱེས་པ་དང་མི་གྲངས་གསུམ་ལྔ་ལྟ་བུའི་ཡ་འགྲིགས་ན་སྡོད་པའོ། །ལར་རྭ་བསེ་ཞེས་པ་མང་ཉུང་མ་ཡ་ཆའི་མཚོན་དཔེའོ། །ཕ་ལོ་དང་བུ་ལོ་བརྟགས་ཏེ་བྱི་བར་རྟ་ལྟ་བུ་བྲུབ་ཁུང་དང་གོ་ལྡོག་ན་བཤན་པ། སྟག་ཡོས་ལ་བྱ་སྤྲེལ་ལྟ་བུ་སྲོག་དགྲ་ལ་རྔ་ཟོར་ཞེས་བྱའོ། །རྒྱ་མ་འཚོམས་སྡོད་སོགས་ཀྱིས་སྲིད་མ་རྙེད་ན། མ་ཀླུང་གི་སྤར་ཁ་གང་ཡིན་དང་སྦྱར་ལ་རྫ་མཁན་མོ་སོགས་བླངས་ན་སྲིད་རྙེད་དོ། །སྤར་བརྒྱད་རྒྱ་མ་ནི་འགྲེ་རྒྱུ་མེད་པར་སོ་སོའི་སྐབས་ན་བཤད་པ་གཞུང་གིས་གསལ། སྤར་སྟེང་ཉ་ལ་སོགས་ལེན་ལན་དེ་བྱས་པ་དང་བུ་བཙས་ན་སྐྱོན་དེ་ཡོད་ཅེས་སོ། །མི་ལྷག་མ་ལོས་སླེབ་ཅེས་པ། གཟའ་བཞི་མ་ཀླུང་ནི་ལོ་སྤར་དབང་ཐང་ཐམས་ཅད་གཟའ་བཞིར་བསྡུས་ཏེ། ཕ་མ་རང་གསུམ་ཕ་མེས་ཡང་མེས་གསུམ་སོགས་ཐམས་ཅད་ལ་བརྩིའོ། །གཟའ་ཆེ་ཆུང་གི་དབྱེ་བ་ནི་ཕྱི་ནང་བར་གསུམ་མིག་དམར་བྱུང་ན་ཆེ་བ་དང་། གཅིག་གཞན་བྱུང་ན་ཆུང་བ་ལྟ་བུའོ། །ཕྱི་གཟའ་མའི་ལོག་མིན་ལ་བརྩི་སྟེ། ལས་རྩིས་སྐོར་ལོག་མིན་འདི་ཐམས་ཅད་ཕལ་ཆེར་ཕོ་དབང་བུའི་སྟག་ནས་སྦུབ་མོ་དབང་མའི་སྤྲེལ་ནས་ལོ་གྲངས་བར་བཀེན་པ་གར་བབ་དེ་ལ་ངོས་འཛིན་དགོས་སོ། །མ་ལོ་བབ་སྤར་བུ་ལོ་བཅས་པས་སྤེན་པ་སྤུན་གསུམ་སོགས་གཞུང་བཞིན་བརྟག །ཕྱི་ནང་སྤྲད་དེ་བར་གཟའ་ལ་ཁ་དམར་གདགས་ལུགས་བར་གཟའི་སྲོག་དབང་སོ་སོས། ཕྱི་གཟའི་སྲོག་དབང་སོ་སོ་དང་། ནང་གཟའ་སྟེ་སྤར་འབྱུང་ལ་འཐབས་ནས་དགྲ་ཐོག་སྐྱེས་སོགས་མ་བུ་རང་གྲོགས་གང་འཕྲད་འབྲས་བུ་དང་། སྤར་ཁའམ་ལོ་དུར་ཐོག་སྐྱེས་པ་ངན། སྲོག་ཀླུང་དབང་ཀླུང་ཞེས་པ། བཙས་ཀླུང་གི་སྲོག་དབང་ཡིན་གྱི་ཀླུང་རྟ་མིན་ཏེ། སྲོག་དང་དབང་ཐང་གི་ཁ་དམར་རོ། །སྲོག་ལུས་དབང་ཀླུང་བཞི་ལ་ཕྱི་ནང་གིས་བཅད་པ་དང་།


MR26_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཤིང་གཉིས་བར་ནས་ས་རྙེད་སོགས་དམིགས་བསལ་དབང་བཅས་པ་ཤེས་སླ་སྟེ། དབང་ཐང་ཤིང་སྤར་ཁ་ཟིན་ལས་མཚམས་བཞི་ལོ་པ་ཤིང་བར་ནས་ས་རྙེད་པ་ལྟ་བུའོ། །འདི་སྐབས་བདུན་ཟུར་ནི་ལོ་ལ་ཡོངས་གྲགས་དང་སྤར་ཁ་ལ་སྟག་ཡོས་དྭ་འབྲུག་ཁེན་ལྟ་བུ་སོགས་ཐད་ཀར་རྩི་བར་བཤད་འདུག །འདི་ཡན་མ་ཀླུང་ཁོ་ན་དང་བསྟུན་ནས་བརྩི་ཚུལ་ལོ། །ཡང་ཕ་མེས་སོགས་ལས་བརྩི་ཚུལ་ཕ་མེས་སྟག་རྟ་ཁྱི་གསུམ་ལ་བུ་ཚ་སྟག་རྟ་ཁྱི་གསུམ་བྱུང་བ་སོགས་གཞུང་གིས་གསལ། ཁྱད་པར་ལྕགས་སྤྲེལ་བྱུང་བའི་བཟང་བཤད་ནི། སྟག་རྟ་ཁྱི་གསུམ་གྱི་ཀླུང་རྟ་ལྕགས་སྤྲེལ་ཡིན་པས་སོ། །བུད་མེད་ཀླུང་རྟ་མ་བུར་ཕྲད་ཅེས་པ། ཕོ་ཀླུང་ཤིང་མོ་ཀླུང་ཆུ་ལྟ་བུ་དགོས་ཤིང་། གོ་ལོག་སྟེ་ཕོ་ཀླུང་མོ་ཀླུང་གི་མར་སོར་ན་ཀླུང་ལོག་གོ། ལར་ཀླུང་རྟ་གཅིག་པ་བརྒྱུད་པ་ནི་སྤྱིར་བཏང་ལ་དེར་ཀླུང་རྟའི་ལོ་ཁམས་པ་བྱུང་ན་ཀླུང་གི་ཀ་བ་ཚུགས་ལ། ཀ་བ་མ་ཚུགས་པར་ལྕགས་ཀྱི་ཀླུང་གཅིག་པ་བརྒྱུད་ཀྱང་། དེ་དག་གི་དབང་ཐང་མེ་མང་བ་ལྟ་བུ་ལ། ཀ་བ་མ་ཚུགས་གཤེད་མང་ཞེས་སོ། །ཀླུང་ལོག་གི་བཤད་པ་ཤེས་སླའོ། །ཀླུང་ཞུགས་རྣམས་གཞུང་བཞིན་ནོ། །ཕ་མའི་ལོག་མིན་དང་རང་ལོ་བཅས་གང་རུང་ལྕགས་བཞི་མེ་བརྒྱད་ལ་བབ་པ་ངན་ཀླུང་བཅུ་གཉིས་ཡིན། དབང་ཐང་གི་དར་གུད་སྤྱི་ལྟར་རང་ལོའི་སྟེང་དུ་ཁྱེར་བས། མེ་སྟག་གི་མེ་དབུགས་ཕག་ནས་བླངས་པའི་བཙས་པ་སྟག་ལ་བབ་པས་ན། སྤེན་པའི་བཙས་བུ་མེ་ཕོ་སྟག་ཞེས་སོགས་ཏེ། ངན་ཀླུང་བཅུ་གཉིས་ཀྱི་དབང་གི་དར་རྒུད་རང་ལོ་སྟེང་དུ་ཁྱེར་བའི་རྣམ་དབྱེ་ཞིག་སྟེ། དོན་དུ་མེ་སྟག་ལ་སྐྱེས་པ་ལ་སྤེན་པའི་བཙས་བུ་དང་། མེ་རྟ་ལ་སྤེན་པ་དར་བའི་བུ་ཞེས་བྱ་བ་སོགས་འགྲེའོ། །ལོ་དྲུག་ཅུ་ལས་ལྕགས་བཞི་དམེ་སྲིའི་ཀླུང་དང་མེ་བརྒྱད་དུར་སྲིའི་ཀླུང་བརྒྱད་དོ། །དམེ་དུར་གྱི་ཀླུང་དེ་ངན་ཀླུང་བཅུ་གཉིས་ཞེས་བྱ་སྟེ་འབྲས་བུ་འོག་ནས་འཆད། འདི་དག་ལ་གཟའ་གདུག་པ་ཅན་གྱི་བུ་ཞེས་བྱ་


MR26_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟག་རྟ་ཁྱི་གསུམ་སྤེན་པ་ཡིན་པ་སོགས་གཞིར་བཞག་ནས། དེ་དག་གི་ཁྱད་པར་ལ་མེ་སྟག་ལ་སྤེན་པ་དུར་ཞུགས་ཀྱི་བུ་ཞེས་བྱ་བ་སོགས་བརྗོད་ཀྱི། གཟའི་ཁམས་ཀྱི་དར་རྒུད་ལོ་དེའི་སྟེང་དུ་ཁྱེར་བ་ནི་མིན་པར་འདུག །དེ་བཞིན་ལྕགས་ཀྱི་བྱི་གླང་རོ་ཁ་ལ་སོགས་ཀྱང་དེའི་མིང་ཅན་ནོ། །དུར་མི་དྲུག་ནི་ལྕགས་བཞི་མེ་བརྒྱད་ཀྱི་ཁ་སྲོག་ལ་ཟེར་ཏེ། ཁྱིམ་ནང་མེ་དང་སོགས་ནི་ཁ་སྲོག་སུམ་ཅུའི་ནང་གི་དེའོ། །དེའི་དུར་བཞི་འོང་བ་སོགས་གཞུང་བཞིན་ནོ། །ཇག་པ་རྐྱ་བརྒྱད་ཅེས་པ་མེ་བརྒྱད་དོ། །ཕྱགས་མ་གཉིས་ནི་ངན་ཀླུང་དེའི་ཡན་ལག་ཏུ་བཤད་དེ། །སྲོག་ལུས་གཅིག་པའི་ཤིང་སྦྲུལ་དང་ས་རྟ་གཉིས་བཙས་ལོའམ་མ་ཡི་ཕྱི་གཟའ་ལ་ཤར་བ་ནའོ། །བཤའ་གྲི་བརྒྱད་ནི་མེ་བརྒྱད་ལོ་པ་ཁེན་ལ་བབ་རེས་བཤའ་གྲི་དང་འདྲ་བས་བཤའ་གྲི་བརྒྱད་ཟེར། ཟོན་ལ་ལན་བརྒྱད་བབ་པར་སྟྭ་རེ་བརྒྱད་ཟེར། དེ་མེ་ཡི་དུར་ཞུགས་ཀྱི་སྤར་ཁ་དང་དེའི་དུར་ཆུང་ཡིན་པས་སོ། །གསོན་ལོས་བཅོམ་པ་ཞེས་དེ་ལྟའི་གཅོད་སྟར་སོགས་ངན་ཀླུང་གི་སྐོར་འདི་གནམ་ལོ་ལོག་མིན་གསོན་ལོ་ལ་བབ་ཚེ། གསོན་པོ་ལོས་བཅོམ་པ་ཞེས་ཀེག་རྩིས་ཡིན་ན་ཀེག་དུས་ཡིན། དེ་དུས་ཤི་ན་ཤི་བ་དུར་གྱིས་བཅོམ་པ་ཞེས་ངན། དེ་དུས་བག་མ་བླངས་ན་བག་མ་མནས་བཅོམ་པ་ཞེས་ངན། དེ་དག་གི་དམིགས་བསལ་ཁྱད་པར་མེ་ཡི་སྟག་ཡོས་ལ་སོགས་སོ། །གཟའ་གསུམ་འདོམས་འབྲས་བུ་ནི། མ་ཡི་ཕྱི་ནང་གི་གཟའ་འམ། མ་སྟག་རྟ་ཁྱི་གསུམ་ལོ་བ། ནང་གཟའ་སྤེན་པར་བབ་ཚེ་བུ་སྟག་རྟ་ཁྱི་གསུམ་བཅས་ན་སྤེན་པ་གསུམ་འདོམས་ཡིན་པ་སོགས་ཀུན་ལ་སྦྱར། རྩི་ཚུལ་གོང་དང་འདྲ་ལ་འདི་ཕྱི་མའི་འབྲས་བུའོ། །དེ་ལ་ཕུབ་ཅེས་པ་བཙས་ཁྱིམ་ཕུབ་པ་སྟེ་སྐྱེ་དུས་ཀྱི་འབྲས་བུ་གསུམ་འདོམས་ལ་སྐྱེས་པ་དེ་དག་སླར་ཕྱི་ནང་གི་གཟའ་རང་སྟེང་ཕྱིན་དུས་ཁྱིམ་ཕུབ་མི་ཉན་ནོ། །དོ་གཅིག་ཁ་


MR26_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནི། མ་ཡི་ལོ་སྤར་ལས་བརྩི་བ་ནི་གཞུང་གིས་གསལ། ནང་གཟའི་ཀག་རྩིས་སྐྱེས་སྤར་སྟེང་བབ་སྤར་ཕྱིན་པ་ལ་ངོས་འཛིན་མཛད་འདུག །དོན་ལ་གཟའ་གསུམ་འདོམས་ལྟ་བུ་ལ་སྐྱེས་པ་དེ་སླར་ཡང་དེ་གསུམ་འདོམས་པ་ལ་ཕྱིན་དུས་རྩུབ་པའོ། །དེར་མ་ཟད་མིག་དམར་གྱི་ཁྱིམ་དུ་གྲགས་པ་དེར་གཟའ་ཚང་གཞན་མང་དུ་ཚོགས་ཀྱང་ངན་ཏེ་འདོམས་པའི་ནུས་པ་དང་ཕྱོགས་མཐུན་ནོ། །ཁྱད་པར་དགྲ་མང་དུ་ཚོགས་པ་ངན་ཏེ་མིག་དམར་སྤེན་པའི་དགྲ་སོགས་སོ། །དེ་བས་ན་མིག་སྤེན་ལ་ཚོགས་པ་མང་ན་དགྲ་ཟླ་དང་། ལྷག་ཕུར་མང་ན་དགྲ་ཡིན་པས་ངན། གཞན་བཞེད་སྐོར་འདི་རྣམས་འདོད་པ་རྩ་ཚིག་གིས་གསལ། མ་ཀླུང་སྐྱེ་གནས་བཅུ་པ། ཕ་ཁྱིམ་ཕུབ་ལོ་བུ་ཁྱིམ་ཕུབ་པ་དང་། བག་མའི་སྤར་ཁ་ཁྱོ་སྲོག་གི་དགྲ་དུར་དུ་སོང་བ་གང་རུང་ཡོད་ན་ཞེས་སོ། །ཁྱོ་དང་སྤར་ཁ་དགྲ་བདུད་ཅེས་པ་མོ་སྲོག་གི་ཁམས་ལ་ཁྱོ་སྤར་དགྲ་བདུད་ཐུག་པའོ། །ཡང་ཕ་མ་གཉིས་ཀའི་ཀླུང་རྟས་བུ་ཡི་ཀླུང་རྟར་བཅད་པ་དང་། བུ་ཀླུང་གི་དར་གུད་ཕ་མའི་ལོ་སྟེང་ཁྱེར་བས་ན་ཤི་དུར་གསུམ་བྱུང་ན་ཞེས་སོ། །མོ་ལའང་ཕ་མའི་ཀླུང་དགྲ་རུ་གྱུར་མ་གྱུར་སོགས་དེ་ལྟར་བརྟག །ཡང་ཕ་མའི་ཀླུང་གི་བྱུར་བབ་ནི། གཞུང་གི་དཔེ་བརྗོད་ཀྱི་གསལ་གཞན་རྣམས་གཞུང་རང་གིས་གསལ། བཙས་ཀླུང་བདུད་པོ་བཅུ་བཞི་ནི། ཕ་མའི་ལོ་དང་སོ་སོའི་ལོག་མིན་ལ་བརྩི་སྟེ། ཕ་ཁྱི་ལོ་ལོག་མིན་འབྲུག་བབ་སོགས་སོ། །དེ་ཡང་ཕ་མ་གཉིས་ཀའི་བཤད་པ་འདོམས་སྐབས་སྐྱེས་པའོ། །བུ་ནི་དགྲའམ་སྟག་ནག་སྐྱེས་ཞེས་པ། སྤེན་པའི་དགྲ་ཤིང་གི་སྟག་ཡོས་དང་སྟག་ནག་ཞེས་པ་ཆུ་སྟག་ལོ་ལ་སྐྱེས་པའོ། །སྤེན་པ་ས་བདུད་གནམ་བདུད་ཅེས་བྱ་བའི་ཚེ་བུ་སྐྱེས་ན། སྐྱེས་ལོའི་ཕ་མའི་ལོག་མིན་ཁྱི་འབྲུག་གམ་བུ་ལོ་སྟག་ཡོས་གང་ཡིན་པར་བུའི་ལོག་མིན་ཕྱིན་དུས་ཕ་མ་འཆི་ཞེས་སོ། །མ་ཕག་ལོ་ཕྱི་གཟའ་སྦྲུལ་ཐོག་སོགས་ཕྱི་གཟའ་ལ་


MR26_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲེ། མ་དང་སྦྱོར་བ་བཙས་སྟེང་སླེབ། ཅེས་པ་ལག་པ་བདུད་བུ་ཞེས་ལྕགས་ཡོས་ལ་ལྕགས་སྤྲེལ་སྐྱེས་པ་དེ། བུའི་ཕྱི་གཟའ་ལྕགས་སྤྲེལ་ལམ། སྐྱེས་དུས་དེ་ལོའི་མའི་ལོག་མིན་སྟེང་བུ་ཡི་ཕྱི་གཟའ་སླེབས་དུས་མ་འཆི་ཞེས་བུ་ཡིག་ན་སྣང་། དེ་ལྟར་ཀག་དུས་བརྩིས་ལ་ཕ་མ་འཆི་དུས་གདབ་ཅེས་སོ། །ཕ་མ་གཉིས་པོ་གོ་ལོག་ཅེས་པ་གོང་བཤད་ལོ་དང་ལོག་མིག་གོ་ལྡོག་པ་ལ་སྐྱེས་ན་ཞེས་སོ། །བུད་མེད་ཀླུང་རྟའི་དབུགས་བླང་བུ་མོར་ཁྱེར་བས་ན་ཤི་དུར་ཞུགས་ཡིན་ན་ཀླུང་རྒྱུན་ཆད་ཅེས་སོ། །བཟའ་མི་ལོ་མི་མཐུན་པ་བག་རྩིས་ལྟར་བརྩིས་ལ། ཀླུང་མི་མཐུན་པ་དེ་དག་སྤར་ཁ་ལི་ཁམ་ཟོན་ལ་བབ་དུས་སྐྱེས་ན་ངན། ཕྱི་ཀླུང་ལྔ་ཡིས་མ་ཟིན་པ་ཞེས། མའི་ལོག་མིན་ཁ་ཡན་ནམ་མདུན་ཁུར་ལ་བབ་དུས་་བུ་སྐྱེས་པའོ། ལྔ་ཞེས་པ་འབྱུང་ལྔས་དབྱེ་བས་སོ། །ཕ་མའི་རང་ལོ་དང་དགྲ་ཐོག་དུར་མིག་གསུམ་དུ་སྐྱེས་པ་དང་འདྲ་སྟེ་བུ་ཡིག་ན་ཅུང་མི་བདེ་བར་སྣང་། ལི་ཁམ་ཟོན་ནམ་གིན་སྐྱེས་སྤར་ཁའི་དུར་མིག་དཔེ་འདྲ། ཕོ་མོ་སྒང་ལོག་ཕ་མའི་ལོ་གོ་ལོག་པ་སྤར་ཁ་དགྲ་བདུད་ཁྱོ་ཤུག་གི་སྐྱེས་སྤར། བུ་དང་ཕ་སྐྱེས་སྤར་གཅིག་པ། དེ་བཞིན་མ་ཡི་སྐྱེས་སྤར་དུས་བུ་མོ་སྐྱེས་པའོ། །གཞན་དངོས་སུ་གསལ། ཁ་ཡན་ལོ་པ་སྤར་ཁ་དགྲ་ཐོག་སྐྱེས་པ་དེས་ཕྱིས་ཁྱིམ་ཡང་སྤར་ཁ་དགྲ་ཐོག་ནས་ཕུབ་ན་ངན། ལྡིང་ནག་ཅེས་པ་རབས་ཆད་མིང་། འདི་བཟའ་མི་གཉིས་ཀར་འདོམས་ནའོ། །བྱང་ཁ་མེ་ལེན་ནི་ཕ་མ་མེ་ཡི་བྱ་སྤྲེལ་ལ་དབང་ཐང་ཆུ་ཁམས་ཅན་བཙས་ནའོ། །འཁོར་བ་ངོ་སྟོང་མ་ལྕགས་ཀྱི་ཁྱི་ཕག་ལ་བུ་གིན་ཁོན་ཐོག་ཏུ་སྐྱེས་པའོ། །དེ་ཡང་བུའི་ཀླུང་རྟས་ཕ་མའི་ཀླུང་བཅད་པའོ། །གཤིན་ཆུ་རབ་བརྒལ་ནི། ཕ་མ་ཆུ་ཡི་ཁྱི་ཕག་ལ་བུ་ཁམ་ཐོག་སྐྱེས་པ་དང་ཕ་མེས་ཀྱི་ཀླུང་རྟས་བུ་ཡི་ཀླུང་རྟར་སྐྱོབས་པའོ། །སྒྱེའུ་ཤག་རལ་སྐར་མ་ནི། ལྕགས་ཀྱི་རྟ་ལུག་


MR26_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྭ་ཐོག་བུ་སྐྱེས་པ་དེའི་སྲོག་ཕ་མེས་ཀྱིས་གཅོད་ནའོ། །མོ་མིག་མི་འདོམས་ནི་བུ་སྲོག་ལ་ཕ་མའི་སྲོག་དང་རང་སྐྱེས་སྤར་ཁས་གཅོད་ནའོ། །མནའ་མར་མི་འདོམས་གཞུང་གིས་གསལ། གསོན་ལོ་བཅོམ་པ་ཕ་མ་ལྕགས་པ་སྟེ་བྱ་སྤྲེལ་ལོ་པ་དྭ་ལ་སྐྱེས་པར་བུ་སྟག་ཡོས་ཟིན་སྐྱེས་པའོ། །དུར་བཅོམ་གནམ་ལོའི་སྲོག་དང་བབ་སྤར་གྱིས་རང་སྲོག་གཅོད་སྐབས་ཤི་ནའོ། །བཙས་ཀླུང་བཅོམ་པ་ཕ་མ་ཤིང་པ་སྟེ་སྟག་ཡོས་ལོ་པ་ཟིན་ཐོག་འདོམས་པར་བུ་བཙས་པའོ། །དེ་ཡན་སྐར་མའི་མིང་གིས་བསྟན་པའོ། །མ་བྱི་ལོ་རྟ་སྟེང་ཕྱིན་སོགས་བདུན་ཟུར་འགྲོ་རྒྱུ་འདི་མ་ཡི་ལོག་མིན་འདྲ། ཟམ་ཤིང་གཟོང་བརྡལ་ཕ་མ་ཕྱི་སྐོར་བྱི་བ་སོགས་སུ་འདོམས་དུས་བཙས་པ་སྟེ། བུ་བྱི་བ་བཙས་ན་ལྷག་པར་ཡང་ཡིན་སོགས་སམ་མཚང་ཆེན་ནོ། །ཕ་མའི་ལོག་མིན་འདུན་ཟུར་ཐུག་དུས་བཙས་པའོ། །འདྲེ་བུ་བདུད་བུ་ཕ་མ་དང་སྲོག་དབང་འཐབ་པས་དགྲ་གྲོགས་བྱུང་ཚུལ་ལོ། །ཕ་མ་བྱི་བ་ལོ་པ་གཉིས་ལོག་མིན་བྱི་བར་འདོམས་དུས་བཙས་སོགས་འགྲེ། དེ་ཡང་ནང་ཕྲད་དང་གོང་བཞིན་དགྲ་བདུད་བཙས་ན་ལྷག་པར་ངན་ནོ། །དེ་རྣམས་ལོག་མིན་ལས་བྱུང་ཞེས་པ་གོང་མ་ཀུན་གྱི་མཇུག་སྡུད་དོ། །འདི་སྐོར་ཕྱི་ཞེས་པ་ལོག་མིན་ཡིན་ནོ། །ཕ་མ་ཤིང་གཉིས་ཏེ་སྟག་ཡོས་ལོ་པ་ཕྱི་བྱ་སྤྲེལ་ལ་བབ་པར་བྱ་སྤྲེལ་སྐྱེས་པ་ལྟ་བུ་ལ་འགྲེ། དེ་ལྟར་བུ་སྐྱེས་ན་ལོག་མིན་དང་བུ་ལོར་ཕ་མའི་སྲོག་སོགས་བཞིས་སོ་སོར་འཐབས་པས། གཉིས་ཀར་བཅད་ན། སྲོག་བཅད་ཚེ་ཐུང་ནད་མང་། ལུས་བཅད་ནད་འབྱུང་སོགས་སྦྱར། ཤིང་གཉིས་བུ་ནི་ས་ཞེས་སོགས། ཕ་མའི་ལོའམ་ལོག་མིན་ནམ་སྤར་ཁས་བུ་སྲོག་ལ་གཅོད་པའོ། །ཕ་མ་ལི་ཁེན་ལ་བབ་སྤར་ཕྱིན་དུས་བུ་བཙས་སོགས། བབ་སྤར་ངན་འདོམས་གཞུང་བཞིན་ནོ། །དེ་ཡང་ཁེན་ཁོན་གཉིས་ལ་བུ་རེ་བཙས་པ་ལས། གང་


MR26_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ལ་བཙས་ན་མིང་རྩི་སྟེ། ཟིན་ལ་བུ་བཙས་ཀྱང་གིན་ལ་བུ་མོ་མ་བཙས་ན་བཤའ་གྲི་མིན་ཞེས་བཤད། ཕ་ལི་མ་ཟོན་སོགས་གཉིས་ཀ་བབ་འདོམས་དགོས་ལ། ཆུ་ནི་བྱི་ཕག་ཁོན་གིན་བབ་དུས་བཙས་སོགས་ནི་ཕོ་མོ་གང་རུང་དགྲ་སྤར་སྟེང་བབ་དུས་བཙས་པའོ། །དེ་ཡང་ཁ་ཡན་བྱུང་ན་གཉན་ཆེ་ལ་མ་བྱུང་ཡང་། ཕ་མའི་ལོའི་སྲོག་གི་ཁམས་ཁོན་ནས་བརྩི་དགོས། བུ་ལོ་ཁ་ཡན་ལ་སྐྱེས་སྤར་སྲོག་དབང་གི་དུར་ལ་བབ་དུས་བཙས་པ་གཞུང་བཞིན་ནོ། །ཀ་བརྡལ་ནི་ཆུ་ཡི་བྱི་ཕག་ལིར་བཙས་སོགས་བུ་ལོ་དང་སྐྱེས་སྤར་རོ། །ལྕེ་འཐམས་ལྕེ་འཐེམ་གཉིས་ནི། ཕ་མ་ཕག་སྦྲུལ་གང་རུང་སྤར་ཁ་ལི་ཁམ་གང་རུང་ལ་ཕྱིན་པ་ལྟ་བུ་གཉིས་ཀར་འདོམས་དགོས། ཕ་ཁོ་ན་བབ་པ་ལྟ་བུས་མིན་ནོ། །སྤར་ཁ་བརྒྱད་ལ་ཕོ་མོ་འདོམས་ཞེས་པ། སྤར་བརྒྱད་གང་ཡང་རུང་བ་གཅིག་གི་སྟེང་དུ་ཕ་མ་གཉིས་ཀྱི་བབ་སྤར་བབ་དུས་བུ་སྐྱེས་ན་སྐྱ་མདའ་ཐུག་པར་མངོན། གཙུག་མི་འགྱུར་བ་བཞི་ནི་ཕོ་མོ་འབྲིང་བཞིའི་ལོ་འདོམ་པ་ཞིག །རང་ལོའི་ཐོག་ཏུ་བབ་སྤར་ཚོགས་པ་འདོམས་དུས་བུ་སྐྱེས་པའོ། །བཟའ་མི་ལུག་སྤྲེལ་ལོ་པ་གཉིས་ཁོན་ལ་འདོམས་དུས་བུ་སྐྱེས་ན་ལག་གཡབ་ཡིན། སྤྱིར་ནི་ལི་འདོམས་སོགས་གོང་གི་སྐྱ་མདའི་བཤད་པའོ། །ཕ་མ་བྱི་ཕག་གམ་རྟ་སྦྲུལ་གང་རུང་གཉིས་འདོམས་ཤིང་ལིར་སྤུང་བའམ་ཚེགས་དུས་སུ་བུ་སྐྱེས་སོགས་གཞུང་བཞིན་ནོ། །རུས་མེ་པ་བྱི་ཕག་གི་ལོ་ཟླ་ཞག་དུས་ལ་བཙས་པ་ལྟ་བུ་ངན་བཤད་གཞུང་བཞིན་ནོ། །དྭ་བོ་གོ་སླ་ལ་ཟླ་བ་བདུན་ཟུར་ནི་བུ་བྱི་ལོ་རྟ་ཟླར་སྐྱེས་པ་ལྟ་བུའོ། །མའི་བདུན་ཟུར་ནི་སྐྱེས་ཟླ་མ་ལོའི་བདུན་ཟུར་ཐུག་པའོ། །སྲོག་ལུས་དབང་ཀླུང་གི་སྨེ་བ་གང་རུང་ནག་མཐིང་དམར་སེར་བབ་ན་གཉན་ཆེ་འབྲིང་ཆུང་སྦྱར། མང་པོ་འདོམས་ན་ཧ་ཅང་ངན་ནོ། །དུར་ཞུགས་བཞི་ནི། སྲོག་ལུས་དབང་ཀླུང་གི་དར་གུད་ལོ་ཟླ་ཞག་དུས་ལ་གཏུགས་པས་དུར་ཞུགས་ཀྱི་དུས་གང་རེད་ལ་སྐྱེས་ན་ངན། །


MR26_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁ་གདན་དགྲ་ནི་བྱ་སྤྲེལ་ལི་ལ་སྐྱེས་པ་ལྟ་བུ། ཕག་ཁེན་སྐྱེས་དང་། ཆུ་བྱི་ཁོན་གིན་སོགས་ལ་བཙས་པའོ། །ཕ་མ་གང་ཡིན་ཟིན་ཐོག་བབ་དུས་སྐྱེས་ན་བསྟུད་པའམ་ཡང་ན་གཅིག་ལས་མི་སྐྱེ་བར་བཤད། མ་ཤིང་བུ་ཤིང་ནི་མ་བུའི་སྲོག་ལུས་ཤིང་ལ་ཁོན་གིན་བབ་དུས་བུ་སྐྱེས་པའོ། །ལུས་སྤྲད་ཕ་མའི་ལུས་ཀྱི་བུ་ལུས་གཅོད་སོགས་གཞུང་ལྟར་རོ། །ཟླ་བ་སྤར་སྨེ་ཕོ་ཞུགས་ཕོ་ཞེས་པ་མངལ་དུ་ཞུགས་དུས་ཀྱི་ཟླ་བ་དང་དེ་ལོ་མའི་སྤར་སྨེའོ། །དེ་ཡང་ཕ་མའི་སྲོག་སོགས་ཀྱིས་བུ་སྐྱོབས་ན་ངེས་ཞེས་སོ། །མ་དབང་དར་གུད་སྐྱེས་ལོའི་སྟེང་དང་གཞན་ཀེག་རྩིས་ལྟར་བརྟག །མ་དང་ཨ་ཕྱིའི་སྐྱེས་སྨེ་གཉིས་ནག་ཡིན་ན་དང་པོར་བུ་མོ་སྐྱེ་སོགས་གཞུང་བཞིན། ཕ་དབང་གནམ་ལོའི་སྲོག་གིས་བཅད་པ་དང་། བུ་སྐབས་གནམ་ལོའི་དབང་ལ་གནམ་ལོ་རང་སྲོག་གིས་འཐབ་པ་ལས་འོས་མེད་དོ། །མ་དབང་དཔལ་བབ་ནི་མ་དབང་གནམ་ལོའི་དབང་གིས་བསྐྱེད་ནའོ། །ཕྱི་ནང་བར་གསུམ་ནི་ཕྱི་བུ་སྐྱེ་ལོའི་མའི་ལོག་མིན། ནང་མ་ཡི་བབ་སྤར། བར་བབ་སྨེའོ། །ཕ་བུའི་དབང་ཐང་འཐབས་པས་བུ་དབང་དགྲ་ཕྲད་བུ་ཡི་བྱུར་བབ། གྲོགས་ཕྲད་ཕ་ཡིའོ། །ངོ་བོ་ཉིད་ཀྱིས་འདོམས་པའོ། །བུད་མེད་ཕོ་ལོ་ཡིན་ན་མཚང་ཅན་མིན་ན་མཚང་མེད་དོ། །ཁྱིམ་ཕུབ་སྟེང་དུ་ཞེས་སོགས་ནི། མ་བག་མ་བྱས་དུས་ཀྱི་བབ་སྤར་དེ་གང་ཡིན་ལ་བབ་དུས་བུ་མོ་བཙས་ན་ཞེས་སོ། །མ་ལིར་བབ་དུས་སུ་བྱི་ཕག་རྟ་སྦྲུལ་ལོ་བ་སྐྱེས་སོགས་འགྲེ། ལྟོར་ཞུགས་སམ་མངའ་ཞུགས་ཀྱི་ཟླ་བ་རབ་འབྲིང་ཐ་བཤད་གཞུང་བཞིན་ནོ། །རྒྱལ་བློན་བཞི་ལོ་ཟླ་ཞག་དུས་བཞི་ཡི་སྲོག་སོགས་བཞི་དང་། མ་ཀླུང་སྤར་ཁ་སྐྱེས་སྨེ་བཅས་ལ་བུ་ཡི་སྲོག་ལུས་དབང་ཀླུང་གིས་འཐབ་པའོ། །རང་ལོས་རང་ལ་གཅོད་ལུགས་མེད་པ་གཞིར་བཅས་པས་རྒྱལ་པོ་ནང་ཕྲད་ལས་མ་འདས་སོ། །དུར་སྐྱེས་ནི་རྒྱལ་བློན་བཞིའི་ལོ་རྟ་དང་སྤར་ཁ་བཅས་བུས་པའི་སྲོག་སོགས་བཞིའི་


MR26_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཞུགས་ལ་བབ་པའོ། །ཕ་མའི་དཔལ་བབ་སོགས་གོང་དུ་སོང་བ་དང་གཅིག །ཁམས་ཞེས་པ་འདི་སྐབས་རུས་སོ། །མ་ཀླུང་གདན་མནན་པ་ཕ་མའི་སྲོག་དང་བུ་སྲོག་མ་བུར་འཕྲད་རེས་དང་། སྐྱེས་སྤར་རང་སྲོག་གི་མ་རུ་སོང་བ། ཟླ་བའི་དར་གུད་བུས་པའི་སྲོག་མ་ནས་དབུགས་ལེན་པ་སྟེ། ཆུ་བྱི་ལ་ལྕགས་དབུགས་སྟག་ནས་བླངས་ཏེ་སྐྱེས་ཟླ་ཐོག་ཁྱེར་པའོ། །དེ་རྣམས་རྒྱས་བཤད་གཞུང་བཞིན། རུས་ཁམས་ས་པ་ལི་བཙས་སོགས་རུས་ཀྱི་མ་རུ་བྱུང་བའོ། །བུ་སྟག་ཡོས་ཁོན་བཙས་སོགས་དུར་བཙས་ལ་རབ་འབྲིང་དབྱེ་སོགས་གཞུང་བཞིན། ཕོ་གྲལ་སྟོང་མིན་སོགས་བུ་རྣམས་རྒན་རིམ་ནས་བཟུང་རིམ་པར་འགྲིགས་མིན་བལྟ། སྐྱེས་སྤར་ཕོ་ཐོག་མོ་བཙས་པ་ལྟ་བུ་གོ་ལོག །གཞན་གསལ། མ་ཁྱི་འབྲུག་ཅེས་མ་ལོ་དངོས་སོ། །ཕ་ཁེན་བུ་ལི་ཞེས་ཕ་བུའི་སྐྱེས་སྤར་དེ་ལྟར་འདོམས་ནའོ། །བུས་པ་སྔ་མ་ལིར་སྐྱེས་ཕྱི་མ་ཁོན་བཙས་སོགས་སྤར་ཁའི་དགྲ་བདུད་ཐུག་ནའོ། །མནའ་ཟའི་ཀླུང་དང་པོ་མ་བུའི་སྐྱེས་སྤར་དགྲ་བདུད་ཐུག་ནའོ། །དེ་ཡང་དགྲ་བདུད་ནི། ལི་ཁེན། དྭ་ཟིན། ཁོན་ཁམ། གིན་ཟོན། ཕུན་ཚུན་དུའོ། །ཕ་སྟག་ཡོས་ཟིན་སྐྱེས་སོགས་ཞེས་སོགས་ཁོར་ནས། ཕ་རྟ་སྦྲུལ་ལི་སྐྱེས། བུ་བྱི་རྟ་ལི། ཕ་བྱི་ཕག་ཁམ། བུ་བྱི་རྟ་ཁམ། ཕ་གཤེད་བཞི་མཚམས་སྐྱེས་ལ། བུ་ཁྱི་འབྲུག་མཚམས་སྐྱེས། ཕ་སྟག་ཡོས་ཟིན་བུ་ཁྱི་འབྲུག་ཟིན་བཅས་དྲངས་འདུག །ཟིན་ལ་མ་བུ་འཛོམས་པ་མ་བུའི་སྐྱེས་སྤར་ཟིན་ཡིན་པའོ། །བྱང་ཐང་གདན་ས་སྟག་ཡོས་དྭ་སོགས་སོ། །ལྕགས་ཀྱི་བྱ་སྤྲེལ་ལི་ཐོག་ཅེས་སོགས་བུ་ལོ་དང་མའི་བབ་སྤར་ཏེ་མ་ཀླུང་ངོ་། །ལ་སོགས་ཐོག་ཏུ་མ་ལོས་སླེབས་ཞེས་པ་མ་ཡི་ལོ་གྲངས་ཀྱིས་སླེབ་ཅེས་པ་སྟེ་སྤར་ཁའོ། །ལྕགས་ཀྱི་བྱ་སྤྲེལ་ལིར་བཙས་པ་སླར་ལི་ལ་བབ་དུས་ངན་ནོ། །དེ་སྟེང་གནམ་ལོ་ཡང་ཁམས་གཅིག་པ་


MR26_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ན་དེ་དུས་ཁྱིམ་བྱས་ཁང་སྟོང་སྲུང་བ་ཞེས་སོ། །མ་ལུས་བུ་སྲོག་གིས་བཅད་པ་སྒབ་ཆད་ལ་དེ་སྟེང་བུ་ལུས་ཀྱིས་ཀྱང་བཅད་ན་ཁྱད་པར་ངན། རབ་ཀླུང་ལུས་བརྒྱབ་ཅེས་སྐྱེས་སྨེས་ལུས་བཅད། ལོ་སྨེ་སྤར་གསུམ་གྱིས་ཐུབ་པ་ནི། མ་ཡི་དེ་ལོའི་ལོག་མིན་གྱི་སྲོག་དང། རང་གི་སྐྱེས་སྨེ་སྐྱེས་སྤར་གསུམ་གྱིས་བུ་རང་སྲོག་བཅད་ན་ཞེས་སོ། །བསད་བརྒྱད་སྐྱོབས་བརྒྱད་ནི་གཉིས་རེ་དེར་བཟའ་ཚང་ཚོགས་ནའོ། །ལོ་པ་འདི་ཅན་གཉིས་ཁྱིམ་གཅིག་ཚང་ན་དེའི་འབྲས་བུ་འབྱུང་བས་འདི་སྐབས་བུས་པ་དེ་དང་བཟའ་ཚང་གཞན་གང་རུང་དེ་ལྟར་འདོམས་མིན་བལྟའོ། །ལྟས་ངན་ཀྱང་ཁྱིམ་ནང་དེར་ཚོགས་པ་ལ་བརྩི། ལོ་སྐྱོན་ནི་ཕ་མ་སྦྲུལ་ལས་བུ་ལུག་ལོ་སྐྱེས་སོགས་སོ། །རྭ་བསེ་ནི་ཕ་མེས་མ་བུ་བཞིར་བརྟགས་པས་མང་ཉུང་བྱུང་ན་འཚོམ། མི་གྲངས་ཟུང་མི་བརྟན་པས་ངན་གཅིག་ཤོས་ལྡོག་པའོ། །ལོ་ངན་རྣམས་གསལ། ཡུག་ས་ལོ་བརྒྱད་ཕ་མ་ལ་བརྩི། དྭ་ཕྲུག་བརྒྱད་བུ་ལ་རྩི། ཕོའི་རབས་ཆད་སྒོ་ལྔ་ནི། ཕ་ཡི་ལོག་མིན་སྤར་ཁ་གཞུང་ལྟར་བསྐོར་བས་ལོ་གྲངས་དང་སྤར་ཁ་གཞུང་ནས་བཤད་པ་དེར་བབ་དུས་ཡིན། ཕ་དེ་ལ་བབ་དུས་བུ་སྐྱེས་ན་བུ་དེ་རབས་ཆད་ཡིན། མ་ཡང་གཞུང་ལྟར་ལ་ཆུ་སྤྲེལ་ནི་དབང་ཐང་ཤིང་པ་ལ་དཔེར་བྱས། གཞན་ལའང་རང་མཐུན་པ་སྒྱུར་ཟེར་ཀྱང་དོན་འདྲ། མ་ཡི་ལོ་ཚིགས་དེར་བུ་མོ་སྐྱེས་ན་གཡང་ཤམ་སྟེ། འདིར་ཕ་མ་གཉིས་ཀའི་རབས་ཆད་གཡང་ཤམ་འདོམས་དུས་སྐྱེས་ན་ངེས་པར་ངན། དེ་ལ་གྲི་ལྐུགས་པ་བཀྲོལ་གཏོ་ནི་སྲིད་བཙལ་ན་གྲིར་ཤི་བའི་ཡུག་ས་མོ་བླངས་ན་སྲིད་འགྲོལ་སོགས་སོ། །གོང་གི་བརྒྱ་འགྲེལ་གྱིའོ། །ངན་ཀླུང་སྒོ་ལྔ་སྐྱེས་པའི་སྤར་སྨེ་དང། དར་གུད་ནི་བརྒྱ་འགྲེལ་སྐབས་ཀྱི་སྲོག་རང་རྡེལ་དང་། དབང་ཐང་རང་མ་བུ་གྲོགས་བཞི་དང་། ལུས་རང་གྲོགས་གཉིས་བཅས་ཀྱི་ཁ་དམར་ནག་ན་གུད་ཟེར་ཀྱང་གཞུང་གིས་གསལ། དགྲ་དར་ཞེས་སོ་སོའི་དགྲ་རྡེལ་དཀར་ནའོ། །


MR26_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དགྲ་དར་ཀྱང་སྲོག་མ་མ་གུད་པ་དང་སྤར་སྨེ་ངན་པ་མ་འཛོམས་ན་དེ་ཙམ་མི་སྐྱོན། འཛོམས་ན་ངན་ནོ། །ས་བཞི་ནི་མཚམས་བཞིའོ། །སྤྱི་དཔྱད་གཞུང་དང་མཆན་གྱིས་གསལ། དར་གུད་འབྲས་བུ་ཞག་མལ་ལ་སྦྱར། ཁ་ཅིག་གིས་ཀླུང་རྟ་ཁོ་ནར་སྦྱར་བའང་སྣང་། དར་བཞི་སོགས་ནི་འབྱུང་བ་ས་ཆུ་གཅིག་ཏུ་བསྡུས་པའི་སྒོ་ནས་བཏགས་པའམ་ཡང་ན་སྲོག་སོགས་བཞིའི་ཆ་ནས་སོ། །དགྲ་དར་ཞེས་ངན་དྲུག་ལ་བབ་པའོ། །གཙུག་རྒྱམ་གྱི་དར་གུད་བརྩི་ལུགས་གོང་དུ་སོང། འབྲས་བུ་གཞུང་ན་གསལ། སྤར་སྨེ་གཉིས་ནི་སྲོག་སོགས་བཞི་ཀ་ལ་ཡང་སྐྱོབས་མི་སྐྱོབས་སོགས་སྤྱིར་དཔྱད་ཅེས་སོ། །སྤར་ཁ་ལོག་ཅེས་པ་གོང་ལས་བཟློག་པ་མིན་པར་སྲོག་ལུས་ལ་གནོད་པའི་སྤར་ཁའོ། །སྤར་སྨེ་གོང་ལས་ལོག་ཅེས་པ་བཤད་མ་ཐག་པའི་ལི་ཁམ་ཟོན་དང་བཞི་ལྗང་སོགས་ལས་བཟློག་སྟེ་སྤར་ཁའི་དགྲ་བདུད་ལྟར་ཁེན་ཁོན་གིན་དང་། ༨༧༩༢ སྨེ་བ་འདི་བཞིན་ཏེ་ལྔ་སེར་ས་ཁམས་ཁོན་ལ་བརྩིས་པའི་ལྡོག་ཕྱོགས་གཉིས་ནག་བརྩིས་པ་འདྲ་ཡང་། བུ་ལས་སྤར་ཁ་ཁོན་ཁེན་གིན་ཟིན་དང་སྨེ་བ། ༩༢༦༧༨འདི་བཅས་ཡིན་མིན་བརྟགས་སྣང་བས་མཐའ་ཆོད་མཛད་མི་གདའོ། །སྔ་མ་མི་འགྱུར་བ་བཙས་ཀླུང་དང་ཕྱི་མ་འགྱུར་བ་ཀེག་རྩིས་དར་གུད་དོ། །མ་བཞི་ཞེས་པ་སྲོག་ལུས་དབང་ཀླུང་གི་མ་བཞིའོ། །གསང་བ་ཡང་ཏིག་ལས་བཤད་དབྱེ་བ་ཉེར་གཅིག་ལས། ལོ་ཟླ་ཕ་མའི་དབང་ཐང་གིས་བུ་སྲོག་བསྐྱེད་པ་ལོ་ཡིས་བསྐྱེད་དང་སོགས་སོ། །གཟའ་བཞིའི་དུར་ནི་དེ་ལོ་མའི་ལོག་མིན་དང་སྤར་ཁ་གཉིས་པོ་བུ་སྲོག་གི་དུར་ཞུགས་དང་མ་ཐུག་པའོ། །ལས་ཅན་རིགས་ལ་སྙེགས་པ་ཞེས་རིགས་རུས་བཟང་པོར་སྐྱེས་པ། ཟླ་བའི་གདོང་ཞེས་ཡར་ངོ་སྤྱི་ཁྱད་པར་ཉ་སྐར་དང་འཛོམས་པ་སྟེ་ཚེས་བཅོ་ལྔ་ལ་བཙས་པ། མངལ་དུ་ཞུགས་ནས་ཁྱིམ་དེར་བྱ་བྱེད་བཟང་པོ་བྱུང་བ་སོགས་སོ། །དབང་ཐང་ལུད་པ་འཕེལ་བའི་དོན། །འབྱུང་བ་ངན་འོག་མ་ལྷུང་


MR26_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀླུང་རྩིས་བཟང་བ། མ་བུ་བདུན་ཟུར་དང་ལས་རྩིས་ཀྱི་དུར་དང་འབྱུང་བ་དགྲ། གཤེད་མེད་པ་ཞེས་བཤད་པ་སྣང་ཡང་མ་ཡི་ཀེག་རྩིས་ཀྱི་བདུན་ཟུར་དགྲ་གཤེད་མེད་དུས་བཙས་པ་ཡིན་པ་དཔེ་བརྗོད་དུ་གསལ། ལོ་ཟླ་གཉིས་ཀྱི་སྲོག་གིས་མ་སྲོག་ལ་མ་བཅད་པ་མ་ཡིས་སྤར་སྨེས་མ་སྲོག་ལ་མ་བཅད་པ་ནི་སྤར་སྨེ་དགྲར་ཐོག་མིན་པ་དང་། མ་ཡི་སྐྱེས་སྤར་གྱི་བདུད་གཅོད་སོགས་མེད་པར་བཙས་པའོ། །འདི་སྐོར་མ་ཡི་ཀེག་རྩིས་ལྟར་རྩིས་པས་མ་ལ་བཟང་དུས་སྐྱེས་པ་བཟང་པ་ཀུན་ལ་འགྲེ། མ་ལོ་བུ་ལོ་བྱས་ཀྱང་དོན་གཅིག་པ་ཉིད་དོ། །རྣམ་གྲངས་ཉེར་གཅིག་པོའི་ནང་གི་དུ་མ་ཡིན་པ་ཡང་ཡོད་དོ། །ཕ་རུས་མ་འཕྱུགས་པ། མ་ལོ་བུ་ལོ་དགྲ་གཤེད་མིན་པ། དེ་ལོའི་སྤར་སྨེས་མ་སྲོག་མ་བཅད་པ། སྐྱེ་དུས་གཟའ་འཛིན་དང་རྒྱུ་བ་ངན་པ་མེད་པ། ལྷ་འདྲེའི་མཐུ་ཡིས་མངལ་བཟུང་བ་གཞི་བདག་སོགས་ཀྱི་བརྫུས་བུའམ་བླ་བུར་གྲགས་པ་ལྟ་བུ། གཏོ་དཔྱད་འབྱུང་བ་རྣམས་ལྡོག་པ་སྟེ་ཆོ་འཕྲུལ་ཆེ་བའམ། ཕལ་པ་བཞིན་དུ་བུ་དེ་ལ་མི་ཐིག་པ་ལྟ་བུ་ཞིག་གི་དོན་ཏེ། རྩིས་ནས་བུ་མོ་སྐྱེ་བར་བཤད་ཀྱང་བུར་བྱུང་བ་དང་། མངའ་མི་ཆགས་པའི་སྨན་བཏང་ཡང་བུ་ཆགས་པ་དང་། ཕ་མེད་པར་ཆགས་པ་ལྟ་བུ་སོགས་སོ། །དེ་ལ་རྩིས་བྱ་མི་དགོས་ཏེ་ཁོ་རང་གི་ལས་ཀླུང་ལ་ལྟོས་པའི་ཕྱིར་རོ་ཞེས་སོ། །རིགས་འཛིན་ཚེ་ཡི་ཚད་དུ་ཁྱེར་ཞེས་བུ་རྣམས་སུ་བཤད་པ་མ་མཐོང་ཡང་། ཕ་ཡི་རིགས་འཛིན་ནུས་པའི་ཚེ་ཚད་དང་ལྡན་པ་ཅན་ཞིག་སྟེ་ཚེ་ཐུང་ན་རིགས་མི་ཟིན་པས་སྤྱིར་བཏང་ཡིན་ནམ་སྙམ། ལྷ་འཁོན་མེད་ཅིང་དཔལ་དང་ལྡན་པ། ལྟས་བཟང་དང་། ཉི་མ་ཤར་བའི་སྣ་ལ་སྐྱེས་པ། ཟླ་བའི་སྒང་ཞེས་བཅུ་གཅིག་ནས་ཉི་ཤུ་བར་རོ། །བུ་རང་བྱ་བྱེད་བཟང་བའོ། །ནམ་ཞེས་མཚན་མོ་ལ་སྐྱེད་ཆེ་བ། དཔལ་ཆེན་ཐབས་དང་རྟེན་འབྲེལ་མ་ལོག་པ་ལ་ཟེར་ཏེ་ཆོས་ཞུས་སོགས་དང་ཐབས་རྟེན་འབྲེལ་གྱིས་བུ་


MR26_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་འདྲ་སྟེ། དེ་མིན་ཀྱང་སྐྱེ་དུས་སོགས་སུ་དབང་ཆོས་སོགས་ཐོབ་པ། ཕའི་སྲོག་སོགས་ལ་བུས་ཕར་ལ་སྐྱོབ་པ། ཕོ་མོ་གང་སྐྱེ་རྩིས་ཀྱི་ནང་བཞིན་སྐྱེས་པས་ཀླུང་མ་ལོག་པའོ། །རྟེན་ཅན་ཞེས་པ་ནི་མ་ཡི་བྱུར་ཀླུང་མེད་ཅེས་པ་མ་བུའི་ལུས་དབང་འཐབས་པས་བུས་ཕར་བཅད་ན་བུ་བྱུར་མ་ལ་ལྷུང་བའོ། །མས་ཚུར་བཅད་ན་མ་བྱུར་བུ་ལ་ལྷུང་བའོ། །འདི་ལུས་དང་ཀླུང་རྟ་ལའང་བརྟག་ཅིང་སྨེ་བ་ལའང་བརྟགས་སྣང་། རང་དབང་གིས་རང་སྲོག་བཅད་ན། རང་བྱུང་རང་ཐོག་ཏུ་ལྷུང་བའོ། །ལྷ་དཔལ་གྱི་རྩིས་གོང་བཞིན་ལ་དེ་ལས་འདྲེ་བདུད་མ་བབ་པའོ། །འདིའང་སྲོག་སོགས་བཞི་གའམ་གཙོ་བོ་སྲོག་ལ་བརྟག །ཁོང་དུ་ཞུགས་ནས་ནོར་རྒྱས། ཕ་ཡོད་པ་སོགས་ལ་ཕ་བརྟེན་ཞེས་སོགས་སོ། །མིང་གི་ཞང་ལྷ་མ་ལྷ་ནི་མ་དང་ཞང་པོ་ཡིན་ལ་དེ་ཡོད་པའོ། །ཡོད་ཅེས་པ་བུ་སྐྱེས་དུས་ཕ་སོགས་མ་ཤི་བའོ། །འབྱུང་བ་ཁོད་སྙོམས་པ་ནི་ཕྱི་འབྱུང་ཚ་གྲང་སྙོམས་སོགས་འདྲ། སྐྱེས་པའི་ལོ་ཟླ་སྤར་ཁས་མ་སྲོག་ཁོ་ན་ལ་འཐབས་པས་བཅད་པ་དང་། མ་སྤར་ཁ་དུར་ཐོག་ཕྱིན་པ་རྣམས་མདངས་འཕྲོག་སྟེ་མ་ལ་ངན་པ་དང་། ཡང་གཟའ་གསུམ་འདོམས་དང་། གཟའ་སྐར་ལུས་གསུམ་ནག་པ་སྟེ་ངན་པ་ནི། གཟའ་ངན་སྐར་ངན་ལ་བཙས་པ་དང་ཀེག་རྩིས་ལྟར་གྱི་མ་ལུས་ཀྱི་རྡེའུ་ནག་པའོ། །བསྡུས་ན་གནམ་ལོའི་ལུས་དང་མ་ལུས་འཐབས་པས་ཀྱང་ཆོག་འདྲ་ལ། དཔེ་བརྗོད་ལ་དཔག་ན་མ་ལུས་དུར་མིག་ཏུ་ཚུད་ན་ལུས་ནག་ཅེས་པ་འདྲའོ། །བཙས་དུས་སྲོག་གི་དགྲ་གཟའ་དང་། མ་ལོ་སྐར་ལ་བབ་པའོ། །ངན་དགུ་འཛོམས་པ་ནི་ངན་པ་ཤིན་ཏུ་མང་པོ་འཛོམས་པ་འདྲ། མ་ལོའི་དགྲ་དུར་གྱི་ལོ་ཟླ་ཞག་དུས་བཙས་པ་དང་། ཁམས་ཀྱི་དགྲ་ལོ་དང་། ཆད་ཆེན་ཆད་ཆུང་ལྟ་བུ་སོགས་ཕ་ཚན་ལ་གནོད་པའི་སེལ་བྱེད་པའི་ལོ་བྱུང་ནའོ། །ཟླ་ནག་ནི་སྤྱི་ལྟར་དང་། ལུས་ནག་གི་སྐྱེས་སྨེ་གཉིས་ནག །


MR26_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་བབ་སྨེ་གཉིས་ནག་གསུམ་འདོམས་པ་དང་། མ་ཡི་ཕྱི་གཟའི་དགྲར་གྱུར་པའི་ལོ་རྟའི་གཟའ་ཅན་སྐྱེས་པ་སྟེ། རྩ་བར་དཔེར་བརྗོད་པ། ཕུར་བུའི་གཟའ་ལ་པ་སངས་སྐྱེས་ཞེས་མཚོན་བྱེད་དུ་བཀོད་པའོ། །དེ་ལྟ་བུ་ནི་མེ་སྟེང་ཆུ་རྡོལ་ཞེས་བྱ་སྟེ། མིང་ལ་འཁོར་བ་རུ་ལོག་གི་བུ་ཞེས་སོ། །མེ་སྟེང་ཆུ་རྡོལ་པ་ནི་མ་ཡི་ཕྱི་ནང་མིག་དམར་ལ་བུ་ལྷག་པ་སྐྱེས་པ་ལྟ་བུ་ཞེས་དཔེ་འགའ་ན་བཤད་ཀྱང་གོང་གི་ཁོངས་སུ་གཏོགས་འདྲ་སྙམ། མ་ལོའི་བདུན་ཟུར་ལ་བབ་དུས་བུ་མངལ་དུ་ཞུགས་ནས་བུའི་སྲོག་གི་དགྲར་གྱུར་པའི་ཟླ་བ་ལ་བཙས་པ་སྟེ། རྩ་བར་སྟག་ལོ་མས་མཚོན་པའོ། །ཕ་ལོའི་སྟེང་དུ་བུ་ལོས་མནན་པ་ནི། ཕའི་སྲོག་གི་དགྲར་གྱུར་པའི་བུ་ལོ་དང་། ཟླ་བ་རང་གི་བདུན་ཟུར། ཞག་བཞི་གཤེད། དུས་གུང་གཉིས་བཙས་པ། ལུས་སྐྱོན་ཅན་དང་ཤ་མཚན་ངན་པ་ཡོད་པའོ། །མ་ཡི་སྐྱེས་ལོ་དང་སྐྱེས་ཟླ་དག་གི་སྲོག་ལ་དགྲར་གྱུར་པའི་ལོའམ། དེའི་གཤེད་དེ་དུར་ཞུགས་ཀྱི་ལོ་ལ་བུ་བཙས་པ། མ་ཁོང་ནས་་མ་ཐོན་པར་མ་ཤི་ཟེར་ཀྱང་དཔྱད། ཁོང་དུ་ཞུགས་ནས་མ་མ་ཤི་བར་དུ་མི་བདེ་བ་འབྱུང་བ་འདྲ་སྟེ་བརྟག །ཕ་མའི་སྐྱེས་ལོ་ཟླ་བའི་སྲོག་ལ་བུ་ཡི་སྲོག་དབང་གིས་བཅད་པ་དང་། རང་གིས་རང་བསད་ཅེས། རང་དབང་གིས་རང་སྲོག་བཅད་པ། བཙས་པའི་ཟླ་བ་དང་དུས་ཚོད་གཟའ་སྐར་གྱི་ཁམས་རང་སྲོག་གི་དགྲ་དང་ཐུག་པས་ཐམས་ཅད་ངན་པའོ། །དེ་ལོ་བརྒྱ་ཐུབ་པའི་ལས་ཅན་ཡིན་ཀྱང་འཕྲལ་དུ་དེ་ལས་ལྡོག་ཅེས་པ་འདྲ་སྟེ་དཔྱད། བཙས་དུས་ཀྱི་ལྟས་གཞུང་བཞིན་ནོ། །སྲོག་ང་གི་རྩིས་ཀྱི་སྣ་ཡི་ཀ་བ་ངོས་ནི་སྣ་བུག་གི་བར་གྱི་ཟམ་པ་ངོས། སྣ་གཤོགས་ཅེས་འགྲམ་པ་ངོས་སོ། །འདི་ཞིབ་པར་དུས་འཁོར་སོགས་ལས་འབྱུང་བ་ལྟར་བརྩི་ལ། རླུང་ལ་གོམས་པ་ཆེར་མ་སོང་བས་ཤེས་མི་ནུས། ནམ་མཁའ་ལྕགས་དང་ང་ཤིང་ཁམས་སུ་བརྩི། མངལ་དུ་ཞུས་དུས་ནི་ཕ་མའི་རླུང་གཉིས་ཁམས་གཅིག་པ་ལས་མི་


MR26_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་མི་འབྱུང་བ་ཆོས་ཉིད་དོ། །མ་ཟླ་མཚན་ཆད་རྗེས་ཕ་དང་ནམ་ཕྲད་པའི་ཐོག་མ་དེ་དུས་ང་བརྟག་དགོས་ལ། དོན་དུ་བུ་ཆགས་པའི་དུས་ཀྱི་ཁམས་འབབ་དུས་ང་གང་རྒྱུ་ཤེས་ན་དེ་ཉིད་བུའི་སྲོག་ང་ཡིན་ཀྱང་དེ་ངོས་མ་ཟིན་བར་ཐལ་ན་བཙས་དུས་མ་ཡི་ང་རིགས་ལྔ་གང་རྒྱུ་ཤེས་ན་དེའི་བུའི་སྲོག་ང་ཡིན། བཙས་ནས་ཡར་ལོག་བརྩི་བའི་ཚུལ་གཞུང་བཞིན། དེ་དུས་ཀྱི་དུས་ཞག་ཟླ་ལོ་དང་འཐབ་པར་བཤད་ཀྱང་མངལ་དུ་གནས་པའི་ཟླ་ཞག་གི་ཚད་ལས་ཆད་ལྷག་འབྱུང་སྲིད་པས་ཆེར་མི་ངེས་ཀྱང་རྟེན་འབྲེལ་ཡིན་པས་ཕྱོགས་ཙམ་དུ་ཐིག །དེ་ཡང་ཐལ་ཏེ་མ་ཤེས་ན་རགས་པ་ཙམ་དུ་འབྱུང་བའི་མི་རིགས་ལ་བརྟགས་ཏེ་སྲོག་ང་ཁམས་གང་ཡིན་ངོས་བཟུང་ལ་བརྩིའོ། །སྲོག་ང་གི་ཁམས་དེ་དང་། མངལ་དུ་ཞུགས་དུས་ཀྱི་ལོ་ཟླ་ཞག་དུས་བཞིའི་སྲོག་དང་འཐབས་པའི་རྡེའུ་བཞི་དང་དེ་སྟེང་སྲོག་ང་ཁོ་རང་གི་ཁམས་བཅས་ལྔ་སྟེ། རང་གཅིག་ནི་ཀུན་ལ་འོང་བ་གཞིར་བཅས་པས། དེ་ལྔ་ཀ་འབྱུང་བ་གཅིག་ཏུ་སོང་ན་རང་གཅིག་དང་ནང་ཕྲད་བཞི་ཡོད་པ་དེ་ལ་འབྱུང་བ་རང་བརྩེགས་ཟེར། འབྱུང་བ་ལྔ་ཚངས་ན་རང་གཅིག་དང་འཐབ་རྡེལ་མ་བུ་དགྲ་གྲོགས་བཞི་ཡོད་པ་འོང་བས་དེ་ལ་ཀུན་འདུས་ཟེར་མ་དང་རང་བརྩེགས་ལ་མི་འདྲ་བ་བཞི་འོང་། དེ་སྲོག་ང་འབྱུང་ལྔས་ཕྱེ་བས་ཉི་ཤུ། བུ་རང་བརྩེགས་དང་། གྲོགས་རང་བརྩེགས་ཀྱང་དེ་ལྟར་ཉི་ཤུའོ། །དགྲ་ལའང་དེ་ལྟར་འོང་ཡང་མངལ་དུ་ཚེ་འཕོ་བས་འདིར་མ་བགྲངས། གསུམ་བརྩེགས་ལ་གསུམ་ཡོད་པས་འབྱུང་ལྔས་ཕྱེ་ན་བཅོ་ལྔ་ཡོད་པ་ནི། མ་བུ་རང་བརྩེགས་བཅོ་ལྔ་ལ། །ཞེས་སོགས་ཀྱིས་བསྟན། མ་གཉིས་འབྱུང་གཉིས་རང་གཅིག་ལྔ། །ཞེས་པའི་འབྱུང་བ་གཉིས་ནི་དམིགས་མ་བསལ་བ་སྟེ་རང་མ་གཉིས་མིན་པའི་བུ་གྲོགས་དགྲ་གསུམ་ལས་གང་རུང་གཉིས་ལྟ་བུས་འགྲེ་ཡང་། གྲོགས་གཉིས་འབྱུང་གཉིས་ཡན་ལ་འབྱུང་གཉིས་ཁོངས་སུ་དགྲ་རྩི་བ་མི་བདེ་བ་འདྲ་ཞེས་དཔེ་འགར་བཤད།


MR26_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དཀྱུས་བཞིན་ནོ། །དེ་ལྷག་འབྱུང་བ་བརྩེགས་པ་ནི་ཞེས་པ་འདིར་མ་བཤད་པའི་འབྱུང་བརྩེགས་ནི་རང་གི་སྲོག་ང་གི་འབྱུང་བའི་ཟླ་གྲངས་ལ་མངལ་དུ་འཆི་སྟེ། དཔེར་ན་སྲོག་ང་ཆུ་ཡིན་ན་ཟླ་བ་སྔ་ནས་འཕོ། ཤིང་ལ་གཅིག་ནས་འཕོ་བ་སོགས་སོ། །ཀུན་འདུས་མ་བརྩིས་པའི་དཔྱད་དོན་བཞི་བཅུ་ཡིན་ཞེས་འགའ་ལས་བཤད་དོན་གཅིག་ཟེར་བ་འབྱུང་བ་རང་བརྩེགས་ལྟ་བུ་དོན་འབྲས་བཤད་གཅེས་ཀྱང་སྲོག་ཁམས་མི་འདྲ་བའི་ཆ་ནས་ལྔ་ཡོད་ཅེས་དང་། དོན་བཞི་ཞེས་དོན་ལ་བཞི་ཡོད་ལ་ཁམས་ལྔས་ཕྱེ་ན་ཉི་ཤུ་ཡོད་ཅེས་སོ། །དོན་གཅིག་སོགས་ཀྱང་དེ་བཞིན་ནོ། །གཞན་ཡང་རང་ཟླར་ལྟོར་་ཞུགས་ན་ཞེས་སོགས་སྐབས། མ་ཡི་ལོ་ཡི་རང་ཟླ་ལ་ཞུགས་ན་བཟང་ཞིང་། བདུན་ཟུར་དང་། ཡང་དགྲ་ཟླ་ནི་མ་ཡི་སྲོག་སོགས་བཞི་ཟླ་བའི་དེ་བཞིས་སོ་སོར་བཅད་དུས་ཞུགས་ན་དགྲ་སྣ་མང་བ་སོགས་སོ། །ཟླ་ནག་ནི་གནམ་ལོ་ལ་ལྟོས་པ་སྤྱི་ལྟར། གཤེད་བཞི་ནི་མཚམས་བཞིའི་ཟླ་བ་ཐ་ཆུང་ལ་ཞུགས་ན་ཞེས་སོ། །ཞག་ནི་མ་ལོའི་སྲོག་ཁོ་ནས་འཐབས་པས་མ་བུ་རང་གསུམ་ཕྲད་དུས་བཟང་། ཞག་ནག་ནི་སྤྱི་ལྟར་ལ་དེ་ངན་ཞེས་སོ། །བཙས་པའམ་ཞུགས་དུས་ཀྱི་ཞག་དུས་ཀྱི་སྲོག་ལ་མ་སྲོག་གིས་འཐབས་པས་དགྲ་ཕྲད་དང་བདུད་ཅེས་དུར་ཞུགས་ངན། བཙས་པ་དང་ཞུགས་དུས་ཀྱི་གཟའ་སྐར་བཞི་ཀའི་ཁམས་ལ་མའི་སྲོག་སོགས་བཞིས་འཐབས་པས་མཐུན་པ་ཚེ་སོགས་སྤྱི་བཞིན་བརྟག །གཞན་ཡང་བཙས་ཀླུང་གི་སྐོར་ལས། ལོག་མིན་གཞུང་གི་སྐབས་འདི་ནས་བཤད་པ་ལྟར་བསྐོར་བས་རྩུབ་ཆ་ཡོད་པ་རྣམས་གོ་སླ། དེ་རྣམས་ལ་བབ་པ་དང་ཕྱི་མ་ཡི་ལོག་མིན་གྱི་སྲོག་སོགས་དང་། ནང་མ་ཡི་བབ་སྤར་གྱིས་བར་གཟའ་སྟེ་བུ་ལོའི་སྲོག་ལུས་དབང་ཀླུང་ལ་བཅད་པ་དང་། ཤ་ནི་དེ་ལོ་མ་ཡི་བབ་སྨེ། རུས་པ་མ་ཡི་བབ་སྤར་པགས་པ་བུ་སྐྱེ་བའི་ལོ་སྟེ་དེ་གསུམ་ལ་བུ་སྲོག་གིས་འཐབ་པའོ། །རང་ལོ་རང་དགྲར་འགྱུར་ག་ལ་ཤེས་ཀྱང་ལོ་ཁོ་ནར་


MR26_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་སྐྱེས་དུས་ཀྱི་ཟླ་ཞག་དུས་ཀྱི་ལོའི་སྲོག་ལའང་འཐབ་པར་བཤད། པགས་པ་ནི་སྤྱིར་ལོ་ཡི་མིང་སྟེ་འདི་མ་ཡི་ལོག་མིན་ལ་བྱས་ན་ལེགས་འདྲ་སྟེ་དེ་ལྟར་སྦྱར་པ་མ་མཐོང་ངོ་། །གཤེད་དང་ཐུག་པ་དུར་ཞུགས། དགྲ་བར་སྐྱེས་པ་སྤར་སྨེ་ཟླ་བ་སོགས་མེ་ཡིན་པར་བྱ་སྤྲེལ་བཙས་པ་ལྟ་བུ་འདྲའོ། །རྩེ་འབྱུང་གི་སྐབས་བྱིས་པ་རང་གི་ལུས་དབང་ཀླུང་གསུམ་དང་སྐྱེས་དུས་སྤར་སྨེ་ལྔས་སྲོག་ལ་སྐྱོབས་ནའོ། །བཙས་རྩིས་རྣམ་བཞིའི་སྐབས། སྲིད་འཁོར་དུས་ནི་ཞུགས་ལོ་དེ་མ་ཡི་རང་ཀག་སོགས་ལ་ཐུག་པའམ། ཡང་ན་མའི་ལོག་མིན་རང་ཀེག་ལ་བབ་དུས་སོགས་སོ། །ལུས་དགྲ་དར་ཀེག་རྩིས་བཞིན་ནོ། །ལོ་འཚོལ་ཞེས་བག་མ་བླངས་པའི་བྱི་ལོ་ལའོ། །གཞན་གསལ། མོ་ཀླུང་བརྩེགས་པ་ཞེས་པ། མ་དང་ཨ་ཕྱི་ཡང་ཕྱི་གསུམ་སྐྱེས་དུས་ཀྱི་ལོག་མིན་སྤར་སྨེ་ཟླ་ཞག་དུས་རྣམས་གཅིག་པ་ལ་ཟེར་ཀྱང་ཐམས་ཅད་མཚུངས་དཀའ་ཡང་། ཅི་རིགས་གཅིག་ནའང་གནོད། ཕ་མྱེས་པོ་ཡང་མྱེས་ཀྱང་དེ་འདྲའོ། །མ་དེ་ཨ་ཕྱི་ལ་སྐྱེས་དུས་ཀྱི་ཨ་ཕྱིའི་ལོག་མིན་དང་ཟླ་ཞག་དུས་རྣམས་ཨ་ཕྱི་རང་གི་བདུན་ཟུར་ལ་ཐུག་ཡོད་ན་དེ་ལྟར་བཙས་པའི་བུ་མོ་དེ་ལ་སྲིད་འཁོར་དཀའ། འཁོར་ཀྱང་སོས་དཀའ་བའོ། །ཕོའི་བདུན་ཟུར་ཀྱང་དེས་འགྲེ། ཕོ་སྐྱོན་མོ་སྐྱོན་ནི་ཕ་མའི་ལས་རྩིས་བྱས་པས་སྲིད་དཀོན་པར་ཤར་བའོ། །དེས་ན་རང་དང་ཕ་མའི་བཙས་ཀླུང་དང་ཁྱིམ་ཕུབ་ཀྱི་ཀླུང་བརྟགས་ལ་སྲིད་འཁོར་མིན་བལྟ་ཞེས་སོ། །བུ་ཆགས་དུས་མའི་ཟླ་མཚན་ཆད་ནས་ཞག་བཅུ་གཉིས་ཚུན་ནའོ་ཞེས་ཟེར་རོ། །རྩིས་ལ་ཡིན་པ་དེ་ལྟར་མ་བྱུང་ན་ཀླུང་ལོག །ཅེས་བྱའོ། །ཕོ་ལོ་མོ་ཕྲད་ནི་ཕ་མ་གཉིས་དང་། ཡང་བུད་མེད་དང་ཞུགས་ལོ་ལའང་དེ་བཞིན་བརྟག་འདུག །གཅོད་འདྲལ་དྲང་ལོག་འདིས་ཐོན་བུ་བརྟགས་ལ་དེ་ཕན་ཆད་བུ་ཡིན་ན་ཕ་ལོའི་ཚབ་དང་། བུ་མོ་མ་ལོའི་ཚབ་བྱས་ལ་ད་འོག་གང་འབྱུང་བརྟག །གནམ་ལོ་ཞུགས་ལོ་དང་རང་ལོ་བུད་


MR26_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལོའོ། བུད་མེད་ཀྱི་རང་ལོའི་ཟླ་བར་ཞུགས་ན་བུ། སྔ་མཐུན་ནམ་ནང་ཀླུང་ནི་རྟ་ལ་ཁྱི་དང་། ཕྱི་མཐུན་ཕྱི་ཀླུང་སྟག །དགྲ་ཀླུང་བདུན་ཟུར་སྤྲེལ་ལྟ་བུ་སྟེ་དཔེ་བརྗོད་གཞུང་ནའང་ཡོད། རང་ནང་སོགས་མ་དབང་དང་ཞུགས་ཟླའི་དབང་ཐང་འཐབ་པའོ། །དབང་དར་ནི་མ་དབང་དར་གུད་ཞུགས་ཟླར་བསྐོར་ནས་སོ། །དབང་ཐང་དར་ན་རང་སྟེ་ནང་ཕྲད་ཀྱང་ནང་ཀླུང་བཞིན་ཏུ་བཟང་ཞེས་སོ། །ར་བ་གཞན་ཀླུང་ནི་དབང་ཐང་མི་གཅིག་པའི་ར་བ་གཞན་དང་འབྲིང་ཐ་ལ་ཞེས་སོ། །སྤར་སྨེ་ཞུགས་ལོའི་མ་ཡི་བབ་སྤར་བབ་སྨེའོ། །དགྲ་ཀླུང་ན་ཀླུང་རྩིས་ལ་དགྲ་ཕྲད་མང་བའོ། །རྭ་བསེ་ནི་ཐོན་བུ་སྐྱེས་སྤར་ར་རུ་བྱུང་ན་ཞེས་སོགས་སོ། །ཐོན་བུ་ཤི་ཡང་བུས་པའི་གྲངས་དེ་བཞིན་འོང་། །དེ་ནང་སྙད་ཅན་ནི་གྲངས་དེ་པའོ། །དབང་སྐལ་ཇི་ཙམ་ཡོད་བརྟག་པ་ལ་ལྡེའུ་བཅུ་གཉིས་ཏེ། མ་དེའི་བརྒྱ་རྡེལ་ནང་གི་ལུས་ཀྱི་བུ་བཞི་ལུས་ཀྱི་མ་རྡེལ་དང་ལྔ། ནེ་ནེ་མ་བུ་གཉིས་ཞེས་ཁམས་ཏེ། སྨེ་བའི་མ་རྡེལ་བུ་རྡེལ་གཉིས་བཅས་བདུན་པོ་དཀར་བ་དང་། མའི་དབང་ཐང་དེ་མོ་རང་གི་ཕ་དབང་གིས་བསྐྱེད་པ། མ་ཀླུང་སྤར་ཁ་དྭ་ལི་ཁམ་གསུམ་གང་རུང་ལ་སྐྱེས་པ། གི་གོང་སྡེབས་ལེགས་པ་བག་རྩིས་ལྟར་འགྲིགས་པ། རབས་སྒོ་མེད་ཅེས་པར་རབས་ཆད་དང་གཡང་གཤམ་གྱི་སྒོ་མེད་པ། འབྲས་བུ་མ་བསྲེགས་པ་ནི་ཁ་དམར་ཏེ་དེ་ལྟར་བཅུ་གཉིས་པ་དཀར་ན་བུ་མང་། ཕྱེད་མ་འབྲིང་སོགས་ཁ་དམར་གདགས་ཏེ་བུ་མང་རྡེའུ་བཅུ་གཉིས་སོ། །དེ་ལ་ནེ་ནེ་མ་བུ་ནི་སྐབས་འདིར་བརྩི་བྱའི་མའི་སྐྱེས་སྨེ་དང་སྨེ་ཕྲེང་མཐུན་པའི་སྐྱེས་ལོའི་མ་ཡི་ལོག་མིན་གྱི་ལོའི་སྨེ་བ་དང་། སྐྱེས་ལོའི་བ་སྤར་བབ་སྨེ་སྨེ་ཕྲེང་ལོ་བསྟུན་བཅས་ཀྱི་ཟླ་བའི་སྨེ་བ་དང་བཞིའི་རང་ཁམས་ལ། མའི་སྐྱེས་སྨེ་རང་མ་བུ་གྲོགས་དགྲ་ལྔར་ཕྱེ་བས་འཐབས་པའི་མ་བུའི་བཏང་དེ་ལ་ངོས་འཛིན་པ་དེ་ཡིན་ཞེས་གསུངས། དེའི་རབས་ཆད་ནི། སྤར་སྨེ་ལོ་ཡི་རབས་ཆད་གསུམ་ལས། དང་པོ་ཁྱོ་


MR26_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སྤར་ལི་དང་བྱ་སྤྲེལ་ལོ་པ་ཡིན་པ་སོགས་གཞུང་བཞིན། སྨེ་བ་ཕ་མའི་བབ་སྨེ་གཉིས་ནག་དང་བདུན་དམར་ལ་བཙས་པའི་ཕོ་མོ་གང་དེའོ། །ལོ་འགྲོས་ཆུང་ངུ་ཕ་མེ་སྟག་ནས་ལོ་གྲངས་སྦུབས་པས་གླང་ལོར་ཕྱིན་དུས་བུ་བཙས་པ་སྟེ་དོན་ལ་ཕ་ལོ་ཉེར་བཞི་སོགས་གཞུང་གིས་གསལ་བ་དང་དེ་སྟེང་མ་ཀླུང་དྭ་ཐོག་བཙས་པའོ། །གཡང་གཤམ་ནི་བུ་མོ་ཕའི་ལོག་མིན་ལུག་ལྔར་སྐྱེས་པ་དང་མ་ཀླུང་ཟིན་འདོམས་ལ་བཙས་པའོ། །ཕ་མའི་སྲོག་སོགས་བཞིའི་དར་གུད་བུ་བུ་མོའི་ལོ་ལ་གཏུགས་པས་དར་ན་བུ་གཅིག་ཙམ་འབྱུང་བར་བཤད། རབས་ཆད་དང་གཡང་་གཤམ་གྱི་བཞེད་པ་གཞན། སྐྱེས་སྤར་སྲོག་གི་དགྲ་དུར་ལ་སོང་བ་དང་། བུ་སྲོག་གིས་ཕ་སྲོག་གཅོད་ན་ཕ་ཡི་སྲོག་བྱུར་བབ། ཕ་བུ་གཉིས་ཀ་འདུན་ཁུར་ལ་སྐྱེས་པ་འཛོམས་ན་ཡང་ངན། བག་མ་འོང་དུས་གནམ་ཁྱི་ལ་ཐུག་པ་དང་། མའི་བག་བྱས་ཀྱི་ལོག་མིན་ལ་བུ་མོ་བག་ལ་སོང་བ་རྣམས་སྲིད་དཀོན་ནོ། །འཐེང་པ་ལ་སྐྱེས་པ་རང་ལོའི་མཐུན་གསུམ་ལོ་པ་དེ་ཡང་དབང་ཐང་མ་བུ་དགྲ་གསུམ་གང་རུང་ཅན་གྱི་བུ་མོ་བརྟེན་ན་སྲིད་འབྱུང་། སྡོད་ན་ཁྱིམ་གཅིག་པའི་ལོ་སྟེ། སྟག་ལ་ཡོས། ཡོས་ལ་སྟག་ལྟ་བུ་དབང་ཐང་གཅིག་པ་ཅན་བརྟེན། འཚོམས་པར་བདུན་ཟུར་དགྲ་ལོ་མ་བླང་། མོར་རྒྱ་སྐྱོན་ཤར་ཚེ་དེ་འདྲའི་ཕོ་བཙལ་ལོ། །རབས་སྐོ་མཚང་ཆེན་ཡོད་ནའང་ལི་ལ་ཡུགས་ས་བླང་སོགས་དྲངས་འདུག །སྤར་གནད་ཤེས་སླ་སྟེ་སྐྱེས་སྤར་ལས་བརྩིའོ། །གསོ་དཀའ་སླ་སྐྱེས་དུས་ལོ་སོགས་ལས་བརྟག་སྟེ་གཞུང་ན་གསལ། ཕ་ཡི་དྭ་ཟླས་མ་འཆི། བུ་ཡིས་གཉིས་ཀ་འཆི་བའོ། །སྐར་མ་རུས་ཀྱི་དུར་སྐར་དགྲ་སྐར་སོགས་མིན་ན་བཟང་། ཀུན་འབྱུང་ཨ་ལོའི་ལུགས་ན་ཕྱི་སྐོར་ལོག་མིན་ལ་ཟེར་བ་ཡོངས་གྲགས་ལྟར་རོ། །འཐབ་ཟླ་བཅུ་གཅིག་ལ་སྲོག་སོགས་བཞིས་འཐབས་པས་རྡེལ་ཞེ་བཞི་ཁ་དམར་བཞིས་ལྷག་པ་ཡོད་དོ། །གོང་གི་རྡེལ་རྩའི་


MR26_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཐོག་ཅེས་པ་ཕ་མའི་ལོ་གཉིས་ལོག་མིན་གཉིས་དང་བཞི། ཟླ་ཞག་དུས་བདུན་གྱི་སྟེང་དུ་བུ་ཡི་སྲོག་སོགས་བཞིའི་དར་གུད་སྤྱི་ལྟར་བསྐོར་བའོ། །སྲུང་སྡོམ་སྤར་སྨེའི་བཅོས་རིམ་ནི་མ་ཡི་སྤར་ཁ་སྨེ་བ་གང་བབ་དེ་བུ་ཀླུང་ཡིན་པས་དེ་ཡི་བཅོས་གང་དགོས་ཀེག་རྩིས་ནས་ལེན། ཡང་ན་སྨེ་བ་བུ་ཡི་ལུས་སྨེ་ཡིན་པར་བུ་ལས་བཤད། བུ་སྲོག་ལུས་ཤིང་དུ་གྱུར་པ་ལ། གོས་ནག་སོགས་མ་མདོག་བྱ་བ་སོགས་སོ། །ཕ་མ་སྲོག་ལུས་ཤིང་ལ་བུས་པར་ལྕགས་ཀྱི་སྟྭ་རེ་གདགས་སོགས་སོ། །སྲོག་སྐྱོབས་མ་མིང་ནི་སྲོག་ཆུ་ལམ་ལྕགས་མིང་སྟེ། ཁ་དོག་སྒོ་ནས་དཀར་པོ་དང་། དབྱིབས་ཟླ་གམ་དང་ཡང་ལྕགས་སྐྱབས་ལྟ་བུ་སོགས་འདོགས་པའོ། །སྒབ་རྨང་དོགས་ན་མཐུན་གསུམ་ཞེས་བུ་སྟག་ལ་ཁྱི་འཕེལ་དང་། རྟ་མགྲིན་སོགས་ལྟ་བུ། མནའ་ཟ་སོགས་ཀྱི་ཀླུང་སྐྱོན་ཡོད་ན་བྱོལ་སོང་ཐ་མ་ངན་མིང་ཁྱི་ཕག་སོགས་ཀྱི་མིང་བཏགས། བྱུར་ཆེན་སོགས་བབ་པའི་ངན་འབྲས་ཡོད་ན་བྱུར་དུ་བབ་རྒྱུའི་འབྱུང་བ་དེ་བར་གཅོད་པའི་མིང་ཤིང་གི་བྱུར་བབས་ལ་རལ་གྲི་སོགས་སུ་གདགས། ཡང་ན་གར་སྐྱེས་པའི་ལོ་སྤར་སྨེ་བ་སོགས་ཀྱི་ལྷའི་མིང་གདགས། ལོ་མཐུན་ནུས་པ་ཆེ་བ་ཞེས་བུ་སྲོག་གི་མར་གྱུར་པ་རབ་མིན་ན་གྲོགས་ལོ་པ་སྟེ་བུ་སྟག་ལ་ཆུ་ཡི་བྱི་ཕག་གམ་ས་ཡི་མཚམས་བཞི་ལོ་པ་ལྟ་བུ་ནུས་ལྡན་གྱིས་བཙས་ནས་ཞག་བདུན་པའམ་བཅུ་གཅིག་པར་ཚེ་འགུགས་སོགས་བྱ། བུ་བཙས་སྐབས་ཀྱི་ལོ་ཟླ་ཞག་དུས་མའི་ལོག་མིན་གྱི་སྲོག་དང་ཀླུང་རྟས་ཕའི་དེ་གཉིས་གཅོད་ན་སྲིན་པོ་ཕ་གཅོད་དོ། །དེ་ཡང་དྭ་ཟླ་ནི་སྐབས་འདིར་ཕར་ངན་པ་མའི་དྭ་ཟླ་གོང་བཤད་ལྟར་དང་། རུས་ཁམས་ཟླ་བ་ན། ཞེས་པ་རུས་ས་པ་ཡིན་ན་སྟག་ཟླར་ན་བ་བབ་པས་དེ་ལ་བཙས་པ་ལྟ་བུའོ། །སྤར་མར་ནི་ཞེས་པ་ཡི་གེ་མ་དག་པའོ། །རུས་ཆེན་ཁམས་ཀྱི་གཤེད་ལོར་སོང་བ་རུས་ཀྱི་དགྲ་ལོ་བྱུང་བ་སྟེ་ཁྱད་པར་དབང་ཐང་ཡང་དགྲར་སོང་ན་ངན་ཞེས་བཤད།


MR26_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རུས་ས་པ་ལ་ཤིང་གི་སྟག་ཡོས་ལྟ་བུའོ། །སྤར་ཁའི་གདན་ཕ་ལ་གཅོད་པ་སྐྱེ་སྤར་གྱིས་ཕའི་སྲོག་གཙོར་གྱུར་ལ་གཅོད་ནའོ། །སྐྱེས་ཁམས་ནག་པ་སྨེ་བ་གཉིས་ནག་ལ་སྐྱེས་པ། སྐྱེས་དུས་གཟའ་སྐར་རྩུབ་པ་ནའོ། མ་ལའང་དེས་འབྲེལ་མའི་དྭ་ཟླ་དང་མ་རུས་ཀྱི་དགྲ་སོགས་སྦྱར། ཕྱི་གཟའ་ནི་མ་རང་གིའོ། །བུའི་སྐྱེས་སྤར་གྱིས་མའི་ལུས་དབང་གཅོད་མིན་བལྟ། ཕ་མའི་ལོ་དང་སོགས་ཁོ་རང་གི་ཀླུང་ནི་གོང་བསྟན་རྣམས་ཀྱི་སྡོམ་ལས་འདིར་བརྩི་རྒྱུ་ལོགས་པ་མེད་ཅེས་བཤད། ཕ་མེས་ཡང་མེས་ནས་མར་སྐྱོབས་ཅེས་པ་ཕ་ནས་བརྩིས་པའི་དབང་གིས་མར་སྐྱོབས་པ་སྟེ་དོན་དུ་ཕ་ཤིང་མེས་པོ་ཆུ་ཡང་མེས་ལྷགས་ལྟ་བུ་དང་། གྲོགས་ཕྲད་དཔེ་བརྗོད་གཞུང་བཞིན་དང་། ནང་ཕྲད་ཀྱང་དེ་དང་འདྲའོ། །བྱུར་བབ་ཀྱི་དཔེའང་གཞུང་གིས་གསལ། གཞན་ཡང་དུས་འཁོར་དང་དབྱངས་འཆར་སོགས་ལས་གསུངས་པའི་གཟའ་སྐར་ཚེ་རྩིས་ཀྱི་འབྲས་བུ་ཇི་སྙེད་པའང་བརྟག་པར་བྱས་ན་ལེགས་སོ། །ལས་རྩིས་ཀྱི་སྐབས་སོ། ༈ །གཉིས་པ་ཀེག་རྩིས་ལ། གཞན་བཞེད་ཀྱི་གསང་ལོ་ནི། རྟ་ལོ་པའི་སྲོག་དགྲ་བྱི་བའི་སྲོག་ཆུ་ལྟ་བུ། བྱི་ལོའི་ཁྱི། ཕག་ལོའི་གླང་། ཁྱི་འབྲུག་སྟག །གླང་ལུག་ཡོས་


MR26_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སམ། དེའི་དབང་གསང་སྲོག་དགྲ། ལུས་མ། དབང་བུ། ཀླུང་གྲོགས། བླ་སྲོག་གི་མ་འོ། །རང་ལུགས་ཀེག་རྩིས་ཞེ་བདུན་མའོ། །དེ་ཡང་གནམ་ལོ་དང་། སྟག་སྤྲེལ་སྦུབ་བཀེན་གྱི་ལོག་མིན། བབ་སྤར། བབ་སྨེ། དར་གུད། རྩིས་བྱེད་དུས་ཀྱི་དུས་ཚོད་དང་དྲུག་ལ། བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས་འཐབས་པས་གཅོད་འདྲལ་ཉེར་བཞི་འོང་། དེ་ལ་གནམ་ལོ་ལོག་མིན་དུས་ཚོད་གསུམ་གྱི་སྲོག་སོགས་བཞི་ལ་བརྩི་བྱའི་དེ་བཞིས་འཐབ། ལོག་མིན་ནི་བརྩི་བྱའི་དབང་ཐང་གི་བུའི་སྟག་ནས་ཕོ་སྦུབ་དབང་གི་མ་སྤྲེལ་ནས་མོ་བཀེན་པའོ། །སྤར་སྨེའི་ཁམས་རྐྱང་པ་དེར་འཐབ། དར་གུད་ནི་བརྩི་བྱའི་སྲོག་སོགས་བཞིའི་དར་གུད་གནམ་ལོ་ལ་གཏུགས་པའོ། །རྡེའུ་བོར་ལུགས་གཞུང་བཞིན། ཁ་དམར་ནི་མ་ཕྲད་དཀར་གསུམ་ལྟ་བུའང་གཅིག་ལ་བརྩི། དགྲ་ཕྲད་ནག་གཉིས་ཀྱང་སོ་སོར་མི་བརྩི་བར་གནས་དེའི་དཀར་ནག་བསྒྲངས་ལ་དཀར་མང་དཀར་པོ། ནག་མང་ནག་པོ། མཉམ་ན་ཁྲ་བོ་བཞག །བླ་རྡེལ་དྲུག་ནི་བླ་ཞེས་སྐབས་འདིར་བརྩི་བྱའི་སྐྱེས་སྨེ་དེས། བརྩི་བྱའི་སྨེ་ཕྲེང་དང་མཐུན་པའི་གནམ་ལོ་ལོག་མིན་དུས་ཚོད་ཀྱི་སྨེ་བ་བབ་སྤར་བབ་སྨེ་ལ་འཐབ། སྨེ་ཁམས་དེའི་དར་རྒུད་གནམ་ལོར་བསྐོར་བའོ། །ལུས་སྐབས་དགྲ་ཕྲད་ཀྱང་མི་གནོད་པ་ཤིང་གཅིག་ས་ལ་མི་གནོད་དེ། ཞེས་སོགས་ཀྱང་དྲན་པར་བྱའོ། །རྒྱ་ནག་རྡེལ་སྐོར་ན་བཟའ་ཚང་སྤྱི་ལ་རྩི་སྟེ་བཞི་ལས་ཉུང་བ་ལ་བྱ་མི་བཏུབ། དེ་ཡན་ཅི་ཙམ་མང་ཡང་རུང་། ཁྱིམ་དེའི་མི་ངོ་དུ་ཡོད་ལ་བརྩི་དགོས། དེ་ཡང་མི་རེ་རེ་བཞིན་གཅོད་འདྲལ་ཉེར་བཞི་བཞག་ནས་བཏང་གཅོད་རྡེའུ་བཞིར་བསྡུས་ལ་དེ་སྟེང་མི་རང་རང་གི་བབ་སྨེའི་མདོག་རྡེལ་བཅས་ལྔ་རེ་ལྔ་རེ་ཡོད་པ་དེ་དག་ཐོག་མར་ཕོ་ངོ་དུ་ཡོད་རྒན་རིམ་ནས་ཆུང་ཤོས་བར་འགོད། དེ་ནས་མོ་དུ་ཡོད་ཀྱང་དེ་ལྟར་བསྒྲིག །ལོ་མཉམ་ན་སྐྱེ་སྔ་བ་སྔོན་མ་བྱ། མ་ཤེས་ན་གང་ཆེ་བའམ་རྒན་པ་སྔ་མར་བྱའོ། །དེ་ལྟར་བསྒྲིགས་ཚར་ནས།


MR26_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལུས་ཀྱི་རྡེལ་ཕྲེང་རྣམས་འདུག་ས་བརྗེ་བ་མན་ངག་གོ། དེ་ནས་ཕོ་རྒན་ཤོས་ཀྱི་རྡེའུ་ཐོག་མ་ལུས་བླང་། དེ་འོག་མོ་གཞོན་ཤོས་ཀྱི་ཁམས་ཏེ་སྨེ་རྡེལ་བླངས་ལ་དང་པོ་དེའི་འཕྲོ་ལ་བཞག །དེ་ནས་དང་པོའི་རྡེའུ་གཉིས་པ་དང་། དེ་རྗེས་ཐ་མའི་བཞི་པ་སོགས་གསེག་བརྡར་རིས་སུ་མ་རྫོགས་བར་དུ་བླངས་ལ་ཕྲེང་གཅིག་ཏུ་བརྐྱང་བ་ནི་རྐྱང་པའི་རྡེལ་སྐོར་ཟེར། དེ་ནས་ཡར་བཀུག་སྟེ་རྡེའུ་ཐ་མ་དང་པོའི་འོག་ཏུ་བཞག་ནས་ཇི་སྲིད་མཉམ་པར་མ་གྱུར་པར་བཀུག་པ་ལ་ཁུག་པ་ཟེར། གལ་ཏེ་གཅིག་ལྷག་ན་རྡེལ་རོ་ཟེར་ཏེ་རྡེལ་ཕྲེང་གི་ཕྱི་ལོགས་ཟུར་དུ་བཞག །དེ་ནས་ཉིས་ཕྲེང་ཡར་བཀུག་སྟེ་རྡེལ་ཕྲེང་གཉིས་པའི་ཐ་མ་དང་པོའི་གཉིས་པའི་འོག་ཏུ་བཞག །དེ་འོག་དང་པོའི་ཐ་མ་བཞག་པ་སོགས་ཇི་སྲིད་སྟེང་འོག་བཞི་ཕྲེང་དུ་མཉམ་པ་སྲིད་དུ་བཀུག་པ་ལ་ཡང་ཁུག་ཟེར། དེ་ལས་གཉིས་ལྷག་ན་ནི་རྡེལ་རོ་ཟེར་ཏེ། རྡེལ་ཕྲེང་གི་ཕྱི་ལོགས་ངོས་སུ་ཟུར་དུ་བཞག་གོ། དེ་ནས་དང་པོ་


MR26_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མར་བརྩིས་པའི་སྟེང་འོག་གི་རྡེལ་ཕྲེང་གསུམ་དང་ཐ་མའི་རྡེལ་ཕྲེང་མ་གཏོགས་དེའི་བར་ན་དུ་ཡོད་ཡུག་གཅིག་དོར་བར་བྱའོ། །དེའི་སྟེང་གི་རྡེལ་ཕྲེང་ལྷ་ས་གསུམ་དང་། དེའི་ཐ་མ་ཡིན། དེ་འོག་མི་ས། དེ་འོག་བཞི་ཁྱིམ་དང་ནོར་ས། ཕྲེང་ཀུན་གྱི་འོག་མ་དགྲ་ས་སྟེ། དེ་དག་རྡེལ་རོ་དང་བཅས་པའི་ཁ་དམར་གཞུང་བཞིན་ནོ། །རྩིས་པ་འགའི་ཞལ་ཤེས་ལ་བྱེས་སོགས་སུ་བྲང་ཁ་དེར་ཚོགས་ཚད་དང་། ལོ་དེར་ཁྱིམ་དུ་ཚོགས་ཚད་ལའང་བརྩི་བར་མཛད། གནམ་ལོའི་སྲོག་སོགས་བཞི་པོ་ཁོ་ན་དང་འཐབ་པའི་རྡེལ་བཞི་བབས་སྨེ་བཅས་ལྔ་པོ་ལས་ཉེར་བཞིའི་བཏང་གཅོད་མི་དགོས་པར་བརྩི་བའང་སྣང་། གཞུང་འདིར་དེ་ལྟར་མི་མཛད་དོ། །དོན་འདྲ་ཡང་མི་ངོ་རྣམས་ཀྱི་རྡེའུ་གྲངས་གསུམ་གྱིས་བགོས་པས་གཅིག་ལྷག་ན་ཁུག་པའི་རྡེལ་ལྷག་སྟེ་ལྷ་ས་མི་སའི་རྡེལ་རོ་ཡིན། གཉིས་ལྷག་ན་ཡང་ཁུག་གི་རྡེལ་རོ་སྟེ་ཁྱིམ་སའི་རྡེལ་རོ་ཡིན་ནོ། །གསུམ་ལྷག་ན་གཅིག་ཁུག་པ་གཉིས་ཡང་ཁུག་གིའོ། །འདི་ལ་བུམ་བཟང་སོགས་སུ་ཁུག་པ་དང་ཡང་ཁུག་གི་རྡེལ་རོ་ནོར་འདུག །གཉིས་དང་གཅིག་ལྷག་ན་ཡང་ཁུག་མེད་ཅེས་པའང་རྩིང་སྟེ། གཉིས་ལྷག་ན་ཁོ་རང་གི་ལུགས་ཀྱི་ཁུག་པ་ཡིན་ཞིང་ཡང་ཁུག་མེད་མོད། ལུགས་དེའི་ཁུག་པར་གཅིག་འོང་མི་ཤེས་སྟེ་གཅིག་ལྷག་ན་ཡང་ཁུག་ཡིན་དགོས་ལ། དེ་མིན་ན་གསུམ་ལྷག་ཀྱང་ཁུག་པར་བྱས་ན་ཅི་འགལ་དེ་དེ་ལྟར་མི་འོང་བའི་གནད་བཤད་དགོས་སོ། །དེས་ན་རང་ལུགས་ཁུག་པའི་རྡེལ་ལྷག་ལ་གཅིག་ཁོ་ན་དང་། ཡང་ཁུག་ལ་གཉིས་འོང་གི་གཞན་འོང་བ་མི་སྲིད་དེ། གོ་བ་ཉིས་རྐྱ་དང་བཞི་རྐྱ་ལྟ་བུ་བྱས་པའི་དབང་གིས་སོ། །ལོག་མིན་གཞུང་གིས་གསལ། ཁྱི་འབྲུག་ལ་བབ་ཚེ་ཕོ་མོ་སུ་ཡིན་ཡང་གནམ་སྒོ་ཡིན་ལ་ཁྱད་པར་ཕོ་ཁྱི་ལ་གཉན་སོགས་གཞུང་ལྟར་རོ། །དེ་རྣམས་མ་བུ་ཞེས་པ་བརྩི་བྱ་བུ་དང་འཐབ་ཟླ་མར་ཕྲད་པ་སྟེ་དོན་ལ་མ་ཕྲད་ཡིན་ཞེས་བཤད། རྩུབ་བདུན་ལས། རང་བཙས་ཟླ་བ་བཅུ་གསུམ་ལ་


MR26_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་བཙས་ནས་ཟླ་བ་བཅུ་གསུམ་པ་བཙས་ཟླའི་སྟེང་ཚུན་ལན་ན་ལོ་བཅུ་གསུམ་ཚུན་འཆི་འམ། ཡང་བཙས་ལོར་ན་ན་ལོ་གཅིག་དང་ཟླ་བ་བཅུ་གཉིས་བཅས་ལོ་ཟླ་བཅུ་གསུམ་ཚུན་རྩི། དེ་བཞིན་གཞན་ལ་ཟླ་བ་བཅུ་གཉིས་རེ་འགྱང་། སོ་བདུན་གཉན་པས་འགྱང་མེད་པར་ལོ་དེ་ལ་འཆི་ཞེས་ཀྱང་ཟེར། རང་ཀེག་བྱེ་བྲག་ཏུ་བཅུ་གསུམ་རང་དབང་གི་བུ་ཐོག་ཕྱིན་སོགས་ཀྱི་འབྲས་བུ་གཞུང་ན་གསལ། བཅུ་གསུམ་པ་ལུས་ལ་ནད་དང་འབྱོར་པར་དགྲ་སྡང་དུས་ཡིན་པས་ལུས་དབང་ལ་གནམ་ལོས་གཅོད་མིན་བརྟག་ཅེས་སོ། །བདུན་ཟུར་སྤྱི་བྱེ་བྲག་གི་འབྲས་བུ་གཞུང་ན་གསལ། གནམ་ལོ་གཤེད་དུ་གྱུར་ན་གཤེད་ཀྱི་བདུན་ཟུར་དང་། ལོག་མེན་བདུན་ཟུར་གྱུར་ན་དོགས་པའི་བདུན་ཟུར་ཞེས་སོ། །དབང་ཐང་གཅིག་པ་ཁྱིམ་མཚེས་ཀྱི་རྩུབ་པ། མཐུན་གསུམ་རྩུབ་པ་གཞུང་ན་གསལ། རྩུབ་རིགས་འདི་ལ་ལོ་དེ་དང་རང་ལོའི་སྲོག་སོགས་འཐབས་པས་བྱེ་བྲག་ཏུ་རྩུབ་མི་རྩུབ་ཤེས་པ་ཀུན་ལ་གལ་ཆེ། རང་སྲོག་སོགས་ཀྱི་དར་གུད་ཀྱང་རྩུབ་ལོ་དེར་ཁྱེར་བས་ཤེས་སོ། །མཐུན་གསུམ་སྐབས་གུད་ཅེས་པ་འཐབ་ཟླ་དགྲ་ཕྲད་ལ་ཟེར། བཟའ་མི་སྤར་ཁ་གཅིག་ལ་ཚོགས་པ་ནི་ཁྱོ་ཤུགས་ལས་གཞན་རབ་བྱུང་སོགས་ལ་མེད་ཀྱང་། ཁྱིམ་གཅིག་ལ་ཟམ་ཐུག་གི་ཉེས་པ་ཙམ་ཡོད་དོ། །ཕ་མེས་ཤི་དུས་ཀྱི་སྤར་སྨེ་ལོག་མིན་ལ་སླེབས་ན་སྲི་ཀེག་གོ། གསང་ཀེག་ནི་རང་སྐྱེས་སྤར་སྟེང་སླེབས་པ་དང་། བརྩི་བྱ་ལི་ལ་བབ་དུས་བུ་ལ་གསང་ཀེག་དང་། ཁམ་ལ་བབ་དུས་བུ་མོར་ཀེག་ཡིན་པས། མ་ད་ལྟ་ཡོད་ན་མ་ཀླུང་དང་བསྟུན་པའི་སྤར་སྨེ་སོགས་བཅོས། མ་མེད་ན་མ་ཡི་དགེ་རྩ་དང་མིང་བྱང་ལ་བརྟེན་པའི་ཀླུང་ཆོག་བྱ་ཞེས་སོ། །ལོ་སྐར་ཆེ་ཆུང་ནི། མར་གྱི་བཞི་གཤེད་ཆེ་བ། དེའི་བདུན་ཟུར་ཆུང་བའོ། །དཔེར་ན་རྩི་བྱར་ཡོས་ལོ་སྐར་ཆེན་དང་། བྱ་ལོ་སྐར་ཆུང་ལྟ་བུའོ། །སྤར་ཁ་གང་གི་སྟེང་དུ་


MR26_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚོགས་ནས་བརྩམས་སྤུངས་པ་ཡིན། མང་དུ་ཚོགས་ན་ངན། མཐའ་མནན་ནི་ལི་ཁམ་གཉིས་ལ་བབ་པ་ཡོད་ཀྱི་གཞན་སྟེང་དུ་མེད་པ་ལྟ་བུ་སྟེ། ལི་ལ་གཅིག་ཁམ་ལ་གཅིག་ཡོད་ཀྱང་མཐའ་མནན་ནོ། །མདེལ་རྩེ་ལ་མཚམས་བཞི་ཀར་སྤུངས་མི་དགོས་ཏེ། གིན་ཁོན་ལ་གཉིས་སྤུང་ཀྱང་མདེལ་རྩེ་ཡིན་ཞེས་བཤད། ཤར་ནུབ་ལྷོ་བྱང་དུ་སྤུང་པ་ནི་ཟོན་ལི་ཁོན་གསུམ་ལྷོ། གིན་ཁམ་ཁེན་གསུམ་བྱང་སྟེ། དེ་དྲུག་ལ་ཡོད་ཀྱི་ཟིན་དྭ་ལ་སུ་མེད་ན་ལྷོ་གསུམ་བྱང་གསུམ་སྤུངས་སོགས་འགྲེ། སྤར་ཁ་བརྒྱད་གང་ན་བཟང་། གཞན་ནང་ན་བཤད་ཀྱང་ཡོད། བདུན་གང་ནས་གཅིག་བུག་ན་ངན། སྟོད་སྨད་གཡས་གཡོན་རུས་སྦལ་གན་རྐྱལ་གྱི་གོ་བས་ཤེས། གཞན་གསལ། བཟའ་མི་གཉིས་ལས་གཅིག་ཁོན་གཅིག་ཁམ་ལ་སྐྱེས་ཤིང་གཉིས་ཀའི་བབ་སྤར་གིན་ལ་འདོམས་ན་ཞེས་སོགས་སོ། །ལི་ཟིན་ཟོན་གསུམ་ཁྲེམ་ཞེས་དེ་གསུམ་་སོ་སོར་རེ་རེ་ཡོད་ན་ཞེས་འདྲ་ཡང་། བུར་དང་པོ་གཉིས་བཟའ་མིའི་སྐྱེས་སྤར་དང་། མོ་ཟོན་བབ་ན་ཁྲོམ་བཏབ་སྔ་མ་ལྟར་བཤད། ཡང་སྤུངས་པའི་བཟང་བཤད་ཀྱང་གཞུང་གིས་གསལ། ལྷག་མ་རྣམས་ཞིབ་པར་བརྟགས་ན་ཤེས་སོ། །སྨེ་སྐོར་ཀེག་ཕྲན་བཞི་ཀ་སེལ་ལ། དམར་ནས་ནག་ཐོག་ཕྱིན་པ་སྔ་ལོ་དགུའམ་བདུན་ནས་ཕྱི་ལོ་གཉིས་ནག་ལ་སྐོར་སྨེ་བབ་པ་ལྟ་བུར་བཤད། སྔ་ལོ་གཉིས་ནག་ཡིན་ན་རྒྱབ་འདུག་ཅེས་དང་། སང་ཕོད་འཆར་ན་མདུན་ཡོད་ཅེས་བྱ་ལ། ད་ལོ་ཡང་དོགས་པ་དགོས་ཤིང་། གཉིས་ནག་དེ་ཡོད་ཕྱོགས་ཕོ་ལ་ཕྱོགས་བཞི་དང་མོ་ལ་མཚམས་བཞིར་ཡོད་ན་རྩུབ་ཆེ། སྨེ་སྐབས་དར་གུད་ནི་གཅོད་འདྲལ་གྱི་དེ་ལས། སྨེ་བ་རང་གི་མིན་ཞེས་བཤད། དགུ་མིག་ལ་ནང་སེལ་མང་ཞད། ཕོ་ལ་ཕོ་སྐོར་བརྩི་སོགས་སོ། །བརྩི་བྱ་དང་དབང་ཐང་མཐུན་པའི་བྱི་བ་ནས་གྱེན་དུ་བཀན་ནོ། །ལོ་གྲངས་དགུ་དང་


MR26_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་མིན་གཤེད་བཞི་ཐུག་འོང་། གཤེད་བཞི་དང་བརྩི་བྱའི་སྲོག་གི་དགྲ་དང་དུར་ཆེ་ཆུང་ཐུག་ན་ངན། མཚངས་ཆེན་ནི་སྔ་མའི་ནང་གི་གཉན་པ་རྣམས་དམིགས་བསལ་བ་ཙམ་མོ། །འདོམས་སྣད་ལས་དགུ་མིག་དུར་སྡོད་ནི། གནམ་ལོ་རང་ལོའི་མཐུན་གསུམ་ཡང་ཡིན་གཤེད་བཞི་ཡང་ཡིན་ལ་དེ་ལོ་གྲངས་ཀྱི་དགུ་མིག་དང་ཐུག་པ་ལ་བཤད་འདུག །དཔེར་ན་སྦྲུལ་ལོ་པ་ལོ་དགུའི་དུས་འདོམས་སྣད་ཡོད་ལ། ཉེར་གཅིག་དུས་གླང་ཤར་ཀྱང་མེད་པ་ལྟ་བུས་འགྲེ། འདི་ཕོ་སྐོར་མོ་སྐོར་ལ་སྦྱར་རྒྱུ་འདྲ་ཡང་དེ་མིན་ཞེས་འདུག །ཕུར་འདེབས་དགུ་མིག་དང་བདུན་ཟུར་འདོམས་པ་ཞེས་གབ་སྦས་ཏེ་གནམ་ལོ་ལ་དེ་ལྟར་འོང་མི་སྲིད་ལ། རྐྱང་པའི་དགུ་མིག་དང་བརྩི་བྱའི་ལོག་མིན་རང་ལོ་དང་བདུན་ཟུར་ཐུག་པ་འདོམས་ན་ཡིན་ཞེས་བཤད། ཕྱིང་ཐུམ་དུར་སྡོད་སྟེང་བབ་སྤར་ལི་ཁེན་གང་རུང་ལ་བབ་པ་འདོམས་ནའོ། །དགུ་དུར་འདོམས་པ་གྲངས་ཀྱི་དགུ་མིག་དང་དུར་ཞུགས་སྤར་ཁ་འདོམས་པ་སྟེ། དེ་སུ་ལ་འོང་ན་གནམ་ལོ་གླང་ལྟ་བུའི་མདུན་ལོ་སྟག་དང་སྟག་དེའི་མདུན་ཟུར་སྤྲེལ་ལོ་པ་གཉིས་ལ་དགུ་དུར་གཉིས་འཛོམ་འོང་སྟེ་མོ་སྟག་ལོ་མ་སོ་དྲུག་དུར་སྤར་ཁོན་ལ་བབ་པ་དང་། ཕོ་སྤྲེལ་ལོ་ང་བཞི་དུར་སྤར་གིན་ལ་འདོམས་པ་ལྟ་བུ་གནམ་ལོ་བཅུ་གཉིས་གང་ཤར་ཀྱང་ཕོ་མོ་གཉིས་རེ་དགུ་དུར་འདོམས་ཚུལ་དེ་ལྟར་རོ། །སྐྱེས་མཚང་སྣད་ཀྱི་དགུ་མིག་དགུ་ལྔ་ཚུན་མ་དང་དགུ་དྲུག་ཕྱིན་ཕ་ཡི་ལོ་ལས་བརྩི། ཁམས་བརྒྱད་དགུ་མིག་ནི་གྲངས་ཀྱི་དགུ་མིག་དང་སྤར་ཁ་སྲོག་དགྲར་བབ་པ་འདོམས་པ་སྟེ། རྟ་སྦྲུལ་ལོ་པ་ཞེ་ལྔ་ཁམ་ལ་བབ་པ་ལྟ་བུའོ། །རྒྱ་མ་འཐེངས་སྡོད་དགུ་མིག་ནི། རུས་ཁམས་གནམ་ལོ་བརྩི་བྱའི་ལོ་གྲངས་བཅས་སྦྱར་ཏེ་རུས་ཁམས་དང་མཐུན་པའི་དབང་ཐང་ཅན་གྱི་དུར་ཆེན་དུར་ཆུང་ལ་བབ་པ་སྟེ་གཞུང་གིས་གསལ། སྦྲགས་མའི་དགུ་མིག་ལས། བླ་ནི་སྐབས་འདིར་ལུས་ཀྱི་མར་


MR26_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། འདིར་དབང་བུའི་བྱི་བ་སོགས་ནས་བརྩིར་མཛད་ལ། གཉན་ཆེ་བས་དབང་མཐུན་ནས་གཞུང་ལྟར་བརྩིས་པས་ལོ་དགུ་ཉེར་གཅིག་སོགས་དངོས་བསྟན་ལ་དུར་དུ་ཚུད་ངེས་ཤིང་། དེའི་ནང་གི་ཞེ་ལྔ་གྱ་གཅིག་སོགས་གྲངས་ཀྱི་དགུ་མིག་དང་འདོམས་ན་དགུ་དུར་སྦྲགས་མའོ། །དེ་ལའང་སྲོག་སོགས་ལྔ་དུར་ཞུགས་སོ་སོའོ། །སྦྲགས་མའི་དུར་ཆེན་སྐབས་བླ་སྲོག་དུར་ཞུགས་ཀྱང་ཟེར། དུར་ལོ་དེ་དང་བརྩི་བྱའི་སྲོག་སོགས་འཐབས་པས་ནང་ཕྲད་རང་དུར། དགྲ་ཕྲད་གཤེད་དུར་ཏེ་ཉེན་ཆེ། མ་གྲོགས་བུ་གསུམ་ཉེན་ཆུང་ངོ་། །དུར་ཆུང་ལ་བབ་ཀྱང་དེ་བཞིན་བརྩི་སྟེ། ཆུ་སྦྲུལ་བཅོ་ལྔ་པ་ཆུ་རྟ་ནས་བཀན་པས་ས་འབྲུག་ལ་བབ་པ་ལྟ་བུ། རྟའི་དུར་ཆུང་ངོ་དེ་ལའང་གོང་ལྟར་འཐབ། དབང་ཐང་ངོས་འཛིན་ནི་བྱི་རྟ་གང་རུང་ནས་བསྐོར་ན། བརྩི་བྱའི་ལོ་གྲངས་དགུ་ལ་དུར་ལོའི་དབང་ཐང་བུ་ཡིན་པ་ལྟ་བུ་སོགས་འགྲེའོ། །དེ་ཡང་རང་དབང་གི་དགྲ་ནས་བསྐོར་བའི་དབང་དུའོ། །དུར་ཁང་བརྒྱད་ཅུ་ནི་མི་གཅིག་ལ་བརྒྱད་ཅུ་འོང་བ་མིན་ཀྱང་སྤྱིར་རྣམ་གྲངས་ཏེ། དབང་ལྔས་ཕྱེ་བས་བྱི་རྟ་བྱ་ཡོས་བཞི་ལ་ལྔ་བཞི་ཉི་ཤུ་ནི་ཡང་དག་སྐོར་མགོ་ཉི་ཤུ་ཡིན་ལ། བྱི་བ་ལྟ་བུ་དེ་རེ་རེ་ལའང་རང་དུར་ཆེ་ཆུང་གཉིས། གཤེད་དུར་ཆེ་ཆུང་གཉིས་ཏེ་བཞིས་ཕྱེ་བས་ལྔ་བཞི་ཉི་ཤུ་ནི་དུར་ཁང་ཉི་ཤུ་སྟེ། ས་ཆུ་གཉིས་ལ་དབང་མཐུན་བྱི་བ་ནས་བསྐོར་བས་དབང་ཐང་ལྔའི་དུར་བཞི་ཡོད་པས་ཉི་ཤུ། ཤིང་མེ་ལྕགས་གསུམ་ལོ་པ་ཟུང་རེ་ལའང། ཡོས་རྟ་བྱ་གསུམ་ལ་ཉི་ཤུ་རེ་སྟེ་བརྒྱད་ཅུ་འགྲིག་གོ། འབྱེད་སྡེ་བཞི་གོང་གི་དེ་དྲངས་བ་ཙམ་མོ། །དུར་ཉི་སོ་དྲུག་ནི། ཕོ་ཟླ་སྟག་གིས་ཚེས་པའི་ཤིང་དུར་ལུག་ཡིན་པས་ཚེས་དྲུག་དང་བཅོ་བརྒྱད་སྟོང་གསུམ་ལ་ལུག་འོང་བས་དུར་ཉི་ཡིན། མོ་སྤྲེལ་ཚེས་ཀྱི་སྲོག་གི་དུར་ལོ་གླང་ཡང་དེ་བཞིན་ཏེ། ལོ་གཅིག་ལ་དུར་ཉི་སོ་དྲུག་ཡོད་པ་རགས་རྩིས་དང་ཞིབ་པར་ཞག་དྲུག་ཆད་པས་སུམ་ཅུ་འོང་བ་དོན་ལ་གནས་སོ། །འདི་ནི་ཟླ་ཞག་གི་དུར་ཉི་


MR26_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བརྩི་བྱ་རང་གི་དུར་ཉི་ནི་སྲོག་ཁམས་ཀྱི་དུར་ལོ་ཞག་ལ་ནམ་ཤར་ལ་ངོས་བཟུང་དགོས་སོ། །དེ་ལའང་ལོ་གཅིག་ལ་སུམ་ཅུ་འོང་ངོ་། །ཁས་ལེན་དུར་ནི་རྣམ་གྲངས་ཙམ་སྟེ་འབྲས་བུ་གཞན་དུ་འཐུས། མཚང་ཅན་དུར་གསུམ་རྩ་བར་གབ་ཚུལ་གྱིས་ཆེར་མི་གསལ་ལ་བུར། བརྩི་བྱ་ར་བ་བཞིར་གླང་ལུག་གནམ་ལོར་ཤར་ཚེ་མཚང་ཆེན་གྱི་ནང་ནས་གནམ་དུར་ཡིན་པར་བཤད། དེ་བཞིན་འབྲིང་བཞིར་ཕག་སྦྲུལ་བར་དུར། ཐ་བཞིར་བྱ་ཡོས་ས་དུར་ཡིན་པ་སྤྱིར་བཏང་ནས། དེ་ལ་རྐྱང་སྦྲགས་དགུ་མིག་དང་རྔ་ཟོར་གང་རུང་འདོམས་ན་རྩུབ། དེ་མིན་ཉེན་མི་ཆེ། ར་བཞིར་གནམ་དུར་བབ་ཚེ། གླང་ལུག་ཚེས་ལ་འཆར་དུས་གཉན་པས། སྟོན་དཔྱིད་ར་བའི་ཚེས་དྲུག་ལུག་ཉི། དབྱར་དགུན་ར་བའི་ཚེས་དྲུག་གླང་ཉི་འོང་བ་དེ་དུས་ཁྱད་པར་གཉན་པ་ལྟ་བུ་འགྲོའོ། །དེ་དགུ་མིག་སོགས་དང་འདོམས་ལུགས། གནམ་ལོ་གླང་དུས་ར་བཞིའི་ནང་ནས་སྤྲེལ་ལོ་ང་བཞི་པ་ལ་དགུ་དུར་འདོམས། སྦྲུལ་ལོ་སོ་གསུམ་པར་རྔ་ཟོར་དང་སྦྲགས་འདོམས་དགུ་མིག་གམ་དུར་མིག་འདོམས། མོ་སྟག་ལོ་སོ་དྲུག་མར་དགུ་དུར་གཉིས་འཛོམས་སོ། །དེ་ཚེ་སྟག་ལོ་མར་ལུག་ཉི་དང་། སྤྲེལ་ལོ་པར་གླང་ཉི་ཤར་དུས་ལྷག་པར་སྣང་། ཕག་ལོ་པར་ཆེས་རྩུབ་པ་མེད། དེས་ན་གནམ་ལོ་གླང་ལུག་ལ་ར་བ་བཞི་མ་གཏོགས་གཞན་ལོ་པ་ཅན་ལ་ཚེས་གྲངས་ཀྱི་མཚམས་ཆེན་འབབ་རྒྱུ་མེད། འདི་འདྲའི་དུར་མིག་གི་གཉན་གནད་ཤེས་ན་དྲག་ལས་སྲོག་མཐུ་ལ་ཟབ་པས་སྦ་བར་བྱའོ། །མན་ངག་དང་ལྡན་ན་དགྲ་ལས་སླའོ། །དུར་མི་བཞི་ནི་གཤེད་བཞི་རང་རང་གི་དབང་ཐང་དུར་སོང་ཆུ་འབྲུག་ལྟ་བུ་སོགས་བཞི་དངོས་བསྟན་ལྟར་ལ། སྤྱིར་འབྱུང་ལྔའི་དུར་ལོ་བཞི་དང་ཁྱད་པར་ཆུ་འབྲུག་སོགས་ལོ་དང་ལོག་མིན་ལ་ཤར་བ་ལ་ངན་ཅིང་། དེ་ཡང་གཙོ་བོར་སྲོག་དང་། རྒྱས་པར་ལུས་དབང་ཀླུང་བླ་ལྔར་ཡང་སྦྱར་ཞེས་བཤད། དུར་མི་བཞི་དང་བརྩི་བྱ་སྲོག་སོགས་དགྲར་ཐུག་


MR26_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ན་ངན་ནོ། །སྐོར་མགོ་བྱི་སོགས་ནི་གོང་གི་རྐྱང་པའི་སྐོར་མགོ་དེ་འདིར་ངོས་བཟུང་བ་ཙམ་དུ་ཟད། རྔ་ཟོར་དགུ་མིག་ནི་བརྩི་བྱའི་ལོ་ནས་ཡར་ལྔ་ལ་གནམ་ལོ་ཡོད་ཅིང་དེས་མར་ལྔ་ལ་ཡོད་རྒྱུའི་བརྩི་བྱ་ལ་གནོད་པ་སྟེ་སྲོག་གཙོ་བོར་བཟུང་ཞིང་ལུས་སོགས་གཞན་གཅོད་ཀྱང་ལྷག་པར་ངན། དོན་དུ་ཡར་གྱི་མཐུན་གསུམ་གནམ་ལོར་ཤར་ནས་དེས་བརྩི་བྱ་ལ་གནོད་པ་ཡིན་པར་གྱུར་པ་སྟེ་དེ་དུས་གྲངས་ཀྱི་དགུ་མིག་དང་འདོམས་ན་རྔ་ཟོར་དགུ་མིག་དང་། མ་འདོམས་ན་རྔ་ཟོར་ཙམ་དང་། སྲོག་མི་བཅད་ན་ཉེས་པ་མེད་འདྲའོ། །ཁམས་ལོ་སོགས་གཞན་བཞེད་ནི་རུས་ཁམས་དང་ལོ་ཡི་ན་ཤི་དུར་གསུམ་གྱི་ལོ་གནམ་ལོར་ཤར་བ་ལ་བཤད། དགུ་མིག་འདོམས་དགོས་ཀྱང་ཟེར། ལར་གྲངས་ཀྱི་དགུ་མིག་དངོས་མིན་ཀྱང་དགུ་མིང་གི་མིང་བཏགས་པ་འགའ་ཡོད་པ་ནི་རྩུབ་དགུའི་འགག་ལྟ་བུ་ཡིན་པས་དེ་ལྟར་བཏགས་པའོ། །རྔ་ཟོར་བཙས་ཀླུང་དགུ་མིག་ནི་རུས་ཤིང་ཁམས་པ་ལ་རང་ཁམས་དང་མཐུན་པའི་ན་ཤི་དུར་ལོ་བའི་བུ་ཚ་བཙས་ན་ངན་ཏེ་གཞུང་གིས་གསལ། ཤིང་ཁམས་ཞེས་པར་སྟག་ཡོས་མཆན་འདུག་པས། རུས་མིན་ཀྱང་ཕ་མའི་སྲོག་ལའང་བརྩི་བ་ཡོད་འདྲའོ།། མ་ཡི་རུས་ལས་ཀྱང་དེ་ལྟར་བརྩིའོ། །དེ་ཡང་གནམ་ལོའི་མར་ལྔ་མཐུན་གསུམ་མམ་རྔ་ཟོར་དགུ་མིག་ལ་ཕ་མ་གང་རུང་ཚུད་དུས་བུས་པ་སྐྱེས། རྔ་ཟོར་ལ་ཚུད་རྒྱུ་དེའི་རུས་ཁམས་ན་ཤི་དུར་ལོ་ཐུག་པ་འདོམས་ན་ཡིན་ཞིང་། དབང་ཐང་རང་མཐུན་མ་འཛོམས་ཀྱང་དེ་ཡིན་ལ་འཛོམས་ན་ཤིན་ཏུ་སྣད་དོ། །གོང་གི་རྐྱང་སྦྲགས་ཀྱི་དུར་ལོ་གང་བྱུང་དེའི་དབང་ཐང་ལ་བརྩི་བྱའི་སྲོག་སོགས་ལྔས་འཐབས་པས། རང་དགྲ་ངན་གཞན་འཇམ། སྤར་སྨེའི་དགུ་མིག་གསལ། རུས་ཁམས་དགུ་མིག་ནི་སྦྲགས་མ་དང་འདྲ་ལ། ས་ཆུ་སོགས་རུས་ཁམས་ཀྱི་ལྡེ་མིག་བཞི་ནས་འདྲེན། དེ་ཡང་རུས་ས་པ་ས་བྱི་དང་ཆུ་བ་ཆུ་བྱི་ནས་སོ། །དོན་ལོ་དགུ་ཉེར་གཅིག་སོགས་སྦྲགས་མ་དང་ཚད་


MR26_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ལས་གཞན་དུ་མི་འབྱུང་། ཞར་བྱུང་གྲོང་བ་དགུ་དང་བཟའ་ངོ་དགུ་སོགས་ཀྱང་དགུ་མིག་ཞེས་རྩུབ་པའོ། །བྱི་ཕག་གཤེད་བཞི་ཡི་དགུ་མིག་དང་པོ་སོགས་ནི། དགུ་མིག་དང་པོ་དགུ་གཉིས་པ་ཉེར་གཅིག་སོགས་སྦྲགས་མའི་དེའོ། །འདི་སྐབས་སྲོག་ཁམས་ལ་གཙོ་བོར་བཟུང་བའོ། །ཤིང་གཉིས་སོགས་ནི་ཤིང་དུར་གཉིས་པ་སོགས་ཀྱི་དོན་ཏོ། །ཀེག་རྩིས་སྐབས་སོ། ༈ །ད་ནི་ནད་རྩིས་སྐོར་ལ། རྡེལ་ཕྲེང་བཅུ་དྲུག་པོ་གཞུང་བཞིན་གར་བབ་དང་བརྩི་བྱའི་སྲོག་སོགས་འཐབས་ལ་མ་གྲོགས་ཕྲད་ན་དཀར། བུ་ཁྲ། དགྲ་ནག །ནང་ཕྲད་ས་ཆུ་དཀར། གཞན་ནག །འོག་ཏུ་ཁ་དམར་བཅུ་དྲུག་དང་འཕྲེད་ལ་བཞི་བཞག །བརྩི་བྱའི་དབང་གི་ཁམས་དང་མ་བུ་སོགས་ནས་སྦུབ་བཀེན་བྱ་བ་ལས་ཕོ་མོའི་ཁྱད་མེད། བཅུ་དྲུག་པ་ལ་ལུགས་གཉིས་ཡོད་གཉིས་ཀའང་བརྟག །དེ་ལ་བརྩི་བྱའི་སྲོག་སོགས་བཞིས་གནམ་ལོའི་སྲོག་སྨེ་སོགས་ལ་འཐབས་པའམ། བརྩི་བྱའི་ཡང་སྲོག་སྨེ་སོགས་ཀྱིས་འཐབས་པ་གཉིས་སོ། །གཞན་བཞེད་གཞུང་ལྟར་དང་དེའི་རྡེལ་སྒོ་ན་བའི་སྲོག་ལུས་དབང་ཀླུང་བླ་ལྔས་ལོ་ཟླ་ཞག་དུས་བཞིའི་དེ་ལྔ་ལ་འཐབས་པའོ། །ལུགས་དེའི་མ་ལ་དཀར་གསུམ་སོགས་བཞག་འདུག་བླ་ནི་སྲོག་མའོ། །རྡེལ་གཞུང་ལོ་ཟླ་ཞག་གསུམ་གྱི་མ་སོགས་ལ་འཐབ་ཅིང་། ཡང་ནི་རྡེལ་སྒོ་ལ་དུས་ཚད་ཀྱང་བརྟག་ཅེས་པའི་ཚིག་འབྲུ་མནན་ན་དཀའ་ཙམ་དུ་མ་གཞུང་འདིའི་རྩོམ་གཤིས་ལ་འདུག་པ་སྐབས་འདིར་མ་ཟད་ཀུན་ལ་ཤེས་དགོས། བྱེ་བྲག་ནད་ཀྱི་ཁམས་ལས་ཐང་ཤིང་ཁྱད་པར་བ་གཞུང་གིས་གསལ་ལ། བཅུ་དྲུག་པ་སྨེ་བ་ལ་འཐབས་ན་གནམ་ལོའི་ཚབ་ལ་གནམ་ལོ་དང་སྨེ་ཕྲེང་མཐུན་པ། བརྩི་བྱ་ལའང་དེ་འདྲ་བར་ལུས་སྨེ་ངོས་བཟུང་ནས་དེ་བརྟེན་གཞན་གསུམ་ཀྱང་ངོས་བཟུང་ལ་འཐབ་བོ། །རྡེལ་དཔྱད་སྐབས་ཐང་ཤིང་ཆགས་ཞེས་བཏང་གཅོད་དཀར་ན་ཆགས་


MR26_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ན་ཆག་ཞེས་ས་མཐའ་ཡོད་མེད་ཀྱི་གོ་བའོ། །རིང་མོ་ཆག་ན་ཞེས་ཀླུང་གི་ཐང་ཤིང་ཆག་པ་ཡང་འདིར་ཞོར་བཤད་བྱས་པའོ། །རྡེལ་སྒོ་སྤངས་པའི་བཅོ་ལྔ་པོ་ཚོ་གསུམ་བྱས་པ་གཅིག་ནས་ལྔ་བར་དང་པོ་སོགས་སོ། །ཁྱད་པར་ཀླུང་རྟའི་སྒེར་འབྲས་བཅས་སོ། །གྱེན་དུ་དཀར་བཞི་བརྩེགས་ན་གསེར་ཟམ་ཆགས། ནག་པོ་འགྱེལ། ཁྲ་བོ་ལ་སྔོ་བགྲང་མེད། རགས་པར་འགྱེལ་ལ་བརྩི། དེ་ལ་རྡེལ་སྒོ་མ་གཏོགས་བཅོ་ལྔ་འོང་སྲིད་པས་བཅོ་ལྔ་ཞེས་སོ། །སྟོད་སྨད་བར་ནི་ལྔ་ཁྲམ་དང་པོ་སོགས་སོ། །ཕོ་མོའི་བར་ལྔའམ་དྲུག་ལ་ཡིན་སོགས་འགྲེ། གྲངས་རྩིས་གཞུང་གཅིག་དང་གཉིས་སོགས་ཆགས་ནའོ། །གཡུ་ཤུག་ཆགས་པ་ནག་ན་ཆད། དཔག་བསམ་འདི་ལྟར་དཀར་འགྲིགས་ཆགས་ནག་ན་ཆད། ཁྲ་བོ་བཏང་སྙོམས། གནས་གང་དུའང་དཀར་པོ་བཞི་ལིང་བྱུང་ན་དཔལ་ཁྱིམ། ནག་པོ་བཞི་ལིང་བྱུར་ཁྱིམ། ཁྲ་བོ་མི་བརྩི། རགས་པར་བྱུར་ཁྱིམ་འདི་ལྟ་བུ་ལ་དཔལ་ཁྱིམ་གཉིས་ཡོད་གསུམ་མི་རྩི། དཀར་པོ་བཞི་དཀྱིལ་ནག་གཅིག་ནག་པོ་ཤི་བ་སྟེ་ལ་ལར་གསོན་མིག་ཅེས་སུ་བཤད། དེ་ལྡོག་ནི་དཀར་པོ་ཤི་བ་སྟེ་ཤི་མིག་ཀྱང་ཟེར། ཁྲ་བོ་ནི་ཕྱི་ནང་གང་དུའང་བགྲང་བ་མེད་ཀྱང་བྱུང་ན་ཅུང་ཞན། དཀར་པོ་བསྡུ་ཞེས་སོགས་རྡེལ་རོ་ཡིན་པས་ནུས་མེད་རོ་ལྟར་བླང་ཞེས་པ་ལྟ་བུ་གོ་བྱེད་དོ། །ཐང་ཤིང་མ་བབ་ཞེས་པ་ཐག་ཆོད་པའི་རྩིས་མ་བབ་པ་ལ་བཤད། ལིང་ཚེ་བརྒལ་མ་བརྒལ་དེ་སྟོད་སྨད་ཀྱི་སྔ་ཁྲམ་སོ་སོའི་ཐད་ནས་བཞག་པ་ནི། དེ་དག་ལྷག་པར་གནས་དེར་གཉན་དབང་གིས་ཡིན་གྱི། དོན་དུ་ཐང་ཤིང་གསེར་ཟམ་གཡུ་ཤུག་དཔག་བསམ་ཆག་པ་དང་། བྱུར་ཁྱིམ་དཀར་པོ་ཤི་མིག་དྲུག་ཚང་ན་ཞེས་སོ། །ལུས་རྡེལ་ཤིན་ཏུ་དཀར་ནའང་མི་བཟང་། སུམ་


MR26_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་དཀར་སོགས་ནི། རྡེལ་སྒོ་མ་བརྩིས་པའི་བཅོ་ལྔ་ལས་དྲུག་དཀར་དགུ་ནག་ན་སུམ་ཆས་ལྷག་ནག །དེ་ལྡོག་སུམ་ཆེའི་ལྷག་དཀར་དང་ལྔ་དཀར་གཞན་ནག་ན་ལྔ་ཆས་ལྷག་སོགས་འགྲེ། དཀར་ནག་སྙོམས་ཁར་དཀར་བཞི་ལྷག་ན་བཞི་ཆས་ལྷག་སོགས་སྦྱོར་དགོས་ཏེ་གཞན་དུ་ལྔ་ནག་བཅུ་དཀར་ན་སུམ་ཆས་ལྷག་དཀར་སོགས་སྦྱར་དགོས་ནའང་དེ་ལྟར་བརྩིས་མི་འདུག་པས་སོ་ཟེར་ཀྱང་དོན་ལ་དཀར་པོ་གསུམ་མང་ན་སུམ་ཆ་བཞི་བཞི་ཆ་སོགས་དང་འདྲ་བར་འདུག །རྡེའུ་དཀར་པོ་ཕྱོགས་གཅིག་མང་བ་གཡང་མོ་འཁྱིལ་འདྲ། དར་དཀར་ཕྱར་འདྲ་ཡིན། ཆུ་ཀླུང་འབབ་འདྲ་ནི་དྲང་པོའམ་འཁྱོགས་པོ་གང་རིགས་སུ་དཀར་པོ་བར་མ་ཆད་པར་རིང་དུ་སོང་བ་ཡིན་ནོ། །ལྷུན་པོ་བརྩེགས་འདྲ། ནོར་བུ་འདྲ་བ་འདི་སོགས་དང་སུམ་ཚོམ་གྱེན་བསྟན་ནོ། །ནག་པོ་ཚེ་ཚེ་འཕར་གཏོར་འདྲ་ཞེས་ནག་པོ་ཕྱོགས་གཅིག་མེད་པར་ནག་ཐར་ཐོར་ཡོད་པ་རྣམས་བཟང་། དེ་ལྡོག་ངན་ཏེ་ལུང་ཐང་གི་ཕྲེང་བ་གཏོར་འདྲ་ནག་པོ་ཚམ་ཚེམ་ཀུན་ཏུ་མང་བ། སོལ་བ་སྤུངས་འདྲ་ནག་པོ་འདི་འདྲ་བ། ནག་ཡོ་རེ་བ་དང་། གྲིབ་སོ་ནག་འདྲ་ཕྱོགས་གཅིག་ནས་ནག་པོ་མང་བ་འདི་འདྲ་སོགས་དང་། བྱ་ནག་ལྡིང་འདྲ་ཡིན། དར་ནག་ཕྱར་འདྲ་ཡིན། རྭ་ནག་བསྒྲེངས་འདྲ་ཡིན། སྦྲུལ་འདྲ་འཁྱོགས་པོ་རིང་དུ་རྒྱུ་བའོ། །མ་བུར་གསལ་ཁ་མ་གསུངས་ཀྱང་། སྣམ་དཀར་བརྐྱང་འདྲ། རེ་ནག་བཀྲམ་འདྲ། སྤྱིར་དཀར་པོ། བཞི་འཕྲེང་ལ་འགྲིགས་ཕན་ཆོད་སྲོག་སོགས་ཀྱི་ཐང་ཤིང་ཆགས་པ་ཡིན། མང་པོ་བར་མ་ཆད་དུ་འབྲེལ་ན་སྣམ་དཀར་བརྐྱང་བ་དང་རེ་ནག་ས་ལ་བཀྲམ་


MR26_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཟེར། བ་དན་ནག་པོ་ཕྱར་འདྲ་ཡིན་དེ་བཞིན་དཀར་པོའང་ངོ་། །ཤེལ་དཀར་ཕྲེང་བ་རྒྱུས་འདྲ་ཡིན་དེ་བཞིན་ནག་པོ་ལའང་ཤེས་པར་བྱའོ། །ཐོད་པ་ནག་པོ་ཁ་སྦུབ་པ་འདྲ་པའོ། །གཞན་ཡང་། ལྔ་ཚོམ་དང་ཀ་གདུང་ལྟ་བུ་སོགས་སྣ་ཚོགས་ཡོད་ཅིང་རྡེའུ་གྱེན་མཐུར་མང་པོ་ཡོད་པ་གཞན་ལ། གཡུང་དྲུང་དཀར་པོ་ལྟ་བུ་སོགས། དཀར་ནག་གི་འགྲིགས་དུ་མ་འོང་བ་ནི་རྩིས་ཁོག་གི་རྡེའུ་འགྲིགས་ཀུན་ལ་དཔྱད་དུ་ཡོད་ཀྱི་འདི་ཁོ་ན་ལ་སྦྱར་རྒྱུ་མིན་ནོ། །ཡང་དཀར་པོ་ཉུང་ན་ཤེལ་ཕྲེང་གཏོར་འདྲ་སྟེ་ཕྱོགས་གཅིག་ན་དཀར་པོ་ཚམ་ཚེམ་ཐོ་རེ་བ་དང་། སྤྲིན་དཀར་ང་གིས་གཏོར་འདྲ་ནི་དཀར་པོ་ཕྱོགས་ན་བར་མ་ཆད་པ་འདུག་པ་ལས་གཞན་ནག་པའོ། །གཡང་མོ་སྤྱང་ཀིས་གཏོར་འདྲ་ནི་ཕྱོགས་མཐའ་དག་ན་དཀར་པོ་རེ་རེ་ཙམ་པའོ། །ལོག་མིན་དགྲ་ཐོག་སོགས་སྲོག་དང་ལོག་མིན་སྲོག་འཐབ་པའོ། །ཤིང་ནི་བྱི་གླང་སྟེང་ཕྱིན་སོགས་དབང་ཐང་ཤིང་བ་ཞིག་གནམ་ལོ་བྱི་གླང་སྟེང་ཕྱིན་སོགས་སོ། །བབ་སྤར་ནི་ཉིན་ཉི་མ་བབ་སྨེ་བཅས་རྩིས་ནད་གདོན་ངོས་བཟུང་ངོ་། །གནོད་འདྲེ་སྐྱེས་སྨེ་བབ་སྨེར་འཐབ་པས་རང་དང་མ་ལ་ལྷ་སྟེ། འགོ་ལྷ་བཅོས་བྱ་སོགས་སོ། །དགྲ་ལ་སྨེ་བའི་འདྲེ་ངོས་བཟུང་སྦྱར་ཏེ་འོག་ན་གསལ། དར་གུད་བསྐོར་རྒྱུ་གཞན་ལུགས་དེ་ལ་ངེས་པའི་ཁུངས་མེད་ཅེས་བསྟན། དེ་ཡང་ལོ་ཟླ་ཞག་དུས་དང་སྨེ་བ་འཐབ་པའམ་དུར་གུད་ཀྱིས་བརྟག་ལ། ལོ་ཡིས་ལོ་བཟང་ངན་སོགས་བརྟག །དེ་ཅི་ལྟར་ན་རང་ལོ་ཡི་སྲོག་དང་སྐྱེས་པའི་སྤར་སྨེ༷་གསུམ་གྱི་ཁམས་དབུགས་སྤྱི་ལྟར་བླངས་ལ་ན་བའི་དུས་ཀྱི་ལོ་ཟླ་ཞག་དུས་སྟེང་ཁྱེར་བས་ཤེས་སོ། །ནད་ངོས་བཟུང་ལ། ནམ་ན་བའི་ལོ་ཟླ་ཞག་དུས་ཀྱི་སྲོག་ཁམས་


MR26_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། དེ་སྟེང་ལོ་ཟླ་ཞག་དུས་བཞི་གང་ཡིན་ཀྱང་། སྟག་རྟ་ཁྱི་གསུམ་ལིར་བརྩིས་པ་སོགས་བྱས་པས་བཞི་པོ་དེ་ནང་སྤར་ཁ་གང་གི་འབྱུང་ཁམས་མང་ཤེས་ཆེ་བ་དེའི་ཁམས་རྡེལ་གཅིག་སྟེ་ལྔས་ཤེས་པར་བྱ་སྟེ་གཞུང་བཞིན་ནོ། །ལོ་སོགས་སྤར་ཁམས་མི་གཅིག་པ་བཞི་རེད་ན་འདི་བྱ་ཞེས་བཤད་མི་འདུགདེའི་བཤད་པ་སྤྱི་ལྟར་ཤིང་ང་སོགས་ཡིན་ལ་བྱེ་བྲག་ཐམས་ཅད་འདུས་ན་སོགས་གཞུང་བཞིན་ལ། གཞུང་ན་ཐམས་ཅད་ཚང་བ་མེད་པས་དངོས་བསྟན་ཁ་དམར་མེད་པའང་ཡོད་འདུག །ཤིང་ནས་བཟུང་སྟེ་ཉིན་ལྔ་མཚན་ལྔའི་དུས་འབྱུང་བ་ལས་ནམ་ན་ན་འབྱུང་བའི་ན་དུས་ཀྱི་བཤད་པ་གཞུང་བཞིན་བལྟ། ལོ་ཟླ་ཞག་དུས་སྤར་སྨེ་བསྟུན་ཞེས་པ། ནམ་ན་དུས་ཀྱི་ལོ་ཟླ་ཞག་གི་སྲོག །དུས་ཀྱི་དབང་ཐང་བབ་སྤར་བབ་སྨེའི་ཁམས་ལས་བརྟག་ཅེས་སོ། །དེ་ནི་ནད་པ་བཙས་ཀླུང་མི་རིགས་མེ་ཡིན་ལ། བརྩི་དུས་ཏེ་གོང་བཤད་ལོ་སོགས་མེ་ཡིན་ན་ཞེས་པ་ལས། རྩིས་བྱེད་པའི་དུས་ཚོད་མེ་དགོས་པའི་དོན་མིན་ཞེས་བཤད། དེ་ལྟར་ལོ་སོགས་དང་མི་རིགས་བཅས་བདུན་པོ་ལ་འབྱུང་ཁམས་གང་མང་ཤས་ཆེ་བའི་ནད་དུ་ངོས་བཟུང་། ཤིང་གཉིས་མེ་གཉིས་ལྕགས་གསུམ་ལྟ་བུ་བྱུང་ན། མེ་སུམ་ཆ་གཅིག །ཤིང་སུམ་ཆ་གཅིག །ལྕགས་སུམ་གཅིག་དྲག་ཙམ་བྱུང་བས་ལྕགས་ནད་ཤས་ཆེ་བར་བཤད། དེས་འགྲེ་གཞུང་ལྟར་བརྟག །གཟའ་སྐར་ནད་ཕོག་དུས་ཀྱི་དེའོ། །འཐབ་ན་གཟའ་སྐར་གྱི་ཁམས་ལ་ནད་པའི་སྲོག་གིས་འཐབས་ལ་མ་བུ་དགྲ་གྲོགས་བརྩིའོ། །ན་ལུགས་སོགས་རྩ་བས་གོ། གདོན་འཛིན་བགེགས་ཀྱི་སྤུ་གྲི་ནི། ཕལ་པར་བྱན་མོ་དང་། བླ་དཔོན་སོགས་ལ་གཉེར་པ་གསོལ་དཔོན་ལྟ་བུ་ཐབས་ཀྱི་ཁུར་སུས་འཛིན་པ་སྟེ་ཟས་ཀྱི་གཉེར་བྱེད་པ་དེའི་དར་གུད་སྤྱི་ལྟར་ནམ་བརྩི་དུས་སྟེང་ཁྱེར་བས་དར་གུད་གང་བབ་འབྲས་བུའོ། །དར་གུད་དང་ལོ་མིང་སྦྱར་བ་ནི་མོ་རུ་གདབ་དུས་ལོ་


MR26_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་ཡིན་གྱི་རྩིས་ལ་དེ་གཉིས་ལྷན་དུ་འོང་བ་མིན་ཀྱང་། སྤྱིར་བྱི་བ་དང་དབུགས་ལེན་འབྲས་བུ་འདྲ་བས་ལོ་རྐྱང་ལའང་ཟུར་གྱིས་བསྟན་ནམ་སྙམ་དུ་སེམས། དེ་མོ་རུ་འདེབས་ན་རེའུ་མིག་བཅུ་གཉིས་ལ་ལོ་ཁྱིམ་དར་གུད་སྦྱར་བའི་མིང་བྲིས་ལ། དེར་རྡེའུ་དཀར་བཅུ་གཉིས་དང་ནག་པོ་གྲུ་བཞི་སྟེང་འོག་གཡས་གཡོན་རྒྱབ་མདུན་གྱི་མཚན་མ་ཅན་གཅིག་བཅས་བཅུ་གསུམ་ལ། དམོད་བོར་ཏེ་རིམ་བཞིན་འགྲིམས་པས་མཚན་ཅན་དེ་གར་ཕོག་གི་ཁ་དམར་གོང་བཞིན་བརྟག །དེ་ཡང་མཚན་ཅན་དེ་ལུགས་འབྱུང་དུ་བསྡད་ན་ཁ་གལ་ཞེས་མི་གནོད། ཚིགས་པ་ཞེས་འཕྲེང་ཉལ་དུ་བསྡད་ན་གནོད། ཁ་སྦུབ་ན་འབྲས་བུ་དེ་སྔར་ཐེམས་ཡིན། རྒྱལ་བ་ཞེས་གན་རྐྱལ་ལོག་ན་གནོད་ཚབས་ཆེ་ཞེས་བཤད་འདུག་ཀྱང་། རྡེའུ་ཐམས་ཅད་དབྱིབས་དང་ཆེ་ཆུང་མ་མཉམ་ན་བཏབ་དུས་མི་བདེ་བས་རྡེའུ་གཅིག་ལ་སྟེང་འོག་གི་མཚན་མ་བཀོད་ཅིང་ཁ་དོག་ནག་པོ་ཡིན་པ་ཙམ་གྱིས་འཐུས་ལ། རྡེའུ་བཅུ་གསུམ་གྱིས་བཏབ་ན་བཅུ་གཉིས་པོར་མི་འབབ་པ་ཡང་སྲིད་པས། ཁ་གལ་པ་ཞེས་མཚན་མ་ཅན་ཀུན་གྱི་རྗེས་སུ་ལྷག་ན་གདོན་མེད་ཅེས་དང་། ཚིགས་པ་ཞེས་བཅུ་གཉིས་པོ་ཡིས་ཚིགས་གང་དུ་བབ་ཀྱང་བཤད་པ་བཞིན་གནོད། སྦུབ་རྐྱལ་གཉིས་ནི་སྟེང་འོག་ལ་བྱང་གོང་བཞིན་འདྲ་སྙམ་རང་གིས་སེམས་ཀྱང་མན་ངག་བརྒྱུད་པ་ལས་ཡོད་ངེས་ཡིན་ན་རང་བཟོ་དུག་ལྟར་སྤང་དགོས་སོ། །བདག་ས་འདུག་ན་ཞེས་པ་བརྩི་བྱའི་རང་ལོའི་སྟེང་བབ་ན་ཡིན་ཅེས་བཤད་འདུག །ལི་ལ་ཁྲོན་ཆུས་མགོ་བཀྲུ་སོགས་བབ་སྤར་གྱི་གཏོའོ། །འཆི་བདག་ཞགས་འགྲོལ་རྒྱས་བར་ཀེག་རྩིས་བཞིན་དང་། འདིར་ཐང་ཤིང་བཞིར་བསྟུན་ནས་སོ། །འབྲོས་གཏོ་ནི་ཕྱོགས་གང་བཤད་དེ་ཕྱོགས་སྤོ་ཞིང་རྟེན་འབྲེལ་དེ་ཚོ་བྱ། ལྷ་བརྒྱད་ཅེས་སྨན་པ་རིམ་གྲོ་པ་སོགས་དེ་ཕྱོགས་ནས་དྲང་དགོས་ཏེ། ལི་ལ་ཟིན་ཏེ་ཤར་ནས་ལྷོར་འགུགས་པ་སོགས་སོ། །གདན་ས་སྟེ་བབ་སྤར་


MR26_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གདན་སའི་བབ་སྤར་ཕྱོགས་སུ་མཆོད་རྟེན་མ་མདོག་བརྩིག་པ་ནི། ཟིན་ལ་བབ་ན་བྱང་དུ་མཆོད་རྟེན་སྔོན་པོ་བྱ་བ་ལྟ་བས་འགྲེ། དེ་ནི་བུ་བརྒྱད་མ་ལ་སྐྱབས་པའི་གཏོའོ། །དགྲ་ལ་བུ་རྦད་ནི། ནད་པའི་བབ་སྤར་གྱི་བུ་སྤར་ལ་བབ་པའི་མིས། ནད་པའི་བབ་སྤར་གྱི་དགྲ་ཐོག་ལ་འབྱུང་དགྲ་གཏོར་བ་སྟེ། དཔེར་ན་ནད་པའི་བབ་སྤར་དྭ་ཡིན་ན། བབ་སྤར་ཁམ་ལ་བབ་པའི་མིས་ལྷོ་ཕྱོགས་སུ་ཆུ་གཏོར་བ་ལྟ་བུའོ། །གོས་དང་ཁ་དོག་རྫས་ཀྱང་དེ་ལྟར་རིགས་འགྲེས་ནས་ཀུན་ལ་སྦྱར། གཞུང་དུ་དཔེར་བརྗོད་ལི་ལ་ནི། བུ་ངན་མཚམས་སྤར་དང་ཁྱད་པར་ཁོན་ལ་བབ་པས་ཞེས་སོ། །མདོར་ན་གསེར་གྱི་ས་གཞིས་མནན་ཞེས། ས་གཏོར་བ་སོགས་ཀྱི་རྟེན་འབྲེལ་དེ་ལ་ཟེར་རོ། །བསྒྱུར་གཏོ་བབ་སྤར་གང་གི་ཐོག་ཏུ་གུད་པ་སྟེ་ན་ཡང་། གསོ་བྱེད་ཀྱི་དུས་སུ་མིང་ལུས་ཁ་དོག་བསྒྱུར་པ་སྟེ། དྭ་ལ་བབ་པ་ན་ན་གསོ་བ་ལུག་གི་ཉི་མ་དང་དུས་ཚོད་ལ་མིང་གསར་བཏགས་གོས་སེར་པོར་བསྒྱུར་བ་ལྟ་བུའོ། །གཏོ་རྣམས་བྱེད་དུས་རང་ལོའི་མ་སོགས་བཟང་ཕྲད་ཀྱི་ཉི་མ་དུས་ཚོད་བདུན་ཟུར་དགྲ་དུར་སོགས་མེད་པ་བཟང་ངོ་། །སྲོག་སོགས་ཀྱི་དར་རྒུད་གུད་པ་ན་བ་ཤི་བ་དུར་ཞུགས་དང་། དགྲ་ཕྲད་མང་བ་དགྲ་ཆེ་ལངས་པ་སོགས་ངན། བདུད་གཅོད་ཞི་བ་ཞེས་རྩུབ་པར་མ་ཤར་ནའོ། །ནད་གཡོག་སོགས་ལྔ་བརྩི་བྱའི་སྲོག་གིས་མ་བུ་སོགས་ཡིན་ནོ། །དེ་ཡང་བདུན་ཟུར་དུར་གཤེད་སོགས་སྐྱོན་གཞན་མེད་པ་དགོས་སོ། །རྡེའུ་བཅུ་དགུ་མ་བརྩི་བྱའི་སྲོག་ལུས་ཀྱིས་ན་དུས་ཀྱི་ལོ་ཟླ་ཞག་དུས་ཀྱི་སྲོག་ལུས་ལ་འཐབ་པ་དང་སྲོག་ལུས་དར་གུད་ལོ་ཟླ་ཞག་དུས་སྟེང་ཁྱེར་བ་བཅུ་དྲུག་དང་། ན་ཉིན་གྱི་ཚེས་གཟའ་སྐར་མའི་ངོས་འཛིན་རྡེལ་གསུམ་སྟེ་བཅུ་དགུའོ། །འཐབ་ཟླའི་ཁ་དམར་གཞུང་བཞིན་གསལ། གཟའ་སྐར་ནི་དངོས་འབྲས་ལས་འཐབ་རྒྱུ་མེད། ཚེས་ནི་འདིར་མེད་ཚེས་རྩིས་གཞན་ལས་བླང་


MR26_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་ཞེས་བཤད། དོན་དུ་འོག་གི་ལྷ་མོ་བརྒྱད་རྩིས་ཀྱང་ཚེས་རྩིས་ཡིན་པས་དེ་ནས་བླང་། སྤར་ཁའི་ལན་སྐྱོན་ཀྱང་ཞར་ལ་བཤད་དོ། །སྲོག་གུད་སོགས་གཞན་གྱི་སྲོག་མི་བཅད་སོགས་ནི། གོང་གི་ཐང་ཤིང་དང་བཏང་གཅོད་ནག་ན་དང་། སྲོག་སོགས་གུད་གཏོ་སྤྱི་རྒྱུག་ཡིན། ལྷ་མོ་བརྒྱད་རྩིས་ནི་རགས་པར་ཚེས་ཁོ་ནར་སྦྱར་བ་དང་། ཞིབ་པར་ཚེས་འཆར་སྤར་ཁ་དང་སྦྱར་བ། ལི་འོད་འབར་ཁོན་བརྟན་མ་སོགས་སྦྱར་ཏེ་དེ་རྣམས་འཆར་ལུགས་གཞུང་ན་གསལ། མིག་རྣ་སོགས་ན་བར་ལྷ་མོས་དོན་བྱེད་པ་ཡིན་ནམ་སྙམ་བརྟག །ཡང་ནད་ཐེབས་དུས་ལོ་ཟླ་ཞག་དུས་སྤར་ཁ་རྣམས་དགྲ་གཤེད་དང་ལོ་བདུན་ཟུར་བཞི་གཤེད་དུར་སོགས་ཐུག་མིན་བརྟག །ཞག་དུས་ཀྱི་ཀེག་ལ་བདུན་ཟུར་བཞི་གཤེད་གཙོ་ཆེ་ལ། ལྷག་པར་ཐང་ཤིང་སྐབས་འདིར་བཞི་གཤེད་གཙོ་བར་གསུངས། གང་ཤར་དེ་དག་གི་དབང་ཐང་དང་སྤྲད་པས་དགྲ་ངན་མ་བཟང་། བུ་གྲོགས་འབྲིང་སོགས་གཞུང་ལྟར་བརྟག །བཞི་གཤེད་ཀྱི་ལོ་སོགས་ལ་ནད་བྱུང་ན་ངན། ལོ་སོགས་བཞི་ཀ་ཀེག་དུས་ལ་བབས་ན་ངན། ཕ་དེ་ཞེས་ཁྱོ་ཤུག་གི་ཕོ་དེའི་སྲོག་གི་ཐང་ཤིང་ཆག་པ་སྲོག་ལ་དགྲ་དར་བ་དང་། དེའི་ཆུང་མ་ཡུག་ས་དར་ཏེ་ལུས་རྡེལ་ནག་པ་དང་སྤར་ཁ་ཁོན་སྨེ་བ་གཉིས་ནག་ལ་བབ་པ་ལྟ་བུ་འདོམས་ན་ངན། མ་འདོམས་ན་སྨེ་བ་གཉིས་ནག་ཁོ་ན་ལའང་ཡུག་ས་དར་བརྩི་ཡང་དེ་ཁོ་ན་ཅུད་ཟད་ཉེན་ཆུང་། བུ་ཆེན་ཁེན་ཐོག་བབ་པས་ཕ་གདན་ཕྲོགས་པ་དང་། བུ་འབྲིང་རོ་འདོད་ཁམ་དང་སྤྱི་དང་སོ་སོའི་གཉིས་ནག་ལ་བབ་པ་ན། དུས་དེར་ཕ་ན་ན་ངན། གནམ་དབང་གིས་བུད་མེད་དབང་ཐང་གཅོད་པ་དང་། སྐྱེས་པ་སྤྱི་སྒོས་ཀྱི་གཉིས་ནག་ལ་བབ་ན་ཡུག་ས་དར་བ་ཡིན་ལ། དེ་སྟེང་ལུས་རྡེལ་ནག་སྤར་ཁ་ཁེན་ཁམ་འདོམས་ན་ཉེན་ཆེ། དེ་བཞིན་གཞན་གཞུང་གིས་གསལ། ལོ་དཀར་དེ་གནམ་ལོར་


MR26_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུས་རྩུབ་ལོག་མིན་བྱེ་བྲལ་ནི་ཕོ་མོའི་ལོག་མིན་ལ་བབས་འདོམས་ཡིན། སྤར་ཁའི་ངན་མཚང་ཉེར་བདུན་ནི་ཀེག་རྩིས་ལྟར་རོ། །བྱ་སྤྲེལ་ལིར་བབ་སོགས་གཞུང་དངོས། ཚེ་ལེན་འགྲུལ་བསྲུང་ནད་བཏབ་རེས་གཟའ་བརྩི། དེ་འདྲའི་ཚེ་ལེན་གྱི་འགྲུལ་བ་ནན་ཏན་བསྲུང་དགོས། པ་སངས་ལ་ནད་བཏབ་ན་དེ་རྗེས་འཆར་བའི་དགྲ་གཟའ་ཉི་མ་ལ་མ་ཤི་ན་མ་སྤེན་པར་འཚོ། དེ་བཞིན་ཉི་མར་ན་ན་ཟླ་ལྷག་དུས་མ་སྐྱོན་ན་ཕུར་བུར་འཚོ་སོགས་འགྲེ། སྐྱེས་པ་ནད་བཏབ་ཚེ་དེའི་བུད་མེད་ལ་ཁྱོ་ཤི་སྟེ་ཡུག་ས་དར་ཡོད་མེད་བརྟག །བུད་མེད་བདུན་དམར་ལ་བབ་ཀྱང་ཁྱོ་འཆིར་གཏོགས་ཙམ་ཞེས་འདུག །དེ་བཞིན་བུད་མེད་ན་ན་སྐྱེས་པར་ཆུང་མ་ཤི་བའི་ལོ་ཟླ་ཡོད་མེད་བརྟག །དེ་བཞིན་ཕ་མ་བུ་ཚ་དཔོན་སློབ་ཀུན་ལ་ཕན་ཚུན་བརྟགས་ན་གསལ་ལོ། །སྤྱིར་འཆིབ་ལ་རྣམ་གྲངས་བཅུ་གཉིས་ལས། གཅིག་དུས་སུ་འཆིང་ཡིན་ལ། གཞན་བཅུ་གཅིག་པོ་རྐྱེན་གྱིས་འཆི་བ་ཡིན་པས་དེ་ཀུན་ཐབས་དང་རིམ་གྲོས་སེལ་ནུས་ཕྱིར་དམིགས་སུ་སོང་བའི་རིམ་གྲོ་ལ་འབད་པར་བྱའོ། །ཞེས་སོ། །ནད་རྩིས་ཀྱི་སྐབས་སོ། ༈ །གཤིན་རྩིས་ལ་གཡས་སུ་ཕྱིང་དཀར་སྟེང་གསོན་ཁོག་གཤིན་དབྱུང་ཞེས་གསོན་རྩིས་བྱ། གཡོན་དུ་གཞི་ནག་སྟེང་གཤིན་ཁོག་གསོན་དབྱུང་བ་སྟེ་གཤིན་རྩིས་ཚུལ་བཞིན་བོར། དེ་ལ་གསོན་རྩིས་ལ་ཐོག་མར་ཁྱིམ་དེར་ཕོ་རིགས་དུ་ཡོད་རྒན་རིམ་བཞིན་དང་། དེ་ནས་མོ་རིགས་དུ་ཡོད་རྒན་ནས་རིམ་པར་བཀོད། སོ་སོའི་བར་དུ་མི་ནོར་ཕྱིར་ཕྱེས་བཅད་དེ་ལེའུ་ཚེ་བྱ། དེ་ལ་སོ་སོའི་ལོ་དབང་ཐང་སྨེ་བ་ངོས་བཟུང་ལ་བཀོད། དེ་ནས་གསོན་པོ་མི་ངོ་རེ་ལ་རྒྱས་པར་ཀེག་རྩིས་ཞེ་བདུན་མ་རེ་རེ་བྱ། བསྡུ་ན་ཉི་


MR26_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་མ་ནི། བརྩི་བྱ་སོ་སོ་ནས་སྲོག་སོགས་བཞི་གནམ་ལོར་འཐབ་པའི་རྡེའུ་བཞི། མ་ལ་དཀར་གསུམ་སོགས་སུ་བོར། མ་ལ་དཀར་གསུམ་སོགས་སུ་བོར། དེ་གཤམ་བབ་སྤར་བབ་སྨེ་ངོས་འཛིན་རྡེལ་བཀོད་སྲོག་ལུས་དབང་ཀླུང་བབ་སྨེ་ལྔའི་དར་གུད་གནམ་ལོར་གཏུགས་པའི་རྡེལ་ལྔ། དགུ་མིག་དང་དུར་མིག་ཚུད་མིན་ལ་དང་། རྩུབ་པ་བདུན་ལ་བབ་ན་ནག །མ་བབ་ན་དཀར་བས། རྡེའུ་དགུ་བཅས་ཉི་ཤུ་རྩ་གཅིག་འདི་ལྟར་བོར། བུར་ལོ་སྲོག་དང་དབང་ཐང་སྤར་སྨེ་རྣམས་ངོས་འཛིན་ཡིན་པས་ཁ་དོག་དང་གྲངས་གཞུང་ལྟར་བོར་འདུག་ཀྱང་ཡི་གེར་བྲིས་པ་འཇུག་པ་བདེ། དེ་ལྟར་གཟའ་ཚང་གི་མི་ངོ་རེ་རེ་བཞིན་དུ་བརྩིས་པས་གཟའ་ཚང་སྤྱི་ཡི་ཀེག་ཆག་ཤེས་སོ། །བླ་རྡེལ་བཅུ་གཉིས་ནི་གསོན་པོའི་ལོ་གང་ཡིན་སོ་སོའི་འོག་ཏུ་རུས་ཁམས་ཀྱི་ཆད་ཆེན་ཆད་ཆུང་མ་ལོ་ཆེ་ཆུང་ནས་དབང་བུ་དགྲ་གྲོགས་ཆེ་ཆུང་བཅུ་གཉིས་ཏེ་རྡེའུ་ནི་གཞུང་ན་ཆད་ཆེན་ལ་ནག་གསུམ་སོགས་བཞིན་བཞག །མཚམས་བཞི་འབྲུག་ལུག་ཆེ་ཁྱི་གླང་ཆུང་ཕྱོགས་བཞིའི་ཕོ་ལོ་ཆེ་ལ་མོ་ལོ་ཆུང་བར་བརྩི། དེ་ཡང་རུས་ཤིང་ཁམས་པར་དཔེར་བྱས་ན་ཆད་ཆེན་ལུག་སོགས་དཔེ་རིས་འདི་བཞིན་བཀོད་ནས་གསོན་པོ་དུ་ཡོད་ཀྱི་ལོ་རྟ་གང་ཡིན་དེ་འོག་སྡེ་དཀར་དང་། དེའི་བདུན་ཟུར་ལ་ནག་པོ་བཞག་དགོས་པས་རྡེལ་བར་ཚད་སོར་བཞི་བཞག་ཅེས་འདི་བཞག་དགོས་པའི་ཕྱིར་ས་སྟོང་དེ་ཙམ་བཞག་ཅེས་སོ། །དྭ་ལ་མ་ཤིང་ཁམས་མེ་ལུག་ལོ་བར་ཆད་ཆེན་འོག་ཏུ་རྡེལ་དཀར་གཅིག །དེའི་བདུན་ཟུར་ཆད་ཆུང་གླང་ལ་ནག་པོ་


MR26_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་སོགས་མི་ངོ་ཀུན་གྱི་དེ་ལྟར་བཞག་དགོས་སོ། །རྡེལ་གྲངས་བཅུ་བཞི་ཞེས་མི་གཅིག་ལ་མཚོན་པའོ། །གཞན་ཡང་ཁྱིམ་གཅིག་གཤེད་ཟུར་སོགས་འོག་ནས་འབྱུང་བ་ལྟར་བརྟག །གཤིན་རྩིས་དངོས་ལ་གཤིན་གྱི་སྲོག་ལུས་དབང་ཀླུང་དང་ཁམས་ཏེ་སྐྱེས་སྨེ་ལྔས་རྩ་བ་བཅུ་དང་འཐབ་པ་སྟེ། ཤི་བའི་གནམ་ལོ། གཤིན་པོའི་ལོག་མིན། གཤིན་པོའི་བབ་སྤར་བབ་སྨེ། དར་གུད་ཤི་བའི་ཟླ་ཞག་དང་གཟའ་སྐར་ཤི་བའི་དུས་བཅས་ལ་འཐབ། སྤར་སྨེ་གཟའ་སྐར་རང་ཁམས་རྐྱང་པ། གཞན་སྲོག་སོགས་ནང་མཐུན་དུ་འཐབ། གཤིན་གྱི་སྨེ་བས་ནི་གནམ་ལོའི་སྨེ་བ་དང་ཟླ་ཞག་དུས་ལོག་མིན་གྱིའང་བརྩི་བྱ་དང་སྨེ་ཕྲེང་མཐུན་པའི་སྨེ་བ་དེ་དང་འཐབ་དགོས། སྲོག་སོགས་ལྔ་པོའི་དར་གུད་གནམ་ལོ་ཁོ་ནར་གཏུགས། བཟང་དྲུག་དཀར་ངན་དྲུག་ནག །མ་ཕྲད་དཀར་གསུམ་སོགས་སྤྱི་བཞིན་བོར། ཁ་དམར་ཀྱང་སྤྱི་ལྟར་རོ། །དེ་དག་གི་འཕྲེད་ལ་སྲོག་རྡེལ་བཅུ་བཏང་དང་བཅས་བཅུ་གཅིག །དེ་འོག་ལུས་རྡེལ་བཅུ་གཅིག་སོགས་འགོད། དབྱེ་ན་འབྱོང་ཞེས་འཆི་དུས་ལ་བབ་པའོ། །དེ་འོག་རྡེལ་གྲངས་རྣམས་ནི་སྙད་སོགས་ཐུག་ན་ནག་པོ། མ་ཐུག་ན་དཀར་པོ་སྟེ་དོན་ལ་སྐྱོན་གང་བྱུང་ཡི་གེར་བྲིས་པས་འཐུས། འདུར་ཐང་སྐབས་དབང་ཐང་དང་མས་རྡེལ་གྱི་བཏང་གཅོད་གཉིས་ཀ་དཀར་ན་དཀར་པོ་བོར། གཉིས་ཀ་ནག་ན་ནག་པོ། གཅིག་དཀར་གཅིག་ནག་ན་ཁྲ་བོ་བོར་ཏེ། དཀར་པོ་ལ་འདུར་ཐང་ཆེ་བ་ཐོབ། ཁྲ་ལ་འབྲིང་། ནག་པོར་མི་ཐོབ་ཅེས་སོ། །འདུར་ཞེས་རོ་ཆས་དུར་ས་ཟན་གཏད་སོགས་ཆེན་པོ་མི་ཉན་པ་ལ་ཟེར་གྱི་དགེ་རྩ་མི་ཉན་པ་ལྟ་བུ་མིན་ནོ། །རྟ་སྦྲུལ་ལིར་ཤི་སོགས་གཞུང་གིས་གསལ། སྔར་ཤི་བའི་གཤིན་པོ་རྗེས་མའི་དབང་ཐང་གིས་ད་ལོ་ཤི་བའི་གཤིན་པོའི་དབང་སྐྱེད་ན་དཀར་པོ། མི་སྐྱེད་ན་ནག །གསོན་གཤིན་རྒྱ་འདྲེའི་རྡེལ་ནི། གཤིན་སྲོག་གིས་གསོན་སུ་རྒན་དེའི་སྲོག་


MR26_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐྱེད་ཅིང་། རྒན་པ་དེའི་དབང་གིས་གཤིན་དབང་བསྐྱེད་ན་དཀར་པོ་ཐོབ་གཤིན་སྲོག་གིས་གསོན་སྲོག་བཅད་ན་གསོན་ལོ་བཅོམ་པ་ཡིན་ལ། དེ་བྱུང་ན་གཤིན་པོའི་ལོ་སྲོག་གི་དགྲར་གྱུར་པའི་ཟླ་བ་ལ་བབ་དུས་འདུར་ཤིང་བྱའོ། །གསོན་རྣམས་ཀྱི་བདུན་ཟུར་དང་བཞི་གཤེད་དུར་ཞུགས་ཀྱི་ཟླ་བ་ནི་གཉན་པས་འདུར་མི་རུང་ལ། གསོན་པོའི་དུར་ཉི་ལའང་བཤོལ་ཞེས་སོ། །སྐྱེ་གནས་དཔྱད་ལ་གོང་གི་རྩ་བ་བཅུའི་སྲོག་དབང་ཁམས་ཀྱི་བཏང་གཅོད་གསུམ་བབ་སྤར་བབ་སྨེ་ལ་ཀེག་རྩིས་ལྟར་རྩུབ་མེད་ན་དཀར། ཡོད་ན་ནག་པའི་རྡེལ་གཉིས་ལོ་ཟླ་སྟོད་དཀར་སྨད་ནག་གི་རྡེལ་གཉིས། ཉིན་དཀར་མཚན་ནག་གི་རྡེལ་གཅིག །གཟའ་སྐར་བཟང་དཀར་ངན་ནག་གི་རྡེལ་གཉིས། དོ་བདག་ཀེག་ཆེ་ཆུང་ཞེས་པ། གཤིན་པོར་རྩུབ་བདུན་དགུ་དུར་སོགས་ཀེག་རྩུབ་ཆེ་ན་ནག་ཆུང་ན་དཀར་བའི་རྡེལ་གཅིག་སྟེ་བཅུ་གཅིག་དང་། དེ་སྟེང་གཙོ་ཆེ་བ་དབང་ཐང་དང་ཁམས་རྡེལ་འདུང་ཤིང་སྐབས་ལྟར་བྱས་པའི་རྡེལ་གཅིག་སྟེ་བཅུ་གཉིས་པོ་རྩ་རྡེལ་བཅུ་གཉིས་ཏེ། དེ་ཐམས་ཅད་དཀར་ནག་བགྲངས་བས་ཁ་དམར་རྡེའུ་བཞག །བཏང་བཅོད་དངོས་འཛིན་རྡེའུ་བདུན་བགྲངས་ལུགས། བཤད་མ་ཐག་པའི་བཏང་གཅོད་གསུམ་དང་། སྨེ་བ་དཀར་གསུམ་དང་དམར་གཉིས་སེར་གསུམ་དང་ནག་གཉིས་ལྗང་དང་གསུམ་སྟེ་བཞི་ངོས་འཛིན་ལ་བརྩིས་འདུག །དེ་ལ་རི་སྐྱེལ་ཤིང་སོགས་དུར་ལྔ་གང་བྱེད་ལ། འཐབ་ཟླ་གཤིན་པོའི་རུས་ཁམས། ཤི་བའི་ལོ་ཟླ་ཞག་དུས་བཞིའི་དབང་ཐང་། འཆི་ཉིན་གཟའ་སྐར་གྱི་ཁམས་གཤིན་པོའི་སྲོག་ལུས་དབང་ཀླུང་བབ་སྨེ་བབ་སྤར་བཅས་པ་བཅུ་གསུམ་པོ་ཡིན་ལ། ཤིང་དུར་ལ་ཇི་མེ་ཁམས་པས་ཤིང་ལ་འཐབས་པས་མ་ལ་བུ་དུར་དཀར་པོ་གཉིས་སོགས་རྡེའུ་བོར་ལུགས་གཞུང་ན་གསལ། རྡེའུ་བཅུ་གསུམ་པོ་སོ་སོར་རུས་ཁམས་རྒྱལ་པོའི་གྲལ་ས་ཞེས་རྒྱལ་པོ། གནམ་ལོ་དཔྱད་མཁན་དར་ཐོགས་ཞེས་རྩིས་པ་


MR26_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་ངན་སོགས་ཁ་དམར་གཞུང་བཞིན་ནོ། །རྡེལ་རོ་འདོན་པ་ལ། གཤིན་པོའི་ཤི་ཟླ་དེ་ཡི་སྲོག་རྐྱང་པ་ལ་གཤིན་པོའི་སྲོག་སོགས་བཞིས་འཐབ་པ་རང་རྡེལ་དང་། གཤིན་པོའི་སྲོག་སོགས་ཀྱི་མ་བུ་དགྲ་གྲོགས་ལྔས་ཤི་ཟླའི་སྲོག་འཐབ་ཟླར་བྱ་སྟེ་དཔེར་ན་ཤི་ཟླའི་སྲོག་ཤིང་ཡིན་ན་གཤིན་སྲོག་མེ་པ་མ་ཕྲད་བཞིན་ནོ། །དེ་ནས་དཀྲུགས་ཚེ་མ་གྲོགས་ས་ཆུ་ནང་ཕྲད་དཀར། བུ་དགྲ་མེ་ལྕགས་ཤིང་། གསུམ་ནང་ཕྲད་ལ་ནག་པོ་བཅས་བོར་ནས། དང་པོ་སྲོག་གི་དགྲ་དང་དེའི་རྗེས་སུ་འཕྲེད་ལ་ལུས་ཀྱི་དངོས་དང་། དེ་རྗེས་དབང་ཐང་དགྲ་དང་ང་རྟའི་དངོས་དེ་བཞི་འཕྲེད་ལ་བསྒྲིག་པ་སོགས་འདི་ལྟར་དཀྲུགས་ལ་བསྒྲིག་གོ། དེ་ལྟར་བསྒྲིགས་པའི་ནང་ནས་རྡེལ་རོ་ལེན་ལུགས་ནི། ཐང་ཤིང་སྐབས་ཀྱི་དཀར་ནག་ཤི་བ་ལྟ་བུ་གང་བྱུང་རྡེལ་རོ་སྟེ་ལེན་པར་བྱ་ལ། དེ་ཡང་ཟུར་ལ་གསུམ་གྱི་དཀྱིལ་དུ་བྱུང་བས་ཆོག་ལ། དབུས་སུ་བཞི་དཀྱིལ་བྱུང་བ་སྟེ། དཔེར་ན་འདི་ཡི་བཞི་པ་དེ་རྡེལ་རོ་དཀར་པོ། ལྔ་པ་རྡེལ་རོ་ནག་པོ། བཅུ་པ་རྡེལ་རོ་ནག་པོ། བཅུ་གཅིག་པ་རྡེལ་རོ་དཀར་པོ་ཡིན་པ་ལྟ་བུར་ཤེས་པར་བྱའོ། །རྡེལ་རོ་གང་དུ་བྱུང་བ་དེའི་ས་མལ་ཅན་དང་། ཁྱད་པར་གཤིན་དང་མཐུན་གསུམ་ལོ་བར་རྩུབ་བོ། །གཞན་ས་


MR26_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་བཅོ་ལྔ་པོའི་ས་བཅད་བསྡོམས་ལ་ནང་སེལ་རྡེལ་གྲངས་སུ་བྱས་པའི་གྲངས་མང་པོ་རྣམས་འབྲས་བཤད་སྐབས་གསལ་ལོ། །ད་ནི་དེ་དག་གི་འབྲས་བུ་བཤད་པ་ལ། དང་པོ་འབྲས་བུ་ལ་གསོན་རྩིས་ནང་། གཟའ་ཚང་ལོ་ཕན་ཚུན་བདུན་ཟུར་མང་བ་སོགས་དང་། རུས་ཁམས་དང་སྦྱར་ལོ་འབྲས་སོགས་གཞུང་བཞིན། བླ་རྡེལ་བཅུ་གཉིས་ཁ་དམར་སྤྱིར་མི་རྒན་སེ་སྟོད་བུད་འདྲ་སོགས་འདི་ཞེས་དམིགས་བཟུང་བུ་སོགས་སུ་མི་སྣང་ཡང་རང་ལོ་དཀར་པ་དང་བདུན་ཟུར་ནག་པ་གཉིས་བཟའ་ཚང་ལ་བརྩིས་པའི་སྤྱི་དབྱིབས་ལས་བརྟག །སྟོང་ཞེས་ཆད་ཆེན་ངོས་བཞི་ལ་གཅིག་ཀྱང་མེད་ན་སྟོང་པ་ཡིན། མ་ལོའི་རྡེའུ་རགས་གྱུར་ཞེས་མ་ལོའི་མདུན་རྡེའུ་ཡོད་ཀྱང་བུ་མདུན་སྟོང་ན་དང་། ཡང་ན་མ་ལོའི་མདུན་སྟོང་ན་ཞེས་སོ། །དཀར་ནག་བསྟུད་པ་ནི་དུ་མ་བྱུང་བའོ། །དེ་ཡང་རྒན་རིམ་ནས་བཞག་པའོ། །གཉིས་གསུམ་ཚོགས་ནས་བསྟུད་པར་བརྩི། གྲོགས་ལོ་ཆེ་དཀར་ཆུང་ནག་ལྟ་བུའང་ཁྲ་བོར་གཏོགས། རང་ལོ་ལ་རུས་ཁམས་ཀྱིས་བརྒྱབས་པ་སྟེ་དགྲར་གྱུར་ན། དགྲ་ལ་གུས་ཕུལ་ཏེ། ཁྲ་བོ་བློ་ཐུབ་སྨེ་བའི་ཟང་ཀྱམ་ལ། གསོན་པོ་སྐྱེ་སྨེ་བདུན་དམར་མང་པ་སོགས་སོ། །ལོ་གྲངས་སྒྲེན་ནི་སྔར་ལོ་གཉིས་གསུམ་སོགས་ཀྱིས་བར་བཅད་དེ་དེ་ནས་འཆི་བ་ལྟ་བུ་གྲངས་ངེས་ལ་ཤི་བ་མང་བ་དང་ད་ཡང་དེ་ལ་འགྲིགས་པ། མི་གྲངས་གསུམ་བཞི་སོགས་ཀྱི་གྲངས་ཐོག་འཆི་བ་ལྟ་བུ་ད་ཡང་ཡོད་པ་མི་གྲངས་ལ་སྒྲེན་པ། ན་ཚོད་སྒྲེན་ནི་དར་ཤི་མང་བ་ལྟ་བུ་དང་། སྔར་ན་ཡོལ་ཤི་ཞིང་ད་ཡང་ན་ཡོལ་ཡོད་པ་ལྟ་བུ་ན་ཟླའི་སྒྲེན་སྔར་གྱི་གཤིན་པོ་དང་ལོ་གྲངས་གཅིག་པ་ད་ལྟ་ཡོད་པ་སྟེ་གཤིན་པོའི་ཤི་བའི་ལོ་གྲངས་ཅན་ད་ལྟ་ཡོད་པ། ཤི་ཐབས་སྒྲེན་སྔ་མ་གཟའ་ནད་ལྟ་བུས་ཤི་ན་ད་ལྟ་ཡང་གཟའ་ནད་ཕོག་པ་སོགས་དེས་འཆི་དོགས་པ་ཡོད་ན་ཡིན། ཕྱོགས་སྒྲེན་ནི་སྔར་ཤར་དུ་རྒྱ་ནག་ཏུ་ཕྱིན་ནས་ཤི་བ་


MR26_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་ད་ལྟ་དེར་འགྲོ་མཁན་ཡོད་ན་སྒྲེན་ཕོག་པ་ལྟ་བུའོ། །སྒྲེན་ཕོག་ན་རྡེལ་ནག་མ་ཕོག་ན་དཀར་བའོ། ༈ །འཆི་དུས་ཀྱི་རྡེལ་ཕྲན་ཉེར་གཅིག་གི་སྤར་ཁ་དགྲ་རང་ནི། སྟག་ཡོས་དྭར་བབ་དང་ཟིན་བབ་ལྟ་བུ། སྤར་ཁའི་བདུད་སྒོ་ནི་ཕྱོགས་བཞིའི། ལི་ལ་མ་མོ། དྭ་བཙན། ཁམ་མཚོ་སྨན། ཟིན་ས་བདག་བདུད་སྐོར་བཤད་ལ། དེ་ཡང་སྐྱེས་སྤར་ལས་བརྩི་བ་འདུག་ཀྱང་འདིར་སྐྱེས་སྤར་ལ་བརྩི་དོན་མེད་པས། དུར་སྤར་ཡིན་ནམ་སྙམ། བུ་ཡིག་ལས་མ་གསལ། གསོན་དང་གཤིན་སྤར་ཁ་གཅིག་ལ་སྤུང་པ་འཕུང་ཆགས་ཞེས་ཏེ་སྤར་ཁའི་འཆི་དུས་ལྔ། སྨེ་བའི་གེགས་ཕྲན་བཞི་ལ་བབ་པ་དང་། སོ་སོའི་གཉིས་ནག་ལ་བབ་པ་དང་། གཟའ་ཚང་སྤྱིར་རོ་འདོད་ཡོད་པ་སྟེ་སྨེ་བའི་ཤི་དུས་དྲུག །ལོ་འགྲོས་འཆི་དུས་བཅུ་གཉིས་ནི། རང་ཀེག །བདུན་ཟུར། མཐུན་གསུམ། བཞི་གཤེད། ཁྱིམ་མཚེས། རྐྱ་མདའ་ཐུག་པ། སྲི་ངན། གསང་བེག །ལོ་སྐར་ཆེ་བ། ཆུང་བ། ལོག་མིན་བདུད་གཅོད། བླ་འཁྱམས་བཅས་སོ། །དེ་ཡང་ལོ་ཟླ་ཞག་དུས་ལ་བརྟག་ཅེས་འདུག་གོ། དར་གུད་ནི་སྲོག་སོགས་བཞི་གནམ་ལོར་གཏུགས་པའི་བཟང་དྲུག་དཀར་པོ་ངན་དྲུག་ནག །དགུ་མིག་རྐྱང་པ་དང་། གཤེད་འདོམས་སྦྲག་མ་ཀེག་རྩིས་བཞིན་དང་། དུར་མིག་ཚུད་པ་ལ་གཤིན་པོའི་སྲོག་ལུས་དབང་ཀླུང་བླ་ལྔ་རང་མ་བུ་གྲོགས་དགྲ་ལྔར་ཕྱེ་ནས་སོ་སོའི་དགུ་མིག་ཡིན་མིན་ལྔ་སྟེ་སྲོག་གི་རང་མ་སོགས་ལྔ་ཀའི་བཏང་གཅོད་གཅིག་ཏུ་བསྡུ་སོགས་འགྲེ། སྤར་ཁའི་དགུ་མིག་ཕོ་ལི་མོ་ཁམ་ལ་ཐུག་མིན། སྨེ་བའི་དབུས་བབ་དང་བྱིས་པ་གཅིག་དཀར་ལ་བབ་སོགས་ཡོད་མེད། རུས་ཁམས་རང་མ་བུ་གྲོགས་དགྲ་ལྔའི་དུར་མིག་ཡིན་མིན་ལས་བཏང་གཅོད་བཞག །ཟླ་ཞག་


MR26_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ། རང༡་་བདུན་༢ མཐུན་༣ བཞི༤ ལོ་སྐར་ཆེ་ ༥ ཆུང་༦ བཅས་ཐུག་མིན་དང་བཅས་བརྟག །དེ་རྣམས་ལས་སྤར་ཁའི་འཆི་དུས་ལྔ་ལྟ་བུ་ལས་གང་རུང་བྱུང་ན་འཆི་དུས་ཡིན་པས་རྡེའུ་ནག་པ་ལྟ་བུ་ཀུན་ལ་འགྲེ། དེ་ལྟར་སྤར་སྨེ་ལོ་གསུམ་དང་སྲོག་སོགས་དར་གུད་བཞི། རྐྱང་བའི་དགུ་མིག །སྦྲགས་མིའི་དགུ་མིག་གཉིས་དང་། སྲོག་དུར་ཞུགས་སོགས་བླ་བར་ལྔ་དང་། སྤར་ཁ་དང་སྨེ་བའི་དགུ་མིག་གཉིས། རུས་ཁམས་ཀྱི་གཅིག །ལོ་ཟླ་ཞག་གསུམ་གྱི་གསུམ་སྟེ་ཉི་ཤུ་ཐམ་པ་དང་། ཉི་ཤུ་དཀར་ནག་བགྲངས་པའི་སྤྱིའི་ཁ་དམར་རྡེལ་གཅིག་སྟེ་བཏང་གཅོད་རྡེའུ་ཉེར་གཅིག་ལ་འཆི་དུས་རྡེལ་ཕྲན་ཉེར་གཅིག་ཏུ་འཇོག་པ་འདྲ་སྟེ་བུ་དཔེའི་ཁྲ་མར་དེ་ལྟར་འདུག །འདི་སྐབས་གཞན་ལུགས་ལ། གཤིན་པོ་རང་སྐྱེས་དུས་ཀྱི་ཕ་ཡི་བབ་སྤར་དང་། ཤི་ལོའི་བབ་སྤར་གཅིག་པའམ། ཁེན་ལ་བབ་ཀྱང་བ་ཀླུང་གི་འཆི་དུས་ཡིན་ཅེས་དང་། བཙས་དུས་མ་ཡི་ཕྱི་ལོག་མིན་ནང་བབ་སྤར་གསང་བ་བབ་སྨེ་བཅས་དང་། གཤིན་པོ་ཤི་དུས་ཕྱི་གསང་བ་གཅིག་ན་དང་། ཡང་ཁོན་ལ་བབ་དུས་མ་ཀླུང་གི་འཆི་དུས་ཡིན་ཅེས་པ་དང་། རྟ་སྦྲུལ་ལི་སོགས་རང་ཐོག་དང་། རང་ལོ་དང་ལོག་མིན་གཅིག་དུས་འཆི་དུས་ཡིན་ཞེས་སོགས་རང་བཟོ་སྦྱར་བ་ལ་སྙིང་པོ་མེད་དེ་ལོག་མིན་དེ་གཉན་པ་ཡིན་གྱི་འཆི་བའི་རུས་མིག་ཏུ་བྱེད་པ་མི་འཐད་ཅེས་དང་། གཞན་ཡང་གཤིན་སྲོག་དང་དེའི་ཕ་མའི་སྲོག་སྤྲད་པའི་ཚེ་ཚད་ཀྱི་དུས་ལས་གཞན་དུ་ཤི་ན་དུས་མིན་དང་། དེ་ཡང་དུས་མིན་ཡིན་ན་དུས་ཚོད་ཡོས་དུས་ཤི་ན་ཚེ་ལྷག་ལོ་གསུམ་སོགས་ཡོད་པ་དང་། ཟབ་གནད་ལ་དར་མ་ཤི་ན་ཚེ་ཚད་མི་བསྒྱུར། རྒན་བྱིས་ཡིན་ན་བསྒྱུར་ཏེ། ལོ་གྲངས་ཟླ་བ། ཟླ་བ་ཞག །ཞག་དུས་དང་། དུས་ལོ་རུ་བསྒྱུར་ཞེས་འབྲས་བུ་སྟོན་པ་ནི། དེ་གོ་ལོག་མུ་ཅོར་ཡིན་ཏེ། གོང་གི་ཚེ་ཚད་དང་ཚེ་ལྷག་མི་འགྲིག་པ་སོགས་བརྩི་


MR26_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དངོས་སུ་སྣང་བས་གནོད་ཅེས་བུར་བཤད་འདུག་ཕྱོགས་སྔའི་ཞེ་འདོད་གསལ་བར་བཀྲལ་མི་འདུག །ལེ་ལན་སྐབས་སྲོག་དགྲ་དར་དང་ལུས་རྡེལ་ནག་ན་སོགས་ནི་རྩ་བ་བཅུའི་བཏང་གཅོད་ལས་བརྟག །བྱེ་བྲག་རྡེལ་ཁོང་དེར་ལྕགས་དགྲ་མེ་ཕྲད་མང་སོགས་ལས་ལྕགས་ལ་མེས་བཅད་སོགས་བརྟག་ཁྱད་པར་གནམ་ལོར་བརྟག་ཟེར། ལོ་སྟག་ལོ་ཤི་ན་སྤྲེལ་ལོ་ལ་བདུད་བཅད་ཅེས་བླ་ཁྱེར། དེ་བཞིན་ཟླ་ཞག་དུས་གང་ལ་ཤི་བ་དེ། སྔར་ཟླ་ཞག་དུས་དེའི་བདུན་ཟུར་ལ་བདུད་བཅད་ཅེས་སོ། །རྩ་བར་ལོ་གང་ཤི་དེའི་བདུན་ཟུར་ཟླ་བར་བདུད་བཅད་ཅེས་པའོ། །ལོ་སོགས་བཞིར་བརྟགས་ནས་ལེ་ལན་སྔར་ཡོང་དང་མཐུན་ཤེས་ཆེ་བ་དེ་འཛིན་ཞེས་བཤད། སྤར་ཁའི་ལེ་ལན་ནི་ཀེག་རྩིས་སྤར་ཁའི་སྐབས་ལྟར་བསྲུང་བྱ་ཉམས་པའམ། དེར་བཤད་ནད་གདོན་ཕོག་ན་དུས་ཀྱིས་སྐྱོན་དང་། དེ་མེད་ན་འཕྲལ་རྐྱེན་ཡིན་ལ། འདི་སྐབས་ཀྱི་སྤྱི་དོན་གསུམ་པ་དང་བསྟུན་ནས་བརྟག་ཅེས་སོ། །ལི་ལ་ནུབ་བྱང་མཚམས་ནས་བདུད་བཅད་དེ་གནོད་པ་ཡིན་ཞེས་སོགས་འགྲེ། ཤི་ལོའི་སྤར་སྨེ་ལས་འདྲེ་གདོན་སུས་ཁྱེར་སོགས་གསལ། གཤིན་པོའི་ལོ་གང་ཡིན་ལས་གཤེད་གབ་ལུགས་སོགས་དང་། ཞག་དུས་གཟའ་སྐར་གང་ལ་ཤི་འབྲས་གཞུང་ན་གསལ། འདུར་ཐང་བཅོ་བརྒྱད་ཀྱི་ཡིད་ཚང་འདུར་ཐང་སོགས་གཞུང་གིས་གསལ། འདུར་ལུགས་བཅུ་གསུམ་ནི་རོ་བདག་གི་གཤིན་པོ་འདུར་ལུགས་ལས་བཏགས། འདུར་ཐང་སོགས་གང་མིན་པ་དེར་རྡེལ་ནག །ཡིན་པ་ལ་རྡེལ་དཀར་བཞག་འདུག་ཀྱང་སྤྲོས་པ་ཙམ་སྟེ། དོན་ལ་འདུར་ཐང་སོགས་གང་ཐོབ་ལྟར་བྱ་དགོས་ཀྱི་གཞན་མི་འོས་སོ། །ཟན་གཏད་མི་རུང་བཅུ་གསུམ་ནི་ཞེས་པ། བཅུ་གསུམ་ཟན་གཏད་མི་རུང་བ་ནི་ཞེས་པའི་དོན་ཏོ། །སྤྱིར་ལྷ་མི་ངན་སོང་སྐྱེ་བ་གསུམ་དང་བྱེ་བྲག་བཅས་གཞུང་ན་


MR26_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ། སྲོག་སོགས་དར་བ་ནི་གནམ་ལོར་འཐབས་པས་རྡེའུ་དཀར་བ། རྩུབ་བདུན་སོགས་ཀེག་ཆུང་བ། དབང་གིས་གནམ་ལོར་ཕར་གཅོད་པ་དར་གུད་གཟའ་སྐར་འབྲིང་ཞེས་དར་གུད་གནམ་ལོར་གཏུགས་པའོ། །ལོ་ཟླ་གཉིས་གནམ་ལོའི་སྨེ་ཕྲེང་དང་བསྟུན་པའི་སྨེ་བ། ཞག་ཚེས་འཆར། དུས་ཉིན་དགུ་མཚན་དགུའི་སྨེ་བ་ཐམས་ཅད་གཉིས་ནག་ལ་བབ་དུས་ཤི་བ་དང་། བབ་སྨེ་གཉིས་ནག་བཅས་འདོམས་ན་དམྱལ་བར་སྐྱེ། གཞན་མ་སྟེ་བབ་སྨེ་ཙམ་གཉིས་ནག་ཡིན་ན་དོམ་སྤྲེའི་ལུས་ལེན། དེ་བཞིན་བབ་སྨེའི་འབྲས་བུ་གཞན་གསལ། གཞན་ཡང་ལོ་ཟླ་ཞག་དུས་བཞིའི་སྲོག་ལུས་དབང་ཀླུང་བླ་སྟེ་ལུས་མ་གནམ་ལོའི་སྨེ་ཕྲེང་དང་བསྟུན་པའི་སྨེ་བ་བཅས་ལ། གཤིན་གྱི་སྲོག་ལུས་དབང་ཀླུང་བླ་དང་རབ་ཀླུང་ཞེས་སྐྱེས་སྨེ་བཅས་ལྔས་འཐབ་པས་ཉེར་ལྔ་ཁ་དམར་ལྔ་བཅས་སུ མ་ཅུ་འབྱུང་ངོ་། །གཞན་ལུགས་གསལ། འཆི་དུས་ཀྱི་ཉི་མ་སོགས་གསལ། དར་གུད་སྲོག་སོགས་བཞི་གནམ་ལོར་ཁྱེར་འབྲས་སོ། །འཆི་ལུགས་ར་མདའ་སོགས་གཞུང་བཞིན་ནོ། །རོ་རིགས་གཞུང་བཞིན་། ཤང་དཀར་ནི་ཟླ་བ་རྡིབ་པ་སྟེ་སྐད་མ་ཐོན་པར་ཤི་བ། གྲགས་པ་ནི་སྐད་ཐོན་ཙམ་ཤི་བ། སྐད་ཐོན་ནས་ཞག་ཤས་ཤི་ན་གྲགས་རྒྱལ་ཞེས་སོགས་གཞུང་གིས་གསལ། ཐོག་གྲི་རྐུན་པོ་ཞེས་པ་ཐོག་གིས་བསད་པ། ཤངས་དཀར་ནི་ཐོག་འོག་ཤོར་བ་སྟེ་སྔ་མ་དང་དོན་གཅིག་ཅེས་འདུག་ཀྱང་གྲི་རིགས་བཅུ་གསུམ་བཤད་པ་འདི་ཡང་མི་གསལ་ནག་ནོག་ཅན་དུ་འདུག་ལ་ཕྱི་མ་གསུམ་གང་ལ་ཟེར་བརྟག །བྱང་དུ་འབྲོང་གིས་བསད་སོགས་སྦྱར། བུ་མང་ཡོད་པ་ལོགས་སུ་མ་ཕྱེ་བ་ཞེས་སྦྱར། མཚུན་གཞུང་གསལ་ལ་ཕོ་ཡུལ་ལྷ་ལ་རིགས་བཞི་སྟེ་ལོ་གཅིག་པ་ཤི་ན་བྱར། བརྒྱད་དགུ་ཐོན་བུ། བཅུ་ནས་བཅུ་གསུམ་བར་སྣེལ། འབྲིང་པོ་ཞེས་གཉིས་ནས་བདུན་བར་ཤི་ན་


MR26_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ས་ཞེས་བྱ་སྟེ་དེ་ལྟར་བཞི་ཞེས་སོ། །གཞན་ཡང་ལོ་གྲངས་ཀྱིས་བརྟགས་ཏེ་མིང་འདོགས་ལུགས་ཤེས་པར་བྱའོ། །ལི་ཡིས་ཡོས་མ་སོགས་ནི་ལིར་བབ་ན་ཡོས་བརྔོ་བའི་སླ་ང་ཐོག་མ་ལ་ངན་པ་སོགས་ནི་སྤར་རྡེལ་ནག་ན་དེ་ལྟར་འོང་བ་སོགས་སོ། །སྐར་དྲུག་ལྕགས་ཁམས་སྤྲེལ་གསུམ་བརྒྱུད་ཅེས་པའི་རུས་ཁམས་ལྕགས་སྤྲེལ་སུམ་བརྒྱུད་ཤི་བའི་ལོ་ཟླ་ཞག་གསུམ་ལ་སྤྲེལ་བྱུང་བའོ། །འདི་རྣམས་ཐམས་ཅད་འདོམས་དགོས་མིན་ཀྱང་འདི་རིགས་བསྲེགས་ན་ངན་པ་ཡིན་ལ། ཅི་རིགས་འདོམས་ན་དེ་བས་མི་རུང་ངོ་། །བསྲེག་མི་རུང་བ་ལ་གཤིན་པོ་བྱ་སྤྲེལ་ལོ་པ་ནས་དྲུག་ལོག་མིན་པའི་བར་སོ་གཅིག་ཡོད་པར་བཤད། བྱ་སྤྲེལ་ལོ་པ་ཁམས་ནི་ལྕགས་ཞེས་པ། སྤྱིར་ལྕགས་ཁམས་བསྲེག་མི་རུང་བའི་ཚིག་སྟེ་འོག་གི་སྤར་སྨེ་སོགས་ལ་སྦྱར་རོ། །བསྲེག་པར་བཟང་བ་དགུ་ནི་གནམ་ལོ་གཤེད་བཞི་ཡིན་པ། རྟ་སྦྲུལ་ཡིན་པ། གཤིན་པོ་གཤེད་བཞི་ཡིན་པ། རྟ་སྦྲུལ་ཡིན་པ། གཤིན་པོ་བབ་སྤར་མེ་ཡིན་པ། ཡང་ན་ས་ཡིན་པ། གཤིན་བབ་སྨེ་མེ་ཡིན་པ། ཡང་ན་ས་ཁམས་སྨེ་བ་ཡིན་པ། གསོན་པོ་བྱི་ཕག་ལོ་པ་མང་ན་སྟེ། དེ་དགུ་གང་ཡིན་ཀྱང་སྲེག་པ་བཟང་། བཅུ་ཞེས་པ་བཏང་གཅོད་བརྩིས་པ་སྟེ་གོང་འོག་ཀུན་ཏུ་དེས་འགྲེའོ། །སྦ་རུ་མི་རུང་བ་རྡེལ་བཅུ་དགུ་བཏང་བཅས་ཉེར་གཅིག་བཙད་པོ་དང་དགེ་བཤེས་སོགས་ནས་རིམ་བཞིན་ནོ། །འདི་སྐབས་ཀུན་ཏུ་སྤར་སྨེ་གང་བབ་དེ་དང་ཤི་དུས་ཀྱི་གཟའ་སྐར་སོགས་ཡིན་ནོ། །སྦ་བཟང་བཅུ་གོང་གི་སྲེག་སྐབས་ལྟར་བྱ་སྤྲེལ་སོགས་ལ་སྦྱར། །སྒྲུབ་མི་རུང་བཏང་བཅས་ཉེར་བཞི་དང་། བཟང་བ་བཅུ་བཅས་དང་། ཆུར་བསྒྱུར་མི་རུང་བཏང་བཅས་ཉེར་ལྔ་བཟང་བ་བཅུ། རི་སྐྱེལ་མི་རུང་བཏང་བཅས་ཉེར་གཅིག །བཟང་བ་བཅུ་བཅས་གོང་ལྟར་བསྒྲེས་པས་ཤེས། རོ་ཆས་རོ་རྫོངས་སྐོར་ལ། བཀྲ་འདུར་སོགས་


MR26_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཁ་མི་གསལ་བ་ལས་སྤྱིར་གཞུང་གིས་ཤེས། བཀྲ་ཡིན་ཀྱང་ཆུང་ཤི་བ་སོགས་ལ་དམིགས་བསལ་འདུར་ལུགས་གཞུང་གིས་གསལ། བཀྲ་ལུས་ནག་ཤི་སོར་ཤི་སོགས་བུར་མ་མཐོང་ཡང་། བཀྲ་དེའི་ལུས་སྨེ་གང་ཡིན་ལས་འདྲའོ། །ཆུང་ངུར་སྤྱི་བྱེ་བྲག་ཆས། བཞག་ས་སྦས་ས་མནན་ས་དྲུག་དྲུག་དང་། འགོ་ལྷ་དྲུག་བདུད་བརྒྱད་སོགས་གཞུང་ལྟར། དེ་ལ་བཞི་པ་ལྔ་པ་སོགས་གྲངས་ཕལ་ཆེར་བྱུང་བ་ཐོན་བུ་ནས་བུ་ཚ་རྣམས་རིམ་བཞིན་བགྲང་ངོ་། །གཉིས་ནག་གར་ཡོད་ལ་ནག་ཐིག་བྱས་ན་བུ་དེ་སླར་ཡང་ཕ་མའི་མངལ་དུ་ཆགས་དུས་གནས་དེར་སྨེ་བ་ཤ་མཚན་ཡོད་ཟེར་བ་འདྲ་སྟེ་དཔྱད། བུའི་སྐྱེས་སྨེ་དབུས་བཅུག་ཡིན་ནམ་སྙམ། སྤར་ཁའི་གནམ་སྨན་ནི་མ་ཡིའོ། །སྨེ་ཕྱོགས་གནམ་སྨེ་དབུས་བཞག་གིས་བརྩི། ཆུང་ངུར་དེ་སྤར་སྨེ་གང་གི་ཕྱོགས་སུ་བཏང་བའི་འབྲས་ཡིན་ནོ། །ལོ་བརྒྱད་ཚུན་ཆད་ཆ་ལུགས་གཅིག་ཅེས་པ་བྱིས་པ་ལོ་བརྒྱད་ཚུན་ཆད་ཤི་ན་ཆ་ལུགས་གཅིག་ལ་ཞེས་སྤྱིར་བཏང་ནས། ལོ་གསུམ་ཚུན་མ་དམིགས་འདྲིས་ས་སྟེ་མཐོང་ས་སོགས་སུ་སྦ་ཞེས་སོ། །བརྒྱད་ནས་བཅུའི་བར་མཚུན་ལྷ་སྨན་ཞེས་པ་ཡིན་གྱི་ཆུང་ངུར་མིན་ཞེས་སོ། །དམར་ཆོད་རྣམས་གཞུང་གིས་གསལ། ལྟེ་བསྒྱུར་སྐབས་མགྱོགས་པ་དང་པོ་སོགས། ཐབས་དང་པོ་གཉིས་པ་སོགས་ཟེར་བ་ཡིན་གྱི་བུ་ཚའི་གྲངས་མིན་ནོ། །ཕྱིའི་མགྱོགས་པ་ལས་ཆུ་མགྱོགས་མེ་ཏོག་འཐོར་ཞེས་ཆུ་དྲག་ཏུ་བབས་པས་སྦུ་བ་འཕྱུར་བ་ཡིན་ནམ་སྙམ་གཞན་གསལ། གཅེས་དུར་བཏང་བཅས་བཅུ་གསུམ་གཞུང་གིས་གསལ། ༈ ཟློས་པ་ཡོད་མེད་ལ། རྭ་བསེའི་རྩ་རྡེལ་བཅུ་གཅིག །འགྲམ་ཕྲན་བརྒྱ་སོ་དྲུག །སྒྲ་འབྱིན་བརྒྱ་ང་གསུམ། འདུག་སྟངས་རྡེལ་བཞི་བཅས་ལས། དང་པོ་ལ། ལོ་ ༡ཡི་རྭ་བསེ་གནམ་ལོ་གཤིན་སྲོག་གི་དགྲ་སྟག་ལ་བྱ་སྤྲེལ་ལྟ་བུ། དུར་ལོ་དུར་ཆུང་


MR26_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་མར་བཞི་གཤེད་བདུན་ཟུར་རང་ཀེག་མཐུན་གསུམ་མཚེ་མ་དཀར་ཆེན་དཀར་ཆུང་དང་། མཚེ་མ་དྲུག་འདིར་བཞེད་པ་མང་ཡང་བུ་ཡིག་ཏུ། ཆུ་སྟག་མེ་སྟག་གཉིས་ཤིང་གདུག་པ་ཅན། ཆུ་སྦྲུལ་མེ་སྦྲུལ་གཉིས་མེ་གདུག་ཅན། ལྕགས་སྤྲེལ་ཤིང་སྤྲེལ་གཉིས་ལྕགས་གདུག་ཅན། ཤིང་ཕག་ལྕགས་ཕག་གཉིས་ཆུ་གདུག་ཅན། མེ་ཡི་བྱ་སྤྲེལ་དང་ལྕགས་ལུག་གསུམ། མེ་བྱི་ཆུ་ཕག་གཉིས་ཏེ་སྡེ་ཚན་དྲུག་ལ་བཤད་འདུག །འདི་དྲུག་གཤེན་དང་གནམ་ལོར་འདོམས་ནའོ། །འདི་ལ་ནག་འཐུས་ཀྱང་་ཟེར། ཡང་ན་ལོག་མིན་དང་འདོམས་ཀྱང་ཡིན་ནོ། །ངན་ཀླུང་བཅུ་གཉིས་ལྕགས་བཞི་མེ་བརྒྱད་གནམ་ལོར་ཤར་བ་དང་། ལོག་མིན་ཀྱང་སྲོག་གི་དགྲ་དུར་བཞི་གཤེད་བདུན་ཟུར་རང་ཀེག་མཐུན་གསུམ་དཀར་ཆེ་ཆུང་། ལྕགས་བཞི་མེ་བརྒྱད། བྱེ་བྲལ་ཕུང་གྱོད། རུས་གཅོད། གནམ་སྒོ་ས་སྒོ་བཅས་ཡོད་མེད་བརྟག་པས་ལོ་དང་ཕྱི་གཟའ་བཅས་ལ་ངོས་འཛིན་རྡེལ་ཉེར་བདུན་བུ་ཡིག་ཏུ་བཀོད་འདུག །རྩ་བར་བཅུ་དགུར་བཤད། འདི་རིགས་ལ་ངན་པ་གཅིག་ཡོད་ཕན་ཆད་ལོའི་རྭ་བསེ་བཏང་གཅོད་ནག །དེ་ཡི་ནང་གི་སྐྱོན་གཅིག་ཀྱང་མེད་ན་དཀར་བའོ། །སྨེ་བའི་རྭ་བསེ་ནི་ཀེག་ཕྲན་བཞི་བཏང་བཅས་ལྔ། སྤར་ཁའི་རྭ་བསེ་༣སྲོག་གི་དགྲར་དར། དུར་སྤར། ཕོ་ལི་མོ་ཁམ་བབ་པ་དང་གསུམ། དུར་གུང་༤ སྲོག་སོགས་གནམ་ལོར་གཏུགས་པས་ངན་དྲུག་བབ་ན་ནག །དེ་ཡང་སྲོག་སོགས་བཞི་ལ་དར་གུད་བཅུ་གཉིས་སྦྱར་བས་ངོས་འཛིན་ཞེ་བརྒྱད་དུ་བགྲང་། གང་རུང་ནག་ཕན་ཆད་བཏང་ནག །ཟླ་བའི་རྭ་བ༥སེ་བཏང་བཅས་བཅུ་གཉིས་ནི། གཤིན་སྲོག་གི་དགྲར་གྱུར་པའི་ཟླ་བ་དང་། གཤིན་ལོའི་བདུན་ཟུར། དུར་ཞུགས་ཟླ་བ། དུར་ཆུང་། བཞི་གཤེད། རང་ཀེག་མཐུན་གསུམ། མཚེ་མ། ལོ་སྐར་ཆེ་ཆུང་། ངན་ཀླུང་བཅུ་


MR26_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཅས་ཐུག་མིན། ཞ༦ག་ལའང་དེ་འདྲ་བཅུ་གཉིས། སྐར་མ༧འི་རྭ་བསེ་བཏང་བཅས་བཞི། སྐར་མ་མགོ བློས་སྐར། ཁམས་ཀྱི་དགྲ་སྐར། ཁ་དམར་བཅས་སོ། །གཟའ་༨ རྭ་བསེ་བཏང་བཅས་གསུམ། ཟློས་གཟའ། ཁམས་ཀྱི་དགྲ་གཟའ་བཏང་བཅས་སོ། །དུས་རྭ་༩བསེ་བཏང་བཅས་བཅུ་གཉིས་ཞག་དང་འདྲ་བར་དུས་ལ་བརྩི། གསོན༡༠་ལ་གནོད་གནོད་མིན་རྭ་བསེ་ནི་སྤྱིར་ས་བཅད་བཅུ་གཅིག་པའི་རྡེའུ་དང་བསྟུན་ནས་གསོན་སུ་ལ་ངན་ངོས་འཛིན་དགོས་ཀྱང་། ད་ལོ་ཤི་གསོན་སྤར་ཁ་གཅིག་པ་དང་གཤིན་པོའི་མཐུན་གསུམ་ལོ་པ་ཡོད་ན་ངན། མེད་ན་མི་ཟློས་སོ། །དེ་བཅུ་དཀར་ནག་བགྲངས་ལ་ཁ་དམར་བཅས་བཅུ་གཅིག་ལ་རྭ་བསེ་རྡེལ་རྩ་བཅུ་གཅིག་ཅེས་བུར་འདུག །ཡང་ན་ལོ་དང་ལོག་མིན་ཐ་དད་ཕྱེ་ན་བཅུ་གཅིག་དངོས་འབྱུང་། རྩ་བར་ཟླ་ཞག་དུས་ལ་རྡེའུ་བདུན་ཕུར་བཅུ་གཅིག་སོགས་དོན་འདྲ་ཡང་དབྱེ་སྒོ་རྒྱས་བསྡུས་ཀྱི་ཁྱད་ཙམ་མོ། ༈ །འགྲམ་ཆེ་ཆུང་སྐོར་ལ། རྟ་སྦྲུལ་ལི་ལ་ཤི་བ་ལྟ་བུ་རང་ཐོག་ཤི་བ་ལ་བདུད་ཀྱི་ཁོག་འགྲམ་ཟེར། དེ་ལ་རྟ་སྦྲུལ་ལིར་ཤི ལུག་ལོ་ཁོན་ཤི་སོགས་བརྒྱད། ཡང་སྤར་ཁ་ལི་ལ་བབ་དུས། གནམ་ལོ་ཟླ་ཞག་དུས་རྟ་སྦྲུལ་ལ་ཤི་བ་བཞི་དང་། དགྲ་བྱི་ཕག་གི་ལོ་སོགས་ལ་ཤི་བ་བཞི་ཁྱད་པར་ལོ་སོགས་རྟ་སྦྲུལ་དབང་ཐང་མེ་ཅན་བྱུང་ན་ཉེན་ཆེ་བ་བཅས་དགུ་སྟེ་བཏང་བཅས་བརྩིས་ན་བཅུ་དགུ་འོང་། སྙིང་འགྲམ་ལ་སྤྱིར་དྭ་ཟིན་གང་གི་ཐོག་ཏུ་ཤི་ཡང་སྙིང་འགྲམ་ཡིན། དེ་ལ་དྭ་འགྲམ་ལ་ལྔ་སྟེ། དྭ་ཐོག་ཤི་བ། བྱ་སྤྲེལ་གྱི་ལོ་ཟླ་ཞག་དུས་ལ་ཤི་བ་བཞི་བཅས་སོ། །ཞིབ་ཏུ་གཅེས་འགྲམ་ལྔ་ནི། དྭ་ཐོག་བྱ་སྤྲེལ་ཤི་བ། དྭ་ལ་བབ་པ་ལོ་ཟླ་ཞག་དུས་བྱ་སྤྲེལ་ལ་ཤི་བ་བཞི་བཏང་བཅས་དྲུག་གོ། ཡན་ལག་སྙིང་འགྲམ་དྭ་ཐོག་རྟ་སྦྲུལ་ཤི་བ་བཞི་དང་།


MR26_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དྭ་ཐོག་ཏུ་སྟག་ཡོས་ཤི་བ། བྱི་ཕག་ཤི་བ། གཤེད་བཞི་ཤི་བའི་ཆ་ནས་བཞི་བཏང་བཅས་ལྔ། ཟིན་གྱི་སྙིང་འགྲམ་ལའང་དེ་ལྟར་སྦྱར་ནས། ཟིན་ཐོག་ཤི་བའང་། ལོ་ཟླ་ཞག་དུས་སྟག་ཡོས་སྦྱར་བ་ལྔ་འགྲམ་སྙིང་ཟེར། འཇམ་འགྲམ་མམ་གོང་འགྲམ་སྙིང་གི་ཡན་ལག །རྟ་སྦྲུལ་ཟིན་ཤི་སོགས་བཞི། སྙིང་གི་དོ་ཐག་ཆད་པ་བྱ་སྤྲེལ་ལིར་ཤི་གཤེད་བཞི་ཟིན་ཤི་གཉིས་ཁོ་ནའོ། །སྲིད་པའི་སྙིང་འགྲམ་རྟ་སྦྲུལ་ལིར་ཤི་རྟ་སྦྲུལ་གྱི་ལོ་ཟླ་ཞག་དུས་ཡིན་པ་བཅས་དངོས་ལྔ་བཏང་བཅས་དྲུག །སྲིད་པའི་ཡན་ལག་འགྲམ་ལི་ལ་བྱ་སྤྲེལ་ཤི་སོགས་གོང་ལྟར་བཞི་བཏང་བཅས་ལྔ་འོང་བ་དེ་ཐམས་ཅད་སྙིང་འགྲམ་གྱི་རྣམ་གྲངས་ཡིན། སྤྱིའི་བཏང་བཅས་རྡེའུ་ཞེ་གསུམ་བརྩི་འདུག །དགུ་འགྲམ་ལ་དགུ་དང་པོ་ནས་དགུ་དགུ་གྱ་གཅིག་བར་ནང་སེལ་དགུ་དང་བཅས་བཅུ། ར་བཞིའི་ཚེས་དྲུག་ལ་ཤི་བ་སོགས་ཉི་མའི་ན་ཤི་དུར་འགྲམ་བཏང་བཅས་བཞི། གནམ་ས་བར་རི་བཞི་སོ་སོར་བཅོ་བརྒྱད་རེ་འབྱུང་བའི་དོན་གཉིས་ནི། གཤིན་སྤར་ཁེན། གནམ་ལོ་ལྕགས་ཁྱི་དང་། གཞན་ཡང་ཤིང་མེ་ས་ཆུའི་ཁྱི་བཞི། ལྕགས་ལོ་བཅུ་གཅིག་ལས་གང་རུང་དེ་ཡང་ལྕགས་ལོ་བཅུ་གཅིག་ནི་ལྕགས་ཁྱི་མ་གཏོགས་པའི་དབང་ཐང་ལྕགས་ཅན་གྱི་ལོ་བཅུ་གཅིག་ཡིན་ནོ། །ར་བཞིའི་ཚེས་དྲུག་བཅས་སོ་སོར་བགྲངས་ནས་བཅོ་བརྒྱད་པོ་དེའི་གང་རུང་ཡིན་ན་གནམ་དུར། བར་དུར་ནི་ཟོན་དང་ཤིང་སོགས་འབྲུག་ལྔ། འབྲུག་མ་གཏོགས་ཤིང་ལོ་བཅུ་གཅིག །འབྲིང་བཞིའི་བཅུ་དྲུག་བཅས་སོ། །གཞན་དེས་འགྲེ་འབྲས་བཤད་དུ་གསལ། མཐའི་བཅུ་དྲུག་ཐ་ཆུང་གིའོ། །ན་ཤི་དུར་འགྲམ་ནི་གཤིན་པོའི་སྲོག་ལུས་དབང་ཀླུང་སྐྱེས་པའི་སྨེ་བ་ལྔ་ལ་རང་མ་བུ་གྲོགས་དགྲ་ལྔར་ཕྱེ་ལ་ལོ་ཟླ་ཞག་དུས་ལ་ཁྱེར་བས་བརྒྱ་ཐམ་པ། དེ་ཡང་སོ་སོར་དར་གུད་བཅུ་གཉིས་ཀྱི་ཕྱེ་བས་ཆིག་སྟོང་ཉིས་


MR26_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་འོང་བ་ཡིན་ནོ། །འདི་སྐབས་སྐྱེས་སྨེའི་ཚབ་ཏུ་བླ་སྟེ་སྲོག་མ་བྱས་ཀྱང་རུང་ངོ་། །དར་གུད་དེ་ལྟར་བརྩིས་བས་སྤྱིར་ནག་ན་ངན། ཁྱད་པར་ན་ཤི་དུར་ཞུགས་ལ་བབ་ན་འགྲམ་པའོ། །ཀུད་ཀུད་འགྲམ་ནི་གཤིན་གཤེད་བཞི་ལོ་པ་ཞིག་ལོ་ཟླ་གཉིས་གང་རུང་གཤེད་བཞི་ཞིག་ལ་ཤི་ཞིང་དེ་སྟེང་བབ་སྤར་མཚམས་བཞི་གང་རུང་ལ་བབ་པ་ཡིན་པ། དེ་ཡང་ཁེན་ལ་རྗེས་ངན་སོགས་བཞི་ནི་འབྲས་བཤད་དུ་གསལ། རྩ་བར་ས་བཅད་དུ་ཞག་དུས་ཀྱང་གཤེད་བཞི་ཐུག་པ་ལ་འགྲམ་དུ་བཤད། དེ་ལྟ་ན་གཤིན་ལོ་གཤེད་བཞི་དང་། གནམ་ལོ་གཤེད་བཞི། དེ་བཞིན་ཟླ་ཞག་དུས་གསུམ། སྤར་ཁ་བཞི་བཅས་ངོས་འཛིན་དགུ་བྱས། འབྲས་བཤད་དང་བུར་ཞག་དུས་མེད། གཤིན་ལོ་གནམ་ལོ་ཟླ་བ་གསུམ། སྤར་ཁ་བཞི་དང་བདུན། བཏང་དང་བརྒྱད་དུ་བྱས་འདུག །ལྕགས་བཞི་དང་མེ་བརྒྱད་ཀྱི་འགྲམ་ནི། གཤིན་ལོའམ། གནམ་ལོ། ལོག་མིན་གསུམ་ལྕགས་བཞི་མེ་བརྒྱད་ཡིན་པ་ལ་ཤི་བ་འགྲམ་སྟེ་ངོས་འཛིན་གསུམ་བཏང་བཅས་བཞིའོ། །དེ་དག་འདོམས་ན་ལྷག་པར་རྩུབ་བོ། །གཟའ་སྐར་འགྲམ་ལ་ཤི་དུས་རུས་ཁམས་ཀྱི་དགྲ་གཟའ་༡ དང་། དེ་ཡང་གྱོད་གུད་བྱུང་ན་ལྷག་པར་ངན༢་པ་དང་། ལག་༣ ཕུ ར་༤ སངས་༥ གསུམ་གུད་ན་འགྲམ་བས་གསུམ། དར་ན་མི་འགྲམ། ༦ཉི་ཟླ་༧ མིག་༨ སྤན་༩ བཞི་ངན་སྟེ་འགྲམ། དེ་དག་ཀྱང་དར་ན་ཅུང་འཇམ་པའི་འགྲ༡༠མ། གུད་ན་ངན་འགྲ༡མ༡ ། ཁྱབ་འཇུག་རྒྱུ་༡བ༢། ཀི་ཀིཾ་རྒྱུ་༡ བ༣ ། གཟའ་ཟས་འཚོ་ལ༡༤། ཕོ་ཉ་འགྱེད་པ༡༥། སྐར་མ་འགོ་བཞི་སྟེ་སྨིན་དྲུག་སོགས་ཕྱོགས་སྐར་དང་པོ་བཞི་ལ་ཤི་བ༡༦ ། རུས་ཀྱི་དགྲ་སྐར་ལ་ཤ༡ི་༧བ། བདུད༡་༨ ཉི་བདུན་དང་ཉི་ནག༡་༩ ལ་ཤི་བ་བཅས་བཅུ་དགུ་ཡོད་དོ། །མ་བུར་རྩ་གྲངས་ཅུང་མི་འགྲིགས་འདུགགཟའི་དར་གུད་རགས་པ་ནག་རྩིས་ལྟར་དང་། ཞིབ་པ་སྐར་རྩིས་ཀྱི་ལི་ཐོ་བཞིན་བརྟག་གོ། གཟའ་གསུམ་ཁ་ཞག་འགྲམ་


MR26_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྩ་བར་མོ་བྱི་འབྲུག་སྤྲེལ་གསུམ་ལོ་པ་ནང་ལིར་བབ་དུས་ཕྱི་གཟའ་ཡང་མིག་དམར་འོང་སྟེ་མཐུན་གསུམ་འོང་ངེས་པས། ཕྱི་ནང་བར་བཅས་མིག་དམར་འོང་བའི་དཔེས་མཚོན་པ་སྟེ། དོན་དུ་གཤིན་ལོ་དང་ལོག་མིན་སྟག་རྟ་ཁྱི་གསུམ་འདོམ་པ་དང་། ནང་སྤར་ཁ་དྭ་ཟིན་ལ་བབ་པ་འདོམ་ན་སྤེན་པ་གསུམ་འདོམས་ཡིན་སོགས་འགྲེ། འདི་སྐབས་ཕྱི་ནང་ནམ་ཡང་གཅིག་པ་གཞིར་བཞག་ལ་དེ་སྟེང་སྤར་ཁ་དེ་དང་དེ་འདོམས་ན་ཡིན། ཁྱད་པར་ཟླ་ཞག་དུས་ཀྱི་ལོ་ཡང་གཟའ་དེར་འདོམ་ན་མཚང་ཆེའོ། །ཡང་སུམ་འདོམ་གྱི་གཟའི་ཁམས་མཐུན་གྱི་དབང་ཐང་ཅན་གྱི་ལོ་རྟ་གང་ཡིན་ཀྱང་ལོ་ཟླ་ཞག་དུས་ལ་ཤར་བ་དང་ཐུག་ནའང་མཚང་ཆེ་བ་བུར་གསལ། དེ་ཡང་ཕྱི་གཟའ་བཞི། བར་གཤིན་ལོ་ཡི་གཟའ་བཞི། ནང་སྤར་ཁའི་གཟའ་བཞི་སྟེ་བཅུ་གཉིས་སུ་སྤྱི་ངོས་བཟུང་བ་དང་། དེ་ལས་སྤེན་པ་སུམ་འདོམ་སོགས་བཞི་སྟེ་བཅུ་དྲུག་ཏུ་བཤད། དེའི་མཚང་ཆེན་ལ་རྡེལ་བཞི་སྟེ་གནམ་ལོ་ཟླ་ཞག་དུས་དང་འདོམ་མིན་བཞི་བཅས་གོང་བསྡོམས་ཉི་ཤུ་བུར་བཤད། གཟའ་དང་ཁམས་འདོམ་རྡེལ་ཉི་ཤུ་ནི་ཤིང་སོགས་ཁམས་བཞིའི་ལོ་ཟླ་ཞག་དུས་སོ་སོར་སྦྱར་བས་ཉི་ཤུའོ། །ས་ནི་ལྕགས་ལ་བསྡུ་ཏེ་སྤེན་པ་ཡིན་པས་སོ། །བྱ་ཉེས་འཕྲལ་འགྲམ་དགུ་ནི། རོ་དྲངས་ཐབས་དང་ཤི་སྒབ་བཅད་ཐབས་ཚུལ་བཞིན་མ་བྱས་པ་དང་། སྔོན་དུར་གདབ་ཉེས། ད་ལྟ་རབས་ཆད་དུར་སར་སྐྱེལ་དགོས་པ། ནད་རིམས་ཆེན་པོ་བྱེར་བ། བྱད་ཕུར་དང་གདོན་གྱིས་འགྲམ་པ། ལོ་གཤེད་ཀྱི་ཕ་ལ་ཤི་བ། ཟླ་བ་གཤེད་ཀྱི་མ་ལ་ཤི་བ། ཞག་གཤེད་ཀྱི་བུ་ལ་ཤི་བ། དུས་ཚོད་གཤེད་ཀྱི་ཚ་ལ་ཤི་བ་དགུའོ། །དེ་ཡང་གཤེད་ཀྱི་ཕ་ལ་ཤི་ཞེས་པ་རུས་ཁམས་དེའི་དུར་ལོ་ཤིང་ཁམས་པའི་ལུག་ལྟ་བུ་དེ་ཤི་བའི་གནམ་ལོ་ལ་ཤར་བ་ཡིན། གཤེད་ལོ་ཟླ་བར་ཤར་ན་གཤེད་ཀྱི་མ་ལ་ཤི་བ། ཞག་ལ་ཤར་ན་བུ་ལ། དུས་ལ་ཤར་ན་


MR26_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ལ་ཞེས་སྦྱར། འདི་རྣམས་བྱ་བ་ཁོ་ན་མིན་ཀྱང་བྱ་འགྲམ་ཞེས་བརྩིས་འདུག་གོ། སྐར་འགྲམ་དགྲ་གཤེད་ནི་དུར་སྐར་དང་། དགྲ་སྐར། སྐར་འགོ་བཞི། བླ་སྐར་སྟེ་བཞི་པོ་གང་རུང་ལ་ཤི་བའོ། །དེ་དག་རུས་ཁམས་དང་ལོ་རྟ་ལ་སྦྱར་ཏེ་དཔྱད་དོ། །སྔར་འགྲམ། དྭ་ཟིན། ཁོན་ཁམ། གང་རུང་ལ་ཤི་བ་ཟློས་ཏེ་བཞིའོ། །བདུན་ཟུར་འགྲམ་ནི། ཁྱི་ཟོན། ལུག་གིན་བྱི་ཕག་ལི་རྟ་སྦྲུལ་ཁམ་སོགས་ཐད་ཀར་བབས་པ་སྟེ་བརྒྱད་ཡོད་དོ། །དར་འགྲམ་སྟག་ཡོས་ཟིན་འབྲུག་ལོ་བ་ཟོན་སོགས། རང་ཐོག་ཤི་བ་བརྒྱད། འདི་སྐབས་སྟག་ཡོས་ཤིང་གི་ཁམས་པ་སྲོག་ཁམས་བསྟན་གྱི་རུས་སོགས་མིན། གུད་འགྲམ་དགྲ་ཐོག་སྟེ། སྟག་ཡོས་དྭ་འབྲུག་ཟིན་སོགས་ཏེ། རྡེལ་བཅུ་གཉིས་འོང་བ་ནི། ཕྱི་ཕག་ལ་མཚམས་བཞི་སོ་སོ་ནས་སྦྱར་བ་དང་། འབྲུག་སོགས་གཤེད་བཞི་ལ་ཟིན་སོ་སོ་ནས་སྦྱར་བའོ། །གསོན་གཤིན་བདུད་འགྲམ་བཞི་ནི་ལི་ཁེན་གཉིས། ཁོན་ཁམ་གཉིས། དྭ་ཟིན་གཉིས། གིན་ཟོན་གཉིས་ཏེ་བཞི་ལ། གཤིན་གསོན་གང་རུང་གཅིག་ལི་དང་གཅིག་ཁེན་ལ་བབ་པ་ལྟ་བུས་ཕན་ཚུན་གནས་པའོ། །མ་ཀླུང་བཞི་བརྩེགས་རྡེལ་ལྔ་ནི། གཤིན་དེའི་སྐྱེས་སྤར་དང་ཤི་ལོ་བབ་སྤར་གཅིག་པ་དང་། ལོ་ཟླ་ཞག་དུས་ཀྱི་སྲོག་དང་སྐྱེས་སྤར་ཁམས་གཅིག་པ་བཞི་སྟེ་ལྔའོ། །དཔེར་ན་ལིར་སྐྱེས་པ་ལོ་རྟ་སྦྲུལ་ལ་ཤི་བ་སོགས་ཀྱིས་འགྲེས་སོ། །དེ་དུ་མ་འདོམ་ན་གཉན་ཆེ། གཞན་ལུགས་ལ་གཤིན་པོའི་བབ་སྤར་ལྕགས་ཏེ་དྭ་དང་ཤིང་སྟེ་ཟིན་ཡིན་ན་ཕ་མར་ངན་ཞེས་སོགས་ཏེ། བུར་པོ་མོ་ངན་ཞེས་མིང་ཡིན་གྱི་ཕ་མ་ཞེས་པ་མ་བྱས་པར་འདུག །ས་མཚམས་བཞི་མེ་ལི་ཆུ་ཁམ་ལ་མོ་དང་ཕོ་ཡི་མིང་ཅན་ལ་ངན། དེ་དཔེར་བརྗོད་ཕ་མ་ལ་ངན་པ་བབ་ན་ཨ་མ་ཆུ་མ་སོགས་མ་མིང་ཅན་ལ་ངན་ཞེས་སོ། །དེ་བཞིན་མོ་ནི་སྲུ་མོ་སྒྱུག་མོ་ཚ་མོ་སོགས་དང་། ཕོ་ནི་རྒྱལ་པོ་སྐུད་


MR26_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཡོག་པོ་སོགས་དང་། དེ་བཞིན་མི་དང་ཆོ་སོགས་སྦྱར་ལ་དེ་འདྲའི་མིར་ངན་ཞེས་སོ། །འདི་ལ་ངན་པ་བཞིར་བརྩིས་པའི་རྡེའུ་བཞིའོ། །སྨེ་འགྲམ་ནི་དགུ་སྟེ། བབ་སྨེ་གཉིས་ནག་དང་བདུན་དམར་ལ་སྤྱིར་ཟློས་ཏེ་རྡེལ་གཉིས། བྱེ་བྲག་གཉིས་ནག་ཆང་མ་དང་ཡུག་ས་ལ་ངན་སོགས་དྲུག །གཤིན་གཉིས་ནག་ལ་ཤི་ཞིང་གཤིན་པོའི་སྲོག་རྡེལ་ནག་ན་རྒྱལ་སྒོ་འགག་པ་བཅས་དགུའོ། །དགྲ་འགྲམ་བཞི་ནི་གཤིན་གྱི་སྲོག་སོགས་བཞི་ལ་དགྲ་དར་བ་སྟེ། གོང་རྡེལ་སྤྱི་དང་རྩ་བ་བཅུའི་ཁ་དམར་ལས་བརྟག །ཡང་གསལ་སྒྲོན་ལུགས་ཀྱི་ཟློས་པ་དྲུག་ནི། སྤར་ཁ་མཚམས་བཞིར་སྐྱེས་པ་མཚམས་བཞིར་བབ་དུས་ཤི་བ། སྨེ་བའི་རྒྱལ་འགག །གཉིས་ནག་ལ་བབ་དུས་ཤི་བ། གཅིག་དཀར་ལ་སྐྱེས་པ་གཅིག་དཀར་ལ་ཤི་བ། གཤིན་ལོ་དང་གནམ་ལོ་མཚེ་མ་དྲུག་ཐུག་པའོ། །གནམ་ལོ་ཁོ་ན་ངན་ཀླུང་བཅུ་གཉིས་ཤར་བ་བཅས་དྲུག་གོ། གཤིན་ལག་གསོན་གཡབ་བཞི་ནི། གླང་སྟག་གིན་ཤི་སོགས་བཞི་གཞུང་ལྟར། ཤ་རུས་ལྤགས་འགྲམ་སོགས་ལྔ་བབ་སྤར་ཁོན་གིན་ལ་ཤི་བ་ཤ་འགྲམ་སོགས་གཞུང་བཞིན། ལོག་མིན་དབང་དང་སྤར་སྤྲད་འགྲས། གཤིན་གྱི་ལོག་མིན་མེ་དང་སྤར་ལི་ལ་རོ་ཟུང་འབྱུང་། ལྕགས་དང་དྭ་ལ་ཡ་འབྱུང་སོགས་སྤར་བརྒྱད་གྲངས་དང་། ཤིང་ཆུ་གཅིག་མེ་གཉིས་སོགས་ནང་གསེས་རྡེལ་དགུར་བྱས་འདུག །དེ་ལ་ལས་འདོད་ཀྱི་རང་བཞེད་མིན་པར་བཤད། འགྲམ་བྱུང་ན་སུ་ལ་ངན་ངོས་འཛིན་ལྔ་ནི། ལོ་སོགས་གཞུང་བསྟན་ལྟར་ལ་དེ་ནང་ཤིང་མང་ཤས་ཆེ་ན་མ་ཕྱི་ཡུལ་མཁར་ལ་ངན་སོགས་ལྔ། ཡང་གདམ་གནད་ཀྱི་རྡེལ་དགུ་ནི། ལོ་ཟླ་ཞག་དུས་གཤིན་དང་དབང་ཐང་གཅིག་པ་གཉིས་གསུམ་ཚོགས་ནས་དེ་གཞན་ཞིག་གི་དབང་ཐང་དེ་བཅད་ན་བཅད་རྒྱུ་ཤིང་ཡིན་ན་ཕ་ཁུར་ངན་སོགས་འགྲེ་


MR26_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བརྗོད་རྩ་བར་གསལ། འདིར་ངན་བབ་དང་ཤི་མིག་ཀྱང་དེ་ལ་ལྟ་ན་ངེས་པར་ངན་ཞེས་སོ། །གཤིན་དབང་དང་གནམ་ལོ་གཅིག་མིན། དེ་བཞིན་ཟླ་ཞག་དུས་དང་གཅིག་མིན་གསུམ། གཅིག་ན་དེས་ཤིང་ལ་བཅད་མིན་སོགས་ལྔ་སྟེ་དགུའོ། །ཤིང་ལོ་བཅུ་གཉིས་སོགས་གཞན་ལུགས་ཏེ། གཤིན་ཤིང་ལོ་བཅུ་གཉིས་ཅན་དབང་ཐང་གི་དར་གུད་བསྐོར་བས་ལོ་ཟླ་ཞག་དུས་གུད་པར་ཤི་ན་ཕ་ཁུར་ངན་སོགས་སྐོར་མགོ་རྒྱ་འབྱམས་སུ་རང་བཟོས་འཆད་པ་མི་ལེགས་ཞེས་བཀག་པས་བུར་ཡང་དེའི་དཔེ་བཀོད་མི་འདུག །གཟའ་སྐར་བླ་གཡུ་སོགས་ངོས་འཛིན་ལྔ་ལ། གཟའ་སྐར་ངན་ལ་ཤི་བ་གཉིས། ཉ་གསུམ་སྟེ་ཉ་སྟོང་བརྒྱད་གསུམ་ལ་ཤི་བ་གཅིག །བླ་གཡུ་སྟོར་བ་ཞེས་རུས་དེའི་དབང་ལོ་བ་ཤི་བ་གཅིག །འདི་ཤིང་ཁམས་པ་ཡིན་ན་སྟག་ཡོས་ལོ་པ་ཤི་དུས་འགྲམ་པ་ལྟ་བུའོ། །གསོན་གཤིན་གཉིས་ཀའི་ཀེག་རྩིས་འཚུབ་པ་ཆག་ཆེ་བ་བཅས་ལྔའོ། །ཤི་ཁ་ཕྱེ་བའི་ས་བརྒྱད་ནི་དངོས་བསྟན་ལྔ་པོ་གཞུང་ལྟར་དང་། སྟག་ཡོས་ཁོན་ལ་ལྷག་པར་ངན་པ་དངོས་སུ་བསྟན་པ་ཤུགས་བསྟན། ཁེན་གིན་ཟོན་གསུམ་ལའང་ཤི་ཁ་ཕྱེ་བས་བརྒྱད་དོ། །ཟངས་ཀྱང་སྒྲ་འབྱིན་ལ། ཐོག་མར་ངོས་འཛིན་རྡེལ་དགུ་ནི། གཤིན་པོའི་རུས་སྐྱེས་པའི་ལོ་ཟླ་ཞག་དུས། ཤི་བའི་ལོ་ཟླ་ཞག་དུས་བཅས་ངོས་བཟུང་བ་དགུའོ། །ས་བཅད་དུ་ལོ་མ་གཏོགས་གཞན་ལ་སྲོག་ཁོ་ན་ལས་མ་བསྟན་ཀྱང་། འོག་ཏུ་གསལ་བ་ལྟར་ལུས་སོགས་ཀྱང་འཐབ་སྟེ། རུས་ཀྱི་རང་མ་བུ་དགྲ་གྲོགས་ལྔས་གནམ་ལོའི་སྲོག་ལུས་སོགས་ཀྱི་རང་མ་བུ་དགྲ་གྲོགས་ལྔར་མཚུངས་བར་འཐབ་པས་རྡེལ་ཉི་ཤུ། དེ་བཞིན་སྐྱེ་ལོའི་སྲོག་སོགས་བཞི་དང་ཤི་ལོའི་དེ་བཞི། སྐྱེས་ཟླས་ཤི་ཟླ། སྐྱེས་ཞག་གིས་ཤི་ཞག །སྐྱེས་དུས་ཀྱིས་ཤི་དུས་ལ་འཐབ་པས་རྡེལ་ཉི་ཤུ་ཉི་ཤུ་རེ་སྟེ་ཁྱོན་རྡེའུ་བརྒྱ་ཐམ་པ་འཕྲེད་དུ་ཉེར་


MR26_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཐུར་དུ་སྲོག་ལུས་དབང་ཀླུང་བཞི་ཡོད་པས་ཁ་དམར་ལ་རུས་ཀྱི་རང་རྡེལ་སོགས་ལྔ་དང་ལོའི་རང་རྡེལ་སོགས་ལྔ། དེ་བཞིན་ཞག་དུས་ཀྱི་ལྔ་ལྔ་སྟེ་ཉེར་ལྔ་ཡོད་དོ། །རྡེའུ་བོར་ལུགས་སྐབས་དེར་གསལ། གཤིན་པོ་ཕམ་ན་ངན་ཏེ་རུས་རྡེལ་དང་པོ་ནག་ན་སོགས་ཁ་དམར་གཞུང་བཞིན་རིམ་པར་བརྩིའོ། །སྤྱིར་ན་འདི་ལྟར་ཤེས་པར་བྱ་ཞེས་སོགས་ནི་རྡེའུ་དཀར་གཉིས་སོགས་གང་དུ་བྱུང་ཡང་སྤྱིར་བཤད་པའོ། །བདུད་པོ་གང་བབས་ཞེས་སོགས་དང་ལྷ་ཆེན་མི་ལ་བུ་སོགས་ནི་འབྲས་བཤད་དོ། །གཟའ་རྡེལ་སུམ་ཅུ་ནི། ཀུང་ས་ཁམས་པ་སྤེན་པར་ཤི་ན་འཐོར་བྱེད་ཡིན་པ་སོགས་ལྔ། ཤི་ཉིན་གཟའ་རུས་ཀྱི་མ་ལྔ་ཡིན་མིན། དེ་བཞིན་བུ་རང་གྲོགས་དགྲ་བཅས་ལྔ་ཡིན་མིན་སུམ་ཅུའོ། །ཟློས་སྐར་སྐབས་རྡེལ་བཅུ་དགུ། སྐར་མ་སྨིན་དྲུག་སོགས་བཅུ་བཞི། རུས་ཁམས་ཀྱི་དགྲ་སྐར་ལ་ཤི་བ་གཅིག །ཁྱད་པར་རུས་ཁམས་ས་ཆུ་སྐག་ཤི་སོགས་བཞི་སྟེ་བཅུ་དགུའོ། །སྒྲ་འབྱིན་གྱི་དར་གུད་ངོས་འཛིན་བཏང་བཅས་བརྒྱ་ང་དྲུག་ནི། སྲོག་ལ་སྐོར་འགོ་གཉིས་ཏེ། ཡོས་ནས་གཤིན་པོ་ལོ་གྲངས་དུ་ལོན་ཐུར་ལ་སྦུབ། གར་བབས་དེ་སྲོག་གི་དར་གུད་གཏུག་ས་ཡིན་པས་དང་པོ། སྤྲེལ་ནས་དུ་ལོན་ཐུར་སྦུབ་གཏུག་ས་གཉིས་པ་ཡིན། ལུས་ལ་བཞི་སྟེ་སྟག་བྱ་ཕག་བྱི་ནས་བསྐོར་བ་གར་བབས་གཏུག་ས་བཞི། དབང་ཐང་འབྲུག་ལུག་གླང་ཁྱི་ནས་སྦུབ་པའི་གར་བབས་གཏུག་ས་བཞི་ཀླུང་རྟ་སྦྲུལ་རྟ་ནས་དུ་ལོན་ཐུར་སྦུབ་ཀླུང་རྟའི་དར་གུད་གཏུག་ས་ཡིན་པས་གཉིས་སོ། །འདི་རྣམས་སྐབས་སུ་གཤིན་པོའི་དབང་ཐང་ལ་མི་ལྟོས་པར་ཡོས་སོགས་ལོ་བཅུ་གཉིས་སྟེང་ནས་གཤིན་པོ་ཤི་ལོ་ལོ་དུ་ཡིན་པར་སྦུབ་ལ་གང་རུང་བབ་དེར་སྲོག་སོགས་ཀྱི་དར་གུད་གཏུག་པར་བྱེད་དགོས་སོ། །དཔེར་ན་གཤིན་པོ་ཆུ་ཕག་ལོ་པ་ལོ་གསུམ་དུས་ཤི་བ་ལ་མཚོན་ན། སྲོག་གི་སྐོར་མགོ་དང་པོ་གཏུག་ས་སྦྲུལ་ལ་ངོས་


MR26_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། གཤིན་སྲོག་ཆུ་དབུགས་སྦྲུལ་ནས་ལེན་དགོས་པས་དབུགས་ལེན་ལ་བབས་རྡེལ་ཁྲ་བོ་བོར། སྲོག་སྐོར་གཉིས་པ་སྤྲེལ་ནས་གསུམ་པ་ཁྱི་ལ་བབས་པས་གོས་གྱོན་རྡེལ་དཀར། ལུས་སྐོར་དང་པོ་སྟག་ནས་གསུམ་པ་འབྲུག་ལ་བབས། ལུས་ཆུ་ཡི་དར་གུད་འབྲུག་ལ་དུར་ཞུགས་བབས་པས་རྡེལ་ནག་སོགས་དང་། ཀླུང་རྟའི་སྐོར་མགོ་ཐ་མ་རྟ་ནས་སྤྲེལ་བབ། ཀླུང་མེ་ཡི་དར་གུད་ན་བ་ལ་རྡེལ་ནག་ཐོབ་པ་ལྟ་བུ་སྟེ། དངོས་སུ་ལག་ལེན་བྱ་རྒྱུ་རྡེའུ་བཅུ་གཉིས་པོ་དེ་ཡིན་ལ། སྐོར་མགོ་བཅུ་གཉིས་པོ་རེ་རེར་ཡང་དར་གུད་བཅུ་གཉིས་སྦྱར་བས་བརྒྱ་ཞེ་བཞི་ནི་ས་བཅད་དུ་བསྟན་པའི་རྡེལ་གྲངས་དང་། དེ་སྟེང་བཏང་གཅོད་བཅུ་གཉིས་བསྣན་པས་བརྒྱ་ང་དྲུག་ཅེས་བུར་བསྒྲང་མཛད་ཀྱང་བཏང་གཅོད་དང་དར་གུད་རྡེའུ་དཀར་ནག་རྡེའུ་གཅིག་ལས་འབྱུང་མི་ཤེས་པས་གཏུག་སའི་ལོ་ངོས་འཛིན་དང་བཅུ་གསུམ་དུ་བྱས་ན་བདེ་བར་རང་གིས་སེམས། རྡེའུ་བཅུ་གཉིས་པོ་དེ་གང་ནག་པ་ལས་གཏོ་མཁན་ལ་ངན་སོགས་གཞུང་ལྟར་བཤད། འདི་དག་སྲོག་ལུས་དབང་ཀླུང་ཞེས་པས་སྲོག་སོགས་སོ་སོའི་དར་གུད་མིན་ཞེས་སོ། །ལས་བྱེད་སྐྱེས་སྨེ་དང་གཤིན་སྨེ་སྦྱར་བས་ལས་བྱེད་ལ་ངན་འབྲས་སྨེ་བའི་གཤིན་སྤངས་ཞེས་པ་ནི་གཤིན་པོ་གཅིག་དཀར་ལ་བབས་པ་ཤི་ན་བཙུན་མོ་དང་སྒྱེད་འཛུགས་ལ་ངན་པས། གསོན་སྐྱེས་བབས་གང་རུང་གཅིག་དཀར་ཅན་གྱིས་སྒྱེད་འཛུགས་མི་བྱ་བ་སོགས་འགྲེ། དེ་ལ་གསོན་པོ་གཅིག་དཀར་ཅན་ཡོད་མེད་སོགས་དགུ། གཤིན་གཅིག་དཀར་ལ་བབས་པ་ཡིན་མིན་སོགས་དགུ་སྟེ་བཅོ་བརྒྱད་དོ། །དེ་ཡང་གཤིན་གྱི་སྐྱེས་སྨེས་ཤི་བའི་བབ་སྨེ་ལ་འཐབ་པས་སྐྱེས་སྨེ་དགྲ་དང་འཕྲད་ན་གཅོད་པ་ཡིན་པའི་གང་ལ་ཤི་བའི་སྨེ་འབྲས། གཅིག་དཀར་ཤི་ན་རྒྱལ་བཙུན་དང་སོགས་གཞུང་ལྟར་བརྟག །འདི་ལ་སྨེ་བ་གསོན་སྤར་རྡེལ་བརྒྱད་ཟེར་བ་ནི། སྐྱེས་སྨེའི་མ་བུ་དགྲ་གྲོགས་བཞི་དང་།


MR26_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཕྲད་ལྔར་ཕྱེ་བའོ། །སྤར་ཁ་གཤིན་སྤར་ལ་གཤིན་པོའི་སྐྱེས་སྤར་ཤི་ལོའི་བབ་སྤར་གྱིས་བཅད་ན་ངན། དེ་ཡང་རྡེལ་བརྒྱད་འོང་བ་སྨེ་བ་འདྲ། སྤར་ཁ་གསོན་སྤར་དགུ་ནི། གཤིན་དང་གདན་ས་གཅིག་པའི་གསོན་ལ་ངན་པ་དང་དྭ་ཟིན་ལ་ཤི་བ་ངན་གཉིས་སྤྱིར་བཏང་སྟེ་གཅིག་ཏུ་བརྩི། དེ་སྟེང་ལིར་ཤི་ཞིང་ལི་དེས་སྐྱེས་སྤར་བཅད་དེ་རྡེལ་ནག་ན་གསོན་ལིར་བབ་པས་གཡོས་སྤར་སོགས་བརྒྱད་བཅས་དགུའོ། །འདི་སྐབས་གཞན་གྱི་ལོག་རྟོགས་བསལ་བ་ནི་གོང་གི་དར་གུད་ལས་བརྩམས་པ་སྟེ་ཚིག་ཤེས་སླའོ། །འགྲམ་ཕྲན་བཅུ་གསུམ་ནི་ཤི་དུས་འདུག་སྟངས་ངན་པ་བཅུ་གསུམ་སྟེ། མགོ་བྱང་རྐང་པ་ལྷོ་ནུབ་བསྟན༡་པ། ལག་པའི་རྒྱབ་བསྣོལ་༢བ། ལག་གཉིས་བྲང་བཅུག༣ །ལག་བསྐྱ༤ང་། ལག་པ་བྲང་བཀབ༥ ། ལག་གཉིས་རོ་རྒྱབ་དུ་བསྣོལ་བ༦ ། ལག་པ་བརྒྱང་དྲག་པ་དང་། ཁ་གདངས་པ༧ ། མིག་གཡས་གདངས་ཕོར་གནོད་པ༨ ། གཡོན་གདངས་མོ་ལ་གནོད་པ༩ ། སྤར་བ་གདང༡ས༠་པ། སྤར་བ་བཙུམ་པ་ཁུ་ཚུར་བཅངས་པ་ལྟ༡་བུ༡ །པུས་བརྐྱང་རྐང་བལྟབས༡༢། མགོ་བོ་མཚམས་བཞིར་བལྟས་པ༡༣་རྣམས་ཡིན། འདི་ནང་བཅུ་གཉིས་ངན་པས་ཤི་སྟངས་ཀྱི་འགྲམ་ཡིན་ལ་ལག་བརྐྱང་དགེ་བས་འགྲམ་མིན་ཡང་ངོས་འཛིན་རྡེའུར་བརྩིས། ཤི་ལུགས་མི་དགེ་བ་མེད་ན་བཏང་དཀར་རོ། རི་སྐྱེལ་ཀྱི་དུས་ན་གང་དུ་སྐྱེལ་བའི་ཕྱོགས་ལ་བརྟག་པའི་ལྟས་ཉེར་གཅིག་ནི་བཟང་བ་དབྱིབས་གྲུ་བཞི་སོགས་བཟང་། གྲོགས་པོ་ལྕུག་ཕྲན་འདྲ་བ་སོགས་ངན་ལྟས་ཏེ། ལྟས་བཟང་ལ་རྡེལ་དཀར། ངན་ལྟས་ལ་ནག་པོ། བགྲང་ནས་བཏང་རྡེལ་ལོ། བསྲེག་པ་ལ་མེ་ལྟས་སོ་གསུམ་བཏང་བཅས་སོ་བཞི་ནི། ཐོག་མར་མེ་མཆེད་སྒང་ལ་བརྟག །དེ་ཡང་དཀར་འབར་སོགས་བཟང་ལྟས་དུད་པ་ཆེ་སོགས་ངན་ལྟས། ཆུ་བསྐྱུར་ལྟས་ཀྱི་ངོས་འཛིན་བཅུ་གཉིས་ནི།


MR26_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རབས་སོ་དང་ཕྲད་དེ་གཏིང་དུ་མ་སོང་ན་ཟློས་པ་ཡོད། གཏིང་མཚོ་དང་ཕྲད་དེ་མི་མངོན་ན་བཀྲ་ཤིས། མཚོ་འཁོར་དང་ཕྲད་ན་དོན་གྲུབ་སོགས་དང་། ཆུ་ཁ་དབྲག་དུ་གྱེས་པའི་འགྲམ་དུ་ཚུར་འོང་བ་དང་། ཆུ་གཉིས་འདུས་སར་དོན་ན་ཁ་སྨྲས། ཆུ་གསུམ་འདུས་སར་ཐོན་ན་བཟང་བ་ཞེས་འདྲ། རྡོ་དང་སྦྲགས་ནས་གཏིར་དུ་བསྒྱུར་ཚེ་དན་ནེ་སྡོད་ན་ལེགས། མི་སྡོད་ན་ངན། ཁ་ལྟ་ལུགས་གསལ་ལོ། །ཤི་མིག་ལ་རྡེལ་བཅུ་གསུམ་ནི་གནམ་ལོའི་སྲོག་ཁོན་ལ། གཤིན་པོའི་སྲོག་ལུས་དབང་ཀླུང་རུས་དང་ལྔ། ལོ་ཟླ་ཞག་དུས་བཞིའི་དབང་ཐང་། གཟའ་སྐར་གྱི་ཁམས། གཤིན་གྱི་བབ་སྤར་བབ་སྨེ་བཅས་བཅུ་གསུམ་གྱིས་འཐབ་པའོ།། དེ་ཡང་གནམ་ལོའི་སྲོག་ཤིང་ལ་གཤིན་སྲོག་མེ་ཡིན་ན་མ་ཕྲད་ལྟ་བུ་སོགས་ཀུན་ཀྱང་དེའི་འགྲེས་སུ་འཐབ། དེའི་རྡེལ་ཕྲན་ལྔ་ནི་གཤིན་དང་ལོ་སྙིང་གཅིག་པ་གཤིན་སྟག་ཡིན་ན་གསོན་པོ་སྟག་ལོ་བ་ལ་ངན་པ་ལྟ་བུ། གཤིན་ལོའི་བདུན་ཟུར་ཅན། ཡར་གྱི་བཞི་གཤེད། མར་ལྔ་མཐུན་གསུམ། གཤིན་དང་སྤར་ཁ་གདན་གཅིག་ཅན་ཡོད་ན་བཅས་སོ། དེ་ཡོད་ན་དེ་དག་ལ་ཤི་མིག་བལྟ་ཞེས་སོ། །ཤི་གསོན་ལག་སྦྲེལ་ནི། གཤིན་ར་བ་བཞིའི་ལོ་པ་ཤི་ན། གསོན་སྟག་སྤྲེལ་ཕག་སྦྲུལ་ལོ་པར་ངན། དེ་ཡང་དར་ཤི་ཡིན་ན་གཤིན་ལོའི་བདུན་ཟུར་ཅན་དེ་ཡོད་ན་ངན་ཞིང་། ཁྱད་པར་བདུན་ཟུར་ལོ་པ་དེའི་སྲོག་གུད་པ་ལ་ངན་ངེས། རྒན་ཤི་ཡིན་ན་གཤིན་པོའི་མཐུན་གསུམ་ལོ་པ་དབང་གུད་ལ་ངན་སོགས་སོ། །འདི་ལ་རྡེལ་ཉེར་གསུམ་ནི། གཤིན་པོར་རབ་འབྲིང་ཐ་གསུམ་གང་ཡིན་ངོས་འཛིན་གསུམ་གསོན་ལོ་ར་བ་སོགས་གསུམ་སུ་ལ་ངན་མི་ངན་གསུམ། དར་ཤིའི་བདུན་ཟུར་སོགས་གསུམ། དེའི་དར་གུད་གསུམ། གཞན་ལུགས་ལོ་ཟླ་ཞག་དུས་གང་ལ་ཤི་བའི་གསོན་ལོར་ངན་པ་བཞི། མཐུན་གསུམ་ནང་དུར་ལོ་ཁྱི་ཤི་ན་སྟག་རྟ་ལོ་པས་


MR26_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་སྣ་འདྲེན་པ་ཞེས་དཔེ་འགའ་ན་འདུག་ཀྱང་བུ་ལ་དཔགས་ན་གསོན་གཤིན་དང་མཐུན་གསུམ་ཡོད་པ། དེ་ཡང་དུར་ལོ་སྟེ་མཚམས་བཞིའི་དུར་མི་ཡིན་ན་ཞེས་འདྲ་བརྟག །གཤེད་བཞི་ལོ་པ་ཤི་ན་འབྲིང་བཞིའི་ལོ་བར་ངན་པ། དེར་མ་གནོད་ན་ར་བཞིའི་ལོ་བར་འགྲམ་ཕོག་པ། ར་འགྲམ་འབྲིང་བཞི་ལ་ངན་པ། དེར་མ་གནོད་ན་ཐ་ཆུང་བཞི་ལ་ངན། ཐ་ཆུང་ལ་ཤི་ན་བཟང་། དེ་ཡང་ར་བ་སོགས་ཀྱི་ལོ་ནང་ནས་གཤིན་དང་མཐུན་གསུམ་ཅན་སུ་ཡོད་ལ་ངན་ཞེས་སོ། །བྱ་ཡི་བཏང་ས་བརྒྱད་ནི་ཤི་སྤར་ལས་བརྟག་པ་གསལ། ཕ་ཁུ་སོགས་ད་ལྟ་མེད་ན་ཤི་མིག་མི་གནོད། དེ་ཡི་ཉེན་ཆ་བལྟ་བའི་རྡེལ་བཞི་ནི་ཤི་གསོན་དགྲ་བདུད་ཐུག་པའི་གདན་ས་ཅན། ཁེན་ཁོན་སོགས་ཕན་ཚུན་བལྟ་བས། ཁེན་ཁོན་ཡིན་མིན་སོགས་བཞི། ཤི་མིག་ངན་པ་དྲུག །བཀྲ་རྒན་ཤི་ན་སྲིའུར་ངན་སོགས་ཏེ། གསོན་རྒན་ཤོས་ཤི་ན་སོ་བས་སོ་མ་ཐུབ་པ་ཞེས་ཏེ། དེ་ཡང་རྒན་དེ་ལྕགས་བཞི་སོགས་ལོ་རྩ་གདུག་པ་ཅན་ཡིན་ནའོ། །ཡང་ཤི་གསོན་བབ་པའི་སྤར་སྨེ་གདན་གཅིག་པས་རྡེལ་གཉིས་དེ་དྲུག་གོ། དེ་ཡང་ཟངས་གྱམ་གྱི་རྩིས་ལས་ཤི་མིག་གི་རྡེལ་རོ་ཡོད་པ་ཡིན་ན་ངེས་མིན་ན་མི་སྐྱོན་ཞེས་སོ། །རྡེལ་རོ་ལ་ངོས་འཛིན་དགུ་ནི་ཕ་ཁུར་ངན་པ། ཕ་སྤུན་ངན་སོགས་ཐུར་འཕྲེད་ཀྱི་དགུའོ། །འབྲས་རྡེལ་རྡེལ་རོ་དོན་ན་ངན་མ་དོན་ན་བཟང་བའོ། ༈ །གཤིན་པོའི་ཕུང་པོ་གཏོང་རྩིས་ལ། གནམ་གྱི་བྱ་ལམ་ཞེས་པ་ཕུང་པོ་གཏོང་ཉིན་གྱི་ལྔ་བསྡུས་ཚེས་རྩིས་སྐོར་རྒྱས་པར་བཏང་བ་སྟེ། ཚེས་སུམ་ཅུ། ཚེས་ཀྱི་དར་གུད་བྱིས་པ་སོགས་ལྔ། ཉི་མ་བཅུ་གཉིས་དང་རང་ཉི་བདུན་ཟུར་བཞི་གཤེད། རུས་ཀྱི་དུར་ཉི། སྲོག་གི་དུར་ཉི་བཅས་བཅོ་བརྒྱད། ཛནྨ་ཧ་ལུགས་གཉིས་ཏེ་བརྒྱད། སྦྱོར་བ་སུམ་འཛོམས་ལྔ། དགའ་བ་སོགས་ལྔ། གཟའ་དགུའི་མཆེ་


MR26_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་གཉིས་རེ་བརྩིས་པས་བཅོ་བརྒྱད་ཨ་ཊ་མི་ཊ་དང་བཅུ་དགུ། དབྱངས་ལྔ། དེ་ནང་གང་འཆར་དབྱངས་ལ་གཟའ་དགུའི་མཆེ་གདོང་ཨ་ཊ་མི་ཊ་བཅས་བཅུ་དགུ། གསལ་བྱེད་སུམ་བཅུ། དེ་ནང་ཚེས་འཆར་གསལ་བྱེད་ལ་མཆེ་གདོང་སོགས་བཅུ་དགུ། རགས་པའི་ཟླ་ཁོང་གི་ཕྱི་མ་བཅུ་གཉིས་གང་ཡིན་ངོས་འཛིན། དེ་ལ་མཆེ་སོགས་བཅུ་དགུ། ཏརྐཱལ་བཅུ་གཉིས། དེ་ལ་མཆེ་སོགས་བཅུ་དགུ། རོ་བདག་ཨོ་རྒྱན་ལྟ་བུའི་མིང་གི་དབྱངས་བྱིས་པ་སོགས་དར་གུད་ལྔ་དང་། གསལ་བྱེད་ནུབ་མིན་བཅས་དྲུག་དུས་འཁོར་ལུགས་དང་དེ་དྲུག་དབྱངས་འཆར་ལྟར་བརྩིས་པ་དྲུག །རེས་གཟའ་བདུན་ངོས་འཛིན། གཟའ་དེ་རུས་ཀྱི་བླ་མ་བུ་སོགས་ལྔ་གང་ཡིན། རོ་བདག་གི་ལོའི་བླ་སྲོག་གཤེད་གསུམ་གང་ཡིན། ཏརྐཱལ་ལའི་ཁྱིམ་དུ་གཟའ་གང་གནས་ལས་མཐོང་ས་བདུན་དང་ཁྱིམ་དེ་བཅས་བརྒྱད་དུ་དགྲ་གྲོགས་ཡོད་མེད་བཅུ་དྲུག །གཟའ་དེ་ཕོ་མོ་མ་ནིང་གང་ཡིན་གསུམ། རིགས་ལྔ་དང་མི་རིགས་བདུན། འགྲོས་བཞི་དང་ཁྱིམ་ལས་སྟོབས་ཆེ་ཚུལ་བཅུ་དགུ། ཕྱོགས་སྟོབས་བརྒྱད། དཀར་ནག་གི་སྟོབས་གསུམ། ཉིན་མཚན་སྟོབས་གསུམ། ལས་བཞིའི་སྟོབས། རིགས་བྱེད་ཀྱི་སྟོབས་བཞི་རྣམས་ནི། དུས་དེའི་ཏརྐཱལ་གྱི་ཁྱིམ་ན་གཟའ་གང་གནས་ཀྱི་སྟོབས་སོགས་དབྱངས་འཆར་ལྟར་བརྩིས་པའི་རྒྱས་སྤྲོས་སུ་བྱས་པ་ཙམ་མོ། །རེས་གཟའ་དར་གུད་རགས་ཞིབ་ལུགས་གཉིས་སོ་སོར་བཞི་རེ་བརྒྱད། སྐར་མ་ཉེར་བརྒྱད། སྐར་ཆུང་ཉེར་བརྒྱད། སྐར་མའི་རགས་པ་དར་གུད་བཞི། ཞིབ་པ་བཞི། རུས་ཀྱི་བླ་སྐར་སོགས་ཡིན་མིན་ལྔ། ལོའི་བླ་སྲོག་དབང་གེགས་བདུད་གཤེད་དུར་སྐར་ཆེ་ཆུང་བཅས་བདུན། སྐར་མ་དེ་ལ་ཉི་མའི་འཁྱུད་དུ་སོལ་གདོང་མཐོང་ས་མཆེ་གཡས་མཆེ་གཡོན་ཨ་ཊ་མི་ཊ་བཅས་བརྒྱད་དང་།


MR26_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་གཞན་གྱིས་ཨ་ཊ་མི་ཊ་མ་གཏོགས་པས་བདུན་རེར་བརྩིས་པས་རེ་ལྔ། འཕྲོད་ཆེན་ཉེར་བརྒྱད། འཕྲོད་སྦྱོར་འགྲུབ་སྦྱོར་སོགས་མི་འདྲ་ཉེར་གསུམ། སྦྱོར་བ་སེལ་བ་སོགས་ཉེར་བདུན། སྦྱོར་ཆུང་དངོས་གྲུབ་སྦྱོར་བ་སོགས་བཅུ། བྱེད་པ་བཅུ་གཅིག །སྲེག་ཚེས་གཟའ་ཡི་ཚེས་གཉིས་གཅིག་བརྩིས་བདུན། རྟེན་འབྲེལ་བཅུ་གཉིས། ཚེས་ཀྱི་སྤར་བརྒྱད། སྨེ་དགུ། ཚེས་ཀྱི་ས་བདག་ཉི་ནག་སོགས་ངོ་བོ་ཞེ་དགུ། ལུགས་མི་འདྲ་བ་བཅས་དྲངས་པས་དོན་བདུན། ཚེས་དགའ་སོགས་ལྔ། དེའི་ནང་གི་གང་ཡིན་ལ་མཆེ་གདོང་བཅུ་དགུ། གཙོ་བོའི་སྐྱེས་མིང་གི་དབྱངས་ལྔ། དེ་ལ་མཆེ་གདོང་ཉི་ཤུ། གསལ་བྱེད་སུམ་ཅུ། དེའི་མཆེ་གདོང་ཉི་ཤུ། སྐྱེས་ཁྱིམ་ངོས་འཛིན་བཅུ་གཉིས། དེ་ལ་མཆེ་གདོང་ཉི་ཤུ། ཞིབ་པའི་སྐྱེས་ཁྱིམ་ཏརྐཱལ་ལའང་དེ་འདྲ། དྲུག་འཛིན་གྱི་ཡི་གེའི་གནོད་པ་བཅས་རགས་ཞིབ་ལྟར་བརྩིས་པས་མང་དུ་འོང་། སྐྱེས་ས་རགས་པ་སྐར་མ་ཉེར་བརྒྱད་གང་ཡིན། ཞིབ་པར་དེ་རེ་རེར་དེའི་རྐང་པ་བཞི་སྦྱར། དེ་བཞིན་ལས་སོགས་ལ་སྦྱར། དེ་དྲུག་ལ་རགས་ཞིབ་སོ་སོར་གནོད་པ་ལྔ་པོ་གཟའ་དགུའི་སོ་སོ་དང་སྦྱར། དེ་ཡང་རགས་པར་མཆེ་བ་གཡས་གཡོན་ཐ་དད་དུ་བརྩི་བ་སོགས་རེ་བཞི། ཞིབ་པ་ཞེ་ལྔ་ཡོད་པ་དང་། ཉེ་གཟའ་བརྒྱད་པོ་སྐྱེས་ས་སོགས་བདུན་ལ་སྦྱར་བས་ང་དྲུག་འོང་བ་སོགས། སྤྱིར་བསྡོམ་གཟའ་སྐར་རྩིས་སྐོར་ལ་ངོས་འཛིན་སྟོང་བརྒྱད་བརྒྱ་ཉེར་བརྒྱད་བགྲང་འདུག་ཀྱང་རྒྱས་སྤྲོས་ཙམ་སྟེ་གནད་ལག་དུ་ལེན་པ་ལ་མདོར་བསྡུས་ཏེ་དོན་སྙིང་པོར་དྲིལ་བ་ལེགས་སོ། །ས་ཡི་བྱི་ལམ་ཞེས་པ་རོ་ལམ་སྟེ། འདི་ལའང་གནས་པ་དོན་གཉིས་སོགས་ངོས་འཛིན་རྡེལ་གྲངས་བཀོད་པས་མང་ན་ཡང་། དེའི་ངོས་འཛིན་ནི་ལོ་ལ་གནས་པ་དོན་གཉིས་མི་འཕོ་བ་ཉེར་གཅིག་སོགས་སྤྱི་སྡོམ་ལྟར་ཉིས་བརྒྱ་གྱ་བདུན། བཏང་བཅུ་


MR26_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་སྡེ་ཚན་དེ་དག་གི་ཉེས་པ་ཡོད་མེད་བཅུ་གཉིས་སོ། །ཟླ་བ་ལ་ངོས་འཛིན་ཉིས་བརྒྱ་ཉི་ཤུ་བཏང་དགུ། ཞག་ལྷ་ངོས་འཛིན་གྱ་དྲུག་བཏང་དྲུག །དུས་ལ་བཏང་བཞི་ངོས་འཛིན་དོན་བཞི། ཁྱབ་མཇུག་རྒྱུ་རྩིས་ངོས་འཛིན་བརྒྱ་སོ་གསུམ། བཏང་གཅོད་བཅུ་གཉིས། སྤར་སོགས་རྡེལ་ཕྲན་ཉེར་གཉིས། ངོས་འཛིན་བརྒྱ་དོན་བདུན། རོ་ཁུར་ངན་པ་ལ་བཏང་གཅིག་ངོས་འཛིན་སོ་གཅིག །བཞག་ས་བཅུ་གཅིག་ངོས་འཛིན་བརྒྱ་ཉེར་གཅིག །རྩིས་པའི་བླ་རྡོ་ངོས་འཛིན་ལྔ། གཙང་ཀྱང་མི་རུང་ཉེར་དྲུག །ཤུལ་བཅོས་ལ་རྡེའུ་དྲུག །ཕྱི་མ་གསུམ་ལ་བཏང་གསུམ་བཅས་རྣམས་ནི་འབྲས་བཤད་ལ་ཞིབ་པར་སྦྱར་བས་ཤེས་ནུས་སོ། །དོན་ལོ་ཟླ་ཞག་དུས་ཀྱི་ས་བདག་གནས་རྒྱུ་བརྩིས་ལ་རོ་ལམ་དུ་ས་བདག་གདུག་པ་དང་མ་ཐུག་པར་བྱ། ས་བདག་དེ་ཕྱོགས་ཡོད་ཀྱང་རོ་ལ་ཀོ་ལོང་སྡོམ་མིན་ན་རྡེལ་དཀར་ཀོ་ལོང་སྡོམ་ན་ནག་པས་བསྒྲིབ་བཅོས་བྱའོ། །སྨེ་བའི་རོ་ལམ་ལ་རགས་པ་སྨེ་བ་དགུའི་འབྲས་བུ་གཤིན་རྩིས་རང་ལས་བྱུང་བ་ལྟར་ན། ད་ལམ་གནམ་ལོ་མེ་སྟག་བརྒྱད་དཀར་དབུས་གནས་ལ་མཚོན་ན། དབུས་བརྒྱད་དཀར་འདོམ་གང་གྲུ་བཞི་ནས་དང་པོ་བྱང་གི་རེ་ཁ་བདུན་པ་ཞེས་ནང་ནས་ཕར་བརྩིས་པས་མུ་ཁྱུད་བདུན་པ་གཅིག་དཀར་ཐོག་བཏང་། གཉིས་ནག་ལ་མ་བཏང་། དེ་བཞིན་གསུམ་བཞི་མེད། ལྔ་སེར་ལ་བྱང་ཤར་གྱི་རེ་ཁ་བཞི་པ་ཡོངས་རྫོགས་དང་། ནུབ་བྱང་གི་ཕྱེད་དང་ཤར་གྱི་ཕྱེད་དུ་བཏང་། དྲུག་དཀར་ལ་ཤར་གྱི་རེ་ཁ་དང་པོ་ལ་བཏང་། བདུན་དམར་ལ་མ་བཏང་། བརྒྱད་དཀར་ལ་ཤར་ལྷོའི་རེ་ཁ་གཉིས་པའི་ཕྱེད་དང་། ཤར་གྱི་གསུམ་པ་ཡོངས་རྫོགས། བྱང་གི་ལྔ་པ་ཡོངས་རྫོགས་ལ་བཏང་། དགུ་དམར་ལ་བྱང་ཤར་གྱི་རེ་ཁ་བརྒྱད་པར་ཡོངས་རྫོགས་ལ་བཏང་། དེ་ལྟར་སྨེ་བ་སྤྱི་ངན་པ་ནག་མཐིང་དམར་གཉིས་ཡིན་ལ། དེའི་


MR26_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་དགུ་དམར་ལ་བཏང་ཡང་བཙད་པོ་རྒན་ཁོག་གི་རོ་མིན་པས་དཀར་ཞེས་བུར་བཀོད་པ་ལ། འདིའི་གོ་བ་འདི་ལྟ་སྟེ་མེ་སྟག་ལོ་ཤར་དུ་དྲང་པོར་རོ་ལམ་རྩིས་ལ། དེ་ཡང་སྨེ་ལམ་གྱི་དང་པོ་ཤར་དུ་དྲུག་དཀར་ལ་དྲང་། དེ་ནས་ཤར་ལྷོའི་བརྒྱད་དཀར། དེ་ནས་ཤར་གྱི་བརྒྱད་དཀར། བྱང་ཤར་ལྔ་སེར། བྱང་གི་བརྒྱད་དཀར། ནུབ་བྱང་གི་ལྔ་སེར། བྱང་གི་གཅིག་དཀར། བྱང་ཤར་གྱི་དགུ་དམར། ཤར་གྱི་ལྔ་སེར་ལ་དྲངས་པས། གཅིག་དཀར་ནས་དགུ་དམར་བར་དུ་གང་དང་ཕྲད་མ་ཕྲད་དང་། ཕྲད་པའི་སྨེ་བ་དེའི་ཐིག་གི་ཁྱོན་ཡོངས་རྫོགས་འདས་མ་འདས་ཀྱི་དོན་དེ་དཔེ་རིས་ཀྱི་ཤེས་ནུས་པ་འདི་བཞིན་ཡིན་ལ། དེ་ཡང་རགས་པ་གཤིན་རྩིས་ནས་སྤྱིར་སྨེ་ལམ་བཟང་ངན་འབྲིང་གསུམ་དང་། ཁྱད་པར་གཅིག་དཀར་ལ་བྱིས་པའི་རོ་མི་དྲངས་པ་སོགས་དམིགས་བསལ་བཅས་བཤད་པ་ལྟར་ཡིན་ལ། འདི་ལ་དང་པོ་རགས་པ་རོ་ལམ་གྱི་ཕྱོགས་སུ་སྨེ་བ་གང་ཡོད་བརྩིས་ལ་སྨེ་དགུ་ངོས་འཛིན་རྡེལ་དགུ། བྱེ་བྲག་ཞིབ་པར་སྨེ་ལམ་ཁྲ་མོ་ནས་སྨེ་དགུ་གང་དང་ཕྲད་མ་ཕྲད་དགུ་ཡི་རྡེལ་བརྩིས་འདུག །ཤིན་ཏུ་ཞིབ་པ་ས་བདག་ལེའུ་ལྟར་ཕོ་བྲང་གི་ལྷ་ཞེ་ལྔ་དང་སྦྱར་ཏེ། ད་ལམ་ལ་མཚོན་ན་བུད་མེད་སོ་བདུན་རྒྱུད་མེད་མའི་རོ་དེ་གཅིག་དཀར་རྒྱལ་པོ་རོ་འདོད་ཁར་བཏང་ཡང་རྒྱལ་པོ་དང་བཙུན་མོ་ཆས་བཟང་གི་རོ་མིན་པས་རྡེའུ་དཀར། གཉིས་ནག་ཐོག་ཏུ་མ་བཏང་བས་དོམ་ནག་དྲེད་ནག་ཐོག་མ་ཐུག་པས་དཀར་སོགས་ཞེ་ལྔ་སྤྲོས་འདུག་ཀྱང་། ལག་ཡོད་ཐུག་ཕྱོགས་ལྔ་སེར་ཡོངས་རྫོགས་ཁར་བཏང་བས། རྒྱལ་པོ་གསེར་སློག་སོགས་ལ་ཐུག་ཀྱང་རོ་རིགས་ཀྱི་དབང་གིས་མི་ཉེན་ཡང་ལྔ་པ་སེར་པོ་བྱི་ལམ་དང་ཐུག་པས་བུད་མེད་རོ་ཡིན་པས་ངན། དྲུག་དཀར་ཡོངས་རྫོགས་དང་ཐུག་པས་མི་གཙང་རབས་ཆད་རོ་ཡིན་སྟབས་ཡབ་ལྷ་སོགས་དྲུག་ཀ་དང་ཐུག་པས་དྲུག་ཀས་གནོད། དེ་བཞིན་བརྒྱད་དཀར་


MR26_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྨུག་སོགས་སྦྱར་རོ། །སྨེ་བའི་རོ་ལམ་ཁྲ་མོ་འདིར་གནམ་སྨེ་དབུས་སུ་བཞག་ནས་བསྐོར་བ་དང་པོ། དེ་ནས་དེ་འཕྲོས་དབུས་བཞག་སོགས་དཔེ་རིས་ལ་བརྒྱད་དཀར་གྱིས་མཚོན་པ་བཞིན་ནོ། །འདི་ལ་དབུས་སྨེ་གང་ཡིན་ཀྱང་འདོམ་གང་གྲུ་བཞིའི་ཁྱོན་ཏུ་བརྩི་ལ། ཕྱིའི་སྨེ་བ་རྣམས་རང་རང་གི་གྲངས་ཀྱི་གོམ་པ་ཡིན་ཏེ། དཔེར་ན་ད་ལམ་ཤར་གྱི་དྲུག་དཀར་ལ་གོམ་པ་དྲུག་གིས་ཁྱོན་དང་། ཤར་ལྷོའི་བརྒྱད་དཀར་ལ་གོམ་པ་བརྒྱད་ཀྱི་ཚད་དུ་བརྩི་སོགས་འགྲེ། གོམ་པའི་ཚད་འདི་ཤར་ནས་ཤར་ཕྱོགས་སོགས་ཐད་ཀར་བརྩི་བ་ཡིན། གསལ་སྒྲོན་ལྟར་ན། དབུས་བརྒྱད་དཀར་སོགས་གང་ཡིན་དང་རེ་ཁ་ནང་མ་བཅས་ཀྱི་སྨེ་བ་དགུ་ལ་རང་གྲངས་གོམ་པ་དང་། ཕྱི་མ་ཀུན་ལ་རང་གྲངས་ལ་མི་ལ་མི་ལ་ལྟོས་པའི་གོམ་པ་རེར་བརྩི་སྟེ། རྩ་བར་ལྔ་སེར་དབུས་བཞག་གིས་མཚོན་པའོ། །འདི་བདེ་འདྲ། གཞན་འདོད་སྨེ་བ་དགྲ་ཐོག་ངན་པ་གཞུང་ན་གསལ། བརྩི་མ་གྲུབ་ན་གཏོ་བྱ་ལུགས། སྨེ་སྟེང་དྲངས་ན་བཟང་བ་དགུ་དང་། ཤི་ཁ་མ་ཆོད་ན་བཏང་ཐབས་ལྔ་བཅས་གསལ། སྤར་ཁའི་རོ་ལམ་བཟང་བཞི་སོགས་གཤིན་པོའི་བབ་སྤར་གྱིའོ། །དེ་ལ་སྤྱི་བཟང་བཞི་ངན་བཞི། བྱེ་བྲག་གཤིན་པོའི་བདུད་གཅོད་རོ་ཁུར་གྱི་བདུད་གཅོད། ལིར་ཤི་ཁམ་ཕྱོགས་བཏང་བ་སོགས་སྤར་ཁའི་དགྲ་ཐོག་དང་དུར་ཐོག་དང་གཤིན་རྟ་སྦྲུལ་ཁམ་ཕྱོགས་བཏང་བ་ལྟ་བུ་སྲོག་གི་དགྲ་ཐོག་བཏང་ན་གསོན་གྲོགས་ལོ་བྱ་སྤྲེལ་ཅན་ལ་ངན་པ་ལྟ་བུ། ལུས་མེ་དྲུག་ཁམ་ལ་བཏང་ན་བུ་ལུས་ས་དྲུག་ཅན་ལ་ངན་པ་སོགས་དང་།


MR26_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་རྟ་ལྕགས་གསུམ་ལིར་བཏང་ན་ཀླུང་དགྲའི་སྲོག་ཁམས་ཅན་རྟ་སྦྲུལ་ལོ་པར་ངན་སོགས་དང་དབང་དགྲའི་སྤར་སྟེང་བཏང་ནའང་ངན་པ་བཅས་བརྒྱད། ཤི་ཁ་མ་ཆོད་ན་གཤིན་པོའི་སྤར་ཁའི་དགྲ་ཐོག་དང་དུར་ཐོག་བཏང་བ་གཉིས་དང་། མི་རུང་བ་ལི་ཐོག་ཏུ་ལོང་བ་ཚགས་པོ་ཞར་བའི་རོ་བཏང་སོགས་བརྒྱད། གཞན་ལུགས་གསལ་སྟེ་ཁེན་ལ་ཕ་ཁུ་ཁོན་ལ་མ་ཕྱི་སོགས་སོ། །གཤིན་སྲོག་གི་དར་གུད་གནམ་ལོར་ཁྱེར་བ་ན་བར་ཤི་བ་དྭ་ཡི་ཕྱོགས་སུ་མི་བཏང་སོགས་གསུམ་བཅས་སོ། །དེས་འགྲེ་གཞན་ཡང་སྣ་ཚོགས་སུ་འཆད་པ་ཤེས་པར་བྱ་ཞེས་འདྲ། གསོན་པོ་ནང་ལི་མང་ན་ཕྱི་སྟག་རྟ་ཁྱི་གསུམ་ཀྱང་འོང་བས་སྤེན་པ་གསོན་པོ་ཞེས་སྨྲས་སོ། །དེ་འབྱུང་དགྲ་ཁམ་ཕྱོགས་མི་བཏང་། དེ་ཡང་རང་མ་བུ་གྲོགས་བཅས་ལྔ་འཐབ་དགྲ་སྤར་ཁའི་བདུད་གཅོད་དེ། གསོན་སྤར་དང་བཏང་ཕྱོགས་སྤར་ཁ་ལི་ཁེན་ཐུག་པ་ཁོན་ཁམ། དྭ་ཟིན། གིན་ཟོན་ཐུག་པ་བཞི། ཕྱི་ལོག་མིན་བྱི་འབྲུག་སྤྲེལ་གསུམ་ལ་བབས་དུས་ཕོ་ཡིན་ན་དྭ་ཟིན་གང་རུང་དང་། མོ་ཡིན་ན་ལི་ཁམ་གང་རུང་ལ་འབབ་པས། ཟིན་ལ་བབ་ན་ཤར་དུ་མི་བཏང་། དྭ་ལ་ནུབ། ལི་ལ་ལྷོ། ཁམ་ལ་བྱང་དུ་མི་བཏང་བ་དེས་འགྲེ་སྟེ། བྱི་འབྲུག་སྤྲེལ་གསུམ་སོགས་ལ་ཕོ་མོ་ཡིན་མིན་སྦྱར་བས་ངོས་འཛིན་བརྒྱད། གསོན་སྐྱ་མདའ་གང་ལ་ཐུག་པའི་སྤར་ཁ་དེ་ཕྱོགས་མི་བཏང་བས་སྤར་བརྒྱད་གྲངས་བཞིན་རྡེལ་བརྒྱད་བྱས་འདུག །གསོན་སྤར་ཁ་གང་ལ་སྤུངས་པ་དེ་ཡི་དགྲ་ཞེས་ལི་ལ་སྤུངས་ན་ཁེན་ཐོག་བཏང་བ་སོགས་གོང་བཤད་དགྲ་བདུད་ཕྱོགས་སུ་བཏང་བ་སྟེ་སྤར་བརྒྱད་སོ་སོ་ནས་སྨྲོས་པས་རྡེལ་བརྒྱད་འོང་། གསོན་གྱི་སྒོ་ཕྱོགས་ཞེས་གསོན་པོའི་ལོ་ཡོད་ཕྱོགས་དང་། གསོན་ལོའི་སྲོག་གི་དགྲ་ཐོག་དང་། བདུན་ཟུར་ཐོག་མི་དྲངས། ཞག་དུས་ཀྱང་གསོན་ལོའི་རང་དང་དགྲ་ལོའི་དུས་ལ་འཛེམ་པ་དང་། ཞག་དུས་ཀྱི་རང་དགྲའི་ཕྱོགས་ལ་


MR26_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

འཛེམ་པའི་ལུགས་གཉིས་འདུག་ཀྱང་དཔྱད། དེ་ལ་ངོས་འཛིན་བདུན་འོང་། གཤིན་གྱི་སྒོ་ཕྱོགས་ལ། གཤིན་གྱི་རང་ལོའི་ཕྱོགས་སུ་བཏང་བ་དེ་ལ་སྟག་ཡོས་ཤར་བཏང་སོགས་བརྒྱད། གཤེད་རྟ་སྦྲུལ་བྱང་བཏང་སོགས་ལྔ། ཞིབ་པར་དེ་ལྔ་དང་། སྨེ་བའང་སྦྱར་བས་ལྔ་སྟེ་ཉེར་གསུམ་བརྩིས་འདུག །སྨེ་བ་ན་རྟ་སྦྲུལ་ལ་དམར་གཉིས་སོགས་སྲོག་གི་དགྲ་སྨེའོ། །རོ་རིགས་བཏང་ཕྱོགས་ཞེ་ལྔ་ལ། བཀྲ་རོ་སྦྲེལ་ཐོག་དྲངས་སོགས་ཞེ་ལྔའོ། །དེ་ནང་བདུན་ཟུར་ནི་གཤིན་པོའི་བདུན་ཟུར་ཕྱོགས་སོ། །དེ་ལ་བདུན་ཟུར་དྲུག་པོ་བརྩིས་པའི་རྡེལ་དྲུག་བྱས་འདུག །དུར་མིག་ཐོག་ཞེས་གཤིན་པོའི་སྲོག་གི་དུར་ལོ་གནས་པ་སྟེ་སྟག་ཡོས་ལོ་པའི་ལྷོ་ནུབ་ལུག་ལྟ་བུ། ཀླུང་ལམ་ཞེས་པ་གཞུང་གི་དཔེ་བརྗོད་ལྟར་རང་རང་གི་ཀླུང་རྟའི་ལོ་ཐོག །གྲོགས་ཐོག་སྤང་བ་ནི་གཞུང་ན་གསལ། འདི་གཉིས་ལ་སྔ་མར་ཀླུང་བཞི་ངོས་འཛིན་དང་། ཕྱི་མར་གྲོགས་སྟེང་ལྔ། འགགས་ན་དགྲ་ལ་ངན་ན་ཡང་། ཞེས་སོ། །ཕྱོགས་ཐམས་ཅད་ངན་ནས་འགགས་ན། དགྲ་ཕྱོགས་དྲངས་པ་ངན་ན་ཡང་། བདུན་ཟུར་དངོས་མིན་པར་དྲངས་པར་བྱ་སྟེ། སྟག་ལོ་བའི་རོ་སྤྲེལ་དངོས་ལ་མི་དྲངས་པར་བྱ་ལ་དུས་པ་དང་། དེ་བཞིན་རང་ཐོག་སྤྱི་རང་ངན་ཡང་འགགས་ན། རང་ཐོག་དངོས་མིན་པར་སྟག་ལོ་པའི་དུར་ཡོས་ཐོག་དང་ཡོས་སྟག་ཐོག་ལྟ་བུར་དྲངས་ན་བཏུབ་ཙམ་ཡིན་ཞེས་སོ། །འདི་ལ་ཕན་ཚུན་རྒྱས་སྦྱར་གྱི་སྟག་རོ་ཡོས་ལ་དྲངས་པ་མིན་སོགས་སྦྱར་འདུག །གལ་ཏེ་དྲངས་ཕྱོགས་མི་རུང་བ་ཡིན་ན་ཕོ་ལོའི་ཐོག་དྲང་ན་ཕོ་ལ་ངན་སོགས་གཉིས། དུས་ཚོད་སྟག་ཡོས་ལ་ཤི་ན་ཤར་དུ་སྤང་སོགས་དུས་སྲོག་གི་རང་ཐོག་གི་བརྒྱད་དེ། འབྲུག་དུས་ཤར་ལྷོ་སོགས་ཕྱེ་བས་སོ། །གཤིན་པོའི་ལོ་སྐར་སོགས་ངོས་འཛིན་རྡེལ་ཉེར་བཞི། གཤིན་སྟག་ལོ་སྦྲུལ་ཐོག་སྐར་ཆེན། ཕག་ཐོག་སྐར་ཆུང་ལྟ་བུའོ། །འདི་


MR26_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཟུང་སྦྱར་དྲུག་དྲུག་བཅུ་གཉིས་བྱས་འདུག་སྟེ། བྱི་ཡོས་སོགས་དང་། བྱི་བྱ་སོགས་སོ། །སྟག་ཐོག་གྲི་རོ་སོགས་བཅུ་གཉིས་དངོས་དང་། བྱ་ཁྱི་ཡང་གླ་འདྲ་ཞེས་བཤད་པ་ཡོད་པའི་ལུགས་བཅས་བཅུ་བཞི། འདི་ཡན་ཕྱོགས་སོ། །ཞར་ལ། ལོ་ཟླ་ཞག་དུས་ཀྱི་ལོ་རྟ་དེ་དག །གཤིན་གྱི་རུས་ཁམས་ཀྱི་དགྲ་ལོ་དུར་ལོ། གཤིན་ལོའི་རང་བདུན། དབང་དགྲ། སྤྱི་གཤེད་བཞི་གང་རུང་སྒོས་གཤེད་གཤིན་སྲོག་གི་དུར་ལོ་འཆར་དུས་རོ་ལས་སྤང་། དེ་རྣམས་ལོ་ཟླ་ཞག་དུས་སྦྱར་བས་སོ་གཅིག་འདུག །ཟློས་པས་གཟའ་ཟློས་སྐར་དང་། བླ་གཟའ་བྱི་འབྲུག་སྤྲེལ་གསུམ་མིག་དམར། བྱ་གླང་སྦྲུལ་གསུམ་ཕུར་སོགས་བཞི། ས་བདག་གདུག་པ་རྒྱུ་བའི་ཚེས་གྲངས་རྣམས་སྤངས། ཉིན་དགེ མཚན་ངན་བཅས་སོ། །སྦྲ་ཁང་གི་སྒོ་ནས་དོན་མ་ཐག་ཕྱོགས་གཙང་སར་རོ་ཁ་བལྟས་ཏེ་དྲངས་དགོས་པས། དེ་ལ་རྡེལ་བཅུ་དྲུག་ཡོད། ལིར་ཤི་ཁེན་སོགས་འཐབ་དགྲའི་ཕྱོགས་སུ་བསྟན་པ་བརྒྱད། ཡང་ན་དྲངས་ཕྱོགས་སུ་ཁ་བསྟན་ཏེ་དེ་ལ་ཕྱོགས་བརྒྱད་དེ་བཅུ་དྲུག་གོ། ས་བདག་ངན་པའི་ཕྱོགས་དང་། སྨེ་བདུན་ཤར་བའི་གདོང་སྟེ་མདུན་ནས་ཕར་གཏད་པ་ངན་པ་གཉིས་ནི་འདིར་མ་རྩིས་གོང་ལ་ཡང་སྦྱར་ནས་བརྩིས་འདུག །ཕྱི་མ་བཅུ་དྲུག་པོ་འདི་སྒོ་ལ་ཕུད་མ་ཐག་རོའི་ཁ་ལྟ་ཕྱོགས་ཙམ་ཡིན་འདུག་གོ། ཕྱོགས་ཀུན་འགག་ན་དང་། སྒོ་ནས་འདོན་མི་རུང་བ་ལྟ་བུ་ལ། བཅོས་གཞུང་ན་འདུག་ཀྱང་ཚིག་མི་གསལ་བ་ཐོམ་ཐོམ་ཅན་ཞིག་གོ། རོ་ཁུར་ལ་ངན་པ་སོ་གཅིག །གནམ་ལོ་གླང་ལ་སྲོད་དུས་བྱང་དུ་ཁུར་ན་ངན་སོགས་ལོ་ཡི་ལྔ། དུས་གུང་གཉིས་ཟེར་འཆར་སྡུད་གཉིས་ཏེ་སྤྱིར་ངན་གཉིས། ཁྱད་པར་ཉི་རྩེ་ཤར་དུས་ཤར་དུ་ཁུར་སོགས་བཞི། རོ་ཁུར་ལ་ཀེག་རྩིས་ལྟར་ཀེག་ཆེ་བ་ནི། རོ་ཁུར་དང་གཤིན་པོ་སྤར་ཁ་གདན་ས་གཅིག་པ། ལོ་བདུན་ཟུར་དང་། གཤིན་


MR26_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཁུར་གྱི་སྲོག་དགྲ་དང་། དུར་གཤེད་དང་། སྤར་སྨེ། རོ་འཛེམ་དགོས་པ་དང་ཁྱད་པར་སྤར་གཤེད་དང་། རོ་ཁུར་དཀར་གསུམ་ལ་བབ་པ་སྨེ་བས་རོ་འཛེམ་དགོས་པ། གཤིན་དང་མཐུན་གསུམ། བྱི་ཕག་ཁམ་ཤི་རྟ་སྦྲུལ་ལོ་བས་མི་ཁུར་སོགས་འཐབ་དགྲ་ཐུག་པ། ཟླ་ཞག་དུས་གསུམ་རོ་ཁུར་གྱི་རང་ཀེག །བདུན་ཟུར། དུར་གཤེད་གསུམ་སྦྱར་དགུ་བཅས་སོ། ༈ །རོ་རིགས་བཞག་ས་ལ། ཕུད་དུ་བཀུར་བའི་རོ་བཞི་ཕྱིར་མི་དབྱུང་། གཞན་ཕྱིར་དབྱུང་བ་སྤྱིར་བཏང་། བཞག་ས་ལ་བཀྲ་ལ། བཀྲ་རྒྱལ་སོགས་བཅོ་ལྔའི་བཞག་ས། སྲིའི་ཡང་ཁོལ་དུ་ཁ་འཕང་གོང་གི་དཔྱད་དགུ་པར་བསྟུན། འདིར་མོན་ལུག་གི་བཞག་ས་དྲུག་བཟླས་ཏེ་བསྟན་པ་སྟེ། ཐོན་བུ་ནས་བརྩིས་ལ་བཞག་ལུགས་དྲུག །ཁྱིམ་དུ་མི་བཞག་པ་ཉེར་གཅིག་གཞུང་ན་གསལ། མནའ་མར་བླངས་ཀྱང་སྐྱེས་པས་སྤྱད་མ་མྱོང་བ་རྡོ་རྗེའི་མདའ་མ་ཕོག་པ། བུ་སྲིང་ཟླ་མཚན་འབབ་མ་མྱོང་བ་མཚལ་མ་ཟག་པ། སྣེལ་མ་བུ་སྐྱེས་མ་ཐུབ་པའམ་སྐྱེས་མ་ཐག་ཤི་བ། རྒྱུད་མེད་པ་རབས་ཆད། ནལ་སོགས་ཀྱིས་མནོལ་བ། མི་ལྷག་བྱི་ཕྲུག་འདྲའོ། །བཞག་ས་སྣ་ཚོགས་ངོས་འཛིན་ཞེ་གཉིས་ནི། གྲི་རོ། རྦབ་རོ། ཐོག་རོ་སོགས་སོ། །དེ་དག་སོ་སོའི་བཞག་སར་བཞག །དམུ་ཆུས་ཤི་བ་སོགས་ལ་གདན་ས་སྟེ་གཤིན་གྱི་བབས་སྤར་གྱི་ཕྱུགས་གང་ཡིན་ལྤགས་བས་སོ། །རྡེལ་ནད་ནི་རྒང་བར་རྡེའུ་ཆགས་ནས་ཆུ་འགག་སྟེ་ཤི་བའོ། །ཡང་གཅིག་པ་ཞགས་སོགས་ཀྱང་འདིའི་ཁོངས་སུ་ཡང་བརྩིས་པའོ། །སྦ་བར་མི་རུང་བ་དགུ་ལྷ་གཉན་གནས་པ། ཀླུ་གཉན་གནས་པ། ལམ་ཆེན་སོགས་སོ། །སྦ་ས་བཟང་བ་བཞི་རྐང་པ་རེ་རེས་བསྟན་ནོ། །ངན་རོ་དྲུག །མེ་གྲི། ཆུ་གྲི་སོགས་དྲུག་ལ་ཤི་བ་ལྔ་སེར་སྟེང་དུ་བཏང་བ་འབྲིང་དུ་བཤད་པའོ། །བཀྲ་རྒན་སོགས་ངོས་འཛིན་ལྔ། བཀྲ་རྒན་དགུ་དམར་སྟེང་དུ་བཞག་ན་རབ། ནང་རོ་


MR26_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཅན་ཕྱིར་མི་འདོན་སོགས། རྩིགས་ལོག་ལ་མི་སྦ་བའི་བར་རོ། །རོ་ཁུར་ལ་ངན་པའི་ས་བཅུ་གཉིས། སྟག་གི་དུས་ལ་ཤར་སྟོད་དུ་དྲངས་སོགས་དུས་ཀྱི་རང་སྟེང་ཁུར་བ་བཅུ་གཉིས་སོ། །རྩིས་མཁན་བླ་རྡོ་ལྔ་པོ་གཞུང་བཞིན། དེ་རྣམས་གང་རུང་དང་རོ་ཐུག་ན་རྩིས་མཁན་ལ་ངན། རོ་ལམ་ས་བདག་གཙང་ཡང་བཏང་མར་མི་རུང་བའི་ས་ཉེར་དྲུག་ནི། འབྲུག་སྔོན་སོགས་སོ། །ཚང་མང་ནི་ཐབ་ཚང་ནང་ངོ་། །བྱུར་ར་ཞེས་དམེ་བཏང་བའམ་གྲི་ལ་ཤི་ཤུལ་འདྲ། དྲི་ཞེས་ཡི་གེ་ནོར་རམ་དཔྱོད། ཤུལ་བཅོས་དྲུག །རོ་ཁྱེར་ཤུལ་བསང་བཏང་སྤོས་མེ་བཏང་། བཀྲ་ཤིས་རྫས་སྦ། ཕུད་གཏོར་བདེན་པ་བརྡར། བཀྲ་ཤིས་བརྗོད། སྐྱེས་སར་ཡང་ཕུད་གཏོར་བ་དྲུག་གོ །༈ འགྲམ་བཅོས་ལ། རྩ་རྡེལ་བཅུ་གཅིག །ཡན་ལག་བཏབ་བཅས་ཉིས་བརྒྱ་ཉེར་བདུན་ཡོད་པ་ལས། དང་པོ་སྲོག་ལུས་དབང་ཀླུང་ཁམས་རྡེལ་རྣམས་ནག་ན་བཅོས་དགོས་པ་དང་། སྤར་ཁ་ནག་མིན་དང་། རྭ་བསེ་སྐོར་གཅིག །འབྱུང་ངུར། སྐྱེ་གནས། བཞག་ས། དྲངས་ཕྱོགས་འཇམ་རྩུབ་རྣམས་ནག་ན་བཅོས་དགོས། དེ་ཀུན་བགྲང་བས་ཁ་དམར་བཅས་བཅུ་གཉིས་སོ། །སྒོས་བཅོས་མི་ལུས་པའི་རྡེལ་ཕྲན་ལས། སྤར་བཅོས་བཅུ་བཞི་ལ་ལི་སོགས་བརྒྱད་སོ་སོའི་བཅོས་ལ། སྤྱིར་ངོས་འཛིན་བརྒྱད། དེ་ནང་གང་ཡིན་དེའི་བཅོས་སྤྱི་དང་། དེའི་ཐེམས་བསྡོམ། གཏོ་དཀར་ནག་ཁྲ་གསུམ་རེ་རེ་ནས་བརྩི། མགར་གྱི་ཤོག་དྲིལ་བཅོས་བཅས་དྲུག་རེ་བརྩིས་བས་བཅོ་ལྔའོ། །ལོ་སྤར་སྦྲགས་མའི་བཅོས་བྱ་སྤྲེལ་ལི་ཤིའི་བཅོས་སོགས་བཅུ། རོ་ཡི་ཤུལ་ཕྱགས་མའི་བཅོས་ཉེར་བཞི་རྟ་སོགས་སོ། །སྦུད་པ་དགུ་རྒྱུག་དྲུག་ནི་གཤེད་བཞི་ཟིན་ཤི་དང་། དུར་ཞུགས་དར་གཉིས་ཀུ་ཀུང་ལ་གསུམ་ན་ཤེ་འགྲམ་བཅོས་སོ། །སྨེ་བཅོས་དགུ་གཅིག་དཀར་སོགས། བཅོས་ཀྱི་རྡེལ་


MR26_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཉི་ཤུ། ངན་ཀླུང་བཅུ་གཉིས་ཀྱི་བཅོས། གནམ་རྩ་རྡེལ་དང་རྭ་བསེ་ངན་པ་སོགས་གནམ་ལོ་ངན་བཅོས། ཟླ་བ་ངན་སོགས་སོ། །རྩ་བར་སྦྲུལ་ཤད་ཅན་པ་རྩི་ཞིང་། ཐེམ་སྡོམ་ལ་རུས་ལྔར་ཕྱེ་བས་འགྲིག་གོ། ཟླ་ལོ་ཞག་དུས་ཀྱི་བཅོས་བཅུ་གསུམ་ར་བཅོས་བཞི་སོགས་གཞུང་ལྟར། ཆོས་སུམ་ཅུའི་བཅོས་གཞུང་བཞིན། གཟའ་བཅོས་བརྒྱད་སྐར་བཅོས་ཉེར་བདུན། སྐར་འགོ་བཞི་བཅོས་སོགས་བཅུ་བདུན། སྐར་དུར་ལྔ་ལོ་སྐར་སྦྱར་བ་ཉེར་བཞི་བཅས་སོ། །དེ་ལྟར་བཅོས་སྡེ་ཚན་བཅུ་གསུམ་ལ་ནང་གི་གྲངས་ཉིས་བརྒྱ་གཉིས། རྩ་རྡེལ་བཅུ་གཅིག །ངོས་འཛིན་བཅུ་གསུམ་གྱི་ཁ་དམར། དེའི་བཏང་བཅས་འབྲས་རྡེལ་ཉེར་ལྔ། ཁྱོན་བསྡོམ་ཉིས་བརྒྱ་ཉེར་བདུན་དུ་བགྲང་པའོ། །དེ་ལ་སྤར་བཅོས་ནང་། ལི་ཡི་སྐབས་ར་ཕག་ནག་པོ་དུར་དུ་གཞུག །ཅེས་པ་ར་ཕག་ནག་པོའི་གཟུགས་བཅས་ལ་དུར་ལྔ་གང་བྱེད་དེར་བཅུག་པའོ།། གནས་གཞིའི་ཐེམ་འོག་མནན། ཞེས་པ་དགེ་འདུན་གྱི་གནས་སོགས་ཀྱི་ཐེམ་འོག་མནན་པའོ། །ཐོ་ལེས་གདབ་པ་ཀི་ཀི་བསྭོ་བསྭོ་བྱེད་པ་ཡིན། མཆོད་གནས་མིག་ཚག་དང་དྭ་རྒན་སོགས་ནད་ཀྱི་མིང་སྟེ་དེ་འདྲའི་ནད་ཡོད་མཁན་བཀུག་ཅེས་སོ། །དྭ་སྐབས་ར་མཚན་གཡས་སུ་ཞེས་པ་ཡི་གེ་མ་དག་པ་སྟེ། རོ་མཆན་གཡས་སུ་ཞེས་སོ། །ཤ་རུ་གཡོན་ནི་བོན་གྱི་གཏོ་ཞིག་གོ། ཁེན་སྐབས་སྡེ་བརྒྱད་ཁྱི་ཐོད་ནང་དུ་དྲིལ་ཞེས་པ། སྡེ་བརྒྱད་ཀྱི་མིང་ངམ་ལིང་ཡིན་ནམ་ཞེས་དཔེ་འགར་བཀོད་འདུག་ཀྱང་། དཔེ་མ་དག་པའམ་དོན་གང་ཡིན་བརྟག །གླང་མའི་སྐུར་མ་ཞེས་གླང་མས་སླས་པའི་གཟེབ་ཡིན་པར་བཤད། ནུབ་བྱང་དུར་ཁ་ནི། དུར་མང་པོ་ཡོད་པའམ་དུར་ས། ཟིན་སྐབས་ཤིང་ལ་སྟྭ་རེ་སོག་ལེས་བསྙོད་ཅེས་བཅད་པ་འདྲ། ཕོ་ཧྲིང་མོ་ཧྲིང་ནི་ཕོ་རེང་མོ་རེང་སྟེ་ཟླ་གྲོགས་མེད་པ་གཅིག་བུའི་མིང་། མ་རྙེད་ན་ཁྱོ་མེད་མ་སོགས་ཀྱིས་ཕྱོགས་ཙམ་འཐུས། ཟོན་ཞབས་བརྡོལ་ཡིན་ལ་


MR26_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གཤེད་བཞི་བྱི་ཕག་ལོ་པ་ཤི་ན་ངན་ཞེས་འདྲ། བསིལ་མཁན་ཞེས་སྐྲ་བཞར་མཁན། ཁྲོལ་མཁན་ཁྲོལ་ཚགས་བསླ་མཁན། ལ་རྫས་ཞེས་ལ་བཙས་སོ། །དེ་ཀུན་གྱི་སྐབས་སུ་ལི་སོགས་ཀྱི་ཙཀྲ་ནི་གྲི་ཡུགས་གསལ། ཡིག་མགོ་ཀུན་ཕྱིར་བསྟན། དེ་ལ་སོ་སོའི་ཙཀྲ་དང་། སྤྱི་ཡི་ཙཀྲ་གཉིས་གཉིས་གཞུང་ན་གསལ། སོ་སོའི་སྐབས་རྩིབས་བརྒྱད་ཀར་སྤར་ཁ་གང་ལ་ཤི་བའི་ཕྱག་རྒྱ་བསྐྱར་ལ་བྲི། སྤྱི་ཡི་སྐབས་ལོ་སོགས་ཁ་བསྒྱུར་བརྒྱད་པོ་བཀོད། ཡི་གེའི་དབུ་རྣམས་ལིང་གའི་སྤྱི་གཙུག་ཕྱོགས་ནས་བརྩམ་སྟེ་བསྐོར། རྩ་བར་མནན་པར་བྱ་ཞེས་པ། ལག་ལེན་དུ་ཤི་སྣ་འདྲེན་པ་ཐམས་ཅད་ནན་ཞེས་བྲིས་པའོ། །ལི་ལ་རྟ་སོགས་སོ་སོའི་ཕྱུགས་ཀྱི་ཐོད་པར་བཅུག །དེ་ཡང་ལི་རྟ་ཁོན་ལུག་དྭ་ར་ཁེན་ཁྱི་ཁམ་ཕག་གིན་གླང་ཟིན་བོང་བུ་ཟོན་མཛོའོ། །གཤིན་ལོ་དང་སྲོག་དགྲའམ་བདུན་ཟུར་སོགས་གཤེད་ལོ་ཐུག་པའི་མི་ཞིག་གིས་སོ་སོའི་ས་ཡུལ་སྟེ་ལི་ལ་ལྷོ་ཕྱོགས་སོགས་སུ་མནན་ནོ། །བྱ་སྤྲེལ་ལིར་ཤི་ལ་གཤིན་པོའི་མིང་དང་འདྲེ་མིང་ལི་ལ་ཀླུ་བཙན་གྱི་གནོད་པ་ནན་ཞེས་དང་། དེ་བཞིན་རྟ་སྦྲུལ་ཁམ་ཤི་ལ་ཁམ་འདྲེའི་མིང་མཚོ་སྨན་མ་མོ་སོགས་སྦྱར། ལྷ་འདྲེའི་ཙཀྲ་སྤར་ཁ་གང་གནོད་ཀྱི་ལྷ་འདྲེའི་མིང་བྲིས་པས་འཐུས་སམ་སྙམ། བོང་བུའི་ཡན་ལག་བཞི་ལ་གཤེད་པོ་དང་འདྲེ་མིང་བྲིས་པ་འདྲ། རྒྱལ་པོའི་མང་ཡུལ་དེའི་རྒྱལ་པོ། མི་གཤིན་པོ་རང་ངོ་། །ཨུར་མནན་རིགས་ནི་དགྲ་ཁམས་ཀྱིས་མནན་དགོས་པ་ཡིན་པས་ཁེན་ལ་དགྲ་ཤིང་སྔགས་འདྲེན་པ་འདྲ། རོ་ཤུལ་རང་རང་གི་ཕྱུགས་ཀྱིས་ལན་དགུ་འཆག་ཅེས་ཕར་ཁྲིད་ཚུལ་ཁྲིད་བཅག་པ་འདྲ། སྤར་ཁའི་ཤིང་གིས་རོ་ཤུལ་ཕྱགས་བདར་བྱ་བ་ལ་ཤིང་ནི། ལི་ལ་སེ་བ། ཁོན་ལྕང་མ། དྭ་ཚར་བ་སོགས་འོག་ནས་འབྱུང་བ་བཞིན་ནོ། །སྦུད་པ་དགུ་གདུག་སྐབས་ཤིང་མགལ་བ་གསུམ་ཁ་གསུམ་བཞག་པ་འདྲ། ཐོད་པ་བཞི་ཕྱོགས་བཞིར་མནན་པ་ལས་སོ་


MR26_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཕྱོགས་མེད། དུལ་མོ་ནི་གོས་སོགས་རྡེབས་པའོ། །སྨེ་འཁོར་ནང་གི་གླིང་དགུར་གཤིན་པོའི་བབ་སྨེ་དབུས་བཞག་གི་དགུ་པོ་བཀོད། རྩིབས་དྲུག་ལ་གང་བབས་སྨེ་སྔགས་དེ་ཚེག་བར་རེ་རེ་བྲི། དེ་ཡང་འབྲུ་བགོས་པས་འབྲུ་རེ་རེར་མ་ངེས་ཀྱང་མི་སྐྱོན། ཕལ་ཆེར་སྭཱ་ཧཱ་ལྟ་བུ་མཇུག་གི་སྔགས་གཉིས་རེ་ལྷན་དུ་བྲི་བ་སོགས་ཅི་བདེར་བགོས་ཏེ་བྲི། ཨུར་མནན་འཁོར་ལོའི་བར་ལིང་གའི་སྙིང་གར་ཏྲི་ལ་གཤིན་པོའི་ལོ་སྒྲེན་སོགས་བསྐོར། སྟེང་གི་མཆོད་རྟེན་ནི་གནམ་ལོ་སོགས་གང་ངན་པའི་སྲོག་གི་དགྲ་མདོག་བྱའོ། །ཨུར་མནན་འཁོར་ལོ་བྱེ་བྲག་དང་སྤྱི་བཅས་བྲི་ལུགས་གཞུང་གིས་རྟོགས། མཛེ་སྒབ་བཅད་སོགས་འཁོར་ལའང་གཞུང་གིས་ཤེས། གོང་འོག་ཀུན་ཏུ་མཁོ་བ་འབྱུང་སྔགས་ནི་མ་མ་སྡེ་ཏ་སོགས་ལྔའོ། །དགུ་མིག་གྲངས་འགྲམ་ལ་རང་རང་ཁ་སྒྲང་སྐབས་བཤད་པ་གོང་ས་དཔྱད་བཅུ་པར་དགུ་གཅིག་དང་པོ་ལི་ཁམ་སྟེང་སོགས་ཟེར་བ་དེ་ལྟར་བྱ་བ་དང་། རུས་འགྲམ་སྐབས་ཁ་གཅོད་འཇམ་པོ་རང་མཐུན་རྫས་ནི་ཤིང་ཁམས་པ་ལ་ཤིང་ངམ་ཆུ་ཤེལ་ལམ་ཆུ་རྡོ་སྔོན་པོས་བཅད་པ་དང་། རྩུབ་མོ་དགྲ་ལྕགས་ཀྱིས་བཅད་པ་ལྟ་བུར་འགྲེ། ར་བཞིའི་ཤི་སྒབ་གཅོད་སྐབས་ལུང་པ་མདའ་ཡིས་བྲེ་བཞིས་ཕྱོགས་བཞིའི་ལ་ཁའི་རྡོ་བླང་བ་སྲང་ལ་འདེགས་ས་བླང་བ་བྲེལ་འཇལ་ནས་འཇིམ་པར་བསྲེ་སོགས་སོ། །རྡོ་གྲངས་ནི་བྲེ་བཞིས་བླང་བའི་རྡོ་དུ་འདུག་བགྲང་བས་གཤིན་པོའི་ལོ་གྲངས་ལས་མང་ན་བཟང་བ་ཡིན་ནམ་ཞེས་དཔེ་འགའ་ལས་བཤད། དགྲ་འདྲེའི་ལིངྒ་སྤྱི་ལྟར་དང་ར་བ་བཞིའི་ཤེ་སྣ་འདྲེན་པ་སོགས་ཁ་བསྒྱུར་བྱའོ། །འབྲིང་བཞིའི་སྐབས་ཕྱོགས་བཞིའི་བཙད་པོ་དཔོན་པོ་ལྟ་བུ། གནས་སྡེ་བཞི་དགོན་གནས། ཧལ་ཁྱིའི་ཁར་བརྫངས་པ་ལ་ཕྱི་དུག་གི་ཝཾ་སོགས་ཀྱི་ཆུ་གཏོར་བ་ནང་དུག་སྔགས་བཟླས་པས་བསད་པ་བར་དུག་ར་ཁྱི་ལུག་ནག་པོ་གསུམ་ཁྲིད་པས་བསད་


MR26_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཏུ་བྷྱོ་བྷྱོ་དང་ཧལ་ཁྱི་ཤར་ཏུ་གནས་ན་ཤར་ཕྱོགས་རྒྱལ་པོ་སྟོན་ཅེས་སོགས་བརྗོད་པ་འདྲའོ། །ལོག་གནོན་འཁོར་ལོ་ལ། ལྟེ་བར་ལིང་གའི་ལྟོ་བར་ཏྲི་ལ་ངན་གནོན་ཞེས་ལོ་ཟླ་ཞག་དུས་སྤར་སྨེ་གཟའ་སྐར་ས་བདག་གི་ངན་འགྲམ་དགྲ་འདྲེ་བྱུར་གསུམ་གཟིར་བྲུབ་ནན་འབྱུང་བའི་དགྲ་བོ་ཟློག་སོགས་བྲི། ལིངྒའི་ཕྱི་ལ་རྡོ་རྗེ་རྒྱ་གྲམ་བྲིས་པའི་སྣེ་བར་བཞི་ལ་མ་ཧཱ་བ་ལ་ནན་སོགས་ཚན་བཞི། དེ་ཕྱིར་མུ་ཁྱུད་ལ་ཧཱུྃ་བཞིའི་སྔགས་ཤམ་དམོད་མོ་བྲི་དེའི་ཕྱི་ལ་སྡིག་གཟུགས་དང་དེའི་ཕྱི་ལ་རུས་སྦལ་གཟུགས་བྲི་ཞེས་བཤད་འདུག །འབྱུང་བ་གཤེད་སྤྲད་མཆོད་རྟེན་ནི་ལོ་ཟླ་སྤར་སོགས་གང་རྩུབ་དེའི་འབྱུང་དགྲའི་མཆོད་རྟེན་གྱིས་མནན་པའོ། །ལོ་ནག་སྐབས་ཕྱོགས་ལ་འབྱུང་བ་འདོམ་ལ་གཞལ་ཞེས་པ་འདི་ཞེས་བཤད་པ་མ་མཐོང་སླར་བརྟག །འབྱུང་བ་ལྔ་སྔགས་བཅས་ས་ལ་སྦ་ཞེས་སོ། །ཟླ་ནག་གང་ཡིན་ཐོད་པར་གཤེར་སྔགས་ཞེས་ལྟ་བུ་ཐོད་ལ་མ་མ་ཀ་ར་སོགས་བྲི་བ་འགྲེ། འབྲུག་ཐོད་ནི་གསོབ་བྱ་བ་ལས་འོས་མེད་འདྲ། ཞག་ནག་ཉི་ནག་གི་བཅོས་དམིགས་བསལ་བཤད་མི་འདུག །དུར་ཉི་གང་ཡིན་ཝ་ལ་ཞོན་པའི་གཟུགས་བྲི་ཞེས་པའོ། །ཆོས་རྣམས་ཀྱི་བཙོན་བཟུང་ཞེས་པ་སྔགས་དེ་ལ་ཟེར་བ་ཡིན་ནམ་བརྟག །གཟའ་སྐབས་ཆུ་འཁོར་ནི་འཁོར་ལོ་རྩིབས་ལྔ་སྔོན་པོ་ཆུ་སྔགས་དང་མུ་ཁྱུད་ཆུ་རིས་བྲིས་བ་ལྟ་བུས་ཆོག་གམ་སྙམ་དཔེ་མ་མཐོང་། ཚིག་མའི་མེ་དགུ་ཞེས་ཡོས་ཚིག་མེ་ཡིན་ཅེས་འདུག །འཁོར་ལོ་རྟ་ཐོད་དུ་བཅུག་རྒྱུ་འོག་གི་གཟའ་འཁོར་ཡིན། གཟའ་བཅོས་སྐོར་སྔགས་འདི་རྣམས་བཅོས་བྱེད་དུས་བཟླ་དགོས་པ་འདྲ། སྤེན་པའི་གཟུགས་དངོས་བྲིའམ་སྙམ། འོག་ཏུ་སྤེན་པའི་ལས་ཀ་ཞེས་སྤེན་པའི་གཟུགས་བྲིའམ་སྤེན་པ་བཞག་པའམ། ས་འཁོར་བྲི་བ་ལྟ་བུ་ཡིན་ནམ་ཅེས་བཤད་འདུག །རཱ་ཧུར་ཤི་བ་ནི་རཱ་ཧུས་འཁྱུད་པའི་སྐར་མ་ལ་ཤི་བའོ། །སྡེ་བརྒྱད་སྙིང་པོ་རྒྱས་པའམ་བསྡུ་ན་ཨ་ཡ་མ་དུ་རུ་སོགས་ཀྱིས་


MR26_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

འཐུས་འདྲ། རཱ་ཧུའི་སྒྲིབ་ཤིང་འབྲས་བཤད་ནང་ནས་བླང་ངོ་། །རྒང་བུ་གཅིག་ལ་དམར་ཤས་སྟོན་ཞེས་པ་རྒད་པོ་ལ་ཤ་དམར་གྱི་སྟོན་མོ་བྱ་བ་ཡིན་ནམ་བརྟག །སྐར་མའི་སྐབས་འཁོར་ལོ་ཟེར་བ་ཐམས་ཅད་འོག་གི་སྐར་འཁོར་ཡིན། གྲ་མའི་མགལ་བ་ཞེས་ཤིང་རྩ་ལོ་མ་ཉམས་པའི་མགལ་དུམ་ཞེས་དཔེ་འགར་འདུག་ཀྱང་ཤིང་གྲ་མ་རང་འདྲ། འཕུང་ས་ནི་དམེ་འཁྲུགས་གམ་སྡེ་ཆེན་སྟོང་ཤུལ་གྱི་ཕུང་སའོ། །ཨོལ་སྟོང་སྟེང་གཉའ་ལྟག་ལ་ངོས་བཟུང་བའང་འདུག །སྐར་འགོ་བཞི་༢༩ ༡༦ ༢༢ཐ་མ་བཞི་༧ ༡༤ ༢༡ ༠ ཡིན་ནོ། །འཁོར་ལོ་རྣམས་གཞུང་ན་གསལ་སྔགས་ཀུན་མགོ་ཕྱིར་བསྟན་ཡིན། ལར་གཏོ་རིགས་ཕལ་ཆེར་བོན་ལུགས་ལ་མང་བས་དེར་ཟད། ཚིག་སྣ་བསྡུས་པ་དང་གཅོད་མཚམས་སོགས་ཁ་མི་གསལ་བ་ཐམས་ཅད་བྲི་ཚོད་མེད་པས་རང་གི་བློས་བརྟག་པར་བྱའོ། །ཤི་སྒབ་གཅོད་ཐབ་ཚང་པའི་རུ་བཟློག་སོགས་གཞུང་བཞིན་ནོ། །བསྲུང་བ་དཀར་པོའི་འཁོར་ལོ་ནི་དབུས་སུ་གསོན་གང་ལ་ཟློས་པའི་ལོ་བརྙན་ཞེས་མི་ལུས་རང་ལོའི་མགོ་ཅན་སྲོག་མའི་མདོག་ཅན་བྲི། འདི་གསོན་ལོའི་བསྲུང་བ་ཡིན་གཟུགས་ལེགས་པ་ལས་ལིངྒ་ལྟར་མི་སྡུག་པ་མི་ཉན། འདབ་མའི་མཚོན་མདངས་སོགས་ཟློས་པ་གཅིག་ལས་མེད་ན་དེའི་མ་མདོག་དང་མང་པོ་ཡོད་ན་སོ་སོའི་མ་དང་ཅི་རིགས་བསྟུན་དགོས་ཀྱང་སོ་སོའི་སྲོག་གི་དགྲ་མདོག་མ་སོང་ན་ལེགས། སྤར་སྨེ་གཟའ་སྐར་སོགས་གཟུགས་སམ་སྔགས་སམ་མིང་གིས་འཐུས་སོ། །བསྟུད་དེ་ཤི་ན་གཤིན་ཕྱི་མ་དེའི་དབང་ཐང་གི་དར་གུད་གནམ་ལོར་ཁྱེར་བས་དར་ན་འོག་ཏུ་འགྲམ་ཆེ་བས་ངན། དུར་ལྔའི་ཐོབ་ཐང་ལས་གོ་བཟློག་བྱ་ཟེར་བ་འདྲ་སྟེ་བརྟག །༈ ས་བཅུད་བཅུ་བཞི་པ་འདུར་ཤིད་ལ། དང་པོ་ཤིད་སྟོན་བྱ་མི་བྱ་བརྟག་པའི་ངོས་འཛིན་དགུ་གསོན་གེགས་ཆེ་འབྲིང་ཆུང་གསུམ། ཟློས་པ་ཆེ་འབྲིང་ཆུང་གསུམ། གཤིན་པོ་ཟས་འདོད་མི་འདོད་འབྲིང་གསུམ་བཅས་གོང་བསྟན་


MR26_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྟགས། ཤིད་མ་བྱས་ན་ངན་པ་གཉིས་གཤིན་པོ་སྨེ་བ་དཀར་གསུམ་ལ་བབས་པ་དང་དགུ་དམར་ལ་བབས་པ་གཉིས། ཤིད་བྱས་མི་འགྲམ་པ་གསུམ་གཤིན་པོ་སྐྱེ་གནས་བཟང་བ་གནས་བདེ་བ། གསོན་ལ་མི་གནོད་པ་གེགས་ཟློས་མེད་པ། གསོན་དབང་སྐྱེ་བ་རོ་བདག་གཙོ་བོའི་དབང་ཐང་གཤིན་དབང་གིས་བསྐྱེད་པ་གསུམ་ཡིན། ཤིད་བྱས་ན་འཕྲལ་ཕུག་ངན་པ་བཞི་ནི་གཤིན་པོ་ཤི་ལོ་དང་ཟླ་བ་གསོན་པོའི་དབང་ཐང་གིས་དགྲ་དང་བདུན་ཟུར་ཐུག་པ་ནའོ། །དེ་ལྟར་རུང་མི་རུང་བརྟགས་ནས་རུང་ན་ལ་ཉེ་བརྟག་པ་གྲོས་ཆང་ལ་ངོས་འཛིན་གསུམ་དབྱུ་གུ་ནབས་སོ་རྒྱལ་གསུམ་ལ་ཆང་བཙོ། གྲོས་སྨེའི་རྡེལ་དགུ་ནི་གཟའ་སྐར་བཟང་པོ་ལ་གནམ་སྨེ་དབུས་བཅུག་གི་གཅིག་དཀར་གང་གནས་ཕྱོགས་སུ་ཤིད་སྟོན་གྱི་གྲོས་མཐུན་བྱ་སྟེ། མེ་སྟག་བརྒྱད་དཀར་དབུས་གནས་ལ་མཚོན་ན་ནུབ་ཏུ་གྲོས་བྱས་པས་གཅིག་དཀར་སྟེང་ཡིན། གཞན་བརྒྱད་མིན་པར་ངོས་བཟུང་བའོ། །ལྟས་ཆང་ལ་གཉིས་ཏེ་སྐར་མ་བྲ་ཉེ་མཆུ་ལ་བསྙལ་བ་གཉིས་སོ། །བསྙལ་ས་ལ་སྨེ་དགུའི་ངོས་འཛིན་དགུ་བྱས་ཀྱང་བསྙལ་ས་གནམ་སྨེ་དབུས་བཞག་གི་གཉིས་ནག་སྟེང་དུ་བསྙལ་དགོས་པས་ད་ལམ་བྱང་ཤར་དུ་བྱས་པ་ལྟ་བུའོ། །ལྟས་ཆང་ལ་བརྟག་པ་དྲུག་རུལ་པ་ཡིན་མིན་སོགས་སོ། །ལྟས་ཆང་བཟང་ན་ཤིད་སྟོན་གྱི་ལས་ལ་འཇུག་དགོས་པས་དེ་ཡང་ཤིད་སྟོན་གང་ལ་བྱེད་པའི་ཟླ་བ་དེ་ལ་ངོས་འཛིན་བཅུ་གཉིས་ཏེ། རུས་ཁམས་ཀྱི་རང་མ་བུ་གྲོགས་དགྲ་ལྔ་དང་དུར་ཟླ་བཅས་དང་གསོན་གཙོ་བོའི་རང་ཀེག་བདུན་ཟུར་ཡར་མར་གྱི་གཤེད་གཉིས་དུར་ཟླ་ཟླ་ནག་མིན་པའོ། །དེ་ཡང་སྤྱིར་འབྱེད་བཞི་བར་བཤད་པ་དག་བསྟུན་དགོས་སོ། །ཤིད་སྟོན་བྱ་བའི་ཉིན་པར་དེའི་གཟའ་སྐར་ས་བདག་སྐོར་མཆེ་གདོང་སོགས་གོང་བཞིན་རྒྱས་སྤྲོས་བུར་བཀོད་འདུག་ཅིང་། དེ་ཉིན་གྱི་རེས་གཟའ་གང་ཡིན་པ་དེ་ལས་ཁྱིམ་གྱིས་མཐོང་ས་དགྲ་གྲོགས་ཞིབ་པར་བརྩིས་པ་དཔེར་ན་རེས་གཟའ་ཕུར་བུ་


MR26_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟའ་ལྔའི་ནང་གི་ཕུར་བུ་དེ་དུས་ཁྱིམ་སྲོག་ལ་ཡོད་ན་དེའི་མཐོང་ས་རྣམས་སུ་དེའི་དགྲ་གྲོགས་དང་སྟོབས་སོགས་བརྩིས་འདུག །ས་བཅད་དུ་སྔོན་བརྟག་དང་གཟའ་སྐར་ལ་སྤྱི་བསྡོམ་ཁ་དམར་གྱི་རྡེའུ་གྱ་བརྒྱད་མཛད། ངོས་འཛིན་སྟོང་དགུ་བརྒྱ་སོ་དྲུག་བྱས་པ་བཞིན་ནོ། །གང་ལྟར་ཀྱང་ཞག་དེར་ཚེས་གྲངས་གཟའ་སྐར་བཟང་ཞིང་རྒྱུ་བ་ངན་པ་མེད་པ་ལ་བྱའོ། །ཕྱོགས་བརྩི་བ་ལ་གནས་པ་དོན་གཉིས་སོགས་ཀྱང་གོང་རོ་ལམ་གྱི་སྐབས་བཞིན་རྒྱས་པར་བརྩིས་པ་ལ་སྡོམ་ས་བཅད་དུ་གསལ། དེ་ཡང་ད་ལམ་ཤར་དྲང་པོར་ཁྲོམ་ཚོགས་པ་ལ་དཔེར་བྱས་པའི་ས་བདག་དེ་ཕྱོགས་པ་ཁྲོམ་ལ་ཀོ་ལོང་སྡོམ་པ་དང་ཐུག་མ་ཐུག་བརྟག་པའོ། །རྡེལ་ཕྲན་ལ་སྡེ་ཚན་བཅུ་གསུམ་ལས། དང་པོ་ཕྱོགས་བཞི་ནི་རྩིས་པ་རང་དང་ཡོན་བདག་གི་ལོ་རགས་པར་བཅུ་གཉིས་དང་ཕྲ་བ་དྲུག་ཅུ་གང་ཡོད་ཀྱི་ཕྱོགས་མིན་པ། དེ་བཞིན་གྲལ་དཔོན་ཀྱང་བརྩི། ཡོན་བདག་གི་རུས་ཁམས་ཀྱི་དགྲ་ཐོག་ནི་ཤིང་ཁམས་པར་ནུབ་ལྟ་བུ་སྟེ་བཞིའོ། །འདི་ལ་བརྗོད་ལུགས་ཅུང་མི་བདེ་བ་འདུག་འདྲ། རྩ་བར་དགུ་དམར་གཉིས་ནག་ལ་ཁྲོམ་ས་མི་བྱ་བའང་འདིའི་ཟླ་ལ་བསྟན་ཀྱང་། སྨེ་བ་དེ་གཉིས་དང་ལྔ་སེར་ལ་སེར་གྲལ་མི་བྱ་བ་བཅས་གསུམ་དོར་བས། སྨེ་བ་མི་གཉན་པ་དྲུག་སོགས་ས་བདག་གི་སྐོར་དུ་སོང་བས་འདིར་རྩིས་པ་ཡོན་བདག་གྲལ་དཔོན་ལོ་ཕྱོགས་གསུམ། ཡོན་བདག་གི་རུས་དགྲའི་ཕྱོགས་བཅས་བཞི་བརྩིས་འདུག །ལས་བྱེད་རྡེལ་གསུམ་ནི། ཟན་བརྫི་བ་རུས་ཁམས་གྱི་མ་ལོ་སྟེ་ཤིང་ཁམས་བར་བྱི་ཕག་ལོ་བས་ཟན་བརྫི་བ་ལྟ་བུ། དེ་བཞིན་མར་གཏུབ་མི་བུ་ལོ། ཚ་ནས་བྲེ་འགྱེད་བྱེད་མི་གྲོགས་ལོའོ། །གྲལ་དཔོན་གྱི་ཁྲི་ཡི་རྒྱབ་ཕྱོགས་ཤར་དྲང་པོ་ལྟ་བུ་ན་མི་རུང་བ། ཐེ་སེ་མེད་པ་ཧལ་ཁྱི། གདན་འདིང་། ལོ་སོགས་ཀྱི་རྒྱལ་གསུམ། ལྔ་སེར། ངམ་ཤིང་། བུ་མོ། བུམ་སྟོང་མེད་པ་དང་། དེ་བཞིན་ཁ་ལྟ་ཕྱོགས་ནུབ་དྲང་པོ་ན་དེ་བཅུ་མེད་པ་དང་། བུར་དེར་སྟེང་སྤྱི་ངན་པ་མེད་པ་གཉིས་བསྣན་ཏེ་ཉེར་གཉིས་


MR26_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྩ་བར་དུས་ཀྱིས་རྒྱལ་ཀྱང་ཐེབས། ཁ་སྨེ་བ་དཀར་པོའི་ཕྱོགས་ལ་བལྟ་བའང་བཤད་དོ། །ལྔ་སེར་སྟེང་དུ་སེར་གྲལ་མི་བྱ་བའང་འདུག་སྟེ་རྩི་ལུགས་འདྲ་མིན་བྱས་འདུག །སྔོན་འགྲོའི་བཅོས་བདུན་ནི། ཁྲོམ་ལ་འཇུག་པའི་སྔོན་དུ། མགོན་སྐྱབས་ཀྱི་ལྷ་མཆོད་པ། མི་ཁ་མནན་སོགས་བྱ་བ། གཉིས་ནག་སྟེང་དུ་སྤོམ་གཏའ་བཙུགས་པ། འབྱུང་བ་ཨུ་མནན་བྱ་བ། སྨེ་བ་སོ་སོའི་སྟེང་དུ་སྤོམ་གཏའ་བྱ་བ། རང་ཐག་གཉའ་ཤིང་གི་འཁོར་ལོས་རང་ཆག་དགྲ་ལ་བསྒྱུར་བ། ཁྲོམ་ཁ་རྒྱས་འདེབས་བྱས་པའོ། །ཐབས་དང་ཆོ་ག་འདི་རིགས་ཚུལ་བཞིན་བྱས་ན་རྡེའུ་དཀར། མ་བྱས་ན་ནག་པའོ། །སེ་བཅའ་བ་ཞེས་གཏོ་དེའི་མིང་། རྒྱ་སྐུར་ནི་སྨྱུག་སྤར་བསླས་མ་ཁ་སྦྱར། གསོན་རྩིས་ཕོ་བྲང་ཞེ་ལྔའི་རྡེལ་ཡོན་བདག་གི་ཐེམ་རྩའི་ཕྱིའི་རྩིགས་འགྲམ་ས་ནས་བདག་པོ་གཙོ་བོ་དེའི་འདོམ་ལ་གཞལ་དགོས་པས། གནམ་སྨེ་བརྒྱད་དཀར་དབུས་བཞག་ལ་མཚོན་ཞིང་ཤར་དུ་ཁྲོམ་ཚོགས་པ་ལ་དཔེར་བྱ་ན་ཤར་ལྷོ་སོགས་གཞན་གྱི་སྨེ་བ་དང་མ་འཕྲད་ཤར་ནས་ཤར་དུ་ཐད་དྲང་པོར་གཞལ་བའི་ཤར་ཕྱོགས་ཕོ་བྲང་གི་ལྷ་ཞེ་ལྔ་གནས་པ་ལས། ཤར་དུ་འདོམ་གང་སར་ཡབ་ལྷ་ཐོགས་པ། གཉིས་པར་ཡབ་ལྷ་དཀར་པོ། གསུམ་པར་བཙན་པོ། བཞི་པར་ཕན་པོ། ལྔ་པ་བགྲེས་པོ། དྲུག་པར་ཡབ་ལྷ་ཕྱུག་བརྡལ་ཡོད། དེ་ནས་བདུན་དམར་གྱི་ལྷ་བདུན་འདོམ་རེའི་སར་ཡོད་པས། འདོམ་བདུན་པ་ལ་བྱ་དམར། བརྒྱད་པར་བཙན་དམར་སོགས་ནས་བཅུ་གསུམ་པར་སེར་པོ་ཁྲམ་ལྷ་བར་དང་། དེ་ནས་འདོམ་བཅུ་བཞི་པར་བརྒྱད་དཀར་གྱི་བཀྲ་ཤིས་དགེ་བ་སོགས་ཉེར་གཅིག་པར་བཀྲ་ཤིས་རོང་པོ་བར་དང་། ཉེར་གཉིས་པར་དགུ་དམར་གྱི་གཡང་གཟའ་རྨུ་དགུ་སོགས་སུམ་ཅུ་པར་རིམ་འདྲེ་ཡོད་པའི་བར་དང་། སོ་གཅིག་པ་ལ་གཅིག་དཀར་གྱི་རྒྱལ་པོ་རོ་འདོད་ཡོད། སོ་གཉིས་པར་


MR26_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནག་གི་དོམ་ནག་དང་སོ་གསུམ་པར་དྲེད་ནག་ཡོད། སོ་བཞི་པར་གསུམ་མཐིང་གི་ཉེའུ་ནག་པོ་སོགས་ནས་སོ་དྲུག་པར་སྟག་སྐྱ་ཡོད། སོ་བདུན་པར་བཞི་ལྗང་གི་བྱི་ལམ་སྔོན་མོ་ནས་བཞི་བཅུ་པར་གྲིབ་ཅན་བར། ཞེ་གཅིག་པར་ལྔ་སེར་གྱི་གསེར་སློག་ནས་ཞེ་ལྔ་པར་བྱི་ལམ་ཡོད་པ་བཞིན་ནོ། །ལས་བྱེད་ངོས་འཛིན་རྡེལ་དགུ་ནི་ད་ལམ་དྲུག་དཀར་བདུན་དམར་བརྒྱད་དཀར་གྱི་འདོམ་ཉི་ཤུ་རྩ་གཅིག་ཚུར་བཅད་པའི་འདོམ་དགུའི་སའམ། ཡང་ན་གནམ་སྨེ་དབུས་བཞག་གི་དགུ་ལིང་སོ་སོའི་སར་རྩི་བས་ད་ལམ་ནུབ་བྱང་དགུ་དམར་གནས་སར་གཡང་འགུགས་བྱས༡། དེར་གཤིན་མིར་༢སྲེག་དགོས་པ་ཡིན། ཤར་གྱི་རྩིགས་འགྲམ་ནས་འདོམ་བཅུ་གསུམ་གྱི་ཕྱིའི་འདོམ་བརྒྱད་པའམ་ནང་གི་དབུས་སུ་ཁྲོམ་ཚོགས་པ་ཡིན༣། ཤར་འགྲམ་ནས་འདོམ་དྲུག་གི་ཕྱིར་འདོམ་བདུན་པའམ་ཤར་ལྷོར་ཤ་བསིལ་གཏུབ་༤ བྱ། ཤར་ནས་འདོམ་དྲུག་གི་སའམ་ཕྱི་མ་ལྟར་ན་ནང་གི་ཤར་དུ་ཞེས་གཡང་མི་ཉམས་ཐབས་བྱེད་དགོས་པ་༥ ཡིན། ཤར་ནས་འདོམ་བཞི་བཅུ་ཚུར་བཅད་པའི་འདོམ་ལྔའི་ཁྱོན་ཚུན་དུའམ་ལྷོ་ནུབ་ཏུ་ཁུ་ཚང་སྟེ་ཁུར་པ་བཙོ་༦བ་བྱ། ཤར་ནས་འདོམ་སོ་དྲུག་ཚུར་བཅད་པའི་འདོམ་བཞིའི་སའམ་བྱང་ཕྱོགས་སུ་ཆང་ཚང་དང་རྟེན་དང་མཆོད་པ་བཤམས་དགོས༧། ཤར་འགྲམ་འདོམ་སོ་གསུམ་གྱི་ཕྱི་འདོམ་གསུམ་ཚུན་ནམ་ལྷོར་གཏམ་བཤད་སྤངས་དགོས་ཀྱང་འདི་སྤང་བྱ་ཡིན་པས་རྡེལ་དགུའི་གྲངས་བགྲང་མི་འདུག །ཤར་འགྲམ་ནས་འདོམ་སོ་གཅིག་གི་ཕྱིར་འདོམ་གཉིས་པའམ་བྱང་ཤར་དུ་སྤོམ་གཏའ༨་བྱ་དགོས་སོ། །ཤར་ནས་འདོམ་སུམ་ཅུ་ཚུར་བཅད་པའི་ཕྱི་ཡི་འདོམ་གང་གིས་ཁྱོན་དུའམ་ནུབ་ཕྱོགས་སུ་གཏམ་བཤད་དགོས་སོ༩། །རྩིས་པ་བསྲུང་བ་བཅུ་སྟེའུ་ཟོར་བ་སོགས་མཚུན་གསོལ་བར་རོ། །ཁྲོམ་ཤོམ་ཆོད་ཀྱི་རྡེལ་ལྔ། འདི་ཙམ་ཁྱོན་ལ་ཤོང་སྙམ་པའི་ས་གཞིའི་རྒྱ་གྲྭ་བཞིར་བྱས། བོང་བས་ཐོ་བཞི་བཙུགས། རྒྱལ་ཆེན་


MR26_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་ཤིང་ལ་བྲིས་པ་སོགས་ཐོ་བཞིར་བཙུགས། དེ་འབྱུང་ལྷ་བཞིར་བསམ་པར་བྱ་ཞིང་ཕྲིན་ལས་བཅོལ། རི་ཤོ་གླ་རྩི་གུ་གུལ་གྱི་དུད་པས་བདུག་པའོ། །ཁྲོམ་ཚོགས་རྗེས་བྱ་བ་གཉིས། ཁྲོམ་ཁ་རྒྱས་འདེབས་བྱ་དང་། སྣང་བརྒྱད་སོགས་འདོན་པའོ། །འགྱེད་བཏང་ཕྱོགས་གསུམ་ནི་ད་ལམ་ཁ་ཤར་དུ་གཏད་ནས་འགྱེད་བཏང་བས། དགུ་དམར་མེད༡། སེ་བྱི་མེད༢། སྨེ་བ་བརྒྱད་དཀར་ཕྱོགས་སུ་འགྱེད་ཁ་བསྟན་དགོས་པ་ཡིན་ཀྱང་བརྒྱད་དཀར་དབུས་སུ་སོང་ལ་དྲུག་དཀར་ལ་བསྟན་པས་བཟང་བ་ལྟ་བུའོ། །སྟོན་མོ་རྗེས་ཀྱི་བྱ་བ་ལྔ་སྤར་ཁའི་རང་རྒྱུད་ཀྱི་མི་ལ་ཐོབ་ཐང་བཞིན་ཏུ་སྟོན་མོ་བྱ་བ་ནི། དཔེར་ན་གཤིན་སྤར་ལིའི་རང་རྒྱུད་རྫ་མཁན་བུ་མོ་འབྲིང་མོ་ལ་མགོ་ཤ་སོགས་སྤར་ཁའི་ཐོབ་ཐང་གི་སྟོན་མོ་བྱ་བ་སོགས་འགྲེའོ། །ཁྲོམ་གྱིས་རྗེས་གཏང་རག་བཏང་བ། རྒྱ་དང་སྤོམ་གཏའ་བཀྲོལ་ཞིང་བཀྲ་ཤིས་བརྗོད་པ། ཁྲོམ་ཤུལ་ར་ཡིས་མ་ཟོས་པའི་ཕྱག་མས་འཕྱག་པ། དེ་ཤུལ་འབྲུ་སྣ་གཏོར་བའོ། །དེ་ལྟར་ས་དཔྱད་བཅུ་བཞི་པ་འདི་ཤིད་སྟོན་གྱི་ཁྲོམ་ཙམ་དུ་མ་ཟད་སྟོན་མོ་དང་ཁྲོམ་སྤྱི་ལའང་གཅེས་པས་དམ་ཆེན་གྱིས་ལས་ཀུན་ལ་ཤེས་པར་བྱ་བ་གལ་ཆེའོ། ༈ །རོ་ཆས་སྐོར་ལས། སྤར་རྫོངས་འདེབས་པ་ལ་སྤར་ཁ་བརྒྱད་ཀྱི་བརྒྱད། བྱེ་བྲག་གཤིན་སྤར་གང་ཡིན་གྱི་རྫོངས་ཆས་ལི་ལ་བརྒྱག་ཆས་མགོ་ཤ་མར་ཁུ་སོགས་དང་། ཞྭ་ཕྱིང་སོགས་གོས་རྫོངས། ཟངས་སྤྱད་སོགས་ནོར་རྫོངས། ངར་མི་འཁོར་རྫོངས། རྟ་དམར་ཞུར་ཕྱུགས་རྫོངས། སེ་བ་དུར་ཤིང་། རྐྱ་ཀ་དུ་བྱ། རྟའམ་ཁྱིས་བུང་བཅག་པ། ཁམས་ཀྱི་ཕྱག་རྒྱས་སྤར་ཁའི་དགྲ་དུར་མནན་པ། རྟ་ཐོད་དུ་ལི་ཡི་ཙ་ཀྲས་འགྲམས་མནན་པ། རྫ་མཁན་ཐེམ་བུར་ཐེམ་ཁ་བསྡམ་པ་དང་བཅུ་གཅིག་འདོན་ཆ་ནང་གསལ་བཞིན་ཚངས་པའོ། ༈ །དུར་འདེབས་ས་འཚོལ་ཀྱི་རྡེལ་ཉེར་གསུམ་ནི། ཡོ་ཆས་ཁ་གསེར། ཁ་གཡུ།


MR26_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རྐོ་མ། ཟོར་བ་སོགས་གཞུང་བཞིན་དང་། ལོ་སྤར་གཟའ་སྐར་གང་ཡིན་གཟུགས་སོ་སོ་ནས་བརྩི། བུ་ནས་གཟུགས་དང་མར་བཅོས་གསུངས། དེ་སོགས་ལུས་སྲུང་རྣམས་ལུས་ལ་བཅངས་ནས་ས་འཚོལ་དུ་འགྲོ་བའོ། །དུར་ལྔ་སྔོན་འགྲོའི་རྡེལ་བཅུ་གཉིས་ནི། སྤྱི་ཡི་སྔོན་འགྲོའི་ཚིག་འདོན་རྒྱུ་སོགས་བྱ་བ། བྱེ་བྲག་དུར་པོ་ཆེའི་དུར་སྨྲང། རིར་སྐྱེལ། ཆུ་དུར། མེ་དུར། ས་དུར། ལྕགས་དུར། ཆུང་དུར། དུར་པོ་ཆེ་བང་བརྐོ་བ། དུར་འཁྲེན་ས་བདག་ལ་སྨྲེང་བརྗོད་ཅིང་སྒོ་དབྱེ་བ། གསོན་གཤིན་ལག་སྦྲེལ་བཅད་པ། བཀྲ་གཡང་འགུགས་པར་བྱ་བ་བཅས་སོ། །དེ་ལྟར་རྡེའུ་ཁྲི་ཁྲག་གཅིག་དང་སུམ་བརྒྱ་བདུན་ཅུ་རྩ་གཅིག་གིས་གཤིན་རྩིས་སྐབས་རྫོགས་སོ། ༈ །ལྔ་པ་ས་རྩིས་ལ། རྡེལ་ལྔ་སྟོང་དྲུག་བརྒྱ་འོང་བ་ནི་དང་པོ་ས་འཚོལ་དུས་ཀྱི་ཚེས་གཟའ་སྐར་འཕྲོད་སོགས་ཞིབ་བརྩིས་བྱས་པ་དང་། དེས་སྐྱབས་སེམས་བྱས་ཕུད་སོགས་བཏང་། དེ་ཚེ་སྤོས་དུད་ཀྱི་འགྲོ་ཕྱོགས་སོགས་བརྟག་པ་དང་། ལམ་དུ་ཞུགས་ཚེ་ལ་ཉེ་བརྟག་པ་རྣམས་དུས་རྩིས་ལྟར་བྱ་བ་སྔོན་འགྲོ་དང་། དངོས་གཞི་ངན་པ་སྤངས་བཟང་པོ་བླང་གདབ་ཐབས་དང་གསུམ་གྱི་རིམ་པས། ས་ཡི་འཕུང་སྲི་བརྒྱད་ངོས་བཟུང་བཏང་བཅས་དགུ་སོགས་རིམ་པ་བརྩི་སྟེ། དེ་བརྒྱད་གང་ཡང་མེད་ན་བཏང་དཀར། གང་རུང་ཡོད་ན་ནག་པ་ལྟ་བུས་རྡེལ་བཞག་བྱ་བ་ཡིན་ནོ། །དེ་ལྟར་རྡེལ་གྲངས་ཤེས་པར་འདོད་ན་བུ་ཡིག་ཏུ་བལྟ་བར་བྱ་ལ། རྡེལ་གྲངས་མ་འགྲིམ་ཀྱང་དོན་ལ་གཞུང་ནས་གང་བཤད་ལྟར་སྤངས་བླངས་བྱས་པས་འཐུས། འོན་ཀྱང་རྡེལ་གྲངས་ཞིབ་པར་བརྩི་རྒྱུ་འདི་སྤང་བླང་གི་གནད་ཐམས་ཅད་འོལ་སྤྱི་ཙམ་དུ་མ་སོང་བར་ཁྲིགས་ཆགས་སུ་ཞིབ་པར་གཅོད་པ་ཡིན་པས་སྔོན་གྱི་ཡེ་མཁྱེན་རྣམས་ཀྱི་ཕྱག་ལེན་ལ་ཡོད་པས་དེ་ལྟར་བྱས་ཀྱང་དོན་ཡོད་པ་ཡིན་ནོ། །མདོར་ན་ས་དཔྱད་སྤྱི་དང་བྱེ་བྲག་དུར་ས་དང་སྒྲུབ་གནས་ལ་སོགས་པའི་


MR26_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་དང་། སོ་སོའི་ལེགས་སྒྲུབ་ཉེས་སྤོང་གི་ཆོ་ག་རྣམས་ཀྱང་ཚུལ་བཞིན་བྱས་ན་ཕན་པ་ཆེན་པོ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །དཔྱད་རྣམས་ནི་སློབ་དཔོན་མཁས་པའི་ཞལ་ཁྲིད་ཀྱིས་བརྒྱན་ཏེ་རང་གིས་མྱོང་བས་ཤེས་པར་བྱ་བ་ལས་ཐམས་ཅད་བྲིས་ན་ཡི་གེས་འཇིགས་པས་བཞག་ལ། སྤྱིར་གཞུང་གིས་གསལ་བ་ལས་བྲི་དགོས་པ་ཡང་ཆེར་མི་སྣང་ངོ་། །དྲུག་པ་བག་རྩིས་ལ། དང་པོ་མཐུན་མི་མཐུན་བརྩིས་ཏེ་བག་ལམ་ཡོད་མེད་དང་། གཉིས་པ་ལམ་དུ་འཇུག་པའི་རྩིས། གསུམ་པ་བཅོས་ཐབས་དང་གསུམ་གྱིས་བསྟན་པ་ལས། དང་པོ་ལ་ས་བཅད་བཅོ་ལྔ་ལས། བྱི་སྤངས་ལ་གསུམ་སྟེ། ཕ་རུས་གཅིག་པ་དང་། ཞང་ཚན་སྟེ་ཚ་ཞང་སྡེབ་པའོ། །མ་བུ་ནང་སྡེབས་ནི་ཕ་མི་གཅིག་ལ་མ་གཅིག་པའི་བུས་པ་ནང་སྡེབས་པའམ། མ་སྤུན་དུ་གྱུར་པའི་བུས་པ་ནང་སྡེབས་པའམ། མདོར་ན་ཕ་ཚན་མ་ཚན་ཞང་ཚན་གྱིས་ཉེ་བ་ནང་སྡེབས་པ་བྱི་ནལ་དུ་གཏོགས་ལ་དེ་ཡང་བདུན་རྒྱུད་ཚུན་ཆད་ཀྱིས་ཇི་ཙམ་ཉེ་བ་ལྟར་སྣད་ཆེ་བས་རུས་ལ་མནོལ་གཏོང་བ་ཡིན་པས་ངན། ལོ་སྡེབས་ཚུལ་ཁ་རལ་དང་ཁ་རལ་ནང་སྡེབས་སོགས་དང་། བྱི་འབྲུག་སྤྲེལ་གསུམ་སོགས་ནི་ལོ་གསུམ་ཚུན་དེ་དག་ཕོ་མོ་ཁྱད་མེད་པར་སྡེབས་པ་སྟེ། བྱི་བ་དང་འབྲུག །བྱི་བ་དང་སྤྲེལ། འབྲུག་དང་སྤྲེལ་སྡེབས་པ་ལྟ་བུའོ། །དེ་ནས་ཕོ་ཁྱི་ལ་མོ་སྤྲེའུ་སོགས་ཟུང་རེ་རིམ་བཞིན་ནོ། །སྟག་ཡོས་སྦྲུལ་བྱི་སོགས་ནི་ཟུང་རེ་སྡེབས་པ་ལས་ཕོ་མོའི་ཁྱད་པར་མེད། བྱ་ལ་སྦྲུལ་བླང་སོགས་སྔ་མ་ཕོ་ཕྱི་མ་མི་ཡིན་པར་བྱས་འདུག །ཡོས་ཕག་བྱ་སྦྲུལ་སོགས་ཀྱང་ཟུང་རེ་སྡེབས་པ་ལས་ཕོ་མོའི་ཁྱད་པར་མེད། དེས་མཚོན་ཚིག་རིས་ལས་བརྟག་གོ། ཁྱད་པར་ཡོས་ལ་ཕག་བྱི་བླང་། ཞེས་པ་ཡོས་ཕོ་དང་ཕག་གམ་བྱི་བ་མོ་ཡིན། གླང་ཞེས་པ་ཡིག་ནོར་རོ། །དེ་ལྟར་བླང་ཞེས་པའི་ཚིག་མེད་ན་ཕོ་མོ་ཁྱད་མེད་ལ་


MR26_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་དུས་ཁྱད་ཡོད་པ་ལྟ་བུ་ཤེས་དགོས་པར་བྱས་འདུག །རྨང་པོ་སྲིད་འདོད་མར་གཉིས་ཀྱི་བདུན་ཟུར་བླང་ཞེས་པ་བདུན་ཟུར་གཉིས་པ་ཞེས་ཡར་མར་གྱི་བདུན་ཟུར་ཏེ་ཕོ་བྱི་བ་ལ་བུད་མེད་རྟ་ལོ་པ་དགོས་ཤིང་དེ་ཡང་དབང་ཐང་མར་གྱུར་བ་ལྕགས་བྱི་ལ་ས་རྟ་ལོ་མ་ལྟ་བུ་དགོས། ཡང་ཕོ་རྟ་ལ་མོ་བྱི་ལྟ་བུ་ཡར་གྱི་བདུན་ཟུར་ཀྱང་དེ་ལྟར་བླང་དགོས་ལ། དམིགས་བསལ་ཕོ་ཡི་དབང་ཐང་ཤིང་ཁམས་པར་ཡར་གྱི་བདུན་ཟུར་མི་རུང་སྟེ་ཕོ་ཤིང་བྱི་ལོ་བར་མོ་ས་རྟ་ལྟ་བུའོ། །ཡར་རྒན་ཞེས་པ་ལོ་རྒན་པོའི་དོན་དུ་བཤད་མི་འདུག་ཀྱང་ཚིག་རིས་ལ་བལྟས་ན་བུད་མེད་ལོ་རྒན་དགོས་པ་འདྲ། གཤེད་བཞི་བྱི་ཕག་ནི། བྱི་ཁྱི། བྱི་འབྲུག་སོགས་བཞི་དང་། ཕག་ཁྱི་ཕག་འབྲུག་སོགས་བཞི་སྟེ་བརྒྱད་དོ། །ཕོ་མོ་གཉིས་ཀ་བྱི་བ་ནང་འཕྲད་སོགས་གཞུང་བཞིན། ལོ་ངན་སྐོར་ཕོ་མོ་གཉིས་འདོམས་ན་ངན་སྟེ་བཏང་གཅོད་ནག་གཅིག་ཡིན་ན་ཁྲ་གཉིས་ཀ་མིན་ན་རྡེའུ་དཀར་པོ། ཁྱད་པར་བུད་མེད་ལོ་ངན་བྱུང་ན་ངན། འདི་རྣམས་ཟུང་རེ་སྡེབས་མི་དགོས་སྤྱིར་རྩི། ཕན་ཚུན་རང་དུར་དུར་གཤེད་ཐུག་ཅེས་པ་ཕོ་ཆུ་བྱི་ལ་མོ་ཆུ་འབྲུག་དང་ཕོ་ཆུ་འབྲུག་ལ་མོ་ཆུ་བྱི་ལྟ་བུར་དུར་གཤེད་དང་རང་གཤེད་དུར་ཆུང་སོགས་དེས་འདྲེ། མ་ཀླུང་ནས་བཤད་པའི་ངན་འབྲས་གཅིག་པ་ནི་ལས་རྩིས་བྱས་པས་གཉིས་ཀ་ངན་པ་དང་། གཉིས་ཀ་གཟའ་སུམ་འདོམས་ལ་སྐྱེས་པ་ནང་སྡེབས་ན་མིག་དམར་གསུམ་འདོམས་སྐྱེས་སྡེབས་ངན་སོགས་གཞུང་ལྟར་དང་། སྐྱེས་དུས་མ་ཡི་ལོག་མིན་ཁོ་ན་ལས་སྤེན་སྐྱེས་ནང་སྡེབས་སོགས་གཞུང་བཞིན། ཟླ་སྐྱེས་ཞེས་ལྷག་པའི་མིང་ངོ་། །ལོ་དཀར་ཆེ་བ་བྱི་བ་དང་ཡོས་བུ་ཆུང་བ་བྱི་རྟ་ལྟ་བུའོ། །ཕོ་མོའི་སྲོག་སོགས་འཐབ་ལུགས་གཞུང་བཞིན། དེ་ཡང་སྲོག་ལས་ཀྱི་ཆུང་མ་སོགས་སོ་སོར་སྦྱར་ལ་སྤྱིར་བཟང་ངན་བལྟ། ནང་ཕྲད་ས་ཆུ་ལས་ཀྱི་ཆུང་མ་དང་གཞན་གསུམ་གཉེན་གྱི་ཆུང་མར་གཏོགས་ཞེས་གཡའ་སེལ་དུ་བཤད། དེ་ལྟར་བརྩིས་ལ་


MR26_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་འབྱུང་བ་མཐུན་ན་སོགས་འབྲས་བུ་སྦྱར། གི་གོང་ཁུག་པ་ནི་སྲོག་སོགས་ཀྱི་སྨེ་བུ་འཕྲད་ལུགས་བཟང་ངན་དགུ་སྟེ་དེ་ཡང་སྤར་ཁ་དང་སྦྱར་དགོས་པས་ལྔ་སེར་དབུས་བཞག་གི་ལི་དང་དགུ་དམར་སོགས་སྦྱར། དེས་ན་སྐྱེས་པའི་ལྔ་སེར་གཉིས་ནག་དང་བུད་མེད་ལྔ་སེར་བདུན་དམར་བྱས་ནས་གནམ་སྨན་སོགས་གང་བབ་གཞུང་ལྟར་བརྟག །དེ་ཡང་ངོས་ཟིན་སླ་ཕྱིར་ཁྲ་མོ་ལིང་ཚེ་དགུ་པ་འདིས་བརྟག་གོ། དེ་ཡང་བཟང་པོ་གསུམ་འབྲིང་གསུམ་ངན་གསུམ་སྟེ་དགུ་པོ་འདིས་ཕོ་མོ་གཉིས་ཀྱི་སྲོག་ལུས་དབང་ཀླུང་གི་སྨེ་བ་ལ་བརྟག །མ་ཀླུང་གི་སྤར་


MR26_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལའང་བརྟག །གཞན་ཡང་ཁུག་པའི་སྐོར་མགོ་ཞེས་ཕོ་མོ་གཉིས་ཀ་སྐྱེས་དུས་ཀྱི་ལོག་མིན་འཐབ་པ་སྟེ། དེ་ལའང་ཕྱི་ནི་བུ་བག་སྐྱེས་དུས་མ་ཡི་ལོག་མིན་མ་སྤྲེལ་ནས་བཀེན་པ་གར་བབ་དེ་གཉིས་འཐབ། བར་ཤིང་གི་བྱི་གླང་ངམ། ཡང་དག་པ་སོ་སོའི་ཁམས་མཐུན་གྱི་བྱི་གླང་ནས་སྦུབ་བཀེན་བྱས་པ་སྟེ། བུ་ལ་བྱི་བའི་སྟེང་ནས་མ་ལོ་དུ་ཡིན་གྲངས་བར་སྦུབ་པ་དང་། བུ་མོར་གླང་སྟེང་ནས་ལོ་གྲངས་བཀེན་པ་གར་བབ་དེ་གཉིས་འཐབ། གསང་བ་མ་རང་གི་ལོ་ནས་བུ་ལ་སྦུབ་པས་བུ་ཡི་རང་ལོ་དེ་ལ་འབབ། བུ་མོར་གྱེན་དུ་བཀེན་པ་གར་བབ་དེ་གཉིས་འཐབ། དེ་ཡང་ཕྱི་སྐྱེས་པ་བརྩི་བྱ་དང་ནང་གསང་བུ ད་མེད་བརྩི་བྱར་བྱས་ལ་འཐབ་པས་མ་བུ་དང་ས་ཆུ་ནང་ཕྲད་རྒྱལ། གྲོགས་འབྲིང་ལྷག་མ་འཕམ་ཞེས་བཤད་དོ། །གསང་བ་ཡང་ཁུག་ནི། སྐྱེས་པའི་སྨེ་བ་རང་སོར་བཞག་ལ། བུད་མེད་སྨེ་བ་གཅིག་དང་གཉིས་ཕན་ཚུན་བརྗེ་བ་སོགས་བྱས་ལ་དེ་ཡི་སྟེང་ནས་གོང་ལྟར་དགུ་པོ་བརྟག །ཎི་ཤ་ནི་སྐྱེས་པ་ཕོ་ལོ་ཡིན་པ་དེ་ཡང་བུད་མེད་ལས་ལོ་ཆེ་བ་དགོས། ལོ་གཞུང་ལྟར་བྱུང་ཡང་བུད་མེད་རྒན་ན་བཏང་ཁྲ་བ་སོགས་འགྲེ། འབྱུང་བའི་སྤུན་གྲངས་ནི་ཕོ་མོའི་སྲོག་ལུས་དབང་ཀླུང་སྐྱེས་སྨེ་བཅས་ཀྱི་འབྱུང་ཁམས་གྲངས་གཞུང་བཞིན་བྱ་སྟེ། སྐྱེས་སྨེ་ཡང་དཀར་གསུམ་ལྕགས་སོགས་འབྱུང་ཁམས་ཀྱི་རྡེལ་གྲངས་བརྩི། གང་མང་བ་དེ་རྒྱལ། མང་ཉུང་མཉམ་ན་ལེགས། དེ་ཡང་སྲོག་སོགས་ལྔ་ཡི་རྡེའུ་གྲངས་གཅིག་ཏུ་བསྡོམ་ནས། ཕོ་མོ་སུ་མང་བལྟ་བ་ལས་སྲོག་སོགས་རེ་རེ་ནས་བརྟག་རྒྱུ་མིན་པར་བཤད། གཉིས་ཀ་གཅིག་ཏུ་བརྩིས་པས། ཡ་བྱུང་ན་མི་མཐུན་ཆ་བྱུང་ན་མཐུན་པ་ཡིན་པར་ལྟའོ། །ཁུ་བག་གི་ཚད་ཟླའི་སྤུན་གྲངས་ཀྱང་དེ་ལྟར་བརྟག་གོ། བུ་བག་གི་ཕ་ཡི་རུས་གཉིས་ཀྱང་ཕན་ཚུན་མ་བུ་དང་ས་ཆུ་ནང་འཕྲད་མཐུན། མེ་ལྕགས་ཤིང་གསུམ་ནང་ཕྲད་ངན་ཙམ་དང་། དགྲ་གྲོགས་སུ་ཕྲད་ན་ངན། ཁྱད་པར་རུས་ཁམས་ཕོ་གཙོ་བས་ཕོ་ཡི་རུས་དགྲ་


MR26_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་ངན། བུ་ཡི་མེས་བོའི་སྲོག་གིས་བག་མའི་མེ་སྲོག་ལ་འཐབ་པས་ཕོ་རྒྱལ་ན་བཟང་། ཕམ་ཞིང་ཁྱད་པར་མེས་པོ་གཉིས་ལོ་དཀར་དང་བདུན་ཟུར་དང་། ཕོ་ཡི་མྱེས་པོའི་ལོ་དགྲར་ཐུག་ན་ངན། དར་གུད་ཕྱི་ལྟར་བུ་ཡི་ཕ་ལོ་སྟག་ཡིན་ན་སྟག་གི་སྟེང་ནས་དབུགས་བླང་ལ་བུ་རང་གི་ལོ་ལ་གཏུག་པས་གང་བབ་དང་། དེ་བཞིན་བག་མའི་ཕ་ལོ་ནས་དབུགས་བླང་བ་མ་རང་གི་ལོ་ལ་གཏུག་པའོ། །ནང་སྤར་ཁའི་དར་གུད་ནི་སྟག་ཡོས་ཟིན་དང་རྟ་སྦྲུལ་ལི་སོགས་དང་གཤེད་བཞི་བྱི་ཕག་ཁམ་གྱི་སྟེང་ནས་དབུགས་བླངས་ཏེ་གཡས་བསྐོར་གྱིས་བུ་དང་བུ་མོ་རང་གི་མ་ཀླུང་སྤར་ཁ་གང་ཡིན་ལ་གཏུག་པས་དར་ན་བཟང་། དེ་ཡང་དར་གུད་བཅུ་གཉིས་སྤར་བརྒྱད་ཀྱིས་མི་རྫོགས་པས་དུར་ཞུགས་པར་བསྐོར་བས་རེས་འགའ་སྐྱེས་སྤར་སྟེང་ལན་གཉིས་ཕོག་བྱུང་ན་གཉིས་ཀ་བརྩི་ཞིང་ཕྱི་མ་དབང་བཙན་ཞེས་བཤད་འདུག །གསང་བ་ཕ་གཉིས་པོའི་སྲོག་གི་ཁམས་ཀྱི་དབུགས་སྤྱི་ལྟར་བླངས་ཏེ་རང་ལོར་གཏུག་པ་སྟེ་ཕ་སྟག་བུ་ཡོས་ལ་དར་བ་བབ་པ་ལྟ་བུའོ། །དེ་དག་དར་བ་སྡེབས་ན་བཟང་སོགས་སོ། །བུ་བག་གི་ཕ་ཡི་ཞང་པོ་གཉིས་ཀྱི་ཀླུང་རྟ་འཐབ་པ་གཞུང་བཞིན་ནོ། །མ་རུས་ཞེས་པ་བུ་བག་གི་མ་གཉིས་པོའི་ཕ་རུས་གང་ཡིན་ངོས་བཟུང་ལ་མཐུན་མི་མཐུན་གོང་བཞིན་ནོ། །བུ་བག་གི་མ་ཡི་མ་སྟེ་ཨ་ཕྱི་གཉིས་པོའི་དབང་ཐང་འཐབ་པ་དང་། མ་གཉིས་པོའི་དར་གུད་ཕ་ཡི་སྐབས་ལྟར་བསྐོར་སོགས་སོ། །རུས་སྡེབས་ལུགས་གཞུང་ཇི་ལྟ་བ་བཞིན་ནོ། །བུ་སྐྱེས་དུས་ཀྱི་ཟླ་ཞག་དུས་གསུམ་པོའང་ཕན་ཚུན་དགྲ་དང་དུར་དང་བདུན་ཟུར་སོགས་མ་ཐུག་ན་བཟང་ངོ་། །བུ་བག་གི་སྐྱེས་གཟའ་སྐྱེས་སྐར་བཟང་བ་ནང་སྡེབས་བཟང་། མཐུན་མི་མཐུན་ནག་རྩིས་ལྟར་བྱ། དེ་ཡང་ཕོ་གཙོ་ཆེར་བཟུང་ཞེས་འདུག །སྐྱེས་ཉིན་གྱི་རེས་གཟའ་གཅིག་པའི་འབྲས་བུ་གཞུང་བཞིན། སྤར་ཁ་ལ་དང་པོ་རང་རང་ཕྱོགས་ལ་བརྩི་ཞེས་པ་སྤར་ཁ་བརྒྱད་ཕྱོགས་


MR26_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བརྒྱད་དུ་འགོད་ལུགས་སྤྱི་ལྟར་བྱས་ཞེས་པ་ཙམ་ལས་གཞན་མེད། དོན་ལ་བུ་བག་གི་མ་ཀླུང་སྤར་ཁ་བཟང་བཞི་ངན་བཞི་གང་ཕྲད་པ་ལྟ་བུའོ། །ཕྱྭ་ལོན་ཕྱ་མཉམ་གཅིག་ཏུ་བརྩིས་ནས་བཟང་བཞི་ཞེས་ཀྱང་བྱ། སོ་སོའི་ཕྱེ་ན་བཟང་ངན་འབྲིང་དགུ་འོང་ངོ་། །གནས་རྒྱུག་སྤར་ཁ་འཐབ་ན་ངན་ཞེས་པ་གནས་མ་སྟེ་མནའ་མ་དང་སྒྱུག་མོ་སྟེ་བུ་ཡི་མ་གཉིས་ཀྱི་སྐྱེས་སྤར་བདུད་གཅོད་སོགས་ཐུག་སྟེ་འཐབ་ན་ངན་ཞེས་སོ། །རབས་ཆད་པ་ནི་ཁྱོ་བོ་སྐྱེས་སྤར་ཟིན་ལ་བག་མ་ཤིང་ལུག་སོགས་ལུག་ལོ་མ་འོང་ན་ཤིང་དུར་ལུག་ཡིན་པས་ངན་པ་སོགས་འགྲེ། གཙུག་མི་འགྱུར་བ་ཞེས་དམིགས་བསལ་ལོ་སྤར་འཛོམས་པ་བཞི་པོ་འདི་ནང་གང་ཡང་རུང་བ་ཞིག་ཕོ་མོ་གཉིས་ཀར་བྱུང་ནའོ། །དེ་ཡང་གཅིག་ཤིང་སྟག་ཟིན་སྐྱེས་དང་གཅིག་མེ་རྟ་ལི་སྐྱེས་ཡིན་ན་སྐྱོན་དེ་ཕོག །གཉིས་ཀ་ཤིང་སྟག་ཟིན་སྐྱེས་ཡིན་ནའང་དེ་ལྟར་རོ། །ལག་གཡབ་བརྒྱད་ཀྱང་དེ་འདྲ། ཁྱོ་གིན་སྐྱེས་བྱ་སྤྲེལ་ལོ་པས་ཆུང་མར་ས་བདག་གནོད། ས་ཡི་གཤེད་བཞི་ཟིན་སྐྱེས་ཀྱང་བག་མ་ཡིན། ཁོན་སྐྱེས་བསོད་ཆུང་ནི་ཁྱོ་ཤུག་གང་རུང་ངོ་། །སྨེ་བ་གཞུང་ན་གསལ། ལུས་ཆད་ལྟ་བུ་ཡང་ནང་གསེས་འབྱུང་བའི་འཐབ་དགྲས་བཟང་ངན་འོང་བ་ཤེས་པར་བྱའོ། །དར་རྒུད་ནི་བུ་བག་གི་སྲོག་སོགས་བཞི་ལ་རང་མ་བུ་གྲོགས་དགྲ་ལྟར་ཕྱེ་ལ་དབུགས་སྤྱི་ལྟར་བླངས་ནས་སྲོག་སྐྱེས་ལོ་ལུས་སྐྱེས་ཟླ་སོགས་ལ་གཏུག་པ་ལས་རྩིས་སྐབས་ལྟར་བརྟག །སྲོག་སོགས་བཞི་རེ་རེ་ལའང་དབུགས་ལེན་ནང་སྡེབས་སོགས་སྦྱར། རྩ་བའི་དར་གུད་ནི་དབུགས་སྤྱི་ལྟར་བླང་ལ་གཏུགས་བུ་བག་གི་ལོ་སྟེ། ཕོ་ཡི་དར་གུད་བག་མའི་ལོ་རྟ་ལ་གཏུག་བག་མའི་དར་གུད་མག་པའི་ལོ་སྟེང་ཁྱེར་བའོ། །གཞན་ཡང་དམིགས་བསལ་བག་རྩིས་མཐུན་སྡེབས་བཟང་ཡང་། ལས་རྩིས་བྱས་པས་ཚེ་ཟད་པ་སྟེ་སྲོག་ངན་པ་དང་། ཟུང་ཟད་པ་སྟེ་རྒས་པར་ངོས་བཟུང་འདུག་ཀྱང་ལུས་ཀྱི་རྩིས་ངན་པ་དང་། གཅོད་ཅན་ཏེ་


MR26_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐྱོན་སོགས་ཡོད་པ། དབུལ་པོ་སྟེ་ལས་རྩིས་ཀྱི་དབང་ཐང་ཆུང་བ། ཁས་ཉེན་ཏེ་ཀླུང་རྟ་ངན་པ། ལས་འབྲས་ཏེ་རྩིས་སྤྱིར་ངན་པའོ། །ཡང་ན་དངོས་བསྟན་དབུལ་པོ་དང་རྒས་པ་སོགས་དང་། སྦས་དོན་དེ་དང་ཆ་འདྲ་བ་ལས་རྩིས་ངན་པའོ། །སྡེབ་པ་དང་ལམ་འཇུག་གཉིས་ཀར་མཁོ་བ་ཁྲི་སྒོ་བཅུ་གཉིས་ནི། དགྲ་ཁྱིམ་གཞོམ་པ་ཞེས་པ། གནམ་ལོའི་སྲོག་བག་མའི་སྲོག་དགྲར་གྱུར་པ་བྱི་ཕག་ལོ་མ་གླང་ལུག་གི་ལོ་ལ་དང་། སྟག་ཡོས་མ་བྱ་སྤྲེལ་གྱི་ལོ་ལ་འགྲོ་ན་བཟང་བ་སོགས་ཡིན་ཏེ། ཁ་སྒོ་དབྱེ་ཞེས་པ་ལོ་དེ་ལ་བརྫངས་པའི་དོན་དུ་བཤད། འོ་ན་འོག་ཏུ་བྱུར་ཐག་སྐབས་ཨེ་སྐྱོགས་སུ་བཤད་པས་འགལ་ཞེ་ན། འདིར་བག་ལམ་ཡོད་པ་སྤྱིར་བསྟན་ལ་འོག་ཏུ་ཕ་མིང་ལ་ཅུང་ཞན་པ་དམིགས་བསལ་བ་སྟེ་དེ་འདྲ་གོང་འོག་མི་མཚུངས་པ་གཞན་ཡང་ཅུང་ཟད་སྣང་ངོ་། །ཟླ་བའི་དགྲ་ཁྱིམ་ནི་བག་མ་རང་གང་ལ་སྐྱེས་པའི་ཟླ་བ་དེའི་གཤེད་དེར་དགྲ་ཐོག་ནས་འགྲོ་སྟེ། སྟག་ཟླར་སྐྱེས་པ་བྱ་སྤྲེལ་གྱི་ཟླ་བ་ལ་བརྗོད་པ་ལྟ་བུའོ། །ཞག་ནི་ཟླ་བ་དེའི་སྲོག་དགྲར་གྱུར་པ་སྟེ་སྟག་གི་ཟླ་བ་ཡིན་ན་ཞག་བྱ་སྤྲེལ་གྱི་ཉི་མ་ལ་འགྲོ་བ་ལྟ་བུ འོ། །དེ་ཡང་སྟག་ལ་སྤྲེལ་ཡོས་ལ་བྱ་ལྟ་བུ་བཟང་བ་གཞུང་ན་དངོས་སུ་གསལ། བག་མའི་སྤར་ཁ་དྭ་ཟིན་ནི་སྤེན་པ་སྟེ་ནང་དྭ་ཟིན་ལ་བབས་དུས་ནང་གཟའ་སྤེན་པ་ཡིན་ལ་ཕྱི་ལོག་མིན་ཡང་སྟག་རྟ་ཁྱི་གསུམ་ལས་མི་འདའ་བས། ཕྱི་ནང་གི་གཟའ་སྤེན་པ་ས་ཁམས་ཀྱི་དགྲ་སྤར་ཟིན་ལ་གཏོང་བ་སོགས་འགྲེ། འདི་ལ་གོ་དོན་བཤད་མི་འདུག་ཀྱང་དགྲ་ཐོག་ཏུ་བཏང་བ་འདི་གེགས་བྱ་ངེས་པ་ལྟ་བུའི་གནད་གཅིག་ཡིན་པ་འདྲ་སྟེ། དཔེར་ན་སྐྱ་མདའ་ཐུག་དུས་སུ་གཞན་ལ་བྱོལ་བས་ཕན་པ་ལྟ་བུ་དང་དོན་འདྲའམ་སྙམ་པ་རང་གི་རྣམ་རྟོག་གོ། ནོར་ཁྱིམ་བླང་བ་ནི་བཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་སྡེབས་རུང་སྟེ་ཕོ་མོ་གང་རུང་གཅིག་ཆུ་རྟ་དང་གཅིག་ཤིང་བྱི་ཡིན་པ་ལྟ་བུའོ། །


MR26_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་བ་ལོ་པ་དབྱར་གསུམ་ལ་སྐྱེས་པ་དང་རྟ་ལོ་པ་དཔྱིད་གསུམ་ལ་སྐྱེས་པ་ཡིན་ན་དེ་གཉིས་བདུན་ཟུར་སྡེབས་ཀྱང་མཐུན་ཞེས་སོ། །དེ་ལྟར་གང་གི་དབང་ཐང་མ་བུར་གྱུར་པ་དང་སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླང་བ་ཞེས་པ་སྟེ་བཟང་ལ། དེ་ལས་ལྡོག་ཏེ་དབང་ཐང་དགྲ་གྱུར་པ་དང་རྟ་ལོ་དཔྱིད་སྐྱེས་ཀྱང་བྱི་ལོ་དགུན་སྐྱེས་ལྟ་བུ་སྐྱེས་ཟླ་ཡང་མ་མཐུན་ཚེ་བདུན་ཟུར་སྡེབས་ན་བདུན་ཟུར་བཅོས་དགོས་ཞེས་སོ། །འདིར་སྤྱིར་བདུན་ཟུར་སྡེབས་མི་རུང་ཡང་སྐྱེས་ཟླ་མཐུན་ན་རུང་བའི་དམིགས་བསལ་ཏེ་མི་ངན་པ་ཙམ་དུ་མ་ཟད་བཟང་བར་བསྟན་པའོ། །རང་ཁྱིམ་དབུབ་པ་བྱི་བ་དང་བྱི་བ་སྡེབས་པ་སོགས་ནང་ཕྲད་ཁོ་ནའི་མིང་གི་བརྡ་ཆད་དེ། དེ་ལ་བཟང་ངན་སྣ་ཚོགས་འོངས་པ་གཞུང་ན་གསལ། བདག་ཁྱིམ་དབུབ་པ་ཕོ་ལོ་མོ་ལོ་ཚང་གཅིག་པ་བསྡེབས་པ་སྟེ། དཔེར་ན་མེ་སྟག་མེ་ཡོས་ལྟ་བུ་ལུས་དབང་བཞི་ཀ་གཅིག་པའམ། ཤིང་བྱི་ཤིང་གླང་ལྟ་བུ་དབང་ཐང་ཤིང་དུ་གཅིག་ལ། ལུས་ལྕགས་སུ་གཅིག་པ་སྟེ། དེ་དག་གི་འབྲས་བུ་ནི། ལུས་དང་དབང་ཐང་སོ་སོར་འབྱུང་བ་ནང་ཕྲད་ཀྱི་འབྲས་བུ་ཤིང་གཉིས་ནང་ཕྲད་འཕྲོག་འདེད་ངན་སོགས་གཞུང་བཞིན་ནོ། །ཁྲི་སྒོ་བཅུ་གཉིས་ཞེས་པ་ཕལ་ཆེར་ལོ་བཅུ་གཉིས་བརྩི་གཞིར་གྱུར་པས་ཡིན་གྱི་སྐོར་མགོ་རང་བཅུ་གཉིས་ཡོད་པ་མིན་ཞེས་འདུག །གཉིས་པ་ལ་མ་རྩིས་ལ་ས་བཅད་བཅུ་བདུན་ཡོད་པ་ལས་དང་པོ་ཁམ་ཡུ་ལ་དཔེ་རིས་འདི་བཞིན་བཀོད་ནས་


MR26_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཕོ་སྟེ་མག་པ་རང་གི་ལོ་གང་ཡིན་གྱི་རྐྱང་བའི་སྟེང་ནས་གཡས་བསྐོར་དུ་བག་མ་ལེན་དུས་ལོ་དུ་ཡིན་པར་བགྲང་། དཔེར་ན་བུ་རྟ་ལོ་ཉེར་ལྔ་ཡིན་ན་རྐྱང་བའི་ནང་གི་རྟ་ནས་ལུག་ལ་སོགས་པ་བགྲང་བས། ཐ་མ་ཕག་ལ་བབ་པ་ན་ཡང་རྐྱང་པའི་དང་པོ་བྱི་བ་ནས་བསྐོར་ཞིང་། རྐྱང་པ་ཁོ་ན་ལ་བསྐོར་བ་བྱས་པས། རྟ་མཆུ་ཉི་མ་བཅུ་པ་བཟང་ཞེས་པ་དེར་བབས་པའོ། །འདི་ལོ་ཡིན་པས་ཐོག་མཐའ་ན་ལོ་མ་བྲིས་པའི་ཕྱིར་སྨིན་དྲུག་ཉི་མ་དང་ས་ག་སྤེན་པ་ཅན་གྲངས་སུ་འདྲེན་མི་དགོས་པར་བྱས་འདུག །བུད་མེད་ལུག་ལོ་མ་ཉེར་བཞི་ལ་བག་མར་འགྲོ་ན་ཁུག་པའི་རང་ལོ་ལུག་གི་སྟེང་ནས་གཡོན་བསྐོར་སྤྲེལ་སོགས་བགྲང་། དེར་ཡང་ཐོག་མཐའ་མི་བརྩི་བར་ཁུག་པ་ཁོ་ནའི་ལོ་རྣམས་བགྲང་བས། རྟ་མོན་དྲེ་ཉི་མ་ལག་སོར་ངན་པའོ་ཞེས་པ་དེར་བབས། བུ་ཡིག་ཏུ་མོ་ཡི་སྐབས་ཐོག་མཐའ་གཉིས་ཀྱང་བགྲང་རྒྱུ་བྱས་འདུག་པ་ནོར་རམ་དཔྱད། ཁམ་ཡུ་སྐར་མ་ནི་ཕོ་སྨིན་དྲུག་གི་སྟེང་ནས་གཡས་སྐོར་བརྩིས་ཏེ་ས་གའི་སྟེང་ནས་ལྷ་མཚམས་དང་། དེ་ནས་སྣྲོན་སོགས་ནས་བྲ་ཉེ་ནས་ཡང་སྨིན་དྲུག་ཏུ་འཁོར་བ་སྟེ་ལོ་གྲངས་བར་བསྐོར་ནས་གར་བབས་སོ། །ད་ལམ་རྟ་ལོ་ཉེར་ལྔ་པ་ཁུག་པའི་ནང་གི བྱ་དང་ཁྲུམས་སྨད་ལྷག་པ་ནི། སྤུན་དྲུག་བཟང་ལ་ཞེས་པ་དེར་བབས། བུད་མེད་སྐར་མ་རྟ་ཆུང་ནས་མཆུ་ལ་སོགས་པ་ཡར་བོན་སྐོར་དུ་བག་མར་འགྲོ་དུས་ཀྱི་ལོ་གྲངས་བར་བསྐོར་བའི་གར་བབ་པ་སྟེ་དེ་ཡང་སྨིན་དྲུག་ནས་བྲ་ཉེ་དང་ལྷ་མཚམས་ནས་ས་གར་འཁོར་བའོ། །ད་ལམ་ལུག་ལོ་མ་ལོ་ཉེར་བཞི་ལ་བག་ལ་འགྲོ་ན་རྐྱང་པའི་ཐ་མ་ས་ག་ནི་སྤེན་པ་ཟུང་འབྲེལ་ངན་པའོ་ཞེས་པ་དེར་བབ་པ་ལྟ་བུའོ། །ལོ་ཟླ་ཚེས་གྲངས་ནི། ལོ་སོགས་གང་ཡིན་དེ་ཕོ་ལ་རྐྱང་པ་དང་མོ་ལ་ཁུག་པའི་ནང་ནས་ངོས་བཟུང་ལ་འབྲས་བུ་བཤད་པ་ལས་བསྐོར་རྒྱུ་གང་ཡང་མེད་དེ། དཔེར་ཕོ་རྟ་ལོ་པས་ལོ་ཉེར་ལྔ་དུས་བག་མ་ལུག་ལོ་མ་བླང་ཞིང་། དེ་ཡང་གནམ་ལོ་རྟ། བག་མ་


MR26_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཟླ་སྤྲེལ། ཞག་འབྲུག །དུས་སྦྲུལ་ལ་སོང་ན། ལོ་དེ་ཕོ་ལ་རྐྱང་བའི་ནང་གི་རྟ་ལ། རྟ་མཆུ་ཉི་མ་བཅུ་ལ་བཟང་ཞེས་དང་། མོ་ལ་ཁུག་པའི་ནང་གི། རྟ་མོན་དྲེ་ཉི་མ་ལག་སོར་ངན་ཞེས་པ་དང་། ཟླ་བ་ཕོ་ལ། སྤྲེལ་དབོ་མིག་དམར་སྨིན་དྲུག་བཟང་ཞེས་སྨིན་དྲུག་ཞེས་པ་ལ་བབས་པ་དང་། མོལ་སྤྲེལ་ཁྲུམས་སྟོད་མིག་དམར་ལ་བབ་པས་བརྒྱད་བདུན་ཞེས་ངན་པ་དང་། ཞག་དེ་ཕོ་ལ་བརྒྱད་པ་བཟང་ཞེས་པ་དང་། མོ་ལ་འདྲེ་ལྔ་ངན་པར་བབ་པ་དང་། དུས་ཚོད་སྦྲུལ་ཕོ་ལ་ནག་དགུ། མོ་ལ་ཕོ་བདུན་བཟང་ཞེས་པ་ལྟ་བུ་ཡིན་ནོ། །ཡེ་ལེ་སྤྱན་གཅིག་ནི་མགོ་བཅད་སྟེ་བྱེ་ཡུག་ས་མ་ཕོག་པ། དེ་ལ་ཁབ་སོའི་རྟེན་འབྲེལ་སྟེ་ནག་རྩིས་བཞིན་བརྩི་བ་གཅེས། ལྷ་གཟའ་དུག་ཁྱེར་ནི་སྔར་བག་ལ་སོང་བ་ལས་གཟའ་ཁ་ཕྱེ་སོང་བ་ལ་ཟེར། དེ་བག་མར་བླང་ན་བདག་པོ་དང་དབང་ཐང་མཐུན་པ་དགོས། ཁྱོ་ཕོ་ཤི་བ་ཡུག་ས་མོ་སྟེ་དེ་ལེན་ན་ཕོ་ཡི་སྲོག་ལ་སྐྱོབ་པ་གཅེས། སོ་སོའི་རྟེན་འབྲེལ་བྱ་བ་གཞུང་ན་གསལ། བྱུར་ཐག་ཉི་ཤུ་བཅད་པ་ལ། ལྡིང་ནག་ཆེན་པོ་མ་ཡི་སྤྲེལ་ནས་སྤྱི་ལྟར་བཀེན་པའི་མ་བག་མར་འགྲོ་ལོའི་མ་ཡི་ལོག་མིན་དང་བུ་མོ་བག་མར་འགྲོ་དུས་ཀྱི་ལོག་མིན་གཅིག་ནའོ། །འདི་ལ་ལོ་རྟ་གཅིག་པ་ལས་དབང་ཐང་ཀྱང་གཅིག་མི་དགོས་ཞེས་བཤད་འདུག་ཀྱང་དབང་ཐང་གཅིག་ན་སྙད་ཆེ་བ་ཡིན་ནམ་སྙམ། མ་བག་མར་ཕྱིན་དུས་ཀྱི་མོ་རང་གི་བབ་སྨེ་དང་བུ་མོ་བག་མ་ཕྱིན་ལོའི་བབ་སྨེ་གཅིག་ན་ལྡིང་ནག་འབྲིང་པོ། མ་བག་མར་འགྲོ་ལོའི་བབ་སྤར་གང་ཡིན་དེ་བུ་མོ་བག་མ་འགྲོ་དུས་ཀྱང་བབ་སྤར་ཕྱིན་པ་ལྡིང་ནག་ཆུང་ངུའོ། །ལྟས་ངན་ཆེ་ཆུང་བག་མའི་ལོ་དང་གནམ་ལོ་ལས་སོ། །དེ་ཡང་ཀེག་རྩིས་བཞིན་ནོ། །ཁ་ཉེས་བག་མ་ནི་ལོ་དྲུག་ཅུ་གང་ལ་ཕྱིན་ཀྱང་ཁྱད་མེད་པར་སྟག་ལོ་མ་དྭ་ལ་འགྲོ་བ་ལྟ་བུ་བབ་སྤར་སྲོག་དགྲར་སོང་ན་ཡིན། ཡི་མུག་ནི་རྟ་ལོ་མ་སྟག་གམ་ཁྱི་ལོ་འགྲོ་བ་ལྟ་བུའམ་ཡང་ན་སྤར་ཁ་རང་སྟེང་སྟེ་ཁྱི་


MR26_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མ་བབ་སྤར་ཁེན་ལ་འགྲོ་བ་ལྟ་བུ་གང་རུང་ཡིན། གྲོང་བརྡལ་ནི་ཕག་ལོ་མ་བབ་སྤར་ལི་ལ་འགྲོ་བ་ལྟ་བུ་སྤར་ཁའི་ཁམས་སྲོག་གི་གྲོགས་སུ་གྱུར་པ་ལ་འགྲོ་བ། ཕོ་མོ་འཐབ་པའི་ཕྱོགས་ནས་འགྲོ་བ་ནི་གཞུང་ན་གསལ་བ་ལྟར་ལི་དང་ཁེན། དྭ་དང་ཟིན་སོགས་ཕན་ཚུན་བདུད་གཅོད་ཀྱི་ཕྱོགས་སུ་ཕྱིན་ན་ཞེས་སོ། །འདི་ལ་བུ་བག་གི་བབ་སྤར་ལི་ཁེན་སོགས་བདུད་གཅོད་དམ་འཐབ་དགྲ་ཐུག་ན་ཡིན་ཞེས་བཤད་འདུག །སྣ་ལ་སྤུ་གྲི་ཁྱེར་བ་བྱ་སྤྲེལ་ལོ་མ་སྟག་གམ་ཡོས་ཀྱི་གནམ་ལོར་བག་ལ་སོང་བ་ལྟ་བུ་ཡིན་ཞིང་། དེ་ཡང་སྐྱེས་སྨེ་བདུན་དམར་ཡིན་ཞིང་བབ་སྨེའང་བདུན་དམར་ལ་བབ་དུས་བརྗོད་ན་ཡིན། སྐུད་པོ་ནི་བག་མའི་མིང་པོ། གྱོས་པོ་མག་པའི་ཕའོ། །མགལ་མེ་ཀླད་སྐོར་སོགས་གཞུང་གིས་གསལ། བབ་སྤར་ཁོན་དང་བབ་སྨེ་གཉིས་ནག་ལ་སོང་བ་བཅས་འདོམས་ན་ཞེས་སོ། །འདི་རིགས་ཐམས་ཅད་བཤད་ཚོད་ཚོགས་ན་ཉེན་ཆེ་ཅི་རིགས་འཛོམས་ཀྱང་ཅུང་ཞན་པར་བརྩི་བ་ཀུན་ཏུ་ཤེས་བར་བྱའོ། །ས་སྒྱེ་ཁུར་བ་བག་མའི་ལུས་གནམ་ལོའི་ལུས་ཀྱིས་བཅད་པ་སྟེ་དགྲར་གྱུར་པ། བབ་སྤར་ཟིན་བབ་སྨེ་ལྔ་སེར་འདོམས་ནའོ། །ཕྱགས་ཤིང་ཐོགས་པ་གནམ་ལོའི་དབང་ཐང་ཤིང་བག་མའི་དབང་ཐང་ས་ལྟ་བུ་ཚུར་གཅོད་པ། དེ་སྟེང་བབ་སྨེ་བཞི་ལྗང་ལ་བབ་ན་ངན། གནམ་དབང་གིས་བཅད་ཀྱང་བཞི་ལྗང་ལ་མ་བབ་ན་བཏང་གཅོད་ཁྲ་བ་ལྟ་བུ་ཀུན་ལ་འགྲེ། དེ་བཞིན་གཞན་ལ་ཡང་བག་མའི་དབང་ཐང་དང་གནམ་ལོའི་དབང་ཐང་བག་མའི་ཀླུང་རྟ་དང་གནམ་ལོའི་ཀླུང་རྟ་སོགས་ཕན་ཚུན་གཅོད་ཚུལ་སོགས་བྱེད་སྒྲ་ལས་ཤེས་པར་བྱའོ། །ཁྱོ་ཟན་མ་ནི་ཕ་ཡི་བག་མ་ལེན་པའི་ལོ་ཚོད་དེར་བུས་ཀྱང་བག་མ་བླངས་བ་སྟེ། ཕ་ལོ་ཉེར་བཞི་དུས་ཁྱིམ་བཟུང་ན་བུས་ལོ་ཉེར་བཞི་དུས་ཁྱིམ་ཐབས་བཟུང་བའི་བག་མ་བླངས་ན་ངན་པ་ལྟ་བུའོ། །བག་མ་མེ་སྟག་སོགས་མེ་བརྒྱད་གང་རུང་བབ་སྤར་ཟོན་གྱི་སྟེང་


MR26_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བག་ལ་སོང་ནའོ། །རབས་ཆད་ནག་མོ་ནི་བག་མ་བག་ལ་ཕྱིན་དུས་ཀྱི་བབ་སྨེ་མོ་རང་གི་ཕ་མའི་སྐྱེས་སྨེ་དང་གཅིག་ནའོ། །གཞན་ཡང་བག་མ་རང་གི་སྐྱེས་སྨེ་ལ་བབ་སྨེ་བབ་དུས་འགྲོ་བའམ། བབ་སྨེ་ལྔ་སེར་ལ་བབ་དུས་བརྫང་ནའང་བུ་ལ་ཅུང་ངན་ཞེས་སོ། །བྱེ་བྲལ་བག་མ་ནི་བབ་སྤར་ལི་ཁམ་གང་རུང་དང་། ལོག་མིན་བྱ་སྤྲེལ་གང་རུང་ལོ་ཟླ་ཞག་དུས་ཀྱང་བྱ་སྤྲེལ་གང་རིགས་ལ་བབ་དུས་འགྲོ་བ་སྟེ་དེ་ཀུན་འདོམས་ན་ངན། ཁྱོ་ཡིས་མོ་ཀླུང་མནན་པ་ཞེས་པ་བག་མའི་ལོ་དང་བག་མ་བྱེད་པའི་གནམ་ལོ་བག་མའི་མ་ལོ་གསུམ་ལོ་རྟ་གཅིག་ན་ལོས་མནན་དང་། མོ་སྐྱེས་དུས་ཀྱི་མ་ཡི་ལོག་མིན་དང་བག་བྱེད་ལོའི་ཁྱོ་ཡི་ལོག་མིན་གཅིག་ན་ཕྱིས་མནན་དང་། མོ་ཡི་སྐྱེས་སྤར་ཐོག་བག་བྱེད་ལོ་ཁྱོ་ཡི་བབ་སྤར་བབ་ན་སྤར་མནན་དང་། མོའི་སྐྱེས་སྨེའི་ཐོག་བག་བྱེད་ལོ་ཁྱོ་ཡི་བབ་སྨེ་བབ་ན་སྨེ་བས་མནན་པ་དང་། མོ་སྐྱེས་ཟླའི་ཐོག་ཏུ་བག་བྱས་ན་ཟླས་མནན་ཞེས་སོ། །བག་མས་ཁྱོ་ཀླུང་མནན་པ་ནི་ཕོ་ཡི་ཕ་ལོ་བག་མ་ལེན་ལོ་ཕ་ཡིས་བག་མ་ལེན་ལོ་གསུམ་གཅིག་ན་མོས་ཁྱོ་མནན་དང་། ཁྱོ་སྐྱེས་དུས་མ་ཡི་ལོག་མིན་དང་བག་བྱེད་ལོ་བག་མའི་ལོག་མིན་གཅིག་ན་ཕྱི་མནན། ཁྱོའི་སྐྱེས་སྤར་དང་བག་མའི་བབ་སྤར་གཅིག་ན་སྤར་མནན། ཁྱོ་སྐྱེས་དུས་མ་ཡི་བབ་སྨེ་དང་བག་བྱེད་ལོའི་བག་མའི་བབ་སྨེ་གཅིག་པ། ཁྱོ་ཡི་སྐྱེས་ཟླ་དང་བག་མ་འགྲོ་ཟླ་གཅིག་པ་བཅས་ན་མོས་ཁྱོ་ཀླུང་མནན་པ་ཞེས་སོ། །རང་རང་བཙས་པའི་ལུང་ནི་ཁྱོ་ཡི་ཕ་ལོའི་ཐོག་ཏུ་བུ་ཡིས་བག་མ་བླང་བ་ཁྱོ་སྐྱེས་དུས་མ་ཡི་ལོག་མིན་དང་བག་མ་ལེན་ལོའི་ཁྱོ་ཡི་ལོག་མིན་གཅིག་པ། ཁྱོ་ཡི་སྐྱེས་སྤར་ཐོག་ཏུ་བབ་སྤར་བབ་དུས་བག་མ་བླང་བ། ཁྱོ་རང་སྐྱེས་དུས་ཀྱི་མ་ཡི་བབ་སྨེའི་ཐོག་ཏུ་ཁྱོ་རང་གི་བབ་སྨེ་བབ་དུས་བག་མ་བླང་བ། ཁྱོ་སྐྱེས་པའི་ཟླ་བ་གང་ཡིན་ཐོག་ཏུ་བག་མ་བླང་བ་རྣམས་ཁྱོ་རང་གི་ཀླུང་ཐོག་ཡིན། དེ་བཞིན་བག་མ་མོ་རང་གི་མ་ལོའི་ཐོག་


MR26_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བག་ལ་འགྲོ་བ་མོ་སྐྱེས་དུས་ཀྱི་མ་ཡི་ལོག་མིན་སྤར་སྨེ་དག་གི་ཐོག་ཏུ་བབ་དུས་བག་ལ་འགྲོ་བ། མོ་རང་གི་སྐྱེས་ཟླའི་སྟེང་ནས་བག་ལ་འགྲོ་ན་མོ་ཡི་བཙས་ཀླུང་ཐོག་ཡིན། དེ་རྣམས་ཅི་རིགས་འདོམས་ཀྱང་ལྡིང་ནག་ཀླུང་ནག་ལ་གཏོགས་སོ། །ལི་ལ་སྐྱེས་པ་ཟིན་ལ་བླང་སོགས་ནི་བག་མའི་མ་ཀླུང་ལི་ཡིན་ན་བབ་སྤར་ཟིན་དུས་བླང་ན་མ་དང་འཕྲད་པས་བཟང་སོགས་འགྲེ། བཟང་བ་མ་བུའི་སོགས་ནི་བག་མའི་སྲོག་དང་བབ་སྤར་སྤྲད་པ་སྟེ། སྟག་ཡོས་ལོ་མ་ལ་དཔེར་མཚོན་པ་གཞུང་དུ་གསལ། ངན་པ་དགྲ་ཐོག་ནི་མ་ཀླུང་ངམ་སྲོག་གི་དགྲར་གྱུར་པའི་བབ་སྤར་ཏེ་དེ་ལ་ངན་ཀླུང་ཞེས་སོ། །རང་སྐྱེས་པའི་གདན་སའི་བདུད་གཅོད་ནི་མ་ཀླུང་དང་བབ་སྤར་ལི་ཁེན་སོགས་བདུད་གཅོད་ཐུག་དུས། རང་ཀླུང་སྐྱེས་སྤར་ལ་བསྐོར་སྤར་བབ་དུས་ཁྱོ་ཀླུང་མནན་པ་ཞེས་སོ། །ཡང་སྲོག་སོགས་སྐོར་སྤར་གྱི་ཁམས་དང་འཐབ་པ་ལས་སྲོག་གི་དགྲར་གྱུར་པའི་སྤར་ཁའི་ཐོག་ནས་འགྲོ་བ་སོགས་གཞུང་བཞིན་ནོ། །ཕོ་མོ་གཉིས་གླང་སྟག་ཡོས་གསུམ་གང་རུང་ཡིན་ཞིང་གཉིས་ཀ་བབ་པའམ་ལྷན་ཅིག་འདུས་ན་བྱེ་བྲལ་བྱེད་དུས་ཡིན་སོགས་འགྲེ། མ་ཀླུང་ལི་ཡིན་བབ་སྤར་ལི་ལ་འགྲོ་བ་སོགས་གཞུང་ན་གསལ། སྙིད་མོ་ཞེས་པ་མག་པའི་སྲིང་མོ་རྣམས་ཀྱི་མིང་ངོ་། །མ་ཀླུང་སྤར་ཁའི་བདུན་ཟུར་ཞེས་པ་ལོ་ཡི་དབང་ལས་བསྒྲགས་པ་སྟེ་ལི་ལ་ཁམ་ལྟ་བུ་ཐད་ཀའི་སྤར་ཁ་ཡིན་གྱི་སྤར་ཁ་རང་རང་ནས་བགྲང་བའི་བདུན་པ་མིན་ཞེས་བཤད། ལུས་ལ་དགྲ་དར་བ་བག་མའི་ལུས་གནམ་ལོའི་ལུས་ཀྱིས་གཅོད་ནའོ། །ལོག་མིན་དང་ཟླ་ཞག་དུས་གསུམ་བྱ་སྤྲེལ་ལ་བབ་ན་ཞེས་སོ། །ཕུང་སྲི་ཁྱོ་ཟན་ནི་བག་མ་འདུན་ཁུར་བདུན་དམར་ལ་བབ་པ་ཞིག་དུར་སྤར་དང་དུར་ལོ་དང་འདོམས་པ་སྟེ། ཕག་ལོ་མ་ཡིན་ན་སྤར་དུར་ཟོན་དུར་ཆེན་འབྲུག་དུར་ཆུང་ཁྱི་གང་རུང་ལོག་མིན་ནམ་གནམ་ལོར་ཤར་བ་ལྟ་བུའོ། །ལུས་དང་དར་གུད་གནམ་


MR26_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལོར་རོ། །སྨེ་སྒོ་ནས་རྫོངས་པ་བབ་སྨེའོ། །གེགས་ཕྲད་བཞི་དང་བག་མའི་སྐྱེས་སྨེ་ངན་པ་འཛོམས་པ་དང་ངན་པར་བརྫང་ན་རང་རང་གི་གཏོ་བཅོས་བྱ་ཞེས་འདྲ། འབར་མའི་ལྷ་དགུ་ནི་བག་མའི་སྐྱེས་སྨེ་དབུས་སུ་བཅུག་ནས་བཀོད་པས་འགྲོ་དུས་ཀྱི་བབ་སྨེ་ཕྱོགས་གང་དུ་གནས་པ་ལས་འབྲས་བུ་བཤད་པ་སྟེ། དབུས་སུ་བབ་དུས་བརྫངས་ན་དབུས་ལས་ཀྱི་སྲིན་མོ་ཞེས་བྱ་བ་སོགས་གཞུང་བཞིན། ལུས་སྨེ་བརྒྱད་དཀར་མ་གཉིས་ནག་ལ་བབ་དུས་བརྫང་ན་བྱང་ཤར་ཨཱ་ཪྱ་དེ་ཝིར་བབ་པ་ལྟ་བུའོ། །འདོམས་སྣད་ནི་བབ་སྨེ་དབུས་སུ་བབ་པ་དང་དེར་གཉིས་ནག་ཡིན་པ་འདོམས་པ་ལྟ་བུ་སོགས་འགྲེ། ད་ལན་ཨཱཪྱ་དེ་ཝི་བཟང་ཡང་གཉིས་ནག་ངན་པས་བཏང་ཁྲ་བ་ལྟ་བུའོ། །འདོམས་སྦྲགས་རྒྱ་མ་ནི་དགུ་དམར་ལིར་བབ་སོགས་བག་མའི་བབ་སྤར་བབ་སྨེ་ཡིན། རྒྱ་མ་ནི་བག་མའི་སྲོག་གཙོ་བར་དར་གུད་སྤྱི་ལྟར་བསྐོར་བས་ན་ཤི་དུར་གསུམ་དང་དུར་ཆུང་བཅས་ལ་བབ་དུས་བག་ལ་སོང་ན་ངན་ནོ། །ལོ་རང་ཀེག་སོགས་ཀེག་རྩིས་ལྟར། དར་གུད་ནི་གནམ་ལོར་གཏུག་པའོ། །བག་མ་བྱི་བ་ལོ་བ་ཡིན་ན་ལོ་གྲངས་བཅོ་བརྒྱད་དང་ཉེར་བདུན་ལ་ངན་སོགས་དངོས་སུ་གསལ། བག་མའི་ལོ་སྐྱོན་ནི་ལོ་གྲངས་ཙམ་ལས་གཞན་མེད། ཟླ་བའི་རྫོང་ལུགས་ནི་བག་མའི་ལོ་གང་ཡིན་གྱི་སྟེང་ནས་ཕོ་ལོ་དྲུག་ལ་མདུན་སྟེ་སྦུབ་མོ་ལོ་དྲུག་ལ་རྒྱབ་སྟེ་གཡོན་སྐོར་རམ་བཀེན་ནས་དྲུག་བར་དུ་བརྩི། ཡང་བདུན་པ་རང་ཟླ་བརྒྱད་པ་དང་གཉིས་པ་འདྲ་བ་སོགས་དྲུག་པ་དང་བཅུ་གཉིས་པ་འདྲ་བའི་བར་དུ་སྦྱར་རོ། །དཔེར་ན་ཕག་ལོ་མ་ལ་ཧོར་ཟླ་བརྒྱད་པ་དང་གཉིས་པ་རང་ཟླ་དང་པོ་དང་བདུན་པ་བཟང་ཞིང་བཀྲ་ཤིས་པ་སོགས་བཞིན་ནོ། །བག་མ་རང་དང་པོ་སྐྱེས་ཟླ་དང་དེའི་བདུན་ཟུར་ལ་འཛེམ། བག་མ་ཕག་ལུག་ཡོས་གསུམ་ལུག་གི་ཟླ་བ་ལ་བརྫང་ན་ངན་ཏེ་མཐུན་གསུམ་རང་རང་གི་ནང་གི་དུར་ལོ་དེ་ལ་ངན་པའོ། །བག་མ་རང་གི་སྐྱེས་ཟླའི་ཡར་མར་བཞི་གཤེད་ཀྱང་


MR26_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ངན། ཟླ་ནག་གནམ་ལོའི་ཡར་བཞི་མར་བཞི་སྟེ་སྤྱི་ལྟར་རོ། །རང་དུར་གཤེད་དུར་བག་ལོའི་སྲོག་དང་བསྟུན་པ་སྟེ་དཔེར་ན་ས་ཕག་ལོ་མར་རང་དུར་ཆེ་བ་ས་འབྲུག་ཆུང་བ་ས་ཁྱི་གཤེད་ཆེན་ཤིང་འབྲུག་ཆུང་བ་ཤིང་ཁྱིའི་ཟླ་བ་ལ་བརྫང་ན་ངན་པ་ལྟ་བུ འོ། །བག་མ་རང་སྐྱེ་དུས་ཀྱི་ཉི་མ་གང་ཡིན་ལ་བག་ལ་སོང་ན་ངན་པ་སོགས་གོ་སླ། གཤེད་དུར་ཉི་མ་བག་མའི་སྲོག་དང་སྦྱར་ཏེ་བལྟའོ། །དེ་ཡང་གཤེད་ནི་སྲོག་གི་དགྲ་ལོ་དང་དུར་ནི་དུར་ཞུགས་ཀྱི་ལོའོ། །གཟའ་ལྷག་པ་རེས་གཟའ་དང་། རཱ་ཧུ་ནི་ཟླ་སྐར་ལ་གདོང་མཇུག་གི་མེ་དུ་སོལ་གསུམ་ཕོག་པ་ལ་བྱ། དབང་གཟའ་མ་གཟའ་ཤིས་པར་བྱེད་ཅེས་བཀྲ་ཤིས་པའི་དོན་ཏེ་ཤེས་ཞེས་པ་མ་དག་གོ། དེ་ལ་བག་མའི་ལོ་དང་སྦྱར་ན་ཕག་ལོ་མའི་དབང་གཟའ་ཟླ་ལྷག །མ་གཟའ་པ་སངས། དགྲ་སྤེན། བུ་ཕུར་བུའོ། །རུས་དང་བསྟུན་ན་བག་མའི་ཕ་རུས་ཤིང་གི་དབང་གཟའ་ཕུར་བུ་སོགས་ལུགས་གཉིས་ཀར་བརྟག །སྐྱེས་པའི་གཟའ་ལའང་བག་བྱ་བ་འཛེམ། ལམ་ཞག་འགྱང་ན་ཁྱིམ་དུ་སླེབ་ཉིན་ཀྱང་བུ་བག་སོ་སོར་ཚེས་གཟའ་སྐར་མའི་ཕན་གནོད་བརྩི་དགོས། དེ་ཡང་ཚེས་གཟའ་སྐར་མ་དུས་སྦྱོར་དྲུག་འཛིན་སོགས་ཇི་སྙེད་པའང་བརྩིས་ན་མཆོག་གོ། ཁྱད་པར་ཤཱ་ལ་ཀ་ཡི་འཁོར་ལོ་ངེས་པར་བརྩི་དགོས་སོ། །སྐར་མ་ནི་ཤིང་ཁམས་པ་ལ་རྒྱལ་སྨད་སོགས་ནི་མོ་ཡི་རུས་ཁམས་དང་མཐུན་ཞིང་བག་མར་བཟང་བ་འཛོམས་པས་དགེ་བ་སོགས་སོ། །ཞིབ་པར་དབྱང་འཆར་གྱི་རིགས་གསུམ་དང་དཀར་པོའི་འཁོར་ལོ་སོགས་ཅི་རིགས་པའང་བརྟག་པར་བྱས་ན་ལེགས་པས་བུར་བཀོད་འདུག །དུས་ཚོད་ནི་བག་མའི་རུས་ཁམས་དང་ལོ་ཡི་མའམ་གྲོགས་སུ་གྱུར་པའི་དུས་སུ་སྟེ། རུས་ཤིང་ལ་བྱི་ཕག་གི་དུས་ལྟ་བུ་དང་ཁྱད་པར་ཆུ་ཡི་བྱི་ཕག་ལྟ་བུ་ས་ཡི་ཁྱི་འབྲུག་ལྟ་བུའི་གྲོགས་བཟང་། གླང་ལུག་གྲོགས་ཡིན་ཀྱང་དུར་ལོར་གྱུར་པས་འཛེམ།


MR26_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་མཚོན་ན་ས་ཕག་ལོ་མ་ལ་སྲོག་མ་བྱ་དང་དབང་མ་མེ་བྱ་ལྟ་བུ་དགོས། སྤྲེལ་སྲོག་མ་ཡིན་ཡང་བཞི་གཤེད་དུ་གྱུར་པས་འཛེམ། གྲོགས་རྟ་དང་ཁྱད་པར་ཆུ་རྟ་བཟང་། སྦྲུལ་གྲོགས་ཡིན་ཀྱང་བདུན་ཟུར་ཡིན་སྟབས་འཛེམ། བདུད་སྒོ་ཞེས་གུང་གཉིས་ཟེར་གཉིས་སོགས་གཞན་ནས་བཤད་པའི་དུས་ཀྱི་བཟང་ངན་ཅི་རིགས་པའང་བརྩིས་ན་ལེགས། ཕྱོགས་བག་མའི་བབ་སྤར་གྱི་བཟང་བཞི་ངན་བཞི་དང་། སྨེ་ཕྱོགས་གནམ་ལོའི་སྨེ་བ་དབུས་བཞག་གི་ཕྱོགས་བརྒྱད་ཀྱི་བཟང་ངན་ནོ། །ཕྱོགས་དེར་ལོ་ཟླ་ཞག་དུས་ཀྱི་ས་བདག་གནས་རྒྱུ་ངན་པ་ཇི་སྙེད་པ་དང་ཁྱོ་ཤུག་གཙོས་པའི་ཕ་མིང་དང་སྣ་སའི་མི་ངོ་རྣམས་ཀྱི་ལོ་རྟ་དྲུག་ཅུ་དངོས་གནས་པར་མི་བཏང་ཞིང་། ཁྱད་པར་བག་ལ་ཀོ་ལོང་སྡོམ་པ་ཐེ་སེ་ཐེ་ཁྱིམ་ཧལ་ཁྱི་སོགས་གཞུང་ལྟར་བརྟག །གཞན་ཡང་དབྱངས་འཆར་དུས་འཁོར་ལས་གསུངས་པའི་མཚོན་ཕྱོགས་ཀྱི་བཟང་ངན་ཀྱང་ཞིབ་པ་བརྩིས་ན་ལེགས། འགྲོ་བ་དང་ཁ་ལྟ་ཕྱོགས་གདགས་ལྷ་དང་གང་བའི་བུམ་ཕྱོགས་གལ་ཆེ་སྟེ། གདགས་ལྷ་དྲུག་ལ་རང་མིང་དང་། འདི་འདྲ་ཟླ་འཁོར་ཤོག་ཁྲར་བཀོད་འདུག །སྲིབ་ལྷ་མི་བཟང་བས་དེ་ཕྱོགས་འགྲོ་བ་དང་ཁ་ལྟ་ཕྱོགས་འཛེམ། དེ་སོ་སོའི་མིང་དང་སྲིབ་ལྷ་གར་ཡོད་དུ་བབ་འདི་འདྲ་རེ་འདུག་པས་ཟླ་འཁོར་ཤོག་ཁྲར་ཞིབ་དཔྱད་བྱའོ། །གནམ་ཁྱིའི་སྒོས་རྩིས་ལ། ཁྱི་བདུན་ཞེས་པ་ལོ་ཡི་གནམ་ཁྱི་བག་མ་ལོ་བཅོ་བརྒྱད་ལ་སྤར་ཁའང་ཁེན་ལ་འབབ་ཅིང་ལོ་གྲངས་དེ་གནམ་ཁྱི་ཡིན་ཞིང་། བག་ལོ་སྟག་རྟ་ཁྱི་ཅན་ཡིན་ལ། གནམ་ལོར་ཤར་ཀྱང་ཡིན། ཟླ་བ་སོགས་གཞུང་ན་གསལ། སྦས་པ་ལྟ་བུར་ཤུགས་བསྟན་ཏུ་གནམ་ཁྱི་མོ་ནི་ལོར་རྔམ་ཟླ་བ་སྡོད་ཞག་ལ་བྱ་ར་དུས་ལ་ཟས་འཚོལ་བ་རྣམས་བསྟན་ཏེ། བག་ལོ་མཐུན་གསུམ་ཐ་ཆུང་གི་ལོར་རྔམ་པ་སྟེ་སྟག་རྟ་ཁྱི་གསུམ་གྱི་ཁྱི་ལོ་ལ་རྔམ་ཁྱི་ཡི་ཟླ་ཞག་དུས་ལ་སྡོད་སོགས་རིམ་བཞིན་ནོ། །དེ་དག་ས་


MR26_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལེའུ་བཞིན་ཞིབ་པར་བརྩི། ཉི་ནག་ནི་ཚེས་འཆར་དཀྱུས་མའོ། །གཞན་ཡང་སྟག་རྟ་ཁྱི་གསུམ་གྱི་ལོ་ཟླ་ཞེས་སོགས་ནི་གོང་གི་དེ་ལ་འཐུས་ལ་ལས་ལོགས་སུ་མེད་ཅེས་བཤད་འདུག་ཀྱང་སྣང་། བག་མ་ཁེན་ཟོན་ལི་ལ་བབ་དུས་སྤར་ཁའི་གནམ་ཁྱི། རེས་གཟའ་ལྷག་པ་དང་རཱ་ཧུ་ནི་གདོང་མཇུག་གིས་འཁྱུད་པའི་སྐར་མ་ཡིན་ལ་དུ་སོལ་ཕོག་ཀྱང་ངན། ཡང་རྒྱ་རྩིས་རྙིང་མ་ལུགས་ཀྱི་གནམ་ཁྱི་ལའང་གནམ་ལོ་གང་ཤར་ལ་མཇུག་མ། དེའི་བདུན་ཟུར་ལ་མགོ་བོ་དང་། ཟླ་བ་གང་ཡིན་ལ་མཇུག་བྱས་ཤིང་། ཞག་དུས་ལའང་དེ་ལྟར་རྩིས་སྣང་ལ། ཟླ་བ་གཙོ་བོར་བཟུང་ཞེས་བཤད། དུས་བཞིའི་ཁ་ལྟ་ཕྱོགས་དང་། ས་བདག་ལེའུ་ལྟར་བརྩིས་པས་སྟོན་གསུམ་ཉི་ནུབ་ནས་ནམ་ཕྱེད་བར་བྱང་ལ་བལྟ་དུས། ལི་ལ་ཁ་ཟོན་ལ་མཆེ་གཡས་ཁོན་ལ་མཆེ་གཡོན་ཡོད་པས་བྱང་ནས་ལྷོར་སོང་ན་ཁ། ནུབ་བྱང་ནས་ཤར་ལྷོར་སོང་ན་མཆེ་གཡས་བྱང་ཤར་ནས་ལྷོ་ནུབ་སོང་ན་མཆེ་གཡོན་ལ་ཕྲད་པ་དང་། ལྷོ་ནས་བྱང་དུ་སོང་ན་ལྟོ་བ་དང་ཕྲད་པ་ལྟ་བུའོ། །དེས་མཚོན་དཔྱིད་གསུམ་སོགས་ཀྱི་ཉིན་ཞག་གཅིག་ལ་དུས་བཞིར་ཕྱོགས་བཞིར་ལྟ་བ་གཞུང་ན་གསལ་བ་ལྟར་བརྩི་པ་གལ་ཆེ། དུས་ཀུན་ཏུ་གནམ་ཁྱི་ལ་བག་མ་སོགས་གདོང་གཏུག་མི་བྱ་བར་རྒྱབ་ཏུ་བཞག་དགོས་སོ། །ཟས་འཚོལ་གནམ་སྦྱོར་གཞུང་ན་གསལ། ལུས་ཀྱི་ཆ་ཤས་ཀྱང་ས་བདག་ལེའུ་དང་འདིར་བཤད་བཞིན་བརྟག་ལ་སྤང་བླང་བྱ། ཚེས་ལ་གནམ་ཁྱིའི་ལུས་ཀྱི་ཆ་ཤས་བཀོད་པ་སོགས་འདིར་བཀག་འདུག །དགོས་པའི་མི་ལྔ་ཡི་ཟླ་མོ་ནི་མཐུན་གསུམ་སྟེ་རྟ་ལོ་མ་ལ་སྟག་དང་ཁྱི་དགོས་པ་ལྟ་བུ་དེ་ཡང་སྲོག་སོགས་ཀྱི་དགྲར་མ་གྱུར་ཞིང་ཚུར་གསོ་བ་ཅན་དེ་བཟང་། འོག་རྟ་བག་མའི་ལུས་ཀྱི་ཁ་དོག་གམ་ཡང་ན་སྲོག་གི་མ་ཡི་མདོག་ཅན་བྱའོ། །རྟ་ཁ་ཁྲིད་པ་བག་མའི་ལུས་ཀྱི་མར་སྲོག་དབང་གཉིས་ཀ་སོང་བས་ཕག་ལོ་མར་ཆུ་ཕག་


MR26_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུས་བྱ། ཟས་དྲངས་མཁན་བག་མའི་དབང་ཐང་གི་མ་བུ་སྲོག་དབང་གཉིས་སོང་བ་ས་ཕག་ལོ་མར་མེ་རྟ་ལྟ་བུས་བྱ་སྟེ། དབང་མར་སྲོག་དབང་སོང་བ་མེ་སྦྲུལ་ལྟ་བུ་ནི་བདུན་ཟུར་ཡིན་པས་དེས་མི་བྱའོ། །དབང་ཐང་གི་དགྲ་རུ་མི་འགྲོ་བའི་ཟས་ནི་མདོག་དབྱིབས་མིང་སོགས་ཀྱི་སྒོ་ནས་སོ། །སྣ་བོན་བག་མའི་བདུན་ཟུར་སོགས་ཀླུང་དགྲ་ཅན་སྟེ་ས་ཕག་ལོ་མར་ཤིང་སྦྲུལ་ལམ་ཤིང་སྟག་གམ་ཤིང་སྤྲེལ་ལོ་པས་ཤིང་གིས་བརྡེག་པའམ་ཡང་ན་ས་གཏོར། །ཡང་ན་ཀླུང་དགྲ་ཆུ་ཡི་བྱི་ཕག་གིས་ཆུ་གཏོར་བ་སོགས་ཀྱི་སྣ་ཆོག་བྱེད་པར་བཤད། དེ་ཡང་བག་མ་སྟག་ཡོས་ལ་རལ་གྲི་ཐོགས་པས་བཅག་སོགས་གཞུང་ལྟར། སྣ་ལེན་ནི་བག་མའི་བབ་སྤར་གང་བབས་དང་བསྟུན་པའི་ལི་ལ་རྟ་སོགས་དེ་ལ་ཁྱོ་གའི་གོས་བསྐོན་སོགས་བྱས་ནས་སྣ་ལེན། བཞག་ས་སྐོར་ནི་གཞུང་ན་གསལ། རྩ་བའི་ས་དཔྱད་གསུམ་པ་བཅོས་རིམ་སྐོར་གཞུང་གིས་གསལ་ལོ། །བག་རྩིས་ཀྱི་སྐབས་སོ། ༈ །ད་ནི་སྐབས་བདུན་པ་སྤྱི་རྩིས་ལ། རྒྱ་བོད་སྐོར་མགོ་སུམ་ཅུ། བལ་མོ་ལྡིང་སྐོར། ས་བདག་གི་སྐོར། འབྲས་རྩིས་སྐོར་སྟེ་བཞི་ལས། དང་པོ་ནི་རྒྱལ་པོ་སོགས་ཀྱི་རྩིས་མགོ་རྣམས་གང་ལ་བརྩི་ཡུལ་དེའི་ལོ་རྟ་དང་ཁམས་མཐུན་པའི་བྱི་གླང་སོགས་ནས་བསྐོར་བ་སྟེ་དེ་ཡང་བརྩི་བྱ་ཕོ་ལོ་ཡིན་ན། བྱི་བ་སོགས་ཕོ་ལོ་ནས་བརྩི་ལོ་གྲངས་དུ་ཡིན་པར་སྦུབ། མོ་ལོ་ཡིན་ན་བཀེན་ནས། དེ་ཡི་ཡར་བཞིའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པ་སོགས་གཞུང་བཞིན་བརྟག །དེ་ཡང་དགུ་པ་ཡན་གོ་སླ། བཅུ་པ་འབང་བརྟན་ན་དབོན་གཙོ་བོ་འདྲི་བྱེད་དེའི་ལོ་རྟ། བཅུ་གཅིག་པ་རྟ་བདག་གི་ལོ་རྟ་སོགས་དང་། བུ་བག་ནི་བུ་དང་བག་མའི་ལོ་རྟ། དེ་བཞིན་ཁང་བདག་དང་། ཟངས་ཐེར་ཏེ་ཆུ་ཟངས་དང་ཐེར་བོ་ཁྲོ་མིང་སྟེ་ཁྲོ་ཟངས་ཉོ་བ་ན་འདྲི་བ་པོའི་ལོ་རྟ་སོགས་ཡིན་ནོ། །བཀྲར་སླེབ་བ་ཤི་ན་བཀྲ་རྒན་དེའི་ལོ་དང་ཤི་ལོ་ལོ་གྲངས་དུ་ཡིན་


MR26_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྟགས། ཤི་རྗེས་བརྟག་པ་གཤིན་པོའི་ལོ་དང་ལོ་གྲངས། དུར་གང་ཤིས་ཀྱང་དེ་འདྲ། དུར་སའང་གཤིན་ལོའམ་འདྲི་བྱེད་ལའང་སྦྱར་འདུག །གཞན་རྣམས་སོ་སོའི་ལོརྟའོ། །དེ་ཡང་གང་ཟག་ཕོ་མོ་ལ་མི་ལྟོས་པར་ལོ་ཕོ་མོ་གང་ཡིན་སྦུབ་བཀེན་བྱས་ནས་གར་བབ་ཀྱི་སྲོག་སོགས་དང་བརྩི་བྱའི་སྲོག་སོགས་ནང་མཐུན་དུ་འཐབ་པའོ། །འབྲས་བུ་གཞུང་ན་གསལ་ཁྱུང་ལུགས་ཞལ་ཤེས་ལ་རེས་མིག་དགུ་ལ་དབུས་སུ་ཁྱུང་གཟུགས་བྲི་ཞིང་། སྤར་ཁ་ཁམ་གྱི་ཕྱོགས་ནས་གཡས་བསྐོར་གཅིག་ལ་སོགས་པ་འགོད་པ་ཞིག་ཀྱང་འདུག་མོད། སྔོན་གྱི་ཞལ་ཤེས་ཟམ་མ་ཆད་པ་ལས། དང་པོ་གསུམ་པ་ལྔ་པ་གསུམ་ལ་ཕ་མེས་དང་ཚེ་སྟོད་ཀྱི་ས་སྟེ་ཡར་གསུམ་ཞེས་བྱ། གཉིས་བཞི་དྲུག་ལ་མར་གསུམ། བདུན་བརྒྱད་ལ་བར་དུ་བརྩི་བར་གསུངས། དེ་ཡང་དང་པོ་གསུམ་ལ་དཀར་གཉིས་ནག་གཅིག་བྱུང་ན། ཁྲ་ལ་དཀར་ཤས་ཆེ་བས་བཟང་བ་སོགས་སོ། །འདི་ལ་ལོག་མིན་མི་སྐོར་བར་འཐབ་པ་ནི་ལས་རྩིས་སུ་འགྲོ་བ་ལྟ་བུའི་ལུགས་ཀྱང་གཞན་ན་སྣང་། གཉིས་པ་བལ་མོ་ལྡིང་སྐོར་ནི། གང་བརྩི་བའི་ལོ་དེ་དག་བརྩི་བྱའི་ཁམས་སྟེ་དབང་ཐང་གི་དགྲ་སོགས་ནས་བསྐོར་བ་སྟེ། དེ་ཡང་ཐམས་ཅད་གྱེན་དུ་ལོ་གྲངས་དུ་ལོན་པར་བཀེན་པའི་གར་བབ་དེ་ཡི་སྲོག་ལུས་དབང་ཀླུང་སྨེ་བ་ལྔ་ལ། བརྩི་བྱའི་དེ་ལྔས་འཐབ་པའོ། །སྨེ་བ་ནི་བརྩི་བྱའི་ལུས་སྨེ་དང་དེ་དང་སྨེ་ཕྲེང་མཐུན་པའི་སྐོར་མགོའི་སྨེ་བ་ནས་ཡར་བགྲང་བའི་གང་བབ་སྨེ་བར་འཐབ་བོ། །བཅུ་པར་རགས་ཞིབ་གཉིས། ཞིབ་པར་སྟག་རྟ་ཁྱི་གསུམ་སྟག་ནས་བརྩི་བ་སོགས་གཞུང་བཞིན་འདི་དང་རྒྱ་བོད་སྐོར་མགོའི་བྲན་དེ་བྲན་རང་གི་ལོ་ལས་བརྩི་རྒྱུ་འདྲ་ཡང་བདག་པོའི་ལོ་ལས་བརྩིས་སྣང་། བཅུ་གསུམ་པ་ལ་དར་གུད་ཟེར་ཀྱང་སྤྱི་འགྲེ་ལྟར་འཐབ་པ་ལས་དར་གུད་བསྐོར་མི་འདུག །འཐབ་དགྲ་བཟང་ངན་ལ་


MR26_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དར་གུད་དུ་བརྟག་པ་འདྲ་དེས་པེ་བལ་མོ་ལྡིང་སྐོར་རམ་དཔྱད་ལྡིང་བཅུ་གསུམ་པ་རྫོགས། བྱེས་སོང་སྐབས་སྲོག་སྟོང་ཞེས་སོགས་བུ་ཕྲད་ཡིན་ནོ། །ཁོག་པ་དྲུག་ཅུའི་རྩིས་ལས། བཟའ་ཚང་གི་ཕོ་རྒན་པ་ཁོན་ལ་བབ་སོགས་བཞི་པོ་འདོམ་ན་ཡིན། དེ་ལྟར་བྱུང་ན་ཕོ་སྲོག་སོགས་གུད་པར་ཐུག་པ་གཅིག་ལ་ངན་ཞེས་སམ་རྒས་པ་གཅིག་ལ་ངན་ཞེས་སོ། །དེ་བཞིན་གཞན་ཡང་ཤེས་པར་བྱའོ། །བྱི་ཕག་ལི་སོགས་ལོ་རང་རང་གི་མདུན་ནམ་ཐད་ཀྱི་སྤར་ཁར་བབ་པ་སྟེ། གླང་ཁོན་བབ་ལྟ་བུ་སོགས་སོ། །དེ་བཞིན་བཟའ་ཚང་ཀུན་ལ་བརྩིས་པས་སྟོང་ཚུལ་སོགས་ཤེས་བར་བྱའོ། །ཤེལ་བྱ་གཤོག་སྡེབས་སོགས་རྩིས་མོ་འདེབ་པའི་དུས་ཚོད་དང་བསྟུན་པ་སྟེ་གཞུང་ན་གསལ། ཤ་ཡི་གབ་རྩེའི་རྩིས་ལ་ཤིང་ས་སྟག་ཡོས་སྤར་དུར་ཁོན་ལ་ཕྱིན། ཤིང་དུར་ཕོ་འཇམ་མོ་ལ་ངན་ཞེས་སྟག་ཡོས་ཁོན་ལ་ཕྱིན་ན་ཕོ་ལ་འཇམ་མོ་ལ་ཁྱད་པར་རྩུབ་ཞེས་སོ། །དགུ་མིག་ནག་པོ་ནི་གཞུང་གི་དངོས་བསྟན་ལྟར་ལ་འགྲེ་རྒྱུ་མེད། དང་པོ་མ་གཏོགས་ཕྱི་མ་རྣམས་ལ་ཕོ་མོ་ཁྱད་མེད། གནམ་ལོ་དབང་ཐང་ཆུ་ལ་ཕོ་སྐྱེས་ན་ནོར་གྱི་ཕྱག་མ་ཞེས་བྱ་མོ་སྐྱེས་ན་མི་གཙང་ས་ལ་འདོར་བ་ཞེས་བྱ། སྤར་སྤུང་ནི་བཟའ་མི་བྱིངས་ལ་བརྟག །ཡན་ལག་བརྩིས་གཞུང་གིས་གསལ། རྒྱ་རྗེ་དར་ཚགས་ནི་ལོག་མིན་སོགས་ཀྱི་དབང་ཐང་ལ་བརྩི་བྱའི་དབང་ཐང་གིས་རིགས་མཐུན་པར་འཐབ། གཞན་རྣམས་གསལ། མི་རྗེ་སེར་པོ་གཞུང་དུ་ཤིང་ལ་དཔེ་བརྗོད་ཀྱི་དོན་གྲོགས་དབང་ཅན་གྱི་དུར་ལོ་བྱུང་བའོ། །སྲིན་པོ་མི་ཉོ། རྩ་བར་མེར་མཚོན་གར་བབ་སྲོག་ཆུ་དང་། ཡར་དགུའི་ལུས་ས་དེའི་དགྲ་མར་བདུན་ཤིང་དུ་བཤད་པ་གབ་སྦས་ཏེ། དོན་སྐོར་མགོ་གར་བབ་དང་ཡས་མར་བཅས་སྲོག་ལུས་ཀྱི་དགྲར་གྱུར་ན་རྩུབ། གཞན་གཞུང་བཞིན་གོ་སླ། ༈ སྤང་རྒྱན་ལོ་མ་གསེར་ལོ་ལ་གནམ་ལོ།


MR26_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཁྱི་ཤར་ན་མེ་ཁྱི་ཤིང་ཁྱི་སོགས་ཁྱི་ལྔའི་སྲོག་ལུས་དབང་ཀླུང་སྨེ་བ་ལྔ་ལ་བརྩི་བྱའི་དེ་ལྔས་འཐབ་པའི་རྡེལ་ཉེར་ལྔ། ཁ་དམར་ལྔ། དེ་བཞིན་བདུན་ཟུར་ཆུ་འབྲུག་གཙོའི་འབྲུག་ལྔ། དྲུག་འགྲམ་ལྕགས་ཡོས་སོགས་སྡེ་ལྔ་བཞི་གཤེད་ས་གླང་གཙོ་བྱས་གླང་སྡེ་ལྔ་ལ་འཐབ་པས་རྡེའུ་བརྒྱའོ། །གཡུ་ལོ་ནི་བརྩི་བྱའི་ལོག་མིན་གང་བབ་དེ་གཙོ་བའི་སྡེ་ལྔ་དེའི་བདུན་ཟུར་དྲུག་འགྲམ་བཞི་གཤེད་ལྔ་ལྔ་ལ་འཐབ། དུར་ལོ་གང་རྩིའི་ཟླ་བ་ལྔ་དང་དེའི་བདུན་ཟུར་སོགས་ལ་འཐབ། དེ་ཡང་ལོ་ཟླའི་སྨེ་བ་གནམ་ལོའི་སྨེ་ཕྲེང་ལྟར་དང་ལོག་མིན་གྱི་བདུན་ཟུར་སོགས་ཀྱི་སྨེ་བའང་ལོག་མིན་དང་སྨེ་ཕྲེང་མཐུན་པའོ། །དེ་ཡང་བརྩི་བྱ་དང་སྨེ་ཕྲེང་མཐུན་པར་དེད་པས་ལོག་མིན་ལའང་གང་བབ་ཡིན་ལ། གལ་ཏེ་སྨེ་ཕྲེང་དང་པོ་ལྟ་བུ་རྫོགས་ན་ཡང་གཉིས་པ་ནས་བཟུང་སྟེ་ལོག་མིན་བར་དུ་དེད་པས་གང་བབ་དེའོ། ༈ །སྤུག་ལུགས་གེགས་རྩིས་སྐབས་བླ་ནི་ལུས་མའོ། །བརྩི་བྱའི་དེ་ལྔས་གནམ་ལོ་སྤར་སྨེ་ཕྱི་གཟའ་སྟེ་ལོག་མིན། ལོག་མིན་གྱི་ཡར་ལྔ་འཇུ་ཐག །མར་ལྔ་རྟེན་ཕུར། ཡར་བརྒྱད་གནམ་རྒྱང་། མར་བརྒྱད་ས་རྒྱང་། བརྩི་བྱའི་དེ་ལྔའི་དར་གུད་གནམ་ལོར་གཏུག་པ། བརྩི་དུས་བཅས་ལ་འཐབ། སྤུག་ལུགས་འདིར་ཞག་དབང་ལ་མ་ལྟོས་བར་དུས་ནམ་ལངས་ལྟོས་བར་དུས་ནམ་ལངས་ལྕགས་ཡོས་ནས་བརྩི་བས་ཉི་ཤར་ཆུ་འབྲུག་ཏུ་དུས་ཀུན་ངེས་པ་སོགས་རིམ་འདེད་ཡིན་པར་གྲགས་དེ་བཅུ་རྩ་རྡེལ་བཅུ། ཡན་ལག་བཅུ་དྲུག་ནི་ཆུ་སྦྲུལ་ལོ་བར་མཚོན་ན། རང་ཀེག་སྦྲུ༡ལ། བདུན་ཟུར་ཕག་༢ མཐུན་གསུམ་བྱ་༣ གླང་། བཞི་གཤེད་སྟག་སྤྲེལ༤། ལོ་སྐོར་བྱ་༥ ཁྱི་བཅས་གནམ་ལ་ཤར་ན་དང་། དགུ་མིག་རྐྱང་སྦྲགས་སྤྱི་ལྟར་༦ ལ། སྤར་ཁའི་དགུ་མིག་ཕོ་ལི་སོགས་དང་སྨེ་བའི་དགུ་མིག་ལྔ་སེར་ལྟ་བུའོ། །དུར་མིག་ཁེན་ལྟ༧་བུ ། སྤར་ཁ་རང་ལོ་ཐོག་ཕྱིན་པའི་དུར་


MR26_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བཅས་བརྒྱད། རང་སྐྱེས་སྤར་ཁའི་སྟེང་དུ་བསྐོར་སྤར་བབ་ཕ་མ་ཀླུང་ཚང་ཚུད༡ ། སྲོག་གི་དགྲ་སྤར་ལ་བབ་པ་འབྱུང་དགྲ་རྩུབ་པ༢ ། རང་ལོའི་དུར་ལོའི་གནམ་ཤར་དུར་ཀེག༣ །སྤར་ཁ་སྤུངས་པའམ་ཁྱད་པར་རྐྱ་མདའ༤་ཐུག་པ། སྨེ་བའི་ཀེག་ཕྲན་བཞི་བཅས་བརྒྱད་སྟེ་བཅུ་དྲུག་ལ་འདོད་དོ། །ཅེས་རྡེལ་བཞི་ནི་གཞུང་ནས་གཅེས་རྡེལ་རྣམ་བཞི་འདི་ལྟ་སྟེ་ཞེས་སོགས་རྒྱལ་པོ་བུ་ཡི་སྤྲེལ་ནས་སྦུབ། བཙུན་མོ་རང་དབང་གི་མ་སྤྲེལ་ནས་བཀེན་པའི་གར་བབ་དང་འཐབ་པའོ། །བན་དེ་སྔགས་པ་བོན་པོ་ཞང་བློན་སྐྱེས་དར་རྣམས་སོ་སོའི་བུ་ཡི་བྱི་བ་སོགས་ནས་སྦུབ་མོ་བཙུན་མ་ཡི་བྱ་ལྔ། བུད་མེད་ཕལ་བ་མ་ཡི་སྤྲེལ་ནས་བཀེན་པའོ། །བྱིས་པ་བུ་བྱ་ནས་སྦུབ་པའོ། །རྡེའུ་དོན་ལྔ་ནི་རྩ་རྡེལ་ལ་འཐབ་རྡེལ་བཏང་བཅས་ང་ལྔ། ཡན་ལག་རྡེལ་བཅུ་དྲུག །གཅེས་རྡེལ་བཞི་བཅས་སོ། ༈ །གསུམ་པ་གང་ལའང་མཁོ་བ་ས་བདག་གི་སྐོར་ལ། གནས་པ་དོན་གཉིས་གཏན་དུ་མི་འཕོ་བ་ཉེར་གཅིག་ས་འོག་རིམ་དགུའི་ས་བདག་དགུ་བཅས་ཁྱོན་བསྡོམ་བརྒྱ་དང་ཉེར་གཉིས་པོ་རྣམས་ལོ་ཟླ་སོགས་ལ་མི་ལྟོས་པར་རྟག་ཏུ་དེར་གནས་པ་ཡིན། སོ་སོའི་ཀོ་ལོང་སྡོམ་པའི་ལས་དེར་བྱ་དགོས་ན་སྒྲིབ་བཅོས་དང་ཉམས་བཅོས་ཅི་རིགས་བྱ། ལོ་ལ་འཁོར་བ་རྗེ་བློན་བཅུ་བདུན་སོགས་ཁྱོན་ཉིས་བརྒྱ་སོ་གཅིག །ཟླ་བར་བརྒྱ་ཉེར་བཞི། ཞག་ལྷ་གྱ་གཅིག །དུས་ལྷ་སུམ་ཅུ་རྩ་བདུན། གཙོ་བོ་རཱ་ཧུའི་རྩིས་བཅས། སྤྱིར་བཞི་བརྒྱ་དོན་བཞི་ཙམ་དུ་བསྟན་པ་དྲེགས་པའི་གཙོ་བོ་མི་རྩིར་མི་རུང་བ་རྣམས་ཏེ་སྤྱིར་འཇིག་རྟེན་གྱི་ལྷ་འདྲེའི་རྒྱུ་བ་བརྩིར་ཡོད་པ་ལའང་གཞན་དུ་མ་ཡོད་དོ། །དེ་ཡང་གནས་པ་དོན་གཉིས་ནི་ཤར་སྟོད་སྟག་སྡེ་ལྔ། ཤར་སྨད་ཡོས་སྡེ་ལྔ། དེ་གཉིས་ཀྱི་བར་ཤར་དབུས་སུ་ཤིང་གི་ཆ་སྟོང་བ་ཆ་གཉིས། དེ་བཞིན་ཕྱོགས་བཞིར་དབུས་ཆ་གཉིས། མཚམས་བཞིའི་དབུས་དྲང་


MR26_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ས་ཡི་ཆ་རེ་རེ་སྟེ་ཁྱོན་དོན་གཉིས་སུ་བཤད། གཞན་མི་འཕོ་བ་སོགས་དང་ལོ་འཁོར་སོགས་ནི་ཕྱོགས་གང་ལ་གནས། ཀོ་ལོང་ཅི་ལ་སྡོམས། ཉམས་ན་སྒྲིབ་ཐབས་དང་། བཅོས་ཇི་ལྟར་བྱ་བ་རྣམས་བཻཌཱུར་ལེའུ་སོ་གཅིག་པ་ལས་ཞིབ་ཏུ་ཤེས་པར་བྱ་ཞིང་། ཁྲ་མ་ལས་ཀྱང་རྟོགས་པར་བྱས་ལ། བྱ་བ་གང་བྱེད་དུས་ཞིབ་པར་བརྩི་བ་གལ་ཆེའོ། ༈ །བཞི་པ་འབྲས་རྩིས་ནི་ལེའུ་སོ་གསུམ་པ་དང་སོ་བཞི་པ་བཞིན་ཏུ། ཚེས་གཟའ་སྐར་མ་བྱེད་སྦྱོར་འཕྲོད་ཆེ་ཆུང་དུས་སྦྱོར་ལ་སོགས་པ་སྤྱི་ཡི་བཟང་ངན་དང་། ཁྱད་པར་ལས་སོ་སོ་ལ་བཟང་ངན་དམིགས་སུ་བསལ་བའི་རྩིས་རིག་རྣམས་ཚུལ་བཞིན་ཁོང་དུ་ཆུབ་པར་བྱ་བ་ནི་སྤྱི་ལ་གལ་ཆེའོ། །སྤྱི་རྩིས་ཀྱི་སྐབས་སོ། ༈ །བརྒྱད་པ་རྩིས་ཕྲན་ཐོར་བུའི་སྐོར་ལ། དུས་རྩིས་དུས་ལྟས་གཉིས་དང་། འདིར་མེད་ཀྱང་རྩིས་ཕྲན་སྣ་ཚོགས་ཞར་བྱུང་དུ་བཤད་པའོ། །དང་པོ་དུས་རྩིས་ལ། སྔོན་འགྲོ་རྨི་ལམ་བརྟག་པ། འདྲི་བྱེད་ལ་བརྟག་པ། ལམ་ལྟས་བརྟག་པ། བརྩི་གནས། བརྩི་དུས་ཡོ་བྱད། དམོད་མི་སོགས་བརྟག་པ་གཞུང་ན་གསལ། དེ་ནས་བདར་ཡང་བྱ་བའོ། །དུས་རྩིས་དངོས་ལ་ལོ་སྤར་སྨེ་བའི་དུས་ངོས་བཟུང་ལ་ཁ་དམར་གཞུང་བཞིན་བྱ། དེ་ལ་དུས་ནི་ནམ་ལངས་ཡོས་སོགས་དང་དེའི་དབང་ཐང་ནི་ཞག་དབང་གི་བུ་ནས་ལུགས་འབྱུང་རྐྱང་འདེད་སྤྱི་ལྟར་རོ། །སྤར་ཁ་ནི་སྟག་རྟ་ཁྱི་གསུམ་ཟླ་བ་ལི་ཡིས་ཚེས། དེ་བཞིན་ཕག་ལུག་ཡོས་གསུམ་ཟིན། བྱ་གླང་སྦྲུལ་གསུམ་དྭ། བྱི་འབྲུག་སྤྲེལ་གསུམ་ཁམ་གྱིས་ཚེས་པས་དེ་ནས་བཟུང་ལུགས་འབྱུང་དུ་སྦྱར་བའི་ཚེས་དེའི་སྤར་ཁ་དང་པོར་བྱས་ནས་ཉིན་ཚད་བརྒྱད་དུ་བགོས་པའི་ཆ་རེ་རེ་ལ་སྤར་ཁ་རེ་འཆར་མཚན་ལའང་དེ་བཞིན་ནོ། །སྨེ་བ་ར་བཞིར་གཅིག་དཀར། འབྲིང་བཞིར་བཞི་ལྗང་། ཐ་ཆུང་བཞི་བདུན་དམར་གྱིས་ཚེས་པས། ཞག་གི་སྨེ་བ་གང་ཡིན་


MR26_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་བྱས་ནས་ཉིན་དགུ་མཚན་དགུར་འཆར་བའོ། །སྨེ་བའི་ཤ་རྩིས་ལ་དུས་ཚོད་དུམ་གསུམ་གསིལ་ཞེས་པ་ཉིན་གྱི་དུས་དྲུག་པོ་གསུམ་དུ་གསིལ་བས་དུས་ཀྱི་སུམ་ཆ་གཉིས་རེ་སྨེ་བ་རེའི་ཡུན་ཡིན་ཞེས་སོ། །དོན་ལ་ཉིན་ཚད་མཚན་ཚད་དགུས་བགོས་ཐོབ་སྨེ་བ་རེའི་རྒྱུ་ཡུན་ཡིན་ནོ། །དེ་ལ་དུས་སྨེ་གང་ཤར་ལས་མི་རིགས་དང་ཟས་སོགས་གང་ཡིན་ངོས་བཟུང་། དུས་སྨེ་གང་ཡིན་དབུས་སུ་བཞག་སྟེ་དབུས་ནས་གནམ་ལྕགས་སོགས་ཀྱི་འགྲོས་སུ་བཀོད་ལ། ནུབ་དེ་མི་གཟུགས་ཀྱི་མགོ་བོ། ལྷོ་ནུབ་ཕྲག་གཡས། ནུབ་བྱང་ཕྲག་གཡོན་སོགས་གཞུང་གི་དཔེ་རིས་ལྟར་བཀོད། ལྔ་སེར་དབུས་བཞག་ལ་མཚོན་ན། མེས་པོའི་སར་བདུན་དམར་བྱུང་བས། བདུན་དམར་མི་རིགས་ལྔ་པའམ་སོགས་ཀྱི་འབྲས་བུ་མེས་པོ་ལ་སྦྱར། དེ་བཞིན་ཕ་སར་གཉིས་ནག་སོགས་ཀྱི་བཤད་པ་སྦྱར། སྟོད་གསུམ་ཕ་ཁུ་ཟང་མར་རྩི་ཞེས་སྤྱིར་བཏང་དང་། བྱེ་བྲག་དེ་དག་ཚེ་སྟོད་སྒང་སྨད་གསུམ་ཕྱེ་བ་གཞུང་ལྟར་ལ། འཐབ་དགྲ་བརྩིས་ན་བརྩི་བྱའི་ནང་མི་དེར་ཕ་ཁུ་སོགས་གང་ཡོད་དེར་བརྩི་ཡི་མེད་པ་ལ་འབྲས་བུ་མེད། དཔེར་ན་ད་ལམ་ཕ་མེས་རྟ་སྦྲུལ་ལོ་པ་ཡོད་པ་ལ་དཔེར་བྱས་ན། རྟ་སྦྲུལ་གྱི་སོགས་མེས་ཚེ་སྟོད་དྲུག་དཀར་ལ་འཐབ་པས་གྲོགས་བྱུང་ཚེ་སྟོད་བཟང་། བདུན་དམར་ལ་འཐབ་པས་མེ་ནང་ཕྲད་ཚེ་སྒང་འཕར་འབུབ་ཆེ། ཚེ་སྨད་གཉིས་ནག་དང་འཐབ་པས་དགྲ་ཕྲད་ངན་པ་ལྟ་བུའོ། །དེ་བཞིན་མ་སྲུ་བྱ་ལོ་མས་ཚེ་སྟོད་ཀྱི་བཞི་ལྗང་སོགས་ལ་འཐབ། གང་ལའང་མ་གྲོགས་བཟང་དགྲ་དང་མདངས་ཤོར་ཏེ་བུ་ངན། ནང་འཕྲད་འཕར་འབུབ་ཆེ་ཞེས་པ་དར་གུད་ཆེ་བའོ། །རྒྱས་པར་སྲོག་སོགས་བཞི་ཀས་འཐབ་ནས་སྲོག་གི་ཚེ་ལུས་ནད་དང་དབང་ཐང་ནོར་ཀླུང་རྟས་བསྟོད་སྨད་གང་འོང་བརྟག་པར་བཤད། དེ་བཞིན་སོ་སོའི་སར་གང་ཤར་སྨེ་བའི་མི་རིགས་གནོད་འདྲེ་ཟས་རྒྱན་སོགས་ཐམས་ཅད་སྦྱར་ཞེས་གསུངས།


MR26_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པའི་སྐབས་སུ་ནད་པ་དེ་ཕ་ཁུའམ་མ་སྲུ་བུ་ཚ་སོགས་གང་ཡིན་པ་དེའི་ས་དེར་བརྟག །ཞིབ་ཚགས་ཞེས་པ་རང་བཞིན་སྨེ་འབྲས་ཙམ་དང་། རྦད་ཆོད་འཐབ་པ་ལ་བྱའོ། །སྨེ་བ་གསུམ་སྡེབས་ནི། སྨེ་ཕྲེང་ལོའི་རྗེས་སུ་འབྲང་བའི་བརྩི་ཉིན་ཉི་མའི་དབང་ཐང་གི་སྨེ་བ་དེ་དབུས་སུ་བཞག་ནས་གནམ་ལྕགས་སོགས་ཀྱི་འགྲོས་སུ་བཀོད། །དེ་ལ་དུས་ཀྱི་དབང་སྨེས་སོ་སོར་འཐབ་སྟེ། ད་ལམ་དུས་སྨེ་ལྔ་སེར་གྱི་མར་བཞི་བརྒྱད་དཀར་ཡིན་པས། དེས་དབུས་བཞི་ལྗང་ལ་འཐབ་པས་གྲོགས་ཕྲད། ཤར་གྱི་གཉིས་ནག་ལ་འཐབ་པས་བུ་ཕྲད་སོགས་ནས། བྱང་ཤར་གྱི་བདུན་དམར་ལ་འཐབ་པས་དགྲ་ཕྲད་ལྟ་བུའོ། །མ་ལ་རྡེལ་དཀར། དགྲ་གྲོགས་ཤིང་ལྕགས་ནང་ཕྲད་རྡེལ་ནག་བུ་དང་ས་ཆུ་ནང་ཕྲད་ཁྲ་བོའོ་ཟེར། དེའི་འབྲས་བུ་དབུས་སུ་རྡེལ་དཀར་འགོ་བའི་ལྷ་བཟང་ཡོད་སོགས་སོ། །མཐོང་མིག་ནི་ཉི་མའི་སྨེ་བ་དབུས་བཞག་གི་རང་དང་ཕ་མེས་སོགས་ཀྱིས་གང་ན་སྨེ་བ་གང་བབ་པ་དེའི་འབྲས་བུ་ས་དེ་དག་ལ་སྦྱར་བའོ། །སྔ་རྟགས་ཕྱི་རྟགས་སྐབས། བྱར་ཞེས་དུས་ཀྱི་དབང་ཐང་གི་མིང་། བྱེད་ཡོར་བརྩི་བྱའི་ལུས་ཀྱི་མིང་། ཐིག་སྡོད་གཉིས་ཀའི་སྲོག་ལ་ཟེར་བ་ཡོད་ཀྱང་། སྐབས་འདིར་བྱེད་ཡོར་ཞེས་པ་བརྩི་བྱའི་མིང་དུ་བྱའོ་ཞེས་སོ། །ཁང་ས་བརྩི་ན་འདྲི་དུས་ཀྱི་སྲོག་གིས་བརྩི་བྱའི་སྲོག་བཅད་པ་སྟེ་དགྲར་གྱུར་ན་ཞེས་སོགས་གཞུང་བཞིན། ཕར་བཅད་ན་གྲོགས་ཕྲད། ཚུར་བསྐྱེད་མ། ཕར་བསྐྱེད་བུ། ནང་ཕྲད་སོ་སོའི་བཤད་པ་གཞུང་བཞིན། བརྩི་བྱ་དང་དུས་ཀྱི་སྲོག་སོགས་ནང་མཐུན་པར་འཐབ་བོ། །མ་བུ་ཀེག་དང་རོ་འདོད་མེད་ཅེས་པ་མ་བུ་ཕྲད་ན་ཀེག་དང་རོ་འདོད་མེད་ཅེས་སོགས་སོ། །རང་ས་དུས་ཚོད་དབང་འབྱུང་དངོས་ཤེས་དུས་ལྕགས་སྦྲུལ་ཤར་ན་དབང་ལྕགས་ཏེ་བརྩི་བྱ་ནུབ་ཏུ་ཡོད། བུ་ས་སྲོག་མེ་བརྩི་བྱའི་ཕ་ཚན་ལྷོ། དུས་ལུས་ལྕགས་ཞང་པོ་ནུབ། དུས་དབང་གི་གྲོགས་ཤིང་ཡིན་པས་བྱན་མོ་ཤར།


MR26_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀླུང་ཆུ་སྟེ་རྗེ་དཔོན་བྱང་དུ་དང་། དུས་དབང་གི་དགྲ་མེ་ཡིན་པས་དགྲ་ལྷོ་རུ་ཡོད་པ་ལྟ་བུའོ། །གཉེན་དགྲ་ཡོད་མེད་ཀྱང་དུས་དབང་ལྕགས་ཀྱི་དར་གུད་དུས་སྦྲུལ་སྟེང་ཁྱེར་བས་བཙས་པ་བབ་པས་བརྩི་བྱ་རང་སར་གྲོགས་ལས་དགྲ་མེད་ལ། དེས་མཚོན་བཟང་དྲུག་ལ་གྲོགས་ལས་དགྲ་མེད། ངན་དྲུག་ལ་དགྲ་ལས་གྲོགས་མེད་ཅེས་པ་ལྟ་བུའོ། །ཤིང་མེ་ས་ལྕགས་ཆུའི་འབྲས་བུ་ནི་ཞེས་པ་ཤིང་གི་དུས་སུ་དྲི་བ་ན་སོགས་སྦྱར་བའོ། །ཁང་པ་གཡས་ཕྱོགས་དགྲ་སོགས་ནི། དུས་དབང་ལྕགས་ལ་བརྩི་བྱའི་ཁང་པ་དཀར་པོ། ཟླ་གམ་སྒོ་ནུབ་བམ་ལྷོར་བསྟན། དེའི་གཡས་སུ་དགྲ་མེ་ཡི་མཚན་མ་ཅན་ཁང་དམར་གྲུ་གསུམ་སྒོ་བྱང་བསྟན་དང་། དེ་བཞིན་གཡོན་དུ་གྲོགས་ཤིང་གི་མཚན་མ་ཅན། རྒྱབ་ན་ས་ཡི་མཚན་མ། མདུན་ན་བུ་ཆུ་ཡི་མཚན་མ་ཅན་ཡོད་ཅེས་ཅི་རིགས་པར་ལུང་སྟོན་པ་ལྟ་བུའོ། །མོ་ནས་དུས་སྲོག་གིས་བརྩི་བྱའི་དབང་ཐང་ལ་ཕར་འཐབ་པའོ། །ཚངས་པ་སྤྱི་རྒྱུད་ཀྱི་བརྩིས་འདི་རིག་གནམ་ལོ་ཞེས་པ་བརྩི་བྱའི་ལོ་ཡིན་གྱི་གནམ་ལོ་དངོས་མིན་ནོ། །རང་མདུན་ཉེ་བའི་ཕོ་ཞེས་བརྩི་བྱ་ཆུ་བྱི་ལྟ་བུར་རང་མདུན་ཉེ་བའི་ཕོ་ལོ་སྟག་དེ་ཡང་བུར་འགྲོ་དགོས་པས་ཤིང་སྟག་ནས་སྦུབ་པ་ལྟ་བུའོ། །མོ་ཆུ་གླང་ལ་རང་མདུན་ཉེ་བ་ཡོས། །དེ་ཡང་བུ་ཡོས་དགོས་པས་ཤིང་ཡོས་ནས་བཀེན་པའོ། །ཡར་གསུམ་སོགས་ལ་སྲོག་ལུས་དབང་ཀླུང་བཞིས་འཐབ། དུས་ཀྱིས་བརྩི་བྱའི་ལོ་ཚབ་བྱའོ། །དུས་རྩིས་སོ། །དེ་ནས་དུས་ལྟས་ལ། སྤྱིར་མཚན་མའི་བསྟན་བཅོས་རྣམས་ལས་ལྟས་ཀྱི་རིམ་པ་ཚད་མེད་པ་དང་། ཁྱད་པར་གནམ་ལྟས་ཆར་དང་སྤྲིན་འགྲོས་འཇའ་དང་སྐར་མདའ། བར་སྣང་ང་ལྟས། ས་གཞི་རྩི་ཤིང་དང་ཆུ་ཀླུང་སོགས་ལས་དུས་ཀྱི་ཚུལ་སྟོན་པའི་གཞུང་ལུགས་ཆེས་མང་ཞིང་རྣོ་ཐིག་ཀྱང་ཤིན་ཏུ་ཆེ་བ་ཡིན་མོད། འདིར་ནི་བཻ་དཀར་ལེའུ་ཉེར་བརྒྱད་པ་ལས་ཅུང་ཟད་བསྟན་པ་ལྟར་ལག་སོར་བརྟག་པ་སྐར་ཁང་དང་པོ་


MR26_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ར་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན། དེ་བཞིན་རྒྱལ་ཟླའི་ཉེར་ལྔ། ཆོ་འཕྲུལ་གྱི་ཉེར་གསུམ་རྣམས་ལ་ཟླ་སྐར་ལྷ་མཚམས་འཆར་བ་རགས་པ་དང་། ཞིབ་པར་ཟླ་བ་དེ་གསུམ་གྱི་ཚེས་གྲངས་དེ་སྐོར་བྱེད་རྩིས་ལྟར་གྱི་ལྷ་མཚམས་ཕོག་དབང་གཙོར་བཏོན་དགོས་ལ། དེ་ཡང་ཐོ་རངས་སྐབས་སུ་སྐར་ཁང་གསུམ་ཀ་བརྟག་ལུགས་ཚུལ་མཐུན་པར། དང་པོ་སོགས་གར་བབ་དཔེ་རིས་ཀྱིས་གསལ། འདིའི་སྔ་ཕྱི་བར་གསུམ་སོགས་སྐར་ཁང་དང་པོའི་འབྲས་བུ་སྔ་བཏབ་ལ་སྦྱར་སོགས་སོ། །ཡང་དེ་གསུམ་ཕུ་མདའ་བར་གསུམ་ལ་སྦྱར་བའང་སྣང་། སེ་ཧུང་ཞེས་ཁུག་སྣ་སེར་པོའོ། །གཟའ་ཡིས་བཙོན་བཟུང་ཞེས་དེ་ཉིན་ཉི་སྐར་ལ་དྲག་གཟས་གནོད་པ་ཕོག་ན་ཡིན། ས་འབིར་ཞེས་པ་ས་འགུལ་ལོ། །དགུན་དཔྱིད་དབྱར་སྡེབས་དགུན་ཉི་ལྡོག་གོང་ཟླ་གཅིག་ཚུན་གྱི་དཔྱད་དེ། དབྱར་ཉི་ལྡོག་གོང་ཟླ་གཅིག་ཚུན་ལ་སྦྱར། དང་པོས་གསུམ་བསྐོར་གཉིས་གཉིས་བསྐོར་སོགས་ནི་དགུ་ཞག་དང་པོ་གསུམ་འགྱུར་སོགས་སུ་བཤད་ཀྱང་འཐད་པ་དང་པོ་གཉིས་འགྱུར་བར་ཐ་ངོ་ཐོག་གི་འབྲས་བུ་ཙམ་འབྱུང་བར་བཤད་པའོ། །བྱ་ཞག་ཀྱང་ཉིན་ཞག་བརྩིའོ། །གཞན་རྣམས་གསལ། ཟོར་ཐང་འཛོམས་ཞེས་ཞིང་ཐོག་མར་འདེབས་ཉིན་ཡིན་ནོ། །གཞན་ལྟས་ཕྲན་རྣམས་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་འབྲས་བུ། སྤང་བྱ་བཅུ་གཉིས། ལས་སྣེ་བའི་རྩིས། རབ་བྱུང་རྩིས། ཡི་གེའི་དགྲ་གྲོགས་རྣམས་གཞུང་གིས་གསལ། ས་ལུད་ཁ་འབྱེད་རྩིས། ཁང་པ་རྩིགས་པ་རྣམས་གོ་སླ། སྲོག་ནི་དགྲ་ལས་བཙལ་སོགས་དོན། བུར་དཔེར་བརྗོད་པ། བརྩི་བྱ་ཆུ་བྱི་བཅུ་བཞི། གནམ་ལོ་ཤིང་གླང་ཤར་སྐབས་སུ། སྲོག་དགྲ་ལས་བཙལ་བས་ས་དགོས་ལ། དེ་ཡང་བརྩི་བྱ་ཕོ་ལོ་ཡིན་པས་ཕོ་ལོ་བཙལ། དེ་ཡང་རང་དང་ཉེ་བ་དང་སྲོག་དབང་


MR26_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཅིག་པ་ས་ཁྱི་ཡིན་པས། ས་ཁྱི་ནས་ལོ་གྲངས་བར་སྦུབ་པས་ལྕགས་ཕག་ལ་བབས་པར། བརྩི་བྱའི་སྲོག་གིས་འཐབ་པས་ཆུ་ནང་ཕྲད་དང་། བརྩི་བྱ་ལུས་ཤིང་ཡིན་པས་རང་གི་དེ་ཉིད་ཅེས་པས་ལུས་དེའི་ཁམས་མཐུན་སྟག་ཡོས་ཡིན་ལ་དེ་ཡང་ཕོ་ལོ་སྟག་གི་ལོ་བཟུང་དེ་ཡང་སྲོག་དབང་མཐུན་པ་ཤིང་སྟག་ནས་སྦུབ་པས་མེ་ཡོས་ཀྱི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པས་བུ་འཕྲད་དོ། །དབང་ཐང་ཆུ་བུ་ཤིང་སྟེ་སྲོག་དབང་མཐུན་པའི་ཕོ་ལོ་ཤིང་སྟག་ནས་སྦུབ་པས་མེ་ཡོས་ལ་འཐབ་གྲོགས་ཕྲད། བླ་ནི་སྲོག་མ་སྟེ་ད་ལམ་ལྕགས་ཡིན་ལ་དེའི་མ་ས་གཤེད་བཞི་སྟེ་དེ་ཡང་ཕོ་ལོ་སྲོག་དབང་མཐུན་པ་དང་ཉེ་ཁྱད་བཅས་ཀྱིས་ས་ཁྱི་ནས་སྦུབ་ལྕགས་ཕག་ལ་བབས། ལྕགས་ཕག་གི་བླ་ལྕགས་ལ་བརྩི་བྱའི་བླས་འཐབ་ལྕགས་ནང་ཕྲད། དུར་ལས་བཙལ་ཞེས་བརྩི་བྱ་ཆུ་བྱིའི་རང་དུར་ཆུ་འབྲུག་དེ་ཡང་ཕོ་ལོར་བཙལ་བས་ཁྱི་དེ་ཡང་སྲོག་དབང་མཐུན་པ་ས་ཁྱིའམ་ཆུ་ཁྱི་ནས་སྦུབ་ཤིང་ཕག་ལ་བབས་པས་སྲོག་དང་འཐབ་པས་ཆུ་ནང་། གཤེད་དུར་ས་འབྲུག་ལ་དེ་ཡང་ཕོ་ལོ་བཙལ་བས་ས་ཁྱི་ནས་སྦུབ་ལྕགས་ཕག་ལ་བབས་པས་སྲོག་ཆུ་ནང་ཕྲད། རང་དུར་སྐབས་ཆུ་ཁྱི་འདིའི་སྲོག་དབང་མི་གཅིག་པས་དུར་གྱི་སྐབས་སྲོག་དབང་གཅིག་པ་ཁོ་ན་མི་དགོས་འདྲ། སུམ་བརྒྱ་དྲུག་ཅུའི་སྐོར་མགོ་ཞེས་པ་སྲོག་ལུས་དབང་ཀླུང་དབང་བླ་རང་དུར་གཤེད་དུར་བཅས་དྲུག་གིས་འཐབ་བླ་ལོ་དྲུག་ཅུས་བསྒོས་པས་སུམ་བརྒྱ་དྲུག་ཅུ་འོང་བ་ཡིན་ཅེས་འདུག་གོ། སྤྱིར་བཻ་དཀར་གྱི་ཚིག་སྣ་གོ་དཀའ་བ་ཕལ་ཆེར་རྩོམ་གཤིས་དང་། འགའ་ཞིག་ཡིག་རྙིང་གི་ཚིག་རིས་ལྟར་བཀོད་པ་དང་། ལ་ལ་ཆེད་དུ་བསམ་སྟེ་བླ་མའི་མན་ངག་ལ་ལྟོས་པར་མཛད་པའང་ཡིན་པས་གོ་དཀའ་བ་རྣམས་བཀྲོལ་བར་བྱས་པ་ཡིན་ནོ། །བསོད་ནམས་རྒྱ་ཆེ་ལྷག་བསམ་ཕྲིན་ལས་ཆེ། །བློ་གྲོས་ཆེ་ལྡན་ས་དབང་ཆེན་པོའི་གཞུང་། །གང་ལ་


MR26_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་འདེགས་ཚུལ་དུ་འདི་བྲིས་པའི། །དགེ་བས་འགྲོ་བ་ཀུན་ལ་ཕན་པར་ཤོག །དེ་ཡན་ཆད་ཀྱིས་བཻ་དཀར་གྱི་ནག་རྩིས་ཀུན་གྱི་བརྗེད་བྱང་རྫོགས་སོ།། །། ༈ དེ་དག་ནི་སྔ་ཕྱིར་བཻ་དཀར་བུ་ཡིག་པོད་ཆེན་བརྒྱད་ཙམ་མིག་ལམ་དུ་སོན་པ་དང་དྲུང་མཁས་པ་རཏྣའི་ཟིན་བྲིས་སོགས་ཚད་ཐུབ་ཀྱི་ཡིག་ཆ་ལ་བརྟེན་ནས་དེང་སང་གི་རྩིས་པ་རྣམས་ཀྱིས་བཻ་དཀར་ནག་རྩིས་སྐོར་མཐར་ཆགས་སུ་རྟོགས་དཀའ་བ་ལ་ཕན་པའི་བློས་ནག་རྩིས་ཀྱི་བུ་ཡིག་རྣམས་ཀྱི་སྙིང་པོ་ཡོངས་སུ་འདུས་པར་བགྱིས་པ་ཡིན་ནོ། །དེ་ལས་གཞན་ཆགས་མེད་ལུགས་ཀྱི་བརྒྱ་འབོལ་ནི་གཞུང་ཤིན་ཏུ་གསལ་ཞིང་དཔེར་བརྗོད་བཅས་ནག་འགྲོས་སུ་བཀོད་པས་ཤེས་སླ་ཞིང་། གཞན་ཡང་བྲེ་གང་རྡིལ་དྲུག །དར་གུད་གསེང་ཕྲེང་། སྨེ་བའི་སྒང་རྩིས་རྣམས་ཀྱང་རྟོག་སླའོ། །འབྱུང་རྩིས་ཟླ་ཟེར་ཀྱང་ཞལ་གསལ་ལ་ནག་ནོག་མེད་ཅིང་སྤྱི་ཁོག་བཻ་ཌཱུར་དང་འདྲ་བས་གསལ་བྱེད་གཞན་མི་དགོས། གཞན་གསོན་རྩིས་རྡེའུ་བཅུ་གསུམ་སོགས་སྐོར་མགོའི་རྣམ་པ་ཤིན་ཏུ་མང་བ་དག་ཀྱང་སོ་སོའི་སྐབས་བཞིན་ཤེས་པར་བྱའོ། །གཞན་ཡང་དམག་རྩིས་ཀྱི་སྐོར་སོགས་ནི་བཀའ་རྒྱ་དམ་པས་འདིར་གསལ་བར་མ་ཕྱེ་ལ། རྩིས་ཀྱི་ཟབ་གནད་མན་ངག་གི་ཚོགས་ནི་ལོགས་སུ་འབྲི་བར་བྱ་བ་ཡིན་ནོ། །འབྲི་ཝང་སུམ་ཅུའམ་བརྡ་ཐན་སུམ་ཅུ་འདི་ལ་དཔེ་ཕལ་ན་བརྩི་ཚུལ་མི་འདུག་པས་དེ་ཡི་སྐོར་འགོ་ནི། ཕོ་བྱི་འབྲུག་སྤྲེལ་གསུམ་ལོ་བ་རུས་སྦལ་ནས་རྩི། མོ་བྱི་འབྲུག་སྤྲེལ་གསུམ་ནོར་བྱི་བང་མཛོད་ནས་རྩི། དེ་བཞིན་ཕག་ལུག་ཡོས་གསུམ་ལོ་པ་ཕོ་ཆུ་འབྲུག་སྔོན་པོ་དང་མོ་སྤྲེལ་དཀར་མེ་ཁྱེར་ནས་བརྩི། བྱ་གླང་སྦྲུལ་གསུམ་ཕོ་རྒྱ་ཁྱི་མགོ་ར་ཐོད་དང་མོ་འདམ་བུ་སྨྱུག་ཤད་ནས་རྩི། སྟག་རྟ་ཁྱི་གསུམ་ཕོ་རྨ་བྱ་འགྱིང་བསྣོལ་དང་


MR26_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཀླུ་ཞལ་ནས་རྩི། ཕོ་སྦུབ་མོ་བཀེན་ནས་རང་རང་གི་ལོ་གྲངས་དུ་ལོན་བར་བརྩིས་ལ་གང་བབ་འབྲས་བུ་གཞུང་ལྟར་བཤད་དོ། །བྱེ་བྲག་རྣོ་ཐིག་དུས་རྩིས་སྐོར་ནི་ལོགས་སུ་བྲིས་པ་བཞིན་ཤེས་པར་བྱའོ། །གསར་འགྱུར་གསེར་རྩིས་ལུགས་ལ་ནི། ཞག་གི་ལོ་འབྱུང་རྣམས་གྱོ་ཁང་རེའུ་མིག་བཞིན་ལ། ལོ་དང་ཉི་མ་བསྟུན་པའི་ལས་རྩིས་སོགས་དང་། ས་དཔྱད་ར་བ་དང་འབྲུག་རྒྱུད་སོགས་ལས་བརྟག་ཚུལ་རང་གཞུང་བཞིན་ནོ། །སྐོར་མགོ་ཕྲན་བུ་སྣ་ཚོགས་ནི་སོ་སོའི་སྐབས་བཞིན་ལས་བརྗོད་དུ་མི་ལང་ངོ་། །ལག་རྩིས་ལཱུ་བཞིན་གྱི་མོ་ནི། ཟླ་བ་དང་པོ་དགུ་པ་གཉིས་གླང་གི་སྟེང་ནས་བརྩི་བ་སོགས་གཞུང་གིས་གསལ་ལ། དེ་ཡང་དཔེར་ན་ཟླ་བ་དགུ་པའི་ཚེས་བཅུ་ཉིན་མོ་འདེབས་ཚེ། འདྲི་བྱེད་ཀྱི་ཡིད་ལ་དང་པོར་གང་དྲན་གྱི་ལོ་ཐེ་ཚོམ་མེད་པར་སྨྲས་པ་འབྲུག་ལྟ་བུ་ཡིན་ན་གླང་ནས་ཟླ་གྲངས་དགུ་བར་བསྐོར་བས་བྱ་ལ་བབས། བྱ་ནས་ཚེས་གྲངས་བཅུ་བར་བསྐོར་བས་རྟ་ལ་བབས། རྟ་ནས་བྱི་བ་སོགས་སྨྲས་ལོ་འབྲུག་བར་བསྐོར་བས་ཁྱི་ལ་བབས། ཁྱི་ནས་གནས་གཅིག་ཕྱིར་བསྣུར་བས་ཕག་གི་སྟེང་དུ་བབས། དེ་ནས་ཐྱན་ཀྭང་སོགས་བརྩིས་པས་ཕྱི་མ་གསུམ་པོའི་གང་རུང་བྱི་རྟ་བྱ་ཡོས་གང་རུང་དང་འཕྲད་པ་ལས་བབ་འབྲས་ངོས་བཟུང་དགོས་ཏེ། བརྒྱད་པ་དང་འཕྲད་ན་མུང་ཞེས་བྱ། དགུ་པ་དང་འཕྲད་ན་ཀྲུང་ཞེས་བྱ། བཅུ་པ་དང་འཕྲད་ན་ཀྱི་ས་ཞེས་བྱ་སྟེ། དེ་གསུམ་ཁོ་ནས་ཐམས་ཅད་བརྟག་པར་བྱའོ། །དེ་ཡང་དོན་དུ་མཐར་གར་བབ་ལོ་ཡི་སྟེང་ནས་གཅིག་གཉིས་སོགས་བརྩིས་པས་བརྒྱད་པ་དང་བྱི་བ་སོགས་འཕྲད་པའམ། དགུ་པ་དང་ཕྲད་པའམ། བཅུ་པ་དང་ཕྲད་པ་གང་རུང་འོང་བས་བཅུ་ཕན་ཆད་རྩི་མི་དགོས་སོ། །ད་ལམ་ལ་མཚོན་ན་བརྒྱད་


MR26_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རྟ་དང་འཕྲད་པས་མུང་ཡིན་པ་བཞིན་ཤེས་པར་བྱའོ། །ལཱུ་བཞིན་རྩིས་འདི་ནི་སོག་པོ་དགེ་བཤེས་བསམ་གཏན་ལས་ལག་ཁྲིད་བྱས་པ་བཞིན་བྲིས་པའོ། །འདི་རྣམས་ཞར་ལ་བརྗོད་པ་ཡིན་ནོ། །དེ་ལྟར་གཙུག་ལག་སྤོར་ཐང་གི། དཀའ་གནད་བརྗེད་བྱང་འདི་བྲིས་པས། །རྩིས་པ་རྣམས་ལ་ཕན་ཐོགས་ཤིང་། །དེས་ཀྱང་འགྲོ་ལ་ཕན་གྱུར་ཅིག །ཅེས་པ་འདི་ནི་མི་ཕམ་པས་བྲིས་པ་དགེའོ། །གཟའ་ཀྲིན་གྱི་མོ་ནི་རྒྱ་ཡིག་ནག །སོག་ཡིག་དཀར་པོ་བྱས་ནས། དོང་ཙེ་གཅིག་གིས་ལན་ལྔ་བཏབ་པའོ། ༈ །ཐམས་ཅད་ཀུན་ནས་ཤེས་པར་བྱ་དགོས་རྒྱུར། གསོན་གཤིན་གྱི་བྱ་བ་ཅི་ལའང་རྒྱལ་དང་རྒྱལ་སྲས་ཀྱི་བཀའ་རྟེན་འབྲེལ་རྩིས་ལམ་བཞིན་བྱས་ན་ལེགས་ཚོགས་ཆེན་པོ་འབྱུང་ཞིང་མ་བརྩིས་ན་ཕྱིན་ཕྱོགས་ཉེས་པ་ཙམ་གྱིས་ཀྱང་ཕུང་ཀྲོལ་ཆེན་པོ་མངོན་སུམ་འབྱུང་བས་རྩིས་འདི་གལ་ཆེ་བར་ཤེས་ནས་སྔོན་གྱི་དུས་སུ་བློ་གཙུག་ལག་གི་ལུགས་ལ་གཏད། ཐབས་རིག་བྱེད་ཤེས་པ་ལ་འདྲི་བ་ཡིན་ན་ཡང་། དེང་སང་མི་རྣམས་སྐལ་བ་དང་ཤེས་རབ་ཞན་པའི་སྟོབས་ཀྱིས་གསོན་གཤིན་གྱི་བྱ་བ་རྔམ་ཆེན་ཇི་བྱེད་ཀྱང་རྩིས་མི་རྩི་བའམ། སྤར་སྨེ་གཟའ་སྐར་ཙམ་ཞིག་དཔྱིས་ཕྱིན་པར་བརྩི་མི་ཤེས་པ་ལ་ཚིག་ཙམ་གྱིས་བཅོལ་ནས་རྩིས་བྱས་ཟེར་བ་ཙམ་གྱིས་ཆོག་པར་བཟུང་སྟེ་ལུང་ལས་བྱུང་བའི་རྟེན་འབྲེལ་ཚད་ལྡན་མི་བསྒྲིགས་ལ། ཕྱིས་ཉེས་པ་དུ་མས་གཙེས་ཤིང་ཉམ་ཐག་པའི་ཚེ་ཐབས་ཅི་བཙལ་ཡང་དཀའ་བར་འགྱུར་བའི་ཕྱིར། དང་པོ་ནས་ཕན་ངེས་ཀྱི་རང་དོན་ཡིན་པས་ནོར་རྫས་ཕྲ་མོ་ལ་ལག་འཁུམ་བར་མ་བྱེད་པར་གཙུག་ལག་ཤེས་པའི་ཡེ་མཁྱེན་པ་དག་ཡོན་གྱིས་མཉེས་པར་བྱ་བ་ནི་དུས་ལྷ་རྣམས་མཉེས་པ་སོགས་རང་གི་རྟེན་འབྲེལ་གྱི་སྒོ་ཆེ་བ་ཡིན་པས་འཇིག་རྟེན་ན་ངོ་དགས་རྒྱལ་པོ་སོགས་ལ་ཕུལ་བ་བརྒྱ་སྟོང་བས་རང་ལ་ཕན་ཆེ་བ་ཡིན་པར་ཤེས་པར་བྱ་ཞིང་། ལྷ་ཤེས་མཁས་


MR26_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གིས་ཀྱང་སླ་ཆོས་དང་རང་བཟོས་མགོ་སྐོར་སྤུ་ཙམ་མ་འདྲེས་པར་རྩིས་རྒྱས་པ་ལྟར་རྩི་དགོས་པའི་འོས་རྣམས་ལ་གཞུང་ཆེན་པོ་རྣམས་ལས་བྱུང་བའི་རྡེལ་གྲངས་ཆད་ལྷག་མེད་པར་རྩི་ཞིང་། ཁྲ་མ་དང་འབྲས་བུ་བཟང་ངན་རིམ་གྲོ་བཅས་ལུས་པ་མེད་པར་སླར་མཁས་པས་བལྟས་ཀྱང་སྙད་འདོགས་མེད་པའི་ཚུལ་དུ་ཤོག་ཁྲར་བཀོད་ནས་དེར་བབས་ཀྱི་རིམ་གྲོ་གཞན་ཐེམས་ངེས་སུ་བགྱིད་བཅུག་པ་དང་། ཁྱད་པར་རྩིས་བཅོས་རྣམས་མ་ཚང་བ་མེད་པར་རྩིས་མཁན་ནས་རྒྱུས་ཡོད་བྱས་ལ་གནད་དུ་འགྲོ་ངེས་བྱ་དགོས། དེ་ཙམ་རྒྱས་པར་མི་ལྕོག་པའི་རིགས་ལ་གནད་ཆེན་གལ་འགག་བསྡུས་ནས་ཇི་ལྟར་རིགས་པར་བརྩིས་པའི་ཤོག་ཁྲ་རྩིས་བྱང་བྱས་ནས་སྦྱིན་བདག་ལ་གཏད། རྩིས་ཆེན་ཞིག་ཞིབ་པར་བརྩིས་ན་རབ་ཀྱིས་རྟ་འབྲིང་གིས་མཛོ་ཐ་མས་ཁལ་ཡང་ཐས་ཀྱང་ལུག་ཙམ་གྱི་རིན་ཐང་དང་ཞལ་བསྲོའི་སྟོན་མོ་བཅས་ངེས་པར་ཕུལ་བའི་སྲོལ་དེང་སང་ཡང་ཡོད་ལ། བག་རྩིས་ལ་ནི་ཁྱིམ་གཉིས་ཀས་ཀྱང་ལྡབ་ཏེ་འབུལ་བའི་སྲོལ་ཡོད། བསོད་ནམས་དང་ལྡན་པའི་རྒྱལ་པོ་སོགས་ཆེན་པོ་རྣམས་ཀྱིས་ནི་གསེར་ལ་སོགས་པ་དངོས་པོ་སྣ་ཚོགས་པའི་འབྱོར་པས་མཉེས་པར་བྱ་དགོས་ཏེ། ཡེ་མཁྱེན་པ་ནོར་རྫས་མི་འདོད་དུ་ཟིན་ཀྱང་དེ་ལྟར་གཟབ་ན་སྦྱིན་བདག་རང་གི་རྟེན་འབྲེལ་དུ་འགྲོ་བའི་ཕྱིར་རོ། །ལེགས་པར་བརྩིས་ན་སྔོན་གྱི་ལོ་རྒྱུས་དག་ལས། ཤི་སྒབ་ཅིས་ཀྱང་མ་ཆོད་པ་གཤིན་རྩིས་བཞིན་ཞིབ་པར་བཅོས་པས་ཆོད་པ་དང་། དུར་ས་ལེགས་པས་དཔལ་འབྱོར་འཕེལ་བ་དང་། བག་རྩིས་བཞིན་བྱས་པས་བཀྲ་ཤིས་པ་སོགས་ཡོན་ཏན་རྒྱ་ཆེར་བྱུང་བའི་གཏམ་རྒྱུད་ཡོད་ལ། རྩིས་འདི་བཞིན་བྱས་ན་རང་གཞན་གྱིས་མཐོང་བའི་ཆོས་ལའང་ཕན་པའི་འབྲས་བུ་མངོན་སུམ་འབྱུང་བ་ཅན་ཡིན་པས། གནས་སྐབས་ཀྱི་བྱ་བ་ཅི་ལའང་བླང་དོར་མི་འཆུག་པའི་ཐབས་འདི་ལས་ལྷག་མེད་ལྟ་བུ་


MR26_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཕྱིར་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཅིས་ཀྱང་གལ་པོ་ཆེར་བཟུང་དགོས་ཏེ། ནག་རྩིས་ཀྱི་རྒྱུད་རིན་ཆེན་སྤུང་པ་ལས། བརྩིས་པའི་ཡོན་ཏན་མ་བརྩིས་སྐྱོན། །ཁང་ས་བཟང་པོ་བཙལ་བས་ན། །དབུལ་ལས་མི་དར་ནོར་འཕེལ་འགྱུར། །བག་མའི་གཉེན་སྤྱོར་བརྩིས་པ་ཡིས། །སྲིད་འཕེལ་ཉེ་བ་དགྲར་མི་ལྡང་། །གཤིན་པོ་འདུར་ལེགས་ཤི་སྒབ་ཆད། །གཟའ་སྐར་བརྩིས་པས་བྱས་དགུ་འགྲུབ། །གྱིམ་ཤང་བརྩིས་པས་དགྲས་མི་ཐུབ། །ཀེག་ལམ་བརྩིས་པས་རྐྱེན་ལས་ཐར། །བཅོས་ཐབས་གཏོ་ཡིས་འཆི་བ་བཤོལ། །དེ་ལས་ལྡོག་ཏེ་མ་བརྩིས་སྐྱོན། །འཆི་བ་རྣམ་པ་བཅུ་གཉིས་ལས། །ཚེ་ཟད་འཆི་བ་གཅིག་ལས་མེད། །བཅུ་གཅིག་རྐྱེན་ཁར་འཆི་བ་ཡིན། །དེ་བས་ཀུན་རྫོབ་རྒྱུ་འབྲས་བདེན། །འདི་ཡི་སྒོར་ཞུགས་རིགས་ཀྱི་བུ། །བུ་ཡིས་མི་ཤེས་རྫུན་མ་སྨྲ། །མི་ཐོབ་ས་གཏོལ་ཡས་མ་འབེབས། །ང་རྒྱལ་ཕྲག་དོག་འདོད་སེམས་བསྐྱུངས། །བྱམས་དང་སྙིང་རྗེས་འགྲོ་དོན་གྱིས། །ཞེས་དང་། གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་། གང་གིས་དབྱངས་འཆར་མི་ཤེས་པར། །གཡུལ་ལས་རྒྱལ་བར་འདོད་པ་ནི། །མཁའ་ལ་ཁུ་ཚུར་བསྣུན་འདོད་དང་། །སྨིག་རྒྱུའི་ཆུར་ནི་བསྙེགས་པ་བཞིན། །མཛེས་མ་ཇི་ལྟར་འཇིག་རྟེན་དུ། །དུས་ཀྱི་ལྷ་རྣམས་འཆར་བ་ལ། །བརྟགས་དཔྱད་མེད་པར་འཇུག་པ་ནི། །བླུན་པར་ངེས་སོ་རྫོང་ལྷ་མོ། །ཞེས་དང་། གང་ཞིག་ཐམས་ཅད་ལྟས་འདི་ལས། །འབྲས་བུ་མང་པོ་མཐོང་བར་འགྱུར། །ཐམས་ཅད་མཁྱེན་པའི་སྐྱེ་བོས་ཀྱང་། །རྟོག་མེད་དགའ་བས་འདིར་ཞུགས་ན། །བཤད་པའི་འཁོར་ལོས་འདྲི་བྱེད་ལ། །འབྲས་བུ་འཕྲལ་དུ་མཐོང་བ་ཡིན། །ཞེས་དང་། དབྱངས་འཆར་སྤོངས་


MR26_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླུན་པོ་ནི། །ནོར་བུ་ཕྱུགས་ལ་ཇི་ལྟ་བུ། །ཁྭ་ཡིས་ནོར་བུ་དཔལ་མིན་བཞིན། །སྐྱེ་བོ་བླུན་པོས་མཆོག་འདི་སྨོད། །ཐེ་ཚོམ་མེད་ཅིང་འཇིགས་མེད་པ། །གཡུལ་ལས་རྒྱལ་བ་སེང་གེ་འདྲ། །ཞེས་སོགས་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ད་ལྟར་བྱུང་བ་ཤེས་པ་མིན་པར་དགེ་དང་མི་དགེའི་འབྲས་བུ་འཇིག་རྟེན་འདིར་ནི་གང་བརྗོད་པ། །དེ་ནི་ལོང་བ་ཡིས་ཀྱང་ལོང་བ་བཟུང་ནས་གླང་ཆེན་སེང་གེས་གཏམས་པའི་ཐིབ་པོར་རབ་ཏུ་འཇུག །ཞེས་དང་། རྒྱུད་རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟག་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་དང་། ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས། འཁོར་བའི་ཆོས་ཀུན་མ་དག་རྟེན་འབྲེལ་ཏེ༔ མྱ་ངན་འདས་པའང་དག་པའི་རྟེན་འབྱུང་ཙམ༔ དེ་ཕྱིར་ལམ་གྱི་སྣང་བ་ཐམས་ཅད་ཀུན༔ རྒྱུ་རྐྱེན་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་བསྒྲིགས༔ ཞེས་གསུངས་པས་མཚོན་ཏེ་ལུང་རྣམས་སུ་རྒྱ་ཆེར་འབྱུང་ངོ་། །སྔོན་དུས་སུ་མངོན་ཤེས་ལྡན་པའི་དྲང་སྲོང་དུ་མ་དྲི་བའི་ཡུལ་དུ་ཡོད་བཞིན་དུ་ཡང་བླང་དོར་སྟོན་པའི་གཞུང་རྣམས་ནི་ཕུད་དུ་འཁུར་ན། དེང་དུས་དེ་ཁྱད་དུ་གསོད་པ་ནི་སྐྱེ་བོ་རྣམས་ཆེས་རྨོངས་པས་ཡིན་ཏེ། སྤྱིར་རྩིས་དང་སྨན་སོགས་ལ་རྩི་བཀུར་ཆུང་བའི་ཚེ། དེ་དག་ཚུལ་བཞིན་འཛིན་པ་ཉུང་ཞིང་། ཚུལ་དེས་སྐྱེ་བོ་ཀུན་ཀྱི་བདེ་བའི་ཐབས་འགྲིབ་པ་ཡིན་ན་ཡང་། རྨོངས་པའི་སྐྱེ་བོ་རྣམས་ཀྱིས་དེ་ལྟ་མི་ཤེས་པའི་ཕྱིར། ཆོས་ལྡན་གྱི་རྒྱལ་པོ། ཤེས་ལྡན་གྱི་གཙོ། བརྩེ་ལྡན་གྱི་བཤེས་གཉེན་རྣམས་ཀྱིས་གཙུག་ལག་གི་གཞུང་རྣམས་དར་ཞིང་དེ་འཛིན་པ་རྣམས་སྤྲོ་བའི་ལམ་སྲོལ་བཙུགས་པར་བྱས་ན་འཇིག་རྟེན་བདེ་བའི་ཐབས་སུ་འགྱུར་རོ། །དེང་སང་ནི་གཙུག་ལག་གི་དམིགས་བུ་ཡོད་ཀྱང་དེ་ལ་རེ་ལྟོས་མི་བྱེད་པར་ལོང་བ་


MR26_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སར་རྒྱུག་པ་ལྟ་བུའི་སྐྱེ་བོ་ཕལ་ལ་བཤད་ཀྱང་དུས་དབང་གིས་གོ་དཀའ་ན་ཡང་། བདག་དོན་ལ་ལྷག་བསམ་གྱིས་བགོ་བ་ཁྱད་དུ་མི་གསོད་ཅིང་ཤེས་རབ་དང་སྐལ་བ་མི་ཞན་པའི་སྐྱེ་བོ་འགའ་དང་མི་ཆེན་པོ་ཡ་རབས་རྣམས་ཀྱིས་རང་དོན་གལ་ཆེ་བའི་གནད་འགགས་སུ་ཤེས་ནས་བླང་དོར་གྱི་གནས་རྣམས་གཙུག་ལག་བཟང་པོ་རྣམས་ཀྱི་ལུང་བཞིན་བྱས་ན་འཕྲལ་ཕུག་གི་བདེ་ལེགས་བཀྲ་ཤིས་རྒྱ་ཆེན་པོ་འབྱུང་ངེས་པས་ཅིས་ཀྱང་དེ་ལྟར་བགྱིད་པར་འཚལ་ལོ། །འདི་ནི་བཟང་པོའི་གསེར་དང་མཚུངས་པ་ཡི། །བསམ་པ་བཟང་པོས་ཀུན་ལ་སྨྲས་པ་ཡིན། །ངང་ཚུལ་བཟང་པོ་རྣམས་ཀྱིས་དེ་ཤེས་ནས། །རྣམ་ཀུན་བཟང་པོ་འདུན་མ་སྒྲུབ་པར་མཛོད། །བྱེད་པོས་དབེན་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་མཐུས། །ཕན་གནོད་བསླུ་མེད་ཤེས་ནས་བླང་དོར་ལམ། །གསལ་བྱེད་གཞན་ཕན་སྣང་བའི་མུ་ཁྱུད་ཅན། །ལྷག་བསམ་ཉི་མའི་འོད་ཟེར་འབར་བར་མཛོད། །རྟེན་འབྲེལ་ལམ་ལ་རྨོངས་པར་གྱུར་པ་ཡིས། །འཕྲལ་ཕུག་བདེ་བའི་དཔལ་ལས་ཉམས་རྣམས་ཀྱི། །སྙིང་ལ་འཇམ་དབྱངས་ཉི་མའི་འོད་ཤར་ཏེ། །ལེགས་པའི་ལམ་ཞུགས་དོན་གཉིས་གྲུབ་གྱུར་ཅིག །ཅེས་པའང་རྗེད་བྱང་བྲིས་པའི་ཞར་ལ་རྩོམ་པ་པོས་སྨྲས་པའོ། །འཇམ་དབྱངས་ལེགས་གསུངས་སྤོར་ཐང་རྩིས་ཚུལ་གྱི། །དགོངས་དོན་བསྟན་བཅོས་བཻཌཱུར་དཀར་པོ་ཡི། །བུ་ཡིག་ཀུན་ཀྱི་གནད་བསྡུས་ལེགས་བཤད་འདི། །འགྲོ་ལ་བླང་དོར་སྣང་བ་གསལ་ཕྱིར་དུ། །སྡེ་གཉེར་བཀྲ་ཤིས་ཚེ་འཕེལ་ལྷག་བསམ་མཐུས། །སྤར་དུ་བསྒྲུབས་པའི་དགེ་ཚོགས་དྲི་མེད་ཀྱིས། །འགྲོ་ཀུན་བླང་དོར་མཐོང་བའི་མིག་ལྡན་ཞིང་། །གནས་སྐབས་མཐར་ཐུག་དོན་ཀུན་གྲུབ་པར་ཤོག །རིས་སུ་མ་ཆད་རྒྱལ་བསྟན་རྒྱས་པར་ཤོག །མཁའ་ཁྱབ་སྐྱེ་རྒུའི་བསོད་ནམས་འཕེལ་བར་ཤོག །སྲིད་གསུམ་འགྲོ་བའི་སྡུག་བསྔལ་ཞི་བར་ཤོག །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཅེས་དྷཱི་མིང་པས་སྨྲས་པ་མངྒ་ལཾ།། །