Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་མཆོག་བུམ་དབང་གི་མཚམས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་བུམ་དབང་གི་མཚམས་སྦྱོར།next

བདེ་མཆོག་བུམ་དབང་གི་མཚམས་སྦྱོར།

བདེ་མཆོག་བུམ་དབང་གི་མཚམས་སྦྱོར། རིག་འཛིན་མིང་གིས་སྦྱར་བ་བཞུགས་སོ། །དཔལ་ཆེན་འཁོར་ལོ་བདེ་མཆོག་ལྷ་ཚོགས་ལ། །རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །བདེ་མཆོག་དབང་གི་འཁོར་ལོའི་དབང་ཆེན་མོའི་སྐབས་སུ། །བུམ་པ་དགུ་ལྷ་སོ་སོའི་སྐུ་མདོག་དང་མཐུན་པའི་མགུལ་ཆིངས་གཟུངས་ཐག་ཁ་རྒྱན་གྱིས་སྤྲས་པ་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་དགོད་ཅིང་གཙོ་བོའི་བུམ་དབང་གི་མཇུག་ཏུ་ཆེ་མཆོག་གི་བུམ་པ་ཐོགས་ཏེ་འདི་སྐད་དོ། །ཧཱུྃ་ཧྲཱི༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་བཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཡོན་ཏན་བདུད་རྩིའི་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་མ་ཧཱ་ཤྲཱི་ཨ་ཀྲོ་གུ་ན་དེ་ཝ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་བླུད། འཇམ་དཔལ་གྱི་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་མཉྫུ་ཤྲཱི་ཡ་མ་དེ་ཝ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཙཀ་ལི་དང་རྫས་དབང་གོང་བཞིན་འགྲེས་ཤེས་པར་བྱའོ། །རྟ་མགྲིན་གྱི་བུམ་པ་ཐོགས་ལ། ཧཱུྃ་ཧྲཱི༔ པདྨ་གསུང་གི་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །པདྨ་གསུང་གི་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་མ་ཧཱ་ཤྲཱི་ཧྱ་གྷྲཱི་ཝ་དེ་ཝ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། །ཡང་དག་གི་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་ཤྲཱི་མ་ཧཱ་ཙིཏྟ་སརྦ་དེ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། འཕྲིན་ལས་ཀྱི་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཕུར་པ་འཕྲིན་ལས་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཕྲིན་ལས་ཕུར་པའི་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་ཤྲཱི་མ་ཧཱ་ཀརྨ་སརྦ་དེ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། མ་མོའི་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ མ་མོ་རྦོད་གཏོང་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མ་མོ་རྦོད་གཏོང་ལྷ་ཚོགས་དབང་ཐོབ་ཤོགཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿསརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། མཆོད་བསྟོད་ཀྱི་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱིཿ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟཱན་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དྲག་སྔགས་ཀྱི་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ དམོད་པ་དྲག་སྔགས་ལྷ་ཚོགས་མ་ལུས་པ། །བུམ་པའི་སྣང་བརྙན་བཅུད་ཀྱི་སྙིང་པོས་གཏམས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དམོད་པ་དྲག་སྔགས་ལྷ་ཚོགས་དབང་ཐོབ་ཤོག། ཨཱོཾ་བཛྲ་སརྦ་དུཥྟཱན་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་བརྗོད་ཀུན་ལ་བུམ་ཆུ་བླུད་ཅིང་བསྐུར་བར་བྱའོ། །ཅེས་པ་འདིའང་བདེ་མཆོག་བུམ་དབང་གི་མཚམས་སྦྱོར་རུང་མི་རུང་གི་བརྟག་པ་བྱས་པར་འགྲོ་མགོན་སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ་ལས་ས་གླང་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ནུབ་མོ་རྨི་ལམ་གྱི་སྐབས་སུ་གནང་བ་ཐོབ་སྟེ། མེ་སྟག་ཟླ་བ་དང་པོའི་ཚེས་དགེ་བར་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་རིག་འཛིན་མིང་གིས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།


previousབདེ་མཆོག་བུམ་དབང་གི་མཚམས་སྦྱོར།next