Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་སྔགས་འཁོར།
   
   
   


 
previousདམ་ཅན་སྔགས་འཁོར།next

དམ་ཅན་སྔགས་འཁོར།

སྐྱེས་བུ་ཆེན་པོའི་སྔགས་དམིགས་ནི། དམ་ཅན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ཡིག་གི་མཐར་སྲོག་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་འཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོཾ་བཛྲ་ས་དྷུ་ས་མ་ཡ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཙིཏྟ་ཧྲིང་ཧྲིང་ཛཿཛཿ མཆོད་བསྟོད་ནི། བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེགྷནྡྷེ། ནཻ་ཝི་ཏེ། ཤཔྟ། མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧཱུྃ༔ གདོད་ནས་མ་སྐྱེས་མཉམ་ཉིད་རིག་པའི་རྩལ། །ལས་འཕྲོའི་དབང་གིས་སྣ་ཚོགས་གཟུགས་བསྟན་ནས། །སྔགས་ཀྱི་བདག་པོར་རྒྱལ་བས་དབང་བསྐུར་བ། །དམ་ཅན་དགེ་བསྙེན་ཆེན་པོར་ཕྱག་འཚལ་བསྟོད། །འོག་མིན་རྣམ་སྣང་འཁོར་དུ་ཡེ་ཤེས་སེམས། །ལྕང་ལོ་ཅན་དུ་དམ་ཚིག་རྡོ་རྗེ་འཛིན། །འཛམ་གླིང་ཆོས་གཏེར་རིག་འཛིན་སྲུང་མའི་གཙོ། །སྐྱེས་མཆོག་རྡོ་རྗེ་ལེགས་ལ་ཕྱག་འཚལ་བསྟོད། །ཕྱི་རུ་ཚན་ཆེ་ནང་དུ་སྙིང་ཉེ་ཞིང་། །རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་གར་ཉམས་ཅན། །ཐོགས་མེད་རྫུ་འཕྲུལ་མཐུ་སྟོབས་མངའ་བརྙེས་པའི། །སྡེ་བརྒྱད་དབང་ཕྱུག་ཆེན་པོར་ཕྱག་འཚལ་བསྟོད། ཅེས་པ་འདིའང་སྲུང་མ་དགྱེས་པའི་རྟགས་མཚན་བྱུང་ཚེ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའོ། །མངྒ་ལཾ།། །།


previousདམ་ཅན་སྔགས་འཁོར།next