cover

གསུང་འབུམ་པོད་བཅུ་བཞི་པ། འདུལ་བ་སྨད་ཆ།

དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དཔེ་ཚོགས།

དགེ་བཤེས་དངོས་གྲུབ་དཔལ།

གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་རྩོམ་སྒྲིག་སྡེ་ཚན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འདུལ་བའི་སྤྱི་དོན་མཐའ་དཔྱོད་ལེགས་བཤད་ལུང་རིགས་གཏེར་མཛོད། སྨད་ཆ།

གཉིས་པ་ལྟུང་བྱེད་འབའ་ཞིག་པ་འཆད་པ་ལ་བཅུ་ཚན་དགུ་ལས། དང་པོ་བཅུ་ཚན་དང་པོ་ལ་སྡོམ་དང་སོ་སོར་བསྟན་པ་དང་གཉིས་ལས།

དང་པོ་ནི། སོར་སྡོམ་ལས། བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་གཟུང་བར་བྱའོ། །གཉིས་པ་སོ་སོར་བསྟན་པལ་བཅུ་ལས། དང་པོ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དང་པོའདིའི་སྐབས་སུ་རྫུན་གཞན་བསྟན་པ་ནི། རྣམ་འབྱེད་ལས། རྫུན་དུ་སྨྲ་བ་ནི་ལྔ་སྟེ། ཕམ་པར་འགྱུར་བའི་རྫུན་དང༌། དགེ་འདུན་ལྷག་མ་དང་སྦོམ་པོ་དང་ཉེས་བྱས་དང་ལྟུང་བྱེད་དུ་འགྱུར་བའིརྫུན་དང་ལྔའོ། །ཞེས་རྫུན་ལྔ་པོ་དེའི་དང་པོ་གཉིས་ནི་ཕམ་པ་དང་ལྷག་མའི་སྐབས་སུ་སྔར་བཤད་ཟིན་ལ། ཕྱི་མ་གསུམ་ནི་སྐབས་འདིར་བསྟན་ཏོ། །རྩ་བར། དགེ་འདུན་འདུས་པ་ལ་ཤེསབཞིན་དུ་ཆོས་མ་ཡིན་པ་ལ་ཆོས་སུ་དང་ཆོས་ཆོས་མ་ཡིན་པར་སྟོན་པ་ནི་ཉེས་པ་སྦོམ་པོའོ། །

ཞེས་སྦོམ་པོར་འགྱུར་བའི་རྫུན་ནི།

དབྱེན་བྱེད་པའི་ལྷག་མའི་ཆར་གཏོགས་པའི་སྦོམ་པོ་སྟེ། བསྒོ་བ་མ་བྱས་ཀྱང་དགེ་འདུན་བྱེད་པས་སྦོམ་པོར་འགྱུར་བ་སྟེ། དཔེར་ན་འཁོར་ལོའི་དབྱེན་གྱི་མཚམས་མེད་བྱས་ན་བསྒོ་བ་མ་བྱས་ཀྱང་སྦོམ་པོ་འབྱུང་བ་བཞིན་ནོ། །

ཉེས་བྱས་སུ་འགྱུར་བའི་རྫུན་ནི། རྩ་བར། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དགགམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བར་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་བྱུང༌། འདིའི་དོན་ལ་ལན་གསུམ་དྲི་བའི་ཚུལ་དང༌། དེ་ལས་འཕྲོསཔའི་དོན་དང་གཉིས། དང་པོ་ནི་སོ་སོ་ཐར་པ་ལས། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལནགཉིས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་རྣམ་པར་བཤད་པ་དེ་གླེང་གཞི་རྣམ་པར་བཞག་པའི་ཐབས་བསྟན་པའི་མཇུག་གི་ཚིག་ལན་གཉིས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་གཞུང་བཞིན་དུ་ལན་གཅིག་གཉིས་བཀླགས་པ་ཡིན་གྱི་ཚིག་དེ་ལན་གསུམ་བཟླས་པར་ནི་མི་བྱ་བ་ཉིད་ཡིན་ནོ། །དེའི་འོག་ཏུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་འདྲི་བ་ནི་ལན་གསུམ་བསྐྱར་ཏེ་དྲི་བར་བྱ་སྟེ་བམ་པོ་ལྔ་བཅུ་པ་དང་ཚིག་གི་བརྗེད་བྱང་ལས། ལན་གསུམ་དུ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ནར་དྲི་བར་བྱ་དགོས་པསལན་གསུམ་དུ་ཞེས་སྨོས་ཏེ། ཉུང་ན་ཡང་ལ་ལས་མི་ཐོས། མང་ན་ཡང་དུས་ཡོལ་བར་འགྱུར་བས། དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ། ཞེས་གསུངས་སོ། །གཉིས་པ་མ་དག་པར་ཤེསབཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་པ་འདི་ནི་ཡིད་འབའ་ཞིག་གི་ཉེསཔ་ཉིད་དུ་མཛོད་ཀྱི་འགྲེལ་བ་དང་ཊཱི་ཀ་དག་ལས་བཤད་དེ། མཛོད་འགྲེལ་ལས། ལུས་ཀྱིས་ཀྱངམི་བྱེད། ངག་གིས་ཀྱང་མི་བྱེད་ན་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། གསོ་སྦྱོང་དཔེར་བྱའོ། །ཞེས་གསུངས་སོ། །

གཉིས་པ་ལ་ལྟུང་བ་རྣམ་པར་བཞག་པ།

གཉིས་པ་ལ་ལྟུང་བ་རྣམ་པར་བཞག་པ་ནི།

རྩ་བར། དེ་གཉིས་དང་ཕམ་པར་འགྱུརབ་དང་དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི། སྒྲ་གཅན་ཟིན་གྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པའི་བྱུང་བ་སྟེ་བཅས་པ་མ་མཛད་དོ། །བྱུང་ལབཅས་པའི་གླེང་གཞི་ནི་མཉན་ཡོད་དུ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་ཀྱིས་ཤེས་བཞིན་དུ་རྫུནདུ་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་གཞན་བསླུས་པའི་སྒོ་ནས་གཞནལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རྫུན་བཞི་ལས་གཞན་པ་ཤེས་བཞིནགྱིས་རྫུན་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལབཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས། གང་ལ་སྨྲ་བའི་ཡུལ་ནི། ཐ་སྙད་ལྔདང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པའོ། །གང་སྨྲ་བའི་དངོས་པོ་ནི། རྫུནབཞི་ལས་གཞན་པའི་རྫུན་དུ་སྨྲ་བ་སྟེ། དེ་གཉིས་དང་ཕམ་ལྷག་ཏུ་གྱུར་པ་གཉིས་ལས་གཞནཔའི་རྫུན་དུ་སྨྲ་བའོ། །ཞེས་སོ། །འོ་ན་བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པ་དང༌། ཟསཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ནོ་ཞེས་སྐུར་བ་འདེབས་པ་དང་དགེ་འདུན་ལྷག་མས་སྐུར་པ་འདེབས་པ་ལ་སོགས་པ་དག་དང༌། འབྲས་ཆན་གྱིས་ཚོད་མ་འགེབས་པ་ལུས་ཀྱི་རྫུན་ཆོས་ཅན། ཤེས་བཞིན་གྱི་རྫུན་ཡིན་པར་ཐལ། རྫུན་བཞི་པོ་དེ་དག་ལས་གཞན་པའི་རྫུན་ཡིནཔའི་ཕྱིར། ཁྱབ་སྟེ། མདོ་རྩ་བ་ལས། དེ་གཉིས་དང་ཕམ་པར་གྱུར་བ་དང་དགེ་འདུན་ལྷག་མརའགྱུར་བ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བའོ། །ཞེས་དང༌། གོང་དུ་བཀོད་པ་ལྟར་མཚོ་ཊཱིཀཏུ་ཤེས་བཞིན་གྱི་རྫུན་གྱི་ངོ་བོ་བཤད་པ་དེའི་ཕྱིར་ཟེར་ན་མཚོ་ཊཱིཀ་ལས། སྐུར་འདེབས་དེ་རྣམསདམིགས་བསལ་ཡིན་ལ། འབྲས་ཆན་གྱིས་ཚོད་མ་འགེབས་པ་ནི་ཉེས་བྱས་སུ་འགྱུར་བའི་རྫུནགྱིས་བསྡུས། ཞེས་གསུངས་པ་ལ་བརྟེན་ནས་ཞིབ་ཆ་ཤེས་པར་བྱའོ། །གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ངེསཔའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པར་མ་དོར་བའི་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས། ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན། ཞེས་སོ། །ཀུན་སློང་ནི་ཤེས་བཞིན་གྱིསརྫུན་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །རྫུན་ལ་འདུ་ཤེས་བསྒྱུར་ཏེ་རྫུན་དུ་སྨྲ་སྙམ་པ་ཡན་ལགཏུ་དགོས་ཏེ། ཊཱི་ཀ་ལས། རྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་བཞག་པ་ཡིན་གྱིདངོས་པོའི་དབང་གིས་ནི་མ་ཡིན་ནོ། །ཞེས་དང༌། རྣམ་འབྱེད་འགྲེལ་བ་ལས། རྫུན་དུ་སྨྲའོསྙམ་པའི་སེམས་ཀྱིས་མ་བླངས་པར་རྫུན་སྨྲ་བར་མི་རིགས་པས། ཞེས་གསུངས་སཽ། །རྫུན་ལ་མི་དགེ་བས་ཁྱབ་པར་ཐལ། རྫུན་མི་དགེ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚོ་ཊཱིཀ་༥༦༤ལས། དགེ་མི་དགེ་ནི་བསམ་པའི་རྗེས་སུ་འབྲངས་བས་ན་རྫུན་ཐམས་ཅད་རང་བཞིན་གྱི་ཁ་ན་མ་ཐོ་བར་མ་གྲུབ་གསུང་ངོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། རྔོན་པས་དགེ་སློང་ལ་རི་དྭགས་ལྟ་བུ་མཐོང་ངམ་ཞེས་དྲིས་པའི་ལན་དུ་མཚོ་ཊཱིཀ་༥༦༤ལས། དོན་དམ་པར་ནསེམས་ཅན་ནམ་བསད་པར་བྱ་བ་མ་མཐོང་ངོ་ཞེས་པ་ནི་གོ་བྱ་ལ་འདུ་ཤེས་བསྒྱུར་བས་རྫུནཡིན། ཞེས་གསུངས་པ་ལྟར་ན་དེ་འདྲ་དེ་རྫུན་ཡིན་པ་དང༌། ཕན་སེམས་ཀྱིས་མ་སྲོག་དང་བྲལབར་བྱས་པ་ལས་ཕམ་པ་འབྱུང་བར་གསུངས་པས་དགེ་སློང་དེས་དེ་ལྟར་སྨྲ་མི་རིགས་པར་འགྱུརཟེར་ན་མཚོ་ཊཱིཀ་ལས། གསོད་བྱེད་གཞན་གྱི་མི་དགེ་བ་དང༌། བསད་བྱ་གཞན་གྱི་སྲོག་ཆད་པབསྐྱབ་པའི་ཕྱིར་རྫུན་དེ་ཙམ་ཞིག་གནང་བ་ཡིན་ན། ཞེས་གསུངས་པས་དེ་ལྟར་སྨྲ་མི་རིགསཡང་མི་རིགས་སོ་ཟེར་ན་མཚོ་ཊཱིཀ་ལས། འོ་ན་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་ལཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། སྲོག་གཅོད་པ་ལྟ་བུ་ནི་གནང་བ་མི་སྲིད་དེ། ངག་གི་ལེགསཉེས་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་བཟུང་བར་ནུས་ཀྱང་ལུས་ཀྱི་བྱ་བ་རྣམསཀྱི་ལེགས་ཉེས་ནི་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་གཟུང་བར་མི་ནུས་པའི་ཕྱིརཞེས་གསུང་ངོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་ཞུའོ། །གསུམ་པ་སྦྱོར་བ་ནི་ངགམཚན་ཉིད་ལྔ་ལྡན་གྱིས་ཤེས་བཞིན་རྫུན་སྨྲ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཉན་པཔོས་དོན་གོ་བའོ། །གཉིས་པ་སྐྱོན་ནས་སྨྲ་བའི་ལྟུང་བྱེད་འཆད་པ་ལ། རྩ་བར། དགེ་སློང་གིའོ། །འོག་མ་ལ་ཡང་ངོ། །སྐྱོན་ཉིད་བརྗོད་པར་འདོད་པས་སོ། །ཞེས་སོགས་བྱུང༌། འདིའི་དོན་ལབཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་གཞན་གྱི་སྐྱོན་ནས་སྨྲས་པསལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །

གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་ཡུལ་དུས་དེ་ན་སྐྱོན་དུ་གྲགསཔ་གང་ཡང་རུང་བ་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡནལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། ཡུལ་གང་གི་སྐྱོན་ནས་སྨྲ་བ་དང༌། གང་སྨྲ་བའི་དངོས་པོའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །ཊཱི་ཀ་ལས། སྐྱོན་དགེ་སློངགིས་དགེ་སློང་ལ་སྨྲས་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། དགེ་ཚུལ་ལ་སོགས་པ་གཞན་ལ་ནི་མ་ཡིན་ཏེ། དེ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི་ཡུལདུས་དེ་ན་སྐྱོན་དུ་གྲགས་པ་གང་ཡང་རུང་བ་སྨྲས་པ་ཡིན་ཏེ། རྩ་བར། རུང་བ་མ་ཡིན་པར་བསམཔ་གང་ཡང་རུང་བ་སྨྲས་ནའོ། །ཞེས་སོ། །དེ་ལྟར་མཚོ་ཊཱིཀ་ལས་གསུངས་པ་ལ། ལྷག་མའི་སྐུར་འདེབས་ཀྱི་ལྟུང་བྱེད་དང༌། ཟས་ཅུང་སྐུར་འདེབས་དང༌། འཕྱ་བ་སོགས་ཀྱི་ལྟུང་བྱེདརྣམས་ཆོས་ཅན། སྐྱོན་སྨྲས་ལྟུང་བྱེད་ཡིན་པར་ཐལ། གོང་གི་ངོ་བོ་བཤད་པ་དང་གང་སྨྲ་བའིདངོས་པོ་ངོས་བཟུང་བ་དག་གིས་གྲུབ་པའི་ཕྱིར་ཟེར་བ་དང༌། དེ་འདོད་ན་ལྟུང་བྱེད་ཀྱི་སྐུར་བ་བཏབ་པ་དེ་སྐྱོན་སྨྲས་ལྟུང་བྱེད་ཡིན་པར་འགྱུར་དགོས་ལ། དེ་མི་རིགས་ཏེ། ཕམ་པས་སྐུར་ནལྷག་མ་དང༌། ལྷག་མས་སྐུར་ན་ལྟུང་བྱེད་དང༌། ལྟུང་བྱེད་ཀྱི་སྐུར་ན་ཉེས་བྱས་ཡིན་པར་འཇོགདགོས་པའི་ཕྱིར་ཟེར་ན་སྐྱོན་སྨྲས་ལྟུང་བྱེད་ལ་སྐུར་བ་བཏབ་པ་ཙམ་མ་ཡིན་པར་དགེ་སློང་ལཡུལ་དུས་དེར་གྲགས་པའི་སྐྱོན་ཡོད་པའི་སྐྱོན་དེ་བརྗོད་པ་དགོས་སམ་དཔྱད་པར་འཚལ་ལོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློངནི་སྐྱོན་ནས་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིདལྔ་ལྡན་གྱིས་སྐྱོན་ནས་སྨྲ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཉན་པ་པོས་དོན་གོ་བའོ། །གསུམ་པ་ཕྲ་མ་བྱེད་པའི་ལྟུང་བྱེད་འཆད་པ་ལ། རྩ་བར། ཕྲ་མ་བྱེད་འདོད་པས་ཆེ་གེ་མོ་ཞིགཟེར་རོ་ཞེས་སྨྲས་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་དྲུག་སྡེས་དགེ་སློང་རྣམས་ལ་ཕྲ་མ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགགབྱ་ནི་རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེསློང་གིས་དགེ་སློང་གཞན་གཉིས་ཡན་ཆད་དབྱེ་བའི་བསམ་པས་ཕྲ་མའི་ཚིག་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའིཡན་ལག་ནི་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གཉིས་ཡན་ཆད་ཡིན་པ་དང༌། ཐམས་ཅད་དུ་ཕྱེ་ཟིན་པ་མ་ཡིན་པ་སྟེ། གཞན་དུ་ན་ཕྲ་མ་བྱས་ཀྱང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློངནི་ཕྲ་མ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིསཕྲ་མའི་ཚིག་སྨྲ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །

བཞི་བ་སྐྱོ་སྔོགས་བྱེད་པའི་ལྟུང་བ་འཆད་པ།

བཞི་བ་སྐྱོ་སྔོགས་བྱེད་པའི་ལྟུང་བ་འཆད་པ་ལ།

རྩ་བར། དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ། །སྐྱོ་སྔོགས་སོ། །ཞེས་སོགསབྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་དག་གིརྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིསཔ་དགག་བྱ་ནི་རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ལ་ངག་གིས་སྐྱོ་སྔོགས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བཞི་ལས་དང་པོ་ཡུལ་གང་དག་རྩོད་པརབྱེད་པ་ནི་དགེ་སློང་ཆོས་དྲུག་ལྡན་ལས། ལྟ་བ་མཐུན་པ་མ་གཏོགས་པ་ཆོས་ལྔ་ཚང་བའི་སྟེངདུ་རྩོད་པར་བྱེད་པ་པོའི་དགེ་སློང་གཉིས་ཡན་ཆད་ཡིན་པ་སྟེ། དགེ་སློང་གཉིས་ཀྱི་རྩོད་པ། ཞེསགསུངས་པས་སོ། །གཉིས་པ་གང་ལ་སྐྱོ་སྔོགས་བྱ་བའི་ཡུལ་ནི་དགེ་སློང་གཉིས་ཡན་ཆད་ཀྱི་རྩོདཔ་ཡིན་པ་དང་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་དགོས་ཏཻ། རྩ་བར། དགེ་སློང་གཉིསཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ། །ཞེས་སོ། །གསུམ་པ་གངགིས་སྐྱོ་སྔོགས་བྱེད་པའི་རྟེན་ནི་རང་ཞི་བྱེད་དེ་ལ་གཏོགས་པ་ཡིན་པའོ། །བཞི་པ་གང་ལ་གོ་བར་བྱ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྩོད་པ་ཞི་བར་བྱས་ཟིན་པ་དེ་ལ་སྐྱོ་སྔོགས་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐྱོ་སྔོགས་བྱེད་པར་ཞུགས་པའོ། །སྐྱོ་སྔོགས་བྱེད་པ་ནི་འགྲེལ་ཆུང་ལས། རྩོད་པ་ཞི་བའི་མི་རིགས་ཀྱིས། ད་དུང་རྩོད་པའི་རིགས་སོ་ཞེས་ཟེར་ནའོ། །ཞེས་གསུངས་ལ། ལུང་རྣམ་འབྱེད་ལས། རྩོད་པའདི་ནི་ཉེ་བར་ཞི་བར་མ་ཡིན་གྱིས་ཡང་ཞི་བར་བྱའོ་ཞེས་སྐྱོ་སྔོགས་བྱེད་དེ། ཞེས་གསུངས་སོ། ། བཞི་བ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །

ལྔ་བ་བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་འཆད་པ།

ལྔ་བ་བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད་འཆད་པ་ལ། རྩ་བར། སྟོན་པ་ལའོ། །

ཆོས་སོ། །ཚིག་དྲུག་ལས་ལྷག་པར་རོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དངཔོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་ཁྱིམ་པ་མོ་ལ་ཆོས་བསྟན་ཞིང་དེའི་རྗེས་སུ་དྲུག་སྡེསཚིག་དྲུག་ལས་ལྷག་པར་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆགསཔའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་སྐྱེས་པ་མེདཔར་ཁྱིམ་པ་མོ་ལ་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་བསྟན་ཏེ་དོན་གོ་བ་ལས་གྱུར་པའི་ལྟུངབ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གང་ལ་བསྟནཔའི་ཡུལ་དང༌། གང་བསྟན་པའི་ཆོས་དང༌། གང་དུ་བསྟན་པའི་གནས་དང༌། གང་གིས་སྟོན་པའིརྟེན་དང་བཞིེ། དང་པོ་ལ་བརྒྱད་དེ། སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་ལྔའི་སྟེང་དུ། ཁྱིམཔ་མོ་ཡིན་པ་སྟེ། ཁྱིམ་པ་མོ་ལ་སྟོན་པ་ལའོ། །ཞེས་སོ། །སེལ་བ་རབ་བྱུང་མོ་ལ་ཁྲིམས་གྲོགསམེད་པར་ཆོས་སྟོན་ན། ཉེས་བྱས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་མ་ཡིན་པ་སྟེ། ལུངརྣམ་འབྱེད་ལས། བུད་མེད་མཁས་པའི་རང་བཞིན་ཅན་གྱིས་གོང་ནས་གོང་དུ་དྲིས་པ་གཏན་ལདབབ་པ་བྱས་པ་དང༌། ཞེས་ལྟུང་མེད་དུ་གསུངས་སོ། །མཁས་པས་གོང་ནས་གོང་དུ་དྲིས་པནི་རྣམ་འབྱེད་འགྲེལ་ལས། དོན་གྱི་ཐེ་ཚོམ་བཅད་པའི་ཕྱིར་རོ། །ཞེས་གསུངས་སོ། །ངོ་མ་སྤོསཔ་སྟེ། བལ་ཁུར་བ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །གཉིས་པ་གང་བསྟན་པའི་ཆོས་ལབཞི་ལས། སངས་རྒྱས་ཀྱི་བཀའ་འམ་དེའི་བསྟན་བཅོས་ཡིན་པ་སྟེ། ཆོས་སོ་ཞེས་པ་དང༌། རྣམའབྱེད་འགྲེལ་བ་ལས། ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ་སངས་རྒྱས་ཀྱི་ཉནཐོས་ཀྱིས་བཤད་པའོ། །ཞེས་སོ། །དོན་བཤད་པ་ཡིན་པ་སྟེ། དོན་མི་འཆད་པར་ཚིག་འདོན་པཡིན་ན་ལྟུང་མེད་དུ་གསུངས་པས་ཤེས་ཏེ། དུས་ཁྲིམས་འབོགས་པ་དང་ཡོན་འཆད་པ་དག་ནིམ་ཡིན་ནོ། །ཞེས་གསུངས་སོ། །ཚིག་ལྔའམ་དྲུག་ལས་ལྷག་པར་ཚིག་བཞིར་ལོངས་པ་སྟེ། ཚིག་དྲུག་ལས་ལྷག་པར་རོ། །ཞེས་པ་དང༌། ཊཱི་ཀ་ལས། ཐ་ན་ཚིགས་སུ་བཅད་པ་ཙམ་འདོནན་ཡང་ངོ་ཞེས་གླུ་ལེན་པ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །སྔར་ཤེས་ལས་གཞན་ཡིན་པ་སྟེ། སྔར་ཤེས་ཟིན་ན་ནི། སློབ་གཉེར་བསོད་པ་དང་ཞེས་ལྟུང་མེད་དུ་གསུངས་པས་སོ། །རྣམའབྱེད་འགྲེལ་བ་ལས། སློབ་གཉེར་བསོད་པ་ཞེས་བྱ་བ་ནི་སྔར་ལུང་ཕོག་པའོ་ཞེས་བཤད་པས། དོན་སྔར་ནས་ཤེས་ཟིན་པ་དེ་ངེས་ཤིང་བྱང་བར་བྱེད་པའོ། །རྣམ་འབྱེད་འགྲེལ་བ་ལས། ཁཏོན་ཞུ་བ་ཞེས་བྱ་བ་ནི་ཁ་ཏོན་འདོན་པའོ། །ཞེས་བཤད་པས། ཚིག་སྔར་ནས་བཟུང་ཟིན་པདེ་མི་བརྗེད་ཅིང་བྱང་བར་བྱ་བའི་ཕྱིར་ཚིག་ཁ་ཏོན་དུ་འདོན་པའོ། །དམིགས་ཀྱིས་འདྲི་བ་ནི་རྣམའབྱེད་འགྲེལ་བ་ལས། ཚིག་ལ་ཐེ་ཚོམ་ཟ་བའི་གནས་རྣམས་ངེས་པར་བྱེད་པའོ། །ཞེས་གསུངསསོ། །ཡོན་བཤད་པ་ནི་ཡོན་བསྔོ་བ་སྟེ། སྨན་གྱི་གཞིའི་ཊཱི་ཀ་ལས། ཡོན་བཤད་པ་ཞེས་བྱ་བ་ནིདགེ་བའི་རྩ་བ་བསྔོས་ཞིང་སྨོན་ལམ་འདེབས་པའོ། །ཞེས་གསུངས་སོ། །གསུམ་པ་གང་དུ་བསྟནཔའི་གནས་ནི། གནས་གཅིག་ཡིན་པ་སྟེ། གནས་གཞན་དུ་ནི་སྔ་མ་མ་བྱས་པ་ཉིད་དོ་ཞེས་གསུངསཔས་སོ། །བཞི་པ་གང་གིས་སྟོན་པའི་རྟེན་ནི། ཁྲིམས་གྲོགས་དང་མི་ལྡན་པ་སྟེ་སྐྱེས་པ་མེདཔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པའི་སྦྱོར་བ་གཅིག་གིས་ཚིག་ལྔའམདྲུག་ལས་ལྷག་པར་ཆོས་སྟོན་པར་ཞུགས་པའོ། ། བཞི་བ་མཐར་ཐུག་ནི་བུད་མེད་དེས་དོན་གོབའོ། །

དྲུག་པ་འདོན་པའི་ལྟུང་བྱེད་འཆད་པ།

དྲུག་པ་འདོན་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་ཡང་འདོན་ནའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསྙེན་པར་མ་རྫོགས་པདང་ཚིག་མཉམ་དུ་ཆོས་འདོན་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱནི་ལུང་འབོགས་པ་པོ་དང་ཆོས་ལ་མ་གུས་པ་སྟེ། ཊཱི་ཀ་ལས། དང་པོ་ལེན་པ་དང༌། འདོན་པའིདུས་ན་རང་དབང་དུ་བརྗོད་པ་ནི་འདོན་དུ་འཇུག་པ་དེ་དང་ཆོས་ལ་ཡང་མ་གུས་པའི་བསམ་པ་བརྒྱུད་པ་གནས་པར་ཡིན་པས་ལྟུང་བ་འདི་རྣམ་པར་གཞག་གོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་དང་དུས་མཉམ་དུའམ་མཇུགཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཚིགས་བཞིར་ལོངས་པའམ་ཡི་གེ་འདོན་པ་ལས་གྱུར་པའི་ལྟུངབ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་འདོནཔའི་ཡུལ་དང༌། གང་འདོན་པའི་དངོས་པོ་དང་གཉིས་ལས། དང་པོ་ལ་ལྔ་ལས། བསྙེན་པར་མརྫོགས་པའམ་བསླབ་པ་བྱིན་པ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ། ཞེསདང༌། སྤྱིར་བསྟན་པ་ལས། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ༌། །ཞེས་སོ། །སེལབ་ནི་དགེ་སློང་གིས་དགེ་སློང་མ་དང་འདོན་པའམ་དགེ་སློང་དང་འདོན་ན་ཉེས་བྱས་སོ། ། བསམཔ་ཐག་པ་ནས་སློབ་པར་འདོད་པ་སྟེ། ཊཱི་ཀ་ལས། འདོན་པ་ཞེས་བྱ་བ་ནི་ཀློག་པའི་ཕྱིར་བརྗོདཔ་ཡིན་པར་བསམས་ཏེ། ཁ་ཏོན་ཞུ་བ་ལ་སོགས་པ་དག་ལ་ལྟུང་བ་མེད་དོ། །ཞེས་གསུངསཔའི་ཕྱིར་རོ། །བསྡུས་པ་ལས་ཀྱང་ཆོས་བསྟན་པ་སྦྱིན་པའི་ཚུལ་གྱིས་ལེན་དུ་འཇུག་པ་ཡིན་གྱི། ཞེས་བཤད་པས་ཤེས་སོ། ། ངོ་མ་སྤོས་པ་སྟེ། བལ་འཁུར་བ་ལ་བཤད་པའི་གནད་ཀྱིསཤེས་སོ། །དེ་ཡང་ཆོས་འདོན་པ་ལ་ཡིན་གྱི་ཡི་གེ་འདོན་པ་ལ་མ་ཡིན་ནོ། །ཐ་སྙད་ལྔ་དང་ལྡནཔ་དང༌། ལུས་ཐ་མལ་དུ་གནས་པ་ནི་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་ པ་གང་འདོན་པའི་དངོས་པོ་ནི་གསུམ་ལས། སྟོན་བྱེད་དུ་གྱུར་པའི་ཆོས་སམ་ཡི་གེ་ཡིན་པའོ། །ཆོས་ཡིན་ན་ཚིགས་བཞིར་ལོངས་པ་སྟེ། འགྲེལ་ཆུང་ལས། ཤླཽ་ཀ་གཅིག་ཡན་ཆད་མིད་པ་བསྒྲིལཞིང་སྨྲ་ན་ལྟུང་བར་འགྱུར། ཞེས་སོ། །སྔར་ཤེས་ལས་གཞན་ཡིན་པ་སྟེ། ཁ་ཏོན་ཞུ་བ་ལ་སོགསཔ་ལ་ལྟུང་མེད་དུ་གསུངས་པས་ཤེས་སོ། །སྟོན་བྱེད་དུ་གྱུར་པའི་ཆོས་ཞེས་པའི་སྐབས་སུ་འདིརམུ་བཞི་སྟེ། སྟོན་བྱེད་ཡིན་ལ་ཆོས་མ་ཡིན་པ་ནི་དྲང་སྲོང་སེར་སྐྱས་བཤད་པ་ལྟ་བུའི་མུ་སྟེགསཅན་གྱི་གཞུང་ལུགས་རྣམས་སོ། །ཆོས་ཡིན་ལ་སྟོན་བྱེད་མ་ཡིན་པ་ནི། ཊཱི་ཀ་ལས། སློབ་དཔོནདཔའ་བོས་བྱས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལྟ་བུ། ཞེས་སོ། །གཉིས་ཀ་ཡིན་པ་ནི་འདུལ་བལུང་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུའོ། །སྟོན་བྱེད་ནི་དངཔོའི་སྟོན་པས་བཤད་པའི་བཀའ་ལུང་ངོ༌། །ཆོས་ནི་ལུང་རྣམ་འབྱེད་ལས། ཆོས་ཞེས་བྱ་བ་ནིསངས་རྒྱས་ཀྱི་གསུངས་པ་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །ཞེས་གསུངས་སོ། །

སྟོན་པ་བཞུགས་པའི་ཚེ་ན་ཉན་ཐོས་ཀྱིས་བཤད་ན་ཡང་སྟོན་བྱེད་དུ་འགྱུར་བ་ཡིན་ཏེ། བྱིན་གྱིསབརླབས་པའི་བཀའ་ཡིན་པའི་ཕྱིར་རོ། །སྟོན་བྱེད་དང་ཆོས་གཉིས་ཀ་ཡིན་པ་འདོན་ན་ལྟུང་བྱེདདོ། །ཡི་གེ་ཡང་འདོན་ནའོ་ཞེས་པ་ནི། ཊཱི་ཀར་ལུང་དྲངས་པ་ལས། ཅིག་ཅར་ཡི་གེ་བརྗོད་ནལྟུང་བྱེད་དོ། །མཇུག་ཐོགས་སུ་ཡི་གེ་བརྗོད་ན་ལྟུང་བྱེད་དོ། །ཞེས་གསུངས་ལ། ལུང་རྣམ་འབྱེདལས། སློབ་དཔོན་ཨ་ཞེས་འདོན་པ་ན་ཉེ་གནས་ཀྱང་དུས་གཅིག་ཏུ་ཨ་ཞེས་འདོན་པ་སྟེ། དེ་ལྟརཡི་གེ་མཉམ་པས་སོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་དུས་མཉམ་དུའམ་མཇུག་ཐོགསསུ་འདོན་པར་འདོད་པ་རྒྱུན་མ་ཆད་པ་སྟེ་མི་འདོད་བཞིན་དུ་གྲུབ་པ་ནི་མ་གཏོགས་སོ་ཞེས་བཤདདོ། །གསུམ་པ་སྦྱོར་བ་ནི་དུས་མཉམ་དུའམ་མཇུག་ཐོགས་སུ་ཆོས་འདོན་པའི་སྦྱོར་བ་གཅིགགིས་ཆོས་སམ་ཡི་གེ་འདོན་པར་ཞུགས་པའོ། ། བཞི་བ་མཐར་ཐུག་ནི་ཆོས་ཚིགས་བཞི་བཏོནཟིན་པའམ་ཡི་གེ་གཅིག་ཙམ་བཏོན་ཟིན་པའོ། །

བདུན་པ་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་འཆད་པ་ལ་གཉིས་ལས།

དང་པོ་བསླབ་པར་བྱ་བ་ནི། རྩ་བར། དགེ་སློང་དང་དགེ་སློང་མ་སྡིག་ཅན་དག་ཁྱིམ་དུ་སོ་སོར་གོ་བརབྱེད་པ་བསྐོ་བར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་ལྔ་ལས། དང་པོ་གནས་ངན་ལེནབརྗོད་པ་བསྐོས་པའི་དགོས་པ་ནི། དེས་དེའི་གནས་ངན་ལེན་བརྗོད་ཀྱང་ལྟུང་བ་མི་འབྱུང་བ་དང༌།

ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པ་དང༌། དེའི་གནས་ངན་ལེན་བརྗོད་ཅིངགོ་བར་བྱས་པས་ངན་པ་མགོ་གཅིག་ཏུ་བསྒྲེ་ཞིང་དགེ་འདུན་སྤྱི་ལ་མ་དད་པ་དེ་སྤོང་བའོ། །གཉིསཔ་ཡུལ་གང་བསྐོ་བ་ནི། བསྐོ་བའི་ཡུལ་ཆོས་བཅུ་བཞི་དང་ལྡན་པ་སྟེ་སྐབས་འོག་ཏུ་འཆད་པརའགྱུར་རོ། །གསུམ་པ་རྟེན་གང་གིས་བསྐོ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞིབ་་ཆོ་ག་གང་གིས་བསྐོ་བ་ནི་གསོལ་གཉིས་ལས་ཀྱིས་བསྐོ་བའོ། །ལྔ་པ་བསྐོས་པ་དེའི་བསླབབྱ་ནི་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱ་ལ། ཉེས་པ་གང་གིས་སུན་ཕྱུང་བའི་ཉེས་པ་དེ་ཙམ་ཞིགབརྗོད་པར་བྱའི་ཉེས་པ་གཞན་མི་བརྗོད་པ་དང༌། ཁྱིམ་པ་གང་སུན་ཕྱུང་བའི་ཁྱིམ་པ་དེ་རྣམསལ་བརྗོད་པར་བྱ་བ་ལས་ཁྱིམ་པ་གཞན་ལ་མི་བརྗོད་དོ། །ཞུ་བ་ལས། ཉེས་པའི་མཐར་བྱ་བདང༌། རིགས་ཀྱི་མཐར་བྱ་བ་ཞེས་གསུངས་ལ། དེ་ལས་ལྷག་པར་བསྒོ་ན་ལྟུང་བར་འགྱུར་རོ། །

ཞེས་གསུངས་སོ། །

གཉིས་པ་དངོས་གཞིའི་ལྟུང་བ་ནི།

རྩ་བར། ཉན་པ་བོ་མི་ཤེས་པ་ཉིད་དང་བསྙེནཔར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གཞན་གྱི་གནསངན་ལེན་བརྗོད་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ངན་པ་མགོ་གཅིག་ཏུབསྒྲེ་བའི་སྒོ་ནས་རང་རིགས་ལ་མ་དད་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེསློང་གིས་དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་མ་སྐོས་པར་ཡུལ་བསྙེན་པར་མ་རྫོགསཔ་ལ་དགེ་སློང་གཞན་གྱི་ཕམ་པའམ་ལྷག་མའི་ལྟུང་བ་བརྗོད་ཅིང་དོན་གོ་བ་ལས་གྱུར་པའི་ལྟུངབ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་བརྗོདཔའི་ཡུལ་དང༌། གང་བརྗོད་པའི་དངོས་པོ་དང༌། གང་གིས་བརྗོད་པའི་ལྟུང་བའི་བདག་པོ་དང༌། གང་གིས་བརྗོད་པའི་རྟེན་དང་བཞི། དང་པོ་ལ་ལྔ་ལས་བསྙེན་པར་མ་རྫོགས་པའམ་བསླབ་པབྱིན་པ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལའོ། །ཞེས་གསུངས་པསསོ། །སེལ་བ་དགེ་སློང་རྣམ་དག་ལ་བརྗོད་པ་ལ་ནི་ལྟུང་བ་མེད་དེ། མ་བརྗོད་ན་གནས་ངན་ལེནའཆབ་པའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །བྱུང་བ་དང་བཅས་པ་མི་ཤེས་པ་སྟེ། ཉན་པ་པོ་མིཤེས་པ་ཉིད་དང༌། ཞེས་སོ། །སེལ་བ་ནི་བྱུང་བཅས་ཤེས་པ་ལ་བརྗོད་པ་ནི་ལྟུང་བ་མེད་དེ། རྣམའབྱེད་ལས། དྲིལ་བསྒྲག་པ་ལ་ནི་ལྟུང་བ་མེད་དོ། །བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེནཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ། །ཞེས་གསུངས་སོ། །འཕགས་པའི་བདེན་པ་མ་མཐོངབ་སྟེ། བསྡུས་པ་ལས། བདེན་པ་མཐོང་བ་ལ་ལྟུང་བ་མེད་དོ། །ཞེས་གསུངས་སོ། །ཐ་སྙད་ལྔདང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་ནི་སྔར་དང་འདྲའོ། །གཉིས་པ་གང་བརྗོད་པའི་དངོསཔོ་ལ་གཉིས་ལས། ཕམ་པ་དང་ལྷག་མའི་དངོས་གཞི་གང་རུང་ཡིན་པ་སྟེ། རྩ་བར། ཕམ་པརགྱུར་པ་དང་དགེ་འདུན་ལྷག་མ་དག་སོ་སོ་ཡང་རུང་བསྡུས་པ་ཡང་རུང་ངོ། ། ཅེས་གསུངསསོ། །སེལ་བ་སྦོམ་པོ་དང་ལྟུང་བྱེད་ལ་སོགས་པ་བརྗོད་ན། ཉེས་བྱས་སོ། །དགེ་སློང་གཞནགྱི་རྒྱུད་ལ་འབྲེལ་བར་ཡོད་པ་སྟེ། ཞུ་བ་ལས། དགེ་སློང་གིས་བདག་ཉིད་ཀྱིས་གནས་ངན་ལེནགྱི་ནོངས་པ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན་ཉེས་པ་ཅིར་འགྱུར་ཉེས་བྱས་སོ། །ཞེས་གསུངསལ། ཉེས་བྱས་སུ་གསུངས་པ་ནི། གཞན་གྱི་ཡིན་པ་ཉིད་མེད་པའི་ཕྱིར་ཞེས་ཞུ་འགྲེལ་ལས་སོ། །

གསུམ་པ་གང་གིས་བརྗོད་པ་ལྟུང་བའི་བདག་པོ་ནི་དགེ་སློང་གཞན་ཡིན་པ་སྟེ། གཞན་དེ་ཡངདགེ་འདུན་ལྷག་མའི་ལྟུང་བ་བརྗོད་པའི་ཆ་ནས་དགེ་སློང་ཆོས་དྲུག་ལྡན་ཡིན་ལ། ཕམ་པའིལྟུང་བ་བརྗོད་པ་ལ་ནི་ཡུལ་དེ་ཕམ་པས་གོས་པ་ཡན་ལག་ཏུ་དགོས་པས། དགེ་སློང་གི་སྡོམ་པརྣམ་པར་དག་པ་ཡན་ལག་མ་ཡིན་གྱི། དགེ་སློང་གི་སྡོམ་པ་ཙམ་པོ་དང་ལྡན་པའོ། །མཚན་མཐུནལྟ་མཐུན་ལ་སོགས་པ་ལྔ་ནི་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །བཞི་པ་གང་གིསབརྗོད་པའི་རྟེན་ནི། གནས་ངན་ལེན་བརྗོད་པ་པོར་བསྐོས་པ་དང་མ་འབྲེལ་བ་དང་གསོལ་བའིཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། བསྐོ་བ་མ་བྱས་པ་ལའོ། །དགེ་འདུན་ལ་མ་གསོལ་བའོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་རང་དགར་གནས་ངན་ལེན་བརྗོད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོརབ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གནས་ངན་ལེན་བརྗོད་པར་ཞུགས་པའོ། །བཞི་བ་མཐརཐུག་ནི་ཕ་རོལ་པོས་དོན་གོ་བའོ། །

བརྒྱད་པ་མི་ཆོས་བླ་མ་བདེན་སྨྲའི་ལྟུང་བྱེད་འཆད་པ་ལ། རྩ་བར། བདེན་པ་ཉིད་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཉ་པའི་གྲོང་དུ་སྔོན་ཉཔར་གྱུར་པའི་དགེ་སློང་ལྔ་བརྒྱས་མིའི་ཆོས་བླ་མ་བདེན་པར་སྨྲས་པ་ལས་འོད་མ་ཅན་གྱི་གྲོངདུ་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རྫུན་དུ་སྨྲས་སོ་ཞེས་རང་ལ་སྐུར་པ་འདེབསཔའི་རྒྱུར་འགྱུར་བ་དང༌། གཞན་རྫུན་དུ་སྨྲ་བའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡནདགེ་སློང་རང་གིས་མིའི་ཆོས་བླ་མ་ཐོབ་པ་དེ་སྨྲ་ཡུལ་བསྙེན་པར་མ་རྫོགས་པ་ལ་བདེན་པར་སྨྲསཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའིཡན་ལག་ལ་གཉིས་ཏེ། གང་ལ་སྨྲ་བའི་ཡུལ་དང༌། གང་སྨྲ་བའི་དངོས་པོའོ། །དང་པོ་ལ་བཞི་སྟེ། བྱུང་བ་དང་བཅས་པའི་ཤེས་པ་མ་གཏོགས་པ་བཞི་སྟེ་སྔ་མ་བཞིན་ནོ། །བདེན་པ་མ་མཐོང་བབསྙེན་པར་མ་རྫོགས་པའི་སེལ་བ་ནི། ཞུ་བ་ལས། བདེན་པ་མཐོང་བ་ལྟ་བ་ཕུན་སུམ་ཚོགསཔ་ལ་བརྗོད་ན་ལྟུང་བ་མེད་དོ་ཞེས་གསུངས་པས། བསྙེན་པར་རྫོགས་པ་ལ་བརྗོད་ན་ཡང་ལྟུངབ་མེད་དོ་ཞེས་མདོར་བསྡུས་སྦྱར་བར་བྱའོ། །ཊཱི་ཀ་ལས། གདུལ་བྱའི་དོན་ཉིད་དུ་ནི་ལྟུང་བ་མེདདེ་ལྟེང་རྒྱས་འོད་སྲུངས་ལ་རྫུ་འཕྲུལ་བསྟན་པའི་བྱུང་བའི་མཐའ་ལས་སོ། །ཞེས་སོ། །གང་སྨྲ་བའིདངོས་པོ་ནི་མི་ཆོས་བླ་མའི་ཡོན་ཏན་ཁྱད་པར་ཅན་ཡིན་པ་དང༌། ད་ལྟ་བདག་ལ་ལྡན་པའོ། །དགྲ་བཅོམ་ཡིན་པ་བདེན་པར་སྨྲ་བའི་ལྟུང་བྱེད་འདི་ནི་དགྲ་བཅོམ་པ་ཉིད་ལ་འབྱུང་གི། སོ་སོ་སྐྱེབོ་ལ་ནི་ལྟུང་བྱེད་འདི་འབྱུང་མི་སྲིད་དོ། །དགྲ་བཅོམ་པ་ཁོ་ན་ལ་ངེས་པར་འབྱུང་བ་དེས་ན་འདིནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་མི་སྲིད་ཅེས་མཚོ་མཆནལས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་རང་དགར་རང་དོན་དུ་མི་ཆོས་བླ་མ་བདེན་པར་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་བྱེད་པའོ། །བཞིབ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །

དགུ་བ་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབས་པའི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དང་པོ་བསླབ་པར་བྱ་བ་ནི།

རྩ་བར། གལ་ཏེ་བརྟན་པ་ཉིད་དུ་དགོས་ན་གསོལ་བ་སྔརབཏབ་པའི་དོན་བྱའོ། །ཞེས་སོ། །

གཉིས་པ་དངོས་གཞིའི་ལྟུང་བ་ནི།

རྩ་བར། དད་པ་ཕུལ་བ་ལའོ། །ཞེས་སོགས་བྱུང༌།

འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིསཀྱིས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅསསོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནིབཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་རྙེད་པ་ཟས་ལས་གཞན་པ་དེ་གང་ཟག་ལ་ལོགཔར་བསྔོས་སོ་ཞེས་སྐུར་པ་བཏབ་པ་དེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་དངོས་པོ་གང་ལོག་པར་བསྔོས་སོ་ཞེསབརྗོད་པ་དང༌། ཡུལ་གང་ལ་ལོག་པར་བསྔོས་སོ་ཞེས་བརྗོད་པ་དང༌། གང་ལ་སྐུར་པ་གདབཔའི་ཡུལ་དང༌། གང་གིས་སྐུར་པ་འདེབས་པའི་རྟེན་དང༌། གང་ལ་གོ་བར་བྱ་བའི་ཡུལ་ལྔའོ། །

དང་པོ་ནི་ལྔ་ལས།༡དགེ་སློང་གི་དགེ་འདུན་དབང་བའི་རྙེད་པ་ཡིན་པ་དང༌། ཟས་ལས་གཞནཡིན་པ་སྟེ། དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ། ཞེས་སོ། །༢བློ་མཐུན་བྱསཔ་དང་འབྲེལ་བ་སྟེ། སོ་སོར་ཐར་པ་ལས། སྔར་ལེགས་པར་རུང་བ་བྱས་ནས། ཞེས་གསུངསཔས་ཤེས་སོ། །༣གཞན་དུ་ན་ལྟུང་བ་ན་སྨད་དེ། དགག་བྱ་མི་རྫོགས་པའི་ཕྱིར་རོ། །༤ཕལ་ཆེརརུང་བ་དང༌། ༥ཚད་དང་ལྡན་པའོ། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་ལས། གོསཀྱི་རྙེད་པ་དགོས་ཏེ། རྣམ་འབྱེད་ལས། དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །ཞེས་གསུངས། ཞེས་སོ། །འོན་ཀྱང་མཚོ་ཊཱིཀ་དང་འདུལ་བ་བདུད་རྩིའི་ཉིང་ཁུ་གཉིས་ཀར་ཟསལས་གཞན་ཞེས་གསུངས་ཀྱང་གོས་དགོས་པར་མ་གསུངས་སོ། །གཉིས་པ་ཡུལ་གང་ལ་ལོགཔར་བསྔོས་སོ་ཞེས་བརྗོད་པ་ནི། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། དགེ་འདུན་མ་ཡིན་པ་སྟེ། དང་པོ་གཉིས་ནི་མི་ཆོས་བླ་མའི་སྐབས་སུ་སྔར་བཤད་པ་དང་འདྲ་ཞིང༌། ཐ་མ་ནི་གང་ཟག་ལ་ཞེས་འདི་ཉིད་ལས་བཤད་ཅིང་གང་ཟག་ལ་ཞེས་སྨོས་པ་ལས་ནི་དགེའདུན་གཞན་ལ་ནི་ཉེས་བྱས་སོ། །ཞེས་ཊཱི་ཀ་ལས་བཤད་དོ། །གསུམ་པ་གང་ལ་སྐུར་པ་གདབཔའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལོག་པར་བསྔོ་བ་པོ་མ་ཡིན་པ་སྟེ། ལོག་པརབསྔོས་པ་ཡང་དག་པ་མ་ཡིན་པ། ཞེས་པའོ། །སེལ་བ་ནི་ལུང་རྣམ་འབྱེད་ལས་བཤེས་ངོར་བྱསཏེ་གང་ཟག་ལ་བསྔོས་པ་བདེན་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་དགེ་འདུན་ལ་སྐུར་པ་འདེབས་པ་ན། དགེ་སློང་བྱེ་བྲག་གི་མིང་མ་སྨོས་ཀྱང་ལྟུང་འབྱེད་འདིར་འགྱུར་བའོ། །བཞི་པ་གང་གིས་སྐུར་པ་འདེབས་པའི་རྟེན་ནི། བློ་མཐུན་བྱེད་པ་ལ་གཏོགས་པ་སྟེ། དད་པ་ཕུལ་བ་ལའོ། །ཞེས་སོ། །གཞན་དུ་ན་ལྟུང་བ་ན་སྨདདེ། དེ་སྙེད་ཀྱི་མཚང་པོ་ཆེ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །ལྔ་པ་གང་ལ་གོ་བར་བྱ་བའི་ཡུལ་ནི། ཐ་སྙད་ལྔ་དང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་དང༌། བདག་ལས་ཐ་དད་པདང་གསུམ་སྟེ་སྔར་མི་ཆོས་བླ་མའི་སྐབས་དང་འདྲའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིསལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབསཔའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔལྡན་གྱིས་སྐུར་པ་འདེབས་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །

བཅུ་བ་ཁྱད་དུ་གསོད་པའི་ལྟུང་བ་འཆད་པ།

བཅུ་བ་ཁྱད་དུ་གསོད་པའི་ལྟུང་བ་འཆད་པ་ལ།

རྩ་བར། འདུལ་བ་དང་ལྡན་པ་ཉིད་དོ། །མདོ་སྡེ་ལ་ནི་ཉེས་བྱས་སོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནིམཉན་ཡོད་དུ་དྲུག་སྡེས་འདུལ་བ་ཁྱད་དུ་གསོད་པའི་ཚིག་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི་ཆོས་ཁྱད་དུ་བསད་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་བའོ། །

གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིག་དགེ་སློངགཞན་ལ་སྨྲ་ཞིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།

དང་པོ་གཞིའི་ཡན་ལག་ལ། གང་ཁྱད་དུ་གསོད་པའི་དངོས་པོ་དང༌། གང་ལ་གོ་བར་བྱ་བའི་ཡུལ་དང་གཉིས། །དང་པོ་ནི་འདུལ་བའི་ཚིག་ཡིན་པ་སྟེ། ཊཱི་ཀ་ལས། རྣམ་པར་འབྱེད་པ་ལ་སོགས་པརགཏོགས་པའི་ཚིག་དེ་ལ་བརྙས་ཐབས་སུ་གྱུར་པ་བརྗོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུརརོ། །ཞེས་སོ། །འདུལ་བའི་དོན་གྱི་དངོས་པོ་ཁྱད་དུ་གསོད་ན་ནི། བསླབ་པའི་གཞིའི་དངོས་པོལ་ཁྱད་དུ་གསད་པའི་ལྟུང་བྱེད་དོ། །གཉིས་པ་ནི་དགེ་སློང་ཆོས་དྲུག་ལྡན་ཏེ། དྲུག་པོ་ཐམས་ཅདསྐབས་འདིའི་ལུང་ཞུ་བ་ལས་གསུངས་སོ། ། གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིགསྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིསའདུལ་བའི་ཚིག་ཁྱད་དུ་གསོད་པའི་ཚིག་སྨྲ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་ཕ་རོལ་པོསདོན་གོ་བའོ། །མདོ་སྡེ་ལ་ནི་ཉེས་བྱས་ཞེས་པ་ཊཱི་ཀ་ལས་འདུལ་བ་དང་ལྡན་པ་དུས་མ་ཡིན་པའིཟས་དང་འབྲུ་རློན་པ་ལེན་པ་ལ་སོགས་པ་གཞན་པ་མདོ་སྡེར་གཏོགས་པའི་བརྗོད་པ་གཞན་ལཁྱད་དུ་གསོད་ན་ཉེས་བྱས་སོ་ཞེས་སོ། །མངོན་པ་ཁྱད་དུ་གསོད་ན་ཅིར་འགྱུར་ན་ཊཱི་ཀ་ལས།

ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་དག་ལས་ཐ་དད་པ་མ་ཡིན་ཏེ། ཞེས་གསུངས་པས་ལྟུང་བྱེད་དང་ཉེས་བྱས་ཅི་རིགས་པ་བསྐྱེད་ཅེས་མཚོ་ཊཱིཀ་ལས་སོ། །

བཅུ་ཚན་གཉིས་པ་ལ།

སྡོམ་དང༌། སོ་སོར་བཤད་པ་དངགཉིས། དང་པོ་ནི། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་པ་དང༌། །ཕྱིས་གནོནའབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་གཟུང་བར་བྱའོ། །གཉིས་པསོ་སོར་བཤད་པ་ལ་བཅུ་ལས། བཅུ་གཅིག་པ་ས་བོན་སྐྱེ་འཇིག་གི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དང་པོ་གནང་བའི་བསླབ་བྱ་ནི། རྩ་བར། ལག་གི་བླས་མཆོད་རྟེན་དང་དགེ་འདུན་གྱིདོན་དུ་ཤིང་ལྗོན་པ་བཅད་པར་བྱའོ། །ཞེས་སོགས་སོ། །གཉིས་པ་ལྟུང་བ་རྣམ་གཞག་ལ། རྩབར། ཤེས་གཙོའོ། །མ་ཉམས་པ་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དངཔོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་རྩྭ་སྔོན་པོ་བརྔས་ཤིང་རྔར་འཇུག་པ་ལས་ས་བོན་དང་སྐྱེ་བའཇིག་པའི་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྲོག་ཆགས་ལ་གནོད་པའོ། །གསུམཔ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ས་བོན་ནམ་ཕྱི་རོལ་གྱི་སྐྱེ་བ་རུང་བའི་ཆོས་དང་མ་འབྲེལབ་ཉམས་འདུན་གྱིས་རང་ངམ་བསྐོས་པས་ཉམས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ནི། ས་བོན་ལྔ་ལས་གང་ཡངརུང་བའམ། ཕྱི་རོལ་གྱི་སྐྱེ་བ་མཚན་ཉིད་དང་ལྡན་པ་ཡིན་པ་དང༌། མ་ཉམས་པ་ཡིན་པ་དང༌། རུང་བའི་ཆོས་དང་མ་འབྲེལ་བ་དང་གསུམ་སྟེ། ས་བོན་དང་ཁྱེའུ་ཁ་ཐོན་པ། ཞེས་དང༌། མ་ཉམསཔ་ཉིད་ལའོ། །རུང་བར་མ་བྱས་པ་དག་གིའོ། །ཞེས་གསུངས་སོ། །རྣམ་འབྱེད་ལས། ས་བོན་ལྔ་སྟེ། རྩ་བའི་ས་བོན་དང༌། སྡོང་པོའི་ས་བོན་དང༌། ཐོག་གུའི་ས་བོན་ནི་དང༌། འགས་པའི་ས་བོནདང༌། ས་བོན་གྱི་ས་བོན་ཉིད་ནི་ལྔ་པའོ། །ཞེས་གསུངས་སོ། །ས་བོན་གྱི་མཚན་ཉིད་ནི་རང་གིརིགས་འདྲ་བསྐྱེད་པའི་ནུས་པ་དང་ལྡན་པའོ། ། ཁྱད་པར་དུ་ཡང་སྐྱེ་བ་གཅོད་པ་ནི་སྐྱེ་བ་ཡོངསསུ་རྫོགས་པ་དང་བཞི་སྟེ། ས་འབུས་པ་དང་ཤ་མོ་དང་ཞེས་སྐྱེ་བ་མ་རྫོགས་པ་འཇིག་པ་ལ་ན་སྨད་དུ་གསུངས་པས་ཤེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནིགཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་གར་ས་བོན་ནམ་སྐྱེ་བ་ཉམས་པརའདོད་པ་རྒྱུན་མ་ཆད་པའོ། གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་ས་བོན་ནམ་སྐྱེ་བ་ཉམསཔར་བྱེད་པར་ཞུགས་པ་སྟེ། རྩ་བར། རང་ངམ་གཞན་གྱིས་ཀྱང་རུང་ངོ། །ཞེས་སོ། །བཞི་བ་མཐར་ཐུག་ནི་ཉམས་པར་གྱུར་པ་སྟེ། རྩ་བར། ཉམས་པར་གྱུར་པ་ན་དངོས་གཞི་དག་གོ །

ཞེས་སོ། །སྐབས་འདིར་རུང་བའི་དོན་ལ་ལྔ་ལས། དང་པོ་རུང་བའི་དབྱེ་བ་ནི། རུང་བ་མཚནཉིད་པ་ནི་དགུ་སྟེ། མེས་རེག་པ་དང་མཚོན་དང་སེན་མོ་དང་ནེ་ཙོ་དག་གིས་རྨ་བྱུང་བ་དང་རྙིངསཔ་དང་ཕྱུང་བ་དང་དཀྲུམ་པ་དང་བཀས་པ་དང་བཅད་པ་ལྟ་བུ་དག་ནི་རུང་བའོ། །ཞེས་སོ། །

ཕྱུང་བ་དང་ཞེས་པ་ལ་ཕྱུང་བཅད་སྐྱེ་བའི་རུང་བ་ཡིན་པས་རྩ་བ་དང་སྡོང་བུ་ཕྱུང་བཅད་བྱས་པ་དེའི་རླན་གྱིས་སྐྱེ་བའི་རྒྱུན་གནས་ཀྱང་དེ་བཅད་པ་ལ་སྐྱེ་བ་བཅད་པའི་ལྟུང་བ་མེད་དོ། །ཕྱིསལོ་མ་སྐྱེས་པའི་རུང་བ་ནི་མ་ཡིན་ཏེ། སྐྱེ་བའི་རྒྱུན་གཞན་ཡིན་པའི་ཕྱིར་རོ། །གཉིས་པ་བསྡུ་བ་ནི་རུང་བ་དགུ་པོ་དེ་རྣམ་པ་གཉིས་སུ་བསྡུ་སྟེ། སྐྱེ་བའི་རུང་བ་དང་ས་བོན་གྱི་རུང་བའོ། །དངཔོ་ནི་ཕྱུང་བཅད་གཉིས་སོ། །གཉིས་པ་ནི་དེ་ལས་གཞན་བདུན་ནོ། །གསུམ་པ་རུང་བའི་མཚནཉིད་ནི། ཕྱི་རོལ་གྱི་དངོས་པོ་ས་བོན་ནམ་སྐྱེ་བ་གང་ཡང་རུང་བའི་ཆོས་ཡོད་པ་ལ་རྟེན་གྱི་ཆ་ནསརྐྱེན་དང་མི་ལྡན་པའི་བསྙེན་རྫོགས་ཀྱིས་འཇོམས་པར་བྱེད་པ་ལ་ཉེས་མེད་ཀྱི་བཅས་པའི་སམཚམས་འཛིན་བྱེད་ཉིད་ཡིན་པའོ། །

བཞི་པ་རུང་བའི་སྒྲ་བཤད་པ་ནི།

ས་བོན་ནམ་སྐྱེ་བ་མ་ཉམས་ཀྱང་བསྙེན་རྫོགས་ཀྱིས་གཞོམ་དུ་རུང་བས་ན་རུང་བ་ཞེས་བྱའོ། །ལྔ་པ་རུང་བར་བྱ་བའིཚུལ་ལ་དྲུག་ལས། དང་པོ་རུང་བ་བྱས་པའི་དགོས་པ་ནི། དངོས་ཀྱི་དགོས་པ་ས་བོན་སྐྱེ་འཇིག་གིལྟུང་བ་མི་འབྱུང་བ་དང༌། བརྒྱུད་པའི་དགོས་པ་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པགཞི་གང་ལ་རུང་བ་བྱ་བ་ནི། ཕྱི་རོལ་གྱི་སྐྱེ་བའམ་ས་བོན་མཚན་ཉིད་དང་ལྡན་པ་ཡིན། མ་ཉམསཔ་ཡིན། རུང་བར་བྱས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རུང་བའི་འཇུག་ཡུལ་མ་ཡིན་པའིཕྱིར་དང༌། རུང་བ་བྱས་ཀྱང་དགོས་པ་མེད་པའི་ཕྱིར་དང༌། རུང་བའི་ཆོ་ག་མི་འཆགས་པའི་ཕྱིརཞེས་གོ་རིམ་བཞིན་ནོ། །

གསུམ་པ་རྟེན་གང་གིས་རུང་བ་བྱ་བ་ནི།

བསྙེན་པར་མ་རྫོགས་པསབྱ་སྟེ། རུང་བ་བྱ་བར་གཞི་གྲུབ་ཅིང༌། བསྙེན་རྫོགས་ཀྱིས་བྱ་བར་མི་འོས་པའི་ཕྱིར་རོ། ། འོནཀྱང་དགེ་སློང་གིས་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ཞེས་གསུངས་ཏེ། དགེ་སློང་གིསམེས་རུང་བ་བྱས་ན་ས་བོན་འཇོམས་པའི་ལྟུང་བྱེད་ཁེགས་ཀྱང༌། དགེ་སློང་གིས་བརྗེན་པ་བཙོསཔའི་ཉེས་པར་ནི་འགྱུར་བའོ། །བཞི་པ་ཚུལ་ཇི་ལྟར་རུང་བ་བྱ་བ་ནི། མེས་རུང་བ་ནི་སྤྱིའི་ཚུལགྱིས་ཀྱང་བྱར་རུང་ལ། རུང་བ་གཞན་རྣམས་ནི་སོ་སོ་ལ་རེ་རེ་ནས་བྱ་སྟེ། མེས་རུང་བར་བྱ་བལ་སྤྱིའི་ཚོམས་ནི་གཙོ་ཆེར་བྱ་བ་ཞེས་གསུངས་ལ་མེ་ནི་ནུས་པ་ཆེ་བའི་ཕྱིར་ཏེ། རྣམ་འབྱེད་འགྲེལབ་ལས། མེས་རེག་པའི་ཕྱིར་བཀྲ་མི་ཤིས་པ་ཉིད་ཀྱིས་ས་བོན་གྱི་ཐ་སྙད་ལས་ལོག་པའི་ཕྱིར། ཞེས་གསུངས་སོ། །རུང་བ་གཞན་སོ་སོ་ནས་བྱ་བའི་གཞུང་ནི། རྣམ་འབྱེད་ལས། མཚོན་དངསེན་མོས་ནི་རེ་རེ་ནས་སོ། །ཞེས་གསུངས་སོ། །ལྔ་པ་རུང་བར་བྱེད་པ་ལ་བསམ་པ་དགོས་སམམི་དགོས་ནི། རྙིས་པ་མ་གཏོགས་པ་ལ་དགོས་ཏེ། བརྟག་པའི་ཆོ་ག་ཡིན་པའི་ཕྱིར་དང༌། རེགཔའི་ཁྱད་པར་དང་ནེ་ཙོ་དག་གིས་ཞེས་སྒྲའི་ཁྱད་པར་སྨོས་པའི་ཕྱིར་དང༌། བཀས་པའི་རུང་བལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས། རང་གས་པ་ཉིད་ནི་རུང་བ་ཉིད་མ་ཡིན་ཞེས་གསུངས་པ་དང༌། ཆོ་ག་གཞན་ལ་ཀུན་སློང་མེད་ན་མི་འབྱུང་བར་གསུངས་པ་དང་རྒྱུ་མཚན་མཚུངས་པའིཕྱིར་རོ། །དྲུག་པ་རུང་བར་བྱས་པ་འཇིག་པའི་རྒྱུ་ནི་ས་བོན་མ་ཡིན་པ་ཉིད་དུ་གྱུར་པ་དང༌། སྐྱེབ་གཞན་དུ་གྱུར་པ་སྒོག་པ་ལ་མྱུ་གུ་སྐྱེ་བ་ལྟ་བུ་དང༌། གཞི་ཆོས་མི་ལྡན་དུ་གྱུར་པ་དཔེར་ན་བུདམེད་སྐྱེས་པར་གྱུར་པ་ལྟ་བུའོ། །

བཅུ་གཉིས་པ་འཕྱ་བའི་ལྟུང་བྱེད་འཆད་པ།

བཅུ་གཉིས་པ་འཕྱ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། གང་ཟག་བཅུ་གཉིས་པོདག་བྱེད་པ་པོ་ཡིན་ནོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལཔོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་ཞལ་ཏ་བ་ལ་འཕྱ་བ་ལས་ལྟུང་བྱེད་དུ་བཅསསོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་དགེའདུན་གྱི་ཞལ་ཏ་ཚུལ་བཞིན་དུ་བྱེད་པའི་དགེ་སློང་ལ་བཅས་ལྡན་དགེ་སློང་དམན་པའི་གྲངསསུ་བགྲངས་པས་བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱའམ་གཞོགས་འཕྱས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའིཡན་ལག་ལ་གཉིས་ལས་གང་ལ་འཕྱ་བའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། དགེའདུན་གྱི་ཞལ་ཏ་བ་ཡིན་པ་དང༌། རང་ལ་ཟས་གོས་ལ་སོགས་པ་དམན་པ་ཆེད་དུ་སྟོབས་པ་པོམ་ཡིན་པ་སྟེ། གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཉིད་ཡིན། ཞེས་དང༌། དམན་པ་ཆེད་དུསྟོབས་པ་པོ་ཡིན་ན་དེ་ལ་འཕྱས་ན་ཡང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །འཕྱ་ཡུལ་གང་ཟགབཅུ་གཉིས་པོ་དག་ནི་གང་ཞེ་ན། ཊཱི་ཀ་ལས། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བགཚོས་འབྲིམ་པ་གཉིས། །ཕྲན་ཚེགས་འགྲིམ་པར་བྱེད་པ་དང༌། །སྣོད་སྤྱད་འགྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངག་གཞུག་པ་དང་མཛེས་ཆོས་ཏེ། །གང་ཟགབཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཞེས་གསུངས་སོ། །གང་གིས་འཕྱབའི་རྟེན་ནི། ངན་པའི་གྲངས་སུ་བགྲངས་པ་སྟེ། བགྲངས་པ་ལ་ནི་དངོས་གཞིའོ། །ཞེས་སོ། །མ་བགྲངས་པས་འཕྱ་ན་ནི། ཊཱི་ཀ་ལས། མ་བགྲངས་པ་ལ་ནི་ཉེས་བྱས་ཀྱིའོ། །ཞེས་སོ། །གཉིསཔ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བདགདང་འབྲེལ་བའི་དོན་གྱིས་འཕྱ་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པསྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཕྱ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཕ་རོལཔོས་དོན་གོ་བའོ། །

བཅུ་གསུམ་པ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དངཔོ་བསླབ་པར་བྱ་བ་ནི། རྩ་བར། གླེང་བར་གཏོགས་པའི་སྒོ་བ་ཚིག་གིས་རྣ་ལ་གཟོན་པ་དང༌།

ཅང་མི་སྨྲ་བས་རྣ་ལ་ཟོན་པ་དང༌། གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་དང༌། ཟུར་གྱིས་གཞོགས་འཕྱས་བྱེད་པ་གསོལ་བས་མི་བགྲང་བར་མི་བྱའོ། །ཞེས་སོ། །འོ་ན་བཞི་པོ་འདི་རྣམས་ཁོན་གྲངས་སུ་གཞུག་པ་ཅིའི་ཕྱིར་སྙམ་ན། བཞི་པོ་འདི་རྣམས་ནི་གཞན་གྱི་དོན་ལ་འཇུག་པ་དམ་པའིསྤྱོད་པ་ཡིན་པ་ལ། དེ་ལ་རྗེས་སུ་ཡི་མི་རང་བར་ལོག་སྒྲུབ་བྱེད་པ་ཧ་ཅང་མི་རིགས་པའི་ཕྱིར་རོ། །

གཉིས་པ་ལྟུང་བ་རྣམ་པར་གཞག་པ་ལ།

རྩ་བར། དགེ་སློང་གིས་བསྒོ་བ་རྣ་ལ་གཟོནནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་ཀོའུ་ཤམ་བྷིའིགདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བསྒོ་བ་རྣ་ལ་གཟོན་པ་ལས་ལྟུང་བྱེད་དུ་བཅསསོ། །གཉིས་པ་དགག་བྱ་ནི་དངོས་སུ་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པ་དང༌། བརྒྱུདནས་ཚུལ་ཁྲིམས་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལ་དགེ་སློངགི་ཆོས་དང་ལྡན་པར་བསྒོ་བ་ལ་ལན་ལོག་སྨྲ་བའམ་དགེ་སློང་གིས་དྲིས་པ་ལ་ལན་ལོག་སྨྲ་བལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལགལ་གང་གི་ཚིག་ལ་ལན་ལོག་སྨྲ་བའི་ཡུལ་དང༌། ཚིག་གང་ལ་ལན་ལོག་སྨྲ་བའི་གཞི་དང་གཉིས།

དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། རང་ལ་དགེ་སློང་གིས་ཆོས་དང་ལྡན་པརབསྒོ་བའམ་དགེ་སློང་གིས་དོན་གང་ཡང་རུང་བ་དྲིས་པའི་ཚིག་ལའོ། །གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བསྒོ་བརྣ་ལ་གཟོན་པའམ་དྲི་བ་རྣ་ལ་གཟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རྣ་ལ་གཟོན་པའི་ཚིག་སྨྲ་བར་ཞུགས་པའོ། །རང་ལདགེ་སློང་གིས་ཁྱོད་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་བསྒོ་བ་ལ་སོགས་པ་བསྒོ་བ་རྣ་ལ་གཟོནཏེ། ཚིག་གི་ལན་ལོག་པ་བརྗོད་ན་ལྟུང་བྱེད་བསྐྱེད་པའོ། །བཞི་བ་མཐར་ཐུག་ནི་ཕ་རོལ་པོསདོན་གོ་བའོ། །སྐབས་འདིར་མཚོ་ཊཱིཀ་ལས། དོན་དམ་པར་ན་སེམས་ཅན་ནམ་བསད་པར་བྱབ་མ་མཐོང་ངོ་ཞེས་པ་ནི་གོ་བྱ་ལ་འདུ་ཤེས་བསྒྱུར་བས་རྫུན་ཡིན་ཡང་གསོད་བྱེད་གཞན་གྱི་མི་དགེ་བ་དང་བསད་བྱ་གཞན་གྱི་སྲོག་ཆད་པ་བསྐྱབ་པའི་ཕྱིར་རྫུན་དེ་ཙམ་ཞིག་གནང་བ་ཡིན། ཞེས་པ་ནས། དགེ་མི་དགེ་ནི་བསམ་པའི་རྗེས་སུ་འབྲང་བས་ན་རྫུན་ཐམས་ཅད་རང་བཞིནགྱི་ཁ་ན་མ་ཐོ་བར་མ་གྲུབ་གསུངས་སོ། །འོ་ན་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་ལ་ཡང༌།

ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན་སྲོག་གཅོད་པ་ལྟ་བུ་ནི་གནང་བ་མི་སྲིད་དེ། ངག་གི་ལེགས་ཉེསཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་གཟུང་བར་ནུས་ཀྱང༌། ལུས་ཀྱི་བྱ་བ་རྣམས་ཀྱིལེགས་ཉེས་ནི་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་གཟུང་བར་མི་ནུས་པའི་ཕྱིར་ཞེས་གསུང་ངོ༌།༼བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་བ་ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བས་རྫུན་དུ་འགྲོ་ན། འོ་ན་སངས་རྒྱས་ཀྱི་ལྡེམ་དགོངས་གསུངས་པ་རྣམས་ཀྱང་རྫུན་ཡིན་ནམ་ཅི། ཞེ་ན། སངས་རྒྱས་ཀྱི་མཛད་སྤྱོད་ནི་བསམགྱིས་མི་ཁྱབ་པའི་གནས་ཡིན་པས་བསམ་པར་མི་ནུས་སོ།།༽ཞེས་གསུངས་སོ། །

བཅུ་བཞི་པ་གནས་མལ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད་འཆད་པ།

བཅུ་བཞི་པ་གནས་མལ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལྭ་བ་དང་སྔས་དང་གོར་བུ་ཞེས་བྱ་བ་ནི་གནས་མལལོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགེ་སློངགི་དགེ་འདུན་རྣམས་ཀྱིས་གནས་མལ་མ་བསྡུས་པར་སོང་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པདགག་བྱ་ནི་རང་རིགས་ཀྱི་དགེ་འདུན་གྱི་གནས་མལ་ཆུད་ཟོས་པར་འགྱུར་བའོ། །གསུམ་པ་ནི་ངོབོ་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་གྱི་གནས་མལ་དེ་མ་བསྡུས་པར་བླ་གབ་མེད་པ་ལྟབུ་དེ་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ། ཕན་ཕུན་དུ་གྱུར་པའམ་འདོམབཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།

དང་པོ་གཞིའི་ལན་ལག་ལ་དངོས་པོ་དང་གནས་དང་རྟེན་དང་གསུམ། དང་པོ་གང་བཞག་པའིདངོས་པོ་ལ། དགེ་འདུན་དབང་བའི་གནས་མལ་ཡིན་པ་དང༌། ཕན་ཕུན་དུ་འགྱུར་བའི་ཉེན་ཅནཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པ་དང་བཞིའཽ། །གཉིས་པ་གང་དུ་གཞག་པའི་གནས་ནིཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པ་སྟེ། རྩ་བར། བླ་གབ་མེད་པར་བཞག་པ་བྱས་པ་ལྟ་བུ།

ཞེས་སོགས་སོ། །བླ་གབ་མེད་པ་ཞེས་པ་མཚོན་དོན་ནོ། །གསུམ་པ་གང་གིས་འཇོག་པའི་རྟེནལ་བཞི་སྟེ། རང་ངམ་བསྐོས་པས་བཞག་པར་བྱས་པ་ཡིན་པ་དང༌། བརྟུལ་བ་བྱས་སམ་བྱེདདུ་བཅུག་པ་མ་ཡིན་པ་དང༌། སྡུད་པར་བཅོལ་བའི་དགེ་སློང་མེད་པ་ཡིན་པ་དང༌། བར་ཆད་ཀྱིརྐྱེན་དང་མི་ལྡན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དགེ་འདུན་གྱི་གནས་མལ་མ་བསྡུས་པར་གནས་པ་དེའི་ནངདུ་གཉིད་ལོག་པ་དང་སྙོམས་པར་འཇུག་འདོད་པའམ་ཉེ་འཁོར་ལས་འདའ་ཞིང་འགྲོ་བར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གནས་མལ་གྱི་གནས་དེའི་ནང་དུ་གཉིད་ཉལ་བ་ལ་སོགས་པའམ་གནས་དེའི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་ལས་འདའ་ཞིང་འགྲོ་བའོ། །བཞི་བམཐར་ཐུག་ནི་གཉིས་ཏེ་ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པའོ། །མེ་ཏོག་ཕྲེངརྒྱུད་ལས། མེ་དང་རླུང་དང་ཆར་པ་ཡིས། །དབྱེ་བའི་ཕན་ཕུན་གསུམ་དུ་གསུངས། །རིམ་པར་སུམཔར་ཚིག་ན་ནི། །མེ་ཡི་ཕན་ཕུན་ཞེས་བྱའོ། །ཞེས་གསུངས་སོ། །

བཅོ་ལྔ་པ་གདིང་བ་མ་བསྡུས་པའི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དང་པོ་བསླབཔར་བྱ་བ་ནི། རྩ་བར། ཁྱིམ་གཞན་དུ་གདིང་བ་བྱས་པ་ཁྱིམ་བདག་ལ་དྲིས་ཏེ་དོར་བར་བྱའོ། །

ཞེས་སོགས་བྱུང༌། འགྲེལ་ཆུང་ལས་ས་སྣུམ་པ་སྟེ། གཤེར་བ་དང༌། དངར་བ་སྟེ་ས་འཇམ་པོརདུལ་དུལ་པོར་འདུག་པ་ནི་སྲིན་བུ་མྱུར་དུ་འཇུག་པའི་ཕྱིར་ཉིན་རེ་ཞིང་ལན་རེ་བལྟའོ་ཞེས་བཤདཀྱང་ཉིན་རེ་ཞིང་རྩྭ་དེ་རྣམས་བསྒྱུར་ལོག་བྱའོ། །ས་སྣུམ་པ་དང་དངར་བ་ལས་གཞན་ས་སྐམཔ་དང་རྩུབ་པ་ཉིད་དུ་ཟླ་བ་ཕྱེད་ཅིང་རྩྭ་དེ་རྣམས་བསྒྱུར་ལོག་བྱའོ། །

གཉིས་པ་ལྟུང་བ་རྣམ་པརབཞག་པ་ལ།

རྩ་བར། དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། ཞེས་སོགས་བྱུང༌། འདིའིདོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རྒན་གཞོན་གཉིས་ཀྱིས་གཙུགལག་ཁང་དུ་རྩྭ་མང་པོའི་གདིང་བ་བཏིང་ནས་མ་བསྡུས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིསཔ་དགག་བྱ་ནི་རང་རིགས་དགེ་འདུན་གྱི་གནས་སུ་ལོངས་སྤྱོད་པ་ལ་གནོད་པ་དང༌། སྲོག་ཆགསཕྲ་མོ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནསསུ་རྩའམ་ལོ་མའི་གདིང་བ་རང་ངམ་བསྐོས་པས་བཏིང་བ་མ་བསྡུས་པར་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ་ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གནསདང༌། དངོས་པོ་དང༌། རྟེན་དང་གསུམ། དང་པོ་གང་དུ་གདིང་བའི་གནས་ལ་བཞི་ལས། དགེའདུན་དབང་བའི་གནས་ཡིན་པ་སྟེ། དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། ཞེས་སོ། །སེལབ་གང་ཟག་གི་གནས་སུ་ནི་ཉེས་བྱས་ཏེ། འོག་མ་བཞི་ལ་ཡང་ངོ། །ཞེས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ཏེ། རྩ་བར། ཕལ་ཆེར་གཡོགས་པ་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ། ། ཞེས་སོ། །སེལ་བ་སྟེང་གཡོགས་མེད་པའི་གནས་སུ་ནི་ཉེས་བྱས་སོ། །སྤྱོད་ལམ་བཞི་ཤོང་བ་དང༌། ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པའོ། །གཉིས་པ་གང་གདིང་བའི་དངོས་པོ་ནི། རྩའམལོ་མའི་གདིང་བ་ཡིན་ནོ། ། གསུམ་པ་གང་གིས་མ་བསྡུས་པར་འཇོག་པའི་རྟེན་ནི། ཆོས་བཞིལྡན་ལས་རང་ངམ་བསྐོས་པས་གདིང་བར་བྱས་པ་ཡིན་པ་སྟེ། རང་ངམ་བསྐོས་པས་གདིང་བརབྱས་པ་ཉིད། ཅེས་གསུངས་སོ། །བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་ལ་སོགས་པགསུམ་ནི་གནས་མལ་མ་བསྡུས་པའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །གཉིས་པ་བསམཔའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩྭའམལོ་མའི་གདིང་བ་མ་བསྡུས་པར་ཉེ་འཁོར་མ་འདས་ཀྱང་གཉིད་ལོག་པའམ་སྙོམས་པར་འཇུགཔ་ལ་སོགས་པས་གནས་དེའི་ནང་ས་ཕྱོགས་གཞན་ན་གནས་པར་འདོད་པའམ་ཉེ་འཁོར་ལསའདའ་ཞིང་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གནས་དེའི་ནང་དུ་གཉིདཉལ་བ་ལ་སོགས་པའམ་གནས་དེའི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་ལས་འདའ་ཞིང་འགྲོ་བའོ། །བཞི་བ་མཐར་ཐུག་ནི་གཉིས་ཏེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདསཔའོ། །

བཅུ་དྲུག་པ་སྐྲོད་པའི་ལྟུང་བྱེད་འཆད་པ།

བཅུ་དྲུག་པ་སྐྲོད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་སློང་ཉིད་དང༌། ཞེས་སོགསབྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིངསོང་ནས་རི་བྲག་གི་གཙུག་ལག་ཁང་ནས་དགེ་སློང་བསྐྲད་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིསདགེ་འདུན་དབང་བའི་གནས་ནས་ཕན་པའི་རྐྱེན་དང་མི་ལྡན་པའི་དགེ་སློང་གཞན་རང་ངམ་བསྐོས་པས་བསྐྲད་དེ་ཉེ་འཁོར་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡནལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས། གང་བསྐྲད་པའི་ཡུལ་ནི། དགེསློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཕན་པའི་རྐྱེན་ཅན་མ་ཡིན་པ་སྟེ། གལ་ཏེ་དེ་ལ་གནོད་པ་དང༌། ཞེས་པས་སོ། །གང་ནས་བསྐྲད་པའི་གནས་ནི། དགེ་འདུན་དབང་བའི་གནས་ཆོས་གསུམ་དངལྡན་པ་སྟེ། གདིང་བའི་ལྟུང་བྱེད་ཀྱི་སྐབས་སུ་ཆོས་དང་པོ་གསུམ་སྔར་བཤད་པ་དང་འདྲའོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློངནི་རང་གར་སྐྲོད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་མངོནསུམ་དུ་སྐྲོད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་གནས་དེའི་ཉེ་འཁོར་ལས་འདས་པའོ། །

གལ་ཏེ་བསྐྲད་བྱ་དེ་ལ་གནོད་པ་སྐྱེ་བར་འགྱུར་བ་དང༌། དགེ་འདུན་འཁྲུག་པ་སྐྱེ་བར་འགྱུར་བ་དང༌། གནོད་པ་སྐྱེས་ཟིན་པ་ཉེ་བར་ཞི་བར་མི་འགྱུར་བ་དང༌། དགེ་འདུན་འཁྲུག་པ་སྐྱེས་ཟིནཔ་ཉེ་བར་ཞི་བར་མི་འགྱུར་བ་སྟེ། སྐྱོན་བཞི་པོ་དེ་དག་གང་ཡང་རུང་བར་འབྱུང་བར་དོགས་པའིགཉེན་པོར་འདོད་པ་མ་ཡིན་ན་སྐྲོད་པའི་ལྟུང་བྱེད་བསྐྱེད་པའོ། །ཊཱི་ཀ་ལས། དེ་དག་གི་བསམཔས་སྐྲོད་ན་ཉེས་པ་མེད་དོ། །ཞེས་སོ། །

བཅུ་བདུན་པ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་འཆད་པ།

བཅུ་བདུན་པ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངསརྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་དུ་དགེ་སློང་ལ་ཕྱིས་གནོན་བྱས་པ་ལས་ལྟུང་བྱེདདུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ལུས་སེམས་ལ་གནོད་པའོ། །གསུམ་པ་ངོབོ་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་སྔར་ཞུགས་པའི་དགེ་སློང་ལམཐོ་འཚམས་པའི་ཕྱིར། ཕྱིས་གནོན་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡནལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས། གང་ལ་ཕྱིས་གནོན་བྱ་བའི་ཡུལ་ནི།

དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། རང་བས་སྔར་ཞུགས་པ་དང༌། ཕན་པའི་རྐྱེན་ཅན་མ་ཡིནཔ་སྟེ། སོ་སོ་ཐར་པའི་མདོ་ལས། དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ། ཞེས་དང༌། ནབ་དང་འཇིགས་པའི་དབང་མ་གཏོགས། ཞེས་པས་སོ། །གང་དུ་ཕྱིས་གནོན་བྱ་བའི་གནས་ནི།

གནས་ཆོས་གསུམ་ལྡན་ཏེ་སྐྲོད་པའི་སྐབས་སུ་སྔར་བསྟན་པ་བཞིན་ནོ། །གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མཐོ་འཚམསཔས་ཕྱིས་གནོན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཕྱིས་གནོན་བྱེད་པརཞུགས་པའོ། །བཞི་བ་མཐར་ཐུག་ནི་དགེ་སློང་དེའི་སྟེང་དུ་ཉལ་བ་ཙམ་མམ་འདུག་པ་ཙམ་བྱསན་སྟེ། སོ་སོ་ཐར་པ་དང་ལུང་རྣམ་འབྱེད་ལས། ཕྱིས་གནོན་བྱས་ནས་ཉལ་ལམ་འདུག་ན་ལྟུངབྱེད་དོ། །ཞེས་སོ། །མཐོ་འཚམས་ཀྱི་ལྟུང་བ་གཞན་བསྟན་པ་ནི། ལུས་ཀྱི་ཕྱིས་གནོན་བྱེད་པ་དེནི་དཔེ་སྟེ་མཐོ་འཚམས་པར་འདུན་པས་དགེ་སློང་ལ་ངག་གིས་མཐོ་འཚམས་པ་དང་ལུས་ཀྱིསམཐོ་འཚམས་པ་གཞན་དག་ཀྱང་ཊཱི་ཀ་ལས། བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེདཡིན་ནོ། །ཞེས་གསུངས་སོ། །

བཅོ་བརྒྱད་པ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་འཆད་པ།

བཅོ་བརྒྱད་པ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེའདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་བྱེད་པ་བོའོ། །ཞེས་སོགས་བྱུང༌། འདིའི་དོནལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་ནས་ཉེ་དགའ་ལྗོངས་རྒྱུ་ཞིང་སོང་ནས། རི་བྲགགི་གཙུག་ལག་ཁང་གི་སྟེང་གི་ཐོག་ལ་ཁྲི་རྐང་བཙུགས་ཏེ། ཤུགས་དྲག་པོས་མནན་ཏེ་འདུགཔས་ཁྲི་རྐང་གིས་ཁང་ཐོག་བརྟོལ་བ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་དགེ་འདུན་གྱི་གཙུགལག་ཁང་གི་སྟེང་གི་ཐོག་བུག་རྡོལ་དུ་འགྱུར་བའོ། ། གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློངགིས་དགེ་འདུན་དབང་བའི་གནས་མཚན་ཉིད་དང་ལྡན་པའི་སྟེང་གི་ཐོག་རྩ་བ་འབྱུང་བའི་གནསསྐབས་དང་བཅས་པར་མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུའི་སྟེང་དུ་འདུག་པའམ་ཉལ་བལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལགལ་གཉིས་ལས། གང་དུ་འདུག་པའི་གནས་ནི། དགེ་འདུན་དབང་བའི་གནས་ཆོས་གསུམ་ལྡནསྔར་བཤད་མ་ཐག་པའི་སྟེང་དུ། སྟེང་གི་ཐོག་ཡིན་པ་དང༌། རྩ་བ་འབྱུང་བའི་སྐབས་དང་བཅས་པ་སྟེ། རྩ་བར། སྟེང་གི་ཐོག་ཉིད་ནི་བྱེད་པ་པོའོ། །ཞེས་དང༌། གལ་ཏེ་བྱིན་གྱིས་གཞོལ་བ་ཉིདདམ། ཞེས་པས་སོ། །གང་ལ་འདུག་པའི་དངོས་པོ་ནི། མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུཡིན་པ་དང༌། གྱེན་དུ་བཟློག་པ་དང་རྐང་རྟེན་བཅུག་པ་མ་ཡིན་པའོ། །རང་གི་རྣམ་བཤད་ལས། ཁྲི་དང་ཁྲིའུ་སྨོས་པ་འདིར་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །འདི་ལྟ་བུར་གྱུར་པའདྲ་བ་གཞན་ལ་ཡང་ཉེས་དམིགས་འདྲ་བ་ཉིད་ཀྱིས། དེའི་ཕྱིར་མནན་པར་འོས་པ་ཞེས་བྱ་བའིཚིག་བྱས་སོ། །ཞེས་གསུངས་སོ། ། གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེསནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པའམ་ཉལ་བར་བྱེད་པ་སྟེ། སོ་སོ་ཐར་པའི་མདོ་དང་ལུང་རྣམ་འབྱེད་ལས། ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེདདོ། །ཞེས་གསུངས་སོ། །བཞི་བ་མཐར་ཐུག་ནི་འདུག་པ་ཙམ་མམ་ཉལ་བ་ཙམ་ཉིད་དོ། །

བཅུ་དགུ་བ་འདེབས་པའི་ལྟུང་བྱེད་འཆད་པ།

བཅུ་དགུ་བ་འདེབས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། རང་སྤྱོད་པའི་དོན་ཉིདདེ་ལས་གཞན་པ་ལའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་ཀོའུཤམ་བྷིར་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ས་ལ་འདེབས་པར་བྱེད་པ་ལས་ལྟུང་བྱེད་དུབཅས་སོ། །གཉིས་པ་དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གི་དོན་དུ་ཆུ་དང་ས་དང་ཤིངལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པས་ལོངས་སྤྱོད་པས་གཞི་མའི་ཞར་ལ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞིལས། དང་པོ་གཞིའི་ཡན་ལག་ལ་གསུམ་ལས། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡིན་པ་སྟེ།

ལུང་དང་མདོ་རྩ་བ་ལས་སྲོག་ཆགས་དང་བཅས་པ་ཞེས་སྤྱིར་གསུངས་ཀྱང༌། ཊཱི་ཀ་ལས། དུདའགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས། ཞེས་གསུངས་སོ། །ཐ་མལ་པའི་མིག་ལ་སྣང་བ་སྟེ།

སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། གང་དག་མིག་གིས་མཐོང་བར་འགྱུར་བར། ཞེསགསུངས་སོ། །སའམ་ཆུ་ལྟ་བུ་གཞི་མ་དང་བཅས་པ་སྟེ། སྲོག་ཆགས་དང་བཅས་པ་ཞེས་སྲོགཆགས་དང་ལྡན་པའི་ཚིག་ཏུ་གསུངས་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གིདོན་དུ་སྲོག་ཆགས་ལ་མ་ལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་གཞན་བསྐོས་པས་སྲོག་ཆགས་དང་བཅསཔ་ལ་སྤྱོད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོའི་སྲོག་གིདབང་པོ་འགགས་པ་སྟེ། ཊཱི་ཀ་ལས། སྲོག་ཆགས་དག་གི་སྲོག་གི་དབང་པོ་འགག་པའི་མཚནཉིད་ཀྱི་སྐད་ཅིག་མ་གཉིས་པ་ལའོ། །ཞེས་གསུངས་སོ། །

ཉི་ཤུ་པ་རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་འཆད་པ་ལ་གཉིས་ལས།

དང་པོ་བསླབཔར་བྱ་བ་ནི། རྩ་བར། སྒོ་ཆ་གཞུག་པར་བྱའོ། །སྒོ་གླེགས་དག་ཀྱང་ངོ། །སྐར་ཁུང་དག་ཀྱངགདོད་པར་བྱའོ། །ཞེས་སོ། །

གཉིས་པ་ལྟུང་བ་རྣམ་གཞག་ནི།

གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །ཞེས་སོགསབྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཀོའུ་ཤམ་བྷིར་དྲུག་སྡེས་ཉི་མ་གཅིག་ལགཙུག་ལག་ཁང་སུམ་བརྩེགས་བརྩིགས་ཟིན་པ་ཞིག་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིསཔ་དགག་བྱ་ནི་གཙུག་ལག་ཁང་འཇིག་པར་འགྱུར་ཞིང་དོན་དང་བྱ་བ་མང་བའོ། །གསུམ་པ་ངོབོ་ནི་བཅས་ལྡན་དགེ་སློང་གིས་གཙུག་ལག་ཁང་བརྩིག་པ་ན་ཉིན་ཞག་གཅིག་ལ་སྲ་བ་མ་ཡིནཔས་རིམ་པ་གསུམ་ལས་ལྷག་པའམ་ཆུ་ཁུང་སོགས་མེད་ན་ཉི་མ་གཞན་ལའང་ཕ་གུ་རིམ་པ་གསུམལས་ལྷག་པར་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དམིགས་བསལ་བཞིའི་སྐབས་སུ་ཉི་མ་ཐ་དད་དུ་རིམ་པ་གསུམ་ལས་ལྷག་པ་ལ་ཡང་ལྟུང་བྱེད་དུ་འགྱུར་ཏེ། ཉི་མ་ཐ་དད་གཞནལ་ཡང་འཇིམ་པ་མེད་པ་ལས་སོ་ཞེས་དམིགས་བསལ་གྱི་མདོ་བཞིས་སྟོན་པར་འགྱུར་རོ། །བཞིབ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ། གང་རྩིག་པའི་གནས་དང༌། གང་གི་ཚེ་རྩིགཔའི་དུས་དང༌། གང་གིས་རྩིག་པའི་དངོས་པོ་དང༌། གང་གིས་རྩིག་པའི་རྟེན་དང་བཞི། དང་པོ་ལབཞི་ལས། གཙུག་ལག་ཁང་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་དང༌། སྤྱོད་ལམ་བཞི་ཡན་ཆདཤོང་པ་སྟེ། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །སྤྱོད་ལམ་བཞི་ཤོང་བའོ། །ཞེས་སོ། །ཕལཆེར་གཡོགས་བསྐོར་ཡན་ཆད་དུ་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་སྟེ། ཕལ་ཆེར་གཡོགས་པདང་བསྐོར་བ་ནི། ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པལ་བྱེད་པ་ནི་ཕྱེད་ཉིད། ཅེས་གསུངས་པས་སོ། །གཉིས་པ་གང་གི་ཚེ་རྩིག་པའི་དུས་ནི་སྤྱིར་བཏངལ་ཉིན་ཞག་གཅིག་ཡིན་པ་སྟེ། ཉི་མ་དེ་ལའོ། །ཞེས་སོ། །དམིགས་བསལ་བཞི་ཡོད་དེ། ཉི་མགཅིག་ཡིན་པ་ལས་གཞན་ཉི་མ་ཐ་དད་ལ་ཡང་སོ་ཕག་མ་ཡིན་པའི་ཕ་གུ་འཇིམ་པ་མེད་པ་དང༌། ཆུ་ཁུང་དག་མ་བཏོད་པ་དང༌། བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པ་དང༌། ཡ་ཕུབས་ལ་སོགསཔའི་སྒོ་ཆ་གོང་མ་མ་བཅུག་པ་གང་རུང་ཡིན་ན་རིམ་པ་གསུམ་ལས་ལྷག་བརྩིག་ན་ལྟུང་བྱེད་དུའགྱུར་ཏེ། རྩ་བར། གཞན་ལ་ཡང་འཇིམ་པ་མེད་པས་སོ། །ཆུ་ཁུང་དག་མ་གཏོད་པ་ཡང་རུངངོ། །བརྐོས་ཏེ་རྨང་གི་རྩ་བ་མ་བཙུག་པ་ཉིད་ཀྱང་རུང་ངོ། །སྒོ་ཆ་གོང་མ་མ་བཅུག་པ་ཡང་རུངངོ། །ཞེས་དང༌། ཊཱི་ཀ་ལས། སྒོ་ཆ་གོང་མ་མ་བཅུག་པ་ལས་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པགསུམ་ལས་ལྷག་པར་བརྩིགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་གསུངས་སོ། །

གསུམ་པ་གང་གིས་རྩིག་པའི་དངོས་པོ་ནི།

འཇིག་པའི་ཉེན་ཅན་ཡིན་པ་སྟེ། སོ་བསྲེགས་པ་མཡིན་པའི་ཕ་གུ་ལྟ་བུའོ། །དེ་ཡང་གལ་ཏེ་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ། །ཞེས་གསུངས་པས་སོ། ། བཞི་པ་གང་གིས་རྩིག་པའི་རྟེན་ནི། ཆར་ཆུ་བསྐྱབ་པའིགཡོགས་པ་མ་བྱས་པར་དང་སྦྱིན་བདག་གི་ཚིག་གིས་དབང་མེད་པ་མ་ཡིན་པ་སྟེ། ཆར་ཆུ་བསྐྱབཔའི་གཡོགས་པ་ཡང་ངོ༌། །ཡོན་བདག་གིས་བྱས་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལའོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་རང་གིས་སམ་བསྐོས་པའི་སྤྱིར་བཏང་ལ་ཉིན་ཞག་གཅིག་ལ་གཙུག་ལག་ཁང་གི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པསྦྱོར་བ་ནི་རང་ངམ་བསྐོས་པས་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པར་ཞུགས་པའོ། །

བཞི་བ་མཐར་ཐུག་ནི་རིམ་པ་གསུམ་ལས་ལྷག་པ་རིམ་པ་བཞི་པར་བརྩིགས་པའོ། །དེ་དག་ནི་མཚོ་ཊཱིཀ་དང་འདུལ་བ་བདུད་རྩིའི་ཉིང་ཁུ་ལྟར་བྲིས་པ་ཡིན་ནོ། །དེ་ལས་གཞན་དུ་སྒོ་མངཡིག་ཆར༌། དོན་ནི་དགེ་སློང་གིས་གཙུག་ལག་ཁང་རྩིག་པ་ན་ཉི་མ་གཅིག་ལ་ཆུ་ཁུང་དང་སྒོདང༌། རྩ་བ་རྐོས་པ་གསུམ་གང་རུང་མེད་པར་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་ན་དེ་རྩིག་པའི་ལྟུང་བྱེད་དངོས་གཞི་སྐྱེད་དེ། ཆུ་ཁུང་མེད་ན་རིམ་པ་གསུམ་ལས་ལྷག་གིས་སྐྱེད་ལཡོད་ན་མི་སྐྱེད་དེ། དེ་བཞིན་དུ་རྨང་རྐོས་ན་གསུམ་གྱི་ལྷག་གིས་མི་སྐྱེད། ཅེས་པ་ནས། འདིལྟར་མ་གོ་བར་གསུམ་རིམ་བརྩིགས་ན་ལྟུང་བས་ཁྱབ་པར་བྲིས་པ་དུ་མ་སྣང་ངོ། །ཞེས་གསུངསསོ། །

བཅུ་ཚན་གསུམ་པ་ལ་སྡོམ་དང་སོ་སོར་བཤད་པ་དང་གཉིས། དང་པོ་ནི། སོར་སྡོམ་ལས།

མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་གཟུང་བར་བྱའོ། །

གཉིས་པ་སོ་སོར་བཤད་པ་ལ་བཅུ་ལས། ཉེར་གཅིག་པ་མ་བསྐོས་པར་སྟོན་པའི་ལྟུངབྱེད་འཆད་པ་ལ་གཉིས་ལས། དང་པོ་དགེ་སློང་མའི་སྟོན་པ་བསྐོ་བ་ནི། རྩ་བར། ཕམ་པར་འགྱུརབ་མ་བྱུང་བ། ཞེས་སོགས་བྱུང༌། འདིའི་དོན་ལ་དྲུག་ལས། དང་པོ་སྟོན་པ་བསྐོས་པའི་དགོསཔ་ནི། མ་བསྐོས་པར་ཆོས་སྟོན་པའི་ལྟུང་བ་མི་འབྱུང་བ་དང༌། ཆོ་གས་བསྐོས་པས་བཅས་པའི་སམཚམས་ཟིན་པའོ། །གཉིས་པ་ཡུལ་གང་བསྐོ་བ་ནི། བཙུན་པ་དང༌། བརྟན་པ་དང༌། མཁས་པ་དང༌།

ཕན་འདོགས་པའི་ཡན་ལག་དང་ལྡན་པ་སྟེ། བཙུན་པའི་ཡན་ལག་ནི་ཕམ་ལྷག་གིས་མ་གོས་ཤིངརང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། རྩ་བར། ཕམ་པར་འགྱུར་པ་མ་བྱུང་བ། ཞེས་པ་དང༌།

དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཕྱིར་བཅོས་པ། ཞེས་གསུངས་པས་ལྷག་མའི་ལྟུང་བ་གཞནགྱིས་མ་གོས་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། དུད་འགྲོ་གསོད་པ་ལ་སོགསཔ་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་མི་འཛེམ་ན་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །བརྟན་པའི་ཡན་ལག་ནི། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པ་སྟེ། ལོ་ཉི་ཤུ་ལས་མི་ཉུང་བ། ཞེས་སོ། །གཞན་དུ་ན་བསྐོ་བའི་ལས་འདི་མི་འཆགས་ཏེ། ལུང་རྣམ་འབྱེད་དང་དེའི་འགྲེལ་བལས་གསུངས་སོ། །མཁས་པའི་ཡན་ལག་ནི། སྡེ་སྣོད་གསུམ་འཛིན་པ་ནས་མཐུན་པ་དང་ཡོངསདག་ལ་སྦྱོར་ནུས་པ་ཡན་ཆད་ཡིན་པ་དང༌། གྲོང་ཁྱེར་བའི་སྐད་སྨྲ་བ་སྟེ། གཞུང་ལས་དངོས་སུགསུངས་སོ། །གཞན་དུ་ན་བསྐོ་བའི་ལས་འདི་མི་འཆགས་པར་ལུང་རྣམ་འབྱེད་དང༌། དེའི་འགྲེལབ་ལས་བཤད་དོ། །ཕན་འདོགས་ཀྱི་ཡན་ལག་ནི། ཆོས་བཅུ་གསུམ་སྟེ། མཚན་མཐུན་ལྟ་མཐུནཐ་སྙད་གསུམ་དང་ལྡན། །ལུས་ནི་ཐ་མལ་ས་ནི་རང་བཞིན་གནས། །མཚམས་ཀྱི་ནང་གནས་འགྲོ་བ་བཞི་དང་བྲལ། །སྤྲོ་དང་ཚོགས་ལོངས་མིན་དང་སྔར་བསྐོས་མིན། །ཞེས་སོ། །དེ་ཡང་མཚནམཐུན་པ་དང་ལྟ་བ་མཐུན་པ་ལ་སོགས་པ་བཅུ་གཉིས་ནི་སླར་བསྐོ་བའི་ལས་ཀྱི་བསྒྲུབ་བྱའི་སྐབསསུ་ལས་གཞིར་འཆད་པར་འགྱུར་ལ། དགེ་སློང་མའི་སྟོན་པར་སྔར་བསྐོས་པ་དང་མ་འབྲེལ་བ་ནི།

སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ཞེས་གསུངས་པས་སོ། །དེ་ལྟར་ན་ཆོས་བཅུ་དྲུག་དང་ལྡན་པ་བསྐོའོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །

གསུམ་པ་དུས་གང་གི་ཚེ་བསྐོ་བ་ནི། གསོ་སྦྱོང་བཅོ་ལྔ་པ་ལའོ། །ཞེས་སོ། །དུས་གཞན་དུ་ནིབསྐོ་བའི་ལས་འདི་མི་འཆགས་པར་ལུང་རྣམ་འབྱེད་དང་དེའི་འགྲེལ་བ་ལས་བཤད་དོ། །བཞིཔ་གནས་གང་དུ་བསྐོ་བ་ནི། མཚམས་ཀྱི་ནང་དུའོ། །ཞེས་སོ། །ལྔ་པ་ཆོ་ག་གང་གིས་བསྐོ་བ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང༌། སྤྲོ་བ་འདྲི་བའོ། །

དངོས་གཞི་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དེ་དག་གི་སྡོམ་ནི། ཕམ་པ་མ་བྱུང་མཁས་པའི་ཡན་ལག་ལྡན། །བསྙེན་པར་རྫོགས་ནསལོ་གྲངས་ཉི་ཤུ་ལོན། །གྲོང་ཁྱེར་སྐད་སྨྲ་རེག་པའི་ལྟུང་བ་མེད། །བཅོ་ལྔའི་དུས་དང་མཚམས་ཀྱི་ནང་དང་བདུན། །དེ་དག་གང་རུང་གཅིག་དང་མི་ལྡན་ན། །གཞན་དྲུག་ལྡན་ཡང་བསྐོ་བའི་ལས་མི་འཆགས། །ཞེས་སོ། །

གཉིས་པ་ལྟུང་བ་རྣམ་པར་བཞག་པ་ནི།

རྩ་བར། བསྐོས་པ་དེ་དག་ལས་གཅིགདང་ཡང་མི་ལྡན་པ་དང་མ་བསྐོས་པར་དགེ་སློང་མ་ལ་སྟོན་ནའོ། །ཞེས་སོགས་བྱུང༌། འདིའི་དོནལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་མ་བསྐོས་པར་དགེ་སློང་མ་ལ་ཆོསབསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགསཀྱི་བསླབ་པ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གང་དགེ་སློང་མའི་སྟོན་པརཚུལ་བཞིན་དུ་བསྐོས་པ་མ་ཡིན་པས་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུར་པའི་ལྟུང་བ་དངོསགཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་ལས། གང་ལ་བསྟནཔའི་ཡུལ་ནི། དགེ་སློང་མ་ཆོས་བདུན་ལྡན་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པ་དེ་ལསའདིར་ཉེ་དུ་མ་ཡིན་པ་མ་གཏོགས་པ་ཆོས་དྲུག་ལྡན་ནོ། །གང་བསྟན་པའི་ཆོས་ནི། སངས་རྒྱསཀྱི་བཀའ་འམ་དེའི་གཏན་ལ་འབེབས་པའི་བསྟན་བཅོས་ཡིན་པ་སྟེ། ལུང་ལས། སྟོན་ན་ཞེསབྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་བོ། ཞེས་སོ། །སེལ་བ་སྒྲ་རིག་པ་ལྟབུ་བསྟན་ན་ནི་ན་སྨད་དོ། །ཚིག་བཞིར་ལོངས་པའོ། །གང་གིས་སྟོན་པའི་རྟེན་ནི། དགེ་སློང་མའི་སྟོན་པར་བསྐོས་པ་ཉིད་མ་ཡིན་པ་དང༌། ཆོས་བླ་མའི་མཐུ་དང་མི་ལྡན་པ་དང༌། དགེ་འདུནདུ་མ་ལོངས་ཤིང་འོས་པ་ལ་གསོལ་བ་མ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིསལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགེ་སློང་མའི་སྟོན་པར་མ་བསྐོས་པརརང་གར་དགེ་སློང་མ་ལ་ཆོས་སྟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམཔ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནིདགེ་སློང་མས་དོན་གོ་བའོ། །

ཉེར་གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་འཆད་པ།

ཉེར་གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །ཉི་མ་ནུབ་པ་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞིལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགའ་བྱེད་ཀྱིས་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལཆོས་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རངརིགས་ཀྱི་བསླབ་པ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགསཔར་བཅས་ལྡན་དགེ་སློང་གིས་ཉི་མ་ནུབ་པའི་དུས་སུ་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །འདུལ་བ་བདུད་རྩི་ཉིང་ཁུ་ལས། དགེ་སློང་མའི་སྟོན་པར་སྐོས་ཀྱང༌། ཞེས་གསུངས་པ་ལེགས་སྙམ་མོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡནལག་ལ་བཞི་ལས། གང་ལ་བསྟན་པའི་ཡུལ་ནི། དགེ་སློང་མ་ཆོས་དྲུག་ལྡན་སྔ་མ་བཞིན་ནོ། །གངབསྟན་པའི་ཆོས་ནི། ཆོས་གཉིས་ལྡན་སྔ་མ་བཞིན་ནོ། །གང་གི་ཚེ་བསྟན་པའི་དུས་ནི། ཉི་མ་ནུབཔའི་དུས་ཡིན་པ་དང༌། མཚན་ཐོག་ཐག་ཆོས་སྟོན་པའི་དུས་མ་ཡིན་པའོ། །གང་དུ་བསྟན་པའིགནས་ནི་འཇིགས་པའི་ཉེན་མེད་ཡིན་པ་སྟེ། དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་ཞེས་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཉིམ་ནུབ་ནས་རང་གར་དགེ་སློང་མ་ལ་ཆོས་སྟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆདཔའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དགེ་སློང་མས་དོན་གོ་བའོ། །

ཉེར་གསུམ་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཞེས་སྐུར་པ་འདེབས་པའི་ལྟུངབྱེད་འཆད་པ་ལ་གཉིས་ལས། དང་པོ་བསླབ་པར་བྱ་བ་ནི། རྩ་བར། དགེ་སློང་མས་ཆོས་འདྲིབ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་དབུལ་བར་བྱའོ། །ཞེས་སོགས་སོ། །

གཉིས་པ་ལྟུང་བ་རྣམ་པར་བཞག་པ་ལ།

རྩ་བར། དགེ་སློང་དེ་ལྟར་གྱུར་པ་མ་ཡིནཔ་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྨྲས་ནའོ། །ཞེས་བྱུང༌། །འདིའིདོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོསསྟོན་ཏོ་ཞེས་དགའ་བྱེད་ལ་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིསདགེ་སློང་གཞན་ཟས་ལ་སོགས་པའི་ཆེད་དུ་ཆོས་སྟོན་པ་མ་ཡིན་པ་ལ་ཟས་ལ་སོགས་པའི་ཆེདདུ་དགེ་སློང་མ་ལ་ཆོས་བསྟན་ཏོ། །ཞེས་སྐུར་པ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་ལས། གང་ལ་སྐུར་པ་གདབཔའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཟས་གོས་ཀྱི་ཕྱིར་ཆོས་སྟོན་པ་པོ་མ་ཡིན་པ་སྟེ།

དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ། ཞེས་སོ། །གང་གིས་སྐུར་པ་གདབ་པའི་དངོས་པོ་ནི།

ཟས་གོས་སམ་ལྷུང་བཟེད་ཀྱི་ཆེད་དུ་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པ་སྟེ། ཟས་ཅུང་ཟད་ཙམ་གྱི་ཕྱིར། ཞེས་པ་དང༌། གོས་དང་ལྷུང་བཟེད་ལའང་གནད་ཀྱིས་སྦྱར་ཏེ། འགྲེལཆུང་ལས། ཡོ་བྱད་དག་དང་ཁ་ཟས་ཙམ་གྱི་ཕྱིར་ཆོས་འཆད་དོ། །ཞེས་སྐུར་པའི་ཚིག་སྨྲས་ན་ལྟུང་བའོ། །ཞེས་སོ། །གང་ལ་གོ་བར་བྱ་བའི་ཡུལ་ནི་ཆོས་གསུམ་ལྡན་ཏེ། ཐ་སྙད་ལྔ་དངལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པའོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཟས་ལ་སོགས་པའི་ཆེད་དུ་དགེསློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོརབ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་པ་འདེབས་པ་འདི་ལ་ཞུགས་པའོ། །བཞི་བ་མཐར་ཐུགནི་ཕ་རོལ་པོས་དོན་གོ་བའོ། །

ཉེར་བཞི་བ་གོས་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །དགེ་སློངམ་ཉེ་དུ་མ་ཡིན་པ་ལའོ། །གོས་བྱེད་ནའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེངགཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མའི་གོས་བཟོ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གསུམཔ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བཟོ་བྱས་ཏེཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའིཡན་ལག་ལ་གཉིས་ཏེ། གང་གི་བྱ་བའི་ཡུལ་དང༌། གང་བྱ་བའི་དངོས་པོའོ། །དང་པོ་ནི། དགེསློང་མ་ཆོས་བདུན་ལྡན་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ལ་ལྔ་ལས། གོས་ཡིན་པ་དང༌། དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དགེ་སློང་མའི་གོས་བཟོ་བྱེད་པར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་གོས་ཀྱི་བཟོ་བྱེད་པར་ཞུགས་པའོ། །བཞི་བ་མཐརཐུག་ནི་བཟོས་ཟིན་པའོ། ། སོ་སོ་ཐར་པའི་མདོ་ལས། གོས་སྦྱིན་པའི་རྗེས་སུ་གོས་བྱེད་པ་འདིགསུངས་ཀྱང༌། འདིར་གོ་རིམ་བསྒྱུར་ནས་གསུངས་པ་ནི། གོས་བྱེད་པ་ནི་གོས་སྦྱིན་པའི་རྒྱུ་ཡིནཔའི་ཕྱིར་རོ། །

ཉེར་ལྔ་བ་གོས་སྦྱིན་པའི་ལྟུང་བྱེད་འཆད་པ།

ཉེར་ལྔ་བ་གོས་སྦྱིན་པའི་ལྟུང་བྱེད་འཆད་པ་ལ། རྩ་བར། གོས་བྱིན་ནའོ། །

ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཚོང་དཔོན་ལསརབ་ཏུ་བྱུང་བའི་དགེ་སློང་གིས་དགེ་སློང་མ་ལ་གོས་བྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིསཔ་དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ། རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གསུམ་པངོ་བོ་ནི་བཅས་ལྡན་དགེ་སློང་གིས་གོས་བོར་བརླག་བྱུང་བ་སོགས་མ་ཡིན་པའི་རང་གི་ཉེ་དུ་མཡིན་པའི་དགེ་སློང་མ་ལ་དགེ་སློང་རང་དབང་བའི་གོས་ངག་གི་རིག་བྱེད་ཀྱིས་བྱིན་ནས་ཡུལ་དེས་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དངཔོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྦྱིན་པའི་ཡུལ་དང༌། གང་སྦྱིན་པའི་དངོས་པོའོ། །

དང་པོ་ནི། སྔར་བཞིན་དགེ་སློང་མ་ཆོས་བདུན་ལྡན་གྱི་སྟེང་དུ། དགེ་འདུན་མ་སྤྱི་ལ་གོས་འབུལན། དེའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང༌། དགེ་སློང་མའི་ཆོས་གོས་ཚང་བར་ཡོད་པ་དང༌།

དགེ་སློང་མས་དགེ་སློང་ལ་ཆོས་ལེགས་པར་སྨྲ་བ་མ་ཡིན་པ་དང༌། བསྙེན་པར་རྫོགས་པར་བྱེདཔ་མ་ཡིན་པ་སྟེ། གོས་འབུལ་བ་མ་ཡིན་པའོ། །གལ་ཏེ་བོར་བརླག་བྱུང་བ་དང༌། ལེགས་པརསྨྲ་བ་དང༌། བསྙེན་པར་རྫོགས་པར་བྱེད་པ་དང༌། ཞེས་གསུངས་སོ། །གཉིས་པ་གང་སྦྱིན་པའིདངོས་པོ་ལ་བཞི་ལས། གོས་ཡིན་པ་སྟེ། གོས་སྦྱིན་ནའོ། །ཞེས་སོ། །རང་གི་ཡིན་པ་སྟེ། གཞནགྱི་གོས་གཞན་གྱིས་སྟེར་བ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའིཕྱིར་རོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ནི་སྤྱིར་བསྟན་པ་ལས་སོ། ། གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གོས་བརྗེ་བ་ལསགཞན་པས་རང་གར་དགེ་སློང་མ་ལ་གོས་སྟེར་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོརབ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གོས་སྟེར་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཡུལ་དེསཐོབ་བློ་སྐྱེས་པའོ། །

ཉེར་དྲུག་པ་དགེ་སློང་མ་དང་ལྷན་ཅིག་མགྲོན་ལམ་དུ་འཇུག་པའི་ལྟུང་བྱེདའཆད་པ།

ཉེར་དྲུག་པ་དགེ་སློང་མ་དང་ལྷན་ཅིག་མགྲོན་ལམ་དུ་འཇུག་པའི་ལྟུང་བྱེདའཆད་པ་ལ་གསུམ་ལས།

དང་པོ་བསླབ་པར་བྱ་བ་ནི། རྩ་བར། ལམ་རྒྱགས་བསྐུར་བར་བྱའོཞེས་པ་ནས་སོ། །གཉིས་པ་ལྟུང་བ་མེད་པ་ནི། རྩ་བར། འཇིགས་པ་དང་བཅས་པའི་ལམ་ཉིདདུ་འགྲོ་ན་ཐབས་གཅིག་ཏུ་ཞུགས་ཤིང་ཐ་མི་དད་པར་འགྲོ་བ་མ་གཏོགས། ཞེས་སོ། །གསུམ་པལྟུང་བ་རྣམ་གཞག་ལ། རྩ་བར། དགེ་སློང་མ་གཅིག་དང་ཡང་ལམ་ལས་འདའ་ཞིང་འགྲོ་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེསློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི།

དགེ་སློང་ཕོ་མོ་ལམ་དུ་འགྲོགས་པ་དེ་མི་མཛེས་ཤིང་མ་དད་པ་སྐྱེ་བ་དང༌། ཆགས་པའིརྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློངགིས་དགེ་སློང་མ་དང་ལྷན་ཅིག་ཏུ་སའི་ལམ་དུ་རྒྱང་གྲགས་ལས་འདས་པར་ཕྱིན་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གངདང་འགྲོགས་པའི་ཡུལ་དང༌། གང་དུ་འགྲོ་བའི་ལམ་དང༌། གང་གིས་འགྲོ་བའི་རྟེན་དང་གསུམ།

དང་པོ་ནི་མ་བསྐོས་པར་ཆོས་སྟོན་པའི་སྐབས་སུ་བཤད་པའི་དགེ་སློང་མ་ཆོས་དྲུག་ལྡན་གྱི་སྟེངདུ། ངོ་མ་སྤོས་པ་དང༌། ཕན་གདགས་བྱ་འདོགས་བྱེད་མ་ཡིན་པའོ། །ཁྲིམས་གྲོགས་ཀྱིས་ལྟུངབ་འདི་མི་ཁེགས་པ་ཡིན་ཏེ། ལུང་ཞུ་བ་ལས། དགེ་སློང་གང་དགེ་སློང་མའི་མགྲོན་པོ་མང་པོ་དངལྷན་ཅིག་ལམ་དུ་ཞུགས་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་གང་དུ་འགྲོབའི་ལམ་ནི་སའི་ལམ་ཡིན་པ་དང༌། རྒྱང་གྲགས་ཀྱི་མཐའ་བ་ཡིན་པ་དང༌། འཇིགས་པའི་ཉེནཅན་མ་ཡིན་པའོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པའོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུནསློང་ནི་རང་དགར་དགེ་སློང་མ་དང་ལྷན་ཅིག་འགྲོགས་ཏེ་ལམ་གཅིག་ནས་འགྲོ་བར་འདོད་པརྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདས་ཤིང་རྫུ་འཕྲུལ་ལས་གཞན་པས་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལམ་རྒྱང་གྲགས་ལསའདས་པའོ། །

ཉེར་བདུན་པ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་འཆད་པ།

ཉེར་བདུན་པ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་འཐམས་ནས་ཅིག་ཅརགྲུ་གཅིག་གིས་ལམ་ལས་འདའ་ཞིང་འགྲོ་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་གྲུར་འཇུགཔ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྔ་མ་དང་འདྲའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ཆུའི་ལམ་གྲུ་གདལ་གཅིག་པ་ཡན་ཆད་དུ་རྒྱུནཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བདངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དང་འགྲོ་བའིཡུལ་དང༌། གང་དུ་འགྲོ་བའི་ལམ་དང༌། གང་གིས་འགྲོ་བའི་རྟེན་དང་གསུམ། དང་པོ་ནི་དགེསློང་མ་ཆོས་བརྒྱད་ལྡན་དེ་སྔ་མ་དང་འདྲའོ། །གཉིས་པ་ལ་བཞི་སྟེ། ཆུའི་ལམ་ཡིན་པ་དང༌། གྲུགདལ་གཅིག་ཡིན་པ་དང༌། འགྲམ་གཉིས་འཇིགས་པའི་ཉེན་ཅན་མ་ཡིན་པ་དང༌། རྒྱང་གྲགསཀྱི་མཐའ་པ་ཡིན་པའོ། །དེ་ཡང་ཊཱི་ཀ་ལས། ཆུའི་ལམ་ལས་འདའ་ཞིང་འགྲོ་ན། ཞེས་དང༌། ཅིག་ཅར་གྲུ་གཅིག་གིས། ཞེས་དང༌། འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས། ཞེས་དང༌། ལུང་རྣམ་འབྱེད་ལས། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངསསོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། ལུང་ཞུ་བ་ལས།

ལམ་དུ་ཞུགས་པ་དེ་བཞིན་གྲུ་རྒལ་བ་ལ་ཡང་ཤེས་པར་བྱ། ཞེས་གསུངས་སོ། །གཉིས་པ་བསམཔའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཆུའི་ལམ་དུ་གྲུ་གཅིག་གིས་རྒྱུན་ནམ་བཟློག་ཕྱོགས་སུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །

གསུམ་པ་སྦྱོར་བ་ནི་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་སྦྱོར་བ་གཅིག་གིས་རྒྱང་གྲགསལས་འདའ་ཞིང་རྫུ་འཕྲུལ་ལས་གཞན་པས་འགྲོ་བར་ཞུགས་པའོ། །བམ་པོ་ལྔ་བཅུ་པ་ལས།འཐམས་པ་དང༌། ཞེས་ལྟུང་བྱེད་འདི་སྐྱེད་པ་ལ་འཐམས་པ་ཡན་ལག་ཏུ་དགོས་པར་བཤད་ཀྱང༌། ཊཱི་ཀ་ལས། དགེ་སློང་མ་གཅིག་དང་ཡང་སྔར་འཐམས་ཀྱང་རུང་མ་འཐམས་ཀྱང་རུང་སྟེརྒྱང་གྲགས་རེ་རེར་ནི་དངོས་གཞིའོ། །ཞེས་གསུངས་པས། འཐམས་ནས་ཞེས་པ་འདི་ནི་གླེངགཞི་ལས་བྱུང་བ་ཙམ་མོ། །འོ་ན་ལྟུང་བྱེད་སྔ་མ་དང་འདི་གཉིས་ཀ་ལ་ལུང་ཞུ་བ་ལས་དགེ་སློངགིས་དགེ་སློང་མ་དང་ལྷན་ཅིག་ཏུ་འཕྲིན་གྱིས་འཐམས་ནས་བཤུལ་དུ་ཞུགས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ཐམས་ཅད་ཉེས་བྱས་སུ་འགྱུརརོ། །མཐའ་འཁོབ་པའི་སྐད་དུ་འཐམས་པ་དང་དགེ་སློང་མ་དེས་མཐའ་འཁོབ་པའི་སྐད་མ་འཚལན་ཅིར་འགྱུར། ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་འགལ་ཞེ་ན། དེ་དག་ནིམགྲོན་ལམ་དང་གྲུར་འགྲོ་བའི་མཐར་ཐུག་གྲུབ་པ་ན་ལྟུང་བྱེད་སྐྱེད་ཅིང༌། འཐམས་པ་ཡན་ལགཏུ་མི་དགོས་ཀྱང་འཐམས་པར་གྱུར་ན་འཐམས་པ་ཙམ་གྱི་གནས་སྐབས་ན་ཉེས་བྱས་སྐྱེད་པ་ལ་དགོངས་སོ་ཞེས་བརྗོད་པར་བྱའོ། །བཞི་བ་མཐར་ཐུག་ནི་རྒྱང་གྲགས་ལས་འདས་པའོ། །

ཉེར་བརྒྱད་པ་དབེན་པ་ན་འདུག་པའི་ལྟུང་བྱེད་འཆད་པ།

ཉེར་བརྒྱད་པ་དབེན་པ་ན་འདུག་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། བུད་མེད་གཅིག་པུ་ཉིད་དང༌། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་འཆར་ཀས་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ལས་ལྟུང་བྱེད་དུབཅས་སོ། །གཉིས་པ་དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་གི་བསླབ་པ་ལ་གནོད་པའོ། །

གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིགདབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འདུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡནལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དང་འདུག་པའི་ཡུལ་དང༌། གང་དུ་འདུགཔའི་གནས་དང༌། གང་གིས་འདུག་པའི་རྟེན་དང་གསུམ། དང་པོ་ལ་བདུན་ཏེ། སྔར་འཁྲིག་ཚིགསྨྲ་བའི་སྐབས་སུ་ཡུལ་བུད་མེད་ཆོས་ལྔ་ལྡན་བཤད་པ་དེ་འདིར་ཡང་ཐུན་མོང་ཡིན་ལ། དེའི་སྟེང་དུ་འདིར་བུད་མེད་གཅིག་པུ་ཡིན་པ་དང༌། ཉེ་དུ་མ་ཡིན་པ་སྟེ། བུད་མེད་གཅིག་པུ་ཉིད་དང་ཞེས་པདང༌། དབེན་པ་ན་འདུག་འགྲེང་གཉིས་ཀའི་སྐབས་སུ་བམ་པོ་ལྔ་བཅུ་པ་ལས། ཉེ་དུ་ལ་ལྟུང་བམེད་དོ། །ཞེས་བཤད་པས་སོ། །གཉིས་པ་གང་དུ་འདུག་པའི་གནས་ནི། དབེན་པ་ཡིན་པ་དང༌།

སྐྱབས་དང་བཅས་པ་དང༌། འདོམ་གང་ཚུན་ཆད་པ་ཡིན་པའོ། །གསུམ་པ་གང་གིས་འདུག་པའིརྟེན་ནི་དགེ་སློང་གཅིག་པུ་ཡིན་པ་སྟེ། གཅིག་པུ་འདུག་པའི་ལྟུང་བྱེད། ཅེས་གསུངས་པས་སོ། །

ཁྲིམས་གྲོགས་ཡོད་ན་ནི་ལྟུང་བ་མེད་དོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །

གསུམ་པ་སྦྱོར་བ་ནི་འདུག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་འདུག་པ་རྫོགས་པའོ། །

ཉེར་དགུ་བ་དབེན་པ་ན་འགྲེང་བའི་ལྟུང་བྱེད་འཆད་པ།

ཉེར་དགུ་བ་དབེན་པ་ན་འགྲེང་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་སློང་མ་དང་ངོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀསདགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྔར་ལྟར་རོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགསམེད་པར་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འགྲེང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་ལས། གང་དང་འགྲེང་བའི་ཡུལ་ནི་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པའི་དགེ་སློང་མ་ཆོསབདུན་ལྡན་གྱི་སྟེང་དུ། དགེ་སློང་མ་གཅིག་པུ་ཡིན་པ་སྟེ། ཊཱི་ཀ་ལས། དགེ་སློང་མ་གཅིག་པུཉིད་དང༌། ཞེས་སོ། །གང་དུ་འགྲེང་བའི་གནས་ནི་འདུག་པའི་སྐབས་དང་འདྲའོ། །གང་གིསའགྲེང་བའི་རྟེན་ནི། དགེ་སློང་གཅིག་པུ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་འགྲེང་བར་འདོད་པ་རྒྱུནམ་ཆད་པའོ། །གསུམ་པ་སྦྱོར་བ་ནི་འགྲེང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་འགྲེང་བརྫོགས་པའོ། །ཁ་ཅིག་ན་རེ་འདི་ཡང་བུད་མེད་སྤྱིས་བསྐྱེད་ཡིན་ཏེ། བུད་མེད་གཞན་དང་འགྲེངན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། རང་གི་རྣམ་བཤད་ལས། འདིརདགེ་སློང་མ་གཅིག་པུ་ཉིད་བྱེད་པ་པོ་ཉིད་ཡིན་གྱི་བུད་མེད་ཙམ་པོ་གཅིག་པུ་ཉིད་ནི་མ་ཡིན། ཞེས་གསུངས་སོ། །དགེ་སློང་མ་དང་འདུག་པའི་ལྟུང་བྱེད་ནི་ལྟུང་བྱེད་སྔ་མར་འདུས་ཏེ་དབེན་པན་འདུག་པའི་ལྟུང་བྱེད་ནི་བུད་མེད་སྤྱིས་བསྐྱེད་ཡིན་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀ་ལས་སོ། །

སུམ་ཅུ་པ་དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་འཆད་པ།

སུམ་ཅུ་པ་དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལབཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རྫུན་དང་དུ་ལེན་པའི་བྱ་བ་དང་འབྲེལནས་གྲོགས་ཀྱི་འཚོ་བ་ལ་གནོད་པ་དང་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོདཔའོ། །གསུམ་པ་ངོ་བོ་ནི་དགེ་སློང་བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཆོས་ཀྱི་ཡོན་ཏན་དགེ་སློངམས་ཁྱིམ་པ་ལ་བརྗོད་པའི་སྒོ་ནས་སྦྱོར་དུ་བཅུག་པའི་ཟས་བཅས་ལྡན་དགེ་སློང་གིས་ཟོས་པ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ།

དགེ་སློང་མ་གང་གིས་སྦྱོར་དུ་བཅུག་པ་དང༌། དངོས་པོ་གང་སྦྱོར་དུ་བཅུག་པ་དང༌། སྦྱིན་བདགགང་ལ་སྦྱོར་དུ་བཅུག་པ་དང༌། སྦྱོར་དུ་བཅུག་པ་དེ་གང་གིས་ཟ་བའི་རྟེན་དང་བཞི། དང་པོ་ནི་སྔརའཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པའི་དགེ་སློང་མ་ཆོས་བདུན་ལྡན་གྱིས་ཏེ། དེའང་དགེ་སློངམ་དེ་སྦྱིན་བདག་དེའི་ཉེ་དུ་མ་ཡིན་པས་ཁྱད་པར་དུ་བྱས་ཏེ། བསྡུས་པ་ལས། དགེ་སློང་མ་དེའི་ཉེདུའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ། །ཞེས་སོ། །གཉིས་པ་ནི་བརྒྱད་ལས། དེ་ལྟར་ཆོས་བདུན་ལྡནགྱི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཡིན་པ་སྟེ། དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ། །

ཞེས་སོ། །དེའང་དགེ་སློང་མ་དེས་རྫུན་གྱི་སྒོ་ནས་དགེ་སློང་གི་ཆོས་ཀྱི་ཡོན་ཏན་བརྗོད་པས་སྦྱོརདུ་བཅུག་པ་ཡིན་པ་སྟེ། ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་ཞེས་གསུངས་ཤིང་ལུང་རྣམ་འབྱེད་ལས། བདེན་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །ཆོས་ཀྱི་ཡོན་ཏན་ལས་གཞནབརྗོད་པས་སྦྱོར་དུ་བཅུག་པ་ལ་ནི་ན་སྨད་དོ། །དེ་ལའང་ངག་གི་རིག་བྱེད་ཀྱིས་སྦྱོར་དུ་བཅུགཔ་ཡིན་པ་སྟེ། ཊཱི་ཀ་ལས། ངག་གི་རྣམ་པར་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཡིན་པ་སྟེ། ཞེསདང༌། ཞུ་བ་ལས། སྤྲིང་ཡིག་ལ་སོགས་པས་སྦྱོར་དུ་བཅུག་པ་ཟོས་ན་ཉེས་བྱས་སོ། །ཞེས་གསུངསསོ། །དགེ་སློང་རང་གི་དོན་དུ་སྦྱོར་དུ་བཅུག་པ་ཡིན་པ་སྟེ། གཞན་གྱི་དོན་དུ་ནི་ན་སྨད། ཅེསགསུངས་པས་སོ། །དུས་སུ་རུང་བ་ཡིན་པ་སྟེ། བཟའ་བར་བྱ་བའོ་ཞེས་གསུངས་པས་སོ། །

སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ། གཞན་གྱི་ཟས་དང་ནོར་ཏེ་ཟོས་ན་ཉེས་བྱས་སོ། །རུང་བ་དངཚད་དང་ལྡན་པ་གཉིས་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་ནི། ཁྱིམ་པ་ཆོས་ལྔ་ལྡན་ཏེ་གོསསློང་བའི་སྐབས་སུ་བཤད་ཟིན་པའི་ཆོས་དྲུག་ལྡན་ལས། ཅི་བདེར་སྟོབས་པ་མ་ཡིན་པ་མི་བགྲངསྟེ། འདིར་ནི་དེ་ཡིན་མིན་འདྲའོ། །བཞི་པ་ནི་མགྲོན་དུ་མ་བོས་པའམ་བོས་པ་ལ་ཡང་ལྷག་པ་ཟ་བ་པོ་ཡིན་པའཽ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མའཁྲུལ་བའོ། །ཀུན་སློང་ནི་སྦྱོར་དུ་བཅུག་སྟེ་རང་དགར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་སྦྱོར་དུ་བཅུག་པ་དེ་ཟ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུམིད་པ་སྟེ། རྩ་བར། དེ་ནི་མིད་ན་དེའིའོ། །ཞེས་གསུངས་སོ། །

བཅུ་ཚན་བཞི་བ་ལ་སྡོམ་དང་སོ་སོར་བཤད་པ་དང་གཉིས་ལས། དང་པོ་སྡོམ་ནི།

སོར་སྡོམ་ལས། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང༌། །

འདུས་དང་དུས་མིན་གསོག་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་གཟུང་བརབྱའོ། །གཉིས་པ་སོ་སོར་བཤད་པ་ལ་བཅུ་ལས། དང་པོ་སོ་གཅིག་པ་ཡང་ཡང་ཟ་བའི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དང་པོ་བསླབ་པར་བྱ་བ་ནི། རྩ་བར། ཁྱིམ་གཞན་དུ་ཡང་ཟན་ལ་བོསཔ་དང་དུ་བླང་བར་བྱའོ། །ཞེས་སོགས་བྱུང༌། གཉིས་པ་ལྟུང་བ་རྣམ་གཞག་བཤད་པ་ལ། རྩ་བར།

ཅིག་ཅར་ཡང་རུང་ཕྱིས་ཀྱང་རུང་སྟེ་གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་པ་རྙེད་ནའོ། །

ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅསཔའི་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་འཕྲལ་ལ་མཐོའི་བྱུང་བའོ། །བྱུང་ལ་བཅས་པའིགླེང་གཞི་ནི་ཡངས་པ་ཅན་དུ་དྲུག་སྡེས་ཡང་ཡང་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པདགག་བྱ་ནི་སྦྱིན་བདག་སྔ་མ་མ་དད་པ་སྟེ། ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་ཡོད་ན་ལྟུང་མེད་དུ་གསུངསཔས་སོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དུས་ཉི་མ་གཅིག་ལ་ཁྱིམ་པས་མགྲོན་དུབོས་པ་ལན་གཉིས་ཡན་ཆད་བྱུང་བ་ན་ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པའིཟས་ཕྱི་མ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོགཞིའི་ཡན་ལག་ལ། གང་གི་ཟས་ཟ་བའི་སྦྱིན་བདག་དང༌། གང་ཟ་བའི་དངོས་པོ་དང༌། གང་གིཚེ་ཟ་བའི་དུས་དང༌། གང་གིས་ཟ་བའི་རྟེན་དང་བཞི། དང་པོ་ནི་སྦྱིན་བདག་ཆོས་དགུ་ལྡན་ཏེ།

ཁྱིམ་པ་ཡིན་པ་དང༌། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང་གསུམ་ནི་སྔརགོས་སློང་བ་ལ་སོགས་པའི་སྐབས་སུ་བཤད་པ་བཞིན་ནོ། །རང་ལས་རྫས་ཀྱི་སྒོ་ནས་ཐ་དད་ཅིངསྦྱིན་བདག་སྔ་ཕྱི་དེ་གཉིས་ཀྱང་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ། ནོར་གཅིག་པ་ཡིན་ན་འདིའི་ལྟུངབ་མེད་དེ། འདིའི་དགག་བྱ་མེད་པའི་ཕྱིར་རོ། །བཤམས་པས་མགྲོན་དུ་འབོད་པ་པོ་མ་ཡིན་པསྟེ། བཤམས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་གསུངས་ལ། བཤམས་པའི་ནར་མའིཟས་དེ་རང་གི་ཟས་དང་འདྲ་བས་སྦྱིན་བདག་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར་རོ། །བཤེས་པའི་དབང་གིས་ཀུན་ཏུ་ལྟ་བ་པོ་མ་ཡིན་པ་སྟེ། ཀུན་ཏུ་ལྟ་བ་པོ་ཡང་ངོ་ཞེས་གསུངས་ལ། བཤེས་པའི་དབང་གིས་མགྲོན་དུ་འབོད་པ་པོ་ཡིན་ན་སྦྱིན་བདག་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར་རོ། །བསམ་པ་ཐག་པ་ནས་མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། མཐོ་འཚམས་པསབྱས་པ་ནི་མ་ཡིན་པ་ཉིད་དོ་ཞེས་གསུངས་ལ། མཐོ་འཚམས་པ་དེ་མགྲོན་དུ་འབོད་པ་པོ་ཉིདམ་ཡིན་པས་མགྲོན་དུ་བོས་པ་གཉིས་པ་ཟོས་པའི་དགག་བྱ་མེད་པའི་ཕྱིར་རོ། །ཟས་རུང་བ་ལམགྲོན་དུ་འབོད་པ་པོ་ཡིན་པ་སྟེ། མི་རུང་བ་ལ་བོས་པ་ཡང་ངོ་ཞེས་གསུངས་པས་གྲུབ་བོ། །རངགཙོ་བོར་མ་བྱས་ན་དགེ་འདུན་མགྲོན་དུ་འབོད་པ་པོ་མ་ཡིན་པ་སྟེ། དེ་ཕྱིར་མ་ཡིན་པར་དགེ་འདུན་ཡང་ངོ་ཞེས་གསུངས་ལ། དགེ་འདུན་མཆོད་སྟོན་ལ་བོས་པ་ཡིན་ན་གང་ཟག་རང་ཉིད་ལ་ལྟོས་པའི་མགྲོན་དུ་བོས་པ་གཉིས་པ་ཟོས་པའི་དགག་བྱ་མེད་པའི་ཕྱིར་རོ། །གཉིས་པ་གངཟ་བའི་དངོས་པོ་ལ་བདུན་ལས། བཟའ་བ་ལྔའི་ཁོངས་སུ་གཏོགས་པ་ཡིན་པ་སྟེ། ལྔའི་ཁོངསསུ་གཏོགས་པ་ལའོ་ཞེས་གསུངས་པས་སོ། །ཕན་ཚུན་ཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། སྨནགྱི་གཞི་ལས། གཞན་གྱིས་མགྲོན་དུ་བོས་པ་ན་འདུག་པ་ན་ངེས་གནང་ན། ཞེས་གསུངས་པསསོ། །ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པ་སྟེ། གོས་ཀྱི་རྙེད་པ་མེད་པའི་ཞེསགསུངས་ལ། ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་ཡོད་ན་གོས་ཀྱི་རྙེད་པ་ལ་དམིགས་ནས་འགྲོ་བརགསལ་གྱི། ཟས་སྔ་མས་མ་ཆོག་ནས་ཟ་བར་མི་གསལ་བས་སྦྱིན་བདག་སྔ་མ་མ་དད་པ་སྐྱེསཔའི་དགག་བྱ་མེད་པའི་ཕྱིར་རོ། །རང་གི་ནར་མའི་ཟས་མ་ཡིན་པ་སྟེ། མགྲོན་དུ་བོས་པ་གཉིསཔ་རྙེད་ནའོ། །ཞེས་གསུངས་ལ། རང་གི་ནར་མའི་ཟས་ཟ་བ་ལ་ནི་མགྲོན་དུ་བོས་པ་ཟ་བའི་ཐསྙད་མེད་པའི་ཕྱིར་རོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པ་གསུམནི་སྐབས་གཞན་དུ་བཤད་པ་དང་འདྲའོ། །གསུམ་པ་གང་གི་ཚེ་ཟ་བའི་དུས་ནི། ཉིན་ཞག་གཅིགགི་དུས་ཡིན་པ་དང༌། མུ་གེའི་དུས་མ་ཡིན་པ་སྟེ། ཉི་མ་ཐ་དད་ལ་མགྲོན་དུ་བོས་པ་གཉིས་པ་ཟབ་ལ་འདིའི་དགག་བྱ་མེད་པའི་ཕྱིར་དང༌། མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་བདགགིར་བྱ་ཞེས་གསུངས་པས་སོ། །བཞི་པ་གང་གིས་ཟ་བའི་རྟེན་ནི་འདི་ཉིད་ལས་ན་བ་མ་ཡིན་པདང་ལས་མ་བྱས་པ་དང་ལམ་དུ་མ་སོང་བ་ཞེས་གསུངས་པ་དེ་གསུམ་དང༌། སྲ་བརྐྱང་མ་བཏིངབ་སྟེ། སྲ་བརྐྱང་གི་གཞི་ལས་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བའི་ལྟུང་བ་མི་འབྱུང་བར་གསུངསཔས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་རང་དགར་ཡང་ཡང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཡངཡང་ཟ་བར་ཞུགས་པའོ། །བཞི་པ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

སོ་གཉིས་པ་འདུག་གནས་སུ་ཟ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཆོས་འདི་བའི་མཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ། །

ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདསམཉན་ཡོད་ན་བཞུགས་པའི་ཚེ་ན་དྲུག་སྡེས་རི་བྲག་གི་འདུག་གནས་སུ་གནས་ཏེ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རྩོད་པ་རྒྱས་པར་འགྱུར་པའོ། །གསུམ་པ་ངོ་བོ་ནིབཅས་ལྡན་དགེ་སློང་གིས་མུ་སྟེགས་ཅན་གྱི་འདུག་གནས་སྦྱིན་བདག་ཁྱིམ་པས་བྱས་ཤིང་མཆོདགནས་མུ་སྟེགས་ཡོད་པའི་གནས་དེར་ཞག་གཅིག་གནས་ཏེ། ཟས་གཉིས་པ་ཟོས་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དུཟ་བའི་གནས་དང༌། དེར་ཟ་བའི་གནས་ཀྱི་བདག་པོ་དང༌། གང་གི་ཟ་བའི་སྦྱིན་བདག་དང༌། གང་ཟ་བའི་དངོས་པོ་དང༌། གང་གིས་ཟ་བའི་རྟེན་ལྔ། དང་པོ་ལ་གསུམ་ལས། མུ་སྟེགས་ཅནཁོ་ནའི་འདུག་གནས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། མུ་སྟེགས་ཅན་གྱི་འདུག་གནས་སུ། ཞེས་དང༌། འདི་ཉིད་ལས། ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ། །ཞེས་གསུངས་པས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་དང༌། སྤྱོད་ལམ་བཞི་ཡན་ཆད་ཤོང་བ་སྟེ། སྔར་བཤད་པ་བཞིན་ནོ། །གཉིས་པ་དེར་ཟ་བའི་གནས་ཀྱི་བདག་པོ་ནི། མུ་སྟེགས་པ་ཡིན་པསྟེ། རྣམ་འབྱེད་ལས། མུ་སྟེགས་ཅན་གྱི་འདུག་གནས་སུ། ཞེས་གསུངས་སོ། །ཐ་སྙད་ལྔ་དངལྡན་པ་དང༌། ལུས་ཐ་མལ་པར་གནས་པ་སྟེ། སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིནནོ། །གསུམ་པ་གང་གི་ཟ་བའི་སྦྱིན་བདག་ནི། སྔར་གོས་སློང་བའི་སྐབས་སུ་བཤད་པའི་ཁྱིམ་པཆོས་དྲུག་ལྡན་གྱི་སྟེང་དུ། མུ་སྟེགས་ཅན་ཁོ་ནའི་སྦྱིན་བདག་ཡིན་པའོ། །བཞི་པ་གང་ཟ་བའིདངོས་པོ་ནི། དུས་སུ་རུང་བ་ཡིན་པ་དང༌། མུ་སྟེགས་པའི་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པའོ། །ལྔ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པམ་ཡིན་པ་དང༌། གནས་དེར་ཞག་གཅིག་ཡན་ཆད་གནས་པ་ཡིན་པ་སྟེ། མི་ན་བ་ལའོ། །ཞེསདང༌། སོ་སོ་ཐར་པའི་མདོ་ལས། ཞག་ལོན་པའི་དགེ་སློང་གིས། ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རངདགར་ཟན་གཉིས་པ་སློང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་ཞིང་ཟ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་མགུལདུ་མིད་པའོ། །

སོ་གསུམ་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་འཆད་པ།

སོ་གསུམ་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། སྟོབས་པའིའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞིནི་མཉན་ཡོད་དུ་དྲུག་སྡེས་བསོད་སྙོམས་བསླང་ཚད་ལས་ལྷག་པར་བླངས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང༌། ཚོད་མི་ཤེསཔའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པས་བསོད་སྙོམས་བསྟབས་ཤིང་ཅིབདེར་མ་བྱས་པར་ཚད་ཡོངས་སུ་མ་དཔགས་པ་ལས་དུས་སུ་རུང་བ་ལྷུང་བཟེད་དོའམ་གསུམལས་ལྷག་པ་བླངས་ཏེ་གནས་གཞན་དུ་ཁྱེར་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས།

དང་པོ་གཞིའི་ཡན་ལག་ལ་གསུམ་ལས། གང་ལ་བླང་བའིཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ། ཚད་ཡོངས་སུ་དཔོག་པ་པོ་མ་ཡིན་པ་སྟེ། ཡོངས་སུམ་དཔགས་པར་རོ། །ཞེས་གསུངས་སོ། །སྦྱིན་བདག་གིས་ཚད་ཡོངས་སུ་དཔག་ན་ནི་ལྷུང་བཟེདདོ་གསུམ་ལས་ལྷག་ཀྱང་ལྟུང་བ་མེད་དེ། སྦྱིན་བདག་གི་བསམ་པ་ལ་གནོད་པའི་དགག་བྱ་མེདཔའི་ཕྱིར་རོ། །གང་བླངས་ཏེ་ཟ་བའི་དངོས་པོ་ནི། དུས་སུ་རུང་བ་ཡིན་པ་དང༌། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང༌། ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་སྟེ་གསུམ་དང༌། རུང་བ་དང༌། ཚདདང་ལྡན་པ་སྟེ་ལྔའོ། །གང་དུ་ཟ་བའི་གནས་ནི། གང་དུ་བླངས་པ་དེ་ནས་གཞན་དུ་ཁྱེར་བའི་གནསཡིན་པ་སྟེ། མནོས་པའོ། །ཞེས་སོ། །གང་དུ་བླངས་པའི་གནས་དེ་ཉིད་དུ་ཟ་བ་ལ་ནི་ལྟུང་བ་མེདདེ། གཞན་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིསལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་བླང་ཚད་ལས་ལྷག་པར་བླངས་ནས་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། ཚད་ལས་ལྷག་པར་ལེནཞིང་གནས་གཞན་དུ་ཁྱེར་ཏེ་ཟ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

སོ་བཞི་པ་སྤངས་པ་ཟ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །སྤངས་པ་ཉིད་དང་ལྷག་པོར་མ་བྱས་པ་ཉིད་དག་ལའོ། །ཟོས་ནའོ། །ཟས་ཙམ་མོ། །ཞེས་བྱུང༌། འདིའི་དོནལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཟས་སྤངས་ནས་ཟོས་པ་ལས་ལྟུང་བྱེདདུ་བཅས་སོ། །གཉིས་པ་དགག་བྱ་ནི་ཟས་ལ་འདོད་པ་ཆེ་བའི་ཚུལ་གྱིས་གཞན་དག་མ་དད་པསྐྱེ་བའོ། ། གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཟས་སྤངས་པ་རྫོགས་པས་དུས་སུ་རུངབའི་བཟའ་བའམ་བཅའ་བ་ལྷག་པོར་མ་བྱས་པ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོསཔོ་དང༌། གང་གི་ཚེ་ཟ་བའི་དུས་དང༌། གང་གིས་ཟ་བའི་རྟེན་ནོ། །དང་པོ་ནི་དངོས་པོ་དུས་སུརུང་བའི་བཟའ་བ་དང་བཅའ་བ་ཡིན། རུང་བ་དང་ཚད་དང་ལྡན་པ་ཆོས་གསུམ་ལྡན་གྱི་སྟེངདུ། རང་ངམ་རང་དང་ཆོ་ག་གཅིག་པས་ལྷག་པོར་བྱས་པ་དང་མ་འབྲེལ་བ་དང༌། མིད་པ་གཉིསཔ་ལ་སྒྲེགས་པའི་ཟས་མ་ཡིན་པ་དགོས་སོ། །གཉིས་པ་ནི་སྤངས་པའི་དུས་ཡིན་པ་དང༌། མུགེའི་དུས་མ་ཡིན་པའོ། །གསུམ་པ་ནི་ཟས་སྤངས་པ་རྫོགས་པ་སྟེ། སྤངས་པ་ཉིད་དང༌། ཞེསསོ། །གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། གསོ་བའི་དོན་ཉིད་མ་གཏོགས་སོ། །ཞེས་གསུངསསོ། །སྒྲེགས་པའི་ཟས་ལ་མིད་པ་གཉིས་པ་མ་ཡིན་པ་དང་གསུམ་མོ། །གཉིས་པ་བསམ་པའི་ཡནལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྤངས་པ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་སྤངས་ནས་ཟ་བར་ཞུགས་པའོ། །བཞིབ་མཐར་ཐུག་ནི་མགུལ་དུ་མིད་པའོ། །ལུང་ལས། དགེ་སློང་དག་སྟན་གཅིག་པའི་ཟས་ཟོ་ཞིགདང་ཞེས་དང་པོར་གསུངས་པའི་རྗེས་སུ་ལྟུང་བྱེད་འདི་བཅས་པ་ཡིན་པས། སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ། །ཞེས་གསུངས་སོ། །ལྷག་པོར་བྱེད་ཚུལ་ཡོད་དེ། དགེ་སློང་གི་མདུན་དུབྱིན་ལེན་བྱས་ནས་ཟས་ཐོགས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེསབགྱི་བ་འཚལ་མ་འཚལ་ལགས་ཤིང་ཡོངས་སུ་སྤངས་ཏེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས་བཟའ་བ་དང་བཅའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ་ཞེས་ལན་གཅིག་བརྗོད། ཡུལ་གྱིས་བླངས་ཏེ་དེ་ནས་ཁམ་གཉིསསམ་གསུམ་ཟོས་ནས་འདི་སྐད་ཅེས་ཁྱོད་ཀྱིས་ཅི་བདེར་གསོལ་ཞིག་ཅེས་ཕྱིར་གཏད། ཡུལ་གྱིས་ཟས་སྤངས་ཟིན་ན་ཡུལ་གྱིས་མི་ཟའོ། །

སོ་ལྔ་པ་སྤངས་པ་ལ་སྟོབ་པའི་ལྟུང་བྱེད་འཆད་པ།

སོ་ལྔ་པ་སྤངས་པ་ལ་སྟོབ་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། སྟོབ་ནའོ། །དགེ་སློང་ལའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་རྒནཞུགས་སློབ་མས་སྤངས་པ་ལ་ཟས་བསྟབས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགགབྱ་ནི་གཞན་ཉེས་པ་ལ་འཇུག་པའི་རྒྱུར་འགྱུར་བའོ། །རང་གི་རྣམ་བཤད་ལས་ཐམས་ཅད་དུརུང་བ་མ་ཡིན་པའི་ཕྱིར་སྟོབས་པ་ལ་ཉེས་པ་བྱས་པ་ནི། འདིའི་རྗེས་སུ་འབྲངས་ནས་རིག་པར་བྱའོཞེས་གསུངས་པས་དགེ་སློང་ལ་ཕྱི་དྲོ་ཁ་ཟས་སྟོབས་པ་ལྟ་བུ་ལ་ཡང་ཉེས་བྱས་སོ། །གསུམ་པ་ངོབོ་ནི་བཅས་ལྡན་དགེ་སློང་གིས་ཟས་སྤངས་པའི་དགེ་སློང་གཞན་ལ་དུས་སུ་རུང་བའི་བཟའ་བདང་བཅའ་བ་དག་གི་རིག་བྱེད་ཀྱིས་བསྟབས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་བསྟབས་པའི་ཡུལ་དང༌།

གང་སྟོབས་པའི་དངོས་པོ་དང༌། གང་གི་ཚེ་བསྟབས་པའི་དུས་དང་གསུམ། དང་པོ་ནི་དགེ་སློངཆོས་དྲུག་ལྡན་གྱི་སྟེང་དུ། ཟས་སྤངས་པ་ཡིན་པ་སྟེ། སྤངས་པ་ལ་སྟོབས་པ་ཞེས་གསུངས་པསསོ། །གཉིས་པ་ནི། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པ་དང༌། རང་ངམ་རང་དང་ཆོ་ག་གཅིག་པས་ལྷག་པོར་བྱས་པ་དང་མ་འབྲེལ་བ་དངབཞིའོ། །གསུམ་པ་ནི་སྔར་སྤངས་ཟའི་སྐབས་དང་འདྲའོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྤངས་པ་ལ་སྟོབསཔའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔལྡན་གྱིས་སྟོབས་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །

སོ་དྲུག་པ་འདུས་ཤིང་ཟ་བའི་ལྟུང་བྱེད་འཆད་པ།

སོ་དྲུག་པ་འདུས་ཤིང་ཟ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །ཞེསསོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེའདུན་ལས་ལོགས་ཤིག་ཏུ་འདུས་ཤིང་ཟ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནིཟས་ཐ་དད་ཀྱི་སྒོ་ནས་དགེ་འདུན་གཉིས་སུ་བྱེ་བར་འགྱུར་བའོ། ། གསུམ་པ་ངོ་བོ་ནི་བཅས་ལྡནདགེ་སློང་གིས་རང་བཞིན་གྱི་མཚམས་གཅིག་གི་ནང་དུ་དགེ་འདུན་རྣམས་ཟས་ཟ་བའི་གནས་ཚངམང་ལྟ་བུ་ལས་ལོགས་གཅིག་ཏུ་དགེ་སློང་བཞིར་ལོངས་འདུས་ཤིང་ཟ་བ་ལས་གྱུར་པའི་ལྟུང་བདངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དུ་ཟ་བའི་གནསདང༌། གང་བཟའ་བའི་དངོས་པོ་དང༌། གང་གིས་ཟ་བའི་རྟེན་དང༌། གང་དག་དང་ལྷན་ཅིག་ཟབའི་གྲོགས་དང་བཞི། དང་པོ་ལ་བཞི་སྟེ། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞནཡིན་པ་དང༌། ཚང་མང་ལྟ་བུ་དེ་ན་དགེ་སློང་བཞི་ཡན་ཆད་ཡོད་པའི་གནས་ཡིན་པ་དང༌། རངབཞིན་གྱི་མཚམས་གཅིག་གི་ནང་ཡིན་པ་དང༌། དགེ་སློང་བཞི་ཡན་ཆད་ཡོད་པ་དེ་དང་གནསལྷན་ཅིག་མ་ཡིན་པའོ། །དེ་ཡང་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་ཞེསཔའི་མདོ་འདིས་རིམ་པ་བཞིན་དུ་བསྟན་ཏོ། །གཉིས་པ་གང་བཟའ་བའི་དངོས་པོ་ལ་བདུན་ལས།

དུས་སུ་རུང་བ་ཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པའོ། །འདུས་པ་ཆེན་པོའི་ཟས་མ་ཡིནཔ་དང༌། ཕྱི་རོལ་པའི་དགེ་སློང་གི་ཟས་མ་ཡིན་པ་དང༌། སྤྲུལ་པ་ལ་སོགས་ཀྱི་ཟས་གཅིག་པ་མཡིན་པ་དགོས་སོ། །ལྡམ་ལྡུམ་ལ་སོགས་པ་མོད་པ་མ་ཡིན་པའོ། །གསུམ་པ་གང་གིས་ཟ་བའིརྟེན་ལ་བཞི་སྟེ། སྔར་ཡང་ཡང་ཟ་བའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། །བཞི་པ་གང་དགདང་ལྷན་ཅིག་ཟ་བའི་གྲོགས་ལ་བརྒྱད་ལས། ཐུན་མོང་བ་དགེ་སློང་ཆོས་དྲུག་ལྡན་ལ་བདག་ལས་ཐ་དད་པ་མ་བགྲངས་པ་ལྔའི་སྟེང་དུ་བདག་མ་གཏོགས་པ་གསུམ་ཡན་ཆད་ཡོད་པ་དང༌། གནས་ལྷན་ཅིག་ཏུ་ཟ་བ་ཡིན་པ་དང༌། དུས་ཅིག་ཅར་ཟ་བ་ཡིན་པའོ། །གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་འདུསཤིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་འདུས་ཤིང་ཟ་བར་བྱེད་པའོ། །

བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

སོ་བདུན་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་འཆད་པ།

སོ་བདུན་པ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། རང་གི་ཕྱེད་ཡོལནས་སྐྱ་རེངས་འཆར་བའི་བར་དུ་ནི་དུས་མ་ཡིན་ནོ། །དེ་ཉིད་ལ་ཤེས་གཙོའོ། །བཅའ་བར་བྱ་བདང་བཟའ་བར་བྱ་བ་ཟོས་ནའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་བཅུ་བདུན་སྡེས་ནུབ་མོ་ཟས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། ། གཉིས་པ་དགག་བྱ་ནིལུས་རྒྱགས་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ཉིམ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དེར་དུས་སུ་རུང་བའི་ཟས་ཟོས་པ་ལས་གྱུར་པའིལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་བཟའབའི་དངོས་པོ་དང༌། གང་གི་ཚེ་ཟ་བའི་དུས་དང༌། གང་གིས་ཟ་བའི་རྟེན་དང་གསུམ། དང་པོ་ལ་བཞིསྟེ། དུས་སུ་རུང་བ་ཡིན་པ་དང༌། མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ་དང་རུང་བ་དངཚད་དང་ལྡན་པའོ། །ལུང་ཞུ་བ་ལས། ཞོ་ནི་དུས་སུ་རུང་བའོ་ཞེས་གསུངས་པས་ཞོའམ་འོ་མ་ལྟབུ་དུས་སུ་རུང་བའི་བཏུང་བ་འཐུངས་ན་ཡང་ལྟུང་བྱེད་དོ། །གཉིས་པ་གང་གི་ཚེ་ཟ་བའི་དུས་ནི། རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་འཆར་བའི་བར་ཡིན་པའོ། ། འོད་ལྡན་དུ་ལུངདྲངས་ཏེ། གཏམ་གྱི་གཞི་ལས། དགེ་སློང་གིས་ཤར་གྱི་ལུས་འཕགས་གླིང་དུ་ཟས་འཚོལ་ན། དེསདུས་གང་གིས་འཚལ་བར་བགྱི། དེ་རྣམས་ཀྱི་དུས་གང་ཡིན་པས་སོ། །ཞེས་གནས་པའི་གླིང་གིསབཞག་པར་གསུངས་སོ། །གལ་ཏེ་དགེ་སློང་ལྷའི་ཡུལ་དང་གླིང་བར་གྱི་མུན་པ་ལྟ་བུར་གནས་ཏེ་ཟན་ནི། སྐྱེས་པའི་གླིང་གིས་བཞག་སྟེ་དམིགས་བསལ་དུ་བྱས་སོ། །གསུམ་པ་གང་གིས་ཟ་བའིརྟེན་ལ་གསུམ་ལས། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང༌། ཟས་ཀྱིས་ཤིན་ཏུ་ཕོངས་པའིརྐྱེན་ལྡན་མ་ཡིན་པ་དང༌། སྒྲེགས་པའི་ཟས་ལ་མིད་པ་གཉིས་པ་མ་ཡིན་པའོ། །གཉིས་པ་བསམཔའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་དུསམ་ཡིན་པར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་དུས་མ་ཡིན་པར་ཟ་བར་བྱེདཔའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

སོ་བརྒྱད་པ་གསོག་འཇོག་ཟ་བའི་ལྟུང་བྱེད་འཆད་པ།

སོ་བརྒྱད་པ་གསོག་འཇོག་ཟ་བའི་ལྟུང་བྱེད་འཆད་པ་ལ་གཉིས་ལས།

དང་པོ་ལྟུང་བ་དངོས་ནི། རྩ་བར། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོ་བའི་ཟས་སུ་དང་དེ་ཐུན་ཚོད་ལས་འདས་པ་ལྟ་བུ་ནི་གསོག་འཇོག་བྱས་པ་ཡིན་ནོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནིམཉན་ཡོད་དུ་དགེ་སློང་ནག་པོས་གསོག་འཇོག་བྱས་པ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པདགག་བྱ་ནི་ཟས་ལ་སྲེད་པ་ཆེ་བའི་སྒོ་ནས་གཞན་དག་མ་དད་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་སྨན་བཞི་ལས། གང་ཡང་རུང་བ་རང་གིས་གསོག་འཇོག་ཏུ་བཞག་པའམ་རངདང་ཆོ་ག་གཅིག་པས་གསོག་འཇོག་ཏུ་བཞག་པ་ཁམ་གང་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམ་ལས་དང་པོ་གངབཟའ་བའི་དངོས་པོ་ནི་དྲུག་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་སྟེ། སྔ་དྲོ་བའི་ཟས་བྱིནལེན་བྱས་པ་ཞེས་པ་ལ་སོགས་པ་གསུངས་པས་སོ། །རང་ངམ་རང་དང་ཆོ་ག་གཅིག་པས་གསོགའཇོག་བྱས་པ་དང་འབྲེལ་བ་སྟེ། རྩ་བར། སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གི་གསོགའཇོག་བྱས་པ་དག་ནི་གཅིག་པ་ཉིད་དོ། །ཞེས་པ་དང༌། ཐུན་ཚོད་ལས་འདས་པ་ལྟ་བུ་གསོག་འཇོག་བྱས་པ་ཡིན་ནོ། །ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལསོགས་པ་ཚྭ་ཆུ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ། །མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མཡིན་པའཽ། །གཞི་གཞན་གྱི་སྒོ་ནས་རུང་བ་དང༌། ཚད་དང་ལྡན་པ་སྟེ་དྲུག་གོ །གཉིས་པ་གང་གི་ཚེ་ཟབའི་དུས་ནི་མུ་གེའི་དུས་མ་ཡིན་པ་སྟེ། ལག་ཉར་བླངས་པ་ལ་སོགས་པའི་མུ་གེའི་ཚེ་བཟའ་བརགནང་བའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནདཔ་མ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་གསོག་འཇོག་ཏུ་སོང་བ་རང་དགར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཟ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །ཐུན་ཚོདལས་འདས་པ་ནི། འགྲེལ་ཆུང་ལས། ཉི་མ་ནུབ་སྟེ་དམར་ཐག་ཆད་པ་ལས་འདས་པ། ཞེསསོ། །དེའང་ལུང་ཞུ་བ་ལས། ཕྱི་དྲོའི་དུས་སུ་བྱིན་ལེན་བྱས་ན་ནི་ཕྱི་དྲོའི་དུས་སུ་སྤྱད་པར་བྱའོ། །དེ་སྟེ་དུས་དེ་ལས་ཡོལ་ན་ཅིར་འགྱུར། སྤང་པར་འགྱུར་རོ། །ཞེས་གསུངས་པའོ། །

གཉིས་པ་ཆ་ལ་བརྟེན་པ་བསྟན་པ་ནི།

ཆ་ལ་བརྟེན་པ་དེ་རང་གང་ཞེ་ན། རྒྱུའི་ཆ་འདྲ་བ་ལ་བརྟེན་པ་སྟེ། གསོག་འཇོག་བྱས་པ་ཟ་བའི་ཉེས་པ་ནི་རྒྱུ་རང་ངམ་རང་དངའདྲ་བས་གསོག་འཇོག་བྱས་པ་ལས་བྱུང་བ་ལྟར་ལག་ཉར་བླངས་པ་ལ་སོགས་པ་ཟ་བའི་ཉེསཔ་ཡང༌། རྒྱུ་རང་ངམ་རང་འདྲ་བས་ལག་ཉར་བླངས་པ་ལ་སོགས་པ་འདི་དག་བྱས་པ་ལས་བྱུངབས་སོ། །གསོག་འཇོག་གི་ཆ་ལ་བརྟེན་པ་འདི་ལ་བརྒྱད་དེ། ལག་ཉ་ལ་སོགས་པའི་ཉེས་བྱས་བཞིདང༌། དེ་དག་ཟ་བའི་ཉེས་བྱས་བཞིའོ། །དང་པོ་ལག་ཉར་བླངས་པའི་ཉེས་བྱས་ཀྱི་ངོ་བོ་ནི། བཅསལྡན་དགེ་སློང་གིས་རང་ངམ་རང་དང་འདྲ་བར་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་བྱིན་ལེན་མ་བྱས་པ་ལ་རེག་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགསཔ་སྟེ། ལན་ཚྭ་ལ་སོགས་པ་ཚྭ་ཆུ་ནི་ཕྱེད་ཉིད་དོ། །ཞེས་གསུངས་པས་སོ། །གང་གིས་རེག་པའིརྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །འདིར་བྱིན་ལེན་གྱི་ཆོ་ག་དང་ལྡན་ན་ཟས་དེལ་རེག་ཀྱང་ལག་ཉའི་ཉེས་པ་མེད་པས། ལག་ཉ་བསྲུང་བའི་ཆེད་དུ་བྱིན་ལེན་བྱས་ན་ཡང་ངོ༌། །

གཉིས་པ་མཚམས་སུ་བཙོས་པའི་ཉེས་བྱས་ནི།

ངོ་བོ་ནི་བཅས་ལྡན་དགེ་སློང་གིས་གནས་ཀྱིཁྱད་པར་རང་ངམ་རང་དང་འདྲ་བར་དབང་ཞིང་རུང་ཁང་མ་ཡིན་པའི་རང་བཞིན་གྱི་མཚམས་སམ་དེའི་ཉེ་འཁོར་དུ། དངོས་པོའི་ཁྱད་པར་རང་ངམ་རང་དང་འདྲ་བར་དབང་བའི་རྗེན་པ། ཆེདདུ་བྱ་བའི་ཁྱད་པར་རང་ངམ་རང་དང་འདྲ་བར་ལོངས་སྤྱོད་པའི་ཆེད་དུ་མེ་དང་འབྲེལ་བས་རེགཔ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །གསུམ་པ་ཞག་ལོན་པའི་ཉེས་བྱས་ནི། ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ངམ་རང་དང་འདྲ་བར་དབང་བའི་གནས་ཡིན་ཞིང་རུང་ཁངམ་ཡིན་པའི་རང་བཞིན་གྱི་མཚམས་སམ་དེའི་ཉེ་འཁོར་དུ་སྨན་བཞི་ལས་གང་ཡང་རུང་བ་བཞགསྟེ། མཚན་མོ་འདས་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །བཞི་པ་དགེ་སློང་གིས་རྗེན་པ་བཙོསཔའི་ཉེས་བྱས་ནི། ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རྗེན་པ་མཚན་ཉིད་དང་ལྡན་པ་དགེ་སློངརང་ངམ་རང་དང་འདྲ་བས་བཟའ་དོན་དུ་མེས་རེག་པ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགསཔའོ། །ལྔ་པ་ལག་ཉར་བླངས་པ་ལ་སོགས་པ་བཞི་པོ་དེ་རྣམས་ཟ་བའི་ཉེས་བྱས་བཞི་ནི། འདིརྣམས་ཀྱི་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་ལས་གང་ཡང་རུང་བ་ལག་ཉ་ལ་སོགསཔའི་སྐྱོན་ཆགས་པ་མགུལ་དུ་མིད་པ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །གང་གི་ཚེ་ཟ་བའི་དུས་ནི་མུ་གེའི་དུས་མ་ཡིན་པའོ། །གང་གིས་ཟ་བའི་རྟེན་ནི་ཟས་ཀྱིས་ཤིན་ཏུཕོངས་པའི་རྐྱེན་ལྡན་མ་ཡིན་པ་དང༌། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །

སོ་དགུ་བ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་འཆད་པ་ལ་གཉིས། དང་པོ་བྱིནལེན་བྱ་བའི་ཚུལ་དངོས་ནི།

རྩ་བར། མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ནགནས་པས་ལག་པ་བཀན་པའི་ལུས་སམ་དེ་དང་འབྲེལ་བར་གྱེན་དུ་འདེགས་ནུས་པ་བསྙེན་པརམ་རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་བསབྱིན་པ་མནོས་པ་ནི་བྱིན་ལེན་ནོ། །ཞེས་སོ། བྱིན་ལེན་འཇིག་པའི་རྒྱུ་ནི་བཅུ་སྟེ། འཕྲོགས་དངཤོར་ཏེ་འདྲིལ་དང་བོར་བ་དང༌། །བབས་དང་ཤི་དང་གཞན་གྱིས་རེག་པ་དང༌། །སྨན་གྱི་རིགས་གྱུར་སྐྱེ་བར་གྱུར་བ་དང༌། །གཞན་ལ་བསྔོས་དང་ཆོས་མཚུངས་གཞན་དང་བཅུ། །ཞེས་བསྡུ་བའིཚིགས་སུ་བཅད་པའོ། །ཕྱི་མ་ནི། དགེ་བའི་རྩ་བ་ཆད་པ་དང༌། མཚན་གཉིས་ཅིག་ཅར་དུ་བྱུངབ་དང༌། མཚན་ལན་གསུམ་དུ་གྱུར་པ་ལྟ་བུ་སྟེ། བབས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །

གཉིས་པ་ལྟུང་བ་རྣམ་པར་བཞག་པ་འཆད་པ་ལ།

རྩ་བར། ཤེས་གཙོའོ། བྱིན་ལེན་མ་བསྟབས་པ་ཉིད་དོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ལུང་ལས་མཉནཡོད་དུ་དྲུག་སྡེས་བྱིན་ལེན་མ་བྱས་པར་ཟ་བར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པདགག་བྱ་ནི་མ་བྱིན་པར་ལེན་པའི་རྒྱུར་འགྱུར་བ་དང༌། ཟས་བཀག་པ་ལ་ལོངས་སྤྱོད་པའི་རྒྱུརའགྱུར་བ་སྟེ། སྒྲ་མི་སྙན་དུ་ལྟུང་བ་མེད་པར་གསུངས་པ་དང༌། ཟས་ལ་དཔང་པོར་འགྱུར་རོ་ཞེསགསུངས་པས་སོ། །གཉིས་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་བྱིན་ལེན་འཇུག་པའི་ཟས་ལརང་ངམ་རང་དང་ཆོ་ག་གཅིག་པའི་བྱིན་ལེན་དང་མི་ལྡན་པ་ཁམ་གཅིག་ཡན་ཆད་ཟོས་པ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གངབཟའ་བའི་དངོས་པོ་དང༌། གང་དུ་ཟ་བའི་གནས་དང༌། གང་གིས་ཟ་བའི་རྟེན་དང་གསུམ། དངཔོ་ལ་ལྔ་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་སྟེ། ཆུ་དང་སོ་ཤིང་མ་གཏོགས་པ་ཞེས་དེགཉིས་དམིགས་ཀྱིས་བསལ་བས་ཤེས་སོ། །རང་ངམ་རང་དང་ཆོ་ག་གཅིག་པས་བྱིན་ལེན་བྱསཔ་མ་ཡིན་པ་སྟེ། བྱིན་ལེན་མ་བསྟབས་པ་ཉིད་ལའོ། །ཞེས་གསུངས་པས་སོ། །སྨན་གྱི་ངོ་བོཡོངས་སུ་རྫོགས་པ་དགོས་སོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ཏེ་ལྔའོ། །གཉིས་པ་གང་དུ་ཟ་བའི་གནས་ནི་བྱང་སྒྲ་མི་སྙན་མ་ཡིན་པ་སྟེ། བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ། །ཞེསསོ། །གསུམ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང༌། ཟསཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་ལྡན་མ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བྱིན་ལེན་མ་བྱས་པ་ཟ་བར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཟ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུམིད་པའོ། །

བཞི་བཅུ་པ་བསོད་པ་སློང་བའི་ལྟུང་བྱེད་འཆད་པ།

བཞི་བཅུ་པ་བསོད་པ་སློང་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། འོ་མ་དང་ཞོ་དངམར་དང་ཉ་ཤ་དང་ཤ་དང་ཤ་སྐམ་ལྟ་བུ་ནི་ཟས་བསོད་པ་ཡིན་ནོ། །ཞེས་སོགས་བྱུང༌། འདིའིདོན་ལ་བཞི་ལས། དང་པོ་གླེང་གཞི་ནི་སེར་སྐྱའི་གནས་སུ་དྲུག་སྡེས་ཟས་བསོད་པ་བླངས་ཏེ། ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་འདོད་པ་ཆེ་བ་དང༌། སྦྱིན་བདགགི་ལོངས་སྤྱོད་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཉེ་དུ་མཡིན་པ་ལ་ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་ངག་གི་རིག་བྱེད་ཀྱིས་བསླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བྱེད་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡནལག་ལ་གསུམ་ལས། དང་པོ་གང་ལ་བསླང་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་སྔར་སྨོས་སོ། །

གཉིས་པ་གང་བསླང་ཞིང་བཟའ་བའི་དངོས་པོ་ལ་ལྔ་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིནཔ་དང༌། འོ་མ་དང་ཞོ་དང་ཤ་སྐམ་ལ་སོགས་པས་དུས་སུ་རུང་བ་བསྟན་ཞིང༌། མར་དང་ཞེསཔས་ཞག་བདུན་པ་བསྟན་ལ། ལྟ་བུ་ནི་ཞེས་པས་ནི་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་བཅངཔ་གཉིས་མཚོན་ནས་བསྟན་ཏོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ་སྔར་བཤད་པ་བཞིན་ནོ། །ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པ་སྟེ་ལྔའོ། །

གསུམ་པ་གང་གིས་སློང་ཞིང་ཟ་བའི་རྟེན་ནི།

གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། ཊཱི་ཀལས། ན་བ་ལ་ནི་ཐམས་ཅད་དུ་ལྟུང་བ་མེད། ཅེས་སོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་བསླངསཏེ་བཟའ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིསབསླངས་ཏེ་ཟ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

བཅུ་ཚན་ལྔ་པ་ལ་སྡོམ་དང་སོ་སོར་བཤད་པ་དང་གཉིས། དང་པོ་ནི།

སོར་སྡོམ་ལས། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམདཀྲུག་འགྲོ་བ་དང༌། །རྡེག་དང་གཟས་དང་གནས་ངན་ལེན། །ཞེས་གཟུང་བར་བྱའོ། །གཉིས་པསོ་སོར་བཤད་པ་ལ་བཅུ་ལས། དང་པོ་ཞེ་གཅིག་པ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུངབྱེད་འཆད་པ་ལ། རྩ་བར། རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་འཇུག་ཏུ་འཛུད་པ་དག་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡུལ་ཀོའུ་ཤམ་བྷིར་འདུན་པས་སྲོགཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱད་པས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དུདའགྲོའི་སྲོག་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ཁོ་ནའི་དོན་དུ་ཆུ་དངས་དང་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པས་གཞི་མའི་ཞར་ལ་སྤྱད་པས་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞིལས། དང་པོ་གཞིའི་ཡན་ལག་ནི། སྔར་གྱི་སྲོག་ཆགས་དང་བཅས་པའི་སྐབས་དང་འདྲའོ། །གཉིསཔ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་ཁོ་ནའི་དོན་དུ་སྲོག་ལ་མ་ལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་སྤྱོད་པརཞུགས་པའོ། །བཞི་བ་མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོ་ཤི་བའོ། །ཆུ་ལ་སྲོག་ཆགསཡོད་མེད་བརྟག་པ་ནི། གང་ཟག་གང་གིས་བརྟག་པ་ནི་སྙིང་རྗེ་ཅན་གྱིས་ཏེ། ཀཱ་རི་ཀ་ལས། སྙིངརྗེ་ཅན་གྱིས། ཞེས་སོ། །མིག་གང་གིས་བརྟག་པ་ནི་ཐ་མལ་པའི་མིག་ནད་མེད་པའོ། །ཚུལ་ཇིལྟར་བརྟག་པ་ནི་ཆུའི་སྟེང་དང་བར་དང་གཏིང་རིམ་པ་བཞིན་དུ་བརྟག་སྟེ། ཀཱ་རི་ཀ་ལས། སྟེངདང་བར་གཏིང་རིམ་བཞིན་ནོ། །ཞེས་སོ། །ཡུན་ཇི་སྲིད་དུ་བརྟག་པ་ནི། ཡུན་རིང་ཡང་རུང་ཐུང་ཡངརུང༌། ལུང་ལས། ཇི་སྲིད་ཀྱིས་སེམས་དག་པར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ། །ཞེས་གསུངསསོ། །ཆུ་བརྟག་པའི་ཉེ་འཁོར་གྱི་ཚད་ནི། འདོམ་གང་ཁོར་ཡུག་སྟེ། བརྟགས་པ་ནས་འདོམ་གངཁོར་ཡུག་ནི་དེ་ཉིད་ཡིན་ནོ། །ཞེས་སོ། །ལོངས་སྤྱོད་པའི་དུས་ནི། ཆུ་ལན་ཅིག་བརྟགས་ནསཕྱི་དེ་ཉིན་པར་གྱི་ཉི་མ་འཆར་ཀ་ཚུན་ལོངས་སྤྱད་དུ་རུང་ངོ༌། །

ཞེ་གཉིས་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་འཆད་པ།

ཞེ་གཉིས་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །ཞུགས་པའམ་ཕྱོགས་པ་ལའོ། །སྤྲོད་པ་ལའོ། །ཞེས་སོགས་བྱུང༌། འདིའིདོན་བཤད་པ་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་རེ་བམེད་པར་བྱའོ་སྙམ་ནས་ཉལ་པོ་བྱེད་པར་འདོད་པའི་ཁྱིམ་དུ་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི་གཞན་གྱི་འཁྲིག་པའི་ལོངས་སྤྱོད་ལ་གནོད་པ་དང་རང་ཆགས་པའི་རྒྱུརགྱུར་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ལ་ཞུགསཔའམ་དེའི་སྟ་གོན་དུ་གནས་པ་ལ་དེ་དང་སྐྱབས་མེད་པར་མངོན་སུམ་དུ་འདོམ་གང་གི་ནང་དུ་འདུག་པ་རྫོགས་པའམ་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དང་འདུག་པའི་ཡུལ་དང༌། གང་གིས་འདུག་པའི་རྟེན་དང༌། གང་དུ་འདུག་པའི་གནས་དང་གསུམ། དང་པོ་ལ་བདུན་ལས།

ཁྱིམ་པ་ཕོ་མོ་ཡིན་པ་དང༌། སྤྲོད་པ་ལ་དངོས་སུ་ཞུགས་པའམ་ཉེ་བར་ཕྱོགས་པ་ཡིན་པ་དང༌། སྐྱེསཔ་དང་བུད་མེད་ཀྱི་མཚན་དོན་ཡོད་པ་དང༌། གཉིས་ཀའི་མཚན་རྟེན་དུ་རུང་བ་དང༌། རྫུ་འཕྲུལགྱི་ཆོས་ཅན་མ་ཡིན་པ་དང༌། །ཐ་སྙད་བཞི་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པའོ། །

གཉིས་པ་གང་གིས་འདུག་པའི་རྟེན་ནི།

འཇིགས་པའི་རྐྱེན་དབང་མ་ཡིན་པ་སྟེ། འོག་མ་ལ་བཤདཔའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་དུ་འདུག་པའི་གནས་ལ་ལྔ་ལས། དགེ་སློང་རང་མི་དབང་བའི་གནས་ཡིན་པ་སྟེ། གནས་གཞན་ཉིད་ནའོ། །ཞེས་སོ། །གནས་གཅིག་ཡིན་པ་སྟེ། ཁྱིམ་གཞན་དུ་ནི་ཐ་དད་པ་ཉིད་དོ། །ཞེས་གསུངས་པས་སོ། །གནས་དེ་ན་བགེགས་བྱེདགཞན་མེད་པ་སྟེ། ཞེས་གསུངས་པས་སོ། །དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་མེད་པ་སྟེ།

མངོན་སུམ་དུ་ཞེས་སོ། །འདོམ་གང་གི་ནང་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། འདུག་པ་ཞེསབྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་བཞག་ནའོ། །ཞེས་དང༌། ལུང་དེའི་འགྲེལ་པ་ལས།

འདོམ་གང་གི་ཕྱི་རོལ་ཏུ་ནི་ཉེས་བྱས་ཏེ། མཐོང་བ་དང་ཐོས་པ་ཚུན་ཆད་དོ། །ཞེས་གསུངསསོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་རང་གར་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །

གསུམ་པ་སྦྱོར་བ་ནི་འདུག་པར་རྩོམ་པའོ། །བཞི་བ་མཐར་ཐུག་ནི། མངོན་སུམ་དུ་འདུག་པརྫོགས་པ་སྟེ་མཐར་ཐུག་ཚོར་བྱ་དང་ཚོར་བྱེད་ཀྱིས་ཚོར་བའོ་ཞེས་མཚོ་ཊཱིཀ་ལས་མཐར་ཐུག་གི་ཡན་ལག་དེ་ལྟར་གསུངས་བ་བཞིན་འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཀུན་སློང་དེ་དགདང་གནས་གཅིག་ཏུ་སྦྱོར་བ་མངོན་སུམ་དུ་བརྣགས་ཏེ་འདུག་པར་བསམས་ནས། མཐར་ཐུག་དེདག་གིས་ཚོར་བར་འདུག་པ་ན་ལྟུང་བའོ། །ཞེས་གསུངས་སོ། །ཀུན་མཁྱེན་འཇམ་དབྱངསབཞད་པས། མངོན་སུམ་དུ་འདུག་པ་ལས་གཞན་མ་གསུངས་སོ། །སྐབས་འདིའི་མདོ་རྩ་ལས། མངོན་སུམ་དུ་བརྣག་པས་འདུག་ནའོ། །ཞེས་དང༌། འགྲེང་བའི་ལྟུང་བྱེད་ཀྱི་སྐབས་སུ་མདོ་རྩ་ལས། ཚོར་བྱ་དག་དང་ཚོར་བྱེད་གཉིས་ཀྱིས་མ་ཚོར་ན་ཉེས་བྱས་སོ། །ཞེས་གསུངས་སོ། །

ཞེ་གསུམ་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་འཆད་པ།

ཞེ་གསུམ་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་འཆད་པ་ལ།

རྩབར། དབེན་པར་བརྣག་པས་འགྲེང་ནའོ། །སྐྱབས་ཡོད་པར་རོ། །ཞེས་སོགས་བྱུང༌། འདིའི་དོན་ལབཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་བལྟའོ་སྙམ་ནས་ཉལ་པོབྱེད་པའི་ཁྱིམ་དུ་འགྲེང་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་དང་གསུམ་པ་ངོབོ་བཞི་བ་ཡན་ལག་རྣམས་གཞན་སྔར་དང་འདྲ་བ་ལས། ཁྱད་པར་ནི་འདུག་ནའོ་ཞེས་པའིགནས་སུ་འགྲེང་ནའོ་ཞེས་གསུངས་ལ། སྔར་སྐྱབས་མེད་པ་ལ་མངོན་སུམ་དུ་ཞེས་པའི་གནསསུ་འདིར་ནི་དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་ཡོད་པར་རོ་ཞེས་པ་དང་དབེན་པར་ཞེསགསུངས་སོ། །འདིའི་མཐར་ཐུག་ནི་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བའོ། །ཉལ་པོ་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་ལྟུང་བྱེད་བསྐྱེད་པའི་གནས་ཀྱི་མཐའ་ཡིན་ནོ་ཞེས་བམ་པོ་ལྔ་བཅུ་པའི་བཤད་ལུགས་ཏེ། དེ་ཉིད་ལས། མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ལ་ན་སྨད་པ་མེད་དོ། །ཞེས་སོ། །འོན་ཀྱང་ལུངརྣམ་འབྱེད་དང་དེའི་འགྲེལ་པ་ལས་ལྟུང་བྱེད་འདི་ལ། འདོམ་གང་གི་ནང་ཡན་ལག་ཏུ་གསུངསཔ་སྔར་བཤད་པའི་དེའི་རྗེས་སུ་འབྲངས་ཏེ་འདུག་འགྲེང་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལགྱི་མཐའ་ཚུན་ཆད་ནི་ཉེས་པ་ཙམ་བསྐྱེད་པའི་གནས་ཀྱི་མཐའ་ཡིན་ནོ་ཞེས་མཚོ་ཊཱིཀ་ལས་སོ། །

ཞེ་བཞི་པ་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་འཆད་པ།

ཞེ་བཞི་པ་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཕོ་ཡང་རུང་མོ་ཡང་ རུང་བ་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཀུནདགའ་བོས་མ་བརྟགས་པར་གཅེར་བུ་ལ་ཟས་སྦྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆེས་མཆོད་པའི་གནས་སུ་བྱེད་དོ་ཞེས་གཞན་དག་མ་དད་པ་སྐྱེ་བའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་ལ་དགོས་པ་ཁྱད་པར་ཅན་ལ་མ་ལྟོས་པར་ངགགི་རིག་བྱེད་ཀྱིས་ཟས་བྱིན་ཞིང་དེས་བླངས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལགལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་སྦྱིན་པའི་ཡུལ་དང༌། གང་སྦྱིན་པའི་དངོས་པོ་དངགཉིས། དང་པོ་ལ་བདུན་ལས་མུ་སྟེགས་ཀྱི་རབ་བྱུང་ཡིན་པ་དང༌། རང་གི་ཉེ་དུ་མ་ཡིན་པ་དང༌། གདུལབྱ་ལ་ལྟོས་པ་མ་ཡིན་པ་དང༌། ནད་པ་མ་ཡིན་པ་དང༌། བདག་ལས་རྫས་ཀྱི་སྒོ་ནས་ཐ་དད་པ་དང༌། ཐ་སྙདལྔ་ལྡན་དང༌། ལུས་ཐ་མལ་པར་གནས་པའོ། །གཉིས་པ་གང་སྦྱིན་པའི་དངོས་པོ་ལ། དུས་སུ་རུང་བ་ཡིནཔ་དང༌། རང་གི་ཡིན་པ་དང༌། རང་དང་མུ་སྟེགས་ཅན་དེ་ལ་རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློངནི་རང་གར་མུ་སྟེགས་ཅན་ལ་ཟས་སྦྱིན་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངགམཚན་ཉིད་ལྔ་ལྡན་གྱིས་བརྗོད་ཅིང་ལུས་སམ་ལུས་དང་འབྲེལ་བས་སྦྱིན་པར་ཞུགས་པའོ། །

བཞི་བ་མཐར་ཐུག་ནི་སྦྱིན་ཡུལ་དེས་ཐོབ་བློ་སྐྱེས་པའོ། །

ཞེ་ལྔ་པ་དམག་ལ་བལྟ་བའི་ལྟུང་བྱེད་འཆད་པ།

ཞེ་ལྔ་པ་དམག་ལ་བལྟ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། གཡུལ་ལ་མངོན་པརདགའ་བའི་དམག་ལ་བལྟ་བའི་དོན་ཉིད་ཀྱིས་སོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དམག་ལ་བལྟས་པ་ལས་ལྟུང་བྱེད་དུ་གསུངས་སོ། །

གཉིས་པ་དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡནདགེ་སློང་གིས་རང་རྒྱལ་པོ་ལ་སོགས་པས་བོས་པ་མེད་པར་དམག་མཚན་ཉིད་དང་ལྡན་པ་དངོསསུ་འཐབ་པའམ། འཐབ་པའི་སྟ་གོན་དུ་གནས་པ་ལ་རང་གང་ན་འདུག་པ་དེའི་ཉེ་འཁོར་ལས་འདས་ཏེ་བལྟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དངཔོ་གཞིའི་ཡན་ལག་ལ། གང་ལ་བལྟ་བའི་ཡུལ་དང༌། གང་ནས་བལྟ་བའི་གནས་དང༌། གང་གིསབལྟ་བའི་རྟེན་དང་གསུམ། དང་པོ་ལ་དྲུག་ལས། དངོས་སུ་འཐབ་པའམ་སྟ་གོན་དུ་གནས་པདང༌། བཞི་ཡན་ཆད་དུ་ལོངས་པས་དམག་གི་མཚན་ཉིད་དུ་གྲུབ་པ་དང༌། དེ་དག་ཁྱིམ་པ་ཡིན་པདང༌། སྐྱེས་པ་ཡིན་པ་དང༌། ཐ་སྙད་ལྔ་ལྡན་དང༌། ལུས་ཐ་མལ་པར་གནས་པའོ། །གཉིས་པལ་གང་ནས་བལྟ་བའི་གནས་ལ་གཉིས་ལས། རང་གང་ན་འདུག་པ་དེ་ནས་འཕགས་ཤིང་ཉེའཁོར་ལས་འདས་པ་ཡིན་པ་སྟེ། རྩ་བར། འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོངནའོ། །ཞེས་དང༌། ཊཱི་ཀ་ལས། ཉེ་འཁོར་གྱི་མཐའ་ལས་མ་འདས་པར་དགེ་སློང་གིས་བཞིན་བསྒྱུརབ་ཙམ་གྱིས་མཐོང་བ་ལ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །ལེགས་པར་ཐ་སྙད་གདགསསུ་རུང་བ་སྟེ། གཞན་དུ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གསུམ་པ་གང་གིས་བལྟ་བའི་རྟེན་ནི།

རྒྱལ་པོ་ལ་སོགས་པས་བོས་པ་མ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དམག་ལ་བལྟ་བར་འདོད་པ་རྒྱུན་མཆད་པའོ། །གསུམ་པ་སྦྱོར་བ་ནི་དམག་ལ་བལྟ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དམགམཐོང་བའོ། །བརྒྱད་སྟོང་འགྲེལ་བ་ལས། གྲོང་ཁྱེར་ནི་བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནསསོ། །གྲོང་རྡལ་ནི། ཚོང་པ་མང་པོ་ཡོད་པའི་གནས་ཀྱི་ཁྱད་པར་རོ། །ལྗོངས་ནི་མི་རིགས་བཞི་ཡོདཔའི་ས་ཕྱོགས། ཞེས་གསུངས་སོ། །

ཞེ་དྲུག་པ་དམག་གི་ནང་ན་གནས་པའི་ལྟུང་བྱེད་འཆད་པ།

ཞེ་དྲུག་པ་དམག་གི་ནང་ན་གནས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དེ་དགམེད་པར་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ནའོ། །ཞེས་སོགས་བྱུང༌། འདིའི་དོནལ་བཞི་ལས། དང་པོ་གླེང་གཞི་ནི་དྲུག་སྡེས་མཉན་ཡོད་ནས་སོང་སྟེ་རི་བྲག་པ་དང་ཉེ་བར་དམགགི་ནང་ན་གནས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་ངམ་གཞན་གྱི་ལུསསྲོག་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དམག་གི་མཚན་ཉིད་དུ་གྲུབཔའི་ནང་དུ་གནས་ཏེ་དགོས་པ་མེད་པའི་མཚན་མོ་གཅིག་ཡན་ཆད་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དངགནས་པའི་ཡུལ་དང༌། གང་དུ་གནས་པའི་གནས་དང༌། གང་གི་ཚེ་གནས་པའི་དུས་དང་གསུམ།

དང་པོ་ལ་ལྔ་སྟེ། འཐབ་པའམ་སྟ་གོན་དུ་གནས་པ་ཡན་ལག་ཏུ་མི་དགོས། གཞན་ལྔ་པོ་སྔ་མདང་འདྲའོ། །གཉིས་པ་ནི་དམག་དེའི་ནང་ཁོངས་སུ་གཏོགས་པ་སྟེ་རྣམ་འབྱེད་ལས། དམག་དེའིནང་དུ་ཞེས་བྱ་བ་ནི་དམག་ཆས་པ་དེའི་ནང་དུའོ། །ཞེས་གསུངས་སོ། །གསུམ་པ་ནི་དམག་དེའིནང་ཁོངས་སུ་གནས་པ་ལ་དགོས་པ་མེད་པའི་དུས་ཡིན་པའོ། །ཊཱི་ཀ་ལས། དེའི་ཕྱིར་ཉིན་མཚནགཉིས་ཀྱི་མཐའི་སྐད་ཅིག་ཅེས་བྱ་བའི་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན། ཞེསསོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུནསློང་ནི་རང་དགར་དམག་གི་ནང་ན་གནས་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནིདེར་གནས་པར་བྱེད་པའོ། །བཞི་བ་མཐར་ཐུག་ནི་དགོས་པ་མེད་པའི་དུས་ཀྱི་མཚན་མོ་མཐའིསྐད་ཅིག་གོ། །

ཞེ་བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་འཆད་པ།

ཞེ་བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དཔུང་གི་ཡན་ལག ཅེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་དྲུག་སྡེསམཉན་ཡོད་ནས་སོང་སྟེ། རི་བྲག་པ་དང་ཉེ་བར་དམག་བཤམས་པ་བཀྲུག་པ་ལ་སོགས་པ་བྱསཔ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །

གསུམ་པ་ངོ་བོ་ནི་དཔུང་གི་ཡན་ལག་ཉམས་སུ་མྱོང་བའོ་ལྟུང་བྱེད་འདི་ལ་གསུམ་སྟེ། དམགལ་རེག་པ་དང་བཤམས་པ་དཀྲུག་པ་དང༌། དམག་ལ་བལྟ་བའོ། །དང་པོ་གཉིས་ནི་རྒྱལ་པོ་ལསོགས་པས་བོས་ཀྱང་རུང་མ་བོས་ཀྱང་རུང་སྟེ། བཅས་ལྡན་དགེ་སློང་གིས་དམག་ལ་རེག་པདང༌། གཡུལ་བཤམས་པ་དཀྲུགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། ། གསུམ་པ་ནི་དགེ་སློང་དེ་རྒྱལ་པོ་ལ་སོགས་པས་བོས་པའི་ཚེ་ན་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་དམག་ལ་བལྟ་བའི་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ། །འོ་ན་འདི་དང་སྔརགྱི་དམག་ལ་བལྟ་བའི་ལྟུང་བྱེད་ཀྱི་ཁྱད་པར་ཅི། འདི་ནི་རྒྱལ་པོ་ལ་སོགས་པས་བོས་པའི་དགེསློང་གིས་དམག་ལ་བལྟ་བ་ཡིན་ལ། སྔ་མ་ནི་རྒྱལ་པོ་ལ་སོགས་པས་མ་བོས་པའི་དགེ་སློང་གིསདམག་ལ་བལྟ་བ་སྟེ། ལུང་གི་གླེང་གཞི་ལས། རྒྱལ་པོས་མ་བོས་པ་དང་བོས་པར་གསུངས་པདེ་ཤེས་བྱེད་ཡིན་ནོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། རེག་པ་དངབཤམས་པ་དཀྲུགས་པ་གཉིས་ཀྱི་གཞིའི་ཡན་ལག་དང༌། སྐབས་འདིའི་དམག་ལ་བལྟ་བའིགཞིའི་ཡན་ལག་དང་གཉིས། དང་པོ་ནི་རེག་པ་དང་བཤམས་པ་དཀྲུག་པའི་ཡུལ་དེ་དམག་ཆོསདྲུག་ལྡན་ཏེ་སྔར་དམག་ལ་བལྟ་བའི་ཡུལ་དང་འདྲའོ། །གཉིས་པ་ལ་གསུམ་སྟེ་གང་ལ་བལྟ་བའིཡུལ་དང༌། གང་ནས་བལྟ་བའི་གནས་དང༌། གང་གིས་བལྟ་བའི་རྟེན་ནོ། །དང་པོ་གཉིས་ནི་སྔརགྱི་དམག་ལ་བལྟ་བ་དང་འདྲའོ། །གསུམ་པ་ནི་དགེ་སློང་དེ་རྒྱལ་པོ་ལ་སོགས་པས་བོས་པ་ཡིནཔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་རང་དགར་རེག་པའམ་བཤམས་པ་དཀྲུག་པའམ་བལྟ་བར་འདོད་པ་རྒྱུན་མ་ཆདཔའོ། །གསུམ་པ་སྦྱོར་བ་ནི་རེག་པའམ་བཤམས་པ་དཀྲུག་པའམ་བལྟ་བར་ཞུགས་པའོ། །བཞིབ་མཐར་ཐུག་ནི་དམག་ལ་རེག་པ་ལ་སོགས་པ་ཉམས་སུ་མྱོང་བའོ། །བརྒྱད་སྟོང་འགྲེལ་བ་ལས།

འདི་ལྟར་གསུངས་ཏེ་རྟའི་དཔུང་ནི་རྟ་པ་གཅིག་རྐང་པ་བསྲུང་བ་བཞི་དང་བཅས་པའོ། །གླང་པོ་ཆེའི་དཔུང་ནི་གླང་པོ་ཆེའི་བསྲུང་མ་བརྒྱད་དང་བཅས་པའོ། །ཤིང་རྟའི་དཔུང་ནི་ཤིང་རྟ་བསྲུངམ་བཅུ་དྲུག་དང་བཅས་པའོ། །དཔུང་བུ་ཆུང་ནི་རྐང་ཐང་བཅུ་དྲུག་གོ་ཞེས་བཤད་དོ་མི་དེ་དགཐམས་ཅད་ནི་སྐྱེས་པ་གོ་ཆ་གྱོན་པ་མཚོན་ཆ་ཐོགས་པའོ། །

ཞེ་བརྒྱད་པ་བརྡེག་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། རྙོག་པ་ཅན་གྱི་སེམས་ཉིདཀྱིས། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀསདགེ་སློང་ལ་བརྡེགས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ལུསསྲོག་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཀྱིསབརྡེག་པར་འདོད་པས་དགེ་སློང་གཞན་ལ་བརྡེགས་ཏེ་ཕོག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ནི། གང་ལ་བརྡེག་པའི་ཡུལ་དགེ་སློངཆོས་དྲུག་ལྡན་ནོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་རང་དགར་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་བརྡེག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལུས་ལ་ཕོག་པའོ། །

ཞེ་དགུ་པ་གཟས་པའི་ལྟུང་བྱེད་འཆད་པ།

ཞེ་དགུ་པ་གཟས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། བརྡེག་པར་གཟས་ནའོ། །རྫས་རེརེ་ལའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེསློང་ལ་བརྡེག་པར་གཟས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགསཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གི་རྙོག་པ་ཅན་གྱིསེམས་ཀྱིས་དགེ་སློང་གཞན་ལ་བརྡེག་པར་གཟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ནི་གང་ལ་གཟས་པའི་ཡུལ་དགེ་སློངཆོས་དྲུག་ལྡན་ནོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་རང་དགར་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་གཟས་པར་འདོད་པ་རྒྱུནམ་ཆད་པའོ། །གསུམ་པ་སྦྱོར་བ་ནི། བརྡེག་པར་གཟས་པར་ཞུགས་པའོ། །བཞི་བ་མཐར་ཐུགནི་གཟས་པ་རྫོགས་པའོ། །

ལྔ་བཅུ་པ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཕམ་པར་འགྱུར་བ་དང་དགེ་འདུན་གྱི་ལྷག་མ་དག་བཅབས་ནའོ། །ཞེས་སོགས་བྱུང༌། འདིའི་དོནལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་གནས་ངན་ལེན་བཅབས་པ་ལས་ལྟུངབྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་ལ་གནོད་པའོ། །གསུམ་པ་ངོབོ་ནི་བཅས་ལྡན་དགེ་སློང་གིས་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་གནས་སུ་དགེསློང་གཞན་གྱིས་ཕམ་པའམ་དགེ་འདུན་ལྷག་མ་བཅབས་ཏེ་མཚན་མོ་འདས་པ་ལས་གྱུར་པའིལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་འཆབཔའི་དངོས་པོ་དང༌། གང་གི་འཆབ་པ་ལྟུང་བའི་བདག་པོ་དང༌། གང་དུ་འཆབ་པའི་གནས་དང༌།

གང་གིས་འཆབ་པའི་རྟེན་དང་བཞི། དང་པོ་ལ་གསུམ་སྟེ། ཕམ་པའམ་ལྷག་མའི་དངོས་གཞི་ཡིན།

དགེ་སློང་གཞན་དེའི་རྒྱུད་དང་འབྲེལ་བར་ཡོད། ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། ཕམ་པརའགྱུར་བ་དང༌། དགེ་འདུན་ལྷག་མ་དག ཅེས་དང༌། ཞུ་འགྲེལ་ལས། ཉེས་བྱས་སུ་གསུངས་པ་ནིགཞན་གྱི་ཡིན་པ་ཉིད་མེད་པའི་ཕྱིར་ཏེ། བདག་ཉིད་ཀྱི་གནས་ངན་ལེན་གྱི་ལྟུང་བ་འཆབ་པ་བཞིནནོ། །ཞེས་གསུངས་པས་ཤེས་སོ། །ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། དུས་དང་དུས་མིན་བསྡུབའི་གཞིའི་རྩ་བ་ལས། འཆབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟ་བ་ནི་ཤེས་པདང་འདྲའོ། །ཞེས་གསུངས་པས་སོ། །གཉིས་པ་གང་གི་འཆབ་པ་ལྟུང་བའི་བདག་པོ་ནི་དགེ་འདུན་ལྷག་མ་འཆབ་པའི་ཆ་ནས་དགེ་སློང་ཆོས་དྲུག་ལྡན་ཡིན་ལ། ཕམ་པ་འཆབ་པ་ལ་ནི་ཡུལདེ་ཕམ་པས་གོས་པ་ཡན་ལག་ཏུ་དགོས་པས། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡན་ལགམ་ཡིན་གྱི། དགེ་སློང་གི་སྡོམ་པ་ཙམ་པོ་དང་ལྡན་པའོ། །མཚན་མཐུན་ལྟ་མཐུན་ལ་སོགས་པ་ལྔ་སྔར་དང་འདྲའོ། ། གསུམ་པ་གང་དུ་འཆབ་པའི་གནས་ནི། མཐོལ་ཡུལ་མཚན་ཉིད་དང་ལྡནཔ་ཡོད་པའི་གནས་ཡིན་པའོ། །བཞི་པ་གང་གིས་འཆབ་པའི་རྟེན་ནི། བར་ཆད་སྤང་བ་ལ་ལྟོསཔ་མ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་རང་དགར་འཆབ་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་འཆབཔར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་མཚན་མོ་མཐའི་སྐད་ཅིག་མ་ཡིན་ཏེ། རྩ་བར། ཉིནམཚན་གྱི་མཐར་རོ། །ཞེས་དང༌། དེའི་ཊཱི་ཀ་ལས། སྐྱ་རེངས་འཆར་ཀ་ཚུན་ཆད་ཅེས་བྱ་བའིཐ་ཚིག་གོ། །ཞེས་གསུངས་སོ། །འོ་ན་སྐབས་འདིར་ལུང་རྣམ་འབྱེད་ལས་སྐྱ་རེངས་ཤར་ན་ལྟུངབྱེད་དུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ཞེ་ན། དེའི་ཚེ་ན་ལྟུང་བྱེད་དུ་གྱུར་པ་ལ་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པའོ། །

བཅུ་ཚན་དྲུག་པ་ལ་སྡོམ་དང་སོ་སོར་བཤད་པ་དང་གཉིས་ལས། དང་པོ་ནི།

སོར་སྡོམ་ལས། བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་གཟུང་བར་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་བཅུ་ལས། ང་གཅིག་པ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་འཆད་པ་ལ། རྩ་བར། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པ་ཆེད་དུ་བསམ་ཏེ་ཁྱིམ་པ་སྦྱིན་པ་བོལ་ཟན་གཅོད་དུ་བཅུག་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞིནི་མཉན་ཡོད་དུ་ཉེ་དགས་ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་འཚོ་བ་ལ་གནོད་པའོ། །གསུམ་པ་ངོབོ་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་ཁྱིམ་པས་ཟན་འདྲེན་པ་དེ་ངག་གི་རིག་བྱེདཀྱིས་ཟན་གཅོད་དུ་བཅུག་སྟེ། ཁྱིམ་པ་དེས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་གི་ཟན་གཅོད་དུ་འཇུག་པའིཡུལ་དང༌། གང་ལ་གཅོད་དུ་འཇུག་པའི་ཡུལ་དང༌། གང་གཅོད་དུ་འཇུག་པའི་དངོས་པོ་དང༌། གང་གི་ཚེ་གཅོད་དུ་འཇུག་པའི་དུས་དང་བཞི། དང་པོ་ནི་བདུན་ཏེ་དགེ་སློང་ཆོས་དྲུག་ལྡན་གྱིསྟེང་དུ། ཟན་བཅད་པས་ཕན་པའི་ནད་དང་མི་ལྡན་པ་སྟེ། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགསཔར། ཞེས་གསུངས་པས་སོ། །གཉིས་པ་ལ་བཞི་ལས། ཁྱིམ་པ་ཡིན་པ་དང༌། དགེ་སློང་གཞནདེ་ལ་བསམ་པ་ཐག་པ་ནས་ཟས་སྦྱིན་པར་བསྔོ་བ་པོ་ཡིན་པ་སྟེ། ཁྱིམ་པ་སྦྱིན་པ་པོ་ཞེས་གསུངསཔས་སོ། །ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་གཉིས་སོ། །གསུམ་པ་ལབཞི་སྟེ། དུས་སུ་རུང་བ་ཡིན་པ་དང༌། དགེ་སློང་དེ་ལ་སྦྱིན་པར་བསྔོས་པ་དང༌། རུང་བ་དང༌། ཚད་དང་ལྡན་པ་སྟེ་བཞིའོ། །བཞི་པ་ནི་དུས་ཉི་མ་ཕྱེད་མ་ཡོལ་བ་སྟེ། ཕྱི་དྲོ་ཕན་ཆད་ནི་དགེ་སློངགི་ཟན་གཅོད་དུ་འཇུག་པ་ལ་མི་རིགས་པ་མེད་དོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིསལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཟན་གཅོད་དུ་འཇུག་པརའདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཟན་གཅོད་དུའཇུག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཁྱིམ་པ་དེས་དོན་གོ་བའོ། །

ང་གཉིས་པ་མེ་ལ་རེག་པའི་ལྟུང་བྱེད་འཆད་པ་ལ་གསུམ་ལས། དང་པོ་སྐབས་དངའབྲེལ་བའི་བསླབ་བྱ་ནི། རྩ་བར། སེང་གེ་ལ་རེག་པར་མི་བྱའོ། །ཞེས་སོ། །གླེང་གཞི་དངའབྲེལ་ནས་གསུངས་པའོ། །གཉིས་པ་དུས་བྱིན་གྱིས་བརླབས་ན་ལྟུང་བ་མེད་པ་ནི། རྩ་བར། སྟོན་པ་དང༌། དུས་བྱིན་གྱིས་བརླབ་པ་ཡིན་ནོ། །ཞེས་སོགས་བྱུང༌། དུས་བྱིན་གྱིས་བརླབསཔ་འདིས་མཚོན་ནས། བྱིན་གྱིས་བརླབས་པ་སྤྱིར་བཤད་ན། འདུལ་བ་ལས་བྱིན་རླབས་བཅུགཅིག་གསུངས་ཏེ། གོས་དང་ལྷུང་བཟེད་རིན་པོ་ཆེ། །ལྟུང་བ་གསོ་སྦྱོང་དབྱར་དང་ནི། །དགགདབྱེ་སྨན་དང་རུང་ཁང་དང༌། །རྙེད་པ་དུས་ཀྱི་བྱིན་རླབས་སོ། །དེའང་གཞན་རྣམས་སོ་སོའི་སྐབསསུ་སྟོན་ལ། དུས་བྱིན་གྱིས་བརླབས་པ་འདིའི་དོན་ལ་བརྒྱད་ལས། དང་པོ་དགོས་དོན་ནི། དུསབྱིན་གྱིས་བརླབས་པས་ཉེས་པ་བཞི་ཁེགས་ཏེ། མེ་རེག་ལྟ་བུའི་སྦྱོར་བའི་སྦྱོར་བའི་ཉེས་བྱསཕྲ་མོ་དང་སྦྱོར་བའི་ཉེས་བྱས་དང་དངོས་གཞིའི་ལྟུང་བ་སྟེ་ལྟུང་བ་རྣམ་གཞག་གི་ཉེས་པ་གསུམདང་དུས་བྱིན་གྱིས་མི་རློབ་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་དང་བཞི་ཁེགས་པའོ། །དེ་ལྟར་ན་ཉེས་པ་དེ་དག་ཁེགས་པ་ནི་དངོས་ཀྱི་དགོས་པའོ། །བཅས་པའི་མཚམས་ཟིན་པ་ནི་བརྒྱུད་པའིདགོས་པའོ། །གཉིས་པ་གཞི་གང་ལ་དུས་དྲན་བྱ་བ་ནི། སྔར་བཀག་པའི་བསྒྲུབ་པ་ལས་གནངབར་གྱུར་པ་ཡིན། ངེས་པ་བཞི་ལས་གཞན་ཡིན་པ་སྟེ། སྲོག་གཅོད་པ་ལྟ་བུ་གནང་བར་འགྱུརབ་མ་ཡིན་པ་ལ་དུས་དྲན་མི་འཆགས་ལ། ངེས་པ་བཞི་ལའང་སྤྱིར་བཏང་ལ་དུས་དྲན་མི་དགོསཏེ། ཊཱི་ཀ་ལས། ཞག་བཅོ་ལྔ་ལ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིནཔས། དེར་ཁྲུས་བྱ་བ་ལ་ནི་དུས་བྱིན་གྱིས་བརླབས་པར་བྱ་མི་དགོས་སོ། །ཞེས་དུས་ངེས་པ་ལ་དུས་དྲན་མི་དགོས་པར་གསུངས་པས། དངོས་པོ་ངེས་པ་དང༌། གང་ཟག་ངེས་པ་དང༌། ཡུལངེས་པ་ལའང་རྒྱུ་མཚན་མཚུངས་པའི་ཕྱིར་དུས་དྲན་མི་དགོས་པར་གནད་ཀྱིས་སྦྱར་རོ། །དམིགསབསལ་ནི། ཡུལ་ངེས་པ་བྱང་གི་སྒྲ་མི་སྙན་དུ་བྱིན་ལེན་མ་བྱས་པར་ཟ་བ་ལ་དུས་བྱིན་གྱིས་རློབདགོས་པ་ལུང་ལས་གསུངས་པ་དང༌། ཡུལ་ངེས་པ་ཨསྨ་པ་རན་ཏར་ཁྲུས་བྱེད་པ་ལའང་རང་གི་རྣམ་བཤད་ལས། འདིར་ཡུལ་དེ་ཉིད་དུ་དུས་རིག་པར་བྱའོ། །ཞེས་དང༌། ཊཱི་ཀ་ལས། དེརནི་བློས་ས་དེ་ཉེ་བར་བཞག་སྟེ་དུས་མ་ཡིན་པར་ཡང་ཁྲུས་བྱའོ། །ཞེས་གསུངས་སོ། །དེ་དག་དམིགས་བསལ་ཡིན་ན་ཡུལ་ངེས་པ་དུས་དྲན་མི་དགོས་པ་གང་འཇོག་དང༌། ངེས་པ་བཞི་བོ་ཅི་རིགས་ལ་དུས་དྲན་བྱེད་པ་མི་རིགས་པར་ཐལ། ངེས་པ་བཞི་བོ་ལ་སྤྱིར་བཏང་དམིགས་བསལགང་གི་དབང་དུ་བྱས་ན་བཅས་པས་མཚམས་ཟིན་པས་དུས་དྲན་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གསུམ་པ་རྟེན་གང་གིས་དུས་དྲན་པར་བྱ་བ་ནི། རབ་བྱུངསྡེ་ལྔ་གང་ཡང་རུང་བའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུགནས་པ་དང༌། ལུས་ཐ་མལ་པར་གནས་པ་སྟེ་གསུམ་དང༌། འདིར་ནི་གནང་བའི་རྐྱེན་ཅན་ཡིནཔ་སྟེ། གནང་བའི་རྐྱེན་མེད་ན་དུས་དྲན་མི་འཆགས་སོ། །བཞི་པ་ཆེད་དུ་བྱ་བ་གང་ལ་དུས་དྲནབྱ་བ་ནི། ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཅེས་གསུངས་ལ། རང་གི་རྣམ་བཤད་ལས། ཆོསདང་མི་ལྡན་པའི་དོན་གྱིས་ནི་འདིར་འཇུག་པར་རིགས་པ་མ་ཡིན་ཏེ། ཞེས་སོ། །ལྔ་པ་དུས་གངགི་ཚེ་དུས་དྲན་བྱ་བ་དེ་ལ་འཇུག་པ་ནི་དེའི་སྔ་རོལ་ཏུ་སྟེ། རྩོམ་འདོད་གང༌། ཞེས་སོ། །དྲུག་པ་ཡུན་ཇི་སྲིད་དུ་དུས་དྲན་བྱ་བ་ནི། ཉིན་ཞག་གཅིག་གི་ཁོངས་སུ་གཏོགས་པའི་ཡུན་རིང་དུསྟེ། ལུང་རྣམ་འབྱེད་ལས། ཡང་དང་ཡང་དུ་བརྗེད་ངེས་པས་མེ་ལ་རེག་པའི་འགྱོད་པ་སྐྱེས་པའིསྐབས་ལས་དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོ། བདུན་པ་ཚུལ་ཇི་ལྟརདུས་དྲན་བྱ་བ་ལ། དགག་བྱ་ཉེས་དམིགས་འགེགས་པའི་དུས་དྲན་དང༌། བརྒྱུད་པ་རྒྱུར་འགྲོའགེགས་པའི་དུས་དྲན་དང་གཉིས། དང་པོ་ལ་གསུམ་ལས། ནང་སེམས་ཅན་ལ་ཆགས་པའིདགག་བྱ་ཉེས་དམིགས་འགེགས་པ་ནི་བུད་མེད་ཆུས་ཁྱེར་བ་འཛིན་པ་ན་མ་དང་སྲིང་མོའི་འདུཤེས་ཉེ་བར་བཞག་པར་གསུངས་པ་ལྟ་བུའོ། །ཕྱི་ལོངས་སྤྱོད་ལ་ཆགས་པའི་དགག་བྱ་ཉེསདམིགས་འགེགས་པ་ནི། ཆོས་འཆད་པ་པོ་རིན་པོ་ཆེའི་ཁྲི་ལ་འདུག་པ་ན་མི་རྟག་པས་ཉེན་པརའགྱུར་པ་ཡིད་ལ་བྱ་བར་གསུངས་པ་ལྟ་བུའོ། །ཞེ་སྡང་གི་དགག་བྱ་ཉེས་དམིགས་འགེགས་པནི། ཉེས་པ་གླེང་བ་དང་དྲན་པར་བྱེད་པ་ན། བྱམས་པའི་སེམས་ཉེ་བར་བཞག་པ་སྟེ། དྲན་པདང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱའོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །གཉིསཔ་བརྒྱུད་པ་རྒྱུར་འགྲོ་འགེགས་པའི་དུས་དྲན་ནི། དགེ་སློང་གིས་མེ་ལ་རེག་པ་ན། སྤྱིར་དགེ་སློང་གིས་མེ་ལ་རེག་པ་བཀག་ཀྱང༌། ཆོས་ལྡན་གྱི་བྱ་བ་འདི་ལ་མེ་རེག་གནང་ངོ་སྙམ་དུ་སེམསཀྱི་བརྟག་པ་བྱ་བ་ལྟ་བུའོ། །བརྒྱད་པ་དུས་དྲན་བྱས་པ་འཇིག་པའི་རྒྱུ་ནི་རྟེན་བབས་པ་དང༌། བྱབ་ཆོས་མི་ལྡན་དུ་གྱུར་པ་དང༌། བྱ་བ་ཟིན་པ་དང༌། ཞག་འདས་པས་ཀྱང་སྟེ། དགེ་སློང་མའི་འདུནཔ་ཞག་ལོན་པའི་གནད་ཀྱིས་ཤེས་སོ། །

གསུམ་པ་ལྟུང་བ་རྣམ་པར་བཞག་པ་ནི།

རྩ་བར། རྩེ་བ་ཉིད་ནའོ་ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མེ་ལ་རྩེ་ཞིང་རེག་པལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དགེ་སློང་གིས་ཟས་ཀྱི་གཡོས་བྱེད་ལ་སོགསཞུགས་ན་རྣམ་པར་གཡེང་ཞིང་དོན་དང་བྱ་བ་མང་པ་སྟེ། དེའི་མཐའ་དགག་པའི་ཕྱིར་མེ་རེག་བཀག་པ་སྟེ་རྗེན་འཚོད་བཀག་པ་བཞིན་ནོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་བུདཤིང་གི་ཡུལ་ཅན་མེ་ཡོངས་སུ་རྫོགས་པ་ལ་དུས་དྲན་མ་བྱས་པར་རེག་གམ་རེག་ཏུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལགལ། གང་ལ་རེག་པའི་ཡུལ་དང༌། གང་གིས་རེག་པའི་རྟེན་དང་གཉིས། དང་པོ་ལ་བཞི་ལས་འཇིགརྟེན་ན་གྲགས་པའི་མེ་ཡིན་པ་སྟེ། མེས་སོ། །ཞེས་སོ། །བུད་ཤིང་གི་ཡུལ་ཅན་ཡིན་པ་སྟེ། སྐྲདང་སྤུ་དང་རུས་པ་དང༌། །སེན་མོ་དང་ཞེས་ཏེ་དེ་རྣམས་མེར་བསྲེགས་ཀྱང་ན་སྨད་དུ་གསུངསཔས་སོ། །མེ་ཡོངས་སུ་རྫོགས་པ་ཡིན་པ་སྟེ། མེ་མ་མུར་ནི་ཕྱེད་ཤི་བ་ཉིད་དོ། །ཞེས་པས་སོ། །

ཐ་སྙད་དུ་བྱར་རུང་གི་ཚད་དང་ལྡན་པ་སྟེ། དགག་བྱའི་གནད་ཀྱིས་ཤེས་སོ། །མི་མ་ཡིན་གྱི་མེལས་གཞན་པ་སྟེ། སེལ་བ་ནི་འདྲེ་མེ་ལ་སོགས་པ་མི་མ་ཡིན་པའི་མེ་ལ་དགེ་སློང་གིས་རེག་ནཉེས་བྱས་ཏེ། ལུང་ཞུ་བ་ལས། ལྷའི་རིན་པོ་ཆེ་ལ་རེག་ན་ཉེས་བྱས་སུ་གསུངས་པའི་གནད་ཀྱིསསྦྱར་རོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། དུས་བྱིན་གྱིས་བརླབས་པ་མ་ཡིན་པ་དང༌། ནདཔ་མ་ཡིན་པ་སྟེ། དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མའཁྲུལ་བའོ། །ཀུན་སློང་ནི་རང་གར་མེ་ལ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོརབ་ནི་རང་ངམ་བསྐོས་པས་རེག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་རེག་པ་རྫོགས་པའོ། །

ཁ་ཅིག་མེ་རེག་གི་ལྟུང་བྱེད་སྐྱེད་པ་ལ་རྩེ་བ་ཡན་ལག་ཏུ་དགོས་ཏེ། བམ་པོ་ལྔ་བཅུ་པ་ལས་འདིལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མེ་ཉིད་དང་མེས་རྩེ་བ་ཉིད་དང་དུས་བྱིནགྱིས་མ་བརླབས་པ་དང་ན་བ་མ་ཡིན་པ་དང་རང་ངམ་བསྐོས་པས་རེག་པའོ། དེ་དག་ལས་ཡནལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཞེས་གསུངས་སོ་ཞེ་ན། རྩེ་བ་ཡན་ལག་ཏུ་བཤདཔ་དེའི་རྗེས་སུ་མི་འབྲང་སྟེ། སོ་སོར་ཐར་པ་དང་ལུང་རྣམ་འབྱེད་ལས། མེ་ལ་རེག་གམ་རེགཏུ་འཇུག་ན་ལྟུང་བྱེད་དུ་གྱུར་ཏོ། །ཞེས་དང༌། འདི་ཉིད་ལས། སྤར་བ་དང་གསོད་པ་དང་རེགཔ་དང༌། ཞེས་གསུངས་པས་སོ། །བམ་པོ་ལྔ་བཅུ་པ་ལས་ཀྱང༌། མེ་ལ་རེག་པར་བྱེད་པ་དག་ལཡང་ན་སྨད་པ་མེད་དོ། །ཞེས་གསུངས་སོ། །རྩེ་བ་ཉིད་ནའོ་ཞེས་འདིར་གསུངས་པ་ནི་གླེང་གཞིའིདབང་གིས་མཚོན་པའོ། །

ང་གསུམ་པ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་འཆད་པ།

ང་གསུམ་པ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་སློང་གིདོན་གྱི་ཆེད་ཀྱི་ལས་བྱས་པ་ལ་འདུན་པ་ཕུལ་བ་ཕྱིར་བསྒྱུར་བའི་སྨྲས་ནའོ། །ཞེས་བྱུང༌། འདིའིདོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་དགེ་འདུན་ལ་འདུན་པ་ཕུལནས་ཕྱིར་བསྒྱུར་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་དགེ་འདུནལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་མཚན་ཉིད་དང་ལྡནཔའི་ལས་བསྒྲུབ་བྱ་དགེ་སློང་ལ་བསྒྲུབ་པ་ལ་རང་གིས་འདུན་པ་ཕུལ་ནས་ལས་དེ་བྱས་ཟིན་པའི་དུས་ན་རང་གིས་ཕུལ་བའི་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའིལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལའདུན་པ་ཕུལ་བའི་ཡུལ་དང༌། གང་དུ་འདུན་པ་འབུལ་བའི་ལས་དང༌། གང་ཕྱིར་བསྒྱུར་བའིདངོས་པོ་དང༌། གང་གི་ཚེ་ཕྱིར་བསྒྱུར་བའི་དུས་དང༌། ཕྱིར་བསྒྱུར་གྱི་ཚིག་དེ་གང་ལ་སྨྲ་བའིཡུལ་དང་ལྔ། །དང་པོ་ནི་དགེ་འདུན་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། ལས་བྱས་པ་ལ་འདུན་པཕུལ་ཞེས་གསུངས་པའི་ཤུགས་ཀྱིས་སོ། །གཉིས་པ་ལ་གསུམ་ལས་དགེ་འདུན་དང་འབྲེལ་བའིལས་ཀྱི་ཆོ་ག་ཡིན་པ་སྟེ། ལས་བྱས་པ་ལ་ཞེས་གསུངས་པས་སོ། །བསྒྲུབ་བྱ་དགེ་སློང་ལ་བསྒྲུབཔ་སྟེ། དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་ཞེས་གསུངས་པས་སོ། །ལས་ཆོས་དང་ལྡན་པ་སྟེ། ལུངརྣམ་འབྱེད་ལས། ལས་ཆོས་དང་ལྡན་པ་ལའོ་ཞེས་གསུངས་པས་སོ། །གསུམ་པ་ནི་རང་གི་འདུནཔ་ཕུལ་བ་ཡིན་པ་སྟེ། འདུན་པ་ཕུལ་བའི་ཕྱིར་བསྒྱུར། ཞེས་གསུངས་པས་སོ། །བཞི་པ་ནི་ལསདེ་བྱས་ཟིན་པ་སྟེ་ཕྱིར་བསྒྱུར་ཞེས་པའི་ཚིག་ཟུར་གྱིས་ཤེས་སོ། །ཞེས་གསུངས་སོ། །ལྔ་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལས་དེ་ལ་གཏོགས་པ་སྟེ་གཞན་དུ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་རང་གར་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འདུན་པ་ཕྱིར་བསྒྱུར་གྱི་ཚིག་སྨྲབར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །

ང་བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་འཆད་པ།

ང་བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་འཆད་པ་ལ་གཉིསལས།

དང་པོ་བསླབ་བྱ་ནི་ཟླ་བ་དང་ཉི་མ་མ་གཏོགས་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགསསུ་ཉལ་བར་མི་བྱའོ། །ཞེས་སོ། །ཉི་ཟླ་སྤྱི་མཐུན་གྱི་བསོད་ནམས་ལས་བྱུང་བ་ཡིན་པས་དགགབྱ་མེད་ལ། མར་མེ་དང་རིན་པོ་ཆེའི་འོད་དང་སྨན་ལ་སོགས་པ་རྫས་གཞན་གྱི་འོད་ཀྱི་སྣང་བདང་བཅས་པའི་ཕྱོགས་སུ་ཉལ་བར་མི་བྱ་སྟེ། ལོངས་སྤྱོད་འཕེལ་བའི་དགག་བྱ་ཡོད་པའི་ཕྱིརརོ། །སྣང་བ་དང་བཅས་པའི་གནས་སུ་ཉལ་ཏེ་གཉིད་ལོག་ན་མཚན་མོའི་མཐར་ནི་བསླབ་བྱ་ལས་འདས་པའི་ཉེས་བྱས་ཡོངས་སུ་རྫོགས་པར་འགྱུར་རོ། །

གཉིས་པ་དངོས་གཞི་ན་སྨད་དང་བཅས་ཏེ་བསྟན་པ་ལ།

རྩ་བར། བསྙེན་པར་མ་རྫོགསཔ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ། །མཐར་རོ། །ཞེས་སོགསབྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་བསྙེན་པར་མ་རྫོགསཔ་དང་ནུབ་གཉིས་ལས་ལྷག་པར་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནིཆགས་པའི་རྒྱུར་འགྱུར་བ་དང༌། རྒོད་བག་གི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡནདགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིསགཉིད་ལོག་ཅིང་མཚན་མོ་གསུམ་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞིབ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དང་ཉལ་བའི་ཡུལ་དང༌། གངདུ་ཉལ་བའི་གནས་དང༌། གང་གིས་ཉལ་བའི་རྟེན་དང་གསུམ། དང་པོ་ལ་གསུམ་ལས་བསྙེནཔར་མ་རྫོགས་པའམ་ཕམ་པ་བྱུང་བ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག ཅེསདང༌། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་གསུངས་པས། བསླབ་པ་སྦྱིན་རུངདང་ཕམ་པ་འཆབ་བཅས་བྱུང་བ་ལ་ཡང་དེའི་གནད་ཀྱིས་སྦྱར་རོ། །ཐ་སྙད་ལྔ་དང་ལྡན་པ་དང༌།

ལུས་ཐ་མལ་པར་གནས་པ་གཉིས་སྔར་བཤད་པ་བཞིན་ནོ། །འདིར་ངོ་མ་སྤོས་པ་ཡན་ལག་ཏུ་མི་དགོས་ཏེ། རང་གི་རྣམ་བཤད་ཊཱི་ཀ་ལས་ལུང་ཞུ་བ་ཁུངས་སུ་དྲངས་ཏེ། དགེ་སློང་བསྙེནཔར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་གུང་གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ཉལ་བ་ལ་ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷནཅིག་ཉལ་བ་ལའོ། །ཞེས་གསུངས་པས་སོ། །གཉིས་པ་གང་དུ་ཉལ་བའི་གནས་ལ་གསུམ་ལས།

གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་སྟེ། ཕལ་ཆེར་གཡོགས་པ་དང་བསྐོར་བ་ཞེས་གསུངས་པས་སོ། །

སེལ་བ་ནི། རྩ་བར། ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་ཕྱེདཉིད་དོ། །ཞེས་སོ། །སྤྱོད་ལམ་བཞི་ཡན་ཆད་ཤོང་བ་སྟེ། གཞན་དུ་ན་འབྱུང་རིང་བས་དགག་བྱགནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་དགོས་སོ། །གཞན་དུ་ན་ལྟུང་བ་མེད་དོ། །གསུམ་པ་གང་གིས་ཉལ་བའི་རྟེན་ནི་ནད་པ་དང་ནད་གཡོག་གི་དབང་གིས་གནས་པ་མ་ཡིན་པ་དང༌། དབྱར་ཚུལ་ནང་ཟླ་བ་གཉིས་ཀྱི་ཚེ་ན་དགེ་སློང་སྡིག་ཅན་ཉེ་བརགནས་པ་ན་དགེ་ཚུལ་དང་ལྡན་པའི་དགེ་སློང་མ་ཡིན་པའཽ། །གཉིས་པ་བསམ་པའི་ཡན་ལགལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་མཚན་མོ་གསུམཔ་ལ་ཉལ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་མཚན་མོ་གསུམ་པའི་མཐའི་སྐད་ཅིག་གོ། །

ང་ལྔ་བ་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བའི་ལྟུང་བྱེད་འཆད་པ།

ང་ལྔ་བ་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཇི་ལྟར་བཅོམ་ལྡན་གདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ། ཞེས་སོགས་བྱུང༌། འདིའི་དོནལ་བཞི་ལས། དང་པོ་གླེང་གཞི་མཉན་ཡོད་དུ་འཆི་ལྟས་ཀྱིས་སྡིག་པའི་ལྟ་བ་འཛིན་ཅིང་བཟློགཀྱང་མི་གཏོང་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྡིག་པ་ཅན་གྱི་ལྟ་བ་འཛིནཔས་ངོ་བོ་ཉིད་ཀྱིས་དགག་བྱར་གྱུར་པ་དང༌། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བས་རངརིགས་ཀྱི་དགེ་འདུན་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཕྱོགས་འགའལ་སྡིག་ལྟ་སྐྱེས་པ་དེ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལགཉིས་ཏེ་སྦྱོར་བ་བརྩམ་པར་བྱ་བའི་གཞི་དང༌། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་གཉིསལས། གང་བརྗོད་པའི་དོན་ནི་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་འགའ་ལ་སྡིག་ལྟ་སྐྱེས་པ་སྟེ།

ཇི་ལྟར་ཞེས་པ་ལ་སོགས་བརྗོད་པའི་ཡུལ་ནི་ཆོས་གསུམ་ལྡན་ཏེ་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་རྫོགས་པར་བྱེད་པའི་རྐྱེན་ནི་བཞམས་བསྒོ་དང་གསོལ་བཞིའིལས་ཀྱིས་བཟློག་པར་བྱ་བའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནིལྟ་བ་ཕྱིན་ཅི་ལོག་ཏུ་འཛིན་ཆ་མ་གཏོགས་པ་གཞིའི་ཡན་ལག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྡིག་པ་ཅན་གྱི་ལྟ་བའི་ཚིག་སྨྲ་ཞིང་གོ་བར་འདོད་ལ་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུནམ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྡིག་ལྟའི་ཚིག་སྨྲ་ཞིང་བར་དུབཟློག་ཀྱང་མི་གཏོང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལས་བརྗོད་པ་གསུམ་པའི་མཐའལ་མི་གཏོང་བའོ། །

ང་དྲུག་པ་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་འཆད་པ།

ང་དྲུག་པ་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །དེསྐད་སྨྲ་བས། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུདགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེ་དགས་མཐུན་འཇུག་བྱས་པ་ལསལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ལ་གནོད་པའོ། །གསུམ་པ་ངོ་བོ་ནིདགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་ལ་བཅས་ལྡན་དགེ་སློང་གཞན་དག་གིས་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལགལ་བཞི་ལས་གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་རྗེས་སུ་ཕྱོགས་པའི་ཡུལ་དང༌། གང་དུ་ཉལབའི་གནས་སོ། །དང་པོ་ནི། དགེ་སློང་ཆོས་བརྒྱད་ལྡན་ཏེ། དགེ་སློང་ཆོས་དྲུག་ལྡན་ལས་ལྟ་བམཐུན་པ་མ་གཏོགས་པ་ལྔའི་སྟེང་དུ། སྤངས་པ་དང་འབྲེལ་བ་དང༌། ནད་པ་མ་ཡིན་པ་དང༌། གདུལ་བྱ་ལ་ལྟོས་པ་མ་ཡིན་པའོ། །འདིར་ལྟ་བ་མཐུན་པ་ནི་ཡན་ལག་ཏུ་མི་དགོས་ཏེ། སྡིགལྟ་མི་གཏོང་བ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་ན་ལྟ་བ་མི་མཐུན་པ་ཉིད་ལས་ལྟུང་བྱེད་འདིརྣམ་པར་བཞག་པའི་ཕྱིར་རོ། །གཉིས་པ་གང་དུ་ཉལ་བའི་གནས་ནི། གནས་ཆོས་གསུམ་ལྡནཏེ། སྔར་ནུབ་ལྷག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིསལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཆོས་དང་ཟང་ཟིང་གི་ལོངསསྤྱོད་བྱེད་པར་འདོད་པའམ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པའམ་གནས་གཅིག་ཏུ་ལྷནཅིག་ཉལ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པའམ། ལྷནཅིག་ཉལ་བ་ན་མཚན་མོའི་མཐའི་སྐད་ཅིག་མའོ། །

ང་བདུན་པ་བསྙིལ་བ་སྡུད་པའི་ལྟུང་བྱེད་འཆད་པ།

ང་བདུན་པ་བསྙིལ་བ་སྡུད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་ཚུལ་བསྙིལབ་ཉིད་དོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགསདགེ་ཚུལ་བསྙིལ་བ་ཉེ་བར་འཇོག་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགགབྱ་ནི་ཡུལ་དགེ་ཚུལ་དེ་ལ་གནོད་ཅིང་རང་རིགས་དགེ་འདུན་ལ་ཡང་གནོད་པའོ། །གསུམ་པ་ངོ་བོ་ནི་དགེ་འདུན་གྱིས་དགེ་ཚུལ་བསྙིལ་བ་ལ་བཅས་ལྡན་དགེ་སློང་གིས་ཆོས་དང་ཟང་ཟིངགི་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།

དང་པོ་གཞིའི་ཡན་ལག་ལ། གང་བསྡུ་བའི་ཡུལ་དང༌། གང་དུ་ཉལ་བའི་གནས་དང་གཉིས། དངཔོ་ནི་དགེ་ཚུལ་ཆོས་བདུན་ལྡན་ཏེ། དེའང་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་སྟེ། དགེ་སློངབསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཞེས་སྤངས་པ་རྗེས་ཕྱོགས་ལ་གསུངས་པའི་གནདཀྱིས་སྦྱར་རོ། །མཚན་མཐུན་པ་དང༌། ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནསཔ་གསུམ་ནི་སྔར་བཤད་པ་བཞིན་ནོ། །བསྙིལ་བ་དང་འབྲེལ་བ་དང༌། ནད་པ་མ་ཡིན་པ་དང༌། གདུལ་བྱ་ལ་ལྟོས་པ་མ་ཡིན་པ་སྟེ། བསྙིལ་བ་ཉིད་དོ། །ཞེས་དང༌། ལུང་རྣམ་འབྱེད་ཀྱི་བསྙིལབ་སྡུད་པའི་སྐབས་ལས། ན་བ་དང་སྡིག་པ་ཅན་གྱི་ལྟ་བ་དང་དབྲལ་བར་འདོད་པ་ལ་ལྟུང་བམེད་དོ། །ཞེས་གསུངས་པས་སོ། །གང་དུ་ཉལ་བའི་གནས་ནི་གནས་ཆོས་གསུམ་ལྡན་ཏེ་སྔ་མ་བཞིན་ནོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་དང་སྦྱོར་བ་དང་མཐར་ཐུག་ནི་སྔར་སྤངས་པ་རྗེས་ཕྱོགས་དང་འདྲའོ། །

ང་བརྒྱད་པ་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད་འཆད་པ།

ང་བརྒྱད་པ་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། སྔོན་པོའམདམར་པོའམ་ངུར་སྨྲིག་གིས་ཁ་མ་བསྒྱུར་བ་རང་གི་གོས། ཞེས་སོགས་བྱུང༌། འདིའི་དོན་ལབཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་གོས་དཀར་པོ་གྱོན་པ་ལས་ལྟུང་བྱེདདུ་བཅས་སོ། །གཉིས་པ་དགག་བྱ་ནི་ཁྱིམ་པ་དང་ཆ་ལུགས་འདྲེས་པའོ། །གསུམ་པ་ངོ་བོ་ནིབཅས་ལྡན་དགེ་སློང་གིས་རང་དབང་བའི་གོས་དཀར་པོ་བགོ་བ་ལ་སོགས་པ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལགལ་དྲུག་སྟེ། གོས་ཡིན་པ་དང༌། རང་གི་ཡིན་པ་དང༌། ཁ་མ་བསྒྱུར་བའི་དཀར་པོ་ཡིན་པ་སྟེ། ཁམ་བསྒྱུར་བའི་རང་གི་གོས་ཞེས་གསུངས་པ་མས་རིམ་བཞིན་ནོ། །གཞི་གཞན་གྱི་སྒོ་ནས་རུངབ་དང༌། རང་རང་གི་ཚད་དང་ལྡན་པ་དང༌། ཆུ་ཚགས་ལས་གཞན་ཡིན་པ་སྟེ། རབ་ཏུ་བྱུང་བའིརྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན། ཞེས་དང༌། འོད་ལྡན་དང་ཊཱི་ཀ་ལས། ཆུ་ཚགསནི་ཁ་བསྒྱུར་བར་མི་རིགས་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་གོས་ཁ་མ་བསྒྱུར་བ་དཀར་པོ་ལོངསསྤྱད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་དེ་ལ་ལོངས་སྤྱད་པར་ཞུགས་པའོ། །

བཞི་བ་མཐར་ཐུག་ནི་ལོངས་སྤྱད་པ་རྫོགས་པའོ། །ཡན་ལག་གི་དོན་ལ། སྔོན་པོ་ནི་ལུང་རྣམའབྱེད་ལས་སྔོན་པོ་ཞེས་བྱ་བ་ནི་རམས་ཉིད་དོ་ཞེས་གསུངས་ལ། བམ་པོ་ལྔ་བཅུ་པ་དང་བསྡུསཔ་ལས་ཀྱང་སྔོན་པོ་ནི་རམས་ཡིན་པར་བཤད་དོ། །རམས་དང་ཁ་དོག་འདྲ་བའི་སྔོན་པོ་ཐམསཅད་བཟུང་སྟེ། འོད་ལྡན་ལས་སྔོན་པོ་ཞེས་བྱ་བ་ནི་སྔོན་པོ་ཐམས་ཅད་བཟུང་ངོ༌། །དེ་ཉིད་ཀྱི་ཕྱིར་སྔོན་པོའི་མདོག་ཅེས་སྤྱིར་སྨོས་པ་ཡིན་ཏེ་རམས་འབའ་ཞིག་སྨོས་པར་གྱུར་ན་མི་རུང་བསསོ་ཞེས་བཤད་དོ། །ཞེས་མཚོ་ཊཱིཀ་ལས་སོ། །ཁ་མ་བསྒྱུར་བ་དཀར་པོའོ། །ཁ་མ་བསྒྱུར་བ་ནགཔོ་ནི་ཤ་ཟའི་གོས་ཡིན་པས་བཀག་པ་སྟེ་ཉེས་བྱས་སོ། །ཁ་མ་སྒྱུར་ཡང་རང་བཞིན་གྱི་ཁ་དོགརུང་བ་གསུམ་ཡིན་ན་ཉེས་པ་མེད་དེ། ལུང་ཞུ་བ་ལས། དགེ་སློང་གིས་ཁ་དོག་བསྒྱུར་བ་རྣམཔ་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་སྤྱད་ཀྱང་ནོངས་པར་མི་འགྱུརབ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་གིས་རང་བཞིན་གྱི་ཁ་དོག་ཅན་གྱི་གོས་བགོས་ནའོ། །ཞེས་གསུངས་སོ། ། ལུང་ཞུ་བ་ལས། དགེ་སློང་གིས་གོས་ཁྲུ་གང་ལས་ཆུང་བའམ། བདེ་བརགཤེགས་པའི་ཆོས་གོས་ཀྱི་ཚད་གཅིག ཁ་དོག་བསྒྱུར་གསུམ་ལས་གང་ཡང་རུང་བ་གཅིག་གིསཁ་དོག་མ་བསྒྱུར་བར་སྤྱད་ན་ཅིར་འགྱུར་ལྟུང་བའོ། །ཞེས་བཤད་ཀྱང༌། དྲི་བ་རྒྱ་ཆེར་འགྲེལལས་ལུང་ཞུ་བ་ཁུངས་སུ་དྲངས་པ་ལས་ནི་དགེ་སློང་གིས་རས་ཁྲུ་གང་ལས་ཆུང་བའམ། བདེབར་གཤེགས་པའི་ཆོས་གོས་ཀྱི་ཚད་གཅིག །ཁ་དོག་བསྒྱུར་བ་གསུམ་ལས་གང་ཡང་རུང་བའིཚོན་གྱིས་ཁ་དོག་མ་བསྒྱུར་བར་འཚལ་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་བཤད་པ་དེ་ལེགས། ཞེས་མཚོ་ཊཱིཀ་ལས་གསུངས་ཀྱང་དཔྱད་པར་བྱའོ། །ཁ་དོག་ཆེན་པོར་ཞེས་ཚོན་ཆེན་པོ་བརྒྱདནི། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང༌། །གུར་ཀུམ་དག་དང་མཐིང་ཤུན་ལི་ཁྲིདདང༌། །རྨ་ཤིང་ལེ་རྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །

ཞེས་སོ། །

ང་དགུ་པ་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་འཆད་པ།

ང་དགུ་པ་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། རིན་པོ་ཆེ་རང་གི་མ་ཡིན་པ་དང༌། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནིཡངས་པ་ཅན་དུ་དྲུག་སྡེས་རོལ་མོའི་སྒྲ་ཕྱུང་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགགབྱ་ནི་རྒྱགས་པ་འཕེལ་བ་སྟེ། ལོངས་པའི་གཞིར་གཏོགས་ཞེས་གསུངས་པས་སོ། །གསུམ་པངོ་བོ་ནི་བཅས་ལྡན་དགེ་སློང་གིས་རིན་པོ་ཆེ་རང་གི་མ་ཡིན་པ་དང་མཚོན་ཆ་དང་རོལ་མོའི་ཆསྤྱད་ལ་རང་ངམ་བསྐོས་པས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལགལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་རེག་པའི་ཡུལ་དང༌། གང་གིས་རེག་པའིརྟེན་དང་གཉིས། །དང་པོ་ནི་རིན་པོ་ཆེ་ཆོས་བདུན་ལྡན་དང༌། རིན་པོ་ཆེར་སྨོས་པ་ཆོས་བཞིལྡན་ནོ། །དང་པོ་ཆོས་བདུན་ལྡན་ནི། རིན་པོ་ཆེ་ཡིན་པ་དང༌། རང་གི་མ་ཡིན་པ་དང༌། དགོསཔའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང༌། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང༌། ཐོབ་པར་ལྕོགསཔ་ན་གནས་པ་དང༌། མི་མ་ཡིན་པའི་གནས་ན་དེ་དག་གི་བསོད་ནམས་ལས་གྲུབ་པ་མ་ཡིནཔ་དང༌། སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་མ་ཡིན་པའཽ། །གཉིས་པ་རིན་པོ་ཆེརསྨོས་པ་ཆོས་བཞི་ལྡན་ནི། མཚོན་ཆ་དང་རོལ་མོའི་ཆ་བྱད་ཡིན་པ་དང༌། དགོས་པའི་ཕྱིར་རུངབ་ཉིད་དུ་གྱུར་པ་དང༌། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང༌། ཐོབ་པར་ལྕོགས་པ་ན་གནསཔའཽ། །གཉིས་པ་གང་གིས་རེག་པའི་རྟེན་ནི། དོན་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པ་ཡིན་ཏེ། རྩབར། ཆོས་ཉན་དུ་གཞུག་པའི་ཕྱིར། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །

གསུམ་པ་སྦྱོར་བ་ནི་རང་གིས་རེག་པའམ་གཞན་ལ་ངག་གི་རིག་བྱེད་ཀྱིས་བསྐོས་ནས་མངོནསུམ་དུ་རེག་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་རེག་པ་རྫོགས་པའོ། །

དྲུག་ཅུ་པ་ཁྲུས་བྱེད་པའི་ལྟུང་བྱེད་འཆད་པ།

དྲུག་ཅུ་པ་ཁྲུས་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། སོ་ག་རྣམས་ཀྱི་ཟླ་བ་ལྷགམ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ། །ཞེས་སོགས་བྱུང༌། འདིའི་དོན་ལབཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མཐོ་འཚམས་པའི་སེམས་ཀྱིས་ཁྲུསབྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་མ་དད་པ་བསྐྱེད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པར་འཇིག་རྟེནལ་གྲགས་པའི་ཆུས་ཁྲུས་བྱས་ཏེ་ལུས་ཕྱེད་ཁྱབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་གིས་ཁྲུས་བྱ་བའི་དངོས་པོ་དང༌། གང་གི་ཚེ་ཁྲུས་བྱ་བའི་དུས་དང༌།གང་གིས་ཁྲུས་བྱེད་པའི་རྟེན་དང༌།གང་དུ་ཁྲུས་བྱ་བའི་གནས་དང་བཞི། དང་པོ་ལ་གཉིས་ཏེ། འཇིག་རྟེན་ལ་གྲགས་པའི་ཆུ་ཡིན་པ་དང༌།ལུས་ཕྱེད་ཁྱབ་པའི་ཚདདུ་ཆོག་པའོ། །གཉིས་པ་གང་གི་ཚེ་ཁྲུས་བྱ་བའི་དུས་ནི། ཚ་བའི་དུས་མ་ཡིན་པ་དང༌། ཟླ་བཕྱེད་ཕྱེད་ཀྱི་དུས་མ་ཡིན་པ་སྟེ། ཊཱི་ཀ་ལས། ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ཚ་བའི་གཉེནཔོའི་ཕྱིར་ཁྲུས་བྱེད་པ་རྗེས་སུ་གནང་སྟེ། དེ་ལས་གཞན་པའི་དུས་སུ་ཡང་ཉི་མ་དེ་ལ་ཚ་བ་སྐྱེསན་ཁྲུས་བྱའོ། །ཞེས་དང༌། ཞག་བཅོ་ལྔའི་མདུན་རོལ་ཏུ་ཁྲུས་བྱེད་ནའོ། །ཞེས་གསུངས་པསསོ། །གསུམ་པ་ལ་ལྔ་སྟེ། ན་བ་མ་ཡིན་པ་དང༌། ལས་མ་བྱས་པ་དང༌། ལམ་དུ་མ་སོང་བ་དང༌། རླུང་གིས་མ་བསྐྱོད་པ་དང༌། ཆར་གྱིས་མ་ཕོག་པའཽ། །ཟླ་ཟེར་ལས། རླུང་གིས་བསྐྱོད་པའི་ཚདཇི་ཙམ་ཞེ་ན། གོས་ཀྱི་གྲྭ་རླུང་གིས་བསྒུལ་བ་ནི་རླུང་གིས་སྐྱོད་པ་དེའི་མཐའ་ཡིན་ནོ། །ཞེསདང༌། ཆར་གྱིས་ཕོག་པ་དེའི་མཐའ་ཚད་ནི་ཐིགས་པ་གཉིས་ཀྱིས་ཕོག་པའོ། །ནས། ལུས་ལའོ། །

གོས་ལ་མ་ཡིན་ནོ། །ཞེས་གསུངས་སོ། །བཞི་པ་གང་དུ་ཁྲུས་བྱ་བའི་གནས་ནི། ཡུལ་ཨསྨ་པརན་ཏ་ལས་གཞན་ཡིན་པ་སྟེ། ཨསྨ་པ་རན་ཏའི་ཡུལ་དག་ན་འདི་མེད་པར་ཤེས་པར་བྱའོ། །

ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་རང་གར་ཁྲུས་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཁྲུས་བྱེདཔར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཁྲུས་བྱེད་པའི་ཆུས་ལུས་ཕྱེད་ཁྱབ་པ་སྟེ། རྣམ་འབྱེདའགྲེལ་ལས། ལྟེ་བར་སོན་ནའོ་ཞེས་བྱ་བ་ནི་ལུས་ཀྱི་ཕྱེད་གཤེར་ན་ཁྲུས་རྫོགས་པ་ཡིན་པསལྟུང་བྱེད་དུ་བསྟན། ཞེས་གསུངས་སོ། །

བཅུ་ཚན་བདུན་པ་ལ་སྡོམ་དང་སོ་སོར་བཤད་དང་གཉིས་ལས། དང་པོ་སྡོམ་ནི།

སོར་སྡོམ་ལས། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྔངས་བྱེད་དང༌། །སྦེདདང་གདེང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་གཟུང་བར་བྱའོ། །

གཉིས་པ་སོ་སོར་བཤད་པ་ལ། རེ་གཅིག་པ་དུད་འགྲོ་གསོད་པའི་ལྟུང་བྱེད་འཆད་པ་ལ། རྩབར། གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལབཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བྱ་རོག་བསད་པ་ལས་ལྟུང་བྱེད་དུབཅས་སོ། །གཉིས་པ་དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་དུད་འགྲོ་དེ་གཞི་མའི་ཞོར་མ་ཡིན་པར་གསོད་སེམས་ཀྱིས་རང་ངམ་བསྐོསཔས་བསད་དེ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞིལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། དུད་འགྲོ་ཡིན་པ་དང༌། གཞི་མའི་ཞོར་ལ་སྲོག་ལམ་ལྟོས་པར་འཇུག་པའི་ཡུལ་ལས་གཞན་ཡིན་པ་སྟེ། གཞན་དུ་ན་དུད་འགྲོ་འདེབས་སྤྱོད་ཀྱིལྟུང་བ་གཞན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དུད་འགྲོ་གསོད་པར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་དུད་འགྲོ་གསོད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དུད་འགྲོའི་སྲོག་གི་དབང་པོ་འགགས་པ་སྟེ། ཤི་ནའོ། །ཞེས་སོ། །

རེ་གཉིས་པ་འགྱོད་པ་བསྐྱེད་པའི་ལྟུང་བྱེད་འཆད་པ།

རེ་གཉིས་པ་འགྱོད་པ་བསྐྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཁྱོད་བསྙེན་པརརྫོགས་པ་མ་ཡིན་ཞིང་ཕམ་པར་གྱུར་བ་འབྱུང༌། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་འགྱོད་པ་བསྐྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅསལྡན་དགེ་སློང་གིས་དགེ་སློང་གཞན་ལ་རྣམ་དག་གི་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའིཡན་ལག་ལ་གཉིས་ཏེ། གང་ལ་འགྱོད་པ་བསྐྱེད་པའི་ཡུལ་དང༌། གང་གིས་འགྱོད་པ་བསྐྱེད་པའིདངོས་པོའོ། །དང་པོ་ནི་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི་རྣམ་དག་གི་དགེ་སློང་མ་ཡིན་པའི་དོན་གྱིས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བཞད་གད་ཡན་ཆད་ཀྱིས་འགྱོད་པ་བསྐྱེད་པའི་ཚིགསྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིསའགྱོད་པ་བསྐྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །སློབ་དཔོན་ཡོན་ཏནའོད་ཀྱི་བཞེད་པ་ལ་ཕམ་པར་འགྱུར་བ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་རྣམ་དག་གི་དགེ་སློངམ་ཡིན་པ་ཞེས་དགོངས་པ་སྟེ། ཕམ་པ་བྱུང་བའང་དགེ་སློང་ཙམ་པོ་ནི་ཡིན་ཏེ། རང་གི་རྣམ་བཤདལས། ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུགྱུར་ཏེ། ཞེས་གསུངས་སོ། །ཞེས་མཚོ་ཊཱིཀ་ལས་སོ། །

རེ་གསུམ་པ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་འཆད་པ།

རེ་གསུམ་པ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་སློང་ལ་སོར་མོའམ། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་བཅུབདུན་སྡེའི་གཅིག་ལ་གཞན་བཅུ་དྲུག་གིས་ག་ག་ཚིལ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིསརང་གི་ལུས་དངོས་མ་ཉམས་པས་དགེ་སློང་གཞན་གྱི་ལུས་དངོས་མ་ཉམས་པ་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལབཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་རེག་པའི་ཡུལ་དང༌། གང་གིས་རེག་པའི་རྟེནདང་གཉིས། །དང་པོ་ལ་དགུ་སྟེ། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ལུས་དངོས་ཡིན་པ་སྟེ། ལུངཞུ་བ་ལས། དགེ་སློང་གཞན་གྱི་སེན་མོ་དང་སོ་དང་སྤུ་ལ་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཉེསབྱས་སོ། །ཞེས་གསུངས་པས་སོ། །མ་ཉམས་པ་ཡིན་པ་སྟེ། རེག་པར་བྱ་བ་ཉིད་ནི་མ་ཉམསཔའོ། །ཞེས་དང༌། ག་ག་ཚིལ་བྱེད་པ་ལ་ཡང་ངོ༌། །ཞེས་གསུངས་པས་སོ། །ཕམ་པ་དངོས་སུབསྐྱེད་ནུས། རེག་པའི་ཆ་ནས་ལམ་གཉིས་ལས་གཞན་ཡིན་པའོ། །གཉིས་པ་གང་གིས་རེགཔའི་རྟེན་ནི། ལུས་དངོས་ཡིན་པ་དང༌། མ་ཉམས་པ་ཡིན་པ་དང༌། ཕམ་པ་དངོས་སུ་བསྐྱེད་ནུསརེག་པའི་ཆ་ནས་རང་གི་ཡན་ལག་གཞན་ཡིན་པ་སྟེ། ལུང་ཞུ་བ་ལས། དགེ་སློང་གིས་སེན་མོདང་སོ་དང་སྤུས་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་སོགས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རངགར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་ག་ག་ཚིལ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམཔ་སྦྱོར་བ་ནི་རེག་པར་བྱེད་པའོ། །བཞི་བ་མཐར་ཐུག་ནི་རེག་པ་རྫོགས་པའོ། །

རེ་བཞི་བ་ཆུ་ལ་རྩེ་བའི་ལྟུང་བྱེད་འཆད་པ།

རེ་བཞི་བ་ཆུ་ལ་རྩེ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཆུའི་ཡུལ་ལ་རྩེ་བ་རྗེས་སུསྒྲུབ་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུབཅུ་བདུན་སྡེས་ཆུ་ལ་རྩེ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རྒོད་བག་ལཆགས་པ་འཕེལ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའིཆུ་ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་ལ་རྩེའམ་རྩེར་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། འཇིག་རྟེན་ལ་གྲགས་པའི་ཆུ་ཡིནཔ་དང༌། ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་དང་གཉིས་ཡོད་དེ། ཊཱི་ཀ་ལས། ཆུའི་ནང་དུ་ལྟེ་བ་མནཆད་ཙམ་ནུབ་པར་ཞུགས་ཤིང༌། ཞེས་གསུངས་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྒོད་པས་དགའ་བ་ཉམས་སུམྱོང་བར་བྱ་བའི་འདུན་པས་རྩེ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམབསྐོས་པས་རྩེ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་རྩེ་བ་རྫོགས་པའོ། །

རེ་ལྔ་བ་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་འཆད་པ་ལ། རྩ་བར། བུད་མེདདང་ལྷན་གཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གླེང་གཞི་ནི་སངས་རྒྱས་མཉན་ཡོད་ན་བཞུགས་ཚེ་མ་འགགས་པ་ལྗོངས་གྱུར་སོང་སྟེ། རི་བྲག་གི་གྲོང་དུ་བུད་མེད་དང་གནས་གཅིག་ཏུ་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིསཔ་དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་བུདམེད་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་འདསཔ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ།

གང་དང་ཉལ་བའི་ཡུལ་དང༌། གང་དུ་ཉལ་བའི་གནས་དང༌། གང་གི་ཚེ་ཉལ་བའི་དུས་དང༌། གང་གིས་ཉལ་བའི་རྟེན་དང་བཞི། །དང་པོ་ནི་སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པའི་བུད་མེད་ཆོས་ལྔ་ལྡན་གྱི་སྟེང་དུ་བསྲུང་མ་དང་མི་ལྡན་པའོ། །གཉིས་པ་ནི་གནས་ཆོས་གསུམ་ལྡནཏེ། གཞན་ནི་སྔར་ནུབ་ལྷག་གི་སྐབས་དང་འདྲ་བ་ལས། བྱ་གག་འཕུར་ནས་བབས་པའི་ལམ་ནིབར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ་ཞེས་གསུངས་པ་ནི་འདིར་ཁྱད་པར་རོ། །གསུམ་པ་ནི་དུསམཚན་མོ་ཡིན་པའོ། །བཞི་པ་ནི་རྟེན་ཁྲིམས་གྲོགས་དང་མི་ལྡན་པ་སྟེ། ལྟུང་བ་འབྱིན་པར་བྱེདཔ་དགེ་སློང་གིས་བསྲུངས་པ་ཉིད་དང༌། ཞེས་གསུངས་པས་སོ། །གཉིས་པ་བསམ་པའི་ཡནལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བུད་མེད་དངལྷན་ཅིག་གནས་གཅིག་ཏུ་ཉལ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཉལ་ཞིངགཉིད་ལོག་པའོ། །བཞི་བ་མཐར་ཐུག་ནི་མཚན་མོའི་མཐའི་སྐད་ཅིག་སྟེ། མཐར་རོ། །ཞེསགསུངས་སོ། ། དགེ་སློང་གིས་ཁྲིམས་གྲོགས་མེད་པར་ཉེ་དུ་མོ་དང་ལྷན་ཅིག་ཉལ་བ་གནང་ངོ་ཞེས་གཞུང་གང་ལས་ཀྱང་མ་གསུངས་ཏེ། ལུང་ཕྲན་ཚེགས་ལས། དགེ་སློང་མས་རང་གི་བུདེ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་རུང་སྟེ། ཇི་ལྟར་བསླབཔ་བཅས་པ་བཞིན་སློབས་ཤིག ཅེས་གསུངས་སོ། །

རེ་དྲུག་པ་དངངས་པར་བྱེད་པའི་ལྟུང་བྱེད་འཆད་པ།

རེ་དྲུག་པ་དངངས་པར་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། བཞད་གད་བྱ་བརབསམ་པས་ཀྱང༌། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་འཆར་ཀས་དངངས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནིརང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེསློང་གཞན་ལ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་ཉེ་བར་བསྒྲུབ་པ་རང་ངམ་བསྐོས་པའི་ངག་གི་རིག་བྱེད་ཀྱིས་དངངས་པར་བྱེད་པའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དངངས་པར་བྱ་བའིཡུལ་དང༌། གང་གིས་དངངས་པར་བྱེད་པའི་དངོས་པོ་དང་གཉིས། དང་པོ་ནི་དགེ་སློང་ཆོས་དྲུགལྡན་ནོ། །གཉིས་པ་ནི་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་སྟེ། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་ཞེས་གསུངས་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བཞད་གད་ཡན་ཆད་ཀྱིས་དངངས་པར་བྱེད་པར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པའི་ངག་གི་རིག་བྱེད་ཀྱིས་དངངསཔར་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །འདུལ་བ་བདུད་རྩིའི་ཉིང་ཁུལས། མཐར་ཐུག་སྔངས་སྐྲག་སྐྱེས་པ་ན་ལྟུང་བའོ། །ཞེས་གསུངས་པ་ལ། རྩ་བར། འཇིགསཔ་མ་སྐྱེས་ཀྱང་ངོ། །ཞེས་གསུངས་པས་དཔྱད་པར་བྱའོ། །

རེ་བདུན་པ་སྦེད་པའི་ལྟུང་བྱེད་འཆད་པ་ལ། རྩ་བར། རབ་ཏུ་བྱུང་བ་འདི་བ་དབང་བའི་ལྷུང་བཟེད་དང༌། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་དྲུག་སྡེས་བཅུ་བདུན་སྡེའི་ཆོས་གོས་སྦས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པདགག་བྱ་ནི་གཞན་ལ་གནོད་པ་དང་རང་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །གསུམ་པ་ངོ་བོ་ནིབཅས་ལྡན་དགེ་སློང་གིས་རབ་ཏུ་བྱུང་བ་འདི་པ་དབང་བའི་ཆོས་གོས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་གི་སྦ་བའི་བདག་པོ་དང༌། གང་སྦབའི་དངོས་པོ་དང་གཉིས། དང་པོ་ལ་ལྔ་ལས། རབ་ཏུ་བྱུང་བ་སྡེ་ལྔ་ལས་གང་ཡང་རུང་བ་ཡིནཔ་སྟེ་ལུང་རྣམ་འབྱེད་ལས་གསུངས་སོ། །རང་རང་གི་སྡོམ་པ་དག་པ་སྟེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཞེས་གསུངས་ཤིང༌། དེའི་གནད་ཀྱིས་དགེ་ཚུལལ་སོགས་པ་ལ་ཡང་སྦྱར་རོ། །ལྟ་བ་མཐུན་པ་དང༌། ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐམལ་པར་གནས་པ་སྟེ། སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་བཞིན་ནོ། །ཕ་རོལ་པོ་དེ་དགེསློང་ཡིན་ན་ནི། བདག་ལས་ཐ་དད་པ་ཡང་ཡན་ལག་ཏུ་སྦྱར་རོ། །གཉིས་པ་ལ་བཞི་ལས་ཆོསགོས་དང་ལྷུང་བཟེད་ལྟ་བུ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཡིན་པ་སྟེ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་ཞེས་གསུངས་པས་སོ། །ཆུད་འཛའ་བའི་རྐྱེན་ཅན་མ་ཡིན་པ་སྟེ། ཕན་པར་འདོདཔ་ནི་མ་གཏོགས་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ། ཀུན་སློང་ནི་རང་གར་སྦེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོསཔས་མངོན་སུམ་དུ་སྦེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་སྦས་ཟིན་པའམ་རྫོགས་པའོ། །

རེ་བརྒྱད་པ་གདེང་མེད་པར་སྤྱོད་པའི་ལྟུང་བྱེད་འཆད་པ།

རེ་བརྒྱད་པ་གདེང་མེད་པར་སྤྱོད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་སློང་ལ་གོས་བླང་བ་མེད་པར་བྱིན་པ་དེས་གནང་བ་མེད་པར་སྤྱོད་ནའོ། །ཞེས་སོགས་བྱུང༌། འདིའིདོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་གོས་སོགས་གདེང་མེད་པར་སྤྱདཔ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པའོ། །

གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་དགེ་སློང་གཞན་ལ་བྱིན་པའི་གོས་སམ་ལྷུངབཟེད་རྐུ་སེམས་སམ་ཡིད་གཅུགས་ཁྱད་པར་ཅན་ལས་གཞན་པས་ལོངས་སྤྱོད་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གངགི་ལོངས་སྤྱོད་པའི་བདག་པོ་དང༌། གང་ལོངས་སྤྱོད་པའི་དངོས་པོ་དང་གཉིས། དང་པོ་ནི་དགེསློང་ཆོས་དྲུག་ལྡན་གྱི་སྟེང་དུ། ལོངས་སྤྱོད་པས་དགའ་བར་འགྱུར་བ་མ་ཡིན་པའོ། །གཉིས་པ་ནིགོས་སམ་མཚོ་ཊཱིཀ་ལྟར་ལྷུང་བཟེད་ཡིན་པ་དང༌། རུང་བ་དང༌། ཚད་དང་ལྡན་པ་དང༌། རང་གིསབྱིན་པས་ད་ལྟར་དགེ་སློང་གཞན་དེ་དབང་བའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིསལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྐུ་སེམས་དང་ཡིད་གཅུགསཁྱད་པར་ཅན་ལས་གཞན་པས་ལོངས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོརབ་ནི་གདེང་མེད་པར་སྤྱོད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་སྤྱོད་པ་རྫོགས་པའོ། །མཚོཊཱིཀ་ལས། ལྷུང་བཟེད་གདེང་མེད་པར་སྤྱོད་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས་ནི། གོས་ལས་གཞནཔའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ལས་དགེ་སློང་གི་གོས་མ་གཏོགསཔ་དེ་ལས་གཞན་པའི་ཡོ་བྱད་སྩལ་ནས་སླར་མ་བླངས་པར་སྤྱོད་ན་ཅིར་འགྱུར་ཉེས་བྱས་སོ་ཞེསགསུངས་སོ། །རང་གི་རྣམ་བཤད་ལས་ནི་ལྷུང་བཟེད་ལ་ནི་ཡོངས་སུ་རྫོགས་པ་སྟེ། ལྷུང་བཟེདཆུང་བ་ལ་ནི་ན་སྨད་པར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དགེ་སློང་ལ་ལྷུངབཟེད་དང་ཆོས་གོས་སྦྱིན་པར་བྱས་ཏེ་དེའི་འོག་ཏུ་ལོངས་སྤྱོད་པར་བྱེད་ན་ཅིར་འགྱུར་ལྟུང་བྱེདདོ་ཞེས་སློབ་དཔོན་ཡོན་ཏན་འོད་ཀྱིས་ལུང་དྲངས་སོ། །ཊཱི་ཀ་དང་ཊཱི་ཀ་ལས་ཁུངས་སུ་དྲངས་པའི་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་དེ་ནི་གོས་ཞེས་སྨོས་པས་ལྷུང་བཟེད་ཀྱང་མཚོན་པ་སྟེ། གོས་དང་ལྷུང་བཟེད་ལས་གཞན་པའི་ཡོ་བྱད་གདེང་མེད་པར་སྤྱོད་ན་ཉེས་བྱས་སུ་དགོངས་སོཞེས་བརྗོད་དོ། །ཞེས་གསུངས་ལ། འོན་ཀྱང་བམ་ལྔ་ལས། གོས་ཉིད་དང༌། ཞེས་གསུངས་སོ། །

དེ་ལྟར་སྒོ་མང་ཡིག་ཆར་གོས་ཁོ་ན་དགོས་པར་གསུངས་སོ། །

རེ་དགུ་བ་ལྷག་མས་སྐུར་བ་འདེབས་པའི་ལྟུང་བྱེད་འཆད་པ།

རེ་དགུ་བ་ལྷག་མས་སྐུར་བ་འདེབས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། སྐུར་བའདེབས་པར་འདོད་པས་དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ་དགེ་འདུན་ལྷག་མས་སྐུར་བ་བརྗོད་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའབོ་དང་ས་ལས་སྐྱེས་ཀྱིས་དགེ་འདུན་ལྷག་མས་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི་སྡོམ་པའི་སྒོ་ནས་རང་རིགས་ཙམ་ལ་གནོད་པའོ། །གསུམ་པ་ངོ་བོ་ནིབཅས་ལྡན་དགེ་སློང་གིས་རང་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡནཔའམ་ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་ཉམས་པ་དང་ལྡན་པ་ལ་དགེའདུན་ལྷག་མས་སྐུར་པ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལབཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་སྐུར་པ་གདབ་པའི་ཡུལ་དང༌། གང་གིས་སྐུརཔ་གདབ་པའི་དངོས་པོ་དང༌། གང་ལ་གོ་བར་བྱ་བའི་ཡུལ་དང་གསུམ། དང་པོ་ནི་ཆོས་བཞི་ལྡན་ ཏེ་སྔར་ཕམ་པས་སྐུར་པ་འདེབས་པའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ནི་དགེ་འདུནལྷག་མས་སྐུར་པ་འདེབས་པ་ཡིན་པ་དང༌། གཞི་མེད་པ་ཡིན་དགོས་སོ། །གསུམ་པ་ནི་གོབྱའི་ཡུལ་ཆོས་གསུམ་ལྡན་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་བསམཔའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་དག་པའི་ཕྱོགས་གཅིག་མ་གཏོགས་པ་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགེ་འདུན་ལྷག་མས་སྐུར་པ་འདེབས་པའིཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡནགྱིས་སྐུར་པ་འདེབས་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །

བདུན་ཅུ་པ་བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་འཆད་པ།

བདུན་ཅུ་པ་བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། འདོདཔས་ལམ་དུ་འགྲོ་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་སངསརྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་རྒྱལ་པོའི་ཁབ་ནས་དགེ་སློང་ཞིག་བུདམེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆགསཔའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་མེད་པར་བུད་མེདདང་ལྷན་ཅིག་ལམ་དུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དང་འགྲོ་བའི་ཡུལ་དང༌། གངདུ་འགྲོ་བའི་ལམ་དང༌། གང་གིས་འགྲོ་བའི་རྟེན་དང་གསུམ། དང་པོ་ལ་བརྒྱད་ལས། བུད་མེདཆོས་ལྔ་ལྡན་འཁྲིག་ཚིག་གི་སྐབས་སུ་སྔར་བཤད་པའི་སྟེང་དུ་ཆོས་འདི་པའི་རབ་བྱུང་མོ་མ་ཡིནཔ་ཁྱིམ་པ་དགོས་ཏེ། གཞན་དུ་ན་བཅས་པ་གཞན་གྱི་ལྟུང་བར་འགྱུར་བའི་ཕྱིར་རོ། ། ཕན་གདགསབྱ་དང་འདོགས་བྱེད་མ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། བུད་མེད་སེལ་བྱེད་དུ་འཇུག་པ་དང༌། ལམ་ནོར་བ་བུད་མེད་ཀྱིས་ལམ་དུ་འཇུག་པ་དང༌། འགྲོ་མི་ནུས་པར་བུད་མེད་ཀྱིས་ཁྲིད་པ་ལནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །ངོ་མ་སྤོས་པའོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི་ས་ལ་བརྟེན་པའི་ལམ་ཡིན་པ་རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་སྟེ། ཞུ་བ་ལས། དགེ་སློང་གིསསྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱསསོ། །ཞེས་དང༌། རྒྱང་གྲགས་རེ་རེར་རོ་ཞེས་གསུངས་པས་སོ། །གསུམ་པ་གང་གིས་འགྲོ་བའིརྟེན་ནི་ཁྲིམས་གྲོགས་དང་མི་ལྡན་པ་སྟེ། ལྷག་མའི་སྐབས་སུ་རྩ་བར། རིག་པའི་སྐྱེས་པ་མེདཔའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བུད་མེད་དང་ལམ་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་སྦྱོར་བ་གཅིག་གིས་རྒྱང་གྲགསལས་འདའ་ཞིང་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདསཔའོ། །

བཅུ་ཚན་བརྒྱད་པ་བཤད་པ་ལ།

སྡོམ་དང་སོ་སོར་བཤད་པ་དང་གཉིས། དང་པོ་སྡོམནི། སོར་སྡོམ་ལས། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་མགྲོན་དང་བསླབ་པ་དང༌། །འཐབདང་མི་སྨྲ་འགྲོ་བ་དང༌། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་གཟུང་བར་བྱའོ། །གཉིསཔ་དོན་གཅིག་པ་རྐུན་མ་དང་ལམ་དུ་འགྲོ་བའི་ལྟུང་བྱེད་འཆད་པ་ལ། རྩ་བར། གྲོང་འཇོམསཔར་བྱེད་པའི་ཆོམ་རྐུན་པ་དག་གམ། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ནསདགེ་སློང་ཞིག་ཤོ་གམ་འདྲལ་བའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅསསོ། །གཉིས་པ་དགག་བྱ་ནི་མ་བྱིན་ལེན་པའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡནདགེ་སློང་གིས་ཆོམ་རྐུན་པའམ་ཤོ་གམ་འདྲལ་བའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་ཞིང་རྒྱངགྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་འགྲོ་བའི་ཡུལ་དང༌། གང་དུ་འགྲོ་བའི་ལམ་མོ། །

དང་པོ་ལ་བརྒྱད་ལས། ཆོམ་རྐུན་པའམ་ཤོ་གམ་འདྲལ་བའི་ཚོང་པ་ཡིན་པ་སྟེ། རྩ་བར། གྲོངའཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ་ཤོ་གམ་འདྲལ་བའི་ཚོང་བ་དག་དང་ལྷན་ཅིགའགྲོ་བའོ། །ཞེས་སོ། །རྐུ་བའི་བྱ་བ་བྱེད་བཞིན་པ་ཡིན་པ་སྟེ། རྐུན་མ་དང་ལྷན་ཅིག་འགྲོ་བ། ཞེས་དང༌། དགག་བྱའི་གནད་ཀྱིས་སོ། །ཁྱིམ་པ་ཡིན་པ་དང༌། སྐྱེས་པ་ཡིན་པ་སྐབས་ཀྱིས་གྲུབཅིང༌། རབ་ཏུ་བྱུང་བས་རྐུན་མ་བྱེད་པ་དང་བུད་མེད་ཀྱིས་རྐུན་མ་བྱེད་པ་འབྱུང་རིང་བས། དེདག་རྐུན་མ་བྱེད་པ་དག་བྱུང་ན་དེ་དང་དགེ་སློང་ལྷན་ཅིག་ལམ་དུ་འགྲོ་ན་ལྟུང་བ་ན་སྨད་དུ་རིགསསོ། །ཕན་གདགས་བྱ་དང་འདོགས་བྱེད་མ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། རྐུན་མ་སེལ་བྱེདདུ་འཛུད་པ་དང༌། ལམ་ནོར་པ་རྐུན་མས་ལམ་དུ་འཛུད་པ་དང༌། འགྲོ་མ་ནུས་པ་རྐུན་མས་ཁྲིདཔ་ལ་ལྟུང་བ་མེད་དོ། །ཞེས་པས་སོ། །ངོ་མ་སྤོས་པ་དགོས་ཏེ། བལ་འཁུར་བ་ལ་བཤད་པའིགནད་ཀྱིས་སོ། །ཐ་སྙད་བཞི་དང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་དང་བརྒྱད་དེ། དེ་གཉིས་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང༌། རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་སྟེ། ཞུ་བ་ལས། དགེ་སློང་གིས་འགྲོན་པོ་མང་པོརྐུ་བ་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་དང༌། ལུང་རྣམའབྱེད་ལས། རྒྱང་གྲགས་རེ་རེར་ནི་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློངནི་རང་གར་རྐུན་མ་དང་ལམ་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་སྦྱོརབ་གཅིག་གིས་ཀྱང་རྒྱང་གྲགས་ལས་འདའ་ཞིང་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནིལམ་རྒྱང་གྲགས་ལས་འདས་པའོ། །

དོན་གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་འཆད་པ།

དོན་གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ། །ཞེསསོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་མོའུ་འགལ་གྱི་བུསསྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱས་པ་ལས་ལྟུངབྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་གཞན་གྱི་རྒྱུད་ཆུད་འཛའ་པར་འགྱུར་བའོ། །གསུམཔ་ངོ་བོ་ནི་བཅས་ལྡན་དགེ་སློང་མཁན་པོ་གང་ཞིག་གིས་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པགསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་བསྙེན་པར་རྫོགས་པར་བྱབའི་ཡུལ་དང༌། གང་དག་གིས་བསྙེན་པར་རྫོགས་པར་བྱ་བའི་གྲོགས་དང༌། ཇི་ལྟར་བསྙེན་པརརྫོགས་པར་བྱ་བའི་ཆོ་ག་དང༌། གང་གིས་བསྙེན་པར་རྫོགས་པར་བྱེད་པའི་རྟེན་དང་བཞི། དངཔོ་ལ་བདུན་ལས་བསྙེན་པར་མ་རྫོགས་པ་ཡིན་པ་དང༌། བསམ་པ་ཐག་པ་ནས་བསྙེན་པརརྫོགས་པར་འདོད་པ་ཡིན་པ་དང༌། མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ཀྱང་ལོ་ཉི་ཤུ་མལོན་པ་དགོས་ཏེ། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ། །ཞེས་སོ། །

མཚན་མཐུན་པའོ། །མཚམས་མེད་པ་ལྔ་པོ་སོགས་བར་ཆད་གཙོ་བོ་གཞན་དང་མི་ལྡན་པ་སྟེ།

དེ་དང་ལྡན་ན་གཞན་རྒྱུད་ཆུད་ཟོས་ཟིན་པས། བསྙེན་རྫོགས་བྱས་པ་དེ་ཉིད་ཀྱིས་གཞན་རྒྱུདཆུད་ཟོས་པར་འགྱུར་བའི་དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཐ་སྙད་ལྔ་དང་ལྡན་པ་དང༌། ལུསཐ་མལ་པར་གནས་པའོ། །གཉིས་པ་གྲོགས་ནི་ལས་ཀྱི་སློབ་དཔོན་དགེ་འདུན་དང་བཅས་པ་སྟེ་སྐབས་དོན་གྱིས་སོ། །གསུམ་པ་ཆོ་ག་ནི་ལུང་རྣམ་འབྱེད་ལས་རྫོགས་པར་བསྙེན་པར་བྱེདན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་གསུངས་པས། ཆོ་ག་གསོལ་བཞིའི་ལསཀྱིས་ཏེ། ཆོ་ག་གཞན་གྱིས་ནི་མ་ཡིན་ནོ། །བཞི་པ་རྟེན་ནི་མཁན་པོ་ཉིད་ཀྱིས་ཏེ། རྩ་བར། མཁན་པོ་ཉིད་ཀྱིས་སོ། །ཞེས་སོ། །དེའང་ལུང་གཞི་ལས་མཁན་པོ་ལ་ལྟུང་བྱེད་བསྐྱེད་ལ། སློབ་དཔོནདང་དགེ་འདུན་རྣམས་ལ་ནི་ཉེས་བྱས་སུ་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མལོན་པ་བསྙེན་པར་རྫོགས་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་མཁནཔོ་བྱས་ཏེ་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ཞུགས་པའོ། །

བཞི་བ་མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་སྟེ། ཕལ་ཆེར་བྱས་པ་ཉིད་ནབྱས་པ་ཉིད་དོ། །ཞེས་གསུངས་པས་སོ། །

དོན་གསུམ་པ་ས་རྐོ་བའི་ལྟུང་བྱེད་འཆད་པ།

དོན་གསུམ་པ་ས་རྐོ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། རྐོའམ་རྐོར་བཅུག་པ་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་སབརྐོས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང༌།

དོན་དང་བྱ་བ་མང་བ་དང༌། གཞན་དག་མ་དད་པ་སྐྱེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེསློང་གིས་འཇིག་རྟེན་ལ་གྲགས་པའི་ས་འཐས་པར་གནས་པ་སོར་བཞི་ཡན་ཆད་རང་ངམ་བསྐོསཔས་བརྐོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བཞི་སྟེ། འཇིག་རྟེན་ན་གྲགས་པའི་ས་ཡིན་པ། འཐས་པར་གནས་པ་ཡིནཔ་དང༌། མ་ཉམས་པ་ཡིན་པ་དང༌། འོག་གཞི་དང་འབྲེལ་བའོ། །གཉིས་པ་བསམ་པའི་ཡན་ལགལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་ས་བརྐོ་བར་འདོད་པ་རྒྱུནམ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་རྐོ་བར་ཞུགས་པའོ། །བཞི་བ་མཐརཐུག་ནི་སོར་བཞི་ཡན་ཆད་བརྐོས་པ་སྟེ། དེའང་ཚུར་ལྷོགས་པ་ཡན་ལག་ཏུ་མི་དགོས་ཏེ། ལུངརྣམ་འབྱེད་ལས། ས་ལ་ཕུར་བ་འདེབས་ན་ལྟུང་བྱེད་དུ་འགྱུར། ཞེས་གསུངས་སོ། །

དོན་བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་འཆད་པ་ལ། རྩ་བར། ཚིགས་རྣམ་པར་བཞག་པ་མེད་པར། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེངགཞི་ནི་སེར་སྐྱའི་གནས་སུ་དྲུག་སྡེས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པར་བྱེད་པ་ལསལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །གསུམཔ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་མགྲོན་དུ་འབོད་པ་པོ་ཁྱིམ་པས་ཚིགས་རྣམ་པར་བཞགཔ་ཡོད་ན་ཚིགས་དེ་ལས་ལྷག་པའི་ཟས་ཟོས་པ་དང༌། ཚིགས་རྣམ་པར་བཞག་པ་མེད་ན་ཟླ་བབཞི་ལས་ལྷག་པར་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལབཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་གི་ཟ་བའི་སྦྱིན་བདག་དང༌། གང་ཟ་བའི་དངོསཔོ་དང༌། གང་གིས་ཟ་བའི་རྟེན་དང་གསུམ། དང་པོ་ལ་བདུན་ཏེ། ཁྱིམ་པ་ཆོས་དྲུག་ལྡན་ལསཅི་བདེར་སྟོབས་པ་མ་ཡིན་པ་མ་གཏོགས་པ་ལྔའི་སྟེང་དུ། མགྲོན་དུ་གཉེར་བར་བྱེད་པ་པོ་ཡིནཔ་དང༌། ཡང་དང་ཡང་དུ་མགྲོན་དུ་གཉེར་བ་ལ་སོགས་པ་མ་ཡིན་པའོ། །གཉིས་པ་གང་ཟ་བའིདངོས་པོ་ལ་དྲུག་སྟེ། དུས་སུ་རུང་བ་ཡིན་པ་དང༌། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང༌། རུང་བདང་ཚད་དང་ལྡན་པ་ནི་སྔར་བཤད་པ་བཞིན་ནོ། །སྔར་ནས་འདྲེན་འཕྲོ་ཡིན་པ་སྟེ་སྐབས་ཀྱིསགྲུབ་བོ། །ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པའཽ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་གསུམ།

མགྲོན་དུ་གཉེར་བ་དང་ལྡན་པ་དང༌། ཡང་དང་ཡང་མགྲོན་དུ་བོས་པ་ལ་སོགས་པ་མཡིན་པ་དང༌། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་མགྲོན་དུ་གཉེར་བ་ལས་རིངདུ་འདུག་ཅིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཟ་བར་བྱེད་པའོ། །བཞིབ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

དོན་ལྔ་བ་བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་འཆད་པ།

དོན་ལྔ་བ་བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །མངོན་པར་ཤེས་པའི་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དངཔོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་བསླབ་པ་ཉེ་བར་འཇོག་པ་སྤོང་བ་ལས་ལྟུང་བྱེད་དུབཅས་སོ། །གཉིས་པ་དགག་བྱ་ནི་དངོས་སུ་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པ་དང༌། བརྒྱུད་ནས་ཚུལ་ཁྲིམས་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལདགེ་སློང་གིས་བསླབ་པའི་སྒོ་ནས་བསྒོ་བ་ལ་ངག་གི་རིག་བྱེད་ཀྱིས་སྤངས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་སྤང་བའི་ཡུལ་དང༌། གང་སྤང་བའི་དངོས་པོ་དང་གཉིས། དང་པོ་ལ་བརྒྱད་ལས། དགེསློང་ཆོས་དྲུག་ལྡན་གྱི་སྟེང་དུ། རང་ལ་བསྒོ་བ་པོ་ཡིན་པ་དང༌། འདུལ་བའི་དོན་ཤེས་པ་སྟེ། སྨྲབ་པོ་ལ་ཞེས་པ་དང༌། མངོན་པར་ཤེས་པ་ཉིད་ལའོ། །ཞེས་གསུངས་པའོ། །གཉིས་པ་ནི་འདུལབར་གཏོགས་པ་ཡིན་པ་དང༌། བདག་ལ་སྒོ་བ་ཡིན་པ་སྟེ། བསླབ་པ་ལའོ། །ཞེས་གསུངས་ཤིང༌།

དེའི་སེལ་བ་མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་བྱས་ཀྱིའོ། །ཞེས་དང༌། ཁྱོད་ཀྱིས་འདི་ལ་བསླབཔར་བྱའོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལམ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྤོང་བརཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །

དོན་དྲུག་པ་ཉན་རྣ་བྱེད་པའི་ལྟུང་བྱེད་འཆད་པ།

དོན་དྲུག་པ་ཉན་རྣ་བྱེད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། དགེ་སློང་དག་རྩོད་པརགྱུར་བ། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེདགས་ཉན་རྣ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རྩོད་པ་འཕེལ་བའོ། །

གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་ལས་རྩོད་པ་གཞན་ཕྱོགས་སུ་གྱུར་པའི་དགེསློང་གཉིས་ཡན་ཆད་གྲོས་བྱེད་པ་ལ་ཤེས་བཞིན་དུ་རྩོད་པ་སྦར་བའི་ཆེད་དུ་མཉན་པས་རང་གིས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོགཞིའི་ཡན་ལག་ལ། གང་ལ་མཉན་པའི་ཡུལ་དང༌། གང་མཉན་པའི་དངོས་པོ་དང་གཉིས། དངཔོ་ལ་དྲུག་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང༌། མཚན་མཐུན་པ་དང༌། ཐ་སྙདགསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང་བཞི་ནི་སྔར་བྱིན་འཕྲོག་གི་སྐབསསུ་བཤད་པ་དང་འདྲའོ། །རང་ལས་རྩོད་པ་གཞན་ཕྱོགས་སུ་གྱུར་པའོ། །གཉིས་ཡན་ཆད་གྲོསབྱེད་པ་ཡིན་པ་སྟེ། རྩ་བར། དགེ་སློང་དག་དང་གྲོས་བྱས་པ་ན་མཉན་པའི་ཕྱིར་རྣ་གཏོད་ནསྟེ་ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་སོ། །ཞེས་སོ། །གཉིས་པ་གང་མཉན་པའི་དངོསཔོ་ནི་རྩོད་པ་གང་ཡང་རུང་བའི་གྲོས་བྱེད་པ་ཡིན་པའོ། །གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྩོད་པ་སྦར་བའི་ཆེད་དུ་ཉན་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཉན་པར་ཞུགས་པའོ། །བཞི་བ་མཐརཐུག་ནི་རང་གིས་ཚིག་ཐོས་ཤིང་དོན་གོ་བའོ། །

དོན་བདུན་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་འཆད་པ།

དོན་བདུན་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། གསོལ་བ་ལ་སོགསཔའི་ལས་ལ་འདུས་པ། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་དགའ་བོས་ལས་ཀྱི་གནས་ནས་མ་སྨྲས་པར་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིསཔ་དགག་བྱ་ནི་རང་རིགས་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གི་ཁ་སྐོངབར་འོས་པས་དགེ་འདུན་གྱི་ཆོས་ལྡན་གྱི་ལས་ལ་འདུས་ནས་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཉེ་འཁོར་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལགལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ནས་འགྲོ་བའི་གནས་དང༌། གང་དུ་འགྲོ་བའིགནས་དང༌། གང་གི་ཚེ་འགྲོ་བའི་དུས་དང༌། གང་གིས་འགྲོ་བའི་རྟེན་དང་བཞི། དང་པོ་ལ་གཉིསལས། དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་ཀྱི་གནས་ཡིན་པ་སྟེ་ལུང་རྣམ་འབྱེད་ལས། ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཞེས་དང༌། གསོལ་བ་ལ་སོགས་པའི་ལས་ལ་འདུས་པ། ཞེསསོ། །ལས་ཆོས་དང་ལྡན་པའི་གནས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། ལས་ཆོས་དང་ལྡན་པའི། ཞེས་དང༌། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡང་ངོ། །ཞེས་གསུངས་པས་སོ། །གཉིསཔ་ནི་ཐོས་པའི་ཉེ་འཁོར་ཕན་ཆད་ཡིན་པ་དང༌། མཚམས་ཀྱི་ནང་ཡིན་པ་སྟེ། གཞན་དུ་ན་མའདུས་པའི་མི་མཐུན་པ་མི་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི་གསོལ་བ་བྱས་པ་མན་ཆད་མ་ཡིནཔ་སྟེ། གསོལ་བ་བྱས་པ་ཉིད་ལའོ། །ཞེས་སོ། །བཞི་པ་ནི་དགེ་སློང་ལ་མ་སྨྲས་པ་སྟེ། རྩ་བར། གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་དགེ་སློང་ལ་མ་སྨྲས་པར་འགྲོ་ནའོ། །ཞེས་སོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློངནི་རང་གར་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཡུལ་ལས་འདས་པར་འགྲོ་བར་འདོད་པ་རྒྱུནམ་ཆད་པའོ། །གསུམ་པ་སྦྱོར་བ་ནི་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཐོས་པའིཉེ་འཁོར་ལས་འདས་པའོ། །

དོན་བརྒྱད་པ་མ་གུས་པའི་ཚུལ་གྱི་ལྟུང་བྱེད་འཆད་པ།

དོན་བརྒྱད་པ་མ་གུས་པའི་ཚུལ་གྱི་ལྟུང་བྱེད་འཆད་པ་ལ།

རྩ་བར། འདུག་པ་དང་འགྲོབ་དང༌། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུགླང་ཆེན་ལྷས་ཀྱི་བདག་པོའི་བུ་དགེ་སློང་ནག་པོས་དགེ་འདུན་གྱི་བཀའ་ལ་མ་གུས་པར་བྱསཔ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་བཞིན་གྱིས་དགག་བྱར་འགྱུར་བ་དང༌། རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློངགིས་སངས་རྒྱས་བཅོམ་ལྡན་འདས་ཞལ་དངོས་སུ་བཞུགས་པ་དང༌། དགེ་སློང་གི་དགེ་འདུནདང་དགེ་འདུན་གྱི་ཐ་སྙད་པ་སྟེ་དེ་གསུམ་གང་ཡང་རུང་བའི་གསུང་ཆོས་དང་ལྡན་པ་བདག་ལབསྒོ་བའི་དོན་ལ་བཤད་སྦྱང་མེད་པར་དེ་ལས་བཟློག་སྟེ་འགལ་བར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་བཞི་སྟེ། དེཡང་སངས་རྒྱས་དངོས་དང༌། དགེ་སློང་གི་དགེ་འདུན་དང༌། དགེ་འདུན་གྱི་ཐ་སྙད་པ་དང་གསུམཔོ་གང་ཡང་རུང་བས་བསྒོ་བ་ཡིན་པར་གྱུར་པའོ། །ཞེས་སོ། །བདག་ལ་བསྒོ་བ་ཡིན་པ་དང༌། ཆོས་དང་ལྡན་པ་ཡིན་དགོས་ལ། བསྒྲུབ་པར་ནུས་པ་སྟེ། སྒྲུབ་པར་མི་ནུས་པ་ལ་ནི་བཤདསྦྱང་མ་བྱས་ཡང་ཉེས་བྱས་ལས་ཆེ་བ་མི་བསྐྱེད་དེ། མཚང་པོ་ཆེ་མེད་པའི་ཕྱིར་རོ། །བཤད་སྦྱངབྱས་ན་ནི་ཇི་སྐད་བསྒོ་བ་བཞིན་མ་བསྒྲུབས་ཀྱང་ཉེས་པ་མེད་དེ། དགག་བྱ་མེད་པའི་ཕྱིརརོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །

ཀུན་སློང་ནི་རང་དགར་བཤད་སྦྱང་མེད་པར་གསུང་དེ་ལས་འགལ་བའི་ཚིག་སྨྲ་ཞིང་རྒོལ་བརའདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱི་ལོག་པར་སྒྲུབ་པརཞུགས་པའོ། །བཞི་བ་མཐར་ཐུག་ནི་དོན་གོ་བའོ། །

དོན་དགུ་བ་མྱོས་འགྱུར་འཐུང་བའི་ལྟུང་བྱེད་འཆད་པ།

དོན་དགུ་བ་མྱོས་འགྱུར་འཐུང་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། མྱོས་པར་འགྱུར་བ་འཐུང་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོདདུ་ལེགས་འོངས་ཀྱིས་མྱོས་འགྱུར་འཐུངས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགགབྱ་ནི་སེམས་འཁྲུལ་ཏེ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །དེ་ཡང་འོད་ལྡན་ལས། མྱོསཔར་འགྱུར་བ་ལས་ལྡོག་པ་ནི་སེམས་འཁྲུལ་བའི་རྒྱུ་དག་ཁོ་ན་དགག་པར་བྱ་བ་ཡིན་པའི་ཕྱིརརོ། །ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། ལྟུང་བ་རིགས་ལྔ་དག་ལ་འཇུག་པར་བྱེད་པ་ཡིནཔའི་ཕྱིར་དང༌། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །

དེས་ན་ལུང་རྣམ་འབྱེད་ལས་དགེ་སློང་དག་ང་ལ་སྟོན་པའོ་ཞེས་ཟེར་བ་དག་གིས་མྱོས་པར་འགྱུརབ་ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་བླུད་པར་མི་བྱའོ། །ཞེས་གསུངས་སོ། །གསུམཔ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཆང་མཚན་ཉིད་དང་ལྡན་པ་མགུལ་དུ་མིད་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གསུམསྟེ། སྦྱར་ཆང་བཅོས་ཆང་གཉིས་ལས་གང་ཡང་རུང་བ་ཡིན་པ་དང༌། འཁྲུལ་བ་རྫོགས་པར་བསྐྱེདཔའི་ནུས་པ་ཡོད་པ་དང༌། ཐ་སྙད་བྱར་རུང་གི་ཚད་དུ་ཆོག་པ་སྟེ། རྩ་བར། མྱོས་པར་འགྱུར་བའཐུང་ནའོ། །ཞེས་དང༌། ལུང་རྣམ་འབྱེད་ལས། འཐུངས་ན་མྱོས་པར་མི་འགྱུར་ན་ཉེས་བྱས་སུའགྱུར་རོ། །ཞེས་དང༌། ཐ་སྙད་བྱར་རུང་གི་ཚད་དུ་མ་ཆོག་ན་ཆང་འཐུང་བའི་ཐ་སྙད་མེད་པའིཕྱིར་རོ། །བཅོས་པའི་ཆང་ནི། རྒུན་འབྲུའི་ཁུ་བ་ལས་བྱས་པ་རྒུན་ཆང་དང༌། བུ་རམ་གྱི་ཁུ་བལས་བྱས་པ་བུར་ཆང་དང༌། མེ་ཏོག་ལ་སོགས་པའི་ཆང་རྣམས་སོ། །གཉིས་པ་བསམ་པའི་ཡནལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་གི་མྱོས་འགྱུར་འཐུང་བརའདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་འཐུང་བར་བྱེད་པའོ། ། བཞི་བ་མཐར་ཐུགནི་མགུལ་དུ་མིད་པའོ། །

བརྒྱད་ཅུ་པ་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་འཆད་པ།

བརྒྱད་ཅུ་པ་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེས་གཙོའོ། །དུས་མ་ཡིན་པ་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེངགཞི་ནི་མཉན་ཡོད་དུ་འཆར་ཀས་ཕྱི་དྲོ་མ་སྨྲས་པར་གྲོང་དུ་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །

གཉིས་པ་དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང༌། ཐ་དད་དུ་བྱེ་བར་འགྱུར་བ་སྟེ། གྲོངཔའི་ཆོས་དང་ལྡན་པའི་གནས་སུ་འགྲོ་བ་ཡན་ལག་ཏུ་དགོས་པ་དང༌། སྲ་བརྐྱང་བཏིང་ན་ལྟུངམེད་དུ་གསུངས་པས་ཤེས་སོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གིཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་ཤར་བའི་བར་དེར་ཁྱིམ་པའི་གནས་སུ་འགྲོ་བ་དགེ་སློང་ལ་མ་སྨྲས་པར་གྲོང་དུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས།

དང་པོ་གཞིའི་ཡན་ལག་ལ། གང་དུ་འགྲོ་བའི་གནས་དང༌། གང་ནས་འགྲོ་བའི་གནས་དང༌། གང་གི་ཚེ་འགྲོ་བའི་དུས་དང༌། གང་གིས་འགྲོ་བའི་རྟེན་དང་བཞི། དང་པོ་ལ་བཞི་ལས། ཁྱིམཔ་མཚན་ཉིད་དང་ལྡན་པའི་གནས་ཡིན་པ་སྟེ། རྩ་བར། གྲོང་དུ་ཞུགས་ནའོ། །ཞེས་སོ། ། གནསཀྱི་ངོ་བོ་ཉིད་དུ་གྲུབ་པ་དང༌། སྤྱོད་ལམ་བཞི་ཡན་ཆད་ཤོང་བའོ། །གཙུག་ལག་ཁང་དང་འབྲེལབ་མ་ཡིན་པ་སྟེ། སྐབས་འདི་ཉིད་ཀྱི་ལུང་ཞུ་བ་ལས། དགེ་སློང་གིས་གྲོང་གི་ནང་ན་གཙུག་ལགཁང་མཆིས་སམ་སྐོར་བར་གྱུར་པ་དེ་ནས་མ་སྨྲས་པར་གྲོང་དུ་ཕྱིན་ན་ཅིར་འགྱུར་ཉེས་བྱས་སོ། །ཞེས་སོ། །གནས་ཀྱི་ཆོས་བཞི་པོ་དེ་རྣམས་འོག་མ་གསུམ་ལ་ཡང་སྦྱར་རོ། །གཉིས་པ་གང་ནསའགྲོ་བའི་གནས་ནི། སྨྲ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པ་སྟེ། དེ་ཡང་སྤྱིར་བཏང་ལ་བརྒྱདལས། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱི་ནང་ན་གནས་པ་དང༌། ས་རང་བཞིན་གནསཔ་ཡིན་པ་དང༌། ཐ་དད་པར་གནས་པ་མ་ཡིན་པ་སྟེ། རྩ་བར། མཚམས་གཞན་ན་གནས་པདང་གནས་ནས་ཕྱུང་བ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ། །ཞེས་སོ། །དམིགསབསལ་ནི་དགེ་སློང་མེད་ན་མཚན་མི་མཐུན་པ་དགེ་སློང་མ་ལ་སོགས་པ་དང༌། བསྙེན་པར་མརྫོགས་པ་དགེ་ཚུལ་ལ་ཡང་སྨྲ་བར་བྱའོ། །ལུང་ཞུ་བ་ལས། དགེ་སློང་གིས་ཁྱིམ་པ་ལ་གོ་བརབགྱིས་ཏེ་སོང་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པས། དགེ་བསྙེན་ལ་སྨྲས་ཏེ་སོང་ན་ལྟུང་བྱེད་མི་བསྐྱེད་པར་གསལ་ལོ། །གསུམ་པ་གང་གི་ཚེ་འགྲོ་བའི་དུས་ནི། རང་གླིང་གི་ཉིམ་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་ཏེ། ལུང་རྣམ་འབྱེད་ལས། དུས་མ་ཡིན་པ་གཉིསཏེ། སྐྱ་རེངས་མ་ཤར་བ་དང་ཕྱེད་ཡོལ་བར་རོ། །ཞེས་གསུངས་སོ། །བཞི་པ་གང་གིས་འགྲོབའི་རྟེན་ནི་གསུམ་སྟེ། སྨྲ་བའི་ཡུལ་ལ་མ་སྨྲས་པ་དང༌། བརྟད་པའི་བྱ་བ་མ་བྱུང་བ་དང༌། སྲབརྐྱང་མ་བཏིང་བ་སྟེ། དགེ་སློང་འཁོད་པ་ལ་མ་སྨྲས་པ་ལའོ། །གལ་ཏེ་བརྟད་པའི་བྱ་བ་མ་བྱུངནའོ། །ཞེས་དང༌། མ་སྨྲས་པར་གྲོང་དུ་འགྲོ་བ་ལ་ཡང་ཉེས་པ་མེད་པ། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རངགར་མ་སྨྲས་པར་ཕྱི་དྲོའམ་མཚན་མོ་གྲོང་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པསྦྱོར་བ་ནི་རྫུ་འཕྲུལ་ལས་གཞན་པས་གྲོང་དུ་འགྲོ་བར་བྱེད་པའོ། །བཞི་བ་མཐར་ཐུག་ནི་གྲོངགི་ཉེ་འཁོར་དུ་ཕྱིན་པ་རྫོགས་པའོ། །

བཅུ་ཚན་དགུ་བ་བཤད་པ་ལ། སྡོམ་དང་སོ་སོར་བཤད་པ་དང་གཉིས། དང་པོ་ནི།

སོར་སྡོམ་ལས། ཟས་བཅས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བདལདང་གདིང་དང་གཡན་དགབ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་གཟུང་བརབྱའོ། །

གཉིས་པ་སོ་སོར་བཤད་པ་ལ།

གྱ་གཅིག་པ་གྲོང་དུ་རྒྱུ་བའི་ལྟུང་བྱེད་འཆད་པ་ལ། རྩ་བར། དུས་མ་ཡིན་པར་ཁྱིམ་བཞི་བ་ལ་སོགས་པར་འགྲོ་བ་ལའོ། །ཞེས་སོགས་བྱུང༌། འདིལ་སྔ་དྲོ་གྲོང་དུ་རྒྱུ་བ་དང༌། ཕྱི་དྲོ་གྲོང་དུ་རྒྱུ་བ་དང་གཉིས། དང་པོའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་སྔ་དྲོ་གྲོང་རྒྱུ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་འཚོ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློངགིས་རང་གི་གླིང་གི་སྔ་དྲོའི་དུས་སུ་རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་འདྲེན་པའི་ཚེ་ཟསབྲིམ་པ་ཡོལ་བར་མ་བྱེད་ཅེས་མ་བསྒོ་བར་ཁྱིམ་གསུམ་པའམ་བཞི་པ་ལ་སོགས་པར་རྒྱུ་བ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དུ་རྒྱུ་བའི་གནས་དང༌། གང་གི་ཚེ་རྒྱུ་བའི་དུས་དང༌། གང་གིས་རྒྱུ་བའི་རྟེན་དང་གསུམ། དངཔོ་ལ་སྔར་བཤད་མ་ཐག་པའི་གནས་ཐུན་མོང་བ་བཞི་པོའི་སྟེང་དུ། ཁྱིམ་གསུམ་ཡན་ཆད་ཡིནཔའོ། །གཉིས་པ་ལ་གཉིས་ཏེ། དུས་སྔ་དྲོ་ཡིན་པ་དང༌། རང་གི་ཚིག་གིས་དགེ་འདུན་ཟས་ལསྤྱན་དྲངས་པའི་དུས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ན་ལྟུང་བྱེད་དོ། །ཞེས་གསུངས་ཏེ། སྔ་དྲོ་དང་ཞེས་དང༌། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ན། ཞེས་དང༌། ལུང་རྣམ་འབྱེད་ལས། དེའི་ངོར་མགྲོན་དུ་བོས་པ་མ་ཡིན་ན་ལྟུང་བ་མེད་དོ། །ཞེསསོ། །གསུམ་པ་ནི་སྦྱིན་བདག་ལ་མ་བསྒོ་བ་སྟེ། སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས།

ཞེས་གསུངས་པས་སོ། །བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས།

དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ནི་ལྟུང་བ་མེད་དོ། ། ཞེསགསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལགདེ་དག་ལ་མ་འཁྲུལ་བ་སྟེ། གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནིརང་གར་ཁྱིམ་གསུམ་ཡན་ཆད་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནིཁྱིམ་གསུམ་པ་ཡན་ཆད་དུ་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཉེ་འཁོར་འདས་པལ་སོགས་པའོ། །གཉིས་པ་ཕྱི་དྲོ་གྲོང་དུ་རྒྱུ་བའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་ཉེ་དགས་ཕྱི་དྲོ་གྲོང་དུ་རྒྱུ་བ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་ཆགསཔའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གླིང་གི་ཉི་མ་ཕྱེད་ཡོལནས་སྐྱ་རེངས་མ་ཤར་བའི་བར་དེར་ཁྱིམ་བཞི་པའམ་ལྔ་པ་ལ་སོགས་པར་རྒྱུ་བ་ལས་གྱུར་པའིལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དུརྒྱུ་བའི་གནས་དང༌། གང་གི་ཚེ་རྒྱུ་བའི་དུས་དང་གཉིས། དང་པོ་ལ་ལྔ་སྟེ། སྔར་བཤད་པའི་གནསཐུན་མོང་བ་བཞི་པོའི་སྟེང་དུ། ཁྱིམ་བཞི་ཡན་ཆད་ཡིན་པ་སྟེ། ཁྱིམ་བཞི་པ་ལ་སོགས་པར་འགྲོབ་ལའོ། །ཞེས་སོ། །གཉིས་པ་ནི། རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བ་སྟེ།

དུས་མ་ཡིན་པར། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཁྱིམ་བཞི་ཡན་ཆད་དུ་འགྲོ་བར་འདོད་པ་རྒྱུན་མ་ཆདཔའོ། །གསུམ་པ་སྦྱོར་བ་ནི་ཁྱིམ་བཞི་པ་ཡན་ཆད་དུ་འགྲོ་བར་ཞུགས་པའོ། །བཞི་བ་མཐར་ཐུགནི་ཉེ་འཁོར་འདས་པ་ལ་སོགས་པའོ། །

གྱ་གཉིས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་འཆད་པ།

གྱ་གཉིས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤེསགཙོའོ། །ནམ་མ་ལངས་པ་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་འཆར་ཀ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ལས་ལྟུང་བྱེད་དུ་བཅསསོ། །གཉིས་པ་དགག་བྱ་ནི་ལུང་རྣམ་འབྱེད་ལས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགསབཅུ་གསུངས་ཀྱང༌། གཙོ་བོར་ནི་ཆགས་པའི་རྒྱུར་འགྱུར་བ་དང༌། སྐུར་པའི་ཚིག་འབྱུང་བའོ། །

གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ནུབ་ཕྱོགས་ཀྱི་འོད་དམར་པོ་འདསནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་དུ་བཙུན་མོའི་འཁོར་རམ། རྒྱལ་པོའི་ཕོ་བྲང་གི་གནས་སུའགྲོ་ན་བསྐོར་བ་མེད་ན་ཕྱི་རོལ་གྱི་ཉེ་འཁོར་འདོམ་གང་གི་ཁོངས་སུ་ཕྱིན་པ་དང༌། བསྐོར་བཡོད་ན་ནང་གི་སྒོ་མ་བཙུགས་པ་ལ་ཕྱི་བསྐོར་གྱི་སྒོ་བཙུགས་ཤིང་བཅད་ན་གཏན་པའི་གནསའདས་པ་དང༌། སྒོ་མ་བཅད་ན་གཏན་པའི་གནས་དེའི་ཉེ་འཁོར་འདོམ་གང་འདས་པ་དང༌། ནངགི་སྒོ་བཙུགས་ཤིང་བཅད་ན་དེ་ཉིད་ཀྱི་གཏན་པའི་གནས་སུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་དུ་འགྲོ་བའི་གནསདང༌། གང་གི་ཚེ་འགྲོ་བའི་དུས་དང༌། གང་གིས་འགྲོ་བའི་རྟེན་དང་གསུམ། དང་པོ་ལ་སྔར་བཤདཔའི་གནས་ཐུན་མོང་བ་བཞི་པོ་ལ། ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཡིན་ཞེས་པའི་ཤུལདུ། རྒྱལ་པོ་མི་ཡིན་པས་ཁྱད་པར་དུ་བྱས་པའི་བཙུན་མོའི་འཁོར་རམ། རྒྱལ་པོའི་ཕོ་བྲང་ཡིནཔ་སྟེ། བཙུན་མོའི་འཁོར་ཞེས་པ་སྟེ། རྒྱལ་པོའི་ཕོ་བྲང་གི། ཞེས་སོ། །གཉིས་པ་ནི་མཚན་མོརགྱུར་ནས་ནམ་མ་ལངས་པ་སྟེ། ནམ་མ་ལངས་པ་ཉིད་ལའོ། །ཞེས་སོ། །གསུམ་པ་ལ་གཉིསཏེ། རྒྱལ་པོ་ལ་སོགས་པས་བོས་པ་མ་ཡིན་པ་དང༌། དོན་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པའོ། །

དེ་ཡང་གལ་ཏེ་རྒྱལ་པོ་དང་བཙུན་མོ་དང༌། ཞེས་དང༌། བར་ཆད་དང་འདུལ་བའི་དབང་གིས་མཡིན་པ་ལའོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དགར་རྒྱལ་པོའི་ཕོ་བྲང་ངམ་བཙུན་མོའི་འཁོར་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་དེར་འགྲོ་བར་ཞུགས་པའོ། །བཞི་བ་མཐརཐུག་ནི་སྔར་ངོ་བོ་བཤད་སྐབས་དང་འདྲའོ། །

གྱ་གསུམ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་འཆད་པ།

གྱ་གསུམ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། སོ་སོར་ཐར་བའི་མདོགདོན་པ་འདོན་པའི་ཚེ། ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་དྲུག་སྡེས་བསླབ་པའི་གཞི་ཁྱད་དུ་གསོད་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པདགག་བྱ་ནི་ཆོས་ཁྱད་དུ་གསོད་པས་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པ་དང་རང་རིགས་ཀྱི་སེམསབདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་ཡིད་རྨོངས་པ་མ་ཡིན་པསགསོ་སྦྱོང་གི་སོ་སོ་ཐར་པའི་མདོ་འདོན་པའི་དུས་སུ་རང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞིའིདངོས་པོ་ལ་ངག་གི་རིག་བྱེད་ཀྱིས་ཁྱད་དུ་གསོད་དེ་ཕ་རོལ་པོས་དོན་གོ་བ་ལས་གྱུར་པའི་ལྟུངབ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ཁྱད་དུགསོད་པའི་དངོས་པོ་དང༌། གང་གིས་ཁྱད་དུ་གསོད་པའི་རྟེན་དང༌། གང་གི་ཚེ་ཁྱད་དུ་གསོདཔའི་དུས་དང༌། གང་ལ་གོ་བར་བྱ་བའི་ཡུལ་དང་བཞི། དང་པོ་ལ་གསུམ་ལས་འདུལ་བརགཏོགས་པ་ཡིན་པ་སྟེ། བསླབ་པའི་གཞིའི་དངོས་པོ་ལ། ཞེས་དང༌། མདོ་སྡེ་དང་ལྡན་པ་སྨྲ་བན་ཡང་ངོ༌། །ཞེས་སོ། །རང་གི་བསླབ་པ་ཡིན་པ་སྟེ། མཚན་གཞན་གྱི་འདོན་པའི་ཚེ། ཞེས་སོ། །དོན་གྱི་བདག་ཉིད་ཡིན་པ་སྟེ། །བསླབ་པའི་གཞིའི་དངོས་པོ་ལ་ཞེས་དངོས་པོ་ཡན་ལག་ཏུ་གསུངས་པ་དང༌། འདུལ་བའི་ཚིག་ཁྱད་དུ་གསོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་སྔར་བསྟན་ཟིན་པས་སོ། །གཉིས་པ་གང་གིས་ཁྱད་དུ་གསོད་པའི་རྟེན་ནི། གསོ་སྦྱོང་ལན་གཉིས་ཉམསསུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པའཽ། །གསུམ་པ་ནི་གསོ་སྦྱོང་གི་དུས་ཡིན་པ་སྟེ། ཊཱི་ཀ་ལས། གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོ་ཐར་པའི་མདོ་གདོན་པ་ན་བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་གྱི། དུས་གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སུ་འགྱུར་བའོ། །ཞེསསོ། །བཞི་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། གསོ་སྦྱོང་དེ་ལ་གཏོགས་པའོ། །གཉིས་པབསམ་པའི་ཡན་ལག་ལ་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཞད་གད་ཡནཆད་ཀྱི་ཁྱད་དུ་གསོད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཁྱད་དུ་གསོད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་དོནགོ་བའོ། །

གྱ་བཞི་པ་ཁབ་རལ་འཆོས་པའི་ལྟུང་བྱེད་འཆད་པ།

གྱ་བཞི་པ་ཁབ་རལ་འཆོས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། བ་སོ་དང་རུས་པ་དངརྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དངཔོ་གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་མང་པོ་རྣམས་ཀྱིས་ཁབ་རལ་བྱེད་དུ་བཅུག་པ་ལས་ལྟུངབྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དོན་དང་བྱ་བ་མང་བ་དང་རང་འདོད་པ་ཆེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡནཔ་ལ་རང་གི་ཆེད་དུ་རང་ངམ་བསྐོས་པས་ཁབ་རལ་གྱི་བཟོ་བྱས་པ་ལས་གྱུར་པའི་ལྟུང་བ་དངོསགཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་ལྔ་ལས། བ་སོ་དང་རུསཔ་ལ་སོགས་པ་ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་དགོས་ལ། རང་གི་ཡིན་པ་སྟེ། གཞན་གྱི་ཡིན་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པ་དགོས་སོ། ། གཉིས་པ་བསམ་པའི་ཡན་ལག་ལགཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཁབ་རལ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་ཁབ་རལགྱི་བཟོ་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ཟིན་པར་བྱས་པའོ། །

གྱ་ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་འཆད་པ།

གྱ་ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཚད་ལས་ལྷག་པར་བྱེདདམ་བྱེད་དུ་འཇུག་པ་ནའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞིནི་མཉན་ཡོད་དུ་དྲུག་སྡེས་ཁྲི་རྐང་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དོན་དང་བྱ་བ་མང་བ་དང༌། དགེ་འདུན་གྱི་ཡོ་བྱད་ཆུད་འཛའ་པར་འགྱུརབའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་ཤིང་གི་ཁྲིའམ་ཁྲིའུརྐང་པ་ཚད་ལས་ལྷག་པ་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོསགཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་ལྔ་ལས། དགེ་འདུན་དབངབའི་ཁྲིའམ་ཁྲིའུ་ཡིན་པའོ། །གང་ཟག་གི་ཁྲི་རྐང་ཚད་ལས་ལྷག་པར་བྱེད་ན་ནི། རྣམ་འབྱེདའགྲེལ་བ་ལས། གང་ཟག་གི་ལ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །རུང་བ་ཡིན་པ་དང༌། རྒྱཁྱོན་གྲགས་སྡེའི་ཚད་དང་ལྡན་པ་སྟེ། རུང་བ་ཉིད་དང་ཚད་དང་ལྡན་པ། ཞེས་སོ། །རྐང་པ་ཚདལས་ལྷག་པ་སྟེ། རྐང་པ་དག་གིའོ། །ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིནཔ་སྟེ། ཕྱེད་བྱས་པ་ལ་བྱེད་པ་ནི། ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཚད་ལས་ལྷག་པར་བྱེད་པར་འདོདཔ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་གཞན་ལ་བསྐོས་པས་ཚད་ལས་ལྷག་པརབྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བཟོ་ཟིན་པའོ། །

གྱ་དྲུག་པ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་འཆད་།

གྱ་དྲུག་པ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་འཆད་པ་ལ།

རྩ་བར། ཤིང་བལགྱིས་གོས་པར་བྱས་པ་ལའོ། །ཞེས་སོ། །འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉནཡོད་དུ་ཉེ་དགས་འདུག་པའི་སེམས་ཀྱིས་དགེ་འདུན་གྱི་གནས་མལ་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་དོན་དང་བྱ་བ་མང་བ་དང༌། གཞན་གྱི་གོས་ལ་སོགས་པ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་དགེའདུན་དབང་བའི་གནས་མལ་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོསགཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་གོས་པར་བྱ་བའིཡུལ་དང༌། གང་གིས་གོས་པར་བྱེད་པའི་དངོས་པོ་དང་གཉིས། དང་པོ་ལ་གསུམ་ལས། དགེའདུན་དབང་བའི་གནས་མལ་ཡིན་པའོ། །རུང་བ་དང་ཚད་དང་ལྡན་པ་སྟེ། སྤྱིར་བསྟན་པ་ལསསོ། །གཉིས་པ་གང་གིས་གོས་པར་བྱེད་པའི་དངོས་པོ་ལ་གསུམ་ལས། ཤིང་བལ་ཡིན་པའོ། །

གྲགས་སྡེའི་ཚད་དུ་ཆོག་པ་སྟེ། གོས་ལ་སོགས་པ་ཚད་དང་ལྡན་པའི་གནད་ཀྱིས་སྦྱར་རོ། །ཤིངབལ་བརྡལ་བའི་བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པའོ། །གཉིས་པ་བསམ་པའིཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གིདོན་དུ་ཤིང་བལ་བརྡལ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་གཞན་ལབསྐོས་པས་ཤིང་བལ་བརྡལ་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བརྡལ་བ་རྫོགས་པའོ། །

གྱ་བདུན་པ་གདིང་བ་དང་གྱ་བརྒྱད་པ་གཡན་པ་དགབ་པ་དང་གྱ་དགུ་བ་རས་ཆེན་དངགསུམ་པོ་ཚད་ལས་ལྷག་པའི་ལྟུང་བྱེད་གསུམ་འཆད་པ་ལ། རྩ་བར། གདིང་བའི་འོ། །ཞེས་པནས། གཡན་པ་དགབ་པའི་འོ། །ཞེས་པ་ནས། དབྱར་གྱི་རས་ཆེན་གྱིའོ། །ཞེས་སོགས་བྱུང༌།

འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བདང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་དོན་དང་བྱ་བམང་བ་དང༌། འདོད་པ་ཆེ་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་གདིང་བ་དངགཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ལ་རངགི་དོན་དུ་རང་ངམ་གཞན་བསྐོས་པས་སོར་ཕྱེད་ཡན་ཆད་ཚད་ལས་ལྷག་པར་བྱས་ཟིན་པ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལལྔ་ལས། གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་རྒྱུ་མཚནཉིད་དང་ལྡན་པ་ཡིན་པའོ། །རང་གི་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མཡིན་པ་དང༌། རུང་བ་ཚད་དང་ལྡན་པ་སྟེ་སྔར་བཤད་པ་བཞིན་ནོ། །གཉིས་པ་བསམ་པའི་ཡནལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོནདུ་ཚད་ལས་ལྷག་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོསཔས་ཚད་ལས་ལྷག་པར་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བཟོ་ཟིན་པའོ། །དགེསློང་ལུས་བོང་ཤིན་ཏུ་ཐུང་བ་དང་ལུས་བོང་ཆེ་བ་དང་འབྲིང་པོ་སྟེ་གསུམ་གྱི་གདིང་བ་ནི་ཚད་མཉམ་སྟེ། འོག་མ་དག་ལ་ཡང་ངོ་ཞེས་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་ནི་རང་གི་ལུས་ཁྲུས་ཚད་གཞལ་བ་མ་ཡིན་གྱི་རྡུལ་ཁྲུ་ནས་བརྩི་བ་སྟེ། དེ་ལྟར་ལུང་རྣམའབྱེད་ལས་གསུངས་སོ། །

དགུ་བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བཟོ་བྱེད་པའི་ལྟུང་བྱེད་འཆདཔ།

དགུ་བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བཟོ་བྱེད་པའི་ལྟུང་བྱེད་འཆདཔ་ལ།

རྩ་བར། སྟོན་པ་རང་གི་ཁྲུ་ལྔ་དང་གསུམ་པའི་ཆོས་གོས་སོ། །ཞེས་སོགས་བྱུང༌། འདིའིདོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་བདེ་བར་གཤེགས་པའི་ཆོསགོས་ཀྱི་ཚད་དུ་ཆོས་གོས་བཟོ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །གཉིས་པ་དགགབྱ་ནི་བླ་མ་ལྟར་འཆོས་པ་དང༌། དོན་དང་བྱ་བ་མང་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེསློང་གིས་རང་ལ་ལུས་བོང་སངས་རྒྱས་ཀྱི་སྐུ་ལུས་ཙམ་མེད་པར་བདེ་བར་གཤེགས་པའི་ཆོསགོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་རང་ངམ་བསྐོས་པསབཟོ་བྱས་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་བྱ་བའི་དངོས་པོ་དང༌། གང་གིས་བྱེད་པའི་རྟེན་དང་གཉིས། དངཔོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། ཆོས་གོས་བྱེད་དམ། ཞེསསོ། །རུང་བ་ཡིན་པ་སྟེ་སྤྱིར་བསྟན་པ་ལས་རུང་བ་ཉིད་དང་ཞེས་གསུངས་པས་སོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པར་ཡིན་པ་སྟེ། དེའི་ཚད་དམ་ལྷག་པའི་ཞེསགསུངས་པས་སོ། །རང་གི་ཡིན་པ་དང༌། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ།

སྔར་འཁྲུར་འཇུག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་གང་གིས་བྱེད་པའི་རྟེན་ནི། རངགི་ལུས་ལ་བདེ་བར་གཤེགས་པའི་སྐུའི་བོང་ཚད་ཙམ་མེད་པ་སྟེ། དེའི་ལུས་ཙམ་མེད་པར། ཞེསགསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལབའོ། །ཀུན་སློང་ནི་རང་དོན་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པའིཆོས་གོས་ཀྱི་བཟོ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་ངམ་བསྐོས་པས་དེའི་བཟོ་བྱེད་པར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་བཟོ་ཟིན་པའོ། །ལྟུང་བྱེད་འབའ་ཞིག་པའི་རྣམ་པར་བཤད་པ་རྫོགས་སོ།། །།

སོ་སོར་བཤགས་པར་བྱ་བའི་སྡེ་འཆད་པ།

སོ་སོར་བཤགས་པར་བྱ་བའི་སྡེ་འཆད་པ།

བཞི་བ་སོ་སོར་བཤགས་པར་བྱ་བའི་སྡེ་འཆད་པ་ལ།

སྡོམ་དང་སོ་སོར་བཤད་པ་དངགཉིས་ལས། དང་པོ་ནི། སོར་སྡོམ་ལས། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་པར་བྱབར་གསུངས། །ཞེས་གཟུང་བར་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་བཞི་ལས། དང་པ་ོཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་འཆད་པ་ལ། རྩ་བར། ཤེས་གཙོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞིནི་མཉན་ཡོད་དུ་ཉེ་དགས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་ཟས་བླང་བ་ལས་སོ་སོར་བཤགསཔར་བྱ་བར་བཅས་སོ། །གཉིས་པ་དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབཔ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམཔོ་ཆེ་ན་འདུག་པས་དགེ་སློང་མ་གནས་དེ་གསུམ་གང་ཡང་རུང་བ་ན་འདུག་པ་ལ་ཟས་བླངསཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡནལག་ལ། གང་ལ་བླང་བའི་ཡུལ་དང༌། གང་བླང་བའི་དངོས་པོ་དང༌། གང་དུ་བླང་བའི་གནསདང་གསུམ། དང་པོ་ནི་དགེ་སློང་མ་ཆོས་བདུན་ལྡན་ཏེ་སྔར་བཤད་པ་བཞིན་ནོ། །གཉིས་པ་ལལྔ་ཡོད་དེ། དུས་སུ་རུང་བ་ཡིན་པ་དང༌། མོ་ཉིད་ཟ་བའི་ཆེད་དུ་སྒྲུབ་པ་ཡིན་པ་དང༌། དགེསློང་མ་དེ་དང་འབྲེལ་བར་གནས་པ་དང༌། རུང་བ་དང༌། ཚད་དང་ལྡན་པའོ། །གསུམ་པ་གངདུ་བླང་བའི་གནས་ནི་དགེ་སློང་གི་གནས་གྲོང་དང་གྲོང་གི་ཉེ་འཁོར་དང་ལམ་པོ་ཆེ་དང་གསུམཔོ་གང་རུང་ཡིན་དགོས་ཏེ། ཊཱི་ཀ་ལས། དགེ་སློང་ལམ་པོ་ཆེ་ན་འདུག་པས། དགེ་སློང་མ་གངཡང་རུང་བ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཞིང་ཟ་བར་བྱེད་ན་དངོས་གཞིརའགྱུར་རོ། །ཞེས་གསུངས་སོ། །དགེ་སློང་མའི་གནས་ཀྱང་གྲོང་དང་གྲོང་གི་ཉེ་འཁོར་དང་ལམཔོ་ཆེ་དང་གསུམ་པོ་གང་རུང་ཡིན་པ་སྟེ། སོ་སོ་ཐར་བ་ལས། དགེ་སློང་མ་ཉེ་དུ་མ་ཡིན་པ་ལམཔོ་ཆེ་ན་འདུག་པ། ཞེས་གསུངས་པས་གྲོང་དང་གྲོང་གི་ཉེ་འཁོར་ཡང་དེ་དང་རྒྱུ་མཚན་མཚུངསཤིང༌། དགེ་སློང་གྲོང་ན་འདུག་པའི་གནད་ཀྱིས་སྦྱར་ཞེས་མཚོ་ཊཱིཀ་ལས་སོ། །གཉིས་པ་བསམཔའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུདགེ་སློང་མ་ལ་ཟས་ལེན་ཞིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་དགེསློང་མ་ལ་ངག་གི་རིག་བྱེད་ཀྱིས་ཟས་བླངས་ཏེ་ཟ་བར་རྩོམ་པའོ། ། བཞི་བ་མཐར་ཐུག་ནིམགུལ་དུ་མིད་པའོ། །

གཉིས་པ་གྲལ་རིམས་སུ་མ་ཕེབས་པར་འགྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོསོར་བཤགས་པར་བྱ་བ་འཆད་པ་ལ།

རྩ་བར། དེའམ་དགེ་སློང་གཞན་ལ། ཞེས་སོགས་བྱུང༌།

འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་མཉན་ཡོད་དུ་ཁྱིམ་པས་དགེ་འདུན་ལ་མཆོདསྟོན་འདྲེན་པ་ན། དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་དྲུག་སྡེ་རྣམས་ཀྱིས་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །གཉིས་པ་དགག་བྱ་ནི་ཆགསཔས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པ་དང༌། གྲོགས་ཀྱི་འཚོ་བ་ལ་གནོད་པའོ། །

གསུམ་པ་ངོ་བོ་ནི་དགེ་སློང་གསུམ་ཡན་ཆད་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་བསྐོབཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ། གང་གིབཟའ་བའི་སྦྱིན་བདག་དང༌། གང་དག་དང་ཟ་བའི་གྲོགས་དང༌། གང་བཟའ་བའི་དངོས་པོདང༌། གང་གིས་ཟ་བའི་རྟེན་དང་བཞི། དང་པོ་ལ་ལྔ་ཡོད་དེ། ཁྱིམ་པ་ཡིན་པ་དང༌། དགེ་སློངམ་དེའི་ཉེ་དུ་མ་ཡིན་པ་དང༌། མགྲོན་དུ་འབོད་པ་པོ་ཡིན་པདང༌། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པའོ། །གཉིས་པ་གང་དག་དང་ཟ་བའི་གྲོགས་ནི། དགེ་སློང་ཆོས་དྲུགལྡན་གྱི་དང་པོ་ལྔའི་སྟེང་དུ། རང་མ་གཏོགས་པ་གཉིས་ཡན་ཆད་ཡིན་པ་སྟེ། རྩ་བར། དགེསློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ནའོ། ། ཞེས་གསུངས་པས་སོ། །གསུམཔ་གང་བཟའ་བའི་དངོས་པོ་ནི་བཞི་ལས་དུས་སུ་རུང་བ་ཡིན། ཚད་དང་ལྡན་པ་ཡིན། དགེ་སློངམ་ཆོས་བརྒྱད་ལྡན་གྱིས་བསྐོ་བཤམ་བྱས་པ་ཡིན་པ་སྟེ། ཆོས་བརྒྱད་ལྡན་ནི་སྔར་བཤད་པའིཆོས་བདུན་ལྡན་གྱི་སྟེང་དུ་ཚིག་དེ་ཉེ་བར་གདགས་སུ་རུང་བ་ན་གནས་པ་སྟེ། གལ་ཏེ་ཚིག་དེཉེ་བར་གདགས་སུ་རུང་ན་ནིའོ། །ཞེས་སོ། །བཞི་པ་གང་གིས་ཟ་བའི་རྟེན་ནི། བསྐོ་བཤམབྱེད་པ་དེ་མ་བཟློག་པ་ལ་དེ་ལྟར་ཤེས་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱས་པ་དེ་རང་དོན་དུ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་ཟ་བར་རྩོམ་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

གསུམ་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་འཆད་པ་ལགཉིས། དང་པོ་བསླབ་པར་བྱ་བ་ནི། རྩ་བར། དད་པ་ཅན་ལ་གལ་ཏེ་བྱིན་ན་དེ་ཕོངས་པརའགྱུར་བ་ལྟ་ན་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་ལལྔ་ལས། དང་པོ་དགོས་པའི་དོན་ནི། དངོས་སུ་ཁྱིམ་བདག་དེ་ཕོངས་པར་འགྱུར་བ་དགག་པའོ། །

གཉིས་པ་ཁྱིམ་གྱི་བསླབ་པའི་སྡོམ་པ་ཡུལ་གང་ལ་སྦྱིན་པ་ནི།

ཁྱིམ་པ་ཆོས་བརྒྱད་དང་ལྡན་པལ་སྟེ། ལྷུང་བཟེད་ཁ་སྦུབ་པའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་རྟེན་གང་གིས་སྦྱིནཔ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོསགཉིས་ལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། ཁྱིམ་པ་དེས་ཕྱག་འཚལ་ཞིངགསོལ་བ་ལན་གསུམ་གདབ་པའོ། །དངོས་གཞི་ནི་གསོལ་བ་འབའ་ཞིག་པའི་ལས་བྱ་བའོ། །

འདི་ལ་མཇུག་གི་ཆོ་ག་ནི་མེད་དེ་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །ལྔ་པ་བསླབ་བྱ་ནི་ཟས་བསླང་བའི་དོན་དུ་དེའི་ཁྱིམ་དུ་མི་འགྲོ་བ་ལ་སོགས་པའོ། །

གཉིས་པ་ལྟུང་བ་རྣམ་པར་བཞག་པ་བཤད་པ་ལ། རྩ་བར། དེ་བྱིན་པའི་མདུན་རོལཏུ་མགྲོན་དུ་མ་བོས་པས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཟའ་བ་དང་བཅའ་བ་དགབླངས་ཤིང་ཟོས་པ་ལ་སྟེ། ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ། །ཞེས་སོགས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་ཡངས་པ་ཅན་དུ་ཁྱིམ་གྱི་བསླབཔའི་སྡོམ་པ་བྱིན་པ་ལས་དྲུག་སྡེས་ཟས་བླངས་ཏེ་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །གཉིས་པ་དགག་བྱ་ནི་དངོས་སུ་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང༌། དགེའདུན་གྱི་ནང་ཁྲིམས་དྲལ་བས་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །གསུམ་པ་ངོ་བོ་ནིབཅས་ལྡན་དགེ་སློང་གིས་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་ལས་ངག་གི་རིགབྱེད་ཀྱིས་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལབཞི་ལས། དང་པོ་གཞིའི་ཡན་ལག་ལ། གང་ལ་བླང་བའི་ཡུལ་དང༌། གང་ལེན་ཞིང་ཟ་བའིདངོས་པོ་དང༌། གང་གིས་ལེན་ཞིང་ཟ་བའི་རྟེན་དང་གསུམ། དང་པོ་ལ་ལྔ་ལས། ཁྱིམ་པ་ཡིནཔ་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་པའོ། །རྫས་ཀྱི་སྒོ་ནས་བདག་ལསཐ་དད་པ་སྟེ། དགག་བྱའི་གནད་ཀྱིས་སོ། །ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནསཔའོ། །གཉིས་པ་གང་ལེན་ཞིང་ཟ་བའི་དངོས་པོ་ལ་ལྔ་ཡོད་དེ། དུས་སུ་རུང་བ་ཡིན་པ་དང༌། ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པ་དང་སྦྱིན་བདག་དེཉིད་ཀྱི་ཡིན་པ་དང་ལྔའོ། །གསུམ་པ་གང་གིས་ལེན་ཞིང་ཟ་བའི་རྟེན་ནི་དགེ་འདུན་གྱི་ཁྲིམསསུ་བཅས་པ་དེའི་ཁོངས་སུ་གཏོགས་པའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་དེ་ལས་རང་དོན་དུ་ཟས་བླངས་ཏེ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི་རང་གི་ངགགི་རིག་བྱེད་ཀྱིས་ཟས་ལེན་ཞིང་ཟ་བར་རྩོམ་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །

བཞི་བ་ནགས་བརྟགས་པ་ལས་གྱུར་བའི་སོ་སོར་བཤགས་པར་བྱ་བ་འཆད་པ་ལ་གཉིས་ལས། དང་པོ་བསླབ་པར་བྱ་བ་ནི། རྩ་བར། ནགས་མྱུལ་བའི་དགེ་སློང་བསྐོ། ཞེསསོགས་བྱུང༌། འདིའི་དོན་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། ལོངས་སྤྱོད་ཀྱི་བར་ཆད་སྤངབ་དང༌། མ་བསྐོས་པའི་ལྟུང་བ་མི་འབྱུང་བའོ། །གཉིས་པ་ཡུལ་གང་བསྐོ་བ་ནི། ཆོས་བཅུ་བཞིདང་ལྡན་པ་བསྐོ་སྟེ། སྤོང་བ་པའི་ཞལ་ཏ་བའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་རྟེནགང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་བསྐོབ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ནི་འདུ་བའི་སྐབས་སུ་རྗེས་སུ་སྒྲུབ་པ་དང༌། སྤྲོབ་དྲི་བའོ། །དངོས་གཞི་ནི་གསོལ་གཉིས་ཀྱིས་བསྐོ་བ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོདཔའོ། །ལྔ་པ་བསྐོས་པའི་བསླབ་བྱ་ནི་དཔག་ཚད་ཕྱེད་ཚུན་ཆད་བརྟག་པ་ལ་སོགས་པའོ། །

གཉིས་པ་ལྟུང་བ་རྣམ་པར་བཞག་པ་འཆད་པ་ལ།

རྩ་བར། ཤེས་གཙོའོ། །ཞེས་སོགསབྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གླེང་གཞི་ནི་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་ནགས་སུནགས་མ་མྱུལ་བར་ཆོམ་རྐུན་གྱི་འཇིགས་པ་དང་བཅས་པ་དེར་དྲུག་སྡེས་ཟས་བླངས་ཏེ་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །གཉིས་པ་དགག་བྱ་ནི་ཡིད་བརྟན་པ་ལ་བསླུབའི་སྒོ་ནས་ལོངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བ་དང༌། ཟས་ལ་ཧ་ཅང་གདུང་བ་ཆེས་པས་གཞནདག་མ་དད་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་གིས་འཇིགས་པ་དངབཅས་པའི་ནགས་མ་མྱུལ་བར་འཇིགས་པ་དང་བཅས་པ་དེར་སྦྱིན་བདག་ཁྱིམ་པ་ལ་ཟས་བླངསཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་བ་ཡན་ལག་ལ་བཞི་ལས། གཞིའི་ཡནལག་ལ། གང་ལ་བླང་བའི་ཡུལ་དང༌། གང་ལེན་ཞིང་ཟ་བའི་དངོས་པོ་དང༌། གང་དུ་ལེན་ཞིངཟ་བའི་གནས་དང༌། གང་གིས་ལེན་ཞིང་ཟ་བའི་རྟེན་དང་བཞི། དང་པོ་ལ་བཞི་ལས་ཁྱིམ་པ་ཡིནཔ་དང༌། ཐ་སྙད་ལྔ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང་གསུམ་སྔར་གོས་སློངབའི་སྐབས་སུ་བཤད་པ་བཞིན་ནོ། །དགེ་འདུན་ལ་བསྔོ་བ་པོ་ཡིན་པའོ། །གཉིས་པ་གང་ལེནཞིང་ཟ་བའི་དངོས་པོ་ལ་བཞི་ལས། དུས་སུ་རུང་བ་ཡིན་པ་དང༌། རུང་བ་དང་ཚད་དང་ལྡན་པའོ། །

སྦྱིན་བདག་དེས་དགེ་འདུན་ལ་བསྔོས་པ་ཡིན་པ་སྟེ་སྐབས་དོན་གྱིས་སོ། །གསུམ་པ་གང་དུ་ལེན་ཞིང་ཟ་བའི་གནས་ནི། གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱི་མཐའ་ཡིན་པ་དང༌། འཇིགསཔ་དང་བཅས་པའི་གནས་ཡིན་པའོ། །བཞི་པ་གང་གིས་ལེན་ཞིང་ཟ་བའི་རྟེན་ནི། ནགས་མྱུལབར་བསྐོས་པ་ཡིན་པ་སྟེ། ནགས་མྱུལ་བའི་དགེ་སློང་བསྐོ། ཞེས་དང༌། འགྲེལ་ཆུང་ལས། ནགསམྱུལ་བར་བསྐོས་པའི་དགེ་སློང་གིས་འཇིགས་པ་ཤེས་བཞིན་དུ་མ་མྱུལ་བར་ཟོས་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ནགས་མ་མྱུལ་བར་འཇིགསཔ་དང་བཅས་པ་དེར་ཟས་དེ་རང་དོན་དུ་ལེན་ཞིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམཔ་སྦྱོར་བ་ནི་གནས་དེར་ཟ་བར་རྩོམ་པའོ། །བཞི་བ་མཐར་ཐུག་ནི་མགུལ་དུ་མིད་པའོ། །སོསོར་བཤགས་པར་བྱ་བའི་རྣམ་པར་བཤད་པ་རྫོགས་སོ།། །།

ཉེས་བྱས་ཀྱི་སྡེ་འཆད་པ།

ཉེས་བྱས་ཀྱི་སྡེ་འཆད་པ།

ལྔ་བ་ཉེས་བྱས་ཀྱི་སྡེ་འཆད་པ་ལ་སྡེ་ཚན་དགུ་ལས། དང་པོ་གོས་བགོ་བའི་སྡེ་ཚནའཆད་པ་ལ།

རྩ་བར། ཤམ་ཐབས་ཅི་ནས་ཀྱང༌། ཞེས་སོགས་བྱུང༌། འདིའི་དོན་ནི། སོར་སྡོམལས། ཤམ་ཐབས་ལ་ནི་རྣམ་པ་བདུན། །སྟོད་གཡོགས་ལ་ཡང་རྣམ་པ་གསུམ། །ཞེས་པ་ལྟརགོས་བགོ་བའི་སྡེ་ལ། ༡ མཐང་གོས་དང་ཤམ་ཐབས་གང་རུང་ལ་མཐའ་མཉམ་པར་མ་བགོསཔ། ༢ པུས་མོ་མ་ཁེབས་པས་བརྩེངས་པ་དང༌། ༣ ལོང་བུ་བཀབ་པས་ཧ་ཅང་འཇོལ་བ་དང༌།

དེའི་རིང་ཐུང་གི་ཚད་ནི་ལོང་བུའི་སྟེང་ནས་སོར་བཞི་འཁོར་བར་འདུལ་བསྡུས་སུ་གསུངས་སོ། །ཊཱི་ཀ་ལས། ཟླུམ་པོ་ནི་མ་མཐའི་ཁ་མཉམ་པར་འདུག་པའོ། །ཧ་ཅང་བརྩེངས་པ་ནི་པུས་མོ་གཉིསལས་གོང་དུ་ཐལ་བ་ཉིད་དོ། །ཧ་ཅང་འཇོལ་བ་ནི་ལོང་བུའི་ཚིགས་ལ་རེག་པ་ཉིད་དོ། །ཞེས་སོ། ། ༤ ཕྱོགས་གཅིག་གླང་བོ་ཆེའི་སྣ་ལྟར་ནར་བ་དང༌། ༥ ལྟེ་གོང་དུ་མགོ་ལྟེབ་ནས་སྟེངདུ་སྐ་རགས་བཅིང་བ་དང༌། ༦ སྐ་རགས་ཀྱི་སྟེང་ནས་སྦྲུལ་མགོའི་གདེངས་ཀ་ལྟར་ལྟེབ་པདང༌། ༧ སྐ་རགས་ཀྱི་བར་བར་ནས་འབྲུའི་ཕུར་མ་ལྟར་འདུག་པ་སྟེ། འབྲུའི་ཕུར་མ་སྟེ་ནསའབྲུའི་ཐུམ་བུ་བསྟུམས་པ་ལྟར་འདུག་པ་མ་ཡིན་པ་སྟེ་སོ་སོ་ཐར་བ་ལས། འབྲུའི་ཕུར་མ་ལྟར་མ་ཡིན། ཞེས་གསུངས་སོ། །༨ སྟོད་གཡོགས་བླ་གོས་དང་སྣམ་སྦྱར་གང་རུང་ཟླུམ་པོར་མ་བགོས་པ་དང༌། ༩ པུས་མོ་ལས་བརྩེངས་པ་དང༌། ༡༠ ལོང་བུ་ལས་འཇོལ་བ་སྟེ་ཉེས་བྱསཀྱི་སྡེ་ཚན་དང་པོའོ། །སྟོད་ཀྱི་ཆོས་གོས་ཟླུམ་པོར་བགོ་བ་ནི་དགེ་སློང་ལྔ་སྡེ་ལ་བར་དུ་གསུངསཔ་ཡིན་པར་ལུང་ཕྲན་ཚེགས་ལས་བཤད་ཅིང༌། སྐྱོན་གཉིས་དང་བྲལ་བ་ནི་དྲུག་སྡེ་ལ་བརྟེན་ནསཕྱིས་གསུངས་པ་ཡིན་པར་ལུང་རྣམ་འབྱེད་ལས་བཤད་དོ། །

གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་འཆད་པ་ལ།

རྩ་བར། ཤིན་ཏུ་བསྡམས་ཤིང༌། ཞེས་སོགསབྱུང༌། འདིའི་དོན་ནི། སོར་སྡོམ་ལས། ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལསོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་པལྟར་༡༡རྐང་ལག་དྲན་ཤེས་ཀྱིས་མ་བསྡམས་པར་ཁྱིམ་དུ་འགྲོ་བ་སྤྱི་དང༌། ༡༢ དེའི་བྱེ་བྲགགོས་ལེགས་པར་མ་བགོས་པར་འགྲོ་བ་དང༌། ༡༣ ཅ་ཅོའི་སྒྲ་མ་བསྐྱུངས་ཏེ་འགྲོ་བ་དང༌། ༡༤མིག་གཡེངས་བག་ཏུ་ལྟ་ཞིང་འགྲོ་བ་དང༌། ༡༥ གཉའ་ཤིང་གང་སྟེ་འདོམ་གང་ནང་དུ་མི་ལྟ་བར་འགྲོ་བ་སྟེ། རྣམ་འབྱེད་ཀྱི་འགྲེལ་་པ་ལས། གཉའ་ཤིང་གང་ཙམ་དུ་བལྟ་བ་ཞེས་བྱ་བནི་འདོམ་གང་ཙམ་དུ་བལྟ་བའོ། །ཞེས་སོ། ། ༡༦ ཞྭ་མ་ཡིན་པའི་གོས་ཀྱིས་མགོ་གཡོགས་ཏེའགྲོ་བ་དང༌། ༡༧ གོས་འདོམས་སྣང་བར་བརྫེས་ཏེ་འགྲོ་བ་དང༌། ༡༨ གོས་ཕྲག་པ་གཉིསཀར་གཟར་ཏེ་འགྲོ་བ་དང༌། ༡༩ ལག་པ་མདུན་ནས་གཉའ་བ་སྟེ་ཕྲག་པ་གཉིས་སུ་བསྣོལ་ཏེ་འགྲོ་བ་དང༌། ༢༠ ལྟག་གོང་དུ་སོར་མོ་བསྣོལ་ཞིང་འགྲོ་བ་དང༌། ༢༡ མཆོངས་ཏེ་འགྲོ་བ། ༢༢ སྒྱིད་པ་བརྐྱངས་བསྐུམས་བྱེད་དེ་འགྲོ་བ་དང༌། ༢༣ ཙོག་པུས་འགྲོ་བ་དང༌། ༢༤ རྟིང་བ་བཏེག་སྟེ་བྲང་བས་འགྲོ་བ་དང༌། ༢༥ ལག་པ་གཉིས་རྐེད་པ་ལ་བརྟེན་ནས་གྲུ་མོ་ཕྱིརབརྐྱངས་ཏེ་འགྲོ་བ་དང༌། ༢༦ མགོ་བསྒྱུར་ཞིང་འགྲོ་བ་དང༌། ༢༧ ལུས་གཅུ་སྟེ་འགྲོ་བ་དང༌།

༢༨ ལག་པ་གཡུག་ཅིང་འགྲོ་བ་དང༌། ༢༩ དཔུང་བ་སྤྲད་དེ་འགྲོ་བ་དང༌། ༣༠ ལག་པ་སྤྲེལཏེ་འགྲོ་བ་སྟེ་ཉེས་བྱས་ཀྱི་སྡེ་ཚན་གཉིས་པའོ། ། གསུམ་པ་སྟན་ལ་འདུག་པའི་སྡེ་འཆད་པ་ལ། རྩ་བར། དེར་མ་བསྒོ་བར། ཞེས་སོགས་བྱུང༌། འདིའི་དོན་ནི། སོར་སྡོམ་ལས། འདུག་པར་བྱ་བ་དགུ་དག་དང༌། །ཞེས་པ་ལྟར་༣༡ ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པ། ༣༢ མབརྟགས་པར་སྟན་ལ་འདུག་པ། ༣༣ ལྕིད་ཕབ་སྟེ་འདུག་པ། ༣༤ སྐྱིལ་ཀྲུང་མ་བྱས་པར་པུས་མོ་མན་ཆད་ཀྱི་རྐང་བ་བསྣོལ་བའི་འདུག་པ། ༣༥ དེ་ལྟར་བརླ་བསྣོལ་བའི་འདུག་པ། ༣༦ དེ་ལྟར་ལོང་སྟེང་ལོང་བུ་བཞག་སྟེ་འདུག་པ། ༣༧ ཁྲི་འོག་རྐང་བ་བཅུག་སྟེ་འདུག་པ། ༣༨ རྐང་བ་སོ་སོར་བརྐྱངས་སྟེ་འདུག་པ། ༣༩ འདོམས་སྣང་བར་བྱས་ཏེ་འདུག་པའི་ཉེས་བྱས་ཀྱི་སྡེ་ཚན་གསུམ་པའོ། ། ༈བཞི་པ་ཟས་བླང་བའི་སྡེ་འཆད་པ་ལ། རྩ་བར། ཐམས་ཅདདུ་ལེགས་པར། ཞེས་སོགས་བྱུང༌། འདིའི་དོན་ནི། སོར་སྡོམ་ལས། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་པ་ལྟར་༤༠ ཟས་ལེགས་པར་མ་བླངས་པ་སྤྱི་དང༌། ༤༡ བྱེ་བྲག་ལྷུང་བཟེདཀྱི་མུ་སྟེ་ཁ་དང་མཉམ་པར་བསླངས་པ། ༤༢ འབྲས་ཆན་དང་ཚོད་མ་ཤ་སོགས་མཉམ་པརབསླངས་པ། ༤༣ གྲལ་མཐར་ཆགས་སུ་མ་བསླངས་པ། ༤༤ ལྷུང་བཟེད་ལ་ཡིད་མ་གཏདཔར་བླངས་པ། ༤༥ བཟའ་བཅའ་མ་འོངས་གོང་ནས་ལྷུང་བཟེད་བཟེད་པ། ༤༦འབྲས་ཆནདང་ཚོད་མ་ཅི་རིགས་ལྷག་པར་ལེན་འདོད་ཀྱིས་ཕན་ཚུན་འགེབས་པ། ༤༧ ཟས་སྟེང་དུ་ལྷུངབཟེད་བཟེད་པ་སྟེ་ཉེས་བྱས་ཀྱི་སྡེ་ཚན་བཞི་བའོ། །ལྔ་པ་ཟས་བཟའ་བའི་སྡེ་འཆད་པ་ལ། རྩབར། ལེགས་པར་ཟས་བཟའ་བར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་ནི། སོར་སྡོམ་ལས།

ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །

ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་པ་ལྟར་༤༨ ཟས་ཚུལ་མཐུན་མ་ཟོས་པ་སྤྱི་དང༌། ༤༩བྱེ་བྲག་ཁམ་རན་པ་ལས་ཧ་ཅང་ཁམ་ཆུང་བ་ཟ་བ། ༥༠ ཧ་ཅང་ཁམ་ཆེ་བ་ཟ་བ། ༥༡ ཁམ་རན་པར་མ་ཟོས་པ། ༥༢ ཟས་མ་འོངས་གོང་ནས་ཁ་གདངས་པ། ༥༣ ཁ་ཁམ་གྱིས་བཀངསྟེ་གཏམ་སྨྲ་བ། ༥༤ སྐྱུར་བ་ཙུག་ཙུག་གི་སྒྲ་དང་བཅས་ཏེ་ཟ་བ། ༥༥ མངར་བ་ཅག་ཅགདང་བཅས་ཏེ་ཟ་བ། ༥༦ གྲང་བ་ཧུ་ཧུ་དང་བཅས་ཏེ་ཟ་བ། ༥༧ ཚ་བ་ཕུ་ཕུ་དང་བཅས་ཏེ་ཟ་བ།༥༨ ལྕེས་རེག་སྟེ་ལྟ་ཞིང་ཟ་བ། ༥༩ འབྲུ་རེ་རེ་ནས་ཟ་བ། ༦༠ ཟས་ལ་ཧ་ཅང་བསྔགས་པདང་སྐྱོན་གདགས་ཏེ་ཟ་བ། ༦༡ མཁུར་བ་གཡས་གཡོན་སྤོ་ཞིང་ཟ་བ། ༦༢ རྐན་སྒྲ་གཏོགཅིང་ཟ་བ། ༦༣ ཁམ་འཕྲོ་སོས་བཅད་དེ་ཟ་བ། ༦༤ ལག་པ་ལ་ཟས་ཆགས་པ་ལྕེས་བལྡགཔ། ༦༥ ཟས་སྣོད་ལ་ཟས་ཆགས་པ་སོར་མོ་དང་ལྕེས་བལྡག་པ། ༦༦ ལག་པར་ཟས་ཆགསཔ་ལྕེ་སྟེང་སོགས་སུ་སྤྲུག་པ། ༦༧ ལྷུང་བཟེད་ནང་གི་ཟས་སོགས་བསྐོར་ཏེ་གཡོ་བར་བྱེད་པའམ་ནང་དུ་ཟས་བླུགས་ཏེ་ལྕི་ཡང་ལག་སྲང་ལ་འཇལ་བ། ༦༨ ཟས་ལ་མཆོད་རྟེན་འདྲ་བབྱས་ཏེ་གཞོམ་པ་སྟེ་ཉེས་བྱས་ཀྱི་སྡེ་ཚན་ལྔ་བའོ། །

དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་འཆད་པ་ལ།

རྩ་བར། དྲུང་ན་འདུག་པའི་དགེ་སློང་ལཟས་དང་འབགས་པའི་ཆུས་མི་གཏོར་རོ། །ཞེས་སོགས་བྱུང༌། འདིའི་དོན་ནི། སོར་སྡོམ་ལས། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །ཞེས་གསུངས་པ་ལྟར་༦༩གཞན་གྱི་ལྷུང་བཟེད་ལ་འཕྱ་བ། ༧༠ ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་རེག་པ། ༧༡དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བ། ༧༢ ཁྱིམ་པའི་ཁྱིམ་དུ་དེ་ལ་མ་དྲིས་པརཟས་དང་འབོགས་པའི་ཆུས་དབོ་བ། ༧༣ ཟས་ལྷག་ལྷུང་བཟེད་དུ་བླུགས་པ། ༧༤ ལྷུང་བཟེད་འོག་གཞི་མེད་པ། ༧༥ གད་ཁ། ༧༦ གཡང་ས། ༧༧ དཀན་གཟར་རྣམས་སུ་བཞགཔ། ༧༨ འགྲེང་བ། ༧༩ གད་ཁ། ༨༠ གཡང་ས། ༨༡ དཀན་གཟར་རྣམས་སུ་བཀྲུ་བ། ༨༢འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་བཅུ་བ་སྟེ་ཉེས་བྱས་ཀྱི་སྡེ་ཚན་དྲུག་པའོ། །

བདུན་པ་ཆོས་བཤད་པའི་སྡེ་འཆད་པ་ལ།

རྩ་བར། འདུག་པ་ལ་འགྲེང་སྟེ། ཞེས་སོགསབྱུང༌། འདིའི་དོན་ནི། སོར་སྡོམ་ལས། འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོག་ལསོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་ཁར་བ་ལ་སོགས་དྲུག །ཅེས་པ་ལྟར་མི་ན་པར་ཞེས་པ་ཐམས་ཅད་ལ་སྦྱར་ལ། ༨༣ འདུགཔ་ལ་འགྲེང་སྟེ་ཆོས་སྟོན་པ། ༼འགྲེང་པ་ལ་འདུག་སྟེ་ཆོས་སྟོན་པ། འདི་གཅིག་ཏུ་བགྲང་ནས༡༠༡པ་དེ་མ་བགྲང་པ་ཡོད་དོ། །༽༨༤ དེ་བཞིན་དུ་ཉལ་བ་ལ་འདུག་སྟེ། ༨༥ སྟན་དང་ས་ཕྱོགས་མཐོན་པོ་ལ་འདུག་པ་ལ་སྟན་སོགས་དམའ་བར་འདུག་སྟེ། སྟན་བཟང་པོར་འདུགཔ་ལ་ངན་པར་འདུག་སྟེ། ༨༦ མདུན་ནས་འགྲོ་བ་ལ་རྗེས་ནས་འགྲོ་སྟེ། ༨༧ ལམ་གྱི་དབུསནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་བ་སྟེ། ༨༨ མགོ་གོས་སོགས་ཀྱིས་གཡོགས་པ་དང༌། ༨༩ གོས་འདོམས་སྣང་བར་བརྫེས་པ། ༩༠ གོས་ཕྲག་པ་གཉིས་ཀར་གཟར་བ། ༩༡ ལགགཉིས་གཉའ་བར་བསྣོལ་བ། ༩༢ ལག་པ་གཉིས་ལྟག་པར་བསྣོལ་བ། ༩༣ དོ་ཀེར་ཅན་ཏེ་ཐོར་ཅོག་ཅན་ལ་སྟེ། དོ་ཀེར་ཅན་གྱི་སྐྲ་གྱེན་དུ་གཙུག་ཏོར་ལྟར་བཅིང་པའོ། །ཞེས་སོ། །༩༤ཞྭ་གྱོན་པ་ལ། ༩༥ མགོར་རིན་པོ་ཆེ་དང་དར་གྱི་ཅོད་པཎ་ཅན་ལ། ༩༦ མགོ་ལ་རིན་པོ་ཆེདང་མེ་ཏོག་གི་ཕྲེང་བ་ཅན་ལ་ཆོས་སྟོན་པ་སྟེ། ཅོད་པན་ཅན་དང་ཕྲེང་བ་ཅན་ནི་རིན་པོ་ཆེའིཅོད་པན་ཅན་དང༌། རིན་པོ་ཆེའི་ཕྲེང་བ་ཅན་ནམ་མེ་ཏོག་ལ་སོགས་པའི་ཕྲེང་བ་ཅན་ནོ། །༩༧རས་སོགས་ཀྱིས་ཐོད་དཀྲིས་པ་ལ། ༩༨ རྟ་དང་༩༩གླང་ཆེན་བཞོན་པ་ལ། ༡༠༠ མདོལི་ཁྱོགས་པ་ལ། ༡༠༡ དེ་དག་ལས་གཞན་པའི་བཞོན་པའི་སྟེང་ན་འདུག་པ་ལ། གླང་པོ་ཆེདང་རྟ་ཞོན་པ་ལས་བཞོན་པའི་སྟེང་ན་འདུག་པའི་ཁྱད་པར་ཅི་ཞེ་ན། ལུང་རྣམ་འབྱེད་ཀྱི་འགྲེལཔ་ལས། ཤིང་རྟ་ལ་སོགས་པ་བཞོན་པའི་སྟེང་ན་འདུག་པའོ། །ཞེས་སོ། །༡༠༢ ལྷམ་གྱོན་པ་ལ། ༡༠༣ ལག་ན་གདུགས་དང༌། ༡༠༤ འཁར་བ་དང༌། ༡༠༥མདུང་དང་འཕང་མདུངསོགས་མཚོན་ཆ། ༡༠༦ རལ་གྲི། ༡༠༧ མདའ་གཞུ་སོགས་དགྲ་ཆ་ཐོགས་པ་ལ་ཆོས་སྟོན་པ་སྟེ། མཚོན་ཆ་དང་རལ་གྲི་དང་དགྲ་ཆ་ཞེས་པ་དེ་དག་གི་ཁྱད་པར་ཅི་ཞེ་ན་ལུང་རྣམ་འབྱེད་ཀྱིའགྲེལ་པ་ལས། མཚོན་ཆ་ནི་མདུང་དང་འཕང་མདུང་ལ་སོགས་པའོ། །དགྲ་ཆ་ནི་མདའ་གཞུའོཞེས་སོ། །༡༠༨ ཁྲབ་སོགས་གོ་ཆ་གྱོན་པ་ལ་ཆོས་སྟོན་པ་སྟེ་སྡེ་ཚན་བདུན་པ་ལ་ཉེར་དྲུག་གོ། །

བརྒྱད་པ་སྒྲུབ་པའི་སྡེ་འཆད་པ་ལ།

རྩ་བར། འགྲེང་སྟེ་བཤང་གཅི་མི་བྱ། ཞེས་སོགསབྱུང༌། འདིའི་དོན་ནི། སོར་སྡོམ་ལས། ན་བ་རྣམ་པ་བཞི་རྣམས་སོ། །ཞེས་པ་ལྟར་༡༠༩ མིན་བར་འགྲེང་སྟེ་བཤང་གཅི་བྱེད་པ། ༡༡༠ ཐམས་ཅད་ཆུས་གང་བ་མ་ཡིན་པར་ཆུའི་ནང་དུབཤང་གཅི་མཆིལ་སྣབས་སོགས་འདོར་བ། ༡༡༡ ཐམས་ཅད་རྩྭ་སྔོན་པོས་ཁྱབ་པ་མ་ཡིན་པར་རྩྭ་སྔོན་ལ་བཤང་གཅི་མཆིལ་སྣབས་འདོར་བ་དང་གསུམ་སྟེ་སྡེ་ཚན་བརྒྱད་པའོ། །རྩ་བ་ལྟར་རོ། །

དགུ་པ་རྒྱུ་བ་དགག་པ་འཆད་པ་ལ།

རྩ་བར། གནོད་པ་བྱུང་བ་མ་གཏོགས་པར། ཞེསསོགས་བྱུང༌། ༡༡༢ གནོད་པ་འབྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ལས་མཐོ་བར་འཛེགཔ་གཅིག་སྟེ་ཉེས་བྱས་ཀྱི་སྡེ་ཚན་དགུ་པའོ། །དེ་ལྟར་ན་ཉེས་བྱས་བརྒྱ་དང་བཅུ་གཉིས་སོ། །ཉེས་བྱས་ཀྱི་སྡེའི་རྣམ་པར་བཤད་པའོ། །སྡོམ་བསྡུས་ཀྱི་དབང་དུ་བྱས་ན་ལྟུང་བ་སྡེ་ལྔ་པོ་དེདག་སྡོམ་ན་ལྟུང་བ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་དོ། །དེ་རྣམས་ངོ་ལེགས་པར་ཤེས་པར་བྱས་ནས་དེ་དག་ལས་རང་རྒྱུད་ལ་སྔར་སྐྱེས་ཟིན་པ་ཡོད་ན་དེ་ལ་འགྱོད་སེམས་དྲག་པོའི་སྒོ་ནས་བཤགས་པ་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་སྐྱེ་བ་ལ་འབད་པར་བྱ་དགོས་པ་ཡིནཏེ། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དེ་དག་ནི་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུངབའི་ཐབས་སོ། །ཞེས་གསུངས་སོ། །དགེ་སློང་ཕའི་རྣམ་འབྱེད་ཀྱི་རྣམ་པར་བཤད་པ་རྫོགས་སོ།། །།

གཉིས་པ་དགེ་སློང་མའི་རྣམ་འབྱེད་བཤད་པ།

གཉིས་པ་དགེ་སློང་མའི་རྣམ་འབྱེད་བཤད་པ།

དགེ་སློང་མའི་རྣམ་འབྱེད་ཅེས་བྱ་བ་བཞུགས་སོ། །

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཉིས་པ་དགེ་སློང་མའི་རྣམ་འབྱེད་བཤད་པ་ལ། སྤྱིར་བཤད་པ་དང༌། བྱེ་བྲག་སོ་སོའི་དོན་བཤད་པ་གཉིས། དང་པོ་ལ་དགེ་སློང་མའི་རྣམ་འབྱེདའདི་དགེ་སློང་ཕའི་རྣམ་འབྱེད་ལས་ལེའུ་ལོགས་སུ་བཤད་པའི་རྒྱུ་མཚན་དང༌། དགེ་སློང་ཕའིརྣམ་འབྱེད་ཀྱི་རྗེས་སུ་བཤད་པའི་རྒྱུ་མཚན་དང༌། ཕན་ཚུན་ཅིར་འགྱུར་བཤད་པ་དང་གསུམ།

དང་པོ་ནི། ཊཱི་ཀ་ལས། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམཔའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང༌། ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲགཏུ་འགྱུར་བས། དགེ་སློང་མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་བཞག ཅེས་གསུངསཏེ། དེའི་དོན་ནི་དགེ་སློང་ཕ་མ་གཉིས་མཚན་གྱི་བྱེ་བྲག་གིས་ལུས་མི་འདྲ་ཞིང༌། ལུས་མི་འདྲ་བསདེ་ལ་བརྟེན་པའི་བསམ་པ་མི་འདྲ་ལ། བསམ་པའི་བྱེ་བྲག་ཉོན་མོངས་པ་རགས་མི་རགས་ལསོགས་པ་མི་འདྲ་བ་ལས། དེས་ཀུན་ནས་བསླང་བའི་ལུས་ངག་གི་ཉེས་པར་སྤྱོད་པ་མི་འདྲ་བཡོད་ཅིང༌། དེ་དག་དགག་པའི་བཅས་པ་མི་འདྲ་བ་ཡོད་པའི་ཕྱིར་ན། དགེ་སློང་མའི་རྣམ་འབྱེདའདི་དགེ་སློང་ཕའི་རྣམ་འབྱེད་ལས་ལོགས་ཤིག་ཏུ་རྣམ་པར་བཞག་གོ །དེའང་དགེ་སློང་ཕ་མགཉིས་ཀྱི་ལྟུང་བ་རྣམ་པར་བཞག་པ་ལ་ཕན་ཚུན་མི་འདྲ་བའི་རྒྱུ་མཚན་ལྔ་ཡོད་དེ། ཡོད་མེད་མི་འདྲ་བའི་ཕྱིར་དང༌། ཆེ་ཆུང་དང༌། མང་ཉུང་དང༌། སྡེ་ཚན་དང༌། སྐྱེ་དུས་མི་འདྲ་བའི་ཕྱིར་རོ། །

དེའང་ཡོད་མེད་མི་འདྲ་བ་ནི་དགོན་པ་པའི་འབྲལ་ལྟུང་དགེ་སློང་ཕ་ལ་ཡོད་ཀྱང༌། དགེ་སློང་མལ་མེད་པ་དང༌། ཉིན་མོ་འབྲལ་བའི་ལྟུང་བ་དགེ་སློང་མ་ལ་ཡོད་ཀྱང༌། དགེ་སློང་ཕ་ལ་མེད་པལྟ་བུའོ། །ཆེ་ཆུང་མི་འདྲ་བ་ནི་དགེ་སློང་མ་ལ་ལྟུང་བ་ཆེ་ཞིང་དགེ་སློང་ལ་ལྟུང་བ་ཆུང་བ་ཡོད་དེ། མཚན་མི་མཐུན་པ་ལ་དགེ་སློང་མས་རེག་ན་ཕམ་པར་འགྱུར་ཞིང༌། མཚན་མི་མཐུན་པ་ལདགེ་སློང་གིས་རེག་ན་ལྷག་མར་འགྱུར་བ་ལྟ་བུའོ། །དགེ་སློང་ལ་ལྟུང་བ་ཆེ་ཞིང་དགེ་སློང་མ་ལ་ལྟུང་བ་ཆུང་བ་ཡོད་དེ། དགེ་སློང་གིས་ཁུ་བ་འབྱིན་ན་ལྷག་མར་འགྱུར་ཞིང༌། གཏམ་གྱི་གཞིལས། དགེ་སློང་མས་ཁུ་བ་ཕྱུང་ན་ལྟུང་བྱེད་དོ། །ཞེས་དང༌། དགེ་སློང་གིས་ཡང་ཡང་ཟ་ན་ལྟུངབྱེད་དུ་འགྱུར་ཞིང༌། དགེ་སློང་མས་ཡང་ཡང་ཟ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མང་ཉུང་མི་འདྲ་བ་ནི་དགེ་སློང་ལ་འགྲེང་བའི་ལྟུང་བྱེད་གཅིག་ཉིད་དུ་བཅས་ཀྱང༌། དགེ་སློང་མ་ལ་ནི་འགྲེང་བའི་ལྟུང་བྱེད་བཞི་ཡོད་པ་དང༌། དགེ་སློང་ལ་སྐྲོད་པའི་ལྟུང་བྱེད་གཅིག་ཉིད་དུ་བཅས་ཀྱང་དགེ་སློང་མ་ལ་སྐྲོད་པའི་ལྟུང་བྱེད་གཉིས་ཡོད་པ་ལྟ་བུའོ། །སྡེ་ཚན་མི་འདྲ་བ་ནི་དགེ་སློངགིས་ཟས་བསོད་པ་བླངས་ཏེ་ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཞིང་དགེ་སློང་མས་ཟས་བསོད་པ་བླངསཏེ་ཟ་བ་ལ་སོ་སོར་བཤགས་པར་བྱ་བའི་ལྟུང་བར་འགྱུར་ཏེ། ལྟུང་བྱེད་ཀྱི་སྡེ་ཚན་དང་སོ་སོརབཤགས་པར་བྱ་བའི་སྡེ་ཚན་མི་འདྲ་བ་ཉིད་དོ། །དེར་མ་ཟད་མང་ཉུང་མི་འདྲ་བ་ཉིདཀྱང་ཡིན་ཏེ། དགེ་སློང་མས་འོ་མ་ལ་སོགས་པ་སློང་བའི་སོ་སོར་བཤགས་བྱའི་ལྟུང་བ་བཅུ་དང༌།

དགེ་སློང་གིས་ཟས་བསོད་པ་སློང་བའི་ལྟུང་བྱེད་གཅིག་ཏུ་བཅས་སོ། ། སྐྱེ་དུས་མི་འདྲ་བ་ཡོདདེ། དགེ་སློང་གི་ལྷུང་བཟེད་འཆང་བའི་སྤང་ལྟུང་ཞག་བཅུའི་མཐའ་ལ་སྐྱེ་ཞིང༌། དགེ་སློང་མའིལྷུང་བཟེད་འཆང་བའི་སྤང་ལྟུང་ནི་ཞག་གཅིག་གི་མཐའ་ལ་སྐྱེ་བའོ། །

གཉིས་པ་དགེ་སློང་མའི་རྣམ་འབྱེད་འདི་དགེ་སློང་ཕའི་རྣམ་འབྱེད་ཀྱི་ཕྱི་ནས་བཤད་པའི་འཐདཔ་ནི། རྣམ་འབྱེད་གཉིས་ཀྱི་གོ་རིམ་སྔ་ཕྱི་བཟློག་ན་ཤིན་ཏུ་མི་འཐད་དེ། གཙོ་འཁོར་གྱི་གོ་རིམདང་འགལ་བའི་ཕྱིར་དང༌། རྒྱུ་འབྲས་ཀྱི་གོ་རིམ་དང་འགལ་བའི་ཕྱིར་རོ། །དེའང་གཙོ་འཁོརགྱི་ཆ་ནས་ལུང་དགེ་སློང་མའི་རྣམ་འབྱེད་ལས་འཁོར་གཙོ་བོ་ལ་ཆུ་འཐོར་ན་ལྟུང་བྱེད་དོ། །ཞེསཔའི་སྐབས་སུ་དགེ་སློང་གཙོ་བོ་ཡིན་པར་གསུངས་པས། དགེ་སློང་མ་རྣམས་གཙོ་བོ་མ་ཡིན་པར་བསྟན་པས་ན། འཁོར་གཙོ་བོ་དགེ་སློང་གི་འདུལ་བ་ཕྱི་ནས་བཤད་ཅིང༌། གཙོ་བོ་མ་ཡིནཔ་དགེ་སློང་མའི་འདུལ་བ་སྔོན་ལ་བཤད་ན། གཙོ་འཁོར་གྱི་གོ་རིམ་སྔ་ཕྱི་བཟློག་པར་འགྱུརརོ། །གཞན་ཡང་རྒྱུ་འབྲས་ཀྱི་ཆ་ནས་ལུང་ཕྲན་ཚེགས་ལས། དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་བསྩལ་བར་བྱའོ། །ཞེས་དགེ་སློང་རྒྱུ་དང་དགེསློང་མ་འབྲས་བུ་ཡིན་པར་བསྟན་པས་ན། རྒྱུ་དགེ་སློང་གི་འདུལ་བ་ཕྱི་ནས་བཤད་ཅིང༌། འབྲསབུ་དགེ་སློང་མའི་འདུལ་བ་སྔོན་ལ་བཤད་ན། འབྲས་བུ་སྔོན་ལ་བསྟན་ནས། རྒྱུ་ཕྱི་ནས་བསྟནཔས། རྒྱུ་འབྲས་ཀྱི་གོ་རིམ་སྔ་ཕྱི་བཟློག་པར་འགྱུར་རོ། །དེས་ན་དགེ་སློང་ཕ་མའི་རྣམ་འབྱེདའདི་གཉིས་ཀྱི་གོ་རིམ་ཇི་ལྟར་བཤད་པ་འདི་རིགས་པས་ཀྱང་འཐད་དེ། གཙོ་འཁོར་གྱི་གོརིམ་དང་མཐུན་པའི་ཕྱིར་དང༌། རྒྱུ་འབྲས་ཀྱི་གོ་རིམ་དང་མཐུན་པའི་ཕྱིར་རོ། །ཞེས་མཚོ་ཊཱིཀལས་གསུངས་སོ། །གསུམ་པ་ཕན་ཚུན་ཅིར་འགྱུར་གྱི་དོན་ནི་ལྟུང་བ་སྡེ་ལྔ་པོ་རང་རང་གི་སྐབསསུ་སྟོན་པར་འགྱུར་རོ། །

ཕམ་པའི་སྡེ་འཆད་པ།

ཕམ་པའི་སྡེ་འཆད་པ།

གཉིས་པ་བྱེ་བྲག་སོ་སོའི་དོན་ལ་ལྟུང་བ་སྡེ་ལྔ་ལས། དང་པོ་ཕམ་པའི་སྡེ་འཆད་པ་ལ།

ཕམ་པ་ཐུན་མོང་བ་གྲངས་ཙམ་དུ་ཕྱེ་ནས་བསྟན་པ་དང༌། ཕམ་པ་ཐུན་མོང་མ་ཡིན་པབྱེ་བྲག་ཏུ་ཕྱེ་ནས་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། བཞི་པོ་དག་གོ། །ཞེས་སོ། །

དེའང་ཕམ་པ་ཕྱི་མ་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ཡིན་ཏེ། རྟེན་དགེ་སློང་ཕམ་ལ་ལྟུང་བ་མཉམ་པོར་བཅས་ལ་ཡུལ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཕམ་པ་དང་པོ་ལ་ནིམཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་པ་དང་མ་ཡིན་པ་གཉིས་སུ་དབྱེ་སྟེ། དེའང་རང་གི་ཁའམབཤང་ལམ་དུ་གཞན་གྱི་རྟེན་བྱེད་དང་དུ་བླངས་པའི་ཕམ་པ་དང་པོ་ནི་མཚན་ཉིད་ཅི་འདྲ་བའིཐུན་མོང་ཡིན་གྱི། དེ་ལས་གཞན་པའི་ཕམ་པ་དང་པོ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་མ་ཡིན་པ་སྟེ། དགེ་སློང་གི་ཕམ་པ་དང་པོ་ནི་སེམས་ཅན་སྤྱིས་བསྐྱེད་པ་ཡིན་ལ། དགེ་སློང་མའི་ཕམཔ་དང་པོ་ནི་སེམས་ཅན་སྤྱིས་བསྐྱེད་པ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་མས་ཕ་རོལ་པོ་རྟེན་བྱེདཔ་དང་ལྡན་པ་སྐྱེས་པའམ་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་དགེ་སློང་མའི་ཕམ་པ་དང་པོ་འབྱུང་གི དགེ་སློང་མས་ཕ་རོལ་པོ་བུད་མེད་ཡུལ་དུ་བྱས་པ་ལ་དགེ་སློང་མའི་ཕམ་པ་དང་པོ་འབྱུང་མི་སྲིད་པའི་ཕྱིར་རོ། །རང་གི་བརྟེན་པར་བྱ་བར་རོ་ཞེས་རང་གིས་རང་ལ་མི་ཚངས་པརསྤྱོད་ན་ཕམ་པར་གསུངས་པ་དེའང་དགེ་སློང་ཕ་ཁོ་ན་ལ་འབྱུང་གི དགེ་སློང་མ་ནི་རང་གིས་རངལ་མི་ཚངས་པར་སྤྱོད་པ་ནི་མི་སྲིད་དོ།

གཉིས་པ་ཕམ་པ་ཐུན་མོང་མ་ཡིན་པ་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ་ལ།

རྩ་བར། བདགགིར་བྱེད་པ་ལའོ། །ཞེས་པ་ལ་སོགས་པའོ། །འདིའི་དོན་ལ་སྤྱིར་བསྟན་པ་དང༌། སོ་སོའི་དོནདང་གཉིས། དང་པོ་ནི་དགེ་སློང་མའི་ཕམ་པ་འདི་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ནི། རེགཔའི་ཕམ་པའི་དོད་པོ་རེག་པའི་ལྷག་མ་ཡིན་ལ། དགེ་སློང་མ་ལ་ཕམ་པར་འགྱུར་ཚོད་ཀྱི་ཡུལསྐྱེས་པ་ལ་དགེ་སློང་གིས་རེག་ན་སྦོམ་པོར་འགྱུར་རོ། །མཚན་མི་མཐུན་པ་དང་ལུས་བཀན་པནི་དགེ་སློང་ལ་སྦོམ་པོར་འགྱུར་ལ། འཆབ་པ་ནི་དགེ་སློང་གིས་དགེ་སློང་གི་ཕམ་པ་འཆབ་ན་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་གིས་དགེ་སློང་མའི་ཕམ་པ་འཆབ་ན་ཉེས་བྱས་སོ། །བཟློག་པའི་ཕམ་པར་འགྱུར་ཚོད་དེ་དགེ་སློང་གིས་བྱས་ན། སྤངས་པ་རྗེས་སུ་ཕྱོགས་པའི་ལྟུང་བྱེདདུ་འགྱུར་རོ། །

གཉིས་པ་སོ་སོའི་དོན་ལ་བཞི་ལས། དང་པོ་རེག་པའི་ཕམ་པ་ནི། རྩ་བར། བདག་གིརབྱེད་པ་ལའོ། །ཞེས་སོགས་བྱུང༌། འདིའི་དོན་ལ་གསུམ་ལས། དང་པོ་གླེང་གཞི་ནི་མཉན་ཡོདན་རི་དྭགས་འཛིན་གྱི་བུ་དགེ་བསྙེན་ས་ག་ཞེས་བྱ་བས་དགེ་སློང་མ་རྣམས་ལ་དབྱར་གྱི་གནསཁང་བྱིན་ནས་དགེ་སློང་མ་རྣམས་དབྱར་ཁང་ན་གནས་པ་ན། དགེ་སློང་མ་གཞན་རྣམས་བསོདསྙོམས་ལ་སོང་བའི་ཚེ། དགེ་སློང་མ་སྦོམ་དགའ་མོ་རི་དྭགས་འཛིན་གྱི་བུ་ལ་ཆགས་པར་འགྱུརནས་པུས་མོ་ཡན་ཆད་མིག་མན་ཆད་སྤྲད་ཅིང་རེག་པར་བྱས་པ་ལས་རེག་པའི་ཕམ་པར་བཅསསོ། །གཉིས་པ་དགག་བྱ་ནི་རེག་པའི་བྱ་བ་དེ་དང་འབྲེལ་ནས་འཁྲིག་པའི་འདོད་ཆགས་འཕེལབའོ། །གསུམ་པ་ངོ་བོ་ནི་བཅས་ལྡན་དགེ་སློང་མས་རང་གི་མིག་ནས་པུས་མོའི་བར་གྱིས་སྐྱེས་པམཚན་ཉིད་དང་ལྡན་པའི་ལུས་དངོས་མ་ཉམས་པ་ལ་བསམ་པ་འཁྲིག་པའི་འདོད་ཆགས་ཀྱིས་རེགཔ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །དགེ་སློང་མ་རང་གི་མིག་ནས་པུསམོའི་བར་གྱིས་སོ་ཞེས་ཏེ། བར་དེ་ན་ལུས་ཀྱི་རྣམ་པར་ཤེས་པ་རགས་པས་ཆགས་པ་ལྷགཔར་རྫོགས་པའི་ཕྱིར་རོ། །སྐྱེས་པའི་མིག་ནས་པུས་མོའི་བར་ལ་རེག་པ་ནི་ངེས་གཟུང་གི་ཡནལག་མིན་ཏེ། སྐྱེས་པའི་རྐང་མཐིལ་ལ་རེག་གམ་སྤྱི་བོ་ལ་རེག་ནའང་ཕམ་པར་འགྱུར་རོ། །

ཊཱི་ཀ་ལས། ལན་བུ་དང་དེ་དང་འབྲེལ་བའི་གོས་ནི་ལུས་དང་འདྲ་བ་ཉིད་ཡིན་པས་དེ་དག་ལརེག་ན་ཡང་ཕམ་པར་འགྱུར་རོ། །ཞེས་གསུངས་པ་མཚོ་ཊཱིཀ་གི་སྐབས་དུ་མར་ལན་བུ་དངལུས་དངོས་ཚོགས་དོན་ལ་རེག་པར་དགོངས་ཞེས་གསུངས་སོ། །རེག་པའི་ཕམ་པ་བསྐྱེད་པ་ལ་སྐྱེས་པའི་ཆགས་སེམས་ཡན་ལག་ཏུ་མི་དགོས་ཀྱང་རེག་པའི་ན་སྨད་བསྐྱེད་པ་ལ་སྐྱེས་པའིཆགས་སེམས་ཡན་ལག་ཏུ་དགོས་པ་དེ་བསྟན་པའི་ཕྱིར་སེམས་གཞན་གྱིས་ནི་ན་སྨད་དོ། །

དེའང་གལ་ཏེ་དགེ་སློང་མས་སེམས་གཞན་གྱིས་སྐྱེས་པ་ལ་རེག་པ་དེའི་ཚེ་དགེ་སློང་མ་དེ་ལ་བརྟེན་ནས་སྐྱེས་པ་ཕོའི་ཆགས་སེམས་ཡོད་པ་དེ་སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་དགེསློང་མ་དེས་ཤེས་པ་ན་ལྟུང་བ་ན་སྨད་པའོ། །

གཉིས་པ་ལུས་བཀན་པའི་དོན་འཆད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནི་སྦོམ་དགའམོས་སྤོས་འཚོང་གི་ཁྱེའུ་ལ་ཆགས་པར་གྱུར་ཏེ་དུས་བཏབ་བྱས་ནས་འཁྲིག་ཐབས་སུ་ཉེ་བསལུས་བཀན་པ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་དྲན་ཏེ་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་རྒྱབ་ནས་བདུད་བཅོམ་མོ། །བདུད་བཅོམ་ཞེས་ཟེར་བ་ལས་ལུས་བཀན་པའི་ཕམ་པར་བཅས་སོ། །ཊཱི་ཀ་ལས། ལུས་བཀན་པ་ཞེས་བྱ་བ་ནི་ཉལ་བའོ། །ཞེས་སོ། །གཉིས་པ་དགག་བྱ་ནི་འཁྲིགཔའི་འདོད་ཆགས་འཕེལ་བར་འགྱུར་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མ་ཆགས་པར་གྱུརཔས་སྐྱེས་པ་མཚན་ཉིད་དང་ལྡན་པར་འཁྲིག་པ་བསྟེན་པའི་ཆེད་དུ་ཉེ་བར་གནས་པ་དང་ལྷནཅིག་ཏུ་ལུས་བཀན་པ་རྫོགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཞོག་སྟེགས་འཕྱར་གཡེང་ཙབ་ཧྲལ་དང་གསུམ་གྱི་དོན་ནི། ཟླ་ཟེར་ལས། གཞོག་སྟེགས་ནི། ཧ་ཅང་བརྟད་པར་མི་འཇུག་ཅིང་བཙུན་སྤུ་མ་ཉམས་པར་ཀུན་ཏུ་བརྩེ་བ་ལ་སོགས་པའི་ལུས་དང་ངག་ལས་སོ། །ཞེས་ཊཱི་ཀ་ལས་བཤད་པས་གཞོག་སྟེགས་ནི་ཆགས་སེམས་ཆུང་ངུ་ལས་གྱུར་པའི་ལུས་ངག་གི་རྣམ་འགྱུར་ཏེ་དགེ་སློང་མས་སྐྱེས་པ་དང་ཀུན་ཏུ་བརྩེ་བ་ལ་སོགས་པ་ལུས་ཀྱི་ཆགས་པའི་རྣམ་འགྱུར་བྱེད་པ་དང་ངག་གིས་འཁྲིག་ཚིག་སྨྲ་བ་ལ་སོགས་པའོ། །ཞེས་དང༌། འཕྱར་གཡེངནི་ཤིན་ཏུ་བརྟད་པར་འཇུག་ཅིང་ཧྲལ་བག་ཙམ་བྱེད་པའོ་ཞེས་ཊཱི་ཀ་ལས། འཕྱར་གཡེང་ནིཆགས་སེམས་འབྲིང་ལས་གྱུར་པའི་ལུས་ངག་གི་རྣམ་འགྱུར་ཏེ་དགེ་སློང་མས་སྐྱེས་པ་དངཀུན་ཏུ་རྩེ་བ་ལ་སོགས་པ་ལུས་ཀྱི་ཆགས་པའི་རྣམ་འགྱུར་བྱེད་པ་དང་ངག་གིས་འཁྲིག་ཚིག་སྨྲ་བ་ལ་སོགས་པའོ། །ཞེས་དང༌། རྩབ་ཧྲལ་ནི། བཙུན་སྤུ་ཉམས་ཤིང་འཁྲིག་པ་བསྟེན་པའི་ཕྱིར་གཞོལ་ལ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས་མགོ་འདར་བ་དང་ཚིགས་འགུལ་བ་དང་ཚིག་འཁྲུལ་བ་ཉིད་ལ་སོགས་པ་ལུས་ངག་གི་ལས་སོ་ཞེས་ཊཱི་ཀ་ལས་བཤད་པས་ཆགས་སེམས་ཆེན་པོ་ལས་གྱུར་པའི་ལུས་ངག་གི་རྣམ་འགྱུར་བྱེད་པའོ། །ཞེས་གསུངས་སོ། །

གསུམ་པ་འཆབ་པའི་ཕམ་པའི་དོན་ལ་གསུམ་ལས།

དང་པོ་གླེང་གཞི་ནི་དགེ་སློངམ་མཛའ་མོ་རང་གིས་དམ་བཅས་པ་ལས་ཉམས་ཏེ་བབས་ནས་ཚེའི་དུས་བྱས་པ་ན་དེའི་ཕུ་ནུམོ་མཛའ་ཅན་མས་སྔོན་མཛའ་མོ་ལ་ཕམ་པ་བྱུང་བ་དེ་དྲན་ནས་ངུ་བར་བྱེད་དེ། དེ་ལ་དགེ་སློངམ་མང་པོས་སྨྲས་པ། ཁྱོད་ཀྱིས་ནི་ཁ་ན་མ་ཐོ་བ་བཅབས་པ་ཡིན་ནོ་ཞེས་པའི་བྱུང་བ་ལསའཆབ་པའི་ཕམ་པར་བཅས་སོ། །གཉིས་པ་དགག་བྱ་ནི་འཆབ་པའི་སྲེད་པ་འཕེལ་བ་དང༌། དགེ་སློང་མ་རྣམས་ཕན་ཚུན་གཅིག་གི་ཉེས་པ་གཅིག་གིས་འཆབ་ཅིང་མཚང་གྲོགས་སུ་གྱུར་ན། བརྒྱུད་ནས་དགེ་སློང་མ་རྣམས་ཚུལ་ཁྲིམས་མི་དག་པར་འགྱུར་བའོ། །གསུམ་པ་ངོ་བོ་ནིདགེ་སློང་མས་དགེ་སློང་མ་གཞན་ལ་ཕམ་པ་བྱུང་བ་དེ་ངེས་པར་ཤེས་སམ་ཡིད་གཉིས་ཟ་བཞིནདགེ་སློང་མ་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ལ་མི་བརྗོད་པར་བཅབས་ཏེ་མཚན་མོ་མཐའིསྐད་ཅིག་འདས་པའི་ལྟུང་བ་དངོས་གཞིའོ། །

བཞི་པ་བཟློག་པའི་ཕམ་པའི་དོན་ལ་གསུམ་ལས།

དང་པོ་གླེང་གཞི་ནི་དགེ་སློང་གྲེསྐྱེས་འཐབ་ཀྲོལ་བྱེད་དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་དེ་དགེ་འདུན་གྱིས་གནས་ནས་ཕྱུང་བ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱས་སོ། །

དེ་ནས་དགེ་སློང་གྲེ་སྐྱེས་འདི་སྙམ་དུ། མི་གང་ཞིག་སའི་སྟེང་དུ་འགྱེལ་ནས་དེ་ཉིད་ལ་བརྟེནནས་ལྡང་བ་བཞིན་དུ། དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་སྙམ་དུ་བསམས་སོ། །དེ་ལ་བཅུ་གཉིས་སྡེ་དག་གིས་སྨྲས་པ། རིགས་སྣ་ཚོགས་རུས་སྣ་ཚོགས་ནས་རབ་ཏུ་བྱུང་བ་རྣམསལ་བཟོད་པ་གསོལ་བར་མ་བྱེད་ཅིག བདག་ཅག་གིས་ལྷུང་བཟེད་དང་ཆོས་གོས་ལ་སོགསཔ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བགྱིའོ་ཞེས་སྨྲས་པ་ན། དགེ་སློངམ་བཅུ་གཉིས་སྡེ་ལ་དེ་ལྟར་མ་བྱེད་ཅིག་ཅེས་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པར་བྱའོ། །ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་བཟློག་པའིཕམ་པར་བཅས་སོ། །དགེ་སློང་མ་བཅུ་གཉིས་སྡེ་ནི་ལུང་དགེ་སློང་མའི་རྣམ་འབྱེད་དང་མའི་སོ་སོའི་ཐར་པའི་འགྲེལ་བ་ལས། སྦོམ་དགའ་མོ་དང་གཙུག་དགའ་མོ་དང་དགའ་མོ་དང་ཉེདགའ་མོ་དང་རྒྱལ་དང་ཉེ་རྒྱལ་དང༌། རྒྱལ་གྲོགས་མ་དང་རྒྱལ་སྐྱོང་མ་དང་བཟང་མོ་དངཤིན་ཏུ་བཟང་མོ་དང་མཛེས་དགའ་མོ་དང་རྒྱལ་ལྡན་མའོ། །གཉིས་པ་དགག་བྱ་ནི་ཡུལ་དེཉིད་དང་རང་རིགས་ཀྱི་དགེ་འདུན་མ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་དགེ་སློང་གི་དགེའདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་དེ་ལ་དགེ་སློང་མའི་དགེ་འདུན་གྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ་ལ་དེ་ལྟར་ངེས་པར་ཤེས་སམ་ཡིད་གཉིས་ཟ་བཞིན་དུ་དགེ་སློང་མས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མིགཏོང་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཟོད་པར་གསོལ་བར་ངེས་པ་དང༌། དེ་ལསབཟློག་པ་ཉིད་དོ་ཞེས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ་ཆོས་དང་ཟང་ཟིང་གི་ལོངསསྤྱོད་བྱེད་ན་ཡང་ངོ༌། །དགེ་སློང་མའི་ཕམ་པའི་སྡེའི་རྣམ་པར་བཤད་པ་རྫོགས་སོ།། །།

དགེ་འདུན་ལྷག་མའི་སྡེ་འཆད་པ།

དགེ་འདུན་ལྷག་མའི་སྡེ་འཆད་པ།

གཉིས་པ་དགེ་འདུན་ལྷག་མའི་སྡེ་འཆད་པ་ལ།

སྤྱིར་བཤད་པ་དང་སོ་སོར་བཤད་པ་དང་གཉིས། དང་པོ་ནི་དགེ་སློང་ཕའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་མ་ལ་ཅིརའགྱུར་དང༌། དགེ་སློང་མའི་རྣམ་འབྱེད་ཀྱི་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་རོ། །དངཔོ་ནི་དགེ་སློང་གི་ལྷག་མ་བཅུ་གསུམ་ལས་ཐུན་མོང་བ་བདུན་དང༌། ཐུན་མོང་མ་ཡིན་པ་དྲུག་སྟེ། དེའང་སྨྱན་དང་གཞི་མེད་དང༌། བག་ཙམ་དང་གསུམ་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོངཡིན་ལ། དབྱེན་བྱེད་པ་ལ་སོགས་པ་བསྒོ་གྱུར་བཞི་ནི་མིང་ཙམ་གྱི་ཐུན་མོང་ཡིན་ནོ། །ཐུན་མོངམ་ཡིན་པ་དྲུག་ནི། འབྱིན་རེག་འཁྲིག་ཚིག་བསྙེན་བཀུར་ཁང་པ་ཁང་ཆེན་ནོ། །ཞེས་གསུངསསོ། །གཉིས་པ་ནི། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུརནི། དགེ་སློང་མའི་དགེ་འདུན་ལྷག་མ་ཐུན་མོང་མ་ཡིན་པ་བཅུ་གསུམ་དངོས་སུ་གསུངས་པ་ལས། ཊཱི་ཀ་ལས། མཚན་མོ་འབྲལ་བ་དང༌། ཉིན་མོ་འབྲལ་བ་དང༌། ལམ་དུ་འཇུག་པ་དང༌། ཆུར་བརྒལ་བ་ཞེས་བྱ་བ་གཅིག་པུ་རྒྱུ་བའི་ལྟུང་བ་བཞི་པོ་དག་ལ་ནི་དགེ་སློང་རྣམས་ལ་གཅིགཔུ་འགྲོ་བ་ལ་ཉེས་པ་མེད་དོ། །ཞེས་གསུངས་སོ། །

གཉིས་པ་སོ་སོའི་དོན་ནི།

དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་ལ་དང་པོ་ལས་གྱུར་པ་བཅུ་གཉིས་དང༌། བསྒོ་བ་ལས་གྱུར་པ་བརྒྱད་བཤད་པ་དང་གཉིས། དང་པོ་ལས་གྱུར་པ་བཅུ་གཉིསནི། དགེ་སློང་དང་ཐུན་མོང་བ་གསུམ་དང༌། དགེ་སློང་མའི་ཐུན་མོང་མ་ཡིན་པ་དགུའོ། །དང་པོ་ཐུན་མོང་བ་གསུམ་ནི། སྨྱན་བྱེད་པ་དང༌། གཞི་མེད་པ་དང་བག་ཙམ་དང་གསུམ་ནི་དགེསློང་ཕ་མ་གཉིས་ཀའི་དགེ་འདུན་ལྷག་མ་སྟེ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་ནོ། ། གཉིས་པ་དགེ་སློང་མའི་ཐུན་མོང་མ་ཡིན་པ་དགུ་ལས། དང་པོ་ཅི་ཡང་རུང་བ་ལེན་པའི་དོན་བཤད་པ་ལ་གསུམ་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོ་དང་སྤོས་འཚོང་གི་ཁྱེའུ་གཉིས་ཀ་ཕནཚུན་ཆགས་པར་གྱུར་ཏེ། དེས་སྤོས་འཚོང་གི་ཁྱེའུ་ལས་ཅུང་ཟད་བདག་གིར་བྱེད་པ་ལས་བཅསསོ། །གཉིས་པ་དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བར་འགྱུར་བའོ། །གསུམ་པ་ངོབོ་ནི་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་མཚན་ཉིད་དང་ལྡན་པ་ཆགས་པར་གྱུར་པ་ལསའཁྲིག་པའི་གླ་བརྔན་ཅི་ཡང་རུང་བ་ལེན་པར་བྱེད་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མ་འདི་ལ་བདག་གིར་བྱེད་པ་དང་སྐྱེས་པའི་ཆགས་སེམས་ཡན་ལག་ཏུ་དགོས་སོ། །

གཉིས་པ་ཅི་ཡང་རུང་བ་ལེན་དུ་འཇུག་པའི་དོན་བཤད་པ་ལ་གསུམ་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་གཙུག་དགའ་མོ་ལ། ཀྱེ་ཕུ་ནུ་མོ་ཁྱོད་མ་ཆགས་པར་གྱིས་ལསྐྱེས་པ་ཆགས་པ་ལས་ཅུང་ཟད་ལོང་ཞིག་ཅེས་ལེན་དུ་བཅུག་པ་ལས་བཅས་སོ། །གཉིས་པདགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བས་རང་རིགས་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་དགེསློང་མས་དགེ་སློང་མ་གཞན་ལ་རང་ལ་ཆགས་པ་མངོན་གྱུར་མེད་ན་སྐྱེས་པ་ཆགས་པ་ལས་བརྔན་པ་ལེན་པ་ལ་ཉེས་པ་མེད་དོ་ཞེས་ངག་གིས་གོ་བར་བྱས་པ་ལས་གྱུར་པའི་ལྟུང་བ་དངོསགཞིའོ། །

གསུམ་པ་མཚན་མོ་འབྲལ་བ་བཤད་པ་ལ།

ཐུན་མོང་གི་རྣམ་གཞག་ཞར་བྱུང་དངབཅས་ཏེ་བསྟན་པ་དང༌། དོན་དངོས་བཤད་པ་དང་གཉིས། དང་པོ་ནི་འོག་མ་བཞི་པོ་དགལ་ནི་ཁྲིམས་གྲོགས་མ་མེད་པ་དེ་ཐུན་མོང་གི་ཡན་ལག་ཡིན་ནོ། །དགེ་སློབ་མ་སུམ་ཆ་དང་བྲལ་ཞེས་པ་ནི། ཁྲིམས་གྲོགས་སུམ་གཉིས་ཀྱིས་གོ་ཆོད་པ་སྟེ་ཉེས་བྱས་སུ་ནི་འགྱུར་རོ། །

དགེ་ཚུལ་མ་ནི་སུམ་ཆ་ཞེས་པ་ནི་ཉེས་པ་སུམ་གཉིས་མི་ཐུབ་སྟེ་སྦྱོར་བའི་དུས་ན་ཉེས་བྱས་དངམཐར་ཐུག་ན་སྦོམ་པོའོ། །མི་འདོད་བཞིན་དུ་བྲལ་ཞེས་པ་ནི། དགེ་སློང་མའི་རྣམ་འབྱེད་ལས། ཕྱི་བཞིན་འབྲང་བའི་དགེ་སློང་མ་ཤིའམ་ཉམས་སམ་ལྟུང་བར་གྱུར་ཏམ་བྲོས་པར་གྱུར་ན་ལྟུངབ་མེད་དོ། །ཞེས་གསུངས་ཏེ། ཉམས་པ་དང་ལྟུང་བ་ནི་བབས་པ་དང་ཕམ་པ་བྱུང་བ་སྟེ་གོརིམ་བཞིན་ནོ། །

གཉིས་པ་མཚན་མོ་འབྲལ་བའི་དོན་དངོས་བཤད་པ་ལ་གསུམ་ལས། དང་པོ་གླེངགཞི་ནི་དགེ་སློང་མ་མཛའ་མོ་རང་གི་ཉེས་པ་ཁས་བླངས་པས་བསྙིལ་བའི་ཚེ། ཁྱིམ་གྱི་སོ་ཚིསབྱེད་ཅིང༌། བུ་དང་བུ་མོ་དག་ཀྱང་སྐྱེས་སོ། །དུས་ཕྱིས་མཛའ་མོ་གསད་ནད་ཀྱིས་ཐེབས་པ་ན།

དགེ་སློང་མ་མཛའ་ཅན་མས་ན་བ་དེ་བལྟ་བའི་ཕྱིར་གཅིག་པུ་སོང་སྟེ། མཛའ་མོ་ནུབ་མོ་ཚེའིདུས་བྱས་པ་ན། མཛའ་ཅན་མ་ལ་ཁྱིམ་བདག་དེས་ཁྱོད་ཀྱིས་ངའི་ཁྱིམ་འདི་སྐྱོངས་ཤིག མབཞུད་ཅིག་ཅེས་ཟེར་བ་ལ། ཁྱོད་ཀྱི་ཁྱིམ་མེས་འཚིག་པར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ༌། །

དེ་ལ་དགེ་སློང་མ་རྣམས་ཀྱིས་ཁྱོད་མདང་སུམ་ཁྱིམ་དེ་ན་ཉལ་ན། འགའ་ཞིག་གིས་ཁྱོད་བརྟུལཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་མི་ཚངས་པར་སྤྱོད་པའི་སྒོ་ནས་རང་གི་བསླབ་པ་ལས་འདྲལ་བའི་རྒྱུར་འགྱུར་བའོ། །གསུམཔ་ངོ་བོ་ནི་དགེ་སློང་མས་ཟླ་མོ་དགེ་སློང་མ་གཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་ཏུ་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོ་གང་ཡང་མེད་པར་དགེ་སློང་མ་རང་གཅིགཔུས་མཚན་མོ་གནས་ཏེ་སྐྱ་རེངས་ཤར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་པ་ཉིན་མོ་འབྲལ་བའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནི་སྦོམ་དགའ་མོས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ན་གཅིག་པུ་ཉི་མ་ནུབ་ཏུ་ཆོས་བཤད་ནས། དབྱར་ཁང་དུ་འོངས་ཏེ་ཁོ་མོའི་རྒྱབ་དང་རྐེད་པ་རྫིས་ཤིག་ཅེས་སྨྲས་པ་ན། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་བྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་སྔར་དང་འདྲའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་ཟླ་མོ་དགེ་སློང་མགཞན་རྣམས་གང་ན་འདུག་པའི་གནས་དེ་ལས་ཕྱི་རོལ་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུངམོ་གང་ཡང་མེད་པར་དགེ་སློང་མ་རང་གཅིག་པུ་ཉིན་མོ་གནས་ཏེ་ཉི་མ་ནུབ་པའི་མཐའི་སྐད་ཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

ལྔ་པ་གཅིག་པུ་ལམ་དུ་འགྲོ་བའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནི་སྦོམ་དགའ་མོ་གཅིག་པུ་ལམ་པོ་ཆེ་དང་བཞི་མདོ་དག་ཏུ་འདུག་ནས་གྲོང་ཁྱེར་ཆེནཔོ་དྲུག་གི་ལམ་དུ་སོང་སྟེ་ཉི་མ་ནུབ་པ་ན། དབྱར་ཁང་དུ་འོངས་ནས་བདག་གི་རྒྱབ་རྫིས་ཤིགརྐེད་པ་རྫིས་ཤིག་ཅེས་གཞོན་རབས་དག་ལ་སྨྲས་པ་ན། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། ། གཉིས་པ་དགག་བྱ་ནིསྔར་དང་འདྲའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་ཁྲིམས་གྲོགས་ཆོས་འདི་པའི་རབ་བྱུང་མོགང་ཡང་མེད་པར་ས་ལ་བརྟེན་པའི་ལམ་རྒྱང་གྲགས་ཀྱི་མཐའ་ཡན་ཆད་དུ་ཕྱིན་པ་ལས་གྱུརཔའི་ལྟུང་བ་དངོས་གཞིའོ། །

དྲུག་པ་གཅིག་པུ་ཆུ་ལ་བརྒལ་བའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞིནི་དགེ་སློང་མ་མང་པོ་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འདོད་པ་ན། ཕ་རོལ་གྱི་འགྲམ་ན་གྲུ་ཕུར་བབཏབས་ཏེ་འདུག་པ་དེ་བླང་བའི་ཕྱིར་སྔོན་མཉན་པ་མོ་བྱེད་པ་དགེ་སློང་མ་ནག་མོས་རྐྱལ་བྱསཔས་ཆུའི་དབུས་སུ་གཏིང་དུ་བྱིང་ལ་ཐུག་པར་གྱུར་ནས། ངལ་ཆད་དེ་ཆུ་འགྲམ་དུ་ཕྱིན་ཏེ། ཉིམ་ནུབ་པ་དང་དབྱར་ཁང་དུ་འོངས་པ་ན། དགེ་སློང་མ་རྣམས་ཀྱིས་སྨྲས་པ། འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་བ་ལས་བཅས་སོ། །གཉིས་པདགག་བྱ་ནི་ལུས་སྲོག་ལ་གནོད་པ་དང་མི་ཚངས་པར་སྤྱོད་པའི་སྒོ་ནས་རང་གི་བསླབ་པ་ལསའདྲལ་བའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་ཁྲིམས་གྲོགས་ཆོས་འདི་པའིརབ་བྱུང་མོ་གང་ཡང་མེད་པར་བརྒལ་བས་མི་ཐར་པའི་ཆུ་ལ་གྲུ་ལ་སོགས་པས་འགྲོ་ན་ཕ་རོལཏུ་ཕྱིན་པར་མ་གྱུར་ཀྱང་གྲུ་ཚུགས་ལས་འདས་པར་ཕྱིན་པ་དང་ལག་རྐྱལ་དག་གིས་འགྲོ་ན་ཕ་རོལ་ཏུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བདུན་པ་རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནི་རྒྱལ་པོ་གསལ་རྒྱལ་གྱི་དམག་མི་རྣམས་རི་བྲག་པ་དངའཐབ་པའི་ཕྱིར་དམག་ལ་འགྲོ་བ་ན་ཁྲིམས་སུ་བཅས་པ། བདག་ཅག་དམག་ལ་སོང་བ་ན། བདག་ཅག་གིས་ཆུང་མས་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱས་ན་དེའི་མགོ་བཅད་ནས་འདོར་བར་བྱ་ཞེས་བཤད་དཽ། །དེ་ནས་དམག་དཔོན་གྱི་བུ་མོ་སྡེ་ཅན་མ་ཞེས་བྱ་བས་ཁྲིམསདང་འགལ་བར་བྱས་པ་ན། དེ་དམག་མི་རྣམས་ཀྱིས་དམག་དཔོན་ལ་སྨྲས་ནས། དམག་དཔོནགྱིས་འདི་སྙམ་དུ་བདག་གིས་ཁྲིམས་བཅས་ལ། བདག་གིས་དྲལ་དུ་ག་ལ་རུང་སྙམ་ནས་དམགདཔོན་གྱིས་སྡེ་ཅན་མ་ཡོངས་སུ་བཏང་ནས། དམག་མི་རྣམས་ལ་སོད་ཅིག་ཅེས་བཀའ་བསྒོའོ། །

སྡེ་ཅན་མ་འཇིགས་ཤིང་སྐྲག་སྟེ་ངུ་བར་བྱེད་པ་ན། དགེ་སློང་མ་འཕྱར་མོས་རབ་ཏུ་བྱུང་བ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་མི་རིགས་པ་རབ་ཏུ་བྱུང་བས་བསྟན་པ་ལ་རྨ་འབྱིན་པའི་རྒྱུར་འགྱུར་བའོ། །གསུམ་པ་ངོ་བོ་ནི་མཁན་མོས་བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་འབྱིནཔའམ་སྡོམ་པ་སྦྱིན་པའི་བྱ་བ་རྫོགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །སྐྱོན་གསུམ་ནིབུད་མེད་དེ་གསད་པའི་ཕྱིར་དམག་མི་ཚོགས་པ་རྣམས་ཡིད་མཐུན་པ། བུད་མེད་དེའི་བདགཔོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བའོ། །

བརྒྱད་པ་ཤི་བའི་ནོར་ལེན་པའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནིཁྱིམ་བདག་གཅིག་གསད་ནད་ཀྱིས་ཐེབས་ནས་དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་སྦོམ་དགའ་མོས་ཐོས་ནས། དེའི་དྲུང་དུ་སོང་སྟེ། ཆོས་བཤདཔ་བྱས་ནས་བསླངས་པ་དང༌། དེས་དེ་ལ་བུ་ལོན་ཆགས་རྒྱ་བྱིན་ནས། དགེ་སློང་མས་ཕྱག་རྒྱའིབུ་ལོན་དེད་པ་གཞན་དག་འཕྱ་བར་བྱེད་པ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་བུད་མེད་སྐྱེས་པའི་ཆོས་ལྟར་བྱེད་པ་ཧ་ཅང་ཐལ་བའི་ཕྱིར་མི་རིགས་པས་མ་དད་པར་འགྱུར་བ་དང༌། རང་འདོད་ཆེ་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་རིགས་རྒྱུད་ཙམ་ཡང་མ་ལུས་པར་གྱུརཔའི་ཤི་བའི་ནོར་ཁྲུ་གང་ཡན་ཆད་རི་བའི་དངོས་པོ་ལེན་ཅིང་བརྡ་འཕྲོད་པ་ལས་གྱུར་པའི་ལྟུངབ་དངོས་གཞིའོ། །

དགུ་པ་བཟོད་པ་གསོལ་དུ་འཇུག་པའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེངགཞི་ནི་དགེ་སློང་མ་འདུན་མ་ཞེས་བྱ་བ་འཐབ་མོ་མང་པོ་བྱེད་པ་དེའི་བུ་མོ་དགེ་སློང་མ་འདུནཔ་མོས་གཏམ་ཐོས་སོ་ཅོག་མི་ལ་ཟློས་པར་བྱེད་དོ། །དེའི་རྒྱུས་རྩོད་པ་འཕེལ་བར་གྱུར་ནས།འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ་དགེ་འདུན་མ་རྣམས་ཀྱིས་འདུན་པ་མོ་གནསནས་དབྱུང་བའི་ལས་བྱས་པ་ན། འདུན་པ་མོ་ངུ་ཞིང་ང་གནས་ནས་ཕྱུང་ངོ་ཞེས་མ་ལ་སྨྲས་པ་དང༌། འདུན་མས་དེ་མཚམས་ཀྱི་ཕྱི་རོལ་ཏུ་ཁྲིད་དེ་བཟོད་པ་གསོལ་དུ་བཅུག་པ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་དགེ་འདུན་གྱི་དབྱེན་དང་རིགས་མཐུན་པས་རང་རིགས་ལ་གནོདཔའོ། །གསུམ་པ་ངོ་བོ་ནི་དགེ་སློང་མ་མཚན་ཉིད་དང་ལྡན་པ་ནན་ཏུར་བྱས་པ་དང་འབྲེལ་བལ་ཆད་པ་གཅོད་བྱེད་ཀྱི་དགེ་འདུན་མ་རྣམས་མ་ཚོགས་པའམ་ཆད་པ་གཅོད་བྱེད་ཀྱི་གང་ཟགམ་ཚོགས་པར་དགེ་སློང་མས་མཚམས་ཀྱི་ཕྱི་རོལ་ཏམ་མཚམས་ནང་དུ་བཟོད་པ་བླངས་པ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །མཚམས་ཀྱི་ཕྱི་རོལ་ཏུ་ཞེས་པ་ནི། གླེང་གཞིའི་དབང་གིས་མཚོནཔ་སྟེ། ཊཱི་ཀ་ལས། མཚམས་ཀྱི་ནང་དུ་བཟོད་པ་གསོལ་དུ་འཇུག་པ་ལ་ནི་སྡིག་ཤིན་ཏུ་ཆེབར་སྣང་སྟེ། དགེ་འདུན་གྱི་དབྱེན་དང་རིགས་མཐུན་པ་ཡིན་པའི་ཕྱིར་རོ། །ཞེས་སོ། །

གཉིས་པ་བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བརྒྱད་འཆད་པ་ལ།

དགེ་སློངམའི་ཐུན་མོང་མ་ཡིན་པའི་བསྒོ་གྱུར་བཞི་དང༌། དགེ་སློང་དང་ཐུན་མོང་བའི་བསྒོ་གྱུར་བཞིདང་གཉིས་ལས། དང་པོ་བཞི་ཚན་དང་པོ་བཤད་པ་ལ་ལྟུང་བ་བཞི་ལས། དང་པོ་ནི་དཀོནམཆོག་གཏོང་བ་བཤད་པ་ལ་གསུམ་ལས། དང་པོ་གླེང་གཞི་ནི་སྔོན་མུ་སྟེགས་ཅན་ལས་གྱུརཔ་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་འཐབ་པ་ན་ཁྲོས་ནས་ཤཱཀྱ་བུའི་དགེ་སྦྱོང་འདི་དག་ཁོ་ན་ཚུལ་ཁྲིམས་དང་ལྡན་ཞིང་ཡོན་ཏན་དང་ལྡན་པ་མ་ཡིན་གྱི་ཚུལ་ཁྲིམས་དང་ཡོན་ཏནདང་ལྡན་པའི་དགེ་སྦྱོང་གཞན་ཡང་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་ཀྱིས། སངས་རྒྱས་གཏོང་ངོ༌། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བ་ན། དགེ་སློང་མ་ནག་མོ་ལབཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་དཀོནམཆོག་གཏོང་བའི་དགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་ཐར་པ་མྱ་ངན་ལསའདས་པའི་ལམ་དུ་འཇུག་པའི་སྡོམ་པའི་རྟེན་ཉམས་པར་བྱེད་པའོ། །གསུམ་པ་ངོ་བོ་ནི་དགེསློང་མས་དཀོན་མཆོག་གཏོང་བར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དངགསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལསགྱུར་པའི་ལྟུང་བ་དངོས་གཞིའོ། །

གཉིས་པ་འཐབ་ཀྲོལ་བྱེད་པའི་དོན་བཤད་པ་ལ་གསུམ་ལས། དང་པོ་གླེང་གཞི་ནིསྦོམ་དགའ་མོས་དགེ་སློང་མ་གཞན་རྣམས་དང་འཐབ་པར་བྱེད་པ་ན། འཐབ་མོ་མ་བྱེད་ཅིག་ཅེས་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན། སྦོམ་དགའ་མོ་ཁྲོས་ནས་ཁྱེད་ཅག་ཁོ་མོ་ལརྒོལ་བར་བྱེད་ལ། གཞན་ལ་ནི་མི་བྱེད་པས། དགེ་སློང་མ་ཁྱེད་ཅག་ནི་འདུན་པས་འགྲོ་བའོ། །ཞེ་སྡང་གིས་འགྲོ་བའོ་ཞེས་ཟེར་བ་ན། དེ་ལ་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལསཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་འཐབ་ཀྲོལ་བྱེད་པའིདགེ་འདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་མའི་སེམསབདེ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་འཐབ་ཀྲོལ་བྱས་པ་ལ་དེ་ལྟར་མ་བྱེདཅིག་ཅེས་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་ཁྱེད་ཅག་འདུན་པ་ལ་སོགས་པས་འགྲོ་བའོ་ཞེསདགེ་འདུན་མ་ལ་སྐུར་པ་འདེབས་པར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

གསུམ་པ་སྡེ་ཞིང་གནས་པའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནིདགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་གཉིས་འདྲེ་བས་གནས་པར་བྱེད་དེ། རྒོད་པ་དངརྩེ་བ་དང་ལུས་ཀྱི་ཙབ་ཧྲལ་བྱེད་པ་ན། དེ་དག་ལ་བཞམས་ཏེ་བསྒོ་བ་དང་གསོལ་བཞིའི་ལསཀྱིས་བཟློག་པར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་སྡེ་ཞིང་གནས་པའི་དགེའདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་ཆགས་པ་དང་རྒོད་བག་འཕེལ་བའོ། །

གསུམ་པ་ངོ་བོ་ནི་དགེ་སློང་མས་དགེ་སློང་མ་ལ་སོགས་པ་བུད་མེད་དང་ལྷན་ཅིག་གཞོག་སྟེགསདང་འཕྱར་གཡེང་དང་ཙབ་ཧྲལ་བྱེད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

བཞི་པ་སྡེ་ཞིང་གནས་སུ་འཇུག་པའི་དོན་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནིདགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་གཉིས་ཐ་དད་དུ་གནས་པའི་ཚེ་ན། སྦོམ་དགའམོས་སྨྲས་པ། ཁྱེད་གཉིས་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཅག་འདྲེ་ཞིང་གནས་པར་གྱིསཤིག བཅོམ་ལྡན་འདས་ཀྱིས་འབེལ་བའི་གཏམ་གྱིས་ཤེས་རབ་འཕེལ་བར་མ་གསུངསསམ་ཞེས་ཟེར་བ་ན། སྦོམ་དགའ་མོ་ལ་བཞམས་ཏེ་བསྒོ་བ་དང་གསོལ་བཞིའི་ལས་ཀྱིས་བཟློགཔར་བྱའོ་ཞེས་གསུངས་ཏེ། བཟློག་ཀྱང་མི་གཏོང་བ་ལས་སྡེ་ཞིང་གནས་སུ་འཇུག་པའི་དགེའདུན་ལྷག་མར་བཅས་སོ། །གཉིས་པ་དགག་བྱ་ནི་རང་རིགས་ལ་གནོད་པར་འགྱུར་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་དགེ་སློང་མ་གཞན་ལ་འདྲེ་ཞིང་གནས་པར་གྱིས་ཤིག་ཅེསངག་གི་རིག་བྱེད་གྱིས་བསྒོ་བར་བྱེད་ཅིང་དེ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་བསྒོ་དངགསོལ་བཞིའི་ལས་ཀྱིས་བཟློག་ཀྱང་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བལས་གྱུར་པའི་ལྟུང་བ་དངོས་གཞིའོ། །

གཉིས་པ་དགེ་སློང་དང་ཐུན་མོང་བའི་བསྒོ་གྱུར་བཞི་འཆད་དེ། རྟེན་དགེ་སློང་མསདགེ་འདུན་འབྱེད་པ་ལ་སོགས་པ་བཞི་ནི་ཡུལ་དགེ་སློང་མའི་སྐབས་ལས་བཞི་པོ་དེ་དག་རངརང་གི་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མའི་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དགེསློང་མའི་དགེ་འདུན་འབྱེད་པ་དེའི་རྗེས་སུ་ཕྱོགས་པ་དང༌། དགེ་སློང་མ་ཁྱིམ་སུན་ཕྱུང་བ་དེསརང་སྐྲོད་པར་བྱེད་པའི་དགེ་སློང་མ་རྣམས་ལ་སྐུར་པ་འདེབས་པ་དང༌། དགེ་སློང་མ་དག་ལ་བཀའ་བློ་མི་བདེ་བ་ཉིད་དུ་བྱེད་པ་དང་བཞི་སྟེ། དེ་དག་ལ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་ན། དགེ་སློང་མ་ལ་དགེ་འདུན་ལྷག་མ་བཞི་པོ་དེ་དག་བསྐྱེད་དོ་ཞེས་པའོ། །དགེ་སློང་མའི་དགེ་འདུན་ལྷག་མའི་སྡེའི་རྣམ་པར་བཤད་པ་རྫོགས་སོ།། །།

ལྟུང་བྱེད་ཀྱི་སྡེ་བཤད་པ།

ལྟུང་བྱེད་ཀྱི་སྡེ་བཤད་པ།

གསུམ་པ་ལྟུང་བྱེད་ཀྱི་སྡེ་བཤད་པ་ལ།

སྤང་བའི་ལྟུང་བ་དང༌། ལྟུང་བྱེད་འབའཞིག་པ་དང་གཉིས། དང་པོ་ནི་དགེ་སློང་མའི་སྤང་ལྟུང་སུམ་ཅུ་རྩ་གསུམ་སྟེ། དེའང་ཐུན་མོང་གི་སྤང་ལྟུང་བཅུ་དགུ་དང་ཐུན་མོང་མ་ཡིན་པའི་སྤང་ལྟུང་བཅུ་བཞི་དང་གཉིས་ལས། །དང་པོབཅུ་དགུ་བཤད་པ་ལ། སྤྱིར་བཤད་པ་དང༌། སོ་སོར་བཤད་པ་དང་གཉིས། དང་པོ་ལ། འཆངབའི་སྤང་བ་ལ་སོགས་པ་བཅུ་དགུ་དགེ་སློང་མ་ལ་ཅིར་འགྱུར་དང༌། སྲིན་བལ་གྱི་སྟན་བྱེདཔ་ལ་སོགས་པ་བཅུ་གཅིག་དགེ་སློང་མ་ལ་ཅིར་འགྱུར་དང་གཉིས། དང་པོ་ནི། འཆང་བའིསྤང་བ་ལ་སོགས་པ་བཅུ་དགུའོ་ཞེས་གསུངས་ཏེ། དེ་ལྟར་སྤང་ལྟུང་བཅུ་དགུ་ནི་དགེ་སློང་ཕ་མའི་ཐུན་མོང་གི་སྤང་ལྟུང་སྟེ་ཆོས་གོས་འཆང་བ་ལ་སོགས་པ་བཅུ་གསུམ་ནི་མཚན་ཉིད་ཅི་འདྲབའི་ཐུན་མོང་དང༌། འབྲལ་དང་ཟླ་འཇོག་འཁྲུར་འཇུག་ལེན། །ལྷུང་བཟེད་འཚོལ་དང་འཕྲོག་པའོ། །ཞེས་པ་ལྟར་དྲུག་ནི་མིང་ཙམ་གྱི་ཐུན་མོང་ཡིན་ནོ། །དེ་དག་གི་རྒྱུ་མཚན་ནི་བཅས་པའིདབང་གིས་སོ། །

གཉིས་པ་སྲིན་བལ་གྱི་སྟན་བྱེད་པ་ལ་སོགས་པ་བཅུ་གཅིག་དགེ་སློང་མ་ལ་ཅིར་འགྱུར་ནི།

འདི་ལ་རྣམ་གཞག་ལུགས་གཉིས་ཏེ། དགེ་སློང་མའི་སོ་སོ་ཐར་པ་དང་མདོ་རྩ་འགྲེལདབང་བཙན་དུ་བྱས་པ་དང༌། ལུང་དགེ་སློང་མའི་རྣམ་འབྱེད་དང་ལུང་ཞུ་བ་དབང་བཙན་དུ་བྱསཔའོ། །རྣམ་པར་བཞག་པ་དང་པོ་ལྟར་ན། བཅུ་གཅིག་པོ་འདི་དག་ནི་ཐུན་མོང་མ་ཡིན་པ་སྟེ། མའི་སོ་སོ་ཐར་པའི་བསྡོམས་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གངལམ་དང་ནི། །འཁྲུ་དང་འཆང་དང་བརྟད་དང་དགོན། །རས་ཆེན་མ་གཏོགས་ལྷག་མ་ཡིན། །ཞེས་བཅུ་གཅིག་མ་གཏོགས་པ་ལྷག་མ་སྤང་ལྟུང་བཅུ་དགུ་ནི་དགེ་སློང་མའི་སྤང་ལྟུང་ཡིན་ནོ། །མདོ་རྩ་བའི་རྒྱ་ཆེར་འགྲེལ་བ་ལས་ཀྱང༌། སྲིན་བལ་གྱི་སྟན་དང་བལ་ནག་པོ་འབའ་ཞིགགི་སྟན་དང༌། ཆ་གཉིས་བསྲེ་བ་དང་ལོ་དྲུག་ཏུ་བཅང་བ་དང༌། མཐོ་གང་དང༌། བལ་ཐོགས་པདང་བལ་རྨེལ་དུ་འཇུག་པ་ཞེས་བྱ་བ་དག་དང༌། བཅུ་པ་གསུམ་པ་ལས་ལྷུང་བཟེད་འཆང་བདང་བརྟད་པ་ལས་བྱུང་བ་དང༌། ཞག་བདུན་ན་འབྲལ་བ་དང་དབྱར་གྱི་རས་ཆེན་གྱི་སྤང་བཞེས་བྱ་བ་བཞི་པོ་དག་སྟེ། རྣམ་པ་བཅུ་གཅིག་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་མེད་དོ་ཞེསབཤད་ཅིང༌། རང་གི་རྣམ་བཤད་ལས། རྣམ་པ་བཅུ་གཅིག་པོ་དེ་དག་ནི་འདིར་སྤངས་པའོ། །

ཞེས་གསུངས་སོ། །དེ་རྣམས་ལས་ལྷུང་བཟེད་འཆང་བ་ནི་དགེ་སློང་ཕ་མ་གཉིས་ཀ་ལ་སྤང་ལྟུངདུ་འགྱུར་ཡང༌། དངོས་གཞིར་འགྱུར་བའི་དུས་ཐ་དད་པས་ཐུན་མོང་མ་ཡིན་པར་རྣམ་པར་བཞགགོ །དགོན་པ་པའི་འབྲལ་བ་ནི་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམསལ་དགོན་པ་བ་གཞི་མ་གནང་བས་དགོན་པ་བའི་འབྲལ་ལྟུང་གི་བཅས་པ་མེད་པའི་ཕྱིར་རོ། །

དེས་ན་དགེ་སློང་མས་དགོན་པར་གནས་ཏེ་ཆོས་གོས་གྲོང་དུ་བཞག་པ་དང་འབྲལ་བར་བྱེད་ན་ཞག་གཅིག་འབྲལ་བའི་སྤང་ལྟུང་དུ་འགྱུར་རོ། །ལྷུང་བཟེད་འཆང་བ་དང་དགོན་པ་བའིའབྲལ་བ་དེ་གཉིས་མ་གཏོགས་པ་སྲིན་བལ་གྱི་སྟན་བྱེད་པ་ནས། དགེ་སློང་མས་དགེ་སློང་ལབལ་རྨེལ་དུ་འཇུག་པའི་བར་བདུན་པོ་དག་དང་བརྟད་པ་ལས་བྱུང་བ་དང་རས་ཆེན་ལས་གྱུརཔ་སྟེ། དགུ་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་ཉེས་བྱས་སུ་རྣམ་པར་བཞག་གོ །དེའང་ལུང་ཞུ་བ་ཆེ་ཤོས་ལས། སྲིན་བལ་གྱི་སྟན་བྱེད་པའི་སྐབས་ལས་དགེ་སློང་མ་རྣམས་ལ་ཉེས་བྱསསོ། །ཞེས་གསུངས་སོ། །དེ་བཞིན་དུ། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོགང་ལམ་དང་ནི། །འཁྲུ་བ་དང་ནི་བཙལ་སྔ་སྟེ། །ཞེས་བརྒྱད་པོ་དེ་རྣམས་ཀྱི་སྐབས་སུ་ལུང་ཞུབ་གཉིས་ཀ་ལ་དགེ་སློང་མ་རྣམས་ལ་ཉེས་བྱས་སོ་ཞེས་རེ་རེ་ལ་རེ་རེ་གསུངས་སོ། །རྣམ་པརབཞག་པ་གཉིས་པ་ལྟར་ན་གཞན་རྣམས་སྔར་དང་འདྲ་ཞིང༌། སྲིན་བལ་དང་བརྟད་བྱུང་གཉིསསྔར་དང་མི་འདྲ་བ་ནི། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཡང་དགེ་སློང་མ་གང་མོན་དརགསར་པ་ལས་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དོ། །མོན་དར་ཞེས་བྱ་བ་ནི་སྲིན་བལ་ལ་བྱའོ་ཞེས་གསུངས་ཤིང༌། ལུང་ཞུ་བ་ཉུང་ཤོས་ལས། དགེ་སློང་གི་སྲིན་བལ་གྱི་སྟན་བྱེད་ན་སྤངབའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ། དགེ་སློང་མས་སྲིན་བལ་གྱི་སྟན་བྱེད་ན་ཡང་སྤངབའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་ཅིང༌། ལུང་ཞུ་བའི་འགྲེལ་བ་ལས། ཁ་ཅིག་དགེ་སློང་མརྣམས་ལ་སྲིན་བལ་གྱི་སྤང་བར་མི་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ཡང་དགེ་སློང་མགང་སྲིན་བལ་གྱི་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་དགེ་སློང་མའི་རྣམ་པར་འབྱེད་པ་དག་ལས་དེ་རྣམས་ལ་འདི་རྣམ་པར་བཞག་པའི་ཕྱིར་རོ། །ཞེས་བཤད་དོ། །

ལུང་དགེ་སློང་མའི་རྣམ་འབྱེད་ལས་དགེ་སློང་མས་སྟོན་ཟླ་ཐ་ཆུང་ཉར་ཞག་བཅུ་མ་ཚང་བ་ཚུནཆད་དུ་བརྟད་པ་ལས་བྱུང་བའི་གོས་རྙེད་ན་དགེ་སློང་མ་དེས་བླང་བར་བྱའོ། །བླངས་ནས་གོསསྦྱིན་པའི་དུས་ཀྱིས་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེདདོ་ཞེས་བཤད་ཅིང༌།ལུང་ཞུ་བ་གཉིས་ཀ་ལས་དགེ་སློང་མས་བརྟད་པའི་གོས་དེ་གོས་འབུལ་བའི་དུས་ལས་འདས་པར་བཞག་ན་ཅིར་འགྱུར། སྤང་བར་འགྱུར་རོ་ཞེས་བཤད་དོ། །དེ་ལྟརསྲིན་བལ་དང་བརྟད་པ་ལས་བྱུང་བའི་སྤང་ལྟུང་དེ་གཉིས་དགེ་སློང་མ་རྣམས་ལ་མེད་པརབཤད་པ་དང་ཡོད་པར་བཤད་པ་དེ་གཉིས་ནི་ལག་ལེན་དོག་མཐའ་གཟུང་སྟེ་ལུགས་ཕྱི་མ་ལྟརགཟུང་ངོ༌། ། དེའི་རྒྱུ་མཚན་ནི། རྣམ་བཤད་རིགས་པ་ལས། བཀའ་སྡུད་པ་པོས་ཡང་དགཔར་བསྡུས་པའི་གཞིའི་གཞུང་ཉམས་པར་གསུངས་ལ། སྨན་བླའི་མདོ་ལས། དགེ་སློང་མགང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང༌། ཞེས་དང༌། མདོ་རྩ་བའི་མཚན་གྱིསྐབས་ཀྱི་འགྲེལ་ཆུང་ལས། དགེ་སློང་མའི་ཁྲིམས་ལྔ་བརྒྱ་བསྲུང་ངོ། །ཞེས་གསུངས་པའིགནད་ཀྱིས་སོ། །

གཉིས་པ་སོ་སོར་བཤད་པ་ལ།

བཅུ་པའོ་ཞེས་པ་ནས། གསོག་འཇོག་ལས་གྱུར་པའོ་ཞེས་པའི་བར་གྱིས་དགེ་སློང་ཕ་མའི་ཐུན་མོང་གི་སྤང་ལྟུང་བཅུ་དགུ་བསྟན་ཏོ། །དེའི་ནང་ནས་ཁྱད་པར་མི་འདྲ་བ་འཁྲུ་བ་ལ་སོགས་པ་ནི་དགེ་སློང་གིའོ་ཞེསཔ་འདི་ནི་དགེ་སློང་མའི་སོ་སོ་ཐར་པ་ལས་ཀྱང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུའམ་འཚེད་དམ་འཆག་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་རྗེས་སུའབྲངས་པའོ། །གཞན་ཡང་ལུང་དགེ་སློང་མའི་རྣམ་འབྱེད་ཀྱི་ལྟུང་བྱེད་འབའ་ཞིག་པའི་སྐབསལས། ཡང་དགེ་སློང་མ་གང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུའམ་ཁ་དོག་བསྒྱུར་རམ་འཆགན་ལྟུང་བྱེད་དོ་ཞེས་བཤད་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་ལྟུང་བྱེད་འབའ་ཞིག་པའི་སྐབས་ནསབཤད་ཀྱང་སྤང་བའི་ལྟུང་བྱེད་དོ་ཞེས་དགོངས་པར་རིགས་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །

དགེ་སློང་མའི་སྤང་བའི་ལྟུང་བྱེད། འཆང་བའི་སྤང་བ་ལ་སོགས་པ་དགེ་སློང་དང་ཐུན་མོང་བ་བཅུ་དགུའོ་ཞེས་དངོས་སུ་སྨོས་པས། སྲིན་བལ་ལ་སོགས་པ་བཅུ་གཅིག་ཐུན་མོང་མ་ཡིནཔར་ཤུགས་ཀྱིས་བསྟན་ཏོ། །

གཉིས་པ་དགེ་སློང་མའི་སྤང་ལྟུང་ཐུན་མོང་མ་ཡིན་པ་བཅུ་བཞི་འཆད་པ་ལ།

སྤྱིར་བཤད་པ་དང༌། སོ་སོར་བཤད་པ་དང་གཉིས། དང་པོ་དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པརྣམས་དགེ་སློང་ཕ་ལ་ཅིར་འགྱུར་ནི། ལྷུང་བཟེད་བྱིན་གྱིས་མ་བརླབས་པར་ཞག་གཅིག་ལསའདས་པར་འཆང་བ་དང༌། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང༌། གོས་ལྕིབ་དང་ཡང་བ་བསྟེན་པ་སྟེ། བཞི་ནི་དགེ་སློང་ལ་ཉེས་པ་མེད་དེ། དེ་རྣམས་ཀྱི་དབང་དུ་བྱ་བའིདགག་བྱ་སྐྱེས་པ་ལ་མེད་པའི་ཕྱིར་རོ། །དེ་དག་མ་གཏོགས་པ་གཞན་བཅུ་གཅིག་ནི་དགེ་སློངལ་ཉེས་བྱས་སུ་འགྱུར་ཏེ། དེ་རྣམས་ཀྱི་དབང་དུ་བྱ་བའི་དགག་བྱ་སྐྱེས་པ་ལ་མ་རྫོགས་པ་ཡོདཔའི་ཕྱིར་རོ། །འོ་ན་འདིར་ཐུན་མོང་མ་ཡིན་པ་བཅུ་བཞི་ལ་ཕྱེ་བས་ཉེས་མེད་བཞི་དང་ཉེས་བྱསསུ་འགྱུར་བ་བཅུ་གཅིག་འོང་བའི་རྒྱུ་མཚན་ཅི་ཞེ་ན། བྱིན་གྱིས་མི་རློབ་པའི་སྤང་བ་ལ་གཉིསཡོད་དེ། ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་དང༌། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིངབྱིན་གྱིས་མི་རློབ་པའོ། །ཕྱི་མ་ནི་དགེ་སློང་ལ་ཉེས་པ་མེད་ལ། སྔ་མ་ནི་དགེ་སློང་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །དེའང་བྱིན་གྱིས་བརླབས་པའི་ཆོས་གོས་མེད་པའི་ཉེས་བྱས་སོ། །

གཉིས་པ་སོ་སོར་བཤད་པ་ལ་བཅུ་བཞི་ལས།

དང་པོ་ལྷུང་བཟེད་འཆང་བ་འདི་ལགསུམ་ལས། དང་པོ་གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་རྙེད་པ་རྣམས་གསོག་པརབྱེད་ཅིང༌། བདག་ཉིད་ཀྱང་སྤྱད་པར་མི་བྱེད། གཞན་ལ་ཡང་སྦྱིན་པར་མི་བྱེད་པ་ལས་བཅསསོ། །གཉིས་པ་དགག་བྱ་ནི་སྣོད་སྤྱད་ལ་ཆགས་པ་འཕེལ་བའོ། །གསུམ་པ་ངོ་བོ་ནི་དགེ་སློངམས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་བརླབས་པ་ལས་ལྷག་པ་དེ་བྱིན་རླབས་གང་ཡང་མེད་པར་ཞག་གཅིག་ལས་འདས་པར་འཆང་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དགེསློང་གི་ལྷུང་བཟེད་འཆང་བ་ལ་ཞག་བཅུ་འདས་དགོས་ཀྱང༌། དགེ་སློང་མའི་ལྷུང་བཟེད་འཆངབ་ལ་ཞག་གཅིག་འདས་པས་ཆོག་པའི་རྒྱུ་མཚན་ནི། ཊཱི་ཀ་ལས། བུད་མེད་རྣམས་ནི་ཡོ་བྱདལས་ལྷག་པར་ཆགས་པ་ཤིན་ཏུ་དམ་པས་ན། ཞེས་སོ། །

གཉིས་པ་བྱིན་གྱིས་མི་རློབ་པའི་སྤང་བ་ལ་གཉིས་ལས་ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་འདི་ལ་གསུམ་ལས། དང་པོ་གླེང་གཞི་ནི་འདུལ་བའི་ལུང་དང་བསྟན་བཅོས་གང་ནའངམི་སྣང་ཞེས་མཚོ་ཊཱིཀ་ལས་སོ། །གཉིས་པ་དགག་བྱ་ནི་དགེ་སློང་མའི་ཁྱད་པར་གྱི་ཆ་ལུགས་ཉམསཔར་འགྱུར་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོསལྔ་ལས་གང་ཡང་རུང་བ་མེད་ཅིང་བྱིན་གྱིས་བརླབ་པར་འོས་པའི་ཆོས་གོས་དེ་གསར་དུ་རྙེད་ན་ནམ་རྙེད་པའི་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་མཚན་མོ་མཐའི་སྐདཅིག་འདས་ཏེ་སྐྱ་རེངས་དང་པོ་ཤར་བའི་དངོས་གཞིའི་ལྟུང་བའོ། །

གཉིས་པ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་འདི་ལ་གསུམ་ལས། དང་པོ་གླེངགཞི་ནི་མའི་རྣམ་འབྱེད་ཀྱི་སྐབས་གཞན་ལས་དང༌། དགེ་སློང་མའི་སོ་སོ་ཐར་པའི་འགྲེལ་པ་ལས། བུད་མེད་ནི་བརྗེད་ངས་པ་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབསཔ་བརྗེད་ནས་ཆོས་གོས་གང་དག་བྱིན་གྱིས་བརླབས་པ་དང་མ་བརླབས་པ་མ་ཤེས་ཏེ། བྱིནགྱིས་བརླབས་པའི་སྣམ་སྦྱར་གང་ཡིན། བླ་གོས་གང་ཡིན། མཐང་གོས་དང་རྔུལ་གཟན་གངཡིན་མི་ཤེས་པར་གྱུར་ནས། དགེ་སློང་མ་རྣམས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་རྣམས་བྱིནགྱིས་རློབ་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ན། སྦོམ་དགའ་མོས་ཟླ་བ་ཕྱེད་ཕྱེད་ཅིང་ཆོསགོས་བྱིན་གྱིས་རློབ་པར་མི་བྱེད་པ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་གོས་ལ་ཆགས་པའིཉོན་མོངས་པ་འཕེལ་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་རང་གི་ཆོས་གོས་ལྔ་ལས་གངརུང་བ་སྔར་བྱིན་གྱིས་བརླབས་ཟིན་པ་དེ་ཡང་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་རླབས་བསྐྱར་དགོས་པ་ལས་བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་པའི་སྐྱ་རེངས་དང་པོ་ཤར་བའི་དངོས་གཞིའི་ལྟུང་བའོ། །ཟླ་བ་ཕྱེད་ཅིང་བྱིན་གྱིས་རློབ་པ་འདི་བྱིན་རླབས་བསྐྱར་བ་ཡིན་གྱི། སྔར་གྱི་བྱིནརླབས་ཞིག་ནས་བྱིན་གྱིས་རློབ་པ་ནི་མ་ཡིན་ནོ། །

གསུམ་པ་སྲ་བརྐྱང་འབྱིན་པའི་སྤང་བ་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞིནི་སྦོམ་དགའ་མོས་སྲ་བརྐྱང་དུས་ཀྱི་སྔ་རོལ་ཏུ་ཕྱུང་བ་ལས་བཅས་སོ། །གཉིས་པ་དགག་བྱནི་རང་རིགས་ཀྱི་དགེ་འདུན་མ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་སྲ་བརྐྱངབཏིང་བ་ལ་མ་ཞིག་པ་དེ་དུས་ཀྱི་སྔ་རོལ་ཏུ་རྐྱེན་མེད་པར་གསོལ་བཞིའི་ལས་ཀྱིས་ཕྱུང་བའི་ལྟུང་བ་དངོས་གཞིའོ། །

བཞི་བ་སྲ་བརྐྱང་མི་འབྱིན་པའི་སྤང་བ་བཤད་པ་ལ་གསུམ་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་སྲ་བརྐྱང་དབྱུང་བའི་དུས་ཤེས་སོ་ཞེས་ཟེར་ཞིང་སྲ་བརྐྱང་དབྱུང་བའི་དུས་སུ་མ་ཕྱུང་བ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་སྲབརྐྱང་གི་གོས་ལ་མ་གུས་པའོ། །གསུམ་པ་ངོ་བོ་ནི་སྲ་བརྐྱང་དུས་སུ་མི་འབྱིན་པ་ལ་སྟེ་དགེའདུན་མ་རྣམས་སྲ་བརྐྱང་དུས་སུ་འབྱིན་པར་འདོད་པ་ན་སྲ་བརྐྱང་བཏིང་བ་དང་ལྡན་པའི་དགེསློང་མས་སྲ་བརྐྱང་འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པའི་ལྟུང་བ་དངོས་གཞིའོ། །

ལྔ་བ་རིན་པོ་ཆེ་སློང་བའི་སྤང་བ་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནི་སྦོམདགའ་མོས་གསེར་མགར་གྱི་ཆུང་མ་ལ་གསེར་གྱི་རྣ་གདུབ་བླངས་པ་ན། དེ་ཅང་མི་སྨྲ་བརའདུག་པ་དང༌། སྦོམ་དགའ་མོས་རྣ་གདུབ་དེ་ཁྱེར་ཏེ་སོང་བ་ན། གསེར་མགར་གྱིས་དེར་རྒྱུགསཏེ་མགོ་རེག་མ། ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཁུ་ཚུར་གྱིས་བསྣུན་ནས། ཁ་ནས་ཁྲགབྱུང་བྱུང་དུ་བརྡེགས་ཏེ། མིག་ཕུགས་སྐྲངས་པར་གྱུར་པ་ལས་བཅས་སོ། །གཉིས་པ་དགགབྱ་ནི་དངོས་པོ་ཁྱད་པར་ཅན་ལ་ཆགས་པ་དང་གཞན་གྱི་ལོངས་སྤྱོད་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་ཁྱིམ་པ་ལ་དབྱིག་དང་གསེར་ལ་སོགས་པ་རིན་པོ་ཆེ་རང་དོན་དུ་ངགགི་རིག་བྱེད་ཀྱིས་སློང་བ་ལ་ཐོབ་ཅིང་ཐོབ་བློ་སྐྱེས་པར་གྱུར་བའི་ལྟུང་བ་དངོས་གཞིའོ། །

དྲུག་པ་གོས་ཟ་བའི་སྤང་བ་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིངས་ཤིང༌། བུད་མེད་རྣམས་ལ་ཆོས་སྟོན་པ་ན།

དེ་དག་གི་སྐུད་པ་དག་བསྟན་ནས་འཕགས་མའི་ཆེད་དུ་འདི་རྣམས་གོས་འཐག་ཏུ་བཅུག་ནསའབུལ་ལོ་ཞེས་ཟེར་བ་ནི། ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས། ཁོ་མོ་རངགིས་བཏག་གོ་ཞེས་སྐུད་པ་དེ་རྣམས་ཁྱེར་ནས་ཀར་ཤ་པ་ནར་བཙོངས་ཏེ། དེ་དག་གིས་ཁ་ཟསཉོས་ནས་གཡོས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་ནས། ཁོ་མོ་སྡེ་སྣོད་གསུམ་པ་བཡིན་པས་ཁ་ཟས་ངན་པས་འཚོ་བར་མི་ནུས་ཞེས་སྨྲས་པ་དང༌། དགེ་སློང་མ་རྣམས་ཀྱིས་འཕྱ་བར་བྱེད་པ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་ཟས་ལ་ཆགས་པ་དང་གཞན་དག་མ་དདཔའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་ཟས་ལས་གཞན་གླེགས་བམ་འདྲི་བ་ལ་སོགས་པརྣམས་ཀྱི་ཆེད་དུ་རྙེད་པའི་གོས་དེ་ཟས་སུ་བསྒྱུར་བར་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དེའང་བཞག་པ་ལས་སྤང་བར་འགྱུར་བ་སྟེ། ཟོས་ཟིན་པཉིད་ནི་སྤང་དུ་མེད་པའི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་དེ་ལྟར་ཊཱི་ཀའི་སྐབས་གཞན་ལས་བཤད་དོ། །

བདུན་པ་བརྒྱད་པ་དགུ་བ་གསུམ་བཤད་པ་ལ་གསུམ་ལས།

དང་པོ་གླེང་གཞི་ལ་གོས་རྒྱུ་ཟ་བའི་གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིངས་ཤིང་བཙུན་མོ་ཕྲེང་ལྡན་མརཆོས་སྟོན་པ་ན། འཕགས་མ་ཁྱོད་ཀྱི་ཆོས་གོས་རྣམས་རྙིངས་སོ་ཞེས་ཟེར་བ་ལས། དེས་སྨྲས་པ། ཅི་བདག་ལ་རྒྱལ་པོ་གསུས་པོ་ཆེ་ཁད་བགྱིད་དམ། འོན་ཏེ་དཔྱ་བསྡུ་བའི་ཡུལ་ཀོ་ས་ལབདོག་གམ་ཅི། བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ། །དེ་ནས་བཙུན་མོས་ཆོས་གོས་ལྔའིརྒྱུར་རས་ཡུག་ཆེན་དག་བྱིན་ནོ། །དེས་བླངས་ཏེ་འཚོང་པ་ལ་བཙོངས་ནས་ཁ་ཟས་ཀྱི་རྣམགྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས། དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་སྨོད་པར་བྱེད་པ་ལས་གོས་ཀྱི་རྒྱུ་ཟ་བའི་སྤང་བར་བཅས་སོ། །

བརྒྱད་པ་མལ་ཆའི་རྒྱུ་ཟ་བའི་གླེང་གཞི་ནི།

དབྱར་ཁང་གི་གནས་མལ་ཁྲི་དང་ཁྲིའུ་ལསོགས་པ་གྲུགས་ཤིང་ཆག་པ་ན། སྦོམ་དགའ་མོ་ལ་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་མལ་ཆབཅོས་པའི་ཕྱིར་ཀར་ཤ་པ་ན་མང་པོ་བྱིན་པ་ན། དེ་དག་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་མལ་ཆའི་རྒྱུ་ཟ་བའི་སྤང་བར་བཅས་སོ། །

དགུ་བ་དབྱར་ཁང་གི་རྒྱུ་ཟ་བའི་གླེང་གཞི་ནི།

ཚེས་བརྒྱད་དང་བཅོ་ལྔ་ལ་ཁྱིམ་བདགགི་ཆུང་མ་མང་པོས་ཆོས་མཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་ན། ཆར་བབ་པས་དབྱར་ཁངཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ། །དེ་ནས་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ། དབྱར་ཁང་བཅོས་པའི་ཕྱིར་ཀར་ཤ་པ་ན་མང་པོ་བྱིན་པ་དེ་དག་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དབྱར་ཁང་གི་རྒྱུ་ཟ་བའི་སྤང་བར་བཅས་སོ། །གཉིསཔ་དགག་བྱ་ནི་ཟས་ལ་ཆགས་པ་འཕེལ་བའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་གོས་དངམལ་ཆ་དང་དབྱར་ཁང་གི་ཆེད་དུ་རྙེད་པའི་དངོས་པོ་གོས་ལས་གཞན་པ་གང་ཡང་རུང་བ་དེ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལས་གྱུར་བའི་ལྟུང་བ་དངོས་གཞི་དེ་སྤང་བའི་ལྟུངབྱེད་འདི་གསུམ་དུ་འགྱུར་རོ། །

བཅུ་པ་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་བརླབ་པའི་སྤང་བ་དང་བཅུ་གཅིག་པ་དགེའདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བ་གཉིས་བཤད་པ་ལ་གསུམ་ལས། དང་པོ་གླེངགཞི་ནི་ལྗོངས་གཞན་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་གློ་བུར་དུ་ལྷགས་པ་དང༌།

དགེ་སློང་མ་རབ་ཏུ་མང་པོ་དེ་དག་གི་ཕྱིར་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་རྙེད་པ་མང་དུགཏད་ནས། གདུགས་ཚོད་མཛོད་ཅིག་ཅེས་སྨྲས་པ་ན། སྦོམ་དགའ་མོས་སྨྲས་པ། འདི་འདྲཉུང་གི་ཡང་དང་ཡང་དུ་སྣོན་ཅིག དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང་ད་ནི་གདུགས་ཚོད་བགྱི་བའི་དུས་ལ་བབ་བོ་ཞེས་བསྐུལ་ཡང༌། ད་དུང་ཟན་བྱ་བའི་དུས་ལ་མ་བབ་བོ་ཞེས་ ཟེར་རོ། །དེ་ནས་དགེ་སློང་མ་དེ་རྣམས་ཡུལ་ལྗོངས་གཞན་དུ་སོང་བའི་ཚེ། རྙེད་པ་དེ་ལས་སྦོམདགའ་མོས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་བརླབ་པའི་སྤང་བར་བཅས་ཤིང༌། སྦོམ་དགའ་མོས་དགེ་འདུན་མའི་ཕྱིར་ཟསདག་སྐུལ་བར་བྱེད་པ་ན། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་དགེ་འདུན་མའི་ཟས་ཀྱི་རྙེད་པཕུལ་བ་ལ། འདི་འདྲ་ཉུང་ངོ་ཞེས་ཡང་དང་ཡང་དུ་བསླངས་ནས། སྦོམ་དགའ་མོ་གཅིག་པུསཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དགེ་འདུན་ལ་བསྔོས་པ་བྱིན་གྱིསབརླབ་པའི་སྤང་བར་བཅས་སོ། །གཉིས་པ་དགག་བྱ་ནི། བྱ་བ་སོ་སོ་དང་འབྲེལ་ནས་རངརིགས་དགེ་འདུན་མའི་འཚོ་བ་ལ་གནོད་པའོ། །གསུམ་པ་ངོ་བོ་ནི་སྐབས་འདིའི་སྤང་ལྟུངའདི་གཉིས་ཀྱི་ཁྱད་པར་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས། བཞི་ལ་སོགས་པའི་གྲངསཚད་ཡོད་མེད་ཀྱིས་ཕྱེ་བར་གསུངས་ཏེ། དེའང་སྔ་མ་ནི་དགེ་སློང་མས་དགེ་སློང་མའི་སྐྱེ་བོ་མངཔོ་སྟེ་བཞི་ཡན་ཆད་གྲངས་ཆད་པ་ཁ་ཅིག་གི་ཕྱིར་ཟས་ཀྱི་རྙེད་པ་སྦྱིན་བདག་ལ་སྦྱོར་དུ་བཅུགནས་རང་ཉིད་གཅིག་པུ་ལ་ཡོངས་སུ་བསྒྱུར་བ་སྟེ་བསྒྱུར་ཞིང་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཕྱི་མ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཏེ་གྲངས་ཆད་པ་མེད་པར་དགེའདུན་མ་སྤྱིའི་ཕྱིར་ཡང་ངོ་སྟེ་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་སྔ་མརསྦྱར་ཏེ། བསྒྱུར་ཞིང་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །

བཅུ་གཉིས་པ་བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བ་ལ་གསུམ་ལས།

དང་པོ་གླེངགཞི་ནི་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ལ་ཆགས་པས། བཞིན་བཟང་རྒེའུ་ཤེར་གྱི་ཐུམ་པོཆིངས་ཤིག དེ་འཆིང་བ་ལ་ཞུགས་པ་དང༌། མ་ཡིན། མ་ཡིན། པི་པི་ལིང་གི་ཐུམ་པོ་ཆིངསཤིག བུད་མེད་ནི་བརྗེད་ངས་པ་ཡིན་པས་བུ་རམ་གྱི་ཐུམ་བུ་ཆིངས་ཤིག མ་ཡིན། མ་ཡིན།

ཤ་ཁ་རའི་ཐུམ་པོ་ཆིངས་ཤིག དེ་ལ་ཕྱི་བཞིན་འབྲང་བའི་དགེ་སློང་མས་སྨྲས་པ། དེ་ཙམ་ཡང་བརྗེད་ན་ཁྱོད་ཀྱིས་སྡེ་སྣོད་གསུམ་པོ་ལེགས་པར་སྟོན་ནམ། བླུན་མོ་ཁོ་མོས་བརྗེད་སྙམ་མམ། ཁོ་མོ་ཚིག་ཙམ་བདག་གིར་བྱེད་དོ་ཞེས་ཟེར་བ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་འཁྲིགཔའི་འདོད་ཆགས་འཕེལ་བའོ། །གསུམ་པ་ངོ་བོ་ནི་སྐྱེས་པ་ལ་ཆགས་པའི་དགེ་སློང་མས་རངགི་ཚིག་ཉན་དུ་གཞུག་པའི་ཕྱིར་སྐྱེས་པ་འཁྲིག་པ་བསྟེན་པའི་མཐུ་ཡོད་ཅིང་དོན་གོ་བར་ནུས་པ་ལ་རྫས་ཀྱི་ཐུམ་པོ་འཆིང་དུ་བཅུག་ཅིང་བཅིངས་པ་འགྲོལ་དུ་འཇུག་པ་ལས་གྱུར་བའི་དངོསགཞིའོ། །

བཅུ་གསུམ་པ་གོས་ལྕི་བ་བསྟེན་པའི་སྤང་པ་འཆད་པ་ལ་གསུམ་ལས།

དང་པོ་གླེང་གཞིནི་ཡུལ་ལུས་འཕགས་ཀྱི་རྒྱལ་པོས་རྒྱལ་པོ་གསལ་རྒྱལ་ལ། ལྭ་བ་རིན་པོ་ཆེ་སྐྱེས་སུ་བསྐུརབ་དེ་རལ་གྲི་མཐུ་ཅན་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་དགེ་སློང་མ་ཆོས་སྦྱིནམ་ལ་བྱིན་ཞིང༌། དེས་ཀྱང་གཙུག་དགའ་མོ་ལ་བྱིན་ནས། དེས་དེ་གོན་ཏེ་ལམ་པོ་ཆེ་དག་ཏུའཁྱམས་པ་ན། དེ་ཁྱིམ་པ་རྣམས་ཀྱིས་མཐོང་ནས། ཕ་གི་ཚོང་དཔོན་གྱི་ཆུང་མའམ་དེད་དཔོནགྱི་ཆུང་མའམ་སུ་ཞིག་ཡིན་ཞེས་སྨོད་པར་བྱེད་པ་ལས་བཅས་སོ། །གཉིས་པ་དགག་བྱ་ནི་གོསལྕི་བ་ལ་ཆགས་པའོ། །གསུམ་པ་ངོ་བོ་ནི། ལྗིད་ཀྱིས་ལྕི་བ་སྲང་བརྒྱ་པ་ལ་སོགས་པ་དང༌། རིནགྱིས་ལྕི་བ་ཀར་ཤ་པ་ན་ཉི་ཤུ་ལ་སོགས་པ་རི་བའི་གོས་དགེ་སློང་མས་བདག་གིར་བྱེད་པ་ལསགྱུར་བའི་ལྟུང་བའི་དངོས་གཞིའོ། །

བཅུ་བཞི་པ་གོས་ཡང་བ་བསྟེན་པའི་སྤང་བ་འཆད་པ་ལ་གསུམ་ལས།

དང་པོ་གླེངགཞི་ནི་ཡུལ་ཀ་ལིང་ཀའི་རྒྱལ་པོས་རྒྱལ་པོ་གསལ་རྒྱལ་ལ་སང་རས་རིན་ཆེ་བ་སྐྱེས་སུ་བསྐུརབ་དེ། རལ་གྲི་མཐུ་ཅན་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་དགེ་སློང་མ་ཆོསསྦྱིན་མ་ལ་བྱིན་ཞིང༌། དེས་ཀྱང་གཙུག་དགའ་མོ་ལ་བྱིན་ནས། དེས་གྱོན་ཏེ་ལམ་སྲང་དུ་ཞུགསཔ་ན། དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ༌། །དེ་ཁྱིམ་པ་རྣམས་ཀྱིས་མཐོང་ནས། ཕ་གི་ཚོང་དཔོན་གྱི་བུ་མོའམ་དེད་དཔོན་གྱི་ཆུང་མའམ་སུ་ཞིག་ཡིན་ཞེས་སྨོད་པར་བྱས་པ་ལསབཅས་སོ། །གཉིས་པ་དགག་བྱ་ནི་གོས་ཡང་བ་ལ་ཆགས་པའོ། །གསུམ་པ་ངོ་བོ་ནི། ལུངདགེ་སློང་མའི་རྣམ་འབྱེད་ལས་ཀར་ཤ་པ་ན་ཉི་ཤུ་རི་ཞིང༌། ལྗིད་སྲང་ལྔ་པའི་མཐར་ཐུག་པའིགོས་དགེ་སློང་མས་བདག་གིར་བྱས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ལུང་ལས། སྲངལྔ་པ་ཞེས་བྱ་བ་ནི་སྲང་ལྔ་པའམ་ལྔ་པ་ལས་ཆུང་བའོ། །ཞེས་གསུངས་ཤིང༌། ཊཱི་ཀ་ལས། གོསཡང་བ་ཞེས་བྱ་བ་ནི་ལྗིད་ཀྱིས་ཡང་བ་ཉི་ཚེ་ལ་བྱ་སྟེ། འདིར་རིན་ཐང་གིས་ཡང་བར་ནི་མི་སྦྱརཏེ། ཀར་ཤ་པ་ན་ཉི་ཤུ་མི་རི་བ་ལ་ཉེས་པ་མེད་དོ། །ཞེས་སོ། །དགེ་སློང་མའི་སྤང་བའི་ལྟུངབྱེད་རྣམས་ཀྱི་བཤད་པ་རྫོགས་སོ།། །།

གཉིས་པ་དགེ་སློང་མའི་ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་འཆད་པ་ལ།

ཐུནམོང་བ་བདུན་ཅུ་རྩ་གཉིས་སུ་དབྱེ་བ་དང༌། ཐུན་མོང་མ་ཡིན་པ་བརྒྱ་རྩ་བརྒྱད་དུ་དབྱེ་བ་དང་གཉིས། དང་པོ་ནི་དགེ་སློང་གི་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས། གཞུང་འོག་མས་སྟོནཔའི་དམིགས་བསལ་བཅོ་བརྒྱད་པོ་མ་གཏོགས་པ་བདུན་ཅུ་རྩ་གཉིས་ནི་དགེ་སློང་དང་དགེ་སློང་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །དེའང་ཤེས་བཞིན་རྫུན་སྨྲ་བ་ལ་སོགས་པ་མཚན་ཉིདཅི་འདྲ་བའི་ཐུན་མོང་བ་སུམ་ཅུ་རྩ་ལྔ་དང༌། སྐྱོན་ནས་སྨྲ་བ་ལ་སོགས་པ་མིང་ཙམ་གྱི་ཐུན་མོངབ་སུམ་ཅུ་རྩ་བདུན་ནོ། །དེའང་གནས་ངན་ལེན་འཆབ་པ་ལ་གཉིས་ལས། མཚན་མཐུན་གྱིལྷག་མ་འཆབ་པའི་ལྟུང་བྱེད་ནི། ཐུན་མོང་བ་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་གཏོགས་ལ། མཚན་མཐུན་གྱི་ཕམ་པ་འཆབ་པ་ནི་ཐུན་མོང་མ་ཡིན་པ་སྟེ། དགེ་སློང་ལ་ལྟུང་བྱེད་དུ་འགྱུར་ཡང༌། དགེ་སློང་མ་ནི་འཆབ་པའི་ཕམ་པར་འགྱུར་བའོ། །བདུན་ཅུ་རྩ་གཉིས་པོ་དེ་དག་གཞནསེལ་གྱི་སྒོ་ནས་ངོས་བཟུང་བ་ནི། མ་བསྐོས་པ་ལ་སོགས་པ་བཅུ་དང་ཞེས་པ་ལ་སོགས་པ་བཅོབརྒྱད་ནི། སོ་སོ་ཐར་པའི་མདོར་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་རྣམ་པར་བཞག་པ་ལམ་གཏོགས་སོ། །དེ་དག་གི་རྒྱུ་མཚན་ནི་མ་བསྐོས་པར་ཆོས་སྟོན་པ་དང༌། ཉི་མ་ནུབ་ཀྱི་བར་དུཆོས་སྟོན་པ་དང༌། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་ལས་གྱུར་པ་སྟེ། གསུམ་པོ་དེ་དགནི་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། དགེ་སློང་མ་རྣམསཀྱིས་དགེ་སློང་དག་ལ་ཆོས་བརྟེན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྤྱིར་བཏངལ་བསྟན་པར་བྱ་བ་མ་ཡིན་པའོ། །གོས་སྦྱིན་པ་དང་གོས་བྱེད་པ་གཉིས་ཀྱང་དགེ་སློང་མ་རྣམསལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། དགེ་སློང་ནི་འཁོར་གཙོ་བོ་ཡིན་པའི་ཕྱིརདང༌། མཆོད་པའི་གནས་ཉིད་ཡིན་པའི་ཕྱིར་དགེ་སློང་ལ་དགེ་སློང་མས་གོས་སྦྱིན་པ་དང་དགེསློང་མས་དགེ་སློང་གི་གོས་བཟོ་བྱེད་པ་ལ་ཚུལ་དང་མི་མཐུན་པ་མཚང་པོ་ཆེ་མེད་པའི་ཕྱིརརོ། །ཞེས་སོ། །ལྷན་ཅིག་ལམ་དུ་འགྲོ་བ་དང་ལྷན་ཅིག་གྲུར་འགྲོ་བ་ཡང༌། དགེ་སློང་མ་རྣམསལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། དགེ་སློང་མ་རྣམས་ནི་མཐུ་ཆུང་བའི་ཕྱིརགཞན་ལ་བསྟེན་ཏེ་ལམ་དུ་འགྲོ་བ་ལ་མཚང་པོ་ཆེ་མེད་པའི་ཕྱིར་རོ། །ཞེས་སོ། །དབེན་པའདུག་འགྲེང་གཉིས་ཀྱང་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱིདབྱེ་བ་མི་མཚུངས་པའི་ཕྱིར་ཏེ། དགེ་སློང་ལ་དབེན་པ་ན་འགྲེང་བའི་ལྟུང་བྱེད་གཅིག་ཏུ་བཅསལ། དགེ་སློང་མ་རྣམས་ལ་དབེན་པ་ན་འགྲེང་བའི་ལྟུང་བྱེད་བཞི་བཅས་པའི་ཕྱིར་རོ། །དབེན་པ་ན་འདུག་པ་ལ་ཡང་ཚུལ་དེ་བཞིན་དུ་སྦྱར་རོ། །ཊཱི་ཀ་ལས། དགེ་སློང་མ་བུད་མེད་དང་ལྷནཅིག་འདུག་པ་དང༌། དགེ་སློང་མ་དང་ལྷན་ཅིག་འགྲེང་བ་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་རོ། །ཞེས་ཀྱང་གསུངས་སོ། །སྦྱོར་དུ་བཅུག་པ་ཟ་བ་ཡང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམཔར་མི་བཞག་སྟེ། ཊཱི་ཀ་ལས། སྐྱེས་པས་སྦྱོར་དུ་བཅུག་པ་བུད་མེད་ཀྱིས་ཟ་བ་ལ་ནི་དེ་ཙམ་སྐྱེབོས་སྨད་པ་མེད་པའི་ཕྱིར་རོ། །ཞེས་སོ། །སྐྲོད་པ་ཡང་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུམི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་ཏེ། དགེ་སློང་ལ་སྐྲོད་པའི་ལྟུང་བྱེདགཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་སྐྲོད་པའི་ལྟུང་བྱེད་གཉིས་བཅས་པའི་ཕྱིར་རོ། །ཡང་ཡང་ཟ་བ་ཡང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས། དགེསློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་རོ། །ཞེས་སོ། །ཟས་བསོད་པ་སློང་བའང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་མི་བཞག་སྟེ། ལྟུང་བྱེད་ལས་སྡེ་ཚན་ཐ་དད་པ་སོ་སོར་བཤགས་པར་བྱ་བར་འགྱུར་བའི་ཕྱིར་རོ། །མ་ལོན་པ་དང་ཞེས་པ་མ་ལོན་པ་བསྙེན་རྫོགས་བྱེད་པ་ཡང༌། དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་ཏེ། དགེ་སློང་ལ་ལོ་ཉི་ཤུ་མ་ལོན་པབསྙེན་པར་རྫོགས་པའི་ལྟུང་བྱེད་གཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་ནི་སྡོམ་ལེན་ལོ་བཅུ་གཉིས་མ་ལོན་པ་དང་ལོ་ཉི་ཤུ་མ་ལོན་པ་སྟེ། མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེདགཉིས་སུ་བཅས་པའི་ཕྱིར་རོ། །ཊཱི་ཀ་ལས། དབྱར་གྱི་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ལ་རས་ཆེན་འཆང་བ་ཉིད་ཀྱང་མ་བཅས་པས་རས་ཆེན་གྱི་ཚད་ངེས་པ་རྣམ་པར་མ་བཞག་པའི་ཕྱིར་རོ། །ཞེས་སོ། །

ཁྱད་པར་དུའང་འདུག་པ་དང་འགྲེང་བ་དང་ཕྱིར་མ་བླངས་པར་སྤྱོད་པ་དང་ཞེས་གསུངས་པའིལྟུང་བ་འདི་གསུམ་ལ་ནི། རྣམ་པར་བཞག་པ་ལུགས་གཉིས་ཡོད་དེ། དགེ་སློང་མའི་སོ་སོཐར་པ་དང་མདོ་རྩ་འགྲེལ་དབང་བཙན་དུ་བྱས་པ་དང༌། ལུང་དགེ་སློང་མའི་རྣམ་འབྱེད་དངལུང་ཞུ་བ་དབང་བཙན་དུ་བྱས་པའོ། །རྣམ་པར་བཞག་པ་དང་པོ་ལྟར་ན་ཉལ་ཤོམ་འདུགའགྲེང་གཉིས་དང་གདེང་མེད་པར་སྤྱོད་པའི་ལྟུང་བྱེད་འདི་གསུམ་ནི་དགེ་སློང་མ་རྣམས་ལམེད་དེ། དགེ་སློང་མའི་སོ་སོ་ཐར་པ་ལས། སྐྲོད་དང་མ་བསྐོས་ཉི་ནུབ་དང༌། །ཟས་དང་ཆོསགོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། །སྦྱོར་བཅུག་ཡང་ཡང་བསོདཔ་དང༌། །ཉལ་སར་འདུག་དང་འགྲེང་བ་དང༌། །གདེང་མེད་ཉི་ཤུ་མ་ལོན་དང༌། །རས་ཆེན་ལྟུངབྱེད་བཅོ་བརྒྱད་པོ། །བཀོལ་བའི་ལྷག་མ་འདིར་འདོད་དོ། །ཞེས་གསུངས་ལ། དེ་དང་མདོ་རྩ་འགྲེལ་མཐུན་ནོ། །ཁྱད་པར་དུའང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་དང༌། ཕྱིར་མ་བླངས་པར་སྤྱོད་པ་ཞེས་པའི་ཊཱི་ཀ་ལས་འདི་དག་ནི་ཅུང་ཟད་ཆ་མཐུན་པ་ལབརྟེན་པ་ཡིན་པའི་ཕྱིར་འདུལ་བ་མདོར་བསྡུས་པ་ལས་ཉེས་བྱས་སུ་གསུངས་པའི་ཕྱིར། དེ་དག་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་ཉིད་དུ་རྣམ་པར་མི་བཞག་གོ་ཞེས་བཤད་དོ། །རྣམ་པར་བཞག་པ་གཉིས་པ་ལྟར་ན། གསུམ་པོ་དེ་དག་ནི་དགེ་སློང་མ་ལ་ལྟུང་བྱེད་དེ། ལུང་དག་ེསློང་མའི་རྣམ་འབྱེད་ལས། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་འདུག་པ་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ཉལ་པོབྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་ལུང་ཞུ་བ་ལས་ཀྱང་དགེ་སློང་མས་འཚལབཞིན་དུ་མྱ་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིད་ན་ཅིར་འགྱུར་ལྟུང་བྱེད་དོ། །དེ་བཞིན་དུ་མྱ་ངན་དང་བཅས་པར་འགྲེང་བ་ལ་བརྗོད་པར་བྱའོ། །ཞེས་གསུངས་སོ། །གདེང་མེད་པར་སྤྱོད་པ་ལ་ཡང་ལུང་དགེ་སློང་མའི་རྣམ་འབྱེད་ལས་ཡང༌། དགེ་སློང་མ་གང་དགེ་སློང་མ་ལ་གོས་དག་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན་ལྟུང་བྱེད་དོ། །ཞེས་ གསུངས་སོ། །མའི་སོ་སོ་ཐར་པའི་འགྲེལ་པ་ལས་ཀྱང༌། ཡང་དགེ་སློང་མ་གང་གིས་དགེ་སློངམ་ལ་གོས་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་གྱོན་ན་ལྟུང་བྱེད་དོ་ཞེས་བཤད་ཅིང༌། གདེངམེད་སོགས་བཅོ་བརྒྱད་བཀོལ་ལོ་ཞེས་འབྱུང་མོད་ཀྱི། གདེང་མེད་ནི་བཀོལ་དུ་མི་རུང་སྟེ། ཅིའིཕྱིར་ཞེ་ན། གོང་དུ་སྡོམ་གྱི་ཚིགས་སུ་བཅད་པ་ལས་ཀྱང་འབྱུང་བའི་ཕྱིར་རོ་ཞེས་ཀྱང་མའིསོ་སོ་ཐར་པའི་འགྲེལ་བ་དེ་ཉིད་ལས་བཤད་དོ། །འོ་ན་རྣམ་པར་བཞག་པ་ལུགས་གཉིས་པོ་གང་གི་རྗེས་སུ་འབྲང་ཞེ་ན། ལག་ལེན་དོག་མཐའ་གཟུང་སྟེ། རྣམ་བཤད་རིགས་པ་ལས།

ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །ཞེས་གསུངས་ལ། སྨན་བླའི་མདོ་ལས། དགེ་སློངམ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང༌། ཞེས་སོགས་གོང་དུ་བཀོད་པ་ལྟརགསུངས་པའི་གནད་ཀྱིས། ལུགས་ཕྱི་མ་ལྟར་བཤད་ན་ལེགས་སམ་སྙམ་མོ། །

གཉིས་པ་ཐུན་མོང་མ་ཡིན་པ་བརྒྱ་རྩ་བརྒྱད་དུ་དབྱེ་བ་འཆད་པ་ལ།

སྤྱིར་བཤད་པདང༌། སོ་སོར་བཤད་པ་དང་གཉིས། དང་པོ་སྤྱི་དོན་ནི་དགེ་སློང་མའི་ལྟུང་བྱེད་བརྒྱ་རྩ་བརྒྱདཔོ་འདི་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། ལྟུང་མེད་དུ་འགྱུར་བ་བཅོ་ལྔ་སྟེ། མ་ལོནའཁོར་དང་འཁོར་མང་ཉེར་འཇོག་དང༌། །འཁོར་མང་གསོག་དང་གནོད་འགྱུར་སྤང་གསུམདང༌། །སྨེ་གབ་མི་འཆང་ཆུ་གོས་མི་འཆང་དང༌། །བཀྲུ་བཤལ་བ་ལ་གོས་ནི་འཁྲུར་འཇུག་དང༌། །

ལྕི་བའི་ཆོས་ལས་འདས་པའི་སྐབས་ཀྱི་བཞི། །ཕྱི་སར་གཅིག་པུར་འགྲོ་དང་བཅོ་ལྔའོ། །ཞེསབསྡུ་བའི་ཚིགས་སུ་བཅད་པའོ། །དེ་དག་དགེ་སློང་ལ་ལྟུང་མེད་དུ་བཞག་པ་ནི། སྐྱེས་པ་ལདེ་རྣམས་ཀྱི་དབང་དུ་བྱ་བའི་དགག་བྱ་མེད་པའི་ཕྱིར་རོ། །རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་པའི་དོདཔོ་དགེ་སློང་གི་འབྱིན་པའི་དགེ་འདུན་ལྷག་མ་སྟེ། གལ་ཏེ་ན་དགེ་སློང་གིས་རང་གི་ཁའམབཤང་ལམ་དུ་རྒྱ་སྐྱེགས་ཀྱི་ཆང་བུ་འཇུག་ན་ནི་སྦོམ་པོར་འགྱུར་བར་ཊཱི་ཀ་ལས་བཤད་དོ། །བཅུ་དྲུག་པོ་དེ་དག་མ་གཏོགས་པ་འདི་རྣམས་ཐམས་ཅད་དགེ་སློང་ལ་ཉེས་བྱས་སུ་འགྱུར་ཏེ།དབང་དུ་བྱ་བའི་དགག་བྱ་མ་རྫོགས་པ་དང་ལྡན་པའི་ཕྱིར་རོ། །

གཉིས་པ་སོ་སོར་བཤད་པ་ལ། ༡མ་ལོན་པས་ཉེ་བར་འཇོག་པ་འདི་ལ་གཉིས་ལས།

དང་པོ་གླེང་གཞི་ནི་སྦོམ་དགའ་མོ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པས་གཞནབསྙེན་པར་རྫོགས་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་རང་བསྙེན་པར་རྫོགས་ནས་ལོབཅུ་གཉིས་མ་ལོན་པས་མཁན་མོ་བྱས་ཏེ་གཞན་རབ་ཏུ་འབྱིན་པ་དང་བསྙེན་རྫོགས་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །༢ འཁོར་ཉེ་བར་འཇོག་པའི་བཤད་པ་ལ་གཉིས་ལས།

དང་པོ་ཐུན་མོང་གི་བསླབ་བྱ་ལ་ལྔ་ལས། དང་པོ་གནང་བ་བྱིན་པའི་དགོས་པ་ནི། འཁོར་དངའཁོར་མང་ཉེ་བར་བཞག་ཀྱང་ལྟུང་བ་མི་འབྱུང་བ་དང༌། བཅས་པའི་ས་མཚམས་ཟིན་པའོ། །

གཉིས་པ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། མཁན་མོར་འོས་པའི་མཚན་ཉིད་དང་ལྡན་པ་ལསྟེ། བཙུན་པའི་ཡན་ལག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་དག་པ་དང༌། བརྟན་པའི་ཡན་ལག་ཏུབསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་གཉིས་ལོན་པ་དང༌། མཁས་པའི་ཡན་ལགཏུ་འདུལ་བ་ཤེས་པ་དང༌། ཕན་འདོགས་ཀྱི་ཡན་ལག་ཏུ་སྙིང་རྗེ་དང་བཟོད་པ་དང་ལྡན་པ་ལསོགས་པ་སྔར་ལྔ་ཕྲུགས་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །མཚམས་ཀྱི་ནང་ན་གནས་པ་དང༌།

ཚོགས་སུ་མ་ཚང་བ་དང༌། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང༌། རང་གིས་ལན་གསུམགསོལ་བ་འདེབས་པ་ལ་གནང་བ་སྦྱིན་ནོ། །གསུམ་པ་རྟེན་གང་གིས་སྦྱིན་པ་ནི། དགེ་འདུནམ་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམསྟེ། སྦྱོར་བ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་ལ་སོགས་པ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་གནང་བ་བྱིན་པ་འཇིག་པའི་རྒྱུ་ནིམཚན་གྱུར་པ་དང་བབས་པ་དང་ཤི་བ་དང་མཚན་གཉིས་ཅིག་ཅར་བྱུང་བ་ལ་སོགས་པའོ། །

གཉིས་པ་འཁོར་ཉེ་བར་འཇོག་པའི་ལྟུང་བ་དངོས་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་སྦོམ་དགའ་མོས་དགེ་འདུན་མ་ལ་གནང་བ་མ་ཞུས་པར་འཁོར་ཉེ་བར་འཇོག་པརབྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནིསྔར་ཉེ་བར་འཇོག་པའི་གནང་བ་མ་ཐོབ་པ་ལ་ལྟུང་བྱེད་འདིར་འགྱུར་རོ། །དེ་ལྟར་གནང་བ་མ་ཐོབ་པའི་དགེ་སློང་མ་དེས་འཁོར་གཅིག་གམ་གཉིས་ཙམ་ཉེ་བར་འཇོག་པ་ལས་གྱུར་བའིལྟུང་བ་དངོས་གཞིའོ། །

༣ འཁོར་མང་པོ་ཉེ་བར་འཇོག་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་འདོད་ཆེན་གྱིས་འཁོར་མང་པོ་ཉེ་བར་བཞག་ནས་ཆོས་མི་སྟོན་གདམས་ངག་མི་སྟེར་བས། དེ་དག་མ་དུལ་མ་ཞི་མ་བསྲུངས་པར་གྱུར་པ་ལས་སོ། །གཉིས་པ་ངོ་བོ་འཁོར་ཉེ་བར་འཇོག་པ་ལས་ཅིག་ཤོས་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེདནི། འཁོར་མང་པོ་སྟེ་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དེའང་འཁོར་མང་ཉེར་འཇོག་གི་གནང་བ་མ་ཐོབ་པའི་དགེ་སློང་མས་འཁོར་གསུམཡན་ཆད་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་རོ། །

༤ ལོ་བཅུ་གཉིས་མ་ལོན་པ་བསྙེན་རྫོགས་བྱེད་པ་དང༌། ༥ལོ་ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་པ་འདི་གཉིས་འཆད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་དང༌། གཞོན་ནུ་མ་ལོ་ཉིཤུ་མ་ལོན་པ་དག་བསྙེན་པར་རྫོགས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་གོ་རིམ་བཞིན་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མལོན་པ་བསྙེན་རྫོགས་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞི་དང༌། གཞོན་ནུ་མ་ལོ་ཉི་ཤུའིམདུན་རོལ་ཏུ་བསྙེན་པར་རྫོགས་པར་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༦་༧ཚིགས་ལས་འདས་པའི་ལྟུང་བ་གཉིས་འཆད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་སྦོམ་དགའ་མོས་དགེ་སློབ་མའི་བསླབ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་པལས་སོ། །གཉིས་པ་ངོ་བོ་ནི། དགེ་སློབ་མའི་བསླབ་པ་མ་བྱིན་པ་ཁྱིམ་སོ་བཟུང་བ་དང་ཁྱིམསོ་མ་བཟུང་བ་གཉིས་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ལས་གྱུར་བའི་ལྟུངབ་དངོས་གཞི་གཉིས་ཡོད་དོ། །མཁན་མོ་ལ་ལྟུང་བྱེད་གཉིས་སོ། །འོ་ན་ཚངས་སྤྱོད་ཉེར་གནསམ་བྱས་པར་བསྙེན་རྫོགས་བྱེད་ན་ལྟུང་བ་ཅིར་འགྱུར་ཞེས་འདྲི་ན། མདོ་རྩ་འགྲེལ་ནས་གསལབར་མ་གསུངས་ཀྱང༌། ལུང་དགེ་སློང་མའི་རྣམ་འབྱེད་ལས་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱདཔ་ལ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགསཔར་བྱེད་པ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། མའི་སོ་སོ་ཐར་པའི་འགྲེལ་པ་ལསཀྱང༌། ཡང་དགེ་སློང་མ་གང་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཤད་དོ། །ལྟུང་བྱེད་དེ་ནིམའི་སོ་སོ་ཐར་པ་དང་མདོ་རྩ་འགྲེལ་ལས་ནི་མ་བཤད་དོ། །

༨ བསླབ་པ་ལ་མ་བསླབས་པ་བསྙེན་རྫོགས་བྱེད་པ་བཤད་པ་ལ་གཉིས་ལས། གླེངགཞི་ནི་དགེ་སློབ་མའི་བསླབ་པ་ལོ་གཉིས་སུ་མ་སྤྱད་པ་དེ་སྦོམ་དགའ་མོས་བསྙེན་རྫོགས་བྱེདཔ་ལ། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོའི་དོན་ནིདགེ་སློབ་མའི་སྡོམ་པ་བྱིན་དུ་ཟིན་ཀྱང་དགེ་སློབ་མའི་བསླབ་པ་དེ་ལ་ལོ་གཉིས་སུ་མ་སྤྱད་པ་ཉིད་ལ་དགེ་སློང་མས་བསྙེན་པར་རྫོགས་པར་བྱས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༩བསླབ་པ་ལ་བསླབས་པ་བསྙེན་རྫོགས་མི་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནས་དག་དགེ་སློབ་མའི་བསླབ་པ་ལ་ལོ་གཉིས་སུ་བསླབས་ནས། དེས་དེ་དག་བསྙེན་རྫོགས་མི་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི། ལོ་གཉིས་སུ་དགེ་སློབ་མའི་བསླབ་པས་སྤྱད་ཟིན་པ་ཉིད་བསྙེན་པར་རྫོགས་པར་འདོདཔ་དེ་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་མི་བྱེད་པ་ལས་གྱུར་བའི་ལྟུང་བ་དངོསགཞིའོ། །རྐྱེན་མ་ཚང་བའི་ཕྱིར་བསྙེན་རྫོགས་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་ཊཱི་ཀ་ལསསོ། །

༡༠ ཆོས་འཚོང་བའི་ལྟུང་བྱེད་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམདགའ་མོ་ལ་དགེ་སློབ་མས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཞུས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན། དེའི་འོག་ཏུ་ཁྱོད་བསྙེན་རྫོགས་བྱའོ་ཞེས་སྨྲས་པ་ལས་སོ། །གཉིསཔ་ངོ་བོ་ནི་གལ་ཏེ་ཁོ་མོ་ལ་ཁྱོད་བསྙེན་རྫོགས་བྱེད་པའི་བརྔན་པ་གོས་སོགས་སྦྱིན་པ་ལྟ་ནདེའི་ཕྱིར་ཁྱེད་བསྙེན་རྫོགས་བྱའོ་ཞེས་བསྙེན་རྫོགས་ལེན་འདོད་པ་ལ་ཟེར་བ་ལས་ཕ་རོལ་པོ་དེས་དོན་གོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ཊཱི་ཀ་ལས། འདིར་གོས་སྨོས་པནི་མཆོག་ཏུ་གྱུར་པ་རིན་པོ་ཆེ་དང༌། ཐ་མར་གྱུར་པ་ཐ་ན་རྐང་པ་མཉེ་བ་ལ་སོགས་པའི་དཔེ་ཡིན་ཏེ། དེ་དག་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར། ཞེས་སོ། །

༡༡ འདྲིད་པའི་ལྟུང་བྱེད་འཆད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་གོའུ་ཏ་མསྐེམ་མོ་ལ་བུད་མེད་གཅིག་གིས་བདག་རབ་ཏུ་འབྱུང་འཚལ་ལོ་ཞེས་ཟེར་བ་ན། ཁྱོད་ཀྱིསཁྱིམ་རྒྱས་པར་བྱ་བ་སྤོངས་དང་དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་དཀའ་བར་མི་འགྱུར་རོ་ཞེསསྨྲས་པ་དང༌། དེས་དེ་སྤངས་ཏེ་འོངས་པ་ན་དེས་དེ་རབ་ཏུ་མ་ཕྱུང་བ་ལས་བདག་ནི་ཁྱིམ་ནགནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཁ་ཟེར་བའི་སྐབས་ལས་སོ། །

གཉིས་པ་ངོ་བོ་ནི་རབ་ཏུ་བྱུང་བར་འདོད་པའི་བསམ་པ་སྐྱེ་བ་དང་མཐུན་པའི་ཚིག་ཁྱིམ་པ་མོལ་བསྟན་པས་ཁྱིམ་རྒྱས་པར་བྱ་བ་སྟེ་ཁྱིམ་ན་གནས་པ་ལ་དགོས་པའི་ཡོ་བྱད་རྣམས་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༢འཁོར་མང་པོ་གསོག་པ་འཆད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའམོས་རེ་རེ་ཞིང་ལོ་རབ་ཏུ་བྱུང་ནས། དེ་དག་ལ་འབོད་པའི་ཚེ། ལོ་གཅིག་པ་ལོ་གཉིས་པ་ལོལྔ་པ་ཞེས་འབོད་པ་དང༌། གཞན་གྱིས་སྨྲས་པ། ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་སམཞེས་ཟེར་བ་ན། འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནི། མཁན་མོ་གང་ཞིག་གིས་ལོ་གང་ལ་རབ་ཏུ་ཕྱུང་བའི་ལོ་དེ་ཉིད་ལ་སྔར་རབ་ཏུ་བྱུངཟིན་པ་དེ་ལས་གཞན་རབ་ཏུ་འབྱིན་ནམ་ལོ་དེའི་རྗེས་སུ་ཕྱི་དེ་ལོ་ལ་གཞན་རབ་ཏུ་འབྱིན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ལོའི་རྗེས་སུ་ལོ་གཉིས་པ་ལ་རབ་ཏུ་འབྱིན་པ་ལ་ཡངལྟུང་བྱེད་དུ་འགྱུར་ན། ལོ་དེ་ཉིད་ལྟ་ཅི་སྨོས་པའོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ལོ་གསུམཔ་ལ་སོགས་པ་དག་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །

༡༣ མ་གནང་བ་སྡུད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་བུད་མེདགཅིག་ཁྱིམ་ཐབས་དང་རྩོད་ཅིང་འདུག་པ་ན། སྦོམ་དགའ་མོས་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུངཞེས་སྨྲས་ཏེ། དེས་དེ་རབ་ཏུ་ཕྱུང་བ་དང་ཁྱིམ་བདག་དེ་ཁ་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནི། བུད་མེད་བདག་པོས་མ་གནང་བ་སྟེ་ཆུང་མ་རབ་ཏུ་འབྱུང་དུ་ཁྱིམ་ཐབ་ཀྱིས་མ་གནང་བ་ཉིདརབ་ཏུ་འབྱིན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༤་༡༥་༡༦་༡༧་སྐྱོན་ཅན་སྡུད་པའི་ལྟུང་བྱེད་བཞི་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་སྨད་འཚོང་མ་རབ་ཏུ་ཕྱུང་བ་དང༌། དེས་བུད་མེད་སྦྲུམ་མ་རབཏུ་ཕྱུང་བ་དང༌། དེས་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་ཕྱུང་བ་དང༌། བུད་མེད་ཤིན་ཏུགཏུམ་མོ་འཐབ་ཀྲོལ་ཅན་རབ་ཏུ་ཕྱུང་བ་ལས་བཅས་སོ། །གཉིས་པ་ངོ་བོ་ནི། མཁན་མོསའཁྲུལ་བ་མོ་དང་སྦྲུམ་མ་དང་བུད་མེད་མྱ་ངན་གྱིས་གཟིར་བ་དང་འཐབ་ཀྲོལ་ཅན་གང་རུང་རབཏུ་འབྱིན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའི་རྣམ་པ་བཞིའོ། །

༡༨་ ༡༩་༢༠་༢༡ ཡལ་བར་འདོར་བའི་ལྟུང་བྱེད་བཞི་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས། དེ་དག་ལ་གདམས་ངག་མི་འབོགས་ཕན་མི་འདོགས་པ་ལས་ནི་དང་པོ་བཅས་སོ། །སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་རབ་ཏུ་ཕྱུང་བ་ལས། དུས་ཕྱིས་ཁྱིམ་ཐབས་དེ་འོང་པར་ཐོས་ནས་བདག་ཕྱོགས་གཞན་ཞིགཏུ་བཀར་དུ་གསོལ་ཞེས་སྨྲས་ཀྱང༌། དེས་དེ་མ་བཀར་བ་དང༌། ཁྱིམ་ཐབས་དེས་དེ་བཟུང་བལས་གཉིས་པ་བཅས་སོ། །སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་དེ་དག་ལ་བསླབ་པ་རྣམས་སློབཔར་མི་བྱེད་པ་ལས་གསུམ་པ་བཅས་སོ། །སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནསདག་ཉེ་བར་བཞག་ནས་ན་བ་ལ་ནད་གཡོག་མི་བྱེད་པ་ལས་དེ་དག་མགོན་མེད་པས་སྡུགབསྔལ་བར་གྱུར་པ་ལས་བཞི་པ་བཅས་སོ། །གཉིས་པ་ངོ་བོ་ནི། མཁན་མོ་རང་གིས་རབ་ཏུབྱུང་བ་དང་བསྙེན་རྫོགས་བྱས་པ་དག་ལ། ཆོས་སམ་ཟང་ཟིང་གིས་ཕན་འདོགས་དགོས་པའིདུས་ལ་བབ་ཅིང༌། རང་ལ་ནུས་པ་ཡོད་བཞིན་དུ་ཆོས་སམ། ཟང་ཟིང་གིས་ཕན་མི་འདོགསཔ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ཉེ་དུས་རབ་བྱུང་ལས་འབེབས་འདོད་པ་ལ་སོགསཔ་བར་ཆད་དུ་འགྱུར་བ་མཐོང་ན་མི་འདྲེན་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། ། དགེསློང་མའི་བསླབ་པའི་ཁྲིམས་རྣམས་ལ་མི་སློབ་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། ། ནད་པ་དག་ལ་ནད་གཡོག་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །སློབ་མ་ན་བའིནད་གཡོག་མི་བྱེད་ན་ནི་གནས་ཀྱི་སློབ་དཔོན་མ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །

༢༢ འདོད་པ་བསྟེན་པའི་ལྟུང་བྱེད་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི། སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་ལ་དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིགགིས་ཉོན་མོངས་པ་མངོན་གྱུར་སེལ་བར་བྱེད། རྒྱ་སྐྱེགས་ཀྱི་ཆང་བུ་བཅངས་པ་ལས་སོ། །དེནས་སྦོམ་དགའ་མོས་རྒྱ་སྐྱེགས་ཀྱི་ཚིགས་མ་མཁན་ལ།རྒྱ་སྐྱེགས་ཀྱི་ཆང་བུ་ཉོས་ཏེ་ཉོན་མོངསཔ་སེལ་བར་བྱས་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་རང་གིས་རང་གི་བསྟེན་བྱའིནང་དུ་སོར་གཉིས་ལས་འདས་པར་རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་པ་ལས་གྱུར་བའི་ལྟུང་བ་དངོསགཞིའོ། །ཊཱི་ཀ་ལས། ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །དེཡང་རང་གི་རྣམ་བཤད་ལས། རྒྱ་སྐྱེགས་ཀྱི་ཆང་བུ་བཅུག་པ་ཙམ་ལ་ནི་ལྟུང་བྱེད་ཁོ་ནར་འགྱུརརོ། །ཁུ་བ་བྱུང་བའི་མཐར་ཡང་ལྟུང་བྱེད་ཁོ་ནར་ཤེས་པར་བྱའོ། །ཞེས་གསུངས་སོ། །

༢༣འདོད་པ་བསྟེན་པ་ལྟར་བཅོས་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནིསྦོམ་དགའ་མོས་གསང་གནས་སུ་ལག་པ་བཅུག་ནས་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས་པས་དེའི་གསང་གནས་སྐྲངས་པར་གྱུར་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མསརང་གི་སོར་མོའི་ཚིགས་གཉིས་ལས་ལྷག་པས་རང་གི་མོ་མཚན་གྱི་ནང་འཁྲུ་བ་ལས་གྱུར་བའིལྟུང་བ་དངོས་གཞིའོ། །

༢༤ འདོད་པ་བསྟེན་པ་ལྟར་གནོད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོས་ཉོན་མོངས་པས་ཉེན་ནས་འདོད་ཆགས་ཞི་བར་གྱུར་གྱི་བར་དུ་གསང་བའིཕྱོགས་སུ་ཐལ་མོ་བསྣུན་པས་ཅི་ཙམ་ན་སྐྲངས་པར་གྱུར་ཏེ། ན་ནས་ངུ་བར་བྱེད་པ་ལས་སོ། །

གཉིས་པ་ངོ་བོ་ནི་དགེ་སློང་མས་རང་གི་མོ་མཚན་ལ་ལག་མཐིལ་གྱི་ཐལ་ལྕག་བསྣུན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༢༥ བསྟེན་པར་བྱ་བ་འཆོས་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི། སྦོམ་དགའ་མོས་འདོམས་ཀྱི་སྤུའི་ལས་བྱས་པ་དེ་བུད་མེད་རྣམས་ལ་བསྟན་ཏེ། ཏིལ་འབྲུསཁྲ་བོར་བྱས་པ་སྤེན་རྩེ་ལྟར་འདུག་པ་ལ་བལྟོས། ཞེས་སྨྲས་པ་དང༌། འདི་ནི་རབ་ཏུ་བྱུང་བདང་འཚམ་པ་མ་ལགས་སོ་ཞེས་སྨོད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མསརང་གི་མོ་མཚན་ལ་སྤུ་འཐོག་པར་བྱེད་དམ་བྱེད་དུ་འཇུག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

རིག་བྱ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་བཅུ་གཅིག་ལས། འགྲེང་བའི་ལྟུང་བྱེད་བཞི་འཆདདེ། ༢༦ཁྱིམ་པ་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་བཤད་པ་ལ་གཉིས་ལས། དང་པོགླེང་གཞི་ནི། སྦོམ་དགའ་མོས་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་བྱེད་པ་དང༌།

ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཉིན་མོ་བརྡ་བྱས་ནས་མཚན་མོ་ཉེས་པར་སྤྱོདཔར་འགྱུར་རོ་ཞེས་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་གཅིག་པུ་ཁྱིམ་པ་དང་ལྷནཅིག་དབེན་པ་སྐྱབས་ཡོད་པ་ན་འདོམ་གང་གི་ནང་ཚུན་ཆད་དུ་ཁྲིམས་གྲོགས་མེད་པར་འགྲེངབ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༢༧ དགེ་སློང་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་སྦེད་མས་འཆར་ཀ་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལས་སོ། །

གཉིས་པ་ངོ་བོ་ནི་དགེ་སློང་དང་ངོ་ཞེས་པ་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ནའགྲེང་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །འདོམ་གང་སོགས་སྔ་མ་ལྟར་སྦྱར་རོ། །

༢༨ཁྱིམ་པ་དང་བླ་གབ་མེད་པ་ན་འགྲེང་བ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་སྦོམ་དགའ་མོས་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་པ་ལས་སོ། །

གཉིས་པ་ངོ་བོ་ནི་བླ་གབ་མེད་པ་སོགས་སྐྱབས་མེད་ན་སྔ་མ་ཁྱིམ་པ་དང་ལྷན་ཅིག་དགེ་སློངམས་འགྲེང་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །འདོམ་གང་སོགས་སྔ་མ་ལྟར་སྦྱར་རོ། །

༢༩ དགེ་སློང་དང་བླ་གབ་མེད་པ་ན་འགྲེང་བ་བཤད་པ་ལ་གཉིས་ལས། དང་པོགླེང་གཞི་ནི་སྦེད་མས་འཆར་ཀ་དང་ལྷན་ཅིག་དབེན་པ་བླ་གབ་མེད་པ་ན་འགྲེང་བ་ལས་སོ། །

གཉིས་པ་ངོ་བོ་ནི་ཕྱི་མ་དགེ་སློང་དང་ལྷན་ཅིག་བླ་གབ་སོགས་སྐྱབས་མེད་པ་ན་དགེ་སློང་མསའགྲེང་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །འདུག་པའི་ལྟུང་བྱེད་བཞི་ནི་མའི་སོ་སོ་ཐརཔ་དང་མདོ་རྩ་བ་ལས་དངོས་སུ་མ་གསུངས་ཀྱང༌། ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེསློང་མ་གང་གཅིག་པུ་སྐྱེས་པ་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་ལྟུངབྱེད་དོ། །དགེ་སློང་མ་གང་གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ། །དགེ་སློང་མ་གང་གཅིག་པུ་སྐྱེས་པ་དང་ལྷན་ཅིག་བླ་གབ་མེད་པདབེན་པར་འདུག་ན་ལྟུང་བྱེད་དོ། །དགེ་སློང་མ་གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་བླ་གབ་མེད་པ་དབེན་པར་འདུག་ན་ལྟུང་བྱེད་དོ་ཞེས་འདུག་པའི་ལྟུང་བྱེད་བཞི་པོ་གླེང་གཞི་དངབཅས་པར་གསུངས་སོ། །

༣༠་༣༡་༣༢་༣༣་བཤུབ་ཅིང་སྨྲ་བ་ལས་གྱུར་པའི་ལྟུང་བྱེད་བཞི་བཤད་པ་ལ་གཉིས་ལས། དང་པོ་འདི་རྣམས་ཀྱི་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་པའི་རྣ་བར་བཤུབ་ཅིངསྨྲ་བ་དང༌། ཁྱིམ་པས་བཤུབ་ཅིང་སྨྲ་བ་དེ་དགེ་སློང་མ་དེས་ཉན་པ་དང༌། སྦེད་མས་འཆར་ཀའིརྣ་བར་བཤུབ་ཅིང་སྨྲ་བ་དང༌། འཆར་ཀས་བཤུབ་ཅིང་སྨྲ་བ་དེ་སྦེད་མས་ཉན་པ་ལས་བཅས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྱིམ་པའི་རྣར་མ་རེག་ཙམ་དུ་རྣ་དྲུང་དུ་བསྙེན་ཏེ་བཤུབཅིང་སྨྲ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །ཁྱིམ་པས་བཤུབ་ཅིང་སྨྲ་བ་དེ་ལས་དགེ་སློངམ་དེས་ཚིག་དེ་ཉན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དགེ་སློང་གིའོ་ཞེས་པ་དགེསློང་གི་རྣ་བར་དགེ་སློང་མས་བཤུབ་ཅིང་སྨྲ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དེ་ལསཀྱང་ངོ་སྟེ་དགེ་སློང་གིས་བཤུབ་ཅིང་སྨྲ་བ་དེ་ལས་ཀྱང་དགེ་སློང་མ་དེས་ཚིག་དེ་ཉན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༈ རིག་པ་ལེན་ཀློག་གི་ལྟུང་བྱེད་གཉིས་ལས།

༣༤ ཁྱིམ་པ་ལས་རིག་པ་ལེན་པབཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི། སྦོམ་དགའ་མོ་སྐྱེས་པ་ལ་ཆགས་ནས་སྤོསའཚོང་གི་ཁྱེའུའི་གྲོང་དུ་སོང་སྟེ། བཞིན་བཟང་རིག་པ་ཅུང་ཟད་ཀློག་གམ། ཐོན་ཅིག་དང་བསླབཔོ་ཞེས་སྨྲས་པ་དང༌། ཁྱེའུ་དེས་འདི་སྐད་ཅེས། ས་རི་ཕུ། བི་སི་རི་ཕུ། སི་རི། བི་སི་རི། ཕུ་སྭཱ་ཧཱ། ཞེས་སྨྲས་པ་ན་སྦོམ་དགའ་མོས་འདི་སྐད་ཅེས་ཡང་དང་ཡང་དུ་བརྗོད་ཅིག་ཅེས་སྨྲས་པ་དང༌།དེ་ཁྲོས་ནས་མགོ་རེག་མོ་ངན་པ་ཞེས་སྤྱོས་པའི་བྱུང་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློངམས་ཆོས་འཆད་པ་པོ་ཁྱིམ་པ་ལས་རིག་པ་གང་ཡང་རུང་བ་ལེན་པ་ལས་གྱུར་བའི་ལྟུང་བདངོས་གཞིའོ། །

༣༥ ཁྱིམ་པ་ལས་རིག་པ་ཀློག་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི། སྦོམ་དགའ་མོས་སྐྱེས་པ་ཞིག་རིག་པ་ཀློག་ཏུ་བཅུག་སྟེ། ཀྱེ་ནང་རྗེ། ས་རི་ཕུ། བི་སི་རི་ཕུ། སིརི་པི་རི་ཕུ་སྭཱ་ཧཱ། ཞེས་ཟུངས་ཞིག་ཅེས་ལན་གསུམ་བཏོན་པ་དང༌། མི་དེས་སྨྲས་པ། བདགགིས་ཀུན་ཆུབ་པར་བཟུང་བ་ལགས་སོ། །སྦོམ་དགའ་མོས་སྨྲས་པ། ཡང་དང་ཡང་དུ་ཟུངས་ཤིག་ཅེས་ཡང་དང་ཡང་དུ་བརྗོད་པ་དང༌། མི་དེ་ཁྲོས་ནས་མགོ་རེག་མོ་ངན་པ་ཁྱོད་ཀྱང་མམཐོང་ཡང་སླ། རིག་པ་ཡང་མེད་དུ་ཟད་དོ་ཞེས་ཟེར་བའི་བྱུང་བ་ལས་སོ། །གཉིས་པ་ངོ་བོ་ནི་ནང་རིག་པའི་ཚིག་ཀློག་པར་བྱེད་པ་པོ་ཁྱིམ་པ་དེ་ལས་རིག་པ་དེ་ཀློག་པ་ལ་དགེ་སློང་མས་ཉནཔ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དེ་ལྟར་ན་སྔ་མ་ནི་ནང་རིག་པའི་དོན་བཤད་པ་ལེནཔ་སྟེ། དགེ་སློང་མས་དོན་གོ་ན་ལྟུང་བྱེད་དོ། །འདི་ནི་ནང་རིག་པའི་ཚིག་ཀློག་པ་ཉན་པ་སྟེ་དགེསློང་མས་ཚིག་ཐོས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །

༣༦ རྨ་བཅིངས་པ་འགྲོལ་དུ་འཇུག་པ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་གཙུག་དགའ་མོའི་དཔུང་བར་ཕོལ་མིག་བྱུང་ནས། དེ་སྨན་པ་ལ་འཆིང་དུ་བཅུག་ནས་བཅིངས་ཟིན་པ་དང་ཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ། །ལྷོད་པར་བྱས་པ་ལ་ཧ་ཅང་ལྷོད་ཆེས་སོ། །ཞེས་དེ་ལྟར་འཆིང་དུ་བཅུག་ཅིང་འགྲོལ་དུ་བཅུག་སྟེ། ཆགས་སེམས་ཀྱིས་ཡང་དང་ཡངདུ་དེ་ལྟར་བྱས་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་སེམས་ཉོན་མོངས་པ་ཅན་གྱི་སྒྱུཐབས་ཀྱི་རྨ་བཅིངས་ཤིང་སྐྱེས་པ་ལས་འགྲོལ་དུ་འཇུག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༣༧ བུ་འཚོ་བའི་ལྟུང་བྱེད་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་ཁྱིམ་བདགགི་ཆུང་མ་ལ་བུ་བཙས་པ་ན། སྦོམ་དགའ་མོས་ཁྱེའུ་དེ་བླངས་ཏེ་ཆུ་དྲོན་གྱིས་བཀྲུས་མིག་ཏུ་མིགསྨན་བླུགས། ས་ཞག་གིས་ཐིག་ལེ་བྲིས། སྦྲང་རྩི་དང་མར་གྱིས་བསྙོད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་རང་གི་བུ་ཆུང་ངུ་ལས་གཞན་པའི་བུ་འཚོ་བ་སྟེ། ཁྱེའུ་དང་མ་ནིངདང་བུ་མོ་དག་འཚོ་ཞིང་རྩེ་བ་ལ་སོགས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༣༨ ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་འདའ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་དགེ་སློང་མ་རབ་ཏུ་མང་པོ་ལྗོངས་རྒྱུ་ཞིང་འདོད་པ་ན། ཐ་ག་པའིཁྱིམ་དུ་ནུབ་མོ་བྲང་བཏབ་སྟེ་འདུག་གོ །དེའི་འོག་ཏུ་མུན་སྲོས་པ་དང་ཁྱིམ་བདག་དེ་འོངསནས། དེས་དགེ་སློང་མ་དེ་དག་མ་མཐོང་མ་ཐོས་པར། དེས་ཆུང་མ་དང་ཀུན་ཏུ་སྤྱོད་པ་དེ་དགེ་སློང་མ་གཞོན་ནུ་ཞིག་གིས་ཚོར་ནས་གད་མོ་བགད་པ་དང༌། ཁྱིམ་བདག་དེ་ཁྲོས་ཏེ། དགེསློང་མ་དེ་དག་ནམ་ཕྱེད་ནས་སྒོར་བཏོན་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྱིམབདག་ལ་མ་དྲིས་པར་ཕྱུགས་ཀྱི་ལྷས་སམ་མགྲོན་ཁང་ལ་སོགས་པར་ཁྱིམ་གཞན་དུ་མཚནམོ་འདའ་བར་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༣༩ མཚན་མོ་མ་བརྟགས་པར་འདའ་བ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན་ཁྱིམ་བདག་གཅིག་ལ་གནས་བརྙས་ཏེ་ནུབ་མོ་དེ་ན་འཁོད་པ་ལས། མཚན་མོ་ཆར་བབ་ནས། དེ་དག་ཕུགས་ལོགས་སུ་ནུར་ཏེ་ཞུགས་པ་དང༌།

དེ་ན་སྐྱེས་པ་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་གཟུང་བ་ན། དེ་དག་གིས་ངུ་སྐད་བཏབ་བོ། །དེ་ནས་དགེ་སློང་མ་གཞན་རྣམས་ཀྱིས་དེ་ལ་གསོལ་བ་བྱས་ཏེ་བཏང་བ་ལས་སོ། །

གཉིས་པ་ངོ་བོ་ནི་དགེ་སློང་མས་མཚན་མོ་གནས་འདིར་སྔར་ནས་སྐྱེས་པ་མ་ཞུགས་སམ་ཞེསམ་བརྟགས་པར་སྐྱབས་མུན་ཁུང་དང་ནག་ཐིབས་ལ་སོགས་པ་ཡོད་པར་མཚན་མོ་འདའ་བརབྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༤༠ གནས་ཁང་དུ་མཚན་མོ་འདའ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོས་སྐྱེས་པ་ལ་བརྡ་བྱས་ཏེ་སྐྱེས་པ་དེ་དབྱར་ཁང་གི་གནས་ཁང་དུ་འོངས་པ་ན། དེ་དགེ་སློང་མ་རྣམས་ཀྱིས་འཕྲིགས་ཏེ་སྨོད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་སྟེངགཡོགས་དང་བཅས་པའི་གནས་དེར་དགེ་སློང་མ་གཞན་མེད་པར་དགེ་སློང་མ་གཅིག་པུ་མཚནམོ་འདའ་བར་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། ། འདི་གསུམ་ལ་མཚན་མཐའཡན་ལག་ཏུ་དགོས་སོ། །

༤༡ ལོངས་སྤྱོད་ཅིང་གནས་པ་བཏང་བ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི། དགེ་སློང་མ་འཆི་ལྟས་མ་དང་ཉེ་བའི་འཆི་ལྟས་མ་གཉིས་ཁྲི་གཅིག་ལ་ཉལ་ཏེ་སྐྱེས་པ་དང་བུད་མེད་འཁོད་པ་བཞིན་དུ་རྒོད་པ་དང་འཕྱར་གཡེང་དང་ལུས་ཀྱི་ཙབ་ཧྲལ་བྱེད་པ་ལ་དགེ་སློང་མ་རྣམས་འཕྱ་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་སློངམ་གཞན་དང་ཁྲི་གཅིག་གམ་སྟན་གཅིག་ལ་ལྷན་ཅིག་ཤ་མཐང་རེག་པ་དང་བཅས་ཤིང་མཚནམོ་ཉལ་བ་ལ་སྐྱ་རེངས་འཆར་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༈ བྱི་དོར་ལས་གྱུར་པ་བརྒྱད་ལས་༤༢་༤༣་༤༤་༤༥་༤༦དང་པོ་ལྔ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་རང་གི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་བྱེདདུ་བཅུག་པ་དང༌། དུར་ཁྲོད་བསྟེན་པ་འདི་དྲིལ་ཕྱི་བྱས་ཏེ་ཅི་བྱ་ཞེས་ཟེར་རོ། །དེས་སྨྲས་པ། པགས་པའི་མདོག་འདི་འཚེར་ཞིང་གསལ་བར་བྱས་པ་དང༌། བརྒྱན་པོ་པ་དང་ནལ་ཕྲུག་རྣམསཀྱི་སྙིང་འགས་པར་འགྱུར་རོ་ཞེས་སྨྲས་པ་ལས། དགེ་སློང་མ་རང་གི་ལུས་ལ་དགེ་སློང་མ་དྲིལཕྱི་བྱེད་དུ་འཇུག་པ་བཀག་པ་དང༌། དེ་ནས་དགེ་སློབ་མ་དང་དགེ་ཚུལ་མ་དང་ཁྱིམ་པ་མོ་དང༌། མུ་སྟེགས་མོ་དྲིལ་ཕྱི་བྱེད་དུ་འཇུག་སྟེ། སྔ་མ་སྔ་མ་བཀག་པ་དང༌། ཕྱི་མ་ཕྱི་མ་བྱེད་དུ་བཅུགཔ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱིབའི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་གཞན་བྱེད་དུ་འཇུག་པ་དང༌། དགེ་སློབ་མ་དང༌། དགེ་ཚུལ་མ་དང༌། ཁྱིམ་པ་མོ་དང་མུ་སྟེགས་མོ་བྱེད་དུ་འཇུག་ན་རེ་རེ་ལས་གྱུར་བའི་ལྟུང་བ་དངོས་གཞིལྔའོ། །

༤༧་བཀྲུ་བཤལ་བྱེད་དུ་འཇུག་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནིདགེ་སློང་མ་བཅུ་གཉིས་སྡེ་དེ་དག་གིས་སྨྲས་པ། མར་དང་བག་ཕྱེ་དང་ཏིལ་གྱིས་བསྐུ་བ་ནིབཅོམ་ལྡན་འདས་ཀྱིས་མ་གནང་བས། ཆུས་དྲག་ཏུ་བསྲུབ་ཅིང་བཀྲུས་ལ་ལུས་འཇམ་ཞིངདཀར་པར་བྱའོ་ཞེས་ལུས་ལ་ཆུས་བསྲུབ་ཅིང་དྲག་ཏུ་འཁྲུ་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་བཀྲུ་བཤལ་བུད་མེད་གཞནབྱེད་དུ་འཇུག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༤༨ རྫས་དྲི་ཞིམ་པོ་བསྐུད་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་སྦོམདགའ་མོས་ལུས་ལ་དྲི་ཞིམ་པོས་བསྐུད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་རྫས་དྲི་ཞིམཔ་དག་གིས་དགེ་སློང་མས་རང་གི་ལུས་བསྐུད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༤༩ འབྲུ་མར་གྱི་ཚིགས་མས་བསྐུད་པ་བཤད་པ་ལ་གཉིས་ལས། དང་པོགླེང་གཞི་ནི་སྦོམ་དགའ་མོས་ཏིལ་གྱི་འབྲུ་མར་གྱི་ཚིགས་མས་ལུས་ཕྱི་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་འབྲུ་མར་གྱི་ཚིགས་མ་དགེ་སློང་མ་རང་གི་ལུས་ལ་བསྐུད་པ་ལས་གྱུར་བའིལྟུང་བ་དངོས་གཞིའོ། །

༥༠ ཆུ་ལ་ལོངས་སྤྱོད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་བཅུ་གཉིསསྡེ་རྣམས་ཁྱིམ་བདག་གི་ཆུང་མ་མང་པོ་དང་ལག་པ་སྦྲེལ་ནས་འབབ་ཆུ་ཨ་ཛ་ར་བ་ཏིར་ཞུགསནས་ལུས་ཁྲུས་བྱེད་པ་ན། གཅིག་ལ་གཅིག་མཛུབ་མོ་འཛུགས་ཤིང༌། རྩེ་བར་བྱེད་ཅིང་ལུསཀྱིས་ཙབ་ཧྲལ་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་བུད་མེད་དང་ལྷན་ཅིག་ལགཔ་སྦྲེལ་ཏེ། ཆུའི་ནང་དུ་ཞུགས་ནས་ཁྲུས་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༈ འཆོས་པ་ལས་གྱུར་པ་དྲུག་ལས། ༥༡་༥༢་༥༣་༥༤སྐྲ་ཤད་པ་བཞི་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་པུ་ཤེལ་ཙིས་༼དྲེས་མའི་རྩ་བ༽སྐྲ་ཤདཔ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་འདིས་ཅི་བྱེད། དེ་དག་གིས་སྨྲས་པ། སྐྲམ་འཛིངས་པར་བསྐྱེད་མོད། ཁྱེད་ཅག་ནི་སྐྲ་བསྐྱེད་པ་མ་ཡིན་གྱི། ཉོན་མོངས་པ་བསྐྱེད་དོཞེས་སྨྲས་པ་དང༌། དེ་བཞིན་དུ་བཅུ་གཉིས་སྡེས་སོ་མང་དང༌། རྩྭའི་ཐུམ་བུ་དང༌། དེ་གསུམསྦྲག་གཤིབས་པས་སྐྲ་ཤད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་སྐྲ་མ་འཛིངསཔར་ལེགས་པར་བཅོས་པའི་ཕྱིར་པུ་ཤེལ་ཙིས་སྐྲ་ཤད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

དགེ་སློང་མས་སྐྲ་བཅོས་པའི་ཕྱིར་སོ་མང་དང་སྨྱུག་ཤད་དང་ དེ་དག་གསུམ་ཆར་བསྡུས་པ་ཞེསབྱ་བ་དེ་དག་གིས་སྐྲ་ཤད་པ་ལ་ཡང་ལྟུང་བ་དངོས་གཞི་རེ་རེར་འགྱུར་རོ། །

༥༥ སྐྲ་བརྙན་ཐོགས་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའམོས་བསམས་པ་བདག་གིས་བྱས་སོ་ཅོག་ཐམས་ཅད་ནི་ཕུལ་དུ་ཕྱིན་པར་བྱས་པས། བདགགིས་སྐྲ་བརྙན་ཡང་ཐོགས་པར་བྱའོ་སྙམ་ནས། གར་མཁན་ལ་སྐྲ་བརྙན་བརྙས། རོལ་མོ་མཁནལ་གོས་དང་ལྷམ་ཟུང་གཅིག་བརྙས་ཏེ། སྨད་འཚོངས་ཡོད་པའི་རྟགས་བཙུགས་ཏེ། གནསགཅིག་ཏུ་བསྡད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་ལ་སྐྲ་བརྙན་ཐོགས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །སྐྲ་བརྙན་ནི་སྐྲ་ཚབ་ཡིན་ནོ། །

༥༦ ཁྱིམ་པའི་རྒྱན་ཐོགས་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི། ཕྱུགཔོའི་བུད་མེད་དེ་དག་སྐྲའི་བྱི་དོར་བྱེད་པ་ན་རྒྱན་རྣམས་རྒྱན་གྱི་སྣོད་སྤྲོག་མ་དག་ཏུ་བཞག་པན། དེ་སྦོམ་དགའ་མོས་བླངས་ཏེ་རྒྱན་དེ་དག་ཐོགས་པ་དང༌། འཕགས་མ་ཅི་མཛད། རྒྱན་གྱིསམཛེས་སམ་བལྟ་མོད། དེ་ལ་མཛེས་སུ་ཅི་ཡོད་ཅེས་ཁ་ཟེར་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྱིམ་པའི་རྒྱན་རིན་པོ་ཆེ་ལས་བྱས་པའི་མགུལ་རྒྱན་དང་གདུབ་བུ་རྒྱནཅན་དང་དཔུང་རྒྱན་དང་དོ་ཤལ་དང་སེ་མོ་དོ་དང་མུ་ཏིག་གི་ཆུན་པོ་ལ་སོགས་པ་ཐོགས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༥༧་༥༨་༥༩རྒྱགས་པ་ལས་གྱུར་པ་གསུམ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་སྦོམ་དགའ་མོས་རྒྱལ་རིགས་ཀྱི་དགའ་འདུན་རྣམས་ལ་གར་སློབ་པར་བྱེད། གར་སྟོནཔར་བྱེད་པ་ལས། གར་བྱེད་པ་དང་བྲོ་བརྡུང་བ་བཀག་ཅིང༌། བྲམ་ཟེའི་དགའ་འདུན་རྣམསསྦོམ་དགའ་མོའི་དྲུང་དུ་སོང་སྟེ། བདག་ཅག་ལ་ཡང་གླུ་སློབས་ཤིག་ཅེས་ཟེར་བ་ན། དེས་དེདག་ལ་གླུ་སློབ་པར་བྱེད། གླུ་སྟོན་པར་བྱེད་པ་ལས་གླུ་ལེན་པ་བཀག་གོ །རྒྱལ་རིགས་ཀྱི་དགའའདུན་རྣམས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ། བདག་ཅག་ལ་ཡང་རོལ་མོ་སློབས་ཤིག་ཅེསཟེར་བ་ན། དེས་དེ་དག་ལ་རོལ་མོ་སློབ་པར་བྱེད། རོལ་མོ་སྟོན་པར་བྱེད་པ་ལས་རོལ་མོ་བྱེདཔ་བཀག་པའོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་རང་གིས་བྲོ་བརྡུང་བའམ་གར་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དགེ་སློང་མ་རང་གིས་གླུ་ལེན་པ་ལས་གྱུར་བའི་ལྟུང་བ་དངོསགཞིའོ། ། དགེ་སློང་མ་རང་གིས་པི་ཝང་ལ་སོགས་པའི་རོལ་མོ་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

ལོངས་འཆོས་པ་ལས་གྱུར་པ་གསུམ་ལས།

༦༠ གདུགས་ཐོགས་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་གཙུག་དགའ་མོ་གདུགས་ཐོགས་ཏེ་བསོད་སྙོམས་ལ་རྒྱུབ་ན། དེ་ལ་སྐྱེ་བོ་མང་པོ་གད་མོ་དགོད་ཅིང་ཁྱིམ་བདག་རྣམས་འཕྱ་བ་ལས་སོ། །གཉིས་པ་ངོ་བོ་ནི་ལོངས་སྤྱོད་དུ་གྱུར་པའི་གདུགས་དགེ་སློང་མས་རང་གི་སྟེང་དུ་ཕུབ་སྟེ་ཐོགས་པ་ལསགྱུར་བའི་ལྟུང་བ་དངོས་གཞིའོ། །

༦༡ མཆིལ་ལྷམ་གྱོན་པ་བཤད་པ་ལ་གཉིས་ལས། དང་པོ་ལྟུང་བྱེད་ཀྱི་གླེང་གཞིནི་གཙུག་དགའ་མོས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །མའི་སོ་ཐར་འགྲེལ་པ་ལས། དགེ་སློང་མ་གང་མཆིལ་ལྷམ་ཁྲ་བོ་གྱོན་ན་ལྟུང་བྱེད། ཅེས་གསུངས་སོ། །

༦༢ ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བར་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་ལུང་ལས་དགེ་སློང་མ་རྣམས་སྟེགས་བསྐྱེད་དུ་བཅུག་ཅིང༌། སྟན་ཁྱེར་ལ་གནསག་གེ་མོ་ཞིག་ཏུ་ཐིང་ཞིག་ཅེས་བསྒོ་བར་བྱེད་པ་ལས་བསླབ་པ་འདི་བཅས་པར་གསུངས་སོ། །

གཉིས་པ་ངོ་བོ་ནི་ཁྲིའུ་དེ་ལ་བདག་ཉིད་འདུག་འཇུག་པའི་བསྙེན་བཀུར་ཁྲིའུ་ཡང་དང་ཡངདུ་ཤོམ་དུ་འཇུག་པ་ཉམས་སུ་མྱོང་བར་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༦༣ ཐུགས་ཐུབ་ཏུ་ཕྱིས་གནོན་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོ་བསོད་སྙོམས་ཀྱི་ཕྱིར་ཁྱིམ་དུ་ཞུགས་ཏེ་བྲམ་ཟེའི་སྟན་ལ་འདུག་གོ །བྲམ་ཟེདེ་འོངས་པ་ན། སྦོམ་དགའ་མོ་སྟན་དེའི་སྟེང་ན་འདུག་པ་མཐོང་ནས་སྨོད་པར་བྱེད་པ་ལསསོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བར་ཁྱིམ་པའི་སྟནལ་ཐུགས་ཐུབ་འདུག་པ་ལས་གྱུར་བའི་ལྟུང་བྱེད་དངོས་གཞིའོ། །ཐུགས་ཐུབ་ཏུའོ་ཞེས་བྱ་བནི་བཙན་ཐབས་སུའོ་ཞེས་ཊཱི་ཀ་ལས་སོ། །

༦༤ ཁྱིམ་པ་ལ་ལོག་ཐབས་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོས་ཁྱིམ་པ་མོ་རྣམས་ལ་མདོ་རིང་པོ་འཆད་པ་ན། ཁྱིམ་པ་མོ་དེ་རྣམས་ཁྱིམགྱི་བྱ་བ་ཉམས་པར་འགྱུར་རོ་སྙམ་ནས་དེ་དག་ལངས་ཏེ་སོང་ངོ༌། །སྦོམ་དགའ་མོས་ཀྱང་སྟནབོར་ཏེ་སོང་བ་དང༌། སྟན་དེ་རྐུན་པོས་ཁྱེར་བ་ལ་ཁྱིམ་པ་མོ་དེ་རྣམས་ཁ་ཟེར་བར་བྱེད་པ་ལསསོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཆོས་འཆད་ཅིང་ཁྱིམ་པ་ཆོས་ཉན་དུ་གཞུག་པའི་གནསསྐབས་སུ་ཁྱིམ་པའི་སྟན་གདིང་བ་ལ་དགེ་སློང་མས་ལོངས་སྤྱོད་པ་ཁྱིམ་པ་ལ་མ་སྦྲན་པར་བོརཏེ་འགྲོ་བ་ལ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

ཁྱིམ་པ་མོའི་བཟོ་སྟོན་པ་ལས་གྱུར་པ་ལ།

སྐུད་པ་འཁལ་བ་དང༌། ཁྱིམ་གྱི་བྱབ་བྱེད་པ་དང༌། རྗེན་པ་འཚོད་པ་གསུམ། དང་པོ་ལ་གསུམ་ལས། ༦༥དང་པོ་སྐུད་པ་འཁལབ་དངོས་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་གཙུག་དགའ་མོ་ཁྱིམ་དུ་བསོད་སྙོམསསུ་སོང་སྟེ། བསོད་སྙོམས་བྱིན་ཅིག་ཅེས་སྨྲས་པ་ན། བདག་སྐུད་པ་འཁལ་བས་གློ་བ་བྲེལ་ལོཞེས་ཟེར་བ་དང༌། ཁྱོད་སོང་ལ་བསོད་སྙོམས་ལོང་ལ་ཤོག་ཅིག་དང་ཁོ་མོས་སྐུད་པ་བཀལ་ལོཞེས་དེས་བསོད་སྙོམས་ཀྱི་ཕྱིར་སྐུད་པ་བཀལ་བ་ལས་སོ། ། གཉིས་པ་ངོ་བོ་ནི་དགེ་སློང་མསསྐུད་པ་འཁལ་བ་སྟེ་བལ་འཁལ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༦༦ གཉིས་པ་ཚོགས་ཀྱི་གོས་བདག་གིར་བྱེད་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨེ་གབ་རྗེས་སུ་གནང་ངོ་ཞེསསྦོམ་དགའ་མོས་བཙུན་མོ་འཕྲེང་ལྡན་མ་ལ་སྨྲས་པ་དང༌། བཙུན་མོས་གོས་སྣ་ཚོགས་ཀྱི་སྒྲོམདག་སྦོམ་དགའ་མོ་ལ་གཏད་ནས་གོས་འདི་རྣམས་དགེ་སློང་མའི་ཚོགས་ཐམས་ཅད་ལ་བྲིམསཤིག་ཅེས་བསྒོའོ། །དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་བདག་གིར་བྱས་ཏེ། དགེསློང་མ་གཞན་གྱིས་བསླངས་པ་ན་དེས་མ་སྟེར་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མགང་གིས་དགེ་སློང་མའི་བཞིར་ལོངས་པའི་ཚོགས་དགེ་སློང་མའི་དགེ་འདུན་རྣམས་ཀྱིས་གོསདེ་བདག་ཉིད་དབང་ངོ་སྙམ་དུ་ངེས་པའི་རྟོག་པའི་དབང་གིས་རང་འབའ་ཞིག་གིས་བདག་གིརབྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༦༧ གསུམ་པ་ཟས་འཚོང་བའི་ལྟུང་བ་བཤད་པ་ལ་གཉིས་ལས། དང་པོ་གླེངགཞི་ནི་སྦོམ་དགའ་མོས་བསོད་སྙོམས་མང་དུ་རྙེད་པ་དང༌། ཟས་བསོད་པ་རྣམས་ནི་རང་གིསཟོས་ཤིང༌། འབྲས་ཆན་ལ་སོགས་པ་རྣམས་ནི་གཞན་ལ་བཙོངས་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཕྱེ་དང་འབྲས་ཆན་དང་མར་དང་སྣུམ་འཁུར་ལ་སོགས་པ་ཟས་བཙོང་ནསརིན་བདག་གིར་བྱས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༦༨ ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གཉིས་པ་སྟོན་ཏེ། ཁྱིམ་གྱི་བྱ་བ་བྱས་པབཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་བསོདསྙོམས་བསླངས་པ་ན། འཕགས་མ་བདག་གི་ཁྱིམ་གྱི་གོ་རེ་ལོང་མཛོད་ཅིག་ཅེས་ཟེར་བ་དང་སྦོམ་དགའ་མོས་ཁྱིམ་ཐམས་ཅད་ཆག་ཆག་ལེགས་པར་བཏབ། ཕྱག་བདར་ལེགས་པར་བྱསནས་མལ་བཅས། སྣོད་སྤྱད་རྣམས་བྱི་དོར་བྱས་ནས་བཞག་སྟེ་ཁྱིམ་དེ་ཐམས་ཅད་ཤིན་ཏུམཛེས་པར་བྱས་པ་ལ། དོན་ཉུང་བྱ་བ་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །

གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྱིམ་པ་མོས་བྱ་བར་འོས་པའི་ཁྱིམ་དུ་ཆག་ཆག་དང་ཕྱག་བདརལ་སོགས་པ་འཕྲལ་གྱི་བྱ་བ་རྣམས་བྱས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །སྐབསསུ་བསླབ་བྱའི་ཉེས་བྱས་གཉིས་བསྟན་པ་ནི། ཆང་གི་ལས་མི་བྱ་བ་དང༌། ཆང་ཁང་བྱེད་དུ་མིགཞུག་པ་སྟེ། འདི་གཉིས་ནི་དགེ་སློང་ལ་ཡང་བསླབ་བྱའི་ཉེས་བྱས་སུ་ཤེས་པར་བྱའོ། །

༦༩ ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་པ་རྗེན་པ་འཚོད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་བསོད་སྙོམསབླངས་པ་ན། འཕགས་མ་བཅའ་བ་འདི་ཚོས་ལ་བདག་ལ་བྱིན་ཅིག་ཅེས་ཟེར་བ་དང༌། སྦོམདགའ་མོས་དོག་ལེ་བཀྲུས་བཤལ་བསྲེགས་ཏེ་མར་ཁུས་བཀང་ནས། ཀུན་ཏུ་གཡོས་པ་དང་ལེགས་པར་གཡོས་པ་སྣ་ཚོགས་པ་བྱས་ཏེ། གྲོང་བརྡལ་དེའི་ཕྱེད་དྲི་ཡིས་ཁྱབ་པར་བྱས་པ་ན། གཡོས་མཁན་གྱིས་འཚོ་བ་བཅད་དོ་ཞེས་འཕྱ་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེསློང་མས་དངོས་པོ་རྗེན་པར་རང་ངམ་རང་དང་འདྲ་བ་ལོངས་སྤྱོད་པའི་ཆེད་མེ་དང་འབྲེལ་བསའཚོད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༧༠ལྟོ་འདུན་ལས་གྱུར་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་སྦོམདགའ་མོས་ནངས་པར་སྔར་ལངས་ཏེ་བསོད་སྙོམས་བླངས་ནས་ཟ་བར་བྱེད་ཅིང༌། ཟ་འཕྲོ་ལལངས་ནས་འཆག་པར་བྱེད། བཅགས་ནས་ཡང་ཟ་བར་བྱེད། ཡང་འཆག་པར་བྱེད་ཅིང་ཡངཟ་བར་བྱེད་དེ། དྲོ་ཁའི་བར་དུ་ཟས་མ་སྤངས་པར་དེ་ལྟར་བྱེད་པ་ལས་བཅས་པ་ཡིན་ཞེསཊཱི་ཀ་ལས་བཤད་དོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཟས་ཟོས་ནས་དེའི་འཕྲོ་ལ་སྟན་ལསལངས་ཏེ་ཡང་ཟ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །འོ་ན་སྤངས་ཟ་དང་འདི་ལ་ཁྱདཔར་ཅི་ཡོད་སྙམ་ན། སྤངས་ཟ་ལ་ནི་ཟས་སྤངས་པ་དང་ལྷག་པོར་མ་བྱས་པ་ཡན་ལག་ཏུ་དགོསལ། འདི་ལ་ནི་དེ་གཉིས་ཡན་ལག་ཏུ་མི་དགོས་ཏེ། འདི་ནི་ཟས་གཅིག་ཁོ་ན་ལ་ཟས་མ་སྤངསཔར་ཟ་འཕྲོ་ལ་ལངས་ཏེ་སླར་ཡང་ཟ་བའོ། །

༧༡ ཚོགས་པར་མི་དབྱུང་བའི་དྲི་བསྟེན་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་མི་ཞིག་ལ་སྒོག་སྐྱའི་ལྡུམ་ར་ཡོད་པ་ལས་སྦོམ་དགའ་མོས་སྒོག་སྐྱ་འབྱིན་པར་བྱེད་པ་དང༌། ཁྱིམ་བདག་དེས་དེ་ལ་བརྡེགས་ཏེ། མིག་ཕུགས་སྐྲངས་ཤིང་དབྱར་ཁང་དུ་འོངསཔ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་བཅས་སོ། །གཉིས་པ་ངོ་བོ་ནིདགེ་སློང་མ་སྒོག་སྐྱ་ཟོས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

གསུ་བེལ་བ་ལས་གྱུར་པ་ལ་གསུམ་ལས།

༧༢དང་པོ་སྨེ་གབ་མི་འཆང་བ་བཤདཔ་ལ་གཉིས་ལས། དང་པོ་གླེང་གཞི་ནི། དགེ་སློང་མ་རྣམས་ཟླ་བ་ངོ་རེ་ཞིང་ཟླ་མཚན་འཛགཔར་གྱུར་ནས། སྨེ་གབ་བཅང་བར་བྱའོ་ཞེས་གསུངས་ཀྱང༌། སྦོམ་དགའ་མོས་སྨེ་གབ་མི་འཆངབས། དེ་བྱིན་པ་ལ་ཁྲག་འཛག་ཅིང་སོང་བ་མཐོང་ནས། ཁྲག་འདི་ཅི་ལགས་ཞེས་དྲིས་པ་དང༌། མ་ལ་དྲིས་ཤིག་སྲིང་མོ་ལ་དྲིས་ཤིག་ཅེས་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མསཟླ་བ་རེ་རེ་ཞིང་ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་སྨེ་གབ་མི་འཆང་བ་ལས་གྱུར་བའིལྟུང་བ་དངོས་གཞིའོ། །

༧༣ གཉིས་པ་ཆུ་གོས་མི་འཆང་བའི་གླེང་གཞི་ནི་བཅུ་གཉིས་སྡེ་དག་སྒྲེན་མོར་བྱུང་ནས་ཆུཀླུང་དུ་ཁྲུས་བྱེད་པ་ན། སྦོམ་དགའ་མོས་ཁོ་མོའི་སྤུའི་ཚོམས་ཤིན་ཏུ་གནག་ཅིང་ལེགས་པརའཁྱིལ་བ་ལ་ལྟོས་ཞེས་སྟོན་པར་བྱེད་པ་ལས། དགེ་སློང་མས་ཁྲུས་རས་བཅང་བར་བྱའོ་ཞེས་གསུངས་སོ། །དེའི་ཚེ་ན་སྦོམ་དགའ་མོས་ཁྲུས་རས་བཅང་བར་མི་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་ཁྲུས་དང་ཆར་ཆུ་ལ་སོགས་པས་ལུས་གཤེར་བར་གྱུར་པའི་ཚེ་ན་དགེ་སློང་མས་ཆུགོས་མི་འཆང་མི་གྱོན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༧༤ གསུམ་པ་བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་ལུང་རྣམ་འབྱེད་ལས་སྦོམ་དགའ་མོས་མི་གཙང་བས་གོས་པར་གྱུར་པའི་གོས་རྣམས་བཙོ་བླག་མཁན་ལ་འཁྲུར་འཇུག་པ་དང༌། ཁྱིམ་པ་རྣམས་བདག་ཅག་གི་གོས་ཀྱངའདིས་མི་གཙང་བར་འགྱུར་རོ་ཞེས་ཁ་ཟེར་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློངམས་བཀྲུ་བཤལ་བ་ལ་རང་གི་གོས་འཁྲུར་འཇུག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

གསུ་བེལ་པ་ཞེས་པ་ནི་གསང་པར་འོས་པ་དེ་གཞན་གྱིས་ཚོར་བ་ལ་བྱའོ། །

༧༥ ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞིནི་སྦོམ་དགའ་མོས་ཆོས་གོས་ཀྱི་གླར་བཅའ་བ་བླངས་ཏེ་ཟློས་གར་མཁན་ལ་ཆོས་གོས་གླར་བྱིན་པ་དང༌། དེ་གྱོན་ནས་ཟློས་གར་བྱས་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེསྦྱོང་གི་གོས་སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཁྱིམ་པ་ལ་གོས་སུ་སྦྱིན་པ་ལས་གྱུར་བའི་ལྟུངབ་དངོས་གཞིའོ། །

༧༦ རྒྱལ་མཚན་བརྗེ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་དགེ་སློངམ་འདུན་མས་དགེ་སློང་འདུན་པ་དང་སྣམ་སྦྱར་བརྗེས་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེསློང་མས་དགེ་སློང་དང་ལྷན་ཅིག་སྣམ་སྦྱར་བཟང་ངན་བརྗེ་བ་མ་གཏོགས་པར་སྣམ་སྦྱར་བརྗེ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༈ སེར་སྣ་ལས་གྱུར་པ་ལྔ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི། ༧༧ བསྔགས་པ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་ཨུཏྤ་ལའི་མདོག་འདི་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ན་དེ་ནི་སྔོན་སྨད་འཚོང་མ་ཡིན་ནོ་ཞེས་སྨོད་པརབྱེད་པ་སོགས་ལས་སོ། །

༧༨ ཁྱིམ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེའི་ཕུ་ནུ་མོ་དག་ཁྱིམ་ག་གེ་མོར་ནི་མ་འགྲོ་ཞིག ཁོ་མོས་ཁྱིམ་དེ་ངལ་བ་ཆེན་པོས་ཆོས་བཤདནས་དད་པར་བྱས་པ་ཡིན་ནོ་ཞེས་ཟེར་བ་ལས་སོ། །

༧༩གནས་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་བསྒྲུབས་པའི་དབྱར་ཁང་དུ་དགེསློང་མ་གློ་བུར་དུ་འོང་བ་རྣམས་ཀྱི་གནས་བྱིན་ནས་གནས་པ་ན། དེ་དག་ལ་རྙེད་པ་དང་བཀུརབསྟི་བྱུང་བ་དང༌། དེས་སེར་སྣས་དེ་དག་བསྐྲད་ནས། ཁོ་མོ་གྲང་བའི་ཚེ་ན་གྲང་བས་ཉེན། ཚབའི་ཚེ་ན་ཚ་བས་ཉེན་བཞིན་དུ་ངལ་བ་ཆེན་པོས་བསྒྲུབས་པའི་དབྱར་ཁང་འདི། ཁ་འཇམཅན་འདི་རྣམས་ལ་སྐབས་དབྱེའམ་ཞེས་སྨྲས་པ་ལས་སོ། །

༨༠རྙེད་པ་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཕུ་ནུ་མོ་དག་བྲམ་ཟེ་ཡ་མཚན་ཅན་རྣམས་ཀྱིས་བརྡེགས་ནས་ཀླད་པ་གས་པར་གྱུར་ན་མི་རུངགི། ཧ་ཅང་སྔར་བསོད་སྙོམས་ལ་མ་འགྲོ་ཞིག་ཅེས་གཞན་རྣམས་འགྲོ་བ་བཟློག་ནས། རངཉིད་ནང་པར་ཆེས་སྔ་བ་ཞིག་ཏུ་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་ཡ་མཚན་གྱིས་བརྡེགསཔས་མིག་ཕུགས་སྣད་ཅིང་དབྱར་ཁང་དུ་འོངས་པ་ལས་སོ། །

༨༡ཆོས་ལ་སེར་སྣ་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོ་ལ་ཉེ་གནས་རྣམས་ཀྱིས་ཆོས་ཀྱིལུང་ཞུས་པ་ན། སོང་ལ་རེ་ཞིག་ཁོ་མོའི་སྣོད་དུ་ཚོས་ཤིག བུ་རམ་དང་སེ་འབྲུ་དག་ཉོས་ཤིགཅེས་སྨྲས་ནས་ཕན་ཚུན་བགྱངས་ནས་ལུང་མ་བྱིན་པ་དང༌། འཕགས་མ་ཁྱོད་ཆོས་ལ་སེར་སྣ་བྱེད་པ་མ་ཡིན་ནམ་ཞེས་ཟེར་བ་ན། ཀྱེའི་བུ་ཟན་མའི་བུ་མོ་དག་ཁོ་མོ་ཅིའི་ཕྱིར་སེར་སྣ་མིབྱེད་ཅེས་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་གཞན་གྱི་ཡོན་ཏན་བསྔགས་པ་ལདགེ་སློང་མས་ལུས་སམ་ངག་གིས་སེར་སྣ་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞི་དང༌།

དགེ་སློང་མས་དགེ་སློང་མ་གཞན་དག་ལ་ཁྱིམ་ག་གེ་མོར་མ་འགྲོ་ཞིག་ཁྱིམ་ལ་སེར་སྣ་བྱེད་པལས་གྱུར་བའི་ལྟུང་བ་དངོས་གཞི་དང༌། དགེ་སློང་མ་གཞན་དབྱར་ཁང་ན་གནས་པ་ལྟ་བུསདགེ་སློང་མས་གནས་ལ་སེར་སྣ་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞི་དང༌། དགེ་སློངམ་གཞན་གྱི་གྲོང་ནས་བསོད་སྙོམས་རྙེད་པ་ཡན་ཆད་ཀྱི་རྙེད་པ་ལ་སེར་སྣ་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞི་དང༌། ཆོས་འཆད་པར་ཞུས་པ་ན་ཆོས་ལ་སེར་སྣ་བྱེད་པ་ལས་གྱུར་བའིལྟུང་བ་དངོས་གཞི་རེ་རེ་སྟེ་ལྔའོ། །ལུང་རྣམ་འབྱེད་ལས། སེར་སྣ་བསྐྱེད་ན་ཞེས་བྱ་བ་ནི་ཕྲགདོག་བསྐྱེད་ནའོ། །ཞེས་གསུངས་སོ། །

༨༢་༨༣སྐྲོད་པའི་ལྟུང་བྱེད་གཉིས་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི། སྦོམ་དགའ་མོས་གོའུ་ཏ་མ་སྐེམ་མོ་དབྱར་ཁང་ནས་ཕྱིར་བསྐྲད་པ་དང༌། སྦོམ་དགའ་མོ་ལྗོངསརྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་པ་ན་ཁྱིམ་དེ་ན་དགེ་སློང་མ་སྔ་ན་འཁོད་པ་དག་གིས་སྦོམདགའ་མོ་ལ་ཕྱག་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང༌། དེས་དེ་དག་ཁྱིམ་དེ་ནས་ཕྱིར་བསྐྲད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་འདུན་མའི་དབྱརཁང་ནས་དགེ་སློང་མས་རང་གཞན་གྱི་ལུས་ངག་གང་ཡང་རུང་བས་སྐྲོད་པ་ལ་ཉེ་འཁོར་ལས་འདས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །དགེ་སློང་མས་ཁྱིམ་པའི་ཁྱིམ་གཞན་ནསདགེ་སློང་མ་སྔ་ནས་གནས་པ་སྦྱོར་བ་གང་ཡང་རུང་བས་སྐྲོད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༨༤ མཐོ་འཚམས་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་བཅུ་གཉིསསྡེ་རྣམས་དགེ་སློང་མ་རྣམས་ལ་ལེགས་པར་མ་མཐོང༌། ལེགས་པར་མ་ཐོས། ལེགས་པར་མདོགས་པས་ཉེས་པ་གླེང་བར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་སློང་མ་གཞན་ལ་ལྟུང་བྱེད་སོགས་གླེང་བར་བྱས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །རང་གིརྣམ་བཤད་དང་ཊཱི་ཀ་ལས། ཕམ་པ་དང་དགེ་འདུན་ལྷག་མ་གཉིས་ཀྱིས་གླེང་བ་སྔར་བསྟནཟིན་པས་འདི་ནི་ལྟུང་བྱེད་ལ་སོགས་པ་ལྟུང་བའི་སྡེ་ཚན་གཞན་གླེང་བའི་ཡུལ་ཡིན་ནོ། །ཞེསགསུངས་སོ། །

༨༥ ལོག་པར་སྟོན་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་མའི་སོ་ཐརའགྲེལ་པ་ལས། མཐོང་ངམ་ཞེས་དྲིས་ན་མཐོང་སྟེ། དེ་ལྟར་མ་ཡིན་ན་དཀོན་མཆོག་གསུམམེད་པར་གྱུར་ཅིག ཚུལ་ཁྲིམས་མེད་པར་གྱུར་ཅིག ཆོས་ཞིག་པར་གྱུར་ཅིག་ཅེས་ཟེར་བ་ལསབཅས། ཞེས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་གཞན་ཡིད་ཆེས་པར་བྱ་བའི་ཕྱིར་གཞནགྱི་མདུན་དུ་མནའ་འདོར་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༨༦ མི་བརྟན་པས་རྣམ་པར་འགྱུར་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོས་དགེ་སློང་མ་རྣམས་དང་འཐབ་མོ་བྱུང་བ་ན་རང་གིས་རང་ལ་འཚོག་༼རྡུང་བ༽པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་ཁྲོ་བས་བདག་ཉིད་ལ་གནོད་པརབྱེད་པ་སྟེ་རང་གི་ལུས་ལ་རྡེག་པར་བྱེད་ཅིང་ཕོག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པ་ལ་གསུམ་ལས།

༨༧ དང་པོ་ཚོགསལ་བརྙས་ཐབས་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་དགེསློང་མའི་ཚོགས་པ་ལ་མི་སྙན་པ། ཁྱིམ་པ་མོ་ཞེས་བྱ་བ་དང༌། ནལ་པ་མ་ཞེས་བྱ་བ་དང༌། བོངབུ་དག་དང་ལྡན་པ་ཞེས་གཤེ་བ་དག་གིས་བརྙས་ཐབས་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནིདགེ་སློང་མས་དགེ་སློང་མ་བཞིར་ལོངས་པའི་ཚོགས་དགེ་འདུན་མ་ལ་འཚོ་བ་མ་དག་པ་དངལྟ་བ་མ་དག་པས་སྨོད་ཅིང་བརྙས་ཐབས་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༨༨ ཚོགས་ལ་སྤྱོ་བའི་ལྟུང་བྱེད་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམདགའ་མོས་དགེ་སློང་མའི་ཚོགས་ལ་སྤྱོ་བ་བྱས་པ་དང༌། ཉེ་གནས་མ་རྣམས་ཀྱིས་སྨྲས་པ། དགེསློང་མའི་ཚོགས་ལ་སྤྱོ་བར་མི་རིགས་སོ། །དེས་སྨྲས་པ། རིགས་ཀྱང་མི་རིགས་ཀྱང་རུང་སྟེཁོ་མོས་ནི་སྤྱོས་སོ་ཞེས་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་བཞིར་ལོངས་ཡནཆད་ཀྱི་ཚོགས་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཚུལ་ཁྲིམས་མ་དག་པ་དང་བཅས་པའི་ཁ་ན་མ་ཐོ་བ་ཆོ་ག་མ་དག་པའི་སྒོ་ནས་སྨོད་ཅིང་སྤྱོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༨༩ འཁོར་གཙོ་བོ་ལ་ཆུ་འཐོར་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་ཁྱིམབདག་གཅིག་ཆུང་མ་དང་གཉིས་ཀ་རབ་ཏུ་ཕྱུང་ནས། དགེ་སློང་དེ་དབྱར་ཁང་དུ་སོང་བ་ན། དགེ་སློང་མ་དེ་ཡང་ཆུ་སྣོད་གཅིག་ཐོགས་ཏེ་དེའི་མདུན་ན་སྡོད་ཅིང་འདུག་གོ །དེ་ནས་དགེསློང་དེ་དགོད་ཅིང་ཁོ་བོ་ཁྱིམ་པར་གྱུར་པ་ན་ཡང་ཁྱོད་དེ་ལྟར་མདུན་ན་སྡོད་དོ་ཞེས་སྨྲས་པདང༌། དེས་ཆུ་སྣོད་དེ་ནས་དེའི་མགོར་གཏོར་ནས། ཁོ་མོ་ནི་ཁྱོད་ཀྱི་ཡོན་ཏན་སྒྲོགས་ན། ཁྱོདཁོ་མོའི་སྐྱོན་རྣམས་ལ་འཇུག་པར་བྱེད་དམ་ཞེས་སྨྲས་ནས་བྲོས་ཏེ་སོང་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་འཁོར་གཙོ་བོ་དགེ་སློང་ལ་ཆུས་འཐོར་བ་ལས་གྱུར་བའི་ལྟུང་བདངོས་གཞིའོ། །

༩༠ འཁྲུག་ལོང་ཡལ་བར་འདོར་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནིསྦོམ་དགའ་མོས་འཐབ་མོའི་རྐྱེན་དག་ཉེ་བར་བསྒྲུབས་པས་ལྷན་ཅིག་གནས་པ་དང་ཉེ་གནསདག་ཕན་ཚུན་འཐབ་མོ་ཆེ་ཐང་དུ་བྱུང་བ་ན། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཚུར་སྤྱོན་འཐབ་མོ་ཉེ་བར་ཞི་བར་བགྱིའོ་ཞེས་སྨྲས་པ་དང༌། སྦོམ་དགའ་མོས་འདི་སྐད་ཅེས་མགོས་མགོཅིའི་ཕྱིར་མི་འཚལ། ཁོ་མོ་ནི་འཐབ་མོ་བྱེད་ཀྱི་ཉེ་བར་ཞི་བར་མི་བྱེད་དོ་ཞེས་ཟེར་བ་ལས་སོ། །

གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་སློང་མ་རྣམས་ཀྱི་རྩོད་པ་ཉེ་བར་ཞི་བར་བྱ་བའི་མཐུ་ཡོདབཞིན་དུ་ཉེ་བར་ཞི་བར་མི་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༩༡ བློ་མཐུན་པར་མི་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་ལུང་ནཞལ་མི་གསལ་ཡང༌། ཊཱི་ཀ་ལས། དགེ་སློང་མའི་དགེ་འདུན་ཆོས་བཞིན་དུ་ལས་བྱེད་པ་ལསྦོམ་དགའ་མོས་འདུན་པ་ཕུལ་བ་ན། དགེ་འདུན་གྱི་ལས་དེའི་ཉིན་མོ་མ་བྱས་ནས། ཕྱི་དེ་ཉིནམོ་བྱ་བར་བརྩམས་ཏེ། སྦོམ་དགའ་མོ་ལ་སྦྲན་པ་དང༌། དེ་འོང་དུ་མ་བཏུབ་སྟེ་ཁོ་མོས་འདུནཔ་ཕུལ་ཟིན་ཏོ། །ནམ་ཕུལ། ཉི་མ་སྔ་མ་ལའོ། །ཞག་ལོན་པའི་འདུན་པ་དབུལ་དུ་རུང་ངམ།

དེས་སྨྲས་པ་འདུན་པ་སྔར་ཕུལ་བ་དེ་ཆག་གམ་རུལ་ཏམ་ཅི་ཉེས་ཟེར་བ་ལས་བཅས་པ་ཡིན་ནོ་ཞེས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་འདུན་མའི་ལས་ལ་འདུན་པ་ཕུལ་ནས་ཞགལོན་པའི་འདུན་པ་དེ་ཉིད་སྦྱིན་ཏེ་འདུན་པ་ཕྱི་མ་མི་སྟེར་བའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུརབའི་ལྟུང་བ་དངོས་གཞིའོ། །

༈ ལྕི་བའི་ཆོས་ལས་འདས་པ་ལས་གྱུར་པ་བཞི་ལས།

༩༢ དང་པོ་ཟླ་ཕྱེད་གདམསངག་རྗེས་བསྟན་མི་ནོད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་དགེ་སློང་མ་རྣམསཀྱིས་དགེ་སློང་རྣམས་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་བྱའོ་ཞེས་གསུངས་པ་ན། བཅུ་གཉིས་སྡེ་རྣམས་དེ་ལྟར་མི་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་གདམས་ངག་དང་རྗེསསུ་བསྟན་པ་དག་དགེ་སློང་མས་ཉན་པར་མི་བྱེད་ཉམས་སུ་མྱོང་བར་མི་བྱེད་པ་ལས་གྱུར་བའིལྟུང་བ་དངོས་གཞིའོ། །

༩༣ གཉིས་པ་དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་དགེ་སློང་མ་མང་པོ་ལྗོངས་རྒྱུ་ཞིང་སོང་བ་ན། དགེ་སློང་མ་ཞིག་དབྱར་ཁངདུ་ཕྱིན་ནས། དེ་དག་གིས་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་མཉན་ཡོད་དུ་འོངས་པའི་ཚེ། དགེ་སློང་མ་གཞན་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གིསཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཟེར་བ་ལས་སོ། །གཉིས་པ་ངོ་བོ་ནིདགེ་སློང་མས་རང་གི་གསོ་སྦྱོང་ལ་མཐུན་པ་བསྒྲུབས་པའི་དགེ་སློང་དག་མེད་པར་དགེ་སློང་མ་ཉི་ཚེས་ཆོ་ག་ལས་ལ་བརྟེན་པའི་གསོ་སྦྱོང་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༩༤ གསུམ་པ་དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་ལེན་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནསཁས་བླངས་པར་མི་བྱའོ་ཞེས་གསུངས་པ་དང༌། དགེ་སློང་མ་མང་པོ་རྣམས་ཀྱིས་དགེ་སློང་མེདཔའི་གནས་སུ་དབྱར་གནས་པར་ཁས་བླངས་ཏེ། དེ་ལ་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །གཉིས་པ་ངོ་བོ་ནི་མཚམས་པོ་ཆེ་བཅད་ན་ནི་མཚམས་པོ་ཆེ་གཅིག་གིཁོངས་ན་དགེ་སློང་མེད་པའམ། མཚམས་པོ་ཆེ་མ་བཅད་ན་དཔག་ཚད་གཅིག་གི་ཁོངས་ནདགེ་སློང་མེད་པའི་གནས་སུ་དགེ་སློང་མས་དབྱར་གནས་པར་ཁས་ལེན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༩༥ བཞི་པ་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་དགེ་སློང་མ་རྣམས་ཀྱིས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་ཞེས་གསུངས་པ་ན་དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་སྨྲས་པ། གཉིས་ཀའི་དགེ་འདུནལ་དགག་དབྱེ་བྱ་ཡིས་ཚུར་སྤྱོན། དེས་སྨྲས་པ། ཁྱེད་ཅག་དེངས་ཤིག ཁོ་མོ་ནི་དེར་མི་འགྲོའོཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློངམ་དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་མི་བྱེད་པ་ལསགྱུར་བའི་ལྟུང་བ་དངོས་གཞིའོ། །

༈ གཞན་ལ་གནོད་པར་སྤྱོད་པ་གསུམ་ལས།

༩༦ དང་པོ་དབུལ་པོ་སྲ་བརྐྱང་སྦྱོརདུ་འཇུག་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་དབུལཔོ་ནད་པ་ཞིག་སྲ་བརྐྱང་དབུལ་དུ་འཇུག་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྱིམཔ་དབུལ་པོ་སྲ་བརྐྱང་སོགས་ཡོ་བྱད་སྦྱོར་དུ་འཇུག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༩༧ གཉིས་པ་དུས་ཀྱི་སྔ་རོལ་ཏུ་སྲ་བརྐྱང་དབྱུང་བ་ལ་ཚོགས་པ་མི་སྦྱིན་པ་བཤདཔ་ལ་གཉིས་ལས། དང་པོ་གླེང་གཞི་ནི། སྲ་བརྐྱང་བཏིང་བ་ལས་དགེ་སློང་མ་ཆོམ་རྐུན་པསབཅོམ་པའི་དོན་དུ་སྲ་བརྐྱང་དུས་ཀྱི་སྔ་རོལ་ཏུ་འབྱིན་པ་ལ་སྦོམ་དགའ་མོ་འདུར་མི་བཏུབ་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་སྲ་བརྐྱང་དབྱུང་བའི་ཕྱིར་དུས་ཀྱི་སྔ་རོལ་ཏུ་བགཡངས་སུ་བྱ་བའི་ལས་ལ་བདག་ཉིད་མཚམས་ནང་ན་གནས་པས་མི་འདུ་ཞིང་འདུན་པ་མི་སྦྱིནཔས་ཚོགས་པ་མི་སྦྱིན་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༩༨ གསུམ་པ་གོས་འགེད་པའི་ཕྱིར་ཚོགས་པ་མི་སྦྱིན་པ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་དགེ་སློང་མ་རྣམས་གོས་ཀྱི་རྙེད་པ་འགེད་པ་ལ་སྦོམ་དགའ་མོ་འདུར་མིབཏུབ་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་སློང་མ་རྣམས་གོས་སོགས་རྙེད་པའགེད་པའི་ཕྱིར་ཡང་བདག་ཉིད་མཚམས་ནང་ན་གནས་པས་ཚོགས་པ་མི་སྦྱིན་པ་ལས་གྱུརབའི་ལྟུང་བ་དངོས་གཞིའོ། །འགེད་པ་ནི་འགྱེད་པའོ། །

༩༩ དབྱར་ཁང་ཡལ་བར་འདོར་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོས་དབྱར་ཁང་སྒོ་བཅད་ནས་ལྡེ་མིག་ཁྱེར་ཏེ་ལྗོངས་རྒྱུ་ཞིང་སོང་བ་ལས། དབྱརཁང་དེར་མེ་ཤོར་ཏེ་དགེ་སློང་མ་རྣམས་ཀྱིས་མེ་བསད་པར་འདོད་པ་ན་སྒོ་དབྱེར་ལྡེ་མིག་མ་རྙེདནས། དབྱར་ཁང་མེས་འཚིག་པར་གྱུར་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མ་དབྱར་ཁངནས་གཞན་དུ་འགྲོ་བ་ན་ཐ་ན་ཁྱིམ་པ་ཡན་ཆད་ལ་དབྱར་ཁང་གི་ལྡེ་མིག་ལ་སོགས་པ་མགཏད་མ་བཅོལ་བར་འགྲོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

འགྲོ་བ་དང་མི་འགྲོ་བ་ལས་གྱུར་པ་བཞི་ལས།

༡༠༠ ལྗོངས་རྒྱུ་ཞིང་འགྲོ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོ་འཁོར་དང་བཅས་པ་དབྱར་གྱིནང་ལོགས་སུ་ལྗོངས་རྒྱུ་ཞིང་འགྲོ་བ་ལས་སོ། །གཉིས་པ་ངོ་བོ་ནི་དབྱར་གྱི་ནང་དུ་ཡུལ་ལྟ་བའིཕྱིར་ལྗོངས་རྒྱུ་ཞིང་རྒྱང་གྲགས་ཀྱི་མཐའ་ལས་འདས་པར་འགྲོ་བ་ལས་གྱུར་བའི་ལྟུང་བདངོས་གཞིའོ། ། ༡༠༡ ལྗོངས་རྒྱུར་མི་འགྲོ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞིནི་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དགག་དབྱེ་བགྱིས་ལགས་ཀྱིས་ལྗོངས་རྒྱུ་ཞིང་བཞུད་དོ། །དེས་སྨྲས་པ། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ཏེ། ད་དུང་རྒྱུ་བའི་དུས་ལ་མབབ་བོ་ཞེས་ཟེར་ཞིང་མི་འགྲོ་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དབྱར་གནས་པརཁས་བླངས་ནས་དབྱར་གནས་ཏེ་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༠༢ ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་བ་བཤད་པ་ལ་གཉིས་ལས།

དང་པོ་གླེང་གཞི་ནི་མ་སྐྱེས་དགྲས་ཡངས་པ་ཅན་དུ་སུ་ཡང་མ་འགྲོ་ཞིག་ཅེས་དྲིལ་བསྒྲགསཔ་བྱས་སོ། །དེ་ནས་དགེ་སློང་མ་རྣམས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་སོང་བ་ན་ལམ་ཀར་ཆོམ་རྐུན་པ་དག་གིས་སུན་ཕྱུང་བ་ལས་སོ། །གཉིས་པ་ངོ་བོ་ནི་ཡུལའཁོར་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པར་དགེ་སློང་མ་འགྲོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༠༣ མི་མཐུན་པ་དང་བཅས་པར་འགྲོ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་ཡངས་པ་ཅན་པ་དག་གིས་རྒྱལ་པོའི་ཁབ་ཏུ་སུ་ཡང་མ་འགྲོ་ཞིག་ཅེས་དྲིལ་བསྒྲགས་པ་བྱས་སོ། །དེ་ནས་དགེ་སློང་མ་རྣམས་དེར་སོང་བ་ན་སུན་ཕྱུང་བ་ལས་སོ། །གཉིས་པ་ངོ་བོ་ནི་ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དྲིལ་བསྒྲགས་པ་དང་བཅས་པར་དགེ་སློངམ་འགྲོ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༠༤ སྨྲ་བ་ལས་གྱུར་པ་ལ་གཉིས་ལས་གཞན་གྱི་གནས་སུ་སོང་སྟེ་རྩོད་པ་བྱེད་པ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམ་དགའ་མོ་ལྷ་ཁང་དུ་སོང་ནས་ལྷ་ཁང་པརྣམས་དང༌། གཞན་ཡང་རྩོད་པ་བ་རྣམས་དང་རྩོད་པར་བྱེད་ཅིང༌། ཁོ་མོས་ལྷ་ཁང་དུ་རྩོད་པབ་རྣམས་ཚར་བཅད་དོ་ཞེས་ཟེར་བར་ལས་སོ། །གཉིས་པ་ངོ་བོ་ནི་འཇིག་རྟེན་པའི་ལྷའི་གནསདང་རྒྱལ་པོའི་ཕོ་བྲང་དང་མུ་སྟེགས་ཅན་གྱི་གནས་ཅི་རིགས་སུ་སོང་སྟེ་རྩོད་པར་བྱེད་དེ་འཐབཀྲོལ་བྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༠༥ སྐབས་མ་ཕྱེ་བར་འདྲི་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམདགའ་མོ་གཙུག་ལག་ཁང་དུ་སོང་ནས་དགེ་སློང་ལ་སྐབས་མ་ཕྱེ་བར་དྲི་བ་དྲིས་པ་དང༌། དྲིབ་དེ་དགེ་སློང་དེས་སྒྲོགས་པར་མ་ནུས་ཏེ་ཞུམ་ཞུམ་པོར་གྱུར་པ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་དགེ་སློང་ལ་སོགས་ལ་ཆོས་འདྲི་བའི་སྐབས་མ་ཕྱེ་བར་འདྲི་བ་ལས་གྱུརབའི་ལྟུང་བ་དངོས་གཞིའོ། །

སྒྲུབ་པ་ལས་གྱུར་པ་གསུམ་ལས།

༡༠༦ ཕྱི་སར་གཅིག་པུ་འགྲོ་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་གཙུག་དགའ་མོས་སྐྱེས་པ་གཅིག་ལ་བརྡ་བྱས་ནས། སྐྱེསཔ་དེ་ནུབ་མོ་འོངས་པ་དང༌། དེས་དེ་དབྱར་ཁང་གི་ཆབ་ཁུང་སར་བཞག་ནས། གཙུག་དགའམོས་བྱ་བ་མང་པོ་བྱས་ནས། ཆབ་ཁུང་སར་སོང་སྟེ། བདག་ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲསཔའི་བྱུང་བ་ལས་སོ། །གཉིས་པ་ངོ་བོ་ནི་དགེ་སློང་མས་ཁྲིམས་གྲོགས་མེད་པར་དབྱར་ཁངགི་ཉེ་འཁོར་ལས་འདས་ཏེ་ཕྱི་སར་དང༌། གཅི་བའི་སར་གཅིག་པུ་འགྲོ་བ་ལས་གྱུར་བའི་ལྟུངབ་དངོས་གཞིའོ། །

༡༠༧ རྩྭ་སྔོན་མི་གཙང་འདོར་བ་བཤད་པ་ལ་གཉིས་ལས། དང་པོ་གླེང་གཞི་ནི་སྦོམདགའ་མོ་བསོད་སྙོམས་ལ་འགྲོ་བ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་མཐོ་འཚམ་མོ། །དེ་ནས་བྲམཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེའི་གསང་ཚིག་ཀློག་པའི་གནས་ནེའུ་གསིང་སྔོན་པོ་ཡོད་པ་དེར། སྦོམདགའ་མོས་འཁྲུ་སྨན་ཟོས་པ་སྟེ། མང་དུ་འཁྲུས་པ་དེས་ནེའུ་གསིང་སྔོན་པོ་སྦགས་པ་ལས་སོ། །

གཉིས་པ་ངོ་བོ་ནི་དགེ་སློང་མས་རྩྭ་སྔོན་པོའི་སྟེང་དུ་བཤང་བ་སོགས་བྱེད་པའམ་བྱས་ཟིནཔ་འདོར་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །

༡༠༨ རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བ་བཤད་པ་ལ་གཉིས་ལས། དངཔོ་གླེང་གཞི་ནི་དཔལ་སྐྱེད་ཅེས་བྱ་བའི་མགོ་ལ་སྦོམ་དགའ་མོས་མ་བརྟག་པར་གཅིན་གཏོརབ་རི་དྭགས་འཛིན་གྱིས་རྒྱལ་བོ་ལ་ཞུས་ཏེ་རྒྱལ་པོས་དཔལ་སྐྱེས་ལ་གླང་པོ་ཆེ་པད་མ་དཀརཔོ་ཞེས་བྱ་བ་གཅིག་དང་དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ། །དེ་ནས་དཔལ་བསྐྱེད་ཀྱིས་དགེ་སློང་མ་དེའི་ཆབ་ནི་བཀྲ་ཤིས་པ་དག་བྱེད་པ་ཡིན་པས་ཞེས་རས་ཡུག་པོ་ཆེ་ཁྱེར་ཏེ་དབྱརཁང་དུ་འོངས་ནས་སྦོམ་དགའ་མོ་ལ་བསྐོན་པ་ལས་སོ། །གཉིས་པ་ངོ་བོ་ནི་ཁང་སྟེང་གི་རྩིགཔའི་ཕག་རྩིག་པའི་ཕྱི་རོལ་ཏུ་འགའ་ཞིག་འདུག་པ་ལ་མི་ཕོག་གམ་ཞེས་མ་བལྟས་པར་བཤངབའམ་གཅི་བར་འདོར་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། ། དེ་ཡན་ཆད་དུ་ལྟུང་བྱེདའབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་པོ་བཤད་ཟིན་ཏོ། །གཞན་ཡང་སོ་སོ་ཐར་པའི་མདོར་སྡོམ་གྱིས་མ་བསྡུས་པའི་ལྟུང་བྱེད་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་པ་ནི། ཡང་དགེ་སློངམ་གང་རི་མོ་མཁན་གྱི་ཁང་པའམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ལྟུང་བྱེད་དོ། །

ཡང་དགེ་སློང་མ་གར་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གླུ་ལེན་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་རོལ་མོ་ལ་བལྟ་བ་ལ་འགྲོ་ན་ལྟུང་བྱེད་དོ། །ཞེས་དེརྣམས་རེ་རེ་ཞིང་སྦོམ་དགའ་མོའི་གླེང་གཞི་དང་བཅས་པ་གསུངས་སོ། །སྐབས་འདིར་བསྡུབའི་ཚིགས་སུ་བཅད་པ་ནི། སྲིན་བལ་བརྟད་བྱུང་དབེན་པར་འདུག་པ་བཞི། །ཉལ་སར་འདུགའགྲེང་གཉིས་དང་གདེང་མེད་སྤྱོད། །ཉེར་གནས་མ་བྱས་གདིང་བ་གཅིག་ཉལ་དང༌། །ཁང་པ་གཉིས་བལྟ་གར་གླུ་རོལ་མོ་བལྟ། །དེ་ལྟར་སྤང་ལྟུང་གཉིས་དང་ལྟུང་བྱེད་འབའ་ཞིག་པབཅུ་བཞི་སྟེ་ལྟུང་བྱེད་བཅུ་དྲུག་པོ་དེ་རྣམས་ནི་སོ་སོར་ཐར་པའི་མདོར་སྡོམ་གྱིས་མ་བསྡུས་ཤིང༌།

མདོ་རྩ་བ་ལས་མ་བཤད་ཀྱང༌། ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་སོ། །དགེ་སློང་མའི་ལྟུང་བྱེད་འབའ་ཞིག་པའི་རྣམ་པར་བཤད་པ་རྫོགས་སོ།། །།

དགེ་སློང་མའི་སོ་སོར་བཤགས་པ།

དགེ་སློང་མའི་སོ་སོར་བཤགས་པར་བྱ་བ།

བཞི་བ་དགེ་སློང་མའི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་འཆད་པ་ལ་སྤྱིའིདོན་དང༌།

སོ་སོའི་དོན་དང་གཉིས། དང་པོ་ལ་གཉིས་ཏེ། དགེ་སློང་ཕའི་རྣམ་འབྱེད་ཀྱིས་བརྗོདཔ་རྣམས་དགེ་སློང་མ་ལ་ཅིར་འགྱུར་དང༌། དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེསློང་ཕ་ལ་ཅིར་འགྱུར་རོ། །དང་པོ་ནི་སོ་སོར་བཤགས་པར་བྱ་བ་ལས། བསླབ་པ་དྲལ་ཏེ་ཁྱིམདུ་འཇུག་པ་ནི་དགེ་སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། སོ་སོར་བཤགས་པར་བྱ་བདང་པོ་དང་གཉིས་པ་དང་བཞི་པ་ནི་མའི་སོ་སོར་ཐར་པ་དང་མའི་རྣམ་འབྱེད་དང་མདོ་རྩ་འགྲེལལས་མ་གསུངས་ཏེ། གཞུང་དེ་དག་ལྟར་ན་སོ་སོར་བཤགས་པར་བྱ་བ་དེ་གསུམ་ནི་དགེ་སློངམ་རྣམས་ཐུན་མོང་དུ་རྣམ་པར་མི་བཞག་གོ །འོན་ཀྱང་ལུང་ཞུ་བ་ལས་དེ་གསུམ་ཡང་དགེ་སློངམ་རྣམས་ལ་ཡོད་པར་གསུངས་ཏེ། སོ་སོར་བཤགས་པར་བྱ་བ་དང་པོའི་ཞུ་བ་ལས། དགེསློང་མས་ཉེ་དུ་མ་ལགས་པའི་དགེ་སློང་ལམ་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ། །ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་གཉིས་པའི་ཞུ་བ་ལས། དགེ་སློང་མས་མ་བསྒོ་བའི་ཟས་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་བཞི་པའི་ཞུ་བལས། དགེ་སློང་མས་རབ་ཏུ་ཡང་དག་པར་མ་བརྟགས་པའི་ནགས་ཀྱི་ཀུན་དགའ་རྭ་བའི་ནངདུ་བཅའ་བ་དང་བཟའ་བ་བླངས་ཏེ་འཚལ་ན་ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ། །ཞེས་གསུངས་སོ། །དེ་ལྟར་ན་སོ་སོར་བཤགས་པར་བྱ་བ་གསུམ་པོ་དེ་དག་ནི། མདོ་རྩ་བསོགས་ལས་མ་གསུངས་ཀྱང༌། ལུང་ཞུ་བ་ལས་ཁ་བསྐང་བར་བྱའོ། །

གཉིས་པ་དགེ་སློང་མའི་རྣམ་འབྱེད་ཀྱིས་བརྗོད་པ་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ནི།

འོ་མ་སློང་བ་ལ་སོགས་པ་ཐུན་མོང་མ་ཡིན་པ་བཅུ་པོ་འདི་དག་ནི། དགེ་སློང་ལ་ལྟུང་བའི་སྡེ་ཚན་གཞན་དུ་འགྱུར་བ་སྟེ། བསོད་པ་སློང་བའི་ལྟུང་བྱེད་དུ་འགྱུར་རོ། །

གཉིས་པ་སོ་སོའི་དོན་ནི། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ལ་ཚན་པ་གཉིསསུ་དབྱེ་སྟེ། ཐུན་མོང་མ་ཡིན་པ་བཅུར་དབྱེ་བ་དང་ཐུན་མོང་བ་མིང་ཙམ་དུ་བསྟན་པའོ། །དང་པོ་ནི། རྩ་བར། གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུངས་བ་ལས་སོ། །མི་ན་བས་སོ། །ཞེས་པ་ལ་སོགས་པའོ། །འདིའི་དོན་ལ་གསུམ་ལས། དང་པོ་འདི་རྣམས་ཀྱིགླེང་གཞི་ནི། བཅུ་གཉིས་སྡེ་རྣམས་ཀྱིས་གཞན་གྱི་ཁྱིམ་དག་ནས་འོ་མ་ལ་སོགས་པ་བཅུ་པོའདི་རྣམས་སྔ་མ་སྔ་མ་བཀག་པའི་ཚེ་ཕྱི་མ་ཕྱི་མ་བསླངས་ཏེ་དོན་ཉུང་བའི་དགེ་སློང་མ་རྣམསསྨོད་པར་བྱེད་པ་ལས་སོ། །གཉིས་པ་དགག་བྱ་ནི་ཁྱིམ་པའི་ལོངས་སྤྱོད་ལ་གནོད་པ་དང༌། ཟས་བཟང་པོ་ལ་རང་འདོད་ཆེས་པའོ། །གསུམ་པ་ངོ་བོ་ནི་དགེ་སློང་མས་རང་གི་ཉེ་དུ་ལསགཞན་པའི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་བདག་གི་དོན་དུ་འོ་མ་ངག་གི་རིག་བྱེད་ཀྱིས་བསླངསྟེ་འཐུངས་པ་ལ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་དངོས་གཞི་བསྐྱེད་པའོ། །ཞོ་དང་མར་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་ལ་དེ་བཞིན་དུ་སྦྱར་རོ། །

གཉིས་པ་ཐུན་མོང་བ་མིང་ཙམ་དུ་བསྟན་པ་ནི། རྩ་བར། དམག་དཔོན་སེང་གེ་ལས་གྱུར་པའོ། །ཞེས་སོ། །

དགེ་སློང་མའི་སོ་སོར་བཤགས་པར་བྱ་བའི་རྣམ་པར་བཤད་པ་རྫོགས་སོ།། །།

དགེ་སློང་མའི་ཉེས་བྱས་བརྒྱ་དང་བཅུ་གཉིས་འཆད་པ།

དགེ་སློང་མའི་ཉེས་བྱས་བརྒྱ་དང་བཅུ་གཉིས་འཆད་པ།

ལྔ་བ་དགེ་སློང་མའི་ཉེས་བྱས་བརྒྱ་དང་བཅུ་གཉིས་འཆད་པ་ལ། རྩ་བར།

ཤམ་ཐབས་རྐེད་པ་སྣང་བར་བགོ་བར་མི་བྱའོ། །ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །དགེ་སློང་དག་ལས་གྱུར་བ་བཞིན་ནོ། །བསླབ་པ་རྣམས་སོ། །ཞེས་བྱུང༌།

འདིའི་དོན་ནི། རྩ་བར། ཤམ་ཐབས་རང་གི་ལུས་ཀྱི་རྐེད་པ་སྣང་བར་བགོ་བར་མི་བྱའོ། །

ཞེས་དགེ་སློང་མས་དཔྱི་མགོ་བས་ཤམ་ཐབས་དམའ་བར་བགོ་བར་མི་བྱ་ཞེས་མའི་སོ་སོཐར་པའི་འགྲེལ་པ་ལས་སོ། །དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུརཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །དེ་གཉིས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། སྔ་མ་ནིདགེ་སློང་ཕ་ལ་ཉེས་པ་མེད་ལ། ཕྱི་མ་ནི་དགེ་སློང་ཕ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །འོ་ན་དགེསློང་ཕའི་རྣམ་འབྱེད་དུ་བསྟན་པའི་ཉེས་བྱས་བརྒྱ་དང་བཅུ་གཉིས་པོ་དེ་དགེ་སློང་མ་ལ་ཅིར་འགྱུར་ཞེ་ན། ཉེས་བྱས་ཀྱི་སྡེའི་བསླབ་པ་རྣམས་ནི་དགེ་སློང་དག་ལས་གྱུར་པ་བཞིན་དུ་དགེསློང་མ་རྣམས་ཀྱི་ཡང་དེ་བཞིན་ནོ། །འདི་ལ་དམིགས་བསལ་གཉིས་ཏེ། ཁྱིམ་དུ་མ་བསྒོ་བརསྟན་ལ་འདུག་པ་དང༌། རྩྭ་སྔོན་མི་གཙང་འདོར་བ་གཉིས་ནི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུརབས་དེ་གཉིས་འདིར་མི་བགྲང་ངོ༌། །དེ་གཉིས་མ་གཏོགས་པ་ཉེས་བྱས་བརྒྱ་རྩ་བཅུ་ནི་དགེ་སློང་མ་རྣམས་ཀྱི་ཡང་ཉེས་བྱས་སོ། །དེ་དག་གི་སྟེང་དུ་སྔ་མ་གཉིས་བསྣན་པས། དགེ་སློང་མལ་ཡང་ཉེས་བྱས་བརྒྱ་རྩ་བཅུ་གཉིས་སོ། །དགེ་སློང་མའི་བསླབ་པར་བྱ་བའི་ཆོས་རྣམསརྫོགས་སོ། །དགེ་སློང་མའི་རྣམ་པར་འབྱེད་པའི་རྣམ་པར་བཤད་པ་རྫོགས་སོ།། །།

འདུལ་བའི་སྤྱིར་བསྟན་གྱི་རྣམ་པར་བཤད་པ།

འདུལ་བའི་སྤྱིར་བསྟན་གྱི་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ། །

གཉིས་པ་ཞུ་བ་ཕལ་ཆེ་བའི་སྐབས་སྤྱིར་བསྟན་པ་ནི། དེ་ལྟར་དགེ་སློང་ཕ་མའི་རྣམ་འབྱེདསོ་སོར་བསྟན་ཟིན་ནས། ཞུ་བའི་སྐབས་སྤྱིར་བཤད་པ་ལ། རྩ་བར། ཉམས་པ་དང་མ་ཆགསཔ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་སོགས་མདོ་རེ་ལྔ་བྱུང༌། འདིའི་དོན་འཆད་པ་ལ། སྤྱིའི་དོན་དང་སོ་སོའི་དོན་གཉིས་ལས། དང་པོ་ལ་རྣམ་འབྱེད་དང་སྤྱིར་བསྟན་གཉིསཀྱི་གོ་རིམ་དང༌། ལུང་གང་ལས་བསྡུས་པ་དང༌། སྤྱིར་བསྟན་གྱི་དགོས་དོན་དང༌། སྤྱིར་བསྟནཔའི་བསྡུས་དོན་བཞི། དང་པོ་ནི་ཊཱི་ཀ་ལས། ཉེ་བར་འཁོར་གྱིས་ཞུས་པ་ལས། ལྟུང་བའིམཚན་ཉིད་རྣམ་པ་གཉིས་སུ་གསུངས་ཏེ། ཕམ་པར་འགྱུར་བ་ལ་སོགས་པ་དག་ལ་སོ་སོརངེས་པ་དང་སྤྱིར་བསྟན་པའོ། །དེ་ལ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་དེ་ཉིད་དང་ཅིག་ཅརརྣམ་པར་བཤད་ཟིན་ཏོ། །སྤྱིར་བསྟན་པ་གང་ཡིན་པ་དེ་ནི་འདི་མན་ཆད་དུ་རྣམ་པར་བཤད་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་སྤྱིར་བསྟན་པ་འདི་ཆོས་ཅན། རྣམ་འབྱེད་གཉིས་ཀྱི་ཕྱིནས་བསྟན་པ་མི་འཐད་པར་ཐལ། རྣམ་འབྱེད་གཉིས་ལས་ཡི་གེ་ཉུང་བའི་ཕྱིར་རོ། །ཁྱབ་པ་ནི་སྒྲའི་བསྟན་བཅོས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་ལསྦྱར། །ཞེས་གསུངས་པའི་ཕྱིར་ཟེར་ན་སྒྲའི་བསྟན་བཅོས་ལས་བཤད་པ་དེ་ནི། རྒྱུ་མཚནགཞན་མེད་པའི་དབང་དུ་བྱས་པ་ཡིན་ལ། འདིར་རྣམ་འབྱེད་ནི་གཏན་ལ་དབབ་བྱ་ཡིན་ལ། ཞུ་བ་སྤྱིར་བསྟན་པ་ནི་གཏན་ལ་འབེབས་བྱེད་ཡིན་པས། ཊཱི་ཀ་ལས། རྣམ་པར་འབྱེད་པའིཤན་ཡིན་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ནི་སྤྱིར་བསྟན་ཞེས་པའི་ལེའུ་ལོགས་ཤིགཏུ་ལུང་ལས་མ་གསུངས་པས། རང་བཟོའི་ཉེས་པར་འགྱུར་རོ་ཞེ་ན། སྤྱིར་བསྟན་ལ་མདོ་ཐུནམོང་བ་དྲུག་ཅུ་རྩ་ལྔ་ལས། ༡༢རྫས་བཀག་པ་བས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ། །༡༣འདྲ་བ་ལ་ཡང་ངོ། །ཞེས་དང༌། ༤༣མི་ལ་དུད་འགྲོ་ཡང་ངོ། །ཞེས་པའི་མདོ་གསུམནི་ལུང་རྣམ་འབྱེད་ལ་བརྟེན་ནས་གསུངས་ལ། ༤༤རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་གོ། །ཞེས་པ་ལུང་འདུལ་བྱེད་ལ་བརྟེན་ནས་གསུངས་ཤིང༌།

སྤྱིར་བསྟན་གྱི་མདོ་གཞན་རྣམས་ནི་ལུང་ཞུ་བ་ལས་གསུངས་པ་བསྡུས་སོ། །དེ་ཡང་མདོ་སྔ་མ་གཉིས་ནི་ལུང་རྣམ་འབྱེད་དུ་ཆ་གཉིས་བསྲེ་བའི་སྐབས་ལས་བལ་ནག་པོ་འབའ་ཞིག་མོད་པ་དང་རིན་མཉམ་པ་དང་དཀར་པོ་དང་འཁོབ་བལ་དཀོན་པ་དང་རིན་ཆེ་བར་གྱུར་ན་ལྟུང་བམེད་དོ་ཞེས་གསུངས་ལ། དེའི་འོག་མ་ནི་ལུང་རྣམ་འབྱེད་ལས་རེག་པ་འཁྲིག་ཚིག་བསྙེནབཀུར་བསྔགས་པའི་སྐབས་སུ་དུད་འགྲོ་མོ་ལ་ཉེས་བྱས་སུ་གསུངས་པ་བསྡུས་སོ། །དེའི་འོགམ་ནི་ལུང་འདུལ་བྱེད་ལས། འཁྲིག་ཚིག་སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་སྨྲསན་སྦོམ་པོའོ། །རྫུ་འཕྲུལ་གྱི་ཆོས་ཅན་མོ་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ། །ཞེས་གསུངསཔ་བསྡུས་སོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་དད་པ་ཉིད་དོ་ཞེས་པ་ནི་དེང་སང་ལུང་ན་མི་སྣང་ཡང༌། ལོ་དྲུག་གི་སྟན་དང་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ཊཱི་ཀས་ལུངཞུ་བ་ཁུངས་སུ་དྲངས་སོ། །༡༩ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ། །ཞེས་པ་ནི་སྤོ་བའི་གཞིའིལུང་ཞུ་བ་ལས་གསུངས་པ་བསྡུས་སོ། །སྤྱིར་བསྟན་གྱི་གཞུང་འདི་རྣམས་ཀྱིས་མདོར་བསྡུསབསྟན་པ་ཐམས་ཅད་ནི་ལུང་ཕྲན་ཚེགས་ལས་བསྡུས་ཏེ། འདུལ་བ་མདོར་བསྡུས་ནི་ལུངཕྲན་ཚེགས་ལས་གསུངས་པས་སོ། །

གསུམ་པ་སྤྱིར་བསྟན་གྱི་དགོས་དོན་ལ། མདོར་བསྡུས་རྟོགས་པར་བྱེད་པ་དང༌།

ཚིག་ཚོགས་བསྐྱུང་བ་དང༌། གཉིས་ཀ་སྟོན་པའི་དགོས་པ་དང་གསུམ། དང་པོ་ནི། རྫུ་འཕྲུལགྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན། ཞེས་གསུངས་པ་ལྟ་བུ་སྟེ། ལུང་འདུལ་བྱེད་ལས་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དེ་འཁྲིག་ཚིག་སྨྲ་བའི་ཡན་ལག་ཡིན་པར་དངོས་སུ་གསུངས་པས། བསྙེན་བཀུར་བསྔགས་པ་ལ་སོགས་པ་ཡུལ་མཚན་མི་མཐུནཔ་ཡན་ལག་ཏུ་དགོས་པ་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་ཏེ་སྤྱིར་གསུངས་པ་ལྟ་བུའོ། །

གཉིས་པ་ཚིག་ཚོགས་བསྐྱུང་བ་ནི། རྫུན་སྨྲ་བའི་ཕམ་པ་ལ་སོགས་པ་མཐར་ཐུག་དོན་གོ་བཡན་ལག་ཏུ་དགོས་པ་ཉི་ཤུ་རྩ་དགུ་པོ་ཐམས་ཅད་ལ་རེ་རེ་ལ་རེ་རེ་ལུང་ལས་གསུངས་པ་ལསརྩ་བ་འདིར། ༥༨རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་ཚིག་གཅིག་ཏུ་བསྡུས་པ་ལྟ་བུའོ། །སྒོ་མང་ཡིག་ཆར་དོན་གོ་ཡན་ལག་དགོས་པ་སུམ་ཅུ་གསུངས་སོ། །གསུམ་པ་ཚིག་ཚོགསབསྐྱུང་བ་དང་མདོར་བསྡུས་རྟོགས་པར་བྱེད་པ་གཉིས་ཀ་སྟོན་པ་ནི། དགེ་སློང་ཕའི་རྣམ་འབྱེདཀྱི་ཞུ་བ་ལས་སོ་སོར་བཤགས་པ་ཡན་ཆད་ལྟུང་བ་སྡེ་བཞི་པོ་རྣམས་ཀྱི་སྐབས་སུ་རྫུན་སྨྲའིཕམ་པ་ལ་སོགས་པ་བཞི་བཅུ་རྩ་གཉིས་མ་གཏོགས་པ་བསླབ་ཚིགས་གཅིག་པ་ཡན་ལག་ཏུ་དགོས་པར་རེ་རེ་ལ་རེ་རེ་ལུང་ལས་གསུངས་པ་ལས། འདིར་ཚིག་གཅིག་ཏུ་བསྡུས་ཤིང༌། བཞི་བཅུ་རྩ་གཉིས་པོ་དེ་དག་རྣམས་ལ་ཡང་མདོར་བསྡུས་སྦྱར་ཏེ། རྩ་བར། ༡༠ཚིགས་སྔམར་སྦྱོར་བ་བྱས་པ་ལ་ཡང་ངོ། །ཞེས་སྤྱིར་གསུངས་པ་ལྟ་བུའོ། །བཞི་པ་སྤྱིར་བསྟན་པའིབསྡུས་པའི་དོན་ལ། སྤྱིར་བསྟན་གྱི་སྒྲ་བཤད་པ་དང༌། ཡན་ལག་རྣམ་པར་བཞག་པ་དང༌། ལྟུང་བ་རྣམ་པར་བཞག་པ་སྐྱེ་ལུགས་དང་གསུམ། དང་པོ་སྤྱིར་བསྟན་གྱི་སྒྲ་བཤད་པ་ལ་གསུམལས། མཐའ་དག་ལ་སྤྱིར་བསྟན་པས་ནི་སྤྱིར་བསྟན་པ་སྟེ། མདོ་དང་པོ་ལྟ་བུ་སྡོམ་གྱིས་བསྡུསཔའི་ལྟུང་བ་སྡེ་ལྔ་པོ་མཐའ་དག་ལ་སྤྱིར་བསྟན་པའོ། །ཕལ་ཆེར་ལ་སྤྱིར་བསྟན་པས་ན་སྤྱིར་བསྟན་པ་སྟེ། རྩ་བར། ༤བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་དགྲ་བཅོམ་ཐོབ་པ་བདེནསྨྲའི་ལྟུང་བྱེད་དང་རྣམ་དག་ཚོགས་སྐབས་སུ་ལས་ཀྱི་གནས་ནས་མ་སྨྲས་པར་འགྲོ་བའི་ལྟུངབྱེད་ལྟ་བུ་མ་གཏོགས་པར་ཕལ་ཆེར་ལ་སྤྱིར་བསྟན་པ་ལྟ་བུའོ། །གུང་སྡོམ་ན་བསླབ་བྱིན་ལའདུན་པ་ཕྱིར་བསྒྱུར་འབྱུང་བ་མེད་པར་གསུངས་སོ། །སྤྱིར་བསྟན་གྱི་ཞར་ལ་བྱུང་བས་ནསྤྱིར་བསྟན་པ་ཞེས་བཏགས་ཏེ། རྩ་བར། ༢༡མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ། །༤༥

རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །༤༦ག་ག་ཚིལ་བྱེད་པ་ལ་ཡང་ངོ༌། །༤༧སེན་མོ་དངསོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་གཞན་དང་ལྡན་པ་ཉིད་དོ། །༦༠ཡང་དག་པར་ལེནཔར་བྱེད་པ་ལ་ནི་དེར་མ་ཟད་དོ། །༦༡དེ་ནི་སྣོད་ཡིན་ནོ། །ཞེས་པའི་མདོ་དྲུག་ནི་སྤྱིར་བསྟན་གྱི་ཞར་ལ་བྱུང་བའོ། །

འདིར་འགྱུར་གྱི་ཡན་ལག

འདིར་འགྱུར་གྱི་ཡན་ལག

གཉིས་པ་ཡན་ལག་རྣམ་པར་བཞག་པ་ལ། འདིར་འགྱུར་གྱི་ཡན་ལག་དང༌། ངེས་གཟུང་གི་ཡན་ལག་དང་གཉིས། དང་པོ་ནི་ལྟུང་བ་བསྐྱེད་པའི་ཡན་ལག་ཏུ་རྟེན་རྣམ་དགའདིས་ཀྱང་འགྱུར་ཏེ། བསླབ་པ་བྱིན་པ་འདིས་ཀྱང་འགྱུར་ཞེས་བསླབ་པ་བྱིན་པ་ནི་འདྲ་བཉིད་དོ་ཞེས་པ་ལྟ་བུའོ། །གཉིས་པ་ངེས་གཟུང་གི་ཡན་ལག་ལ་གཉིས་ཏེ། ཐུན་མོང་གི་ཡནལག་དང་ཐུན་མོང་མ་ཡིན་པའི་ཡན་ལག་གོ །དང་པོ་ནི། བསླབ་པའི་ཡན་ལག་བསྙེན་རྫོགསཀྱི་སྡོམ་པ་སྐྱེས་ལ་མ་ཉམས་པ་ལྟ་བུའོ། །གཉིས་པ་ལ་བཞི་སྟེ། གཞིའི་ཡན་ལག་དང༌། བསམཔ་དང༌། སྦྱོར་བ་དང༌། མཐར་ཐུག་པའི་ཡན་ལག་གོ །དང་པོ་གཞིའི་ཡན་ལག་ནི་སྲོག་གཅོདཕམ་པའི་གཞི་མི་ཡིན་པ་ལྟ་བུ་སྟེ། འདུ་ཤེས་ཀྱིས་དམིགས་པའི་གཞི་ཡིན་ཞིང༌། ཀུན་སློང་སྐྱེཔའི་གཞི་ཡིན་ལ། སྦྱོར་བ་འཇུག་པའི་གཞི་ཡིན་པས་གཞི་ཞེས་བྱའོ། །དེ་ཡང་གཞི་སེམས་ཅནདང༌། སེམས་ཅན་མ་ཡིན་པ་དང༌། དེ་གཉིས་ཀ་ཡན་ལག་ཏུ་གྱུར་པའོ། །དེ་ཡང་སེམས་ཅན་སྤྱིས་བསྐྱེད་པ་ནི་ཕམ་ལྷག་དང་པོ་གཉིས་སོ། །སེམས་ཅན་བྱེ་བྲག་གིས་བསྐྱེད་པ་ལ་གཉིས་ཏེ། གཞི་མི་ལས་གྱུར་པ་དང༌། དུད་འགྲོ་ལས་གྱུར་པའོ། །མི་མ་ཡིན་ལས་ནི་ལྟུང་བ་དངོསགཞིར་བཅས་པ་མེད་དོ། །དང་པོ་ལ་གཉིས། མི་སྤྱིས་བསྐྱེད་པ་དང༌། མི་བྱེ་བྲག་གིས་བསྐྱེདཔའོ། །དང་པོ་ནི་སྲོག་གཅོད་པའི་ཕམ་པ་སྟེ། རང་གིས་ཀྱང་གཞན་རྒྱུད་ལ་ཕམ་པ་དེ་བསྐྱེདཔར་ནུས་སོ། །གཉིས་པ་ལ་ཚན་པ་དགུ་སྟེ། ཐ་སྙད་དང་ལྡན་པ་སྤྱིས་བསྐྱེད་པ་བཅུ་གཉིསདང༌། བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་པ་བཞི་དང༌། བསྙེན་པར་རྫོགས་པ་སྤྱིས་བསྐྱེདཔ་གསུམ་དང༌། དགེ་སློང་ཕས་བསྐྱེད་པ་བཞི་བཅུ་རྩ་དྲུག་དང༌། དགེ་སློང་མས་བསྐྱེད་པ་བཅུ་བཞི་དང༌། དགེ་ཚུལ་གྱིས་བསྐྱེད་པ་གཅིག་དང༌། རབ་ཏུ་བྱུང་བ་སྡེ་ལྔ་སྤྱིས་བསྐྱེད་པ་གཉིསདང༌། མུ་སྟེགས་ཅན་གྱིས་བསྐྱེད་པ་གཉིས་དང༌། ཁྱིམ་པས་བསྐྱེད་པ་རྣམས་སོ། །དེ་ལ་བཞིསྟེ། ཁྱིམ་པ་སྤྱིས་བསྐྱེད་པ་ཉི་ཤུ་རྩ་བདུན་དང༌། ཁྱིམ་པ་ཕོས་བསྐྱེད་པ་དམག་ལྟུང་གསུམ་རྐུནམ་དང་འགྲོ་བ་བཞི་དང༌། ཁྱིམ་པ་མོས་བསྐྱེད་པ་ཆོས་སྟོན་ལམ་འགྲོ་གཉིས་དང༌། ཕོ་མོ་ཚོགསཔས་བསྐྱེད་པ་ཉལ་ཤོམ་གཉིས་སོ། །གཞི་དུད་འགྲོས་བསྐྱེད་པ་ནི་དུད་འགྲོ་འདེབས་སྤྱོདགསོད་གསུམ་མོ། །གཞི་སེམས་ཅན་མ་ཡིན་པས་བསྐྱེད་པ་ལ་གཉིས་ཏེ། འབྱུང་བས་བསྐྱེད་པ་དང༌། འབྱུང་བ་ལས་གྱུར་པས་བསྐྱེད་པའོ། །དང་པོ་ནི་ས་རྐོ་བ་དང་མེ་ལ་རེག་པ་དང་ཆུ་ལཁྲུས་བྱེད་པ་དང༌། ཆུ་ལ་རྩེ་བ་སྟེ་བཞིའོ། །རླུང་ལས་ཀྱང་བསླབ་བྱའི་ཉེས་བྱས་སུ་འགྱུར་པཡོད་དེ། ས་བོན་འཇོམས་པའི་སྐབས་སུ་རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་ཞེས་པ་ནི་སྦྱོར་བའི་ཡན་ལག་བསྟན་པ་ཡིན་གྱི། གཞིའི་ཡན་ལག་ནི་མ་ཡིན་ནོ། །འབྱུང་བ་ལས་གྱུར་པསབསྐྱེད་པ་ཚན་པ་ལྔ་སྟེ། གནས་ལས་གྱུར་པ་བཅུ་གསུམ་དང༌། གོས་ལས་གྱུར་པ་སུམ་ཅུ་རྩདྲུག་དང༌། ཟས་ལས་གྱུར་པ་ཉི་ཤུ་རྩ་གཉིས་དང༌། སྣོད་སྤྱད་ལས་གྱུར་པ་གསུམ་དང༌། ལྟུངབ་ལ་བརྟེན་པ་ལྔའོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང་ཀུན་སློང་ངོ༌། །དང་པོ་ནི་ངེས་པའིའདུ་ཤེས་སམ་གཞིའི་ཡན་ལག་གི་རྣམ་པ་མ་དོར་བའི་ཡིད་གཉིས་ཀྱང་རུང་སྟེ། འདུལ་བའིལུགས་ཀྱིས་ཡིད་གཉིས་ཀྱང་འདུ་ཤེས་ཡིན་ཏེ། ཊཱི་ཀ་ལས། ཡིད་གཉིས་ཟ་བའི་འདུ་ཤེསཀྱིས་སྤྱད་ན། ཞེས་གསུངས་སོ། །གཞིའི་ཡན་ལག་གི་རྣམ་པ་དོར་བའི་ཡིད་གཉིས་ནི། ཡནལག་མ་ཡིན་ཏེ། སེམས་ཅན་གྱི་རྣམ་པ་དོར་ཏེ། འདི་ཐོ་ཡོར་ཡིན་ནམ་སྡོང་དུམ་ཡིན་སྙམ་དུ་ཡིད་གཉིས་ཟ་བ་ལྟ་བུའོ། །ཀུན་སློང་ལ་གསུམ་ལས། རྫོགས་པར་བྱེད་པའི་ཀུན་སློང་ནི་བཏངབ་ཡང་ངོ་ཞེས་པའི་ཤུགས་ཀྱིས་བསྟན་ཏོ། །རིགས་འབྱེད་པའི་ཀུན་སློང་ནི། དེའི་ཆ་ནི་དེར་གཏོགས་སོ། །ཞེས་པས་བསྟན་ཏོ། །ཆེད་དུ་བྱ་བའི་ཀུན་སློང་ནི་རང་གི་དོན་ཉིད་གཙོ་ཆེརཡོད་པའོ་ཞེས་པས་བསྟན་ཏེ། དེ་ལྟར་ན་རང་དོན་ཡན་ལག་ཏུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་གི་སྐབས་སུ་ནི་ཀུན་སློང་ཆོས་གསུམ་ལྡན་ཡིན་ལ། དེ་དག་ལས་གཞན་གྱི་སྐབས་སུ་ནི་ཀུན་སློང་ཆོས་གཉིས་ལྡན་ནོ། །

གསུམ་པ་སྦྱོར་བའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་རང་ཁོ་ནའི་བྱེད་པ་ཅན་དང༌། གཞན་ལ་བཅོལ་ཡང་རྫོགས་པའི་བྱེད་པ་ཅན་ནོ། །དང་པོ་ལ་བཞི་ལས། སྦྱོར་བ་ལུས་ཁོ་ནའི་བྱེད་པ་ཅན་ནི་ཕམ་པ་དང་པོ་ལ་སོགས་པའོ། །སྦྱོར་བ་ངག་ཁོ་ནའི་བྱེད་པ་ཅན་ནི་རྫུན་སྨྲའི་ཕམ་པ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གང་ཡང་རུང་བའི་བྱེད་པ་ཅན་ནི་བྱིན་འཕྲོག་བྱེད་པའི་སྤང་བ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གཉིས་ཀ་དགོས་པའི་བྱེད་པ་ཅན་ནི་ཟས་བསོདཔ་ངག་གིས་སློང་ཞིང་ཟ་བའི་ལྟུང་བྱེད་ལ་སོགས་པའོ། །གཉིས་པ་ནི་མ་བྱིན་ལེན་གྱི་ཕམ་པ་ལྟ་བུའོ། །

བཞི་པ་མཐར་ཐུག་གི་ཡན་ལག་ནི།

སིལ་བུར་གནས་ཏེ་སྤྱིའི་ཆོས་སུ་འགྲོ་བ་ཤས་ཆུང་ལ། སྤྱིར་བསྟན་གྱི་སྐབས་འདིར་ཡང་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་པའི་ཕྱོགས་གཅིགགིས་མཐར་ཐུག་བསྟན་ཏོ། །

གསུམ་པ་ལྟུང་བ་རྣམ་པར་བཞག་པ་སྐྱེ་ལུགས་ནི། ལྟུང་བ་གཅིག་ཏུ་སྐྱེ་བ་དང་དུ་མརསྐྱེ་བ་གཉིས་ལས། དང་པོ་ནི་རྣམ་འབྱེད་དུ་བསྟན་ལ། གཉིས་པ་ནི་འདིར་བསྟན་ཏེ། དེ་ལདྲུག་ལས། བསླབ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི། ༢༧ཉེས་པ་དེ་མེད་པ་ཉིད་ལ་ནི་འོངབ་ཐ་དད་དོ། ། ཞེས་སོ། །བསམ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི། ༢༨བཏང་བ་ཡངངོ། །ཞེས་སོ། །བཅས་པ་ཐ་དད་པས་ལྟུང་བ་ཐ་དད་པ་ནི་༢༩གཞི་གཅིག་ལ་དུ་མ་ཞེས་སོ། །ཀུན་སློང་ཐ་དད་པས་ལྟུང་བ་ཐ་དད་པ་ནི། །༣༠དེའི་ཆ་ནི་དེར་གཏོགས་སོ་ཞེས་སོ། །གཞི་ཐ་དད་པས་ལྟུང་བ་ཐ་དད་པ་དང་སྦྱོར་བ་ཐ་དད་པས་ལྟུང་བ་ཐ་དད་པ་ནི། ༣༢བྱ་བ་དུ་མའི་འབྲསབུས་ལྟུང་བ་རྣམ་པར་མི་བཞག་གོ། །ཞེས་སོ། །

གཉིས་པ་སོ་སོའི་དོན་བཤད་པ།

གཉིས་པ་སོ་སོའི་དོན་བཤད་པ།

གཉིས་པ་སོ་སོའི་དོན་བཤད་པ་ལ། ལྟུང་བ་བསྐྱེད་པ་རྟེན་གྱི་ཡན་ལག་དང༌། སྦྱོརབ་འཇུག་པ་ཡུལ་གྱི་ཡན་ལག་དང༌། ཐ་དད་དུ་སྐྱེ་ལུགས་ཞར་བྱུང་དང་བཅས་པ་དང༌། བསམཔ་དང་དངོས་པོའི་བྱེད་པ་ཞར་བྱུང་དང་བཅས་པ་དང༌། སེལ་བ་དབང་དུ་བྱེད་པ་ཡན་ལགདང་བཅས་ཏེ་བསྟན་པ་དང་ལྔ། དང་པོ་ལ་བསླབ་པའི་ཡན་ལག་ཞར་བྱུང་དང་བཅས་པ་དང༌། བསམ་པའི་ཡན་ལག་སེལ་བ་དང་བཅས་པ་དང༌། ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅསཔ་དང༌། མཚན་གྱི་ཡན་ལག་ཞར་བྱུང་དང་བཅས་པ་བཞི། དང་པོ་ལ་གསུམ་སྟེ། སེལ་བའིསྒོ་ནས་བསླབ་པའི་ཡན་ལག་བསྟན་པ་དང༌། བསླབ་པ་བྱིན་པ་ལ་ལྟུང་བ་སྡེ་ལྔ་འབྱུང་རུངདུ་བསྟན་པ་དང༌། བསླབ་པ་བྱིན་པ་ཡུལ་དུ་བྱེད་པ་ཞར་བྱུང་དུ་བསྟན་པའོ། །དང་པོ་ལ་གཉིསཏེ། སྡོམ་པ་སྐྱེས་ལ་མ་ཉམས་པའི་སེལ་བ་བསྟན་པ་དང༌། རབ་བྱུང་བསྙེན་པར་མ་རྫོགསཔ་གསུམ་གྱི་ལྟུང་བ་བསྟན་པའོ། །དང་པོ་ནི། རྩ་བར། ༡ཉམས་པ་དང་མ་ཆགས་པ་གཉིསལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ། ཡན་ལག་གིཁྱབ་པ་དང༌། ཡན་ལག་གི་ངོ་བོ་དང༌། སེལ་བ་དང༌། ཅིར་འགྱུར། རྒྱུ་མཚན་དང༌། ཉམས་ཚུལ་དང་དྲུག དང་པོ་ནི་ལྟུང་བ་སྡེ་ལྔ་མཐའ་དག་ལ་སྦྱར་རོ། །མདོ་འདིས་ཉམས་པ་དང་མ་འཆགས་པ་གཉིས་སྡོམ་བསྡུས་ཀྱི་ལྟུང་བ་སྡེ་ལྔ་གང་གི་གཞི་ལ་ཞུགས་ན་ཉེས་བྱས་སུ་གསུངས་པ་ལྟར་ན། ཕའི་འབྲལ་སྤང་དང་དགོན་འབྲལ་གཉིས་སོགས་ཀྱི་གཞི་ལ་ཞུགས་ན་ཉེས་བྱས་སུ་འགྱུར་དགོས་པ་ལ། དེ་མི་འགྱུར་ཏེ། དེ་དག་ལ་ཆོས་གོས་བྱིན་རླབས་ཅན་མེད་པས་དེས་འབྲལ་བའི་གཞི་ལ་ཞུགས་པ་མེད་པའི་ཕྱིར་ཟེར་ན་དཔྱད་པར་ཞུ། གཉིས་པ་ནིབསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའོ། གསུམ་པ་སེལ་བ་ནི་དེ་ལསབཟློག་པ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་དང༌། བླངས་ཀྱང་སྡོམ་པ་མ་སྐྱེས་པ་དང༌། སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པའོ། །བཞི་པ་ཅིར་འགྱུར་ནི་སྡོམ་པ་གཏན་ནསམ་བླངས་པའི་ཁྱིམ་པ་ཕོ་མོ་ལ་ལྟུང་བ་མེད་ལ། བླངས་ཀྱང་རྫོགས་པར་མ་བླངས་པ་རབ་ཏུ་བྱུང་བ་རྣམ་གསུམ་ལ་ཉེས་བྱས་གསུམ་ཅི་རིགས་པར་འགྱུར་ཏེ། འཆང་བ་ལ་སོགས་པ་གནངབ་རྣམས་ནི་མ་གཏོགས་སོ། །ཉམས་པ་དང་མ་སྐྱེས་པ་ལ་ནི་ཉེས་བྱས་ཙམ་མོ། །དེ་ཡང་རྣམའབྱེད་ལས། ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ། །ཞེས་ལྟུང་མེད་དུ་བྱུང་བདང༌། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་སྟེ་ཉེསབྱས་སོ། །ཞེས་དང༌། ཉམས་པ་དང་མ་འཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས། ཞེསགསུངས་སོ། །ལྔ་པ་རྒྱུ་མཚན་ནི། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ལ་ལྟུང་བ་མེདདེ། བཅས་པ་མེད་པའི་ཕྱིར་རོ། །དྲུག་པ་ཉམས་པ་ལ། གང་ཉམས། གང་ལས་ཉམས། གངགིས་ཉམས། ཚུལ་ཇི་ལྟར་ཉམས། དེས་ལྟུང་བ་ལ་སྦྱོར་ན་ཅིར་འགྱུར་དང༌། དགག་སྒྲུབ་གང་གིཆེད་ཡིན་པ་དང༌། སྒྲུབ་བྱེད་ལུང་དང་སྦྱར་བ་དང་བདུན། དང་པོ་གང་ཉམས་ན་ལྟུང་བ་ཀུན་ཏུསྤྱོད་པའི་གང་ཟག་དེ་ཉམས་སོ། །གཉིས་པ་གང་ལས་ཉམས་ན་བསྙེན་རྫོགས་ཀྱི་སྡོམ་པདགོས་པ་སྒྲུབ་ནུས་དེ་ལས་ཉམས་སོ། །གསུམ་པ་གང་གིས་ཉམས་ན་ཕམ་པ་འཆབ་སེམསདང་བཅས་པ་དེས་ཉམས་སོ། །བཞི་བ་ཚུལ་ཇི་ལྟར་ཉམས་ན་ཕྱིར་བཅོས་སུ་མི་རུང་བར་ཉམསལ། དེའི་དོན་གཏན་ལ་དབབ་པ་ལ་མཚོ་ཊཱིཀ་ལྟར་གཞན་ལུགས་དགག་པ་དང༌། བྱེ་སྨྲའི་རངལུགས་བཞག་པ་དང་གཉིས། དང་པོ་ལ་གཉིས་ཏེ། མདོ་སྡེ་པའི་ལུགས་དགག་པ་དང༌། སྔརབས་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་འགོད་པ་ནི། མདོ་སྡེ་པན་རེ། འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས། ཕམ་པ་བྱུང་ན་སྡོམ་པ་ཀུན་གཏོང༌། ཕྱིནཆད་སྡོམ་པ་བླངས་ཀྱང་མི་སྐྱེ། ལྟུང་བ་བཤགས་ཀྱང་མི་འདག་པའི་ཚུལ་དུ་ཉམས་སོ། །དེཡང་འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་གང་གིས་གྲུབ་ཅེ་ན། དགེ་སློང་དགའ་བ་ཅན་ལ་འཆབ་སེམས་མ་གཏོགས་པའི་ཡན་ལག་ཐམས་ཅད་ཚང་ཡང་ཕམ་པ་མ་བྱུང་བའི་ཕྱིར་རོ། །དེ་ལ་ཕམ་པ་མ་བྱུང་སྟེ། དེའི་སྡོམ་པ་མ་བཏང་བའི་ཕྱིར་དང༌། ཕྱིར་བཅོས་བྱར་རུངབའི་ཕྱིར་རོ། །དེ་ཡང་ལུང་གཞི་ལས། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མིརུང་བར་འགྱུར། ཞེས་དང༌། །དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་མི་འགྱུར་བབཞིན་དུ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །ཞེས་གསུངས་པས་ཕམ་པ་བྱུང་ན་དགེ་སློང་གི་སྡོམ་པ་བཏང་བར་གྲུབ་ཅིང༌། ཕྱིར་བཅོས་བྱར་མི་རུང་དུ་གྲུབ་བོ། །འོ་ནཕམ་པ་མ་བྱུང་ན་བསླབ་པ་སྤྱོད་པ་འགལ་ལོ་སྙམ་ན། དེ་ནི་ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་ལྕི་བ་དེ་དག་པར་བྱ་བའི་ཕྱིར་བསླབ་པ་སྤྱོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིསལས། དང་པོ་ལུང་གིས་དགག་པ་ནི། འོད་ལྡན་དུ་ལུང་མ་མོ་ཁུངས་སུ་དྲངས་པ་ལས། ཕམཔ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགསཔ་ཙམ་ཡང་འཆབ་པའི་སེམས་མི་བསྐྱེད་པ་ཡིན་ཏེ། ཞེས་གསུངས་པ་དང་འགལ་ལོ། །འཆབསེམས་ཕམ་པའི་ཡན་ལག་ཏུ་དགོས་ན་ནི་ལུང་རྣམ་འབྱེད་ལས། སྐྱོང་མས་ཆོམ་རྐུན་དྲུག་ཅུའཆི་བར་བྱས་ཏེ། འཆབ་སེམས་གཏན་ནས་མེད་ཀྱང་སྐྱོང་མ་ཕམ་པར་གྱུར་ཏོ། །ཞེས་གསུངསཔ་དང་ཡང་འགལ་ལོ། །གལ་ཏེ་འཆབ་སེམས་མེད་ཀྱང་ཕམ་པ་འབྱུང་ན། ལུང་ཕྲན་ཚེགསལས། དགེ་སློང་དག་དགེ་སློང་དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང་སེམས་སྐད་ཅིག་གིས་ཀྱང་མ་བཅབས་པས། འདི་ཕམ་པར་མ་གྱུར་གྱིས། ཇི་སྲིད་འཚོའི་བར་དུ་བསླབཔ་སྦྱིན་པར་བྱའོ་ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་གསོར་མི་རུང་གི་ཕམ་པར་མ་གྱུར་གྱིས་ཞེས་དགོངས་སོ་ཞེས་རིགས་སོ། །ལུང་གཞི་ལས། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེདཔར་འགྱུར་རོ་ཞེས་གསུངས་པ་དེ་ཡང་ཕམ་པ་འཆབ་བཅས་བྱུང་ན་དེ་ལྟར་ཡིན་གྱི། འཆབ་མེདཀྱི་ཕམ་པ་བྱུང་བ་ལ་ནི་དེ་ལྟར་མ་ཡིན་ནོ། །བྱེ་སྨྲའི་ལུགས་ལ་ཕམ་པས་སྡོམ་པ་གཏོང་བརམི་འདོད་པ་འོག་ཏུ་འཆད་དོ། །

གཉིས་པ་སྔ་རབས་པའི་ལུགས་དགག་པ་ལ་གཉིས་ལས།

འདོད་པ་འགོད་པ་ནིའཆབ་སེམས་སྐྱེས་ན་སྔ་མ་དང་མཐུན་ལ། འཆབ་སེམས་མ་སྐྱེས་ན་ཕམ་པ་བྱུང་ཡང་ལྟུང་བ་ཕྱིར་བཅོས་བྱར་རུང་ཞིང་ཕྱིན་ཆད་སྡོམ་པ་ལེན་ན་ཡང་སྐྱེའོ། །འཆབ་སེམས་སྐྱེས་རུང་མ་སྐྱེསརུང་ཕམ་པ་བྱུང་བས་སྡོམ་པ་གཏོང་སྟེ། ཞུ་བ་ལས། བསྙེན་པར་མ་རྫོགས་པ་ལ་དགེ་འདུནལྷག་མ་འབྱུང་བར་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་ཏེ་བསླབ་པ་བྱིན་པ་ལ་འགྱུརརོ། །ཞེས་དང༌། ལུང་ཕྲན་ཚེགས་ལས་ཀྱང༌། བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲ་བ་ཡིནནོ། །ཞེས་གསུངས་ཏེ། གལ་ཏེ་ཕམ་པ་བྱུང་བས་དགེ་སློང་གི་སྡོམ་པ་མ་ཞིག་ན་བསྙེན་པརམ་རྫོགས་པ་ལ་ཞེས་གསུངས་པ་མི་རིགས་ལ། བསླབ་པ་བྱིན་པ་ལ་དགེ་སློང་གི་སྡོམ་པ་མཞིག་པར་ཡོད་ན་དགེ་སློང་དངོས་ཉིད་ཡིན་པས་དགེ་སློང་དང་འདྲ་བར་མི་རིགས་པ་དང༌། ལུང་གཞི་ལས། དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། ཞེས་གསུངསཔས་དགེ་སློང་གི་སྡོམ་པ་བཏང་བར་གྲུབ་བོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོདབྱེད་བརྗོད་པ་ནི་བྱེ་བྲག་སྨྲ་བ་ལྟར་ན་ཕམ་པས་སྡོམ་པ་མི་གཏོང་བའི་སྒྲུབ་བྱེད་ལྔ་འོག་ཏུའཆད་པར་འགྱུར་བ་དེ་རྣམས་ནི་འདི་ལ་གནོད་བྱེད་ལྔར་འགྱུར་རོ། །

གཉིས་པ་སྒྲུབ་བྱེད་གཞིག་པ་ནི།

ཞུ་བ་ལས། བསླབ་པ་བྱིན་པ་བསྙེན་པར་མ་རྫོགསཔར་བཤད་པ་ནི། བསླབ་པ་བྱིན་པས་བྱིན་ལེན་སྟོབ་པ་པོའི་བྱ་བ་བྱེད་པ་ལ་སོགས་པ་དང༌།

དགེ་སློང་རྣམ་དག་ལ་ནུབ་ལྷག་པར་ཉལ་བ་ལ་སོགས་པའི་ཡུལ་གྱི་ཆ་ནས་བསྙེན་པར་མརྫོགས་པ་དང་འདྲ་བས་བསྙེན་པར་མ་རྫོགས་པ་ཞེས་བཏགས་པ་ཡིན་ལ། ལུང་ཕྲན་ཚེགསལས། བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲ་ཞེས་འཇུག་ལྡོག་བྱ་དགོས་པའི་ཆ་ནས་རྣམ་དགགི་དགེ་སློང་དང་འདྲ་ཞེས་བསྟན་པའོ། །ལུང་གཞི་ལས། དགེ་སློང་དུ་མི་རུང་བར་འགྱུར་ཞེསགསུངས་པ་དེ་ནི་དམན་པ་དགག་པ་ཡིན་ཏེ། འོད་ལྡན་ལས། སྨད་པ་ཡིན་ནོ་ཞེས་བྱ་བའི་ཐཚིག་གོ །ཞེས་སོགས་གསུངས་པས་སོ། །སྔ་རབས་པའི་ལུགས་དགག་པ་འདི་ཡང་བྱེ་སྨྲའི་ལུགས་གཞིར་བཞག་པ་ཤེས་དགོས་སོ། །

གཉིས་པ་བྱེ་སྨྲའི་རང་ལུགས་བཞག་པ་ནི།

བྱེ་བྲག་སྨྲ་བས་ཕམ་པ་འཆབ་བཅསབྱུང་ན་ལྟུང་བ་ཕྱིར་བཅོས་སུ་མི་རུང༌། ཕྱིན་ཆད་སྡོམ་པ་བླངས་ཀྱང་མི་སྐྱེ། འཆབ་སེམས་སྐྱེསརུང་མ་སྐྱེས་རུང་ཕམ་པས་སྡོམ་པ་མི་གཏོང་བར་འདོད་དོ། །དེའི་ལུགས་ལ་ཕམ་པས་སྡོམཔ་མི་གཏོང་བ་ལ་སྒྲུབ་བྱེད་ལྔ་སྟེ། རང་རྒྱུད་ལ་ལྟུང་བྱེད་བསྐྱེད་པ་དང༌། གཞན་རྒྱུད་ལ་དགེའདུན་ལྷག་མ་བསྐྱེད་པ་དང༌། གང་ཟག་གཅིག་ལ་ཕམ་པ་བཞི་འབྱུང་བ་སྲིད་པ་དང༌། སྔོན་གྱིསྡོམ་པའི་གྲལ་འཐོབ་པ་དང༌། རང་གི་བསླབ་པ་འབུལ་རྒྱུ་ཡོད་པའི་ཕྱིར་རོ། །དེའི་དང་པོནི། ལུང་རྣམ་འབྱེད་ལས། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ཞེ་ན། ཕམ་པར་འགྱུརབའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བའི་ལྟུང་བ་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པམ་ཡིན་པ་དེ་དགེ་སློང་མའི་སྟོན་པར་བསྐོས་པ་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །གལ་ཏེ་སྡོམ་པ་བཏང་ན་ལྟུང་བྱེད་བསྐྱེད་པར་གསུངས་པསགནོད་དོ། །གཉིས་པ་ནི་ལུང་ཞུ་བ་ལས། དགེ་སློང་རང་ཉིད་ན་རེ་བདག་གིས་མི་ཚངས་པར་སྤྱོད་པ་བྱས་སོ་ཞེས་ཟེར་བ་ལ་དེ་ལ་དགེ་སློང་གཞན་ཞིག་གིས་གསུམ་པོ་གཞན་དག་གིསསྐུར་བ་འདེབས་པར་བྱེད་ན་དགེ་འདུན་ལྷག་མའོ། །ཞེས་གསུངས་སོ། །འོ་ན་སོ་སོ་ཐར་པ་ལས། དགེ་སློང་དག་པ་ལྟུང་བ་མེད་པ་ལ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྐུརབ་གདབ་པའི་གཞི་དེ་ཉིད་ཀྱིས་དག་པ་ཡིན་གྱི། ཕམ་པ་ཙམ་གྱིས་དག་པ་ངེས་གཟུང་དུ་དགོསཔ་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། ལྟུང་བ་མ་བྱུང་བ་ཞེས་བྱ་བ་ནི་དེའི་གཞི་དེ་ཉིད་དོ། །ཞེས་གསུངས་སོ། །སྒྲུབ་བྱེད་གསུམ་པ་ནི་ལུང་ཞུ་བ་ལས། གཅིག་ལ་ཕམ་པར་འགྱུར་བ་བཞིཡང་འབྱུང་ཞེས་གསུངས་པས། ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་སྟེ། ཕམ་པ་སྔ་མབྱུང་བས་སྡོམ་པ་བཏང་ན་སྡོམ་མེད་ཀྱི་ཉེས་སྤྱོད་བྱས་པ་ལ་ཕམ་པ་ཕྱི་མ་བསྐྱེད་པ་མི་རིགས་པའི་ཕྱིར་རོ། །དེ་ལ་སྔ་རབས་པའི་འདོད་པ་འོད་ལྡན་དུ་བཀོད་པ་ལས། གཅིག་ལ་མཐརའགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པ་དེ་ནི་ལས་ཀྱི་ལམ་རྣམས་ཅིག་ཅར་རྫོགས་པ་ལདགོངས་ཞེས་བཤད་ཀྱང༌། དེ་ནི་མི་འདོད་དེ་ཕམ་པ་དང་པོའི་མཐར་ཐུག་བདེ་བ་ཉམས་མྱོང་གི་རྟོག་པ་དང་མ་བྱིན་ལེན་གྱི་མཐར་ཐུག་གྲུབ་བློའི་རྟོག་པ་སྟེ། གང་ཟག་གཅིག་ལ་རྟོག་གཉིསཅིག་ཅར་འཇུག་པ་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འཇུག་པར་ཡང་དག་རྟོགས། །ཞེས་སོ། །སྒྲུབབྱེད་བཞི་པ་ནི། བསླབ་པ་བྱིན་པས་དགྲ་བཅོམ་ཐོབ་པ་ན་ལུང་ཕྲན་ཚེགས་ལས། གང་གི་ཚེཟག་པ་ཟད་པ་དེའི་ཚེ་སྔོན་གྱི་གྲལ་དུ་འདུག་པར་བྱའོ། །ཞེས་གསུངས་སོ། །དེས་ན་ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་སྟེ། སྔོན་གྱི་སྡོམ་པ་བཏང་ན་སྔོན་གྱི་སྡོམ་པའི་གྲལ་ཐོབ་པར་མི་རིགས་པས་སོ། །སྒྲུབ་བྱེད་ལྔ་པ་ནི། གཏམ་གྱི་གཞི་ལས། ཕམ་པའི་ཉེས་པ་བྱུང་ལ། དེས་བསླབ་པ་ཕུལ་ཏེ་བབས་པ་ན། ཞེས་གསུངས་ཏེ། ཕམ་པ་བྱུང་ཡང་བསླབ་པ་དབུལ་རྒྱུཡོད་པའི་ཕྱིར་སྡོམ་པ་མ་བཏང་བར་གྲུབ་བོ། །དེ་ལྟར་སྒྲུབ་བྱེད་ལྔ་ལས། དང་པོ་བཞི་ནི་བྱེབྲག་སྨྲ་བ་རྣམས་ཀྱིས་གསུངས་པ་སྟེ་འོད་ལྡན་ལས་སོ། །ཐ་མ་ནི་དེང་སང་གི་འདུལ་བ་འཛིནཔ་རྣམས་ཀྱིས་སྒྲུབ་བྱེད་དུ་སྦྱར་བ་ཡིན་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལྟར་བྱེ་སྨྲའི་རང་ལུགས་ལ་མཚོ་ཊཱིཀ་གི་སྐབས་སུ་རང་ལུགས་ཞེས་གསུངས་པ་དུ་མ་ཡོད་པ་ཤེས་དགོསསོ། །ཀུན་མཁྱེན་འཇམ་བཞད་ཀྱི་འདུལ་བའི་མཐའ་དཔྱོད༦༠ལས་དགེ་སློང་གཅིག་ལ་ཕམ་པ་བཞི་ཅིག་ཆར་བྱུང་བ་ཡོད་པར་གསུངས་སོ། །འཆབ་མེད་ཀྱི་ཕམ་པ་བྱུང་བ་ཆོས་ཅན། སྡོམ་པ་བཏང་བར་ཐལ། ཕམ་པ་བྱུང་བའི་ཕྱིར་ཞེས་བརྗོད་ན། སྔ་རབས་པ་ལྟར་ན་འདོད། བྱེ་བྲག་སྨྲ་བ་ལྟར་ན་ཁྱབ་པ་མ་གྲུབ། མདོ་སྡེ་པ་ལྟར་ན་རྟགས་མ་གྲུབ་པའོ། །མདོར་ན་དགེ་སློང་ཕ་ལ་ཕམ་པ་འཆབ་བཅས་བྱུང་ན་གསོར་མི་རུང་བར་བྱེ་མདོ་སྔ་རབས་པ་ཀུན་མཐུནནོ། །དགེ་སློང་མ་ལ་རེག་པ་ལུས་བཀན་གྱི་ཕམ་པ་འཆབ་བཅས་བྱུང་ན་ཡང་མཚན་གྱུར་ན་གསོར་རུང་ངོ༌། །བསྡུས་པ་ལས། སྡོམ་པ་གཏོང་པའི་རྒྱུ་བཞི་གསུངས་ཏེ་ལེན་སེམས་དང་མི་འདྲ་བའི་སེམས་སྐྱེད་པའམ་མི་བརྡ་འཕྲོད་པ་ལ་འབུལ་ཚིག་བརྗོད་པ་དང༌། ཕམ་པ་གངཡང་རུང་བའམ་ཕམ་པ་བཞི་ཆར་རམ་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་པ་འབྱུང་ན་བཏང་བར་བརྗོད་དེ། ཞེས་སོ། །ལྷ་མོའི་ཚུལ་ཁྲིམས་ཀྱི་གུང་སྡོམ་འགྲེལ་བ་༣༠༧ལས། འཆབམེད་ཀྱི་ཕམ་པ་བྱུང་བ་ཆོས་ཅན། སྡོམ་པ་གཏོང་བར་ཐལ། ཕམ་པ་བྱུང་བའི་ཕྱིར་ན་ཡོན་ཏནའོད་དང་དབྱིག་གཉེན་གྲུབ་མཐའ་གོང་མ་འདུལ་བ་རང་ལུགས་པ་རྣམས་ལ་འདོད་ཅིང༌། བྱེབྲག་སྨྲ་བ་ལྟར་ན་ཁྱབ་པ་མ་གྲུབ། མདོ་སྡེ་བ་ལྟར་ན་རྟགས་མ་གྲུབ་བོ། །ཞེས་དང༌། འཇམ་བཞད་འདུལ་བའི་མཐའ་དཔྱོད་༦༤ལས། ཕམ་པ་སྡོམ་པའི་གཏོང་རྒྱུ་མ་ཡིན་པ་བྱེ་སྨྲའི་ལུགསལ་རུང་ཡང༌། མདོ་སྡེ་བ་དང༌། ཐེག་ཆེན་པའི་ལུགས་ལ་མི་འཐད་པར་སྔར་བཤད་པས་ཤེསཔའི་ཕྱིར་དང༌། ཡོན་ཤཱཀ་གཉིས་ཀྱི་ལུགས་ཡང་ཐེག་ཆེན་དང་མཐུན་པར་བཤད་ཟིན། ཞེསགསུངས་ལ། སྒྲུབ་བྱེད་རྒྱས་པར་གཞུང་དེར་བལྟ་བར་བྱའོ། །

ལྔ་བ་དེ་ལྟུང་བ་ལ་སྦྱོར་ན་ཅིར་འགྱུར་ནི།

ཉེས་བྱས་ཏེ་དེ་ཡང་ཉེས་བྱས་ལས་ཆེ་བའི་ལྟུངབ་མི་བསྐྱེད་པའི་རྒྱུ་མཚན་དགོས་པ་སྒྲུབ་ནུས་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །ཉེས་བྱས་ཙམ་ཞིགབསྐྱེད་པའི་རྒྱུ་མཚན་ནི་དགོས་པ་སྒྲུབ་མི་ནུས་ཀྱི་དགེ་སློང་གི་སྡོམ་པ་ཡོད་ཅིང་དེ་དང་འགལབར་བྱས་པས་སོ། །

དྲུག་པ་དགག་སྒྲུབ་གང་གི་ཆེད་ཡིན་པ་ནི།

སྐབས་འདིའི་ཉམས་པ་ལ་ཉེས་བྱས་དགགཔ་ཡིན་ཏེ། ཊཱི་ཀ་ལས། ཉམས་པ་ལ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་ཡོད་པའི་ཕྱིར་ཏེ་ལྟུང་བལ་སྦྱོར་ན་ཕམ་པ་དང་ལྷག་མ་ལ་སོགས་པ་དག་ཏུ་འགྱུར་བར་ཐལ་བ་དེ་དགག་པའི་ཕྱིར་ཉེསབྱས་ཙམ་དུ་བསྟན་པས་དེ་འགོག་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །མ་སྐྱེས་པ་ནི་སྒྲུབ་པ་ཡིནཏེ། ཊཱི་ཀ་ལས། སྒྲུབ་པ་ཡིན་པའི་ཕྱིར། དེས་སྡོམ་པ་མ་ཐོབ་པས་མེད་པའི་ཕྱིརདེ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སུ་འགྱུར་བ་སྒྲུབ་པའི་ཕྱིར་རོ། །ཞེས་སོ། །

བདུན་པ་སྒྲུབ་བྱེད་ལུང་དང་སྦྱར་བ་ནི།

ཉམས་པ་ལྟུང་བ་ལ་སྦྱོར་བ་ན་ཞེས་པ་ནི་ལུང་ཞུ་བལས། དགེ་སློང་གིས་མི་ཚངས་པར་སྤྱོད་པའི་འཁྲིག་པ་བགྱིས་ཀྱང་ཕམ་པའི་ལྟུང་བར་མི་འགྱུརབ་མཆིས་སམ། ཡོད་དེ་སྔོན་ལྟུང་བ་བྱུང་བའོ། །ཞེས་འདུལ་བ་བསྡུས་པ་ལས་ཁུངས་དྲངས་ཤིང༌། ཊཱི་ཀ་ལས་ཞུ་བ་ཁུངས་སུ་དྲངས་པ་ལས། ༼ཉམས་པ་ཉེས་བྱས༽སྔར་ལྟུང་བ་བྱུང་བ་དང་༼མ་སྐྱེས་པ་ལ་ཡང་ཉེས་བྱས༽རྐུ་ཐབས་སུ་གནས་པ་དང་དང་པོ་འཁྲུགས་པ་མ་ནིང་དང་དགེ་སློང་མསུན་ཕྱུང་ནས་ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་སོ། །དགེ་ཚུལ་དངདགེ་སློང་གི་སྡོམ་པ་བླངས་ཀྱང་སྡོམ་པ་མ་སྐྱེས་པ་བར་མའི་དགེ་བའི་ངོ་བོ་ཉིད་ཀྱིས་རབ་བྱུང་དང་ལྡན་པས་མི་ཚངས་སྤྱོད་ལ་སོགས་པའི་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །འདི་ལ་ཉེསབྱས་ལས་ཆེ་བའི་ལྟུང་བ་མི་སྐྱེད་པའི་རྒྱུ་མཚན་ནི་སྡོམ་པ་མེད་པའི་ཕྱིར་རོ། །ཉེས་བྱས་ཙམ་པོ་བསྐྱེད་པའི་རྒྱུ་མཚན་ནི། བར་མའི་དགེ་བ་ཁྱད་པར་ཅན་དང་ལྡན་ཞིང་དེ་དང་འགལ་བར་བྱསཔའི་ཕྱིར་རོ། །

གཉིས་པ་ནི་རབ་བྱུང་བསྙེན་པར་མ་རྫོགས་པ་གསུམ་གྱི་ལྟུང་བ་བསྟན་པ་ལ།

དངོས་བླངས་དང་ཕྱོགས་མཐུན་ཉེས་བྱས་དང་གཉིས་ལས། དང་པོ་ནི་རྩ་བར། ༢བསྙེན་པརམ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་བ་ལས་འདས་པ་ལ་ཡང་ངོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ་བདུན་ལས། དང་པོ་དབྱེ་བ་ལ་གཉིས་ལས་ཆེ་ལོང་དུ་ཕྱེ་ན་དགེ་ཚུལ་ཕ་མ་ལ་བཅུགསུམ་དང༌། དགེ་སློབ་མ་ལ་ཉི་ཤུ་རྩ་ལྔ་ཡོད་དོ། །མཚོ་ཊཱིཀ་གསུངས་ཟིན་ལྟར་ན་ཞིབ་མོརཕྱེ་ན་དགེ་ཚུལ་ཕ་མ་ལ་ཕམ་འདྲ་དང་བཤགས་བྱ་སུམ་ཅུ་རྩ་བདུན་ཏེ། ༡མི་གསོད་༢འདེབས༣སྤྱོད་༤དུད་འགྲོ་གསོད། །༥རྐུ་དང་༦མི་ཚངས་སྤྱོད་བྱེད་དང༌། །༧རྫུན་ཕམ་༨གཞི་མེད་༩བགཙམ་དང༌། །༡༠དབྱེན་དང་༡༡རྗེས་ཕྱོགས་༡༢ཁྱིམ་སུན་འབྱིན། །༡༣ཤེས་བཞིན་༡༤བཤེས་ངོར་༡༥འཕྱ་དང་༡༦ཟས། །༡༧ལྷག་མ་གཞི་མེད་༡༨བསླབ་པ་སྤོང༌། །༡༩འབྲས་ཆན་ཚོད་མ་ཕན་ཚུན་འགེབས། །༢༠ཙུག་ཙུག་ལ་སོགས་བཞི་ལ་ཡང༌། །འདུ་ཤེས་བསྒྱུར་བའི་ཆ་ནས༢༣བཞི། །༢༤ཆང་འཐུང་༢༥གར་༢༦གླུ་༢༧རོལ་མོ་བྱེད། །༢༨རྒྱན་འདོགས་༢༩ཁ་དོག་༣༠དྲི་བྱུག་དང༌། །༣༡མལ་ཆེ་༣༢མཐོ་དང་༣༣དུས་མིན་ཟས། །༣༤རིན་ཆེན་རེག་དང་བར་མ་གསུམ། །དགེ་སློབ་མ་ལ་བཅུ་གཉིས་བསྣན། །ཞེས་གཟུང་ངོ༌། །གཞུང་དུ་མར་ཕྲེང་བ་དང་ཁྲི་སྟན་ཆེ་མཐོ་ལ་བཞི་བྱས་ནས་ཙུག་ཙུག་སོགས་བཞི་ལ་འདུ་ཤེས་བསྒྱུར་བའི་རྫུན་བཞི་མ་བགྲང་བར་སོ་དྲུག་བྱས་སོ། །ལུང་རྣམ་འབྱེད་ལས། རྫུན་ནི་རྣམ་པ་ལྔ་སྟེ། ལྟུང་བ་སྡེ་ལྔསསྐུར་བ་འདེབས་པའོ། །ཞེས་གསུངས་པ་དང༌། འདི་ཉིད་ལས། རྫུན་དུ་སྨྲ་བས་སོ། །གཞནལ་གནས་པའི་ཚིག་གིས་རྫུན་ནའོ་ཞེས་སྐུར་འདེབས་རྫུན་ཡིན་པར་གསུངས་སོ། །རྩ་བ་བཞིའིཉེས་པ་ཡང་བཤགས་བྱ་ཡིན་པར་ཐལ། ཊཱི་ཀ་ལས། མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའིབསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པས་སོ། །འདོད་ན། ཊཱི་ཀ་ལས། ཉམས་སུམྱོང་བར་གྱུར་ན་ནི་དེའི་ཚེ་ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། ཞེསགསུངས་པ་དང་འགལ་ལོ། །ཊཱི་ཀ་ལས། མི་ཚངས་སྤྱོད་ཀྱི་ལྟུང་བ་དེ་བཤགས་བྱའི་ཉེས་བྱསཡིན་པར་བཤད་པ་དེ་ནི་སྦྱོར་བའི་གནས་སྐབས་ལ་དགོངས་པ་ཡིན་ནམ་དཔྱད་པར་བྱའོ། །འོན་ཀྱང་མཚོ་ཊཱིཀ་༧༧༦ལས། ཞིབ་མོར་ཕྱེ་ན་དགེ་ཚུལ་ཕ་མ་ལ་བཤགས་བྱ་སུམ་ཅུ་རྩ་བདུནཏེ། སྲོག་གཅོད་པའི་ལྟུང་བ་བཞི་སྟེ། ཞེས་སོགས་གསུངས་པས་སོ། ། གཉིས་པ་བསྡུ་བ་ནི། མཁན་པོ་ལས་དངོས་སུ་བླངས་པ་ལས་འདས་པ་དང༌། སློབ་དཔོན་ལས་དངོས་སུ་བླངས་པལས་འདས་པ་གཉིས་སུ་འདུས་སོ། །ཡང་ན་ཚུལ་ཁྲིམས་ཀྱི་ཡན་ལག་དང༌། བག་ཡོད་ཀྱི་ཡནལག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་གི་མི་མཐུན་ཕྱོགས་དང་གསུམ་དུ་འདུས་ཏེ། དེ་ཡང་རྩབ་བཞི་དབྱེ་བ་དང་བཅས་པའི་ལྟུང་བ་དང༌། མྱོས་འགྱུར་འཐུང་བའི་ལྟུང་བ་དང༌། ལྟུང་བལྷག་མ་རྣམས་དང་གོ་རིམ་བཞིན་ནོ། །དེ་ལྟར་ཡང་མཛོད་ལས། ཚུལ་ཁྲིམས་ཡན་ལག་བགཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་བསྙེན་གནས་ལ་གསུངས་པ་དེ་འདིར་ཡང་སྦྱར་རོ། །གསུམ་པ་མཚན་ཉིད་ལ་གཉིསལས། སྐབས་འདིར་བརྗོད་པའི་ལྟུང་བ་ཙམ་གྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགསཔས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། །སོ་སོའི་མཚན་ཉིད་ལ་གཉིས་ལས། ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེནཔར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག་ལྟུང་བ་ངོ་བོའི་ཆ་ནས་ཆང་འཐུང་བའི་ཁ་ན་མ་ཐོ་བ་མན་ཆད་ལ་ལྟོས་ཏེ་ཆད་པ་ལྕིར་རུང་བའོ། ། སྐབས་འདིར་བརྗོད་པའི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེནཔར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག་ལྟུང་བའི་ངོ་བོའི་ཆ་ནས་ཉེས་བྱས་ཀྱི་བཤགས་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །

བཞི་པ་གྲངས་ངེས་པ་ནི་འདིར་སྡོམ་པ་དང་འགལ་བའི་ཉེས་པ་བཅུར་གྲངས་ངེས་པ་ནི།

གཞིའགྲེལ་ལས།བསླབ་པའི་གཞི་དེ་དག་ལ་ནི་རེ་རེ་ལ་ཡང་རྣམ་པ་དུ་མ་ཡོད་མོད་ཀྱི་དེ་དག་མངཆེས་པས་སྲུང་བར་མི་ནུས་སོ་སྙམ་དུ་སྤ་བཀོང་བར་གྱུར་པ་དག་ལ་བསྟན་པར་བྱ་བའི་ཕྱིར། བསླབ་པའི་གཞི་བཅུ་བསྟན་ཏེ། དཔེར་ན་འཕགས་པ་རྒྱ་གར་གྱི་བུ་ལ་བསླབ་པ་གསུམ་བསྟནཔ་དང་འདྲའོ། །ཞེས་གསུངས་སོ། །མཚན་ཉིད་འདྲ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། གཞིའགྲེལ་ལས། གླུ་གར་དང་རོལ་མོའི་སྒྲ་སྤོང་བ་ནི་བསླབ་པའི་གཞི་གཅིག་སྟེ་རྒོད་བག་གི་རངབཞིན་ཡིན་པའི་ཕྱིར་རོ། །ཕྲེང་བ་དང་སྤོས་བྱུག་པ་དང་རྒྱན་དང་ཁ་དོག་འཆང་བ་སྤོང་བ་ནི་བསླབ་པའི་གཞི་གཉིས་པ་སྟེ། རྒྱགས་པ་བསྐྱེད་པའི་ཕྱིར་རོ། །ཁྲི་སྟན་མཐོན་པོ་དང་ཁྲི་སྟནཆེན་པོ་སྤོང་བ་ནི་བསླབ་པའི་གཞི་གསུམ་པ་སྟེ། འདོད་ཞེན་ཆེ་བ་ཡིན་པའི་ཕྱིར་རོ། །ཞེསགསུངས་སོ། །དེ་བཞིན་དུ་སྲོག་གཅོད་པ་བཞི་དང་རྫུན་བཅུ་བདུན་ཡང་རེ་རེར་བཞག་སྟེ། སྲོག་ལ་གནོད་པ་དང་འདུ་ཤེས་བསྒྱུར་བའི་རང་བཞིན་དུ་གཅིག་པའི་ཕྱིར་རོ། །ལྔ་པ་གོ་རིམ་ངེས་པ་ནི། རྩ་བ་བཞི་ཆད་པ་ལྕི་བས་དང་པོར་བསྟན་ཏོ། །ཆང་དགག་བྱ་ཆེ་བས་ཡན་ལགདྲུག་གི་དང་པོར་བསྟན་ལ། ལྔ་པོ་དེ་དག་ནི་ཆང་ལ་ལྟོས་ཏེ་དགག་བྱ་ཆུང་བས་དེའི་འོག་ཏུབསྟན་ཏོ། །བྱེ་བྲག་ཏུ་རྩ་བ་བཞི་ནི་མི་དགེ་བཅུའི་གོ་རིམ་དང་བསྟུན་པའོ། །དྲུག་པ་སྒྲ་བཤདཔ་ནི། སྤྱིར་ན་ལེགས་པར་མ་བྱས་ཉེས་པར་བྱས་པས་ན་ཉེས་བྱས་ཞེས་བྱ་སྟེ། སྤྱི་མིང་བྱེ་བྲགལ་བཏགས་པའོ། །བྱེ་བྲག་ཏུ་རྩ་བ་བཞིའི་ཉེས་པ་ལ་ཕམ་པ་དང་འདྲ་བའི་ཉེས་བྱས་ཞེས་བྱ་སྟེ། བྱེད་ལས་ཕམ་པ་དང་འདྲ་ལ་སྡེ་ཚན་ཉེས་བྱས་སུ་གཏོགས་པའོ། །བླངས་པ་ལས་འདསཔ་གཞན་རྣམས་ནི་བཤགས་པར་བྱ་བའི་ཉེས་བྱས་ཞེས་བྱ་སྟེ། བཤགས་པས་འདག་ལ་སྡེཚན་ཉེས་བྱས་སུ་གཏོགས་པས་སོ། །བདུན་པ་དེ་ལས་འདས་ན་ཅིར་འགྱུར་ནི། རྩ་བ་བཞིའིབཅས་པ་ལས་འདས་ན་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ལ། ཡན་ལག་དྲུག་གི་བཅསཔ་དང་བར་མ་གསུམ་ལས་འདས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །དེས་ནའོད་ལྡན་ལས། དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ནོ། །ཞེས་གསུངསསོ། །འོ་ན་དགེ་སློང་ལ་ཕམ་ལྷག་ལ་སོགས་པ་བསྐྱེད་ཀྱང༌། དགེ་ཚུལ་ལ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་པའི་རྒྱུ་མཚན་ནི། ཉེར་སྦས་ཀྱི་ཞལ་ནས། བསྙེན་པར་རྫོགས་པ་དང་བསྙེན་པརམ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། ཞེས་གསུངས་ལ། ཟླ་བ་ནོར་བུའི་ཞལ་ནས། ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་གཉིས་ཀྱི་དོན་བསྡུ་ན། རབ་ཏུ་བྱུང་བ་རྣམ་གསུམ་ནི། སྤང་བྱ་ཡོད་ཚད་སྤོང་བ་མ་ཡིན་གྱི་ཐེག་ཚད་སྤོང་བ་ཡིན་པསབསྟན་པ་ལ་ཞུགས་པ་མ་རྫོགས་པའི་ཕྱིར་རོ། །དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིནན། ལུང་འདུལ་བྱེད་ལས། སྡིག་ཅན་གྱི་དགེ་ཚུལ་གསུམ་གྱིས་བུད་མེད་བཟུང་སྟེ་ལམ་ཀུནཏུ་མི་ཚངས་པར་སྤྱད་པ་ལས། བཀའ་སྩལ་པ། ཕམ་པར་འགྱུར་རོ། །ཞེས་དང༌། ལུང་རྣམའབྱེད་ལས། དགེ་སློང་ལ་ཇི་ལྟ་བ་དེ་བཞིན་དུ་དགེ་ཚུལ་དང་དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །ཞེས་དང༌། འོད་ལྡན་ལས་ཀྱང༌། དེ་བརླག་འགྱུར་ཞེས་བྱ་བ་ནི་དགེ་ཚུལ་ཕམ་པ་ཡིན་ཏེ། ཏ་ལའི་མགོ་བཅད་པ་དང་འདྲ་བར་ཕྱིས་སྐྱེ་བའི་སྐལ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པདག་དང་འགལ་ཞེ་ན། བྱེད་ལས་ཕམ་པ་དང་འདྲ་བ་ལ་བརྟེན་ནས་ཕམ་པ་ཞེས་བཏགས་པ་སྟེ།

ཊཱི་ཀ་ལས། ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། ཞེས་གསུངས་པ་བཞིནནོ། །ཀཱ་རི་ཀ་ལས། བྱོལ་སོང་དང་ནི་སེམས་དམྱལ་དང༌། །ཡི་དྭགས་འོན་ཏེ་ལྷ་ཡང་རུང༌། །

བསད་ན་ངན་འགྲོར་ལྟུང་བ་ལ། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་དགེ་ཚུལ་ལ་སྦོམ་པོ་བསྐྱེད་པར་བཤད་པ་ནི་སྦོམ་པོར་བཏགས་པ་ཡིན་པས་འགལ་བ་མེད་དོ། །དགེ་ཚུལ་ཀྱིབླངས་འདས་ང་བརྒྱད་བཤད་པ་ཡོད་པས་དེ་དངོས་བླངས་ཡིན་ནམ་ཅི། མ་ཡིན་ན་བླངསའདས་ལ་དངོས་བླངས་མི་དགོས་པར་འགྱུར་བས་བླངས་འདས་ཀྱི་དོན་ཅི་ཡིན། དངོས་བླངསདགོས་ན་བླངས་འདས་ང་བརྒྱད་དངོས་བླངས་ཡིན་ཚུལ་སོགས་ལ་དཔྱད་རྒྱུ་སྣང་ངོ། །ཀཱ་རི་ཀ་ལྔ་བཅུ་བ་སོགས་སུ་ངན་སོང་གསུམ་བསད་པའི་ཉེས་བྱས་ཡོད་པར་གསུངས་པ་དང་མཛོདརྩ་འགྲེལ་ལས་དམྱལ་བར་ལས་ལམ་གསུམ་ལས་མེད་པ་ལྟ་བུར་གསུངས་པ་གཉིས་མི་འགལཚུལ་ནི་མཛོད་ལས་དམྱལ་བ་ཉི་ཚེ་བ་དང་ཉེ་འཁོར་གཉིས་དངོས་སུ་མ་གསུངས་པས་དངོས་བསྟན་གྱི་དབང་དུ་བྱས་པ་ཡིན། ཞེས་གསུངས་པ་ཡོད་དོ། །

གཉིས་པ་ཕྱོགས་མཐུན་སྟོན་པ་ལ།

རྩ་བར། ༣དེའི་ཕྱོགས་དང་མཐུན་པ་ལནི་ཡིད་ཀྱིའོ། །ཞེས་སོ། །འདིའི་དོན་བཤད་པ་ལ། ཕྱོགས་མཐུན་རྟོགས་པར་སླ་བའི་ཡན་ལགཏུ་ཉེས་མེད་དང་པོར་བསྟན་པ་དང༌། ཕྱོགས་མཐུན་དངོས་བསྟན་པ་དང་གཉིས། དང་པོ་ཉེསཔ་མེད་པར་དབྱེ་བ་དང༌། རྟེན་གང་ལ་ཉེས་མེད་གང་བཞག་པ་དང་གཉིས། དང་པོ་ནི་སོ་སོཐར་པར་བསྙེན་པར་རྫོགས་པ་ལ་ལྟུང་བར་བཅས་པ་ལ་ལྟོས་ནས་རབ་བྱུང་བསྙེན་པར་མརྫོགས་པ་ལ་ཉེས་པ་མེད་པ་གཞིར་བྱས་ནས་གནང་བ་ཉི་ཤུ་རྩ་གཉིས་ཏེ། བྱེ་བྲག་བཤད་མཚོལས། འཆང་བ་དང་ནི་འབྲལ་བ་དང༌། །དེ་བཞིན་ས་ནི་བརྐོ་བ་དང༌། །༼གཞན་གྱི༽རིན་ཆེནརེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང༌། །ལྗོན་ཤིང་འཛེགས་དང་ཤིང་གཅོདདང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །རྩྭ་སྔོན་མི་གཙང་འདོར་བ་དང༌། །དེ་བཞིན་གསོག་འཇོགཟ་བ་དང༌། །ས་བོན་འཇོམས་དང་བསླབ་པའི་གཞི། །ཞེས་གསུངས་ཏེ། འཆང་བ་ལ་གོསའཆང་བ་དང་ལྷུང་བཟེད་འཆང་བ་གཉིས་སུ་ཕྱེ་བས་གནང་བ་བཅུ་གསུམ་མོ། །དེ་བཞིན་དུ་ཟླ་འཇོག་དང་དགོན་པའི་འབྲལ་བ་དང༌། གསོག་འཇོག་བྱེད་པ་དང༌། དགེ་ཚུལ་ནང་ནུབ་ལྷགཔར་ཉལ་བ་དང༌། ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་སྟེ། ཤིང་གཅོད་པ་དང་ས་བོན་འཇོམསཔ་གཉིས་ནི་དགེ་སློབ་མ་ལ་རིམ་བཞིན་བཤགས་བྱ་དང་ལྟུང་མེད་ཡིན་པས་གཉིས་སུ་བྱསཔ་དང༌། ནུབ་ལྷག་པར་ཉལ་བའི་ཕྱེད་གནང་བ་སྟེ། དགེ་ཚུལ་གྱིས་ཁྱིམ་པ་ལ་སོགས་པ་དངནུབ་ལྷག་པར་ཉལ་བ་ནི་མ་གནང་ལ། དགེ་ཚུལ་གྱིས་དགེ་ཚུལ་གཞན་དང་ནུབ་ལྷག་པརཉལ་བ་གནང་བ་ཕྱེད་གནང་བས་གནང་བ་ཕྱེད་དང་བཅོ་བརྒྱད་དོ། །དགེ་སློང་ལ་ཤིང་གཅོདཔ་དང་ས་བོན་འཇོམས་པ་གཉིས་བསླབ་གཞི་གཅིག་གིས་བསྡུས་པས་ལྟུང་མེད་ཕྱེད་བཅུ་བདུན་ནོ། །དེས་ན་ལྟུང་མེད་ཕྱེད་བཅོ་བརྒྱད་བཤད་པ་ནི་བྱེ་བྲག་བཤད་མཛོད་དུ་དགེ་སློབ་མ་ལ་སྐྱེས་པ་གཅོད་པ་རྗེས་མཐུན་གྱི་ཆོས་ཀྱི་བླངས་འདས་དང༌། ས་བོན་འཇོམས་པ་ལྟུང་མེདཡིན་པས་སོ་སོར་བགྲང་ལ། ལྟུང་མེད་ཕྱེད་བཅུ་བདུན་ནི་དགེ་སློང་ཕའི་སྡོམ་བསྡུས་ཀྱི་ལྟུང་བ་ཉིས་བརྒྱ་ང་གསུམ་ལས་སྐྱེ་བ་གཅོད་པ་དང་ས་བོན་བཅོམ་པ་གཉིས་བསླབ་གཞི་གཅིགཏུ་བསྡུས་པའི་དབང་དུ་བྱས་པའོ། །༡༩ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་དང༌།

༢༠ ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང༌། ༢༡བསླབ་པ་ལ་བསླབ་པ་བསྙེནཔར་རྫོགས་པར་མི་བྱེད་པ་དང༌། ༢༢ རྗེན་པ་འཚེད་པ་དང་བཞིའི་ཉེས་པ་མི་འབྱུང་བའོ། །

ལྟུང་མེད་འདི་དག་ཉོན་མོངས་ཅན་གྱིས་ཞུགས་ན་ཉེས་པ་ཡོད་ན་ནུབ་ལྷག་ཉལ་ཕྱེད་ཡིན་པ་ལྟར་འདི་དག་ཕྱེད་ཡིན་པར་མི་འགྱུར་རམ་ཅི་ཡིན་འཚོལ་དགོས་སོ། །

གཉིས་པ་རྟེན་གང་ལ་ཉེས་མེད་གང་བཞག་པ་ནི།

དགེ་ཚུལ་ཕ་ལ་གནང་བ་ཕྱེདབཅོ་བརྒྱད་པོ་བཞག་ལ། དགེ་ཚུལ་མ་ལ་དགོན་པ་པའི་འབྲལ་བའི་ཉེས་པ་མེད་ཀྱང་གནང་བའི་ཐ་སྙད་མི་འཐོབ་སྟེ་དགེ་སློང་མ་ལ་དགོན་པ་པའི་འབྲལ་ལྟུང་མེད་པའི་ཕྱིར་རོ། །དེ་ལྟརན་བཅུ་བདུན་གྱི་སྟེང་དུ་འོག་མ་བཞི་སྟེ་ཉེར་གཅིག དགེ་སློབ་མ་ལ་ནི་གནང་བ་བཅོ་ལྔ་ཡོད་དོ། །གནང་བ་ཉེར་གཅིག་པོ་དེ་དག་ལས་གསོག་འཇོག་བྱེད་པ་ནི་བསྡམ་བྱར་འགྱུར་ལ། རྗེསསུ་མཐུན་པའི་ཆོས་དྲུག་གི་འདོམས་ཀྱི་སྤུ་འབྲེག་པ་མ་གཏོགས་པ་ལྔ་ནི་བཤགས་བྱའི་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་ན་དྲུག་པོ་དེའི་ལྷག་མ་བཅོ་ལྔའོ། །

གཉིས་པ་ཕྱོགས་མཐུན་དངོས་བསྟན་པ་ལ་ལྔ་ལས། དང་པོ་དབྱེ་བ་ནི།

གཞིའི་སྒོ་ནས་ཕྱེ་ན་བཅུ་སྟེ།བྱེ་བྲག་བཤད་མཚོལས་གསུངས་པ་འོད་ལྡན་དུ་དྲངས་པ་ལས། བླངས་པ་ལས་བརྟེན་རྟགས་དང་ནི། །སློང་སྤྱད་ཉེར་སྤྱད་རྒོད་པ་དང༌། །འདོད་དང་གནོད་དང་འགྲོགས་པ་དང༌། །མ་གུས་མི་སྦྱོང་གཞི་ལསབྱུང༌། །ཞེས་གསུངས་ཏེ། རྟགས་ནི་མུ་སྟེགས་ཀྱི་རྟགས་འཆང་བ་དང༌། སྣོད་སྤྱད་རུངབ་མིན་པ་འཆང་བ་ལ་སོགས་པ་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་དང་མཐུན་པའོ། །སློང་བ་ནི་གོས་སློང་བ་ལ་སོགས་པའོ། །སྤྱད་ནི་ཁབ་རལ་ལ་སོགས་པ་བྱེད་དུ་འཇུག་པའོ། །

ཉེར་བར་སྤྱོད་པ་ནི་སྒོག་སྐྱ་ཟ་ལ་སོགས་པ་དག་སྟེ། དུས་མ་ཡིན་པར་ཟ་བའི་ཕྱོགས་དང་མཐུན་ནོ། །དེ་གཉིས་ནི་གསེར་དངུལ་སློང་བའི་ཕྱོགས་དང་མཐུན་པའོ། །དགོད་པ་ནི་རྒྱུག་པ་དངམཆོང་བ་དང༌། ཆུ་ལ་རྩེ་བ་ལ་སོགས་པ་སྟེ། གར་སོགས་ཕྲེང་སོགས་མལ་སྟན་ཆེ་མཐོའི་ཕྱོགསདང་མཐུན་པའོ། །འདོད་པ་ནི་འབྱིན་པ་ལ་སོགས་པ་དང་ཁང་པ་ཁང་ཆེན་ལ་སོགས་པ་སྟེ།

མི་ཚངས་སྤྱོད་ཀྱི་དང་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་མཐུན་ཡང་ཡིན་ནོ། །གནོད་པ་ནི་བརྡེག་གཟས་ལ་སོགས་པ་སྟེ། སྲོག་གཅོད་པའི་ཕྱོགས་དང་མཐུན་པའོ། །འགྲོགས་པནི་བུད་མེད་དང་ལྷན་ཅིག་ཉལ་བ་དང་ལམ་དུ་འགྲོ་བ་ལ་སོགས་པ་སྟེ། མི་ཚངས་སྤྱོད་ཀྱི་ཕྱོགསདང་མཐུན་པའོ། །ཡང་གནོད་པའི་གཞི་ལས་བྱུང་བ་ནི་དབྱེན་བྱེད་པ་ལ་སོགས་པ་དང༌། འགྲོགསཔ་ནི་གཞི་ལས་བྱུང་བ་གནས་ནས་ཕྱུང་བ་དང་འགྲོགས་པ་སྟེ། སྡོམ་པ་མཐའ་དག་ཉམསཔའི་ཕྱོགས་དང་མཐུན་པའོ། །མ་གུས་པའི་ནི་གང་ཟག་གཞན་ལ་མ་གུས་པ་སྟེ། མཁན་པོལ་མ་གུས་པའི་ཕྱོགས་དང་མཐུན་པའོ། །མི་སྦྱོང་བ་ནི་གསོ་སྦྱོང་དགག་དབྱེ་མི་བྱེད་པ་དངགནས་ལ་མི་བརྟེན་པ་སྟེ། སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་མཐུན་ནོ། །

གཉིས་པ་བསྡུ་བ་ནི།

སྡོམ་པ་ཉམས་པའི་ཕྱོགས་མཐུན་དང༌། བར་མ་ཉམས་པའིཕྱོགས་མཐུན་གཉིས་སུ་འདུས་ལ། སོ་སོར་ཉམས་པའི་ཕྱོགས་མཐུན་དང༌། མཐའ་དག་ཉམསཔའི་ཕྱོགས་མཐུན་གཉིས་སུ་ཡང་འདུས་སོ། །གསུམ་པ་མཚན་ཉིད་ལ། ཕྱོགས་མཐུན་ལསའདས་པའི་ཉེས་བྱས་ཀྱི་མཚན་ཉིད་ནི་ཉེས་པ་གང་ཞིག་གཉེན་པོ་ལུས་ངག་གིས་དངོས་སུ་མབླངས་པའོ། །བཞི་པ་གང་གི་ཕྱོགས་མཐུན་གང་ཡིན་པ་དེ་ནི། འདོད་པའི་གཞི་ལས་བྱུང་བ་ནིམི་ཚངས་སྤྱོད་ཀྱི་ཕྱོགས་མཐུན་ཡིན་ལ། གནོད་པའི་གཞི་ལས་བྱུང་བ་ནི་སྲོག་གཅོད་པའི་ཕྱོགསམཐུན་ཡིན་པ་ལྟ་བུའོ། །ལྔ་པ་དེ་ལས་འདས་ན་ཅིར་འགྱུར་ནི། ཡིད་ཀྱི་བསྡམ་བྱར་འགྱུར་རོ། །

འདི་ལ་བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི།

དེ་དག་སྤོང་བར་ལུསངག་གིས་དངོས་སུ་ཁས་མ་བླངས་པའི་ཕྱིར་རོ། །ཉེས་པ་གཏན་མེད་དུ་ཡང་མི་འགྱུར་ཏེ། འོདལྡན་ལས། བླངས་པ་ལས་འདས་པ་དང་ཤན་འདྲ་བའི་ཕྱིར། ཞེས་གསུངས་སོ། །སྤང་བྱའི་ཕྱོགས་མཐུན་ཡན་ལག་སོ་སོར་དབྱེ་ན་ཤིན་ཏུ་མང་ཡང་དགེ་སློང་གི་སྡོམ་བསྡུས་ཀྱི་དབངདུ་བྱས་ན་ཉིས་བརྒྱ་དང་ཕྱེད་དང་བཅོ་ལྔ་ཡོད་དེ། དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུརྩ་གསུམ་ལས་སྲོག་གཅོད་བཞི། རྫུན་བཅུ་གསུམ། མ་བྱིན་ལེན། མི་ཚངས་སྤྱོད། ཆང༌། ཕྱིདྲོའི་ཁ་ཟས། ཁ་མ་སྒྱུར་བའི་གོས་གྱོན་པ་སྟེ་བླངས་འདས་ཉེར་གཉིས་དང་ལྟུང་མེད་ཕྱེད་བཅུ་བདུན་ཏེ། སྡོམ་བསྡུས་ཀྱི་སུམ་ཅུ་རྩ་ཕྱེད་དང་དགུ་མ་གཏོགས་པའི་ལྷག་མ་ཉིས་བརྒྱ་ཕྱེད་དང་བཅོ་ལྔ་ཕྱོགས་མཐུན་ཡིན་ནོ། །འདི་ལ་སྐྱོན་ནས་སྨྲ་བ་དང༌། ཕྲ་མ་དང༌། ད་གདོདདང༌། ཙུག་ཙུག་སོགས་བཞི་ལ་རྫུན་གྱི་བླངས་འདས་ཡོད་པས་དཔྱད། ཁ་ཅིག་ཙུག་ཙུགསོགས་བཞི་ལ་བཤགས་བྱའི་ཉེས་བྱས་ལོགས་པ་མེད་པའི་དབང་དུ་བྱས་པ་ཡིན་པར་འདོདདོ། །དེས་ན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་ཉིས་བརྒྱ་སུམ་ཅུ་རྩ་ཕྱེད་དང་བདུན་དགེ་ཚུལ་ལ་ཉེས་བྱས་གསུམ་པོ་ཅི་རིགས་སུ་གཏོགས་སོ། །

གཉིས་པ་བསླབ་པ་བྱིན་པ་ལ་ལྟུང་བ་སྡེ་ལྔ་འབྱུང་རུང་དུ་བསྟན་པ་ལ།

རྩ་བར། ༤བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་བྱུང༌། འདིའི་དོན་ལ། བསླབ་པ་བྱིན་པའི་རངབཞིན་དང༌། འདྲ་བའི་དོན་དང་གཉིས། དང་པོ་ནི་མདོ་སྡེ་པ་ལྟར་ན་འདི་ལ་ཕམ་པ་མ་བྱུང་ཡངསྦོམ་པོ་ལྕི་བ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་ཡིན་ནོ། །སྔ་རབས་པ་ནི་འདི་ལ་ཕམ་པས་སྡོམ་པ་གཏོང་བས་གཞི་ནས་སྡོམ་པ་བླངས་ཏེ་སྔར་གྱི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་དགཔར་བྱ་བའི་དོན་དུ་བསླབ་པ་བྱིན་པ་ཡིན་ནོ། །བྱེ་བྲག་སྨྲ་བ་ལྟར་ན་འདི་ལ་ཕམ་པ་བྱུང་ཡང་ཕམ་པས་སྡོམ་པ་མི་གཏོང་ཞིང་སྡོམ་པ་ཉམས་པར་བྱས་པས། སྡོམ་པ་ཉམས་བྱེད་ཀྱི་ཕམ་པདག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ས་གཞན་ན་གནས་པའི་སྤྱོད་པ་བར་མས་བསྡུས་པའི་དགེ་བ་གསོལ་བཞིའི་ལས་ཀྱིས་ཇི་སྲིད་འཚོའི་བར་དུ་བྱིན་པའོ། །

གཉིས་པ་འདྲ་བའི་དོན་ལ་བཞི་ལས། དང་པོ་གང་འདྲ་ན་བསླབ་པ་བྱིན་པའི་དགེ་སློང་ཕ་མའོ། །

གཉིས་པ་གང་དང་འདྲ་ན་རྣམ་པར་དག་པའི་དགེ་སློང་ཕ་མ་དང་འདྲའོ། །གསུམ་པ་གང་ལ་འདྲ་ན་ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་ལའོ། །བཞི་པ་ཇི་ལྟར་འདྲ་ན་སྤྱིར་བཏང་དང་དམིགས་བསལ་ལོ། །དང་པོ་ནི་དཔེར་ན་དགེ་སློང་རྣམ་དག་གིས་ལྟུང་བ་སྡེ་ལྔའི་ཉེས་སྤྱོད་ལ་ཞུགས་ན་ལྟུང་བ་སྡེ་ལྔ་རྫོགས་པར་བསྐྱེད་པ་བཞིན་དུ་བསླབ་པ་བྱིན་པས་ཉེས་སྤྱོད་ལ་ཞུགས་ན་ཡངལྟུང་བ་སྡེ་ལྔ་རྫོགས་པར་བསྐྱེད་པའོ། །གཉིས་པ་དམིགས་བསལ་ནི་དགྲ་བཅོམ་བདེན་སྨྲདང་འདུན་པ་ཕྱིར་བསྒྱུར་དང་ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་དང་གསུམ་ལ་ནི་མི་འདྲསྟེ་དགྲ་བཅོམ་ཐོབ་པ་ན་བསླབ་པ་བྱིན་པ་ལས་གྲོལ་བས། བསླབ་པ་བྱིན་པ་ལ་དགྲ་བཅོམཐོབ་པ་བདེན་སྨྲའི་ལྟུང་བྱེད་བསྐྱེད་པ་མི་སྲིད་ལ། བསླབ་པ་བྱིན་པ་ལས་ཀྱི་ཁ་སྐོང་བར་མིའོས་པའི་ཕྱིར་ལྟུང་བྱེད་ཕྱི་མ་གཉིས་ཀྱང་མི་སྐྱེད་དོ། །

གསུམ་པ་བསླབ་པ་བྱིན་པ་ཡུལ་དུ་བྱེད་པ་ཞར་བྱུང་དུ་བསྟན་པ་ལ།

དགེ་སློང་གཞན་གྱི་ཡུལ་ལ་བསྙེན་པར་མ་རྫོགས་པ་དང་ལྡན་པ་དང༌། བསླབ་བྱིན་ནང་གིཡུལ་ལ་བསྙེན་པར་རྫོགས་པ་དང་ལྡན་པ་དང༌། དགེ་སློ༷བ་མའི་ཡུལ་ལ་བསྙེན་པར་རྫོགས་པདང་ལྡན་པ་དང་གསུམ། དང་པོ་ནི། རྩ་བར། ༥བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱངངོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས། དང་པོ་གང་ལྡན་པ་ནི་བསླབ་པ་བྱིན་པའོ། །གཉིསཔ་གང་དང་ལྡན་པ་ནི་བསྙེན་པར་མ་རྫོགས་པ་དང་ངོ༌། །གསུམ་པ་གང་ལ་ལྡན་པ་ནི་རྟེན་རྣམདག་གི་ཡུལ་ལའོ། །བཞི་པ་ཚུལ་ཇི་ལྟར་ལྡན་པ་ལ་མུ་བཞི་ཡོད་པ་ལས། དང་པོ་སེལ་བའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ཡུལ་རྣམ་དག་ཡན་ལག་ཏུ་དགོས་པའི་ལྟུང་བ་བརྡེག་པ་དང་གཟས་པ་ལ་སོགས་པ་ནི་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགསཏེ། ཡུལ་ཕམ་པས་མ་ཉམས་པ་ཡན་ལག་ཏུ་དགོས་པ་ལས་དེ་མ་ཚང་བའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བསྔོས་བསྒྱུར་ཚིག་ལ་ཁྱད་དུ་གསོད། །བསླབ་པ་སྤོང་དང་མི་སྨྲ་འགྲོ། །བཞིལ་ན་སྨད་དངོས་སུ་གསུངས། །དེ་མཚུངས་གཞན་ལ་མདོར་བསྡུས་སྦྱར། །ཡུལ་དགེ་སློང་ལསགྱུར་པ་བཞི་བཅུ་རྩ་དྲུག་གི་ཡུལ་བསླབ་པ་བྱིན་པ་ལས་ནི་ན་སྨད་དོ། །གཞི་མེད། བག་ཙམ། ལྷག་མས་སྐུར་འདེབས་དང་ཕམ་པ་འཆབ་བརྗོད་གཉིས་ཏེ་ལྔ་ནི་ཡུལ་བསླབ་པ་བྱིན་པ་ལསཀྱང་ལྟུང་བ་རྫོགས་པར་བསྐྱེད་དོ། །གཉིས་པ་ཡན་ལག་གི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི་འདོན་དང་གནས་ངན་ལེན་དང་ཆོས་ཞེས་གསུམ་དང་ནུབ་ལྷག་པར་ཉལ་བདང་བཞི་ནི་ཡུལ་བསྙེན་པར་མ་རྫོགས་པས་བསྐྱེད་པ་བཞི་ཞེས་བྱ་སྟེ། རྟེན་དགེ་སློང་རྣམདག་གིས་བཞི་པོ་དེ་དག་གི་ཡུལ་དགེ་སློང་བསླབ་པ་བྱིན་པ་ལ་བྱས་ན། ཡུལ་བསྙེན་པར་མ་རྫོགས་པ་དང་འདྲ་སྟེ། བཞི་པོ་དེ་དག་གི་ལྟུང་བ་རྫོགས་པར་བསྐྱེད་དོ། །ཡུལ་བསླབ་པ་བྱིནཔ་ལ། འདོན་དང་གནས་ངན་ལེན་བརྗོད་ལ། །ཞུ་ཆུང་ནས་གསུངས་བསྟན་བཅོས་མཐུན། །ཞུ་ཆེན་ན་སྨད་སྦྱོར་ལ་དགོངས། །བདེན་སྨྲ་ནུབ་ལྷག་མདོར་བསྡུས་སྦྱར། །ཞེས་གཟུང་བར་བྱའོ། །གསུམ་པ་བསྙེན་པར་མ་རྫོགས་པའི་བྱ་བ་འགྲུབ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ལུང་མ་མོ་ལས། བསླབ་པ་བྱིན་པའི་དགེ་སློང་གིས་རང་བཞིན་དུ་གནསཔའི་བསྙེན་པར་རྫོགས་པ་རྣམས་ལ་བྱིན་ལེན་བྱོས་ཤིག ཅེས་དང༌། ཊཱི་ཀ་ལས། དེས་རེགན་ཡང་བྱིན་ལེན་འཇིག་པ་དང༌། ཞེས་གསུངས་པ་ལྟ་བུའོ། །བཞི་པ་བསྙེན་རྫོགས་རྣམ་དགགི་བྱ་བ་མི་འགྲུབ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ལས་ཀྱི་ཁ་སྐོང་ལསོགས་པ་རྣམ་དག་གི་བྱ་བ་རྣམས་བསླབ་པ་བྱིན་པས་མི་འགྲུབ་སྟེ། ཆོ་ག་ཁྱད་པར་ཅན་ལསཉམས་པའི་ཕྱིར་རོ། །ལུང་ཞུ་བ་ལས། གནས་མལ་དང་གདིང་བ་སྡུད་པ་བཅོལ་བྱའི་ཡུལ་དངཕྱི་དྲོ་གྲོང་རྒྱུ་བ་བརྗོད་བྱའི་ཡུལ་དང་གསུམ་ལ་བསླབ་བྱིན་གྱིས་གོ་མི་ཆོད་པར་བཤད་དོ། །ཆོས་གོས་བྱིན་གྱིས་བརླབ་པའི་ཡུལ་ལ་སོགས་པ་ལ་མདོར་བསྡུས་སྦྱར་རོ། །

གཉིས་པ་བསླབ་བྱིན་ནང་གི་ཡུལ་ལ་བསྙེན་པར་རྫོགས་པ་དང་ལྡན་པ་ནི།

རྩ་བར། ༦དེ་ལ་ནི་མ་ཡིན་ནོ། །ཞེས་བྱུང༌། བསླབ་པ་བྱིན་པ་དེ༷་ལ༷་བསླབ་པ་བྱིན་པ་གཞན་ནི༷་བསྙེནཔར་རྫོགས་པ་དང་ལྡན་པ་ཉིད་མ༷་ཡི༷ན་པ་མ་ཡིན་ཏེ། ཊཱི་ཀ་ལས། རང་བཞིན་འདྲ་བའི་ཕྱིརརོ། །ཞེས་སོ། །དེ་ཡང་བསྙེན་པར་མ་རྫོགས་པ་དང་མི་ལྡན་པ་འདི་ལ་མུ་བཞི་ཡོད་པ་ལས། དང་པོ་རྟེན་དགེ་སློང་བསླབ་པ་བྱིན་པས་བརྡེག་པ་ལ་སོགས་པའི་ཡུལ་དགེ་སློང་བསླབ་པབྱིན་པ་ལས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དེ། ལུང་ཞུ་བ་ལས། བཙུན་པ་དགེ་སློང་གིསབསླབ་པ་སྩལ་བ་ལ་བརྡེགས་ན་ཅིར་འགྱུར། ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །

དེ་བཞིན་དུ་བརྡེག་པ་དང་གཟས་པ་དང་འགྱོད་པ་བསྐྱེད་པ་དང་སྐྲོད་པ་ལ་སོགས་པ་མང་པོ་ཞིག་གི་ཡུལ་བསླབ་པ་བྱིན་པ་ལས་ལྟུང་བྱེད་བསྐྱེད་པར་ལུང་ལས་གསུངས་སོ། །གཉིས་པ་རྟེན་དགེ་སློང་བསླབ་པ་བྱིན་པས་དགེ་སློང་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་འདོན་པདང་ནུབ་ལྷག་པར་ཉལ་བ་ལ་སོགས་པའི་ལྟུང་བ་བཞི་གང་ཡང་མི་འབྱུང་ངོ༌། །གསུམ་པབསྙེན་པར་མ་རྫོགས་པའི་བྱ་བ་མི་འགྲུབ་པ་ནི་དགེ་སློང་བསླབ་པ་བྱིན་པ་ལ་དགེ་སློང་བསླབཔ་བྱིན་པས་བྱིན་ལེན་བསྟབས་ན་བྱིན་ལེན་སྟོབ་པ་པོའི་གོ་མི་ཆོད་པ་ལ་སོགས་པ་དང༌། བཞིཔ་བསྙེན་པར་རྫོགས་པའི་བྱ་བ་འགྲུབ་པ་ནི། བསླབ་པ་བྱིན་པའི་དགེ་སློང་གིས་ཆོས་གོསབྱིན་གྱིས་བརླབ་པའི་ཡུལ་གཞན་མེད་ན་ཡུལ་དགེ་སློང་བསླབ་པ་བྱིན་པས་ཀྱང་གོ་ཆོད་པ་ལྟབུ་ཡིན་པར་མཚོ་ཊཱིཀ་ལས་གསུངས་སོ། །

གསུམ་པ་དགེ་སློ༷བ་མའི་ཡུལ་ལ་བསྙེན་པར་རྫོགས་པ་དང་ལྡན་པ་ནི།

རྩ་བར། ༧དགེ་སློབ་མ་ལ་ཡང་ངོ། །ཞེས་བྱུང༌། ལྟུང་བའི་རྟེན་དགེ༷་སློ༷བ་མ༷་ལ༷་ཡ༷ང་ཡུལ་དགེ་སློང་མ་བསླབ་པབྱིན་པ་མོ་དེ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མིན་ཏེ། བསྙེན་པར་རྫོགས་པ་དང་ལྡནཔ་ཉིད་ཡིན་ནོ། །འདི་ལ་མུ་བཞི་ལས་སྐུར་བ་འདེབས་པ་ལྟ་བུ་ཡུལ་རྣམ་དག་ལ་བརྟེན་ནསལྟུང་བ་བསྐྱེད་པ་རྣམས་ཡུལ་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་བསྐྱེད་པ་དང༌། གནས་ངནལེན་དང་ཆོས་ལྟ་བུ་ཡུལ་བསྙེན་པར་མ་རྫོགས་པ་ལས་ལྟུང་བ་བསྐྱེད་པ་རྣམས་ཡུལ་དགེ་སློངམ་བསླབ་པ་བྱིན་པ་ལས་ལྟུང་བ་མི་བསྐྱེད་པ་དང༌། བྱིན་ལེན་ལ་སོགས་པས་བསྙེན་པར་མརྫོགས་པའི་བྱ་བ་རྣམས་དགེ་སློང་མ་བསླབ་པ་བྱིན་པ་མོ་དེས་གོ་མི་ཆོད་པ་ལ་སོགས་པ་དང༌།

དུས་མ་ཡིན་པར་གྲོང་དུ་འགྲོ་བ་སྨྲ་བའི་ཡུལ་ལ་སོགས་པ་ཡུལ་བསྙེན་པར་རྫོགས་པའི་བྱ་བ་རྣམས་ནི་ཡུལ་དགེ་སློང་མ་བསླབ་པ་བྱིན་པ་དེས་ཀྱང་གོ་ཆོད་པ་ལྟ་བུའོ། །

གཉིས་པ་བསམ་པའི་ཡན་ལག་སེལ་བ་དང་བཅས་ཏེ་བསྟན་པ་ལ།

རྩ་བར། ༨ འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ། །ཞེས་བྱུང༌། འདིའིདོན་ངེས་པར་བྱ་བ་ལ། གནས་སྐབས་སུ་ལུས་ཀྱི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པ་དང༌།

སྐབས་དོན་བསམ་པའི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པ་དང་གཉིས། དང་པོ་ནི་ཕམལྷག་དང་པོ་གཉིས་དང་མ་བྱིན་ལེན་དང་སྲོག་གཅོད་པའི་ལྟུང་བ་བཞི་སྟེ་ལྟུང་བ་བདུན་གྱི་དབངདུ་བྱས་ནས་བདག་ཉིད་དུད་འགྲོར་སྤྲུལ་བ་ལྟ་བུ་དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟནཔ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ལྟུང་བ་དངོས་གཞི་བསྐྱེད་པ་ཡིན་ཏེ། ལུང་ཞུ་བ་ལས།

དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པར་སྤྱོད་པ་བགྱིད་ན་ཅིར་འགྱུར། དེ་སྟེ་དགེ་སློང་དུ་འདུ་ཤེས་ཡོད་ན་འཁྲིག་པའི་སྦྱོར་བ་བྱས་པ་ཡིན་པསམཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན་སྦོམ་པོ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བལ་འཁུར་སྐྱེས་པ་གཅོད་པ་དང༌། །དོན་མཐུན་དང་ནི་སྦེདདང་བཞི། །རྫུ་འཕྲུལ་གྱིས་བྱས་ན་སྨད་གསུངས། །ལུས་མི་སྣང་བར་བྱས་ན་ལུང་ཞུ་བ་ལས། ཕམ་རྫུན་འཁྲིག་ཚིག་བསྙེན་བཀུར་དང༌། །གཞི་མེད་བག་ཙམ་བལ་འཁུར་དང༌། །བདེན་སྨྲ་དོན་མཐུན་གྲུ་དབེན་གཉིས། །འདུག་གནས་འདུས་ཟ་ཉལ་ཤོམ་གཉིས། །གཅེར་བུ་བརྡེགགཟས་ནུབ་ལྷག་དང༌། །སྨྲ་དང་བསྙིལ་སྡུད་འགྱོད་བསྐྱེད་དང༌། །རྩེ་དང་ལྷན་ཅིག་དངངསབྱེད་སྦེད། །གཞི་མེད་སྐྱེས་མེད་རྐུ་དང་ཉན། །མི་སྨྲ་མ་གུས་དུས་མིན་འགྲོ། །ཟས་བཅས་སྐྱ་རེངས་ད་གདོད་དང༌། །སོ་སོར་བཤགས་བྱ་བཞི་རྣམས་ཏེ། །དེ་ལྟར་ལྟུང་བ་བཞི་བཅུ་ལ། །

ལུས་མི་སྣང་བྱས་ན་སྨད་གསུངས། །དེ་ལྟར་སྔར་བཤད་པའི་ལྟུང་བ་བདུན་པོ་མ་གཏོགས་པ་ལྟུང་བ་གཞན་རྣམས་ནི་ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱི་ལུས་ཐ་མལ་དུ་གནས་པ་ཡན་ལགཏུ་དགོས་སོ། །ཞེས་མཚོ་ཊཱིཀ་གི་དངོས་ཟིན་དེ་དང་ཅུང་མི་འདྲ་བ་ཕམ་ལྷག་བཅུ་བདུན་དང༌། སྤང་ལྟུང་དང་པོ་དང༌། ལྟུང་བྱེད་འབའ་ཞིག་པ་དང་པོ་དང༌། སོ་སོར་བཤགས་པར་བྱ་བ་དངཔོའི་སྐབས་སུ་བམ་པོ་ལྔ་བཅུ་པ་ལས། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །ཞེས་གསུངས་པའི་དགོངས་པ་གང་ཡིན་དཔྱད་དགོས་སོ། །

རིན་ཕྲེང་༥༣ལས། སྔ་མ་དག་ཕམ་ལྷག་དང་པོ་གཉིས་མ་བྱིན་ལེན་སྲོག་གཅོད་པའི་ལྟུང་བ་བཞིསྟེ་བདུན་ལ་འདྲ་ཟེར་ཡང་སྡེ་ལྔ་ཕལ་མོ་ཆེའི་རྟེན་དུ་འདྲ་སྟེ། ཞེས་གསུངས་ལ། དེ་ལྟར་སྒོ་མངཡིག་ཆར་བམ་ལྔ་ལྟར་གསུངས་སོ། །འདུལ་འཛིན་གྱིས་མཚོ་ཊཱིཀ་དང་མཐུན་པར་གསུངས་སོ། །

གཉིས་པ་སྐབས་དོན་བསམ་པའི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པ་ལ་གཉིས་ཏེ།

གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི་སྐབས་འདིར་ཁ་ཅིག་ནརེ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་ཞེས་པའི་མདོ་འདིས་ཤེས་པ་རང་བཞིན་དུ་གནསཔའི་ཡན་ལག་མ་བསྟན་གྱི། བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོར་བསྟན་ཏེ། རང་ཉིདལ་བསླབ་པ་ཡོད་པ་ལ་ཡོད་པར་འདུ་ཤེས་ཏེ་ཉེས་པ་ལ་ཞུགས་ན་ལྟུང་བ་དངོས་གཞི་འབྱུང་གི་རང་ལ་སྡོམ་པ་ཡོད་པ་བརྗེད་པའམ་མེད་པར་འདུ་ཤེས་འཁྲུལ་ཏེ་ཞུགས་ན་ལྟུང་བ་དངོས་གཞི་མི་འབྱུང་སྟེ་འདི་ཉིད་ལས། དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞི། མེད་ན་ན་སྨདཅེས་གསུངས་པ་དང༌། ལུང་ཞུ་བ་ལས། དགེ་སློང་དུ་འདུ་ཤེས་ཡོད་ན་འཁྲིག་པར་སྦྱོར་བར་བྱབ་ཡིན་པས་མཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན་སྦོམ་པོར་འགྱུར་རོ། །ཞེསདང༌། འོད་ལྡན་ལས། སྡོམ་བརྩོན་སྡོམ་བརྩོན་ཉིད་དུ་འདུ་ཤེས་ན། །དངོས་གཞིའོ་མིན་ན་ལྟུངབ་ཆུང་དང་ལྡན། །ཞེས་འབྱུང་བས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོགནོད་བྱེད་བརྗོད་པ་ནི། ལུང་འདུལ་བྱེད་དང་འདི་ཉིད་ལས། བདག་ནི་ཉམས་པའོ་སྙམ་པའིབསམ་པ་ཅན་ལ་ཡང་ན་སྨད་པ་མེད་དོ། །ཞེས་གསུངས་པ་དང་འགལ་ལོ། །གསོར་རུང་དུ་ཉམས་པའོ་སྙམ་པའི་བསམ་པ་ཅན་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཊཱི་ཀ་ལས། བདག་ནི་ཞིག་པའོཞེས་གསུངས་པས་སོ། །བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཞེས་པ་དེ་ཕམ་པ་དང་པོའི་སྐབས་ནས་བཤད་པས་ཕམ་པ་དང་པོའི་སྐབས་སུ་བསླབ་པའི་ཡན་ལག་དངོས་པོ་གཙོ་ཡང༌། ལྟུང་བ་གཞན་རྣམས་ལ་བསླབ་པའི་ཡན་ལག་འདུ་ཤེས་གཙོ་སྟེ། འདི་ཉིད་ལས། དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞི། མེད་ན་ན་སྨད་དོ། །ཞེས་དང༌། ལུང་ཞུ་བ་དང་འོདལྡན་ལས་ཀྱང་དེ་ལྟར་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཁྱེད་ཀྱིས་བསླབཔའི་ཡན་ལག་ཏུ་འདུ་ཤེས་གཙོ་བོའི་གཞུང་དུ་དྲངས་པ་དེ་རྣམས་ལུང་ལས་མི་ཚངས་སྤྱོད་ལ་གསུངས་པ་བསྡུས་པ་ཡིན་པས། ལྟུང་བ་གཞན་གྱི་གཞུང་དུ་མི་རུང་ངོ༌། །གཉིས་པ་སྒྲུབ་བྱེདགཞིག་པ་ནི་ཁྱེད་ཀྱིས་ཁུངས་སུ་དྲངས་པའི་གཞུང་དེ་རྣམས་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པས་མཚོན་ནས་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་པར་བསྟན་པ་ཡིན་གྱི། བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོར་སྟོན་པ་མ་ཡིན་ཏེ། སྔར་གྱི་གནོད་བྱེད་དེ་དག་དམིགས་པས་སོ། །

གཉིས་པ་རང་ལུགས་བཞག་པ་ནི།

སྔར་བཤད་པ་ལྟར་ལྟུང་བ་བདུན་གྱི་དབང་དུ་བྱས་ནས། དགེ་སློང་འགྲོ༷་བ༷་གཞ༷ན་གྱི༷་རྣ༷མ་པ༷་བསྟ༷ན་པ༷་ན༷་དགེ༷་སློ༷ང་གི༷་འདུ༷་ཤེ༷ས་ཡོ༷ད་ཅིང་ཤེས་པ་རང་བཞིན་དུ་གནས་པ༷་ལ༷་ཡན་ལག་གཞན་ཚང་ན་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཏེ། དགེསློང་གཞན་དང་འདྲ་བར་མི་ཚངས་པར་སྤྱོད་པ་ལ་སོགས་པའི་ལྟུང་བ་རྫོགས་པར་བསྐྱེད་ལ།དགེ་སློང་གི་འདུ་ཤེས་༩མེ༷ད་ན༷་ནི༷་ན༷་སྨ༷ད་པ༷་ཉི༷ད་ཡིན་པའི་ཕྱིར་རོ། །དེ་ལ་ཅུང་ཟད་སྤྲོས་ན་སྐབས་འདིར་བསམ་པའི་ཡན་ལག་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་ཡན་ལག་གི་ཁྱབཔ་སྦྱར་བ་ནི། ལྟུང་བ་སྡེ་ལྔ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་ལྟུངབ་བསྐྱེད་པའི་རྟེན་བདག་ཉིད་ཤེས་པ་རང་བཞིན་དུ་གནས་པའོ། །གསུམ་པ་སེལ་བ་ནི་དེལས་ལྡོག་པའོ། །དེ་ལ་དབྱེ་ན་བརྒྱད་དེ། སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིརབ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་སྟེ་ཤེས་པ་རང་བཞིནདུ་མི་གནས་པ་གཙོ་བོ་བཞི་དང༌། གཙོ་བོ་མ་ཡིན་པ་བཞི་སྟེ། གཉིད་ལོག་པ་དང༌། ཆང་སོགསརྫས་ཀྱིས་མྱོས་ཏེ་ཤེས་པ་རང་དབང་མེད་པ་དང༌། སྙོམས་པར་ཞུགས་པ་དང་བརྒྱལ་བརགྱུར་པའོ། །བཞི་པ་ཅིར་འགྱུར་ནི་གསུམ་ལས། དང་པོ་སྦྱོར་བ་དང་མཐར་ཐུག་གཉིས་ཀའི་ཚེ་ན་བདག་ཉིད་ཤེས་པ་རང་བཞིན་དུ་མི་གནས་ན་ཅིར་འགྱུར་ནི། ལྟུང་བ་མེད་དེ། ཐ་སྙདདུ་རུང་བའི་འདུ་ཤེས་ལས་ཉམས་པ་ཉིད་ལ་ནི། ཞེས་པ་དང༌། རྨི་ལམ་ནི་མེད་པ་དང་འདྲ། ཞེས་གསུངས་པས་སོ། །གཉིས་པ་དགེ་སློང་ཤེས་པ་རང་བཞིན་དུ་མི་གནས་པས་སྦྱོར་བ་བྱསནས་རང་བཞིན་དུ་གནས་པར་གྱུར་པ་ན་མཐར་ཐུག་གྲུབ་ན་ཅིར་འགྱུར་ནི། བུད་མེད་ལ་རེགཔ་ལྟ་བུ་ལ་ནི་མཐར་ཐུག་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། བཅས་པའི་རྟེན་ཅན་རང་བཞིན་དུགནས་པ་དེ་ལ་སྦྱོར་བ་མ་རྫོགས་པས་མཐར་ཐུག་གྲུབ་པ་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་དགེ་སློང་ཤེས་པ་རང་བཞིན་དུ་གནས་པས་སྦྱོར་བ་བྱས་ནས་རང་བཞིན་མིགནས་པར་གྱུར་པ་ན་མཐར་ཐུག་གྲུབ་ན་ཅིར་འགྱུར་ལ་གཉིས་ལས། དང་པོ་སྨྱོ་བ་ལ་སོགསཔ་གཙོ་བོའི་སེལ་བ་བཞིར་གྱུར་ན་ནི་སྦྱོར་བ་ལ་རང་རང་གི་སྦྱོར་ལྟུང་གང་ཡོད་དེ་ཉིད་འབྱུང་ལ། མཐར་ཐུག་ལ་ལྟུང་བ་ནི་མེད་དེ། ལུང་ལས་སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ཞེསགསུངས་པས་ཤེས་སོ། །གཉིས་པ་གཉིད་ལོག་པ་ལ་སོགས་གཙོ་བོ་མ་ཡིན་པ་བཞིར་གྱུར་ན་ནི། ལྟུང་བ་རྫོགས་པར་བསྐྱེད་པ་ཡོད་དེ་ཞག་གཅིག་འདས་པ་དང་འབྲེལ་བ་རྣམས་ཀྱི་སྦྱོརབ་རང་བཞིན་དུ་གནས་པས་བྱས་ནས་གཉིད་ལོག་པ་ལ་སོགས་པ་ན་མཐར་ཐུག་གྲུབ་ན་ལྟུངབ་དངོས་གཞི་བསྐྱེད་པར་ནུབ་ལྷག་པར་ཉལ་བའི་སྐབས་ཀྱི་ཊཱི་ཀ་ལས་བཤད་ཅིང༌། འདི་ཉིདལས། བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །ཞེས་དང༌། གཏམ་གྱི་གཞིལས། སྙོམས་པར་འཇུག་པ་ན་བདག་གི་ཁང་པ་རྩིགས་ཤིག་ཅེས་བསྒོ་ནས་སྙོམས་པར་ཞུགསཔའི་ཚེ་ཁང་པ་ཟིན་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་སོ། །

གསུམ་པ་ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅས་པ་ལ་གཉིས་ལས།

དང་པོ་སེལ་བའིསྒོ་ནས་ཚིགས་ཀྱི་ཡན་ལག་བསྟན་པ་ལ། རྩ་བར། ༡༠ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡངངོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ། ཡན་ལག་གི་ཁྱབ་པ་སྦྱར་བ་དང༌། ཡན་ལག་རངགི་ངོ་བོ་དང༌། སེལ་བ་དང༌། ཅིར་འགྱུར་དང༌། རྒྱུ་མཚན་དང་ལྔ་ལས། དང་པོ་ནི་བསྙེན་རྫོགསཀྱི་བསླབ་པའི་ཚིགས་གཅིག་པ་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པ་ཐམས་ཅད་ལ་ཡན་ལགཏུ་དགོས་སོ། །དགེ་ཚུལ་གྱིས་སྦྱོར་བ་བྱས་ནས་དགེ་སློང་གིས་མཐར་ཐུག་གྲུབ་པའི་སྦོམ་པོ་ལ་སོགས་པ་ལ་ནི་ཚིགས་གཅིག་པ་ཡན་ལག་ཏུ་མི་དགོས་པས་ཉེས་བྱས་ཀྱི་སྡེ་ལ། ལུང་ཞུབ་ལས། ཉེས་བྱས་ཀྱི་སྡེ་མ་གཏོགས་པ་དགེ་སློང་ཕའི་ལྟུང་བ་སྡེ་བཞི་ལ་ཕམ་པའི་རྫུན་ལསོགས་པ་བཞི་བཅུ་རྩ་ལྔ་མ་གཏོགས་པ་ལྟུང་བ་གཞན་རྣམས་ཀྱི་ཚིགས་ཀྱི་ཡན་ལག་དངོས་སུ་གསུངས་པས་དེ་དག་ལ་ཡང་མདོར་བསྡུས་སྦྱར་བའོ། །གཉིས་པ་ཡན་ལག་རང་གི་ངོ་བོནི་སྦྱོར་བ་དང་མཐར་ཐུག་གཉིས་ཀའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཚིགས་དེ་ཉིད་དང་ལྡན་པའོ། །གསུམ་པ་སེལ་བ་ནི་སྦྱོར་བ་བསླབ་པའི་ཚིགས་གཞན་གྱིས་བྱས་ན་མཐར་ཐུག་ཚིགས་གཞན་དུ་གྲུབ་པའོ། །བཞི་པ་ཅིར་འགྱུར་ནི། ཚིགས་སྔ་མ་སྦྱོར་བ་བྱས་ནསཚིགས་ཕྱི་མ་ལ་མཐར་ཐུག་བྱས་ན་ལྟུང་བ་དངོས་གཞི་མི་རྫོགས་པར་སྦོམ་པོ་སོགས་སུ་འགྱུརརོ། །ལྔ་བ་རྒྱུ་མཚན་ནི། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་རྐུ་བའི་སྦྱོར་བ་བྱེད་ལ། བསྙེནཔར་རྫོགས་པ་ན་རྐུ་ན་ཉེས་པ་སྦོམ་པོའོ། །ཞེས་དང༌། འོད་ལྡན་ལས། དགེ་ཚུལ་ཉིད་ཀྱིས་སྦྱོར་བབྱས་པ་ཙམ་གྱི་དབང་གིས་བསྙེན་པར་རྫོགས་པ་ཉིད་དུ་གྲུབ་ན་ཆུང་བ་ཉིད་ཡིན་ཏེ། སྔ་མའི་ཚིགས་སུ་སྦྱོར་བ་བྱས་པའི་ལས་ཀྱི་ལམ་ཚིགས་ཕྱི་མ་ལ་རྫོགས་ན་ཆུང་བ་ཉིད་ཡིན་ནོ། །ཞེསགསུངས་པའི་ཕྱིར། དེས་ན་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པ་ཐམས་ཅད་ལ་བསླབ་ཚིགསགཅིག་པ་ཡན་ལག་ཏུ་དགོས་ལ། ལུང་ལས་ལྟུང་བ་བཅུ་གསུམ་གྱི་དངོས་གཞི་རྫོགས་པ་ལྟ་བུར་གསུངས་པ་ནི་ཚིགས་སྔ་མ་ལ་ཁད་རིང་བའི་སྦྱོར་བ་བྱས་ནས། ཚིགས་ཕྱི་མ་ལ་མེད་མིརུང་གི་སྦྱོར་བ་ཡོད་པ་ལ་དགོངས། ཞེས་མཚོ་ཊཱིཀ་ལས་གསུངས་སོ། །ལུང་ཞུ་བ་ལས། བསྙེནཔར་རྫོགས་པས་རྐུ་བར་བཤམས་ཏེ་བསྙེན་པར་མ་རྫོགས་པས་བརྐུས་ན་ཅིར་འགྱུར་སྦོམཔོར་འགྱུར་རོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་དགེ་སློང་གིས་མ་བྱིན་ལེན་ལྟ་བུའིསྦྱོར་བ་བྱས་ནས་དེ་དགེ་ཚུལ་དུ་བབས་པ་ན་མཐར་ཐུག་གྲུབ་ན་དེའི་སྦྱོར་བ་བྱེད་པ་པོའི་ཚིགས༡༡ཕྱི༷་མ༷་དགེ་སློང་ལ༷་ཡ༷ང་སྦྱོར་བའི་ན་སྨད་པ་དེ༷་ད༷ང་ལྡ༷ན་པ༷་ཉི༷ད་ཡི༷ན་ནོ༷། །ཞེས་པའོ། །འོ་ན་དགེ་སློང་གིས་མ་བྱིན་ལེན་ལྟ་བུའི་སྦྱོར་བ་བྱས་ནས་དེ་དགེ་ཚུལ་དུ་བབས་པ་ན་མཐར་ཐུགགྲུབ་ན། དགེ་ཚུལ་དེ་ལ་ཅིར་འགྱུར་ཞེ་ན། ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀལས། དངོས་གཞིར་གྱུར་པའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར། ཞེས་གསུངས་སོ། །དེ་ཡངཉེས་བྱས་དེའི་སྦྱོར་བ་དང་མཐར་ཐུག་གི་དུས་ན་དགེ་ཚུལ་གྱི་སྡོམ་པ་ཡོད་ཅིང་ཉེས་བྱས་དེའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་པའོ། །ཚིགས་སྔ་མ་དགེ་ཚུལ་གྱི་རྟེན་ལ་སྦྱོར་བ་བྱས་ནསཚིགས་ཕྱི་མ་དགེ་སློང་གི་རྟེན་ལ་མཐར་ཐུག་གྲུབ་པ་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་འགྱུརབའི་རྒྱུ་མཚན་ཡང༌། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཡན་ལག་མ་ཚངབས་སོ། །ན་སྨད་བསྐྱེད་པའི་རྒྱུ་མཚན་ནི། གཙོ་བོར་ན་ལྟུང་བ་ན་སྨད་དུ་བཅས་པའི་དབང་གིས་སོ། །དམིགས་བསལ་འཆང་འབྲལ་ལྟ་བུ་ལ་ཚིགས་ཀྱི་སེལ་བ་ན་སྨད་དུ་འགྱུར་བ་མི་སྲིདལ། ལོ་དྲུག་སྟན་ལ་ནི་ཚིགས་མར་འཕོས་པ་ན་སྦྱོར་བའི་ཉེས་བྱས་བསྐྱེད་ཀྱང་ཚིགས་ཡར་འཕོསཔ་ལ་ལྟུང་བ་མེད་དོ། །

གཉིས་པ་ཞར་ལས་བྱུང་བ་ནི།

༡༢རྫ༷ས་དངོས་སུ་བཀ༷ག་པ༷་བ༷ས་དཀོན་ཞིང་རིན་ཆེབའི་སྒོ་ནས་བཟ༷ང་པོ༷་ལ༷་ཡ༷ང་བཀག་པ་དེ༷་ད༷ང་ལྡ༷ན་པ༷་ཉི༷ད་ཡི༷ན་ནོ༷། །དེའང་ཡུལ་གང་ན་བལནག་པོ་བས་བལ་དཀར་པོ་དཀོན་ཞིང་རིན་ཆེ་བ་ཡིན་ན་བལ་དཀར་པོ་ལ་སྟན་བྱེད་ན་སྤང་ལྟུང་བསྐྱེད་པ་ལྟ་བུ་ཡིན་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཆ་གཉིས་བསྲེ་བའི་སྐབས་སུགསུངས་སོ། །མཚོ་ཊཱིཀ་ལས། ཁ་ཅིག་ན་རེ། རྫས་བཀག་པས་བཟང་པོ་ནི་ལྷའི་རིན་པོ་ཆེའམརིན་པོ་ཆེར་གཏོགས་པ་ལག་གིས་བཟུང་ན་ཉེས་བྱས་སུ་འགྱུར་རོ་ཞེས་དངོས་སུ་བཀག་པའིཕྱིར་དང༌། སྤྱིར་བུད་མེད་ལ་རེག་པ་དངོས་སུ་བཀག་པའི་ཕྱིར་རོ། །དེ་བཞིན་དུ་རྟ་མཆོག་རིན་པོ་ཆེ་དང༌། ཞིང་དང་ཁང་བཟང་ལ་སོགས་པ་ལ་རེག་ན་ཡང་ལྟུང་བར་འགྱུར་རོ་སྙམ་དུ་མི་བསམ་སྟེ། དགག་པ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་ལ། དེ་དང་མིའདྲ་བར་རིན་ཕྲེང་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །བལ་ཁུར་རྨེལ་དང་གསེརདངུལ་རེག །མངོན་ཚན་ཉོ་འཚོང་བསོད་པ་ལོངས༌། །ཁབ་རལ་ལས་གྱུར་ཁྱབ་པའོ། །ཞེསལྟུང་བ་བཅུ་གཅིག་གསུངས་སོ། །དཀོན་ཞིང་རིན་ཆེ་བའི་སྒོ་ནས་རྫས་དངོས་སུ་བཀག་པ་དེདང༌། ༡༣འདྲ་བ་ལ་ཡང་ངོ་སྟེ་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ། །ཊཱི་ཀ་ལས། སྲིན་བལདང་འདྲ་བ་མོན་དར་དང་དུ་ཀཱུ་ལའི་རས་ལ་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བརགསུངས་སོ། །འོ་ན་མོན་དར་དེ་སྲིན་བལ་དང་འདྲ་ན་ལུང་དགེ་སློང་མའི་རྣམ་འབྱེད་ལས་མོནདར་ཞེས་བྱ་བ་ནི་སྲིན་བལ་ལོ་ཞེས་གསུངས་པ་དང་འགལ་སྙམ་ན། མོན་དར་ལ་རིགས་གཉིསཡོད་དེ། སྲིན་བལ་ལས་བྱས་པ་དང༌། རྩྭ་ལས་བྱས་པ་སྟེ། ཕྱི་མ་ནི་ལུང་ཕྲན་ཚེགས་ཀྱི་འགྲེལབ་ལས། མོན་དར་འདྲ་བ་ལ་ཡང་ངོ་ཞེས་པ་འདི་འོད་ལྡན་ལས་གུར་ཀུམ་དང་ཁ་དོག་གསལཆེས་པའི་སྒོ་ནས་འདྲ་བ་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བ་ཡང་ཉན་ཐོས་རྣམས་ལ་བཀག་པརགསུངས་སོ། །

བཞི་པ་མཚན་གྱི་ཡན་ལག་ཞར་བྱུང་དང་བཅས་པ་ནི།

རྩ་བར། ༡༤མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ་སྤྱིར་བཤད་པ་དང་དངོས་ཀྱིདོན་དང་གཉིས་ལས། དང་པོ་ལྟུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེ་བ་ནི། དགེ་སློངཕ་མའི་ལྟུང་བ་ལ་གཉིས་སུ་དབྱེ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ཅི་འདྲ་བའི་ཐུན་མོང་དང་རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་ངོ༌། །དང་པོནི་སྲོག་གཅོད་པའི་ཕམ་པ་ལྟ་བུ་སྟེ། རྟེན་དགེ་སློང་ཕ་མ་གཉིས་ལ་ལྟུང་བ་ཆེ་ཆུང་མཉམ་པོརབཅས་ཤིང་ལྟུང་བའི་ཡན་ལག་ཐུན་མོང་བའོ། །གཉིས་པ་རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་ནི། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ལྟ་བུ་སྟེ། རྟེན་དགེ་སློང་ཕ་མ་གཉིས་ལ་ལྟུང་བ་ཆེ་ཆུང་མཉམཔོར་བཅས་ཤིང་ལྟུང་བའི་ཡན་ལག་ཐུན་མོང་མ་ཡིན་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི་རེག་པའི་ཕམ་པའམ་འབྱིན་པའི་ལྷག་མ་ལྟ་བུའོ། །དེ་ཡང་དགེ་སློང་ཕ་མའི་ལྟུང་བ་ཐུན་མོང་མ་ཡིན་པར་བཞག་པའི་རྒྱུ་མཚན་ནི་ལྔ་སྟེ། སྡེ་ཚན་མི་འདྲ་བའི་ཕྱིར་དང༌། ཆེ་ཆུང་མི་འདྲ་བའིཕྱིར་དང༌། ཡོད་མེད་མི་འདྲ་བའི་ཕྱིར་དང༌། དབྱེ་བ་མི་འདྲ་བའི་ཕྱིར་དང༌། འགྱུར་དུས་མི་འདྲབའི་ཕྱིར་རོ། །བདུན་ཅུ་རྩ་གཉིས་སོ་ཞེས་གནས་ངན་ལེན་འཆབ་པ་ཐུན་མོང་བར་བཞག་པ་ནི་ལྷག་མ་འཆབ་པའི་ཆ་ནས་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །ཕམ་པ་འཆབ་པའི་ཆ་ནས་ཐུན་མོང་མ་ཡིན་པའོ། །

གཉིས་པ་དངོས་ཀྱི་དོན་བཤད་པ་ལ།

མཚན་ཉིད་ཅི་འདྲ་བའི་ཐུན་མོང་གི་དབངདུ་བྱས་པ་དང༌། ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་དང༌། དེ་དག་གི་ཞར་ལས་བྱུང་བ་དང༌། དེ་དག་གི་འཐད་པ་བསྟན་པ་དང་བཞི། དང་པོ་ནི་དགེ་སློང་གིས་མི་གསོད་པ་ལྟ་བུའི་སྦྱོར་བབྱས་ནས་དགེ་སློང་མར་མཚ༷ན་གྱུ༷ར་ཏེ་མཐར་ཐུག་གྲུབ་པ་ནི༷་དངོས་གཞིའི་ལྟུང་བ་དེ༷་སྐྱེ་བའི་ཞི༷ང་ཉི༷ད་དེ་རྟེན་ཉིད་ཡི༷ན་ནོ༷། །འདི་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་གི་ལྟུང་བ་དེ་སྐྱེས་ཟིནགནས་པའི་ཞིང་ཉིད་ཀྱང་ཡིན་ནོ། །མདོ་འདི་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ཐམསཅད་ཀྱི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ལྔ་བཅུ་རྩ་དྲུག་ཡོད་དེ། དེ་ཡང་ལུང་ཞུ་བ་ལས། ༡རྐུ་དང་༢སྨྱན་དང་༣སྐུར་འདེབས་གསུམ། །

༦འཆང་༧འཇོག་༨སློང་དང་༩སློང་རིགས་དང༌། །༡༠རིན་ཐང་༡༡སོ་སོར་༼སྤགས་པ་སློང་དང་སོསོ་ནས་སྤགས་པ་སློང་བ༽༡༢བསྐུར་བ་དང༌། །༡༣གསེར་དངུལ་༡༤སྐྱེད་༡༥༼མངོན་མཚན་ཅན་དང་ཉོ་ཚོང༽གཉིས་༡༦ལྷུང་བཟེད་འཚོལ། །༡༧འཐག་༼འཐག་པ་དང་འཐག་པ་བསྐྱེད་པ༽༡༨གཉིས་༡༩རྫུན༢༠༼མ་རྫོགས་པ་དང་ལྷན་ཅིག༽འདོན་༢༡སྐྱེ་བ་གཅོད། །༢༢རིམ་གཉིས་༢༣༼མུུ་སྟེགས་པའི་༽འདུགགནས་༢༤༼དོ་གསུམ་ལྷག་ལེན༽ཕྱེ་དང་ནི། །༢༥སྤངས་ཟ་༢༦དུས་མིན་༢༧ཁ་ནས་མིད། །༢༨གཅེརབུ་༼ཟས་སྦྱིན་པ༽༢༩དམག་༼ལ་ལྟ་བ། ༣༠ནང་དུ་ཞག་གཉིས་གནས་པ། ༣༡གཡུལ་བཤམས་དཀྲུག་པ༽

གསུམ་༣༢མེ་རེག་དང༌། །༣༣ནུབ་ལྷག་༣༤ཁ་བསྒྱུར་༣༥རིན་ཆེན་རེག༼ལོངས་པ་གཞིར་གཏོགས༽ །༣༦ཁྲུས་བྱེད་༣༧༼ཆུ་ལ༽རྩེ་དང་༣༨རྐུན་མ་དང༌། །༣༩ས་རྐོ་༤༠མགྲོན་༼གཉེར་རིང་འདུག༽དང༤༡ཆང་འཐུང་དང༌། ། ༤༢དུས་མིན་༼པར་གྲོང་དུ་འགྲོ་བ༽ ༤༣ཟས་བཅས་༼གྲོང་རྒྱུ༽༤༤༼ཕོ་བྲང༽སྐྱ་རེངས་དང༌། །༤༥ཁབ་རལ་༤༦གདིང་༤༧གཡན་༤༨བདེ་གཤེགས་གོས། །བཞི་བཅུ་བརྒྱད་ལ་དངོས་སུ་གསུངས། །༤༩མི་ཚངས་སྤྱོད་དང་༥༠སྲོག་གཅོད་བཞི། །༥༤ཕམ་རྫུན་༥༥བདེན་སྨྲ་༥༦ས་བོན་འཇོམས། །དེ་ལྟར་བརྒྱད་ལ་ནི་མདོར་བསྡུས་སྦྱར་བར་བྱའོ། །དེ་ལྟར་མཚོཊཱིཀ་ལས་མ་གུས་ཕྱོགས་གཅིག་ཡིན་པས་དེ་དང༌། ཞུ་བའི་ཚིག་ཟིན་ལ་སྦེད་པ་ཕ་མ་ཕན་ཚུན་ལ་ཉེས་བྱས་སུ་གསུངས་པས་དོར་ནས་ཤིང་གཅོད་པ་ཞུ་བར་དངོས་སུ་གསུངས་པས་བགྲངས་ལ། འོན་ཀྱང་མཚོ་ཊཱིཀ་གི་རྣམ་འབྱེད་དུ་ཞུ་བར་དེ་ཉེས་བྱས་གསུངས་པ་སྦྱོར་བའི་ཉེས་བྱས་ལ་དགོངས་ཞེས་དགོངས་པ་བླངས་ཀྱང་ཞུ་བའི་སྐབས་འདིར་མ་བགྲང་བའི་རྒྱུ་མཚནབཙལ་དགོས་སོ། །འདུལ་འཛིན་གྱིས་སྤངས་ཟ་དང་མ་གུས་པའི་ཕྱོགས་གཅིག་སངས་རྒྱས་ཀྱི་བཀའ་འགལ་བར་བྱས་པ་བགྲངས་ནས་ང་བདུན་བྱས་ཀྱང་རིན་ཕྲེང་ལས་བསལ་ནས་ང་ལྔ་བྱས་སོ། །དམིགས་བསལ་ནི་དགེ་སློང་གིས་ཟག་བྱེད་ཀྱིས་བུད་མེད་ཀྱི་ཟག་བྱེད་དུ་མིཚངས་པར་སྤྱོད་པ་སོགས་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་མ་ཡིན་ཏེ། དགེ་སློང་ཕ་མའིལྟུང་བ་དེ་དག་ནི་ཡན་ལག་ཐུན་མོང་བ་མ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་རྣམས་ཀྱི་དབང་དུ་བྱས་པ་ལ་ལྔ་ལས། དང་པོ་སྦྱོར་ལྟུང་ཆུང་བ་སོ་ན་ནི་གནས་ཤིང་བཅས་པ་ཆེར་གྱུར་པ་ནི། རྩ་བར། ༡༥ན་སྨད་པའི་དོན་གྱིས་སྦྱོར་བ་གང་ཡིན་པ་ཉིད་ལས་སོ། །ཞེས་བྱུང༌། དེཡང་དགེ་སློང་མ་གཉིས་ཁྲི་གཅིག་ལ་ཉལ་ན་ལྟུང་བྱེད་བསྐྱེད་ལ། དགེ་སློང་ཕ་གཉིས་ཁྲི་གཅིགལ་ཉལ་ན་ཉེས་བྱས་བསྐྱེད་པ་དེ་གོ་བར་བྱས་ལ། འགྲེལ་བ་ལས། དགེ་སློང་གཉིས་ཁྲི་གཅིགལ་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་ཏུ་ཉལ་བ་ན་སྨད་པའི་དོན་ཉེས་བྱས་ཀྱི་སྦྱོར་བ་བྱེད་བཞིན་པ་གང་ཡིན་པ་ཉིད་ལ་མཚན་གྱུར་ན་ན་སྨད་པ་དེའི་ཞིང་ཉིད་ཡིན་ནོ། །ཞེས་པ་སྟེ་དེ་གཉིས་དགེ་སློང་མར་གྱུར་ཏེ་སྐྱ་རེངས་ཤར་ན་ཡང་ལྟུང་བ་ན་སྨད་པ་དེའི་ཞིང་ཉིད་ཡིན་ནོ། །ཊཱི་ཀ་ལས། ལྷག་པའི་དོན་གྱི་སྦྱོར་བ་ལས་ནི་ལྟུང་བ་ན་སྨད་པ་འབྱུངབར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལས་ནི་ལྷག་པ་འབྱུང་བར་མིའགྱུར་བས། འདིར་དངོས་གཞི་ཡང་ན་སྨད་པ་ཉིད་འབྱུང་གི ལྷག་པ་མི་འབྱུང་བར་བསྟན་ཏོཞེས་བཤད་པ་ནི། མཚན་གྱུར་གྱི་སྤྱི་གཞུང་ལེགས་པ་ཡིན་ནོ། །ན༷་སྨ༷ད་པ༷འི་དོ༷ན་གྱི༷་སྦྱོ༷ར་བ༷ཞེས་པ་དགེ་སློང་གིས་དགེ་སློང་མ་ལ་བརྡེག་པའི་ཉེས་བྱས་དེ་མཚན་མཐུན་ལ་བརྡེག་པའིལྟུང་བྱེད་ལས་ཆུང་བས་ན་ལྟུང་བ་ན་སྨད་པའོ། །དེ་ཉིད་བརྗོད་པར་བྱ་བའི་དོན་ཡིན་པས་ན་དོན་ཏོ། །ན་སྨད་པ་དེ་ཉིད་ཀྱི་སྦྱོར་བ་བྱེད་བཞིན་པ་ག༷ང་ཡི༷ན་པ༷་ཉི༷ད་ལ༷ས་མཚན་གྱུར་ན་ན་སྨད་པ་དེའི་ཞིང་ཉིད་ཡིན་ཏེ་རྟེན་མཚན་གྱུར་པས་བཅས་པ་ཆེར་གྱུར་ཀྱང་སྦྱོར་ལྟུང་ཆུང་བ་ཉིད་སོ་ན་གནས་སོ༷་ཞེས་བསྟན་ཏོ། །སྐབས་འདིར་མཐར་ཐུག་གི་ལྟུང་བ་ཡང་ན་སྨད་པ་ཁོནར་ཟད་ཀྱི་དངོས་གཞི་ཉིད་དུ་ནི་མི་འགྱུར་རོ། །མདོ་འདི་ནི་མཚན་སྔ་མའི་རྟེན་ལ་བཅསཔ་ཆུང་ལྡན་གྱི་སྦྱོར་བ་བྱེད་བཞིན་པ་ལས་རྟེན་མཚན་གྱུར་པས་བཅས་པ་ཆེར་གྱུར་པ་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ནོ། །མདོ་འདིས་ནི་མཚན་གྱུར་པ་ན་སྦྱོར་ལྟུང་ཆུངབ་དེ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པ་བསྟན་པའོ། །

གཉིས་པ་མཐར་ཐུག་གི་ལྟུང་བ་ཆུང་དུ་གྱུར་ཅིང་བཅས་པ་ཡང་ཆུང་དུ་གྱུར་པ་ནི།

རྩ་བར།༡༦བྱས་པ་ནི་དེ་ཉིད་ཡིན་ནོ། །ཞེས་བྱུང༌། དེ་ཡང་དགེ་སློང་མ་རེག་པའི་ཕམ་པ་རྫོགསཔར་བྱ༷ས་པ༷་དེ་དགེ་སློང་ཕར་མཚན་གྱུར་ན་སྔར་གྱི་རེག་པའི་ཕམ་པ་དེ་ནི༷་ལྟུང་བ་ན་སྨད་དུགྱུར་པ་ཡིན་པས་ཁ་ན་མ་ཐོ་བ་ན་སྨད་པ་དེ༷་ཉི༷ད་ཡི༷ན་ནོ༷། །སྐབས་འདིར་རེག་པ་དེ་དགེ་སློང་དེ་ལ་སྦོམ་པོར་འགྱུར་ཞེས་གསུངས་སོ། །འོ་ན་ཊཱི་ཀ་ལས། བྱས་པ་ནི་དེ་ཉིད་ཡིན་ནོ་ཞེསའབྱུང་བ་དེའི་ཡུལ་ནི་དངོས་གཞིའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མཐར་ཐུག་གྲུབ་པའི་ལྟུང་བ་དེའི་གནས་སྐབས་ཀྱི་ཞིང་ཉིད་ཡིན་པ་ལ་དགོངས་ནས་དངོས་གཞིའི་ཞིང་ཉིད་ཡིན་ཞེས་བསྟན་ཏོ། །འདིར་སྦྱོར་བ་བཀོད་ན་དགེ་སློང་མ་རེག་པའི་ཕམ་པ་རྫོགས་པར་བྱས་པ་དེ་ཤེས་པ་རང་བཞིན་དུ་གནས་བཞིན་དུ་མཚན་གྱུར་ན་རེག་པའི་ལྟུང་བ་དེ་ཆོས་ཅན། ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ཏེ། ལྟུང་བ་སྦོམ་པོརགྱུར་པ་དེ་ཉིད་ཡིན་པའི་ཕྱིར་རོ། །མདོ་འདི་ནི་ལྟུང་བ་ཆེ་བའི་དངོས་གཞི་རྫོགས་པར་བྱུང་ཟིན་ནས་མཚན་གྱུར་པས་བཅས་པ་ཆུང་དུ་སོང་ན་ཐམས་ཅད་དུ་ཡང་ལྟུང་བ་ཆུང་དུ་འགྱུར་རོ། །ཞེས་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་དངོསགཞི་ཆེ་ཆུང་ཞེས་བརྡ་བཏགས་ཏེ། ལྟུང་བ་དངོས་གཞི་རྫོགས་པར་བྱུང་ཟིན་པ་ན་མཚན་གྱུརཔས་བཅས་པ་ཆུང་དུ་གྱུར་ཅིང་ལྟུང་བ་ཡང་ཆུང་དུ་གྱུར་པས་ན་དེ་སྐད་དོ། །

གསུམ་པ་མཐར་ཐུག་གི་ལྟུང་བ་ཆུང་བ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པ་ནི།

རྩ་བར། ༡༧ན་སྨད་པ་ནི་རང་གི་ཉིད་དོ། །ཞེས་བྱུང༌། དེ་ཡང་དགེ་འདུན་ལྷག་མ་ལས་སྡེ་ཚནན༷་སྨ༷ད་པ༷་སྟེ་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་བྱུང་ཟིན་ནས་དགེ་སློང་ཕར་མཚན་གྱུར་ན་ནི༷་ན་སྨད་པ་ར༷ང་གི༷་ཁ༷་ན༷་མ༷་ཐོ༷་བ༷་ཉི༷ད་དོ༷། །འདིར་བམ་པོ་ལྔ་བཅུ་པ་ལས། ན་སྨད་པ་རངགི་ཁ་ན་མ་ཐོ་བ་ཉིད་དོ། །ཞེས་གསུངས་སོ། །སྐབས་འདིར་རང་གི་རྣམ་བཤད་དང་ཊཱི་ཀ་ལས། དགེ་སློང་དེ་ལ་ཡང་འབྱིན་པའི་ལྟུང་བྱེད་ཁོ་ནར་འགྱུར་གྱི་འབྱིན་པའི་ལྷག་མར་ནི་མི་འགྱུར་རོ། །ཞེས་གསུངས་སོ། ། མདོ་འདི་ནི་ན་སྨད་པའི་མཐར་ཐུག་ལྟུང་བ་ཆུང་བ་བྱུང་ཟིན་ནསམཚན་གྱུར་པས་བཅས་པ་ཆེར་གྱུར་ན་ཐམས་ཅད་དུ་ཡང༌། མཐར་ཐུག་གི་ལྟུང་བ་ཆུང་བ་བྱུངབ་དེ་ཆེར་མི་འགྲོ་བར་སོ་ན་གནས་སོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །མཚན་གྱུར་པ་ན་མཐར་ཐུག་གི་ལྟུང་བ་ཆུང་བ་སྔར་བྱུང་བ་དེའི་རྒྱུན་ལྟུང་བ་ཆུང་བ་ཉིད་དུ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པས་ན་དེ་སྐད་དོ། །སྐབས་འདིར་རྩོད་པ་འདི་སྐད་དུ་དགེ་སློང་མ་ཁུ་བ་འབྱིན་པ་ལསདགེ་སློང་དུ་གྱུར་ན་འབྱིན་པའི་ལྟུང་བྱེད་ཁོ་ནར་འགྱུར་གྱི། འབྱིན་པའི་ལྷག་མར་མི་འགྱུར་ན། ལུང་ཞུ་བ་ཉུང་ཤོས་ལས། དགེ་སློང་མ་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ་དགེ་སློང་དུ་རེད་ནཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་བཤད་པ་དང་འགལ་ཞེ་ན། དགེ་སློང་དུ་གྱུར་ནས་སྦྱོར་བ་གསར་སྐྱེད་ཀྱིས་ཕྱུང་བ་ལ་དགོངས་པ་ཡིན་པར་མཚོ་ཊཱིཀ་ལས་གསུངསསོ། །གཞན་ཡང་ལུང་ཞུ་བ་ལས། ༡བསྔོས་བསྒྱུར་༢སྐྱོན་སྨྲ་༣ཕྲ་མ་༤སྐྱོ་སྔོགས་བྱེད། །༥གནསངན་ལེན་བརྗོད་དང་ནི་༦བཤེས་ངོ་དང༌། །༧ཁྱད་གསོད་༨ཁྲི་༩གདིང་༡༠འབྱུང་དང་༡༡འདུསཟ་དང༌། །༡༢མི་སྨྲ་འགྲོ་དང་༡༣མ་གུས་༡༤ཟས་བཅས་དང༌། །༡༥ད་གདོད་༡༦ཁྲི་རྐང་༡༧བརྡལ་དང་༡༨བསླབ་པ་འདྲལ། །དེ་ལྟར་ལྟུང་བ་བཅོ་བརྒྱད་དེ་རྣམས་ཀྱི། །སྦྱོར་དང་མཐར་ཐུག་བར་དུ་མཚན་གྱུར་ན། །མཐར་ཐུག་ལྟུང་བྱེད་བསྐྱེད་པར་ལུང་ལས་གསུངས། །དེ་རྣམསཀྱི་ན་སྨད་སོ་ན་མི་གནས་པར་ལྟུང་བ་ཆེར་འགྲོ་བར་གསུངས་པ་ནི་མཚན་ཕྱི་མའི་སྐབས་ཀྱི་སྦྱོར་བ་ཡོད་པ་ལ་དགོངས་པ་ཡིན་ཏེ། ཊཱི་ཀ་ལས། དགེ་སློང་སྤངས་པའི་རྗེས་སུ་ཕྱོགས་པའིལྟུང་བྱེད་འབྱིན་བཞིན་དུ་མཚན་གྱུར་ན་སྤངས་པའི་རྗེས་སུ་ཕྱོགས་པ་དེ་དགེ་སློང་མ་དེ་ལབཟློག་པའི་ཕམ་པའི་སྦོམ་པོར་འགྱུར་ཏེ། དེ་ཡང་བཟློག་པའི་ཚུལ་གྱིས་ཞུགས་ན་ནི་སྦོམ་པོ་ཉིད་ཡིན་ལ། མ་ཞུགས་ན་ནི་ཉེས་བྱས་སོ། །ཞེས་གསུངས་པ་དང་མཚུངས་པའི་ཕྱིར་དང༌།

དེ་ལྟར་མིན་ན་མཚན་གྱུར་གྱི་བཅས་པའི་སྤྱི་གཞུང་དང་འགལ་བའི་ཕྱིར་རོ། །

བཞི་པ་ལྟུང་མེད་སོ་ན་གནས་ཤིང་བཅས་པ་ཡོད་པར་གྱུར་པ་ནི།

རྩ་བར། ༡༨ཞགབཅུར་མ་ལོན་པ་ནི་ཆ་ཉིད་ཡིན་ནོ། །ཞེས་བྱུང༌། དེ་ཡང་དགེ་སློང་ཕས་ལྷུང་བཟེད་བྱིན་གྱིསམ་བརླབས་པར་ཞ༷ག་བཅུ༷ར་མ༷་ལོ༷ན་པ༷་སྟེ་ཞག་དགུ་ཚུན་ཆད་བཅངས་པ་ལས་དགེ་སློང་མར་མཚན་གྱུར་ན་སྔར་གྱི་ཞག་དགུ་པོ་དེ་དག་ནི༷་ཞག་གཅིག་གི་ཆ༷་དང་འདྲ་བ་ཉི༷ད་དོ༷་ཞེས་པ་སྟེ། ཞག་གཅིག་གི་ཆ་སྔ་དྲོ་ཙམ་ཞིག་བཅངས་པ་དང་འདྲ་སྟེ་ལྷུང་བཟེད་འཆང་བའི་ལྟུང་བ་མིབསྐྱེད་པ་ཉིད་དོ། །མདོ་འདིས་དངོས་སུ་བསྟན་པའི་ཆ་ནས་ནི་ལྷུང་བཟེད་འཆང་བ་འབའཞིག་གི་གཞུང་ཡིན་ནོ། །མདོ་འདིས་མཚོན་ནས་བསྟན་པའི་ཆ་ནས་ནི་སྤྱིར་བསྟན་པ་སྟེ། དགེསློང་ལ་ཉིན་མོ་འབྲལ་བའི་ལྷག་མའི་བཅས་པ་མེད་པ་ལས་དགེ་སློང་མར་མཚན་གྱུར་པ་ན་བཅས་པ་དེ་ཡོད་པར་གྱུར་པ་ལྟ་བུ་མ་གྱུར་པ་ན་བཅས་པ་དེ་མེད་པ་ལས་མཚན་གྱུར་པས་བཅསཔ་དེ་ཡོད་པར་གྱུར་ན་ཐམས་ཅད་དུ་ཡང་མཚན་གྱུར་པས་ལྟུང་བ་དེ་ཡོད་པར་མི་འགྱུར་རོཞེས་སྤྱིར་བསྟན་པ་ཡིན་ནོ། །ལྔ་པ་ལྟུང་བ་མེད་པར་གྱུར་ཅིང་བཅས་པ་ཡང་མེད་པར་གྱུར་པ་ནི། རྩ་བར། ༡༩ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ། །ཞེས་བྱུང༌། དེ་ཡང་ཉིན་མོ་འབྲལ་བའིལྷག་མ་ལྟ་བུ་ཐུན་མོང་མ་ཡིན་པའི་ལྟུང་བ་བྱུང་ནས་མཚན་གྱུར་པ་དེ་ལྟུང་བ་དེའི་ཞིང་མ་ཡིནཔ་ཉིད་དུ་གྱུར་པ་ལ་ནི་ཐུན་མོང་མ་ཡིན་པའི་ལྟུང་བ་དེ་ཡོད་པ་ལས་ཉམས་ཏེ་ལྟུང་བ་དེ་མེད་པར་གྱུར་ཏོ། །ཞུ་བ་ལས། དགེ་འདུན་ལྷག་མའི་ནོངས་པ་ཞིག་བྱུང་བ་ལ་མ་བཤགས་ཤིང་སླརཕྱིར་བཅོས་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་དེཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མ་བྱུང་བར་གྱུར་ལ་དེའི་མཚན་འཕོས་ནའོ། །ཞེསགསུངས་སོ། །ལྟུང་བ་དེ་སླར་ལོག་པར་ཡོད་དེ། ཞུ་བ་ལས། དགེ་འདུན་ལྷག་མའི་ནོངས་པལས་དག་པར་བྱུང་བཞིན་དུ། སླར་ཡང་ནོངས་པ་དེ་བཤགས་དགོས་པར་འགྱུར་བ་མཆིསསམ། ཨུ་པ་ལི་ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མའིཉེས་པ་བྱུང་བར་གྱུར་པ་དེའི་ཚེ་མཚན་འཕོས་ཏེ་དགེ་སློང་མར་མཚན་གྱུར་ནས་དགེ་འདུན་ལྷག་མ་ལས་དག་པར་བྱུང་བ་དང་དེ་སླར་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཉེས་པ་དེ་བཤགས་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིར་མཚོ་ཊཱིཀ་ལས། མཚན་གྱུར་པས་ལྟུང་བ་དག་པར་གསུངས་པ་དེ་ནི། མཚན་གྱུར་པས་ཐུན་མོང་མ་ཡིན་པའིབཅས་པ་མེད་པར་གྱུར་པས་ན་ལྟུང་བ་དེའི་ནུས་པ་འབྱིན་མ་ནུས་པ་ལ་ལྟུང་བ་དག་པར་བཏགསཔ་ཡིན་གྱི། ལྟུང་བའི་ངོ་བོ་དག་པ་ནི་མ་ཡིན་ཏེ། སླར་མཚན་གྱུར་ན་ལྟུང་བ་དེ་འབྱུང་བརགསུངས་པས་ཤེས། ཞེས་གསུངས་པས་དཔྱད་པར་བྱའོ། །མཚོ་ཊཱིཀ་ལས། ལྟུང་བ་དག་པའིརྒྱུ་དུ་ཡོད་ཅེ་ན། མིང་རིགས་བརྗོད་པའི་ཕྱིར་བཅོས་དང༌། མཐར་བཙལ་བའི་རྐྱེན་མ་འབྱོརབའི་དང༌། མཚན་གྱུར་པ་དང༌། དགྲ་བཅོམ་པ་ཐོབ་པ་དང༌། སྟོང་བ་ཉིད་སྒོམ་པ་དང༌། ཞེསགསུངས་པ་ལ། འོ་ན་སྔར་གྱི་ཕམ་པ་དེ་ལྟུང་བ་དག་པའི་རྒྱུ་ཅི་རིགས་རྒྱུད་ལ་སྐྱེས་ཚེ་དག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལ་དེ་ཕན་ཆད་རྣམ་སྨིན་འབྱིན་པའི་ནུས་པ་མེད་པར་ཐལ། དག་པའི་ཕྱིར་ཟེར་ན་ལྟུང་བ་དག་ཀྱང་མི་དགེ་བ་ཡིན་པ་མ་དག་གམདཔྱད་དོ། །མཚན་གྱུར་ན་ལྷག་མའི་འཆབ་པ་དག་པར་བསྟན་པ་ནི་མཚན་གྱུར་པ་༢༠དེ༷་ལ༷སྔར་དགེ་འདུན་ལྷག་མའི་ཉེ༷ས་པ༷་བཅ༷བས་པ༷་ཉམས་པ་མ༷་ཡི༷ན་པ༷་མ༷་ཡི༷ན་ཏེ། འཆབ་པ་དེཡོད་པ་ལས་ཉམས་ཏེ་མེད་པར་གྱུར་བ་ཡིན་པའི་ཕྱིར། དེས་ན་སྤོ་བ་སྤྱད་མི་དགོས་སོ། །

གསུམ་པ་དེ་དག་གི་ཞར་ལ་བྱུང་བ་ནི།

མགུ་བ་ཞག་དྲུག་གམ་ཟླ་བ་ཕྱེད་རིལགྱིས་སྤྱད་ཀྱང་རུང་ཆ་ཤས་ཀྱིས་སྤྱད་ཀྱང་རུང་སྟེ། སྔར་༢༡མགུ༷་བ༷་སྤྱ༷ད་པ༷་ནི༷་ཕྱིས་མཚན་གྱུརཔ་ན་དོ༷ན་མེ༷ད་པ༷་ཉི༷ད་ཡི༷ན་ཏེ། གདོད་མགུ་བ་རྫོགས་པར་སྤྱད་དགོས་པར་རང་གི་རྣམ་བཤདདང་ཊཱི་ཀ་ལས་གསུངས་པས་སོ། །

བཞི་པ་དེ་དག་གི་འཐད་སྒྲུབ་བསྟན་པ་ནི། རྩ་བར།༢༢འདི་ལ་ཆོ་ག་རྣམས་གྱུར་ཏོ། །

ཞེས་བྱུང༌། འདིའི་དོན་ནི་མཚན་གྱུར་པ་འདི་ལ་བཅས་པ་རྣམ་པར་གྱུར་པའི་ཕྱིར་དང༌། ལྟུངབ་ཆེ་བ་ལས་ཆུང་དུ་གྱུར་པ་དང་ལྟུང་བ་ཡོད་པ་ལས་མེད་པར་གྱུར་པའི་འཐད་སྒྲུབ་ཏུ་བསྟན་པ་ཡིན་ཏེ། མགུ་སྤྱད་དོན་མེད་དུ་གྱུར་པའི་ཡང་འཐད་སྒྲུབ་ཡིན་ནོ། །མཚན་གྱུར་པས་སྔརགྱི་ལྟུང་བ་དེ་ཆེར་འགྲོ་བ་མེད་དེ། ཊཱི་ཀ་ལས། ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པལས་ནི་ལྟུང་བ་ན་སྨད་པར་འབྱུང་བར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚནགྱུར་པ་ལས་ནི་ལྷག་པ་འབྱུང་བ་མི་འགྱུར་བས། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་སྦྱོར་བ་འཇུག་པ་ཡུལ་གྱི་ཡན་ལག་ལ་བཞི་ལས།

དང་པོ་ད་ལྟར་གྱི་ལུས་ལྟུངབ་སྐྱེད་པའི་ཡན་ལག་ཏུ་བཞག་པ་ནི། རྩ་བར། ༢༣དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ནོ། །

ཞེས་བྱུང༌། འདིའི་དོན་ནི། རེག་པ་ལ་མཚོན་ན། མེད་མི་རུང་གི་སྦྱོར་བ་དང་མཐར་ཐུག་དེ༷འིཚེ༷འི་རེག་ཡུལ་མོའི་དབང་པོ་དང་ལྡན་པའི་ལུ༷ས་ནི་རེག་པའི་ལྷག་མ་སྐྱེད་པའི་བྱེ༷ད་པ༷་པོ༷་ཉི༷དཡི༷ན་གྱི། མེད་མི་རུང་གི་སྦྱོར་བའི་སྔ་རོལ་དང་མཐར་ཐུག་གྲུབ་པའི་འོག་རོལ་གྱི་ལུས་ནིའདིའི་བྱེད་པ་པོ་མ་ཡིན་ནོ༷། མདོ་འདི་ནི་ལུང་ཞུ་བ་ལས། རེག་སྨྱན་འཁྲུར་འཇུག་ལེན་གོསཏེ། །ལྔ་ལ་སྦྱོར་དང་མཐར་ཐུག་གི །བར་དུ་ཡུལ་དེའི་མཚན་གྱུར་ན། །ན་སྨད་གསུངས་བསྡུསགཞན་ལའང་སྦྱར། །དེའི་ཚེ་ལུས་ནི་མཚོན་པ་ཙམ་ལས་མཚན་མཐུན་ཡན་ལག་ཏུ་དགོས་པརྣམས་ལ་སྦྱར་བར་བྱའོ། །ཁ་ཅིག་གིས་ད་ལྟའི་ཞུ་བར་རེག་པ་ཞེས་པ་ཚིག་ཟིན་ལ་མེད་ཅེས་བཤད་པ་ཡོད་དོ། །དམིགས་བསལ་ནི་མངལ་ན་གནས་པའི་སྨྱན་བྱེད་པ་ལ་སྦྱོར་བའི་དུས་ནམཚན་བསྟེན་རུང་མེད་ཀྱང་མཐར་ཐུག་གི་དུས་ན་ཡོད་ན་སྨྱན་བྱེད་པའི་ལྷག་མ་བསྐྱེད་པདང༌། ཁང་པ་ཁང་ཆེན་ལ་རྨང་བཙུགས་པས་སྲོག་ཆགས་ཤི་ནས་མཐར་ཐུག་གི་དུས་ན་སྐྱེ་བཔོ་ཕྲ་མོ་མེད་ཀྱང་ལྷག་མ་བསྐྱེད་པ་དང༌། ཁང་པ་ཁང་ཆེན་བརྩིག་པ་ན་དང་པོ་རྩོད་པ་བྱསཔས་རྩོད་པ་ཞི་སྟེ་མཐར་ཐུག་གི་དུས་ན་རྩོད་བཅས་མ་ཡིན་པ་ཡང་ལྷག་མར་འགྱུར་བ་དང༌། གོས་སློང་བ་ལ་སྦྱོར་བའི་དུས་ན་གོས་ཀྱི་ངོ་བོར་གྲུབ་པ་མེད་ཀྱང་མཐར་ཐུག་གི་དུས་ན་ཡོད་ན་ལྟུང་བ་དངོས་གཞིར་འགྱུར་བ་ལྟ་བུའོ། །

གཉིས་པ་རང་འགྲོ་བ་གར་གཏོགས་ལྟུང་བའི་ཡན་ལག་ཏུ་བཞག་པ་ནི།

ཁྲུང་ཁྲུངམོ་ལས་སྐྱེས་པའི་མི་གནས་བརྟན་བྲག་དང་ཉེ་བྲག་ལྟ་བུ་བསད་ན་དུད་འགྲོའི་བུ་བསད་པ་ཡིན་པས་དུད་འགྲོ་བསད་པའི་ལྟུང་བྱེད་དུ་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་འགྲོབ་གཞ༷ན་དུད་འགྲོའམ་མི་མ་ཡིན་ལ༷ས་སྐྱེ༷ས་པ༷འི་མི་ནི༷་ར༷ང་གི༷་འགྲོ༷་བ༷་ཉིད་མ༷་ཡི༷ན་པ༷་མ༷ཡི༷ན་ཏེ། མི་ཉིད་ཡིན་པས། དེ་བསད་པའམ་དེ་ལ་བརྐུས་ན་ཕམ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །འདི་ནི་ལུང་ཞུ་བ་ལས། དགེ་སློང་གིས་བྱོལ་སོང་མོའི་མངལ་དུ་མི་བཀུམ་ན་ཅིརའགྱུར། མངལ་ན་གནས་པ་དེ་ལ་མིར་འདུ་ཤེས་ཏེ་བཀུམ་ན་ནི་མཐར་འགྱུར་རོ། །ཞེསགསུངས་སོ། །

གསུམ་པ་ཤེས་པའི་རྒྱུད་གར་གཏོགས་ལྟུང་བའི་ཡན་ལག་ཏུ་བཞག་པ་ནི།

རྩ་བར། ༢༥འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་བསད་པ་ལ་ཡང་ངོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ། འགྲེལ་བའི་འདོད་པར་གཏན་ལ་དབབ་པ་དང༌། རང་ལུགས་རྣམ་པར་བཞག་པ་དང་གཉིས། དང་པོ་ནི་རྒྱ་ཆེར་འགྲེལ་པ་ལས། དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན། དེར་འདུ་ཤེས་པས་ཀྱང་རུང༌། གཞན་དུའདུ་ཤེས་པས་ཀྱང་རུང་སྟེ་བསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པ་ཁོ་ནར་འགྱུར་རོ། །ཞེས་དང༌། བམ་པོ་ལྔ་བཅུ་པ་ལས། དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞནགྱི་ལུས་ཀྱི་རྣམ་པ་བསྟེན་པ་གསོད་ན་མིར་འདུར་ཤེས་ཀྱང་རུང༌། འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། གང་གསད་པར་བརྣག་པ་དེར་འདུ་ཤེས་པས་བསད་པའི་དུས་ན་ཕམ་པཁོ་ནར་འགྱུར་རོ། །ཞེས་སོ། །དེ་ལྟར་བཤད་པའི་ཁུངས་ནི་ལུང་རྣམ་འབྱེད་ལས། ཨུ་ཏྲ་ཡནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱིས་ཕས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས་སུ་ཟིན་ཀྱང༌། ཕས་བུ་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསདཔའི་ཕྱིར་དང་དགྲ་བཅོམ་པ་བསད་པའི་ཕྱིར་ཞེས་སྤྲིངས་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་ཡང་བུ་གཞོན་ནུ་གཙུག་ཕུད་ཅན་གྱིས་ཨུ་ཏྲ་ཡ་ན་དགྲ་བཅོམ་པ་ཡིན་པ་ལ་དགྲ་བཅོམ་པ་ཡིནཔར་མི་ཤེས་ཀྱང༌། ཕ་ཡིན་པ་ལ་ཕ་ཡིན་པར་ཤེས་ལ། སྐབས་འདིར་ཕ་དང་དགྲ་བཅོམ་པརྒྱུད་གཅིག་པའི་ཕྱིར། རྒྱུད་གཅིག་པ་ལ་མ་འཁྲུལ་པའི་ཆ་ཡོད་པས། དེའི་ཆ་ནས་དགྲ་བཅོམཔ་བསད་པའི་མཚམས་མེད་བྱུང་བའོ། །དེ་བཞིན་དུ་མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན། སྟག་འདི་བསད་སྙམ་དུ་སྟག་ཡིན་པར་འདུ་ཤེས་ཏེ་བསད་ན་བསད་པའི་དུས་ན་ཕམ་པརའགྱུར་ཏེ། སྟག་འདི་བསད་སྙམ་དུ་བསམ་པ་ན། འདི་དང་མི་གཉིས་རྒྱུད་གཅིག་པའི་ཕྱིརརྒྱུད་གཅིག་པ་མ་འཁྲུལ་བའི་ཆ་ཡོད་པས་དེའི་ཆ་ནས་མི་བསད་པའི་ཕམ་པ་འབྱུང་ངོ་ཞེསབཞེད་དོ། །མཛོད་རང་འགྲེལ་ལས། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་བསད་ན་ཡང་མཚམས་མེད་པར་འགྱུར་ཏེ། འདི་བསད་སྙམ་དུ་ངེས་པར་བཟུང་བའི་ཕྱིར། ཞེས་དང༌། སློབ་དཔོན་ཤེས་རབ་བྱེད་པའི་མདོ་རྩ་བའི་འགྲེལ་བ་ལས། མིར་མི་ཤེས་བཞིནདུ་བསད་ཀྱང་གསོད་པའི་ཚེ་ཉེས་བྱས་དང༌། ཤི་ན་ཕམ་པར་འགྱུར། མིར་ཤེས་ཏེ་བསད་ན་ཉེས་བྱས་དང་སྦོམ་པོ་དང༌། ཕམ་པ་གསུམ་ཆར་ཡོད་དོ། །ཞེས་གསུངས་སོ། །འདུལ་བ་རིན་ཕྲེང་དང་པཎ་ཆེན་བསོད་ནམས་གྲགས་པས་ཊཱི་ཀ་དང་བམ་ལྔའི་རྗེས་སུ་འབྲང་ནས་བཤད་ལ། དེ་ལྟར་སྒོ་མང་ཡིག་ཆ་ལྟར་གུང་སྡོམ་ལས། མི་འམ་དུད་འགྲོ་ཡིན་ཡང་གསོད་སྙམ་ན། །ཀུན་སློང་སྤྱི་ཞུགས་ཡོད་ཕྱིར་ཕམ་སོགས་འབྱུང༌། །དུད་འགྲོར་མི་འོ་སྙམ་ན་སྦྱོར་བ་ལ། །ཕམ་པའི་སྦོམ་པོ་འབྱུང་ཞིང་མི་དུད་འགྲོར། །འཁྲུལ་སྦྱོར་ཉེས་བྱས་སྐྱེ་སྟེ་སྦྱོར་བ་ལ། །འདུ་ཤེས་ཡན་ལག་ཕྱིར་རོ་དངོས་གཞི་ལ། །དོན་ཉིད་ཡན་ལག་ཕྱིར་ན་གང་བསད་པ། །བསམ་པ་དེ་ཉིད་ཡིན་གསུངས་རྒྱུད་གཞན་མིན། །ཞེས་གསུངས་སོ། །མཆིམས་མཛོད་༤༤༣ལས། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་བསད་ན་ནི་མཚམས་མེདདུ་འགྱུར་ཏེ། ཞེས་དང༌། བླང་དོར་རབ་གསལ་ལས། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེསཀྱིས་དགྲ་བཅོམ་བསད་ན་ནི་མཚམས་མེད་དུ་འགྱུར་བའི་ཕྱིར། ཞེས་སོ། །བླང་དོར་རབ་གསལ་ལས། གལ་ཏེ་འདུ་ཤེས་འཁྲུལ་བ་ཡིན་ཏེ། དགྲ་བཅོམ་པ་དེ་མ་ཡིན་པ་འདུ་ཤེས་པའི་ཕྱིར་ཞེ་ན། འོ་ན་སྲོག་གཅོད་ཐམས་ཅད་གཞི་ལ་འདུ་ཤེས་ཐམས་ཅད་འཁྲུལ་བར་ཐལ། བསད་བྱའི་ཕུང་པོའི་ཆོས་ཙམ་ལ་སེམས་ཅན་དུ་བཟུང་བའི་ཕྱིར། ཞེས་སོགས་སོ། །འོནཀྱང་མཚོ་ཊཱིཀ་ལྟར་ན་དེ་དག་གི་རྗེས་སུ་མི་འབྲང་སྟེ། འདི་ལ་གཉིས་ཏེ། དམ་བཅའ་དགགཔ་དང༌། སྒྲུབ་བྱེད་དགག་པའོ། །དང་པོ་སྟག་ཡིན་པར་འདུ་ཤེས་ཏེ་བསད་པའམ་མི་མ་ཡིནདུ་འདུ་ཤེས་ཏེ་བསད་པས་མི་གསོད་པའི་ཕམ་པར་འགྱུར་ན་ནི། ལུང་ཞུ་བ་ལས། མི་ལ་མིམ་ལགས་པར་འདུ་ཤེས་ཏེ་བཀུམ་ན་ཅིར་འགྱུར་སྦོམ་པོར་འགྱུར་ཞེས་གསུངས་ཀྱི། ཕམ་པརམ་གསུངས་པ་དང༌། རྩ་བར། མིར་གྱུར་བའོ། །དེ་ལྟར་འདུ་ཤེས་པས་སོ། །ཞེས་དང༌། འོདལྡན་ལས། མིར་ནི་འདུ་ཤེས་ཞེས་བྱ་བ་ནི་འགྲོ་བ་གཞན་དུ་འདུ་ཤེས་པས་ནི་མཐརའགྱུར་བ་མེད་པར་སྟོན་ཏོ། །ཞེས་བཤད་པ་དང་འགལ། དགག་པའི་རྣམ་གྲངས་གཞནཡང་ཊཱི་ཀ་ལས། ལྷས་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟབུར་ཐལ་བར་ཡང་མི་འགྱུར་ཏེ། དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར། ལྷས་སྦྱིན་དུ་འདུཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །ཞེས་གསུངས་ལ། དེ་དང་མཚུངས་པ་བརྗོད་པ་ནི། མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན་སྟག་འདི་བསད་སྙམ་དུསྟག་ཡིན་པར་འདུ་ཤེས་ཏེ་བསད་པ་ཆོས་ཅན། མི་གསོད་པའི་ཕམ་པ་མི་སྐྱེད་པར་ཐལ། མིརའདུ་ཤེས་པ་མེད་པའི་ཕྱིར་དང༌། མི་དང་སྟག་གཉིས་ནི་འགྲོ་བ་ཐ་དད་པ་ཡིན་པའི་ཕྱིར་ཞེསབརྗོད་དོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། གཙུག་ཕུད་ཅན་ལ་མཚམས་མེད་གཉིས་བྱུངབ་མ་གྲུབ་སྟེ། མཛོད་འགྲེལ་ལས། གང་ཞིག་གིས་ཕ་དགྲ་བཅོམ་པ་བསད་ན་ཡང་དེ་ལམཚམས་མེད་པ་གཅིག་ཁོ་ནར་འགྱུར་ཏེ་རྟེན་གཅིག་པའི་ཕྱིར་རོ་ཞེས་བཤད་ཅིང༌། ལུང་རྣམའབྱེད་ཀྱི་འགྲེལ་བ་ལས་ཀྱང༌། སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིསམི་སྲིད་པས། འདིར་མཚམས་མེད་པ་གཅིག་ལ་མིང་གཉིས་སུ་བཏགས་ཏེ། འགྱོད་པ་བསྐྱེད་པར་བྱ་བའི་ཕྱིར། ཞེས་གསུངས་སོ། །དགྲ་བཅོམ་པ་ཡིན་པར་མ་ཤེས་པས་ནི་དགྲ་བཅོམ་པབསད་ཀྱང་དགྲ་བཅོམ་པ་བསད་པའི་མཚམས་མེད་པར་མི་འགྱུར་ཏེ། འོད་ལྡན་ལས། ལུསགཅིག་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པར་ནོར་བས་གསོད་ན་མཚམས་མེད་པར་གྱུར་ན་མི་རུང་གི་འོན་ཀྱང་ཕམ་པ་ནི་སུས་ཀྱང་བཟློག་པར་དཀའ་འོ། །ཞེས་གསུངས་སོ། །འོ་ནམཚམས་མེད་པ་གཉིས་བྱས་ཏེ་ཞེས་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། གཙུག་ཕུད་ཅན་སྡིག་སྦྱོངལ་བརྩོན་པར་བྱ་བའི་ཆེད་དུ་སྒོ་གཉིས་ནས་སྤྱོས་པ་ཡིན་ཏེ། མཛོད་འགྲེལ་ལས། སྐྲ་ཅན་ལཁྱོད་ཀྱིས་ནི་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་དང་དགྲ་བཅོམ་པ་བསད་པའོ། །ཞེས་བརྗོད་པ་ཇི་ལྟ་བུ་ཞེ་ན། སྒོ་གཉིས་ནས་སྤྱོས་པ་ཡིན་ནོ། །ཞེས་སོ། །བདག་གི་རྣམ་རྟོག་ལ་ཊཱི་ཀ་དང་བམ་ལྔར་མིར་འདུར་ཤེས་ཀྱང་རུང༌། འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང༌། ཞེས་གསུངས་པའི་དགོངས་པ་ནི་མི་ཡིན་པར་ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས་འགྲོ་བ་གཞན་དུ་འདུ་ཤེས་པ་ལ་དགོངས་པའམ་ཀུན་སློང་སྤྱི་ཞུགས་ཡོད་པ་གཞིར་བཞག་ནས་བཤདན་མཚོ་ཊཱིཀ་གི་རང་ལུགས་དང་མི་འགལ་བར་སྣང་ངོ། །སྤྱིར་མཁས་པ་རྣམས་དོགས་པའི་གནས་ཡིན་པས་བརྟག་པར་བྱ་དགོས་སོ། །

གཉིས་པ་རང་ལུགས་རྣམ་པར་བཞག་པ་ནི།

སྤྱིར་ན་ལྟུང་བ་བསྐྱེད་པ་ནི་ཡུལ་ལུས་ཐམལ་དུ་གནས་པ་ངེས་གཟུང་དུ་མི་དགོས་པ་དང་དགོས་པ་ལས། དང་པོ་ལ་བདུན་ཏེ་མི་ཚངསསྤྱོད་དང་འབྱིན་པ་དང༌། །མ་བྱིན་ལེན་དང་སྲོག་གཅོད་བཞིའོ། །དེའི་ཁུངས་ཡང་ལུང་ཞུ་བལས། དགེ་སློང་གིས་སྔགས་སམ་སྨན་གྱིས་མིའི་བུད་མེད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པརསྤྱད་ན་ཅིར་འགྱུར། མཐར་འགྱུར་རོ། །ཞེས་གསུངས་པས་འབྱིན་པ་ལའང་རྒྱུ་མཚན་མཚུངསཔར་སྦྱར་རོ། །མ་བྱིན་པར་ལེན་པ་ནི་ཊཱི་ཀ་ལས། རྐུ་བའི་རྫས་དེ་དབང་བའི་མི་དེ་འགྲོ་བ་གཞནགྱི་རྣམ་པ་བསྟེན་དུ་ཟིན་ཀྱང་ལྟུང་བ་འབྱིན་པར་བྱེད་པས་རྫས་དེ་མིས་ཡོངས་སུ་བཟུང་བར་འདུ་ཤེས་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་གསུངས་སོ། །སྲོག་གཅོད་པ་ལ་ནི། ལུང་ཞུ་བ་ལས། དགེ་སློང་གིས་སྔགས་སམ་སྨན་གྱིས་བྱོལ་སོང་དུ་བསྒྱུརཏེ་འཚོ་བ་དང་ཕྲལ་ན་ཅིར་འགྱུར་མཐར་འགྱུར་རོ། །ཞེས་གསུངས་ནས། དུད་འགྲོ་འདེབས་སྤྱོད་གསུམ་ལའང་དེ་བཞིན་དུ་སྦྱར་ཏེ་གསུངས་སོ། །འདི་ཉིད་ལས། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་བསད་པ་ཡང་ངོ། །ཞེས་གསུངས་སོ། །

གཉིས་པ་ལྟུང་བ་བསྐྱེད་པའི་ཡུལ་ལུས་ཐ་མལ་དུ་གནས་པ་ངེས་གཟུང་དུ་དགོས་པ་ནི།

སྔར་བཤད་མ་ཐག་པའི་ལྟུང་བ་བདུན་པོ་མ་གཏོགས་པ་སེམས་ཅན་དུ་གྱུར་པ་ཐམས་ཅདཀྱིས་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ལ། ཡུལ་དེ་གཟུགས་གཞན་དུ་སྤྲུལ་བ་མ་ཡིནཔ་ཡན་ལག་ཏུ་དགོས་ཤིང༌། ཡུལ་དེ་གཟུགས་གཞན་དུ་སྤྲུལ་པ་ལས་ནི་ལྟུང་བ་རང་རང་གི་ན་སྨད་དུ་འགྱུར་ཏེ། རྩ་བར། སྤྲུལ་བ་མོ་ཡང་དེ་བཞིན་ནོ། །ཞེས་དང༌། ཊཱི་ཀ་ལས། རེག་པལ་སོགས་པ་དག་ལ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་༼ལྟུང་བ་ན་སྨད་དུ།༽བཞག་གོ། །ཞེས་གསུངསསོ། །སྐབས་འདིར་མི་དུད་འགྲོར་སྤྲུལ་བ་ལྟ་བུ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགས་པ་འདི་རིགས་པས་ཀྱང་འཐད་དོ། །ཡུལ་དེ་ལུས་ཀྱི་ཐ་སྙད་ལས་ཉམས་པས་དགག་བྱ་མི་རྫོགས་པའིཕྱིར་རོ། །བཞི་པ་ཡོན་ཏན་གྱི་ཆ་ལ་བརྟེན་པའི་དོགས་པ་བཅད་ནས་འཕེན་པ་གཅིག་གིསབསྡུས་པའི་ལུས་ལྟུང་བའི་ཡན་ལག་ཏུ་བཞག་པ་ནི།༢༦ སོ་སོ་སྐྱེ་བོའི་གན༷ས་སྐ༷བས་ལསགཞ༷ན་མིས་དགྲ་བཅོམ་པ་ཐོ༷བ་པ༷་ནི༷་མི་ལས་གཞ༷ན་དུ་གྱུར་པ་ཉི༷ད་མ༷་ཡི༷ན་པས་དགྲ་བཅོམ་པའི་རྟེན་ཅན་བསད་ན་མི་བསད་པའི་ཕམ་པ་བསྐྱེད་པ་ཡིན་ནོ༷། །མདོ་འདིས་ནི་སོ་སོ་སྐྱེ་བོ་ཡུལདུ་བྱས་པ་ལས་ལྟུང་བ་དངོས་གཞི་བསྐྱེད་པ་ལྟར། དེས་དགྲ་བཅོམ་པ་ཡུལ་དུ་བྱས་པ་ལསཀྱང་ལྟུང་བ་དངོས་གཞི་བསྐྱེད་དོ་ཞེས་གཞི་མི་ལས་གྱུར་པ་རྣམས་ལ་སྤྱིར་བསྟན་པ་ཡིན་ནོ། །མདོ་རྩ་བར། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ། །ཞེས་པའི་མདོ་འདིདང༌། མཛོད་རྩ་བར། བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་གསུངས་པ་གཉིས་མི་འགལཚུལ་གང་ཡིན་འཚོལ་དགོས་སོ། །

གསུམ་པ་ཐ་དད་དུ་སྐྱེ་ལུགས་ཞར་བྱུང་དང་བཅས་པ་ལ་གཉིས་ཏེ།

ཐ་དད་དུ་སྐྱེ་ལུགསདངོས་དང་ཞར་ལ་བྱུང་བའོ། །དང་པོ་ནི་སྤྱིར་ན་ལྟུང་བ་གཅིག་ཏུ་སྐྱེ་བ་དང༌། ཐ་དད་དུ་སྐྱེ་བ་གཉིས་ལས། གཅིག་ཏུ་སྐྱེ་བ་ནི་སྔར་རྣམ་འབྱེད་དུ་བསྟན་ཟིན་ལ། ཐ་དད་དུ་སྐྱེ་བ་ནི་སྐབསའདིར་སྟོན་ཏེ། དེ་ཡང་ཐ་དད་དུ་སྐྱེ་ལུགས་ལྔ་ལས། དང་པོ་བསླབ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི་ཉེས་པ་དེ་མེད་པ། ཞེས་སོ། །འདི་ནི་དེང་སང་ལུང་ན་མི་སྣང་མོད་ཀྱི་ལོ་དྲུག་སྟནདང་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་སྐབས་སུ་ཊཱི་ཀས་ལུང་ཞུ་བ་ཁུངས་སུ་དྲངས་པས། འདྲ་བ་གཞན་ལ་ཡང་དེ་བཞིན་དུ་སྦྱར་ཏེ་སྤྱིར་བསྟན་པའོ། །དེ་ཡང་དགེ་སློང་གིས་ཁངཔ་ཁང་ཆེན་རྩིག་པ་ལྟ་བུ་ལ་སྦྱོར་བ་དང་མཐར་ཐུག་གི་བར་སྐབས་སུ་ཁྱིམ་པར་བབས་ན། ༢༧ཉེ༷ས་པ༷་དེ༷་བཅས་པ་མེ༷ད་པ༷་ཁྱིམ་པར་བབས་པས་བར་དུ་ཆོད་པ་ཉི༷ད་ལ༷་ནི༷་བསླབ་རྒྱུན་སྔ་ཕྱི་གཉིས་སུ་ལྟུང་བ་འོ༷ང་བ༷་ནི༷་ན་སྨད་ཐ༷་ད༷ད་དོ༷། །དེ་ཡང་བསླབ་རྒྱུན་སྔ་མའི་རྟེན་ལ་སྦྱོར་བའི་རྣམ་པའི་ན་སྨད་དང༌། བསླབ་རྒྱུན་ཕྱི་མའི་རྟེན་ལ་དངོས་གཞི་རྣམ་པའི་ན་སྨད་དུ་འགྱུརགྱི། དངོས་གཞི་རྫོགས་པ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ཏེ། སྦྱོར་བ་དང་མཐར་ཐུག་གི་བར་སྐབས་སུ་བཅས་པའི་རྟེན་མ་ཡིན་པས་བར་དུ་ཆོད་པའི་ཕྱིར་རོ། །འོང་བ་ཐ་དད་ཅེས་པ་འདི་ཊཱི་ཀས་ནི་ལོ་དྲུག་སྟན་ལ་མཚོན་ཏེ་གསུངས་སོ། །མདོར་ན་མདོ་འདིས་ནི་དེ་དག་དང་མཚུངསཔའི་ལྟུང་བ་གཞན་རྣམས་ལ་ཡང་བསླབ་རྒྱུན་སྔ་ཕྱིར་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་དག་དང་མི་མཚུངས་པ་ལ་ནི་དེ་ལྟར་མ་ཡིན་ཏེ། འཆང་འཇོག་ལ་སོགས་པ་གནང་ལ་ཚད་གཟུང་རྣམས་ཀྱི་ཞག་ཚོགས་པའི་བར་སྐབས་སུ་ཁྱིམ་པར་བབས་ན་བསླབ་རྒྱུན་སྔ་ཕྱིར་ན་སྨད་ཐ་དད་དུ་བསྐྱེད་པ་མ་ཡིན་ཏེ། བསླབ་རྒྱུན་སྔ་ཕྱི་གཉིས་ལ་གནསསྐབས་དེ་གནང་བའི་དུས་ཡིན་པའི་ཕྱིར་རོ། །

གཉིས་པ་བསམ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི།

རྩ་བར། ༢༨བཏང་བ་ཡངངོ༌། །ཞེས་སོ། །དེ་ཡང་དགེ་སློང་གིས་ཁང་པ་ཁང་ཆེན་ཕྱེད་བརྩིགས་ཟིན་པ་ན་བསམ་པ་ཐགཔ་ནས་བློས་བཏང་བ་ལས་སླར་ཡང་བསམ་པ་སྐྱེས་ཏེ་སྔར་གྱི་འཕྲོ་ཟིན་པར་བྱེད་པ་ན་ཡང་འོང་བ་ནི་ཐ་དད་དོ་ཞེས་སྔ་མར་སྦྱར་ཏེ། བསམ་རྒྱུན་སྔ་ཕྱི་གཉིས་སུ་ལྟུང་བ་འོང་བ་ནི་ན་སྨདཐ་དད་དོ། །མདོ་འདིས་ནི་དེ་དང་མཚུངས་པའི་ལྟུང་བ་གཞན་རྣམས་ལ་ཡང་བསམ་རྒྱུན་སྔཕྱིར་ལྟུང་བ་འོང་བ་ནི་ན་སྨད་པ་ཐ་དད་དོ། །ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ཁང་པ་ཁངཆེན་རིམ་ལྷག་དང༌། །གོས་བྱེད་ཁབ་རལ་ལ་༼ལྟུང་བྱེད་གྱ་བཞི་ནས་དགུ་བཅུ་བར༽སོགས་བདུན། །

དེ་ལྟར་ལྟུང་བ་བཅུ་གཅིག་ལ། །བསམ་པས་བཏང་ན་ན་སྨད་གསུངས། །ན་སྨད་ཐ་དད་དོ། །ཞེས་པ་ནི་ལུང་གི་དགོངས་པ་བླངས་པའོ། །

གསུམ་པ་བཅས་པ་ཐ་དད་པས་ལྟུང་བ་ཐ་དད་པ་ནི། ༢༩ གཞི༷འམ་བྱ་བ་གཅི༷ག་ལ༷བཅས་པའི་རིགས་དུ༷་མ༷་ཉི༷ད་བཅ༷ས་པ༷་ལ༷་ནི༷་བཅས་པའི་གྲངས་ཇི༷་སྙེ༷ད་ལས་འདས་པ༷་དེ༷་སྙེ༷དཀྱི༷་ཉེ༷ས་པ༷ར་འགྱུ༷ར་རོ༷། །འདི་ནི་དུས་མ་ཡིན་པར་ཟ་བའི་སྐབས་ཀྱི་ལུང་ཞུ་བ་ལས། དགེ་སློངགིས་སྐད་ཅིག་སྤྱད་པས་ལྟུང་བ་བཞིར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། བྱིན་ལེན་མབྱས་པ་མི་རུང་བ། གསོག་འཇོག་ཏུ་བཞག་པར་གྱུར་པ། དུས་མ་ཡིན་པར་ཟ་བའོ། །ཞེསགསུངས་པ་ཡིན་ནོ། །དེ་བཞིན་དུ་རྫུན་གྱིས་ཕྲ་མ་བྱས་ན་ལྟུང་བྱེད་གཉིས་འབྱུང་ཞིང༌། རྫུནགྱིས་སྐྱོན་ནས་སྨྲ་ན་ལྟུང་བྱེད་གཉིས་འབྱུང་ལ་དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཏུ་ཞག་གསུམཉལ་བ་ལ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་དང༌། བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུངབ་ལྟ་བུའོ། །དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཞག་གསུམ་ཉལབ་ལ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་དང་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་གཉིསའབྱུང་བ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། དགེ་སློངགིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་དགུང་གསུམ་ཉལ་བ་ལ་ལྟུང་བྱེདགཉིས་འབྱུང་བ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ། ཞགགསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ། །ཞེས་གསུངས་སོ། །ལུང་ཞུ་བའི་གསུངསཚུལ་དེ་ལ། བསོག་འཇོག་ཏུ་སོང་བའི་མི་རུང་བ་མི་ཤ་ཕྱི་དྲོ་ཟ་བའི་དགེ་སློང་ཆོས་ཅན། ཁྱོདལ་དུས་མ་ཡིན་པར་ཟས་ཟ་བའི་ལྟུང་བྱེད་འབྱུང་སྟེ། དེ་ལ་ལྟུང་བ་བཞི་འབྱུང་བར་ལུང་ཞུ་བ་ལས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རུང་བའི་དོན་མ་ཚང་བའི་ཕྱིར་ཏེ། སྐབསའདིའི་རུང་བ་ལ་ངོ་བོའི་སྒོ་ནས་རུང་བ་དང༌། ཆོ་གའི་རུང་བ་གཉིས་ཀ་མ་ཚང་བའི་ཕྱིར་ཏེ། མཚོ་ཊཱིཀ་ལས། ངོ་བོའི་སྒོ་ནས་རུང་བ་ནི། བཟའ་བ་དང་བཅའ་བ་དང༌། བཏུང་བ་མ་བཀགཅིང་གནང་བ་རྣམས་སོ། །ཆོ་གའི་སྒོ་ནས་རུང་བ་ནི། ལག་ཉ་དང༌། མཚམས་བཙོས་དང༌། ཞག་ལོན་དང༌། རྗེན་བཙོས་དང༌། གསོག་འཇོག་ཏུ་མ་སོང་བའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་འཚོལ་དགོས་སོ། །མདོ་འདིས་ལྟུང་བ་ཅིག་ཅར་དུ་མ་འབྱུང་བར་གསུངས་པ་ལྟརན། དགེ་སློང་གིས་ཕྲ་མའི་སྒོ་ནས་དབྱེན་བྱེད་པའི་ལྷག་མ་དང་ཕྲ་མའི་ལྟུང་བྱེད་གཉིས་ཀ་ཡིནཔའི་ལྟུང་བ་ཡོད་དགོས་ལ། དེ་ལྟ་ན་དེ་ལྟུང་བྱེད་ཀྱི་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་བྱས་ནས་དག་ཐུབ་པར་ཐལ། ལྟུང་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་རྩ་བར། མིང་དང་རིགསདང་ལྡན་པར་བརྗོད་ན་ལྟུང་བ་ལས་ལྡང་ངོ། །ཞེས་གསུངས་པས་སོ། །གོང་དུ་འདོད་ན། དེའདག་པ་ལ་ལྷག་མའི་ཕྱིར་བཅོས་མི་དགོས་པར་འགྱུར་ཟེར་བ་དང༌། གཙུག་ཕུད་ཅན་གྱི་ཕ་དགྲ་བཅོམ་པ་བསད་པ་ལྟ་བུ་གསད་བྱ་གཅིག་བསད་པས་ལྟུང་བ་གཉིས་འབྱུང་བ་ཡོདབར་ཐལ་བར་འགྱུར་རོ་ཟེར་ན་དཔྱད་དོ། །

བཞི་པ་ཀུན་སློང་ཐ་དད་པས་ལྟུང་བ་ཐ་དད་པ་ལ་གཉིས་ཏེ།

ཀུན་སློང་ཐདད་ཀྱི་དབྱེ་བ་དངོས་དང༌། ཞིབ་བཤད་མཚོན་དཔེ་དང་བཅས་པའོ། །དང་པོ་ནི། རྩ་བར། ༣༠དེའི་ཆ་ནི་དེར་གཏོགས་སོ། །ཞེས་སོ། །འདིའི་དོན་བཤད་པ་ལ། སྤྱིར་ཆ་དང་ཆ་ཅན་རྗེསསུ་སྦྱོར་བ་དང༌། བྱེ་བྲག་ཏུ་བསྟན་པ་དང་གཉིས། དང་པོ་ནི་ཊཱི་ཀ་ལས་མི་ཚངས་པར་སྤྱོདཔའི་ཆ་ནི། ཁུ་བ་འབྱིན་པ་དང་ལུས་ཀྱིས་རེག་པ་དང་འཁྲིག་པ་སྨྲ་བ་དང༌། སྨྱན་བྱེད་པ་དངའཁྲུར་འཇུག་པ་ལ་སོགས་པའོ། །མ་བྱིན་པ་ལེན་པའི་ཆ་ནི་བྱིན་འཕྲོག་བྱེད་པ་དང༌། དངོས་བསྒྱུར་དང་སྦེད་པ་དང་གདིང་མེད་པར་སྤྱོད་པ་དང་རྐུན་མ་དང་ལམ་དུ་འགྲོ་བ་ལ་སོགསཔའོ། །མི་གསོད་པའི་ཆ་ནི་ས་བོན་སྐྱེ་འཇིག་དང༌། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང༌།

དམག་ལ་ལྟ་བ་ལ་སོགས་པ་དང༌། རྡེག་པ་དང་གཟས་པ་ལ་སོགས་པའོ། །མི་ཆོས་བླ་མ་རྫུནདུ་སྨྲ་བའི་ཆ་ནི་གཞི་མེད་བག་ཙམ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང༌། འཕྱ་བ་དང་གཞོགསའཕྱས་བྱེད་པ་དང༌། མི་ཆོས་བླ་མ་བདེན་པར་སྨྲ་བ་ལ་སོགས་པའོ། །ཕམ་པས་སྐུར་པའདེབས་པའི་ཆ་ནི་ལྷག་མས་སྐུར་པ་འདེབས་པའོ། །དགེ་འདུན་གྱི་དབྱེན་བྱེད་པའི་ཆ་ནི་དགེསློང་ལ་ཕྲ་མ་བྱེད་པ་དང༌། འདུས་ཤིང་ཟ་བ་དང༌། སྡིག་ལྟ་མི་གཏོང་བ་དང་སྤངས་པའི་རྗེསཕྱོགས་དང་བསྙིལ་བ་སྡུད་པ་དང་མི་སྨྲ་བར་འགྲོ་བ་ལ་སོགས་པའོ། །བཀའ་བློ་མི་བདེ་བའི་ཆ་ནི། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་མ་གུས་པའི་ཚུལ་ལོ། །གསོག་འཇོག་བྱསཔ་ཟ་བའི་ལྟུང་བྱེད་ཀྱི་ཆ་ནི་མཚམས་བཙོས་དང་ནང་དུ་ཞག་ལོན་པ་དང་དགེ་སློང་གིས་བཙོསཔ་ཟ་བའོ་ཞེས་དེ་རྣམས་ཐམས་ཅད་ཊཱི་ཀ་ལས་བཤད་དོ། །དེའི་ཆ་ཡིན་ཚུལ་དགག་བྱའི་སྒོ་ནས་འཇོག་ན་ལྟུང་བ་ཀུན་ལ་སྤྱིའི་དགག་བྱ་མཐུན་པ་ཡོད་པས་སྒོས་ཀྱི་དགག་བྱའི་སྒོ་ནསའཇོག་དགོས་ལ། དེ་ལྟར་ནའང་དམག་ལ་ལྟ་བ་དང་རྩྭ་ཉག་གཅིག་གིས་བརྡེག་པ་གཉིས་མི་གསོད་པའི་སྒོས་ཀྱི་དགག་བྱ་དང་འདྲ་བ་མ་ཡིན་པར་སྤྱིའི་དགག་བྱས་མཚམས་བཟུངདགོས་པར་གསུངས་པས་གནོད་ལ། དེས་ན་སྤྱིར་བཏང་དམིགས་བསལ་ཀྱིས་ཁྱད་ཡོད་སྙམམོ། །

གཉིས་པ་བྱེ་བྲག་ཏུ་བསྟན་པ་ནི།

མི་ཚངས་སྤྱོད་ལྟ་བུ་ཆ་ཅན་དེ༷འི་ཆ༷་འབྱིན་རེག་དངདབེན་པ་ན་འདུག་འགྲེང་ལ་སོགས་པ་རྣམས་ནི༷་ཆ་དེ༷ར་གཏོ༷གས་པ་ཡིན་གྱི། ཆ་ཅན་མི་ཚངསསྤྱོད་ཉིད་དུ་ནི་མ་གཏོགས་སོ༷། །མི་ཚངས་སྤྱོད་ཀྱི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །འབྱིན་རེག་ལ་སོགས་པ་ཆའི་ལྟུང་བ་ཆ་ཅན་ཉིད་དུ་མི་གཏོགས་པའི་རྒྱུ་མཚན་ནི། ཆ་དང་ཆ་ཅན་ཀུན་སློང་ཐ་དད་པའི་ཕྱིར་རོ། །ལྟུང་བ་བསྐྱེད་པ་ལ་རང་རང་གི་ཀུན་སློང་ཡན་ལག་ཏུ་དགོས་ཀྱི། ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་མི་སྐྱེད་དེ། ལུང་ཞུ་བ་ལས། རྡེག་གཟས་ཁྲུས་ལ་རང་རང་གི །ཀུན་སློང་དགོས་གསུངས་གཞན་ལའང་སྦྱར། །ཞེས་གཟུང་ངོ༌། །དེ་དག་ཏུ་ལྟུང་བ་ལ་རང་རང་གི་ཀུན་སློང་དགོས་པར་གསུངས་པ་ལ་འོ་ན་ཁུ་བ་འབྱིནའདོད་ཀྱི་བསམ་པས་བསླངས་ཏེ་རྨ་སྒོ་གསུམ་དུ་བཅུག་རེག་བདེ་བ་མྱོང་བ་དེ་ལ་མི་ཚངསསྤྱོད་ཀྱི་ཕམ་པ་འབྱུང་བ་མེད་པར་ཐལ། མི་ཚངས་སྤྱོད་འདོད་ཀྱི་ཀུན་སློང་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རྩ་བར། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་ཁ་ཅིག་གིས། འདུལ་སྡོམ་ཐརའདོད་ཡིད་ཀྱི་མུན་སེལ་ལས། དམིགས་བསལ་ཕྱུང་བ་ཐམས་ཅད་ལ་སོགས་གསུངས། །ཞེས་སོགས་གསུངས་པ་ལྟར་དམིགས་བསལ་ཡིན་ཞེས་འདོད་དོ། །

གཉིས་པ་ཞིབ་བཤད་མཚོན་དཔེ་དང་བཅས་པ་ནི།

རྩ་བར། ༣༡ཕྱུང་བ་ཐམས་ཅདལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ། །ཞེས་བྱུང༌། འདི་ལ་གཉིས་ལས། དངཔོ་ཞིབ་བཤད་ནི། དགེ་སློང་གིས་ལམ་གསུམ་མཚན་ཉིད་ལྡན་པར་མཚམས་ལས་འདས་པརརྩོལ་ཞིང་ཁུ་བ་ཕྱུང་ན་ཁུ་བ་འབྱིན་པའི་འདུན་པས་ཕྱུང་ཡང་མཐའ་ཉིད་དེ། མི་ཚངས་སྤྱོད་ཀྱི་ཕམ་པར་འགྱུར་རོ། །དེ་ཡང་འབྱིན་པའི་ཀུན་སློང་རགས་པས་དེ་སྐད་དུ་བྱའི། མི་ཚངསསྤྱོད་ཀྱི་ཀུན་སློང་ཕྲ་བའི་ཚུལ་གནས་སོ། །ཞེས་དང༌། ཊཱི་ཀ་ལས། ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་སྐབས་འདིར་མི་ཚངས་སྤྱོད་ཀྱི་ཀུན་སློང་གློ་བུར་བ་ངེས་པར་སྐྱེ་བའི་ཕྱིར་ཞེས་ཀྱང་རིགས་སོ། །མཚོ་ཊཱིཀ་དུ་ས་བཅད་འདི་ལ་དམིགས་བསལ་ཞེས་བཤད་དོ། །གཉིས་པ་མཚོན་དཔེ་ནི་མགོ་བཅད་པའི་ཁའམ་ལམགསུམ་ནང་ཉམས་པར་མཚམས་ལས་འདས་པར་རྩོལ་ཞིང་ཕྱུང་བ་ན་ནི། རྨ་དང་ཡན་ལགཕྲད་པའི་བདེ་བ་འདོད་པའི་བསམ་པས་ལམ་དེ་དག་ཏུ་རྩོལ་ཞིང་ཕྱུང་ན་ནི་མི་ཚངས་སྤྱོད་ཀྱི་སྦོམ་པོར་འགྱུར་ལ། འབྱིན་པར་འདོད་པའི་བསམ་པས་ལམ་དེ་དག་ཏུ་རྩོལ་ཞིང་ཕྱུང་ན་ནིདགེ་འདུན་ལྷག་མར་འགྱུར་རོ། །

ལྔ་པ་གཞི་དང་སྦྱོར་བ་ཐ་དད་པས་ལྟུང་བ་ཐ་དད་པ་ནི།

རྩ་བར། ༣༢བྱ་བ་དུ་མའིའབྲས་བུས་ལྟུང་བ་རྣམ་པར་མི་བཞག་གོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ། བྱ་བ་གཞིདུ་མའི་འབྲས་བུ་གཅིག་ཏུ་མི་བཞག་པ་དང༌། བྱ་བ་སྦྱོར་བ་དུ་མའི་ལྟུང་བ་གཅིག་ཏུ་མི་བཞགཔ་དང་གཉིས། དང་པོ་ནི་བྱ༷་བ༷་གཞི་མ་རྫོགས་པ་དུ༷་མ༷འི་འབྲ༷ས་བུ༷ས་དངོས་གཞིའི་ལྟུང་བ་གཅི༷ག་ཏུ༷་རྣམ་པར་མི༷་བཞ༷ག་པ་ཡིན་ཏེ། གཞི་རིན་ཐང་མ་ཚང་བ་ལན་དུ་མ་ཞིག་བརྐུས་ནཕམ་པ་གཅིག་ཏུ་མི་བཞག་སྟེ་སྦོམ་པོ་ཐ་དད་དུ་འགྱུར་བ་དང༌། གཞི་མི་མ་ཡིན་དུ་མ་ཞིག་བསདན་ཕམ་པ་གཅིག་ཏུ་མི་བཞག་སྟེ་སྦོམ་པོ་ཐ་དད་དུ་འགྱུར་བ་དང༌། གཞི་སྨྱོན་པ་དུ་མ་ལ་མི་ཆོསབླ་མ་རྫུན་དུ་སྨྲས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ། སེམས་ཅན་སོ་སོ་ལ་སྦོམ་པོ་ཐ་དད་དུའགྱུར་བ་ལྟ་བུའོ། །འདིའི་ཁུངས་ནི་ལུང་ཞུ་བ་ལས། དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱངམཐར་མི་འགྱུར་བ་མཆིས་སམ། ཡོད་དེ་འདི་ལྟར་རེ་རེའམ་གཉིས་གཉིས་སམ་གསུམ་གསུམམམ་བཞི་བཞི་བརྐུས་ཀྱི་ནམ་ཡང་ལྔར་མ་ཚང་ནའོ། །ཞེས་གསུངས་ལ། དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་གསུངས་པ་དང་ཡང་སྦྱར་རོ། །གཉིས་པ་ནི་བྱ་བ་སྦྱོར་བ་མ་རྫོགསཔས་དུ་མའི་འབྲས་བུ་དངོས་གཞིའི་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་སྟེ། རྫུན་དུ་སྨྲ་བའིསྦྱོར་བ་མ་རྫོགས་པ་གཞོགས་སྨོས་ཀྱི་རྫུན་ལན་དུ་མ་ཞིག་སྨྲས་ན་ཕམ་པ་གཅིག་ཏུ་མི་བཞགསྟེ་སྦོམ་པོ་ཐ་དད་དུ་འགྱུར་བ་དང༌། འཁྲིག་ཚིག་སྨྲ་བའི་སྦྱོར་བ་མི་གསལ་བ་ལན་དུ་མ་ཞིག་སྨྲས་ན་ལྷག་མའི་ལྟུང་བ་གཅིག་ཏུ་མི་བཞག་པ་དང༌། བལ་འཁུར་བ་ལ་སོགས་པ་རྒྱང་གྲགསའདའ་དགོས་པ་རྣམས་ལ་ཉི་མ་ཐ་དད་རེ་རེ་ཞིང་རྒྱང་གྲགས་ཕྱེད་ཕྱེད་ཕྱིན་པ་སྤྱིར་བསྡོམས་པས་རྒྱང་གྲགས་ཀྱི་མཐའ་ལས་འདས་ཀྱང་དངོས་གཞིའི་ལྟུང་བ་གཅིག་ཏུ་མི་བཞག་སྟེ། ནསྨད་ཐ་དད་དུ་འགྱུར་བ་ལྟ་བུའོ། །སྨྱན་གྱི་འཕྲིན་ལན་གསུམ་སྦྱོར་བ་ཐ་དད་ཀྱང་སྨྱན་གྱི་ལྷགམ་གཅིག་སྐྱེད་དོ། །མདོར་ན་མདོ་འདིས་ནི་གཞི་མ་རྫོགས་པ་དུ་མ་དང༌། སྦྱོར་བ་མ་རྫོགས་པ་དུ་མས་ནི་ཐམས་ཅད་དུ་ཡང་དངོས་གཞིའི་ལྟུང་བ་གཅིག་ཏུ་མི་བཞག་གོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །

གཉིས་པ་ཞར་ལས་བྱུང་བ་ལ་གཉིས་ལས།

དང་པོ་ལས་རྗེས་སུ་བསྒྲུབ་པ་རྣམསཀྱི་སེལ་བ་ནི།༣༣ཁང་པ་ཁང་ཆེན་ལ་སོགས་པ་རང་གིས་ཕྱེ༷ད་བྱས་ཏེ་བོར་བའམ་གཞན་གྱིསཕྱེད་བྱ༷ས་པ༷་ལ༷་དེའི་འཕྲོ་ཟིན་པར་བྱེ༷ད་པ༷་ནི༷་ལྟུང་བ་ཕྱེ༷ད་ཉི༷ད་དེ། རང་རང་གི་ན་སྨད་པ་ཉིདདོ༷། །མདོ་འདིས་ནི་ལས་རྗེས་སུ་བསྒྲུབ་པའི་ལྟུང་བ་བཅུ་དགུ་པོ་ཐམས་ཅད་དུ་ཡང་ལྟུང་བཕྱེད་ཉིད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ལུང་ཞུ་བ་ལས། ཁང་པ་ཁང་ཆེན་ལོ་དྲུགསྟན། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །༼གསུམ་ལ་ཞུ་བ་ཉུང་ཤོས་ལས་བཤད། །༽རིམ་ལྷག་༼དགེ་སློང་མའི།༽ གོས་ཀྱི་བཟོ་བྱེད་དང༌། །ཁབ་རལ་འཆོས་པ་ལ་སོགས་བདུན། །དེ་ལྟར་ལྟུངབ་བཅོ་ལྔ་ལ། །ཕྱེད་བྱས་ཕྱེད་ཉིད་དངོས་སུ་གསུངས། །འཁྲུར་འཇུག་རྨེལ་འཇུག་ཐ་ག་གཉིས། །

དེ་ལྟར་བཞི་ལ་མདོར་བསྡུས་སྦྱར། །ཞེས་སྡོམ་དུ་བྱས་སོ། །

གཉིས་པ་ཁ་ན་མ་ཐོ་བ་ལས་གྱུར་པ་རྣམས་ཀྱི་སེལ་བ་ནི།

གཞི་མེད་བག་ཙམ་ལྷགམས་སྐུར་བ་འདེབས་པ་སྟེ་སྐུར་འདེབས་གསུམ་དང་གནས་ངན་ལེན་འཆབ་བརྗོད་གཉིས་ཏེལྔའི་སྐབས་སུ། ༣༤ ཁ༷་ན༷་མ༷་ཐོ༷་བ༷་ན༷་སྨ༷ད་པ༷་སྦོམ་པོས་སྐུར་པ་འདེབས་པ་དང་སྦོམ་པོ་འཆབབརྗོད་བྱེད་པ་ད༷ག་གི༷་འབྲས་བུའི་ཆ༷་སྟེ་འབྲས་བུའི་ལྟུང་བ་ཉི༷ད་ནི༷་རྒྱུའི་ལྟུང་བ་སྦོམ་པོ་ལས་ན༷་སྨ༷ད་པ༷་སྟེ་ཉེས་བྱས་ཉིད་ཡི༷ན་ནོ༷། །འདི་ནི་འགྱོད་པ་སྐྱེད་པའི་ཕྱེད་ལ་ཡང་སྦྱར་ཏེ། སྦོམཔོ་འབྱུང་ངོ་ཞེས་འགྱོད་པ་བསྐྱེད་ན་ཉེས་བྱས་སོ། །མདོ་འདི་ནི་ལུང་ཞུ་བ་ལས། སྐུར་འདེབསགསུམ་ལ་གསུངས་པ་བསྡུས། །འཆབ་བརྗོད་འགྱོད་བསྐྱེད་མདོར་བསྡུས་སྦྱར། །ཞེས་གཟུང་ངོ༌། །དེ་ལྟར་ན་ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མརྣམས་ལ་སྐུར་པ་བཏབ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །ཞེས་དང༌། དེ་བཞིན་དུ་རང་གིརྣམ་བཤད་དང་ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས་སྦོམ་པོར་གསུངས་པ་དང་འགལ་ཏེ་དགེཚུལ་ལ་སོགས་པ་གསུམ་གྱིས་མི་ཚངས་སྤྱོད་ལ་སོགས་པ་བྱས་ཀྱང་ཉེས་བྱས་ལས་མེད་པས། ཉེས་བྱས་དེས་སྐུར་པ་བཏབ་པ་ལས་སྤོམ་པོ་སྐྱེད་ན། ན་སྨད་པའི་ཆ་དེ་ནི་ན་སྟོད་བྱུང་བ་དངའགལ་ཞེ་ན། འདིའི་ལན་ནི་མཚོ་ཊཱིཀ་ལས། འདི་ནི་དམིགས་བསལ་ཡིན་པར་རིགས་ཏེ། ཕམཔ་དང་འདྲ་བའི་ཉེས་བྱས་ཀྱིས་སྐུར་པ་བཏབ་པ་ཡིན་པས། ལྟུང་བའི་ཆ་ནས་ནི་བྱེད་ལསཕམ་པ་དང་འདྲ་བས་སྐུར་པ་བཏབ་པ་ཡིན་ལ། ཡུལ་གྱི་ཆ་ནས་ནི་བསྙེན་པར་མ་རྫོགས་པ་ལ་སྐུར་པ་བཏབ་པ་ཡིན་པས་སྦོམ་པོར་བཅས་པ་སྟེ། བཅས་པའི་དབང་གིས་སྦོམ་པོར་འགྱུརབའོ། །གཞན་ཡང་བཤེས་ངོར་བྱས་པ་དང་ཟས་ཕྱིར་ཆོས་བསྟན་པ་ལ་ཉེས་བྱས་ལས་མེདཔས། དེ་དག་གིས་སྐུར་པ་བཏབ་ན་ལྟུང་བྱེད་དུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལྟུང་བསཉམས་པའི་ཆ་ནས་མ་ཡིན་གྱི། འདུ་ཤེས་བསྒྱུར་བའི་རྫུན་གྱི་ཆ་ནས་ལྟུང་བྱེད་ཡིན་པས་འགལབ་མེད་དོ། །གཞན་ཡང་ལུང་ཞུ་བ་ལས། དགེ་སློང་གིས་ཁྱིམ་པ་ལ་སྐུར་པ་བཏབ་ན་ཅིར་འགྱུརཉེས་བྱས་སོ་ཞེས་གསུངས་པ་དང་འགལ་ཏེ། ཁྱིམ་པས་ཉེས་སྤྱོད་བྱས་ཀྱང་ལྟུང་བ་མེད་པས། ལྟུང་མེད་ཀྱིས་སྐུར་པ་བཏབ་པས་ལྟུང་བ་ཉེས་བྱས་སུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལྟུང་བས་ཉམས་པའི་ཆ་ནས་ཉེས་བྱས་སུ་བཤད་པ་མ་ཡིན་གྱི། སྐུར་འདེབས་རང་བཞིན་གྱིཁ་ན་མ་ཐོ་བ་ཡིན་པའི་ཆ་ནས་ཉེས་བྱས་སུ་འགྱུར་བའོ། །ཞེས་གསུངས་སོ། །

བཞི་པ་བསམ་པ་དང་དངོས་པོའི་བྱེད་པ་ཞར་བྱུང་དང་བཅས་པ་ལ།

བསམ་པདང་དངོས་པོའི་བྱེད་པ་དངོས་དང༌། ཞར་ལ་བྱུང་བ་དང་གཉིས། དང་པོ་ནི། རྩ་བར།༣༥ཐམསཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ནི་ཞུགས་པ་ཡིན་ནོ། །ཞེས་བྱུང༌།

འདིའི་དོན་བཤད་པ་ལ། དངོས་པོ་གཙོ་བོའི་གྲངས་གཏན་ལ་དབབ་པ་དང༌། འདུ་ཤེས་གཙོབོའི་མཚན་ཉིད་གཏན་ལ་དབབ་པ་དང༌། འདུ་ཤེས་གཙོ་བོ་ལ་ཧ་ཅང་ཐལ་བ་སྤང་བ་དངགསུམ། དང་པོ་ནི་སྔ་རབས་པ་ཁ་ཅིག་ན་རེ་འདུལ་བའི་གཞུང་རྣམས་ལས་དངོས་སུ་བཤད་ཚོད་རྣམས་བགྲངས་ན་དངོས་པོ་གཙོ་བོའི་ལྟུང་བ་བཅུ་ཡོད་དེ། དངོས་པོ་གཙོ་བོ་ཕམ་ལྷགདང་པོ་གཉིས། །སྐྱོ་སྔོགས་ས་བོན་སྐྱེ་འཇིག་རྫུན་སྨྲའི་ཡུལ། །ཁྲི་སྟན་ཆེ་མཐོ་གཟུགས་བསྒྱུརགསོད་པ་དང༌། །བྱེ་བྲག་མ་ཕྱེད་གཞི་ལས་ཞག་དང་བཅུ། །ཞེས་བསྡུ་བའི་ཚིགས་སུ་བཅདཔའོ། །དེ་ཡང་ཕམ་ལྷག་དང་པོ་གཉིས་དངོས་པོ་གཙོ་སྟེ། འདི་ཉིད་ལས། མི་ཚངས་པར་སྤྱོདཔ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ། །ཞེས་གསུངས་པས་ཤེས་སོ། །སྐྱོ་སྔོགསབྱེད་པ་དང་ས་བོན་སྐྱེ་འཇིག་གཉིས་དང་རྫུན་སྨྲ་བའི་ཡུལ་དང་བཞི་པོ་དེ་བྱེ་བྲག་ལ་དངོས་པོགཙོ་བ་ཡིན་ཏེ། གལ་ཏེ་འདུ་ཤེས་གཙོ་ན་ནི་གཞིའི་ཡན་ལག་གི་བྱེ་བྲག་ལ་དེ་མ་ཡིན་དུ་འདུཤེས་འཁྲུལ་ན་དངོས་གཞི་མི་རྫོགས་པར་རིགས་པ་ལས། འདི་ཉིད་ལས། འདུ་ཤེས་འཁྲུལ་ཡང་དངོས་གཞི་རྫོགས་པར་གསུངས་ཏེ། རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེསཔ་ནི་དེ་དང་འདྲ་བ་ཉིད་ཡིན་ནོ། །ས་བོན་ལ་ས་བོན་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་བཉིད་དོ། །ཞེས་གསུངས་ལ། སྐྱེ་བ་གཅོད་པ་ལའང་ཊཱི་ཀ་ལས། སྐྱེ་བ་ལ་ས་བོན་དུ་འདུ་ཤེསཔ་ཡང་སྐྱེ་བ་དང་འདྲ་བ་ཉིད་ཡིན་ཞེས་བཤད་ལ། རྫུན་སྨྲ་བའི་ཡུལ་ལ་འདི་ཉིད་ལས། མིབདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བཤད་པས་བཞི་པོ་དེ་དག་ནི་གཞིའི་ཡན་ལག་གི་བྱེབྲག་ལ་དེ་མ་ཡིན་དུ་འདུ་ཤེས་འཁྲུལ་ཡང་དངོས་གཞི་རྫོགས་པར་གསུངས་པས་དངོས་པོགཙོ་བོ་ཡིན་པར་གྲུབ་བོ། །ཁྲི་སྟན་ཆེ་མཐོ་གཉིས་དངོས་པོ་གཙོ་བ་ཡིན་ཏེ། འོད་ལྡན་དུ་མལཆེ་མཐོའི་སྐབས་ལས་བསླབ་པའི་གཞི་འདི་ནི་དངོས་པོ་གཙོ་བོར་བྱ་བ་ཡིན་ཏེ། གང་གི་ཕྱིརགཏམ་གྱི་གཞི་ལས། ལུས་ཀྱི་ལྟུང་བ་འབའ་ཞིག་གོ། །ཞེས་གསུངས་པས། དེའི་ཕྱིར་འདུཤེས་གཙོ་བོར་བྱ་བ་སྤྱིར་བཏང་བའི་སྐབས་མེད་དོ་ཞེས་གསུངས་པས་སོ། །སྤྲུལ་སྟག་ལྟ་བུ་གཟུགས་གཞན་དུ་བསྒྱུར་བ་གསོད་པ་དངོས་པོ་གཙོ་སྟེ། ཊཱི་ཀ་ལས། དགེ་སློང་གིས་མིའིའགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན། དེར་འདུཤེས་པས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལནི་ཕམ་པ་ཁོ་ནར་འགྱུར་རོ། །ཞེས་བཤད་པས་སོ། །བྱེ་བྲག་མ་ཕྱེད་པ་ལ་རྐུ་བ་དངོས་པོ་གཙོསྟེ། བྱེ་བྲག་མ་ཕྱེད་པ་ལ་ནི་གཞི་ལས་རྣམ་པར་བཞག་གོ་ཞེས་བཤད་ཅིང་དེའི་ཊཱི་ཀ་ལས། གཞིའི་ངོ་བོ་ཉིད་ལས་ལྟུང་བ་རྣམ་པར་བཞག་གི འདུ་ཤེས་ལས་ནི་མི་བཞག་གོ། །ཞེས་གསུངསཔས་དངོས་པོ་གཙོ་བོ་ཡིན་པར་ཤེས་སོ་ཞེས་ཟེར་རོ། །དེ་ལ་མཚོ་ཊཱིཀ་ལས། ཕམ་ལྷག་དངཔོ་གཉིས་དངོས་པོ་གཙོ་བ་གཞུང་གི་དོན་ལེགས་པར་བཤད་པ་ཡིན་མོད་ཀྱི། དེ་ལས་གཞན་བརྒྱད་པོ་དེ་དག་དངོས་པོ་གཙོ་བོར་འདོད་པ་དེ་མི་རིགས་ཏེ། གཞུང་ལས་མི་ཚངས་སྤྱོད་དངཁུ་བ་འབྱིན་པ་གཉིས་དམིགས་ཀྱིས་བཀར་ཏེ་དངོས་པོ་གཙོ་བོར་གསུངས་པ་དང་འགལ་ལོ། །

གཞན་ཡང་སྐྱོ་སྔོགས་བྱེད་པ་དང་ས་བོན་སྐྱེ་འཇིག་གི་མདོ་རྩ་བ་འདི་ཉིད་ལས་ཤེས་གཙོའོ་ཞེས་གསུངས་པ་དང་འགལ་ལོ། །རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་པ་ནི་དེདང་འདྲ་ཞེས་པ་དེ་དངོས་པོ་གཙོ་བའི་གཞུང་མ་ཡིན་གྱི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པ་སྟེ། དེ་ཡང་ཊཱི་ཀ་ལས། འདིར་རྩོད་པ་ཙམ་ཉིད་ཚད་མ་ཡིན་གྱི་རྩོད་པའི་བྱེ་བྲག་ནི་ཚད་མ་མ་ཡིན་ནོ། །ཞེས་གསུངས་པས་ཤེས་ཏེ། རྩོད་པའི་བྱེ་བྲག་ལ་ཀུན་སློང་ཞུགས་པ་ཡིན་ན་ནིརྩོད་ཙམ་ཉིད་ཚད་མ་ཡིན་པར་མི་རིགས་པའི་ཕྱིར་རོ། །དེ་དང་མཚུངས་པས་ས་བོན་ལ་སབོན་གཞན་ཉིད་དུ་འདུ་ཤེས་པ་དང༌། མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་པ་ཡང་ཀུནསློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །འོད་ལྡན་ལས། མལ་ཆེ་མཐོ་གཉིས་ཀྱི་ལྟུང་བ་དངོསཔོ་གཙོ་བོར་གསུངས་པ་དེའང་ལྟུང་བ་གླེང་རུང་ཙམ་ལ་དགོངས་པ་ཡིན་གྱི། ལྟུང་བ་མཚནཉིད་པ་ལ་དགོངས་པ་མ་ཡིན་ཏེ། འོད་ལྡན་དུ་གཏམ་གྱི་གཞི་ལས་ལུས་ཀྱི་ལྟུང་བ་འབའ་ཞིགགོ་ཞེས་ལུང་དྲངས་པས་ཤེས་ཏེ། དེའང་གཏམ་གྱི་གཞི་ལས་མི་ཤེས་བཞིན་དུ་ཉེས་པ་འབྱུང་བ་ཡོད་དེ། འདི་ལྟར་གཉིད་ལོག་པ་ལས་བཏེག་སྟེ་མལ་སྟན་ཆེན་པོའམ་མཐོན་པོའི་སྟེང་དུ་བཞག་པའོ་ཞེས་གསུངས་པས་ལྟུང་བ་གླེང་རུང་ཙམ་དུ་གསལ་ལོ། །ཞེས་སོ། །འོ་ན་ལྟུང་བ་གླེང་རུང་ཙམ་ཡང་འབྱུང་བར་མི་རིགས་ཏེ། ལྟུང་བ་མཚན་ཉིད་པ་མེད་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །ཞེས་གསུངས་པསསོ། །གཟུགས་གཞན་དུ་བསྒྱུར་བ་གསོད་པ་དངོས་པོ་གཙོ་སྟེ། ཊཱི་ཀ་ལས་བཤད་ཅེས་ཟེརཡང༌། སྐབས་འདིར་ནི་ཊཱི་ཀའི་བཞེད་ཚུལ་གོང་དུ་བཤད་ཟིན་ཏོ། །བྱེ་བྲག་མ་ཕྱེད་པ་ལ་རྐུན་ཊཱི་ཀ་ལས། གཞི་ངོ་བོ་ཉིད་ལས་བཞག་གི་འདུ་ཤེས་ལས་ནི་མི་བཞག་ཅེས་གསུངས་པ་དེཡང་བྱེ་བྲག་གི་འདུ་ཤེས་ལས་ནི་མི་བཞག་ཅེས་དགོངས་པ་སྟེ། བདག་པོ་གང་གི་ཡིན་ཡངབརྐུའོ་སྙམ་དུ་ཀུན་སློང་སྤྱི་ཞུགས་དེའི་སྔོན་རོལ་ཏུ་བདག་པོ་གང་ཡང་རུང་བ་བདག་པོ་སྤྱིཙམ་དུ་འཛིན་པའི་འདུ་ཤེས་ལས་ནི་ངེས་པར་ལྟོས་ཏེ་རྣམ་པར་བཞག་ཅེས་མཚོ་ཊཱིཀ་ལསསོ། །གཉིས་པ་རང་ལུགས་བཞག་པ་ནི། དངོས་པོ་གཙོ་བོ་རིགས་གཉིས་ཏེ། རྩ་བར། ༣༨མིཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ། །ཞེས་གསུངས་པས་སོ། །

མི་ཚངས་སྤྱོད་དང་འབྱིན་པའི་ལྟུང་བ་ནི་ཕམ་ལྷག་དང་པོ་གཉིས་ཁོ་ནར་མ་ཟད་དེ། དེ་དག་ གི་སྦོམ་པོ་ལ་སོགས་པ་དང༌། དགེ་སློང་མས་ཁུ་བ་འབྱིན་པའི་ལྟུང་བྱེད་ཀྱང༌། མི་ཚངས་སྤྱོདདང་ཁུ་བ་འབྱིན་པའི་ལྟུང་བ་ཡིན་པ་ལས་མ་འདས་སོ། །

གཉིས་པ་འདུ་ཤེས་གཙོ་བོའི་མཚན་ཉིད་གཏན་ལ་དབབ་པ་ནི།

ཁ་ཅིག་ན་རེ་འདུ་ཤེསགཙོ་བོའི་མཚན་ཉིད་ནི། ལྟུང་བའི་ཡན་ལག་ཏུ་མ་འཁྲུལ་བ་ངེས་གཟུང་དུ་དགོས་པའོ། །དོནདང་ཕྲད་ན་འཁྲུལ་མ་འཁྲུལ་ཁྱད་པར་མེད་པར་ལྟུང་བ་བསྐྱེད་པ་ནི་དངོས་པོ་གཙོ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་ཐོ་ལ་མིར་འདུ་ཤེས་འཁྲུལ་ཏེ་གསོད་འདོད་ཀྱིས་མཚོན་རྡེག་པ་ལ་སོགས་ལྟུང་མེད་ཀྱི་ཡུལ་ལ་ལྟུང་བཅས་ཀྱི་ཡུལ་དུ་འཁྲུལ་བའི་ལྟུང་བ་རྣམས་ཆོས་ཅན། འདུ་ཤེས་གཙོ་བོ་མ་ཡིན་པར་ཐལ། མ་འཁྲུལ་བ་ངེས་གཟུང་དུ་མི་དགོས་པའི་ཕྱིར་རོ། །འདོད་ན། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་པའི་ཤུགས་ཀྱིས་དེ་ལས་གཞན་པའི་ལྟུང་བ་ཐམས་ཅད་འདུ་ཤེས་གཙོ་བོར་བཤད་པ་དང་འགལ་ལོ། །ཁ་ཅིག་ན་རེ་འདུ་ཤེས་གཙོ་བོའི་མཚན་ཉིད་ནི་ལྟུང་བ་གང་ཞིག་སྐྱེད་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལགཉིས་ལས་གང་རུང་ངེས་གཟུང་དུ་དགོས་པའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཚུལ་ཁྲིམསམ་དག་པ་ལ་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་དང༌། བྱིན་འཕྲོག་བྱེད་པའི་སྤང་ལྟུངདང༌། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དང་གསུམ་པོ་དེ་དག་ཆོས་ཅན། འདུ་ཤེས་གཙོ་བོ་མཡིན་པར་ཐལ། འདུ་ཤེས་འཁྲུལ་མ་འཁྲུལ་གཉིས་ཀ་ངེས་གཟུང་དུ་དགོས་པའི་ཕྱིར་རོ། །དེ་ཡང་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་ཉམས་པ་ལ་མ་ཉམས་པར་འདུ་ཤེས་འཁྲུལ་བཡན་ལག་ཏུ་དགོས་ལ། གོ་བྱའི་ཡུལ་ལ་མ་འཁྲུལ་པ་ཡན་ལག་ཏུ་དགོས་པ་དང༌། བྱིན་འཕྲོགབྱེད་པ་ལ་ནི་དངོས་པོ་དེ་བདག་པོ་གཞན་དབང་བ་ལ་རང་གི་ཡིན་པར་འཁྲུལ་པ་ཡན་ལག་ཏུ་དགོས་ལ། ཕ་རོལ་པོ་དགེ་སློང་ཡིན་པ་ལ་དེ་ཡིན་པར་མ་འཁྲུལ་བ་ཡན་ལག་ཏུ་དགོས་པདང༌། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་སྐྱེད་པ་ལ་ནི་བར་དུ་གཅོད་པ་ལ་མི་གཅོད་པར་འཁྲུལབ་ཡན་ལག་ཏུ་དགོས་ལ། གོ་བྱའི་ཡུལ་ལ་སོགས་པ་ལ་མ་འཁྲུལ་བ་ཡན་ལག་ཏུ་དགོས་པསགྲུབ་བོ། །འདོད་ན་སྔར་བཞིན་ནོ། །འོ་ན་གང་ཞེ་ན། འདུ་ཤེས་གཙོ་བོའི་ལྟུང་བའི་མཚན་ཉིདནི། བཅས་པ་ལས་འདས་པའི་ཆ་ནས་ལས་སྒྲིབ་ཏུ་གྱུར་པ་གང་ཞིག རང་གི་གཞིའི་ཡན་ལགགི་བྱེ་བྲག་ལ་འདུ་ཤེས་ཀྱི་བྱེ་བྲག་ངེས་གཟུང་དུ་དགོས་པའོ། །དེ་ཡང་གཞིའི་ཡན་ལག་གི་བྱེ་བྲག་ནི་གཞིའི་ཡན་ལག་གི་ཕྱོགས་གཅིག་ཡིན་ལ། འདུ་ཤེས་ཀྱི་བྱེ་བྲག་ནི་འདུ་ཤེས་འཁྲུལ་བའམ་མ་འཁྲུལ་བ་ཅི་རིགས་པའོ། །ངེས་གཟུང་དུ་དགོས་ཞེས་པ་ནི་དངོས་པོ་གཙོ་བོ་རྣམས་གཅོད་ཅིང་འདུ་ཤེས་གཙོ་བོ་རྣམས་སྡུད་དོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་ལ་ཁ་ཅིག་མི་ཆོས་བླ་མའི་རྫུན་ཆོས་ཅན། དངོས་པོ་གཙོ་བའི་ལྟུང་བ་ཡིན་པར་ཐལ། གཞི་ཡི་ཡན་ལག་རྫུན་སྨྲ་ཡུལ་ལ་འདུ་ཤེས་འཁྲུལ་རུང་མ་འཁྲུལ་རུང་མི་ཆོས་བླ་མའི་རྫུན་གྱི་དངོས་གཞི་སྐྱེ་བ་ཡིན་པའི་ཕྱིར་ཏེ། ལྷས་སྦྱིན་ལ་མཆོད་སྦྱིན་དུ་འདུ་ཤེས་ནས་མི་ཆོས་བླ་མའི་རྫུན་བཤདན་དངོས་གཞི་སྐྱེ་བའི་ཕྱིར་ཏེ། རྩ་བར། མི་བདེན་པ་ལ་ནི་ཉན་པ་པོ་ལ་ཡང་ངོ། །ཞེས་གསུངསཔས་སོ་ཟེར་ན་མཚོ་ཊཱིཀ་ལས། ཉན་པ་པོ་མ་བསམས་པའི་དོན་འཕྲད་པ་ལས་ཀྱང་དངོས་གཞི་རྫོགས་པར་འབྱུང་ངོ། །འདི་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །ཞེས་གསུངསཔས་ཞིབ་ཆ་ཤེས་སྙམ་མོ། །གསུམ་པ་འདུ་ཤེས་གཙོ་བོ་ལ་ཧ་ཅང་ཐལ་བ་སྤང་བ་ལ། འདུཤེས་གཙོ་བོའི་དངོས་གཞི་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག་པདང༌། འདུ་ཤེས་གཙོ་བོའི་སྦྱོར་ལྟུང་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པར་འདོད་པདགག་པ་དང་གཉིས། དང་པོ་ནི་ཁ་ཅིག་ན་རེ་ཐོ་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེབསད་པ་ལ་ཕམ་པ་བསྐྱེད་དེ། འདུལ་བ་ལས་བྱུང་བ་ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་པའིཕྱིར་རོ། །དེ་ཡང་འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་འབྱུང་བའི་དཔྱད་པ་ཐ་སྙད་པ་ཡིན་གྱི། གལ་ཏེ་དཔྱད་པ་དངོས་སུ་ཡིན་པར་གྱུར་ན་སྒྲུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཞེསབཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། དམ་བཅའ་དགག་པ་དང༌། སྒྲུབབྱེད་དགག་པའོ། །དང་པོ་ནི་སྲོག་གཅོད་པའི་ཕམ་པ་བསྐྱེད་པ་ལ། མི་ཡིན་པར་འདུ་ཤེས་ཀྱིསགཟུང་སྟེ་དོན་ལ་མི་ཡིན་པ་ཡན་ལག་ཏུ་མི་དགོས་ན། དེ་ཉིད་ལས།༣༧བསམ་པ་ནི་དེ་ཉིདདོ། །ཞེས་དང༌། དེའི་ཊཱི་ཀ་ལས། དངོས་གཞི་ལ་ནི་དོན་ཉིད་ཡན་ལག་ཡིན་པར་སྟོན་ཏེ། ཞེསདང༌། དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ། །ཞེས་དང༌། སྤྲུལ་བ་བསདཔའི་སྐབས་ཀྱི་ཊཱི་ཀ་ལས། སྲོག་གཅོད་པ་ནི་གཞིའི་རྣམ་པ་ལ་ལྟོས་པའི་ཕྱིར་རོ། །ཞེས་བཤདཔ་སྟེ་འདུལ་བའི་གཞུང་དེ་རྣམས་དང་འགལ་ལོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། འདུལབ་ལས་བྱུང་བ་ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་ཞེས་པ་དེ་མ་གྲུབ་སྟེ། མཁན་པོ་དང་ལསབྱེད་པ་པོ་ལ་སོགས་པ་ལུང་གཞིའི་བརྗོད་བྱ་འཇུག་པའི་ཚུལ་ཁྲིམས་ཕལ་ཆེར་དཔྱད་པ་ཐསྙད་པ་ཡིན་མོད་ཀྱི། ལུང་རྣམ་འབྱེད་ཀྱི་བརྗོད་བྱ་ལྡོག་པའི་ཚུལ་ཁྲིམས་ཀྱི་སྐབས་ཀྱི་ལྟུངབ་སྡེ་ལྔའི་དངོས་གཞི་རྫོགས་པར་སྐྱེད་པ་ལ། འདུ་ཤེས་ཀྱིས་གཟུང་བ་ཙམ་གྱིས་མི་འགྲུབ་ཀྱི། དོན་ཡན་ལག་ཏུ་དགོས་ཏེ་སྔར་བཤད་མ་ཐག་པའི་གཞུང་དེ་དག་དང་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ། །ཞེས་དང༌།འོད་ལྡན་རྩ་བ་ལས། འདུ་ཤེས་གཙོ་ལ་དོན་ཉིད་ཇི་བཞིན་ན། །ལྟུང་རྫོགས་དོན་ཉིད་ཇི་བཞིནམིན་ན་ཆུང༌། །ཞེས་གསུངས་པས་སོ། །འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་བྱུང་བའི་དཔྱད་པ་ཐ་སྙད་པ་ཡིན། ཞེས་བཤད་པ་དེ་ཡང༌། འདུལ་བ་ཞེས་པ་ལ་སྒྲ་ཡངས་དོག་གཉིསལས། སྒྲ་དོག་པའི་དབང་དུ་བྱས་ན་འདུལ་བ་ཞེས་པའི་སྒྲ་དེ་གཞི་ལ་འཇུག་གི་རྣམ་འབྱེདལ་སོགས་པ་ནི་མ་ཡིན་ཏེ། གནས་མལ་གྱི་གཞིའི་ཊཱི་ཀ་ལས། འདིར་གཞི་དག་ནི་འདུལ་བཉིད་ཀྱིས་བསྟན་ཏོ། །རྣམ་པར་འབྱེད་པ་དང་དེར་གཏོགས་པའི་ཕྲན་ཚེགས་ལ་སོགས་པ་དགནི་སོ་སོ་ཐར་པ་དང་ལྡན་པ་ཉིད་ཀྱིས་བསྟན་ཏོ། །ཞེས་གསུངས་སོ། ། གལ་ཏེ་ཕམ་པ་སྐྱེདཔའི་གཞི་དེ་མི་ཡིན་པ་ལ་སོགས་པ་དོན་ཡན་ལག་ཏུ་དགོས་ན་ནི་ཕམ་པ་འབྱུང་ངམ་མི་འབྱུངམི་ཤེས་པའི་སྐྱོན་དུ་འགྱུར་ཏེ། གཞི་དེ་དོན་ལ་མི་ཡིན་མིན་མི་ཤེས་པའི་ཕྱིར་རོ། །དེ་ཡང་མིའིགཟུགས་སུ་གནས་པས་ནི་མི་ཡིན་པར་མ་ངེས་ཏེ། ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གི་བྱུངབ་དང༌། ཨེ་ལའི་འདབ་ཀྱི་བྱུང་བ་བཞིན་ནོ་ཞེ་ན་སྐྱོན་མེད་དེ། ལྟུང་བ་བྱུང་བར་ཤེས་པ་ནི་ལྟུངབ་རྫོགས་པའི་ཡན་ལག་ཏུ་མི་དགོས་ལ། ཕྱིར་བཅོས་འདུ་ཤེས་ཀྱི་རྗེས་སུ་འབྲངས་ཏེ་བྱེད་པའིཕྱིར་རོ། །གཉིས་པ་འདུ་ཤེས་གཙོ་བོའི་སྦྱོར་ལྟུང་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པརའདོད་པ་དགག་པ་ནི། ཁ་ཅིག་ན་རེ་ཐོ་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེ་བསདན། སྦྱོར་བའི་གནས་སྐབས་སུ་སྦོམ་པོར་འགྱུར་རོ། །དེ་ཡང་སྤྱིར་ན་འདུ་ཤེས་གཙོ་བོ་རྣམས་ཀྱི་སྦྱོར་ལྟུང་རྫོགས་པར་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་ཀྱི། འདུ་ཤེས་པ་ཙམ་གྱིས་ཆོག་སྟེ། རྩ་བར།༣༦སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་མདོ་དེ་ཉིད་ཀྱི་དོན་དེ་ཉིདཡིན་ནོ། །མདོ་འདི་ཉིད་ཀྱི་ཊཱི་ཀ་ལས། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་གྱི། དོན་ཉིད་ནི་མ་ཡིན་ཏེ་ཞེས་བཤད་དོ་ཞེས་ཟེར་རོ། །དེ་ལྟར་ན་མེད་པ་ཉིད་ལ་ཡོད་པའི་བློ་ཅན་ལ་ན་སྨད་དོ་ཞེས་པའི་ཊཱི་ཀ་ལས། གལ་ཏེ་འཚོལ་བའི་དུས་ན། ཡང་ལྷུང་བཟེད་དེ་ཆུད་ཟོས་པར་གྱུརཟིན་ན་ནི། དེའི་ཚེ་ན་སྦྱོར་བའི་ལྟུང་བ་ཡང་ན་སྨད་པ་ཁོ་ནར་འགྱུར་རོ་ཞེས་སྦྱོར་ལྟུང་རྫོགས་པ་ལ་དོན་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལོ། །ཡོངས་སུ་མ་གཟུང་བ་ལ་ཡོངསསུ་གཟུང་བར་འདུ་ཤེས་པའོ་ཞེས་པའི་འོད་ལྡན་ལས། དངོས་གཞིའི་རྣམ་པར་གཏོགས་པརྣམས་ཀྱི་ཡན་ལག་རྣམས་འདུས་པའི་ཕྱིར། ཞེས་མཐར་ཐུག་གི་སྦོམ་པོར་གསུངས་པ་དངཡང་འགལ་ཏེ། སྦོམ་པོའི་སྦྱོར་བ་ལ་ཉེས་བྱས་ཡིན་པས། སྐབས་འདིར་སྦྱོར་བའི་གནསསྐབས་སུ་མ་བྱིན་ལེན་གྱི་སྦོམ་པོ་སྐྱེད་པར་འདོད་པ་དེ་ནི་མི་འཐད་དོ། །རིགས་པས་ཀྱང་སྦྱོ༷རབ༷་ལ༷་ནི༷་འདུ༷་ཤེ༷ས་ཡ༷ན་ལ༷ག་ཡི༷ན་ནོ༷་ཞེས་པ་མདོ་རྩ་འགྲེལ་གྱི་དོན་གང་ཞེ་ན། སྦྱོར་བ་ལ་ནི་འདུ་ཤེས་གཙོ་ཆེ་བའི་ཡན་ལག་ཡིན་གྱི། དོན་ཉིད་ནི་གཙོ་ཆེ་བའི་ཡན་ལག་མ་ཡིན་ཞེས་བསྟནཔའོ། །དེས་ན་ཐོ་ལ་མི་ཡིན་པར་འདུ་ཤེས་པ་ལ་སོགས་པའི་ལྟུང་མེད་ཀྱི་ཡུལ་ལ་དངོསགཞིའི་ཡུལ་དུ་འདུ་ཤེས་པས་ཞུགས་པའི་སྦྱོར་བ་ལ་སྦོམ་པོར་བཤད་པ་རྣམས་ཉེས་བྱས་ལྕི་བ་ལ་སྦོམ་པོར་བཏགས་པའོ། །མདོར་ན་སྲོག་གཅོད་པ་ལྟ་བུ་འདུ་ཤེས་གཙོ་བོ་རྣམས་ནི་སྦྱོ༷རབ༷འི་ལྟུང་བ་རྫོགས་པར་བསྐྱེད་པ་ལ༷་ནི༷་འདུ༷་ཤེ༷ས་གཙོ་ཆེ་བའི་ཡ༷ན་ལ༷ག་ཡི༷ན་ཏེ། འདུ་ཤེས་གཙོ་ཆེ་བའི་རྒྱུ་མཚན་ནི་དོན་དང་འདུ་ཤེས་མི་མཐུན་པའི་ཚེ་ན་སྦྱོར་ལྟུང་ཙམ་བསྐྱེད་པ་ལ་ནི་འདུ་ཤེས་ཀྱི་ཆ་ནས་ལྟུང་བར་འཇོག་གི དོན་གྱི་ཆ་ནས་མི་འཇོག་པའི་ཕྱིར་རོ། །སྲོག་གཅོད་པའི་ཕམ་པ་ལྟ་བུ་འདུ་ཤེས་གཙོ་བོ་རྣམས་ཀྱི་དངོས་གཞི་རྫོགས་པར་བསྐྱེད་པ་གང་ལ་བས༷མཔའི་དོན་དང་ཕྲད་པ༷་ལ༷་ནི་ཡན་ལག་དེ༷་ཉི༷ད་ཡིན་ནོ། །མདོ་གཉིས་ཞུ་བ་ལས། ཁང་པ་ཁངཆེན་བསྒོ་གྱུར་ལྔ། །སྣོད་འཆང་བཤེས་ངོར་ཁྱད་དུ་གསོད། །བུད་མེད་དང་ཉལ་ཁབ་རལའཆོས། །བཅུ་གཉིས་ལས་ནི་གཞན་དག་ལ། །དངོས་སུ་གསུངས་པ་འདིར་བསྡུས་ཤིང༌། །དེ་དག་རྣམས་ལ་མདོར་བསྡུས་སྦྱར། །ཞེས་གཟུང་ངོ༌། །དངོས་པོ་གཙོ་བོའི་ཁྱད་པར་བསྟན་པ་ནི། མི༷་ཚ༷ངས་པ༷ར་སྤྱོ༷ད་པ༷་ད༷ང་ཁུ༷་བ༷་འབྱི༷ན་པ༷འི་ལྟུང་བ་གཉི༷ས་ལ༷་ནི༷་འདུ་ཤེས་ཀྱིས་བསམཔའི་དོན་དང་ཕྲད་པ་ལ་དངོས་གཞི་བསྐྱེད་པ་དེ༷ར་མ༷་ཟ༷ད་ཀྱི། མ་བསམས་པའི་དོན་དང་ཕྲདཔ་ལས་ཀྱང་དངོས་གཞི་བསྐྱེད་དེ། དངོས་པོ་གཙོ་བོ་ཡིན་པའི་ཕྱིར་ཏེ། མི་ཚངས་སྤྱོད་ནི་རྟེནའདོད་ཁམས་པ་ལ་འབྱུང་ཉེ་ཞིང་སྤང་དཀའ་བས་དོག་ཏུ་བཀག་པའི་ཕྱིར་དང༌། འབྱིན་པ་ཡངདེ་དང་རྣམ་པ་འདྲ་བའི་ཕྱིར་དོག་ཏུ་བཀག་པའོ། །དེ་ཡང་ལུང་ཞུ་བ་ལས། གཞི་ལ་འདུ་ཤེསའཁྲུལ་ན་ཡང༌། །ཕམ་པ་དང་པོ་རྫོགས་པར་གསུངས། །འབྱིན་དང་རྫུན་སྨྲའི་ཡུལ་ལ་ནི། །དེང་སང་ལུང་ན་མི་སྣང་ངོ༌། །ཞེས་སྡོམ་དུ་བྱས་སོ། །

གཉིས་པ་ཞར་ལ་བྱུང་བ་ལ་གཉིས་ལས།

དང་པོ་རྫུན་སྨྲ་ཡུལ་གྱི་བྱེད་པ་ནི། ༣༩མི༷བདེ༷ན་པ་རྫུན་དུ་སྨྲ་བའི་ལྟུང་བ་བསྐྱེད་པ༷་ལ༷་ནི༷་ཉ༷ན་པ༷་པོ༷་ཡ༷ང༌། དེར་མ་ཟད་དོ་ཞེས་མདོ་ཚིགསྔ་མར་སྦྱར་ཏེ། ཉན་པ་པོ་བསམ་པའི་དོན་དང་ཕྲད་པ་ལས་དངོས་གཞི་རྫོགས་པར་མ་ཟདཀྱི། ཉན་པ་པོ་མ་བསམས་པའི་དོན་དང་ཕྲད་པ་ལས་ཀྱང་དངོས་གཞི་རྫོགས་པར་འབྱུང་ངོ༌། །

འདི་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །འོ་ན་ཀུན་སློང་སྤྱི་ཞུགས་གཞུང་གང་ནས་བཤད་ཅེས་འདྲི་ན། །འོད་ལྡན་ལས། ངེས་པར་མ་བྱས་པར་འདི་ན་གང་ཅི་ཡོད་བརླག་པརགྱུར་ཅིག་སྙམ་པ་དེས་དེ་རྣམས་ཤི་ན་སྲོག་ཆགས་ཇི་ལྟ་བུ་དང་སྲོག་ཆགས་བརྒྱ་སྟོང་ལ་སོགསགྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བ་རྣམས་ཀྱང་དེ་ལྟ་བུ་དང་དེ་སྙེད་འབྱུང་བར་འགྱུར་རོ། །

ཞེས་གསུངས་སོ། །འདུ་ཤེས་གཙོ་བོ་རྣམས་ལ་གཞིའི་བྱེ་བྲག་ཕན་ཚུན་འདུ་ཤེས་འཁྲུལ་ནཡང་ཀུན་སློང་སྤྱི་ལ་ཞུགས་ནས་དངོས་གཞི་རྫོགས་པར་བཞེད་དོ། །

གཉིས་པ་བསྟེན་དུ་རུང་བའི་ཚད་གཟུང་ནི།

མི་ཚངས་སྤྱོད་དང་རེག་པ་ལ་སོགས་པའིཡུལ་དེ་ནི། ལག་པས་ལག་པར་དང་རྐང་པས་རྐང་པར་དང་ཞེས་པ་ལ་སོགས་པ་སྨོས་པ་ལྟབུ་༤༠ཡ༷ན་ལ༷ག་ཐ༷མས་ཅ༷ད་ཅེས་སྨོས་ཀྱང་མཚོན་པ་སྟེ། མཚན་བསྟེན་དུ་རུང་བའི་ལམ་དངཡན་ལག་ད༷ང་དུ༷་བླ༷ང་དུ་རུ༷ང་བ༷༷་ཉི༷ད་ནི༷་འཁྲིག་པ་བསྟེ༷ན་པ༷འི་ཕྱི༷ར་མཐུ༷་ད༷ང་ལྡ༷ན་པ༷་ཡན་ལགཉི༷ད་ཡི༷ན་པས་དེ་ལས་ལྟུང་བ་རྫོགས་པར་བསྐྱེད་ལ། མཚན་བསྟེན་དུ་མི་རུང་བ་ལ་ནི་རངརང་གི་ན་སྨད་དོ། །མདོ་འདི་ལུང་ཞུ་བ་ལས། སྨྱན་དང་དབེན་གཉིས་ཉལ་ཤོམ་གཉིས། །ལྷནཅིག་ལམ་འགྲོ་བདུན་ལ་གསུངས། །མི་ཚངས་སྤྱོད་དང་རེག་པ་དང་འཁྲིག་ཚིག་བསྙེན་བཀུརལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་དངོས་དང་ཆགས་པ་རྒྱུར་འགྱུར་ལས་གྱུར་པ་གཞནརྣམས་ལ་མདོར་བསྡུས་སྦྱར་བའོ། །

ལྔ་པ་སེལ་བ་དབང་དུ་བྱེད་པ་ཡན་ལག་དང་བཅས་ཏེ་བསྟན་པ་ལ།

སེལ་བ་དབང་དུབྱེད་པ་དངོས་དང༌། ཡན་ལག་སོ་སོའི་དབྱེ་བ་བསྟན་པ་དང་གཉིས། དང་པོ་ནི་གཞུང་འདིའིསྐབས་༤༡འོ༷ག་མ༷་ནས་འཆད་པར་འགྱུར་བའི་ཡན་ལག་བཅོ་བརྒྱད་པོ་ད༷ག་ལ༷་ནི༷་ཡན་ལག་ཚང་བ་ལས་གཞ༷ན་ཡན་ལག་མ་ཚང་བ་ལ༷་ན༷་སྨ༷ད་པ༷་ཉི༷ད་ཡིན་ནོ། །དེ་ཡང་ཡན་ལག་བཅོབརྒྱད་ནི། རྫུ་འཕྲུལ་ཅན་མིན་མ་ཉམས་ལུས་དངོས་དང༌། །ཐ་སྙད་ཡན་ལག་ལྔ་དང་ཁྱིམ་པདང༌། །བསྙེན་རྫོགས་རྣམ་དག་མཚན་དང་ལྟ་བ་མཐུན། །རུང་བ་ཚད་ལྡན་རང་དོན་རང་ཉིད་ཀྱི། །བདག་དང་འབྲེལ་བ་ངག་ཏུ་སྨྲས་པ་སྟེ། །འོག་ནས་སྟོན་པའི་ཡན་ལག་བཅོ་བརྒྱད་དོ། །ཞེས་སྡོམ་དུ་བྱས་སོ། །ཡན་ལག་བཅོ་བརྒྱད་པ་ལས་ཡན་ལག་གཅིག་མ་ཚང་བ་ལ་ན་སྨདདུ་འགྱུར་བ་འདི་ལ་དམིགས་བསལ་གསུམ་ཡོད་ལ། ཡན་ལག་གཅིག་མ་ཚང་བ་ལ་ཆེས་ན་སྨད་དུ་འགྱུར་བ་ནི་མི་ལ་དུད་འགྲོ་ཡང་ངོ། །ཞེས་གསུངས་པ་དང༌། བརྡེག་གཟས་ལྟ་བུ་དགེསློང་ལས་གྱུར་པ་རྣམས་ཀྱི་སེལ་བ་ཁྱིམ་པ་ཡིན་ན་ཆེས་ན་སྨད་དུ་འགྱུར་བའོ། །ཡན་ལགགཅིག་མ་ཚང་བ་ལ་དངོས་གཞི་གཞན་དུ་འགྱུར་བ་ནི། དགེ་སློང་མ་དང་ལམ་དུ་འགྲོ་བའིསེལ་བ་ཁྱིམ་པ་མོ་དང་ལམ་དུ་འགྲོ་ན་ལྟུང་བྱེད་གཞན་དུ་འགྱུར་བ་ལྟ་བུ་སྟེ། དེ་ལས་བཟློག་པ་ཡང་དེ་བཞིན་ནོ། །ཡན་ལག་གཅིག་མ་ཚང་ལ་ལྟུང་མེད་དུ་འགྱུར་བ་ནི། མ་སྨྲས་པར་ཕྱིདྲོ་གྲོང་དུ་འགྲོ་བ་ལ་སོགས་པ་རྣམས་ལ་ཁྱིམ་པའི་སེལ་བ་རབ་ཏུ་བྱུང་བ་ཡིན་ན་རབ་ཏུ་བྱུང་བའི་གནས་ཁང་དུ་ཕྱི་དྲོ་འཇུག་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །རྩ་བར། ༤༢དུ་མ་མ་ཚང་བལ་ནི་དེ་བས་ཀྱང་ངོ། །ཞེས་པ་ནི། འོག་ནས་འཆད་པར་འགྱུར་བའི་ཡན་ལག་དུ༷་མ༷་མ༷་ཚ༷ངབ༷་སྟེ། ཡན་ལག་གཉིས་མ་ཚང་བ་ལ༷་ནི༷་ན་སྨད་པ་དེ༷་བ༷ས་ཀྱ༷ང་ན་སྨད་པ་སྟེ་ཆེས་ན་སྨད་དུའགྱུར་རོ། །དེ་ཡང་རེག་པར་བྱ་བའི་ལུས་མ་ཉམས་པ་དང་རེག་པར་བྱེད་པའི་ལུས་མ་ཉམས་པ་ཡན་ལག་གཉིས་མ་ཚང་བ་ལུས་ཉམས་པ་ལ་ལུས་ཉམས་པས་རེག་ན་ཉེས་བྱས་སུ་འགྱུར་བར་ལུང་ཞུ་བ་ལས་གསུངས་པ་དང༌། སྐྱོན་ནས་སྨྲ་བའི་ལྟུང་བྱེད་བསྐྱེད་པ་ལ། ཡུལ་རྟེན་མཚནམཐུན་ཞིང་ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་པ་ལ། ཡན་ལག་གཉིས་མ་ཚང་བ་སྟེ། དགེ་སློངགིས་དགེ་སློང་མ་ལ་ལྟ་བ་ཐ་དད་པའི་སྐྱོན་ནས་སྨྲས་ན་ཆེས་ན་སྨད་དུ་འགྱུར་བ་ལྟ་བུའམ། གོས་ལས་གྱུར་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་གོས་རུང་ཞིང་ཚད་དང་ལྡན་པ་ཡན་ལག་ཏུ་དགོས་པ་ལ་ཡན་ལག་གཉིས་མ་ཚང་བ་སྟེ་གོས་མི་རུང་ཞིང་ཚད་དང་མི་ལྡན་ན་ཆེས་ན་སྨདདུ་འགྱུར་བ་ལྟ་བུའོ། །སྤྱིར་ཡན་ལག་གཅིག་མ་ཚང་བ་ལ་ན་སྨད་དང༌། གཉིས་མ་ཚང་ན་ཆེསན་སྨད་ཡིན་ཡང་རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པའི་ལྷག་མ་ལྟ་བུ་ཡན་ལག་གཅིགམ་ཚང་བ་ལ་ཆེས་ན་སྨད་དུ་འགྱུར་བ་ཡིན་ཏེ། ༤༣ཡུལ་དེ་མི༷་ཡིན་པ་ཡན་ལག་ཏུ་དགོས་པརྣམས་ལ༷་སེལ་བ་དུ༷ད་འགྲོ༷་ཡིན་ན་ཡ༷ང་ངོ༷་སྟེ་ཆེས་ན་སྨད་དུ་འགྱུར་བས་སོ། །མདོ་འདི་ནིལུང་རྣམ་འབྱེད་ལས། རེག་པ་འཁྲིག་ཚིག་བསྙེན་བཀུར་ལ། །ཉེས་བྱས་ཉིད་དུ་གསུངས་པབསྡུས། །རྐུ་དང་མི་གསོད་མ་གཏོགས་པ། །མི་ལས་གྱུར་པ་ཀུན་ལ་སྦྱར། །དེ་ཡང་དུད་འགྲོ་ལས་བརྐུས་ན་སྦོམ་པོར་འགྱུར་ཞིང༌། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་རོ། །དེ་གཉིས་མ་གཏོགས་པ་མི་ཡན་ལག་ཏུ་དགོས་པ་རྣམས་ལ་དུད་འགྲོ་ལས་ནི་ཆེས་ན་སྨད་དུ་འགྱུར་ཏེ།དུད་འགྲོ་བླུན་ཞིང་གཏི་མུག་པས་དགག་བྱ་ཤིན་ཏུ་མི་རྫོགས་པའི་ཕྱིར་རོ། །མི་ཡན་ལག་ཏུ་དགོས་པའི་ལྟུང་བ་ལ་མི་མ་ཚང་བར་དུད་འགྲོ་ཡན་ལག་ཏུ་བྱས་པ་ལ་ཡན་ལག་དུ་མ་མ་ཚང་བར་ཐལ། སྨྲ་ཤེས་པ་དོན་གོ་བ་མ་ཚང་བའི་ཕྱིར་དང༌། ལྟ་བ་མཐུན་པ་ཡན་ལག་ཏུ་དགོསཔ་དག་ལ་ལྟ་བ་མཐུན་པའང་མ་ཚང་བའི་ཕྱིར་ཟེར་ན་ལན་གདབ་ཤེས་དགོས་སོ། །

གཉིས་པ་ཡན་ལག་སོ་སོའི་དབྱེ་བ་བསྟན་པ་ལ།

གཞིའི་ཡན་ལག་བསྟན་པ་དང༌། བསམ་པའི་ཡན་ལག་བསྟན་པ་དང༌། གཞི་དང་མཐར་ཐུག་གི་ཡན་ལག་དང༌། སྦྱོར་བའི་ཡནལག་བསྟན་པ་དང་བཞི། དང་པོ་ལ་གཉིས་ཏེ། གཞི་སེམས་ཅན་ལས་གྱུར་པ་དང༌། སེམསཅན་མ་ཡིན་པ་ལས་གྱུར་པ་དང་གཉིས། དང་པོ་ལ་གཞི་མཚན་མི་མཐུན་པ་ལས་གྱུར་པ་དང༌། གཞི་ཐ་སྙད་ལས་གྱུར་པ་དང༌། གཞི་ཁྱིམ་པ་ལས་གྱུར་པ་དང༌། གཞི་རབ་ཏུ་བྱུང་བ་ལས་གྱུརཔ་དང་བཞི་ལས། དང་པོ་ལ་གསུམ་ལས། དང་པོ་སྐབས་ཀྱི་ཡན་ལག་ནི། རྩ་བར། ༤༤རྫུའཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་གོ། །ཞེས་བྱུང༌། དེ་ཡངརེག་པའི་གཙོ་བོ་གསུམ་སྟེ་མི་ཚངས་སྤྱོད་དང་རེག་པའི་ཕམ་པ་དང་རེག་པའི་ལྷག་མའོ། །ཡུལ་རྫུ་འཕྲུལ་ཅན་ལས་ཀྱང་རེག་པའི་ལྟུང་བ་གསུམ་པོ་དེ་དག་ནི་རྫོགས་པར་འགྱུར་རོ། །ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པ་སྟེ་འཁྲིག་ཚིག་སྨྲབ་དང་བསྙེན་བཀུར་བསྔགས་པ་ལྟ་བུའི་ལྟུང་བ་དངོས་གཞི་རྫོགས་པའི་ཡན་ལག་ཡིན་ལ། ཡུལ་རྫུ་འཕྲུལ་ཅན་ལས་ནི་རང་རང་གི་ལྟུང་བ་ན་སྨད་པ་ཡིན་ནོ། །མདོ་འདི་ནི་བུད་མེདལས་གྱུར་པ་ཉི་ཤུ་རྩ་གཉིས་ལ་སྤྱིར་བསྟན་པ་སྟེ། ༡འཁྲིག་ཚིག་༢བསྙེན་བཀུར་༣སྨྱན་བྱེདདང༌། །༤འཁྲུར་འཇུག་༥ལེན་༦རྨེལ་༧ཆོས་སྟོན་དང༌། །༨མ་བསྐོས་སྟོན་པའི་བཅུ་ཚན་ལས། །སྐུར་འདེབས་མ་གཏོགས་དགུ་དག་དང༌། །༡༧ཉལ་ཤོམ་འདུག་༡༨འགྲེང་༡༩ལྷན་ཅིག་ཉལ། །༢༠སྐྱེས་པ་མེད་པར་ལམ་འགྲོ་དང༌། །སོ་སོར་བཤགས་བྱ་རྣམ་བཞི་ཡི། །༢༡དང་པོ་༢༢གཉིསཏེ་ཉི་ཤུ་གཉིས། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །རིན་ཕྲེང་རེག་པ་དང་ཟས་ཅུང་བསྣནནས་ཉེར་བཞི་གསུངས་སོ། །མཚོ་ཊཱིཀ་ལས་རེག་ལྷག་ལ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པཡན་ལག་ཏུ་མི་དགོས་པས་དོར་ལ། ཟས་ཅུང་ཡུལ་བུད་མེད་མི་དགོས་པས་དོར་བར་སྣང་སྟེ། མཚོ་ཊཱིཀ་ལས། ཡུལ་དགེ་སློང་མ་ལས་གྱུར་བ་ནི། ཞེས་སོགས་དང༌། མཚོ་ཊཱིཀ་༥༧༩ལས། དེ་ལ་གསུམ་ལས། གང་ལ་སྐུར་བ་བཏབ་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཞེས་སོགས་གསུངས་པའི་ཕྱིར་རོ། །འཁྲིག་ཚིག་སྨྲ་བའི་ལྷག་མ་ལ་ནི་ལུང་འདུལ་བྱེད་ལས། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ། །རྫུ་འཕྲུལ་གྱི་ཆོས་ཅནལ་སྨྲས་ན་སྦོམ་པོའོ། །ཞེས་གསུངས་ལ་གཞན་རྣམས་ལ་ནི་མདོར་བསྡུས་སྦྱར་བའོ། །སྐབསའདིར་ཁ་ཅིག་ན་རེ་བུད་མེད་ཀྱིས་རྫུ་འཕྲུལ་གྱི་ཆོས་ཐོབ་ཀྱང་ད་ལྟ་རྫུ་འཕྲུལ་དངོས་སུ་མིབྱེད་ན་ནི་སེལ་བར་མི་འགྱུར་ཏེ། དངོས་སུ་མི་བྱེད་ན་རྫུ་འཕྲུལ་ཅན་གྱི་ཐ་སྙད་མི་འཐོབ་པའི་ཕྱིར་ཞེས་སྨྲའོ། །དེ་ལྟར་ན་ཊཱི་ཀ་ལས། གང་ལ་རྫུ་འཕྲུལ་གྱི་ཆོས་ཡོད་པ་དེ་ནི་རྫུ་འཕྲུལ་གྱིཆོས་ཅན་ནོ། །དེའི་དངོས་པོ་ནི་དེ་ཉིད་རྫུ་འཕྲུལ་ཐོབ་པའོ། །གང་ལ་རྫུ་འཕྲུལ་གྱི་ཆོས་མེད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པའོ། །དེའི་དངོས་པོ་ནི་རྫུ་འཕྲུལ་མ་ཐོབ་པའོ་ཞེས་ཐོབམ་ཐོབ་ལ་བཤད་ཀྱི་བྱེད་མི་བྱེད་ལ་མ་བཤད་པ་དང་འགལ་ལོ། །ཞེས་མཚོ་ཊཱིཀ་ལས་གསུངསམོད་ཅུང་ཟད་དཔྱད་རྒྱུ་སྣང་ངོ། །

གཉིས་པ་སྐབས་ཀྱི་ཞར་བྱུང་ནི།

རེག་པའི་ལྷག་མ་བསྐྱེད་པ་ལ་ཡུལ་བུད་མེད་ལྟ་བུ༤༥རེ༷ག་པ༷ར་བྱ༷་བ༷་དང་རེག་པར་བྱེད་པ་ཉིད་ནི་རྨ་དང༌། ཤུ་བ་དང༌། གཡན་པ་དང༌། ཁྱི་རྔོལ་སོགས་པས་ལུས་མ༷་ཉ༷མས་པ༷་ཡན་ལག་ཡིན་ནོ། །ཉམས་པའི་ཚད་ནི་རེག་པའི་བདེ་བཉམས་སུ་མྱོང་བ་ལ་གནོད་པ་དེ་ཡིན་པར་གཞུ་འགྲེལ་ལས་བཤད་དོ། །དེ་ཡང་ལུང་ཞུ་བལས། བུད་མེད་ཀྱི་དབང་པོ་ཉམས་པ་ལ་རེག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །དགེ་སློངགི་ལུས་ཀྱི་དབང་པོ་ཉམས་པས་བུད་མེད་ལ་རེག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ། །གཉིས་ཀའི་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་གཅིག་ལ་གཅིག་རེག་ན་ཅིར་འགྱུར་ཉེས་བྱས་སོ། །ཞེས་གསུངས་སོ། །སྐབས་འདིར་རང་གི་རྣམ་བཤད་དང་ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་དངགསུམ་ཆར་ལས། འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར། ཞེས་དང༌། ལུང་ཞུ་བ་ཉུང་ཤོསལས། བུད་མེད་ཀྱི་རོ་དང་ལྷན་ཅིག་རེག་པར་བགྱིད་ན་ཅིར་འགྱུར། དགེ་འདུན་ལྷག་མརའགྱུར་རོ་ཞེས་བཤད་ཅིང༌། ཞུ་བའི་འགྲེལ་བ་ལས་ཀྱང་དགེ་འདུན་ལྷག་མར་བཤད་མོད་ཀྱི། ལུང་ཞུ་བ་མང་ཤོས་ལས། བུད་མེད་ཀྱི་རོ་དང་ལྷན་ཅིག་རེག་ན་ཅིར་འགྱུར། སྦོམ་པོར་འགྱུརརོ། །ཞེས་གསུངས་པ་དེ་གཙོ་བོར་བྱ། ཞེས་མཚོ་ཊཱིཀ་ལས་གསུངས་མོད་དཔྱད་པར་བྱའོ། །

འོ་ན་ལུས་མ་ཉམས་པ་དེ་རེག་པ་ཁོ་ནའི་ཡན་ལག་ཡིན་ནམ་ཞེ་ན། ༤༦ ག༷་ག༷་ཚི༷ལ་བྱེ༷ད་པ༷ལ༷་ཡ༷ང་རེག་པར་བྱེད་པ་ཉིད་ནི་མ་ཉམས་པ་ཡན་ལག་ཡིན་ནོ། །ཡུལ་རྟེན་གཉིས་ཀའི་ལུས་མ་ཉམས་པ་ཡན་ལག་ཡིན་ནོ། །གསུམ་པ་དེ་དག་གི་སེལ་བ་བསྟན་པ་ནི། འོ་ན་རེག་པ་དངག་ག་ཚིལ་བྱེད་པ་གཉིས་ལ་ཐུན་མོང་བ་དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན། རེག་པར་བྱ་བའིཡུལ་དང་ག་ག་ཚིལ་བྱ་བའི་ཡུལ་༤༧སེ༷ན་མོ༷་ད༷ང་སོ༷་ད༷ང་ཤ༷་མེ༷ད་པ༷འི་རུ༷ས་པ༷་ད༷ང་སྤུ༷་ད༷ག་ནི༷་མ་ཉམས་པའོ་ཞེས་སྔར་སྨྲས་པ་དེ་ལས་གཞ༷ན་ལུས་ཉམས་པ་ད༷ང་ལྡ༷ན་པ༷་སྟེ་ལུས་ཉམས་པ་དང་འདྲ་བ་ཉི༷ད་ཡིན་ནོ། །དེ་ཡང་ལུང་ཞུ་བ་ལས། སེན་མོ་ལ་རེག་ན་ཅིར་འགྱུར། སྦོམ་པོརའགྱུར་རོ། །སེན་མོས་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སོ་དང་སྤུ་ལ་ཡངགསུངས་པ་དང༌། དེ་བཞིན་དུ་སེན་མོ་ལ་སོགས་པ་དེ་དག་ལ་ག་ག་ཚིལ་བྱེད་པ་དང༌། དེ་དགགིས་ག་ག་ཚིལ་བྱེད་ན་ཉེས་བྱས་སོ། །ཞེས་གསུངས་སོ། །བུད་མེད་ཀྱི་ཤ་མེད་པའི་རུས་པ་ལ་དགེ་སློང་གིས་རེག་ན་ལུང་ཞུ་བ་ཉུང་ཤོས་ལས་སྦོམ་པོར་གསུངས་ཀྱང་སྦོམ་པོ་བཏགས་པ་བར་དགོངས་པ་བཀྲལ་ལ། ལུང་ཞུ་བ་མང་ཤོས་ལས། བུད་མེད་ཀྱི་ཀེང་རུས་ཤ་མེད་པལ་རེག་ན་ཅིར་འགྱུར་ཉེས་བྱས་སོ། །ཞེས་གསུངས་པ་དེའི་རྗེས་སུ་འབྲང་ཞེས་མཚོ་ཊཱིཀ་ལསསོ། །

གཉིས་པ་གཞི་ཐ་སྙད་ལས་གྱུར་པ་ནི།

རྩ་བར། ༤༨མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་ཡན་ལག་གིཁྱབ་པ་སྦྱར་བ་ལ། གཞིའི་ཡན་ལག་གི་ཐ་སྙད་ཀྱི་ཁྱབ་པ་སྦྱར་བ་དང༌། བཅོལ་བའི་ཡུལ་གྱིཐ་སྙད་ཀྱི་ཁྱབ་པ་སྦྱར་བ་དང་གཉིས། དང་པོ་ནི། རྐུ་དང་སྲོག་གཅོད་མ་གཏོགས་པ། །མི་ཡིནངེས་གཟུང་ཀུན་ལ་སྦྱར། །ཁང་པ་ཁང་ཆེན་བསྒོ་གྱུར་ལྔ། །བརྟད་དང་འབྱུང་དང་རིམ་པགཉིས། །དུས་མིན་སྐྱ་རེངས་ཁྲི་རྐང་བརྡལ། །བཅུ་བཞི་མ་གཏོགས་གཞན་རྣམས་ལ། །གསུངསསོ་དེ་དག་ལ་ཡང་སྦྱར། །ཞེས་སྡོམ་དུ་བྱས་སོ། །གཉིས་པ་ནི། བཅོལ་ཡང་རྫོགས་པ་སུམ་ཅུགཉིས། །རྐུ་དང་སྲོག་གཅོད་བཞི་བཀོལ་བའི། །ལྷག་མ་ཉི་ཤུ་བདུན་ལ་སྦྱར། །སྨྱན་དང་ཁང་པ་ཁང་ཆེན་དང༌། །ཆ་གཉིས་དྲུག་དང་བྱིན་འཕྲོག་དང༌། །ཐ་ག་གཉིས་སྐྲོད་རིན་ཆེན་རེག །དངངས་སྦེད་བཅུ་གཉིས་མ་གཏོགས་ལ། །གསུངས་སོ་དེ་དག་ལ་ཡང་སྦྱར། །ཞེས་སྡོམ་དུ་བྱས་སོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ཐ་སྙད་ལྔ་ལྡན་དང་བཞི་ལྡན་ལ་སོགས་པའོ། །

དེ་ཡང་ཐ་སྙད་ལྔ་ལྡན་ནི། མི་ཡིན་པ་དང་སྨྲ་ཤེས་པ་དང༌། དོན་གོ་བ་དང་ཤེས་པ་རང་བཞིནདུ་གནས་པ་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ལྔ་པོ་དེ་རྣམས་གང་གི་རྒྱུད་ལ་ལྡན་པའོ། །དེ་ལྟར་ཡང་༤༨མིའི་འགྲོ་བ་པོ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །༥༩སྨྲ་བ་པོ་ཉིདལ་ཡོད་པ་སྟེ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །༤༩རང་བཞིན་ཉམས་པ་ནི་མ་ཡིན་ནོ། །༥༠མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ། །ཞེས་ཡུལ་ཕ་རོལ་པོ་མི༷འི་འགྲོ༷བ༷་པོ༷་ནི༷་རྫུན་སྨྲ་བ་དང་འཁྲིག་ཚིག་སྨྲ་བ་ལ་སོགས་པ་ཐ༷་སྙ༷ད་དུ༷་བྱ༷་བ༷་རྣམས་ཀྱི་གཞིའི་ཡན་ལག་ཉིད་ཡི༷ན་ནོ༷། །མིའི་འགྲོ་བ་པ་ཡིན་ཡང་ཤེས་པ་ར༷ང་བཞི༷ན་གནས་པ་ལས་ཉ༷མས་པ༷་སྨྱོ་བ་སེམས་འཁྲུགས་ཚོར་བས་གཟིར་བ་ནི༷་མ༷་ཡི༷ན་ནོ༷་ཞེས་ཏེ་ཐ་སྙད་དུ་བྱ་བ་རྣམས་ཀྱི་དངོས་གཞིའི་ཡན་ལག་མ་ཡིན་པ་དང༌། མ༷་ནི༷ང་ད༷ང་མཚ༷ན་གཉི༷ས་པ༷་ད༷ག་ནི༷་རང་བཞིན་ཉམས་པདེ༷་ད༷ང་ལྡ༷ན་པ༷་སྟེ་སྨྱོ་བ་ལ་སོགས་པ་དང་འདྲ་བ་ཉི༷ད་ཡིན་པར་གསུངས་སོ། །དེ་ལྟར་ཐ་སྙདལྔ་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། ཁྱིམ་པ་སྤྱིས་བསྐྱེད་ཉི་ཤུ་རྩ་བདུན་དང༌། །བསྙེན་པརམ་རྫོགས་པ་སྤྱིས་བསྐྱེད་བཞི་དང༌། །ཐ་སྙད་སྤྱིས་བསྐྱེད་བཅུ་གཉིས་པོ་དང་ཞེ་གསུམ་མོ། །

ཁྱིམ་པས་བསྐྱེད་པ་ཉེར་བདུན་ནི།

འོག་ཏུ་འཆད་འགྱུར་ཁྱིམ་པའི་བསྐྱེད་པ་སོ་ལྔའི་ནང་ནསདམག་གསུམ་དང༌། རྐུན་མ་དང་ལྷན་ཅིག་འགྲོ་བ་ནི་ཁྱིམ་པ་ཕོ་ལས་གྱུར་བ་ཡིན་ལ། ཆོསསྟོན་ལམ་འགྲོ་གཉིས་ནི་ཁྱིམ་པ་མོ་ལས་གྱུར་བ་ཡིན་ལ་ཉལ་པོ་བྱེད་པའི་ཁྱིམ་དུ་འདུག་འགྲེངགཉིས་ནི་ཕོ་མོ་ཚོགས་པ་ལས་གྱུར་པ་ཡིན་པས་བརྒྱད་དོར་བའི་ལྷག་མ་ཉེར་བདུན་ནི་ཁྱིམ་པ་སྤྱིས་བསྐྱེད་པ་ཡིན་ནོ། །བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་བཞི་ནི། འདོན་དང་གནས་ངན་ལེན་དང་ཆོས། །ནུབ་ལྷག་མ་ལོན་པ་དང་ལྔ། །མཚོ་ཊཱིཀ་མ་ལོན་བསལ་བས་བཞི། །

ཞེས་པ་ལྟར་རོ། །ཐ་སྙད་སྤྱིས་བསྐྱེད་བཅུ་གཉིས་ནི། །ཕམ་རྫུན་གཞི་མེད་བག་ཙམ་དང༌། །ཁྱིམ་སུན་འབྱིན་དང་ཤེས་བཞིན་དང༌། །ཟས་ཕྱིར་ཆོས་སྟོན་སྡིག་ལྟ་འཛིན། །ལྷག་མས་སྐུར་འདེབས་གོ་བྱ་དང༌། །ཁང་པའི་བཙལ་ཡུལ་ཁང་ཆེན་བདག །བཤེས་ངོའི་བསྔོ་ཡུལ་རིམ་གཉིསབདག །ཅེས་སྡོམ་དུ་བྱས་སོ། །རིན་ཕྲེང་ལས་རིམ་གཉིས་བསལ་ནས་སྨྱན་བྱེད་བསྣན་ནས་བཤད་དོ། །འདུལ་འཛིན་ཁང་ཆེན་སངས་རྒྱས་ཀྱི་དོན་དུ་བྱས་པ་ཡོད་པས་དེ་བསལ་ནས་བཅུ་གཅིག་རིན་ཕྲེང་ལྟར་བཤད་དོ། །དེ་དག་གི་རང་བཞིན་ནི་ཐ་སྙད་ལྔ་དང་ལྡན་ན། ཁྱིམཔ་ཡིན་ཡང་རུང༌། རབ་བྱུང་ཡིན་ཡང་རུང༌། སྐྱེས་པ་དང་བུད་མེད་དང་ཉེ་དུ་དང་ཉེ་དུ་མ་ཡིནཔ་གང་ཡིན་ཡང་རུང་སྟེ། ལྟུང་བ་དངོས་གཞི་བསྐྱེད་པའི་ཡུལ་དུ་འདྲ་བའོ། །ཐ་སྙད་བཞིལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། དམག་ལྟུང་གསུམ་ལྟ་བུ་གཞིའི་ཡན་ལག་ཏུ་སྐྱེས་པངེས་གཟུང་དུ་དགོས་པའམ། ཁྱིམ་པ་མོ་ལ་ཆོས་སྟོན་པ་ལྟ་བུ་བུད་མེད་ངེས་གཟུང་དུ་དགོསཔ་རྣམས་སོ། །དེ་རྣམས་ལ་ཡང་དོན་ལ་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་མོད་ཀྱི། བཞི་ལྡནཞེས་བརྗོད་པ་ནི་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཕྲི་བ་སྟེ། ཐ་སྙད་བཞི་ལྡན་གཞིའི་ཡནལག་ཏུ་སྦྱོར་བའི་ལྟུང་བ་རྣམས་ལ། སྐྱེས་པའི་མཚན་དོན་ཡོད་པའམ་བུད་མེད་ཀྱི་མཚན་དོནཡོད་པ་ཡན་ལག་ཏུ་བགྲང་པ་ན། མ་ནིང་དང་མཚན་གཉིས་པ་མ་ཡིན་པར་གྲུབ་ཟིན་པའིཕྱིར་རོ། །ཐ་སྙད་གསུམ་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། གཞི་དགེ་སློང་ལས་གྱུར་པབཞི་བཅུ་རྩ་དྲུག་དང༌། དགེ་སློང་མ་ལས་གྱུར་པ་བཅུ་བཞི་དང༌། བསྙེན་རྫོགས་སྤྱིས་བསྐྱེདགསུམ་དང༌། དགེ་ཚུལ་ལས་གྱུར་པ་བསྙིལ་བ་སྡུད་པ་དང༌། སྡེ་ལྔ་སྤྱིས་བསྐྱེད་པ་གཉིས་ཏེ། སྦེད་པ་དང་མ་སྨྲས་པར་གྲོང་དུ་འགྲོ་བའོ། །དེ་རྣམས་ལ་ཡང་དོན་ལ་ཐ་སྙད་ལྔ་ལྡན་ཡན་ལགཏུ་དགོས་མོད་ཀྱི། གསུམ་ལྡན་ཞེས་བརྗོད་པ་ནི། མི་ཡིན་པ་དང་མ་ནིང་དང་མཚན་གཉིས་པམ་ཡིན་པ་ཕྲི་བ་སྟེ། ཐ་སྙད་གསུམ་ལྡན་གཞིའི་ཡན་ལག་ཏུ་སྦྱོར་བའི་ལྟུང་བ་རྣམས་ལ། དགེ་སློང་གི་སྡོམ་པ་རྣམ་པར་དག་པའམ་དགེ་སློང་མ་ལ་སོགས་པའི་སྡོམ་པ་རྣམ་དག་ཡན་ལག་ཏུ་བགྲངས་པ་ན། མི་ཡིན་པ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པར་གྲུབ་ཟིན་པའི་ཕྱིརརོ། །དེ་ཡང་མི་ཡིན་པ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྨོས་མི་དགོས་པ་ཡིན་གྱི། དོན་ལ་མི་དགོས་པ་ནི་མ་ཡིན་ཏེ། མི་མ་ཡིན་དང་མ་ནིང་དང་མཚན་གཉིས་པ་ཡུལ་དུ་བྱས་པལས་ནི། དགེ་སློང་ལས་གྱུར་པ་ལ་སོགས་པ་དེ་དག་གི་ལྟུང་བ་དངོས་གཞི་བསྐྱེད་མི་སྲིད་པའིཕྱིར་རོ། །ཐ་སྙད་ཕྱེད་དང་གཉིས་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི་རེག་པའི་ལྷག་མ་ཡིནཏེ། གང་ལ་རེག་པའི་ཡུལ་དེ་མི་ཡིན་པ་ཡན་ལག་ཏུ་དགོས་ལ། ཤེས་པ་རང་བཞིན་དུ་གནསཔའི་ཕྱེད་ཀྱང་སྟེ། དེ་ཡང་སྨྱོ་བ་ལ་སོགས་པ་མ་ཡིན་པ་ནི་ཡན་ལག་ཏུ་དགོས་ལ། གཉིད་ལོགཔ་ལ་སོགས་པ་མ་ཡིན་པ་ནི་ཡན་ལག་ཏུ་མི་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་ཞུ་བ་ལས། སྨྱོ་བ་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་ན་ཅིར་འགྱུར་སྦོམ་པོར་འགྱུར་ཞེས་པ་ལ་སོགས་པ་གསུངས་པས་ཤེས་པ་རང་བཞིན་མི་གནས་པ་གཙོ་བོ་བཞི་ལ་རེག་ཀྱང་རེག་པའི་ལྷག་མ་མི་སྐྱེད་ལ། ཤེས་པ་རང་བཞིན་དུ་མི་གནས་པ་གཙོ་བོ་མ་ཡིན་པ་བཞི་ལ་རེག་ན་ནིརེག་པའི་ལྷག་མ་བསྐྱེད་དེ། ལུང་ཞུ་བ་ལས། བུད་མེད་གཉིད་ལོག་པ་དང་ལྷན་ཅིག་ཏུ་ལུསཀྱིས་རེག་པར་བགྱིད་ན་ཅིར་འགྱུར་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་སྙོམས་པར་ཞུགས་པ་མོ་ལ་རེག་ན་ཅིར་འགྱུར་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རེག་པའི་ལྷག་མ་ལ་མ་ནིང་དང་མཚན་གཉིས་མ་ཡིན་པ་ཡན་ལག་ཏུ་མི་དགོས་པརཐལ། གོང་གི་གསུངས་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། རེག་པ་ནི་ཐ་སྙད་དངའདྲའོ། །ཞེས་དང༌། དེའི་ཐད་ཀྱི་མཚོ་ཊཱིཀ་ལས། མ་ནིང་དང༌། མཚན་གཉིས་པ་ཅན་ཡུལདུ་བྱས་ན་རེག་པ་ལ་ན་སྨད་དུ་འགྱུར་བའི་སྒོ་ནས་སྨྱོ་བ་ལ་སོགས་པ་དང་འདྲ་བ་ཉིད་དོ། །ཞེས་གསུངས་སོ་ཞེ་ན་འདོད་དགོས་པར་སྣང་ངོ། །གསུམ་པ་སེལ་བ་ནི་མིའི་སེལ་བ་མི་མཡིན་པ་དང་སྨྲ་ཤེས་ཀྱི་སེལ་བ་ལྐུག་པ་དང་དོན་མི་གོ་བ་དང་སྨྱོ་བ་ལ་སོགས་པ་དང་མ་ནིངདང་མཚན་གཉིས་པ་སེལ་བར་གཏོགས་པའོ། །བཞི་པ་ཅིར་འགྱུར་ནི་ཐ་སྙད་ཀྱི་ཡན་ལག་ལྔཔོ་རེ་རེ་མ་ཚང་བ་ལ་སྤྱིར་བཏང་ལ་རང་རང་གི་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་གཞནལ་ན་སྨད་པ་ཉིད་དོ་ཞེས་གསུངས་པས་སོ། །དམིགས་བསལ་ནི་མི་ཡིན་པའི་སེལ་བ་དུད་འགྲོལས་ནི་ཆེས་ན་སྨད་དུ་འགྱུར་ལ། གནས་ངན་ལེན་འཆབ་པའི་ཡུལ་མི་དང་སྨྲ་ཤེས་སོགསཐ་སྙད་དང་མི་ལྡན་ན་ནི་འཆབ་པའི་ལྟུང་བ་མེད་དོ། །ལྔ་པ་དེ་རྣམས་ཀྱི་རྒྱུ་མཚན་ནི། ཐ་སྙདདང་མི་ལྡན་པ་ལ་རང་རང་གི་དགག་བྱ་ངོ་བོའི་སྒོ་ནས་མི་རྫོགས་པ་དང༌། དེ་ཡང་མི་མ་ཡིན་ནི་རང་བཞིན་གྱིས་བསྐལ་བ་ཡིན་པས་ཐ་སྙད་མཐུན་སྣང་དུ་མེད་པ་དང༌། སྨྲ་མི་ཤེས་ནི་བུམནང་གི་མར་མེ་དང་འདྲ་བར་གང་དུ་ཡང་གསལ་བར་མི་ནུས་པ་དང༌། གླེན་པ་ལ་སོགས་པདོན་མི་གོ་ན་ནི་རྣམ་པར་རིག་བྱེད་ཀྱི་འབྲས་བུས་དོན་རྟོགས་པ་མེད་པ་དང༌། སྨྱོ་བ་ལ་སོགསཔ་ཤེས་པ་རང་བཞིན་དུ་མི་གནས་པ་ནི་ཤེས་པ་གཏད་ཐུབ་ཏུ་གནས་པའི་རང་བཞིན་ལསཉམས་པ་དང༌། མ་ནིང་དང་མཚན་གཉིས་པ་ནི་ཊཱི་ཀ་ལས་ལུས་ནི་རོ་ལྟ་བུར་ཡིད་ལ་སྣང་ངོ༌། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་བར་མི་གསལ་བས་ནད་པ་ལྟ་བུ་ཡིན་ནོ་ཞེསགསུངས་ཏེ། རང་བཞིན་ཉམས་པ་དངོས་མ་ཡིན་ཡང་ཉམས་པའི་བྱ་བ་དང་ལྡན་པའི་ཕྱིརརོ། །ཊཱི་ཀ་ལས། ཟ་མ་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་མི་ཁྱད་པར་ཅན་གྱི་ཐ་སྙད་དུ་བྱ་བ་སྲིད་པའིཕྱིར་རོ། །མཚན་མེད་པ་ནི་འདིར་མ་ནིང་སྨོས་པ་ལས་ཐ་མི་དད་པས་ལོགས་ཤིག་ཏུ་མ་སྨྲས་སོ། །ཉམས་པ་མ་ནིང་ནི་ཇི་སྲིད་དུ་འགྱུར་བ་བསྟེན་པར་མི་བྱེད་པ་སྟེ་དེ་སྲིད་དུ་དེ་ཐ་སྙད་བྱརམི་རུང་བ་ཉིད་མ་ཡིན་ནོ། །འགྱུར་བ་བསྟེན་པའི་དུས་ན་ནི་དེ་ཡང་ཐ་སྙད་དུ་བྱར་མི་རུང་བཉིད་ཡིན་ནོ། །ཞེས་གསུངས་སོ། །

གསུམ་པ་གཞི་ཁྱིམ་པ་ལས་གྱུར་པ་ནི།

རྩ་བར།༥༢ཕྱི་རོལ་པའི་རབ་ཏུ་བྱུང་བ་དངམ་ཆགས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་ཀྱི་ཁྱིམ་པའོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། ཁྱིམ་པ་ལས་གྱུར་པ་སུམ་ཅུ་རྩ་ལྔ་ལ་སྦྱརཏེ། དེ་ཡང་ལུང་ཞུ་བ་ལས། ཁྱིམ་སུན་འབྱིན་དང་གོས་སློང་དང༌། །སློང་རིགས་རིན་ཐང་སོསོར་བསྐུར། །ལྷུང་བཟེད་སློང་དང་རས་ཆེན་འཚོལ། །༩སྦྱོར་བཅུག་༣༡ཡང་ཡང་༣༢འདུག་གནས་དང༌། །ཕྱེ་༼དོ་གསུམ་ལས་ལྷག་ལེན་པ༽དང་༤༠བསོད་པ་༧༤མགྲོན་གཉེར་དང༌། །ཟས༼གྲོང་རྒྱུ༨༡༽བཅས་བཅོ་ལྔའི་ཡུལ་ལ་གསུངས། །ཞེས་སྡོམ་དུ་བྱས་སྟེ། དེ་རྣམས་ལ་ཁྱིམ་པཡན་ལག་ཏུ་དགོས་པར་ལུང་ཞུ་བ་ལས་གསུངས་སོ། །མངོན་མཚན་ཉོ་ཚོང་ཐ་ག་གཉིས། །

བརྟད་བྱུང་དང་ནི་སྟོན་པ་དང༌། །ཉལ་ཤོམ་གཉིས་དང་དམག་གསུམ་བདེ༼ཟན་གཅོད་པ༽། སྐྱེས་མེད་འགྲོ་རྐུ༼ན་མ་དང་ལྷན་འགྲོ༽དུས་མིན་དང༌། །༨༢༼ཕོ་བྲང་ལ་འགྲོ༽སྐྱ་རེངས་སོ་སོརབཤགས་པ་བཞི། །ཉི་ཤུ་ལ་ཡང་དེ་བཞིན་སྦྱར། །ཞེས་སྦྱར་ཏེ། ཉི་ཤུ་པོ་དེ་དག་ལ་ཁྱིམ་པ་ཡནལག་ཏུ་དགོས་པར་ལུང་ཞུ་བ་ལས་མ་གསུངས་ཀྱང༌། དེ་དག་ཕལ་ཆེར་ལུང་རྣམ་འབྱེད་ལས་ནི་ཡུལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་དངོས་སུ་གསུངས་སོ། །དེ་ཡང་དགེ་སློང་མ་ལས་ཁ་ཟས་ལེན་པ་ནི་གནས་ཀྱི་ཆ་ནས་འདིར་བགྲངས་པའོ། །འདུལ་འཛིན་གྱིས་བསྔོས་བསྒྱུརབསྣན་ནས་སོ་དྲུག་གསུངས་ཀྱང་མཚོ་ཊཱིཀ་ན་དེ་མ་བགྲངས་ཏེ། བམ་ལྔ་ལས། ཡོན་བདག་གཞན་ཉེ་དུ་དང་ཉེ་དུ་མིན་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་མི་མཐུན་པ་གང་ཡང་རུང་བ་ལ་ན་སྨད་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ལ་ཡངདམག་གི་ལྟུང་བ་གསུམ་དང་རྐུན་མ་དང་ལམ་དུ་འགྲོ་བ་ནི་ཁྱིམ་པ་ཕོ་ལས་གྱུར་པའོ། །ཆོས་སྟོན་པ་དང་ལམ་དུ་འགྲོ་བ་གཉིས་ནི་ཁྱིམ་པ་མོ་ལས་གྱུར་པའོ། །ཉལ་ཤོམ་འདུག་འགྲེངགཉིས་ནི་གཉིས་ཀ་ཚོགས་པ་ལས་གྱུར་པའོ། །དེ་དག་གི་ལྷག་མ་ཉི་ཤུ་རྩ་བདུན་ནི་ཁྱིམ་པ་ཕོམོ་གང་ཡིན་ལས་གྱུར་པས་ཁྱིམ་པ་སྤྱི་ལས་གྱུར་པའོ། །མདོ་འདི་རྣམ་འབྱེད་ལས་བསྡུས་པཡིན་པར་ཐལ། ཉི་ཤུ་ཕལ་ཆེར་རྣམ་འབྱེད་ལས་བསྡུས་པ་ཡིན་པའི་ཕྱིར། རྟགས་གོང་དུ་བཤད་པས་གྲུབ། འདོད་མི་ནུས་ཏེ། སྤྱིར་བསྟན་གྱི་མདོ་རེ་ལྔའི་ནང་ནས་རྣམ་འབྱེད་ལས་བསྡུས་པ་གསུམ་ལས་མཚོ་ཊཱིཀ་སོགས་ལས་མ་བཞག་པའི་ཕྱིར་ཟེར་ན་ཞིབ་བཤད་དང་རགསབཤད་ཀྱི་ཁྱད་ཡིན་སྙམ་མོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ཁྱིམ་པ་ཡིན་པ་སྟེ། ཁྱིམཔ་གཞིའི་ཡན་ལག་ཏུ་དགོས་པའོ། །ཁྱིམ་པ་ཞེས་པ་ནི། ཡང་དག་པར་བླང་བ་སྔོན་དུ་བཏང་བའི་སྒོ་ནས་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་ཆ་ལུགས་དང་སྡོམ་པ་གང་ཡང་མི་ལྡན་པའི་གངཟག་སྟེ། འདི་ཉིད་དང་ཞུ་བ་ལས་རབ་ཏུ་བྱུང་བ་རྣམ་གཉིས་སེལ་བར་གསུངས་པས་སོ། །ཁྱིམ་པ་རང་གིས་རྟགས་བླངས་པ་ནི་རབ་བྱུང་གི་ཆ་ལུགས་གནས་ཀྱང་ཁྱིམ་པ་ཉིད་ཡིན་པར་གསལ་ཏེ། ཊཱི་ཀ་ལས། ཁྱིམ་པ་རང་གིས་རྟགས་བླངས་པ་ནི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་མེདཔས་དེ་ལ་ནི་ཉེས་བྱས་སུ་རྣམ་པར་བཞག་པ་མ་མཛད་དེ་བསོད་ནམས་མ་ཡིན་པ་མང་པོསྐྱེའོ། །ཞེས་གསུངས་པས་སོ། །གསུམ་པ་སེལ་བ་ནི་ཡུལ་དེ་ཁྱིམ་པ་མ་ཡིན་པ་སྟེ། ཡུལ་དེ་རབ་ཏུ་བྱུང་བ་རྟགས་ཅན་དྲུག་དང༌། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པ་ཡིནནའོ། །བཞི་པ་ཅིར་འགྱུར་ནི་ཁྱིམ་པ་ལས་གྱུར་པ་རྣམས་ཀྱི་སྐབས་སུ། སེལ་བ་དགེ་ཚུལ་ཕ་མ་གཉིས་དང་དགེ་སློབ་མ་དང་ཉམས་པ་དང་མ་སྐྱེས་པ་དང་ཕྱི་རོལ་པའི་རབ་ཏུ་བྱུང་བ་སྟེརྟགས་ཅན་དྲུག་པོ་ཡུལ་དུ་བྱས་ན་རང་རང་གི་ན་སྨད་དུ་འགྱུར་ཏེ། ཕྱི༷་རོ༷ལ་མུ་སྟེགས་པ༷འིར༷བ་ཏུ༷་བྱུ༷ང་བ༷་ད༷ང་ཆོས་འདི་པའི་སྡོམ་པ་བླངས་ཀྱང་སྡོམ་པ་མ༷་ཆ༷གས་ཏེ་སྡོམ་པ་མ་སྐྱེས་པ༷་ད༷ང་སྡོམ་པ་སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉ༷མས་པ༷་ད༷ག་ནི༷་ཕྱེ༷ད་ཉི༷ད་ཁྱི༷མ་པ༷་སྟེ་ཡུལ་དེ་དག་ལ་བརྟེན་ནས་ཁྱིམ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའི་ཕྱེད་བསྐྱེད་པ་སྟེ་རང་རང་གི་ན་སྨདདུ་འགྱུར་བ་དང༌། རྩ་བར། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །ཞེས་པས་སོ། །སེལ་བ་བསྙེན་རྫོགས་རྣམ་དག་ཡུལ་དུ་བྱས་ན་ནི་ཆེས་ན་སྨད་དུ་འགྱུར་རོ། །དམིགས་བསལནི། གོས་སློང་བ་དང་ལམ་དུ་འགྲོ་བ་ལ་ནི་དགེ་སློང་མ་ལ་གོས་བླངས་པ་དང་ལམ་དུ་ཞུགསན་དངོས་གཞིར་འགྱུར་ལ། ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་མ་སྨྲས་པར་གྲོང་དུ་འགྲོ་བ་དངགྲོང་དུ་རྒྱུ་བ་དང་གསུམ་ལས། སེལ་བ་རབ་བྱུང་རྣམ་དག་ལ་ཆོས་སྟོན་པ་དང༌། དེའི་གནས་ཁང་དུ་འཇུག་པ་ལ་ལྟུང་བ་མེད་དེ་དགག་བྱ་མེད་པའི་ཕྱིར་རོ། །

ལྔ་པ་རྒྱུ་མཚན་ལ་གཉིས་ལས། དང་པོ་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི།

དེ་དག་གི་དགག་བྱ་མི་རྫོགས་པའི་ཕྱིར་རོ། །དེ་ཡང་གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བརྣམས་ལ། རབ་ཏུ་བྱུང་བ་རྣམ་པ་གཉིས་ཀྱིས་ཡོ་བྱད་མང་པོ་གསོག་པ་རང་རང་གི་སྟོན་པསབཀག་པས་དེ་དག་ལ་གོས་སློང་བ་ལ་སོགས་པ་འབྱུང་རིང་བའམ་གྲུབ་མཐས་བློ་བསྒྱུར་བསམ་དད་པ་སྐྱེ་བའི་དགག་བྱ་མི་རྫོགས་པའི་ཕྱིར་དང༌། ཉལ་ཤོམ་གཉིས་དང་དམག་ལྟུང་གསུམདང་རྐུན་མ་དང་ལམ་འགྲོ་རྣམས་ལ། རབ་ཏུ་བྱུང་བས་བྱ་བ་དེ་དག་ལ་འཇུག་པ་འབྱུང་རིངབའི་ཕྱིར་རོ། །གཉིས་པ་ཆེས་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི། ཡུལ་དགེ་སློང་ཕ་མ་རྣམདག་ཡིན་ན་རྟགས་ཅན་ཉིད་པས་ཀྱང་དགག་བྱ་ཆེས་མི་རྫོགས་པའི་ཕྱིར་རོ། །

བཞི་པ་གཞི་རབ་ཏུ་བྱུང་བ་ལས་གྱུར་པ་བཤད་པ་ལ་དངོས་དང་མཚན་དང་ལྟ་བ་མཐུན་པ་ཡན་ལག་དགོས་པ་བཤད་པ་དང་གཉིས་ལས། དང་པོ་དངོས་བཤད་པ་ནི། རྩ་བར། ༥༣དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ། གཞི་དགེ་སློང་ཕ་ལས་གྱུར་པབཞི་བཅུ་རྩ་དྲུག་དང༌། དགེ་སློང་མ་ལས་གྱུར་པ་བཅུ་བཞི་དང༌། བསྙེན་རྫོགས་ཙམ་ལས་གྱུརཔ་གསུམ་དང༌། སྡེ་ལྔ་གང་ཡང་རུང་བ་ལས་གྱུར་པ་གཉིས་དང༌། དགེ་ཚུལ་ལས་གྱུར་པགཅིག་དང་ལྔ་ལས། དང་པོ་ལ་གསུམ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གཞིདགེ་སློང་ལས་གྱུར་པ་བཞི་བཅུ་རྩ་དྲུག་ལ་སྦྱར་ཏེ། བསྒོ་བཞི་འཕྲོག་དང་དངོས་བསྒྱུར་སྐྱོན། །ཕྲ་མ་སྐྱོ་སྔོགས་ལྟུང་བརྗོད་བཤེས། །ཁྱད་གསོད་འཕྱ་བསྒོ་ཁྲི་གདིང་སྐྲོད། །ཕྱིས་གནོན་འབྱུངཟས་སྟོབས་འདུས་དང༌། །བརྡེག་གཟས་འཆབ་དང་བདེ་འདུན་ཆོས། །སྤངས་བསྙིལ་འགྱོད་དང་སོར་མོ་དང༌། །དངངས་དང་གདེང་མེད་ཉི་ཤུ་བསླབ། །འཐབ་དང་མི་སྨྲ་མ་གུས་དང༌། །ཟས་བཅས་ད་གདོད་ཁྲི་རྐང་བརྡལ། །སོ་སོར་བཤགས་བྱ་ཐ་མ་གསུམ། །ཞེས་གཟུང་ངོ༌། །དེདག་ལ་ཡང་གཉིས་ཏེ། དགེ་སློང་གི་དགེ་འདུན་ལས་གྱུར་པ་དང༌། དགེ་སློང་གང་ཟག་ལས་ཀྱང་གྱུར་པའོ། །དང་པོ་ནི་བསྒོ་བ་ལས་གྱུར་པ་ལྔ་དང༌། ལོ་ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེདཔའི་ལྟུང་བྱེད་ལྟ་བུའོ། །རིན་ཕྲེང་ན་ཟས་ཅུང་བསྣན་ནས་སྦེད་པ་མ་བགྲངས་སོ། །ཁ་ཅིག་སྦེད་པ་བགྲང་བ་མི་རིགས་ཏེ། རབ་བྱུང་སྤྱིས་བསྐྱེད་པ་ཡིན་ཞེས་གསུངས་པས་བརྟག་པར་བྱའོ། །དགེ་ཚུལ་བསྙིལ་བ་སྡུད་པ་དགེ་སློང་ལས་གྱུར་བ་མི་རིགས་ཏེ། དགེ་ཚུལ་གྱིས་བསྐྱེདཔ་ཡིན་པའི་ཕྱིར་ཟེར་ན་འདོད་དགོས་པ་འདྲ་ཡང་ཐོག་མར་དགེ་འདུན་གྱིས་བསྙིལ་བའི་ལས་མཛད་དགོས་པ་ལ་དགོངས་པ་ཡིན་ནམ་དཔྱད་འཚལ། འདུལ་འཛིན་གྱིས་བསྙིལ་བ་སྡུད་པ་དགེ་འདུན་གྱིས་བསྐྱེད་པའི་ལྟུང་བ་བཅོ་ལྔའི་ནང་དུ་བགྲང་ཡོད་དོ། །གཉིས་པ་ནིསྐྱོན་ནས་སྨྲ་བ་དང་བརྡེག་གཟས་བྱེད་པའི་ལྟུང་བྱེད་ལྟ་བུའོ། །གཉིས་པ་ཡན་ལག་གི་ངོ་བོ་ནིམདོ་འདིས་དགེ་སློང་ཕའི་སྡོམ་པ་སྐྱེས་ལ་ཕམ་པས་མ་ཉམས་པ་སྟེ། རྟེན་དགེ་སློང་རྣམ་དགགིས་ཕྲ་མ་བྱེད་པའི་ལྟུང་བྱེད་ལྟ་བུའི་དངོས་གཞི་བསྐྱེད་པ་ལ་ཡུལ་དགེ་སློང་བསྙེན་པར་རྫོགསཔའི་སྡོམ་པ་བསྐྱེད་པ་ཅན་ཕམ་པའི་ལྟུང་བས་མ་ཉམས་པ་ཉིད་ནི་ཡུལ་གྱི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བསྟན་ཏོ། །འདི་ལ་དམིགས་བསལ་ལྔ་སྟེ། སྐུར་འདེབས་གསུམ་དངཕམ་པ་འཆབ་བརྗོད་གཉིས་སོ། ། དེ་ཡང་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་གསུངས་པ་དང༌། ཕམ་པ་མ་བྱུང་ན་ཕམ་པ་འཆབ་བརྗོད་མི་སྲིད་པའི་ཕྱིར་རོ། །ཡུལ་ཕམ་པའི་ལྟུང་བ་མ་ཉམསཔ་ཡན་ལག་ཏུ་དགོས་ན། ཊཱི་ཀ་ལས། ཇི་ལྟར་དགེ་སློང་གིས་དགེ་སློང་ལ་བརྡེག་པ་དང་གཟསཔ་དང་འགྱོད་པ་བསྐྱེད་པ་དང་སྐྲོད་པ་ལ་སོགས་པ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། བསླབ་པ་བྱིན་པའི་དགེ་སློང་གིས་བསླབ་པ་བྱིན་པའིདགེ་སློང་ལ་དེ་དག་བྱས་ན་ཡང་བསླབ་པ་བྱིན་པའི་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེསཡུལ་རྟེན་གཉིས་ཀ་བསླབ་པ་བྱིན་པའི་དབང་དུ་བྱས་པ་སྟེ། དེ་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་རྟེན་དགེ་སློང་རྣམ་དག་གིས་བསླབ་པ་བྱིན་པ་ཡུལ་དུ་བྱས་ན་ནི། སྔར་གྱི་དམིགསབསལ་ལྔ་མ་གཏོགས་པ་ཡུལ་དགེ་སློང་ལས་གྱུར་པའི་ལྟུང་བ་རྫོགས་པར་མི་བསྐྱེད་དེ། ཡུལཕམ་པས་མ་ཉམས་པ་མ་ཚང་བའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བསླབ་པ་སྩལ་བ་རྣམསལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྒྱུར་ཏེ་རྙེད་པ་མངོན་དུ་གྲུབ་ན་ཉེས་བྱས་སུ་འགྱུར་རོ། །ཞེས་དང༌། ཊཱི་ཀ་ལས། དེ་ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མིའགྱུར་བ་དང་ཞེས་གསུངས་ཏེ། བསླབ་པ་བྱིན་པ་དེ་ལ་ཕྲ་མ་བྱས་ན་ཡང་ཞེས་གསུངས་སོ། །

གསུམ་པ་སེལ་བ་ནི་ཡུལ་དགེ་སློང་གི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང༌། སྐྱེས་ཀྱང་ཕམ་པའིལྟུང་བས་ཉམས་པའོ། །དེ་དག་ཡུལ་དུ་བྱས་ན་ལྟུང་བ་ན་སྨད་པ་སྟེ། འོག་མ་དག་ལ་ནི་གཞནལ་ན་སྨད་པ་ཉིད་དོ། །ཞེས་སོ། །

གཉིས་པ་ཡུལ་དགེ་སློང་མ་ལས་གྱུར་པ་བཅུ་བཞི་བཤད་པ་ལ།

རྩ་བར། དགེ་སློངམ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ། །ཞེསབྱུང༌། འདི་ལ་གསུམ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གཞི་དགེ་སློང་མ་ལསགྱུར་པ་བཅུ་བཞི་ལ་སྦྱར་ཏེ། དེ་ཡང་འཁྲུར་འཇུག་ལེན་དང་རྨེལ་འཇུག་དང༌། །མ་བསྐོས་སྟོནཔའི་བཅུ་ཚན་ལས། །འདུག་པ་མ་གཏོགས་དགུ་དག་དང༌། །གྲོང་དང་ཁྱིམ་གཞན་བཅུ་བཞིའོ། །

ཞེས་སྡོམ་དུ་བྱས་སོ། །འདུལ་འཛིན་ཟས་ཅུང་བསལ་ནས་བཅུ་གསུམ་གསུངས་སོ། །གཉིསཔ་ཡན་ལག་གི་ངོ་བོ་ནི་ཡུལ་དེ་དགེ་སློང་མའི་སྡོམ་པ་སྐྱེས་པ་ཕམ་པས་མ་ཉམས་པ་སྟེ། གཞུངའདིས་རྟེན་དགེ་སློང་རྣམ་དག་གིས་ཆོས་གོས་འཁྲུར་འཇུག་ལ་སོགས་པའི་ཡུལ་དགེ༷་སློ༷ང་མ༷་བསྙེ༷ན་པ༷ར་རྫོ༷གས་པའི་སྡོམ་པ༷་སྐྱེས་པ་ཅ༷ན་ཕམ་པའི་ལྟུང་བས་མ༷་ཉ༷མས་པ༷་ཉི༷ད་ནི༷་ཡུལ་གྱི་བསླ༷བ་པ༷་ད༷ག་ལ༷་ཡ༷ན་ལ༷ག་ཡི༷ན་ཞེས་བསྟན་ཏོ། །གསུམ་པ་སེལ་བ་ནི་ཡུལ་དགེ་སློང་མའིསྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པའོ། །དེ་དག་ཡུལ་དུབྱས་ན་ལྟུང་བ་ན་སྨད་པའཽ། །འོན་ཀྱང་དགེ་སློང་ཕམ་པས་ཉམས་པ་ལ་སྐུར་པ་བཏབ་ན་ལྷགམར་འགྱུར་བ་ཡོད་དེ་དམིགས་བསལ་ཡིན་ནོ། །གསུམ་པ་བསྙེན་རྫོགས་ཙམ་ལས་གྱུར་པསྐུར་འདེབས་གསུམ་མོ། བཞི་བ་སྡེ་ལྔ་གང་ཡང་རུང་ངམ་རབ་བྱུང་སྤྱིས་བསྐྱེད་པ་སྦེད་དང་མ་སྨྲས་གྲོང་རྒྱུ་གཉིས་སོ། །ལྔ་བ་དགེ་ཚུལ་ལས་གྱུར་པ་གཅིག་བསྙིལ་བ་སྡུད་པའོ། །མུསྟེགས་ལས་བསྐྱེད་པ་འདུག་གནས་ཟ་བའི་ལྟུང་བྱེད་དང་གཅེར་བུ་བ་ལ་ཟས་སྦྱིན་པའི་ལྟུང་བྱེད་དང་གཉིས་དང༌། སེམས་ཅན་སྤྱིས་བསྐྱེད་འཁྲིག་འབྱིན་གཉིས་དང༌། དུད་འགྲོ་སྤྱིས་བསྐྱེད་འདེབས་སྤྱོད་དུད་འགྲོ་གསོད་པ་གསུམ་དང༌། མི་སྤྱིས་བསྐྱེད་པ་རྐུ་གསོད་གཉིསཡིན་པར་རྨ་སྡོམ་ལས་བཤད་དོ། །

གཉིས་པ་མཚན་དང་ལྟ་བ་མཐུན་པ་ཡན་ལག་དགོས་པ་བཤད་པ་ལ།

མཚན་མཐུན་དངལྟ་བ་མཐུན་པ་ནི། རྩ་བར། ༥༤མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །ཞེས་བྱུང༌། འདི་བཤད་པ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབཔ་སྦྱར་བ་ནི། ལུང་ཞུ་བ་ལས། དགེ་སློང་གིས་བསྐྱེད་པ་ཐམས་ཅད་ལ། མཚན་མཐུན་ཡནལག་ཏུ་དགོས་པར་གསུངས། ལྟ་བ་མཐུན་པའི་ཡན་ལག་ནི། །བསྒོ་བཞི་གནས་ངན་ཁྱད་དུགསོད། །ཕྱིས་གནོན་འབྱུང་དང་ཉི་ནུབ་ཟས། །དབེན་འགྲེང་སྤངས་བསྙིལ་མི་སྨྲ་འགྲོ། །ཟས་བཅས་ཁྲི་བརྡལ་བསླབ་དྲལ་ནགས། །བཅུ་དགུ་མ་གཏོགས་གཞན་ལ་གསུངས། །དེ་དག་ལ་ཡང་མདོར་བསྡུས་སྦྱར་བར་བྱ་སྟེ། སྤངས་པ་རྗེས་ཕྱོགས་དང་བསྙིལ་བ་སྡུད་པ་ནི་མ་གཏོགསསོ། །རིན་ཕྲེང་ཉན་རྣ་བསལ་ནས་སྡིག་ལྟ་སྤངས་བསྙིལ་གསུམ་ལ་ལྟ་བ་མི་མཐུན་པ་ཡན་ལགཡིན་ལ་གཞན་རྣམས་ལྟ་བ་མཐུན་པ་ཡན་ལག་ཡིན་པར་གསུངས་སོ། །

གཉིས་པ་ཡན་ལག་གི་ངོ་བོ་ནི།

ལྟུང་བ་བསྐྱེད་པའི་ཡུལ་དང་རྟེན་མཚན་མཐུན་པདང༌། ཡུལ་དང་རྟེན་ལྟ་བ་མཐུན་པའོ། །འོ་ན་ལྟ་བ་མཐུན་པ་དེའང་གང་ཞེ་ན། འོད་ལྡན་མཁནཔོའི་བཞེད་པ་ནི། ལྟུང་བ་བསྐྱེད་པའི་གཞི་ལ་ལྟུང་བ་བསྐྱེད་པའི་གཞིར་འདོད་པ་མཐུན་པ་ནིལྟ་བ་མཐུན་པ་ཡིན་ནོ། །ཞེས་འོད་ལྡན་ལས་ཕམ་པའི་གཞི་དེ་ལ་ཕམ་པའི་གཞི་ཡིན་ནོ་ཞེས་དེ་ལྟར་བསམ་པ་མཐུན་པ་གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་ཡིན་ནོ། །གང་དག་མེར་མེར་པོ་བླུགས་པར་བྱས་པ་ཕམ་པའི་གཞི་ལ་ཉེས་བྱས་ཀྱི་གཞིར་ལྟ་བ་ནི་ལྟ་བ་ཐ་དད་པ་ཡིན་ནོ་ཞེས་བཤད་དོ། །པཎྜི་ཏ་གཞན་གྱི་ལུགས་ལྟར་ན་ནི། བར་དུ་གཅོད་པའི་གཞི་ལ་བར་དུ་གཅོདཔའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ། །ཞེས་འདོད་དེ། འོད་ལྡན་ལས། གཞན་དག་ན་རེ། གཞི་དེ་ལ་ཞེས་བྱ་བ་བསླབ་པའི་བར་དུ་གཅོད་པའི་གཞི་ལ་ལྟ་བ་མཐུནཔ་ཡིན་ནོ། །གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་དེའི་ཕྱིར་འཆི་ལྟས་ལ་སོགས་པ་དག་ནི་ལྟ་བམཐུན་པ་མ་ཡིན་པར་རིག་པར་བྱ་སྟེ་ཞེས་འཆད་དོ་ཞེས་གཞན་གྱི་འདོད་པ་བཀོད་དེ་དགག་པ་མ་བྱས་སོ། །འོ་ན་ལུགས་དེ་གཉིས་གང་འཐད་ཅེ་ན། སྔ་མ་ནི་མི་རིགས་ཏེ། དེ་ལྟར་ན་ལྟ་བ་མཐུན་པ་མི་སྲིད་པར་ཐལ། ལྟུང་བ་བསྐྱེད་པའི་གཞིའི་ཡན་ལག་ནི་དཔག་ཏུ་མེད་ལ། གངཟག་གི་རྟོག་པ་ཐ་དད་ཀྱིས་གཞི་དཔག་མེད་དེ་རྣམས་ལ་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །ལྟ་བ་མཐུན་པ་མི་སྲིད་པར་འདོད་ན་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་ལྟ་བ་མཐུན་པ་གསུངས་པ་དང་འགལ་ལོ། །འོ་ན་གང་ཞེ་ན། ལྟབ་མཐུན་པའི་དོན་ནི་ཕྱི་མ་ལྟར་ཡིན་ཏེ། བམ་པོ་ལྔ་བཅུ་པ་ལས། མི་རྟག་པ་དང་སྟོང་པ་དངསྡུག་བསྔལ་བ་དང་བདག་མེད་པར་ལྟ་བའོ་ཞེས་བཤད་པ་དང་ཡང་ཕྱི་མ་མཐུན་ནོ། །ཞེས་མཚོཊཱིཀ་ལས་སོ། །ལུགས་ཕྱི་མ་ལའང་གཞན་ལ་བརྗོད་པའི་སྐྱོན་འཇུག་སྟེ། བསླབ་པའི་བར་དུགཅོད་པའི་གཞི་དཔག་ཏུ་མེད་པས་དེ་རྣམས་ལ་གང་ཟག་གི་རྟོག་པ་ཐ་དད་པ་རྣམས་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་ཟེར་ན་དཔྱད་དོ། །གསུམ་པ་སེལ་བ་ནི་མཚན་མི་མཐུན་པ་དངལྟ་བ་མི་མཐུན་པའོ། །དམིགས་བསལ་ནི་སྡིག་ལྟ་མི་གཏོང་བ་དང་སྤངས་པ་རྗེས་ཕྱོགས་དང་བསྙིལ་བ་སྡུད་པ་དང་ཉན་རྣ་དང་བཞི་ལ་ནི། ལྟ་བ་མི་མཐུན་པ་ལ་སེལ་བར་མི་འགྱུར་ཏེ། མཚོཊཱིཀ་ལས། བཞི་ལ་ནི་ལྟ་བ་མི་མཐུན་པ་སེལ་བར་མི་འགྱུར་ཏེ། ལྟ་བ་མི་མཐུན་པ་ཡན་ལགཡིན་པའི་ཕྱིར་དང༌། སྡིག་ལྟ་ཅན་ལ་སྤང་པ་དང༌། བསྙིལ་བའི་ལས་བྱེད་པའི་ཕྱིར་དང༌། ལྟ་བ་ལརྩོད་པར་འགྱུར་བའི་ཕྱིར། ཞེས་གོ་རིམ་བཞིན་ནོ། །ཞེས་གསུངས་སོ། །ལྷ་མོའི་ཚུལ་ཁྲིམས་ཀྱིསྡོམ་འགྲེལ་ལྟར་ན་དང་པོ་གསུམ་ལ་ལྟ་བ་མི་མཐུན་པ་ངེས་པར་ཡན་ལག་ཏུ་དགོས་པའིཕྱིར་དང༌། ཕྱི་མ་ལ་ཡང་ལྟ་བ་ལ་ཡང་རྩོད་པར་འགྱུར་བ་ཡོད་པའི་ཕྱིར་རོ། །

བཞི་པ་སེལ་བ་ལ་ཅིར་འགྱུར་ནི།

རང་རང་གི་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལནི་གཞན་ལ་ཞེས་སོགས་སོ། །ལྔ་པ་རྒྱུ་མཚན་ནི་མཚན་དང་ལྟ་བའི་ཕྱོགས་ནས་རང་ཕྱོགས་ལ་གནོད་པ་མཚང་ཆེ་བ་ལྟར་གཞན་ཕྱོགས་ལ་དེ་ལྟར་མ་ཡིན་པའི་ཕྱིར་ཏེ། ཊཱི་ཀ་ལས། རངགི་ཕྱོགས་ལ་ལོག་པར་སྒྲུབ་པ་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་པ་ནི་སྨད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །ཞེས་སོ། །དགེ་སློང་ཕ་མ་ཅི་རིགས་ཡུལ་དུདགོས་པའི་ལྟུང་བ་༥༥འདི༷ར་གཏོ༷གས་པ༷་ལ༷་ཁྱི༷མ་པ༷་ཡུལ་དུ་བྱས་པ་ལ༷་ནི༷་ཅིར་འགྱུར་ཞེ་ན། རྟ༷གས་ཅ༷ན་དྲུག་པོ་ཉི༷ད་ཀྱི༷་ཡུལ་ལས་ན་སྨད་པ་དེ་བ༷ས་ཀྱང་ན༷་སྨད་པ་སྟེ་ཆེས་ན་སྨ༷ད་དོ༷། །

གཉིས་པ་གཞི་སེམས་ཅན་མ་ཡིན་པ་ལས་གྱུར་པ་ནི།

རྩ་བར། ༥༦རབ་ཏུ་བྱུང་བའིརྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ། །ཞེས་བྱུང༌། འདི་བཤདཔ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གོས་ལས་གྱུར་པ་སུམ་ཅུ་རྩ་དྲུག་དང༌། ཟས་སྐོམ་ལས་གྱུར་པ་ཉི་ཤུ་རྩ་གསུམ་དང༌། སྣོད་སྤྱད་ལས་གྱུར་པ་གསུམ་མོ། །དང་པོ་ནིསྤང་ལྟུང་བཅུ་ཚན་དང་པོ་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །རྨེལ་བ་དང་ནི་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང༌། །དགོན་པ་བདང་རས་ཆེན་དང༌། །བསྔོ་བསྒྱུར་༼འདི་ཡན་སྤང་ལྟུང་ཡིན།༽བཤེས་ངོར་གནས་མལ་དང༌། །གོསགཉིས་ཁ་བསྒྱུར་སྦེད་དང་གདེང༌། །བརྡལ་ལ་སོགས་པ་ཐ་མ་ལྔ། །དམིགས་བསལ་གནསམལ་དང་བརྡལ་བ་ནི་ཁྲི་དང་ཁྲིའུ་ལས་ཀྱང་རྫོགས་པར་སྐྱེད་དོ། །སྐབས་འདིར་རིན་ཕྲེང་ལས། བྱིན་པ་འཕྲོག་པ་དང་སྦེད་པ་ནི་ཡོ་བྱད་ཙམ་གྱིས་བསྐྱེད་པ་ཡིན་ལ། ཁྲི་སྟེ་གནས་མལ་ཕན་ཕུན་གྱི་ལྟུང་བྱེད་ནི་ཁྲི་ལས་བསྐྱེད་པས་དེ་དག་ལ་གོས་ཁོ་ནས་བསྐྱེད་མི་དགོསསོ། །ཞེས་ཀྱང་གསུངས་སོ། །གཞན་ཡང་རུང་བ་ཚད་ལྡན་དགོས་པ་ནི། གནས་ལས་གྱུརཔ་རྣམས་ལ། ཕལ་ཆེར་གཡོགས་ཤིང་བསྐོར་བའི་སྒོ་ནས་རུང་བ་དགོས། ཁང་པ་ལ་ནང་རོལནས་བདེ་བར་གཤེགས་པའི་དཀྱུས་མཐོ་བཅུ་གཉིས་དང༌། ཞེང་མཐོ་བདུན་དུ་ལོངས་པ་དགོསཤིང་གཞན་རྣམས་ལ། སྤྱོད་ལམ་བཞི་ཤོང་གི་ཚད་དུ་ལོངས་པ་དགོས་སོ། །ནོར་ལས་གྱུར་པ་གསེར་དངུལ་ལ་རེག་པ་དང༌། མངོན་མཚན་ཅན་ཉོ་ཚོང་གཉིས་དང༌། རིན་པོ་ཆེ་ལ་རེག་པལ་སོགས་པ་ལ་ཡང་གཞི་གཞན་གྱི་སྒོ་ནས་རུང་བ་དང༌། རྒྱན་ཆའང་ཁྲུ་གང་རི་བའི་ཚད་དུལོངས་པ་དགོས། ཁྲུས་བྱེད་པ། ཆུ་ལ་རྩེ་བ། མེ་ལ་རེག་པ། ས་བརྐོ་བ་ལས་གྱུར་པ་རྣམས་ལཡང་རུང་བ་ཚད་དང་ལྡན་པ་དགོས་པར་རིགས་སོ། །གཉིས་པ་ནི། གསོག་འཇོག་འཕྱ་ཟསསྦྱོར་བཅུག་དང༌། །ཟས་ཀྱི་བཅུ་ཚན་ཟན་གཅོད་པ། །གཅེར་བུ་མགྲོན་གཉེར་ཆང་འཐུང་དང༌། །ཟས་བཅས་སོ་སོར་བཤགས་པ་བཞི། །ཞེས་སྡོམ་དུ་བྱས་སོ། །རིན་ཕྲེང་དེ་དག་ལས་འཕྱ་བ་ཟས་ཅུང་བསལ་ནས་ཉེར་གཅིག་གསུངས་སོ། །གསུམ་པ་ནི། ལྷུང་བཟེད་འཆང་བ་དང༌། འཚོལབ་གཉིས། ཁབ་རལ་འཆོས་པའོ། །

གཉིས་པ་ཡན་ལག་རང་གི་ངོ་བོ་ནི།

རུང་བ་དང༌། ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་དང་གསུམ། དང་པོ་ནི་གོས་ལས་གྱུར་པ་རྣམས་ལ། རྒྱུ། དབྱིབས། གནསསྐབས། ཁ་དོག་དང་ལྡན་པའོ། །རྒྱུ་ནི་གོས་ཀྱི་རྒྱུ་བདུན་ནི། མེ་ཏོག་ཕྲེང་རྒྱུད་ལས། བལ་གོསཤ་ན་ཉི་འོག་དང༌། །རས་གོས་དང་ནི་ཟར་མ་དང༌། །གོ་ཏམ་པ་དང་དུ་གུ་ལ། །ཞེས་སོ། །དབྱིབས་ནི་གྲུ་བཞི་ལྟ་བུའོ། །གནས་སྐབས་ནི་ལོངས་སྤྱོད་པར་བཟོད་པའོ། །ཁ་དོག་ནི་རུང་བ་གསུམ་དང༌། འཆང་བ་ལ་སོགས་པ་ལ་དཀར་པོ་དང་འབའ་ཞིག་སྟན་ལ་ནག་པོའོ། །ཞེས་མཚོ་ཊཱིཀ་ལས་སོ། །རྨ་སྡོམ་ལས། གོས་རྒྱུ་བདུན་ནོ་ཁ་དོག་ངུར་སྨྲིག་དང༌། །དམར་སྔོན་གསུམ་མོ་མི་རུང་དཀར་ནག་གཉིས། །ཞེས་དཀར་ནག་གཉིས་མི་རུང་བ་ཡིན་པར་གསུངསསོ། །ཟས་ལས་གྱུར་པ་ལ་གཉིས་ལས། ངོ་བོའི་སྒོ་ནས་རུང་བ་ནི། བཟའ་བ་དང༌། བཅའབ་དང༌། བཏུང་བ་མ་བཀག་ཅིང་གནང་བ་རྣམས་སོ། །ཆོ་གའི་སྒོ་ནས་རུང་བ་ནི་ལག་ཉ་དང༌། མཚམས་བཙོས་དང༌། ཞག་ལོན་དང༌། རྗེན་འཚེད་དང༌། གསོག་འཇོག་ཏུ་མ་སོང་བའོ། །དམིགསབསལ་ནི་དུས་མ་ཡིན་པར་ཟ་བ་དང༌། གསོག་འཇོག་ཏུ་གྱུར་པ་དང༌། ཆང་ལས་གྱུར་པའོ། །

སྣོད་སྤྱད་ནི་ལྷུང་བཟེད་ལ་བཞི་ལས།

རྒྱུ་རུང་བ་ནི་ས་དང་ལྕགས་སོ། །དབྱིབས་ནི་ཟླུམཔོའོ། །གནས་སྐབས་ནི་སྤྱད་བཟོད་པའོ། །ཁ་དོག་ནི་བསྲེག་པས་ནག་པོའོ། །ཁབ་རལ་ལགསུམ་ལས། རྒྱུ་རུང་བ་ནི། བ་སོ་དང༌། རུས་པ་དང༌། རྭ་ལྟ་བུའོ། །དབྱིབས་ནི་སྦུ་གུའམ། ཆང་བ་ལྟ་བུའོ། །གནས་སྐབས་ནི་སྤྱད་བཟོད་པའོ། །གཉིས་པ་ཚད་དང་ལྡན་པ་དགོས་པ་ནི། གོས་ལ་སྤྱི་ཚད་དང་རང་ཚད་གཉིས་ལས། དང་པོ་ནི་ཁྲུ་གང་དུ་ལོངས་པའོ། །གཉིས་པ་ནིའབྲལ་བ་གཉིས། མཐོ་གང་རས་ཆེན་བཙལ་སྔས། བཞག་འཕྱིས། གོས་ཀྱི་བཟོ་བྱེད་པ་རྣམསལ་རང་རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་གྱིས་བརླབ་པ་ཡོངས་རྫོགས་ཆགས་པའི་ཚད་དངལྡན་པ་དགོས་སོ། །སྟན་ལས་གྱུར་པ་རྣམས་ལ། སྟན་གྱི་ཚད་དང་ལྡན་པ་དགོས་ཤིང༌། ཁྱད་པར་དུ་ཆ་གཉིས་བསྲེ་བ་ལ། ནག་པོ་སྟན་གྱི་ཕྱེད་ལས་སྲང་ཕྱེད་ཀྱིས་ལྷག་པའོ། །བལ་ཁུརབ་དང༌། བརྡལ་བ་ལ། བལ་ཁུར་ཚད་དུ་ལོངས་པ་དང༌། ཤིང་བལ་གྲགས་སྡེའི་ཚད་དུ་ཆོགཔ་དགོས་སོ། །ཟས་དང་སྐོམ་གྱི་ཚད་ནི་ཁམ་དང་ཧུབ་ཏུ་ལོངས་པའོ། །ལྷུང་བཟེད་ནི་བྱིན་གྱིསབརླབ་ཏུ་རུང་བ་གསུམ་གྱི་ཚད་དང་ལྡན་པའོ། །ཁབ་རལ་ནི་གྲགས་སྡེའི་ཚད་ལས་མ་འདས་ཤིང་ཁབ་གཞུག་ནུས་པའོ། །གསུམ་པ་ཚད་ལས་ལྷག་པ་ནི་ཁྲི་རྐང་གདིང་བ་རས་ཆེན་གཡནཔ་དགབ་པའོ། །གོས་ཀྱི་སྤྱི་ཚད་ལས་གྱུར་པ་དང༌། ལྟུང་བྱེད་ཐ་མ་དང་སྟན་དང༌། ཟས་ལསགྱུར་པ་རྣམས་ལ་ཚད་དང་ལྡན་པའི་ཚད་ལས་ལྷག་པ་གང་ཡང་རུང་བས་བསྐྱེད་དེ། ཊཱི་ཀ་ལས།

སོགས་པའི་སྒྲས་ནི་ཚད་ལས་ལྷག་པ་བསྡུས་ཏེ། ཆོས་གོས་རང་གི་ཁྲུ་ཚད་ལས་ལྷག་པ་དང༌། གོས་ལྷག་ཀྱང་ཁྲུ་གང་གི་ཚད་ལས་ལྷག་པ་དང༌། ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བགསུམ་གྱི་ཚད་ལས་ལྷག་པའོ། །དེ་ལྟར་ན་རབ་ཏུ་བྱུང་བའི་རྫས་དག་ལས་ནི་རུང་བ་ཉིད་དངཚད་དང་ལྡན་པའམ། ཚད་ལས་ལྷག་པ་ཉིད་ལ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེསསོ། །སྟན་ལ་ཡང་ཊཱི་ཀ་ལས། འདིར་ཚད་ལས་ལྷག་པ་ཡན་ལག་ཡིན་པའི་གཞུང་ནི་སྲིན་བལགྱི་སྟན་གྱི་སྐབས་ནས་བདེ་བར་གཤེགས་པའི་གདན་གྱི་ཚད་བགྱིད་ན། ལྟུང་བ་ཅིར་འགྱུརསྤང་བའི་ལྟུང་བྱེད་དོ་ཞེས་སོ། །འོན་ཀྱང་ལྷུང་བཟེད་ལ་དེ་ལྟ་མ་ཡིན་ཏེ། སྐྱ་བ་དང༌། དཀརབ་དང༌། ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ནོ་ཞེས་པའི་སྐབས་ཀྱི་ཊཱི་ཀ་དང་ལུང་ལས་དེ་དགའཆང་ན་ཉེས་བྱས་སོ་ཞེས་སོ། །ལྷུང་བཟེད་འཚོལ་བ་ལ་ཡང་དེ་དག་རུང་ཞིང་སྤྱད་བཟོདཔའོ་ཞེས་གསུངས་པས། ཚད་ལས་ཆེ་བ་དང་ཆུང་བ་ལ་ཉེས་བྱས་ལས་མི་བསྐྱེད་དོ། །གསུམཔ་སེལ་བ་ནི་དེ་དག་ལས་བཟློག་པ་སྟེ། མི་རུང་བ་དང༌། ཚད་དུ་མ་ལོངས་པ་དང༌། འབྲལབ་ལྟ་བུ་ལ་ཚད་ལས་ལྷག་པ་དང༌། ཁྲི་རྐང་ལ་སོགས་པ་ལ་ཚད་ལས་མ་ལྷག་པའོ། །སྐབསའདིའི་རུང་བ་ནི་གཞི་གཞན་གྱི་རུང་བ་ལ་བྱེད་དགོས་ཟེར་མཁན་ཡོད་དོ། །བཞི་པ་ཅིར་འགྱུརནི་མི་རུང་བ་དང་ཚད་དུ་མ་ལོངས་པ་ལ་ནི་རང་རང་གི་ན་སྨད་དུ་འགྱུར་རོ། །འབྲལ་བ་གཉིསམཐོ་གང༌། རས་ཆེན་བཙལ་སྔས་བཞག་འཕྱིས་གོས་བཟོ་བྱེད་པ་སྣོད་སྤྱད་ལས་གྱུར་པརྣམས་ལ་ཚད་ལས་ལྷག་ནའང་ན་སྨད་དུ་འགྱུར་ཏེ། དམིགས་བསལ་སྲ་བརྐྱང་ལས། འབྲལ་ལྟུང་འབྱུང་བ་ལ་ནི་ཚད་ལས་ལྷག་པ་ལས་ཀྱང་འབྱུང་ངོ༌། །ཚད་ལས་ལྷག་པ་དགོས་པ་རྣམསལ། ཚད་ལས་མ་ལྷག་ན་ལྟུང་བ་མེད་དོ། །ལྔ་པ་རྒྱུ་མཚན་ནི་ན་སྨད་དུ་འགྱུར་བ་ནི་དགག་བྱམ་རྫོགས་པའོ། །ལྟུང་མེད་དུ་འགྱུར་བ་ནི་དགག་བྱ་མེད་པའོ། །ཁྱད་པར་དུ་ཚད་ལས་ལྷག་ནན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི། དེ་དག་ནི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་ཆགས་པ་ལས་གྱུར་པ་ཡིན་ལ། ཚད་ལས་ལྷག་ན་བྱིན་རླབས་ཡོངས་རྫོགས་མི་ཆགས་པའིཕྱིར། ཊཱི་ཀ་ལས། ཆོས་གོས་གསུམ་པོ་བྱིན་གྱིས་བརླབ་ཏུ་རུང་བ་གང་དག་གི་ཞེང་དུ་རང་གིཁྲུ་གསུམ། ཆུར་རང་གི་ཁྲུ་ལྔའི་ཚད་ཇི་སྐད་བསྟན་པ་དེ་ལས་ལྷག་པར་བྱེད་ན་སྤང་བར་འགྱུརབ་ཉིད་དོ་ཞེས་བྱིན་རླབས་མི་ཆགས་པར་གསུངས་སོ། །གོས་ཀྱི་བཟོ་བྱེད་པའི་སྐབས་སུ་ལུངཞུ་བ་ལས། དགེ་སློང་གི་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ལྷག་པར་བགྱིསན་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར་ཉེས་བྱས་སོ། །ཞེས་སོ། །ཁབ་རལ་གྲགས་སྡེའི་ཚད་ལས་འདས་ནའང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །

གཉིས་པ་བསམ་པའི་ཡན་ལག་བསྟན་པ་ལ།

རྩ་བར། ༥༧རང་གི་དོན་ཉིད་གཙོ་ཆེརཡོད་པའོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱརབ་ནི། མཚོ་ཊཱིཀ་ལས་རང་དོན་ཡན་ལག་ཏུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་ལ་སྦྱོར་བ་ཡིནཏེ། ༡རྫུན་སྨྲ་༢འཁྲིག་ཚིག་༣བསྙེན་བཀུར་དང༌། །༤ཟླ་འཇོག་དང་ནི་༥འཁྲུར་འཇུག་དང༌། །

༦རིན་ཐང་སོ་སོར་༨བསྐུར་བ་དང༌། །༩དྲུག་དང་༡༠མཐོ་གང་༡༡ལམ་དང་༡༢རྨེལ། །༡༣མངོན་མཚན་༡༤ཉོ་ཚོང་༡༥ལྷུང་བཟེད་འཚོལ། །༡༦བདེན་སྨྲ་༡༧བསོད་པ་༡༨ཆུ་ལ་རྩེ། ༡༩ཁབ་རལ་༢༠གདིང་༢༡གཡན་༢༢རས་ཆེན་དང༌། །༢༣བདེ་གཤེགས་༢༤གྲོང་དང་༢༥ཁྱིམགཞན་ལ། །རང་དོན་ཉེར་ལྔ་ཚིག་ཚོགས་བསྐྱུང༌། །༡ལེན་དང་༢སློང་དང་༣སློང་བར་རིགས། །༤སྲིན་བལ་༥འབའ་ཞིག་༦ཆ་གཉིས་དང༌། །༧ཐ་ག་༨གཉིས་དང་༩བརྟད་པ་དང༌། །༡༠རས་ཆེན་༡༡བསྔོས་དང་༡༢གསོག་འཇོག་དང༌། །༡༣ཁྲི་དང་༡༤གདིང་ལ་རུང་མཐུན་སྦྱར་ཅེས་སོ། །༡༥རྐུ་དང་༡༦འཆང་༡༧གཉིས་༡༨གསེར་དངུལ་ལེན། །༡༩འཕྱ་དང་༢༠སྦྱོར་བཅུག་༢༡དོགསུམ་ཙམ། །ཉེར་གཅིག་མདོར་བསྡུས་སྦྱར་བའོ། །ཕྱི་མ་བདུན་པོ་དེ་དང་བརྟད་པ་ལས་བྱུང་བ་དང་བརྒྱད་ལ་ནི་རང་གཞན་ཐུན་མོང་གི་དོན་ལས་ཀྱང་ལྟུང་བ་དངོས་གཞི་བསྐྱེད་དོ། །

འདི་དག་ཀྱང་རང་དོན་ཡན་ལག་ཏུ་དགོས་པར་འདུས་སོ། །རིན་ཕྲེང་ཡང་ཡང་འདུག་གནསམེ་རེག་བརྡལ་བ་སོར་བཤགས་ཕྱི་མ་གཉིས་མགྲོན་གཉེར་རིང་འདུག་བདུན་བསྣན་ནས་རྐུ་ཕམ་བརྟད་པ་ཁྲི་གདང་ཆུ་རྩེ་ལྔ་བསལ་ནས་ཞེ་བརྒྱད་བཤད་དོ། །དུད་འགྲོ་སྤྱོད་པ་རང་ཁོ་ནའི་དོན་དགོས་ཀྱང་མཚོ་རིན་གཉིས་ལས་སྐབས་འདིར་མ་བགྲང་བའི་རྒྱུ་མཚན་ལ་དཔྱད་པར་བྱའོ། །མེ་རེག་བགྲང་བ་ཞུ་བ་དང་མ་བགྲང་བ་མའི་རྣམ་འབྱེད་ལྟར་ཡིན་པ་དང༌། སོར་བཤགས་ཐ་མ་གཉིས་མ་བགྲང་པར་ཊཱི་ཀར་དང་པོ་གཉིས་ཙམ་གསུངས་པས་ཡིན་ལ། འོན་ཀྱང་མཚོ་ཊཱིཀ་རང་ལུགས་ལ་སོར་བཤགས་ཕྱི་མ་གཉིས་དགོས་ཏེ། མཚོ་ཊཱིཀ་༦༨༩ལས། རངགི་དོན་དུ། ཞེས་སོ། །ཤིང་བལ་ཊཱི་ཀར་དངོས་སུ་གསུངས་པ་ཡིན་ཞེས་བཤད་པ་ཡོད་དོ། །མཚོ་ཊཱིཀ་ལྟར་ན་ཁྲི་གདང་ཆུ་རྩེ་གསུམ་ལ་རང་དོན་དགོས་པའི་རྒྱུ་མཚན་ལ་དཔྱད་པར་བྱའོ། །

གཉིས་པ་ཡན་ལག་རང་གི་ངོ་བོ་ནི།

མཚོ་ཊཱིཀ་ལྟར་ན་དུད་འགྲོ་སྤྱོད་པ་བགྲང་ན་སོ་དགུ་ལ་རང་གི་དོན་ཁོ་ན་དང་བརྒྱད་ལ་རང་གཞན་ཐུན་མོང་གི་དོན་ཏོ། །གསུམ་པ་སེལ་བ་ནི། དེགཉིས་ལས་བཟློག་པའོ། །བཞི་པ་ཅིར་འགྱུར་ནི་འཆང་བ་གཉིས་ཟླ་འཇོག་རས་ཆེན་བརྟད་བྱུང་ལྔ་ལ། གཞན་ཁོ་ནའི་དོན་ཡིན་ན་ཉེས་པ་མེད་དོ། །གཞན་རྣམས་ལ་རང་རང་གི་ན་སྨདདུ་འགྱུར་རོ། །རང་ཁོ་ནའི་དོན་ཡན་ལག་ཏུ་དགོས་པ་རྣམས་ལ་རང་གཞན་གཉིས་ཀའི་དོན་ཡིན་ན་རང་རང་གི་ན་སྨད་དུ་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི་ལྟུང་མེད་དུ་འགྱུར་བ་རྣམས་ནིདགག་བྱ་མེད་པའི་ཕྱིར་རོ། །ན་སྨད་དུ་འགྱུར་བ་རྣམས་ནི་དགག་བྱ་མ་རྫོགས་པའི་ཕྱིར་རོ། །

གསུམ་པ་གཞི་དང་མཐར་ཐུག་གི་ཡན་ལག་ནི།

རྩ་བར། ༥༨རྣམ་པར་རིག་བྱེད་ལནི་དོན་གོ་བའོ། །ཞེས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པསྦྱར་བ་ནི། མཐར་ཐུག་གི་དོན་གོ་ཡན་ལག་ཏུ་དགོས་པ་ཉི་ཤུ་རྩ་དགུ་དང༌། འཆད་འགྱུར་བཅོལཡང་རྫོགས་པས་བསྐྱེད་པ་སུམ་ཅུ་རྩ་གཉིས་དང༌། བསྒོ་བ་ལ་སོགས་པ་ཉི་ཤུ་རྩ་དྲུག་སྟེ་གྱ་བདུན་ལ་སྦྱོར་རོ། །མདོ་འདི་རིན་ཕྲེང་མཐར་ཐུག་དོན་གོ་སོ་གསུམ་དང༌། རང་ངག་ཁོ་ན་ཅན་ཞེ་བཞི་དང༌། ལུས་ངག་གང་རུང་ཅན་དགུ་དང༌། གཉིས་ཀ་དགོས་པ་གསུམ། བཅོལ་རྫོགས་སོ་གཉིས་ཀྱིས་སྦྱོར་བའི་ཡན་ལག་བསྟན་པས་གྱ་དགུ་ལ་སྦྱར་རོ། །དང་པོ་ནི་༡རྫུནདང་༢འཁྲིག་ཚིག་༣བསྙེན་བཀུར་༤གཞི་མེད་དང༌། །༥བག་ཙམ་༦ཤེས་བཞིན་སོགས་བཅུ་འདོན་མ་གཏོགས། །༡༥འཕྱ་བ་༡༦བསྒོ་བ་༡༧མ་བསྐོས་༡༨ཉི་ནུབ་༡༩ཟས༼ཟས་ཅུང་༽། །༢༠སྟོབས་༢༡བདེ་༼ཟན་གཅོད༽༢༢འདུན་བསྒྱུར་༢༣འགྱོད་༢༤དངངས་༢༥ལྷག་མས་སྐུར། །༢༦བསླབ་པ་༢༧ཉན་རྣ་༢༨མ་གུས་༢༩ད་གདོད་ཤེས། །ཞེས་སྡོམ་དུ་བྱས་སོ། །རིན་ཕྲེང་དུའདོན་པ་དང༌། ཕྱིས་གནོན་དང༌། སྤངས་པ་རྗེས་ཕྱོགས་དང༌། བསྙིལ་བ་སྡུད་པ་བཞི་བསྣནནས་སོ་གསུམ་མཛད་དོ། །མཚོ་ཊཱིཀ་གིས་འདོན་པ་རྫོགས་པ་ཙམ་གྱིས་འདོན་པའི་ལྟུང་བྱེད་བསྐྱེད་ཀྱི་དོན་གོ་མི་དགོས་ལ། སྤངས་བསྙིལ་གཉིས་ངག་གིས་བྱེད་ན་དོན་གོ་ཡན་ལག་ཏུདགོས་ཀྱང་ངག་གིས་མི་བྱེད་པར་མཚན་མོ་འདས་པར་ཉལ་བས་ཀྱང་དེ་གཉིས་མཐར་ཐུག་གྲུབ་པ་ཡོད་པ་དང༌། ཕྱིས་གནོན་ལུས་ངག་གིས་བྱེད་པ་གཉིས་ཡོད་པས་དོན་གོ་མཐར་ཐུགལ་མི་དགོས་པར་བཞེད་དོ། །

གཉིས་པ་ཡན་ལག་རང་གི་ངོ་བོ་ནི།

སྦྱོར་བ་ངག་གི་རྣ༷མ་པ༷ར་རི༷ག་བྱེ༷ད་ཀྱིས་སྨྲས་པ་རྣམསཀྱི་དངོས་གཞི་ལ༷་ནི༷་ཡུལ་ཕ་རོལ་པོས་དོ༷ན་གོ༷་བ༷་ཡན་ལག་ཡིན་ནོ། །གསུམ་པ་སེལ་བ་ནི། སྨྱོ་བ་དང་སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། གླེན་པ་དང་དབུས་པ་ལ་མཐའའཁོབ་པའི་སྐད་ཀྱིས་དང་མཐའ་འཁོབ་པ་ལ་དབུས་པའི་སྐད་ལ་སོགས་པས་དོན་མ་གོ་ན་ན་སྨད་དོ། །བཞི་པ་ཅིར་འགྱུར་ནི། རང་རང་གི་ན་སྨད་པར་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི། དགག་བྱ་མ་རྫོགས་པའི་ཕྱིར་རོ། །

བཞི་པ་སྦྱོར་བའི་ཡན་ལག་བསྟན་པ་ལ།

དང་པོ་སྦྱོར་བ་འཇུག་པའི་ཡུལ་དང་སྦྱོར་བའིཡན་ལག་དངོས་དང་གཉིས། །དང་པོ་ལ་སྦྱོར་བ་འཇུག་པའི་ཡུལ་དངོས་དང་ཞར་ལསབྱུང་བ་གཉིས། དང་པོ་ནི། རྩ་བར། ༥༩སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་གསོད་པ་དང་རང་གི་དོནདུ་རྐུ་བ་དག་ལས་གཞན་པའི་འོ། །ཞེས་བྱུང༌། དོན་གོ་བ་ཡན་ལག་ཏུ་གསུངས་པ་ཡང་སྨྲ་བཔོ་ཉིད་ལ་ཡོད་པའི་དོན་གོ་བ་ཡན་ལག་ཡིན་ཏེ། སྨྲ་མི་ཤེས་ལ་ཡོད་པའི་དོན་གོ་བ་ནི་སྐབསའདིའི་ཡན་ལག་མ་ཡིན་པའི་ཕྱིར་ཏེ། ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས། སྨྲ་མི་ཤེས་ལ་ཡོདཔའི་དོན་གོ་བ་དེ་ནི་གསོད་པའི་ལྟུང་བ་བཞི་དང༌། རང་གི་དོན་དུ་རྐུ་བ་སྟེ་ལྔ་པོའི་ཡན་ལགཡིན་ནོ། །དེ་དག་ལས་གཞན་པའི་སྐབས་སུ་རྣམ་པར་རིག་བྱེད་ཀྱི་ཡུལ་གྱི་ཡན་ལག་མ་ཡིན་ནོ། །ཞེས་སོ། །དེས་ན་ལྔ་པོ་དེ་ལས་གཞན་པའི་སྐབས་སུ་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་དངོས་གཞིའི་ཡན་ལག་ཡིན་ནོ། །དེ་ནི་དེར་མ་ཟད་དེ་ལས་ཀྱི་ཁ་སྐོང་བ་དང་ལྟུང་བ་མཐོལབ་དང༌། བཤགས་པ་ལ་སོགས་པའི་ཡུལ་ལ་ཡང་དགོས་སོ། །

གཉིས་པ་ཞར་ལས་བྱུང་བ་ནི།

རྩ་བར། ༦༠ཡང་དག་པར་ལེན་པར་བྱེད་པ་དག་ལནི་དེར་མ་ཟད་དོ། །༦༡དེ་ནི་སྣོད་ཡིན་ནོ། །ཞེས་བྱུང༌། སྡོམ་པ་ཡ༷ང་ད༷ག་པ༷ར་ལེ༷ན་པ༷ར་བྱེ༷དཔ༷་ད༷ག་ལ༷་ནི༷་སྨྲ་བ་པོ་ལ་ཡོད་པའི་དོན་གོ་བ་ཡན་ལག་ཡིན་པར་དེ༷ར་མ༷་ཟ༷ད་ཀྱི། སྨྲ་མི་ཤེསཔ་ལ་ཡོད་པའི་དོན་གོ་བ་ཡང་ཡན་ལག་ཡིན་ནོ། །དེས་ན་ལྐུགས་པ་ལ་ཡང་སྡོམ་པ་དང་བར་མའི་དགེ་བ་བསྐྱེད་པ་ཡོད་དེ། གཞུང་དམ་པ་ལས་བཙུན་པ་སྨྱོ་བ་བསྙེན་པར་རྫོགས་པརབགྱིས་ན། བསྙེན་པར་རྫོགས་པར་བགྱིའམ། ཨུ་པ་ལི་དེ་སྟེ་བསྙེན་པར་རྫོགས་པའི་འདུ་ཤེསཡོད་ལ། ལུས་སམ་ཚིག་གི་དམིགས་པས་ཁས་བླངས་ན་བསྙེན་པར་རྫོགས་པ་ཞེས་བྱའོ། །ཅིལྟར་སྨྱོ་བ་བཞིན་དུ། སེམས་འཁྲུགས་པ་དང་ནད་ཀྱིས་གཟིར་བ་དང༌། གླེན་པ་དང༌། ལྐུགསཔ་དང༌། འོན་པ་རྣམས་ཀྱང་རྒྱ་ཆེར་བརྗོད་པར་བྱའོ། །ཊཱི་ཀ་ལས། ལྐུགས་པའམ། སྨྲ་བ་པོཉིད་མ་ཡིན་པ་གཞན་དག་ལ་ཡང་སྲོག་གཅོད་པ་སྤང་བ་ལ་སོགས་པ་ཡང་དག་པར་ལེན་པརའབྱུང་བའི་ཕྱིར་རོ། །ཞེས་སོ། །དེ་ནི་སྣོད་ཡིན་ནོ་ཞེས་པ་ནི། སྨྲ་ཤེས་ཤིང་དོན་གོ་བ་དེ༷་ནི༷་ལྟུངབ་མཐོལ་བ་ལ་སོགས་ཀྱི་སྣོ༷ད་དམ་ཡུལ་ཡི༷ན་ནོ༷། །དེས་ན་ཕ་རོལ་པོ་དེས་སྨྲ་མི་ཤེས་སམ། དོན་མི་གོ་ན་དེ་ལ་རང་ངམ་གཞན་གྱི་ལྟུང་བ་མ་བརྗོད་ཀྱང་བཅབ་པའི་ཉེས་པར་མི་འགྱུར་རོ། །

གཉིས་པ་སྦྱོར་བའི་ཡན་ལག་དངོས་ལ།

ངག་གི་རིག་བྱེད་ཀྱི་ཁྱད་པར་ཡན་ལག་ཏུབསྟན་པ་དང༌། རང་གི་མངོན་སུམ་དུ་བསྐོས་པ་ཡན་ལག་ཏུ་བསྟན་པ་དང་གཉིས། དང་པོ་ནི། རྩ་བར།༦༢ངག་གིའོ། །༦༣རང་གིའོ། །༦༤བདག་ཉིད་དང་འབྲེལ་བའོ། །ཞེས་བྱུང༌། འདིའིདོན་བཤད་པ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། བརྒྱད་ཅུ་ལའོ། །བསྒོ་བལ་སོགས་ཉི་ཤུ་རྩ་དྲུག་དང༌། མཐར་ཐུག་དོན་གོ་དགོས་པ་རྩ་དགུ་ལས་དངངས་བྱེད་ཉན་རྣམ་གཏོགས་པ་རྣམས་དང༌། བཅོལ་ཡང་རྫོགས་པ་སོ་གཉིས་ལས། སྲོག་གཅོད་བཞི་དང་རྐུབ་མ་གཏོགས་པ་རྣམས་སོ། །གཉིས་པ་སྔར་བཤད་པ་ལས་ཤེས་ལ། གསུམ་པ་འོག་ཏུ་འཆདཔར་འགྱུར་རོ། །དང་པོ་ཉེར་དྲུག་ནི།༡དབྱེན་བྱེད་ལ་སོགས་བསྒོ་གྱུར་བཞི། །༥འཁྲུར་འཇུགཔ་དང་༦ལེན་པ་དང༌། །༧སློང་དང་༨སྟོད་གཡོགས་སྨད་གཡོགས་བཅས། །༩རིན་ཐང་༡༠སོ་སོར་༡༡རྨེལ་འཇུག་དང༌། །༡༢མངོན་མཚན་༡༣ཉོ་ཚོང་༡༤ལྷུང་བཟེད་འཚོལ། །༡༥རས་ཆེན༡༦བསྔོས་བསྒྱུར་༡༧འདོན་པ་དང༌། །༡༨གོས་སྟེར་དང་ནི་༡༩འདུག་གནས་ཟ། །༢༠ཕྱེ་དང་༢༡བསོད་༢༢གཅེར་༢༣༼སྡིག་ལྟ་མི་གཏོང༽ཆོས་གཏམ་སྨྲ། །༢༤༼ཉི་ཤུ་༽མ་ལོན་༢༥ཁྱིམ་དང༢༦༼སོར་བཤགས་གསུམ་པ༽བསླབ་པ་དྲལ། །ཞེས་སྡོམ་དུ་བྱས་སོ། །

གཉིས་པ་ཡན་ལག་རང་གི་ངོ་བོ་ནི།

ངག་མཚན་ཉིད་ལྔ་ལྡན་ཏེ། རང་གི་དང་བདགཉིད་དང་འབྲེལ་བར་གང་ལ་བསམ་པའི་དོན་གསལ་པོར་སྨྲ་བའོ། །གསུམ་པ་སེལ་བ་ནི། དེལས་བཟློག་པ་སྟེ། གཞན་སྨྲ་བཅུག་པ་དང༌། སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་དང༌། གཞནཟེར་རོ་ཞེས་སྙད་འདོགས་པ་དང༌། ནོར་བ་དང༌། གཞོགས་སྨོས་སོ། །བཞི་པ་ཅིར་འགྱུར་ནི།

ཡན་ལག་གཅིག་མ་ཚང་ན་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །ཞེས་སོ། །ཡན་ལག་དུ་མ་མ་ཚང་ན་ཆེས་ན་སྨད་དུ་འགྱུར་ཏེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱངངོ། །ཞེས་སོ། །ལྔ་པ་རྒྱུ་མཚན་ནི་དགག་བྱ་མ་རྫོགས་པ་དང༌། ཆེས་མ་རྫོགས་པས་སོ། །

གཉིས་པ་རང་གི་མངོན་སུམ་དུ་བསྐོ་བ་ཡན་ལག་ཏུ་བསྟན་པ་ནི།

རྩ་བར། ༦༥རངགིས་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་ནོ། །ཞེས་བྱུང༌། འདིའི་དོན་འཆད་པ་ལ་ལྔ་ལས། དངཔོ་ཡན་ལག་གི་ཁྱབ་པ་ནི། བཅོལ་ཡང་རྫོགས་པ་སུམ་ཅུ་རྩ་གཉིས་ལ་སྦྱར་ཏེ།༡མ་བྱིན་ལེནདང་༢སྲོག་གཅོད་བཞི། །༦སྨྱན་དང་༧ཁང་པ་༨ཁང་ཆེན་དང༌། །༩སྲིན་བལ༡༠་འབའ་ཞིག༡༡ཆ་གཉིས་དང༌། །༡༢ལོ་དྲུག་༡༣གསེར་དངུལ་༡༤ཐ་ག་༡༥གཉིས། །༡༦བྱིན་འཕྲོག་༡༧ས་བོན་༡༨སྐྲོད་པ་དང༌། །༡༩རིམ་གཉིས་༢༠མེ་རེག་༢༡རིན་ཆེན་རེག །༢༢རྩེ་དང་༢༣དངངསབྱེད་༢༤སྦེད་དང་༢༥རྐོ། །༢༦ཁབ་རལ་དང་ནི་༢༧ཁྲི་རྐང་དང༌། །༢༨བདལ་དང་༢༩གདིངདང་༣༠གཡན་པ་དང༌། །༣༡རས་ཆེན་༣༢བདེ་གཤེགས་ཆོས་གོས་སོ། །ཞེས་སྡོམ་དུ་བྱས་སོ། །

རིན་ཕྲེང་ལས་ཁྲི་གདིང་གི་ནང་ཚན་གདིང་བ་དང་སོར་བཤགས་ཐ་མ་གསུམ་གྱི་ཟས་ལེན་པ་དག་གཞན་ལ་བཅོལ་བས་དངོས་གཞི་རྫོགས་པར་གསུངས་སོ། །

གཉིས་པ་ཡན་ལག་རང་གི་ངོ་བོ་ནི།

རང་གི་དོན་དུ་རྐུ་བ་དང་སྲོག་གཅོད་བཞི་ལ་ནི། རང་གིས་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡན་ལག་ཡིན་གྱི་མངོན་སུམ་བསྐོས་པ་ཡན་ལག་ཏུ་མི་དགོས་སོ། །དེ་དག་ལས་གཞན་ལ་ནི། རང་གི་མངོན་སུམ་བསྐོས་པ་ཉིད་ཀྱིས་བྱེདདུ་བཅུག་པ་ཡན་ལག་ཡིན་ནོ། །གསུམ་པ་སེལ་བ་ནི་ལྐོག་ནས་བྱེད་དུ་བཅུག་པའོ། །བཞི་པ་ཅིར་འགྱུར་ནི། རང་རང་གི་ན་སྨད་དུ་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི་མངོན་པར་ཞེན་པ་མི་རྫོགསཔའི་ཕྱིར་ཏེ། ཊཱི་ཀ་ལས། ལྐོག་ནས་བྱེད་དུ་བཅུག་པ་ལ་ནི་དེ་ལྟར་མངོན་པར་ཞེན་པ་མི་འབྱུངབའི་ཕྱིར་རོ། །ཞེས་སོ། །གསོད་པ་དང་རང་གི་དོན་དུ་རྐུ་བ་ལ་ནི་ལྐོག་ཏུ་བསྐོས་ཏེ་བྱས་པལས་ཀྱང་ལྟུང་བ་རྫོགས་པར་འགྱུར་ལ། དེ་དག་ལས་གཞན་པའི་བཅོལ་ཡང་རྫོགས་པའིལྟུང་བ་ཐམས་ཅད་ལ། རང་གིས་མངོན་སུམ་དུ་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡིནནོ། །ཊཱི་ཀ་ལས། རང་གིས་བསྐོས་པ་ཉིད་ཅེས་བྱ་བ་ནི། རང་གིས་མངོན་སུམ་དུ་བྱེད་དུ་བཅུགཔ་ཉིད་ཡན་ལག་ཡིན་ཏེ། ལྐོག་ནས་བྱེད་དུ་བཅུག་པ་ལ་ནི། དེ་ལྟར་མངོན་པར་ཞེན་པ་མིའབྱུང་བའི་ཕྱིར་རོ། །ཞེས་སོ། །ལྐོག་ནས་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ལ་ནི། ན་སྨདལས་མི་བསྐྱེད་དེ། ཊཱི་ཀ་ལས། དེས་ན་རང་གི་མངོན་སུམ་དུ་བསྐོས་པ་མ་ཡིན་པར་ལྐོག་ནསབསྐོས་པས། བྱེད་དུ་བཅུག་པ་ལ་ནི་ན་སྨད་དོ། །ཞེས་དང༌། བམ་པོ་ལྔ་བཅུ་པ་ལས་ཀྱང༌། ལྐོག་ནས་བརྒྱུད་པས་བྱེད་དུ་བཅུག་པ་ལ་ནི་ན་སྨད་དོ། །ཞེས་སོ། །དེས་ན་གསོད་པ་དང་རངགི་དོན་དུ་རྐུ་བ་ལས་གཞན་པའི་བཅོལ་ཡང་རྫོགས་པ་ཐམས་ཅད་ལ། བཅོལ་བ་མངོན་སུམདུ་བྱས་པ་དགོས་སམ་ཞེ་ན་གཉིས་སུ་དབྱེ་སྟེ། རིན་པོ་ཆེ་ལ་རེག་པ་གཉིས། ས་བོན་སྐྱེ་འཇིགམེ་ལ་རེག་པ་དང༌། ཆུ་ལ་རྩེ་བ། ས་རྐོ་བ་རྣམས་མངོན་སུམ་དུ་བྱས་པ་ཞིག་དགོས་སོ། །ལྐོགཏུ་བྱས་པ་ལ་མངོན་པར་ཞེན་པ་མི་འབྱུང་བའི་ཕྱིར་རོ། །དེ་དག་ལས་གཞན་པ་རྣམས་ལ། ལྐོག་ཏུ་བྱས་པས་ཀྱང་ལྟུང་བ་རྫོགས་པར་རིགས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བ་སྤྱིར་བསྟན་པ་རྣམས་རྫོགས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཞེས་པ་ནི། དེའི་ཡནལག་སྟོན་པའི་ཞུ་བའོ། །ཕལ་ཆེ་བ་སྤྱིར་བསྟན་ཞེས་པ་ནི་ཤས་ཆེར་སྤྱིར་བསྟན་པ་ཡིན་གྱིའགའ་ཞིག་སྤྱིར་མ་བསྟན་པ་ཡང་ཡོད་དོ། །ཡང་ན་རྣམ་འབྱེད་དུ་གཏོགས་པ་ཤས་ཆེ་ཞིང༌། གཞིར་གཏོགས་པ་ཤས་ཆུང་བའི་བསླབ་པ་རྣམས་སྤྱིར་བསྟན་པའོ། །ཞུ་བ་སྤྱིར་བསྟན་པརྫོགས་སོ།། །།

གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།

གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ་ལ། དེ་ལྟར་རྣམ་འབྱེད་དངསྤྱིར་བསྟན་གྱིས་སྤང་བར་བྱ་བ་ལྡོག་པའི་ཚུལ་ཁྲིམས་བསྟན་ཟིན་ནས། བླང་བར་བྱ་བ་འཇུགཔའི་ཚུལ་ཁྲིམས་བསྟན་པ་ལ། གཞི་བཅུ་བདུན་སྤྱིར་བཤད་པ་དང༌། རབ་བྱུང་གི་གཞི་བཤད་ཟིན་པ་ལས་གཞན་བཅུ་དྲུག་སོ་སོར་བཤད་པ་དང་གཉིས། དང་པོ་ལ་དྲུག་ལས། དང་པོ་སྐབསའདིའི་གཞི་ལ་དབྱེ་ན་གཞི་བཅུ་བདུན་ཡོད་དེ། ལུང་གཞི་ལས། ༡རབ་བྱུང་༢གསོ་སྦྱོང་གཞི་དངནི། །༣དགག་དབྱེ་༤དབྱར་དང་༥ཀོ་ལྤགས་གཞི། །༦སྨན་དང་༧གོས་དང་༨སྲ་བརྐྱང་དང༌། །༩ཀོའུ་ཤམ་བྷི་དང་༡༠ལས་ཀྱི་གཞི། །༡༡དམར་སེར་ཅན་དང་༡༢གང་ཟག་དང༌། །༡༣སྤོ་དང༡༤གསོ་སྦྱོང་བཞག་པ་དང༌། །༡༥གནས་མལ་དང་ནི་༡༦རྩོད་པ་དང༌། །༡༧དགེ་འདུན་དབྱེནརྣམས་བསྡུས་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་ཀོའུ་ཤམ་བྷི་བའི་གཞི་ནི་ལས་བྱེ་བའིགཞིའོ། །དམར་སེར་ཅན་གྱི་གཞི་ནི་ཕྱིར་བཅོས་པའི་གཞིའོ། །གང་ཟག་གི་གཞི་ནི་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞིའོ། །སྤོ་བའི་གཞི་ནི་ས་གཞན་ན་གནས་པ་སྤྱོད་པའི་གཞིའོ། །གསོ་སྦྱོང་བཞག་པའི་གཞི་ནི་ཡོངས་སུ་སྦྱོང་བའི་གཞི་ཡིན་ནོ། །

གཉིས་པ་བསྡུ་བ་ནི།

གཞི་བཅུ་བདུན་པོ་དེ་རྣམས་བསྡུ་ན་གསུམ་དུ་འདུས་ཏེ། སྡོམ་པམ་ཐོབ་པ་ཐོབ་པར་བྱེད་པའི་གཞི་དང༌། ཐོབ་པ་མི་ཉམས་པར་བསྲུང་བར་བྱེད་པའི་གཞི་དང༌། ཉམས་ན་ཕྱིར་བཅོས་པའི་གཞི་དང་གསུམ་མོ། །དང་པོ་ནི་རབ་ཏུ་བྱུང་བའི་གཞིའོ། །གཉིས་པནི་ལེའུ་བརྒྱད་དེ། གསོ་སྦྱོང་དང་དབྱར་དང་དགག་དབྱེ་སྟེ་བསླབ་པ་ཡོངས་སུ་སྦྱང་བའི་གཞིགསུམ་དང༌། སྲ་བརྐྱང་དང་གོས་དང་ཀོ་ལྤགས་དང་སྨན་དང་གནས་མལ་ཏེ་བདེ་བར་གནསཔའི་རྐྱེན་གྱི་གཞི་རྣམ་པ་ལྔ་རྣམས་སོ། །གསུམ་པ་ནི་ཕྱིར་བཅོས་ཀྱི་གཞི་བདུན་ཡོད་དེ། ལུངལས། ༡དམར་སེར་ཅན་དང་༢གང་ཟག་དང༌། །༣སྤོ་དང་༤གསོ་སྦྱོང་བཞག་པ་དང༌། །༥གནསམལ་དང་ནི་༦རྩོད་པ་དང༌། །༧དགེ་འདུན་འབྱེད་པ་ཕྱི་མ་ཡིན། །ཞེས་གསུངས་ཏེ། དེ་ཡང་གནསམལ་གྱི་གཞི་སྐབས་འདིར་ཞར་ལ་བསྟན་པར་མཚོ་མཆན་ལས་སོ། །འོན་ཀྱང་སྒོ་མང་ཡིག་ཆར་ཀོ་ཤམྦྷི་དང་རྩོད་པ་དང༌། །ཞེས་སོགས་ཀོ་ཤམྦྷི་བསྣན་ནས་གནས་མལ་གྱི་གཞི་དོར་ཏེབདུན་དུ་བྱས་སོ། །ལས་ཀྱི་གཞི་ནི་གསུམ་ཆར་ལ་གཏོགས་པས་གསུམ་གར་བསྡུའོ། །

གསུམ་པ་མཚན་ཉིད་ལ།

ལེའུ་བཅུ་བདུན་པོ་འདི་དག་གི་གཞུང་མིང་ཚིག་ཡི་གེའིཚོགས་མཚན་གཞི། རྗོད་བྱེད་ཀྱི་འདུལ་བ་གཞིའི་ཐ་སྙད་བྱར་རུང་དུ་མཚོན་པ་ལ། མཚན་ཉིདནི། གཞུང་ལེའུ་གང་ཞིག་གིས་ཆོས་འདི་པའི་རབ་ཏུ་བྱུང་བ་འབའ་ཞིག་གིས་འཇུག་པའི་ཚུལཁྲིམས་གཙོ་བོར་སྟོན་པ། ཞེས་མཚོ་ཊཱིཀ་ལས་སོ། །

བཞི་པ་གྲངས་ངེས་པ་ནི།

སྒྲུབ་བྱེད་ལུང་ལ་བརྟེན་ཅིང་དགོས་པ་ལ་ལྟོས་པའི་གྲངསངེས་པ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་སྲུང་ཕྱིར་བཅོས་ཀྱི་གཞི་ལ་གཞི་བཅུབདུན་ཡོད་ཅིང་དེར་མ་འདུས་པ་མེད་པའི་ཕྱིར། དེས་ན་ལུང་གཞི་ཉིད་ལས་གཞི་བཅུ་བདུནདུ་གསུངས་པས། མདོ་རྩ་བར་གཞི་བཅུ་བདུན་དུ་བསྟན་པའོ། །འོ་ན་གཏམ་གྱི་གཞི་དང་མ་མོ་ལསརྣམ་པར་འབྱེད་པ་དང་འདུལ་བའི་དངོས་པོ་བཅོ་བརྒྱད་དང་ཞེས་གཞི་བཅོ་བརྒྱད་དུ་གསུངས་པ་ཇི་ལྟར་ཡིན་ཞེ་ན། གཞིའི་ལེའུ་དང་པོ་ལ་རབ་ཏུ་བྱུང་བའི་གཞི་དང་བསྙེན་པར་རྫོགསཔའི་གཞི་གཉིས་སུ་ཕྱེ་ནས། གཞི་བཅོ་བརྒྱད་དུ་གསུངས་པ་སྟེ། དེ་ལྟར་འགྲེལ་ཆུང་ལས། གཞི་བཅོ་བརྒྱད་ཡོད་པ་ལས་འགོར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་ལགཞི་རེ་རེ་བརྩིའོ། །དེ་ཡང་གནས་སྐབས་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་སྤྱིར་གཏོགས་ཞེས་སོ། །ལུང་ཞུ་བ་ལས། བསྙེན་པར་རྫོགས་པའི་གཞི། ཞེས་གསུངས་སོ། །འོན་ཀྱང་མ་མོ་ལས། རྣམ་པར་འབྱེད་པ་དང་འདུལ་བའི་དངོས་པོ་བཅོ་བརྒྱད་དང༌། ཞེས་གསུངས་པས་དཔྱད་པར་བྱའོ། །

ལྔ་པ་གོ་རིམ་ངེས་པ་ལ།

གཞི་རྣམས་ཀྱི་དང་པོ་རབ་ཏུ་བྱུང་བའི་གཞི་བསྟན་པ་ནི།

འདིར་རབ་བྱུང་བའི་བསླབ་པ་རྣམས་སྟོན་པ་ལ། ཐོག་མར་རྟེན་གྱི་གང་ཟག་གཞི་གྲུབ་དགོས་པའིཕྱིར་རོ། །འདིར་གསོ་སྦྱོང་གི་གཞི་འདི་བསླབ་པ་ཡོངས་སུ་སྦྱང་བའི་གཞི་གསུམ་གྱི་དང་པོར་བསྟནཔ་ནི། ལུང་ལས་ཀྱང་གཞི་འདི་གསུམ་གྱི་དང་པོར་བསྟན་པའི་ཕྱིར་རོ། །དབྱར་དང་དགག་དབྱེདང་སྲ་བརྐྱང་གི་གཞི་གསུམ་ནི། ལུང་ལས་དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོསདང་སྲ་བརྐྱང་དང་ཞེས་གོ་རིམ་དེ་ལྟར་གསུངས་ཀྱང༌། འདིར་གོ་རིམ་སྔ་ཕྱི་བསྒྱུར་ཏེ་བསྟན་པ་ནི།

དབྱར་གནས་པའི་རྗེས་སུ་དགག་དབྱེ་བྱེད་ཅིང་དགག་དབྱེ་བྱས་པའི་རྗེས་སུ་སྲ་བརྐྱང་འདིང་བ་ཡིན་པས་ཉམས་ལེན་ལ་འཇུག་པའི་གོ་རིམ་བཞིན་བཀོད་ན་རྟོགས་སླ་ཞེས་མཚོ་ཊཱིཀ་ལས་སོ། ། གོས་ཀྱི་གཞི་ནི་ལུང་ལས་ཀོ་ལྤགས་དང་སྨན་གྱི་གཞིའི་འོག་ཏུ་གསུངས་ཀྱང༌། འདིར་དེ་གཉིས་ཀྱི་གོང་འདིར་བསྟན་པ་ནི། གོས་ལ་བརྟེན་པའི་གཞི་གསུམ་རིགས་མཐུན་ལྷན་ཅིག་ཏུ་བསྟནན་རྟོགས་སླ་བའི་ཕྱིར་རོ། །ཀོ་ལྤགས་དང་སྨན་གྱི་གཞི་གཉིས་གཞུང་འདིར་གོ་རིམ་འདི་ལྟར་བསྟནཔ་ནི། ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་བསྟན་པའོ། །ལས་དང་ཕྱིར་བཅོས་དང་དུསདང་དུས་མིན་བསྡུས་པ་དང༌། ས་གཞན་ན་གནས་པའི་སྤྱོད་པ་དང༌། ཡོངས་སུ་སྦྱོང་བའི་གཞི་ལྔ་ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་གཞུང་འདིར་བསྟན་པའོ། །ལས་བྱེ་བའི་གཞི་ནི་ལུང་ནས་ལས་གཞིའི་གོང་དུ་གསུངས་ལ། འཁོར་ལོ་བྱེ་བའི་གཞི་ནི་ལུང་ལས་རྩོད་གཞིའི་འོག་ཏུགསུངས་ཀྱང༌། གཞི་འདི་གཉིས་སྐབས་འདིར་ལྷན་ཅིག་ཏུ་བསྟན་པ་ནི། སྤྱོད་པའི་དབྱེན་དང་ལྟབའི་དབྱེན་གཉིས་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །རྩོད་པའི་གཞིནི་ལུང་ལས་གནས་མལ་གཞིའི་འོག་ཏུ་གསུངས་ཀྱང༌། གཞུང་འདིར་དེ་གཉིས་སྔ་ཕྱི་བསྒྱུར་ཏེབསྟན་པ་ནི་རྩོད་པའི་གཞི་གསུམ་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །

དྲུག་པ་གཞིའི་སྒྲ་བཤད་པ་ནི།

རབ་ཏུ་དབྱུང་བ་དང་གསོ་སྦྱོང་ལ་སོགས་པ་རྣམས་ཀྱིདོན་རྟོགས་པར་བྱེད་པའི་གཞིའམ་རྟེན་དུ་གྱུར་པས་ན་གཞི་ཞེས་བྱ་སྟེ། གཞི་འགྲེལ་ལས། གཞིཞེས་བྱ་བ་ནི་རྟེན་ཏེ། རབ་ཏུ་འབྱུང་བ་ལ་སོགས་པའི་དོན་ཐམས་ཅད་གཏན་ལ་འབེབས་ཤིང་རྟེནདུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་གཞིའི་སྒྲར་གསུངས་སོ། །

གཉིས་པ་རབ་བྱུང་གི་གཞི་བསྟན་ཟིན་པ་ལས་གཞན་བཅུ་དྲུག་སོ་སོར་བཤད་པ་ལ།

བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བའི་གཞི་གསུམ་དང༌། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའི་གཞི་བཞི་དང༌། ལས་ཀྱི་གཞི་དང༌། ཉམས་ན་ཕྱིར་བཅོས་པའིགཞི་བདུན་དང༌། དེ་དག་གི་རྟེན་གནས་མལ་གྱི་གཞི་བཤད་པ་དང་ལྔ་ལས། དང་པོ་ལ་གསུམ་ལས། དང་པོ་གསོ་སྦྱོང་གི་གཞི་བཤད་པ་ལ། རྩ་བར། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་སྒོམཔར་མི་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བརྒྱད་ལས། དང་པོ་གླེང་གཞི་ནི། སངས་རྒྱས་རྒྱལ་བོའི་ཁབ་ན་བཞུགས་པའི་ཚེ། དགེ་བསྙེན་འགའ་ཞིག་མུ་སྟེགས་བྱེད་ཀྱི་ནང་དུསོང་སྟེ་གཏམ་སྣ་ཚོགས་བྱས་པས་མུ་སྟེགས་བྱེད་ཁ་ཅིག་དང་ཤེས་ལྡན་བདག་ཅག་འབའ་ཞིག་ལའདུག་པ་དང་བྱ་བ་དང་གསོ་སྦྱོང་ཡོད་དམ། འོན་ཏེ་ཤཱཀྱའི་བུ་དགེ་སྦྱོང་དག་ལའང་ཡོད། འགའཞིག་ན་རེ་འུ་ཅག་ཁོ་ན་ལ་ཡོད་ཀྱི་དེ་དག་ནི་སྙིང་རྗེ་ཆུང་བ་དང་འདུ་འཛི་ལ་དགའ་བས་མེད་ཟེར་བ།

དགེ་བསྙེན་རྣམས་ཀྱིས་གཏམ་དེ་བཅོམ་ལྡན་འདས་ལ་གསོལ་ཏེ་གསོ་སྦྱོང་བྱེད་པར་ཞུས་པས་ཅང་མི་གསུངས་བར་གནང་སྟེ་དེ་རྗེས་དགེ་སློང་དག་དེང་ཕྱིན་ཆད་འདུག་པ་དང་བྱ་བ་དང་གསོ་སྦྱོངགྱིས་ཤིག ཅེས་གསུངས་པས། དགེ་སློང་རྣམས་ཀྱིས་ཇི་ལྟར་བྱེད་མ་ཤེས་པར་ཞུས་པས་བཅོམ་ལྡན་འདས་ཀྱིས་འདུག་པ་ནི་རྣལ་འབྱོར་ཏེ་ལུས་འདི་ལ་རྐང་མཐིལ་ཡན་ཆད་ལ་མི་གཙང་བའི་རྫས་སོ་དྲུག་གིས་གང་བར་རྟོགས་ཤིང༌། ཞེས་གསུངས་པས་ཞི་གནས་ཀྱི་གསོ་སྦྱོང་བསྟན། ལུང་ལས། བྱ་བ་ནི་ཞེས་པས་གསོལ་བ་འབའ་ཞིག་པ་དང་གསོལ་གཉིས་ཀྱི་ལས་དང་གསོལགཞིའི་ལས་གནང་ངོ། །གསོ་སྦྱོང་ནི་ཟླ་བ་ཕྱེད་ཕྱེད་སོ་སོ་ཐར་བའི་མདོ་འདོན་པས་སོ། །ཞེས་པས་མཐུན་པའི་གསོ་སྦྱོང་རྣམས་གནང་ངོ། །ཞེས་གསུངས་པའོ། །གཉིས་པ་གསོ་སྦྱོང་གི་དབྱེ་བལ། དབྱེ་བའི་གཞི་ནི་ཆོས་འདི་པའི་དགེ་སྦྱོང་གི་གསོ་སྦྱོང་མཚན་ཉིད་དང་ལྡན་པའཽ། ། དབྱེ་བའི་སྒོ་དུས་སམ་དགོས་པ་ཐ་དད་ཀྱི་སྒོ་ནས་ཕྱེ་བས་གསོ་སྦྱོང་དྲུག་སྟེ། ཞི་གནས་ཀྱི་གསོ་སྦྱོངདང༌། མཐུན་པའི་གསོ་སྦྱོང་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བ་བཟློག་པའིགསོ་སྦྱོང་དང༌། གསོ་སྦྱོང་བཅོ་ལྔ་པ་དང༌། བཅུ་བཞི་པའོ། །

གསུམ་པ་གསོ་སྦྱོང་གི་བསྡུ་བ་ནི།

ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུསཏེ། ཀརྨ་ཤ་ཏཾ་ལས། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། ཞེས་ཞི་གནས་ལས་གཞན་ལྔ་པོདེ་དག་གསུངས་པས་སོ། །

བཞི་བ་གསོ་སྦྱོང་གི་མཚན་ཉིད་ནི། ཆོས་འདི་པའི་རབ་བྱུང་གི་གསོ་སྦྱོང་གི་མཚནཉིད་ནི། ཆོས་འདི་པའི་དགེ་སྦྱོང་གི་བསླབ་པ་ཡོངས་སྦྱོང་ཡིན་པ་གང་ཞིག ཉེས་པ་ཕྱིར་བཅོསཔ་དངོས་གཞིར་གྱུར་པ་མ་ཡིན་ལ་དབྱར་ཚུལ་དང་དགག་དབྱེ་ཡིན་པ་རྣམ་བཅད་ཀྱི་ངོ་བོར་གྱུརཔ། ཞེས་མཚོ་ཊཱིཀ་ལས་སོ། །ཆོས་འདི་བ་ཞེས་པས་ཕྱི་རོལ་བའི་གསོ་སྦྱོང་ཡོད་པར་ལུང་ལསགསུངས་པ་དེ་གཅོད། འདི་བས་དགེ་སྦྱོང་གི་ཞེས་པས་རྩ་བར། ཁྱིམ་པ་ལ་ཡང་གསོ་སྦྱོང་དང་སྐྱབསསུ་འགྲོ་བ་དང་ཞེས་པས་ཁྱིམ་པའི་དེ་གཅོད། བསླབ་པ་ཡོངས་སུ་སྦྱོང་བ་ཞེས་པས་ལྟུང་བ་གླེང དྲན་བརྗོད་བཅས་ཕུར་བཅས་ལྟུང་བ་བྱིན་རླབས་སོགས་བསལ་བའོ། །མཚན་ཉིད་དེ་ལྟར་བཞག་པ་ལ་དགེ་སློང་གི་རྒྱུད་ཀྱི་དྲན་ཤེས་བཞིན་བག་ཡོད་གསུམ་ཆོས་ཅན། མཚོན་བྱ་དེར་ཐལ།

མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་གང་ཡངམ་ཡིན་པའི་ཕྱིར་ཟེར་ན་ཞིབ་ཆ་མཛད་པར་ཞུའོ། །

ལྔ་པ་གསོ་སྦྱོང་གི་གྲངས་ངེས་པ་ནི།

དགོས་པ་ལ་ལྟོས་པའི་གྲངས་ངེས་པ་སྟེ། སྤང་བྱལ་ལྟོས་ནས་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། སྤང་བྱ་སྔར་བསགས་དག་པར་བྱེད་པདང༌། ཕྱིས་འབྱུང་རྒྱུན་སྡོམ་པ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་གསུངས་པའི་ཕྱིར་ཏེ། ཀརྨཤ་ཏཾ་ལས། སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱངས་པ་ཡིན་པས། དེ་ནི་ཞི་གནས་ཀྱི་གསོ་སྦྱོངགིས་སྦྱོང་བར་བྱེད་དོ། །ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམ་པ་ཡིན་པས་དེ་ནིམཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །ཞེས་གསུངས་སོ། །བླང་བྱ་ལ་ལྟོས་ནས་ཀྱང་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་ལ་མཐུན་པའི་གསོ་སྦྱོང་དང༌། སེམས་དང་ཤེས་རབ་་ཡོངས་སུ་སྦྱོང་བ་ལ་ཞི་གནས་ཀྱི་གསོ་སྦྱོང་ངོ༌། །དེ་ཡང་ཀརྨ་ཤ་ཏཾ་ལས།

མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞི་གནས་ཀྱི་གསོ་སྦྱོང་ནི་ལྷགཔའི་སེམས་དང་ཤེས་རབ་ཀྱི་དབང་དུ་བྱས། ཞེས་གསུངས་སོ། །

དྲུག་པ་གསོ་སྦྱོང་གི་གོ་རིམ་ངེས་པ་ནི་གཉིས་ལས། ཞི་གནས་ཀྱི་གསོ་སྦྱོང་དང་པོརབསྟན་པའི་འཐད་པ་ནི། བརྗོད་བྱ་དོན་གྱི་ཆ་ནས་གཙོ་བོ་ཡིན་པའི་ཕྱིར་དང༌། རྗོད་བྱེད་ཀྱི་ཆ་ནསཡི་གེ་ཉུང་བའི་ཕྱིར་ཏེ། ཊཱི་ཀ་ལས། གཙོ་བོ་ཡིན་པའི་ཕྱིར་དང༌། བརྗོད་པར་བྱ་བ་ཉུང་བའམ་དེདང་པོར་ཞི་གནས་ཀྱི་གསོ་སྦྱོང་བཤད་པར་བྱའོ། །ཞེས་སོ། །མཐུན་པའི་གསོ་སྦྱོང་འདི་ཞི་གནསཀྱི་གསོ་སྦྱོང་གི་ཕྱི་ནས་བསྟན་པའི་འཐད་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་དང་ཞི་གནས་ཀྱི་གསོ་སྦྱོངགི་གཞུང་ལ་ལྟོས་ཏེ། ཡི་གེ་མང་བའི་ཕྱིར་རོ། །

བདུན་པ་གསོ་སྦྱོང་གི་སྒྲ་བཤད་པ་ནི།

ཀརྨ་ཤ་ཏཾ་ལས། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པགསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། ཞེས་གསུངས་ཏེ། གསོ་སྦྱོང་སྤྱིའི་སྒྲ་བཤད་པའོ། །

བྱེ་བྲག་ཏུ་མཐུན་པའི་གསོ་སྦྱོང་གི་སྒྲ་བཤད་པ་ནི། ཊཱི་ཀ་ལས། གསོ་སྦྱོང་ཞེས་བྱ་བ་ནི་ཚུལཁྲིམས་གསོ་ཞིང་སྦྱོང་བ་སྟེ། ཞེས་གསུངས་སོ། །

བརྒྱད་པ་གསོ་སྦྱོང་བྱ་བའི་ཚུལ་ལ་ཞི་གནས་ཀྱི་གསོ་སྦྱོང་བྱ་བའི་ཚུལ་དང་མཐུན་པའི་གསོ་སྦྱོང་བྱ་བའི་ཚུལ་གཉིས། དང་པོ་ལ་ལྔ་ལས། དང་པོ་དགོས་པ་ནི་དངོས་སུ་བྱིང་རྒོད་སྤོང་ཞིང་བརྒྱུད་ནས་ཉོན་མོངས་པ་མཐའ་དག་སྤོང་བའོ། །གཉིས་པ་གང་དུ་བསྒོམ་པའི་གནས་ནི། གནས་མ་ཡིནཔ་སྤང་ཞིང་གནས་སུ་ཡང་དག་པར་སྒོམ་པའོ། །གསུམ་པ་རྟེན་གང་གིས་བསྒོམ་པ་ནི། དྲུག་ལས།

༡ཚུལ་ཁྲིམས་དག་པ་དང༌། ༢མང་དུ་ཐོས་པ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡནཔས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། །སོ་སོ་ཐར་པ་ལས། མང་དུ་ཐོས་པ་ནགས་ཀྱིནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་སོ། །༣འདོད་པ་ཆུང་བ་༤ཆོག་ཤེས་ཏེ། ཉན་ཐོས་ཀྱི་ས་ལས། འདོད་ཆུང་ཆོག་ཤེས། ཞེས་གསུངས་པ་དང༌། གཞན་དུ་ན་མཉམཔར་འཇོག་མི་ནུས་པའི་ཕྱིར་རོ། །༥གདམས་ངག་དང་ལྡན་པ་སྟེ། གདམས་ངག་མེད་པར་བསྒོམཔར་མི་བྱ་བ་དང༌། ཞེས་པ་དང༌། གཞན་དུ་ན་དགོས་པ་མེད་ཅིང་དགག་བྱ་དང་ལྡན་པའི་ཕྱིར་རོ། །

༦ལུས་སེམས་དབེན་པ་སྟེ། མངོན་པར་འདུ་བར་ཡང་མི་བྱ། ཞེས་པ་དང༌། གཞན་དུ་མཉམ་པརའཇོག་མི་ནུས་པའི་ཕྱིར་རོ། །

བཞི་པ་དངོས་པོ་གང་སྒོམ་པ་ནི།

མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལྟ་བུ་ཅིརིགས་པའོ། །ལུང་མ་མོ་ལས། སྐྱིལ་མོ་ཀྲུང་འཆོས་ཏེ། ལུས་དྲང་པོར་སྲོང་ལ་དྲན་པ་མངོན་དུབཞག་སྟེ། ལུས་འདི་ལ་རེག་པར་བྱ་བ་བརྒྱད་སྤང་བར་བྱའོ། །འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོནནོ། །དུག་གོ །མི་རྟག་པའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ། །འོན་ཏེ་མིནུས་ན་ལངས་ཏེ་ཀློག་པ་རྒྱུན་ཆགས་གསུམ་བཀླག་གོ། །ཞེས་གསུངས་སོ། །ལྔ་པ་ཚུལ་ཇི་ལྟརབསྒོམ་པ་ལ་གཉིས་ལས། དང་པོ་བྱིང་བ་སྤང་བའི་ཕྱིར་གཉིད་བྲོ་ན་གདོས་བུ་གདགས་པ་ལསོགས་པ་བྱའོ། །གདོས་བུ་ནི་ཕྲན་ཚེགས་འགྲེལ་བ་ལས། གདོས་བུ་ནི་བྱང་བུའི་རྣམ་པ་ཅན་དུ་ཤིངགཞོགས་པ་མཐོ་གང་གི་ཚད་དུ་བྱས་པ་དེ། སྐུད་པས་རྣ་བ་ལ་དཔྱངས་པའམ་མགོ་བོའི་སྟེང་དུབཞག་ན་རབ་ཏུ་གཉིད་ཡུར་ཏེ་གཡོ་བའི་ཚེ། དེ་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངསཔའི་ཐབས་ཡིན་ནོ། །ཞེས་གསུངས་སོ། ། གཉིས་པ་རྒོད་པ་སྤང་བའི་ཕྱིར་སྤོང་བ་པའི་ཞལ་ཏ་བ་བསྐོ་བ་ལ། རྩ་བར། སྤོང་བ་པའི་ཞལ་ཏ་བབསྐོའོ་ཞེས་པ་འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། སྤོང་བ་པ་བདེ་བརགནས་ཤིང་ཡིད་དལ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བའོ། །གཉིས་པ་ཡུལ་གང་བསྐོ་བ་ནི།ཆོས་བཅུ་བཞི་དང་ལྡན་པ་སྟེ། དེ་ཡང་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ༧མཚམསཀྱི་ནང་ན་གནས་པ་སྟེ། མཚམས་གཞན་ན་གནས་པ་ནི། ཞེས་གསུངས་པས་སོ། །འགྲོ་བ་བཞིདང་བྲལ་བ་སྟེ། ༨འདུན་པ་དང་༩ཞེ་སྡང་དང་༡༠གཏི་མུག་དང་༡༡འཇིགས་པས་འགྲོ་བ་དང་བྲལབ་ཞེས་སོ། །༡༢སྤྲོ་བ་དྲིས་ནས་སྤྲོ་བ་སྟེ། སྤྲོ་བར་བྱས་ཏེ་བསྐོའོ་ཞེས་གསུངས་ལ། བསྐོ་བའི་ལསལ་སྤྲོ་བ་མི་འདྲི་ན་ཆོས་མ་ཡིན་པའི་ལས་སུ་འགྱུར་བའི་ཕྱིར་རོ། །༡༣སྔར་སྐོས་པ་དང་མ་འབྲེལབ་སྟེ། སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ། །༡༤ཚོགས་སུ་མ་ལོངས་པ་སྟེ། ཚོགསཀྱི་ལས་མི་བྱའོ། །ཞེས་དང༌། གཞན་དུ་ཚོགས་ཙམ་དུ་ནུས་པ་མཐུ་མཉམ་པས་གུས་པ་མི་འདྲེནཔའི་ཕྱིར་རོ། །བསྙེན་རྫོགས་ཀྱི་དམིགས་བསལ་ནི་དགེ་ཚུལ་རྣམ་དག་ཆོ་ག་རྗེས་སུ་བསྒྲག་པའི་ཚུལ་གྱིས་བསྐོས་ཀྱང་རུང་ངོ༌། །གསུམ་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིདབཞི་ལྡན་གྱིས་སོ། །བཞི་བ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོརབ་སྤྲོ་བ་འདྲི་བ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོདཔའོ། །ལྔ་པ་བསྐོ་བའི་བསླབ་བྱ་ནི་གཞུང་འདི་ཉིད་ལས་ཤེས་པར་འགྱུར་རོ། །ཏིང་ངེ་འཛིནབསྒོམ་པའི་འཕྲོ་གཅོད་པ་ན་སྤོང་བ་པ་རྣམས་ཀྱིས་རྒྱུན་ཆགས་གསུམ་པ་ཁ་ཏོན་དུ་གདོན་ཅིངཏིང་ངེ་འཛིན་སྒོམ་པ་ཅི་བདེར་འཕྲོ་གཅད་པར་བྱའོ། །སྐབས་འདིར་སྤོང་བ་པའི་ཞལ་ཏ་བས་ནིསྤོང་བ་པ་རྣམས་ལ་ད་ནི་ཅི་བདེར་སྤྱོད་ཅིག་ཅེས་སྦྲན་པར་བྱ་སྟེ། འགྲེལ་ཆུང་ལས།བསམ་གཏན་དུ་ཞུགས་པ་རྣམས་ཀྱིས་དུས་མི་རིག་པའི་ཕྱིར་ཞེས་བཤད་དོ། ། ཊཱི་ཀལས་རྒྱུན་ཆགས་གསུམ་པ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ་ཞེས་བཤད་དོ།། སུས་བཤད་པར་བྱ་ཞེ་ན། ལུང་དང་ཀརྨ་ཤ་ཏཾ་ལས། གནས་བརྟན་གྱིས་ཡོན་བཤད་པར་བྱའོ། །ཞེས་གསུངས་སོ། །

གཉིས་པ་མཐུན་པའི་གསོ་སྦྱོང་བཤད་པ་ལ།

གསོ་སྦྱོང་བྱ་བའི་གནས་ཀྱི་ཁྱད་པར་དང༌། འདུན་པ་དང་ཡོངས་དག་འབུལ་བ་དང༌། ཆོ་གའི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལབློ་མཐུན་པར་བྱེད་པའི་དགེ་འདུན་གྱི་གནས་དང༌། མཚམས་གཅད་ཚུལ་དང་གཉིས། དང་པོ་ནི། རྩ་བར། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །ཞེས་གསུངས་པའི་དོན་བཤད་པ་ལ་ལྔ་ལས། དང་པོ་གནས་ལ་བློ་མཐུན་བྱས་པའི་དགོས་པའི་དོན་ནི། སྤྱིར་གནས་ལ་བློ་མཐུནབྱས་པས་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་ལ། བྱེ་བྲག་ཏུ་ལས་ཀྱིས་བྱས་པས་ཀླགཅོར་དུ་མི་འགྱུར་བའོ། །གཉིས་པ་གནས་གང་ལ་བློ་མཐུན་བྱ་བ་ལ་བཞི་ལས། དང་པོ་ནི་གན༷ས་ཐ༷མས་ཅ༷ད་སྐྱེས་བུའི་རྩོལ་བས་མ་བྱས་པར་རང་གྲུ༷བ་པ་བྲག་ཕུག་ལ་སོགས་པའ༷མ་སྐྱེས་བུའི་རྩོལ་བས་བྱ༷ས་ཀྱང་བྱས་མ་ཟིན་པ༷འ༷མ་བྱས་ཟི༷ན་པ༷འི་གནས་གསུམ་ལས་གང་ཡང་རུང་བཡིན་པ་སྟེ། རྩ་བར། གནས་ཐམས་ཅད་གྲུབ་པའམ་བྱས་པའམ་ཟིན་པ་ལའོ། །ཞེས་གསུངསཔས་སོ། །དེ་གསུམ་ལས་གཞན་དུ་མི་འཆགས་ཏེ། གནས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །དབྱེཐང་ཀ་སྐྱབས་མེད་པ་ལ་བློ་མཐུན་བྱ་བ་མེད་པར་ཐལ། བཤད་མ་ཐག་པ་དེའི་ཕྱིར། འདོདམི་ནུས་ཏེ། བློ་མཐུན་བྱས་པའི་དོན་དེ་ལ་ཡོད་པའི་ཕྱིར་དང༌། རྩ་བར། དགོན་པ་ནི་ཕྱོགས་ཕྱོགསསུ་རྒྱངས་གྲགས་ཀྱི་མཐའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཚོ་ཊཱིཀ་ལས། འོན་ཀྱང་དབྱེ་ཐང་ཀ་ལ་གནས་ལ་བློ་མཐུན་མི་བྱ་སྟེ། སྐྱབས་ཀྱི་ཞེན་པ་འབྱུང་རུང་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད་འཚལ་ལོ། །གཉིས་པ་ཉེ་འཁོར་འདོམ་གང་ཡནཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའོ། །ཞེས་གསུངས་པ་དང་གཞན་དུ་ནབདེ་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གསུམ་པ་དགེ་འདུན་བཞེད་པ་ཡིན་པ་སྟེ། དགེ་འདུནའདོད་ནའོ། །ཞེས་གསུངས་པ་དང༌། གཞན་དུ་ན་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །བཞི་པ་སྔརབློ་མཐུན་བྱས་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་རྟེན་གང་གིས་བློ་མཐུན་བྱ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་བློ་མཐུན་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །ལྔ་པ་བློ་མཐུནབྱས་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང༌། རྟེན་ཞིངམ་ཡིན་པར་གྱུར་པ་དང༌། གནས་ཞིང་མ་ཡིན་པར་གྱུར་པའོ། །

གཉིས་པ་མཚམས་གཅད་པའི་ཚུལ་ལ།

ལས་ཀྱི་མཚམས་དང་རང་བཞིན་གྱི་མཚམས་གཉིས། དང་པོ་ལ་མི་འདུ་བ་དགག་པའི་ཕྱིར་མཚམས་པོ་ཆེ་གཅད་པ་དང༌། འདུ་བ་ཁྱབ་ཆེས་པ་སྤོང་ཕྱིར་དཀྱིལ་འཁོར་བ་གཅད་པ་དང་གཉིས། དང་པོ་ལ་དངོས་དང༌། ཆོས་གོས་དང་མིའབྲལ་བར་གནང་བ་སྦྱིན་པ་གཉིས། དང་པོ་ནི། རྩ་བར། མཚམས་གཅད་པར་བྱའོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ། །ཞེས་གསུངས་པ་འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་མཚམས་པོ་ཆེ་བཅད་པའི་དགོས་པ་བཞི་ཡོད་དེ། སྤྱིར་ལས་ལ་དགེ་སློང་ཐམས་ཅད་འདུ་དགོས་ཤིང༌། བྱེ་བྲག་ཏུ་གསོ་སྦྱོང་དང་དགག་དབྱེའི་ལས་ལ་ཐམས་ཅད་འདུས་པས་ཀུནདག་པར་འགྱུར་བ་དང༌། ཆོས་གོས་དང་འབྲལ་བ་ཚེགས་ཆུང་ངུས་སྤོང་བ་དང༌། དབྱར་འདྲལབའི་ཉེས་པ་སྤང་སླ་བ་དང༌། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པས་ཀྱང་སྲ་བརྐྱངགི་ཕན་ཡོན་ཐོབ་པའོ། །གཉིས་པ་གནས་གང་ལ་མཚམས་པོ་ཆེ་བཅད་པ་ནི་ལྔ་ལས། དཔགཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ཡིན་པ་དང༌། ཕྱོགས་བཞིར་མཚན་མ་བརྟན་པོ་དང་ལྡན་པ་དང༌། ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་དང༌། སྔར་མཚམས་བཅད་པ་དངམ་འབྲེལ་བ་དང༌། གཞན་གྱིས་མཚམས་བཅད་པའི་མཚན་མ་བརྟན་པོ་བཙུགས་པ་མིན་པ་དངལྔའོ། །ལུང་གཞི་དང་ཀརྨ་ཤ་ཏཾ་ལས། གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་མཚམས་ཆེནཔོ་གཅོད་ཅེས་གསུངས་པས་སོ། །གསུམ་པ་རྟེན་གང་གིས་མཚམས་པོ་ཆེ་བཅད་པ་ནི། དགེའདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་མཚམས་པོ་ཆེ་བཅད་པ་ནི། སྦྱོརདངོས་མཇུག་གསུམ་མོ། །སྦྱོར་བ་ནི་རྒྱུས་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེའདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་པའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་མཚམས་པོ་ཆེ་བཅད་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང༌། ཕྱོགས་བཞིའི་མཚན་མ་བརྟན་པོཞིག་པ་དང༌། ཆུ་ལ་སོགས་པ་མཚམས་གཞན་བྱུང་བ་དང༌། རྟེན་དགེ་སློང་ཐམས་ཅད་ཞིང་མཡིན་པར་གྱུར་པ་དང༌། ཆོ་གས་ཀྱང་གཞིག་ཏུ་རུང་བའོ། །

གཉིས་པ་ཆོས་གོས་དང་མི་འབྲལ་བར་གནང་བ་སྦྱིན་པ་ལ།

རྩ་བར། དེར་གནང་བརབྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ། །དེ་བྱའོ། །ཞེས་བྱུང༌། འདིའི་དོན་བཤདཔ་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི་མཚམས་པོ་ཆེའི་ནང་དེར་དགེ་སློང་ཐམས་ཅད་ཀྱིསགནས་གང་དུ་ཆོས་གོས་བཞག་ཀྱང་འབྲལ་བའི་ཉེས་པར་མི་འགྱུར་བ་ཡིན་ཏེ། ལུང་གཞི་ལས། མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བསྦྱིན་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གཞི་གང་ལ་མི་འབྲལ་བའི་གནང་བ་བྱ་བ་ལ། ས་གཞི་དེར་མི་འབྲལ་བའི་གནང་བ་བྱིན་ཟིན་པ་དང་མ་འབྲེལ་བ་དང༌། ཆོ་གའི་སྒོནས་མཚམས་བཅད་པ་གང་ཡིན་པ་དང་གཉིས། དང་པོ་ནི། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་ནི་མཚམས་པོ་ཆེ་བཅད་པའམ། མཚམས་བུ་ཆུངབཅད་པའི་ནང་ཡིན་པ་སྟེ། ལུང་གཞི་ལས། མཚམས་ཆེན་པོའི་ནང་དུ་དགེ་སློང་ཆོས་གོས་དགདང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །ཞེས་གསུངས་ལ། ལུང་ཞུ་བ་ལས། བཙུན་པ་མཚམསབུ་ཆུང་ངུ་ཡང་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བར་བློ་མཐུན་པར་བགྱི་བའམ། གལཏེ་འདོད་ན་བློ་མཐུན་པར་བགྱིའོ་ཞེས་གཞི་འགྲེལ་དུ་ལུང་དྲངས་ཤིང༌། ཀརྨ་ཤ་ཏཾ་ལས་ཀྱངམཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱས་པའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ་གལ་ཏེ་འདོདན་སྦྱིན་པར་བྱའོ། །ཞེས་གསུངས་པས་སོ། །གསུམ་པ་རྟེན་གང་གིས་མི་འབྲལ་བའི་གནང་བབྱ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་མི་འབྲལ་བའི་གནངབ་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །ལྔ་བ་མི་འབྲལ་བའི་གནང་བ་འཇིག་པའི་རྒྱུ་ནི། སྔར་བཤད་པའི་མཚམས་འཇིག་པའི་རྒྱུ་ཀུན་གྱིས་འདི་ཡང་འཇིག་སྟེ། འདིའི་རྟེན་ཞིག་པའི་ཕྱིར། གྱང་ཞིག་པའི་རི་མོ་བཞིན་ནོ། །

དྲུག་པ་གནང་བ་དང་སྒྲུབ་པའི་དོན་ལ། དངོས་དང་ཞར་ལསབྱུང་བ་གཉིས། །དང་པོ་ནི།

ས་གཞི་ལ་མི་འབྲལ་བའི་གནང་བ་བྱ་བ་འདི་ནི་ཅི་དགར་འཇུགཔ་གནང་བའི་བསླབ་པ་ཡིན་ཏེ། ཀརྨ་ཤ་ཏཾ་གྱི་དཀྱིལ་འཁོར་བར་ཆོས་གོས་དང་མི་འབྲལ་བའིགནང་བ་སྦྱིན་པའི་སྐབས་སུ། གལ་ཏེ་འདོད་ན་སྦྱིན་པར་བྱའོ། །ཞེས་གསུངས་ཤིང༌། མཚམསཔོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པཞར་ལ་བྱུང་བ་ནི་མཚམས་པོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ནི། མཚོ་ཊཱིཀ་ལས། མཚམསཔོ་ཆེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བར་ཆོས་གོས་བཞག་སྟེ། མཚམས་པོ་ཆེའི་ནངགི་དབྱེ་ཐང་ཀ་ལྟ་བུར་དགེ་སློང་ཉལ་ན། ཆོས་གོས་དང་འབྲལ་ལམ་མི་འབྲལ་ཞེ་ན། འབྲལབའི་ཉེས་པར་འགྱུར་ཏེ། མི་འབྲལ་བའི་གནང་བ་འཆགས་པ་ནི་ལས་མཚམས་གཅིག་ཡིན་པལ་ལྟོས་ལ་མཚམས་པོ་ཆེ་དང་དཀྱིལ་འཁོར་བ་གཉིས་ནི་ལས་མཚམས་ཐ་དད་པའི་ཕྱིར་རོ། །

རང་བཞིན་གྱི་མཚམས་གཅིག་གི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བར་ཆོས་གོས་བཞགསྟེ། རང་བཞིན་གྱི་མཚམས་ནང་དེར་དགེ་སློང་ཉལ་ན་ཆོས་གོས་དང་འབྲལ་ལམ་མི་འབྲལ་ཞེ་ནམི་འབྲལ་ཏེ། དཀྱིལ་འཁོར་བར་བཅད་པས་ལས་ལ་ལྟོས་པའི་མཚམས་ཐ་དད་དུ་གྱུར་ཀྱང༌།

འབྲལ་བ་ལ་ལྟོས་པའི་མཚམས་ཐ་དད་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེལ་འོ་ན་ལྕགས་རི་རྩིག་པ་གཅིག་གིས་བསྐོར་བའི་ནང་དུ་ཡོད་པ་བདག་པོ་ཐ་དད་པའི་ཁང་མིགགཞན་དུ་ཆོས་གོས་བཞག་ནས་རང་ཉིད་ཁང་མིག་གཞན་དུ་ཉལ་ནས་སྐྱ་རེངས་ཤར་ཡང་འབྲལལྟུང་མི་འབྱུང་བར་ཐལ། རང་བཞིན་གྱི་མཚམས་གཅིག་ཏུ་དགེ་སློང་དང་ཆོས་གོས་གཉིས་གནས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། བདག་པོ་གཅིག་མ་ཡིན་པའི་བར་གྱི་མཚམསརྣམས་ནི་ཐ་དད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མཚམས་གང་གཙོ་དཔྱད་དོ། །

གཉིས་པ་འདུ་བ་ཁྱབ་ཆེས་པ་སྤོང་ཕྱིར་དཀྱིལ་འཁོར་བ་བཅད་པ་ལ།

རྩ་བར། ཐམསཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། ། ཞེས་སོགས་བྱུང༌། འདིའི་དོན་བཤད་པལ་ལྔ་ལས། དང་པོ་དཀྱིལ་འཁོར་བར་བཅད་པའི་དགོས་པའི་དོན་དགེ་འདུན་འདུ་བ་ཁྱབ་ཆེསཔ་སྤོང་ཞིང༌། དགེ་སློང་རྣམས་ཀྱི་དགེ་བ་གཞན་ཉམས་པར་འགྱུར་བ་སྤང་བ་སྟེ། ལུང་གི་གླེངགཞི་ལས། དགེ་སློང་རྣམས་བཞིའི་ཚོགས་ཀྱི་ལས་བྱ་བ་ལ་སོགས་པ་ལ་མཚམས་པོ་ཆེ་དེ་ནཡོད་པའི་དགེ་འདུན་ཐམས་ཅད་སྡུད་པར་བྱེད་པ་ན། དགེ་སློང་རྣམས་ཀྱི་དགེ་བའི་ཕྱོགས་ཉམསཔར་གྱུར་པ་ལ་བརྟེན་ནས། དཀྱིལ་འཁོར་བར་བཅད་པར་གསུངས་སོ། །གཉིས་པ་གནས་གང་དུ་དཀྱིལ་འཁོར་བ་བཅད་པ་ལ་དྲུག་ལས། དང་པོ་ནི་གདིང་བ་བཞི་བཅུ་དང་བསྒྲུབ་བྱ་ཤོང་བསྟེ། ལུང་ཞུ་བ་ལས། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་བསྒོ་བ་ཤོང་བའོ། །ཞེས་གསུངས་སོ། །

གནས་ཀྱི་ཚད་དེ་ཙམ་ཞིག་ཏུ་དགེ་སློང་མའི་དབྱུང་བ་བྱེད་ན་ཡང་དགེ་སློང་ཕ་མ་བཞི་བཅུ་བསྒྲུབབྱ་ཡུལ་དང་བཅས་པ་ཤོང་བར་འགྱུར་བས་རིགས་པས་ཀྱང་འཐད་དོ། །འོ་ན་མཚམས་བུ་ཆུང་དངདཀྱིལ་འཁོར་བ་གཅིག་གམ་ཐ་དད། དང་པོ་ལྟར་ན་ཀརྨ་ཤ་ཏཾ་ལས་དཀྱིལ་འཁོར་བ་དང་མཚམསཔོ་ཆེ་དང༌། མཚམས་བུ་ཆུང་བཅད། ཅེས་གསུངས་པ་དང༌། ཊཱི་ཀ་ལས། མཚམས་ཆེན་པོ་དང༌།

མཚམས་ཆུང་ངུ་དང༌། དཀྱིལ་འཁོར་བའི་མཚམས། ཞེས་པ་དང༌། བསྡུས་པ་ལས་ཀྱང༌། མཚམསབུ་ཆུང་བཅད་པར་བྱ། ཡང་ན་དཀྱིལ་འཁོར་བ་གཅད་པར་བྱ་ཞེས་ཐ་དད་དུ་བཤད་པ་དང་འགལལོ། །གཉིས་པ་ལྟར་ན་དཀྱིལ་འཁོར་བ་བཅད་པའི་སྐབས་ཀྱི་ལུང་གཞི་ལས། མཚམས་བུ་ཆུངབཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །ཞེས་གསུངས་ཤིང༌། གཞི་འགྲེལ་ལས།

མཚམས་བུ་ཆུང་ཞེས་བྱ་བ་ནི་དཀྱིལ་འཁོར་བ་སྟེ་ཞེས་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་གཅིགཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། ཁྱབ་ཆེ་ཆུང་ཐ་དད་པ་སྟེ། ལུང་ཞུ་བ་ལས། མཚམསཆེན་པོ་ཆོད་ཅིག་ཅེས་གསུངས་ན། ཚད་ཇི་ཙམ་ཨུ་པ་ལི་དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུནཆད་ནི་ཐམས་ཅད་ཆུང་ངུ་སྟེ་དཀྱིལ་འཁོར་བ་གང་དུ་གྲངས་བཞི་བཅུར་བསྒོ་བ་ཤོང་བའོ། །ཞེསགསུངས་སོ། །བསྡུས་པ་ལས་ཀྱང་མཚམས་པོ་ཆེ་ནི་དཔག་ཚད་ཕྱེད་དང་གསུམ་མོ། །མཚམསབུ་ཆུང་ནི་དེ་ཚུན་ཆད་ནས་དཀྱིལ་འཁོར་བའི་བར་དུའོ་ཞེས་བཤད་དོ། །དེས་ན་དཔག་ཚད་ཕྱེད་དང་གསུམ་པས་ནི་ཆུང་ཞིང༌། དཀྱིལ་འཁོར་བའི་ཚད་པས་ནི་ཆེ་བའི་མཚམས་བཅད་པ་ནི་མཚམསབུ་ཆུང་ཡིན་ལ་དཀྱིལ་འཁོར་བ་མ་ཡིན་ནོ། །གདིང་བ་བཞི་བཅུ་འདིངས་བ་ཤོང་བ་ཙམ་གྱིམཚམས་བཅད་པ་ནི་མཚམས་བུ་ཆུང་ཡང་ཡིན་ལ་དཀྱིལ་འཁོར་བ་ཡང་ཡིན་ཏེ། དཀྱིལ་འཁོར་བ་ཡིན་པ་ལ་མཚམས་བུ་ཆུང་ཡིན་པས་ཁྱབ་ཅིང༌། མཚམས་བུ་ཆུང་ཡིན་པ་ལ་དཀྱིལ་འཁོརབ་ཡིན་པས་མ་ཁྱབ་བོ། །གཉིས་པ་རང་བཞིན་གྱི་མཚམས་རྒྱ་ཆེན་པོའི་མཚམས་པོ་ཆེ་གཅོད་པར་འགྱུར་བའི་ནང་ཁོངས་ཡིན་པ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་ཕྱོགསབཞིའི་མཚན་མ་བརྟན་པོ་དང་ལྡན་པ་སྟེ། ལུང་གཞི་ལས། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་བབཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས།

བྱང་ཕྱོགས་སུ་ནི་སྲོལ་གཏོད་པ་ལགས། ཞེས་གསུངས་པས་སོ། །གཞན་དུ་ན་མི་འཆགས་ཏེ།

འཆགས་པའི་རྟེན་མེད་པའི་ཕྱིར་རོ། །བཞི་པ་ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ། མཚམསབུ་ཆུང་ནི། ཞེས་གསུངས་པས་སོ། །ལྔ་པ་སྔར་མཚམས་བཅད་པ་དང་མ་འབྲེལ་བ་སྟེ། སྔ་མབག་ཡངས་སུ་མ་བྱས་པར། ཞེས་གསུངས་པས་སོ། །དེས་ན་སྔར་མཚམས་པོ་ཆེ་བཅད་ན་ཡང༌། དེབཀྲལ་ནས་དཀྱིལ་འཁོར་བ་བཅད་ཅིང༌། སླར་ཡང་མཚམས་པོ་ཆེས་བསྐོར་དུ་རུང་བའོ། །དྲུགཔ་གཞན་གྱིས་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་མཚམསཔོ་ཆེའི་སྐབས་ལྟར་རོ། །གསུམ་པ་རྟེན་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། དགེ་འདུན་མཚནཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་དཀྱིལ་འཁོར་བ་བཅད་པ་ནི་གསོལ་གཉིས་ཀྱི་ལས་ཀྱིས་ཏེ། སྦྱོར་དངོས་མཇུག་གསུམ་སྔར་མཚམས་པོ་ཆེ་བཅད་པ་དང་འདྲའོ། །ལྔ་པ་དཀྱིལའཁོར་བ་འཇིག་པའི་རྒྱུ་ནི། མཚམས་པོ་ཆེ་འཇིག་པའི་རྒྱུ་སྔར་བསྟན་པ་དང་འདྲའོ། །ཁྱད་པརམཚམས་པོ་ཆེའི་ནང་ན་དགེ་སློང་ཡོད་ན་མཚམས་དེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོརབའི་ནང་ན་དགེ་སློང་མེད་ཀྱང༌། དཀྱིལ་འཁོར་བ་མི་འཇིག་སྟེ་ཊཱི་ཀ་ལས། གནས་རང་དབང་མེདཔ་ཡིན་པས་དེའི་ཕྱིར་ཞེས་བཤད་དེ། གནས་དེ་འཇིག་པ་ལ་རང་དབང་མེད་པ་དེའི་ཕྱིར། ཞེསཔའོ། །ཟླ་ཟེར་ལས། སྔར་མཚམས་པོ་ཆེ་བཅད་ཟིན་ནས་ཕྱིས་དཀྱིལ་འཁོར་བར་བློ་མཐུནབྱ་བར་འདོད་ན་སྔར་བཅད་པའི་མཚ༷མས་པོ་ཆེ་ད༷ག་དགྲོ༷ལ་བ༷ར་བྱའོ༷། །དཀྱིལ་འཁོར་བ་ཡངདགྲོལ་བར་འདོད་ན་དགྲོལ་བར་བྱའོ། །མཚམས་དགྲོལ་བ་གཉིས་ཀ་གསོལ་བཞིའི་ལས་ཀྱིསབྱའོ། །ལས་བྱེད་པ་གཅིག་གིས་ཚི༷ག་གཅི༷ག་ལས་ཀྱི་ཆོ་ག་གཅིག་གི༷ས་མཚ༷མས་པོ་ཆེ་དང་དཀྱིལའཁོར་བ་གཉི༷ས་ཅིག་ཆར་གཅ༷ད་པ་དང་ཅིག་ཆར་དགྲོ༷ལ་དུ༷་རུ༷ང་ངོ༷། །ཞེས་གསུངས་པའོ། །

གཉིས་པ་རང་བཞིན་གྱི་མཚམས་ནི།

རྩ་བར། མཚམས་མ་བཅད་པའི་ལས་ལ་རྩིག་པམཚམས་ཡིན་ནོ། །༼བརྒྱ་ཕུག་འདྲ་བའི་རྩིག་པ་མེད་ན༽ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཡང་ངོ། །གྲོང་ལ་༼གསོ་སྦྱོང་ལ་སོགས་པའི་ལས་བྱེད་ན་སྔར་འབྲལ་བའི་སྐབས་ལྟར་གྲོང་གི༽ཉེ་འཁོར་གྱི་མཐའ་ཚུནཆད་དོ། །དགོན་པ་༼ཐང་སྟོང༽ལ་ནི་དབུས་ནས་༼ཕྱོགས་ཕྱོགས་སུ༽རྒྱང་གྲངས་ཀྱི་མཐའ་ཚུན་ཆད༼ལས་ལ་མཚམས་ཡིན་པར་བཤད༽དོ། །ཞེས་གསུངས་སོ། །

གཉིས་པ་འདུན་པ་འབུལ་བ་དང་ཡོངས་དག་འབུལ་བ་ནི།

རྩ་བར། འདུན་པ་འབུལབ་ལས་དེ་དང་མཐུན་པར་གྲུབ་བོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བདུན་ལས། དང་པོ་དགོས་པའི་དོན་ནི་འདུན་པ་ཕུལ་བས་མཐུན་པ་འགྲུབ་ཅིང༌། ཡོངས་དག་ཕུལ་བས་གསོསྦྱོང་དང་དགག་དབྱེ་ལ་བདག་ཉིད་དག་པར་འགྱུར་བ་སྟེ། འདུན་པ་ཕུལ་བ་ལས་དེ་དང་མཐུནཔ་འགྲུབ་བོ། །ཞེས་དང༌། ལུང་གཞི་ལས། དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའིཕྱིར་ཡོངས་སུ་དག་པ་ཕུལ་བ། ཞེས་གསུངས་པས་སོ། །ཀརྨ་ཤ་ཏཾ་ལས་ཀྱང༌། བདག་ཉིད་ཡོངསསུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་ན། དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དེའིའདུན་པ་བླང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་འདུན་པ་དང་ཡོངས་དག་ཡུལ་གང་ལབླང་བ་ནི། འདུན་པ་བླང་བའི་ཡུལ་ལ་བརྒྱད་ལས། མཚམས་ཀྱི་ནང་ན་གནས་པ་དང༌། ལས་ཀྱིཁ་སྐོང་བར་འོས་པ་སྟེ། གཞན་དུ་ན་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པས་འདུན་པ་ཕུལ་བ་ལདགོས་པ་མེད་པའི་ཕྱིར་རོ། །ལུས་སམ་འདུན་པས་མ་འདུས་པ་སྟེ། གཞན་དུ་ན་དོན་མེད་པའིཕྱིར་རོ། །གང་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་ཆད་པ་བཅད་པའི་ལསགསུངས་པ་དོན་མེད་དུ་འགྱུར་པའི་ཕྱིར་རོ། །མྱོས་པའི་གནང་བ་མ་ཐོབ་པ་སྟེ། གཞན་དུ་ན་བགཡངས་དང་འབྲེལ་བའི་ཕྱིར་རོ། །ངེས་པར་ཤེས་སམ་འཕྲིགས་པ་ཡིན་པ་སྟེ། གཞན་དུ་ན་འདུནཔ་ལེན་འདོད་ཀྱི་ཀུན་སློང་མི་འབྱུང་བའི་ཕྱིར་དང༌། མ་འདུས་པར་ལས་བྱེད་པའི་ཀུན་སློང་མིའབྱུང་བའི་ཕྱིར་རོ། །དངོས་སུ་གྲངས་ཀྱི་ཁ་སྐོང་བར་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་དགེ་འདུནགྱི་གྲངས་མི་ཚང་བའི་ཕྱིར་དང༌། ལུང་གཞི་ལས། གང་ན་དགེ་སློང་བཞི་འཁོད་པ་དེར་ནི་གསོ་སྦྱོངབྱའོ། །དེར་ནི་འདུན་པ་དང་ཡོངས་སུ་དག་པ་བླང་བར་མི་བྱའོ། །ཞེས་གསུངས་སོ། །དངོས་སུ་མིའདུ་བའི་རྐྱེན་དང་ལྡན་པ་སྟེ། ན་བ་དང་དབང་མེད་པ་དང༌། ཞེས་དང༌། གཞན་དུ་ན་རྐྱེན་མེད་པསའདུན་པ་འབུལ་བར་མི་འོས་པའི་ཕྱིར་རོ། །ཡོངས་དག་བླང་བའི་ཡུལ་ནི། འདུན་པ་བླང་བའིཡུལ་བརྒྱད་སྔར་བསྟན་པ་དེ་ལ། ལས་ཀྱི་ཁ་སྐོང་བར་འོས་ཞེས་སྔར་བསྟན་པའི་གནས་སུ་བསྙེནརྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་སྦྱར་ཞིང༌། འདུན་པས་མ་འདུས་ཞེསསྔར་བསྟན་པའི་གནས་སུ་ཡོངས་དག་མ་ཕུལ་བ་ཡིན་ཞེས་སྦྱར་ཏེ། གཞན་སྔར་དང་འདྲའོ། །

གསུམ་པ་རྟེན་གང་གིས་བླང་བ་ནི།

ཆོས་བཅུ་གཉིས་དང་ལྡན་པ་སྟེ། དགེ་སློང་ཆོས་བདུན་ལྡན་གྱིསྟེང་དུ། འགྲོ་བ་བཞི་དང་བྲལ་བ་དང༌། བླངས་པ་དང་མ་བླངས་པའི་བྱེ་བྲག་ཤེས་པ་སྟེ། གཞནདུ་ན་དགོས་པ་མེད་པའི་ཕྱིར་རོ། །བཞི་བ་གཞི་གང་ལ་བླང་བ་ནི་མཚམས་བཅད་པའི་ལས་མ་གཏོགས་པ་ལས་ཐམས་ཅད་ལ་འདུན་པ་བླང་དུ་རུང་ངོ། །ཡོངས་དག་ནི་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་སྟེ། གསོ་སྦྱོང་དང་དགག་དབྱེ་ལའོ། །ཞེས་གསུངས་ཤིང༌། རྣམ་དག་གི་ལས་འདིགཉིས་འབའ་ཞིག་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །

ལྔ་བ་ཆོ་ག་ཇི་ལྟར་བྱ་བ་ནི།

ཆོ་ག་ཉི་ཤུ་རྩ་ལྔ་ཅི་རིགས་ཏེ། འདུན་པ་རྐྱང་པ་དང༌། གསོསྦྱོང་གི་ཡོངས་དག་རྐྱང་པ་དང༌། དགག་དབྱེ་རྐྱང་པ་འབུལ་བ་དང༌། འདུན་པ་དང་གསོ་སྦྱོང་གིཡོངས་དག་གཉིས་ཚོགས་དང༌། འདུན་པ་དང་དགག་དབྱེ་གཉིས་ཚོགས་འབུལ་བ་དང་ལྔ་པོགཞིར་བྱས་ཏེ། དང་པོ་གནས་བརྟན་གྱིས་ལེན་དུ་བཏང་བ་ལྔ། འབུལ་ལམ་འདྲི་བ་ལྔ། འབུལ་བལྔ། གནས་བརྟན་གྱིས་བླངས་སམ་འདྲི་བ་ལྔ། ལེན་པ་པོས་བརྗོད་པ་ལྔའོ། །དྲུག་པ་བླངས་ནསབསླབ་བྱ་ནི། བརྒྱུག་པར་མི་བྱ་བ་ལ་སོགས་པའོ། །བདུན་པ་འདུན་པ་དང་ཡོངས་དག་འཇིག་པའིརྒྱུ་ནི་ཞག་ལོན་པ་དང༌། ཡུལ་དང་རྟེན་མཚམས་གཞན་དུ་སོང་བ་དང༌། དགེ་འདུན་གྱི་ནང་དུ་མཕྱིན་པར་ཡུལ་དང་རྟེན་ཤིའམ་བབས་པ་ལ་སོགས་པའོ། །

གསུམ་པ་ཆོ་གའི་ཁྱད་པར་བཤད་པ་ལ།

རྩ་བར། གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོར་ཐར་བའི་མདོ་གདོན་པས་སོ། །དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བདུན་ལས། དང་པོ་དགོས་པའི་དོན་ལ། ཚུལ་ཁྲིམས་དག་པར་འགྱུར་བ་དང༌། ཆོས་དག་པར་འགྱུར་བ་དང༌། གསོ་སྦྱོང་མ་བྱསཔའི་ཉེས་བྱས་ཁེགས་པ་དང་གསུམ། དང་པོ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནགསོ་སྦྱོང་གསུངས་ལ་ཞེས་བཤད་དེ། གསོ་སྦྱོང་གི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུངབ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པ་བྱས་ན་གསོ་སྦྱོང་བྱེད་པ་ཡིན་པསཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ན་དགག་དབྱེགསུངས་ཞེས་བཤད་ཅིང༌། འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིགཉིད་ཡིན་ནོ་ཞེས་དགོས་པ་གཅིག་ཡིན་པར་བཤད་པས་ཆོས་དག་པ་དེ་གསོ་སྦྱོང་གི་ཡང་དགོསཔ་ཡིན་པར་གྲུབ་བོ། །ཆོས་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པརའགྱུར་བ་སྟེ། དགེ་བའི་བསམ་པ་མངོན་གྱུར་དང་བཅས་ཏེ་གསོ་སྦྱོང་བྱེད་པའི་ཕྱིར་དང༌། དུསའདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ལ་བརྟེན་ནས་མི་རྟག་པ་དྲན་པས་ཆགས་སྡང་ལསོགས་པ་ཉོན་མོངས་པ་མངོན་དུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ། །

གཉིས་པ་གནས་གང་དུ་གསོ་སྦྱོང་བྱ་བ་ལ།

དངོས་དང་ཞར་ལ་གཎྜི་བཤད་པ་དང་གཉིས། དང་པོ་ནི། གནས་ཆོས་ལྔ་ལྡན་ནོ། །དེ་ཡང་གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །ཞེས་གསུངས་པ་དང༌། གཞན་དུ་ན་ཆོ་ག་མི་ཚང་བའིཕྱིར་རོ། །ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའི། ཞེསགསུངས་པ་དང༌། གཞན་དུ་ན་བློ་མཐུན་གྱི་ཆོ་ག་དང་འགལ་བའི་ཕྱིར་རོ། །མཚམས་པོ་ཆེའིནང་ཡིན་པ་སྟེ་ལུང་གཞི་ལས། མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོསྦྱོང་དང་དགག་དབྱེ་བྱའོ། །ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེསློང་ཀུན་གསོ་སྦྱོང་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོདཔའི་ཕྱིར་དང༌། དེ་ལྟ་ན་ཡང་དཀྱིལ་འཁོར་བར་བྱའོ་ཞེས་དམིགས་བསལ་དུ་གསུངས་པའི་ཕྱིརརོ། །གཙང་ཞིང་ཡངས་པ་ཡིན་པ་སྟེ། གསོ་སྦྱོང་གི་གནས་དག་ཏུ་ཕྱག་བདར་བྱ་བ་ཉིད་དོ། །ཞེས་གསུངས་པ་དང༌། གཞན་དུ་ན་འདུལ་བ་ནས་གསུངས་པའི་ཚུལ་ལུགས་དང་མི་མཐུན་པའིཕྱིར་རོ། །འཇིགས་པའི་ཉེན་ཅན་མ་ཡིན་པ་སྟེ། འཇིགས་པ་དང་བཅས་པ་ཉིད་ཡིན་ན། ཞེསགསུངས་པ་དང༌། གཞན་དུ་ན་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ཞར་ལ་གཎྜི་ནི། རྩབར། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ། །དེའི་གནས་ནི་ཁང་སྟེང་ངོ། །དགེ་འདུན་འདུ་བའི་ཕྱིར་ནིརྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ། །ལས་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ཞེས་སོགས་ཀྱི་སྐབས་སུ་གཎྜིའི་རྒྱུ་ནི་ཙནྡན་དང་རྒྱ་ཤུག་དང་སྟག་པ་དང་སྟར་ཁ་དངའོམ་བུ་དང་སེང་ལྡེང་དང་འོད་མ་དང་ཙནྡན་དམར་པོ་དང་བརྒྱད་དང༌། དེའི་སྟེང་དུ་རྒྱ་གར་ནཡོད་པའི་ཤིང་བདུན་དང་བཅོ་ལྔ་སྟེ་གང་འཛོམ་ལ་བྱེད་ཅེས་མཚོ་ཊཱིཀ་ལས་སོ། །དེའི་ཚད་ནི་སྲིདདུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག ངོས་ལ་སོར་གཉིས། ཟུར་གཉིས་བཅུམ་ཞིང་བཞོགས་པལ་སོར་གཉིས་གཉིས་ཏེ་སོར་བརྒྱད་རྩེ་མོ་གཉིས་སྦལ་བའི་མགོ་བཞིན་དུ་བྱའོ། །དེ་བརྡུང་བའིཤིང་ཡང་གོང་དུ་བསྟན་པའི་ཤིང་འབྲས་བུ་ཅན་དེ་ཉིད་ལས་བྱས་པ། སྲིད་ཚད་དུ་ཡུ་བ་དངབཅས་སོར་ཉེར་བཞི་པ་ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ་བཞིན་དུ་བྱའོ། །མཚོ་ཊཱིཀ་ལས། སྲིད་དུ་སོར་བཅུ་གཉིས་གསུངས་པ་ནི་ཡུ་བ་མ་ཡིན་པའི་དབང་དུ་བྱས་པ་འདྲ། ཡང་མཚོ་ཊཱིཀ་ལས། ཟུར་གཉིས་བཅུམ་ཞིང་བཞོགས་པ་ལ་སོར་བརྒྱད་བརྒྱད་ཅེས་པ་ཡི་གེ་མ་དག་པར་སྣང་སྟེ། ཟུར་བཞི་བཅུམ་ཞིང་བཞོག་པ་སོ་སོར་གཉིས་གཉིས་ཏེ་བརྒྱད་ཡིན་པའི་ཕྱིར་རོ། །དེའི་རབ་ཏུགནས་པ་ནི་བཀྲ་ཤིས་པའི་ཚིག་བྲི་བ་དང་སེར་སྔགས་བྲི་བར་བྱ་སྟེ་བརྡུངས་པ་ལས་གནོད་པ་ཞི་བའི་དགོས་པ་ཡོད་པས་སོ། །སྟེང་ཁང་ལྟ་བུ་ཐམས་ཅད་ཀྱི་ཐོས་པའི་གནས་ནས་གཎྜི་ལ་ཕྱགགསུམ་འཚལ་ནས་བརྡུང་ལུགས་ནི། མཚོ་ཊཱིཀ་ལས། བརྡུང་ལུགས་ལ་ཉ་ལྟར་བརྡུང་བ་དང༌།

མདོ་ལས་བསྐྱེད་པའི་རིམ་པ་ལྟར་བརྡུང་བ་དང༌། གྲངས་དང་རྒྱུད་གཅིག་ལ་སུམ་ཅུ་རྩ་ལྔ་ཡོད་དོ། །

ཞེས་གསུངས་པ་ལྟར་བསམ་གཏན་ལ་མཉམ་པར་བཞག་པ་སོགས་ལ་གནོད་པ་སྤང་བའི་ཕྱིརཤིང་ཚ་ལན་གསུམ་བྱས་ནས་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང༌། བཅུ་དགུ་ནས་མཚོ་ཊཱིཀལྟར་སོ་ལྔའི་བར་ཇེ་ཆུང་དུ་བརྡུང་བ་ནི་ཉ་གང་བ་ལྟར་བརྡུང་བ་ཡིན་ལ། དེ་ནི་རྒྱུད་གཅིག་གོ། །

ཀུན་མཁྱེན་འཇམ་བཞད་ཀྱིས་བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་བརྡུང་བར་གསུངས་སོ། །གཅིག་ནས་སོ་ལྔའི་བར་ཇེ་ཆེ་བརྡུང་བ་ནི་བསྐྱེད་པའི་རིམ་པ་ལྟར་བརྡུང་ཚུལ་ཡིན་པར་སྣང་ངོ། །

བརྡུང་ཚུལ་ལ་ལྔ་ཡོད་དེ། དགེ་འདུན་འདུ་བའི་ཆེད་དུ་རྒྱུད་གསུམ་དང་ཏོག་སྒྲ་ཆེན་པོ་གསུམ་བྱབ་དང༌། ལས་བརྒྱ་རྩ་གཅིག་གང་རུང་བྱ་བ་ལ་འདུ་བའི་ཆེད་དུ་རྒྱུད་གཅིག་དང་ཏོག་གསུམ།

ཤི་བའི་རོ་དབྱུང་བའི་དོན་དུ་ཏོག་མེད་པའི་རྒྱུད་གཅིག་གམ་རྒྱུད་གཅིག་དང་ཏོག་གཅིག་ཀྱངབཤད་པ་ཡོད་དོ། །སེར་བ་སོགས་གནོད་པ་ཞི་བའི་ཆེད་ཇི་ཙམ་ཆོག་གི་བར་རིམ་པས་བརྡུང་བདང༌། དགེ་འདུན་ཟས་ལ་འདུ་བའི་ཆེད་གཎྜི་ཆེ་ཆུང་གཉིས་ཀ་བརྡུང་བར་བྱའོ། །གཎྜི་ཆུང་ངུ་ནི་འཁར་བསིལ་མ་ཡིན་ཏེ། དེའི་ཚད་སོར་བཅུ་གཉིས་སམ་ཉེར་བཞིར་བྱ་བ་བསྡུས་པ་ལསགསུངས་པའི་ཕྱིར་དང༌། གཞི་འགྲེལ་ལས་འཁར་བསིལ་དེ་ཡི་དོད་དུ་གསུངས་པའི་ཕྱིར་རོ། །རྡུང་བ་པོ་རབ་བྱུང་སྡེ་ལྔ་དང་དགེ་བསྙེན་གསོ་སྦྱོང་ལ་གནས་པ་ཡན་ཆད་ཀྱིས་བརྡུང་རུང་བ་ཡིནཔར་གསུངས་སོ། །གསུམ་པ་རྟེན་གང་གིས་གསོ་སྦྱོང་བྱ་བ་ནི། སྤྱིར་བཏང་ལ་དགེ་འདུན་མཚནཉིད་བཞི་ལྡན་གྱིས་སོ། །དགེ་སློང་འཁྲུལ་བཅས་ལྟ་བུ་ལས་ཀྱི་ཁ་སྐོང་བར་མི་འོས་པས་ཀྱང་གསོསྦྱོང་འགྲུབ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དངདགག་དབྱེ་བྱས་པ་ནི་བྱས་པ་ཉིད་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །བཞི་བ་དུས་གང་གི་ཚེ་གསོསྦྱོང་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་སོ། །རིགས་པས་ཀྱང་འཐདདེ། མཚན་མ་གསལ་བས་གསོ་སྦྱོང་མི་བརྗེད་པའི་ཕྱིར་དང༌། དུས་བཟང་བས་གཉེན་པོ་སྟོབསཆེ་ཞིང་སྤྲོ་བ་དང་མཐུན་པའི་ཕྱིར་རོ། །དེ་ཡང་ལོ་གཅིག་ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉི་ཤུརྩ་བཞི་ཡོད་པ་ལས། ཉ་བཅུ་གཉིས་དང་སྟོང་དྲུག་སྟེ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པའོ། །སྟོངདྲུག་ནི་གསོ་སྦྱོང་བཅུ་བཞི་པའོ། །གསོ་སྦྱོང་བཅུ་བཞི་པ་ཡང་ཚེས་བཅོ་ལྔ་ལ་བྱ་དགོས་ཏེ། རྩབར། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ནི་ཚེས་ཞག་གིདབང་དུ་བྱས་པའོ། །གསོ་སྦྱོང་བཅུ་བཞི་པ་ནི་ཉིན་ཞག་གི་དབང་དུ་བྱའོ། །དེ་ཡང་མཐའ་གཅིགཏུ་མ་ངེས་པར་ཐལ། རྩ་བར། དུས་ཉིད་ཀྱི་ཕྱིར་ནི་གང་མང་བ་རྣམས་ཀྱི་རྗེས་སུ་འཇུག་པརབྱ་བ་ཉིད་ཡིན་ནོ། །མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱིའོ། །ཞེས་དང༌། ལས་ལནི་འདས་ན་ཉི་མ་ཤར་བའིའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྤྱིར་བཏང་དམིགས་བསལགྱི་སྒོ་ནས་གོང་འོག་མི་འགལ་བར་བྱ་དགོས་སོ། ། འོ་ན་ལོའི་འགོ་གང་ནས་བཟུང་སྟེབརྩི་ཞེ་ན། འགྲེལ་ཆུང་ལས། སྟོན་ཟླ་ཐ་ཆུང་ཉ་བ་ནས་འགོ་བཟུང་སྟེ་བརྩིའོ། །ཞེས་སོ། །སྟོནཟླ་ཐ་ཆུང་ནི་ངོས་འཛིན་ལུགས་ལ། མཚོ་ཊཱིཀ་སོགས་ཀྱི་ལུགས་དང༌། མཛོད་དང་འདུལ་བ་བདུདརྩིའི་ཉིང་ཁུ་སོགས་ཀྱི་ལུགས་དང་གཉིས་ལས། དང་པོ་ནི་མཚོ་ཊཱིཀ་ལས། སྨིན་དྲུག་གིས་ཉ་བའིཟླ་བ་དེ། ༡ཉི་མའི་སྙིང་པོའི་མདོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངསའགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱའོ། །ཞེས་གསུངས་པ་དང༌། ༢རྒྱ་ཆེར་རོལ་པ་ལས་ཀྱང་དཔྱིད་ཟླཐ་ཆུང་གི་ཚེ་སྐར་མ་ས་ག་ལ་བབ་པ་ཞེས་པ་ས་གས་ཉ་བ་ལ་མངོན་པར་བྱང་ཆུབ་པའི་དུས་དཔྱིདཟླ་ཐ་ཆུང་ཡིན་པར་གསུངས་པ་དང༌། ༣ལས་བརྒྱ་པའི་རྒན་པོ་སྐྱེས་ཀྱི་བྱུང་བ་ལས། དབྱར་གྱིཚུལ་ཞུགས་ཐོན་པའི་ཚེ་ན་ལྗོན་ཤིང་རྣམས་ཀྱི་འདབ་མ་སྐྱ་བོར་འགྱུར་ཞིང༌། སྤང་པོ་ཁ་དོགསེར་པོར་འགྱུར་བར་གསུངས་པ་དང༌། ༤ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དབྱར་ཚུལཞུགས་ཐོན་ནས་ཟླ་བ་ཕྱེད་ཀྱི་མཐའ་ལས་འདས་པར་རས་ཆེན་འཆང་ན་ཆར་གོས་མི་དགོས་པའིདུས་སུ་ཆར་གོས་འཆང་བའི་ལྟུང་བ་འབྱུང་བར་གསུངས་པ་དང༌། །༥ཁྲུས་བྱེད་པའི་སྐབས་ཀྱིདགེ་སློང་ཕ་མའི་ལུང་རྣམ་འབྱེད་གཉིས་ཀ་ལས་ཀྱང་དབྱར་སྔ་མ་ཁས་ལེན་པའི་སྔ་རོལ་ཟླ་བཕྱེད་དང་གཉིས་ནས་ཚད་པ་ཚ་བའི་དུས་ཡིན་པར་བཤད་པ་དང༌། ༦ལུང་དགེ་སློང་མའི་རྣམ་འབྱེདལས་ཀྱང༌། སོ་ག་རྣམས་ཀྱི་ཐ་མ་ལ་ཉི་མ་ཕྱེའི་དུས་ན་ལྗོན་ཤིང་རང་གི་གྲིབ་མས་ཁྱབ་ཅིང་འདུགཔ་ཉེ་འཁོར་ཡིན་ནོ། །ཞེས་གསུངས་པ་དང༌། ༧བསྡུས་པ་ལས་ཀྱང༌། དཔྱིད་རྣམས་ཀྱི་ཟླ་བ་ཐམའི་ཉི་མ་ཕྱེའི་གྲིབ་མ་དང་རླུང་གིས་མ་བསྐྱོད་པའི་འདབ་མ་ས་ལ་གར་ལྟུང་བ་ཉེ་འཁོར་ཡིནནོ། །ཞེས་གསུངས་པ་དང༌། ༨སྨིན་དྲུག་གིས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ནས་སྨིན་དྲུགགིས་ཉ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་ལྗོན་ཤིང་རང་གྲིབ་རང་ལ་འཁོར་བ་དེ་སོ་ག་རྣམསཀྱི་ཐ་མ་ལ་འབྱུང་གི་དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་རོ། །

གཞུང་དེ་རྣམས་ཐམས་ཅད་དང་མཐུན་པར་འགྱུར་གྱི་དབྱུག་གུས་ཉ་བའི་མར་ངོ་ནས་ལོ་འགོབཟུང་ན་གཞུང་དེ་རྣམས་ཐམས་ཅད་དང་མི་མཐུན་ནོ། །༩མེ་ཏོག་ཕྲེང་རྒྱུད་ལས། ས་ག་དངནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུགཔོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་གསུངས་པ་དང༌། དགེ་ཚུལ་གྱི་ལོ་དྲི་བ་ལས་ཀྱང༌། རྒྱལདང་དབོ་དང་ས་ག་དང༌། །ཆུ་སྟོད་ཁྲུམས་སྟོད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །

ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་སྨིན་དྲུག་གིས་ཉ་བའི་མར་ངོ་གསོ་སྦྱོང་བཅུ་བཞི་པརགསུངས་པ་དེ་ཡང༌། དབྱུག་གུས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་འགལ་བར་འགྱུར་ལ། སྨིན་དྲུག་གིས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་གཞུང་དེ་གཉིས་དང་ཡང་ཤིན་ཏུ་མཐུན་ཏེ།

རྒྱ་གར་གྱི་ལུགས་ཀྱིས་ཟླ་བ་རང་རང་གི་མར་ངོ་སྔོན་དུ་འབྱུང་ཞིང༌། ཡར་ངོ་ཕྱིས་འབྱུང་སྟེ། མརངོའི་ཚེས་གཅིག་ལ་ཟླ་བའི་འགོ་བྱས་ནས། ཉ་ནི་ཟླ་བའི་མཇུག་ཡིན་པར་སྡེ་སྣོད་གསུམ་གལས་གསུངས་སོ། །དེ་ལྟར་ན་སྨིན་དྲུག་གིས་ཉ་བའི་ཕྱི་དེ་ཉིན་པར་ནས་ལོའི་འགོ་བཟུང་སྟེ། ཞེས་སྒྲུབ་བྱེད་དགུ་དང་བཅས་ཏེ་གསུངས་སོ། །འོན་ཀྱང་སྒྲུབ་བྱེད་དེ་དག་སྒྲུབ་བྱེད་འགྲོ་ཚུལ་ལདཔྱད་པར་བྱའོ། །མཚོ་ཊཱིཀ་དང་གསུངས་ཟིན་འདྲ་བར་མེ་ཏོག་ཕྲེང་རྒྱུད་ལས། དེ་བཞིན་ཁྲུམསསྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཞེས་དང༌། གྲོ་ཞུན་ཟླ་བ་ཚེས་གཅིགལ། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་དང༌། གུང་ཐང་བློ་གྲོས་རྒྱ་མཚོའི་འདུལ་བའི་ཡིག་ཆར།

མདོ་རྩ་བའི་རྒྱ་གཞུང་ལས། ཚེས་གཅིག་ལའོ། །ཆུ་སྟོད་ཅན་གྱི་བར་མ་ཆད་པའིའོ། །ཡང་ནགྲོ་ཞུན་ན་ལས་སོ། །ཞེས་པ་ཡོད་པར་གསུངས་སོ། །

གཉིས་པ་ནི།

འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ལོ་འགོ་ངོས་འཛིན་ལུགས་ལ། ཉ་ཚེས་དབྱུག་པ་གང་ཡིན་པ། དེ་ནི་སྟོན་ཟླ་ཐ་ཆུང་ཡིན། །ཞེས་དགུ་པའི་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང༌། །དེ་ལོ་འགོར་བྱེད་པ་མང་ཡང༌། ལུང་དེ་ཁུངས་མ་མིན་ལ། མདོ་སྡེ་ཉི་མའི་སྙིང་པོར། ཟླ་གྲངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པརབྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་ཉ་ལ་ཐ་སྐར་བྱུང་པས་སྟོན་ཟླ་འབྲིང་པོ་ཡིན་ལ། ཉ་དེས་ལོ་སྐོར་རྫོགས་ནས་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པའི་ལུགས་ནི། དྲང་སྲོང་རྔ་བོངགི་ལུགས་དེ་དུས་ཀྱི་དབང་དུ་བྱས། དེ་ནས་ད་བར་ཟླ་བ་གཅིག་དང་ཞག་བཅུ་གཉིས་བཅུ་གསུམགྱིས་ཉི་མ་བཟློག་པ་སྔར་སོང་ཞེས་བུ་སྟོན་རིན་པོ་ཆེས་གསུངས། དེ་ལྟར་ཐ་སྐར་གྱིས་ཉ་བའིཕྱི་དེ་ཉིན་ནས་ལོ་མགོ་འཛིན་པའི་ལུགས་དང༌། སྨིན་དྲུག་གིས་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པའི་ལུགས་གཅིག་དང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནསམཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཞེས་དང༌། དེའིའགྲེལ་བཤད་དུ། དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་བཞི་ཡིནལ་ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ་དེ་ལ་སྟོན་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །ཞེས་གསུངས་པས། མར་ངོ་སྔོན་འགྲོའི་སྟོན་ཟླ་ར་བ་དགུན་རྣམས་ཀྱི་ནི་བཞི་པ་ཞེས། དགུན་ཉི་དཔྱིད་ཟླ་ར་བ་ལ་ཟློག་པར་གསུངས་པ་དེང་སང་གི་ཉི་མ་ཟློག་མཚམསདང་འགྲིག་པས། དེ་ལུགས་ཀྱི་ཁྲུམས་ཀྱིས་ཉ་བའི་ཕྱི་དེ་ཉིན་ནས་ལོ་མགོ་འཛིན་པར་འདོདཔའི་ལུགས་དང་གསུམ་ལས། ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པ་དེ་ཕྱེད་འདས་དང༌། གསོསྦྱོང་བཅུ་བཞི་པ་ཅུང་ཟད་མི་འགྲིག་པའི་སྐྱོན་ཡོད་ལ། སྨིན་དྲུག་གི་ཕྱི་དེ་ཉིན་ནས་འཛིན་པ་ནིདབྱར་སྔ་ཕྱིའི་དགག་དབྱེ་གཡུལ་ཐོན་ནས་བྱ་དགོས་པ་དང༌། ཆུའི་རླབས་བྲི་ཞིང༌། ཤིང་ལོའིའདབ་མ་སེར་པོར་གྱུར་ཀྱང༌། དྲུག་སྡེའི་དགག་དབྱེ་མ་བྱས་སོ། །ཞེས་འཕྱ་བའི་གཞིར་གྱུར་པའིཕྱིར་ཞེས་གསུང་ཞིང༌། རས་ཆེན་དགག་དབྱེ་ཐོན་ནས་ཟླ་བ་ཕྱེད་བཅངས་པ་དགོས་མེད་དུའགྱུར། ཞེས་སོ། ། དེ་ལྟར་ལུགས་གསུམ་ལས་ཕྱི་མ་འདི་རིགས་པར་སེམས་སོ། །ཁ་ཅིག

དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པ་དང༌། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པ་སྟོན་དཔྱིདཉིན་མཚན་མཉམ་པ་སྟོན་པར་འདོད་པའང་མི་འཐད་དེ། དབྱར་ཟླ་གཉིས་པ་ཞེས་པ་མར་ངོ་སྔོནའགྲོའི་སྟོན་ཟླ་ར་བ་ཡིན་ལ། དེ་ལ་སྟོན་ཟླ་ར་བའི་ཡར་ངོ་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོབརྒྱད་མཚན་མོ་ཡུད་ཙམ་བཅུ་གཉིས་སུ་གསུངས་ཏེ། གདགས་པར། སྟོན་ཟླ་ར་བའི་ཡར་གྱིངོའི་ཚེས་བརྒྱད་ལ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད་ལ། གདགས་པར། མཚན་མོ་ནི་ཡུད་ཙམ་བཅུགཉིས་སུ་བཤད་པས་སོ། །ཞེས་དང༌། དེ་ཡང་མཛོད་འགྲེལ་བཤད་དང་བཅས་པའི་རྗེས་སུ་འབྲངསཏེ། དགུན་ཉི་མ་མར་ངོ་སྔོན་འགྲོའི་དཔྱིད་ཟླ་ར་བའི་ངོ་ལ་ཟློག་པར་གསུངས་པ་དེ། བཅུ་གཅིགཔའི་མར་ངོ་ནས་བཅུ་གཉིས་པའི་ཉའི་བར་ལ་འབྱུང་བས་དེ་དཔྱིད་ཟླ་ར་བ་ཡིན་ལ། དེ་ལྟར་རྩིས་པའི་ཧོར་ཟླ་བཞི་པའི་ཉས་དབྱར་ཟླ་འབྲིང་པོ་རྫོགས་ཤིང༌། དེ་ཉིན་དབྱར་སྔ་མའི་སྦྱོར་བ་བྱའོ། །འོ་ན། འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །

སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེ་གཅིག་ཅེས་ནི་ཕྱི་མར་གྲགས། །

ཞེས་གསུངས་པ་དང་འགལ། ཞེ་ན། དེ་ནི་ཉ་ལ་སྐར་མ་དབོ་བྱུང་བ་དཔྱིད་ཟླ་ར་བར་བྱེད། དེའིངོ་ལ་དགུན་ཉི་ཟློག་པའི་དུས་སྔ་མའི་དབང་དུ་བྱས་པ་ཡིན་ཞིང༌། དེང་སང་ཉ་ལ་སྐར་མ་དབོ་བབཔའི་ཚེའི་ཟླ་བ་ལ་དགུན་ཉི་དང་པོ་ཟློག་པ་མི་སྲིད་ཅིང༌། དང་པོ་དྲང་སྲོང་རྔ་བོང་གི་དུས། དབོའིཟླ་བ་ལ་ཉི་མ་ཟློག་པ་ཡོད་པར་ཉི་མའི་སྙིང་པོར་གསུངས་པ། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །

དགུན་ཟླ་ཐ་ཆུང་རང་བཞིན་ཡང༌། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོའི་ཕྱོགས་སུ་ཕྱིནནས་ཀྱང༌། །ཉི་མ་ཡོངས་སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་པར་ཡང་ནི་བཅུ་གཉིས་ཡིན། །རྒྱལ་ཡང་མཚན་མོ་འཐབ་པར་བྱེད། །ཉི་མའི་མདུན་ན་མོན་གྲེ་ཡིན། །ཞེས་དང༌། ཟླ་གྲངས་ཚེས་གཅིག་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡི། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་ཕྱོགས་སུ་ནི་ཁ་བལྟས་ནས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཅེས་གསུང་པས་སོ། །བོད་ན་སྔ་མ་ལྟར་ཕྱག་ལེན་མཛད་པ་མང་ཡང་རྒྱ་གར་གྱི་དུས་བཞིའི་འགྱུར་བསོགས་ལེགས་པར་ཤེས་པ་དག་གིས་དཔྱད་པར་བྱ་བའི་གནས་དུ་མ་ཡོད་དོ། །ཟླ་བཤོལ་དོར་བ་ནི་རྩིས་ལ་ཤིན་ཏུ་མཁས་པའི་གཞུང་ལུགས་ཀྱིས་ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་ན་ཟླ་བ་ལྷགརེ་འབྱུང་བར་བརྩི་བ་ནི་ཕྲ་བ་ནས་བརྩི་བའི་གཞུང་ལུགས་ཡིན་ནོ། །འདུལ་བའི་སྐབས་འདིརནི་རགས་རིམ་ནས་བརྩི་བའི་ལུགས་སུ་བྱས་ཏེ། རྒྱལ་པོའི་རྗེས་སུ་འབྲང་ཞེས་སོ། །ལུང་གླེངགཞི་ལས། རྒྱལ་པོ་དག་ནི་ལོ་གསུམ་གསུམ་ཞིང་བཤོལ་འདོར་བར་བྱེད་དོ། །ཞེས་གསུངས་སོ། །དེཡང་བརྩི་ལུགས་ལ་རྒྱ་གར་གྱི་རྒྱལ་པོ་ནི་མོ་ཟླ་དྲུག་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པས་ཞག་ལྷག་པོདྲུག་དང་དབྱར་ཉི་མ་ལྡོག་མཚམས་སུ་ཞག་གཉིས་དང་དགུན་ཉི་མ་ལྡོག་མཚམས་སུ་ཞག་གཉིས་ཏེ་ལོ་གཅིག་ལ་ཞག་ལྷག་པོ་བཅུ་འབྱུང་བས། ལོ་གསུམ་ལ་ཟླ་བ་གཅིག་ལྷག་སྟེ་བཤོལཟླ་བ་གཅིག་འདོར་བར་བྱའོ་ཞེས་སོ། །ལིའི་རྒྱལ་པོ་ནི་དུས་མཐའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །དེ་སུམ་ཅུ་ལ་ཐང་ཅིག་གོ །དེ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ །དེ་སུམ་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ཡིན་ཡང༌། འོན་ཀྱང་ཉིན་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་དགུུ་དང་ཐངཅིག་ལྔ་ལས་མི་འདའ་བས། ཞག་རེ་ལ་ཐང་ཅིག་ཉི་ཤུ་རྩ་ལྔའི་བཤོལ་འབྱུང་ངོ༌། །དེ་བསགསཔས་ཟླ་བ་རེ་ལ་ཡུད་ཙམ་ཉི་ཤུ་རྩ་ལྔའི་བཤོལ་ཡོད་པས། ཟླ་བ་གསུམ་ལ་ཡུད་ཙམ་བདུན་ཅུ་རྩལྔ་ལྷག་སྟེ། དེས་ན་ཟླ་བ་གསུམ་གསུམ་ལ་ཞག་ཕྱེད་དང་གསུམ་གསུམ་གྱི་བཤོལ་འབྱུང་བས། ཟླབ་དྲུག་དྲུག་ལ་ཞག་ལྔ་ལྔའི་བཤོལ་འབྱུང་སྟེ། དེས་ན་ལོ་གཅིག་ལ་ཞག་བཅུའི་བཤོལ་འབྱུངབས། ལོ་གསུམ་གསུམ་ལ་ཟླ་བ་ལྷག་མ་རེ་རེ་འབྱུང་ཞེས་སོ། །ལྟས་སྣ་ཚོགས་བསྟན་པ་ལས་བྱའིལོ་ལ་དགུན་ཟླ་འབྲིང་པོ་གཉིས། བྱི་བའི་ལོ་ལ་དཔྱིད་ཟླ་འབྲིང་པོ་གཉིས། ཡོས་བུའི་ལོ་ལདབྱར་ཟླ་འབྲིང་པོ་གཉིས། རྟའི་ལོ་ལ་སྟོན་ཟླ་འབྲིང་པོ་གཉིས་འབྱུང་ཞེས་བཤད་དོ། །དེ་ཡངའབྲིང་པོ་སྔ་མ་བཤོལ་ཟླར་བྱ་ཞིང༌། བཤོལ་ཟླ་ཐམས་ཅད་ཞག་སུམ་ཅུ་ཐུབ་པར་ངེས་ཏེ། ལོགསུམ་གྱི་བཤོལ་ཞག་བཅུ་ཚན་གསུམ་ལ་ཞག་སུམ་ཅུ་ཉིད་དུ་ངེས་པའི་ཕྱིར་རོ། །འདིར་ཁ་ཅིགན་རེ་བཤོལ་གྱི་ཟླ་བ་ཐུབ་མི་ཐུབ་ནི་དངོས་ཟླའི་རྗེས་སུ་འབྲང་སྟེ། ཊཱི་ཀ་ལས། དབྱར་དགུནའབྲིང་ཐུབ་སྟོན་དཔྱིད་འབྲིང་མི་ཐུབ་ཅེས་གསུངས་པས། ཁ་ཅིག་ན་རེ་སྟོན་དཔྱིད་འབྲིང་པོ་གཉིསཀྱི་དངོས་ཟླ་མི་ཐུབ་པ་བཞིན་དུ་བཤོལ་ཟླ་ཡང་མི་ཐུབ་པ་སྟེ་གསོ་སྦྱོང་བཅུ་བཞི་པའོ་ཞེས་ཟེརརོ། །འོན་ཀྱང་ལོ་གསུམ་གྱི་བཤོལ་ཞག་བཅུ་ཚན་གསུམ་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་སོ། །འོན་ཀྱང་ཊཱི་ཀའི་དགོངས་པ་འཚོལ་དགོས་ལ། འདུལ་འཛིནགྲགས་པ་རྒྱལ་མཚན་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཊཱི་ཀ་ལྟར་ཐུབ་པའི་རྗེས་སུཐུབ་པ་མི་ཐུབ་པའི་རྗེས་སུ་མི་ཐུབ་པར་བྱེད་གསུངས་སོ། །འདུལ་ལུགས་ལ་རགས་བཤདགོང་ལྟར་ཡིན་ཀྱང་མཐར་གཏུག་ན་སྐར་རྩིས་ཀྱི་རྗེས་སུ་འབྲང་དགོས་ཏེ། ཀརྨ་ཤཱ་ཏམ་ལས།

རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་པས་ཤེས་པར་བྱའོ། །ཞེས་གསུངས་སོ། །མཁས་གྲུབཆོས་རྗེས། འདུལ་བ་ལས་ཀྱང་ཟླ་བའི་བཤོལ་དོར་བ་དང༌། རྒྱུ་སྐར་ལ་སོགས་པ་ཞིབ་པར་སྐར་རྩིས་མཁན་པོའི་རྗེས་སུ་འབྲང་བར་གསུངས་སོ། །ཞེས་གསུངས་སོ། །

ལྔ་པ་ཚུལ་ཇི་ལྟར་གསོ་སྦྱོང་བྱ་བ་ནི།

སྦྱོར་དངོས་མཇུག་གསུམ་ལས། དང་པོ་གསོསྦྱོང་གི་སྦྱོར་བའི་ཆོ་ག་ལ། རང་གཞན་གྱི་ལྟུང་བ་དག་པར་བྱ་བ་དང༌། གཙུག་ལག་ཁང་གི་བྱ་བརྗེས་སུ་སྒྲུབ་པ་དང༌། ཆོས་འཆད་ཉན་བྱ་བ་དང༌། དགེ་བསྐོས་ཀྱིས་ཚུལ་ཤིང་བྲིམ་ཞིང་དགེ་སློངརྣམས་བགྲང་བ་དང༌། མ་འདུས་ན་འདུན་པ་དང་ཡོངས་དག་བླང་བ་དང༌། དགེ་སློང་གང་ཡངརུང་བས་མེ་ཏོག་དབུལ་ཞིང་སོ་སོ་ཐར་པའི་མདོ་གདོན་པར་གསོལ་བ་ལན་གསུམ་གདབ་པ་དངདྲུག །དང་པོ་ལ་གསུམ་ལས། དང་པོ་རང་གི་ལྟུང་བ་དག་པར་བྱ་བ་ནི། མཐོལ་བ་དང་བཤགསཔ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཏེ། རྩ་བར། འདི་ལ་ཟླ་བ་ཕྱེདའདས་པའི་སོ་སོར་བརྟག་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་གཞན་གྱིལྟུང་བ་དག་པར་བྱ་བ་ནི། དགེ་སློང་རང་ལ་ལྟུང་བ་དེ་མི་ལྡན་གཞན་ཀུན་ལ་ལྟུང་བ་དེ་དང་དེ་བཅས་པ་ཡིན་ན་དང་པོ་གཞན་རྣམས་ཀྱི་མཐོང་སར་དགེ་སློང་གཅིག་ལྟ་བུ་ལྟུང་བ་ཕྱིར་བཅོསབྱེད་དུ་བཅུག་པའི་ཐབས་ཀྱི་སྒོ་ནས་དགེ་སློང་གཞན་རྣམས་ལ་ཕྱིར་བཅོས་བྱེད་དུ་བཅུག་པ་ཡིན་ཏེ། རྩ་བར། གལ་ཏེ་ཚེས་བཅོ་ལྔ་ལ་བདག་གཅིག་པུ་༼མེ་རེག་གི་ལྟུང་བ་ལྟ་བུ་༽དེ་དང་མི་ལྡན་པརཤེས་ན་༼དང་པོ་རང་གི་༽འགྲོགས་བཤེས་ལ་དང་པོར་འབད་པར་བྱའོ། །ཞེས་སོགས་གསུངས་པའིཕྱིར་རོ། །གསུམ་པ་རང་གཞན་གཉིས་ཀའི་ལྟུང་བ་དག་པར་བྱ་བ་ནི། རྩ་བར། གལ་ཏེ་ཚེསབཅོ་ལྔ་ལ་༼དགེ་འདུན༽ཐམས་ཅད་ཀྱིས་ལྟུང་བ་༼མཐུན་པར་བྱུང་བ༽ཤེས་སམ་ཡིད་གཉིས་སུ་གྱུརན་ལེན་པར་བྱེད་པ་༼ལྟུང་བ་མེད་པར༽བསྒྲུབ་པའི་ཕྱིར་དགེ་སློང་འགའ་ཞིག་རང་གི་ཕྱིར་བཅོས་པའིདོན་དུ་༼མིང་རིགས་མཐུན་པའི་ལྟུང་བས་མ་གོས་པའི་དགེ་སློང་ཡོད་པའི་༽གནས་གཞན་དུ་བཏང་བར་བྱའོ། །༼དེ་ལྟར༽མ་གྲུབ་ན་༼ལྟུང་བ་ཐུན་མོང་བ༽བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་༼འབའ་ཞིགགི་ལས༽བྱ་བ་འདོད་པར་བྱའོ། །ཞེས་པ་ལྟར་གསོལ་བ་འབའ་ཞིག་གིས་ལྟུང་ཐུན་བྱིན་གྱིས་བརླབཔར་བྱས་ནས་གསོ་སྦྱོང་དང་དགག་དབྱེ་བྱེད་དགོས་སོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སོསོ་ཐར་པའི་མདོ་འདོན་པ་སྟེ་ལུང་གཞི་ལས། གསོ་སྦྱོང་ནི་སོ་སོ་ཐར་པའི་མདོ་གདོན་པའོ། །ཞེསདང༌། འདི་ཉིད་ལས། སོ་སོ་ཐར་པའི་མདོ་གདོན་པས་སོ། །ཞེས་སོ། །དེའང་ལེགས་པར་ཐོན་པའིརྒན་རབས་ཚུལ་ཁྲིམས་དག་པས་གདོན་ཏེ། ལེགས་པར་ཐོན་པས་གདོན་ཏོ། །ཞེས་དང༌། དགེའདུན་གྱི་གནས་བརྟན་གྱིས་སོ། །ཞེས་དང༌། བསླབ་པ་བྱིན་པས་གདོན་པར་མི་བྱའོ། །ཞེསགསུངས་པས་སོ། །གསུམ་པ་མཇུག་གི་ཆོ་ག་ནི་བསྔོ་བ་བྱ་བ་ཡིན་ཏེ། སོ་སོ་ཐར་པ་བཏོན་པ་ཡི། །བསོད་ནམས་འགྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབཔར་ཤོག །ཅེས་གསུངས་པའོ། །

དྲུག་པ་དམིགས་བསལ་གྱི་དོན་ལ་བཞི་ལས།

དང་པོ་གནས་ཀྱི་དམིགས་བསལ་ནིགནས་མཚམས་པོ་ཆེར་མ་གྲུབ་ན་དཀྱིལ་འཁོར་བ་དང་མཚམས་གཏན་ནས་མ་བཅད་པ་ཡང་བྱའོ། །གཉིས་པ་རྟེན་གྱི་དམིགས་བསལ་ནི་འདུག་སྟེ་གསོ་སྦྱོང་བྱ་བ་ཡིན་ཡང་མགྲོན་པོ་མིསྡོད་ན་འགྲོ་བཞིན་དུ་བྱའོ། །ཞེས་གསུངས་སོ། །གསུམ་པ་དུས་ཀྱི་དམིགས་བསལ་ནི་ཚེས་བཅོལྔའི་མཚན་མོ་མཐའི་གོང་དུ་མ་གྲུབ་ན། རྩ་བར། ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ། །ཞེས་གསུངས་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་ལྟ་བུ་ཚེས་གྲངས་གང་ཡང་རུང་བ་ལའོ། །བཞིཔ་ཆོ་གའི་དམིགས་བསལ་ནི། སྒྲ་མི་འདོད་ན། སྡིག་པ་ཅི་ཡང་མི་བྱ་སྟེ་ཞེས་སོགས་ཀྱི་ཚིགསབཅད་བཏོན་ལ། མདོར་བསྡུས་པས་སོ། །ཞེས་གསུངས་པ་དང༌། སྔོན་གྱི་ཆོ་གའི་སྐབས་སུ་ཚིགསབཅད་གདོན་པས་གསོ་སྦྱོང་འགྲུབ་བོ། །དགེ་ཚུལ་གྱི་གསོ་སྦྱོང་སྔགས་རྣམ་པར་བཞག་པསབྱ་ཞིང༌། དགག་དབྱེ་བྱས་པས་ཀྱང་གསོ་སྦྱོང་གི་དགོས་པ་འགྲུབ་བོ། །ཡོངས་དག་ཕུལ་བ་དང༌། གསོ་སྦྱོང་བྱིན་གྱིས་བརླབས་པས་ཀྱང་གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའོ། །

བདུན་པ་བྱིན་གྱིས་རློབ་པའི་ཆོ་ག་ལ་གཉིས། དང་པོ་ལྟུང་བ་བྱིན་གྱིས་རློབ་པར་བྱེད་པ་ནི།

སྤྱིར་ལྟུང་བ་ལ་འཛེམ་པ་དང༌། ད་ལྟར་ཕྱིར་འཆོས་པའི་རྐྱེན་མ་འཛོམ་པ་དང༌། རྐྱེན་འཛོམ་པན་ཕྱིར་འཆོས་པ་གོ་བར་བྱེད་པའམ། དེ་ལྟར་དམ་འཆའ་བའོ། ། འདིའི་དོན་བཤད་པ་ལ་གསུམ་ལས། དང་པོ་ལྟུང་བ་བྱིན་གྱིས་བརླབས་པའི་དགོས་པ་ནི། ལས་ཀྱི་ཁ་སྐོང་བར་འོས་པ་དང༌།

གནས་སྐབས་དེར་མ་དག་ཀྱང་རྫུན་ལ་བརྟེན་པའི་ཉེས་པ་མི་འབྱུང་བའོ། །གཉིས་པ་ལས་ཀྱི་གནས་སུ་མ་འདུས་པས་བྱིན་གྱིས་བརླབ་པ་ལ་བཞི་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། རྟེན་ཆོས་ལྔ་ལྡན་ཏེ། ཕམ་པས་མ་གོས་པའི་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པདང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུངབ་དང༌། དངོས་སུ་ཕྱིར་འཆོས་པའི་རྐྱེན་དང་མི་ལྡན་པའོ། །ཐ་མ་ནི་ཕྱིར་འཆོས་པའི་ཡུལ་མེདཔ་དང༌། ཡུལ་གྱི་གྲངས་མ་ཚང་བ་དང༌། ཡུལ་དང་ལྟུང་བ་མཐུན་པ་དང༌། རྩོད་པ་དང་བཅས་པདང༌། ངེས་པ་ཉིད་མ་ཡིན་པ་དང༌། ཡིད་གཉིས་སུ་གྱུར་པ་དང༌། ཆད་པའི་ལས་སྔོན་དུ་མ་སོངབ་དང་བདུན་ལས་གང་ཡང་རུང་བའོ། །གཞན་དུ་ན་རྐྱེན་མེད་པས་ལྟུང་བ་བྱིན་གྱིས་བརླབ་པ་མི་འཆགས་སོ། །གསུམ་པ་ལྟུང་བ་གང་བྱིན་གྱིས་བརླབ་པ་ནི། ལྟུང་བ་ཆོས་བཞི་ལྡན་ཏེ། བྱིན་གྱིས་བརླབས་པས་འདག་ཏུ་རུང་བ་ཡིན། བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་ཤེས་སམཡིད་གཉིས་ཟ་བ་དང༌། གཞི་དེ་ལས་བྱུང་བ་མ་ཡིན་པ་དེ། དང་པོ་གསུམ་ལས་གཞན་དུ་ན་བྱིནརླབས་མི་འཆགས་པའི་ཕྱིར་དང༌། ཐ་མ་ལས་གཞན་དུ་ན་བྱིན་རླབས་མི་དགོས་པའི་ཕྱིར་རོ། །

བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི།

གང་ཟག་གིས་ལྟུང་བ་བྱིན་གྱིས་བརླབ་པ་ནི་སྔགསརྣམ་པར་བཞག་པ་ལན་གསུམ་བརྗོད་པ་ལས་སོ། །གསུམ་པ་ལས་ཀྱི་གནས་སུ་འདུས་པས་བྱིནགྱིས་བརླབ་པ་ལ་གཉིས་ལས། དང་པོ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་ཐུན་མོང་དུ་བྱིན་གྱིསབརླབ་པ་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །གཉིས་པ་གང་ཟག་གཞན་གྱིས་ལས་ཀྱིགནས་སུ་འདུས་པ་ན་ལྟུང་བ་བྱིན་གྱིས་བརླབ་པ་ནི། དེའི་ཚེ་ན་གང་ཟག་གིས་ཕྱིར་འཆོས་པའིརྐྱེན་འཛོམ་པ་ཡང་བྱིན་གྱིས་བརླབ་སྟེ་དགེ་འདུན་འགོར་བ་སྤང་བའི་ཕྱིར་རོ། །དེ་ཡང་ལས་ཀྱིཁ་སྐོང་བྱེད་པས་ནི་དྲུང་ན་མོ་ལ་སྔགས་ལན་ཅིག་གིས་སོ། །ལས་བྱེད་པས་ནི་སྔགས་ཞེས་པསྤངས་ཏེ། སྔགས་ལན་ཅིག་ཡིད་ཀྱིས་ཀློག་པའམ་ངག་ཏུ་བརྗོད་ན་ཡང་གཞན་གྱིས་མི་ཐོས་པར་བརྗོད་པའོ། །གཉིས་པ་གསོ་སྦྱོང་བྱིན་གྱིས་རློབ་པར་བྱེད་པ་ལ། རྩ་བར། བཞིར་མ་ཚང་ནདུས་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས་དང་པོ་གསོ་སྦྱོང་བྱིན་གྱིས་བརླབ་པའི་དགོས་པ་ནི། གསོ་སྦྱོང་མ་བྱས་པའི་ཉེས་པཁེགས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་གི་མདུན་དུ་བྱིན་གྱིསབརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གསུམ་པ་རྟེན་གང་གིས་བྱིན་གྱིས་བརླབཔ་ནི། རྟེན་ཆོས་ལྔ་ལྡན་སྔར་བཤད་པ་དང་གཞན་འདྲ་བ་ལ། དང་པོ་བསྙེན་རྫོགས་ཀྱི་སྡོམ་པགསོར་རུང་ཡན་ཆད་ལྡན་པ་དང༌། ཐ་མ་ནི་མཐུན་པའི་གསོ་སྦྱོང་དངོས་ཉིད་བྱེད་པའི་རྐྱེན་དང་མི་ལྡན་པ་སྟེ། གཞན་དུ་ན་གསོ་སྦྱོང་བྱིན་གྱིས་བརླབ་པ་མི་འཆགས་སོ། །བཞི་པ་དུས་གང་གི་ཚེ་བྱིནགྱིས་བརླབ་པ་ནི་ཉ་ཤིའི་དུས་སུ་སྟེ་གཞན་དུ་ན་དུས་མ་ཡིན་པས་མི་འཆགས་སོ། །

ལྔ་བ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་གཙུགལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ་ལ་སོགས་པ་དང༌། དངོས་གཞི་སྔགས་རྣམ་པར་བཞག་པ་ལནགསུམ་བརྗོད་པའོ། །དེ་ཡང་གཅིག་ལས་མེད་ན་རང་ཙོག་པུར་བསྡད་དེ། ལྷ་ལ་དགོངས་གསོལཞུས་ནས་སྔགས་འདོན། གཉིས་ཡོད་ན་གཅིག་གི་མདུན་དུ་གཅིག་འདུག་པ་དང༌། གསུམཡོད་ན་གྲལ་ལ་འཁོད་ནས་སྔགས་ཚིག་ལན་གསུམ་བརྗོད་པ་ཡིན་ཏེ། རྩ་བར། འབའ་ཞིགན་འདུག་སྟེའོ། །ལྷག་མ་གཞན་དང་བཅས་པ་ཉིད་ཡིན་ན་མདུན་དུའོ། །གསུམ་ནི་འཁོད་དེའོ། །ཞེསགསུངས་སོ། །སྒོ་མང་གིས་བཞིས་ཀྱང་གསོ་སྦྱོང་རུང་བར་བཤད་དོ། །གཞན་དུ་ན་རྩ་བར། བཞི་མཚང་ན་དུས་ཀྱི་བར་དུ་བསྡད་དེ་བྱིན་ཀྱིས་བརློབ་པར་བྱའོ། །ཞེས་བཞི་མ་ཚང་ན་ཞེས་གསུངསཔ་ལས་ལྔ་མ་ཚང་ན་ཞེས་མ་གསུངས་པའི་རྒྱུ་མཚན་གང་ཡིན་འཚོལ་དགོས་སོ། །མཇུག་ནི་བརྗོདཡུལ་ཡོད་ན་ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པའོ། །ཊཱི་ཀ་ལས་སྐྱ་རེངས་མ་ཤར་ཚུན་ཆད་དུབསྡད་དེ་ཞེས་བཤད་པ་དེ་ཡང་མཚོན་པ་ཙམ་སྟེ། ཚེས་བཅོ་ལྔ་དེ་ལ་གནས་དེར་ཕྱིས་དགེ་སློངགཞན་མི་འོང་བར་ངེས་པ་ཐོབ་པ་ན་གསོ་སྦྱོང་བྱིན་གྱིས་རློབ་པའོ། །བཞིའི་དགག་དབྱེ་ཡང་ཞེསཔ་ནི་ཊཱི་ཀ་ལས་དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱ་ཞེས་སོ། །དགག་དབྱེ་བྱིན་གྱིས་བརླབ་པ་ནི་འགྲེལ་པ་ལས་སང་ཕོད་ཚུན་ཆད་ནས་ཚེས་གྲངས་ཚང་བར་བྱའོ། །འོ་ན་ལུང་གཞི་ལས། གང་ན་དགེ་སློང་བཞི་གནས་བར་ནི་དེ་དག་གིས་གསོལ་བ་བྱས་པ་དགག་དབྱེ་བྱསསོ། །དགག་དབྱེ་བྱེད་པའི་དགེ་སློང་ནི་བསྐོ་བར་མི་བྱའོ། །ཞེས་གསུངས་པ་དང༌། བསྡུས་པལས་ཀྱང་དེ་ལྟར་བཤད་པ་དང་འགལ་སྙམ་ན། ཊཱི་ཀ་ལས་དགེ་སློང་བཞིས་དགག་དབྱེ་བྱིན་གྱིསབརླབས་པར་གསུངས་པ་དེ་ངེས་དོན་དུ་བཟུང་སྟེ། ལུང་ལས་གསུངས་པ་ལྟར་དགེ་སློང་བཞིསདགག་དབྱེའི་དངོས་གཞི་འཆགས་ཀྱང་ཉེས་བྱས་སུ་འགྱུར་བའི་ཕྱིར་ཏེ། དེ་ཡང་བསྐོ་བའི་ཆོ་ག་མི་ཚང་བའི་ཕྱིར་དང༌། ལས་གཞིའི་ཊཱི་ཀ་ལས། དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགགདབྱེ་བྱར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་སོ། །ཞེས་མཚོ་ཊཱིཀ་ལས་བཤད་དོ། །གསོ་སྦྱོངགི་གཞིའི་རྣམ་པར་བཤད་པའོ།། །།

གཉིས་པ་དབྱར་གྱི་གཞི་བཤད་པ་ལ།

རྩ་བར། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེ་ཉིན་པར་བགྱིའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དགུ་ལས། དང་པོ་གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་འགའ་ཞིག་དབྱར་ནང་དུ་ལྗོངས་རྒྱུ་ཞིང་སོང་བ་ན། མུ་སྟེགས་ཅནགཅིག་གིས་ཤཱཀྱའི་བུ་དགེ་སློང་འདི་དག་ནི་སྲོག་གཅོད་པ་ལས་མ་ལོག་སྟེ། དབྱར་ལྗོངས་རྒྱུབ་ན་སྲོག་ཆགས་ཕྲ་མོ་མང་པོ་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ། །བྱིའུ་ཁུག་རྟ་ཡངདབྱར་ཟླ་བ་བཞིར་རང་གི་ཚང་ན་ཞུམ་ཞུམ་པོར་བྱས་ནས་འདུག་ན། མགོ་རེག་འདི་དག་གིསཁས་ལེན་ཙམ་ཡང་མི་ཤེས་སོགས་ཀྱིས་འཕྱ་བ་དེ་གསོལ་བས་དབྱར་དེ་བས་ན་རྗེས་སུ་གནངསྟེ་དགེ་སློང་གིས་དབྱར་གནས་པར་ཁས་བླང་བར་བྱའོ་ཞེས་དབྱར་སྔ་མ་བཅས། ཇི་ལྟར་ཁསབླངས་མ་ཤེས་ནས་ཞུས་པས། ཟླ་བ་གསུམ་དུའོ། །ཞེས་གསུངས་ལ། གང་གི་ཚེ་རི་བྲག་གིགཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པརམཉན་ཡོད་དུ་འོངས་པས་དབྱར་ཕྱི་མ་རྗེས་སུ་བཅས་སོ། །

གཉིས་པ་དགོས་པའི་དོན་ནི།

དབྱར་གནས་ཀྱི་དགོས་པ་དགུ་སྟེ། དངོས་ཀྱི་དགོས་པ་གཅིག་དང༌། བརྒྱུད་པའི་དགོས་པ་བརྒྱད་དོ། །དང་པོ་ནི་དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པའོ། །

གཉིས་པ་ནི་སྲོག་ཆགས་ལ་གནོད་པ་སྤོང་བ་དང༌། གཞན་དག་མ་དད་པ་སྤོང་བ་དང༌། ལུས་སྲོགལ་གནོད་པ་སྤོང་བ་དང༌། དོན་དང་བྱ་བ་ཉུང་བར་འགྱུར་བ་དང༌། དེ་ལ་བརྟེན་ནས་ཤེས་རབ་གསུམ་འཕེལ་བར་འགྱུར་བ་དང༌། གནས་རལ་བ་དང་གྲུམ་པ་འཆོས་པར་འགྱུར་བ་དང༌། དགགདབྱེ་འབྱུང་བ་དང༌། སྲ་བརྐྱང་འབྱུང་བ་སྟེ་བརྒྱད་དོ། །

གསུམ་པ་གནས་གང་དུ་དབྱར་གནས་པར་ཁས་བླང་བ་ལ་དྲུག་ལས།

ཕན་པ་དང་བདེ་བའི་རྐྱེན་ཉེ་བར་གནས་ཤིང་གནོད་པ་དང་མི་ཕན་པའི་རྐྱེན་ཉེ་བར་མི་གནསཔ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་སྐྱེད་པ་ཉིད་དང་སེལ་བ་ཉིད་དག་དང་བདེ་བདང་ཡིད་བདེ་བསྐྱེད་པ་ཉིད་དང༌། ཞེས་གསུངས་པ་དང༌། གཞན་དུ་ན་ཕན་པ་དང་བདེ་བའིམཐུན་རྐྱེན་མ་ཚང་བས་དབྱར་གནས་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །སྟེང་གཡོགས་དངབཅས་པ་ཡིན་པ་སྟེ། གཡོགས་པར་དགེ་སློང་གི་མདུན་དུའོ། །ཞེས་དང༌། གཞན་དུ་ན་གནསཔར་མི་ནུས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་སྟེ། གཙུག་ལག་ཁང་དུ་མར་མི་བྱའོ་ཞེས་གསུངསཔ་དང༌། གཞན་དུ་ན་དོན་དང་བྱ་བ་ཉུང་བའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དགེ་སློང་དངབཅས་ཤིང་སྒོ་གླེགས་དང་བཅས་པ་ཡིན་པ་སྟེ། གང་ན་དགེ་སློང་མེད་པ་ཉིད་དང་སྒོ་གླེགས་མེདཔ་ཉིད་དང་བཅས་པར་ཡང་མི་བྱའོ། །ཞེས་གསུངས་པ་དང་གཞན་དུ་ན་ལོངས་སྤྱོད་ལ་སོགསཔའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་སྟེ། སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང༌། ཞེས་གསུངས་པ་དང༌། གཞན་དུ་གཞན་ལགནོད་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་མཚམས་གཞན་མ་ཡིན་པ་སྟེ། ནམ་མཁའ་ལགནས་པར་ཁས་བླངས་པ་མི་འཆགས་སོ་ཞེས་པ་དང་གྲུ་ནང་དུ་འབྱམས་པ་ཉིད་དུ་ཤེས་ན་མི་འཆགས་ཏེ། ཞེས་པ་དང༌། གཞན་དུ་ན་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །བཞི་པ་ཡུལ་གང་གི་མདུན་དུ་དབྱར་གནས་པར་ཁས་བླང་བ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །

ལྔ་བ་རྟེན་གང་གིས་དབྱར་གནས་པར་ཁས་བླང་བ་ནི།

ཆོས་ལྔ་ལྡན་ལས། ཆོས་འདིཔའི་རབ་བྱུང་ཡིན་པ་སྟེ། སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླངས་ཞེས་པ་དང༌། སྡོམ་པབླངས་ཀྱང་མ་སྐྱེས་པ་སྡེ་ལྔའི་སྡོམ་པ་གང་དང་ཡང་མི་ལྡན་ཡང་རབ་ཏུ་བྱུང་བ་བར་མའི་དགེབ་དང་ལྡན་པས་ཀྱང༌། དབྱར་གནས་པར་ཁས་བླང་དགོས་ཏེ། སྡོམ་པ་མ་སྐྱེས་པ་ལྟུང་བ་ལ་སྦྱོརན་ཉེས་བྱས་སུ་འགྱུར་བས་དེ་དགག་དགོས་པའི་ཕྱིར་རོ། །མཁན་པོས་རབ་ཏུ་ཕྱུང་ཟིན་ཡང་སློབདཔོན་གྱིས་དགེ་ཚུལ་གྱི་སྡོམ་པ་མ་ཕོག་པར་ཡུན་རིང་དུ་གནས་པ་སྲིད་དེ་དེས་ཀྱང་དབྱར་གནསཔར་ཁས་བླང་བར་རིགས་སོ། །དབྱར་གནས་པའི་མཐུན་རྐྱེན་དང་ལྡན་པ་སྟེ། བསོད་སྙོམས་དངསྨན་སྦྱིན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་ཞེས་གསུངས་པ་དང༌། གཞན་དུ་ན་གནས་པརམི་ནུས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་བར་གནས་པ་དང༌། གནས་ནས་མ་བྱུང་བ་སྟེ། གཞན་དུ་ན་དབྱར་གནས་པར་ཁས་ལེན་པའི་ཆོ་གའི་རྟེན་མ་ཡིནཔའི་ཕྱིར་རོ། །

དྲུག་པ་དུས་གང་གི་ཚེ་དབྱར་གནས་པར་ཁས་བླང་བ་ནི།

དབྱར་སྔ་ཕྱིའི་བྱེ་བྲག་གིས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ་དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ། ཚེས་བཅུ་དྲུག་ལའོ། །

ཞེས་པ་ལ་སོགས་པ་གསུངས་སོ། །བདུན་པ་ཡུན་ཇི་སྲིད་དུ་དབྱར་གནས་པར་ཁས་བླང་བ་ནི། ཟླ་བ་གསུམ་དུའོ། །ཞེས་སོ། །

བརྒྱད་པ་ཆོ་ག་གང་གིས་དབྱར་གནས་པར་ཁས་བླང་བ་ནི།

སྦྱོར་དངོས་མཇུགགསུམ་ལས། དང་པོ་སྦྱོར་བའི་ཆོ་ག་ལ། ཞག་བཅུའམ་ཟླ་བ་ཕྱེད་ལ་སོགས་པ་ནས་ཇི་ལྟརསྒྲུབ་པ་དང༌། ཉི་མ་སྔ་མ་ལ་ཇི་ལྟར་སྒྲུབ་པ་དང༌། ཚེས་བཅུ་དྲུག་ལ་ཇི་ལྟར་སྒྲུབ་པ་དང་གསུམ།

དང་པོ་ནི་དབྱར་གྱི་སྔོན་ཞག་བཅུའམ་བཅོ་ལྔའི་དུས་ནས་དབྱར་གནས་ཀྱི་གཙུག་ལག་ཁང་བྱིདོར་དང་མེ་ཏོག་སོགས་མཆོད་རྫས་ཀྱིས་བརྒྱན་པ་རྣམས་དགོས་ཏེ། རྩ་བར། ཞག་བཅུའམཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱ་བའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །

གཉིས་པ་ལ། གནས་མལ་སྟོབ་པ་པོ་བསྐོ་བ་དང༌། དེས་ཚུལ་ཇི་ལྟར་བྱ་བ་དང་གཉིས། དང་པོ་ནི། རྩ་བར། དེ་སྟོབ་པ་བསྐོ་བར་བྱའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གནས་མལ་སྟོབ་པ་པོ་བསྐོས་པའི་དགོས་པ་ནི།

མ་བསྐོས་པར་སྟོབ་པའི་ཉེས་པཁེགས་པ་དང༌། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གངབསྐོ་བ་ནི། ཆོས་བཅུ་བཞི་དང་ལྡན་པ་བསྐོ་སྟེ། སྤོང་བ་པའི་ཞལ་ཏ་བ་བསྐོ་བའི་སྐབས་སུ་སྔརབཤད་པ་བཞིན་ནོ། །གསུམ་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིསསོ། །བཞི་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་སྤྲོ་བ་འདྲི་བ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །

གཉིས་པ་དེས་ཚུལ་ཇི་ལྟར་བྱ་བ་ལ།

སྦྱོར་དངོས་འཇུག་གསུམ་ལས། དང་པོ་ལ། ཚུལ་ཤིང་ཉེ་བར་ཞུགས་པ་དང༌། ཁྲིམས་བརྗོད་པ་དང༌། ཚུལ་ཤིང་ལེན་པའི་གསོལ་བའི་ལས་བྱ་བ་དང༌།

གྲངས་བཟུང་བའི་ཚུལ་ཤིང་བྲིམ་པ་དང་བཞི། དང་པོ་ནི། བསྐོས་པའི་དགེ་སློང་གིས་ཆོས་ཀྱིཚུལ་ཤིང་དྲི་བཟང་གིས་བྱུགས་པ་སྟོན་པ་དགེ་འདུན་སོགས་ལས་གྲངས་མི་ཉུང་བ་གཟེབ་ཀྱིསྤྲོག་མར་རས་དཀར་པོས་གཡོག་པའི་སྟེང་ན་བཞག་པ་དགེ་སློང་རྒན་པའི་མཐར་བཞག་དགོསཏེ། རྩ་བར། དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང༌། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁྲིམས་བརྗོད་པའམ་བསླབ་བྱ་ནི། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོནཔར་བྱ་དགོས་ཏེ། རྩ་བར། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདིཡོད་དོ། །ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་པར་སྤྲོ་བ་དེས་ནི་ཚུལཤིང་ལོངས་ཤིག ཞེས་པ་ནས། ཞེས་དགེ་སློང་རྣམས་ལ་གོ་བར་བྱའོ། །ཞེས་གསུངས་པ་ལྟརརོ། །གསུམ་པ་ཚུལ་ཤིང་ལེན་པའི་གསོལ་བའི་ལས་བྱ་དགོས་ཏེ། རྩ་བར། གཞན་གྱིས་བླངསཔ་དང་ཁས་བླངས་པའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། །ཞེས་དང༌། ཊཱི་ཀ་ལས། གནས་མལ་སྟོབས་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གཅིག་གིས་དགེ་འདུན་གྱི་ཚུལ་ཤིངབླངས་བ་དང་དབྱར་གནས་པ་ཁས་བླངས་པའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་གི་ལསཞིག་བྱ་སྟེ། དོན་དེ་གཉིས་ཀ་འབའ་ཞིག་གི་ལས་ཅིག་ཅར་གོ་བར་བྱའོ། །ཞེས་གསུངས་པའིཕྱིར། ཚུལ་ཤིང་བྲིམ་པའི་སྐབས་ཀྱི་བྱ་བ་བསྒྲུབ་པའོ། །བཞི་བ་གྲངས་བཟུང་བའི་ཚུལ་ཤིང་བྲིམཔའི་ཚུལ་ནི། གནས་བརྟན་ནམ་རྒན་པས་དང་པོར་སྟོན་པ་སངས་རྒྱས་ཀྱི་ཚུལ་ཤིང་ལེན། དེནས་དགེ་སློང་རྣམས་ཀྱིས་སྟན་ལས་ལུས་ཕྱེད་འཕགས་ནས་རང་རང་གི་ཚུལ་ཤིང་སོ་སོར་ལེན།

དེ་ནས་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་རང་ངམ་མཁན་སློབ་ཅི་རིགས་ཀྱིས་ལེན། མཇུག་ཏུ་གཞིབདག་གཉུག་མར་གནས་པ་སོགས་ཀྱི་སྐལ་བ་ལེན་པ་ཡིན་ཏེ། རྩ་བར། ཚུལ་ཤིང་འབྲིམ་མོ། །

དང་པོ་སྟོན་པའི་བླང་ངོ། །གཞན་དག་གིས་ནི་སྟན་ལས་ཕྱེད་འཕགས་པས་སོ། །དགེ་ཚུལ་རྣམསཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ། །མཇུག་ཏུ་གཉུག་མར་གནས་པ་རྣམས་ཀྱི་ཡང་ངོ། །ཞེས་གསུངས་པས་སོ། །དེའི་རྗེས་ནས་དགེ་སློང་སོ་སོའི་ཚུལ་ཤིང་སྒྲ་མེད་དལ་བུས་བཞགནས་བསྡུས། དེ་ནས་བགྲང་ནས་དགེ་སློང་འདི་སྙེད་ཅེས་བརྗོད་པ་དང༌། དེ་བཞིན་དུ་དགེ་ཚུལབསྡུས་ལ་དགེ་ཚུལ་འདི་སྙེད་ཀྱིས་དབྱར་བཞེས་སོ། །ཞེས་དགེ་འདུན་ལ་གོ་བར་བྱ་ཞིང༌། འཁོདཔ་རྣམས་གྱིས་ཀྱང་རེ་རེ་ནས་ཤིན་ཏུ་བཞེས་སོ། །ལེགས་པར་བཞེས་སོ། །ཞེས་བརྗོད་བྱདགོས་ཏེ། རྩ་བར། དལ་བུས་བཞག་པར་བྱའོ། །བགྲང་ནས་གནས་འདིར་དགེ་སློང་འདི་སྙེདཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ནི། གནས་ཀྱི་གཞི་བསྟབ་པར་བྱའོ། །དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་མདུནདུ་འདུག་སྟེ། ཞེས་སོགས་དང༌། ཊཱི་ཀ་ལས། གནས་ཀྱི་གཞི་བསྟབ་པར་བྱ་ཞེས་པ་ལ་སོགས་པསགནས་དང་མལ་ཆ་ལ་སོགས་པ་བསྟབ་པ་བསྟན་ཏོ། །འདིའི་དོན་བཤད་པ་ལ་དྲུག་ལས། དངཔོ་དགོས་པ་ནི། དགེ་འདུན་བདེ་བ་ལ་རེག་པར་གནས་པའོ། །གཉིས་པ་ཡུལ་གང་ལ་བསྟབ་པ་ནི། ཆོས་འདི་པའི་རབ་བྱུང་ཡིན་པ་དང༌། རྩ་ལྟུང་འཆབ་བཅས་བྱུང་བ་མ་ཡིན་པ་དང༌། གནས་ནས་མ་ཕྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་གཞན་པའི་ཕྱོགས་སུ་མ་གྱུར་པདང༌། འཐབ་ཀྲོལ་ཅན་མ་ཡིན་པ་དང༌། ཕྱིས་འབྱུང་བའི་གང་ཟག་མ་ཡིན་པ་དང༌། དབྱར་གནསཔར་ཁས་ལེན་པ་དང༌། མཚན་མཐུན་པ་སྟེ་ཆོས་བརྒྱད་དང་ལྡན་པ་གནས་བསྟབ་པའི་ཡུལ་ལོ། །

མལ་ཆ་བསྟབ་པའི་ཡུལ་ནི་བརྒྱད་པོ་དེ་དག་གི་སྟེང་དུ་མཛེ་ཅན་མ་ཡིན་པ་དང༌། གནས་མལཉམས་པར་བྱེད་པའི་ཆོས་ཅན་མ་ཡིན་པ་སྟེ་ཆོས་བཅུ་ལྡན་ནོ། །གསུམ་པ་རྟེན་གང་གིས་བསྟབཔ་ནི། བསྐོས་པ་དང་འབྲེལ་བ་སྟེ་མ་བསྐོས་པར་མི་བྱའོ་ཞེས་གསུངས་པས་སོ། །བཞི་པ་དངོསཔོ་གང་སྟོབ་པ་ནི། གནས་དང་མལ་ཆ་ལ་སོགས་པ་ཡིན་པ་དང༌། བདག་པོ་དགེ་འདུན་དབངབ་ཡིན་པ་དང༌། རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་དང༌། ནད་པ་ལ་བསྔོསཔ་མ་ཡིན་པ་དང༌། སྔར་བསྟབ་ཟིན་པ་དང་མ་འབྲེལ་བའོ། །ལྔ་པ་དུས་གང་གི་ཚེ་བསྟབ་པ་ནི།

རྒྱུ་སྐར་མ་ཤར་བ་སྟེ། ལུང་སིལ་བུ་ནས་སྐར་མ་ཤར་ཕན་ཆད་མལ་སྟན་མ་བསྒོ་ཞིག ཅེས་གསུངསསོ། །དབྱར་གནས་པར་ཁས་མི་ལེན་པས་ཀྱང་གནས་མལ་ལེན་པ་སྤང་བའི་ཕྱིར་རོ། །

དྲུག་པ་ཚུལ་ཇི་ལྟར་བསྟབ་པ་ནི། ལྡེ་མིག་ཐོགས་ཏེ་མདུན་དུ་འདུག་ནས་ཡོན་ཏནཇི་ལྟ་བ་བཞིན་དུ་བརྗོད་ཅིང་བསྟབ་པའོ། །མཚན་མོ་གནས་མལ་མི་བསྐོའོ་ཞེས་པ་ནི་ལུང་སིལབུ་ལས་སྐར་མ་ཤར་ཕན་ཆད་མལ་སྟན་མ་བསྐོ་ཞིག་ཅེས་གསུངས་སོ། །འོན་ཀྱང་ལུང་གཞི་ལསནི། མཚན་མོ་སྲོད་འཁོར་ཕན་ཆད་མལ་སྟན་མ་བསྐོ་ཞིག་ཅེས་གསུངས་ཏེ། སྲོད་འཁོར་བ་ནིམཚོན་པ་ཙམ་ཞེས་མཚོ་ཊཱིཀ་ལས་སོ། །གསུམ་པ་མཇུག་གི་བྱ་བ་ནི། གནས་མལ་ལོག་པརསྤྱོད་པ་དགག་དགོས་ཏེ། རྩ་བ་ལས། ཁྱེད་ཅག་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལགདིང་བ་མེད་པར་ལོངས་སྤྱོད་པར་མི་བྱ། རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ་གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གསུངས་པ་བཞིན་ནོ། །དབྱར་དངོས་གཞིའིསྙན་གསན་འབབ་དགོས་ཏེ། རྩ་བར། དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང་ཞལ་ཏ་བ་ཆེ་གེ་མོ་དང་སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང་ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱི་བཞེསཔར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ཚེས་བཅུ་དྲུག་ལ་ཇི་ལྟར་སྒྲུབ་པའི་སྦྱོར་བ་ནི།

ཡུལ་དེ་བསླབ་པ་རྒན་ནཕྱག་འཚལ་བ་དང༌། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །གཉིས་པ་དངོས་གཞིནི། གནས་བརྟན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅསཔའི་གནས་རལ་བ་དང་འགྲུམ་པ་འཆོས་པའི་སླད་དུ་དབྱར་ཟླ་བ་གསུམ་གནས་པར་ཁས་བླང་ངོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེསསྔགས་ལན་གསུམ་བརྗོད་པའོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས། བཅོས་པའི་སླད་དུ། ཞེསཔའི་མཚམས་སུ། སྦྱིན་བདག་མིང་འདི་ཞེས་བྱ་བ་དང༌། ཞལ་ཏ་བ་མིང་འདི་ཞེས་བྱ་བ་དང༌།

སྤྱོད་ཡུལ་གྱི་གྲོང་ཁྱེར་མིང་འདི་ཞེས་བྱ་བ་དང༌། བྲོ་གཡོག་པ་མིང་འདི་ཞེས་བྱ་བ་ལ་བརྟེནནས་དབྱར་སྔ་མ་ཟླ་བ་གསུམ་དུ་གནས་པར་ཁས་བླང་ངོ༌། །ཞེས་གསུངས་སོ། །དམིགས་བསལཡོད་དེ། ཆོ་གས་ཁས་ལེན་མ་གྲུབ་ཀྱང་སྔོན་ནས་གནས་འདིར་ཟླ་བ་གསུམ་གནས་པར་བྱའོ། །

སྙམ་དུ་དམ་བཅས་པས་ཀྱང་དབྱར་གནས་ཀྱི་གོ་ཆོད་པའི་ཕྱིར་ཏེ། རྩ་བར། གནས་པར་ཁསམ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་མཇུགནི། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་པའོ། །

དགུ་པ་དབྱར་གྱི་དམ་ཚིག་ཇི་ལྟར་བསྲུང་བ་ལ་དྲུག་སྟེ།

༡དམ་བཅའ་དང་གནས་སུའབྲེལ་བར་བྱ་བ་དང༌། ༢དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་དང༌། ༣དབྱར་ཚུལ་ནང་དུ་ཐོས་བསམ་ལ་སོགས་པ་བརྩོན་པར་བྱ་བ་སྟེ་འདི་ནི་དོན་གྱིས་བསྲུང་བའོ། །༤གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་དང༌། ༥གནས་དེར་ཡུན་རིང་དུ་གནས་པར་བྱབ་དང༌། ༦དབྱར་གྱི་ཚུལ་འདྲལ་བ་སྤང་བའོ། །ཕྱི་མ་འདི་ལ་གསུམ་སྟེ། འདྲལ་བ་དངོས་སྤངབ་དང༌། འདྲལ་བའི་རྒྱུ་སྤང་བ་དང༌། དབྱར་ཚུལ་བྱིན་གྱིས་བརླབ་ཚུལ་དང་གསུམ། དང་པོ་ནི། རྩ་བར། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེསགསུངས་སོ། །འདི་ལ་དེང་དུས་སུ་ཕྱག་ལེན་ལ་མི་འདྲ་བ་གཉིས་ཡོད་དེ། དབྱར་ཚུལ་ཁས་བླང་བའི་དགེ་སློང་དག་གིས་སྐྱ་རེངས་མ་ཤར་བའི་སྔར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ཡང་དབྱར་བྱིན་གྱིས་མི་བརླབ་པར་འགྲོ་ཆོག་པའི་ལག་ལེན་དང༌། འགྲོ་མི་ཆོག་པའི་ལག་ལེན་གཉིས་ཡོད་པའི་ཕྱིར། འོན་ཀྱང་ཕྱི་མ་འཐད་པར་མངོན་ཏེ། ལུང་གཞི་ལས། མཚམས་ཀྱི་ཕྱི་རོལ་ཏུ་འགྲོབར་མི་བྱའོ། །ཞེས་གསུངས་ལ། གཞི་གསུམ་ཆོ་ག་ལས། དབྱར་གྱི་ནང་དུ་ཉི་མ་དེ་ཉིད་ལ་ཕྱིར་འོང་ཡང་དགོས་མེད་དུ་རང་དགར་མཚམས་ཀྱི་ཕྱི་རོལ་ཏུ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ལམ་དུ་ཞུགས་པའི་ཉེས་བྱས། རྒྱང་གྲགས་ཀྱི་མཐའ་འདས་ན་ནི་དངོས་གཞིའི་ཉེས་བྱས་བསྐྱེད་དོ། །ཞེས་གསུངས་པའི་ཁུངས་ནི། མཚོ་ཊཱིཀ་༧༥༧ལས། དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུརབའོ། །གཞུང་གི་དོན་ནི། དབྱར་གྱི་ནང་དུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རྒྱང་གྲགས་ཀྱི་མཐའ་ལས་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །རང་གཞན་གྱི་ཆོས་ལྡན་གྱི་བྱ་བ་སྒྲུབ་པའི་དབྱར་ཚུལ་ནང་དུ་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ནི་ཉེས་པ་མེད་པར་ཊཱི་ཀ་ལས་བཤད་དོ། །ཞེས་དང༌། མཚོ་མཆན་༧༥༧ལས། མའི་སོ་ཐར་འགྲེལ་བ་ལས། དབྱར་ཟླ་བ་གསུམ་མ་ཚང་བརཚུལ་འདྲལ་ན་ལྟུང་བྱེད་དོ། །ཞེས་བཤད་ཀྱང་ཚུལ་དྲལ་བ་ནི་མཚོན་པ་སྟེ་ཉིན་མོ་ལྗོངས་རྒྱུ་ལ་ཡངལྟུང་བྱེད་དོ། ། ཊཱི་ཀ་ལས། འདི་དགེ་སློང་ལ་སོགས་པ་གཞན་ལ་ཉེས་བྱས་སོ། །ཞེས་གསུངསསོ། །འོ་ན་རྩ་བར། སྐྱ་རེངས་འཆར་བར་མི་བྱའོ། །ཞེས་དང༌། རང་འགྲེལ་ལས། སྐྱ་རེངས་ལསདུས་སྔར་མཚམས་ཀྱི་ཕྱི་རོལ་འདའ་བར་བྱེད་པ་ལ་ཉེས་པ་མེད་དོ། །ཞེས་གསུངས་པ་ནི་དགེ་སློངཕས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ཡང་སྐྱ་རེངས་མ་ཤར་ན་ཉེས་བྱས་ལས་ལྟུང་བྱེད་དངོས་གཞི་མེདཔའམ་དབྱར་རལ་བའི་ཉེས་པ་མེད་པ་ལ་དགོངས་པར་སྣང་ངོ། །

གཉིས་པ་ལ་གསུམ་ལས། དབྱར་ཚུལ་ནང་དུ་རྙེད་པ་བགོད་པ་སྤོང་བ་ནི།

བརྟད་པ་ལས་བྱུངབའི་སྤང་བའི་སྐབས་སུ་བསྟན་ནོ། །ཚུལ་ནང་དུ་གླེང་དྲན་བྱེད་པ་སྤང་བ་ནི། ལུང་གཞི་ལས། སུསཀྱང་དབྱར་གྱི་ནང་དུ་གླེང་དྲན་མི་བྱའོ། །ཞེས་གསུངས་སོ། །ཚུལ་ནང་དུ་ནན་ཏུར་བྱེད་པ་སྤང་བནི།

རྩ་བར། གནས་པར་ཁས་བླངས་པ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ། །ཞེས་གསུངས་སོ། །

གསུམ་པ་དབྱར་ཚུལ་བྱིན་གྱིས་བརླབ་པ་ལ།

དངོས་དང༌། གནང་བ་ཐོབ་པའི་བྱིན་གྱིས་བརླབ་པ་དང་གཉིས། དང་པོ་ནི། རྩ་བར། ཆོས་དང་ལྡན་པའི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་པརབྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དགུ་ལས། དང་པོ་དགོས་པའི་དོན་ནི་དབྱར་འདྲལ་བའི་ཉེས་པ་མི་འབྱུང་བ་དང༌། ཆོ་གས་བྱིན་གྱིས་བརླབས་པས་བཅས་པའི་ས་མཚམསཟིན་པའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། ཆོས་ལྔ་ལྡན་གྱིས་ཏེ། ཆོས་འདི་པའིརབ་བྱུང་ཡིན་པ་དང་ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་བྱུང་བ་དང༌། དབྱར་གནས་པར་དམ་བཅས་པ་དང་འབྲེལ་བའོ། །དབྱར་གནསཔར་ཁས་བླངས་པའམ་ཁས་མ་བླངས་ཀྱང་དབྱར་གནས་པར་དམ་བཅས་ཏེ་གནས་ན་དེསཀྱང་བྱིན་གྱིས་བརླབ་དགོས་ཏེ། ཊཱི་ཀ་ལས་བཤད་དོ། །

གསུམ་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི།

དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །བཞི་བ་གནས་གང་དུ་བྱིན་གྱིས་བརླབ་པ་ནི། གང་དུ་དབྱར་གནས་པའི་མཚམས་ཀྱིནང་ཡིན་པ་སྟེ། དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་ཞེས་གསུངས་སོ། །གཞན་དུ་ན་དབྱར་གྱི་མཚམས་དང་མ་འབྲེལ་བའི་ཕྱིར་དེ་ལ་ལྟོས་པའི་ཆོ་ག་མི་འཆགས་སོ། །ལྔ་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། མཐའི་ཞག་དྲུག་གི་གོང་ཡན་ཆད་དེ། མཐའི་ཞག་དྲུག་ལ་ནི་བྱིན་གྱིསབརླབ་པ་མི་འཆགས་སོ། །ཞེས་གསུངས་སོ། །མཐའི་ཞག་དྲུག་ལ་ནད་པ་ཚབས་ཆེ་བ་ལ་སྨན་སྟོན་དུ་འགྲོ་དགོས་ན་དགག་དབྱེ་བྱ་དགོས་པར་སྣང་སྟེ། རྩ་བར། དབྱར་གྱི་ནང་དུ་བྱ་བས་འགྲོདགོས་ན་དགག་དབྱེ་བྱའོ། །ཞེས་གསུངས་སོ། །དྲུག་པ་ཡུན་ཇི་སྲིད་དུ་བྱིན་གྱིས་བརླབ་པ་ནི། གནང་བ་མ་ཐོབ་པས་ཞག་བདུན་ཚུན་ཆད་དང༌། གནང་བ་ཐོབ་ན་ཞག་བཞི་བཅུ་ཚུན་ཆད་བྱིནགྱིས་བརླབས་ཏེ། འདི་མཐར་ཐུག་པའི་མཐའ་ནི། ཞག་བདུན་ཚུན་ཆད་ཉིད་དོ། །ཞེས་པ་དང༌། གཞན་གྱིས་ནི་ཞག་བཞི་བཅུའོ། །ཞེས་གསུངས་སོ། །བདུན་པ་ཆེད་དུ་བྱ་བ་གང་གི་ཆེད་དུ་བྱིནགྱིས་བརླབ་པ་ནི། འདི་ཉིད་ལས། ཆོས་དང་ལྡན་པའི་དོན་དུ་ཞེས་སོ། །གཞན་དུ་ན་མི་འཆགསསོ། །བརྒྱད་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་ནི། ཡུལ་དེ་བསླབ་པ་རྒན་ན་ཕྱག་འཚལ་བ་དང༌། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེནཔའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། མཇུག་ཐབས་ཡིན་ནོ་ལེགས་སོ་ཞེསསོ། །དགུ་བ་བྱིན་གྱིས་བརླབ་པ་འཇིག་པའི་རྒྱུ་ནི། ཞག་གྲངས་ཀྱི་འཕེན་པ་ཟད་པ་དང་བྱ་བམེད་པར་ཤེས་པ་དང༌། བྱ་བ་ཆོས་མི་ལྡན་དུ་ཤེས་པ་དང་ཁྱིམ་པར་བབས་པ་ལ་སོགས་པ། རྟེན་ཞིང་མ་ཡིན་པར་གྱུར་པའོ། །ལུང་ཞུ་བ་ལས། བཙུན་པ་མདོ་སྡེ་འཛིན་པ་དང་མ་མོ་ལྟ་བུའཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་པར་རུང་ངམ། ཨུ་པ་ལི་རུང་ངོ༌། །བཙུན་པ་འདུལབ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ༌། །དེ་སྟེ་འདུལ་བའཛིན་པ་མ་མཆིས་ན་སོ་སོ་ཐར་པའི་མདོ་འདོན་པའི་དགེ་སློང་བཙལ་འཚལ་ལམ། སོ་སོ་ཐརཔ་འདོན་པ་མེད་ན་དབྱར་ཚུལ་དུ་འཇུག་ཏུ་མི་གནང་ངོ། །ཞེས་གསུངས་སོ། །གཉིས་པ་གནངབ་ཐོབ་པའི་བྱིན་གྱིས་བརླབ་ནི། རྩ་བར། གཞན་གྱི་ཞག་བཞི་བཅུའོ། །དེ་སྦྱིན་ནོ་ཞེས་པ་འདིའིདོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི་དབྱར་བྱིན་གྱིས་བརླབས་པ་འཆགས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། ཆོས་བཅུ་ལྡནཏེ། གཞན་ནི་ལས་གཞིར་འཆད་ལ་སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང༌། དབྱར་དམབཅས་པ་དང་འབྲེལ་བ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་གནངབ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། ། བཞི་པ་ཡུན་ཇི་སྲིད་དུ་གནང་བསྦྱིན་པ་ནི། ཞག་བཞི་བཅུའོ། །ཞེས་སོ། །དེ་ཡང་ཡ་མཐའི་ཚད་མཚོན་པ་ཙམ་སྟེ། ལུང་ཞུ་བ་ལས། ཞག་བཞི་བཅུར་བསྐོ་བར་བྱའོ། །ཞེས་གསུངས་ན། ཞག་སུམ་ཅུ་རྩ་དགུའམ་ཞག་སུམ་ཅུའམཞག་ཉི་ཤུར་བསྐོ་བར་རུང་ངམ། ཨུ་པ་ལི་རུང་ངོ། །ཞེས་གསུངས་སོ། ། ལྔ་པ་དོན་གང་གི་ཆེད་དུགནང་བ་སྦྱིན་པ་ནི། ཆོ་ག་ལས་དགེ་འདུན་གྱི་ཆེད་ལ་ཞེས་གསུངས་པ་ནི་གླེང་གཞིའི་དབངགིས་མཚོན་པ་ཙམ་སྟེ། ལུང་སིལ་བུ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་ཞགབཞི་བཅུར་བྱིན་གྱིས་བརླབས་ལ། ཞེས་གསུངས་ཤིང༌། ལུང་ཞུ་བ་ལས། དགེ་འདུན་གྱི་དོན་གྱིསླད་དུ་ནི་ཞག་བཞི་བཅུའི་གནང་བ་བྱིན་ཅིག་ཅེས་གསུངས་ན། དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་དང་ཉེ་དུ་དང་མུ་སྟེགས་ཅན་སྤྱོད་པ་བ་དང་ཀུན་ཏུ་རྒྱུ་བ་རྣམས་ཀྱི་དོན་གྱི་སླད་དུ་ཞག་བཞི་བཅུའི་གནང་བ་བསྩལ་བར་བགྱིའམ། ཨུ་པ་ལི་རུང་ངོ། །ཞེས་གསུངསལ་ལུང་མ་མོ་ལས། དགེ་སློང་གི་དོན་ནམ་དགེ་སློང་མའི་དོན་ནམ་དགེ་བསྙེན་ནམ་དགེ་བསྙེན་མའི་དོན་ཀྱང་རུང་ཉེ་དུའི་དོན་ཀྱང་རུང་མུ་སྟེགས་ཀུན་ཏུ་རྒྱུ་བ་གཞན་དག་གི་དོན་ལ་ཡང་རུངསྟེ་ཞག་བདུན་ནམ་ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱ། ཞེས་གསུངས་སོ། །

མེ་ཏོག་ཕྲེང་རྒྱུད་ལས་ཀྱང༌། ལྷག་པར་བུ་དང་བུ་མོ་རྣམས། །བག་མར་གཏོང་ལེན་ལ་སོགསདང༌། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་དགོས་སྒྲུབ་ལ། །ཞག་བདུན་བསླབས་སམ་ལྷག་ཀྱང་རུང༌། །མཚན་མོ་ཉི་ཤུ་སུམ་ཅུ་འམ། །ཉིན་ཞག་བཞི་བཅུ་ཡང་ནི་རུང༌། ཞེས་གསུངས་ཤིང༌། མདོ་རྩ་བ་ལས། དེ་སྦྱིན་ནོ་ཞེས་སྤྱིར་གསུངས་ཀྱི། དགེ་འདུན་གྱི་ཆེད་དུཞེས་ནི་མ་གསུངས་སོ། །དྲུག་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། ཕྱག་འཚལ་ཞིང་འདུག་པའི་སྤྱོད་ལམབསྟེན་པ་དང༌། ལས་བྱེད་པས་སྤྲོ་བ་འདྲི་བ་དང༌། རང་གིས་ལན་གསུམ་གསོལ་བ་གདབ་པའོ། །

དེ་ཡང་དགེ་འདུན་གྱི་ཆེད་ལ་འགྲོ་བ་དང་རང་རང་གི་དབྱར་འདྲལ་བ་སྤོང་བ་ཡིན་པས། ཀརྨཤ་ཏཾ་ལས། སྤྲོ་བ་འདྲི་བ་དང་གསོལ་བ་འདེབས་པ་གཉིས་ཀ་དགོས་པར་གསུངས་སོ། །འོནཀྱང་གང་ཟག་རང་དོན་དུ་ཞག་བཞི་བཅུའི་གནང་བ་ཞུ་བ་ན་ནི་སྤྲོ་བ་འདྲི་མི་དགོས་པར་དོནགྱིས་གོའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །

དེ་ལྟར་ཞག་བཞི་བཅུ་གནང་བ་དགེ་འདུན་གྱི་ལས་ཀྱིས་བྱིན་ནས། དེའི་འོག་ཏུ་དགེ་སློང་གཅིགགི་མདུན་དུ་ཞག་བཞི་བཅུར་དབྱར་བྱིན་གྱིས་རློབ་པའི་སྔགས་ལན་གསུམ་བརྗོད་པར་བྱའོ། །

ཞག་བཞི་བཅུ་བས་ལྷག་པ་མི་རུང་བ་ཡིན་ཏེ། ལུང་ཞུ་བ་ལས། ཞག་བཞི་བཅུའི་སྟེང་དུ་ཞག་བདུནདུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ༌། །དེའི་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་ནིཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི་ཞག་ཉུང་ངུ་གནས་པར་བྱའོ། །ཞག་སུམ་ཅུ་རྩ་དགུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ། །ཞེསགསུངས་པའི་ཕྱིར་རོ། །དབྱར་གྱི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

གསུམ་པ་དགག་དབྱེའི་གཞི་བཤད་པ་ལ།

སྐབས་སྒྲུབ་པ་དང༌། དངོས་ཀྱི་དོནགཉིས་ལས། དང་པོ་ནི། ལུང་ལས། དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །ཞེས་གོ་རིམ་དེལྟར་གསུངས་ཀྱང༌། འདིར་ནི་དབྱར་གྱི་གཞིའི་སྐབས་ཀྱི་འོག་ཏུ་དགག་དབྱེའི་གཞི་བསྟན་ཏེ། དབྱར་གནས་པའི་མཐར་དགག་དབྱེ་བྱེད་པ་ཡིན་པས། བྱ་བ་ལ་འཇུག་པའི་གོ་རིམ་དང་མཐུནཔའི་ཕྱིར་རོ། །

གཉིས་པ་ལ་གཉིས་ལས། དང་པོ་སྐབས་སུ་ཡི་དམ་ངན་པ་སྤང་བ་ནི། མི་སྨྲ་བའི་ཡི་དམ་མིབཅའ་བ་སྟེ། རྩ་བར། མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱའོ། །ཞེས་དང༌། ལུང་གཞི་ལས།

དགེ་སློང་གིས་མི་སྨྲ་བའི་ཡི་དམ་བཅའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངསསོ། །འོན་ཀྱང་ངག་གི་ཉེས་པ་ཚར་བཅད་པའི་ཕྱིར་ནི་མི་སྨྲ་བར་འདུག་ཀྱང་ཉེས་པ་མེད་དོ། །

གཉིས་པ་དགག་དབྱེ་བྱ་བའི་ཚུལ་ལུགས་ནི།

རྩ་བར། དབྱར་གནས་པས་དགེ་འདུན་ལ་མཐོངབ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །

ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བཅུ་ལས། དང་པོ་དགག་དབྱེ་བྱས་པའི་དགོས་པ་ལ། ཆོས་དག་པར་འགྱུར་བ་དང༌། ཚུལ་ཁྲིམས་དག་པར་འགྱུར་བ་དང༌། དགག་དབྱེ་མ་བྱས་པའིཉེས་པ་ཁེགས་པ་དང་གསུམ། དང་པོ་ནི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་ཞེས་བཤད་དེ། དེ་ཡང་ཉོན་མོངས་པ་མངོན་དུ་གྱུར་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་འགྱུར་དང་བཅས་ཏེ་དགག་དབྱེ་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཚུལཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཞེས་བཤད་ཅིང༌། འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་པ་ཉིད་ཡིན་ནོ། །ཞེས་གསུངས་པསཚུལ་ཁྲིམས་དག་པ་དེ། དགག་དབྱེའི་ཡང་དགོས་པ་ཡིན་པར་གྲུབ་བོ། །དེ་ཡང་དགག་དབྱེའིགནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིསབརླབ་པ་བྱས་ནས་དགག་དབྱེ་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །

གཉིས་པ་ཡུལ་གང་ལ་དགག་དབྱེ་བྱ་བ་ནི།

ཁྱེད་ཅག་ལས་གང་སུས་ལྟུང་བ་གླེང་ནགླེངས་ཤིག་ཅེས་པ་ཕྱོགས་བཅུ་ན་གནས་པའི་དགེ་འདུན་མཐའ་དག་ལ་སྟེ། ང་ལ་གཞན་གྱིསལྟུང་བ་གླེང་ཡང་གང་ཟག་ཤཱ་རིའི་བུས་ནི་མ་གླེང་ཞེས་ཟེར་བ་ལྟ་བུ་གང་ཟག་འཇོག་པ་དམིགསབསལ་དུ་གསུངས་པ་དང༌། མཐའ་དག་ལས་གཞན་དུ་ན་དགོས་པ་རྫོགས་པར་མི་འགྲུབ་པའིཕྱིར་རོ། །

གསུམ་པ་རྟེན་གང་གིས་དགག་དབྱེ་བྱ་བ་ནི།

ཆོས་དྲུག་ལྡན་ཏེ་རབ་ཏུ་བྱུང་བ་སྡེ་ལྔའིསྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུསཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། དགག་དབྱེ་བཞག་པ་མ་ཡིན་པ་དང༌། དབྱར་གནས་པར་ཁས་བླངས་པ་ཡིན་པའོ། །ཞེས་མཚོ་ཊཱིཀ་ཏུ་གསུངས་སོ། །ཐ་མ་གཉིས་ནིདགག་དབྱེ་བཞག་ན་དགག་དབྱེ་བཀག་པ་ཆད་ལས་དང་འབྲེལ་བའི་ཕྱིར་དང༌། འདི་ཉིད་ལས། དབྱར་གནས་པས་ཞེས་སོགས་གོང་དུ་བཀོད་པ་ལྟར་རོ། །གཞན་དུ་ན་དབྱར་གནས་ཁས་བླངསྟོབས་ཀྱིས་བཀག་པ་མེད་པས་ན། བཀག་པ་ལས་ཕྱེ་བ་མི་འབྱུང་བའི་ཕྱིར་རོ། །དབྱར་གནསན་དབྱར་རལ་ཀྱང་དགག་དབྱེ་བྱ་དགོས་ཏཻ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དབྱར་རལ་བསཀྱང་དགག་དབྱེ་བྱ་དགོས་སོ། །ཞེས་གསུངས་སོ། །དེས་དགག་དབྱེ་བྱས་ན་ལྟུང་བའི་དགགདབྱེ་དང་རྫས་ཀྱི་དགག་དབྱེ་མཚན་ཉིད་པའོ། །

བཞི་བ་བྱེད་པ་པོ་གང་ལ་གོ་བར་བྱ་བ་ནི།

དགག་དབྱེ་བྱེད་པ་པོར་བསྐོས་པ་དང་འབྲེལབ་སྟེ། མེད་ན་གཞན་ལའོ་ཞེས་དམིགས་བསལ་དུ་གསུངས་པས་སོ། །

ལྔ་པ་གང་ལ་དགག་དབྱེ་བྱ་བའི་དངོས་པོ་ནི། ལྟུང་བའི་དགག་དབྱེ་ནི། རང་གི་བསླབཔའི་གཞི་མཐའ་དག་ལ་སྟེ། ང་ལ་ལྟུང་བ་གཞན་གླེང་ཡང་སྤང་ལྟུང་གིས་ནི་མ་གླེང་ཞིག་ཅེས་ཟེརབ་ལྟ་བུ་གཞི་འཇོག་པ་དམིགས་བསལ་དུ་གསུངས་པ་དང༌། ཕྱོགས་འགའ་ལ་དགག་དབྱེ་བྱསཔས་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །རྫས་ཀྱི་དགག་དབྱེ་བྱ་བའི་དངོས་པོ་ནི།ཁབ་ལ་སོགས་པ་རང་གི་རྫས་གང་ཡང་རུང་བའོ། །

དྲུག་པ་གང་དུ་དགག་དབྱེ་བྱ་བའི་གནས་ནི།

མཚམས་པོ་ཆེའི་ནང་ཡིན་པ་སྟེ། ལུངགཞི་ལས། མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ། གསོ་སྦྱོང་དང་དགགདབྱེ་བྱའོ། །ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་རྣམས་དགག་དབྱེ་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །

གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་གསུངསཔས་སོ། །གཙང་ཞིང་ཡངས་པ་ཡིན་པ་དང༌། འཇིག་པའི་ཉེན་ཅན་མ་ཡིན་པ་སྟེ། གསོ་སྦྱོང་ལབཤད་པའི་གནད་ཀྱིས་སོ། །

བདུན་པ་གང་གི་ཚེ་དགག་དབྱེ་བྱ་བའི་དུས་ནི།

དབྱར་གནས་སྔ་ཕྱིའི་བྱེ་བྲག་གིསསྟོན་ཟླ་འབྲིང་པོའི་ཉའམ་ཐ་ཆུང་གི་ཉ་ལ་སྟེ། དབྱར་རྣམས་ཀྱི་ཐ་མའི་ཉ་ལའོ། །ཞེས་གསུངས་པས་སོ། །དུས་སྔ་རོལ་ཏུ་བྱ་བ་དང་དུས་འོག་རོལ་ཏུ་བྱ་བ་དམིགས་བསལ་ཡིན་པར་མཚོ་ཊཱིཀ་ལས་གསུངས་ལ། དེ་ཡང་རྩ་བར། གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན་གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །མ་གྲུབ་ན། ཞེས་པ་ནས། ༼དབྱར་ཟླ་གསུམ་གྱི་རྗེས་སུ་འཐབ་ཀྲོལ་ཅན་ཕྱིར་གནས་གཞན་དུ༽དོང་བ་དག་ན་༼གསོ་སྦྱོང་གི་དུས་ན༽དགག་དབྱེ་བྱའོ། །ཞེས་གསུངས་པ་དེ་ཡིན་ནོ། །དེ་འདྲ་དེ་དབྱར་ཟླ་བ་གསུམ་ལས་ལྷག་གནས་པ་ཡིན་པ་དང༌། དབྱར་ཟླ་བ་གསུམ་ལས་ལྷག་ཁས་མ་བླངས་པས་དབྱར་མི་འཇིག་པ་ཡིན་ན་དབྱར་གྱི་འཇིག་རྒྱུ་ལ་ཞག་གྲངས་ཀྱི་འཕེནཔ་ཟད་པ་བཞག་པ་ལ་དཔྱད་དོ། །

བརྒྱད་པ་ཚུལ་ཇི་ལྟར་དགག་དབྱེ་བྱ་བ་ནི།

སྦྱོར་དངོས་མཇུག་གསུམ་ལས། སྔོན་འགྲོ་སྦྱོར་བ་ལ། ཞག་བཅུའམ་ཟླ་བ་ཕྱེད་ན་ཇི་ལྟར་བསྒྲུབ་པ་དང༌། ཚེས་བཅུ་བཞི་ལ་ཇི་ལྟརབསྒྲུབ་པ་དང༌། ཚེས་བཅོ་ལྔའི་ལས་ཀྱི་མདུན་རོལ་ཏུ་ཇི་ལྟར་བསྒྲུབ་པ་དང་གསུམ། དང་པོ་ལགསུམ་སྟེ། སྤྱོད་ཡུལ་དུ་བརྗོད་པ་དང༌། གནས་དང་མཆོད་རྟེན་གྱི་བྱ་བ་བསྒྲུབ་པ་དང༌། འཁོནཡོད་ན་བཟོད་པར་གསོལ་བ་སྟེ། སྤྱོད་ཡུལ་དུ་བརྗོད་པར་བྱའོ། །ཞེས་པ་དང༌། གཙུག་ལགཁང་བརྒྱན་ཞེས་པ་ལ་སོགས་པ་དང༌། ནང་དང་བཅས་པས་བཟོད་པ་ཞེས་གོ་རིམ་བཞིན་ནོ། །

གཉིས་པ་ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་ལ་གསུམ་སྟེ། སེང་གེའི་ཁྲི་བརྒྱན་པ་དང༌། ཆོསབཤད་ཉན་འབྱུང་བ་སྤྱོད་ཡུལ་དུ་བརྗོད་པ་དང༌། མཚན་ཐོག་ཐག་ཉན་བཤད་བྱ་བ་སྟེ། གཞུངའདི་ཉིད་ལས་སེང་གེའི་ཁྲི་བརྒྱན་ཞེས་པ་དང༌། དོ་མོད་མཚན་ཐོག་ཐག་ཅེས་པ་དང༌། མདོ་སྡེདང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་པ་དེ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་ཉན་པ་སྦྱིན་པར་བྱའོ། །ཞེས་གོ་རིམ་བཞིན་དུ་བསྟན་ཏོ། །གསུམ་པ་ཚེས་བཅོ་ལྔར་ལས་ཀྱི་མདུན་དུ་ཇི་ལྟར་བསྒྲུབ་པ་ལ་ལྔ་སྟེ། འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་བྱེད་པ་དང༌། ཆོས་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱ་བ་དང༌། དགག་དབྱེབྱེད་པ་པོའི་དགེ་སློང་བསྐོ་བ་དང༌། དེས་རྩྭ་དུར་བ་དགེ་འདུན་ལ་བྲིམ་པ་དང༌། གཞན་གྱིས་གསོལབ་འབའ་ཞིག་པའི་ལས་བྱ་བ་སྟེ། དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱ། ཞེས་དང༌། གཞན་ལ་ནི་དེ་དག་གིས་ལས་ཀྱི་མདུན། ཞེས་དང༌། དགེ་སློང་དགགདབྱེ་བྱེད་པ་བསྐོ། ཞེས་དང༌། དེས་རྩྭ་དུར་བ་བྲིམ། ཞེས་དང༌། དགག་དབྱེ་བྱ་བའི་ཕྱིར་གཞན་གྱིསདགེ་འདུན་ལ་གསོལ་བར་བྱའོ། །ཞེས་སོ། །དེ་ལྟར་ན་གསུམ་དང་གསུམ་དང་ལྔ་སྟེ་སྡོམ་པས་དགག་དབྱེའི་སྔོན་འགྲོའི་བྱ་བ་བཅུ་གཅིག་ཡོད་དོ། །དགེ་སློང་དགག་དབྱེ་བྱེད་པ་བསྐོ་བ་ནི།ཡུལ་གང་བསྐོ་བ་ནི་ཆོས་བཅོ་ལྔ་དང་ལྡན་པ་བསྐོ་སྟེ། བསྐོ་ཡུལ་ཐུན་མོང་བ་ཆོས་བཅུ་བཞི་སྤོངཔ་བའི་ཞལ་ཏ་བ་བསྐོ་བའི་སྐབས་སུ་སྔར་བཤད་པའི་སྟེང་དུ། སྐྱེས་པ་ཡིན་པ་སྟེ། བུད་མེད་ལ་ནིམ་ཡིན། ཞེས་གསུངས་པ་དང༌། གཞན་དུ་རྟེན་དམན་པས་དགོས་པ་རྫོགས་པར་མི་འགྲུབ་པའིཕྱིར་རོ། །རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །དགག་དབྱེ་དངོས་གཞིའི་ཆོ་ག་ནི་དུས་མཚན་མོ་བྱབ་ཡིན་ཏེ། དགག་དབྱེའི་སྔོན་འགྲོའི་བྱ་བ་ཚེས་བཅོ་ལྔའི་ནུབ་མོ་ཆོས་རྣམ་པར་གཏན་ལ་དབབ་པས་ལས་ཀྱི་མདུན་རོལ་ཚུན་ཆད་ཀྱི་མཚན་མོ་འདའ་བ་སྔོན་དུ་འགྲོ་བ་བྱས་ནས། རྩ་བར། དགགདབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་རོལ་ཏུའོ། །ཞེས་གསུངས་པ་ལྟར་བྱའོ། །གཉིསཔ་དགག་དབྱེ་དངོས་གཞིའི་ཆོ་ག་ནི། སྤྱོད་ལམ་དགག་དབྱེ་བྱེད་པ་པོ་བསྐོས་པའི་དགེ་སློང་གསུམ་གསུམ་གྱི་མདུན་དུ་བསླབ་པ་རྒན་ན་ཕྱག་གསུམ་འཚལ་ནས་ཙོག་པུར་བསྡད་དེ་རྩྭ་དུརབ་རྩེ་ཕན་ཚུན་བསྣོལ་པའི་རྩེ་མོ་གཞན་གྱིས་རྩ་བར་རང་རང་གི་རྐང་བས་མནན་ནས། སྙནགསན་ཞུས་ནས། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པའམབཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་བཅོ་ལྔ་པའམ་བཅུབཞི་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དངདོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེསསུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགསབརྩེ་བ་ཅན། ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛདདུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་སྔགསལན་གསུམ་གྱིས་སོ། །དེ་ལྟར་རྩྭ་དུར་བའི་འཛིན་ཚུལ་ལ་དགོས་པ་ཡོད་དེ། ཕན་ཚུན་གུས་པའིབརྡའ་ཡིན་པར་གཞི་འགྲེལ་ལས་གསུངས་པའི་ཕྱིར། གསུམ་པ་མཇུག་གི་ཆོ་ག་ནི་ཐབས་ཡིན་ནོལེགས་སོ་ཞེས་བརྗོད་དོ། །དེ་ནས་རྩྭ་ཆུན་བགྲངས་ཏེ། དགེ་སློང་འདི་སྙེད་ཀྱི་དགག་དབྱེ་མཛདདོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་དགག་དབྱེ་བྱས་པ་དགེ་འདུན་ལ་གོ་བར་བྱས་ནས།

གཞན་རྣམས་ཀྱིས་ཀྱང་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བརྗོད་དོ། །བྱེད་པ་པོས་ནད་པ་སོགས་དགག་དབྱེ་ལེན་དགོས་ཀྱི་སར་ཕྱིན་ཏེ། དགག་དབྱེ་ལེནཔའོ། །དེ་ལྟར་ལྟུང་བའི་དགག་དབྱེ་བྱས་ནས་རྫས་ཀྱི་དགག་དབྱེ་བྱ་བ་ནི། རྩ་བར། རང་གི་རྫསགང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱིས་དགག་དབྱེ་བརྩམ་པར་བྱ་སྟེ༼དགག་དབྱེ་བྱེད་པ་པོས་རྫས་༽དེ་བླངས་ནས་༼དགེ་འདུན་ལ༽ཚིག་གིས་སོ། །བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་སོ། །དེའིའོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལའོ། །ཞེས་གསུངསསོ། །ཀུན་མཁྱེན་འཇམ་བཞད་ཀྱི་འདུལ་བའི་ཡིག་ཆ་༥༨ལས། དེར་རྙེད་པ་བགོ་བ་དགག་པརབྱས་པ་དབྱེ་བར་བྱས་པས་ན་རྫས་ཀྱི་དགག་དབྱེ་དང༌། ཞེས་གསུངས་པ་ལྟར་འདོད་མཁན་ཡོད་དོ། །འོན་ཀྱང་དེར་རྫས་ཀྱི་དགག་དབྱེ་བྱེད་ཚུལ་གོང་དུ་བཤད་པ་ལྟར་གསུངས་ཡོད་དོ། །རྫས་ཀྱི་དགགདབྱེ་བྱས་པའི་ཕན་ཡོན་ནི་ཊཱི་ཀ་ལས། དགག་དབྱེ་བྱས་པའི་དགེ་སློང་གིས་དགེ་འདུན་ནི་དགེལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར་དང་བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར་བསོདནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །ཞེས་སོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་ཞེས་པའི་སྐབས་སུ་ལུང་གཞི་ལས།དེའི་འོག་ཏུ་དགེ་སློང་མ་རྣམས་དང་དགེ་སློབ་མ་རྣམས་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྣམསདགག་དབྱེ་བྱེད་དུ་གཞུག་གོ་ཞེས་གསུངས་ཀྱང་གཞུང་དུ་བཀོད་པའི་གོ་རིམ་ཙམ་ཡིན་གྱི། ལགལེན་གྱི་གོ་རིམ་ནི་མདོ་རྩ་བར་དགེ་སློང་མའི་དགག་དབྱེའི་སྔོན་དུ་དགེ་ཚུལ་གྱི་དགག་དབྱེ་བྱབར་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞནལ་འཇུག་པ་མི་རིགས་པས། ཞེས་སོ། །

དགུ་པ་དམིགས་ཀྱིས་བསལ་བའི་དོན་ལ་དྲུག་ལས།

ཡུལ་གྱི་དམིགས་བསལ་ནི་གང་ཟག་འཇོག་པའི་དགག་དབྱེ་བྱ་བའོ། །བྱེད་པ་པོའི་དམིགས་བསལ་ནི། དགག་དབྱེ་བྱེད་པ་པོ་སྐོས་པའི་དགེ་སློང་གཅིག་ལས་མེད་ན་དེས་མ་བསྐོས་པའི་དགེ་སློང་གཞན་གཅིག་གི་མདུན་དུ་དགག་དབྱེ་བྱ་སྟེ། རྩ་བར། མེད་ན་གཞན་ལའོ། །ཞེས་སོ། །དངོས་པོའི་དམིགསབསལ་ནི། གཞི་འཇོག་པའི་དགག་དབྱེ་བྱ་བའོ། །གནས་ཀྱི་དམིགས་བསལ་ནི། དཀྱིལ་འཁོརབར་བྱ་བའོ། །དུས་ཀྱི་དམིགས་བསལ་ནི། ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ་ཞེས་པ་དང༌།

འཐབ་ཀྲོལ་ཅན་ལ་སོགས་པའི་རྐྱེན་གྱིས་དུས་ཀྱི་སྔ་རོལ་ལམ་འོག་རོལ་ཏུ་དགག་དབྱེ་བྱ་བའོ། །ཆོ་གའི་དམིགས་བསལ་ནི། རྐྱེན་དབང་གིས་ལན་གཉིས་སམ་ལན་ཅིག་བརྗོད་པ་དང༌། ཡོངསདག་འབུལ་བ་དང་དགག་དབྱེ་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པའི་ཚུལ་ནི་སྔར་གསོ་སྦྱོང་བྱིན་གྱིས་བརླབ་པ་བཞིན་ཅི་རིགས་པར་སྦྱར་ཏེ། ཁྱད་པར་ནི་དགེ་སློང་བཞིས་གསོ་སྦྱོངབྱིན་གྱིས་མི་རློབ་པར་གསོ་སྦྱོང་དངོས་སུ་བྱེད་ཀྱང༌། ཊཱི་ཀ་ལས། དགེ་སློང་བཞིས་ཀྱང་དགགདབྱེ་བྱིན་གྱིས་བརླབས་པར་གསུངས་སོ། །

བཅུ་པ་དགག་དབྱེའི་སྒྲ་བཤད་པ་ནི།

དབྱར་གྱི་ཚུལ་ནང་དུ་ལྟུང་བ་གླེང་དྲན་བྱེདཔ་དང༌། ནན་ཏུར་བྱེད་པ་དང༌། དབྱར་གྱི་རྙེད་པ་བགོ་བ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་མཚནམོ་འདའ་བ་སྟེ་བཞི་པོ་དེ་རྣམས་བཀག་པ་འབྱེད་པར་བྱེད་པས་ན་དགག་དབྱེ་ཞེས་བྱའོ། །དབྱར་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་མེད་ན་དབྱར་ནང་དུ་དགེ་སློང་ཕ་ལ་གནས་ངན་ལེན་བཅབས་པའི་ལྟུང་བྱེད་དང༌། དགེ་སློང་མ་ལ་འཆབ་ཕམ་བྱུང་བ་མེད་པར་འགྱུར་བས་དཔྱད་དོ། །ནན་ཏུརམེད་ན་དགག་དབྱེ་བཞག་པའི་ནན་ཏུར་མེད་པར་མི་འགྱུར་རམ་ཞིབ་ཆ་བྱའོ། །དགག་དབྱེབྱིན་གྱིས་བརླབ་པ་ནི། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དེ་ན་དགེ་སློང་བཞི་ལས་མེད་ནདགག་དབྱེ་བྱེད་པ་བསྐོར་མི་རུང་པས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོསགཞི་གོང་བཞིན་བྱ། དེ་མན་ཆད་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བཙུན་པ་དགོངསསུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས། དགགདབྱེ་བྱིན་གྱིས་བརླབ་པོ། གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ། བདག་ལ་མཐོང་བ་དངཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་བརྗོད་རེས་བྱ། གཅིག་པུ་ཡིན་ན། དངོས་གཞི་ལན་གསུམ་བརྗོད། སྦྱོར་མཇུགགཉིས་མི་དགོས། དགེ་སློང་བཞི་ཙམ་ལས་མེད་ན་བྱིན་བརླབ་བྱེད་དགོས་པར་གསུངས་སོ། །

ཚོགས་ཀྱི་དགག་དབྱེ་ནི།

མཚོ་ཊཱིཀ་ལས། ལུང་གཞི་ལས། དགོན་པ་འཁྲུག་པའི་དམག་གིའཇིགས་པ་བྱུང་ནས་ཡུལ་མི་རྣམས་ཀྱང་དེ་དང་དེ་དག་ཏུ་བྲོས་སོ། །དགེ་སློང་རྣམས་ཀྱང་གཏུར་བུ་དག་ཏུ་ཆོས་གོས་རྣམས་ཐུམ་པོ་བྱས་ཏེ། ཚེ་དང་ལྡན་པ་དག་དང་དགེ་འདུན་གྱི་དགག་དབྱེ་བཅོལྔ་པ་ཡིན་མོད་ཀྱི་གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ་ཞེས་བརྗོད་ནས་འདོང་བར་བྱའོ། །ཞེས་གསུངས་སོ། །ཆོ་ག་དེ་བས་ཚིག་མང་བ་ཞིག་ཊཱི་ཀ་ལས་བཤད་དེ། ཆོ་གདེ་གཉིས་གང་གིས་ཀྱང་རུང་ངོ༌། །ཞེས་གསུངས་ལ། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཚོགས་ཀྱིདགག་དབྱེ་ནི། ཟླ་བ་ཕྱེད་དང་གཉིས་མ་སོང་གོང་ངམ། ཉ་སྟོང་མིན་པའི་དུས་སུ་འཇིགས་པ་སོགསཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་འགྱེས་དགོས་པ་བྱུང་ན་དགེ་སློང་རྣམས་ཕན་ཚུན་གཅིག་ལ་གཅིག་རྒན་ན་ཕྱག་བྱས་ནས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅུབཞི་པའམ་བཅོ་ལྔ་པ་ལགས་ལ། བདག་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ན།

བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམགྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་དགག་དབྱེ་བགྱིད་ཀྱིས་ཚེ་དང་ལྡན་པརྣམས་ཀྱིས་བདག་ལ་རྗེས་སུ་གདམ་དུ་གསོལ། མན་ཆད་གཞན་དང་འདྲ་སྟེ། ལན་གསུམམོ། །དགེ་འདུན་ཀུན་མི་འགྱེས་ཀྱང་དགེ་སློང་གང་རུང་རྐྱེན་དབང་གིས་འགྲོ་དགོས་ནའང་འདིབྱར་རུང་ངོ༌། །ཞེས་གསུངས་པ་ལ། དེ་མི་འཐད་པར་ཐལ། ཚོགས་ཀྱི་དགག་དབྱེ་ཞེས་པ་སྐབསདེར་དམག་འཁྲུགས་སོགས་རྐྱེན་དབང་གིས་ཡུལ་གཞན་དུ་སོང་ནས་བདེ་བར་དགེ་འདུན་པཚོགས་པ་དེའི་ཚེ་དགག་དབྱེ་བྱེད་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། ལུང་གཞི་ལས། གང་གིཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ། །ཞེས་དང༌། རྩ་བར། གནས་པར་མི་ནུས་པ་ཡིན་ན་སྤྱོད་ཡུལ་དུ་གྱུར་བའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེ་གོ་བར་བྱའོ། །ཞེསགསུངས་པའི་ཕྱིར་དང༌། ཚོགས་ཀྱི་དགག་དབྱེ་དང་མི་འདྲ་བར་བྱ་བའི་དབང་གིས་དགག་དབྱེབྱེད་དུ་ཡོད་པ་ནི། རྩ་བར། དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ། །ཞེསགསུངས་པའི་ཕྱིར་ཟེར་བ་ལ། དེ་ཡང་མི་རིགས་པར་ཐལ། ཊཱི་ཀ་ལས། ཚེ་དང་ལྡན་པ་དགོངསསུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། ཞེས་པ་ནས། དབྱར་གནས་པའི་དགེའདུན་ལ་ཚོགས་པའི་དགག་དབྱེ་བགྱིད། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་བདག་གི་རྣམ་པར་རྟོག་པ་ལ་ལུང་གཞིའི་དགོངས་པ་ནི། ཐམས་ཅད་ཚོགས་ནས་ལག་བརྡ་ཙམ་ཡང་བྱེད་མ་ཁོམ་ན་གཅིག་གིས་གཅིག་བརྒྱུད་ནས་གོ་བར་བྱས་ནས་རྗེས་སུ་དགག་དབྱེ་བྱ་བ་དང༌། ཊཱི་ཀའིདགོངས་པ་ནི། ཁོམ་ན་སྐབས་དེར་ཚོགས་ཀྱི་དགག་དབྱེ་བྱེད་པ་དགོངས་པ་བླངས་ནས་ཚོགསཀྱི་དགག་དབྱེ་ལ་གཉིས་ཡོད་པ་འགལ་བ་མེད་པར་སྣང་ངོ། །སྤྱིར་བཏང་དུ་དབྱར་སྔ་ཕྱི་གངརུང་ཟླ་བ་གསུམ་དུ་དབྱར་གནས་པའི་སྟོན་འབྲིང་གི་ཉའམ། སྟོན་ཐའི་ཉ་ལ་དགག་དབྱེ་བྱ་ཞིང༌།

དམིགས་བསལ་དུ་རྐྱེན་དབང་གིས་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། རྩ་བར། གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློངའཐབ་ཀྲོལ་བྱེད་པ་འོང་བ་ཐོས་པར་གྱུར་ན། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བརགྱུར་ན། དགག་དབྱེ་བྱའོ། །ཞེས་སོ། །དགག་དབྱེ་བྱིན་གྱིས་རློབ་པ་དང༌། ཚོགས་ཀྱི་དགགདབྱེ་ལ་སོགས་པ་ལ་དམིགས་བསལ་ལོ། །འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིསཀྱི་དོན་ནི་གཅིག་པ་ཉིད་ཡིན་ནོ། །ཞེས་གསུངས་པ་དང༌། འདུལ་བ་བདུད་རྩིའི་ཉིང་ཁུ་ལས།

དགག་དབྱེ་བྱས་ན་གསོ་སྦྱོང་ཡང་དེས་འགྲུབ་སྟེ། མདོར། དགག་དབྱེ་བྱས་ན་འདི་མི་འགྲུབཔ་མ་ཡིན་ནོ། །ཞེས་གསུངས་པ་སོགས་ལ་དགག་དབྱེའི་ཉིན་དེར་དགག་དབྱེ་ལས་གསོ་སྦྱོངལོགས་སུ་དགོས་པ་ཡིན་མིན་དང༌། གོང་དུ་མདོ་རྩ་དང་མཚོ་ཊཱིཀ་གི་གསུངས་ཟིན་ལ་དགགདབྱེ་བྱེད་པ་ལ་དབྱར་གནས་པ་དགོས་པར་གསུངས་པ་ལྟར་ན་གནས་དེར་གནས་པའི་དབྱརཚུལ་ཁས་མ་བླངས་པའི་དགེ་སློང་དག་གིས་ཉིན་དེར་གསོ་སྦྱོང་ཇི་ལྟར་བྱེད་དགོས་པ་ལ་དཔྱདཔར་བྱའོ། །དགག་དབྱེའི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའི་གཞི་བཞི་བཤདཔ།

གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའི་གཞི་བཞི་བཤདཔ་ལ།

སྲ་བརྐྱངས་ཀྱི་གཞི་དང༌། གོས་ཀྱི་གཞི་དང༌། ཀོ་པགས་ཀྱི་གཞི་དང༌། སྨན་གྱི་གཞིདང་བཞི། དང་པོ་སྲ་བརྐྱང་གི་གཞི་བཤད་པ་ལ། སྲ་བརྐྱང་གདིང་བར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བཅུ་ལས། དང་པོ་དགོས་པ་ལ། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལསགནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང༌། སྦྱིན་པར་བྱ་བའིཆོས་ཡོངས་སུ་སྤྱད་པའི་སླད་དུ་ཞེས་གསུངས་པ་དང་གསུམ། དང་པོ་ནི་དབྱར་གནས་དངསྲ་བརྐྱང་འགྲོ་ལྡོག་ངེས་ཤིང་སྲ་བརྐྱང་གི་ཕན་ཡོན་ལ་དམིགས་ནས་དབྱར་གནས་པར་ཁས་ལེན་ལ་འཇུག་པ་སྟེ། ཊཱི་ཀ་ལས། དབྱར་གནས་པའི་དགེ་འདུན་གྱི་གནས་བསྡུ་བ་དང༌། ཞེསགསུངས་སོ། །གཉིས་པ་ནི། འཆང་འབྲལ་འཇོག་པ་ལ་སོགས་པའི་ལྟུང་བ་བྱུང་གིས་དོགས་པའི་བག་འཁུམས་པ་མེད་པར་དགེ་སློང་རྣམས་བདེ་བར་གནས་པ་སྟེ། ཊཱི་ཀ་ལས། བག་ཡངསཀྱི་བདེ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། ཆོས་གོས་གསུམ་ཕྲུགསགཅིག་ལ་དགེ་སློང་དགེ་འདུན་དུ་ལོངས་པས་བྱིན་གྱིས་བརླབས་པས་སྦྱིན་འབྱུང་གི་བསོད་ནམས་ཆེ་བ་སྟེ། རང་གི་རྣམ་བཤད་ལས། ངོ་བོ་གཅིག་པའི་གདིང་བར་གྱུར་པ་དགེ་འདུན་མཐའདག་ལ་ཁྱབ་པར་བྱེད་པས། ཞེས་གསུངས་སོ། །

གཉིས་པ་སྲ་བརྐྱང་གི་སྒྲ་བཤད་པ་ནི།

འོག་གཞི་སྤང་ལེབ་སོགས་སྲ་བའམ་ཆོས་གོསཞིག་པ་མ་ཡིན་པས་སྲ་བ་དེ་གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཡིན་པས་ན། སྲ་བརྐྱང་ཞེསབྱ་སྟེ། རྩ་བར། སྲ་བའོ། །ཞེས་དང༌། གོས་ཀྱི་གཞིའི་རྩ་བར། ས་ལ་ཆོས་གོས་བཏིང་བར་མི་བྱའོ། །དེའི་དོན་དུ་གཏན་པ་བྱའོ། །ཤིང་ལས་བྱས་པའམ། ཞེས་སོགས་དང༌། ཊཱི་ཀ་ལས། གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་དང༌། བྲམ་ཟེ་བུ་མོས་ཞུས་པ་ལས། གོས་ཞིག་པ་གཏན་པར་བཏིང་ན་གཏན་པ་མ་ཡིན་པའོ། །ཞེས་གསུངས་སོ། །

གསུམ་པ་རྟེན་གང་གིས་སྲ་བརྐྱང་གདིང་བ་ནི།

ཆོས་བཅུ་གཅིག་དང་ལྡན་པས་གདིངསྟེ། དབྱར་གནས་པར་ཁས་བླངས་པ་དང༌། དབྱར་མ་རལ་བ་དང༌། དབྱར་སྔ་མ་གནས་པར་ཁས་བླངས་པ་དང༌། གནས་དེ་ཉིད་དུ་གནས་པར་ཁས་བླངས་པ་དང༌། ས་གཞན་ན་གནས་པམ་ཡིན་པ་དང༌། གནས་དེ་ཉིད་དུ་གནས་པར་ཁས་བླངས་པ་དང༌། བསྙེན་པར་རྫོགས་པ་ཡིན་པདང༌། ཆོས་གཞན་གྱི་ཕྱོགས་སུ་མ་སོང་བ་དང༌། མཚན་མཐུན་པ་དང༌། སྨྱོ་བ་ལྟ་བུའི་ཐ་སྙད་དངམི་ལྡན་པ་མ་ཡིན་པར་ཐ་སྙད་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་བཅུ་གཅིག་གོ། །

བཞི་པ་དངོས་པོ་གང་སྲ་བརྐྱང་དུ་གཏིང་བ་ནི།

དངོས་པོ་ཆོས་བཞི་ལྡན་ཏེ། རྒྱུས་བྱེབྲག་ཏུ་བྱས་པ་དང༌། ངོ་བོ་དང༌། གྲངས་དང༌། བདག་པོས་བྱེ་བྲག་ཏུ་བྱས་པའོ། །དང་པོ་ལགསུམ་སྟེ་དབྱར་གྱི་རྒྱུ་ལས་བྱུང་བ། གདིང་བའི་ཉི་མ་ཡན་ཆད་དུ་གྲུབ་པ། གོས་ཀྱི་རྙེད་པརབགྲང་བའོ། །གཉིས་པ་ངོ་བོས་བྱེ་བྲག་ཏུ་བྱས་པ་ལ་གཉིས་ལས། རུང་བ་དང༌། ཚད་ལྡན་ཡནཆད་ཡིན་པའོ། །རུང་བ་ལ་བཞི་ལས་རྒྱུ་རུང་བ་དང༌། དབྱིབས་དང༌། ཁ་དོག་དང༌། གནསསྐབས་རུང་བའོ། །ཚད་ལྡན་ཡན་ཆད་ཡིན་པ་ནི། ཆོས་གོས་ཆེ་ཚད་དང༌། ཚད་དེ་ལས་ལྷག་པལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་ཏེ། ལྔ་པའོ། །ལྷག་པ་ཡང་ངོ་ཞེས་གསུངས་པས་ཚདལས་ལྷག་ཀྱང་རུང་སྟེ་བག་ཡངས་ཀྱི་གོས་ཡིན་པའི་ཕྱིར་རོ། །གསུམ་པ་གྲངས་ཀྱིས་བྱེ་བྲག་ཏུ་བྱས་པ་ནི་གསུམ་ཕྲུགས་གཅིག་གམ་དུ་མ་ཡང་རུང་སྟེ། ཆོས་གོས་གསུམ་མོ་ཞེས་གསུངསལ། དེའི་གནད་ཀྱིས་སྦྱར་བ་ནི། རང་གི་རྣམ་བཤད་ལས། དགེ་སློང་མ་རྣམས་ཀྱིས་ཆོས་གོསལྔ་ཆར་གཏན་པ་ཉིད་དུ་གདིང༌། ཞེས་བཤད་ཅིང༌། ཊཱི་ཀ་ལས་ཀྱང་ངོ༌། །དུ་མ་ཡང་ངོ་ཞེསགསུམ་ཕྲུགས་དུ་མ་རུང་བར་གསུངས་པས་དགེ་སློང་མ་རྣམས་ཀྱིས་ལྔ་ཕྲུགས་དུ་མ་རུང་བ་གནད་ཀྱིས་སྦྱར་རོ། །དེ་ལྟར་ཆོས་གོས་གསུམ་ཕྲུགས་དུ་མ་སྲ་བརྐྱང་དུ་བཏིང་བའི་ཚེ་ན། སྣམསྦྱར་དུ་མ་ལ་བྱིན་རླབས་གཅིག་འཆགས་སམ། བྱིན་རླབས་དུ་མ་འཆགས། དང་པོ་ལྟར་ན། བཅས་པའི་རྒྱུ་ཚོགས་སྤྱིའི་ཚུལ་དང་འགལ་ཞིང༌། སྣམ་སྦྱར་དུ་མ་ལ་བྱིན་རླབས་གཅིག་ཏུ་མིཆགས་པའི་རྒྱུ་མཚན་གཞན་ཡང་བྱ་བ་དུ་མའི་འབྲས་བུས་ལྟུང་བ་གཅིག་ཏུ་རྣམ་པར་མི་གཞག་གོ་ཞེས་གསུངས་པའི་གནད་ཀྱིས། ཆོས་གོས་དུ་མའི་འབྲས་བུ་བྱིན་རླབས་གཅིག་ཏུ་མི་བཞགགོ་ཞེས་རྒྱུ་མཚན་མཚུངས་པས་སོ། །གཉིས་པ་ལྟར་ན། འཚོ་བའི་ཡོ་བྱད་རེ་རེ་བར་གསུངས་པ་དང་འགལ་ལོ་ཞེ་ན། སྤྱིར་བཏང་ལ་འཚོ་བའི་ཡོ་བྱད་རེ་རེ་བ་ཡིན་ཡང༌། འདིར་བག་ཡངས་དང་འབྲེལ་བ་ཡིན་པས་གསུམ་ཕྲུགས་དུ་མའི་སྣམ་སྦྱར་དུ་མ་ལ་བྱིན་རླབས་དུ་མ་འཆགས་པ་ལ་འགལ་བ་མེད་དེ། དེ་ལྟར་མ་ཡིན་ན་ཆོས་གོས་གསུམ་ཕྲུགས་ཀྱི་ནང་ནས་སྣམ་སྦྱར་ལྟ་བུ་གོས་གཅིག་ལ་དགེ་སློང་དུ་མའི་སྲ་བརྐྱང་གི་བྱིན་རླབས་འཆགས་པའང་མི་རིགས་པརའགྱུར་རོ། །འོ་ན་གསུམ་ཕྲུགས་མ་ཚང་བར་ཆོས་གོས་གཅིག་ཉིད་སྲ་བརྐྱང་དུ་བཏིང་ན་སྲབརྐྱང་གི་བྱིན་རླབས་འཆགས་སམ་མི་འཆགས་ཞེ་ན། ཆོས་གོས་གང་ཡོད་དེའི་སྲ་བརྐྱང་གིབྱིན་རླབས་འཆགས་ཏེ། སྤྱིར་ཆོས་གོས་སོ་སོ་ལ་སྲ་བརྐྱང་གི་བྱིན་རླབས་སོ་སོར་འཆགསཤིང༌། ཆོས་གོས་གང་ཡོད་དེ་ལ་སྲ་བརྐྱང་གི་བྱིན་རླབས་མི་འཆགས་པའི་རྒྱུ་མ་དམིགས་པའིཕྱིར་རོ། ། ཆོས་གོས་གང་མེད་པ་དེའི་ཐུན་མོང་མ་ཡིན་པའི་ཕན་ཡོན་ལྡོག་སྟེ། ཕན་ཡོན་དེའིརྒྱུ་ལྡོག་པའི་ཕྱིར་རོ། ། ཆོས་གོས་གང་ཡོད་དེའི་སྲ་བརྐྱང་གི་ཕན་ཡོན་མི་ལྡོག་སྟེ། ཕན་ཡོནདེ་ལྡོག་པའི་རྒྱུ་མེད་པའི་ཕྱིར་རོ། །བཞི་པ་བདག་པོས་བྱེ་བྲག་ཏུ་བྱས་པ་ནི། དགེ་འདུན་སྤྱིར་དབང་བ་སྟེ་དགེ་འདུན་གྱིའོ། །ཞེས་གསུངས་པ་དང༌། ལུང་གཞི་ལས། གང་ཟག་གི་ཆོས་གོསསྲ་བརྐྱང་དུ་གདིང་དུ་མི་རུང་བར་གསུངས་སོ། །

ལྔ་པ་གནས་གང་དུ་སྲ་བརྐྱང་གདིང་བ་ནི།

གང་དུ་དབྱར་གནས་པ་དེའི་མཚམས་ཀྱི་ནངཡིན་པའོ། །དྲུག་པ་དུས་གང་གི་ཚེ་སྲ་བརྐྱང་གདིང་བ་ནི། དབྱར་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ་ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ། ཚེས་བཅུ་དྲུག་ལའོ། །སྟོན་ཟླའབྲིང་པོའི་འོ། །ཞེས་པ་དང༌། ཊཱི་ཀ་ལས། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པརཁས་བླངས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་འཆགས་སོ། །དེའི་གདིང་བའི་དུས་ནི་སྟོན་ཟླ་ཐ་ཆུངཚེས་བཅུ་དྲུག་གོ། །ཞེས་གསུངས་སོ། །ཞེས་མཚོ་ཊཱིཀ་ལས་སོ། །འཇམ་བཞད་ཀྱིས་ཊཱི་ཀའི་ལུང་དེ་གཞི་མ་གྲུབ་པ་དང་དབྱར་ཕྱི་མ་ཁས་ལེན་པ་ལ་སྲ་བརྐྱང་མེད་པར་གསུངས་པ་དང༌། རྩ་བར། དབྱརཕྱི་མ་གནས་པར་ཁས་བླངས་པ་དང་དབྱར་གནས་གཞན་དུུ་གནས་པར་ཁས་བླངས་པ་དག་ལ་དེ་མི་འབྱུང་ངོ། །ཞེས་གསུངས་པ་དག་གིས་དཔྱད་པར་བྱའོ། །འོན་ཀྱང་ཞུ་བ་ལས། སྲབརྐྱང་གདིང་བའི་དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཚུལ་དུ་ཞུགས་ལ་ཟླ་བ་གསུམ་དུགནས་ནས་གཏན་པ་བཏིང་བ་ན་གཏན་པ་བཏིང་བ་ཞེས་བྱའོ། ། ཞེས་སོ། །

བདུན་པ་ཡུན་ཇི་སྲིད་དུ་སྲ་བརྐྱང་གདིང་བ་ནི།

ཟླ་བ་ལྔར་ཏེ། ལུང་ཞུ་བ་ལས། ཇིསྲིད་དུ་གཏན་པ་གདིང་བར་བགྱི། ཟླ་བ་ལྔར་རོ། །ཞེས་གསུངས་ཤིང༌། དཔྱིད་ཟླ་ར་བའི་ཉལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། །

བརྒྱད་པ་ཆོ་ག་གང་གིས་སྲ་བརྐྱང་གདིང་བ་ནི།

སྦྱོར་དངོས་མཇུག་གསུམ་ལས་དངཔོ་སྦྱོར་བའི་ཆོ་ག་ལ། གང་ཟག་སོ་སོས་བྱ་བའི་ཆོ་ག་དང༌། དགེ་འདུན་ཚོགས་པས་བྱ་བའིཆོ་ག་དང༌། འདིང་པར་བསྐོས་པས་བྱ་བའི་ཆོ་ག་དང་གསུམ། དང་པོ་ནི་དགེ་སློང་རྣམས་རངརང་གི་ཆོས་གོས་རྣམས་བྱིན་རླབས་དབྱུང་བ་སྟེ། དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབ་པཡིན་པས། ཞེས་སོ། །གཉིས་པ་ལ་ཞག་མ་ལོན་པར་ཚོགས་པས་མོས་པར་བྱ་བ་དང༌། མཚམསཀྱི་ནང་དུ་བློ་མཐུན་པར་བྱ་བ་དང༌། འདིང་པ་པོའི་དགེ་སློང་བསྐོ་བ་དང༌། དེ་ལས་གསོལབ་བྱས་ཏེ་གཏད་པ་དང་བཞི། དང་པོ་ནི་དབྱར་གྱི་ཚུལ་ནང་གི་ཉི་མ་གང་ལ་ཆོས་གོས་དེ་དགེ་འདུན་གྱི་ལག་ཏུ་གྲུབ་ནས་ཞག་མ་ལོན་པར་སྲ་བརྐྱང་འདིང་པར་གྱུར་པ་དེ་ལ་གཏོགས་པར་འགྱུར་ཚད་ཀྱི་དགེ་འདུན་རྣམས་ཚོགས་པས་བསམ་པས་མོས་པ་བསྐྱེད་པར་བྱ་སྟེ། ཆོས་གོསའདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་གྲུབ་པ་ལགས་ཏེ། གལ་ཏེ་དགེའདུན་བཞེད་ན་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་འདིང་པར་འགྱུར་རོ་ཞེས་སེམསབསྐྱེད་ཅིང་ངག་ཏུ་ལན་ཅིག་བརྗོད་པའོ། །གཉིས་པ་ནི་མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་གསུངས་ཏེ། གནས་གང་དུ་དབྱར་གནས་པ་དེའི་མཚམས་ཀྱི་ནང་དུ་དངོས་པོ་སྲ་བརྐྱངདུ་གདིང་བར་འོས་པའི་ཆོས་གོས་གསུམ་ལ། ཆོས་གོས་འདི་དག་སྲ་བརྐྱང་དུ་གདིང་བར་བྱའོཞེས་དགེ་འདུན་རྣམས་བློ་མཐུན་པར་བྱ་སྟེ། ཆོ་ག་གསོལ་གཉིས་ཀྱི་ལས་ཀྱིས་སོ། །གདིངབའི་ཉི་མ་ལ་མ་བབ་པ་ཕན་ཆད་ནས་ནམ་དགའ་བར་བྱར་རུང༌། ཞེས་སོ། །གསུམ་པ་འདིངབ་པོའི་དགེ་སློང་བསྐོ་བ་ལ། སྲ་བརྐྱང་འདིངས་པ་པོ་བསྐོས་པའི་དགོས་པ་ནི། མ་བསྐོས་པརའདིང་པའི་ལྟུང་བ་མི་འབྱུང་བའོ། །ཡུལ་གང་བསྐོ་བ་ནི། ཆོས་བཅོ་བརྒྱད་དང་ལྡན་པ་བསྐོ་སྟེ།

དེ་ཡང་དབྱར་གནས་པར་ཁས་བླངས་པ་ལ་སོགས་པ་ཆོས་བཅུ་གཅིག་དང་ལྡན་པ་སྟེ། གངལ་དེ་འབྱུང་བའོ་ཞེས་གསུངས་པས་སོ། །འགྲོ་བ་བཞི་དང་བྲལ་བ་དང༌། སྤྲོ་བ་དྲིས་ན་སྤྲོ་བཡིན་པ་དང༌། ཚོགས་སུ་མ་ཚང་བ་དང༌། སྔར་བསྐོས་པ་དང་མ་འབྲེལ་བ་དགོས་སོ། །རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། ལས་བྱེད་པསསྤྲོ་བ་འདྲི་བའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོདཔའོ། །བཞི་པ་ནི་སྲ་བརྐྱང་འདིང་པར་བསྐོས་པའི་དགེ་སློང་དེ་ལ་གཏད་པར་བྱའོ། །གསོལ་བ་བྱས་ཏེའོ་གསུངས་པའོ། །གསུམ་པ་འདིང་པར་བསྐོས་པས་བྱ་བའི་ཆོ་ག་ལ་བཞི་ལས། དང་པོ་ལས་གསུམ་བསྒྲུབ་པ་ནི། ཆོས་གོས་དེ་བཀྲུ་བ་དང་དྲུབས་པ་དང༌། ཁ་བསྒྱུར་བ་དག་ལདེས་སྔོན་དུ་འགྲོ་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་སེམས་གསུམ་བསྐྱེད་པ་ནི། གདིངབར་འགྱུར་རོ་གདིང་ངོ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ཚོགས་པ་ལ་བརྗོད་པ་ནི། ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་གདིང་བར་འགྱུར་གྱིསཞེས་པ་ལ་སོགས་པ་བརྗོད་པའོ། །བཞི་པ་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་ནི་གནས་དེར་དགེའདུན་རྣམས་འདུ་བའི་སྐབས་ཀྱི་གདན་ཆ་བཤམས་པ་ལ་སོགས་པ་བྱ་བ་རྣམས་སྒྲུབ་པ་སྟེ།

འདུ་བའི་སྐབས་རྗེས་སུ་སྒྲུབ་པར་བྱ། ཞེས་སོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སྲ་བརྐྱངའདིང་བ་པོར་བསྐོས་པའི་དགེ་སློང་དེས་སྲ་བརྐྱང་འདིངས་པའི་སྔགས་ལན་གསུམ་བརྗོད་པརབྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ༌། །ཞེས་རེརེ་ལ་ལན་གསུམ་གསུམ་གོ་བར་བྱའོ། །

དགུ་བ་བཏིང་ནས་བརྐྱང་བ་ནི།

དུས་དུས་སུ་བསང་བར་བྱ། ཞེས་པ་ནས་སོ། །

འདིའི་དོན་བཤད་པ་ལ་དྲུག་ལས། དང་པོ་སྲ་བརྐྱང་བརྐྱང་བའི་དགོས་པ་ནི། མ་བརྐྱང་བའིཉེས་པ་ཁེགས་པ་དང༌། ཆུད་ཟ་བ་སྤོང་བའོ། །གཉིས་པ་གང་བརྐྱང་བའི་དངོས་པོ་ནི། སྲ་བརྐྱངབཏིང་ལ་ཞིག་པར་མ་གྱུར་པ་སྟེ་སྐབས་ཀྱིས་གྲུབ་བོ། །གསུམ་པ་རྟེན་གང་གིས་བརྐྱང་བ་ནི།འདིངས་བ་པོར་བསྐོས་པ་དེས་བརྐྱང་བ་དེ་སྐབས་ཀྱིས་གྲུབ་ཅིང༌། དེ་ཤི་འམ་བབས་སམ་མཚན་གྱུར་ན་སྲ་བརྐྱང་སྦེད་པ་པོ་བསྐོས་ནས་དེས་བརྐྱང་བ་སྟེ། ཊཱི་ཀ་ལས། སྲ་བརྐྱང་འདིངཔའི་དགེ་སློང་གཞན་དུ་གྱུར་ན་དེ་སྦེད་པ་བསྐོ་བར་བྱའོ། །ཞེས་སོ། །བཞི་པ་གནས་གང་དུབརྐྱང་བ་ནི། གང་དུ་སྲ་བརྐྱང་བཏིང་བའི་མཚམས་དེ་ཉིད་དུ་བརྐྱང་སྟེ། མཚམས་གཞན་དུནི་སྲ་བརྐྱང་རང་འཇུག་བྲལ་དུ་འགྱུར་བའི་ཕྱིར་རོ། །ལྔ་པ་ཡུན་ཇི་སྲིད་དུ་བརྐྱང་བ་ནི། ཟླ་བལྔར་བརྐྱང་སྟེ། ལུང་ཞུ་བ་ལས། བཙུན་པ་ཡུན་ཇི་སྲིད་དུ་གཏན་པ་བརྐྱང་བར་བགྱི་ཟླ་བ་ལྔའོཞེས་གསུངས་ཤིང༌། དཔྱིད་ཟླ་ར་བའི་ཉ་ལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། ། དྲུག་པཚུལ་ཇི་ལྟར་བརྐྱང་བ་ལ་གསུམ་ལས། ཆུད་ཟ་བ་སྤང་བ་ནི། དུས་དུས་སུ་བསང་བར་བྱ་ཞེསཔ་ལ་སོགས་པས་བསྟན་ཏོ། །འབྲལ་བ་སྤང་བ་ནི་དེ་དང་འབྲལ་བར་མི་བྱ་ཞེས་པ་ལ་སོགས་པས་བསྟན་ཏོ། །མ་གུས་པ་སྤང་བ་ནི་མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ་ཞེས་པ་ལསོགས་པས་བསྟན་ཏོ། །

བཅུ་བ་སྲ་བརྐྱང་གི་དབྱུང་བ་ནི།

དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་པ་དངབྲལ་བ་དང༌། བཅོས་མའོ། །ཞེས་གསུངས་ཏེ། དབྱུང་བའི་བློ་སྔོན་དུ་མ་བཏང་ཡང་སྲ་བརྐྱངགི་བྱིན་རླབས་རང་ཞིག་ཏུ་གྱུར་པ་དང༌། བློ་སྔོན་དུ་བཏང་ནས་ཆོ་གས་དབྱུང་བར་བྱས་པའོ། །

དང་པོ་ལ་གཉིས་ཏེ། འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་རང་འཇུག་བྲལ་དང༌། གངཟག་སོ་སོའི་རང་འཇུག་བྲལ་ལོ། །དང་པོ་ལ་བདུན་ལས། སྲ་བརྐྱང་གིས་མཚམས་གཞན་དུཕྱིན་པ་དང༌། སྲ་བརྐྱང་བྱིན་གྱིས་རློབ་པར་བྱེད་པ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤརན། སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་འགྱུར་བ་སྟེ། རྟེན་མཚམས་གཞན་ན་གནས་པསཀྱང་སྲ་བརྐྱང་གདིང་བ་མི་འཆགས་ན་སྲ་བརྐྱང་མཚམས་གཞན་དུ་ཕྱིན་ན་ལྟ་ཅི་སྨོས་པའི་ཕྱིརདང༌། གང་ལས་སྤང་ལྟུང་བྱུང་བའི་གོས་ལ་ཡང་སྲ་བརྐྱང་གདིང་བ་མི་འཆགས་ན། སྲ་བརྐྱངལས་བྲལ་བའི་སྤང་ལྟུང་བྱུང་ན་ལྟ་ཅི་སྨོས་པའི་ཕྱིར་རོ། །སྲ་བརྐྱང་བཏིང་ནས་ཟླ་བ་ལྔ་ལས་འདས་ན་ཡང་རང་ཞིག་ཏུ་གྱུར་པ་སྟེ། སྲ་བརྐྱང་འདིང་བའི་འཕེན་པ་ཟད་པའི་ཕྱིར་དང༌། ལསལས་གཞན་པའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱ། ཞེས་གསུངས་པས་སོ། །སྲ་བརྐྱང་གི་དུསམ་ཡིན་པར་ཤེས་ནས་ཡང་གསོ་སྦྱོང་བྱས་ན་ཡང༌། རང་ཞིག་ཏུ་གྱུར་པ་སྟེ། ཡང་གསོ་སྦྱོང་བྱསན་ཕྱུང་བ་ཉིད་ཡིན་ཞེས་གསུངས་སོ། །དངོས་པོ་ཞིང་མ་ཡིན་པར་གྱུར་པ་སྟེ། སྲ་བརྐྱང་མེསའཚིག་སྟེ་ཐལ་བར་གྱུར་པ་ལྟ་བུ་དང༌། རྟེན་ཞིང་མ་ཡིན་པར་གྱུར་པ་སྟེ། འདིར་གཏོགས་པའིདགེ་འདུན་ཐམས་ཅད་ཤིའམ་བབས་ན་ཡང༌། རང་ཞིག་ཏུ་གྱུར་པ་སྟེ། ཆོས་གོས་དེ་སྲ་བརྐྱངགི་བྱིན་རླབས་ཆགས་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་དང༌། སྲ་བརྐྱང་དེ་དང་ལྡན་པའིརྟེན་ཐམས་ཅད་སྲ་བརྐྱང་གི་བྱིན་རླབས་དང་ལྡན་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་རོ། །འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་ན་ཡང༌།

འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་ཏེ། བྱེ་བྲགཐམས་ཅད་ཁེགས་པ་ན་སྤྱི་ཁེགས་པའི་གནད་ཀྱིས་ཤེས་སོ། །གཉིས་པ་གང་ཟག་སོ་སོར་རངའཇུག་བྲལ་ནི་སུམ་ཅུ་རྩ་གཅིག་སྟེ། དེ་ཡང་མ་མ་སུམ་ཅུ་དང༌། གང་ཟག་སོ་སོ་ཞིང་མ་ཡིནཔར་གྱུར་པའོ། །དེ་ནི་སྲ་བརྐྱང་དང་ལྡན་པའི་གང་ཟག་གཅིག་གམ་གཉིས་གསུམ་ཤིའམ་བབསཔ་ལ་སོགས་པ་སྟེ། གང་ཟག་སོ་སོའི་རང་འཇུག་བྲལ་ལོ། །མ་མ་སུམ་ཅུ་ནི་འདི་དག་སྟེ། མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་དང༌། མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱདདང༌། མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་དང༌། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུགགོ །དེ་ཡང་མ་མ་འདི་རྣམས་ཀྱི་ལུང་ཁུངས་ནི། ལུང་གཞི་ལས། མ་མ་བརྒྱད་ཀྱིས་སྲ་བརྐྱངཕྱུང་བར་འགྱུར་ཏེ། སོང་བ་དང༌། རྫོགས་པ་དང༌། ངེས་པ་དང༌། ཉམས་པ་དང༌། ཐོས་པ་དང༌། མཚམས་ལས་འདས་པ་དང༌། རེ་ཐག་ཆད་པ་དང༌། སྲ་བརྐྱང་ཕྱུང་བ་ཉིད་དོ། །ཞེས་གསུངསསོ། །དེ་ཡང་མ་མ་ཞེས་པ་ནི་མ་ལས་བུ་འབྱུང་བའི་ཆོས་ཡོད་པ་བཞིན་དུ་དེ་དག་ལ་ཡང་སྲ་བརྐྱང་ཕྱུང་བ་འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ། །གཉིས་པ་བཅོས་མའི་དབྱུང་བ་ནི་གསོལབཞིའི་ལས་ཀྱིས་དབྱུང་བའོ། །དགེ་སློང་གིས་དབྱར་གནས་པར་ཁས་མ་བླངས་ཀྱང་དགེ་སློངདེས་སྲ་བརྐྱང་གདིང་བ་འབྱུང་བ་ཡོད་དེ། ཞུ་བ་ལས། དགེ་ཚུལ་ཕ་དབྱར་ཚུལ་དུ་ཞུགས་ལབསྙེན་པར་རྫོགས་ཏེ་ཟླ་བ་གསུམ་འདས་པས་གཏན་པ་བཏིང་ན་བཏིང་བ། ཞེས་གསུངསསོ། །དབྱར་ཕལ་ཆེར་མ་གནས་པར་དབྱར་རལ་བ་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོནཀྱང་ཞུ་བ་ལས། དབྱར་རལ་བས་ཀྱང་སྲ་བརྐྱང་གདིང་བ་འབྱུང་བར་གསུངས་ཏེ། དབྱར་ཕལཆེར་གནས་ནས་རལ་བ་ལ་དགོངས་པའོ། །གནས་དེར་དགེ་སློང་ཁ་ཅིག་གིས་དབྱར་སྔ་མཁས་བླངས་པ་ཉིད་ན་ཁ་ཅིག་གིས་གནས་དེར་དབྱར་ཕྱི་མར་གནས་པར་ཁས་བླངས་པ་ལསྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོན་ཀྱང་ཞུ་བ་ལས་དགེ་འདུན་ཐམས་ཅད་དབྱར་ཕྱི་མརཚུལ་དུ་ཞུགས་ལ་ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་ན་དེ་དག་གི་གཏན་པ་བཏིངབ་ཞེས་བྱའོ་ཞེས་གསུངས་སོ། །རྒྱ་ཆེར་འགྲེལ་ལས་ཀྱང་དགེ་འདུན་ཐམས་ཅད་དབྱར་ཕྱིམར་གནས་པར་ཁས་བླངས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་འཆགས་སོ་ཞེས་བཤད་དོ། །དབྱར་གནས་པར་ཁས་ལེན་པ་ནས་སྲ་བརྐྱང་འདིང་པ་ཡན་ཆད་ན་མཚམས་ཐ་དད་དུ་ངེས་པའི་དབང་དུ་བྱས་ནས་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོན་ཀྱང་ཞུ་བ་ལས་དབྱར་གནས་གཞན་དུ་གནས་པར་ཁས་བླངསཏེ་ཟླ་བ་གསུམ་དུ་གནས་ནས་གནས་དེ་དག་མཚམས་པོ་ཆེ་གཅིག་ཏུ་བྱས་ནས་གཏན་པ་བཏིངན་བཏིང་བ་ཉིད་དུ་གསུངས་སོ། །མདོ་རྩ་བ་འདི་ཉིད་ལས་ཀྱང་མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང་བའི་ཕྱིར་གནས་པ་ཉིད་ཡིན་ནོ་ཞེསགསུངས་སོ། །སྤོ་བ་སྤྱོད་པ་ལ་སོགས་པས་གཞན་ན་གནས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་ཞེས་པ་ནི་ས་རང་བཞིན་དུ་གནས་པ་རྣམས་ཀྱི་ནང་དུ་དེ་དག་གིས་སྲ་བརྐྱང་གདིང་བ་མི་འཆགས་པའོ། །ལུང་གཞི་ལས་བཙུན་པ་གང་ཟག་གི་སྣམ་སྦྱར་སྲ་བརྐྱང་དུ་གདིངདུ་རུང་ངམ། ཉེ་བར་འཁོར་མི་རུང་སྟེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ༌། །བླ་གོས་དང་མཐངགོས་ཀྱང་དེ་བཞིན་ནོ་ཞེས་གསུངས་པས་ཆོས་གོས་གསུམ་ཆར་གདིང་ངོ༌། །རང་གི་རྣམ་བཤདདང་ཊཱི་ཀ་ལས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་ལྔ་སྲ་བརྐྱང་དུ་གདིང་བར་གསུངས་སོ། །སྲ་བརྐྱང་གི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

གཉིས་པ་གོས་ཀྱི་གཞི་བཤད་པ།

གཉིས་པ་གོས་ཀྱི་གཞི་བཤད་པ་ལ།

རྩ་བར། མཚོན་གྱིས་མ་དྲས་པའི་གོས་སྤྱད་པརམི་བྱའོ། །དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོགས་བྱུང༌།

འདིའི་དོན་བཤད་པ་ལ།

གླེང་གཞི་དང༌། འཚོ་བའི་ཡོ་བྱད་ཀྱི་གོས་བཅུ་གསུམ་སོགས་བཤདཔ་དང༌། གོས་ཀྱི་རྒྱུ་མི་རུང་བ་དང༌། རྙེད་པ་སུ་ལ་དབང་ཚུལ་དང༌། ལོག་འཚོ་སོགས་སྤོང་ཚུལ་དང་ལྔ། དང་པོ་ནི། ལུང་གཞི་ལས། སྨན་པ་འཚོ་བྱེད་ཀྱིས་ལུས་འཕགས་ཀྱི་རྒྱལ་པོ་ནབ་ལ་དཔྱད་བྱས་པ་ལས། དེས་ནི་དེ་ལ་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་བྱིན་པ་དེ་བླངས་ནས། བཅོམ་ལྡན་འདས་ལ་ཕུལ་བ་ན། ཀུན་དགའ་བོ་བརྒྱ་སྟོང་རི་བའི་གོས་བེའུ་རསཡུག་པོ་ཆེ་ལོང་ལ་ངའི་ཆེད་དུ་གྲིས་དྲོས་ཤིག་ཅེས་གསུངས་ནས། དེས་དེ་ལ་བཅོམ་ལྡན་འདསཀྱི་ཆོས་གོས་གསུམ་དང༌། ཀུན་དགའ་བོའི་བླ་གོས་མཐང་གོས་དང༌། སྒྲ་གཅན་ཟིན་གྱི་རལཆུང་དཔུང་ཆད་གཅིག་བྱས་སོ། །ཞེས་གསུངས་པ་དང༌། ལུང་ཕྲན་ཚེགས་ལས་ནི། ཡུལ་འཕགསརྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གཉིད་མེད་ཀྱི་ནད་བྱུང་བ་ལ་སྨན་པ་འཚོ་བྱེད་ཀྱིསདཔྱད་བྱས་པ་ལས། དེས་དེ་ལ་བརྒྱ་སྟོང་རི་བའི་རས་ཡུག་ཆེན་བསྐུར་བྱུང་བ་དེ། འཚོ་བྱེདཀྱིས་བཅོམ་ལྡན་འདས་ལ་ཕུལ་བ་ན། དེ་ཀུན་དགའ་བོས་དྲས་ཤིང་དྲུབས་ཏེ་བཅོམ་ལྡནའདས་ཀྱི་ཆོས་གོས་གསུམ་དང༌། ཀུན་དགའ་བོའི་སྟོད་གཡོགས་སྨད་གཡོགས་དང་སྒྲ་གཅནཟིན་གྱི་རྔུལ་གཟན་ཡང་ལྡང་ངོ༌། །ཞེས་གསུངས་པའོ། །སྣམ་ཕྲན་སྣྲེལ་ཞི་ཉིད་ཅེས་པ་ནི། ལུང་གཞི་ལས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགསནས་ལུས་འཕགས་ཀྱི་རི་བོ་ལ་བཞུགས་ཏེ། མ་ག་དྷའི་ཞིང་མཉམ་ཞིང་ཉེ་འཁོར་མཉམ་ལསྣང་གི་ཁྱད་པར་སྣ་ཚོགས་དག་རྣང་སྒལ་གྱིས་འབྲེལ་ཞིང་མཛེས་པ་གཟིགས་ནས། འདི་ལྟ་བུར་ཆོས་གོས་རྣམས་དྲས་ཏེ་དྲུབ་པར་བྱའོ། །ཞེས་གསུངས་སོ། །ཡང་མཁས་པ་ཁ་ཅིག་གིསཆོས་གོས་གསུམ་ཙམ་ཚུར་ཤོག་གི་དུས་ནས་ཡོད་ལ། སྣམ་ཕྲན་སྣྲེལ་ཞིའི་དྲས་དྲུབ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་འཚོ་བ་པ་གོས་ངུར་སྨྲིག་གྱོན་པ་ལ་གླང་བོ་ཆེ་ལས་བབས་ཏེ། ཕྱགབྱས་རྐང་པར་མགོ་བོས་གཏུགས་པར། འཁོར་གྱིས་དེ་སྟོན་པའི་ཉན་ཐོས་མ་ལགས་འཚོ་བ་པ་ལགས་སྨྲས་པས། རྒྱལ་པོས་སྟོན་པ་ལ་དགེ་སློང་གི་ཆོས་གོས་དེ་གཞན་དང་མི་ནོར་བའི་ཕྱིར་དུ་མཚན་མ་མཛད་པར་གསོལ་བས། སྟོན་པས་ལུས་འཕགས་ཀྱི་ཞིང་ལྟ་བུའི་དྲས་དྲུབ་བྱེད་པར་གནང་བ་ཡིན་པར་བཞེད་དོ། །

གཉིས་པ་འཚོ་བའི་ཡོ་བྱད་ཀྱི་གོས་བཅུ་གསུམ་སོགས་ནི།

རྩ་བར། སྣམ་སྦྱར་དངབླ་གོས་དང་མཐང་གོས་དང་ཤམ་ཐབས་དང༌། ཤམ་ཐབས་ཀྱི་གཟན་དང༌། རྔུལ་གཟན་དང༌།

རྔུལ་གཟན་གྱི་གཟན་དང༌། གདོང་ཕྱིས་དང༌། རྣག་གཟན་དང༌། གཡན་པ་དགབ་པ་དང༌། སྐྲ་བཟེད་དང་གདིང་བ་དང༌། དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ། །ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི། དགེ་སློང་བདེ་བ་ལ་རེག་པར་གནས་པ་དང༌།

སྦྱིན་བདག་གིས་བསོད་ནམས་འཐོབ་པའོ། །གཉིས་པ་གོས་དེ་རྒྱུ་གང་ལས་སྒྲུབ་པ་ནི། ལོགའཚོ་སྤངས་ཤིང་ཡང་དག་པའི་འཚོ་བ་ལས་སྒྲུབ་བོ། །གསུམ་པ་ཚུལ་ཇི་ལྟར་བསྒྲུབ་པ་ནི། ཆོསགོས་དྲ་བ་དྲུབ་པ་དང་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ། །གོས་དེ་དག་གི་ཚད་ནི། ཚད་ཆོས་གོས་གསུམ་དང་ཤམ་ཐབས་ཀྱི་ཚད་སྡོམ་གསུམ་གྱི་སྐབས་སུ་བཤད་ཟིན། ཤམ་ཐབས་ཀྱིགཟན་ནི་ཤམ་ཐབས་དང་མཉམ་ལ། གདོང་ཕྱིས་ཁྲུ་གང་པ། རྣག་གཟན་བླ་གོས་དང་མཉམ། གཡན་དགབ་སྲིད་དུ་ཁྲུ་དྲུག་དང༌། ཞེང་དུ་ཁྲུ་གསུམ་མོ། །སྐྲ་བཟེད། ཞེང་དུ་ཕྱེད་དང༌། གཉིསཁྲུ་ལ། སྲིད་དུ་ཁྲུ་ནི་གསུམ་ཡིན་ནོ། །རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་བླ་གོས་དང་མཉམ་ལ། གདིང་བ་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་སོར་དྲུག རས་ཆེན་སྲིད་དུ་ཁྲུ་དགུ། ཞེངདུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །ཆོས་གོས་གསུམ་གྱི་ཚད་ལ། མདོ་རྩ་བར། བྱིན་གྱིསབརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་གསུམ་དང་ལྔ་དག་གོ། །ཆུང་ངུ་དག་ནི་གཉིས་ཀ་ལསཁྲུ་ཕྱེད་ཕྱེད་ཕྲིའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ། །མཐང་གོས་ནི་དོ་དང་ལྔ་ཡང་ཡིན་དོདང་བཞི་ཡང་ཡིན་ནོ། །ཞེས་ཆོས་གོས་གསུམ་བྱིན་གྱིས་བརླབ་པའི་ཚད་སོ་སོར་གསུངས་པདེ་དང་གསུངས་ཟིན་མི་འདྲ་བ་ཊཱི་ཀ་ལས། སྣམ་སྦྱར་དང་བླ་གོས་མཐང་གོས་བྱིན་གྱིས་བརླབཏུ་རུང་བ་ཆེན་པོ་དག་ནི་ཚད་གཅིག་སྟེ་ཞེང་དུ་ཁྲུ་གསུམ་དང་ཆུར་ལྔའོ། །ཞེས་གསུངས་ལ། མཐང་གོས་ཀྱི་ཆུང་ཚད་སྲིད་དུ་ཁྲུ་བཞི་དང༌། ཞེང་དུ་ཁྲུ་དོ་བཞག་པ་ལས་ཆུང་བའི་འཁོར་གསུམ་ཁེབས་པ་ཡོད་དེ། རྩ་བར། འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ། །ཞེས་གསུངས་པས་སོ་ཞེ་ན་ཀུན་མཁྱེན་འཇམ་བཞད་ཀྱི་ཡིག་ཆ་ལས། བྱིན་གྱིས་བརླབ་རུང་གི་ཆོས་གོས་ཆེན་པོ་གསུམ་ཚད་གཅིག་གང་ཞིག དེ་འདྲའི་མཐང་གོས་ཆེན་པོ་གྱོན་མི་རུང་བའི་ཕྱིར། ཞེས་གསུངས་པ་མདོ་རྩའི་དགོངས་པ་འབྱོར་བ་ཡིན་མིན་དཔྱད་པར་ཞུ། འཚོ་བའི་ཡོ་བྱད་ནི། རེ་རེ་གནང་གི་གཉིས་པ་མ་གནང་ཞིང༌། སོ་སོར་རང་མིང་གིས་བྱིན་གྱིས་བརླབ་དགོསསོ། །མཁོ་བའི་ཡོ་བྱད་ནི། ཚད་ཁྲུ་གང་ཡར་བཅད་ཡིན་པ་དང༌། མ་ངེས་པ་དང༌། རང་གཞནཐུན་མོང་གི་མིང་གིས་བྱིན་གྱིས་བརླབ་དགོས་པའོ། །ལྷག་པའི་ཡོ་བྱད་ནི། བྱིན་གྱིས་བརླབ་བྱ་གཉིས་ལས་ལྷག་པ་གཞན་ཁོ་ནའི་མིང་གིས་བྱིན་གྱིས་བརླབ་དགོས་པའམ། གཞན་ལ་ཡིདབརྟན་ཏེ་བཅང་པའོ། །བྱེ་བྲག་ཤེས་པར་བྱ་བའི་ཕྱིར་ཞེས་པ་ནི་ལུང་ཕྲན་ཚེགས་ལས་མཛེསདགའ་བོ་འོངས་པ་ན་བཅོམ་ལྡན་འདས་བྱོན་ཏོ་སྙམ་ནས། དགེ་སློང་གནས་བརྟན་དག་ཀྱང་ལྡང་བར་བྱེད་ནས་བཀའ་སྩལ་པ། འདི་ནི་སྟོན་པའོ། །འདི་ནི་ཉན་ཐོས་སོ་ཞེས་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་མཛེས་དགའ་བོའི་ཆོས་གོས་དག་ལ་ཐིག་ལེ་བྱོས་ཤིག དེ་བཞིན་དུ་དགེ་སློངགཞན་ཡང་རུང་སྟེ་དེ་ལྟ་བུའི་ཆོས་གོས་དག་ལ་ ༼ཆོས་གོས་ཀྱི་མཐར་ཚོན་གྱི༽ཐིག་ལེ་བྱ་བར་གསུངསསོ། །འདི་ནི་སྟོན་པ་དང་ཉན་ཐོས་མི་ནོར་བར་བྱ་བའི་ཕྱིར་གསུངས་པའོ། །ཊཱི་ཀ་ལས། གངཟག་ཕན་ཚུན་འདྲ་བ་དག་མི་ནོར་བར་བྱ་བའི་ཕྱིར་རོ། །ཞེས་སོ། །དེ་དག་ལ་མཚན་མ་གདབབོ་ཞེས་པ་ནི་ལུང་གཞི་ལས། རྒྱལ་པོ་གཟུགས་ཅན་སྙིང་པོས་དགེ་སློང་དང་མུ་སྟེགས་འཚོབ་པ་ནོར་ནས་རྒྱལ་པོ་གླང་པོ་ཆེ་ལས་བབས་ནས་འཚོ་བ་པ་ལ་ཕྱག་བྱས་པ་ལ་བརྟེན་ནསའདི་གསུངས་ཏེ། ཆོས་གོས་དེ་དག་ལ་ ༼སྣག་ཚའི་ཐིག་ལེ་གསུམ་གྱི༽མཚན་མ་གདབ་བོ་ཞེས་སོ། །

འདི་ནི་ལུང་གླེང་གཞི་ལས་ཀྱང་གསུངས་ཏེ། དགེ་སློང་གི་གོས་དང་མུ་སྟེགས་ཀུན་ཏུ་རྒྱུའི་གོསབཙག་གིས་བཙོས་པ་དག་ཆོམ་རྐུན་པས་འཕྲོགས་ནས། ཕྱིས་གོས་དེ་དག་སླར་གཏད་པ་ནགོས་དེ་དག་ངོ་མ་ཤེས་ནས། ཆོས་གོས་ཀྱི་མཐར་སྣག་ཚའི་ཐིག་ལེ་བྱོས་ཤིག་ཅེས་གསུངས་པཡང་འདིར་བསྡུས་པའོ། །སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབས་པར་ངེས་པ་མེད་དོ་ཞེས་པ་ནི་ལུང་མ་མོ་ལས། སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ། །བླ་གོས་དང་མཐངགོས་ནི་ངེས་པ་མེད་དོ་ཞེས་གསུངས་སོ། །མེ་ཏོག་ཕྲེང་རྒྱུད་ལས་ཀྱང༌། སྣམ་སྦྱར་ངེས་པརདྲས་ཏེ་བཅང༌། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱི་སྡུག་བསྔལ་འགྱུར་ཕྱིར་རོ། །ཞེས་སོ། །སྤུ་ཅན་ཆོས་གོས་གསུམ་ཞེས་པ་ཉེ་དགས་རྒན་ཞུགསགཅིག་ལ་པར་ཐང་ནི་མཐང་གོས་སུ། ལ་བ་ནི་བླ་གོས་སུ། བེའུ་རས་ནི་སྣམ་སྦྱར་དུ་བྱིན་གྱིསབརླབས་པའི་བྱུང་བ་ལས་སོ། །དེ་དེ་བཞིན་དུ་ཞེས་པ་ཀླུ་སྐྱོང་གི་བྱུང་བ་ལས་སོ། །བཞི་པ་གོསཀྱི་དབྱེ་བ་ནི། རབ་ཏུ་བྱུང་བ་རྣམས་ཀྱི་གོས་ལ་རིགས་གསུམ་དུ་དབྱེ་སྟེ། འཚོ་བའི་ཡོ་བྱད་ཀྱིགོས་དང༌། ལྷག་པའི་ཡོ་བྱད་ཀྱི་གོས་དང༌། མཁོ་བའི་ཡོ་བྱད་ཀྱི་གོས་སོ། །དེ་དག་ཀྱང་དངོསདང་ཕྲན་ཚེགས་གཉིས་གཉིས་སོ། །དེ་ཡང་འཚོ་བའི་ཡོ་བྱད་ཀྱི་གོས་དངོས་ནི། རབ་ཏུ་བྱུངབའི་གོས་རེ་རེ་བ་ཉིད་དུ་བསྟེན་པར་བྱ་བ་སྟེ། འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་སྣམསྦྱར་ལྟ་བུའོ། །ཆོས་གོས་གསུམ་ཕྲུགས་དུ་མ་སྲ་བརྐྱང་དུ་བཏིང་ན། སྣམ་སྦྱར་གསུམ་ལ་དགེསློང་གཅིག་གི་ཆ་ནས་ཀྱང་འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་སྲ་བརྐྱང་གི་བྱིན་རླབས་གསུམ་ཆགསཏེ། འཚོ་བའི་ཡོ་བྱད་ཀྱི་གོས་རེ་རེ་བ་ཉིད་དུ་བསྟེན་པའི་དམིགས་བསལ་ཡིན་ནོ། །འཚོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ནི། ཞྭ་དང་སྐ་རགས་ལ་སོགས་པ་སྟེ་འཚོ་བའི་ཡོ་བྱད་ཀྱི་སེམསཀྱི་བརྟགས་པ་འཆགས་པ་རྣམས་སོ། །ལྷག་པའི་ཡོ་བྱད་ཀྱི་གོས་དངོས་ནི། སྣམ་སྦྱར་གྱི་ཐེབལྟ་བུ་སྟེ་ལྷག་པའི་ཡོ་བྱད་ཀྱི་བྱིན་རླབས་འཆགས་པ་རྣམས་ཡིན་ནོ། །ལྷག་པའི་ཡོ་བྱད་ཀྱི་གོསཕྲན་ཚེགས་ནི། ཞྭའི་ཐེབ་དང་སྐ་རགས་ཀྱི་ཐེབ་ལ་སོགས་པ་སྟེ། ལྷག་པའི་ཡོ་བྱད་ཀྱི་སེམསཀྱིས་བརྟགས་པ་འཆགས་པ་རྣམས་སོ། །མཁོ་བའི་ཡོ་བྱད་ཀྱི་གོས་དངོས་ནི། དར་ཡུག་དང་རས་ཡུག་ལ་སོགས་པ་གོས་བྱེད་དམ་ཟོང་བྱེད་དམ་སྦྱིན་པར་བྱེད་དམ་གང་དུ་ཡང་མ་ངེས་པརསྲེལ་བའམ་ཟོང་ཉིད་དུ་བསྲེལ་བ་སྟེ། མཁོ་བའི་ཡོ་བྱད་ཀྱི་བྱིན་རླབས་འཆགས་པ་རྣམས་ཡིནནོ། །མཁོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ནི། དར་ཁ་ཕྱེད་དམ་རས་ཀྱི་དུམ་བུ་ཁྲུ་གང་ཡན་ཆདཀྱི་གྲུ་བཞིར་མ་ལོངས་པ་ལྟ་བུ་སྟེ། མཁོ་བའི་ཡོ་བྱད་ཀྱི་གོས་སེམས་ཀྱིས་བརྟགས་པ་འཆགསཔ་རྣམས་ཡིན་ནོ། །

ལྔ་བ་གོས་བྱིན་གྱིས་བརླབ་པའི་ཚུལ་ལ་དྲུག་ལས།

དང་པོ་དགོས་པའི་དོན་ནི། འཆངའཇོག་གི་ལྟུང་བ་ཁེགས་པ་དང༌། བྱིན་གྱིས་བརླབས་པའི་ཆོས་གོས་མེད་པའི་ཉེས་པ་ཁེགསཔའོ། །གཉིས་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། ཡུལ་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །ཡུལ་མེད་ན་ནི་རང་གཅིག་པུས་བྱིན་གྱིས་བརླབ་སྟེ། གནས་ནས་ཕྱུང་བསཀྱང་ངོ༌། །ཞེས་པས་སོ། །གསུམ་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། བསྙེན་རྫོགས་ཀྱི་སྡོམཔ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལཔར་གནས་པའོ། །དགེ་སློང་གི་སྡོམ་པ་ལེན་པ་ན་ནི་དགེ་ཚུལ་གྱིས་ཀྱང་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །སྡོམ་པ་གཏན་ནས་མེད་པ་འགའ་ཞིག་གིས་ཀྱང་ཆོས་གོས་བྱིན་གྱིས་བརླབདགོས་པ་ཡོད་པ་ཡིན་ཏེ། མ་སྐྱེས་པ་འཆང་བ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སུ་འགྱུར་བ་དགགདགོས་པ་ཡོད་པའི་ཕྱིར་ཞེས་མཚོ་ཊཱིཀ་ལས་གསུངས་སོ། །བཞི་པ་དངོས་པོ་གང་བྱིན་གྱིསབརླབ་པ་ལ་གསུམ་ལས། དང་པོ་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པའི་དངོས་པོ་ནི། གོསརུང་ཞིང་ཚད་དང་ལྡན་པ་སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལ་བའོ། །དམིགས་བསལནི་གོས་མི་རུང་པ་ལ་ཡང་རྐྱེན་དབང་གིས་བྱིན་རླབས་ཆགས་ལ། ཚད་ལས་ལྷག་པ་ལ་ཡངསྲ་བརྐྱང་གི་བྱིན་རླབས་འཆགས་ཤིང༌། སྔར་གྱི་བྱིན་རླབས་དང་ལྡན་པ་ལ་ཡང་དགེ་སློང་མསཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པ་འཆགས་སོ། །དེ་ལ་རྩ་བར། རབ་ཏུ་བྱུང་བའི་རྫས་དགནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ། །ཞེས་དང༌། འོག་མ་དག་ལ་ནི་གཞནལ་ན་སྨད་པ་ཉིད་དོ། །ཞེས་གསུངས་པ་མི་འགལ་བར་སྤྱི་བཏང་དམིགས་བསལ་གྱིས་འཇོགདགོས་ན་དེ་གཉིས་ཀྱི་མཚམས་གང་ནས་འཇོག་དགོས་རྩོད་པར་བྱའོ། །གཉིས་པ་ལྷག་པའིཡོ་བྱད་དུ་བྱིན་གྱིས་བརླབ་པའི་དངོས་པོ་ནི། གོས་རུང་ཞིང་ཚད་དང་ལྡན་པ་ལ་སྔར་བྱིན་གྱིསབརླབས་པ་དང་མ་འབྲེལ་བ་སྟེ་སྔར་དང་འདྲའོ། །གོས་མི་རུང་བ་དེ་དགེ་སློང་རང་གིས་སྒྲུབ་ཏུ་མི་རུང་ལ། སྦྱིན་བདག་གིས་ཕུལ་ན་སྦྱིན་བདག་དེ་ཉིད་ལ་ཡིད་གཏད་དེ་བཅང་བ་དང་ལོངསསྤྱོད་པ་གནང་བ་ཡིན་ནོ། །གསུམ་པ་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པའི་དངོས་པོ་ནི། གོས་ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་དང་སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལབའོ། །མཁོ་བའི་ཡོ་བྱད་ཀྱི་བྱིན་རླབས་ནི་གོས་མི་རུང་བ་ལ་ཡང་འཆགས་ཏེ། རབ་ཏུ་བྱུང་བཁོ་ནས་ལོངས་སྤྱོད་པར་མ་ངེས་པའི་ཕྱིར་དང༌། རྩ་བར། དེ་ནི་དཀར་པོ་ཉིད་དང་ཁ་ཚར་དངཕུན་ཚར་དང་བཅས་པ་ལ་ཡང་ཉེས་པ་མེད་དོ། །ཞེས་གསུངས་པས་སོ། །

ལྔ་པ་ཆོ་ག་གང་གིསབྱིན་གྱིས་བརླབ་པ་ནི།

འདུལ་བ་བདུད་རྩིའི་ཉིང་ཁུ་ལས། འཚོ་བའི་ཡོ་བྱད་བྱིན་གྱིས་བརླབཔ་ནི། དགེ་སློང་ཆོས་ལྔ་ལྡན་གྱི་མདུན་དུ་ལྷམ་ཕུད་རྒན་ན་ཕྱག་བྱས་ལ་འགྲེང་སྟེ། གཉིསཀས་ལག་པས་སྣམ་སྦྱར་བཟུང་སྟེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདིཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱརདུ་བྱིན་གྱིས་བརླབ་བོ། ། ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །རྐྱེན་དབང་གིས་བྱིན་གྱིས་རློབ་ན། དགོངས་གསོལ་ཡན་འདྲ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། ཞེས་པ་གསུམ་དང༌། ཐབས་ལེགསབྱའོ། །བླ་གོས་སོགས་འཚོ་བའི་ཡོ་བྱད་གཞན་རྣམས་ཀྱང་བྱིན་བརླབས་དེ་གཉིས་ཀ་ལ་སྣམསྦྱར་ཞེས་པའི་ཐད་དུ་བླ་གོས་ཞེས་སོགས་འདོན་པ་བསྒྱུར་རོ། །ཡོ་བྱད་ཀྱི་གོས་སྟན་སོགསབྱིན་གྱིས་རློབ་ན། དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་ཡོ་བྱད་ཀྱི་གོསསྟན་དུ་བྱིན་གྱིས་བརླབ་པོ། །ཞེས་སོ། །སྐ་རགས་སོགས་ལའང་འདོན་པ་བསྒྱུར་རོ། །ཡང་ན་སྦྱིན་བདག་ལ་ཡིད་གཏད་ཏེ་བཅང་པར་བྱའོ། །མཁོ་བའི་ཡོ་བྱད་བྱིན་བརླབས་ནི། དགོངསགསོལ། གོས་འདི་བདག་དང་ཚངས་པར་མཚུངས་པར་སྤྱོད་པའི་མཁོ་བའི་ཡོ་བྱད་ཀྱི་གོསསུ་བྱིན་གྱིས་བརླབ་པོ། །ཞེས་པ་གསུམ་དང༌། ཐབས་ལེགས་བྱའོ། །ལྷག་པའི་ཡོ་བྱད་བྱིན་བརླབས་ནི། ཆོས་གོས་ལྷག་པོ་ཡོད་ན། དགོངས་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོས་ལགསཔར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་ཏེ་བཅང་བར་བགྱིའོ། །ཞེས་ལན་གསུམབཟླས། ཐབས་ལེགས་སོ། །ཡང་ན་དགེ་སློང་ཆོས་གསུམ་ལྡན་ལ་ཡིད་གཏད་པར་བྱའོ། །

ཞེས་གསུངས་པ་ལྟར་རོ། །དྲུག་པ་བྱིན་གྱིས་བརླབ་པ་འཇིག་པའི་རྒྱུ་ནི། སྔགས་ཀྱིས་ཕྱུང་པདང༌།༼གཞུང་ལས་ཆོས་གོས་ཀྱི་བྱིན་རླབས་དབྱུང་བར་གསུངས་ཀྱང༌། དབྱུང་བའི་ཆོ་ག་ནི་འདུལ་བའི་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །འོ་ན་དབྱུང་བའི་ཆོ་ག་འདི་གང་ལས་རྙེད་ཅེས་འདྲི་ན། སྔོན་མངའ་རིས་སྟོད་ཀྱི་རྒྱ་དཔེའི་ཀརྨ་ཤ་ཏཾ་གྱི་རྒྱབ་ལེགས་ལ་ཆོས་གོས་ཀྱི་བྱིན་རླབས་དབྱུང་བའི་ཆོ་ག་འདི་རྒྱ་ཡིག་ཏུ་བྲིས་པའོ།།༽རྟེནཞིང་མ་ཡིན་པར་གྱུར་པ་དང་གོས་མེས་འཚིག་སྟེ་ཐལ་བར་གྱུར་བ་ལྟ་བུ་ཞིང་མ་ཡིན་པར་གྱུརཔ་དང༌། གཞན་ལ་བྱིན་པ་ལ་སོགས་པའོ། ། དྲུག་པ་བསམ་པ་གང་གིས་བཅང་བར་བྱ་བནི། འཚོ་བའི་ཡོ་བྱད་ཀྱི་གོས་ལ་རང་གི་ཡིན་པའི་བསམ་པ་དང༌། ལྷག་པའི་ཡོ་བྱད་ཀྱི་གོསལ་གཞན་གྱི་ཡིན་པའི་བསམ་པ་དང༌། མཁོ་བའི་ཡོ་བྱད་ཀྱི་གོས་ལ་རང་གཞན་ཐུན་མོང་དུགང་མཁོ་བྱ་བའི་བསམ་པས་བཅང་སྟེ། རང་རང་གི་ཆོ་ག་ལས་ཤེས་སོ། །ཡང་རྩ་བར། ༡བསོདསྙོམས་ལ་རྒྱུ་བ་དང་༢མཆོད་སྟོན་དང་༣མཆོད་རྟེན་ལ་ཕྱག་བྱ་བ་དང་༤ཞེ་ས་བྱ་བ་དང༌། ༥དགེའདུན་ཚོགས་པ་དང་༦གདམས་ངག་དང་ཆོས་མཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱའོ། །ཞེས་པའི་མདོ་འདིས་སྣམ་སྦྱར་གོན་པའི་གནས་སྐབསདྲུག་བསྟན་ཏོ། །དེ་དག་གི་སྟེང་དུ་གློ་བུར་དུ་འོངས་པས་གཙུག་ལག་ཁང་དུ་འདུག་པ་ན་ཡང་སྣམ་སྦྱར་གོན་པ་སྟེ་ཆོས་གོས་གསུམ་གྱོན་པ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པརབྱ། ཞེས་གསུངས་པས་སོ། །དེ་ལྟར་ན་སྣམ་སྦྱར་གོན་པའི་གནས་སྐབས་བདུན་ནོ། །དེའངའགྲེལ་ཆུང་ལས་འདི་རྣམས་ལ་གྲོང་བར་དུ་མ་གྱོན་ན་ཉེས་བྱས། གཞན་དུ་ནི་ཉེས་མེད་དོཞེས་བཤད་པའི་རྗེས་སུ་འབྲངས་ནས། བསོད་སྙོམས་དང་གྲོང་དུ་མཆོད་སྟོན་ལ་འགྲོ་བ་གཉིསལ་སྣམ་སྦྱར་གྱོན་པ་ནི་བསྒྲུབ་པའི་བསླབ་པའོ། །གཞན་རྣམས་ནི་གནང་བའི་བསླབ་པའོ། །ལུང་མ་མོ་ལས་གདོང་ཕྱིས་ཀྱི་ཚབ་ཏུ་ཁྲུས་རས་བགྲངས་ནས་བཅུ་གསུམ་གསུངས་སོ། །ཕྲེངབརྒྱུད་ལས། རྣག་གཟན་མ་བགྲངས་པར་ལག་ཕྱིས་བགྲངས་ནས་བཅུ་གསུམ་དུ་བྱས་ནས་གསུངས་སོ། །

གསུམ་པ་གོས་ཀྱི་རྒྱུ་མི་རུང་བ་ནི།

མ་དྲས་པའི་ཁ་ཚར་ཕུན་ཚར་ཅན་དང༌། རྒྱུ་དཔགབསམ་ཤིང་ལས་བྱུང་བ་དང༌། ར་བལ་རྔ་བལ་ལས་བྱས་པ་དང༌། ཁ་དོག་རུང་བས་ཁ་མབསྒྱུར་བ་དང་ཁྲ་བོ་སོགས་དང་ཚོན་ཆེན་གྱིས་ཁ་བསྒྱུར་བ་དང༌། མུ་སྟེགས་ཀྱི་ཆ་ལུགས་སུ་གཏོགས་པའི་སྐྲའི་གཡང་གཞི་སོགས་མི་རུང་བ་ཡིན་ཏེ། རྩ་བར། སྣམ་བུ་མ་བྱས་པ་དང་གསོ་མ་ནི་མི་རུང་ངོ། །ཞེས་དང༌། ཊཱི་ཀ་ལས། ཁ་ཚར་དང་ཕུན་ཚར་མཐའ་གཅད་དུ་རུང་བ། ཞེས་དང༌། ར་ཕྱར་དང་རྔ་བལ་གྱིས་སྣམ་བུ་དང་མུ་སྟེགས་ཀྱི་རྒྱལ་མཚན་ཡང་ངོ། །ཞེས་གསུངས་པའི་ཕྱིར་རོ། །འཚོ་བའི་ཡོ་བྱད་ནི། རྒྱུ་རུང་བ་རས་བལ་སོགས་ཧ་ཅང་རྒྱུ་ངན་པ་མིན་པ་དང༌། དཔག་བསམ་ཤིང་ལས་བྱུང་པ་སོགས་ཧ་ཅང་རྒྱུ་བཟང་བ་མིན་པ། སྲིན་བལདང་དར་སོགས་རྒྱུ་རུང་བ་བདུན་པོ་རྣམས་ལས་གྲུབ་པ། ཁ་དོག་ངུར་སྨྲིག་དང༌། སྔོན་པོ་དངཙག་གིས་བསྒྱུར་བ། དབྱིབས་སྤུ་ཅན་དང༌། ལུག་རུ་འཁྱིལ་པ་ལྟ་བུ་སོགས་མིན་པ་མ་བཀགཅིང་གནང་བའོ། །ཟླ་ཟེར་༥༣༥ལས། ངུར་སྨྲིག་ཏུ་ཁ་བསྒྱུར་ཡང་གོས་དྲས་ཤིང་དྲུབས་པ་མཡིན་པ་ནི་ལྷས་སྦྱིན་གྱི་ཆ་ལུགས་ཡིན་པས་བཀག་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ཞེས་མཚོ་ཊཱིཀ་ལས་གོས་དྲས་ཤིང་དྲུབས་པ་མ་ཡིན་པ་ནི་ལྷས་སྦྱིན་གྱི་ལུགས་ཡིན་པར་གསུངས་པ་ལ། རྩ་བར། སྣམ་སྦྱར་མིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ། །ཞེས་དང༌། ལུང་མ་མོ་ལས། སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ། །བླ་གོས་དང་མཐངགོས་ནི་ངེས་པ་མེད་དོ། །ཞེས་དང༌། མེ་ཏོག་ཕྲེང་རྒྱུད་ལས། སྣམ་སྦྱར་ངེས་པར་དྲས་ཏེ་བཅང༌། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱི་སྐྱོ་བ་བསྐྱེད་ཕྱིར་རོ། །ཞེས་དང༌། མཚོ་ཊཱིཀ་ལས། སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པའི་ངེས་པ་མེད་དོ་ཞེས་པ་ནི་ལུང་མ་མོ་ལས་སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ། །ཞེསསོགས་གསུངས་པའི་ཕྱིར་ཟེར་ན་ཞིབ་ཆ་ཅུང་ཟད་དགོས་སོ། །རང་གི་རྣམ་བཤད་དང་ཊཱི་ཀལས་གོས་ཐམས་ཅད་སྔོ་བ་བཀག་པ་ཡིན་གྱི་གོས་ཐམས་ཅད་སེར་བ་དང་དམར་བ་ནི་མབཀག་གོ་ཞེས་བཤད་ཀྱང་ལུང་གཞི་ལས། གོས་ཐམས་ཅད་སེར་བའམ་ཐམས་ཅད་དམརབའམ་དཀར་བ་ནི་རུང་བ་མ་ཡིན་པ་ཉིད་ཅེས་གསུངས་ལ། དེ་དང་མཐུན་པར་ལུང་ཞུ་བ་དངའོད་ལྡན་རྩ་འགྲེལ་དང་འགྲེལ་ཆུང་ལས་ཀྱང་བཤད་དོ། །དེ་ལྟར་ཐམས་ཅད་སེར་བ་དང་ཐམསཅད་དམར་བ་བཀག་པར་ལུང་གཞི་ལ་སོགས་པ་གཞུང་ལྔ་ལས་བཤད་པས་ཁ་དོག་གཅིག་པའི་ཉེས་པ་དགག་པའི་ཕྱིར་ལག་ལེན་དོག་མཐའ་གཟུང་བར་བྱའོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་སྟེ། མུ་སྟེགས་ཅན་གྱི་ཆ་ལུགས་འཆངབ་ཡང་མི་རུང་ངོ་ཞེས་སྦྱར་རོ། །དེའི་ཆ་ལུགས་ཀྱི་བྱེ་བྲག་ནི་ལུང་ཞུ་བ་ལས། དགེ་སློང་གིས་མུ་སྟེགས་ཅན་གྱི་སྣོད་བཅངས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་ལ། ཞུ་འགྲེལ་ལས། མུ་སྟེགས་ཀྱི་སྣོད་ནི་ཐོད་པ་ལ་སོགས་པའི་སྣོད་ཅེས་གསུངས་ཤིང༌། དགང་གཟར་བླུགསགཟར་གཉིས་ཀྱང་མུ་སྟེགས་པའི་ཆ་བྱད་ཡིན་པར་ལུང་རྣམ་འབྱེད་ལས་ཆོས་གོས་དང་འབྲལབའི་སྐབས་ནས་གསུངས་སོ། །བུ་ས་ལའི་འདབ་མ་ནི་འུ་སུའི་འདབ་མ་ཡིན་པར་ལུང་ཕྲནཚེགས་ལས་གསུངས་སོ། །ཡང་དགེ་སྦྱོང་མཚོན་ཆ་སྤངས་པ་ཡིན་པས་འདི་ཡང་མི་རུང་སྙམ་པའི་དོགས་པ་བསལ་བའི་ཕྱིར། གྲིའུ་དེ་བཅང་བར་བྱའོ་ཞེས་སོ། །འགྲེལ་ཆུང་ལས་གྲིའུ་བཅངཀྱང་ཉེས་པ་མེད་ཅེས་བཤད་དོ། །གྲིའུའི་ཚད་འདི་ཡུ་བ་དང་བཅས་པ་ལ་བརྩི་འམ་ཞེ་ན།

འགྲེལ་ཆུང་ལས། གྲིའུ་ལྕགས་ཉི་ཚེ་ལ་སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ། །ཞེསསོ། །ལྕགས་ལས་བྱས་པའི་སྣོད་སྤྱད་ནི་སྣོད་ལྷུང་བཟེད་ལ་སོགས་པ་དང༌། སྤྱད་ལྡེ་མིག་ཀྱོགཔོ་ལ་སོགས་པའོ། །ཚོན་རྩི་ལྔ་ནི་ལུང་མ་མོ་ལས་མཐིང་ཤུན་དང་ལེབ་རྒན་རྩི་དང་རྒྱ་སྐྱེགས་གུར་ཀུམ་མཚལ་དང་ལྔ་ཞེས་གསུངས་སོ། །

བཞི་བ་རྙེད་པ་སུ་ལ་དབང་བ་ནི།

ལུང་གི་ཆོས་ལ་ཕུལ་བའི་ཆོས་ཀྱི་རྙེད་པ་ནི་ལུངཆོས་སྨྲ་བ་རྣམས་དབང༌། ཞེས་སོ། །དོན་དམ་པའི་ཆོས་ལ་ཕུལ་ན་ནི་བྱེ་བྲག་བཤད་མཚོ་ལས། མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་དང་འདྲ་བར་བཞག་གོ། །ཞེས་གསུངས་སོ། །

སྒྲུབ་པའི་ཆོས་ལ་བསྔོས་ཏེ་ཆོས་ལ་འབུལ་ལོ་ཞེས་ཕུལ་བ་ནི་དགེ་འདུན་རྣམས་དབང་སྟེ། སྒྲུབཔའི་ཆོས་དེ་དགེ་འདུན་གྱི་རྒྱུད་ལ་ཅི་རིགས་པར་མངའ་བའི་ཕྱིར་རོ། ། རྒྱུ་ལས་སེམས་མལོག་ནའོ་ཞེས་པ་ལ་ཁ་ཅིག་ན་རེ་བཟོད་པ་མ་གསོལ་ན་གནས་ནས་ཕྱུང་བ་མི་དབང་གི། བཟོདཔ་གསོལ་ན་ནི་དབང་ངོ་ཞེས་ཟེར་རོ། །དེ་ནི་མདོ་རྩ་འགྲེལ་ལས་ནན་ཏུར་གྱི་རྒྱུ་ལས་སེམས་མ་ལོག་ནའོ་ཞེས་གསུངས་པ་དང་འགལ་ལ། བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཡིནཔས་རྙེད་པ་དེ་མི་དབང་ངམ་སྙམ་པའི་དོགས་པ་བཅད་མི་དགོས་སོ། །ཁྱིམ་བདག་མགོན་མེདཟས་སྦྱིན་གྱིས་དགེ་འདུན་ལ་ཡོ་བྱད་ཐམས་ཅད་བསྟབས་ན་ཞེས་བུ་དང་ཆུང་མའང་ཕུལ་བ་ལྟ་བུ་སྟེ། བུ་དང་ཆུང་མ་དགེ་འདུན་ལ་ཕུལ་བའི་རྙེད་པ་ལྟ་བུ་དེ་བཞག་པར་བྱའམ་འཚོང་བརབྱ་ཞེ་ན། སྦྱིན་པར་བྱེད་པའི་བསམ་པའི་དབང་གིས་བཞག་པའམ་འཚོང་བར་སྒྲུབ་བོ། །སྦྱིན་པར་བྱེད་པའི་དབང་གིས་སྒྲུབ་བོ་ཞེས་དངོས་སུ་བསྟན་པས། ལེན་པར་བྱེད་པའི་དབང་གིསནི་མི་སྒྲུབ་བོ་ཞེས་ཤུགས་ཀྱིས་བསྟན་ཏེ། ལེན་པ་པོ་དྲུག་སྡེ་ལྟ་བུ་ནི། དེ་དག་འཚོང་བར་འདོདན་ཡང༌། སྦྱིན་པ་པོས་བཞག་པའི་ཕྱིར་ཕུལ་ན་ཅི་བདེར་བཞག་ཅིང་བསླུ་བའི་ཕྱིར་ཕུལ་ན་ནི་བསླུར་གཞུག་པའོ། །

ལྔ་བ་ལོག་འཚོ་སོགས་སྤོང་ཚུལ་ནི།

རྩ་བར། མྱ་ངན་ལས་འདའ་བའི་བསམ་པས་རབཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་བ་དང་ཟས་རོ་བརྒྱ་བ་དང་ཁང་བ་བརྩེགས་པ་ལྔ་བརྒྱ་བ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ། །ཞེས་སོགས་བྱུང༌། འདིའིདོན་བཤད་པ་ལ། སྐབས་འདིར་ལུང་གླེང་གཞི་ལས་དད་རྫས་ལོངས་སྤྱོད་པའི་ཚུལ་ལྔ་གསུངསཏེ། བདག་པོའི་ཚུལ་གྱིས་ལོངས་སྤྱོད་པ་དང༌། བྱིན་ལེན་གྱི་ཚུལ་གྱིས་དང༌། རྗེས་སུ་གནང་བའིཚུལ་གྱིས་དང༌། ལྕགས་བསྲེགས་འབར་བའི་ཚུལ་གྱིས་དང༌། བུ་ལོན་གྱི་ཚུལ་གྱིས་ལོངསསྤྱོད་པའོ། །དང་པོ་གསུམ་ནི་ལུང་གླེང་གཞི་ལས་གསུངས་པ་ཚིགས་བཅད་དུ་བསྡུས་ཏེ། དགེཚུལ་གྱིས་ལོ་དྲི་བ་ལས། མི་སློབ་པ་ནི་བདག་པོར་བཤད། །སློབ་པ་བྱིན་ལེན་སྤྱོད་པ་ཡིན། །བསམ་གཏན་འདོན་དང་ལྡན་པ་ནི། །རྗེས་སུ་གནང་རྣམས་དཀའ་ཐུབ་ཅན། །ཞེས་གསུངས་ཤིང༌། ལུང་གླེང་གཞི་ལས། སོ་སོའི་སྐྱེ་བོ་དགེ་བ་ཅན་བསམ་གཏན་དང་ཀློག་པ་ལ་ཞུགསཔ་རྣམས་ནི་གནང་བས་ཡོངས་སུ་སྤྱོད་པའོ། །ཞེས་གསུངས་སོ། །མྱ་ངན་ལས་འདའ་བའིབསམ་པས་རབ་ཏུ་བྱུང་ཞིང༌། ཚུལ་ཁྲིམས་དང་ལྡན་པ་དགེ་སློང་དགེ་བའི་སྦྱོར་བ་ལ་བརྩོན་པལ་ནི་གོས་སྟོང་ཕྲག་བརྒྱ་པ་ལ་སོགས་པ་འོས་སོ། །ཞེས་གསུངས་པ་འདི་ཡང་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད་པའོ། །རྗེས་སུ་གནང་བ་དེ་ཡང་འདུལ་བ་བསྡུས་པ་ལས། དགེ་སློངའདུལ་བའི་བསླབ་པ་ལ། །བརྩོན་པ་དེ་ནི་འདུ་ཤེས་ཀྱི། །གནས་པ་རྣམ་པ་ལྔས་གནས་ཏེ། །གྲོང་དུ་འཇུག་པར་བྱེད་པ་ན། །བཙོན་རར་འཇུག་པའི་འདུ་ཤེས་དང༌། །གཙུག་ལག་ཁང་ན་མདོ་སྡེ་བཞིན། །རྟག་ཏུ་དགེ་སློང་འདུ་ཤེས་དང༌། །ཟས་ལ་རྟག་པར་ནད་ཀྱི་ནི། ། གཉེན་པོཉིད་ཀྱི་འདུ་ཤེས་དང༌། །རབ་དབེན་ཤེས་བྱ་རྣམ་གཉིས་ལ། །ལོང་བ་འོན་ལྐུགས་འདུ་ཤེས་དང༌། །ཉལ་ན་དགོན་པའི་རི་དྭགས་ལྟར། །ཐུམ་ཕྲས་ཀྱི་ནི་འདུ་ཤེས་ཏེ། །དེ་ལྟར་གནས་པའིདགེ་སྦྱོང་ནི། །རྒྱལ་ལ་འོས་པའི་ལོངས་སྤྱོད་ལ། །གནས་ཀྱང་འདོད་པ་བསོད་སྙོམས་ཀྱི། །རྗེསསུ་སྦྱོར་བར་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་ཡང་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོདཔའོ། །དེ་ཡང་མི་སློབ་པ་དགྲ་བཅོམ་པ་མན་ཆད་ཀྱི་དགེ་འདུན་གྱི་རྫས་ཀྱང་ལོངས་སྤྱོད་པ་པོསོ་སོའི་སྐྱེ་བོ་ལ་ཡང་འོས་སོ་ཞེས་སྦྱར་རོ། །བཞི་པ་ལྕགས་བསྲེགས་འབར་བའི་ཚུལ་གྱིསལོངས་སྤྱོད་པ་ནི། རྩ་བར། ཚུལ་ཁྲིམས་འཆལ་བ་ནི་མ་ཡིན་ནོ་ཞེས་པས་བསྟན་ཏེ། ལུང་རྣམའབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང༌། དཀོན་མཆོག་བརྩེགསཔ་ལས་ཀྱང༌། འཆལ་བའི་ཚུལ་ཁྲིམས་ཅན་དག་གིས། །ཆོས་གོས་རབ་ཏུ་གྱོན་གྱུར་ཀྱང༌། །དད་པས་བྱིན་པ་ཅི་ཟོས་པ། །ཐོ་ལུམ་འབར་བ་མིད་པ་འདྲ། །ཞེས་གསུངས་ལ། ལུང་གླེང་གཞིལས། ཚུལ་ཁྲིམས་ཉམས་པ་ནི་དགེ་འདུན་གྱི་ཀུན་དགའ་ར་བ་ལ་རྐང་བའི་རྟིང་བ་ཙམ་ཡངཡོངས་སུ་སྤྱད་པར་མ་གནང་ངོ། །ཞེས་གསུངས་སོ། །ལྔ་པ་བུ་ལོན་གྱི་ཚུལ་གྱིས་ལོངས་སྤྱོད་པ་ནི། རྩ་བར། ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ། །ཞེས་པའིདོན་ནི། ཊཱི་ཀ་ལས། ཚེ་རབས་གཞན་ལ་སྦྱིན་བདག་དེ་ལ་དཔྱ་འཇལ་བ་དང༌། དེའི་བྲན་གཡོགདང་ཕྱུགས་ལ་སོགས་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་སོ། །ལུང་ལསཞིང་པའི་རྨོན་གླང་ལྔ་བརྒྱར་སྐྱེས་པའི་གཏམ་རྒྱུད་གསུངས་པ་དང་སྦྱར་རོ། །རྒྱུའི་སྒོ་ནས་ལོགའཚོ་སྤང་ཚུལ་ལྔ་ཡོད་དེ། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་དང༌། །ཁ་གསགས་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྙན་པར་སྨྲ་བ་དང༌། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པ། །ཐོབ་ཀྱི་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམསའདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །གོས་ཀྱི་གཞིའིརྣམ་པར་བཤད་པ་རྫོགས་སོ།། །།

གསུམ་པ་ཀོ་ལྤགས་ཀྱི་གཞི་འཆད་པ།

གསུམ་པ་ཀོ་ལྤགས་ཀྱི་གཞི་འཆད་པ་ལ།

རྩ་བར། ཡུལ་དབུས་ཀྱི་མཚམས་སོ། །

ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱ་བའོ། །

ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱ་བའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ། །བྱང་དུ་ནི་ཨུ་ཤི་རཱའི་རི་ཞེས་བྱ་བའོ། །ཞེས་སོགས་བྱུང་བ་ལྟར་ཡུལ་དབུས་དང་མཐའ་འཁོབ་གཉིས་ཤེས་པར་བྱའོ། ། འདུལ་བ་བསྡུས་པ་ལས། ལིཁ་ར་ཚང་ཚིང་ཨུ་ཤི་རི། །དེ་བཞིན་གྲོང་དང་ཉེ་བའི་གྲོང༌། །ཆུ་ཀླུང་འདམ་བུ་མདའ་རྒྱུན་ཏེ། །ཤར་དང་བྱང་ཕྱོགས་སྩོགས་རྣམས་སུ། །འདི་ནི་མཐའ་འཁོབ་མཚན་ཉིད་དོ། །ཞེས་བཤད་ཀྱང༌། ལུང་ཀོ་ལྤགས་ཀྱི་གཞི་ལས། ལི་ཁ་ར་ཚང་ཚིང་ཞེས་བྱ་བ་དེ་ནི་དབུས་སོ། །དེ་ཕན་ཆད་ནི་མཐའའཁོབ་བོ། །ཨུ་ཤི་རའི་རི་ཞེས་བྱ་བ་ཡོད་དེ། དེ་ནི་དབུས་སོ། །དེ་ཕན་ཆད་ནི་མཐའ་འཁོབ་བོ། །ཞེས་གསུངས་སོ། །འདི་དག་ས་ཚིགས་ཀྱི་དབང་དུ་བྱས་ལ། ཆོས་ཚིགས་ཀྱི་དབང་དུ་བྱས་ནདགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་སྟེ་འཁོར་རྣམ་བཞི་རྒྱུ་བ་དབུས་དང་མི་རྒྱུ་བ་མཐའ་འཁོབཏུ་ཉན་ས་ལས་བཤད་དོ། །འདིར་སྔར་བཅས་ནི་ལུང་ལས་དགེ་སློང་གིས་མཆིལ་ལྷམ་བཅངཔར་མི་བྱའོ་ཞེས་གསུངས་ཏེ། དེའི་དམིགས་བསལ་ནི། རྩ་བར། མཐའ་འཁོབ་ཏུ་མཆིལ་ལྷམདག་བཅང་བར་བྱའོ། །ཞེས་སོགས་གསུངས་སོ། །ལུང་ལས། གཙུག་ལག་ཁང་དུ་ནི་ཀོ་ལྤགསཀྱི་སྟན་ལ་འདུག་པར་མི་བྱ། ཉལ་བར་མི་བྱ་ཞེས་བཀག་ཀྱང་ཁྱིམ་གཞན་དུ་གཞན་མེད་ནཀོ་ལྤགས་ལ་འདུག་པར་བྱ་ཞེས་གནང་ངོ༌། །ལུང་ལས། དོམ་ལྤགས་དེ་ཐམས་ཅད་ནི་མིག་ལ་ཕན་ནོ། །ཞེས་གསུངས་ལ། དོམ་ལྤགས་དེ། རྐང་པའི་གནས་སུ་འདིང་ཞེས་པ་ནི་མིག་གིརྩ་རྐང་མཐིལ་ན་ཡོད་པས་མིག་ལ་ཕན་པ་སྟེ། སྨན་པ་འཚོ་བྱེད་ཀྱི་བྱུང་བས་ཤེས་སོ། །ལུངལས་དགེ་སློང་གིས་ཀོ་ལྤགས་བཅང་བར་མི་བྱའོ། །ཞེས་སྤྱིར་བཏང་གསུངས་ཏེ། དེའི་དམིགསབསལ་ནི། ཨསྨ་པ་རན་ཏ་དག་ཏུ་ནི་ཀོ་ལྤགས་མི་བཅང་བར་མི་བྱའོ། །ཞེས་སོ། །འདི་ནིགནང་བའི་བསླབ་པ་སྟེ། ཊཱི་ཀ་ལས། ཡུལ་ཨསྨ་པ་རན་ཏ་ན་དག་ཏུ་ནི་ཀོ་ལྤགས་ཅི་དགརའཆང་དུ་གནང་བས། དེ་ལས་གཞན་པ་དག་ཏུ་བཀག་ཅེས་བཤད་དོ། །ལུང་མ་མོ་ལས་ཀྱང་ལྗོངས་ཨསྨ་པ་རན་ཏར་ནི་པགས་པ་དང་རྟག་ཏུ་ཁྲུས་གནང་བར་གསུངས་ཏེ། ལྗོངས་གཞནདུ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཨསྨ་པ་རན་ཏ་ལས་གཞན་པའི་མཐའ་འཁོབ་ཏུ་ཀོ་ལྤགས་གནང་ངམ་མི་གནང་ཞེ་ན། འོད་ལྡན་ལས། ཡུལ་མཐའ་འཁོབ་དག་ཏུ་ནི་མལ་དངསྟན་གཉིས་ཀ་ལ་ཡང་ཀོ་ལྤགས་གནང་ངོ་ཞེས་གསུངས་སོ། །ཀོ་ལྤགས་ཀྱི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

བཞི་བ་སྨན་གྱི་གཞི་འཆད་པ།

བཞི་བ་སྨན་གྱི་གཞི་འཆད་པ་ལ།

རྩ་བར། སྨན་བསྟེན་པར་བྱའོ། །ཞེས་སོ། །

འདིའི་དོན་བཤད་པ་ལ་བརྒྱད་ལས། དང་པོ་དགོས་པའི་དོན་ནི། སྨན་བསྟེན་པས་དགེ་སློངབདེ་བ་ལ་རེག་པར་གནས་པ་དང་སྦྱིན་བདག་གིས་བསོད་ནམས་འཐོབ་པའོ། །

གཉིས་པ་སྨན་དེ་རྒྱུ་གང་ལས་བསྒྲུབ་པ་ནི། ལོག་འཚོ་སྤངས་ཤིང་ཡང་དག་པའིའཚོ་བ་ལས་བསྒྲུབ་པའོ། །

གསུམ་པ་སྨན་གྱི་དབྱེ་བ་ནི། དབྱེ་གཞི་ནི་སྨན་ཙམ་མོ། །སྨན་མཚན་ཉིད་ཐ་དད་ཀྱི་སྒོ་ནས་ཕྱེ་བས་འདིར་སྨན་རྣམ་པ་བཞིར་དབྱེ་སྟེ། རྩ་བར། དེ་ནི་རྣམ་པ་བཞིའོ། །དུས་སུ་རུངབ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བ་ཉིད་དོ། །ཞེས་གསུངས་པས་སོ། །

བཞི་པ་སྨན་གྱི་མཚན་ཉིད་ལ་གཉིས་ལས། དང་པོ་སྨན་སྤྱིའི་མཚན་ཉིད་ལ། མཚན་གཞི་ནི་འཚོ་བའི་རྟེན་བྱེད་པའི་ཁམ་ཟས་ཏེ། ལུང་ལས། བྲམ་ཟེའི་ཁྱེའུ་དག་འདི་དགཐམས་ཅད་ནི་སྨན་ཡིན་ཞེས་དྲང་སྲོང་རྒྱུན་ཤེས་ཀྱིས་བཤད་པ་བཞིན་ནོ། །སྨན་གྱི་ཐ་སྙད་དུ་མཚོན་པའི་མཚན་ཉིད་ནི། འདོད་ཁམས་པའི་འཚོ་བའི་རྟེན་བྱེད་པའི་དྲི་རོ་རེག་བྱའི་སྐྱེ་མཆེདགསུམ་གྱིས་བསྡུས་པའི་ཁམ་ཟས་དེའོ། །མཚོ་ཊཱིཀ་ལས། སྨན་སྤྱིའི་མཚན་ཉིད་ལ། མཚན་གཞི་ནི་ཕྱི་རོལ་གྱི་དངོས་པོ་ཙམ་སྟེ། ལུང་ལས། བྲམ་ཟེའི་ཁྱེའུ་དག་འདི་དག་ཐམས་ཅད་ནི་སྨན་ཡིན་ཞེས་དྲང་སྲོང་རྒྱུན་ཤེས་ཀྱིས་བཤད་པ་བཞིན་ནོ། །སྨན་གྱི་ཐ་སྙད་དུ་མཚོན་པའི་མཚན་ཉིད་ནི། དྲི་རོ་རེག་བྱ་སྟེ་སྐྱེ་མཆེད་གསུམ་འདུས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་ན་ཕྱིའི་གཟུགས་ཀྱི་སྐྱེ་མཆེད་སྨན་ཡིན་པར་འགྱུར་ལ། འདོད་ན། མཛོད་ལས། གཟུགསཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །སྒོ་མང་ཡིག་ཆར་དྲི་ཁོ་ནར་གྱུར་བའི་སྨན་ཡོད་པ་ནི། རྩ་བར། དུ་བ་རྔུབ་པར་བྱའོ། །ཞེས་པས་སྒྲུབ་པར་བྱེད་དོ། །

གཉིས་པ་སྨན་སོ་སོའི་མཚན་ཉིད་ལ་བཞི་ལས། དུས་སུ་རུང་བའི་སྨན་གྱི་མཚན་ཉིད་ནི།

སྨན་གང་ཞིག་བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །མཚན་གཞི་ནི། བཟའ་བདང་བཅའ་བའོ། །ཐུན་ཚོད་དུ་རུང་བའི་སྨན་གྱི་མཚན་ཉིད་ནི། སྨན་གང་ཞིག རྒྱུ་དུས་སུ་རུངབ་ལས་བྱུང༌། ངོ་བོ་བཏུང་བའི་བདག་ཉིད་དུ་གནས། ཅུང་ཟད་སླ་བ་དེ་ཡིན་ཏེ། རྩ་བར། ཐུནཚོད་དུ་རུང་བ་ནི་བཏུང་བ་དག་གོ །ཤིན་ཏུ་སླ་བའོ། །ཞེས་གསུངས་པའི་ཕྱིར་རོ། །མཚོ་ཊཱིཀ་ལས། དངོས་པོ་གང་ཞིག ཅེས་པ་གཞན་སྔར་ལྟར་ཡིན་ལ། སྒོ་མང་ཡིག་ཆར་རྒྱུ་སྨན་གཞནགསུམ་ལས་བྱུང་བ་ཡོད་པར་གསུངས་སོ། །ཞག་བདུན་པའི་སྨན་གྱི་མཚན་ཉིད་ནི། སྨན་གངཞིག་བཀྲེས་པ་དང་འདུས་པ་གཉིས་ཀའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །སྒོ་མང་ཡིགཆར། སྨན་བཞི་བོ་གང་རུང་གང་ཞིག ཞག་བདུན་པའི་མཐའ་ཚུན་ཆོད་དུ་བྱིན་གྱིས་བརླབསཤིང་ལོངས་སྤྱོད་པར་གནང་བའི་སྨན་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས་སོ། །འཚོ་བའི་བརདུ་བཅང་བའི་སྨན་གྱི་མཚན་ཉིད་ནི། སྨན་གང་ཞིག་འདུས་པའི་ནད་སེལ་བ་ལ་གཙོ་བོར་ཞུགསཔའོ། །སྒོ་མང་ཡིག་ཆར། སྨན་བཞི་གང་རུང་གང་ཞིག ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབསནས་བཅང་དུ་རུང་བར་གནང་བའི་སྨན་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས་སོ། །འདི་ལ་ཚེ་ཇི་སྲིད་འཚོའི་བར་དང༌། ནད་ཇི་སྲིད་འཚོའི་བར་བྱིན་གྱིས་བརླབས་ནས་བཅང་བ་གཉིསཡོད་དེ། འདུལ་བ་ཀུན་བཏུས་ལས། དེ་ཕྱིན་ཆད་བདག་ཉིད་ཇི་སྲིད་འཚོའི་བར་དུའམ་སྨནདེ་དག་ཇི་སྲིད་མ་ཟད་ཀྱི་བར་དུ་བྱིན་ལེན་མ་ཞིག་པར་བྱས་ཏེ། རང་གི་བསྟེན་ཅིང་བཟའ་བར་བྱའོ། །ཞེས་དང༌། ཞུ་བ་གཉིས་ལས། ཇི་སྲིད་འཚོའི་བར་དུ་བཅང་བ་ནི། ཇི་སྲིད་འཚོའིབར་དུ་ཡོངས་སུ་ལོངས་སྤྱོད་པར་བྱའོ། །གལ་ཏེ་ཡོངས་སུ་སྤྱད་ན་ཅིར་འགྱུར་ལ། གསོགའཇོག་བྱས་པ་ཡོངས་སུ་སྤྱད་པས་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །མཚོཊཱིཀ་ལྟར་ན་སྨན་བཞི་ལས་དང་པོ་དུས་སུ་རུང་བ་མ་ཡིན་པ་གཞན་གསུམ་པོ་དག་ནི་ནད་པའིཕྱིར་བྱིན་གྱིས་བརླབ་ཅིང་བསྟེན་པར་བྱའོ། །ཊཱི་ཀ་ལས། དེ་དག་ནི་ནད་པའི་ཕྱིར་གནང་བ་ཡིན་གྱི་མི་ན་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་སོ། །ལུང་གཞི་ལས། ཐུན་ཚོད་དུ་རུང་བ་བྱིན་གྱིསབརླབས་པ་དང་ཞག་བདུན་པ་བྱིན་གྱིས་བརླབས་པ་དང༌། འཚོ་བའི་བར་དུ་བཅང་བ་བྱིན་གྱིསབརླབས་པ་དེ་དག་བྲོ་མ་འཚལ་བས་འཚལ་དུ་རུང་ངམ། ཉེ་བར་འཁོར་མི་རུང་ངོ། །ཞེསགསུངས་སོ། །དེའི་དམིགས་བསལ་ནི་བུ་རམ་བྱིན་གྱིས་བརླབས་པ་དེ་དགེ་སློང་ལམ་དུ་ཞུགསཔ་དང་དགེ་བསྐོས་ལ་སོགས་པས་བཟའ་རུང་ངོ། །རུང་ཆུས་བཏབ་པ་ལ་སོགས་པ་དེ་ལྟ་བུ་ཉིད་ཀྱི་མདུན་རོལ་ཏུ་ཆུས་མ་བཏབ་ཅིང་ཚགས་ཀྱིས་མ་བཙགས་པ་དེ་སྲིད་དུ་བཅོས་པའི་ཚྭ་ལ་སོགས་པ་དག་ལ་བསྙེན་པར་རྫོགས་པ་མཚན་མཐུན་པས་ཟ་བའི་ཆེད་དུ་བྱིན་ལེན་བྱ་བའིཕྱིར་རེག་ཏུ་མི་རུང་སྟེ། ཊཱི་ཀ་ལས། བསྙེན་པར་རྫོགས་པ་མཚན་མཐུན་པས་བྱིན་ལེན་མིབྱའོ། །ཞེས་གསུངས་སོ། ། བཏུང་བ་དེའི་རྫས་སམ་རྒྱུ་དེ་ནི་འབྲས་བུ་བཏུང་བ་དེ་དང་སྨནགྱི་རིགས་གཅིག་པ་དེ་ཉིད་མ་ཡིན་ཞིང་བཅས་ལྡན་མཚན་མཐུན་བསྙེན་རྫོགས་ཀྱིས་རེག་ན་ལག་ཉའི་ཉེས་པར་འགྱུར་བའི་ཕྱིར། གལ་ཏེ་བཏུང་བ་དེའི་རྒྱུ་དུས་སུ་རུང་བ་ལས་སྒྲུབ་པ་ཡིནན་དེ་ནི་བསྙེན་རྫོགས་ཀྱིས་སྦྱར་ཞིང་ཚགས་ཀྱིས་བཙག་པར་མི་བྱ་སྟེ་ཞེས་ཤུགས་ཀྱིས་བསྟནཏོ། །འོ་ན་གང་གིས་སྦྱར་ཞིང་ཚགས་ཀྱིས་བཙག་པར་བྱ་ཞེ་ན། རྩ་བར། བསྙེན་པར་མ་རྫོགསཔས་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱ། ཞེས་སོ། །དུས་མ་ཡིན་པར་རུང་བ་ཉིད་ཡིནན་ནི་བསྙེན་པར་རྫོགས་པས་སྦྱར་ཞིང་བཙགས་པ་ལ་ཡང་ཉེས་པ་མེད་དོ་ཞེས་རང་གི་རྣམབཤད་དང་ཊཱི་ཀ་ལས་མཐུན་པར་གསུངས་ཏེ། དེ་ནི་མདོ་རྩ་བས་ཀྱང་ཤུགས་ཀྱིས་བསྟན་ཏོ། །

འོ་ན་བཏུང་བའི་རྫས་དེ་དགེ་སློང་གིས་ཚགས་ཀྱིས་བཙག་ཏུ་རུང་ན། བྱིན་ལེན་མ་བྱས་པརརེག་ན་ནི་ལག་ཉར་བླངས་པའི་ཉེས་པར་འགྱུར་ལ། བྱིན་ལེན་བྱས་ནས་ཚགས་ཀྱིས་འཚགགོ་ཞེ་ན། དེ་ལྟ་བུ་ཉིད་ཀྱི་མདུན་རོལ་ཏུ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུངངོ་ཞེས་བཏུང་བའི་རྫས་དེ་ཚགས་ཀྱིས་མ་བཙགས་པ་ན་ཆོ་ག་མ་རྫོགས་པས་བཟའ་བའི་ཆེདབྱིན་ལེན་བྱར་མི་རུང་བར་གསུངས་པ་དང་འགལ་ལོ། །དེས་ན་བཏུང་བའི་རྫས་དེ་དགེ་སློང་གིས་ཇི་ལྟར་ཚགས་ཀྱིས་བཙག་པར་བྱ་སྙམ་ན། ལག་ཉ་ཁེགས་པའི་བྱིན་ལེན་བྱས་ཏེ་དགེསློང་གིས་སྦྱར་ཞིང་བཙག་པ་སྟེ། བམ་པོ་ལྔ་བཅུ་པ་ལས། གལ་ཏེ་དུས་མ་ཡིན་པར་རུང་བའིརྫས་ལས་བཏུང་བ་དེ་སྦྱོར་ན་ནི། བསྙེན་པར་རྫོགས་པས་ཀྱང་རྫས་དེ་ཉིད་བྱིན་ལེན་བྱསཏེ་སྦྱར་ཞིང་བཙགས་ལ། གང་གི་ཚེ་འཐུང་བའི་ཆུ་གྲང་མོ་གདབ་པ་དང༌། བྱིན་ལེན་སྟོབ་ཏུ་བཅུག་ནས་བཏུང་ཞེས་བཤད་དོ། །བཏུང་བའི་རྒྱུ་དེ་རྒུན་འབྲུམ་ལ་སོགས་པ་དུས་རུང་བ་ཉིདཡིན་ན་མཚན་མོའི་ཐུན་ཚོད་ཀྱི་མཐའ་གང་ཡིན་པ་དེ་བཏུང་བ་དེའི་མཐའ་ཡིན་ཏེ། བཏུང་བདེ་བྱིན་གྱིས་བརླབ་ཏུ་རུང་བའི་མཐའ་ཡང་དེ་ཡིན་ལ། བྱིན་གྱིས་བརླབ་པ་དེ་བཞག་ཅིང་བཏུངདུ་རུང་བའི་མཐའ་ཡང་དེ་ཡིན་ནོ། འོ་ན་ཐུན་ཚོད་ཀྱི་མཐའ་དེ་རང་གང་ཞེ་ན། ལུང་གཞི་ལས།

ཐུན་ཚོད་དུ་རུང་བའི་བཏུང་བ་འདི་དག་དུས་སུ་བྱིན་གྱིས་བརླབས་ན་དུས་མ་ཡིན་པར་ཡང་ལོངས་སྤྱོད་པར་བྱ་ལ་ནམ་གྱི་ཐུན་དང་པོ་ཐལ་ནས་ནི་ལོངས་སྤྱད་པར་མི་བྱའོ། །ཞེས་གསུངསལ། དེ་དང་མཐུན་པར་བམ་པོ་ལྔ་བཅུ་པ་ལས། མཚན་མོའི་ཐུན་ཚོད་དང་པོ་ལས་འདས་ནགསོག་འཇོག་ཏུ་འགྱུར། ཞེས་གསུངས་སོ། །འོན་ཀྱང་མཚན་མོའི་ཐུན་ཚོད་ཀྱི་སྐད་ཅིག་དངཔོ་ལས་འདས་ན་གསོག་འཇོག་ཏུ་འགྱུར་ཞེས་དགོངས་པ་བཀྲལ་བར་བྱ་སྟེ་འགྲེལ་ཆུང་ལས་དྲོ་ཟོས་ནས་དམར་ཐག་མ་ཆད་ཚུན་ཆད་དགེ་སློང་འཐུང་དུ་དབང༌། དམར་ཐག་གི་མཚམས་འདས་ཏེ་འཐུང་དུ་མི་དབང་ཞེས་གསུངས་ཤིང༌། ཉི་མ་ནུབ་ཏེ་དམར་ཐག་ཆད་པ་ལས་འདསན་གསོག་འཇོག་བྱས་པའོ་ཞེས་ཀྱང་འགྲེལ་ཆུང་ལས་གསུངས་པ་དང༌། ཊཱི་ཀ་ལས། ཉི་མནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་གང་ཡིན་པ་དེ་མཚནམོའི་དང་པོ་ཡིན་ཞེས་གསུངས་པས་ཀྱང་ངོ༌། །བཏུང་བ་དེའི་རྫས་སམ་རྒྱུ་དེ་དུས་སུ་རུང་བ་ལསགཞན་ཞག་བདུན་པའམ་འཚོ་བའི་བར་དུ་བཅང་བ་ཉིད་ཡིན་ན་རྒྱུ་དེའི་བྱིན་གྱིས་བརླབཏུ་རུང་བའི་མཐའ་གང་ཡིན་པ་དེ་ནི་འབྲས་བུ་བཏུང་བ་དེ་ནི་ལོངས་སྤྱོད་དུ་རུང་བའི་མཐའ་ཡང་དེ་ཡིན་པའོ། །འདི་ནི་ལུང་སིལ་བུའི་བུ་རམ་གྱི་བཏུང་བའི་སྐབས་ནས་བཙུན་པ་བཏུང་བ་བཙགས་པ་དགུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བར་འཁོར་རུང་ངོ། །ཞེསགསུངས་པའོ། །དེས་ན་རྒྱུ་ཞག་བདུན་པ་ལས་བྱས་པའི་འབྲས་བུ་བཏུང་བ་དེ་ཡང་ཞག་བདུནཔའི་རིགས་ཉིད་ཡིན་ལ། དེ་བཞིན་དུ་རྒྱུ་འཚོ་བའི་བར་བཅང་པ་ལས་བྱས་པའི་འབྲས་བུ་བཏུངབ་དེ་ཡང་འཚོ་བའི་བར་དུ་བཅང་པའི་རིགས་ཉིད་ཡིན་པའོ། །གལ་ཏེ་རྒྱུ་བུ་རམ་ལས་བྱསཔའི་བཏུང་བ་དེ། ཞག་བདུན་པའི་རིགས་ཉིད་ཡིན་ན་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལསདུས་སུ་རུང་བ་མ་ཡིན་པའི་རྫས་ལས་བྱས་པའི་བཏུང་བ་དེ་བཏུང་བ་ཉིད་ཀྱི་ཕྱིར་དུས་ཐམསཅད་པ་ཉིད་ཡིན་པར་ཤེས་པར་བྱ་ཞིང༌། བྱིན་གྱིས་བརླབ་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཉིདཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་དང་འགལ་ཞེ་ན་རྒྱུ་བུ་རམ་ལས་བྱས་པའི་བཏུངབ་དེ་ཞག་བདུན་པའི་རིགས་ཉིད་ཡིན་ཡང་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་རུང་སྟེ། དུས་ལྷག་པ་ལ་བརྟེན་ནས་མི་འཆགས་ཀྱང༌། དུས་ཉུང་བ་ལ་བརྟེན་ན་སྐབས་འདིར་བྱིན་རླབསའཆགས་པ་ཡོན་ཏན་ཡར་ལྡན་ཡིན་པའི་ཕྱིར། ཞེས་གསུངས་སོ། །དེས་ན་ཊཱི་ཀ་ལས། ཐུནཚོད་ཀྱི་མཐའ་དང་ལྷན་ཅིག་འགལ་བ་མེད་དོ་ཞེས་གསུངས་ཏེ། ཐུན་ཚོད་དུ་རུང་བར་བྱིན་གྱིསབརླབ་ཏུ་རུང་བའི་ཕྱིར་ཐུན་ཚོད་ཀྱི་མཐའ་དང་འགལ་བ་མེད་པའོ། །མར་དཀར་དུས་སུ་རུངབ་ཡིན་ན་ལུང་སྨན་གྱི་གཞི་ལས། ཞག་བདུན་པ་ནི་མར་དཀར་དང་ཏིལ་མར་དང་སྦྲང་རྩི་དངཞེས་གསུངས་པ་དང་འགལ་ལོ། །ཧྭགས་དང་ལི་ཁ་རའི་ཁྱད་པར་ནི་བུ་རམ་གྱི་ལྦུ་བའི་ཕྱེ་མ་རྡོག་པོར་མ་བྱས་པ་ན་ཧྭགས་ཞེས་བྱ། དེ་ཉིད་རྡོག་པོར་བྱས་པ་ན་ལི་ཁ་ར་ཞེས་བྱ་སྟེ། ཤ་ཁར་དང་ཀ་ར་ཞེས་ཀྱང་བྱའོ། །དེ་དག་མཚོ་ཊཱིཀ་གསུངས་ཟིན་ལྟར་བཀོད་པའོ། །ཅུང་ཟད་དཔྱདན་ཞག་བདུན་པའི་སྨན་དུ་གྱུར་བའི་བུ་རམ་དེ་དུས་རུང་གི་སྨན་ཡིན་ཏེ། བཟའ་བ་ཡིན་པའིཕྱིར། ཁྱབ་སྟེ། ཊཱི་ཀ་ལས། དུས་སུ་རུང་བ་ཞེས་བྱ་བ་ནི། བཟའ་བར་བྱ་བ་ཐམས་ཅད་དུསསུ་རུང་བ་ཡིན་པས་ལོགས་ཤིག་ཏུ་མ་བརྗོད་དེ། བྱེ་བྲག་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། ཉི་མ་ཕྱེད་ཡོལ་ནས་སྤྱད་མི་རུང་བར་ཐལ། དུས་རུང་གི་སྨན་ཡིན་པའི་ཕྱིར། ཁྱབ་སྟེ། དུས་རུང་གི་སྨན་དང་ཐུན་ཚོད་དུ་རུང་བའི་སྨན་གཉིས་ལ་ཕྱི་དྲོ་སྤྱད་རུངམི་རུང་གི་ཁྱད་ཡོད་པ་སོགས་ཀྱིས་གྲུབ་པའི་ཕྱིར་ཟེར་བ་དང༌། བུ་རམ་དེ་དུས་རུང་གི་སྨན་མིན་ཟེར་ན་བུ་རམ་གྱི་ཁུ་བ་ཤིན་ཏུ་སླ་བ་ཐུན་ཚོད་དུ་རུང་བའི་སྨན་དེ་རྒྱུ་དུས་རུང་ལས་མ་བྱུང་བར་འགྱུར་ལ། དེ་ལྟར་ན་དེ་ལ་མཚོ་ཊཱིཀ་ཏུ་བཞག་པའི་ཐུན་ཚོད་དུ་རུང་བའི་སྨན་གྱི་མཚན་ཉིད་མ་ཚང་བར་འགྱུར་བའི་ཕྱིར་ཟེར་བ་དག་ལ་དཔྱད་པར་ཞུ། སྨན་གཞི་ལས། ནམགྱི་ཐུན་དང་པོ་ཐལ་ནས་ནི་ལོངས་སྤྱད་པར་མི་བྱའོ། །ཞེས་གསུངས་ལ། སྐབས་འདིར་འཇམབཞད་ཀྱིས། འདི་དུས་རུང་ལས་བྱུང་བ་ཡིན་པས་ཞིབ་ཆ་དགོས་ཏེ། རྩ་བར། གཞན་ཉིདཡིན་ན་དེའི་གང་ཡིན་པའོ། །ཞེས་བཤད་ཡོད་དོ། །ཐུན་ཚོད་དུ་རུང་བའི་སྨན་ཉི་མ་དམརཐག་ཆད་པ་ནས་སྤྱད་མི་རུང་བས་ཁྱབ་ཟེར་བ་ལྟར་ན་ཞག་བདུན་པའི་སྨན་དེ་ཞག་བདུན་གྱི་བར་སྤྱད་མི་རུང་བར་འགྱུར་དགོས་ལ། དེ་མི་རིགས་ཏེ། རྩ་བར། དུས་སུ་རུང་བ་ཉིད་ན་ཐུན་ཚོད་ཀྱི་མཐའ་ཡིན་ནོ། །གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ། །ཞེས་དང༌། མཚོ་ཊཱིཀ་ལས། བཏུང་བ་དེའི་རྫས་སམ་རྒྱུ་དེ་དུས་སུ་རུང་བ་ལས་གཞན་ཞག་བདུན་པའམ་འཚོ་བའི་བར་དུ་བཅངས་བ་ཉིད་ཡིན་ན་རྒྱུ་དེའི་བྱིན་གྱིས་བརླབ་ཏུ་རུང་བའི་མཐའ་གང་ཡིན་པདེ་ནི། འབྲས་བུ་བཏུང་བ་དེ་ནི་ལོངས་སྤྱད་དུ་རུང་བའི་མཐའ་ཡང་དེ་ཡིན་པའོ། །ཞེས་གསུངསཔའི་ཕྱིར་ཟེར་ན་སྨན་བཞིར་ཕྱེ་བའི་སྨན་བཞི་འགལ་བས་དེ་དག་སོ་སོར་སྤྱད་པའི་མཐའཡང་འགལ་ཡང་སྤྱིར་མི་འགལ་ལམ་དཔྱད་པར་འཚལ་ལོ། །

ལྔ་པ་སྨན་བྱིན་གྱིས་བརླབ་པའི་ཚུལ་ནི།

རྩ་བར། བྱིན་གྱིས་བརླབས་པ་ལ་གསོགའཇོག་མི་འབྱུང་ངོ༌། །ཞེས་པ་ལ་སཽགས་པས་བསྟན་ཏོ། །འདིའི་དོན་བཤད་པ་ལ་བརྒྱད་ལས།

དང་པོ་དགོས་པ་ནི། གསོག་འཇོག་མི་འབྱུང་བ་དང་སྔར་གྱི་བྱིན་ལེན་ལན་ཅིག་བྱས་པ་དེསཆོག་སྟེ་ཡང་དང་ཡང་དུ་ཟ་བ་ན་ཡང་དང་ཡང་དུ་བྱིན་ལེན་བྱེད་མི་དགོས་པས་ཚེགས་ཆུངབས་བདེ་བ་ལ་རེག་པར་གནས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་དངོསཔོ་གང་བྱིན་གྱིས་བརླབ་པ་ནི་བདུན་ལས། ༡སྨན་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ་དངཔོ་མ་ཡིན་པ་དག་ནི། ཞེས་གསུངས་པས་སོ། །༢རུང་བ་ཡིན་པ་སྟེ། ལག་ཉར་བླངས་པ་དངཞེས་མི་རུང་བ་ལ་བྱིན་རླབས་མི་འཆགས་པར་གསུངས་པས་སོ། །༣ཚད་དང་ལྡན་པ་དང༌། ༤རང་གི་ཡིན་པ་དང༌། ༥མངོན་སུམ་ན་ཡོད་པ་སྟེ། གཞན་དུ་ན་བྱིན་རླབས་ཀྱི་ཆོ་གའི་འཇུགཡུལ་མ་ཡིན་པའི་ཕྱིར་རོ། །༦རུང་ཆུ་དང་བྱིན་ལེན་ལ་སོགས་པའི་ཆོ་ག་རྫོགས་པ་སྟེ། ལུངསྨན་གྱི་གཞི་ལས། བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་བྱས། དུས་སུ་མཉེས། དུསསུ་བཙགས། དུས་སུ་བྱིན་གྱིས་བརླབས་ཞེས་གསུངས་པ་དང༌། བྱིན་ལེན་བྱས་ཏེའོ། །ཞེསགསུངས་པས་སོ། །བྱིན་ལེན་མ་བྱས་པ་ལ་བྱིན་རླབས་མི་འཆགས་སོ་ཞེས་གཞུང་ལས་གསུངསསོ། །༧སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རྫས་གཞན་གྱི་སྟེང་དུ་ཆོག་དོན་མེད་པའི་ཕྱིར་རོ། །གསུམ་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། ཡུལ་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །ཡུལ་མེད་ན་རང་གཅིག་པུས་ཀྱང་བྱིན་གྱིས་བརླབ་སྟེ། གནས་ནས་ཕྱུང་བས་ཀྱང་ངོ༌། །བཞི་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། བསྙེན་པརརྫོགས་པའམ་དགེ་སློབ་མའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། རྟེན་དེ་དག་ལགསོག་འཇོག་གི་ཉེས་པ་འབྱུང་བ་དགག་དགོས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་སྟེ། གཞན་དུ་ན་ཆོ་ག་འཆགས་པའི་རྟེན་མ་ཡིན་པའིཕྱིར་རོ། །ནད་པ་ལ་སོགས་པ་སྨན་བྱིན་གྱིས་བརླབ་པའི་རྐྱེན་ལྡན་ཡིན་པ་སྟེ། དང་པོ་མ་ཡིན་པ་ཉིད་དག་ནི་ནད་པའི་ཕྱིར་རོ། །ཞེས་དང༌། ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱད་པའི་ཕྱིར། ཞེས་གསུངས་པས་སོ། །དེའང་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་བཅད་པ་གཉིས་ནི་ནདཔ་ཁོ་ནས་བྱིན་གྱིས་བརླབ་ཅིང༌། སྨན་ཞག་བདུན་པ་ནི་གང་ཟག་བཞིས་བྱིན་གྱིས་བརླབ་ཏུརུང་སྟེ། དེ་ཡང་ནད་པས་བྱིན་གྱིས་བརླབ་པར་མ་ཟད། ལམ་དུ་ཞུགས་པ་དང་དགེ་བསྐོས་དངལག་གི་བླས་ཀྱང་བྱིན་གྱིས་བརླབ་ཏུ་རུང་སྟེ། ལུང་སྨན་གྱི་གཞིའི་ལུག་སྐྱེས་ཀྱི་བྱུང་བའི་དགེསློང་ལམ་དུ་ཞུགས་པའི་སྐབས་ལས། དགེ་སློང་གི་བུ་རམ་ཞག་བདུན་པར་བྱིན་གྱིས་བརླབསནས་རང་ཉིད་ཀྱིས་བསྐུར་བར་བྱའོ་ཞེས་ཆོ་ག་ལན་གསུམ་བརྗོད་པ་དང་བཅས་པ་གསུངས་སོ། །དེའི་གནད་ཀྱིས་དགེ་བསྐོས་དང་ལག་གི་བླ་ལ་ཡང་རྒྱུ་མཚན་མཚུངས་པར་སྦྱར་རོ། །དེ་བྱིན་གྱིས་བརླབས་པ་བཟའ་བ་ལ་ལམ་དུ་ཞུགས་པ་དང་དགེ་བསྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་དོ་ཞེས་བྱིན་གྱིས་བརླབས་པ་བཟའ་བ་ལ་ནད་པ་དང་འདྲ་བརགསུངས་པས་བྱིན་གྱིས་རློབ་པ་ལ་ཡང་ནད་པ་དང་འདྲ་ཞེས་སྦྱར་རོ། །ལྔ་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། སྔ་དྲོ་ཁོ་ན་ཡིན་ཏེ། རྩ་བར། ཟས་སྔ་མའི་ཚེའོ། །ཞེས་དང༌། ཊཱི་ཀལས། བསྐོལ་བ་དང་བཙགས་པ་གཉིས་ནི་དུས་སུ་བྱས་ཀྱང་རུང༌། དུས་མ་ཡིན་པར་བྱསཀྱང་རུང་ལ། བྱིན་ལེན་བྱ་བ་དང་བྱིན་གྱིས་བརླབ་པ་ནི་དུས་ཁོ་ནར་བྱ་དགོས་ཏེ། ཞེས་སྔདྲོའི་དུས་ཁོ་ནར་བྱ་བར་གསུངས་སོ། །དེ་ལྟར་སྨན་བྱིན་གྱིས་བརླབ་དུས་ནི་སྔ་དྲོ་ཁོ་ན་ཡིན་ན་ཕྱི་དྲོ་དགེ་སློང་གློ་བུར་ནད་ཀྱིས་བཏབ་ན་འཚོ་བཅངས་ཀྱི་སྨན་བསྟེན་དུ་རུང་ན་བྱིན་གྱིས་བརླབརུང་བ་ཡིན་མིན་གང་ཡིན་དང༌། ཞག་བདུན་པའི་སྨན་དང༌། འཚོ་བཅངས་ཀྱི་སྨན་གཉིས་བྱིན་གྱིས་བརླབ་པའི་དུས་སྔ་དྲོ་དགོས་པའི་རྒྱུ་མཚན་གང་ཡིན་འཚོལ་དགོས་སོ། །དྲུག་པ་ཡུནཇི་སྲིད་དུ་བྱིན་གྱིས་བརླབ་པ་ནི། རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོཞེས་གསུངས་ལ། དུས་ལྷག་པ་ལ་བརྟེན་ནས་མི་འཆགས་པའི་ཕྱིར་རོ། །ཞེས་གསུངས་སོ། །

བདུན་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་རུང་ཆུ་གདབ་པ་དང་ལག་པ་གཉིས་བཀྲུས་ནས་བྱིན་ལེན་བྱ་བ་སྟེ། ཁྱད་པར་དུ་ཡང་བཏུང་བ་བྱིནགྱིས་རློབ་ན་ནི་ཚགས་ཀྱིས་བཙག་པ་ཡང་སྔོན་དུ་འགྲོ་བའོ། །དངོས་གཞི་སྔགས་རྣམ་པརབཞག་པ་ལན་གསུམ་དང༌། མཇུག་ཐབས་ཡིན་ནོ་ཞེས་ལེགས་སོ་ཞེས་སོ། །བརྒྱད་པ་བྱིན་གྱིསབརླབ་པ་འཇིག་པའི་རྒྱུ་ནི། བྱིན་ལེན་འཇིག་པའི་རྒྱུ་ཀུན་གྱིས་འཇིག་སྟེ། བྱིན་རླབས་འཆགསཔའི་རྟེན་ཞིག་པའི་ཕྱིར་རོ། །གནས་སྐབས་རོ་དང་སླ་བར་གྱུར་པ་དང༌། རྟེན་ཞིང་མ་ཡིན་པརགྱུར་པ་དང༌། བྱིན་རླབས་ཀྱི་འཕེན་པ་ཟད་པ་དང༌། སྔགས་ཀྱིས་ཕྱུང་ན་ཡང་འཇིག་གོ། །རོསླར་གྱུར་ན་གསོག་འཇོག་བྱས་པ་འདིའི་ཁུངས་ནི་ལུང་སིལ་བུའི་བུ་རམ་གྱི་བཏུང་བའི་སྐབསལས། བཏུང་བ་བཙགས་པ་དགུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བར་འཁོརརུང་ངོ༌། །བཙུན་པ་ཡུན་ཇི་སྲིད་དུ་བཞག་པ་འཚལ་བར་བགྱི། ཉེ་བར་འཁོར་ཤིན་ཏུ་སླ་ཞིངམི་སྐྱུར་ལ་རང་གི་ངོ་བོ་ཉིད་མི་སྤོང་བ་དེ་སྲིད་དུའོ་ཞེས་གསུངས་པ་ཡིན་ནོ་ཞེས་རང་འགྲེལ་དང་ཊཱི་ཀས་ལུང་དེ་དྲངས་སོ། །ཊཱི་ཀ་ལས། བྱིན་ལེན་མ་བྱས་པ་ལ་གསོག་འཇོག་མི་སྲིད་པའིཕྱིར་རོ་ཞེས་གསུངས་པ་ལ། རང་གི་རྣམ་བཤད་ལས་འདི་ལ་གསོག་འཇོག་ཉིད་ལས་གཞནཔའི་རྒྱུ་རྣམ་པར་མི་གནས་པ་དེ་བས་ན་གསོག་འཇོག་ཉིད་དུ་ཤེས་པའོ་ཞེས་རོ་སླར་གྱུར་པ་འདི་ལ་འབྲས་བུ་གསོག་འཇོག་འབྱུང་བར་གསུངས་པས། དེའི་རྒྱུ་དུས་ན་བྱིན་ལེན་ཡོད་པར་འབྲས་བུའི་རྟགས་ཀྱིས་གྲུབ་བོ། །ཊཱི་ཀ་ལས། བྱིན་ལེན་མ་བྱས་པའི་ཕྱིར་རོ་ཞེས་པ་དེ་བྱིནལེན་མ་བྱས་པ་དང་འདྲ་བའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ་ཞེས་སྔོན་གྱི་འདུལ་བ་འཛིན་པ་རྣམས་མཐུན་པར་གསུང་ཞེས་མཚོ་ཊཱིཀ་ལས་སོ། །

དྲུག་པ་སྨན་ལོངས་སྤྱོད་པའི་ཚུལ་བཤད་པ།

དྲུག་པ་སྨན་ལོངས་སྤྱོད་པའི་ཚུལ་བཤད་པ་ལ།

རྩ་བར། ཟན་གྱི་ཕྱིར་འདུག་པསའདིའམ་འདི་ནས་བྱིན་ཅིག་ཅེས་འབྲིམ་མཁན་ལ་བསྒོ་བར་མི་བྱའོ། །ཞེས་སོགས་བྱུང༌། འདིའིདོན་བཤད་པ་ལ་སྦྱོར་བ་དང་དངོས་གཞི་དང་མཇུག་གསུམ་མོ། །དང་པོ་སྦྱོར་བའི་དུས་སུ་ལུསཀྱིས་ཚུལ་བཞིན་དུ་འདུག་པ་དང༌། ངག་གིས་འདི་ནས་བྱིན་ཅིག་ཅེས་མི་བྱ་བ་དང༌། ཡིད་ཀྱིསའདི་ནི་སྦྱིན་པ་པོའོ། །བདག་ནི་ལེན་པ་པོའོ་སྙམ་དུ་དྲན་པ་ཉེ་བར་བཞག་པ་སྟེ། དེ་བཞིན་དུ་སྤྱོད་ལམ་མཛེས་པས་འདུག་པར་བྱའོ། །རྩ་བར། འདིའམ་འདི་ནས་བྱིན་ཅིག་ཅེས་འདྲིམ་མཁན་ལགོ་བར་མི་བྱའོ། །དྲན་པ་ཉེ་བར་བཞག་སྟེ་བསོད་སྙོམས་བསླང་བར་བྱའོ་ཞེས་གསུངས་པས་སོ། །གཉིས་པ་དངོས་གཞིའི་དུས་སུ་ལུས་ཀྱིས་ཁམ་ཆེས་པ་ལ་སོགས་པ་ཡང་སྤང་བ་དང༌། ངག་གིས་ཟས་ལ་འཕྱས་འདོགས་པ་ལ་སོགས་པ་སྤང་བར་བྱ་ཞིང༌། ཡིད་ཀྱིས་ནི་རྒྱགས་པའིགཉེན་པོར་བཀྲེས་པའི་ནད་ཞི་བར་བྱ་བ་དང༌། ཚུལ་ཁྲིམས་ཀྱི་རྟེན་ལ་ཕན་གདགས་པའིབསམ་པ་དང༌། ཟས་ལ་ཆགས་པའི་གཉེན་པོར་འདུ་ཤེས་བཅུ་ལས་གང་ཡང་རུང་བ་བསྒོམཔ་དང༌། ལྟུང་བ་འབྱུང་བའི་གཉེན་པོར་ལྟུང་བ་མི་འབྱུང་བར་བྱ་བའི་དྲན་པ་ཉེ་བར་བཞག་པསྟེ། རྩ་བར། བདག་ཉིད་ལ་ནད་པའི་འདུ་ཤེས་དང་ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་བཞགསྟེ་བཟའ་བར་བྱའོ། །དྲན་པ་ཡང་ངོ། །ཞེས་གསུངས་པས་སོ། །གསུམ་པ་མཇུག་གི་དུས་སུལུས་ཀྱིས་རུང་བའི་ཆུ་ཡིས་ཁ་བཀྲུ་བ་དང༌། ངག་གིས་སྦྱིན་པའི་ཚིགས་བཅད་གཉིས་གདོནཔ་དང༌། ཡིད་ཀྱིས་ཟས་སྤངས་པ་སྟེ། ཀཱ་རི་ཀ་ལས། རུང་བའི་ཆུ་ཡིས་དེ་འོག་ཏུ། །ཞེས་པདང༌། སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་གསུངས་ཤིང༌། རྩ་བར། ཟོས་ནསགཙུག་ལག་ཁང་གི་ཚིགས་སུ་བཅད་པ་གདོན་ནོ། །ཞེས་དང༌། ལུང་རྣམ་འབྱེད་ལས། དགེསློང་ཟས་ཟོས་ཟིན་ཅིང་ཟས་སྤངས་ཏེ། ཞེས་གསུངས་པས་སོ། །

བདུན་པ་རུང་ཁང་གཅོད་ཚུལ་བཤད་པ་ལ།

རྩ་བར། རུང་བ་ཉིད་དུ་བྱིན་གྱིས་བརླབཔར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་འདྲའོ། །བྱིན་གྱིས་བརླབ་པར་བྱའོ། །ཞེསསོགས་བྱུང༌། འདིའི་དོན་བཤད་པ་ལ་བརྒྱད་ལས། དང་པོ་རུང་ཁང་གི་དགོས་པའི་དོན་ནི། མཚམས་བཙོས་དང་ཞག་ལོན་གྱི་ཉེས་པ་ཁེགས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །

གཉིས་པ་གཞི་གང་ལ་རུང་ཁང་བཅད་པ་ནི།

གནས་ཆོས་དྲུག་ལྡན་ལས། རང་བཞིན་གྱི་མཚམསདང་དེའི་ཉེ་འཁོར་ཡིན་པ་སྟེ། མཚམས་ཀྱི་ནང་དུ་ཞེས་པའི་ཊཱི་ཀ་ལས་གནས་ཀྱི་གཞི་བརྗོདདེ་གསོལ་བ་ལ་སོགས་པའི་ལས་ཀྱིས་བཅད་པས་མཚམས་བཟུང་བར་བྱ་བ་ནི་མ་ཡིན་ནོ་ཞེསཔ་དང༌། ཆོ་ག་ལས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། ཞེས་གསུངས་པས་སོ། །རང་ངམ་རང་དང་ཆོ་ག་གཅིག་པ་དབང་བ་ཡིན་པ་སྟེ། མུ་སྟེགས་ཅན་གྱི་འདུག་གནས་དངརྒྱལ་པོའི་ཕོ་བྲང་དང་ཞེས་དེ་དག་ཏུ་རུང་ཁང་དུ་མི་བཅད་པར་གསུངས་ལ། གནས་དེ་དགཏུ་མཚམས་བཙོས་ཞག་ལོན་གྱི་ཉེས་པར་མི་འགྱུར་བས་དེ་དག་ཏུ་རུང་ཁང་བཅད་པ་ལ་དགོསཔ་མེད་པའི་ཕྱིར་རོ། །ཐུན་མོང་དུ་མཁོ་བའི་གནས་གཞན་མ་ཡིན་པ་སྟེ། སྒོ་ཁང་ཁྱམས་དངབསྲོ་ཁང་དང་དཔུང་སའི་ར་བ་དག་ཏུ་མི་བྱའོ་ཞེས་གསུངས་སོ། །དཀོན་མཆོག་རྣམ་གཉིས་ཀྱི་ཕོ་བྲང་མ་ཡིན་པ་སྟེ། མཆོད་རྟེན་གྱི་གཞི་དང་ཞེས་རུང་ཁང་དུ་མི་བཅད་པར་གསུངས་ལ།

དེར་རུང་ཁང་བྱས་ཏེ་གཡོས་དང་བཙོ་བ་ལ་སོགས་པ་བྱས་ན་དཀོན་མཆོག་ལ་མ་གུས་པར་འགྱུར་བའི་ཕྱིར་རོ། །སྔར་རུང་ཁང་བཅད་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རུང་ཁང་གིཆོ་ག་དོན་མེད་པའི་ཕྱིར་རོ། །འཚེད་པ་ལ་བླ་གབ་དང་བཅས་པ་སྟེ། དེར་གཡོས་དང་བཙོ་བ་ཡང་མི་བྱའོ་ཞེས་གསུངས་ལ། ཤིང་དྲུང་དང་བླ་གབ་མེད་པར་གཡོས་བྱེད་པ་དང་ཟས་ཞགལོན་པར་བཞག་ན་ལོངས་སྤྱོད་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་རུང་ཁང་བཅད་པ་ནི་སྤྱིར་བཏང་ལ་རུང་ཁང་བཞི་པོ་ཐམས་ཅད་ལ་ལས་འཆགས་པ་ལ་དགོསཔའི་དགེ་འདུན་གྱིས་ཏེ། རྩ་བར། ཐམས་ཅད་ལ་དགེ་འདུན་གྱི་ལས་ཀྱིས་སོ། །ཞེས་གསུངསསོ། །བྱེ་བྲག་ཏུ་དང་པོ་རྡོ་འདེགས་པའི་མཐའ་ལས་བྱུང་བའི་རུང་ཁང་བཅད་པ་ནི། རྩ་བར། དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ། །ལག་གི་བླས་སོ། །ཞེས་སོགས་གསུངས་སོ། །གཉིས་པ་སེམས་བསྡུ་བའི་མཐའ་ལས་བྱུང་བའི་རུང་ཁང་བཅད་པ་ནི། ལག་གི་བླ་དགེ་སློངརབ་ཏུ་མང་པོས་གཅོད་དགོས་ཏེ། རྩ་བར། གཉིས་པ་ལ་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་སེམས་བསྡུ་བས་སོ། །ཞེས་སོ། །གསུམ་པ་ལས་ཀྱི་མཐའ་ལས་བྱུང་བའི་རུང་ཁངབཅད་པ་ནི་དགེ་འདུན་གྱིས་གཅོད་དགོས་ཏེ། རྩ་བར། གསུམ་པ་ནི་ལས་ཁོ་ནས་སོ། །ཞེསསོ། །བཞི་པ་འཕྲལ་ལས་བྱུང་བའི་རུང་ཁང་བཅད་པ་ནི་དགེ་སློང་ཇི་སྙེད་ཀྱིས་གཅོད་པ་ཡིན་ཏེ། རྩ་བར། བཞི་བ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་བ་ཉིད་དུ་བསྒྲག་པའི་ཚིག་ཅིག་ཆར་བརྗོད་པས་སོ། །ཞེས་སོ། །བཞི་བ་དུས་གང་གི་ཚེ་རུང་ཁང་བཅད་པ་ནི་དུསབཞི་སྟེ། དང་པོ་སོ་ཕག་འགྲེམས་པ་དང༌། ཕྱིས་ལས་གསར་བ་དང་བཅས་པ་དང༌། དགེ་སློངགནས་པ་ཉིད་དང་མ་བྲལ་བ་དང༌། དེར་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ། །འདི་ལ་དུས་བཞི་ཡོད་དོ་ཞེས་པ་ལ་སོགས་པས་བསྟན་ཏོ། །ལྔ་པ་ཆོ་ག་གང་གིས་རུང་ཁང་བཅད་པ་ནི་སྤྱིར་བཏང་ལ་རུང་ཁང་བཞི་པོ་ཐམས་ཅད་ལ་གསོལ་གཉིས་ཀྱི་ལས་ཀྱིས་སོ། །བྱེ་བྲག་ཏུ་དང་པོ་དང་བཞི་པ་ལ་ནི། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་བརྗོདཔ་སྟེ། ལན་གསུམ་བརྗོད་དགོས་པར་བེ་ཤ་ཀའི་ཚིག་ལེའུར་བྱས་པ་ལས་བཤད་དོ། །གཉིསཔ་ལ་ནི་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་སེམས་བསྡུས་ཤིག་ཅེས་ལན་གསུམབརྗོད་པའོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ་ཞེས་སོ། །དམིགས་བསལ་ནི་ཤེས་པ་ཆུང་ངུའི་རུང་ཁང་དང་འཇུག་པ་མི་ཞན་པའི་རུང་ཁང་གཉིས་འདུལ་བ་བསྡུས་པ་ལས་བཤད་དེ་ལུང་ན་དངོས་སུ་གསུངས་པ་མེད་ཀྱང་མདོར་བསྡུས་སྦྱར་བའོ། །དྲུག་པ་རུང་ཁང་གི་བྱེད་ལས་ནི། རྩ་བར། གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་དོ། །དེ་ནིཐ་དད་པར་གྱུར་བའི་རུང་བ་ཉིད་དུ་མ་བསྟན་ཏོ། །ཅེས་གསུངས་སཽ། །བདུན་པ་རུང་ཁང་གིསྒྲ་བཤད་པ་ནི། མཚམས་ཀྱི་ནང་ཡིན་ཡང་དེར་ཟས་བཙོ་བ་དང་ཞག་ལོན་དུ་བཞག་ཏུ་རུངབས་ན་རུང་ཁང་ཞེས་བྱའོ། །བརྒྱད་པ་རུང་ཁང་བཅད་པ་འཇིག་པའི་རྒྱུ་ནི། མཚམས་པོ་ཆེའཇིག་པའི་རྒྱུ་རྣམས་ནི་འདིའི་ཡང་འཇིག་རྒྱུ་ཐུན་མོང་བ་སྟེ། ལས་ཀྱིས་སྒྲོལ་བ་ནི་འདིར་རུངམཐུན་སྦྱར་བའོ། །མཚན་མ་བརྟན་པོ་ཞིག་པས་ནི་མཚམས་པོ་ཆེ་འཇིག་ཀྱང་རུང་ཁང་མི་འཇིགགོ། །

བརྒྱད་པ་ཟས་ཀྱི་རྒྱུ་མཐུན་ཟག་པ་འདོར་བའི་ཚུལ་ལ།

ཁའི་ཟག་པ་འདོར་བ་དང༌། ཟག་པ་གཞན་འདོར་བ་དང༌། གཙང་སྦྲ་ཇི་ལྟར་བྱ་ཚུལ་དང་གསུམ། དང་པོ་ནི། རྩ་བར། མབཤམས་པའི་ཕྱོགས་སུ་མཆིལ་མ་དོར་བར་མི་བྱའོ། །ཞེས་སོ། །གཉིས་པ་ནི། རྩ་བར། རླུང་གིསྒྲ་དང་བཅས་པར་མི་བྱའོ། །དཀོན་མཆོག་དང་བླ་མའི་མདུན་དུ་མི་གཏོང་ངོ། །གཞན་གྱི་དྲུངདུ་ཡང་དང་ཡང་དུ་མི་གཏོང་ངོ། །ཤིང་ལྗོན་པའི་དྲུང་དུ་བཤང་བ་དང་གཅི་བ་དག་མི་བྱའོ། །ཞེས་སོགས་སོ། །གསུམ་པ་ནི། རྩ་བར། བཤང་བ་བྱས་ནས་དེ་བྱེད་པའི་བཤང་བའི་ལམ་ཕྱི་བར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་ནི། བཤང་བ་བྱས་ནས་བཤང་བ་དེ་བྱེད་པའི་བཤང་བའི་ལམ་ཕྱི་བར་བྱ་བ་སོགས་གཙང་སྦྲ་བྱ་བར་གསུངས་ལ། རྩ་བར། ས་གཉིས་ཀྱིསབཀྲུ་བར་བྱ། ཞེས་སོགས་ཀྱི་སྐབས་འདིར་འོད་ལྡན་ལས། ཐ་སྙད་པ་ཕྱིའི་གཙང་སྦྲ་དང༌། དོན་དམ་པ་ནང་གི་གཙང་སྦྲ་གཉིས་སུ་གསུངས་ཏེ། རྩ་བ་སུམ་བརྒྱ་པ་ལས། བཅོམ་ལྡན་ནངགི་གཙང་སྤྲར་གསུངས་པ་ནི། ལུས་ལ་སོགས་པའི་སྡིག་སྤང་གང་ཡིན་པའི། ཞེས་གསུངསསོ། །ཐ་སྙད་པ་ཕྱིའི་གཙང་སྦྲ་ནི། ས་གཉིས་ཀྱིས་བཀྲུ་བར་བྱའོ་ཞེས་པ་ནས་སྐབས་འདིར་ཁྲུསཉི་ཤུ་རྩ་གཅིག་བྱ་བར་གསུངས་པ་དག་ཡིན་ནོ། །ལག་པ་གཉིས་ཀྱང་བཀྲུ་བར་བྱའོ་ཞེས་པ་འདི་ནི་ལུང་དང་འགྲེལ་ཆུང་ལས་སས་བཀྲུ་བར་གསུངས་ཤིང༌། འོད་ལྡན་རྩ་འགྲེལ་ལས། ཆུས་བཀྲུ་བར་གསུངས་ཏེ། ས་དང་ཆུ་གང་གིས་བཀྲུས་ཀྱང་རུང་ངོ༌། །མདོར་ན་སྒོག་པ་མི་ཟ་བ་དང་ནད་པས་སྒོག་པ་སོགས་ཟོས་ནས་གཙུག་ལག་ཁང་སོགས་ལ་མི་འགྲོ་བ་དང་དྲི་མེད་པར་བྱ་དགོས་པ་དང༌། ཟས་གཞན་གྱི་ཁྲུས་ཆུ་དང་ཁ་ཆུ་བཤང་གཅི་ཡང་གཙུག་ལག་ཁང་གི་རྩིགས་པ་དང༌། དགེ་འདུན་གྱི་ཀུན་དགའ་ར་བ་དང༌། ཕེབས་ལམ་སོགས་ལ་འདོར་མི་རུང་ལ། མདོར་ན་གླེང་གཞིར་ཀ་བ་དང་རྩིགས་པ་ལྟ་བུའི་དམྱལ་བར་སྐྱེས་པར་གསུངསསོ། །སྨན་གྱི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

གསུམ་པ་ལས་ཀྱི་གཞི་འཆད་པ།

གསུམ་པ་ལས་ཀྱི་གཞི་འཆད་པ་ལ།

རྩ་བར། ཆོ་ག་ལས་འདས་ན་ལས་མིཆགས་སོ། །འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་ཉིད་དོ། །

ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་བའི་མདོ་འདོན་པ་དང་དགག་དབྱེའོ། །

ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་པར་མི་འགྱུར་རོ། །ཞེས་སོགས་བྱུང༌། འདིའིདོན་བཤད་པ་ལ། ལས་འཆགས་པ་ལ་དགོས་པ་ཚོགས་པའི་དོན་དང༌། ལས་ཀྱི་ངོ་བོའི་དོནདང་གཉིས། དང་པོ་དྲུག་ལས། དང་པོ་ལས་ཀྱི་ཆོ་གའི་དགོས་པ་ནི། རང་རང་གི་ལས་འཆགསཤིང༌། དེ་ལ་བརྟེན་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལྟ་བུའོ། །

གཉིས་པ་གཞིའི་ཡན་ལག་ལ།

བློ་མཐུན་པར་བྱེད་པ་དགེ་འདུན་གྱི་གཞི་དང༌། རྗོདཔར་བྱེད་པ་ལས་མཁན་གྱི་གཞི་དང༌། བསྒྲུབ་པར་བྱ་བ་དོན་གྱི་གཞི་དང་གསུམ། དང་པོ་ལ། གྲངས་ཚང་བ་དང༌། ཁ་སྐོང་བར་འོས་པ་དང༌། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པདང་གསུམ། དང་པོ་ནི་གྲངས་ཚང་གི་བྱེ་བྲག་མི་འདྲ་བ་བཅུ་གཅིག་སྟེ། བཞི་བཅུ་ཉི་ཤུ་དང་ནིཉི་ཤུ་རྩ་གཉིས་དང༌། །བཅུ་གཉིས་ནས་ནི་བཞིའི་བར་བདུན་མ་གཏོགས། །ཞེས་གཟུང་སྟེ། དེ་ཡང་བཞི་བཅུའི་གྲངས་ཚང་དང༌། ཉི་ཤུའི་གྲངས་ཚང་ནི། དགེ་སློང་མའི་དབྱུང་བ་དང༌། དགེསློང་ཕའི་དབྱུང་བ་སྟེ། སོ་སོར་ཐར་པའི་མདོ་གཉིས་ལས་གསུངས་སོ། །ཉི་ཤུ་རྩ་གཉིས་ཀྱི་གྲངསཚང་ནི། ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པར་བྱེད་ལ་དགེ་སློང་བཅུ་དང་དགེ་སློང་མ་བཅུ་གཉིས་སུ་ཚང་བ་དགོས་སོ། །བཅུ་གཉིས་ཀྱི་གྲངས་ཚང་བ་ནི། ཡུལ་དབུས་སུ་སྔོནརོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིསཏེ་རྣམ་བཞི་ལ་དགེ་སློང་མ་བཅུ་གཉིས་ཀྱི་གྲངས་ཚང་བ་སྟེ་གཞུང་ལས་དངོས་སུ་གསུངས་སོ། །

བཅུ་གཅིག་གི་གྲངས་ཚང་ནི།

ཡུལ་མཐའ་འཁོབ་ཏུ་བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ ལ་དགེ་སློང་ལྔ་དང་དགེ་སློང་མ་དྲུག་གི་གྲངས་ཚང་བ་དགོས་སོ། །བཅུའི་གྲངས་ཚང་ནི། སྐྱེསཔ་ཡུལ་དབུས་སུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་ལའོ། །དགུའི་གྲངས་ཚང་ནི། དགེ་སློང་མའི་དགག་དབྱེ་བྱེད་པ་ལ་དགེ་སློང་ལྔ་དང་དགེ་སློང་མ་བཞིའི་གྲངས་ཚང་བ་དགོས་སོ། །

བརྒྱད་ཀྱི་གྲངས་ཚང་ནི་དགེ་སློང་མའི་མགུ་བ་སྦྱིན་པ་ལ་དགེ་སློང་བཞིའི་གྲངས་ཚང་དགེ་སློངམ་བཞིའི་གྲངས་ཚང་བ་དགོས་སོ། །དྲུག་གི་གྲངས་ཚང་ནི། ཡུལ་མཐའ་འཁོབ་ཏུ་སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིས་ཏེ་རྣམ་པ་བཞི་ལ་དགེ་སློང་མ་དྲུག་གི་གྲངས་ཏེ་ཊཱི་ཀས་མདོར་བསྡུས་སྦྱར་རོ། །ལྔའི་གྲངས་ཚངནི་སྐྱེས་པ་ཡུལ་མཐའ་འཁོབ་ཏུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་དང༌། དགེ་སློང་གིདགག་དབྱེ་བྱེད་པ་ལའོ། །བཞིའི་གྲངས་ཚང་ནི་དེ་དག་གི་ལྷག་མ་ལས་ཀྱི་ཆོ་ག་གཞན་ཐམསཅད་ལ་སྟེ། རྩ་བར། ལྷག་མ་དག་གི་ཚོགས་ནི་བཞིའོ། །ཞེས་གསུངས་སོ། །ཁྱད་པར་དུ་ཡངཊཱི་ཀ་ལས། དགག་དབྱེ་ལ་ནི་དགག་དབྱེ་བྱེད་པར་གཏོགས་པའི་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ་ཞེས་དགག་དབྱེ་ལ་དགེ་སློང་ལྔ་དགོས་པར་གསུངས་པ་ནི། དགག་དབྱེ་བྱེད་པ་པོ་བསྐོ་བ་ན་བསྐོ་བྱེད་དགེ་འདུན་དགེ་སློང་བཞིར་ལོངས་ཤིང༌། བསྐོ་ཡུལ་དང་ལྔ་དགོསཀྱང༌། བསྐོ་ཡུལ་དེ་ནི་རང་བསྐོ་བའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་མ་ཡིན་པའི་ཕྱིར་དང༌།

དགག་དབྱེ་དངོས་སུ་བྱེད་པ་ན་དགེ་སློང་ལྔ་དགོས་ཀྱང༌། རང་མ་གཏོགས་པའི་དགེ་འདུནབཞིར་ལོངས་ཡིན་པའི་ཕྱིར་ན་དགེ་སློང་གི་དགག་དབྱེ་ལ་དགེ་སློང་གི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ནི་བཞིའི་གྲངས་ཚང་ཉིད་ཡིན་ནོ། །དེ་བཞིན་དུ་དགེ་སློང་མའི་དགག་དབྱེ་ལ། དགེསློང་ལྔ་དགེ་སློང་མ་བཞི་སྟེ་དགུ་དགོས་ཀྱང་བསྐོ་ཡུལ་དེ་ནི་སྔར་བཞིན་ཏེ། དགེ་སློང་མའིདགག་དབྱེ་ལ་གཉིས་ཀའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ནི་བརྒྱད་ཀྱིས་གྲངས་ཚང་བ་ཉིད་དོ། །འོ་ན་གྲངས་ཚང་དེ་དག་ཇི་སྐད་བཤད་པ་བཞིན་མ་ཚང་ན་ལས་འཆགས་སམ་མི་འཆགསཞེ་ན། བཞི་བཅུ་དང་ཉི་ཤུ་དང༌། བརྒྱད་དང་བཞིའི་གྲངས་ཚང་དེ་དག་ནི་གཅིག་མ་ཚང་ཡངལས་མི་འཆགས་ཏེ། དགེ་སློང་མའི་སོ་སོར་ཐར་པ་ལས། གཉིས་ཀའི་དགེ་སློང་བཞི་བཅུརགཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན་དགེ་སློང་མ་དེ་ཡང་མཕྱིན་ལ་གཉིས་ཀའི་དགེ་འདུན་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ་ཞེས་གསུངས་པ་དང༌། དགེསློང་གི་སོ་སོར་ཐར་པ་ལས། དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློངདེ་འབྱིན་པར་བྱེད་ན་དགེ་སློང་དེ་ཡང་མ་ཕྱིན་ལ་ཞེས་གསུངས་པ་དང༌། བརྒྱད་མ་ཚང་ན་སྐྱེསཔའམ་བུད་མེད་གང་རུང་གཅིག་དགེ་འདུན་དུ་མི་ཚང་ལ། དགེ་འདུན་མ་ཡིན་པ་ལ་ཡང་མགུབ་སྤྱད་པ་མི་འཆགས་སོ་ཞེས་གསུངས་པའི་གནད་ཀྱིས་དང༌། བཞིར་མ་ཚང་ན་ལས་འཆགསཔ་ལ་དགོས་པའི་དགེ་འདུན་གཞི་མ་གྲུབ་པའི་ཕྱིར་རོ། །གྲངས་ཚང་གཞན་རྣམས་ནི་ཇི་སྐད་བཤད་པའི་གྲངས་མ་ཚང་ཡང་བཞིར་ལོངས་དགེ་འདུན་ཙམ་དུ་ཚང་ན་ལས་འཆགས་པ་ཙམདུ་འགྱུར་ཏེ། ལུང་ཞུ་བ་ལས། བཙུན་པ་བཅུར་ཡང་མཆིས་ལ། མཆིས་བཞིན་དུ་འདུལ་བ་འཛིནཔ་དང་བཞིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དངབཅས་པའོ་ཞེས་གསུངས་ལ། གཞན་རྣམས་ལ་དེའི་གནད་ཀྱིས་སྦྱར་རོ། ། གཉིས་པ་ཁ་སྐོངབར་འོས་པ་ནི། ལས་འཆགས་པའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བར་འོས་པ་སྟེ། དེ་ཡང་ཁསྐོང་གི་ཆོས་བཅོ་ལྔ་ཚང་བ་སྟེ། དེ་ཡང་༡མི་འདུག་པར་འགྲེང་བ་མ་ཡིན་པ་དང༌། ༢སྦྱིན་བསྐོཆད་པ་བཅད་པའི་ལས་ལ་གང་ལ་བྱ་བའི་ཡུལ་མ་ཡིན་པ་དང༌། ༣འདུན་པ་དང་ཡོངས་དགའབུལ་བ་ཙམ་མ་ཡིན་པ་སྟེ། རྩ་བར། མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ། །གང་ལ་བྱས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིནནོ། །ཞེས་མདོ་གསུམ་གྱིས་སོ། །༤བསྙེན་རྫོགས་ཡིན་པ་དང༌། ༥ཕམ་པ་མ་བྱུང་བ་དང༌། ༦

མཚམས་མེད་མ་བྱས་པ་དང༌། ༧སྡིག་པའི་ལྟ་བ་ཅན་མ་ཡིན་པ་དང༌། ༨ས་གཞན་ན་གནསཔ་མ་ཡིན་པ་དང༌། ༩ཐ་དད་པར་གནས་པ་མ་ཡིན་པ་དང༌། ༡༠འཁྲུལ་བཅས་མ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་མཚམས་མེད་པ་ལྔ་བྱས་པ་དང་སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་ཐ་དད་པར་གནས་པ་རྣམས་ཀྱང་མ་ཡིན་ནོ། །འཁྲུལ་པདང་བཅས་པ་ཡང་ངོ། །ཞེས་གསུངས་པས་སོ། །སྡིག་པའི་ལྟ་བ་ཅན་དང་ཐ་དད་པར་གནས་པའི་ཁྱད་པར་གང་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཐ་དད་པར་གནས་པ་ཞེས་བྱ་བནི་འདིར་ཆོས་དང་མཐུན་པའི་ལྟ་བ་ཅན་ཡིན་ཏེ། ཆོས་མ་ཡིན་པར་ཁས་བླངས་པའི་ཐ་དདཔར་གནས་པ་ནི། སྡིག་པའི་ལྟ་བ་ཅན་གྱིས་བསྡུས་པའི་ཕྱིར་རོ་ཞེས་བཤད་དོ། །ཐ་དད་པརགནས་པ་འདི་ནི་འགྲེལ་བ་དེ་གཉིས་ཀྱིས་ཆོས་དང་མཐུན་པའི་ལྟ་བ་ཅན་ཡིན་པར་བཤད་པ་དེ་ནི་མཚོན་པ་ཙམ་སྟེ། ཆོས་ཕྱོགས་པ་དང་ཆོས་མིན་ཕྱོགས་པ་གཉིས་ཀ་ཕན་ཚུན་ཐ་དདཔར་གནས་པ་ཡིན་པར་གཟུང་ངོ༌། །དེས་ན་སྡིག་པའི་ལྟ་བ་ཅན་ནི་ཐ་དད་པར་གནས་པའི་བྱེབྲག་སྟེ། སྤྱི་དང་བྱེ་བྲག་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །ས་གཞན་ལ་གནས་པ་ལ་ཉེར་ལྔཡོད་དེ། སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ། ངོ་བོ་ཉིདའཚོལ་བ་བྱིན་པ་དང༌། བསླབ་པ་བྱིན་པ་གཉིས། བསྡིགས། སྨད། བསྐྲད། ཕྱིར་འགྱེད། གནས་དབྱུང་བདུན་ཏེ་ཉེར་ལྔའོ། །འཁྲུལ་བཅས་ནི། ཉེས་བྱས་ཡན་ཆད་ཡིན་ཏེ། རྩ་བར། བསྡམས་པར་བྱ་བས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གི་ཡིན་པར་མ་ཟད་དོ། །ཞེས་གསུངས་སོ། །༡༡མཚམས་གཞན་ན་གནས་པ་མ་ཡིན་པ་སྟེ། མཚམས་གཞན་ན་གནསཔ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ། །ཞེས་གསུངས་པས་སོ། །༡༢སངས་རྒྱས་དཀོན་མཆོག་ལས་གཞན་ཡིན་པ་སྟེ། ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ། །ཞེས་གསུངས་པས་སོ། །༡༣ མཚན་མཐུན་པ་སྟེ།༼དབྱེན༽འདི་ལ་མཚན་མི་མཐུན་པ་ནི་ཡན་ལག་མ་ཡིན་ནོ། །ཞེསགསུངས་པའི་གནད་ཀྱིས་སྦྱར་ཞིང༌། ལུང་ཕྲན་ཚེགས་ལས། ཐུན་མོང་གི་ལས་མ་གཏོགསཔར་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ལས་སོ་སོར་གྱིས་ཤིག ཅེས་གསུངས་སོ། །༡༤ལུསཐ་མལ་པར་གནས་པ་སྟེ། ལྟུང་བ་བསྐྱེད་པའི་རྟེན་ལ་གསུངས་པའི་གནད་ཀྱིས་སྦྱར་རོ། །རིགས་པས་ཀྱང་ལུས་མི་སྣང་བར་བྱས་པའམ། སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་ཡིན་ན། དེསའདུལ་བའི་ཆོ་ག་རྣམ་པར་བཞག་པར་མི་རིགས་པའི་ཕྱིར་རོ། །༡༥ཐ་སྙད་གསུམ་དང་ལྡན་པསྟེ། སྨྲ་ཤེས། དོན་གོ། །ཤེས་པ་རང་བཞིན་དུ་གནས་པའོ། །དེ་ཡང་ལུང་དགག་དབྱེའི་གཞི་ཞུབ་ལས། སྨྱོན་པ་དང་སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། གླེན་པ་དང་ལྐུགཔ་དང་འོན་པ་དང་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་དགག་དབྱེ་བགྱིས་ན་དགག་དབྱེ་བྱས་པ་ཞེས་བགྱིའམ། ཨུ་པ་ལི་དགག་དབྱེ་མ་བྱས་པཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་ཤིང༌། བསྡུས་པ་ལསཀྱང༌། སྨྱོན་པས་ཚོགས་ཀྱི་གྲངས་སུ་བསྐངས་ནས་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཞེསབཤད་དོ། །འོ་ན་གསོ་སྦྱོང་གི་གཞིའི་ཞུ་བ་ལས། སྨྱོན་པས་སོ་སོ་ཐར་པའི་མདོ་བཀླག་སྟེགསོ་སྦྱོང་བགྱིས་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི་གསོ་སྦྱོང་བྱས་པ་ཞེས་བྱ་སྟེ།

དགེ་འདུན་རྣམས་ནི་འདས་པ་དང་བཅས་པའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་བཀླག་པ་དེ་བཞིན་དུ་མང་པོར་ཁ་བསྐངས་པ་ཡང་རྒྱས་པར་སྦྱར་རོ། །ཞེས་དང༌། ལས་ཀྱྀ་གཞི་ཞུ་བ་ལསཀྱང༌། སྨྱོན་པས་དགེ་འདུན་གྱི་གྲངས་སུ་ཁ་སྐོང་བས་ཀྱང་ལས་བྱས་ན་བྱས་པར་གསུངས་པདང་འགལ་ཞེ་ན། སྨྱོ་བས་དགེ་སློང་གི་འདུ་ཤེས་མི་རྙེད་པ་དང༌། སྨྱོ་བའི་བག་ཞད་ཅུང་ཟདཡོད་ཀྱང་དགེ་སློང་གི་འདུ་ཤེས་རྙེད་པའི་ཁྱད་པར་གྱིས་མི་འགལ་བར་ཤེས་པར་བྱའོ། །དེ་ལྟརཁ་སྐོང་གི་ཆོས་བཅོ་ལྔ་པོ་དེ་དག་ལ་དམིགས་ཀྱིས་བསལ་བ་ནི་མགྲོན་པོ་མི་སྡོད་ན་འགྲོ་བཞིནདུ་བྱའོ། །ཞེས་པ་དང༌། བག་ཡངས་འགའ་ཞིག་དང་རྣམ་པར་དག་པའི་ལས་ལས་གང་ལ་བྱབ་མ་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། གང་ལ་བྱ་བའི་ཡུལ་དགེ་འདུན་གྱི་ཁོངས་སུ་གཏོགསཔའི་དགེ་སློང་དེ་དག་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ཡིན་པའི་ཕྱིར་རོ། །ཐ་དད་པར་གནས་པ་རྣམས་ཀྱིས་རང་རང་གི་ལས་བྱེད་པ་ནི་ཐ་དད་དང་གནས་པ་མ་ཡིན་པ་ཡན་ལག་ཏུ་མི་དགོསཏེ། འདི་ལ་སོ་སོ་རང་གི་ལས་ནི་ཆགས་སོ། །ཞེས་གསུངས་པས་སོ། །ལྟུང་བ་ཐུན་མོང་བ་བྱིནགྱིས་བརླབ་པའི་ལས་ལ་ནི་འཁྲུལ་བཅས་མ་ཡིན་པ་མི་དགོས་ཏེ། འཁྲུལ་བཅས་དེ་ཉིད་ལསདེ་འཆགས་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དགེ་སློང་མའི་མགུ་བ་སྦྱིན་པ་དང་དབྱུང་བ་དངབུད་མེད་བསྙེན་པར་རྫོགས་པར་བྱ་བའི་ལས་དང༌། དགེ་སློང་མའི་དགག་དབྱེ་བྱ་བ་སྟེ་དེ་རྣམསལ་ནི་མཚན་མཐུན་པ་ཁོ་ན་ཡན་ལག་ཏུ་མི་དགོས་ཏེ། ཕྱོགས་གཅིག་ནས་མཚན་མི་མཐུན་པཡན་ལག་ཏུ་དགོས་པའི་ཕྱིར་རོ། །གསུམ་པ་མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་ལ། བཟློག་ཕྱོགས་མི་མཐུན་པ་གཉིས་ཏེ། མ་འདུས་པའི་མི་མཐུན་པ་དང༌། འདུས་པ་ཕྱིར་བཟློགགི་མི་མཐུན་པའོ། །དང་པོ་ལ་ཡན་ལག་དྲུག་སྟེ། ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགསཔ་དང༌། ཁ་སྐོང་བར་འོས་པ་དང༌། ལུས་སམ་འདུན་པས་མ་འདུས་པ་དང༌། གང་ལ་ཆད་ལསབྱ་བའི་ཡུལ་མ་ཡིན་པ་དང༌། སྨྱོས་པའི་གནང་བ་མ་ཐོབ་པ་དང༌། ངེས་པར་ཤེས་སམ་འཕྲིགཔ་ཡིན་པའོ། །དེ་ཡང་རྩ་བར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོང་བར་འོས་པ། ལུས་སམ་དེ་ལ་འདུན་པས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང༌། ཞེས་པའི་མདོ་གསུམདང༌། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་པ་དང༌། སྨྱོས་པའི་གནང་བ་ཐོབ་པསནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཞེས་དང༌། འཕྲིག་པས་མི་མཐུན་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པས་སོ། །འཁྲུལ་བཅས་དང་གཉིད་ལོག་པས་མ་འདུས་པས་མི་མཐུན་པ་མིབསྐྱེད་ཀྱང་མ་འདུས་པའི་མི་མཐུན་པ་བསྐྱེད་པ་རྒྱུན་ཆད་དུ་ཡང་མི་འགྱུར་ཏེ། འཁྲུལ་བཅས་མ་ཡིན་པ་དང་གཉིད་མ་ལོག་ཅིང་ཁ་སྐོང་བར་འོས་པས་མ་འདུས་པའི་མི་མཐུན་པ་བསྐྱེད་པའིཕྱིར་རོ། །

གཉིས་པ་འདུས་པ་ཕྱིར་བཟློག་གི་མི་མཐུན་པ་བསྐྱེད་པ་ལ་ཆོས་བརྒྱད་དེ། ལས་དེའིམཚམས་ཀྱི་ཁོངས་སུ་གཏོགས་པ་དང༌། གང་ལ་ཆད་ལས་བྱ་བའི་ཡུལ་མ་ཡིན་པ་དང༌། སྤྱོདལམ་ལས་མ་ཉམས་པ་དང༌། རང་བཞིན་དུ་གནས་པ་དང༌། ངག་ཡང་དག་པར་བསྡམས་པདང༌། འདུལ་བར་གཏོགས་པའི་བསླབ་པ་ཤེས་པ་དང༌། གང་ལ་བྱ་བ་ཞེ་འགྲས་པ་མ་ཡིན་པདང༌། ཐོས་པའི་ཉེ་འཁོར་ན་གནས་པའོ། །དང་པོ་བདུན་ནི་ཕྱིར་བཟློག་པར་བྱེད་པ་ཡང་ཞེསཔ་ལ་སོགས་པའི་གཞུང་གིས་དངོས་སུ་བསྟན་ལ། ཐ་མ་ནི་དགག་བྱའི་གནས་ཀྱི་སྟེ། གཞནདུ་ན་རང་ཚིག་དོན་མེད་དུ་འགྱུར་བའི་ཕྱིར་རོ། །བརྒྱད་པོ་དེ་དག་ལས་གཞན་དུ་ན་ཕྱིར་བཟློགམི་འཆགས་ཏེ་ཚིག་རིགས་པར་གཟུང་བར་མི་འོས་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱིས་ཕྱིར་བཟློག་འཆགས་སམ་མི་འཆགས་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། བྱེད་པ་པོ་རངསྟོབས་ཀྱི་ཆ་ནས་ཕྱིར་བཟློག་འཆགས་པ་ཡིན་ཏེ། འདུལ་བའི་བཅས་པ་ཐམས་ཅད་ཀྱི་མངའབདག་ཡིན་པའི་ཕྱིར་རོ། །སྒྲུབ་བྱེད་གཞན་ཡང་སངས་རྒྱས་དོན་མེད་པའི་ཚིག་མི་གསུང་བའིཕྱིར་ཏེ། འོད་ལྡན་དུ་མདོ་དྲངས་པ་ལས། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་དོན་དང་བཅས་ཞེས་གསུངས་སོ། །སྒྲུབ་བྱེད་གཞན་ཡང་དགེ་འདུན་གྱིས་ནི་ཕྱིར་བཟློག་འཆགས་ལ། དགེ་འདུན་གྱི་གསུང་བས་ནི་སངས་རྒྱས་ཀྱི་གསུང་བཙན་པའི་ཕྱིར་ཏེ། དེ་ཡང་སངས་རྒྱས་ཀྱིསགསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ་ཞེས་གསུངས་པས་གྲུབ་བོ། །སྒྲུབ་བྱེད་གཞན་ཡང་དགེ་འདུན་གྱིས་ཕྱིར་བཟློག་འཆགས་ལ་སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་མ་གུསཔའི་ཚུལ་གྱིས་ལྟུང་བྱེད་བསྐྱེད་པ་ལ་འདྲ་བར་གསུངས་པས། འདིར་ཡང་འདྲ་བར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་རྗོད་པར་བྱེད་པ་ལས་མཁན་གྱི་གཞི་ནི། ལས་བྱེད་པ་པོདེས་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ཡང་བྱེད་པའི་དབང་དུ་བྱས་ན། ལས་བྱེད་པ་པོ་ཆོས་གཉིསལྡན་དགོས་ཏེ། ཁ་སྐོང་བར་འོས་པ་དང༌། རང་རང་གི་ལས་ཀྱི་ཆོ་ག་ཤེས་པའོ། །དེ་ཡང་མདོརྩ་བ་ལས། དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཉམས་ན་མ་བྱས་པ་ཉིད་དོ། །ཞེས་གསུངསཔས་གྲུབ་བོ། །གྲངས་ཀྱི་ཁ་སྐོང་མི་བྱེད་པར་ལས་ཆོག་བརྗོད་པ་འབའ་ཞིག་བྱེད་པའི་དབངདུ་བྱས་ན། ལས་བྱེད་པ་པོ་ཆོས་བཞི་ལྡན་གྱིས་གྲུབ་བོ། །

གསུམ་པ་བསྒྲུབ་པར་བྱ་བ་དོན་གྱི་གཞི་ལ།

བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་སྒྲུབཔ་དང༌། བསྒྲུབ་བྱ་སེམས་ཅན་ལ་སྒྲུབ་པ་དང་གཉིས། དེ་ཡང་འདུལ་བ་བསྡུས་པ་ལས། ལསདེ་དག་ཀྱང་གཞི་གཉིས་ལ་བརྟེན་པ་ཡིན་ཏེ། སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་དུབགྲང་བ་མིན་པའོ་ཞེས་སོ། །དང་པོ་ལ་གསུམ་ལས། གསོལ་བ་འབའ་ཞིག་པའི་ལས་ཀྱིསབསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི། ཤི་བའི་ཡོ་བྱད་བྱིན་གྱིས་བརླབས་པར་བྱ་བའི་དངོས་པོརས་ཡུག་ལ་སོགས་པ་ལྟ་བུའོ། །གསོལ་གཉིས་ཀྱི་ལས་ཀྱིས་བསྒྲུབ་བྱ་སེམས་ཅན་མ་ཡིན་པནི། མཚམས་པོ་ཆེ་གཅོད་པའི་ས་གཞི་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ལྟ་བུའོ། །

གསོལ་བཞིའི་ལས་ཀྱིས་བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི། སྲ་བརྐྱང་དབྱུང་བར་བྱ་བའིདངོས་པོ་ཆོས་གོས་སྲ་བརྐྱང་ལྟ་བུའོ། །

གཉིས་པ་བསྒྲུབ་བྱ་སེམས་ཅན་ལ་སྒྲུབ་པ་ལ། རབ་བྱུང་མ་ཡིན་པའི་སེམས་ཅན་ལསྒྲུབ་པ་དང༌། བསྒྲུབ་བྱ་རབ་ཏུ་བྱུང་བ་ལ་སྒྲུབ་པ་དང་གཉིས། དང་པོ་ལ་ལྔ་ཡོད་དེ། སྔོན་མུསྟེགས་ཅན་ལ་ལས་ཀྱི་གནས་པ་སྦྱིན་པའི་བསྒྲུབ་བྱ་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིནགཞིག་གཉིས་དང༌། ལྷུང་བཟེད་ཁ་སྦུབ་སྲང་གཉིས་ཀྱི་བསྒྲུབ་བྱ་དང་ལྔ་ཡིན་ནོ། །

གཉིས་པ་བསྒྲུབ་བྱ་རབ་ཏུ་བྱུང་བ་ལ།

བསྙེན་པར་རྫོགས་པ་ལ་སྒྲུབ་པ་དང༌། རབབྱུང་བསྙེན་པར་མ་རྫོགས་པ་ལ་སྒྲུབ་པ་དང་གཉིས། དང་པོ་ལ། སྦྱིན་པའི་ལས་ཀྱི་བསྒྲུབ་བྱདང༌། བསྐོ་བའི་ལས་དང༌། ཆད་པ་བཅད་པའི་ལས་དང༌། རྣམ་པར་དག་པའི་ལས་ཀྱི་བསྒྲུབབྱ་དང་བཞི། དང་པོ་ནི། སྤྱིར་བཏང་ལ་ཆོས་དགུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོརརུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནསཔ་དང༌། གནས་ནས་མ་བྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་གཞན་ཕྱོགས་སུ་མ་སོང་བདང༌། མཚན་མཐུན་པ་དང༌། ཚོགས་སུ་མ་ལོངས་པ་དང༌། རང་གིས་ལན་གསུམ་གསོལ་བའདེབས་པ་དང༌། བརྒྱད་པོ་དེ་ནི་སྦྱིན་ཡུལ་ཐུན་མོང་བ་ཆོས་བརྒྱད་ལྡན་ཞེས་བྱའོ། །རང་རངགི་གཞི་ལེགས་པ་དང་ལྡན་པ་དང་དགུ་སྟེ། དེ་ཡང་ཁང་པའི་གནང་བ་སྦྱིན་ཡུལ་ས་གཞི་དག་པ་ཉིད་ལེགས་པར་བརྟགས་པ་དང༌། སྔར་གནང་བ་སྦྱིན་པ་དང་མ་འབྲེལ་བ་ལྟ་བུ་སྟེ། གཞནལ་ཡང་སྐབས་ཀྱིས་ཅི་རིགས་པར་སྦྱར་རོ། །དེ་རྣམས་ལ་དམིགས་ཀྱིས་བསལ་བ་ནི། འཁོར་དང་འཁོར་མང་གི་གནང་བ་སྦྱིན་པའི་ཡུལ་སྡོམ་པ་གསོར་རུང་གིས་མི་ཆོག་པར་རྣམ་པརདག་པ་དགོས་ཏེ། གཞན་གྱི་རྟེན་རྣམ་དག་གིས་བྱེད་དགོས་པའི་ཕྱིར་རོ། །འཆབ་མེད་ཀྱི་ཕམཔ་བྱུང་བ་ལས་བསླབ་པ་སྦྱིན་པའི་ཡུལ་ནི་སྡོམ་པ་གསོར་རུང་དང་ལྡན་པ་ཡིན་གྱི། གསོརརུང་ཡན་ཆད་ཅེས་ནི་མི་བྱ་སྟེ། གསོ་བ་ལ་ཞུགས་ཟིན་པ་བསླབ་པ་བྱིན་པ་དང་རྣམ་དག་ན་ིབསླབ་པ་བྱིན་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །སྨྱོས་པའི་གནང་བ་སྦྱིན་པ་ནི། ཡུལ་དེ་ཤེསཔ་རང་བཞིན་དུ་མི་གནས་པ་ལ་འཆགས་ཏེ། ཡུལ་དེ་ཤེས་པ་རང་བཞིན་དུ་མི་གནས་པ་དེ་ཉིདརྐྱེན་དུ་བྱས་ནས་བཅས་པའི་ཕྱིར་རོ། །བཟོད་པར་བྱ་བ་ནི་གནས་ནས་ཕྱུང་བ་ལ་ཡང་འཆགསཏེ། གནས་ནས་ཕྱུང་བ་ལ་བཟོད་པར་བྱ་བ་ལ་ཡུལ་གནས་ནས་ཕྱུང་བ་ངེས་གཟུང་གི་ཡནལག་ཏུ་དགོས་པའི་ཕྱིར་རོ། །མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་ནི། ཆོསགཞན་ཕྱོགས་སུ་སོང་བ་ལ་འཆགས་ཏེ། ཆོས་གཞན་ཕྱོགས་སུ་སོང་བ་ངེས་གཟུང་གི་ཡནལག་ཏུ་དགོས་པའི་ཕྱིར་རོ། །དགེ་སློང་མའི་མགུ་བ་དང་དབྱུང་བ་དང་བུད་མེད་བསྙེན་རྫོགསབྱ་བའི་ལས་ནི། མཚན་མི་མཐུན་པ་ལ་ཡང་འཆགས་ཏེ། ཕྱོགས་གཅིག་ནས་མཚན་མི་མཐུནཔ་དེ་ཉིད་ཡན་ལག་ཡིན་པའི་ཕྱིར་རོ། །

གཉིས་པ་བསྐོ་བའི་ལས་ཀྱི་བསྒྲུབ་བྱ་ནི།

བསྐོ་ཡུལ་ཐུན་མོངཔའི་ཆོས་བཅུ་བཞི་དང་ལྡན་པར་དགོས་པ་ཡིན་ཏེ། སྤོང་བ་པའི་ཞལ་ཏ་པ་བསྐོ་བའི་སྐབསསུ་སྔར་བཤད་ཟིན་ཏོ། །འདིར་ཐུན་མོང་པ་ཡིན་པ་ནི། རང་རང་གི་གཞི་ལེགས་པ་དང་ལྡནཔ་སྟེ། དེ་ཡང་དགེ་སློང་མའི་སྟོན་པ་བསྐོ་བ་ལ། རྣམ་དག་གི་ཁྱད་པར་དང༌། མཁས་པའི་ཁྱདཔར་དང༌། བརྟན་པའི་ཁྱད་པར་དང་གསུམ་དགོས་ལ། དེ་ཡང་ཕམ་ལྷག་བཅུ་བདུན་གྱིསམ་གོས་པའི་རྣམ་དག་དང་སྡེ་སྣོད་གསུམ་འཛིན་ཅིང་གྲོང་ཁྱེར་བའི་སྐད་སྨྲ་བ་དང་བསྙེནཔར་རྫོགས་ནས་ལོ་ཉི་ཤུ་ལས་མི་ཉུང་བ་སྟེ་གོ་རིམ་བཞིན་ནོ། །དགག་དབྱེ་བྱེད་པ་པོ་བསྐོ་བལ་ཡུལ་དགེ་སློང་བསྐོ་ཡི། དགེ་སློང་མ་བསྐོར་མི་རུང་བས། དགེ་སློང་མ་རྣམས་ཀྱི་ཆ་ནསདགག་དབྱེ་བྱེད་པ་པོ་དེ་མཚན་མཐུན་པ་ཡན་ལག་ཏུ་མི་དགོས་ཏེ། མཚན་མི་མཐུན་པ་ངེསགཟུང་གི་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །སྲ་བརྐྱང་འདིང་བ་པོ་བསྐོ་བ་ལ། གནས་དེ་ཉིདདུ་དབྱར་སྔ་མར་གནས་པར་ཁས་བླངས་ཤིང་དབྱར་མ་རལ་བ་ཡིན་པ་དང༌། ས་གཞན་ནགནས་པ་མ་ཡིན་པ་དགོས་ཏེ། སྲ་བརྐྱང་གི་གཞིར་བསྟན་ཟིན་ཏོ། །གསལ་བ་དང་གསལབའི་གསལ་བ་བསྐོ་བ་ལ་དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ་ཞེས་གསུངས་པ་ནི་ལས་ཚན་ཐ་དད་དུ་བསྐོ་བ་ཡིན་གྱི། རྩ་བར། ཚོགས་ཀྱིས་ཚོགས་ལ་མི་བྱའོ་ཞེས་པའི་དམིགསབསལ་ནི་མ་ཡིན་ཏེ། དམིགས་བསལ་དུ་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །

གསུམ་པ་ཆད་པ་བཅད་པའི་ལས་ཀྱི་བསྒྲུབ་བྱ་ནི།

ཆོས་བཅུ་ལྡན་ཏེ། བསྙེན་རྫོགསཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུསཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་གཞནཕྱོགས་སུ་མ་སོང་བ་དང༌། ཚོགས་སུ་མ་ལོངས་པ་དང༌། གླེང་དྲན་སྔོན་དུ་སོང་བ་དང༌། ནདཔ་མ་ཡིན་པ་དང༌། དགེ་འདུན་འབྱེད་པར་ནུས་པ་མ་ཡིན་པ་དང༌། རང་རང་གི་གཞི་ལེགསཔ་དང་ལྡན་པའོ། །ཐ་མ་ནི་ཕྱིར་མི་འཆོས་པ་གནས་ནས་དབྱུང་བའི་ཡུལ་དེ་བསྡམ་བྱ་ལསགཞན་པའི་ལྟུང་བ་ཡོད་པར་ཁས་བླངས་པ་དང༌། རྐྱེན་འཛོམ་ཡང་ཕྱིར་མི་འཆོས་པ་དང༌། སྔརགནས་ནས་ཕྱུང་བ་མ་ཡིན་པ་དང་ཆོས་གསུམ་ལྡན་ཏེ། ནན་ཏུར་གྱི་ཡུལ་གཞན་ལ་ཡང་སྐབསཀྱིས་ཅི་རིགས་པར་སྦྱར་རོ། །དགེ་སློང་རྣམས་ཀྱིས་ཆད་པ་གཅོད་པ་ལ་མཚན་མཐུན་པ་ངེས་གཟུང་དུ་མི་དགོས་ཀྱང༌། དགེ་སློང་མ་རྣམས་ཀྱིས་ཆད་པ་གཅོད་པ་ལ་མཚན་མཐུན་དགོས་ཏེ། གཞན་དུ་ན་ལྕི་བའི་ཆོས་ལས་འདས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །

བཞི་པ་རྣམ་པར་དག་པའི་ལས་ཀྱི་བསྒྲུབ་བྱ་ནི།

གསོ་སྦྱོང་གི་ལས་ཀྱི་བསྒྲུབ་བྱཡིན་ལ། དེ་ནི་དགེ་འདུན་མཚན་ཉིད་གསུམ་ལྡན་གྱི་སྟེང་དུ་གསོ་སྦྱོང་གི་ཆོ་ག་ཤེས་པ་དངབཅས་པའོ། །གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་པའི་གང་ཟག་གི་བྱེ་བྲག་ནི་ཆོས་བརྒྱད་ལྡནཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་པ་ལ་སོགས་པ་སྔར་བཤདམ་ཐག་པའི་དང་པོ་ལྔའི་སྟེང་དུ། མཚམས་ཀྱི་ནང་ན་གནས་པ་དང༌། གསོ་སྦྱོང་བཞག་པ་མཡིན་པ་དང༌། མཚན་མཐུན་པ་དང་བརྒྱད་དོ། །དགག་དབྱེ་ལ་ཡང་གང་ཟག་གི་བྱེ་བྲག་ནི་ཆོསབརྒྱད་ལྡན་ཏེ། སྔ་མ་དྲུག་དང༌། དགག་དབྱེ་བཞག་པ་མ་ཡིན་པ་དང༌། དབྱར་གནས་པརཁས་བླངས་པ་ཡིན་པ་དང་བརྒྱད་དོ། །དབྱར་གནས་པར་ཁས་བླངས་ནི་དབྱར་རལ་བསཀྱང་དགག་དབྱེ་བྱ་སྟེ། རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །དགེ་སློང་མ་དགག་དབྱེ་ནི་དགེསློང་གི་དགེ་འདུན་ལ་ཡང་བྱ་དགོས་པ་འདིར་ནི་མཚན་མཐུན་པ་མ་བགྲངས་སོ། །

གཉིས་པ་རབ་བྱུང་བསྙེན་པར་མ་རྫོགས་པ་ལ་སྒྲུབ་པ་ལ།

སྦྱིན་པ་དང་བསྐོ་བ་དང་ཆདཔ་བཅད་པའི་ལས་ཀྱི་བསྒྲུབ་བྱ་ནི། སྔར་བསྙེན་རྫོགས་ཀྱི་སྐབས་སུ་བཤད་པ་དང་འདྲ་བལས། འདིར་ཁྱད་པར་ནི། རབ་བྱུང་བསྙེན་པར་མ་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆདདང་ལྡན་པ་སྟེ། བསྐོ་བ་ནི་ཆོ་ག་རྗེས་སུ་བསྒྲག་པའི་ཚུལ་གྱིས་སོ། །

གསུམ་པ་བསམ་པའི་ཡན་ལག་ལ།

འདུ་ཤེས་དང༌། ཀུན་སློང་དང་གཉིས། དེ་ལའདུ་ཤེས་ནི་གཞི་མཚན་ཉིད་དང་ལྡན་པར་ཤེས་པའོ། །དེ་ལ་གཉིས་ཏེ། ལས་གང་གི་འདུ་ཤེསཀྱིས་འཇོག་པ་དང༌། འདུ་ཤེས་ཀྱི་ངོ་བོ་ཇི་ལྟ་བུ་དགོས་པའོ། །དང་པོ་ལ་གཉིས་ལས། སེམས་ཅན་མ་ཡིན་པ་ལ་སྒྲུབ་པ་ལ། འདུ་ཤེས་གཙོ་བོའི་སྐབས་སུ་ལས་དགེ་འདུན་གྱི་འདུ་ཤེས་ཀྱིསའཇོག་པ་ཡིན་གྱི། ཡུལ་གྱི་འདུ་ཤེས་ཀྱིས་འཇོག་པ་མི་སྲིད་དེ། ཡུལ་དེ་ལ་འདུ་ཤེས་མི་སྲིད་པའི་ཕྱིར་རོ། །དངོས་པོ་གཙོ་བོའི་སྐབས་སུ་ནི་ལས་དགེ་འདུན་གྱི་འདུ་ཤེས་ཀྱིས་འཇོག་པ་མ་ཡིན་ཏེ། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་པའི་ཡན་ལག་མ་ཡིན་ནོ། །ཞེསགསུངས་སོ། །སེམས་ཅན་ལ་སྒྲུབ་པ་ལ་འདུ་ཤེས་གཙོ་བོའི་སྐབས་སྒྲུབ་བྱེད་མཁན་པོ་ལསོགས་པ་དེ་དག་ལ་དམིགས་ནས། དགེ་འདུན་རྣམས་ཀྱིས་ནི་མཚན་ཉིད་དང་མི་ལྡན་པར་ཤེས་ལ། བསྒྲུབ་བྱ་ཡུལ་གྱིས་ནི་སྒྲུབ་པར་བྱེད་པ་པོ་དེ་དག་མཚན་ཉིད་དང་ལྡན་པར་འདུཤེས་ན་ལས་གང་གི་འདུ་ཤེས་ཀྱིས་འཇོག་ཅེ་ན། སྦྱིན་དང་བསྐོ་བའི་ལས་ལ་སྤྱིར་བཏང་ལ་ཡུལ་གྱི་འདུ་ཤེས་ཀྱིས་འཇོག་སྟེ། ལུང་ཞུ་བ་ལས། ཉེ་བར་འཁོར་མཁན་པོ་ཚུལ་ཁྲིམས་འཆལབས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པཡིན་ནོ། །ཞེས་དང༌། ཊཱི་ཀ་ལས། ལུང་ཞུ་བ་ཁུངས་སུ་དྲངས་པ་ལས་བསྙེན་པར་རྫོགས་པརལེན་པ། འཚལ་བ་དེ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ནབསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། གལ་ཏེ་བདག་གིམཁན་པོ་རྐུ་ཐབས་སུ་གནས་སོ་ཞེས་ཤེས་ན་ནི་བསྙེན་པར་མ་རྫོགས་ཞེས་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ། །ཞེས་གསུངས་པས་ཤེས་སོ། །གཞན་ཡང་ལུང་ཞུ་བ་ལས་མཁན་པོ་ཁྱིམ་པ་དང་མཁན་པོ་ཟ་མ་དང་མ་ནིང་ནས་བསླབ་པ་བྱིན་པའི་བར་དུ་དེརྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལིབསྙེན་པར་རྫོགས་པ་ཞེས་བགྱི་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དངབཅས་པའོ། །ཞེས་གསུངས་ཏེ། དེ་ཡང་བསྙེན་རྫོགས་ལེན་པ་པོས་ནི་མཁན་པོ་མཚན་ཉིད་དང་ལྡན་པར་འདུ་ཤེས་ཀྱང༌། དགེ་འདུན་རྣམས་ཀྱིས་མཁན་པོ་མཚན་ཉིད་དང་མི་ལྡན་པ་དེ་རྒྱུས་ཤེས་པའི་དབང་དུ་བྱས་པ་སྟེ། འདས་པ་དང་བཅས་པའོ་ཞེས་གསུངས་པས་ཤེས་སོ། །གལ་ཏེ་དགེ་འདུན་རྣམས་ཀྱིས་ཀྱང༌། དེ་ལ་མཁན་པོ་མཚན་ཉིད་དང་ལྡན་པར་འདུ་ཤེས་ན་ནི་འདས་པ་དང་བཅས་པར་འགྱུར་བར་མི་རིགས་སོ། །དེ་ལྟར་ན་སྦྱིན་བསྐོའི་ལས་ལ་ཡུལ་གྱི་འདུ་ཤེས་ཀྱིས་བཞག་གོ །དམིགས་བསལ་ནི་སྨྱོས་པའི་གནང་བ་སྦྱིན་པ་དང༌། དྲན་པསའདུལ་བ་སྦྱིན་པ་དང༌། མ་མྱོས་པས་འདུལ་བ་སྦྱིན་པ་དང༌། ཆད་པ་བཅད་པའི་ལས་ནི། དགེའདུན་གྱི་འདུ་ཤེས་ཀྱིས་འཇོག་པ་ཡིན་གྱི། བསྒྲུབ་བྱ་ཡུལ་གྱི་འདུ་ཤེས་ཀྱིས་འཇོག་པ་ནི་མཡིན་ཏེ། དང་པོ་ལ་ནི་བསྒྲུབ་བྱ་ཡུལ་ཐ་སྙད་དུ་རུང་བའི་འདུ་ཤེས་མེད་པའི་ཕྱིར་དང༌། དེའིའོག་མ་གཉིས་ནི་གླེང་བྱ་གླེང་བྱེད་ཀྱིས་དགེ་འདུན་ལ་རག་ལས་པར་བྱ་བའི་ཕྱིར་དང༌། ཐ་མནི་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ། །ཞེས་གསུངས་པ་དང༌། འགྲེལ་ཆུང་ལས་དགེ་འདུན་གྱིས་མཁྱེན་པ་བཞིན་དུ་ཆད་པ་བཅད་དོ་ཞེས་བཤད་ཅིང༌། ཆད་པ་བཅད་པའི་ལསཀྱི་གནས་དེས་བསྒྲུབ་བྱ་དེ་འདུ་བ་མི་སྟེར་ན་ཡུལ་དེ་ལ་དགེ་འདུན་ལ་དངོས་སུ་དམིགས་པའིའདུ་ཤེས་མི་འབྱུང་བའི་ཕྱིར་རོ། །དངོས་པོ་གཙོ་བོའི་སྐབས་སུ་ནི་ལས་བསྒྲུབ་བྱ་དང་དགེའདུན་གྱི་འདུ་ཤེས་ཀྱིས་མི་འཇོག་སྟེ། མཚམས་མེད་དང་ལྡན་ན་མི་ལྡན་པར་འདུ་ཤེས་ཀྱངསྡོམ་པ་མི་སྐྱེ་བ་བཞིན་ནོ། །གཉིས་པ་འདུ་ཤེས་ཀྱི་ངོ་བོ་ཇི་ལྟ་བུ་དགོས་པ་ལ་ལས་ཆགས་པ་ལ་དགོས་པའི་འདུ་ཤེས་ནི། གཙོ་ཆེར་གཞིའི་ཡན་ལག་ལ་དམིགས་པའི་འདུ་ཤེས་ཡིན་ལ།

དེ་ལ་གཉིས་ཏེ། སྒྲུབ་བྱེད་ལ་དམིགས་པ་དང༌། བསྒྲུབ་བྱ་ལ་དམིགས་པའོ། །དང་པོ་ནི་མཁནཔོ་དང་ལས་བྱེད་པ་ལ་སོགས་པ་རྣམས་དོན་ལ་མཚན་ཉིད་དང་ལྡན་རུང་མི་ལྡན་རུང་སྟེ། མཚནཉིད་ལྡན་པར་འདུ་ཤེས་ན་འདུ་ཤེས་ཀྱི་ཆ་ནས་ལས་འཆགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལབ་ལ་ལྡན་པར་ཤེས་ན་བསྙེན་པར་རྫོགས། ཞེས་དང༌། འོད་ལྡན་ལས། འདི་ཙམ་ཞིག་ལསབྱེད་པ་ལ་ཡང་རྗེས་སུ་སྦྱར་བར་བྱའོ། །ཞེས་གསུངས་པ་དང༌། དེ་དགེ་འདུན་ལ་ཡང་སྦྱར་ཏོ། །དཔྱད་པ་ཐ་སྙད་པ་ཡིན་པར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ཡང་མཁན་པོ་དང་ལས་བྱེདཔ་ལ་སོགས་པའི་དབང་དུ་མཛད་ནས། འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་བྱུང་བའི་དཔྱད་པ་ཐ་སྙད་པ་ཡིན། ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། གལ་ཏེ་དཔྱད་པ་ཐ་སྙད་པམ་ཡིན་ན། བསྟན་པ་སྒྲུབ་པར་ནུས་པ་མི་འགྱུར་རོ་ཞེས་ཀྱང་གསུངས་སོ། །རིགས་པས་ཀྱངའདུ་ཤེས་ཀྱིས་གཟུང་བ་དེ་དོན་ལ་ཡིན་པ་དང་ཕྲད་པ་ཡན་ལག་ཏུ་དགོས་ན་སྒྲུབ་པར་མི་ནུསཔར་འགྱུར་ཏེ། མཁན་སློབ་ལ་སྡོམ་པ་སྐྱེས་མ་སྐྱེས་ལྟ་བུ་དོན་ལ་ཡིན་མིན་དེ་ནི་ཐ་མལ་གྱིཤེས་པས་ངེས་པར་མི་རྟོགས་པའི་ཕྱིར་དང༌། མངོན་ཤེས་ཀྱིས་རྟོགས་པ་བཀག་པའི་ཕྱིར་རོ། །

དེ་དང་མི་འདྲ་བར་སྒོ་མང་ཡིག་ཆར། དགེ་འདུན་ཚད་ལྡན་དང་ལས་སློབ་རྣམ་དག་དགོས་ཀྱང་མཁན་པོ་མེད་དམ་ཁྱིམ་པ་ཡིན་ཀྱང་བསྒྲུབ་བྱའི་ངོར་རྣམ་དག་ཏུ་སྣང་ན་སྡོམ་པ་སྐྱེས་པ་གང་ཞིག ཅེས་དང༌། ལས་སློབ་དེ་ལྟ་མིན་ན་ལས་མི་འཆགས་པས་མཁན་པོ་དང་མི་འདྲ་བའིཕྱིར། ཞེས་གསུངས་སོ། །སྤྱིར་དཔྱད་པ་ཐ་སྙད་པའི་ཚད་དང༌། འདུལ་བའི་བཅས་པ་ཐམསཅད་ལ་སྦྱར་ན་གཞིའི་ཡན་ལག་མ་ཚང་ཡང་ལྟུང་བ་དངོས་གཞིར་འགྱུར་བ་སོགས་ཧ་ཅངཐལ་བ་དང༌། རེ་ཟུང་ལ་མ་སྦྱར་ན་མངོན་ཤེས་མེད་པའི་གང་ཟག་གིས་རྟོགས་མི་ནུས་པ་དུ་མ་སྣང་བས་དཔྱད་པར་ཞུའོ། །གཉིས་པ་བསྒྲུབ་བྱ་ལ་དམིགས་པ་ནི། སྤྱིར་བཏང་ལ་འདུ་ཤེསཀྱིས་བཟུང་བ་དེ་དོན་ལ་ཡིན་པ་དང་ཕྲད་པ་ཡན་ལག་ཏུ་དགོས་ཏེ། སྡོམ་པ་སྐྱེ་བ་ལ་སྐྱེ་བའིབར་ཆད་དང་མི་ལྡན་པ་ཡན་ལག་ཏུ་དགོས་ཤིང༌། མཚམས་གཅོད་པའི་ལས་འཆགས་པ་ལསྔར་མཚམས་བཅད་ཟིན་མ་ཡིན་པ་ཡན་ལག་ཏུ་དགོས་པ་ལྟ་བུ་སྟེ། ལུང་གཞི་ལས། གངཟག་མ་བསད་པ་དང་ཕ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། ཞེས་གསུངས་པ་དང༌། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་པའི་ཡན་ལག་མ་ཡིནནོ་ཞེས་གསུངས་པས་གྲུབ་བོ། །དམིགས་བསལ་ལོ་ཉི་ཤུ་མ་ལོན་པ་ལ་ནི་ལོན་པར་འདུ་ཤེསན་དོན་དང་མ་ཕྲད་ཀྱང་ལས་འཆགས་ཏེ། ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ་ཞེསགསུངས་ཤིང༌། ཊཱི་ཀ་ལས། ལོ་ཉི་ཤུ་མ་ལོན་པའི་གང་ཟག་ལ་ནི་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེསན་བསྙེན་པར་རྫོགས་པ་འཆགས་ཏེ། འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཞེས་བཤད་པས་གྲུབ་བོ། །དོན་ལ་ལས་འཆགས་པའི་གཞི་ཉིད་མ་ཡིན་པ་ལ་ནི་དངོས་པོ་གཙོསྟེ། ཕ་མ་བསད་པའི་མཚམས་མེད་བྱས་པ་ལྟ་བུ་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་ན་མི་ལྡནཔར་འདུ་ཤེས་ཀྱང་སྡོམ་པ་སྦྱིན་པའི་ལས་མི་འཆགས་པའི་ཕྱིར་དང༌། བཅད་པ་ཉིད་དུ་ཤེསཔ་ཉིད་ནི། ཞེས་གསུངས་པས་སོ། །ལག་རྡུམ་བསྙེན་རྫོགས་བྱེད་པ་ན། །ལས་དེ་བྱེད་པའིསྦྱོར་བ་ཡི། །ཉེས་བྱས་འབྱུང་ཡང་ལས་འཆགས་སོ། །དེས་མཚུངས་གཞན་ལའང་དེ་བཞིན་ནོ། །

གཉིས་པ་ཀུན་སློང་ནི། བསམ་པ་ཐག་པ་ནས་ལས་བྱེད་པར་འདོད་པ་རྒྱུན་མ་ཆད་པ་སྟེ། བཞདགད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས་པ་དང༌། བཏང་བ་ཡང་ངོ་ཞེས་གསུངསཔའི་གནད་ཀྱིས་སྦྱར་བས། ལས་བྱེད་པའི་སྔ་རོལ་ཏུ་ལས་བྱེད་འདོད་ལོག་སྟེ་ཀུན་སློང་རྒྱུནཆད་ན་ལས་མི་འཆགས་སོ། །དགེ་སློང་གི་སྡོམ་པ་སྦྱིན་པའི་ལས་བྱེད་པ་ལ་ནི་སྡོམ་པ་ནོདཔར་འདོད་པ་རྒྱུན་མ་ཆད་པ་ཡང་ཀུན་སློང་དུ་དགོས་སོ། །

བཞི་པ་ལས་ཀྱི་ཆོ་གའི་ངོ་བོའམ་ལས་བརྗོད་པའི་ངོ་བོ་ནི།

བརྗོད་པ་ཆོས་གསུམཚང་བ་སྟེ། བརྗོད་པ་ཚང་བ་དང༌། བརྗོད་པ་མ་ནོར་བ་དང༌། བརྗོད་པ་མ་འཁྲུལ་བ་སྟེ། ཉམསན་མ་བྱས་པ་ཉིད་དོ། །དེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ། །ཞེས་དང༌། བྱེདཔ་ཉིད་ན་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་ཉིད་དོ། །ཞེས་དང༌། ༼གོ་རིམ་འཁྲུགསཔ་༽དེ་ནི་མི་བྱ་བ་ཉིད་དོ། །ཞེས་གསུངས་པས་གྲུབ་བོ། །ཆོ་ག་ལས་འདས་ན་ལས་གཏན་ནས་མི་འཆགས་པ་དང་ཉེས་མེད་མི་འཆགས་པ་སྟེ་རྣམ་པ་གཉིས་སུ་དབྱེའོ། །དེའང་དགེ་འདུན་གྲངས་ཚང་བའི་ཆོ་ག་ལས་འདས་ཏེ་བཞིར་མ་ཚང་བ་ལྟ་བུས་གསོལ་བཞི་ལ་སོགས་པའི་ལསབྱེད་ན་ལས་གཏན་ནས་མི་འཆགས་ལ། གོ་རིམ་གྱི་ཆོ་ག་ལས་འདས་ཏེ་ཚིག་སྔ་ཕྱིའི་གོ་རིམའཁྲུགས་པས་ལས་བྱེད་ན་ལས་ཉེས་མེད་མི་འཆགས་པ་སྟེ། དོན་གོ་བར་བྱེད་ནུས་ན་ཉེས་པ་དང་བཅས་པའི་ལས་ནི་འཆགས་སོ། །ཆོ་ག་ལས་འདས་ན་ལས་མི་འཆགས་ཞེས་སྨོས་པ་དེའང༌། མེད་ན་མི་འབྱུང་བའི་ཆོ་ག་ལས་འདས་ན་ལས་གཏན་ནས་མི་འཆགས་ལ། ཕུན་སུམ་ཚོགསབྱེད་ཀྱི་ཆོ་ག་ལས་འདས་ཀྱང༌། ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་པར་མི་འགྱུར་རོ། །འདིར་ཡང་ཕུན་སུམ་ཚོགས་པ་ཉེས་མེད་ཀྱི་ལས་ནི་མི་འཆགས་ཏེ། ཊཱི་ཀ་ལས། ལས་བྱེད་པ་ལ་སོགས་པ་དག་ལ་ལྟུང་བ་ཙམ་དུ་ནི་འགྱུར་རོ་ཞེས་ཉེས་བྱས་ཙམ་དུ་འགྱུརབའོ། །འོན་ཀྱང་ལས་ཀྱི་ཆོ་ག་དེ་ཐོས་ན་རྒྱལ་པོ་དད་པ་འཕེལ་བར་འགྱུར་ན་ནི། དེས་ཐོསཔར་གསོ་སྦྱོང་བྱེད་པ་ལ་ཉེས་པ་མེད་ཅིང་ཉན་དུ་མ་བཅུག་ན་ཉེས་པར་འགྱུར་བ་ཡོད་དེ། ལུངསིལ་བུ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོ་གསོ་སྦྱོང་གི་ཚེ་སོ་སོ་ཐར་པ་འདོན་པ་ཉན་དུ་མབཅུག་པ་དེ་ཀུན་དགའ་བོ་ཁྱོད་ཀྱིས་ཉེས་སོ། །ཞེས་གསུངས་སོ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་གཞུང་ལུགས་ཐམས་ཅད་དང་བསྟུན་ཏེ་མདོ་རྩ་བྱས་པ་འདི་ཉིད་ཚད་མར་བལྟ་བར་བྱའོ་ཞེསཊཱི་ཀ་ལས་སོ། །དེ་ལྟར་ན་སོ་སོ་ཐར་པའི་སྡོམ་པ་དྲུངས་ནས་ཕྱུང་བར་འགྱུར་རོ་ཞེ་ན་མི་འགྱུརཏེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་སོ། །ཐམས་ཅད་དུའམ་ཞེ་ན། ནུས་པ་ཉིད་ཡིན་ན་མི་འགྱུར། །ཞེས་སོ། །འོ་ན་ནུས་པ་ཉིད་ཡིན་པ་དེ་རང་གང་ཞེ་ན། དེའི་ཚེ་ལེནཔ་པོ་ཡོད་ན་ཞེས་སོ། །ལྟུང་བ་བྱུང་བ་ལ་ནི་ལས་ཀྱི་གནས་སུ་འདུ་བའི་ཚེ་ན་ལས་བྱེད་པའི་དགེའདུན་རྣམས་ཀྱི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱེད་དུ་གཞུག་པའམ་བསྙིལ་བ་བསྒྲུབཔར་བྱའོ། །ལས་བྱེད་པ་ལས་གཞན་གྱི་དུས་སུ་ཡང་རང་གི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱས་ན་ལྟུང་བ་དག་པར་རིགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་ལྡན་པར་ཤེསན་ཚུལ་ཁྲིམས་སྐྱེ་བར་གསུངས་པའི་གནད་ཀྱིས་ཤེས་ཏེ། དེ་དང་འདི་དཔྱད་པ་ཐ་སྙད་པར་མཚུངས་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་དང་ཕམ་པས་ཉམས་པ་ལ་སོགས་ཏེ། ལསཀྱི་ཁ་སྐོང་བར་མི་འོས་པ་དེ་དག་ནི་ལས་ཀྱི་ཆོ་ག་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་པ་ལ་ཊཱི་ཀལས། ལས་བྱེད་པ་ནི་ཚོགས་ཀྱི་ཁ་སྐོང་བར་གཞན་དག་པས་ཆེས་གཅེས་པ་ཡིན་པའི་ཕྱིརདང༌། དགེ་འདུན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཞེས་སོ། །ལུང་གླེང་གཞི་ལས། བཙུན་པབསླབ་པ་སྩལ་བས་ལས་དག་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ་མ་བགྱིས་པ་ཞེས་བགྱི། ལས་མ་བྱས་པ་ཞེས་བྱ་སྟེ། ཡང་བྱ་བ་དག་ཡིན་ནོ། །ཞེས་གསུངས་སོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་པ་ནི། སྦྱིན་པའི་ལས་ལ་གསོལ་བ་མི་འདེབས་ན་ཆོས་མ་ཡིན་པའི་ལས་དང༌། བསྐོབའི་ལས་ལ་སྤྲོ་བ་མི་འདྲི་ན་དང༌། ཆད་པ་བཅད་པའི་ལས་ལ་གླེང་དྲན་སྔོན་དུ་མི་གཏོང་ནཆོས་མ་ཡིན་པའི་ལས་ཏེ། ཊཱི་ཀ་ལས། ཆོས་མ་ཡིན་ཞེས་བྱ་བ་ནི་གླེང་བར་མ་བྱས། དྲན་པརམ་བྱས་པར་མཐུས་མངོན་སུམ་དུ་མ་གྱུར་བར་ཆད་པའི་ལས་བྱེད་དུ་འཇུག་པ་ལ་སོགས་པའོཞེས་སོ། །འདིའི་དམིགས་བསལ་ནི་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་འོག་ནས་འབྱུང་ངོ༌། །

ལྔ་པ་ལས་ཉམས་སུ་མྱོང་བའི་ཚད་ནི།

དགེ་འདུན་གྱིས་ལས་ཀྱི་ཆོ་གའི་ཚིག་ཐོས་ཤིངདོན་གོ་བ་སྟེ། རང་གི་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ནི་མ་ཡིནནོ། །ཞེས་གསུངས་སོ། །གལ་ཏེ་བསྒྲུབ་བྱ་ཡུལ་དེ་ལས་ཉམས་སུ་མྱོང་བ་དགོས་ན་ནི་མི་རིགསཏེ། བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་སྒྲུབ་པ་ལ་བསྒྲུབ་བྱ་ཡུལ་གྱིས་ལས་ཉམས་སུ་མྱོང་བམེད་ཀྱང་ལས་འཆགས་པའི་ཕྱིར་རོ། །དེ་བཞིན་དུ་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་བྱ་བའི་ནན་ཏུར་གྱི་ལས་དང༌། མངོན་དུ་མ་གྱུར་པའི་ལས་བཅུ་དང༌། འཕྲིན་གྱིས་བསྙེན་རྫོགསབྱེད་པ་ལ་ཡང་བསྒྲུབ་བྱ་ཡུལ་གྱིས་ལས་ཉམས་སུ་མྱོང་བ་མེད་ཀྱང་ལས་འཆགས་སོ། །དེ་བཞིནདུ་ལུང་ཞུ་བ་ལས། གཉིད་ལོག་གམ་སྙོམས་པར་ཞུགས་ཀྱང་བསྙེན་པར་རྫོགས། ཞེས་དང༌།

མཛོད་ཀྱི་འགྲེལ་བཤད་ལས། སེམས་མེད་པ་ལ་སྡོམ་པ་སྐྱེ་བ་ཡོད་དེ། སྡོམ་པ་ལེན་པ་པོ་འགོགཔ་ལ་སྙོམས་པར་ཞུགས་བཞིན་པ་ལ་དགེ་སློང་གི་སྡོམ་པ་སྐྱེ་བར་ཡོད་པར་གསུངས་པས་བསྒྲུབབྱ་ཡུལ་གྱིས་དངོས་གཞིའི་ཆོ་ག་ཉམས་སུ་མྱོང་བ་ངེས་གཟུང་དུ་མི་དགོས་སོ། །དགེ་འདུན་གྱིལས་ཉམས་སུ་མྱོང་བ་དེ་ཡང་གསོལ་བ་ཐོས་ན་ལས་བརྗོད་པ་ཉམས་སུ་མྱོང་བ་ནི་ངེས་པར་མི་དགོས་ཏེ། གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །དེའི་གནདཀྱིས་མི་མཐུན་པ་བསྐྱེད་པ་ཡང་གསོལ་བའི་དུས་ན་སྟེ། དེའི་དུས་ན་མི་མཐུན་པ་མེད་ན་བརྗོདཔའི་དུས་ན་དགེ་སློང་འགའ་ཞིག་མ་འདུས་ཀྱང་ལས་འཆགས་པར་གསལ། ཞེས་གསུངས་སོ། །

དྲུག་པ་ལས་འཆགས་པའི་དུས་ནི།

ཆོ་གའི་ཚིག་འོག་མ་མེད་པ་སྟེ་གང་ཡིན་པའི་ཚིགཕལ་ཆེར་བྱས་པ་ན་ལས་འཆགས་པ་ཡིན་ཏེ། རྩ་བར། ཚིག་ཕལ་ཆེར་བྱས་པ་ཉིད་ནི་བྱས་པཉིད་དོ། །འོག་མ་མེད་པ་ལའོ། །ཞེས་གསུངས་སོ། །དེའི་འཐད་སྒྲུབ་ནི། ཊཱི་ཀ་ལས། ཕལཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་པས། ཞེས་སོ། །དེའངཆོ་གའི་ཚིག་འོག་མ་མེད་པ་ནི། གསོལ་བ་འབའ་ཞིག་པའི་ལས་ལ་ནི་གསོལ་བ་དེ་ཉིད་ཆོ་གའིཚིག་འོག་མ་མེད་པ་སྟེ། གསོལ་བ་ཕལ་ཆེར་བྱས་པ་སྟེ་སུམ་གཉིས་བྱས་པ་ཉིད་ན་ལས་འཆགསསོ། །གསོལ་གཉིས་ཀྱི་ལས་ལ་གསོལ་བ་ནི་ཆོ་གའི་ཚིག་འོག་མ་ཡོད་པ་ཡིན་ལ། བརྗོད་པ་ནིཆོ་གའི་ཚིག་འོག་མ་མེད་པ་སྟེ། བརྗོད་པ་ཕལ་ཆེར་བྱས་པ་ཉིད་ན་ལས་འཆགས་སོ། །གསོལབཞིའི་ལས་ལ་གསོལ་བ་ནས་བརྗོད་པ་གཉིས་པ་ནི་ཆོ་གའི་ཚིག་འོག་མ་ཡོད་པ་ཡིན་ལ། བརྗོདཔ་གསུམ་པ་ནི་ཆོ་གའི་ཚིག་འོག་མ་མེད་པ་སྟེ་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་ཉིད་ན་ལསའཆགས་སོ། །བརྗོད་པ་གསུམ་པ་དེ་ལ་ཡང་ཆ་གསུམ་དུ་དབྱེ་སྟེ། ངོ་བོ་བརྗོད་པ་དང༌། བྱ་བབརྗོད་པ་དང༌། བྱེད་པ་བརྗོད་པའོ། །དེའང་གང་ལ་བྱ་བའི་ཡུལ་ལ་ངག་གཙོ་བོར་ཞུགས་པདང༌། གང་བྱ་བ་སྐབས་དོན་ལ་ངག་གཙོ་བོར་ཞུགས་པ་དང༌། གང་གིས་བྱེད་པ་དགེ་འདུནལ་ངག་གཙོ་བོར་ཞུགས་པ་སྟེ་གོ་རིམ་བཞིན་ནོ། །འདིར་ངོ་བོ་བརྗོད་པ་དང་བྱ་བ་བརྗོད་པཟིན་ཅིང༌། བྱེད་པ་མ་བརྗོད་པ་ན་ལས་འཆགས་པའོ། །གང་ཟག་གི་སྔགས་ལ་ཡང་ཕལ་ཆེརབྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་སྦྱར་རོ། །

གཉིས་པ་ལས་ཀྱི་ངོ་བོའི་དོན་བཤད་པ་ལ་དྲུག་ལས། དང་པོ་ལས་ཀྱི་དབྱེ་བ་བཤདཔ་ལ།

དབྱེ་བ་བརྒྱ་རྩ་གཅིག་རགས་ཙམ་བཤད་པ་དང༌། མངོན་སུམ་དུ་མ་གྱུར་པར་བྱ་བའིལས་རྣམས་སྟོན་པ་དང་གཉིས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའིལས་བརྒྱ་རྩ་གཅིག་སྟེ། །གསོལ་བ་དང་བརྗོད་པ་ནི་ལས་བརྒྱ་རྩ་གཅིག་གི་གསོལ་བ་བརྒྱ་རྩགཅིག་དང༌། བརྗོད་པ་བརྒྱ་དང་སུམ་ཅུ་རྩ་བདུན་ནོ། །དེ་ཡང་གསོལ་གཉིས་ཀྱི་ལས་བཞི་བཅུརྩ་བདུན་ལ་བརྗོད་པའང་དེ་སྙེད་དང་གསོལ་བཞིའི་ལས་སུམ་ཅུ་ལ་བརྗོད་པ་དགུ་བཅུ་ཡོད་པའོ། །གསོ་སྦྱོང་གི་སོ་སོ་ཐར་པའི་མདོ་གདོན་པ་དང་དགག་དབྱེ་ནི་ལས་དངོས་མ་ཡིན་ཡང༌། ལས་བཏགས་པ་བ་སྟེ། འདི་གཉིས་བསྙེན་པར་མ་རྫོགས་པས་ཐོས་ན་རྐུ་ཐབས་སུ་འགྱུར་བ་ལ་སོགས་པའི་སྒོ་ནས་ལས་དང་རྣམ་པ་འདྲ་བའི་ཕྱིར། ལས་དང་འདྲ་བ་ལ་ལས་ཞེས་བཏགསཔའོ། །ལས་ཀྱི་མཚན་ཉིད་དང་མི་ལྡན་ཞིང་ལས་བརྒྱ་རྩ་གཅིག་ཏུ་མ་གཏོགས་པའོ། །ཁྱདཔར་དུའང་དགག་དབྱེ་ནི་སྔགས་རྣམ་པར་བཞག་པ་ཡིན་ཡང་ལས་སུ་བཏགས་པ་ནི་ལནགསུམ་བརྗོད་པ་ཡོད་པའི་སྒོ་ནས་དེར་བཏགས་ཏེ། འདུལ་བ་བསྡུས་པ་ལས། ལས་ནི་མདོརབསྡུ་ན་རྣམ་པ་བཞི་སྟེ། གསོལ་བའི་ལས་དང་གསོལ་བ་དང་གཉིས་ཀྱི་ལས་དང༌། གསོལ་བདང་བཞིའི་ལས་དང༌། ལན་གསུམ་བརྗོད་པའི་ལས་སོ། །ཞེས་གསུངས་ཏེ་ཆོས་གོས་དངལྷུང་བཟེད་བྱིན་གྱིས་བརླབ་པ་ལ་ལན་གསུམ་བརྗོད་པ་ལ་ཡང་མིང་ལས་སུ་བཏགས་པ་བཞིནནོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་དང་ཅུང་མི་འདྲ་བ་ནི། ཊཱི་ཀ་ལས། ལས་ལ་ནི་ཞེསསྨོས་པས་ནི་ཞེས་པ་ནས། ལས་བརྒྱ་རྩ་གཅིག་པོ་དེ་དག་བཟུང་བར་མ་ཟད་ཀྱི་འདུལ་བ་དངལྡན་པའི་ལས་ཐམས་ཅད་འདུས་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྒོ་མང་ཡིག་ཆ་༤༢༡ལས། དགེ་འདུན་དང་འབྲེལ་བའི་ལས་ལ་ལས་གསུམ་གང་རུང་གིས་ཁྱབ་ཟེར་བ་དང༌། དགེ་འདུན་གྱི་ལས་ཀྱིས་ཁྱབ་ཟེར་ན། གང་ཟག་གིས་དགེ་འདུན་ལ་ཡོངས་དག་འབུལ་བ་ཆོས་ཅན། དེ་གཉིས་རེ་རེ་ནས་ཡིན་པར་ཐལ། དགེ་འདུན་དང་འབྲེལ་བའི་ལས་ཡིན་པའི་ཕྱིར་ཏེ། ཡུལ་དགེ་འདུན་ལ་ཞུ་བའི་ལས་ཡིན་པའི་ཕྱིར། དེས་གཞན་ལའང་འདྲ། །ཞེས་གསུངས་སོ། །ཀརྨ་ཤ་ཏཾ་ལས། ལས་ཀྱི་གྲངས་བརྒྱ་རྩ་གཅིག་ཏུ་ངེས་པར་གང་གིས་ཤེས་ཞེ་ན། གཏམ་གྱི་གཞི་ལས་ལས་ཀྱི་གྲངས་བརྗོད་པ་ལས། བཙུན་པ་ལས་དག་དུ་མཆིས། ཉེ་བར་འཁོརབརྒྱ་རྩ་གཅིག་གོ་ཞེས་ལུང་ཁུངས་དང་བཅས་ཏེ་གསུངས་སོ། །ཞིབ་པར་ཀརྨ་ཤ་ཏཾ་སོགས་ལས་ཤེས་པར་བྱའོ། །

གཉིས་པ་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་རྣམས་སྟོན་པ་ནི།

དགེསློང་བྱེ་མ་སྐྱེས་ལྟ་བུ་ལ་སྨྱོས་པའི་གནང་བ་དང་དགེ་སློང་གནས་ནས་ཕྱུང་བ་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་མི་བྱ་བའི་སྡོམ་པ་དང༌། མི་སྨྲ་བའི་སྡོམ་པ་དང༌། དེ་དག་དང་ཆོས་དང་ཟངཟིང་གི་ལོངས་མི་སྤྱད་པའི་སྡོམ་པ་དང༌། དེ་དག་གི་གཙུག་ལག་ཁང་དུ་འགྲོ་བར་མི་བྱ་བའི་སྡོམ་པ་དག་ནི་ཡུལ་དེའི་མངོན་སུམ་དུ་མ་གྱུར་པར་བྱའོ། །ཞེས་སོ། །འདི་གཏན་ལ་དབབཔ་ལ་བཞི་ལས། དང་པོ་མངོན་སུམ་དུ་མ་གྱུར་པའི་ལས་ལྔ་འདིར་བསྡུས་ལ་གཞན་མ་བསྡུསཔའི་འཐད་པ་ནི། འདིའི་ལུང་ཁུངས་ནི་མ་མོ་ལས། མངོན་སུམ་དུ་མ་གྱུར་པར་བྱ་བའི་ལསབཅུ་གང་ཞེ་ན། ལྷུང་བཟེད་ཁ་སྦུབ་པ་དང༌། ལྷུང་བཟེད་ཁ་སྦུབ་པ་བག་ཡངས་སུ་བྱ་བ་དང༌། ༼ཁྱིམ་གྱི་༽བསླབ་པའི་སྡོམ་པ་དང༌། བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང༌། དགེ་ཚུལགྱི་སྡོམ་པ་དང༌། སྨྱོས་པའི་གནང་བ་དང༌། ༼དགེ་སློང་གནས་ནས་ཕྱུང་བ་ལ་༽ཕྱག་མི་བྱ་བའི་སྡོམཔ་དང༌། མི་སྨྲ་བའི་སྡོམ་པ་དང༌། ལོངས་མི་སྤྱོད་པའི་སྡོམ་པ་དང༌། གཙུག་ལག་ཁང་གི་སྡོམཔའོ། །ཞེས་གསུངས་སོ། །དེ་ལྟར་ལུང་ལས་བཅུ་གསུངས་པ་ལས་ལྔ་ནི་འདིར་བསྡུས་ལ། གཞན་ལྔ་པོ་འདིར་མི་བསྡུ་བ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྨྱོས་པའི་གནང་བ་ལ་སོགས་པ་ལྔཔོ་འདི་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་གཞུང་དུ་བསྟན་དགོསཔ་ཡིན་ཏེ། བསྒྲུབ་བྱ་བསྙེན་རྫོགས་ལ་སྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམདུ་བྱའམ་སྙམ་དུ་དོགས་པ་བསལ་དགོས་པའི་ཕྱིར་རོ། །ལྷུང་བཟེད་ཁ་སྦུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་གྱི་ལས་ལྔ་པོ་དེ་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེསམདོ་རྩ་བའི་སྐབས་འདིར་བསྟན་མི་དགོས་པ་ཡིན་ཏེ། བསྙེན་པར་མ་རྫོགས་པ་འབའ་ཞིག་གིཡུལ་ལ་སྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམ་དུ་བྱའམ་སྙམ་པའི་དོགས་པ་མེདཔའི་ཕྱིར་རོ། །དེའང་རང་གི་རྣམ་བཤད་ལས། དེ་རྣམས་ནི་བསྙེན་པར་མ་རྫོགས་པའི་ཡུལ་ཡིན་པས་དེ་དག་ལ་མངོན་སུམ་དུ་གྱུར་པའི་དོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་གསུམ་པོ་འདི་དག་ཆོས་ཅན། མངོནསུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་མདོ་རྩ་བའི་སྐབས་འདིར་བསྟན་མི་དགོས་པར་ཐལ། བསྙེན་པར་མ་རྫོགས་པ་འབའ་ཞིག་གི་ཡུལ་ལ་སྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོནསུམ་དུ་བྱའམ་སྙམ་པའི་དོགས་པ་མེད་པའི་ཕྱིར་ཏེ། ཊཱི་ཀ་ལས། ལྷུང་བཟེད་ཁ་སྦུབ་པ་ནསདགེ་ཚུལ་བསྙིལ་བའི་བར་ལ་བྱ་བར་བཤད་པས་གྲུབ་བོ་ཞེ་ན། བསྙེན་པར་མ་རྫོགས་པ་འབའཞིག་གི་ཡུལ་ལ་སྒྲུབ་པ་དེ་མ་གྲུབ་སྟེ། གནས་ནས་ཕྱུང་བའི་དགེ་སློང་ལ་ཡང་སྒྲུབ་དགོས་པའིཕྱིར་རོ། །

གཉིས་པ་ཡུལ་གང་ལ་སྒྲུབ་པ་གཏན་ལ་དབབ་པ་ནི།

མི་སྨྲ་ལོངས་མི་སྤྱོད་གཙུགལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་ཡུལ་གང་ལ་བྱ་ཞེ་ན། ལྷུང་བཟེད་ཁ་སྦུབ་བྱས་པ་ལསོགས་པའི་བསྙེན་པར་མ་རྫོགས་པ་ལ་འདི་གསུམ་བྱ་ཞིང༌། གནས་ནས་ཕྱུང་བའི་དགེ་སློངལ་ཡང་འདི་གསུམ་བྱ་བ་ཡིན་ཏེ། སྔ་མ་ནི་ཊཱི་ཀ་ལས་ལྷུང་བཟེད་ཁ་སྦུབ་པ་ནས་དགེ་ཚུལབསྙིལ་བའི་བར་ལ་བྱ་བར་བཤད་པས་གྲུབ་ཅིང༌། ཕྱི་མ་ནི་ལུང་ཞུ་བ་ལས་མངོན་སུམ་དུ་མགྱུར་པར་ལས་རྣམས་བགྱིས་པར་འགྱུར་བར་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་མའིདགེ་འདུན་གྱིས་ཕྱག་མི་བྱ་བའི་སྡོམ་པའམ། ལོངས་སྤྱོད་དང་བྲལ་བའི་སྡོམ་པ་བྱིན་པའོ་ཞེསགསུངས་པ་དང༌། གཏམ་གྱི་གཞི་ལས། དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་བྱ་བརབཅས་པ་དང༌། གཏམ་མི་སྨྲ་བར་བཅས་པ་དང༌། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོསཔ་དེ་ལྟ་བུ་ནི་མངོན་སུམ་དུ་མ་གྱུར་ཀྱང་དགེ་འདུན་གྱི་ལས་བྱེད་ནའོ། །ཞེས་གསུངས་སོ། །མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་ཞེས་པའི་སྐབས་འདི་ཉིད་ཀྱི་རང་གི་རྣམ་བཤདལས་ཀྱང༌། འདི་རྣམས་ནི་བསྙེན་པར་རྫོགས་པ་མངོན་སུམ་དུ་གྱུར་པ་མ་ཡིན་པ་རྣམས་ལབྱེད་པ་ཡིན་ཞེས་བསྙེན་པར་རྫོགས་པ་ལ་འདི་གསུམ་བྱེད་པར་གསུངས་སོ། །

གསུམ་པ་དཀའ་བའི་གནས་གསུམ་གཏན་ལ་དབབ་པ་ནི།

མི་སྨྲ་ལོངས་མི་སྤྱོདགཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་གང་ལ་བྱ་བའི་ཡུལ་ནི། ཊཱི་ཀ་ལས། ལྷུང་བཟེདཁ་སྦུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་གྱི་སྡོམ་པ་ལྔ་པོ་བཅས་པ་དེ་དག་ལ་བྱ་ཞེས་གསུངསསོ། །འོ་ན་ལྷུང་བཟེད་ཁ་བསྲང་བ་དང་ཁྱིམ་གྱི་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་གཉིསནི། སྨྲ་བ་དང་ལོངས་སྤྱོད་པའི་ཕྱིར་ཡིན་པ་ལ་མི་སྨྲ་བ་དང་ལོངས་མི་སྤྱོད་པ་ལ་སོགས་བྱེདཔ་འགལ་ཏེ། གོ་དཀའ་བའི་གནས་དེ་དང་པོའོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་ལ་ཡངམི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་བྱེད་ན། ཁྱིམ་དུ་འགྲོ་བ་དང་སྟན་ལ་འདུགཔ་དང་ཆོས་བསྟན་པ་དག་བྱའོ་ཞེས་གསུངས་པ་དང་འགལ་ཏེ། གོ་དཀའ་བའི་གནས་གཉིསཔའོ། །མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་ལ་ལུང་དང་བསྟན་འཆོསལས་ནི་ལས་ཀྱི་ཆོ་ག་གསུངས་པ་མེད་པས་ཆོ་ག་ཅི་འདྲ་བ་ཞིག་བྱེད་དེ། གོ་དཀའ་བའི་གནསགསུམ་པའོ་ཞེ་ན། དཀའ་བའི་གནས་དང་པོ་ནི་ལྷུང་བཟེད་ཁ་བསྲང་བ་དང་ཁྱིམ་གྱི་བསླབ་པའིསྡོམ་པ་བག་ཡངས་སུ་བྱ་བ་དང་གཉིས་པོ་དེ་ནི་ཊཱི་ཀས་ཞར་ལ་ཤོར་བ་ཡིན་ནོ་ཞེས་སྔ་མ་རྣམསའཆད་པར་བྱེད་དོ། །རྣམ་གྲངས་གཞན་ཡང་སྐབས་འདིའི་ཊཱི་ཀ་དང་དེས་ཁུངས་སུ་དྲངས་པའིལུང་ལས། ལྷུང་བཟེད་ཁ་སྦུབ་པ་བག་ཡངས་སུ་བྱ་བ་དང་བསླབ་པའི་སྡོམ་པ་བག་ཡངས་སུབྱ་བ་དང་ཞེས་གསུངས་ཀྱི། དེ་གཉིས་བག་ཡངས་སུ་བྱས་པ་དང་ཞེས་ནི་མ་གསུངས་ཏེ། དེའངལྷུང་བཟེད་ཁ་སྦུབ་བྱས་པའི་ཁྱིམ་བདག་རབ་བྱུང་ལ་གཤེ་སྐུར་བཏབ་པ་ལ་འགྱོད་པར་གྱུར་པ་ན། ཁ་སྦུབ་པ་བག་ཡངས་སུ་བྱས་ནི་མ་ཟིན་པ་ན་ཁྱིམ་བདག་དེ་ནི་གང་ལ་ལྷུང་བཟེད་ཁསྦུབ་པ་བག་ཡངས་སུ་བྱ་བ་ཡིན་ནོ། །དེ་བཞིན་དུ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་དེའི་ཡོ་བྱད་སོར་ཆུད་པར་གྱུར་པ་ནས། ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བག་ཡངས་སུབྱས་ནི་མ་ཟིན་པ་ན་ཁྱིམ་བདག་དེ་ནི་གང་ལ་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་སྟེ། དེ་ལྟར་ན་ཡུལ་གང་ལ་བག་ཡངས་སུ་བྱ་བའི་ཁྱིམ་བདག་དེ་ལ་ནི་མི་སྨྲ་བ་ལ་སོགས་པ་གསུམ་པོ་དེ་དག་བྱ་དགོས་ཏེ། ཁ་སྦུབ་པ་དང་བསླབ་པའི་སྡོམ་པ་དེ་གཉིས་བག་ཡངས་སུ་བྱ་བརའོས་ལ། དེ་གཉིས་བག་ཡངས་སུ་བྱས་ནི་མ་ཟིན་པའི་ཕྱིར་རོ། །འོན་ཀྱང་བག་ཡངས་སུ་བྱབར་གསོལ་བ་ལན་གསུམ་འདེབས་པའི་ཁྱིམ་པས་བརྗོད་པ་ན། དགེ་སློང་གིས་ཁྱིམ་པ་དེ་ལ་རྗེས་སུ་བརྗོད་པ་སློབ་པར་རིགས་ཏེ། འདི་ནི་དགེ་སློང་གིས་དེ་ལ་མི་སྨྲ་བའི་དམིགས་བསལཡིན་པར་སེམས་སོ། །དཀའ་བའི་གནས་གཉིས་པ་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དེ་ནས་ཟས་བསླང་བའི་བསམ་པས་ནི་མི་སྨྲ་བ་དང་ལོངས་མི་སྤྱོད་པ་ལ་སོགས་པ་ཡིན་ལ། ཟས་བསླང་བའི་བསམ་པ་མེད་པར་ནི་ཁྱིམ་དུ་འགྲོ་བ་དང་སྟན་ལ་འདུག་པ་དང་ཆོས་བསྟནཔ་དག་བྱ་བ་སྟེ་འགལ་བ་མེད་དོ། །དཀའ་བའི་གནས་གསུམ་པ་ལ་ནི་མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་འདི་གསུམ་ནི་ལས་བཏགས་པ་ཡིན་ཏེ། གཏམ་སྨྲ་བ་དང་ལོངསསྤྱོད་པ་ལ་སོགས་པ་ཡང་དག་པར་སྡོམ་པ་ལ་ལས་སུ་མིང་བཏགས་པ་ཙམ་མོ། །དེས་ན་འདིགསུམ་ལ་ལས་ཀྱི་ཆོ་ག་ནི་མེད་དེ། འདུལ་བ་ལུང་ན་འདི་གསུམ་ལ་ལས་ཀྱི་ཆོ་ག་ཡིག་འབྲུ་གཅིག་ཀྱང་མེད་དོ། །དེའི་རྒྱུ་མཚན་གྱིས་ཀརྨ་ཤ་ཏཾ་ལ་སོགས་པའི་འདུལ་བའི་བསྟན་བཅོས་གང་ནའང་འདི་གསུམ་ལ་ལས་ཀྱི་ཆོ་ག་བཤད་པ་མེད་དོ། །འདི་གསུམ་ནི་ལས་བརྒྱ་རྩ་གཅིགསྡོམ་གྱིས་བསྡུས་པར་ཡང་མ་གཏོགས་ཏེ། འདི་གསུམ་ལས་མཚན་ཉིད་པ་ཡིན་ན་ནི་དངོས་སུ་གསུངས་པའི་ལས་བརྒྱ་རྩ་བཞིར་མི་འགྱུར་རམ་ཞེས་དཔྱད་པར་རིགས་སོ། །འོ་ན་མངོན་སུམ་དུ་མ་གྱུར་པའི་ལས་བཅུ་མེད་པར་ཐལ། འདི་གསུམ་ལ་ལས་ཀྱི་ཆོ་ག་མེད་པའི་ཕྱིར་རོ་ཞེ་ན། འདོད་རིགས་ཏེ། ལས་མཚན་ཉིད་པ་དང་བཏགས་པ་བ་གཉིས་ཀ་བགྲངས་ན་བཅུཡོད་ཀྱང་སྤྱིར་ལས་ཡིན་པའི་མངོན་དུ་མ་གྱུར་བའི་ལས་བཅུ་མེད་པའོ། །

བཞི་པ་མཐོང་ཐོས་ཚོགས་པའི་མངོན་སུམ་དུ་སྒྲུབ་པར་མི་བྱ་བ་ནི།

ཊཱི་ཀ་ལས། ལསབཅུ་པོ་དེ་དག་ནི་ལྟ་བའི་ཉེན་ཀོར་དུ་བཞག་པ་ཉིད་ཀྱིས་མངོན་སུམ་དུ་བསྒྲུབ་པར་ཡང་མིབྱའོ་ཞེས་གསུངས་ཏེ། མཐོང་ཐོས་ཚོགས་པའི་མངོན་སུམ་དུ་བསྒྲུབ་པར་ཡང་མི་བྱའོ་ཞེསབསྟན་པའོ། །མཐོང་ཐོས་ཚོགས་པའི་མངོན་སུམ་དུ་མི་བྱ་བ་འདི་ལ་གཉིས་ཏེ། མཐོང་ཐོསགཉིས་ཀའི་མངོན་སུམ་དུ་མ་གྱུར་པར་བྱ་བ་དང༌། ཐོས་པ་ཁོ་ནའི་མངོན་སུམ་དུ་མ་གྱུར་པར་བྱ་བའོ། །དང་པོ་ནི། མྱོས་པའི་གནང་བ་དང༌། ཕྱག་མི་བྱ་བ་དང༌། ཁྱིམ་གྱི་བསླབ་པའི་སྡོམཔ་སྦྱིན་པ་དང༌། ལྷུང་བཟེད་ཁ་སྦུབ་པ་སྟེ་བཞིའོ། །གཉིས་པ་ནི་དགེ་ཚུལ་བསྙིལ་བ་དང་ཁྱིམགྱི་བསླབ་པའི་སྡོམ་པ་གཞིག་པ་དང་ལྷུང་བཟེད་ཁ་བསྲང་བ་དང་གསུམ་ནི་ལས་ཐོས་པའིམངོན་སུམ་དུ་མ་གྱུར་པར་བྱ་བ་ཡིན་ཡང༌། མཐོང་བའི་མངོན་སུམ་དུ་སྒྲུབ་པར་བྱ་བ་ཡིན་ཏེ། ལུང་རྣམ་འབྱེད་གཉིས་ཀ་དང་ཀརྨ་ཤ་ཏཾ་ལ་སོགས་པ་ལུང་དང་བསྟན་བཅོས་ཀྱི་གཞུང་བཅུ་གཅིག་ལས་གསུངས་སོ། །དེ་ཡང་དགེ་ཚུལ་བསྙིལ་བ་ལ་ནི་དེ་ལྟར་ཡིན་པའི་གཞུང་ལྔ་ཡོད་དེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དགེ་ཚུལ་ཚེར་མ་དང་ཆེན་པོ་བ་གཉིས་ཐོས་པའིཉེན་ཀོར་ནས་སྤངས་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ནས། དགེ་ཚུལ་བསྙིལ་བ་གསོལ་བདང་བཞིའི་ལས་བྱའོ་ཞེས་གསུངས་པ་དང་ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་འདུག་ཏུབཅུག་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བར་བྱའོ་ཞེས་གསུངས་པ་དང༌། ཀརྨ་ཤ་ཏཾ་ལས་ཀྱང༌། དགེ་ཚུལ་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞགནས། དགེ་ཚུལ་བསྙིལ་བ་གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་ལ། དེ་ཁོ་ནར་བམ་པོལྔ་བཅུ་པ་དང་འགྲེལ་ཆུང་ལས་ཀྱང་བཤད་དོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་ལ་ནི་དེ་ལྟར་ཡིན་པའི་གཞུང་བཞི་ཡོད་དེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དམག་དཔོན་སེངགེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ནས་ཁྱིམ་གྱི་བསླབ་པའིསྡོམ་པ་གཞིག་པ་གསོལ་བ་འབའ་ཞིག་པའི་ལས་བྱའོ། །ཞེས་གསུངས་པ་དང༌། ཀརྨ་ཤ་ཏཾ་ལས་ཀྱང༌། སྦྱིན་བདག་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞགནས་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་གསོལ་བ་འབའ་ཞིག་གི་ལས་བྱའོ། །ཞེས་གསུངསལ། དེ་ཁོ་ན་བཞིན་དུ་བམ་པོ་ལྔ་བཅུ་པ་ལས་ཀྱང་བཤད་དོ། །རྣམ་འབྱེད་ཀྱི་འགྲེལ་པ་ལས་ཀྱང་མཐོང་བའི་ཉེན་ཀོར་དུ་བཞག་ནས་ཞེས་བྱ་བ་ནི་གསོལ་བའི་ལས་བྱེད་པའི་མཚན་མབསྟན་པར་བྱ་བའི་ཕྱིར་རོ། །ཞེས་གསུངས་སོ། །ལྷུང་བཟེད་ཁ་བསྲང་བ་ལ་ནི་དེ་ལྟར་ཡིནཔའི་གཞུང་གཉིས་ཡོད་དེ། ལུང་ཕྲན་ཚེགས་ལས། ལི་ཙ་བྱི་ཆེན་པོ་ཐོས་པའི་ཉེན་ཀོར་ནསབཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ལ་ལྷུང་བཟེད་ཁ་བསྲང་བ་གསོལ་བ་འབའ་ཞིགགི་ལས་བྱའོ། །ཞེས་དང༌། ལུང་ཕྲན་ཚེགས་འགྲེལ་པ་ལས། མཐོང་བའི་ཉེན་ཁོར་ནི་གང་དུའདུག་ན་དགེ་འདུན་མཐོང་བར་གྱུར་པའོ། །ཞེས་གསུངས་སོ། །མདོར་ན་དགེ་ཚུལ་བསྙིལ་བ་ལ་སོགས་པ་དེ་དག་ཐམས་ཅད་མཐོང་ཐོས་ཚོགས་པའི་མངོན་སུམ་དུ་སྒྲུབ་པར་མི་བྱའོ། །

ལས་བྱེད་པ་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཞེས་དངོས་སུ་བསྟན་ནས། དེ་ལས་གཞནཔའི་ཁ་སྐོང་གི་ཆོས་རྣམས་བསྡུ་བའི་ཕྱིར་ཁ་སྐོང་བར་འོས་པ་ཞེས་སྨོས་སོ། །

གཉིས་པ་བསྡུ་བ་ནི། ལས་དེ་རྣམས་ཐམས་ཅད་བསྡུ་ན་གསུམ་དུ་འདུས་ཏེ། གསོལབ་འབའ་ཞིག་པའི་ལས་དང༌། གསོལ་བ་དང་གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ལསསོ། །དེའང་གཏམ་གྱི་གཞི་ལས། བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བརའཁོར་གསུམ་གྱིས་ཏེ་ཞེས་གསུངས་ལ། འབད་པ་ཆུང་འབྲིང་ཆེ་གསུམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་གི་དོན་དུ་གང་ཟག་ལ་ལན་གསུམ་བརྗོད་པ་ནི། ཆོས་གོས་དང་ལྷུངབཟེད་བྱིན་གྱིས་བརླབ་པ་དང༌། ལྟུང་བྱེད་བཤགས་པ་ལ་སོགས་པའོ། །གཞན་དོན་དུ་གངཟག་ལ་བརྗོད་པ་ནི། ལན་གསུམ་བརྗོད་དེ་ལུང་གཞི་ལས། འདུན་པ་དགེ་སློང་ལ་བརྗོད་ནའདུག་སྟེ་ལན་གསུམ་བརྗོད་པར་གསུངས་པ་ལྟ་བུའོ། །གཞན་དོན་དུ་དགེ་འདུན་ལ་བརྗོད་ན་ནི་ལན་ཅིག་བརྗོད་པ་སྟེ། ལུང་གཞི་ལས་འདུན་པ་དགེ་འདུན་ལ་བརྗོད་ན་འགྲེང་སྟེ་ལནཅིག་བརྗོད་པར་གསུངས་པ་དང༌། རབ་ཏུ་འབྱིན་པའི་ཞུ་བ་ལན་ཅིག་བརྗོད་པ་ལྟ་བུའོ། །

གང་ཟག་ཅེས་སྨོས་པས་ནི་བརྗོད་པའི་ཡུལ་དགེ་འདུན་དུ་ལོངས་པ་མི་དགོས་པར་བསྟན་ཏོ། །

དགེ་སློང་ལ་ཞེས་སྨོས་པ་ནི་བརྗོད་པའི་ཡུལ་དགེ་ཚུལ་ལ་སོགས་པ་མ་ཡིན་པར་བསྟན་ཏོ། །ཆོས་གོས་བྱིན་གྱིས་བརླབ་པ་འམ། སྤོ་བ་སྦྱིན་པར་གསོལ་བ་འདེབས་པ་ལ་སོགས་པ་རངགི་དོན་དུ་སྔགས་ལན་གསུམ་རྗོད་པར་བྱེད་པ་ཉིད་ན་ཕ་རོལ་པོ་དེ་ཕྱག་བྱ་བ་དེའི་འོས་ཉིད་ལ་ཕྱག་བྱས་ཏེའོ་ཞེས་སོ། །དེའང་རང་གི་དོན་དུ་ཞེས་སྨོས་པའི་ཤུགས་ཀྱིས་གཞན་གྱི་དོན་དུབརྗོད་ན་ནི་ཕྱག་བྱ་མི་དགོས་སོ་ཞེས་བསྟན་ཏེ། དེའི་དམིགས་བསལ་ནི་བདག་སང་ལྷུང་བཟེདའབྲེལ་མེད་འབྲིམ་པར་འགྱུར་གྱིས་ཞེས་དགེ་འདུན་ལ་བརྗོད་པའི་ཚེ་ན་གཞན་གྱི་དོན་དུབརྗོད་པ་ཡིན་ཡང་ཕྱག་འཚལ་དགོས་པར་ལུང་རྣམ་འབྱེད་དང་ཀརྨ་ཤ་ཏཾ་ལས་བཤད་དོ། །སྔགས་ལན་གསུམ་བརྗོད་ཅེས་སྨོས་པའི་ཤུགས་ཀྱིས་སྔགས་ལན་ཅིག་རྗོད་པར་བྱེད་པ་ན་ནིཕྱག་མི་དགོས་སོ་ཞེས་བསྟན་ཏེ། དེའི་དམིགས་བསལ་སོ་སོར་བཤགས་པར་བྱ་བའི་མཐོལ་བའི་སྔགས་རྗོད་པར་བྱེད་པ་ན་ཕྱག་འཚལ་དགོས་པར་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །རྐྱེན་དབང་གིས་དགག་དབྱེ་ལན་ཅིག་བརྗོད་པ་ན་ཡང་ཡུལ་དེ་བསླབ་པ་རྒན་ན་ཕྱག་བྱ་དགོསསོ། །དེའི་འོས་ཉིད་ལ་ཞེས་སྨོས་པའི་ཤུགས་ཀྱིས་ཕྱག་བྱ་བ་དེའི་འོས་ཉིད་མ་ཡིན་ན་ནི་ཕྱག་བྱ་མི་དགོས་སོ་ཞེས་བསྟན་ཏེ། རང་ལས་བསླབ་པ་གཞོན་པའམ་སྡོམ་པ་ཐོབ་དུས་མཉམཔ་ཡིན་ན་ནི་ཕྱག་བྱ་མི་དགོས་པའོ། །མཚམས་པོ་ཆེར་གྱུར་པའི་ས་གཞིའི་སྟེང་ན་འདུག་པའི་དགེ་འདུན་རྣམས་ཀྱིས་དཀྱིལ་འཁོར་བ་གཅོད་དུ་མི་རུང་ལ། དཀྱིལ་འཁོར་བར་གྱུར་པའི་སགཞིའི་སྟེང་ན་འདུག་པའི་དགེ་འདུན་རྣམས་ཀྱིས་མཚམས་པོ་ཆེ་བཅད་དུ་མི་རུང་བས། མཚམསདེ་གཉིས་སོ་སོ་རང་རང་གི་ཕྱོགས་བཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་འདུན་སྡེ་ཚནགཉིས་སོ་སོར་བཀོད་ནས་མཚམས་དེ་གཉིས་གཅོད་པ་སྟེ། ལུང་གཞི་ལས། མཚམས་གཉིསཀར་དགེ་འདུན་བཀོད་དེ། དགེ་སློང་ལས་བྱེད་པས་མཚམས་གཉིས་ཀར་ཤིང་ངམ་དབྱུག་པའམསེག་གམ་རེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་གསུངས་ལ། ཀརྨ་ཤ་ཏཾལས་ཀྱང་ངོ༌། །མཚམས་བཅད་ཟིན་པ་བསྲུང་བ་དང་འདྲ་བའི་དམིགས་བསལ་ནི། མཚམསཔོ་ཆེའི་ཁོངས་ན་ཡོད་པའི་དཀྱིལ་འཁོར་བ་འཇིགས་པ་བསྲུང་བ་ནི་དགེ་སློང་མཚམས་པོ་ཆེ་ན་གནས་པས་ཀྱང་འགྲུབ་མོད་ཀྱི། དཀྱིལ་འཁོར་བ་གཅོད་པ་ནི་དགེ་སློང་མཚམས་པོ་ཆེ་ན་གནས་པ་རྣམས་ཀྱིས་མི་འགྲུབ་སྟེ། དཀྱིལ་འཁོར་བ་ཉིད་དུ་བྱེད་པའི་ཕྱོགས་བཞིའི་མཚན་མབཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་སློང་རྣམས་འདུག་སྟེ་དཀྱིལ་འཁོར་བ་བཅདཔར་བྱའོ། ། རྒྱལ་བ་ནི་ཊཱི་ཀ་ལས། མ་འདུས་པའི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ་ཞེསབཤད་པ་དང་མཐུན་པར། ལུང་གླེང་གཞི་ལས་མཚམས་ཀྱི་ནང་ན་རྒྱལ་བ་བཞུགས་བཞིན་དུདེ་མ་འདུས་པར་ལས་བགྱིར་རུང་ངམ། ཨུ་པ་ལི་རུང་ངོ། །ཞེས་གསུངས་སོ། ། གསོལ་བའམབརྗོད་པའི་ཚིག་ཕལ་ཆེར་བྱས་པ་སྟེ་སུམ་གཉིས་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་པ་འདིལུང་ལས་མཚམས་གཅོད་པ་ལ་གསུངས་ཀྱང་ལས་ཐམས་ཅད་ལ་མཚུངས་པར་མདོ་འདིསབྱས་སོ། །

གསུམ་པ་མཚན་ཉིད་ནི།

དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་ཆོ་ག་ཁྱད་པར་ཅནགྱི་སྒོ་ནས་གྲོས་སུ་བསྡུར་བའི་བདག་ཉིད་དུ་གནས་པ་སྟེ། དེ་ནི་འདུལ་བ་ནས་གསུངས་པའི་ཆོ་ག་རྣམ་གཞག་གི་ལས་ཀྱི་མཚན་ཉིད་དོ། །མི་དགེ་བ་བཅུ་ལ་སོགས་པའི་ལས་ནི་མཚནཉིད་དེས་མ་ཁྱབ་བོ། །

བཞི་པ་རྟེན་གང་ལ་ལས་གང་བཞག་པ་ནི། དགེ་སློང་མའི་སྟོན་པ་བསྐོ་བ་དང༌།

དགག་དབྱེ་བྱེད་པ་པོ་བསྐོ་བ་དང༌། རས་ཆེན་སྤེད་པ་པོ་བསྐོ་བ་དང༌། གཟུ་བོ་དང་གསལ་བདང་གསལ་བའི་གསལ་བ་བསྐོ་བ་ནི་རྟེན་སྐྱེས་པ་རྣམས་ཀྱིའོ། །ཕྱག་མི་བྱ་བའི་སྡོམ་པ་དང༌། བཟློག་པའི་ཕམ་པའི་སྐབས་ཀྱི་བསྐོ་བ་དང༌། དཀོན་མཆོག་གཏོང་བ་ལ་སོགས་པ་ལ་བཟློགཔའི་ཕྱིར་བསྐོ་བ་དང༌། སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོགཔའི་གནང་བ་སྦྱིན་པ་དང༌། བུ་ཆུང་ངུ་དང་ལྷན་ཅིག་ཉལ་བ་དང་ཉེ་དུ་དང་ལྷན་ཅིག་འབྲེལབའི་གནང་བ་སྦྱིན་པ་ནི་བུད་མེད་རྣམས་ཀྱིའོ། །བསྙེན་རྫོགས་བྱ་བའི་ལས་ལ་སོགས་པ་སྟེ་ལས་ཕལ་ཆེ་བ་རྣམས་ནི་སྐྱེས་པ་དང་བུད་མེད་ཐུན་མོང་གི་ལས་ཡིན་ནོ། །

ལྔ་པ་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པའི་ཚུལ་ནི།

བཅོམ་ལྡན་འདས་ཀྱིསདངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པ་སྟེ། ཀརྨ་ཤ་ཏཾ་ལས། ལས་ཀྱིགྲངས་བརྒྱ་རྩ་གཅིག་ཏུ་ངེས། ཞེས་གསུངས་སོ། །དེའང་དངོས་སུ་གསུངས་པའི་ལས་བརྒྱ་རྩགཅིག་ཏུ་ངེས་པ་ཡིན་ཡང༌། མདོར་བསྡུས་དང་བཅས་ན་དེར་མ་ཟད་དེ། ལུང་གཞིའི་འགྲེལཔ་ལས། ལས་བརྒྱ་རྩ་གཅིག་པོ་གཙོ་ཆེར་སྨོས་པར་ཟད་ཀྱི། འདིར་ལས་བརྒྱ་རྩ་གཅིག་པོདག་ཉི་ཚེ་བཟུང་བར་མ་ཟད་དེ། འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིགཔར་བྱའོ་ཞེས་བཤད་པ་དང༌། ལུང་ཕྲན་ཚེགས་ལས། འདུལ་བ་སྡུད་པ་པོ་བསྐོ་བ་གསོལ་བདང་གཉིས་ཀྱི་ལས་དང༌། མདོ་སྡེ་སྡུད་པ་པོ་བསྐོ་བ་གསོལ་བ་དང་གཉིས་ཀྱི་ལས་ཀྱི་ཆོ་ག་རྒྱསཔར་གསུངས་པ་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བའི་སོ་སོ་ཐར་པའི་སྡོམ་པ་གཏནལ་དབབ་པའི་སྐབས་ལས། དགེ་འདུན་གྱི་དབྱེན་སྤང་བའི་དོན་དུ་བག་ཡངས་བྱ་བ་གང་ཟགརླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དུ་བག་ཡངས་བྱ་བར་གསོལ་བ་དང༌། བཞིའི་ལསདང༌། བསྟན་པ་འཕེལ་བར་བྱ་བའི་དོན་དུ་བག་ཡངས་བྱ་བར་གསོལ་བ་དང་བཞིའི་ལས་དང༌།

དཀའ་བས་འཚོ་བ་སྤང་བའི་དོན་དུ་བག་ཡངས་བྱ་བ་གསོལ་བ་དང་བཞིའི་ལས་ཀྱི་བསླབ་པའིགཞི་ཕྲ་བ་བག་ཡངས་སུ་བྱེད་པའོ། །ཞེས་གསུངས་སོ། །

དྲུག་པ་སྐབས་འདིར་གསོལ་བཞིའི་ལས་སྨོས་ལ་གཞན་མི་སྨོས་པའི་འཐད་པ་ནི།

གསོལ་བཞིའི་ལས་མ་ཡིན་པ་ལ་ཡིན་པར་སྒྲོ་འདོགས་བསལ་བའི་དགོས་པ་ཡོད་པའི་ཕྱིར་རོ། །འདི་ལྟར་གྲངས་སུ་གཞུག་པ་བཞི་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། བཟོདཔ་གསོལ་བ་སྟེ་ཁ་བསྲང་བ་དང༌། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང༌། རྩོད་པ་སྦེད་པ་པོ་བསྐོབ་སྟེ། དང་པོ་དྲུག་གསོལ་བ་འབའ་ཞིག་པའི་ལས་ཡིན་ལ། ཐ་མ་གཉིས་གསོལ་གཉིས་ཀྱིལས་ཡིན་པར་ལུང་གི་དཔེ་ཕལ་ཆེར་ལས་གསུངས་པ་དེ་རྣམ་དག་ཡིན་ལ། བརྒྱད་པོ་དེ་རྣམསཀྱང་གསོལ་བཞིའི་ལས་སུ་འདུལ་བ་ལུང་གི་དཔེ་ཁ་ཅིག་ལས་སྣང་ཡང༌། འདིར་ནི་གསོལབཞིའི་ལས་སུ་མ་བྱས་ཏེ། བརྒྱད་པོ་དེ་རྣམས་ཀྱང་གསོལ་བཞིའི་ལས་ཡིན་ན་ནི། གསོལ་བཞིའིལས་སུམ་ཅུ་རྩ་བརྒྱད་དུ་འགྱུར་བ་ལས། གཏམ་གྱི་གཞི་ལས། བཙུན་པ་ལས་དུ་དག་མཆིས། ཉེ་བར་འཁོར་བརྒྱ་རྩ་གཅིག་གོ །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བརའཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། གསོལ་བའི་ལས་དང༌། གསོལ་བ་དང་གཉིས་ཀྱིལས་དང༌། གསོལ་བ་དང་བཞིའི་ལས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་གོ་དེ་དག་ལ་གསོལབའི་ལས་དག་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ། གསོལ་བ་དང་བཞིའི་ལསདག་ནི་དུ་མཆིས། བཀའ་སྩལ་པ། ཉེ་བར་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལབ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུ་ཞེས་གསུངས་ཏེ། དྲུག་པོ་གསོལ་བ་འབའ་ཞིག་པའི་ལས་སུ་བསྡུ་ཞིང༌། གཉིས་པོ་གསོལ་གཉིསཀྱི་ལས་སུ་བསྡུས་ནས། གསོལ་བཞིའི་ལས་སུམ་ཅུ་ཉིད་དུ་གསུངས་པས་སོ། །རང་གི་དོན་དུདགེ་འདུན་ལ་ལན་གསུམ་བརྗོད་པ་ནི། བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་དང༌། སྤོ་མགུ་སྦྱིན་པར་གསོལ་བ་འདེབས་པ་ལ་སོགས་པའོ། །ལས་ཀྱི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

བཞི་བ་ཉམས་ན་ཕྱིར་བཅོས་པའི་གཞི་བཤད་པ།

བཞི་བ་ཉམས་ན་ཕྱིར་བཅོས་པའི་གཞི་བཤད་པ།

བཞི་བ་ཉམས་ན་ཕྱིར་བཅོས་པའི་བདུན་གཞི་བཤད་པ་ལ། ལྟུང་བ་ཕྱིར་བཅོས་དང༌། རྩོདཔ་ཕྱིར་བཅོས་གཉིས། དང་པོ་ལ་ཕྱིར་བཅོས་ཀྱི་གཞི་དངོས་དང༌། དུས་དང་དུས་མ་ཡིན་པའབྱུང་བའི་གཞི་བཤད་པ་དང༌། ས་གཞན་ན་གནས་པ་སྤྱོད་པའི་གཞི་དང༌། ཡོངས་སུ་སྦྱོང་བའི་གཞི་དང༌། ལས་དབྱེ་བའི་གཞི་དང༌། འཁོར་ལོ་དབྱེ་བའི་གཞི་དང་དྲུག དང་པོ་ཕྱིརབཅོས་པའི་གཞི་དངོས་འཆད་པ་ལ། རང་མི་སྤྲོ་ན་ནན་ཏུར་གྱི་སྒོ་ནས་ཕྱིར་བཅོས་པ་དང༌། སྤྲོབ་མཐོལ་བཤགས་ལ་སོགས་ཀྱི་སྒོ་ནས་དག་པ་སྒྲུབ་པ་དང་གཉིས། དང་པོ་ལ་གཞི་གང་ལ་ནན་ཏུར་བྱ་བ་སྤྱིར་བཤད་པ་དང༌། ནན་ཏུར་བྱས་པ་ལ་བཟོད་པ་བྱ་བའི་ཚུལ་བཤད་པ་དང༌། ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་བྱ་བ་བཤད་པ་དང་གསུམ། དང་པོ་ལ། རྩ་བར། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དགུ་ལས། དང་པོ་གླེང་གཞི་ནི། ནབསསོ་དང་འགྲོ་མགྱོགས་གཉིས་ཀྱིས་དགེ་སྦྱོང་གི་ཆོས་མ་ལེགས་པ་མང་པོ་བྱས་པ་ལ་ནན་ཏུར་བཅས་པ་ཡིན་པར་འདོད་མཁན་ཡོད་ཀྱང་འདི་གཉིས་ཕྱིར་བཅོས་ཀྱི་སྤྱིའི་གླེང་གཞི་མ་ཡིན་པར་དགེ་སློང་དམར་སེར་ཅན་ལ་བསྡིགས་པ་ནན་ཏུར་གྱི་སྒོ་ནས་ཕྱིར་བཅོས་སུ་གཞུག་པ་ནས་བཅས་པ་མཛད་པ་ཡིན་ཏེ། ལུང་གཞི་ལས། དམར་སེར་ཅན་དག་བསྡིགས་པ་དང༌། །

ལེགས་ལྡན་སྨད་པར་བྱ་བ་དང༌། །འགྲོ་མགྱོགས་དང་ནི་ནབས་སོ་གཉིས། །བསྐྲད་དང་ཆུསྟོད་ཕྱིར་འགྱེད་དང༌། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ནན་ཏུར་གྱི་དབྱེ་བ་ནི།

མདོར་བསྡུས་སྦྱར་བའི་གནས་ནས་དབྱུང་བ་གསུམཡང་བགྲངས་ན་ནན་ཏུར་བཅོ་བརྒྱད་ཡོད་ཀྱང་བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའིནན་ཏུར་བཅོ་ལྔ་སྟེ། དེའང་བསྡིགས་པ་ནན་ཏུར་ནི། འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགསཔ་སྟེ། དེའང་མི་འདོད་བཞིན་དུ་གསོལ་བཞིའི་ལས་བྱས་ཏེ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་དགོས་པ་ཆད་ལས་སུ་བཀལ་ཞིང༌། དེས་ཀྱང་མ་དུལ་ན་གནས་ནས་འབྱིན་པས་བསྡིགསཔའོ། །སྨད་པ་ནན་ཏུར་ནི་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་གཉེན་པོ་ཆུང་བའི་སྒོ་ནས་སྨད་པའོ། །བསྐྲད་པ་ནན་ཏུར་ནི། ཁྱིམ་པ་སུན་འབྱིན་པ་དེ་སུནཕྱུང་བའི་གནས་དེ་ནས་ཕྱིར་བསྐྲད་པའོ། །ཕྱིར་འགྱེད་ནན་ཏུར་ནི། ཁྱིམ་པ་ལ་སོགས་པ་བརྙསཐབས་བྱེད་པ་ལ་མཛའ་གཅུགས་ཀྱི་དངོས་པོས་བཏང་པས་སྒོ་ནས་ཕྱིར་འགྱེད་པའོ། །གནསནས་དབྱུང་བ་བདུན་ནི། མ་མཐོང་བ་གནས་ནས་དབྱུང་བ་དང༌། ཕྱིར་མི་འཆོས་པ་དང༌། སྡིགལྟ་མི་གཏོང་བ་དང༌། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་དང༌། རྣམ་པར་གཏན་ལ་འབེབསཔ་ལས་གྱུར་པ་ཉེ་བར་མ་ཞི་བ་དང༌། འཐབ་ཀྲོལ་དངོས་སུ་མི་བྱེད་ཀྱང་འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་དང༌། དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་གནས་དབྱུང་བའོ། །གསོ་སྦྱོང་བཞག་པའི་ནན་ཏུར་ནི། གདམས་ངག་བཞག་པས་མ་དུལ་བ་ལ་དེ་དགེ་འདུན་དང་ལྷན་ཅིགཏུ་གསོ་སྦྱོང་བྱེད་དུ་མི་འཇུག་པའོ། །དགག་དབྱེ་བཞག་པའི་ནན་ཏུར་ནི། གསོ་སྦྱོང་བཞགཔས་མ་དུལ་བ་ལ་དགེ་འདུན་དང་ལྷན་ཅིག་ཏུ་དགག་དབྱེ་བྱེད་དུ་མི་འཇུག་པའོ། །བསྙིལ་བ་ནི་དགེ་ཚུལ་ཕ་དང་དགེ་ཚུལ་མ་བསྙིལ་བ་ལུང་ལས་དངོས་སུ་གསུངས་སོ། །ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་པ་ནི། ཁྱིམ་པས་རབ་ཏུ་བྱུང་བ་ལ་གཤེ་སྐུར་འདེབས་ན་གསོལ་བ་འབའ་ཞིགགི་ལས་བྱ་སྟེ། དེ་ལ་རབ་བྱུང་རྣམས་ཀྱིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པ་སྤང་བའོ། །

གསུམ་པ་ནན་ཏུར་གྱི་བསྡུ་བ་ནི།

ཡུལ་གྱི་ཆ་ནས་བསྡུ་ན། རབ་ཏུ་བྱུང་བ་ལ་སྒྲུབཔ་དང༌། ཁྱིམ་པ་ལ་སྒྲུབ་པ་གཉིས་སུ་འདུས་ལ། ཆོ་གའི་སྒོ་ནས་བསྡུ་ན། གསོལ་བཞིའི་ལསཀྱིས་སྒྲུབ་པ་དང༌། གསོལ་བ་འབའ་ཞིག་པའི་ལས་ཀྱིས་སྒྲུབ་པ་གཉིས་ཏེ། སྔ་མ་རྣམས་དངཐ་མ་གོ་རིམ་བཞིན་ནོ། །ངོ་བོའི་ཆ་ནས་བསྡུ་ན་སྨད་པ་ནན་ཏུར་དང་སྤངས་པ་ནན་ཏུར་རྣམ་དག་གི་ལས་བཞག་པའི་ནན་ཏུར་དང་གསུམ་དུ་འདུས་ཏེ། སྨད་པ་ནི་སྔ་མ་བཞིའོ། །སྤངསཔ་ནི་གནས་དབྱུང་བདུན་དང་བསྙིལ་བ་དང་ལྷུང་བཟེད་ཁ་སྦུབ་པ་སྟེ་དགུའོ། །ཐ་མ་ནི་གསོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པའོ། །

བཞི་པ་ནན་ཏུར་གྱི་མཚན་ཉིད་ནི།

མི་འདོད་བཞིན་དུ་ལས་ཀྱིས་ཆད་པར་བཅས་པམཇུག་བཟོད་པ་གསོལ་དགོས་རུང་དུ་ཡོད་པའོ། །རྣམ་བཅད་ནི་མི་འདོད་བཞིན་དུ་ཞེས་པསངོ་བོ་ཉིད་འཚོལ་བ་སེལ་ལོ། །ལས་ཀྱིས་ཞེས་པས་ནི། ལས་ཀྱི་ཆོ་ག་མེད་པར་གནས་ཀྱི་བླམས་སློབ་མ་ལ་ཆད་པ་ལྔ་བྱ་བར་གསུངས་པ་དེ་དག་སེལ་བའོ། །ཆད་པར་བཅས་ཞེས་པས་གྲངས་སུ་གཞུག་པ་བཞི་སེལ་ལོ། །མཇུག་བཟོད་པ་གསོལ་དགོས་རུང་ཞེས་པས་ནན་ཏུརགཞན་སྟོབས་ཀྱིས་གྲོལ་བ་ལ་མ་ཁྱབ་པའི་སྐྱོན་སེལ་ལོ། །མཚན་ཉིད་དེའི་ཟུར་ལ་བཟོད་པ་གསོལ་དགོས་རུང་ཞེས་གསུངས་པ་ལ། བཟོད་པ་མ་གསོལ་བར་དགྲ་བཅོམ་ཐོབ་འགྱུར་གྱིགང་ཟག་གི་རྒྱུད་ཀྱི་ནན་ཏུར་དེ་བཟོད་པ་གསོལ་དགོས་རུང་མ་ཡིན་པར་ཐལ། དེ་དགྲ་བཅོམཐོབ་ཚེ་ནན་ཏུར་ལས་གྲོལ་བའི་ཕྱིར་ཏེ། མཚོ་ཊཱིཀ་ལས། ནན་ཏུར་བྱས་པ་ལས་གྲོལ་བའི་རྒྱུ་དེ་ཐུན་མོང་བ་གཉིས་དང༌། བྱེ་བྲག་གིས་གཉིས་ཏེ། དང་པོ་གཉིས་ནི་དགྲ་བཅོམ་པ་ཐོབ་པ་དང༌། བཟོད་པ་བྱ་བ་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། ཡང་གནས་དབྱུང་བཏང་བའི་རྒྱུད་ཀྱི་ནན་ཏུར་དེ་བཟོད་པ་གསོལ་རུང་མ་ཡིན་པར་ཐལ། དེས་བཟོད་གསོལ་བྱས་ཀྱང་གྲོལ་བ་མེད་དེ། དགེ་འདུན་གྱིས་ཆོས་དང་ཟང་ཟིང་ལྷན་ཅིག་སྤྱོད་པ་གཏན་ནསསྤངས་ཟིན་པ་ཡིན་པའི་ཕྱིར་ཏེ། མཚོ་ཊཱིཀ་ལས། གནས་ནས་ཕྱུང་བ་ནི་དེ་ལྟར་མ་ཡིན་ཏེ།

དེ་ནི་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མཚོ་ཊཱིཀ་གི་ལུང་དེའི་གོང་གི་ཚིག་ལ། གཞན་ཡང་ནན་ཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ན་སྔ་མ་ལས་གྲོལ་བར་འགྱུར་ལ། གནས་ནས་དབྱུང་བ་ལ་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པས་གནས་ནས་དབྱུང་བ་ལ་ནན་ཏུར་བྱས་ནས་གྲོལ་བ་མེད་པ་ལསསྤྱིར་བཟོད་གསོལ་མེད་པའི་དོན་མ་ཡིན་ཏེ། མ་མཐོང་བ་གནས་ནས་དབྱུང་བ་སོགས་ལ་མཐར་བཟོད་པ་སྦྱིན་པའི་ལས་ཡོད་པའི་ཕྱིར་རོ། །འོན་ཀྱང་གསོ་སྦྱོང་བཞག་དང་དགགདབྱེ་བཞག་པའི་ནན་ཏུར་གཉིས་བཟོད་པ་གསོལ་དགོས་རུང་མ་ཡིན་པར་ཐལ། དེ་གཉིས་ལ་བཟོད་པ་སྦྱིན་པའི་ལས་མེད་པར་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་དང་དགག་དབྱེ་བྱསཔ་ཙམ་གྱིས་ནན་ཏུར་དེ་གཉིས་ལས་གྲོལ་བའི་ཕྱིར། རྟགས་ཟུར་གཉིས་པ་འོག་ཏུ་ཅུང་ཟདའཆད་ལ། ཟུར་དང་པོ་གྲུབ་སྟེ། བུ་ཊཱིཀ་ལས། གསོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པ་གཉིས་ནན་ཏུར་ཡིན་ཡང་བཟོད་གསོལ་གྱི་ལས་མ་གསུངས་སོ། །ཞེས་གསུངས་པའི་ཕྱིརཟེར་ན་མཁས་པས་བརྟག་པར་བྱའོ། །

ལྔ་པ་ནན་ཏུར་ལ་སྔོན་འགྲོའི་བྱ་བ་རུང་མཐུན་སྦྱར་བ་ནི།

གནས་ནས་དབྱུང་བབདུན་ལས། ཕྱིར་མི་འཆོས་པར་གནས་དབྱུང་བ་ལ་ནི་ལྟུང་བ་ཁས་བླངས་པ་སྔོན་དུ་འགྲོ་ཞིང༌། སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བ་ལ་བཞམས་བསྒོ་ལ་སོགས་པའི་བཟློག་པ་སྔོན་འགྲོརགསུངས་ལ་འཐབ་ཀྲོལ་ལ་འབད་པས་མ་ལོག་པ་གནས་ནས་དབྱུང་བ་ལ་བསྡིགས་པ་ནནཏུར་སྔོན་འགྲོར་གསུངས་ཤིང༌། རྣམ་པར་གཏན་ལ་འབེབས་པར་འགྱུར་བ་ཉེ་བར་མ་ཞི་བགནས་ནས་དབྱུང་བ་ལ་མངོན་སུམ་བརྒྱད་སྔོན་འགྲོར་གསུངས་སོ། །གནས་ནས་དབྱུང་བགཞན་རྣམས་ལ་ནི་སྔོན་འགྲོའི་བྱ་བ་ལུང་ལས་དངོས་སུ་མ་གསུངས་ཀྱང༌། བཞམས་བསྒོ་སྔོནདུ་འགྲོ་སྟེ། གནས་ནས་བྱུང་བ་ལ་ཡང་དེ་བཞིན་ཞེས་གནས་ནས་དབྱུང་བ་ཐམས་ཅད་ལབཞམས་བསྒོ་སྔོན་དུ་འགྲོ་བར་གསུངས་པས་གྲུབ་བོ། །དེའང་ལུང་ལས་བསྙིལ་བ་དང་སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བ་ལ་བཞམས་བསྒོ་སྔོན་དུ་འགྲོ་བར་དངོས་སུ་གསུངས་པསགནས་ནས་དབྱུང་བ་གཞན་ཐམས་ཅད་ལ་རུང་མཐུན་སྦྱར་ཏེ། མདོ་རྩ་བར་སྤྱིར་གསུངསཔའོ། །

དྲུག་པ་ནན་ཏུར་ལ་རྗེས་ཀྱི་བྱ་བ་རུང་མཐུན་སྦྱར་བ་ནི།

བསྡིགས་པའི་ནན་ཏུར་གྱིའབད་པས་མ་ལོག་ན་མཇུག་ཏུ་གནས་ནས་དབྱུང་བ་དངོས་སུ་གསུངས་ལ། དེ་བཞིན་དུ་སྨདཔ་ནན་ཏུར་གྱི་འབད་པས་མ་ལོག་པ་དང༌། བསྐྲད་པ་ནན་ཏུར་གྱི་འབད་པས་མ་ལོག་པ་དང༌། ཕྱིར་འགྱེད་ནན་ཏུར་གྱི་འབད་པས་མ་ལོག་པ་སྟེ། དེ་གསུམ་ལ་ཡང་མཇུག་གནས་ནས་དབྱུངབ་མདོར་བསྡུས་སུ་སྦྱར་ཏེ། བསྡིགས་པ་ནན་ཏུར་གཞན་གསུམ་པོ་དེ་དག་རྒྱུ་ངོ་བོ་ཆོ་ག་ཆདལས་ཀྱི་སྒོ་ནས་རྒྱུ་མཚན་དོད་ཐུབ་ཏུ་གནས་པའི་ཕྱིར་རོ། །ཁྱབ་པ་ནི་འདུལ་བ་མདོར་བསྡུསཀྱི་གཞུང་གིས་སོ། །འོ་ན་གནས་ནས་དབྱུང་བ་བདུན་ལས་མང་བ་ཡོད་པར་ཐལ། གནས་དབྱུངབ་བདུན་དངོས་སུ་གསུངས་པའི་སྟེང་དུ་མདོར་བསྡུས་སྦྱར་བའི་གནས་ནས་དབྱུང་བ་གསུམ་ཡོད་པའི་ཕྱིར་ཏེ། རྟགས་ཟུར་ཕྱི་མ་ཁྱེད་ཀྱིས་ཁས་བླངས་སོ་ཞེ་ན། འདོད་ཅིང༌། དངོས་སུགསུངས་པ་ལ་བདུན་ལས་མེད་དོ། །

བདུན་པ་ནན་ཏུར་གང་ལྟུང་བའི་རྒྱུར་འདྲ་བ་ཉིད་དུ་བསྟན་པ་ནི།

ཁྱིམ་པ་སུན་འབྱིནཔ་ལ་བསྐྲད་པ་ནན་ཏུར་བྱས་པ་དེས་དགེ་འདུན་ལ་སྐུར་བ་འདེབས་ན། དེ་ལ་བཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་དགེ་འདུན་ལྷག་མ་བསྐྱེད་པར་དངོས་སུ་གསུངས་པ་དེའི་མདོར་བསྡུས་སྦྱར་བས། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་འགྱེད་ནན་ཏུར་བྱས་པདེས་དགེ་འདུན་ལ་སྐུར་བ་འདེབས་ན་ཡང༌། དེ་ལ་བཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་དགེ་འདུན་ལྷག་མ་བསྐྱེད་དེ། ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་དངོས་སུགསུངས་པ་དེ་དང་རྒྱུ་ངོ་བོ་ཆོ་ག་ཆད་ལས་ཀྱི་སྒོ་ནས་རྒྱུ་མཚན་དོད་ཐུབ་ཏུ་གནས་པའི་ཕྱིར་རོ། །དེ་བཞིན་དུ་བསྡིགས་པ་དང་སྨད་པ་ལ་ཡང་རྒྱུ་མཚན་མཚུངས་སོ། །སྐབས་འདིར་ཁ་ཅིགན་རེ་གསོ་སྦྱོང་བཞག་པའམ་དགག་དབྱེ་བཞག་པའི་ནན་ཏུར་བྱས་པ་དེས་དགེ་འདུན་ལ་སྐུརབ་འདེབས་ན། དེ་ལ་བཞམས་བསྒོ་ལ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་དགེ་འདུན་ལྷག་མ་བསྐྱེད་ཅེས་མདོར་བསྡུས་སྦྱར་རོ། །

བརྒྱད་པ་ནན་ཏུར་གྱི་སྒྲ་བཤད་པ་ནི།

ཊཱི་ཀ་ལས། ནན་ཏུར་ཞེས་བྱ་བ་ནི་འོག་ཏུབཞག་ཅིང་བཤུང་བ་ཉིད་དུ་རྣམ་པར་བཞག་པ་ཞེས་བྱ་བའི་ཚིག་གོ། །ཞེས་གསུངས་སོ། །བཤུང་བ་ནི་སྨད་པའི་བརྡའ་རྙིང་ཡིན་ནོ། །

དགུ་པ་ནན་ཏུར་བྱ་བའི་ཚུལ་ལུགས་ལ་བདུན་ལས། དང་པོ་དགོས་པའི་དོན་ནི། ནན་ཏུར་བྱས་པས་ཕ་རོལ་པོ་དེ་ཉེས་པ་ལ་ཞུགས་པ་འཕྲོ་གཅོད་པར་འགྱུར་ཞིང༌། མ་ཞུགསཔ་མི་འཇུག་པར་འགྱུར་བའོ། །གཉིས་པ་ཡུལ་གང་ལ་ནན་ཏུར་བྱ་བ་ནི། རབ་བྱུང་ལ་ཆད་པབཅད་པའི་ཡུལ་ཆོས་བཅུ་ལྡན་སྔར་ལས་གཞིར་བཤད་ཟིན་དེ་དང༌། ཁྱིམ་པ་ལ་ཆོས་དྲུག་ལྡན་དགོས་ཏེ། རང་གི་སྦྱིན་བདག་ཏུ་གཏོགས་པའི་ཁྱིམ་པ་དང༌། ན་བ་མིན་པ་དང༌། དགེ་སློང་སོགས་ལ་རྫུན་གྱི་སྒོ་ནས་ཕམ་སོགས་ཀྱིས་སྐུར་བ་འདེབས་པ་དང༌། གཤེ་བ་དང༌། སྤྱོ་བ་དང༌། སྔར་ལྷུང་བཟེད་ཁ་སྦུབ་པ་དང་མ་འབྲེལ་བ་རྣམས་དགོས་པའི་ཕྱིར་རོ། །གཤེ་བནི་ཁྱིམ་པ་ཕྱོགས་ཀྱི་སྐྱོན་གྱིས་སྨོད་པ་སྟེ། སྤྱོ་བ་ནི་རབ་ཏུ་བྱུང་བའི་སྐྱོན་གྱིས་སྨོད་པའོ། །འཚོབ་དང་ལྟ་བ་ཉམས་པའི་སྒོ་ནས་གཤེ་བ་དང༌། ཚུལ་ཁྲིམས་དང་ཆོ་ག་ཉམས་པའི་སྒོ་ནས་སྤྱོབའོ་ཞེས་ཀྱང་རུང་ངོ༌། །གསུམ་པ་བྱེད་པ་པོ་གང་གིས་ནན་ཏུར་བྱ་བའི་ཚུལ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་དུས་གང་གི་ཚེ་ནན་ཏུར་བྱ་བ་ནི། དབྱར་གྱི་ཚུལ་ནང་མ་ཡིན་ཞིང་བྱ་བ་གཞན་གྱིས་སེམས་གཡེངས་པའི་དུས་མ་ཡིན་པའོ། །ལྔ་པ་ཚུལ་ཇི་ལྟར་ནནཏུར་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ་སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། ལྟུང་བ་གླེང་དྲན་བྱ་ཞིང་གླེང་བ་པོ་རང་མ་ལངས་ན་དགེ་འདུན་གྱིས་བསྐོས་པས་གླེང་དྲན་བྱ་བའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་ཏེ། མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པ་དང༌། འདི་ཉིད་དུ་ལྟུང་བ་ཕྱིར་བཅོས་པར་གྱིས་ཤིག དགེ་འདུན་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པའོ། །དྲུག་པ་ནན་ཏུར་བྱས་པའི་བསླབ་བྱ་ནི། གང་ལ་སྨད་པ་ནནཏུར་བཞི་པོ་གང་དང་གང་བྱས་པ་དེས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང༌། དེའི་སྟེང་དུ་ཁྱད་པར་དུ་ཡང་བསྐྲད་པས་སུན་དབྱུང་བའི་གནས་སུ་མི་བསྡད་པའོ། །གནས་ནས་ཕྱུངབས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་ཞིང༌། ཆོས་འདི་པའི་རབ་བྱུང་གཞན་རྣམས་དངཆོས་དང་ཟང་ཟིང་གི་ལོངས་སྤྱོད་པ་སྤང་བའོ། །བསྙིལ་བའི་བསླབ་བྱ་ནི་གནས་ནས་ཕྱུང་བ་དང་འདྲའོ། །གསོ་སྦྱོང་བཞག་པ་དང༌། དགག་དབྱེ་བཞག་པས་ནི་རང་བཞིན་དུ་གནས་པ་དངལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེ་བྱེད་པ་སྤང་ཞིང༌། ལྷུང་བཟེད་ཁ་སྦུབ་པ་ལ་ནི་རབ་བྱུངརྣམས་ཀྱིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པ་སྤང་བ་ལ་བསླབ་བོ། །བདུན་པ་ནན་ཏུརབྱས་པ་ལས་གྲོལ་བའི་རྒྱུ་ནི། ཐུན་མོང་བ་གཉིས་དང་བྱེ་བྲག་གི་གཉིས་ཏེ། དང་པོ་གཉིས་ནི་དགྲ་བཅོམ་པ་ཐོབ་པ་དང་བཟོད་པ་བྱ་བ་ཡིན་ལ། ཕྱི་མ་གཉིས་ནི་གསོ་སྦྱོང་དང་དགག་དབྱེབཞག་པ་གཉིས་ལ་འཇོག་པ་པོའམ་དེས་བསྐོས་པ་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེབྱས་ན་གྲོལ་བར་འགྱུར་བ་དང༌། གཞན་ཡང་ནན་ཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ནསྔ་མ་ལས་གྲོལ་བར་འགྱུར་ལ། གནས་ནས་ཕྱུང་བ་ལ་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་ཆོས་དངཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཕྱིར་རོ། །

གཉིས་པ་ནན་ཏུར་བྱས་པ་ལ་བཟོད་པ་བྱ་བའི་ཚུལ་བཤད་པ་ལ།

རྩ་བར། གཤེབ་དང་ཁྲོ་བ་དང་སྤྱོ་བ་ཉིད་དང༌། ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བཞི་ལས། དགོསཔའི་དོན་ནི། བཟོད་པར་བྱ་བའི་ལས་བྱས་པས་ཡུལ་དེ་ཆད་པ་ལས་གྲོལ་བར་འགྱུར་བའོ། །

གཉིས་པ་གང་ལ་བཟོད་པ་བླངས་པའི་ཡུལ་ནི། ཆོས་དགུ་ལྡན་ཏེ། དེའང་བསམ་པ་ཕྱིན་ཅིལོག་མི་སེམས་ཤིང་ཡང་དག་པའི་བསམ་པ་སེམས་པ་ནི། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིདམི་འཛིན། ཞེས་སོ། །རྟེན་ཕྱིན་ཅི་ལོག་མི་བརྟེན་ཅིང་ཡང་དག་པའི་རྟེན་ལ་བརྟེན་པ་ནི། བླའིགྲ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་ཞེས་པ་ནས་སོ། །ལུང་རྣམ་འབྱེདཀྱི་འགྲེལ་པ་ལས། བླའི་གྲ་ཞེས་བྱ་བ་ནི་རྒྱལ་པོས་བསྐོས་པའི་གྲའོ། །འོག་གཟུ་ཞེས་བྱ་བ་ནིཡུལ་མིའི་ཚོགས་སོ་ཞེས་སོ། །ཆ་ལུགས་ཕྱིན་ཅི་ལོག་མི་འཆང་ཞིང་ཡང་དག་པའི་ཆ་ལུགས་འཆང་བ་ནི། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་ཅེས་སོ། །རྟེན་དངབསླབ་པ་ཕྱིན་ཅི་ལོག་སྤོང་ཞིང་ཡང་དག་པའི་བསླབ་པ་ལ་སློབ་པ་ནི་མུ་སྟེགས་ཅན་ལ་བསྟེནཔར་མི་བྱེད་ཆོ་ག་མ་ཡིན་པ་སྤྱོད་པར་མི་བྱེད་ཅེས་པ་ནས་སོ། །ང་རྒྱལ་དང་རྒྱགས་པ་གཞོམ་པ་ནི། སྐྲ་འགྲེང་བར་འགྱུར་བ་དང་ཞེས་པ་ནས་སོ། །མཉམ་པའི་སྤྱོད་པ་ལ་སློབ་པ་ནི་འབྱུངབར་བསྐྱོད་པ་དང་ཞེས་པ་ནས་སོ། །ནན་ཏུར་གྱི་རྒྱུ་སྟོང་བ་ནི། རྒྱུ་ལས་ཕྱིར་བཟློག་པ། ཞེསསོ། །རང་གིས་ལན་གསུམ་དུ་གསོལ་བ་འདེབས་པ་ནི། བཟོད་པ་གསོལ་བ་ལའོ། །ཞེས་སོ། །

དེ་ལྟར་བརྒྱད་ནི་སྐབས་འདི་ཉིད་ནས་གསུངས་ལ། དེའི་སྟེང་དུ་ཚོགས་སུ་མ་ལོངས་པ་དངདགུ་སྟེ། དེ་ནི་སྔར་ལས་ཀྱི་གཞི་ལས། ཚོགས་ཀྱིས་མི་བྱའོ་ཞེས་གསུངས་པས་སོ། །གསུམ་པགང་གིས་བཟོད་པ་ལེན་པའི་རྟེན་ནི། ཆོས་ལྔ་ལྡན་ཏེ། དགེ་འདུན་མཚན་ཉིད་བཞི་ལྡན་གྱིསྟེང་དུ་ཆད་པ་གཅོད་བྱེད་དམ་དེས་བསྐོས་པ་ཡིན་པ་སྟེ། ནན་ཏུར་བྱེད་པ་དག་གིས་མ་བསྐོསན་ནན་ཏུར་བྱེད་པ་མི་འཆགས་ཞེས་པས་གྲུབ་བོ། །བཞི་པ་ཇི་ལྟར་བཟོད་པ་བླང་བའི་ཆོ་གནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། ཕྱག་འཚལནས་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་གསོལ་བ་ལན་གསུམ་གདབ་བོ། །དངོས་གཞི་ནི་གསོལ་བཞིའི་ལས་བྱ་ཞིང༌། མཇུག་ཏུ་ལས་ཀྱི་མཇུག་སྡུད་བརྗོད་པའོ། །རྩ་བར། ནན་ཏུརགྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་སོ། །ཞེས་པ་ནི་བསྡིགསཔའི་རྒྱུ་ལ་བསྡིགས་པའི་དོན་དུ་བསྡིགས་པ་བྱ་བའི་བསམ་པས་སྨད་པ་ལ་སོགས་པའི་ཆོ་ག་གསུམ་གང་བྱས་ཀྱང༌། བསྡིགས་པ་ཉིད་འཆགས་ཏེ། སྨད་པ་ནན་ཏུར་དུ་འགོ་གཅིག་ལ་ཆོག་དོད་ཐུབ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྨད་པ་དང་སྐྲད་པ་དང་ཕྱིར་འགྱེད་པ་ལ་ཡངསྦྱར་རོ། །དེ་བཞིན་དུ་གནས་ནས་དབྱུང་བ་བདུན་པོ་ཕན་ཚུན་ཆོ་ག་གཞན་བྱེད་པ་ནི་འཆགསསོ། །དེ་བཞིན་དུ་གསོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པ་གཉིས་པོ་ཕན་ཚུན་ཆོ་གགཞན་བྱེད་པ་ནི་འཆགས་པ་ནི་མདོ་འདིས་བསྟན་ཏོ། །དེ་དག་གིས་གནད་ཀྱིས་སྦྱར་བ་ནི། སྦྱིན་པའི་ལས་རྒྱུ་མཚན་མཚུངས་པ་རྣམས་ཕན་ཚུན་ཆོ་ག་གཞན་བྱེད་པ་ནི་འཆགས་ལ་བསྐོ་བའི་ལས་རྒྱུ་མཚན་མཚུངས་པ་རྣམས་ཕན་ཚུན་ཆོ་ག་གཞན་བྱེད་པ་ཡང་འཆགས་ཏེ། སྦྱིན་པ་འམ་བསྐོ་བའི་ལས་སུ་འགོ་གཅིག་ལ་ཆོ་ག་དོད་ཐུབ་ཡིན་པའི་ཕྱིར་ཞེས་སྦྱར་རོ། །ཆོ་ག་དོད་མི་ཐུབ་པ་ལ་ནི་དེ་ལྟར་མ་ཡིན་ཏེ། བསྙེན་པར་རྫོགས་པའི་རྒྱུ་ལ་དེའི་དོན་དུ་དེའི་བསམ་པསཁང་པའི་གནང་བ་སྦྱིན་པ་ལ་སོགས་པའི་ཆོ་ག་བྱས་པ་ནི་ལས་མི་འཆགས་ཏེ། ཆོ་ག་དོད་མིཐུབ་པའི་ཕྱིར་རོ། །ལྟུང་བ་བཤགས་པའི་དོན་དུ་དེའི་བསམ་པས་ཆོ་ག་གཞན་བྱས་ན་བཤགསཔ་མི་འཆགས་ཏེ། ལྟུང་བའི་མིང་རིགས་བརྗོད་པའི་ཕྱིར་བཅོས་མེད་པའི་ཕྱིར་རོ། །དེའངནན་ཏུར་གྱི་རྒྱུ་གཞན་ལ་ཞེས་ནན་ཏུར་གྱི་ཆོ་ག་གཞན་བྱས་པས་ནན་ཏུར་གཞན་འཆགས་པ་དེ་རྣམས་ཀྱང་འདུ་ཤེས་མ་འཁྲུལ་བའི་དབང་དུ་བྱས་པ་ཡིན་གྱི་འཁྲུལ་ན་ནི་སྨད་པ་ནན་ཏུར་གྱི་རྒྱུ་ལ་སྨད་པ་ནན་ཏུར་གྱི་བསམ་པས། སྨད་པ་ནན་ཏུར་གྱི་ཆོ་གར་འདུ་ཤེས་འཁྲུལ་ན། གནསནས་དབྱུང་བའི་ཆོ་ག་བྱས་ཀྱང་སྨད་པ་ནན་ཏུར་འཆགས་ཏེ། ནན་ཏུར་གྱི་ལས་འདུ་ཤེས་གཙོབོ་ཡིན་ཀྱང༌། སྨད་པ་ནན་ཏུར་དེ་དཔྱད་པ་ཐ་སྙད་ཀྱིས་འཇུག་པའི་ཕྱིར་རོ། །གཞན་དུ་ན་མིའཆགས་པ་ནི་ནན་ཏུར་གྱི་རྒྱུ་གཞན་ལ་ནན་ཏུར་བྱེད་ན། རང་རང་གི་བསམ་པ་ཡོད་པ་ལསགཞན་དུ་སྟེ། རང་རང་གི་བསམ་པ་མེད་པས་ནི་ནན་ཏུར་ལས་དེ་མི་འཆགས་སོ་ཞེས་བསྟནཏོ། །གཞན་ཡང་བསྡིགས་པའི་རྒྱུ་ལ་བསྡིགས་པའི་བསམ་པས་གནས་ནས་དབྱུང་བ་བྱེད་པའམགསོ་སྦྱོང་བཞག་པ་ལ་སོགས་པ་བྱེད་ན་ཡང་ལས་མི་འཆགས་ཏེ། སྨད་པའི་ལས་ཀྱང་གཞནཡིན་ལ། སྤང་བའི་ལས་ཀྱང་གཞན་ཡིན་པའི་ཕྱིར་དང༌། རྣམ་པར་དག་པའི་ལས་ཀྱང་གཞནཡིན་པའི་ཕྱིར་རོ། །ཞེས་དོན་དེ་ལྟར་དམར་སེར་ཅན་གྱི་གཞི་བསྡུས་པ་ལས་བཤད་དོ། །དེབཞིན་དུ་སྤངས་པ་ནན་ཏུར་གྱི་རྒྱུ་ལ་སྨད་པ་ནན་ཏུར་དང་གསོ་སྦྱོང་བཞག་པ་བྱས་ཀྱང་མིའཆགས་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །

གསུམ་པ་ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་བྱ་བ་བཤད་པ་ལ།

རྩ་བར། དགེ་སློང་ལཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས། ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དྲུགལས། དང་པོ་ལྷུང་བཟེད་ཁ་སྦུབ་བྱས་པའི་དགོས་པ་ནི། ཉེས་པ་ལ་མ་ཞུགས་པ་མི་འཇུགཔ་དང༌། ཞུགས་པ་ལས་བཟློག་པར་འགྱུར་བའོ། །གཉིས་པ་ཡུལ་གང་ལ་ལྷུང་བཟེད་ཁ་སྦུབབྱ་བ་ནི། ཆོས་བདུན་ལྡན་ལ་སྟེ། དེ་ཡང་ཁྱིམ་པ་ཡིན་པ་དང༌། རབ་ཏུ་བྱུང་བ་ལ་གཤེ་སྐུར་འདེབསཔ་ཡིན་པ་དང༌། རང་གི་འཁོར་དུ་གཏོགས་པ་དང༌། སྔར་ལྷུང་བཟེད་ཁ་སྦུབ་པ་དང་མ་འབྲེལབ་དང༌། ཁྱིམ་པ་ཚོགས་ཐ་དད་པ་བཞིར་ལོངས་པ་མ་ཡིན་པ་དང༌། ཤེས་པ་རང་བཞིན་དུ་གནསཔ་དང༌། ལུས་ཐ་མལ་པར་གནས་པའཽ། །གསུམ་པ་རྟེན་གང་གིས་ལྷུང་བཟེད་ཁ་སྦུབ་བྱ་བནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་ལྷུང་བཟེད་ཁ་སྦུབ་བྱབ་ནི། ཆོ་ག་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་སྟེ་གླེངདྲན་བྱེད་ཚུལ་དང༌། དངོས་གཞི་གསོལ་བ་འབའ་ཞིག་གི་ལས་དང༌། མཇུག་གི་ཁྱིམ་པ་དེ་ལགོ་བར་བྱ་བའོ། །ལྔ་པ་ལྷུང་བཟེད་ཁ་སྦུབ་བྱས་པའི་བསླབ་བྱ་ནི། རབ་བྱུང་རྣམས་ཀྱིས་དེའིཁྱིམ་དུ་མི་འགྲོ་བ་ལ་སོགས་པའོ། །དྲུག་པ་ལྷུང་བཟེད་ཁ་སྦུབ་ལས་གྲོལ་བའི་རྒྱུ་ནི་བཟོད་པ་གསོལ་ན་དགེ་འདུན་གྱིས་ཁ་བསྲང་བ་སྟེ། དེ་ལ་ཡང་བཞི་ལས། དང་པོ་ཁ་བསྲང་བའི་དགོསཔ་ནི། ཆད་པ་དེ་ལས་གྲོལ་བར་འགྱུར་བའོ། །གཉིས་པ་ཁ་བསྲང་བ་དེ་ཡུལ་གང་ལ་བྱ་བ་ནི།

སྔར་གྱི་ལྷུང་བཟེད་ཁ་སྦུབ་བྱ་བའི་ཡུལ་ཆོས་བདུན་ལྡན་ལས་གཤེ་སྐུར་འདེབས་པ་ཡིན་ཞེསཔ་དེ། ཉེས་པ་གཏོང་བ་ཡིན་ཞེས་བསྒྱུར་ཞིང༌། ཁ་སྦུབ་པ་དང་མ་འབྲེལ་བ་ཡིན་ཞེས་པ་དེ། ཁ་སྦུབ་དང་འབྲེལ་བ་ཡིན་ཞེས་བསྒྱུར་བའི་ཆོས་བདུན་ལྡན་དང༌། རང་གིས་ལན་གསུམ་དུགསོལ་བ་འདེབས་པ་སྟེ་བརྒྱད་དོ། །གསུམ་པ་རྟེན་གང་གིས་ཁ་བསྲང་བ་ནི། དགེ་འདུནམཚན་ཉིད་བཞི་ལྡན་སྔར་དང་འདྲ་ཞིང༌། དེའི་སྟེང་དུ་ཆད་པ་སྤྱོད་བྱེད་དེའམ་དེས་བསྐོས་པ་ཡིན་པ་སྟེ། ནན་ཏུར་བྱེད་པ་དག་གིས་མ་བསྐོས་ན་ནན་ཏུར་བྱས་པ་ལ་བཟོད་པ་མི་འཆགསཞེས་པས་གྲུབ་བོ། །བཞི་པ་ཆོ་ག་གང་གིས་ཁ་བསྲང་བ་ནི། སྦྱོར་དངོས་གཉིས་ཏེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་ལ་སོགས་ཏེ། སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དངའདྲའོ། །དངོས་གཞི་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །འདི་ལ་ནི་མཇུགགི་ཆོ་ག་གཞུང་རྣམས་ནས་མ་གསུངས་སོ། །

གཉིས་པ་སྤྲོ་བ་མཐོལ་བཤགས་ཀྱི་སྒོ་ནས་དག་པ་སྒྲུབ་པ་ལ།

ཕྱིར་བཅོས་ཀྱི་རྒྱུ་མཐོལ་བ་བྱ་ཚུལ་དང༌། དགེ་ཚུལ་ལ་སོགས་པ་གསུམ་གྱིས་ལྟུང་བ་ཕྱིར་བཅོས་དང༌། བསྙེནརྫོགས་ཀྱི་ལྟུང་བ་མཐོལ་བ་དང་བཤགས་པ་བཤད་པ་དང་གསུམ། དང་པོ་ནི། རྩ་བར། ལྟུངབ་བཅབ་པར་མི་བྱའོ། །ཐ་ན་མིང་གོ་བར་བྱ་བ་ཉིད་དོ། །ཞེས་སོགས་བྱུང༌། འདིའི་དོན་བཤདཔ་ལ་གསུམ་ལས། དང་པོ་དགོས་པའི་དོན་ནི། གནས་སྐབས་ལྟུང་བ་ཕྱིར་བཅོས་བྱས་པའིདགོས་པ་ལྟུང་བ་དག་པར་འགྱུར་བ་སྟེ། ལུང་གཞི་དང་ཀརྨ་ཤ་ཏཾ་ལས་དབྱུང་བ་བྱས་པ་མཟིན་པའི་སྐབས་ནས་ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ་དམྱལ་བ་དང་དུད་འགྲོའོ་ཞེས་གསུངས་ནསདབྱུང་བ་བྱས་པ་ན། ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། ལྷའམ་མིའོ་ཞེས་ངན་སོང་དུ་འགྲོ་བའི་ཉེསཔ་དེ་དག་པར་གསུངས་པ་དང་གཞུང་འདི་ཉིད་ལས་མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །ཞེས་གསུངས་པས་སོ། །ཉིང་དགོས་ནི་ཚུལ་ཁྲིམས་དག་པའི་ཕན་ཡོནབཅུ་ཐོབ་པ་སྟེ། ཉན་ཐོས་ཀྱི་ས་ལས་ཕན་ཡོན་རྣམ་པ་བཅུ་ཉིད་དོ་ཞེས་ལྟུང་བ་མ་བྱུང་བསདག་པ་དང༌། བྱུང་ཡང་བཤགས་པས་དག་པའི་ཕན་ཡོན་ཐུན་མོང་དུ་གསུངས་ཤིང༌། དེ་གཉིསདག་པའི་རང་བཞིན་དུ་འདྲ་བའི་ཕྱིར་དང༌། སོ་སོ་ཐར་པའི་མདོ་ལས། མཐོལ་ན་དེ་བདེ་བལ་རེག་པར་གནས་པར་འགྱུར་རོ། །ཞེས་གསུངས་ཤིང༌། བམ་པོ་ལྔ་བཅུ་པ་ལས། མཐོལ་ནཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་ཐོབ་ཅིང༌། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བལ་རེག་པར་གནས་པར་འགྱུར། ཞེས་གསུངས་སོ། །གཉིས་པ་བསམ་པས་ཕྱིར་བཅོས་པ་ལབཞི་ལས་ཉེས་པ་སྔ་མ་ལ་འགྱོད་པ་དང༌། ཕྱིན་ཆད་སྡོམ་པ་དང༌། དེ་ལྟར་ཕྱིར་འཆོས་པརའདོད་པ་དང༌། མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པ་སྟེ། ལུང་སིལ་བུ་ལས། ཉེསཔར་མཐོང་ངམ། ཕྱིན་ཆད་སྡོམ་པར་དམ་འཆའ་འམ། ཞེས་དང༌། བསམ་པས་ལྟུང་བ་ལསལྡང་གི། ཞེས་དང༌། མདོ་མཐའ་དག་ངེས་འབྱུང་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངསཔས། ཕྱིར་བཅོས་ཀྱི་གཞི་འདི་ཡང་ངེས་འབྱུང་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །

བསམ་པ་སྔ་མ་གསུམ་མེད་ན་ལྟུང་བ་མི་འདག་སྟེ། བསམ་པ་མེད་ན་ཆད་པའི་ལས་ཀྱིས་ནིམ་ཡིན་ནོ། །ཞེས་དང༌། ཊཱི་ཀ་ལས། བསྡམ་པ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་རོ། །

ཞེས་དང༌། གཞན་དུ་ན་རྫུན་དུ་སྨྲ་བ་ཁོ་ནར་འགྱུར་རོ་ཞེས་ཊཱི་ཀ་ལས་སོ། །ཐ་མ་མེད་ན་ངེསའབྱུང་གི་ཚུལ་ཁྲིམས་ཀྱི་ཆོས་སུ་མི་འགྱུར་རོ། །གསུམ་པ་འཆབ་པའི་ཉེས་པ་མི་འབྱུང་བའིདོན་དུ་མཐོལ་བ་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི་ཉེས་པ་མཐོལ་བས་འཆབ་པའི་ཉེསཔ་མི་འབྱུང་ཞིང༌། འཆབ་པའི་ཉེས་པ་འཕེལ་བ་རྒྱུན་ཆད་པར་འགྱུར་བ་སྟེ། ལུང་གཞི་ལས། བཅབས་པ་ཆར་བ་བཞིན་དུ་འབབ། །མ་བཅབས་ཆར་བཞིན་དུ་མི་འབབ། །ཅེས་གསུངས་སོ། །

གཉིས་པ་ཡུལ་གང་ལ་མཐོལ་བ་ནི།

དགེ་སློང་ཆོས་བདུན་ལྡན་ལ་མཐོལ་ཏེ། དེའང་བསྙེན་རྫོགས་ཀྱི་སྡོམ་པ་དག་པ་སྟེ། བསྙེན་པར་རྫོགས་པ་དང་བཅས་པ་ལའོ་ཞེས་སོ། །ལྟ་བ་མཐུནཔ་དང༌། མཚན་མཐུན་པ་དང༌། ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནསཔ་དང༌། ས་རང་བཞིན་དུ་གནས་པ་དང༌། མཚམས་ཀྱི་ནང་ན་གནས་པ་སྟེ་ཐུན་མོང་བ་ཆོསབདུན་ལྡན་ཞེས་བྱའོ། །ཆོས་བདུན་ལྡན་དགོས་པའི་སྐབས་གོང་འོག་ཐམས་ཅད་དུ་ཡང་དེ་བཞིན་དུ་སྦྱར་རོ། །འོ་ན་དེ་ལྟ་བུའི་མཐོལ་ཡུལ་གྲངས་ཇི་ཙམ་དགོས་ཞེ་ན། བསྒོ་བ་ལས་གྱུརཔ་རྣམས་ནི་རང་ལ་བསྒོ་བ་མཛད་པའི་དགེ་འདུན་ལ་མཐོལ་ཏེ། བསྒོ་བ་ལས་བྱུང་བ་རྣམསནི་དགེ་འདུན་ཐམས་ཅད་ལའོ། །ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བ་ནི། གནསཁང་ལ་སོགས་པའི་གནས་དེར་དགེ་སློང་ཇི་ཙམ་ཚོགས་པ་ལ་མཐོལ་ཏེ། སོ་སོར་བཤགས་པརབྱ་བ་ནི་གནས་དེར་ཚོགས་པ་ལའོ། །ཞེས་སོ། །དེ་གཉིས་ལས་གཞན་པའི་ལྟུང་བ་རྣམས་ནི་ཆོས་བདུན་ལྡན་གྱི་དགེ་སློང་གཅིག་ལ་མཐོལ་བར་བྱའོ། །མཐོལ་ཡུལ་ཆོས་བདུན་ལྡན་དེའངཕུན་སུམ་ཚོགས་པའི་ཡན་ལག་ཡིན་གྱི། ཆོས་བདུན་མ་ཚང་བ་སྟེ། དགེ་བསྙེན་དང་དགེ་ཚུལདང་མཚན་མི་མཐུན་པ་ཡིན་ཡང་ཆོས་འདི་པ་ལ་དེ་བྱས་ན་བྱས་པ་ཉིད་དོ། །ཞེས་གསུངས་སོ། །འོན་ཀྱང་དེ་དག་ལ་མཐོལ་ན་ཉེས་བྱས་སུ་འགྱུར་རོ། །ཆུ་བོའི་ཕ་རོལ་ན་གནས་པའི་དགེསློང་ལ་བོས་ཏེ་བདག་ལ་ལྟུང་བ་བྱུང་ངོ་ཞེས་བརྗོད་ན་ཡང་མཐོལ་བ་ཙམ་དུ་ནི་འགྱུར་ཏེ། མཚམས་གཞན་ན་གནས་པ་ལ་ཡང་ངོ། །ཞེས་གསུངས་སོ། །གསུམ་པ་རྟེན་གང་གིས་མཐོལབ་ནི། རྟེན་ཆོས་བཞི་ལྡན་གྱིས་ཏེ། སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌།

ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུངབ་དང་བཞིའོ། །བཞི་པ་ལྟུང་བ་གང་མཐོལ་བ་ནི། ལྟུང་བ་ཆོས་བཞི་ལྡན་ཏེ། ལྟུང་བ་གང་ཡངརུང་བ་ཡིན་པ་དང༌། བདག་རྒྱུད་དང་འབྲེལ་པར་ཡོད་པ་དང༌། ངོ་ཤེས་སམ་ཡིད་གཉིས་ཟབ་དང༌། སྔར་མཐོལ་ཟིན་པ་མིན་པ་དང་བཞིའོ། །ལྔ་པ་ཆོ་ག་གང་གིས་མཐོལ་བ་ནི། སྦྱོརདངོས་མཇུག་གསུམ་སྟེ། སྦྱོར་བ་ནི་ཡུལ་དེ་བསླབ་པ་རྒན་ན་དེ་ལ་ཕྱག་བྱ་བ་དང༌། ཐུགསགཏད་པར་ཞུ་བ་དང༌། ལྷམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེནཔའོ། །དངོས་གཞི་སྔགས་ལན་གསུམ་བརྗོད་པ་སྟེ། དམིགས་བསལ་སོ་སོར་བཤགས་པའི་མཐོལ་བ་ནི་སྔགས་ལན་ཅིག་གི་མཇུག་ཐབས་ཡིན་ནོ་ལེགས་སོ། །ཞེས་སོ། །འོན་ཀྱང་བདགལ་ལྟུང་བ་འདི་བྱུང་ངོ་ཞེས་ཐ་མལ་པའི་ཚིག་གིས་བརྗོད་ན་ཡང་འཆབ་པའི་ཉེས་པ་འབྱུང་བ་ཁེགས་སོ། །

གཉིས་པ་དགེ་ཚུལ་ལ་སོགས་པ་གསུམ་གྱིས་ལྟུང་བ་ཕྱིར་བཅོས་ནི།

རྩ་བར། དེ་ཉིདལ་འདི་དང་འོག་མ་བཅས་ཏེའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས། དངཔོ་དགོས་པའི་དོན་ནི་དགེ་ཚུལ་ལ་སོགས་པ་གསུམ་པོ་རང་རང་གི་ལྟུང་བ་དག་པར་འགྱུརབའོ། །

གཉིས་པ་ཡུལ་གང་ལ་བཤགས་པ་ནི། བཤགས་ཡུལ་བསྙེན་རྫོགས་ཆོས་བརྒྱདལྡན་ལ་སྟེ། ཐུན་མོང་བ་ཆོས་བདུན་ལྡན་སྔར་བཤད་པའི་སྟེང་དུ། ལྟུང་བ་མིང་རིགས་མཐུནཔ་མི་ལྡན་པ་དང་བརྒྱད་དོ། །

གསུམ་པ་རྟེན་གང་གིས་བཤགས་པ་ནི།

རྟེན་ཆོས་བཞི་ལྡན་གྱིས་ཏེ་རབ་ཏུ་བྱུང་ཞིངབསྙེན་པར་མ་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིནདུ་གནས་པ་དང་ལུས་ཐ་མལ་དུ་གནས་པ་དང༌། བསྙིལ་བ་མ་ཡིན་པ་སྟེ་བཞིའོ། །

བཞི་པ་ལྟུང་བ་གང་བཤགས་པ་ནི།

ཆོས་བཞི་ལྡན་ཏེ། བཤགས་པར་བྱ་བའི་ཉེསབྱས་ཡིན་པ་དང༌། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང༌། ངོ་བོ་ཤེས་ཤིང་དྲན་པར་ནུསཔ་དང༌། འཆབ་པ་དང་མི་ལྡན་པའོ། །དང་པོ་ནི་སྤྱིར་ན་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་རྣམ་པ་གསུམ་ཡོད་པ་ལས། བཤགས་པར་བྱ་བའི་ཉེས་བྱས་ནི་དགེ་ཚུལ་གྱིས་ཆང་འཐུངབ་ལ་སོགས་པའི་ཉེས་བྱས་རྣམས་སོ། །གཞན་དུ་ན་ཕམ་པ་དང་འདྲ་བའི་ཉེས་བྱས་ནི་བཤགསཔས་མི་འདག་ཅིང༌། བསྡམ་པར་བྱ་བའི་ཉེས་བྱས་ནི་ཡིད་ཀྱིས་བསྡམས་པས་འདག་སྟེ། བཤགས་མི་དགོས་སོ། །

ལྔ་པ་ཆོ་ག་གང་གིས་བཤགས་པ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འཆབཔ་ཡོད་ན་འཆབ་པའི་ཉེས་པ་དེ་ཡིད་ཀྱིས་བསྡམས་ལ། དེ་ནས་བཤགས་བྱའི་ཉེས་པ་དངོས་ཉིད་བཤགས་པ་བྱེད་པ་ན་བཤགས་ཡུལ་ལ་ཕྱག་བྱ་སྟེ་ཐུགས་གཏད་པར་ཞུ་བ་དང༌། ལྷམཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། དེའང་ལྟུང་བ་གཅིག་དང་གཉིས་དང་གསུམ་སོགས་ཚད་མང་པོདང་དཔག་ཏུ་མེད་པ་བྱུང་སྟེ་ཞེས་བརྗོད་ཅིང་བཤགས་པའོ། །མཇུག་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང༌། ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་དོ། །

གསུམ་པ་བསྙེན་རྫོགས་ཀྱི་ལྟུང་བ་མཐོལ་བ་དང་བཤགས་པ་བཤད་པ་ལ།

རྩ་བར། གཞན་ལས་ནི་དེ་དང་བཅས་པའི་བཤགས་པའོ། །ཞེས་སོགས་བྱུང༌། འདིའི་དོན་འཆད་པ་ལ་འཆབ་པའི་ཉེས་པ་ཡོད་ན། དེ་ཕྱིར་མ་བཅོས་པར་ནི་ལྟུང་བ་དངོས་ཉིད་ཕྱིར་བཅོས་བྱར་མི་རུང་བས་འཆབ་པའི་ཉེས་པ་དང་པོར་ཕྱིར་བཅོས་ནས་དེའི་རྗེས་སུ་ལྟུང་བ་དངོས་ཉིད་ཕྱིརབཅོས་བྱ་བ་ཡིན་པས། སྐབས་འདིར་མཐོལ་བཤགས་རིམ་པ་ནི། འཆབ་པའི་ཉེས་པ་མཐོལབ་དང༌། འཆབ་པའི་ཉེས་པ་བཤགས་པ་དང༌། དེ་ནས་ལྟུང་བ་དངོས་ཉིད་མཐོལ་ཞིང་བཤགསཔ་དང་གསུམ། དང་པོ་ལ་ལྔ་ལས། དགོས་པའི་དོན་ནི་སྤྱིར་ན་རང་གི་ལྟུང་བ་འཆབ་པའི་ཉེསཔ་མཐོལ་བས་འཆབ་པའི་ཉེས་པ་བཤགས་པའི་རྟེན་དུ་རུང་བ་དང༌། བྱེ་བྲག་ཏུ་རང་གི་ལྷགམ་འཆབ་པའི་ཉེས་པ་མཐོལ་བས་སྤོ་བ་འཆགས་པའི་རྟེན་དུ་རུང་བའོ། །གཉིས་པ་ཡུལ་གང་ལ་མཐོལ་བ་ནི། མཐོལ་ཡུལ་ཆོས་བདུན་ལྡན་སྔར་བཤད་ཟིན་ཏོ། །གསུམ་པ་རྟེན་གང་གིསམཐོལ་བ་ནི། ཆོས་བཞི་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པདང་ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མཕྱུང་བ་སྟེ་བཞིའོ། །དང་པོ་ལས་གཞན་དུ་ན་བསྙེན་པར་མ་རྫོགས་པས་ནི་རང་གི་ཕམ་པ་དང་འདྲ་བའི་ཉེས་བྱས་བཅབས་ན་གསོར་མི་རུང་ཞིང་ལྟུང་བ་གཞན་བཅབས་པའི་ཉེས་པ་ནི་བསྡམབྱ་ཡིན་ཏེ་བཤགས་མི་དགོས་སོ། །བཞི་པ་ལྟུང་བ་གང་མཐོལ་བ་ནི། འཆབ་པའི་ཉེས་པ་ཆོསབཞི་ལྡན་ཏེ། དེའང་རང་གི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ་སྟེ། གཞན་གྱི་གནས་ངན་ལེནའཆབ་པའི་ལྟུང་བ་ནི་ལྟུང་བ་དངོས་ཉིད་ཡིན་པས་སོ། །རང་གིས་ཕམ་པ་བཅབས་པ་དང་བསྡམབྱ་བཅབས་པ་ལས་གཞན་ཡིན་པ་སྟེ། དེའང་རང་གིས་ཕམ་པ་བཅབས་ན་ཕྱིར་བཅོས་སུ་མི་རུང་ལ། བསྡམ་བྱ་བཅབས་ཀྱང་ཡིད་ཀྱིས་བསྡམས་པ་ཙམ་གྱིས་འདག་ཅིང་མཐོལ་བཤགསམི་དགོས་པས་སོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང༌། ངོ་བོ་ཤེས་ཤིང་དྲན་པརནུས་པ་སྟེ་སྐབས་གཞན་དུ་བཤད་པ་བཞིན་ནོ། །ལྔ་པ་གང་གིས་མཐོལ་བའི་ཆོ་ག་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་མཐོལ་ཡུལ་དེ་ལ་ཕྱག་འཚལ་བ་ལ་སོགས་པ་སྔ་མ་བཞིནནོ། །དངོས་གཞི་ནི་མཐོལ་བའི་སྔགས་རྣམ་པར་བཞག་པ་མུ་བཅུ་དགུ་སྟེ། འདི་ལྟར་ལྟུང་བ་གཅིག་བྱུང་བ་དང་གཉིས་བྱུང་བ་དང་ཚད་མང་པོ་བྱུང་བ་དང་དཔག་ཏུ་མེད་པ་བྱུང་བ་སྟེ། དེ་དག་གང་རུང་རེ་རེ་གཞིར་གཞག་པ་ལ། ཞག་གཅིག་བཅབས་པ་དང༌། ཞག་གཉིས་བཅབསཔ་དང༌། ཞག་ཚད་མང་པོ་བཅབས་པ་དང༌། ཚད་དཔག་ཏུ་མེད་པ་བཅབས་པ་སྟེ། དེའང་ལྟུངབ་གཅིག་བྱུང་བ་དེ་ཞག་གཅིག་བཅབས་པ་དང་ཞག་གཉིས་བཅབས་པ་དང་ཞག་ཚད་མང་པོ་བཅབས་པ་འཆབ་པའི་ཉེས་པའི་གྲངས་ཤེས་པ་དང༌། གྲངས་མི་ཤེས་པ་གཉིས་དང་ཞགདཔག་ཏུ་མེད་པར་བཅབས་པའི་མཐོལ་བ་སྟེ་མཐོལ་བ་མུ་ལྔའོ། །དེ་བཞིན་དུ་ལྟུང་བ་གཉིས་བྱུང་བ་ལ་མུ་ལྔ་དང༌། ལྟུང་བ་ཚད་མང་པོ་བྱུང་བ་ལ་མུ་ལྔ་དང༌། ལྟུང་བ་དཔག་ཏུ་མེད་པ་བྱུངབ་ལ་མུ་བཞི་སྟེ། ལྟུང་བ་དཔག་ཏུ་མེད་པ་བྱུང་བའི་མཐོལ་བ་འདི་ལ་ཞག་ཚད་མང་པོ་བཅབསཔ་ལ་ཉེས་པའི་གྲངས་ཤེས་པ་དང་གྲངས་མི་ཤེས་པ་གཉིས་སུ་དབྱེ་བ་མེད་དེ་གྲངས་མི་ཤེས་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མཐོལ་བ་མུ་བཅུ་དགུའོ། །མཇུག་གི་ཆོ་ག་ནི་འདིརམཐོང་སྡོམ་འདྲི་མི་དགོས། ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །

གཉིས་པ་འཆབ་པའི་ཉེས་པ་བཤགས་པ་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི།

འཆབ་པའི་ཉེས་པ་དག་པར་འགྱུར་བའོ། །གཉིས་པ་ལྟུང་བ་གང་བཤགས་པ་ནི། ཆོས་གསུམལྡན་ནོ། །དེའང་རང་གི་ལྟུང་བ་བཅབས་པའི་ཉེས་པ་གང་ཞིག་རང་གི་ཕམ་ལྷག་བཅབས་པ་ལས་གཞན་ཡིན་པ་སྟེ། རང་གི་ཕམ་པ་བཅབས་ན་ཕྱིར་བཅོས་མི་རུང་ལ། རང་གི་དགེ་འདུནལྷག་མ་བཅབས་ན་སྤོ་བ་སྤྱོད་དགོས་པའི་ཕྱིར་རོ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་སྟེ། སྐབས་དོན་གྱིས་གྲུབ་བོ། །ངོ་བོ་ཤེས་ཤིང་དྲན་པར་ནུས་པ་སྟེ། གཞན་དུ་ན་དངོས་སུ་དགབྱེད་ཀྱི་ཕྱིར་བཅོས་མེད་ཅིང་ཡིད་གཉིས་ཟ་ན་ལྟུང་བ་བཤགས་པ་མི་ཆགས་ཏེ་ལྟུང་བ་བྱིན་གྱིས་བརླབ་དགོས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ཡུལ་གང་ལ་བཤགས་པ་ནི། བཤགསཡུལ་ཆོས་བརྒྱད་ལྡན་གཅིག་ལ་སྟེ། མཐོལ་ཡུལ་ཆོས་བདུན་ལྡན་གྱི་སྟེང་དུ། ལྟུང་བ་མིང་རིགསམཐུན་པ་དང་མི་ལྡན་པ་སྟེ། ཁ་ན་མ་ཐོ་བ་མི་མཐུན་པ་ལའོ། །ཞེས་སོ། །བཞི་པ་རྟེན་གང་གིསབཤགས་པ་ནི། རྟེན་ཆོས་བཞི་ལྡན་ཏེ། མཐོལ་བའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །

ལྔ་པ་ཆོ་ག་གང་གིས་བཤགས་པ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་དང་འདྲ་ཞིང༌། དངོས་གཞི་ནི་བཤགས་པ་མུ་བཅུ་དགུ་སྟེ། མཐོལ་བ་ལ་སྔར་བཤད་པ་བཞིན་ནོ། །མཇུགགི་ཆོ་ག་ནི་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང༌། ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །

གསུམ་པ་ལྟུང་བ་དངོས་ཉིད་མཐོལ་ཞིང་བཤགས་པ་ལ།

སྤྱིར་བཤད་པ་དང་བྱེ་བྲགཏུ་བཤད་པ་དང་གཉིས། དང་པོ་ལྔ་ལས། དང་པོ་དགོས་པའི་དོན་ནི། བཤགས་བྱའི་ལྟུང་བདག་པར་འགྱུར་བའོ། །གཉིས་པ་ལྟུང་བ་གང་བཤགས་པ་ནི། ཆོས་གསུམ་ལྡན་ནོ། །དེའངབཤགས་བྱའི་ལྟུང་བ་ཡིན་པ་དང༌། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང༌། ངོ་བོ་ཤེསཤིང་དྲན་པར་ནུས་པ་སྟེ། ཕྱི་མ་གཉིས་སྔར་དང་འདྲ་ལ། དང་པོ་ནི་སྦོམ་པོ་དང་སྤང་ལྟུང་དངལྟུང་བྱེད་འབའ་ཞིག་པ་དང་སོ་སོར་བཤགས་པར་བྱ་བ་དང༌། བཤགས་པར་བྱ་བའི་ཉེས་བྱསརྣམས་ཏེ། དེ་རྣམས་ནི་བཤགས་བྱའི་ལྟུང་བ་ཡིན་ནོ། །གསུམ་པ་ཡུལ་གང་ལ་བཤགས་པ་ནི། བཤགས་ཡུལ་ཆོས་བརྒྱད་ལྡན་སྔ་མ་བཞིན་ནོ། །དེའང་ཕམ་པའི་སྦོམ་པོ་ལྕི་བ་ནི། བཤགསཡུལ་དྲུག་ཡན་ཆད་ལ་བཤགས་པར་བྱ། ལྷག་མའི་སྦོམ་པོ་ལྕི་བ་ནི་ལྔ་ལ། ཕམ་པའི་སྦོམ་པོཡང་བ་ནི་བཞི་ལ། ལྷག་མའི་སྦོམ་པོ་ཡང་བ་དང་སྤང་ལྟུང་ལ་སོགས་པ་བཤགས་བྱའི་ལྟུངབ་གཞན་ཐམས་ཅད་ནི་བཤགས་ཡུལ་གཅིག་ལ་བཤགས་པར་བྱའོ། །འོན་ཀྱང་སྦོམ་པོ་བཤགསཡུལ་ལ་དམིགས་བསལ་ཡོད་དེ། གང་ཟག་ཁྱད་པར་ཅན་ལྔས་ནི་ཕམ་ལྷག་གི་སྦོམ་པོ་ལྕིཡང་ཐམས་ཅད་དགེ་སློང་གཅིག་ལ་བཤགས་ཏེ། གང་ཟག་ཁྱད་པར་ཅན་གྱི་ལྷག་མའི་ལྟུངབ་ཡང་གཅིག་གི་མདུན་དུ་བཤགས་པས་འདག་པར་གསུངས་པའི་གནད་ཀྱིས་ཤེས་སོ། །བཞིཔ་རྟེན་གང་གིས་བཤགས་པ་ནི་ཆོས་བཞི་ལྡན་ཏེ། སྔར་བཤད་མ་ཐག་པ་དང་འདྲའོ། །ལྔ་པཆོ་ག་གང་གིས་བཤགས་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་ཁྱད་པར་དུ་ཡང་སྤངལྟུང་ཕྱིར་འཆོས་པ་ན། སྤངས་པ་དང་འབྲལ་བ་སྔོན་དུ་བཏང་བ་ལས་སོ་ཞེས་གསུངས་སོ། །

འོན་ཀྱང་གང་ཟག་ཁྱད་པར་ཅན་ལྔས་ནི་སྤངས་པ་དང་འབྲལ་བ་དེ་མི་དགོས་པར་བམ་པོ་ལྔབཅུ་པ་ལས་གསུངས་སོ། །བཤགས་པ་བྱེད་པ་ན་ཐམས་ཅད་དུ་ཡང་སྦྱོར་བའི་དུས་སུ་བཤགསཡུལ་དགེ་འདུན་དུ་ལོངས་པའམ་བསླབ་པ་རྒན་ན་ཕྱག་འཚལ་བ་དང༌། ཐུགས་གཏད་པར་ཞུབ་དང༌། ལྷམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོསགཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། དེའང་ལྟུང་བ་གཅིག་དང༌། གཉིས་དང༌། ཚད་མངཔོ་དང༌། དཔག་ཏུ་མེད་པ་བྱུང་སྟེ་ཞེས་བརྗོད་ཅིང་བཤགས་པའོ། །མཇུག་གི་ཆོ་ག་ནི་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང་ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ།

འཆབ་མེད་ཀྱི་ཕམ་པའི་ཕྱིར་བཅོས་དང༌། དགེའདུན་ལྷག་མ་ཕྱིར་བཅོས་དང༌། བསྡམ་བྱའི་ཉེས་པ་ཕྱིར་བཅོས་པ་དང་གསུམ། དང་པོ་ནི། རྩ་བར། འཆབ་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ། །བསླབ་པ་སྤྱོད་པསསོ། །དེ་ཐོབ་པས་སོ། །དགེ་འདུན་ལས་སོ། །ལས་ཀྱིས་སྦྱིན་ནོ། །ཇི་སྲིད་འཚོའི་བར་དུའོ། །

ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ། བསླབ་པ་བྱིན་པའི་རང་བཞིན་དང༌། བསླབ་པནོད་པའི་ཚུལ་དང༌། བསླབ་པ་སྤྱད་པའི་ཚུལ་དང་གསུམ། དང་པོ་ནི་གྲུབ་མཐའི་བྱེ་བྲག་གསུམལས། མདོ་སྡེ་པ་ལྟར་ན་དགེ་སློང་གིས་མི་ཚངས་པར་སྤྱད་ཅིང་འཆབ་སེམས་སྐྱེས་ན་ནི། གསོརམི་རུང་ལ། འཆབ་སེམས་མེད་ན་ཡན་ལག་གཞན་ཚང་བ་ལ་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་འབྱུང་བས། སྦོམ་པོ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིད་འཚོའི་བར་དུཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པའི་ཡི་དམ་བར་མའིདགེ་བ་བླངས་པ་ཡིན་ནོ། །སློབ་དཔོན་ཐོགས་མེད་ལ་སོགས་པ་སྔ་རབས་པ་རྣམས་ལྟར་ན་ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ཀྱང་ཡན་ལགཚང་ན་ཕམ་པར་འགྱུར་ཞིང༌། ཕམ་པ་དེས་སྡོམ་པ་བཏང་བས་སླར་ཡང་སྡོམ་པ་བླངས་ནསསྔར་གྱི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིདའཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སོགས་པ་འབཞིན་ནོ། །མཆིམསམཛོད་ལས། རྩ་ལྟུང་བྱུང་བས་སྡོམ་པ་མི་གཏོང་བར་འདོད་པ་འདི་ནི་དགེ་སྦྱོང་གི་ཚུལ་ཁྲིམསབསླུ་བའི་ཕྱིར་བདུད་ཀྱིས་བྱས་པ་ཡིན་པར་ཤེས་སོ། །ཞེས་གསུངས་སོ། །བྱེ་བྲག་སྨྲ་བ་ལྟརན་ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ཀྱང་ཡན་ལག་ཚང་ན་ཕམ་པར་འགྱུར་ཞིང༌། ཕམ་པས་སྡོམ་པ་མི་གཏོང་ཡང་ཉམས་པར་བྱེད་པསསྡོམ་པ་ཉམས་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིད་འཚོའིབར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སོགས་སྔ་མ་བཞིན་ནོ། །

གཉིས་པ་བསླབ་པ་ནོད་པའི་ཚུལ་ལ་དྲུག་ལས། དང་པོ་ཡུལ་གང་ལ་ནོད་པ་ནི།

སྦྱིནཔའི་ལས་ཀྱི་དགེ་འདུན་མཚན་ཉིད་བཞི་ལྡན་ལས་སོ། །གཉིས་པ་རྟེན་གང་གིས་ནོད་པ་ནི། ལས་ཀྱི་གཞིར་སྔར་སྨོས་པའི་སྦྱིན་ཡུལ་ཐུན་མོང་བ་བརྒྱད་ལས། བསྙེན་རྫོགས་ཀྱི་སྡོམ་པགསོར་རུང་ཡན་ཆད་དང་ལྡན་ཞེས་པའི་གནས་སུ། འདིར་ནི་རབ་ཏུ་བྱུང་བ་སྡེ་ལྔ་གང་རུངགི་སྡོམ་པ་གསོར་རུང་དང་ལྡན་པ་སྟེ། དགེ་སློང་ཕ་མ་ལ་བསླབ་པ་སྦྱིན་པར་མ་ཟད་དེ། འོད་ལྡན་ལས། དགེ་ཚུལ་ལ་བསླབ་པ་སྦྱིན་པ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བཤད་དེ། ཞེས་སོ། །

གསོར་རུང་དང་ལྡན་ཞེས་བརྗོད་ཀྱི་གསོར་རུང་ཡན་ཆད་དང་ལྡན་ཞེས་ནི་འདིར་མི་བརྗོད་དེ། གསོ་བ་ལ་ཞུགས་ཟིན་པ་བསླབ་པ་བྱིན་པ་དང༌། རྣམ་དག་ནི་བསླབ་པ་སྦྱིན་པའི་ཡུལ་མ་ཡིནཔའི་ཕྱིར་རོ། །རྩ་ལྟུང་འཆབ་མེད་བྱུང་བའི་དགེ་ཚུལ་ལ་བསླབ་པ་བྱིན་དགོས་ན་དགེ་ཚུལ་ལལྟུང་བ་ཅིར་འགྱུར་སྟོན་པའི་སྐབས་སུ་ཊཱི་ཀ་ལས་མི་ཚངས་པར་སྤྱོད་པ་སྤོང་པའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་བཤགས་པར་བྱ་བའི་ཉེས་བྱསསུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྦྱོར་བའི་ཉེས་བྱས་བྱུང་ན་བཤགས་བྱ་ཡིན་པ་ལ་དགོངས་སོ་ཞེས་བླ་མ་རྣམས་མཐུན་པར་གསུངས་སོ། ། གསུམ་པ་ལྟུང་བ་གངདག་པའི་དོན་དུ་ནོད་པ་ནི། འཆབ་མེད་ཀྱི་ཕམ་པའམ། ཕམ་པ་དང་འདྲ་བའི་ཉེས་བྱས་འཆབམེད་ཡིན་པ་དང༌། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང༌། ངོ་ཤེས་ཤིང་དྲན་པར་ནུས་པསྟེ། ཆོས་གསུམ་ལྡན་དག་པར་བྱ་བའི་དོན་དུའོ། །བཞི་པ་ཡུན་ཇི་སྲིད་དུ་ནོད་པ་ནི། ཇི་སྲིདའཚོའི་བར་དུ་སྟེ། རྩ་བར། ཇི་སྲིད་འཚོའི་བར་དུའོ། །ཞེས་སོ། །ལྔ་པ་ཆོ་ག་གང་གིས་ནོདཅིང་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྤོ་བ་ནོད་པའི་སྐབས་སུ་བསྟནཔ་དང་འདྲའོ། ། དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ། མཇུག་ལས་ཀྱི་མཇུགསྡུད་བརྗོད་པའོ། །དྲུག་པ་བསླབ་པ་སྦྱིན་པའི་སྒྲ་བཤད་པ་ནི། འཆབ་མེད་ཀྱི་ཕམ་པ་དག་པརབྱ་བའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པར་བྱེད་པའི་བསླབ་པ་བྱིན་ཞིང་བསླབ་པ་དེ་དག་ཉམས་སུ་ལེན་པས་ན་བསླབ་པ་བྱིན་པ་ཞེས་བྱ་སྟེ། བསླབ་པ་སྤྱོད་པ་ཞེས་ཀྱང་བྱའོ། །དགེ་ཚུལ་བསླབ་པ་བྱིན་པ་ནི་ཕམ་པ་དང་འདྲ་བའིཉེས་བྱས་དག་པར་བྱ་བའི་དོན་དུའོ། །

གསུམ་པ་བསླབ་པ་སྤྱོད་པའི་ཚུལ་ལ་དྲུག་ལས།

དང་པོཡུལ་གང་ལ་བསླབ་པ་སྤྱད་པ་ནི་དགེ་འདུན་ཆོས་ལྔ་ལྡན་་སྤོ་བ་སྤྱད་པའི་ཡུལདང་འདྲའོ། །གཉིས་པ་གནས་གང་དུ་བསླབ་པ་སྤྱད་པ་ནི་གནས་ཆོས་གཉིས་ལྡན་ཏེ། སྤོབ་སྤྱད་པའི་གནས་ཆོས་གསུམ་ལྡན་གྱི་ཐ་མ་མ་གཏོགས་པའོ། །གསུམ་པ་རྟེན་གང་གིསབསླབ་པ་སྤྱད་པ་ནི། བསླབ་པ་མནོས་པ་དང་འབྲེལ་བ་སྟེ། སྐབས་ཀྱིས་གྲུབ་བོ། བཞི་པལྟུང་བ་གང་དག་པའི་དོན་དུ་བསླབ་པ་སྤྱད་པ་ནི་ལྟུང་བ་ཆོས་གསུམ་ལྡན་ཏེ། སྔར་བསླབ་པ་ནོད་པའི་སྐབས་སུ་བཤད་པ་དང་འདྲའོ། །ལྔ་པ་ཡུན་ཇི་སྲིད་དུ་བསླབ་པ་སྤྱད་པ་ནི། ཇི་སྲིད་འཚོའི་བར་དུ་སྤྱད་པ་སྟེ། ལུང་དང་མདོ་རྩ་འགྲེལ་ལས་ཇི་སྲིད་འཚོའི་བར་དུ་སྦྱིན་ཞེས་གསུངསཔའི་ཤུགས་ཀྱིས་གྲུབ་བོ། །དམིགས་བསལ་ནི་གང་ཟག་དེ་དགྲ་བཅོམ་པར་གྱུར་ཏམ། ཕམཔ་ཐུན་མོང་མ་ཡིན་པ་བྱུང་སྟེ་བསླབ་པ་བྱིན་པ་ལས་མཚན་གྱུར་ན་ཇི་སྲིད་འཚོའི་བར་དུ་སྤྱད་པ་མ་ཡིན་ཏེ། འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེསགསུངས་པས་ཤེས་སོ། །དྲུག་པ་ཚུལ་ཇི་ལྟར་བསླབ་པ་སྤྱད་པ་ནི། ཁྱད་པར་ཅན་གྱི་སྤྱོད་པལྔ་སྤང་བ་དང༌། དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་སྟེ། སྤོ་བ་སྤྱོད་པ་ལ་སྨྲས་པ་བཞིནནོ། །ལུང་ཕྲན་ཚེགས་ལས། དགེ་སློང་དག་དགེ་སློང་དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང་སེམས་གཅིག་གིས་ཀྱང་མ་བཅབས་པས་འདི་ཕམ་པར་མ་གྱུར་གྱིས། ཞེསགསུངས་པ་དང༌། འཕགས་པ་བེ་ཤ་ཀའི་ཚིག་ལེའུར་བྱས་པ་ལས། མི་འཆབ་པའི་སེམས་ཀྱིསནི། །གལ་ཏེ་བྱུང་ནའང་གཅིག་ལ་མཐོལ། ། ཆུང་ངུ་ལ་ཡང་འཇིགས་པའི་ཕྱིར། །དེ་ལ་ཕསཕམ་མི་འབྱུང་ངོ༌། །ཞེས་དང༌། མཛོད་འགྲེལ་ལས། ལྟུང་བ་བྱུང་བའི་མོད་ལ་ཕམ་པ་ཡིན་ནོཞེས་མི་ཟེར་གྱི་ལ་ལ་རྒྱུད་ཀྱི་ཁྱད་པར་ལས་ཕམ་པ་མ་ཡིན་ཏེ། སེམས་འགས་ཀྱང་མི་འཆབ་པའི་ཕྱིར། ཞེས་དང༌། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་འབྲང་ལས། གལ་ཏེ་སེམསནི་གཅིག་གིས་ཀྱང༌། །བཅབས་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང༌། །དེ་ནི་ཕམ་པར་མི་འགྱུར་རོ། །ཞེས་དང༌། ། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། ཁོ་བོཅག་ནི་མི་ཚངས་པར་སྤྱོད་པའི་ལྟུང་བ་བྱུང་བའི་མོད་ཁོ་ན་ལ་ཕམ་པ་ཡིན་ནོ་ཞེས་མི་ཟེར་གྱི་འོ་ན་ཅི་ཞེ་ན། འཆབ་པའི་སེམས་ཀྱིས་ནི་ཡིན་ནོ། །ཞེས་སོ། །ཞེས་བཤད་པའི་གཞུང་དེ་རྣམསཇི་ལྟར་ཡིན་ཞེ་ན། གཞུང་དང་པོ་ལུང་ལས་གསུངས་པ་དེ་ནི་གསོར་མི་རུང་གི་ཕམ་པར་མིའགྱུར་གྱིས་ཞེས་དགོངས་ཏེ། གསོར་རུང་གི་ཕམ་པར་མ་གྱུར་པ་ནི་མ་ཡིན་ནོ། །ཞེས་གཞུངཕྱི་མ་དེ་རྣམས་ནི་མདོ་སྡེ་པའི་ལུགས་ཁས་བླངས་པའི་གཞུང་ཚིག་ཡིན་ནོ། །འདིར་བྱེ་བྲག་སྨྲབའི་ལུགས་ཀྱིས་འཆབ་སེམས་མེད་ཀྱང་ཕམ་པ་འབྱུང་བའི་ལུང་ནི། འོད་ལྡན་དུ་ཁུངས་སུདྲངས་པའི་ལུང་མ་མོ་ལས། ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། གལ་ཏེ་མི་ཚངསཔར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབ་པའི་སེམས་མི་བསྐྱེད་པ་ཡིནཏེ། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་བྱིན་ཅིག་ཅེས་གསུངས་པའོ། །ངོ་ཚ་དང་ལྡན་པ་ནི་ལུང་སིལ་བུ་ལས་ལྷག་མའི་ཉེས་པ་བྱུང་ནས་འགྱོད་དེ་ལུས་རིད་པར་གྱུར་པ་ཞེས་གསུངས་ཤིང༌། བམ་པོ་ལྔ་བཅུ་པ་ལས་ཀྱང་བཤད་དོ། །ཞེས་མཚོ་ཊཱིཀ་ལས་གསུངས་ལ།

འོན་ཀྱང་འདུལ་བ་བདུད་རྩིའི་ཉིང་ཁུ་ལས། བསླབ་པ་མ་ཕུལ་བར་ཕམ་པ་བཞི་གང་རུང་བྱུང་ནས་ཡེ་མ་བཅབས་པའམ། ཞག་དེའི་ཕྱི་མའི་སྐྱ་རེངས་མ་ཤར་གོང་དུ་མཐོལ་ཡུལ་ཐ་སྙད་ལྔ་ལྡན་ལ་མཐོལ་ན་བསླབ་པ་སྦྱིན་པར་གསུངས་པས། དེ་གནོང་འགྱོད་དྲག་པོ་དང་བཅསཔས་དགེ་འདུན་གྱི་དྲུང་དུ་ཕྱིན་ནས་རྗེས་སུ་བཟུང་བར་ཞུས་ཏེ། ཞེས་གསུངས་པས་དཔྱད་པར་ཞུའོ། །

གཉིས་པ་དགེ་འདུན་ལྷག་མའི་ཕྱིར་བཅོས་བཤད་པ་ལ།

རྩ་བར། དགེ་འདུནལྷག་མ་ལ་ནི་དུས་ཇི་སྲིད་གཅིག་བཅབས་པ་ཉིད་དམ་མ་བཅབས་པ་ཉིད་དང་ངོ། །དེ་ལས་བསླང་བར་བྱེད་པ་ནི་དབྱུང་བའོ། །དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་སྤྱད་པལའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ། གང་ཟག་ཁྱད་པར་ཅན་གྱིས་ཕྱིར་བཅོསཔ་དང༌། གང་ཟག་ཁྱད་པར་ཅན་མ་ཡིན་པས་ཕྱིར་བཅོས་པ་དང་གཉིས། དང་པོ་ནི་ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་སོགས་གང་ཟག་ཁྱད་པར་ཅན་ལྔ་ལལྷག་མའི་ལྟུང་བ་བྱུང་ཡང་སྤོ་མགུ་དབྱུང་བ་མི་དགོས་པར་དགེ་སློང་གཅིག་གི་མདུན་དུ་བཤགསཔས་དག་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། དང་པོ་ལྷག་མ་བཅབས་པའི་ཉེས་པ་ཕྱིར་བཅོས་པ་དང༌། ལྷག་མ་དངོས་ཉིད་ཕྱིར་བཅོས་པའོ། །དང་པོ་ལ་གཉིས་ཏེ་མཐོལ་བས་ཕྱིརབཅོས་པ་དང༌། སྤོ་བས་ཕྱིར་བཅོས་པའོ། །དང་པོ་ཐུན་མོང་དུ་སྨྲས་ཟིན་ཏོ། །གཉིས་པ་ལ་གསུམལས། དང་པོ་སྤོ་བས་ཕྱིར་བཅོས་པའི་དགོས་པ་ནི། རང་གི་ལྷག་མ་བཅབས་པའི་ཉེས་པ་དགཔར་འགྱུར་བ་སྟེ། སྤོ་བས་དེ་མེད་པར་འགྱུར་རོ། །ཞེས་སོ། །གཉིས་པ་སྤོ་བ་ནོད་པ་ལ་དྲུགལས། དང་པོ་ཡུལ་གང་ལ་ནོད་པ་ནི། དགེ་འདུན་མཚན་ཉིད་བཞི་དང་ལྡན་པ་སྟེ་བཞི་ཡནཆད་ཀྱི་གྲངས་ཚང༌། ཁ་སྐོང་བར་འོས། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དངལས་བྱེད་པ་པོ་དང་བཅས་པ་སྔར་བསྟན་པ་བཞིན་ནོ། །གཉིས་པ་རྟེན་གང་གིས་ནོད་པ་ནི།ཐུན་མོང་བ་བརྒྱད་ནི་ལས་གཞིར་སྨོས་ལ། སྔར་སྤོ་བ་ནོད་པ་དང་མ་འབྲེལ་བ་དང༌། གངཟག་ཁྱད་པར་ཅན་མ་ཡིན་པ་སྟེ་ཆོས་བཅུ་ལྡན་གྱིས་ནོད་པའོ། །གསུམ་པ་ལྟུང་བ་གང་དགཔའི་དོན་དུ་ནོད་པ་ནི་རང་གི་ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། གང་ཟག་ཁྱདཔར་ཅན་མ་ཡིན་པ་བདག་གི་རྒྱུད་དུ་འབྲེལ་བར་ཡོད་པ་དང༌། ངོ་བོ་ཤེས་ཤིང་དྲན་པར་ནུསཔ་སྟེ། ལྟུང་བ་ཆོས་གསུམ་ལྡན་དག་པར་བྱ་བའི་དོན་དུའོ། །བཞི་པ་ཡུན་ཇི་སྲིད་དུ་སྤོ་བ་ནོདཔ་ནི། ཡུན་ཇི་སྲིད་བཅབས་པ་དེ་སྲིད་དུའོ། །དེའང་ལྷག་མའི་ལྟུང་བ་དུ་མ་སྔ་ཕྱིར་བྱུང་བ་སྟེ།འཆབ་པའི་དུས་རིང་ཐུང་ཡོད་ན་ནི་དུས་རིང་ཤོས་དེ་སྲིད་དུའོ། །ལྔ་པ་ཆོ་ག་གང་གིས་ནོད་ཅིངསྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། རྒན་པའི་མཐའ་ལོགས་ནས་ཕྱག་འཚལ་བ་དང༌། ལྷམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོསྦྱར་བའི་སྤྱོད་ལམ་བསྟེན་པ་དང༌། རང་གིས་ལན་གསུམ་གསོལ་བ་གདབ་པས་ནོད་པའོ། །

དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །

དྲུག་པ་སྤོ་བའི་སྒྲ་བཤད་པ་ནི་ས་རང་བཞིན་དུ་གནས་པ་ལས་དམན་པའི་སར་སྤོ་བ་ཡིན་པསན་སྤོ་བ་ཞེས་བྱའོ། །གསུམ་པ་སྤོ་བ་སྤྱོད་པ་ལ་ཡང་དྲུག་ལས། དང་པོ་ཡུལ་གང་ལ་སྤོ་བ་སྤྱོདཔ་ནི། དགེ་འདུན་མཚན་ཉིད་ལྔ་ལྡན་ཏེ། དེའང་བསྙེན་རྫོགས་བཞི་ཡན་ཆད་ཀྱི་གྲངས་ཚང་སྟེ། དགེ་འདུན་མ་ཡིན་པ་ལ་ཡང་ངོ་ཞེས་པ་དང༌། གཞན་དུ་ན་སྤོ་བ་སྤྱད་པའི་འཇུག་ཡུལམ་ཡིན་པའི་ཕྱིར་རོ། །ས་རང་བཞིན་དུ་གནས་པ་སྟེ། རང་བཞིན་དུ་གནས་པ་མ་ཡིན་པ་དགལ་༼ཡོངས་སུ་གནས་པ་དག་མི་འཆགས་སོ་༽ཞེས་པ་དང་དམན་པ་ན་གནས་པས་དམན་པ་ནགནས་པ་དབྱུང་བར་མི་ནུས་པའི་ཕྱིར་རོ། །མཚམས་དེ་ན་གནས་པ་ལས་གུད་དུ་བཅད་པ་མ་ཡིན་པ་དེ་གནས་དེ་ན་འགོད་པ་དག་ལས་ཡོངས་སུ་བཅད་པ་དག་ལ་ཡང་ངོ་ཞེས་པ་དང༌། མཆོག་གི་ཆ་སྤང་བར་མི་རིགས་པའི་ཕྱིར་རོ། །མཚན་མཐུན་པ་དང་ལྟ་བ་མཐུན་པ་སྟེ། གཞནདུ་ན་མཚན་གྱི་སྒོ་ནས་དང་ལྟ་བའི་སྒོ་ནས་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །གཉིསཔ་གནས་གང་དུ་སྤོ་བ་སྤྱད་པ་ནི། གནས་ཆོས་གསུམ་ལྡན་དུ་སྤྱད་དེ། དེའང་གནས་བརྟནདང་བཅས་སོ་སོ་ཐར་པ་དང་བཅས་པའི་གནས་ཡིན་པ་སྟེ་གནས་བརྟན་དང་བཅས་སོ་སོ་ཐརཔ་དང་བཅས་པ་ཉིད་དུ་ཞེས་པ་དང༌། གཞན་དུ་ན་ཁྲེལ་ཡོད་ཕུན་སུམ་ཚོགས་པ་མི་འབྱུང་ཞིངགནས་མེད་ཀྱི་ཉེས་པ་འབྱུང་བའི་རྒྱུར་འགྱུར་བའི་ཕྱིར་རོ། །གང་ན་གཞན་གསུམ་ལ་སོགས་པ་མིང་མཐུན་པ་ཡོད་པའི་གནས་མ་ཡིན་པ་སྟེ། གང་ན་གཞན་གསུམ་ལ་སོགས་པ་དེ་དགགི་མིང་ཞེས་པ་དང༌། གཞན་དུ་ན་ཉེས་པ་ལས་བཟློག་པའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གངདུ་མནོས་པའི་གནས་ཡིན་པ་སྟེ། དང་པོར་གཉིས་ཀྱིས་གཞན་གྱི་སྐྱ་རེངས་འཆར་བར་མི་བྱ་ཞེས་པ་དང༌། གཞན་དུ་ན་ཉིན་མཚན་དཔྱད་དགོས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་སྤོ་བ་སྤྱད་པ་ནི་སྤོ་བ་མནོས་པ་དང་འབྲེལ་བ་སྟེ། གཞན་དུ་ན་སྤོ་བ་སྤྱོད་པ་མི་འཆགས་པའི་ཕྱིརརོ། །བཞི་པ་ལྟུང་བ་གང་དག་པའི་དོན་དུ་སྤོ་བ་སྤྱད་པ་ནི་ལྟུང་བ་ཆོས་གསུམ་ལྡན་ཏེ་སྤོ་བ་ནོདཔའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །ལྔ་པ་ཡུན་ཇི་སྲིད་དུ་སྤོ་བ་སྤྱོད་པ་ནི་ཡུན་ཇི་སྲིདམནོས་པ་དེ་སྲིད་དུའོ། །

དྲུག་པ་ཚུལ་ཇི་ལྟར་སྤོ་བ་སྤྱོད་པ་ནི།

ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང༌། དམནཔའི་སྤྱོད་པ་ལྔ་དང་དུ་བླང་བ་དང་གཉིས། དང་པོ་ལ་ལྔ་སྟེ་༡གུས་པའི་བྱ་བ་བདག་གིར་བྱེད་པལ་སོགས་སྤོང་བ་དང༌། ༢ལྷག་པ་དང་མཉམ་པའི་སྤྱོད་པ་སྤང་བ་དང༌། ༣དགེ་སྦྱོང་བླ་མའི་གནསལྟ་བུ་སྤང་བ་དང༌། ༤ཆད་པའི་སྐབས་སུ་གཏོགས་པའི་བྱ་བ་སྤང་བ་དང༌། ༥རྟེན་པའི་ཁྱད་པརསྤང་ཞིང་ཉེས་པ་རྣམས་སྤང་བའོ། །

གཉིས་པ་དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་ལྔ་སྟེ།

༡ནངས་བར་གྱི་དུས་སུ་ཇི་ལྟར་སྒྲུབ་པདང༌། ༢མཆོད་སྟོན་ལ་སོགས་པའི་དུས་སུ་ཇི་ལྟར་སྒྲུབ་པ་དང༌། ༣འདུ་བའི་དུས་སུ་ཇི་ལྟརསྒྲུབ་པ་དང༌། ༤དགོངས་ཀའི་དུས་སུ་ཇི་ལྟར་སྒྲུབ་པ་དང༌། ༥དུས་ཐམས་ཅད་དུ་ཇི་ལྟར་སྒྲུབཔའོ། ། གཉིས་པ་ལྷག་མ་དངོས་ཉིད་ཕྱིར་བཅོས་པ་ལ། མགུ་བས་ཕྱིར་བཅོས་པ་དང༌། དབྱུངབས་ཕྱིར་བཅོས་པ་དང་གཉིས། དང་པོ་ལ་མགུ་བ་ནོད་པ་དང༌། མགུ་བ་སྤྱད་པ་དང་གཉིས།

དང་པོ་མགུ་བ་ནོད་པ་སྤྱོད་པའི་ཚུལ་ནི།

གཞན་ཐམས་ཅད་སྤོ་བའི་སྐབས་སུ་སྔར་ཇི་སྐདབཤད་པ་དང་འདྲ་བ་ལས། འདིར་ཁྱད་པར་བཞི་ལས། ཆེད་དུ་བྱ་བའི་ཁྱད་པར་ལ། སྤོ་བ་ནིདགེ་འདུན་ལྷག་མ་བཅབས་པའི་ཉེས་པ་དག་པར་བྱ་བའི་ཕྱིར་ཡིན་ལ། མགུ་བ་ནི་དགེ་འདུནལྷག་མ་དངོས་ཉིད་ཕྱིར་བཅོས་པར་བྱ་བའི་ཕྱིར་ཡིན་ཞིང༌། དགེ་སློང་མས་ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་ཕྱིར་བཅོས་པར་བྱ་བའི་ཕྱིར་ཡང་ཡིན་ནོ། །དགོས་པའི་ཁྱད་པར་ལ་སྤོ་བ་སྤྱད་པའི་དགོས་པ་ནི། ལྷག་མ་བཅབས་པའི་ཉེས་པ་དག་པར་འགྱུར་བ་ཡིན་ལ། མགུ་བསྤྱོད་པའི་དགོས་པ་ནི། ལྷག་མའི་དབྱུང་བ་ཆགས་པའི་རྟེན་དུ་འགྱུར་བ་དང་ལྕི་བའི་ཆོསལས་འདས་པའི་ལྟུང་བ་བཤགས་པ་ཆགས་པའི་རྟེན་དུ་འགྱུར་བའོ། །ཞག་གྲངས་ཀྱི་ཁྱད་པརལ་སྤོ་བའི་ཞག་གྲངས་ནི་ཡུན་ཇི་སྲིད་དུ་བཅབས་པ་དེ་སྲིད་ཡིན་པས་ཞག་གྲངས་ཕྱོགས་གཅིགཏུ་ངེས་པ་མེད་ལ། མགུ་བའི་ཞག་གྲངས་ནི། དགེ་སློང་གིས་མགུ་བ་ཞག་དྲུག་དང༌། དགེ་སློངམས་མགུ་བ་ཟླ་བ་ཕྱེད་དོ། །སྒྲ་བཤད་ཀྱི་ཁྱད་པར་ལ་སྤོ་བའི་སྒྲ་བཤད་ནི་སྔར་བཤད་ཟིན་ལ། མགུ་བའི་སྒྲ་བཤད་པ་ནི། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་དགེའདུན་གྱི་ཐུགས་མགུ་བར་བྱེད་པས་ན་མགུ་བ་ཞེས་བྱ་སྟེ། ལྕི་བའི་ཆོས་ལས་འདས་པའི་ལྟུངབ་ཕྱིར་བཅོས་པའི་དོན་དུ་དགེ་སློང་ཕ་མ་གཉིས་ཀའི་དགེ་འདུན་གྱི་ཐུགས་མགུ་བར་བྱེདཔས་ན་དེ་སྐད་ཅེས་བྱའོ། །སྤོ་མགུ་དེ་གཉིས་གསོལ་བཞིའི་ལས་ཀྱིས་སྦྱིན་ཞེས་པས་ནི་སྦྱིན་པ་བཅོ་ལྔ་བསྟན་ཏེ། སྤོ་བ་སྦྱིན་པ་དང༌། གཞི་ནས་སྤོ་བ་སྦྱིན་པ་དང༌། ཡང་གཞི་ནས་བསླངསྟེ་སྤོ་བ་སྦྱིན་པ་དེ་གསུམ་དང༌། མགུ་བ་དང་གཞི་ནས་མགུ་བ་དང་ཡང་གཞི་ནས་བསླང་སྟེམགུ་བ་སྦྱིན་པ་སྟེ་གསུམ་དང༌། སྤོ་བ་སྤྱད་པ་དང་ལྡན་པ་ལ་མགུ་བ་སྦྱིན་པ་གསུམ་དང༌། གཞི་ནས་སྤོ་བ་སྤྱད་པ་དང་ལྡན་པ་ལ་མགུ་བ་སྦྱིན་པ་གསུམ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་པ་དང་ལྡན་པ་ལ་མགུ་བ་སྦྱིན་པ་གསུམ་མོ། །དབྱུང་བ་ཡང་ངོ་ཞེས་པས་དབྱུང་བ་བཅུགཉིས་བསྟན་ཏེ། མགུ་བ་རྐྱང་པ་སྤྱད་པ་གསུམ་ལ་དབྱུང་བ་གསུམ་དང༌། སྤོ་བ་སྤྱད་ནས་མགུབ་སྤྱད་པ་གསུམ་ལས་དབྱུང་བ་གསུམ་དང༌། གཞི་ནས་སྤོ་བ་སྤྱད་ནས་མགུ་བ་སྤྱད་པ་གསུམལས་དབྱུང་བ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུ་བ་སྤྱད་པ་གསུམ་ལསདབྱུང་བ་གསུམ་སྟེ་བཅུ་གཉིས་སོ། །དེ་དག་གིས་གསོལ་བ་འདེབས་པ་ཉི་ཤུ་རྩ་བདུན་ཡངམཚོན་པའོ། །

གཉིས་པ་དབྱུང་བས་ཕྱིར་བཅོས་པ་ལ་ལྔ་ལས།

དང་པོ་དབྱུང་བ་བྱས་པའི་དགོས་པ་ནི། ལྷག་མའི་ལྟུང་བ་དག་པར་འགྱུར་བའོ། །གཉིས་པ་ཡུལ་གང་ལ་དབྱུང་བ་བྱ་བ་ནི། ཆོསབཅུ་ལྡན་ཏེ་ཐུན་མོང་བ་བརྒྱད་ནི་ལས་གཞིའི་སྐབས་སུ་སྨོས་ལ། གང་ཟག་ཁྱད་པར་ཅན་མཡིན་པ་དང༌། མགུ་བ་སྤྱད་པ་དང་ལྡན་པ་དང་བཅུའོ། །གསུམ་པ་རྟེན་གང་གིས་དབྱུང་བ་བྱབ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་ཏེ། ཉི་ཤུ་འམ་བཞི་བཅུའི་གྲངས་ཚང་བ་དང༌། ཁ་སྐོང་བར་འོས་པ་དང༌། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང༌། ལས་བྱེད་པ་པོདང་བཅས་པའོ། །བཞི་པ་ལྟུང་བ་གང་དག་པའི་དོན་དུ་དབྱུང་བ་བྱ་བ་ནི། དགེ་འདུན་ལྷགམའི་ལྟུང་བ་ཆོས་གསུམ་ལྡན་སྔར་སྤོ་བ་སྦྱིན་ཡུལ་ལ་བཤད་པ་དང་འདྲ་ཞིང༌། འཆབ་པ་མིལྡན་པ་སྟེ་བཞིའོ། །ལྔ་པ་ཆོ་ག་གང་གིས་དབྱུང་བ་བྱ་བ་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་ཏེ། གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུ་བསྡིགས་པ་ཡང་བྱའོ། །མཇུག་ནི་ལསཀྱི་མཇུག་སྡུད་བརྗོད་པ་དང་གཟེངས་བསྟོད་པའོ། །

གསུམ་པ་བསྡམ་བྱའི་ཉེས་པ་ཕྱིར་བཅོས་པ་ནི།

ཡིད་ཀྱིས་དེ་ལས་ནི། ཞེས་སོ། །འདིརའོད་ལྡན་རྩ་འགྲེལ་ལས་བསྡམ་བྱ་ལ་ལྟུང་བའི་མིང་མི་འདོགས་ཏེ། ད་ནི་ལྟུང་བར་མི་འགྱུར་བསྡམ་བྱ་ཡིན། ཞེས་དང༌། ལྟུང་བ་ནི་མ་ཡིན་ཏེ་བསྡམ་བྱའོ། །ཞེས་གསུངས་སོ། །འོན་ཀྱངརང་གི་རྣམ་བཤད་དང་ཊཱི་ཀ་ལས་ཡིད་ཀྱི་ལྟུང་བ་དེ་ལས། ཞེས་གསུངས་ཤིང༌། བསྡམ་པ་བྱསན་ལྟུང་བ་ལས་ལྡང་བར་འགྱུར་ཞེས་གསུངས་སོ། ། ཕྱིར་བཅོས་པའི་གཞིའི་རྣམ་པར་བཤདཔ་རྫོགས་སོ།། །།

གཉིས་པ་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞི་འཆད་པ།

གཉིས་པ་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞི་འཆད་པ་ལ།

རྩ་བར། འདིལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང༌། བཅབས་པའི་སེམས་༼ཉེ་བར་༽མ་བཞག་པས་བརྗེདཔ་དང༌། ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ། གླེང་གཞི་དང༌། འདིར་རང་གི་དགེ་འདུནལྷག་མ་འཆབ་པའི་ཉེས་པ་རྫོགས་པར་བསྐྱེད་པའི་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་དང་ལྔ། དང་པོ་ལྷག་མའི་ལྟུང་བ་བྱུང་བའི་དགེ་སློང་ཞིག་གིས་སོར་མདོ་འདོན་པའིསྐབས་སུ་ཆོས་འདི་མདོར་གཏོགས་པ་ད་གདོད་ཤེས་པ་ཡིན་ཞེས་བརྗོད་པ་ལ་བརྟེན་ནས་དུསདང་དུས་མ་ཡིན་པ་བསྡུས་པའི་གཞི་བཅས་སོ། །གཉིས་པ་གཞིའི་ཡན་ལག་ལ། གང་འཆབཔའི་དངོས་པོ་དང༌། གང་དུ་འཆབ་པའི་གནས་དང་གཉིས། དང་པོ་ལ་གསུམ་ལས། དགེ་འདུནལྷག་མའི་དངོས་གཞི་ཡིན་པའཽ། །བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་སྟེ། གཞན་གྱི་ལྷགམའི་ལྟུང་བ་འཆབ་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་གྱི། གཞུང་འདིའི་སྐབསཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ། །ཞེས་གསུངས་སོ། །

གཉིས་པ་གང་དུ་འཆབ་པའི་གནས་ནི།

དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱིནང་ན་གནས་པ་སྟེ་ཆོས་བདུན་ལྡན་གྱི་མཐོལ་ཡུལ་ཡོད་པའི་གནས་ཡིན་པ་སྟེ། རྩ་བར། བརྗོདཔའི་ཡན་ལག་མེད་ན་དེའི་སེམས་མ་ཡིན་པ་ཉིད་འཆབ་པ་མ་ཡིན་ནོ། །ཞེས་གསུངས་སོ། །

གསུམ་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་གཞི་ལ་མ་འཁྲུལ་བ་དང༌།

ཀུན་སློང་བསམ་པ་ཐག་པ་ནས་ལྟུང་བ་བརྗོད་འདོད་མེད་པའི་བསམ་པ་རྒྱུན་མ་ཆད་པའོ། །

བཞི་པ་སྦྱོར་བ་ནི། ལྟུང་བ་མི་མཐོལ་བ་ཉིད་དོ། །སྦྱོར་བ་ལུས་ངག་ཏུ་ཐོན་པ་མིདགོས་ཏེ། བྱ་བ་མི་བྱེད་པའི་ལྟུང་བ་ཡིན་པའི་ཕྱིར་རོ། །

ལྔ་པ་མཐར་ཐུག་ནི།

མཚན་མོ་མཐའི་སྐད་ཅིག་སྟེ། རྩ་བར། ཉིན་མཚན་གྱི་ཐ་མའིཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ། །ཞེས་གསུངས་པའི་ཕྱིར། ཉིན་མཚན་གྱི་ཐ་མའི་ཆ་མཡིན་པ་སྟེ་སྲོད་ཐུན་དང་ནམ་ཕྱེད་ལྟ་བུ་ལ་ནི་སྤོ་བ་སྤྱད་དགོས་ཀྱང་འཆབ་པ་མི་འབྱུང་ངོ༌། །ཊཱི་ཀ་ལས། སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ། །ཞེས་སོ། །དུས་དངདུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

གསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ།

གསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ་ལ།

རྩ་བར། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དངཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དྲུག་ལས།

དང་པོ་ས་གཞན་ན་གནས་པ་རྣམས་ཀྱི་དབྱེ་བ་ནི། དབྱེ་བའི་གཞི་དང་དབྱེ་བའི་སྒོ་གཉིས་ལས། དབྱེ་བའི་གཞི་ནི། ལས་ཀྱི་སྒོ་ནས་ས་གཞན་ན་གནས་པར་དངོས་སུ་གསུངས་པ་ཙམམོ། །དབྱེ་བའི་སྒོ་ལ་གཉིས་ལས། དང་པོ་ཆེ་ལོང་དུ་དབྱེ་བ་ནི་ས་གཞན་ན་གནས་པ་ཉི་ཤུ་རྩ་དྲུག་སྟེ། སྤོ་སྤྱོད་གསུམ་དང༌། མགུ་སྤྱོད་གསུམ་དང༌། སྤོ་ལྡན་གསུམ་དང༌། མགུ་ལྡན་གསུམསྟེ་བཅུ་གཉིས་དང༌། བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་དང༌། གནསནས་ཕྱུང་བ་བདུན་དང༌། བསྙིལ་བ་དང༌། ངོ་བོ་ཉིད་འཚོལ་བ་དང༌། བསླབ་པ་བྱིན་པ་སྟེ་ཉིཤུ་རྩ་དྲུག་གོ །གཉིས་པ་ཞིབ་མོ་རྣམ་གཞག་གི་སྒོ་ནས་དབྱེ་བ་ནི། ས་གཞན་ན་གནས་པ་བཞིབཅུ་རྩ་བཞི་སྟེ། སྤོ་བ་སྤྱོད་པ་དང༌། གཞི་ནས་སྤོ་བ་སྤྱོད་པ་དང༌། ཡང་གཞི་ནས་བསླང་སྟེ་སྤོབ་སྤྱོད་པ་སྟེ་གསུམ་དང༌། མགུ་བ་སྤྱོད་པ་དང༌། གཞི་ནས་མགུ་བ་སྤྱོད་པ་དང༌། ཡང་གཞི་ནསབསླང་སྟེ་མགུ་བ་སྤྱོད་པ་སྟེ་གསུམ་དང༌། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ་དང༌། གཞིནས་སྤོ་བ་སྤྱད་ནས་མགུ་བ་སྤྱད་པ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུབ་སྤྱོད་པ་གསུམ་སྟེ་བཅོ་ལྔ་དང༌། སྤོ་བ་དང་ལྡན་པ་གསུམ་དང༌། མགུ་བ་དང་ལྡན་པ་གསུམསྟེ་དྲུག་དང༌། སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་དང༌། གཞི་ནས་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་སྟེ་སུམ་ཅུ་དང༌། སྨད་པ་བཞི་དང༌། གནས་ནས་ཕྱུང་བ་བདུན་དང༌། བསྙིལ་བ་དང་ངོ་བོ་ཉིད་འཚོལ་བདང༌། བསླབ་པ་སྦྱིན་པ་སྟེ་བཞི་བཅུ་རྩ་བཞིའོ། །

གཉིས་པ་བསྡུ་བ་ལ།

ངོ་བོའི་སྒོ་ནས་བསྡུ་བ་དང༌། རྣམ་གྲངས་ཀྱི་སྒོ་ནས་བསྡུབ་དང༌། བསླབ་བྱའི་སྒོ་ནས་བསྡུ་བ་དང་གསུམ། དང་པོ་ལ་གསུམ་སྟེ། སྤངས་པ་ས་གཞནན་གནས་པ་སྟེ་གནས་ནས་ཕྱུང་བ་བདུན་དང༌། བསྙིལ་བ་དང་སྨད་པ་ས་གཞན་ན་གནས་པསྟེ། སྨད་པ་ནན་ཏུར་བྱས་པ་བཞི་དང༌། རྣམ་པར་དག་བྱེད་ས་གཞན་ན་གནས་པ་སྟེ་དེ་དགལས་གཞན་པ་རྣམས་སོ། །གཉིས་པ་རྣམ་གྲངས་ཀྱི་སྒོ་ནས་བསྡུ་ན་གཉིས་ཏེ། ས་གཞན་ནགནས་པ་ཡང་ཡིན་ལ་ནན་ཏུར་བྱས་པ་ཡང་ཡིན་པ་བཅུ་གཉིས་དང༌། ས་གཞན་ན་གནས་པ་ནི་ཡིན་ལ་ནན་ཏུར་དུ་བྱས་པ་ནི་མ་ཡིན་པ་སྟེ་བཅུ་གཉིས་ལས་གཞན་རྣམས་སོ། །གསུམ་པ་བསླབ་བྱའི་སྒོ་ནས་བསྡུ་ན་གཉིས་ཏེ། ས་གཞན་ན་གནས་པ་ཆེན་པོ་དང༌། ཆུང་ངུ་བ་ཞེས་བྱའོ། །

དང་པོ་ནི་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་ཞིང་དམན་པའི་སྤྱོད་པ་དང་དུ་ལེན་པ་སྟེ། སྤོ་སྤྱོད་མགུསྤྱོད་བཅོ་ལྔ་དང་ངོ་བོ་ཉིད་འཚོལ་བ་དང་བསླབ་པ་བྱིན་པ་སྟེ་བཅུ་བདུན་ནོ། །གཉིས་པ་ཁྱདཔར་ཅན་གྱི་སྤྱོད་པ་སྤོང་ཡང་དམན་པའི་སྤྱོད་པ་དང་དུ་བླང་མི་དགོས་པ་སྟེ། སྤོ་ལྡན་མགུ་ལྡནབཅོ་ལྔ་དང་ནན་ཏུར་བྱས་པ་བཅུ་གཉིས་སོ། །

གསུམ་པ་ས་གཞན་གནས་པའི་མཚན་ཉིད་ནི།

དམན་པར་བྱེད་ཆོས་ལས་ཀྱི་ཆོ་གལ་ལྟོས་ནས་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་ཉིད་ཀྱི་རིགས་སུ་གནས་པའོ། །ཆོ་ག་ཞེས་པས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སེལ་ལ། རིགས་གནས་སྨོས་པས་དགེ་ཚུལ་བསྙིལ་བ་བསྡུའོ། །

བཞི་པ་བསླབ་བྱ་ནི། ས་གཞན་ན་གནས་པ་ཆེན་པོ་བཅུ་བདུན་གྱི་ས་ནི་ཁྱད་པརཅན་གྱི་སྤྱོད་པ་ལྔ་སྤང་བ་དང་དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་བསླབ་བོ། །དེ་དག་ལསགཞན་པའི་ས་གཞན་ན་གནས་པ་རྣམས་ཀྱིས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་ལ་བསླབཀྱི། དམན་པའི་སྤྱོད་པ་དང་དུ་བླང་བ་ལ་བསླབ་མི་དགོས་སོ། །ཁྱད་པར་དུ་ཡང་གནས་ནས་ཕྱུང་བ་དང་བསྙིལ་བས་ནི། ཆོས་འདི་པའི་རབ་ཏུ་བྱུང་བ་གཞན་རྣམས་དང་ལྷན་ཅིག་ཏུ་ཆོསདང་ཟང་ཟིང་གི་ལོངས་སྤྱོད་མཐའ་དག་སྤང་བའོ། །

ལྔ་པ་སྒྲ་བཤད་པ་ནི། ས་རང་བཞིན་དུ་གནས་པ་ལ་ལྟོས་ནས་ས་གཞན་ཏེ་དམནཔའི་ས་ན་གནས་པས་ན་ས་གཞན་ན་གནས་པ་ཞེས་བྱའོ། །

དྲུག་པ་གྲོལ་བའི་དུས་ནི།

ས་གཞན་ན་གནས་པ་ཐམས་ཅད་ལས་དགྲ་བཅོམ་པཐོབ་པས་གྲོལ་བ་ཡིན་ཏེ། ཊཱི་ཀ་ལས། དགྲ་བཅོམ་པ་ཉིད་ཐོབ་པ་ནས་སྤོ་བ་དང་མགུ་བརབྱ་བ་སྤྱོད་པ་གཉིས་ཀྱིས་ཀྱང་རང་བཞིན་ཐོབ་ཅིང་ཞེས་བཤད་པས་ས་གཞན་ན་གནས་པགཞན་རྣམས་ལ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ནན་ཏུར་གྱིས་ས་གཞན་ནགནས་པ་རྣམས་ལ་བཟོད་པར་བྱ་བའི་ལས་བྱས་པས་གྲོལ་ཞིང༌། སྤོ་སྤྱོད་མགུ་སྤྱོད་ལས་སྤོབ་འཁོར་བ་དང་མགུ་བ་འཁོར་བས་གྲོལ་ལོ། །སྤོ་ལྡན་ལས་མགུ་བ་མནོས་པས་གྲོལ་ཞིང༌། མགུ་ལྡན་ལས་དབྱུང་བ་བྱས་པས་གྲོལ་ལོ། །ངོ་བོ་ཉིད་འཚོལ་བ་ལས་ལྟུང་བ་དྲན་ཞིང་བཟོདཔར་བྱ་བའི་ལས་བྱས་པས་གྲོལ་ཞིང༌། ནན་ཏུར་གྱིས་ས་གཞན་ན་གནས་པ་རྣམས་ལ་ནནཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ན་སྔ་མ་ལས་གྲོལ་བ་སྟེ་གནས་ནས་ཕྱུང་བ་ནི་མ་གཏོགསསོ། །རྩ་བར། སྤོ་བ་དང་ཞེས་པ་ནས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་སྟོན་ཏེ། དང་པོ་གུསཔའི་བྱ་བ་བདག་གིར་བྱེད་པ་ལ་སོགས་སྤང་བ་ནི། རྩ་བར། སྤོ་བ་དང་མགུ་བ་བྱ་བ་ཞེསསོགས་སྔར་བཀོད་པ་དེས་བསྟན་ཏོ། །གཉིས་པ་ལྷག་པ་དང་མཉམ་པའི་སྤྱོད་པ་སྤང་བ་ནི། རྩ་བར། དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་གཞན་པའི་བཅག་པར་མི་བྱའོ། །སྟནཆེས་དམའ་བ་ཉིད་ལས་གཞན་པས་འདུག་པར་ཡང་ངོ༌། །ཞེས་སོགས་གསུངས་སོ། །གསུམཔ་དགེ་སྦྱོང་བླ་མའི་གནས་ལྟ་བུ་སྤང་བ་ནི། རྩ་བར། རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགསཔ་དང་གནས་སྦྱིན་པ་དང་དགེ་ཚུལ་ཉེ་བར་བཞག་པ་དག་མི་བྱའོ། །ཞེས་སོགས་གསུངསསོ། །བཞི་པ་ཆད་པའི་སྐབས་སུ་གཏོགས་པའི་བྱ་བ་སྤང་བ་ནི། རྩ་བར། དགེ་སློང་ལ་ཉམསཔས་གླེང་བར་མི་བྱའོ། །ཞེས་སོགས་གསུངས་སོ། །ལྔ་པ་བསྟེན་པའི་ཁྱད་པར་སྤང་ཞིང་ཉེསཔ་རྣམས་སྤང་བ་ནི། རྩ་བར། དེ་དང་བསྟེན་པར་མི་བྱའོ། །ཆད་པ་དེའི་རྒྱུ་བྱས་པ་སྤང་ངོ། །

ཞེས་སོགས་གསུངས་སོ། །ཆད་པ་དེའི་རྒྱུ་བྱས་པ་སྤང་ངོ་ཞེས་པ་འདི་དང༌། དེ་ལ་དེའི་སྡེ་པལྷག་པར་སྤྱད་པ་ཡང་ངོ་ཞེས་པའི་ཁྱད་པར་ཅི། སྡེ་པ་ལྷག་པ་སྤྱད་པ་ནི་ལྷག་མའི་སྡེ་ཚནའབའ་ཞིག་ཡིན་པས་ཁྱབ་ཆུང་ལ། ཆད་པ་དེའི་རྒྱུ་ནི་ལྷག་མའི་སྡེ་ཚན་འབའ་ཞིག་ཡིན་པརམ་ཟད་ཀྱི། ནན་ཏུར་གྱི་རྒྱུ་དང་ཕམ་པ་ཡང་ཡིན་པས་ཁྱབ་ཆེ་བའོ། །དེའང་མགུ་བ་སྤྱོད་པའིསྐབས་སུ་ནི་ཆད་པ་དེའི་རྒྱུ་དགེ་འདུན་ལྷག་མ་ཡིན་ལ། ནན་ཏུར་བྱས་པའི་སྐབས་སུ་ནི་ཆདཔ་དེའི་རྒྱུ་ནན་ཏུར་གྱི་རྒྱུ་ཡིན་ཞིང༌། བསླབ་པ་བྱིན་པའི་སྐབས་སུ་ནི་ཆད་པ་དེའི་རྒྱུ་ཕམ་པའིལྟུང་བ་ཡིན་ནོ། །ལྷག་མ་ཁོ་ནའི་དབང་དུ་བྱས་ན་ཆད་པ་དེའི་རྒྱུ་ནི་འབྱིན་པའི་ལྷག་མ་ལྟ་བུ་ལྷག་མ་སྔ་མ་དང་རིགས་མཐུན་པ་སྟེ་ཁྱབ་ཆུང་ལ་སྡེ་པ་ལྷག་པར་སྤྱད་པ་ནི་ལྷག་མའི་སྡེ་ཚན་ཙམ་སྟེ་ཁྱབ་ཆེ་བའོ། །དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་ལྔ་ལས། དང་པོ་ནངས་པར་གྱི་དུས་སུ་ཇི་ལྟར་སྒྲུབ་པ་ནི། རྩ་བར། ནངས་བར་སྔར་ལངས་ཏེ་སྒོ་ཕྱེ་བ་དང༌། མར་མེའི་རྐོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ཞེས་སོགས་གསུངསསོ། །

གཉིས་པ་མཆོད་སྟོན་ལ་སོགས་པའི་དུས་སུ་ཇི་ལྟར་སྒྲུབ་པ་ནི།

རྩ་བར། སྤྱི་བུངསབཤམས་པ་ན་གཎྜི་བརྡུང་ངོ། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །ཞེས་སོགས་གསུངས་སོ། །གསུམ་པ་འདུ་བའི་དུས་སུ་ཇི་ལྟར་སྒྲུབ་པ་ནི། འདུ་བའི་དུས་སུ་བཤམ་པ་ལསོགས་པ་ནས་ཡོན་ཏན་གྱི་སྐབས་ཀྱི་བར་དག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ཉི་མ་བརྗོདཔ་ཡང་ངོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །ཞེས་སོ། །བཞི་པ་དགོང་ཀའིདུས་སུ་ཇི་ལྟར་སྒྲུབ་པ་ནི། རྩ་བར། དགོང་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱིརྐང་བ་དག་བཀྲུའོ། །ཞེས་སོགས་གསུངས་སོ། །ལྔ་པ་དུས་ཐམས་ཅད་དུ་ཇི་ལྟར་སྒྲུབ་པ་ནི། རྩ་བར། དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིདཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །ཞེས་པའི་མདོ་གསུམ་གྱིས་བསྟན་ཏོ། །

བྱེ་བ་བཞིན་ནོ་ཞེས་པ་ནི་དཔེར་ན་དགེ་འདུན་བྱེ་བ་ན་ཆོས་མིན་གྱི་ཕྱོགས་སུ་སོང་གི་བར་དུ་ནི་ཆོས་ཕྱོགས་ཀྱི་རྙེད་པ་མི་དབང་ལ། དེས་ཆོས་ཀྱི་ཕྱོགས་ཕྱིར་ཁས་བླངས་པ་ན་རྙེད་པ་དེདབང་ངོ༌། །དེ་བཞིན་དུ་གནས་ནས་ཕྱུང་བ་དེ་ཡང་རང་བཞིན་དུ་གནས་པའི་དགེ་འདུན་གྱིརྙེད་པ་མི་དབང་ལ། དེས་ནམ་བཟོད་པ་གསོལ་བ་སྟེ། གནས་སུ་ཆུད་པ་ན་རྙེད་པ་དེ་དབངངོ༌། །དུས་ལས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ནི། འདུས་པའི་དགེ་འདུན་ལཞེས་སོ། །དེའང་ཊཱི་ཀ་ལས། འདུས་པའི་ཞེས་སྨོས་པ་ནི་འདིར་ལས་ཀྱི་ཆོ་ག་བཞིན་དུ་ཐམས་ཅད་མ་ཚོགས་ན་བརྗོད་པ་མི་འཆགས་པ་མ་ཡིན་ཏེ། ཐམས་ཅད་མ་འདུས་ཀྱང་ཇི་སྙེད་འདུསཔ་ལ་བརྗོད་དོ། །དགེ་འདུན་ལ་ཞེས་སྨོས་པས་ནི་གང་ཟག་ལ་བརྗོད་དུ་མི་རུང་སྟེ། བཞི་ཡནཆད་ཀྱི་ཚོགས་ལ་བརྗོད་པའོ། །ཞེས་སོ། །གལ་ཏེ་ཡུན་རིང་དུ་སྤྱད་པར་བྱ་བ་ཞེས་པའི་ཊཱི་ཀ་ལས་ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། གསོ་སྦྱོང་གི་དུསགཞན་གྱིས་ཆོད་པའི་ཕྱིར་རོ་ཞེས་སོ། །འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་དགེ་འདུན་ཚོགས་པའམགང་ཟག་ལ་ཕྱིར་བཏང་བ་ནི། སྔགས་རྣམ་པར་བཞག་པ་ལན་གསུམ་བརྗོད་པས་སྤོ་མགུ་སྤྱོདའཕྲོ་བཅད་པའོ། །འཇིགས་པ་དང་བྲལ་ན་ཕྱིར་བླང་བ་ནི་སྤོ་མགུ་སྤྱད་པའི་འཕྲོ་དེ་སླར་བླང་བར་བྱ་སྟེ། དེ་ཡང་སྔགས་རྣམ་པར་བཞག་པ་ལན་གསུམ་བཟླས་པས་བླང་བར་བྱའོ། །ཐོས་པར་བྱ་བ་དག་མཚམས་དེ་ན་ཉེ་བར་མི་འཁོད་ན་༼མ་བརྗོད་པའི་ལྟུང་བ་༽དེ་མི་འབྱུང་ངོ་ཞེསབསྟན་པ་ཡིན་གྱི། ཉིན་མཚན་བཅད་དགོས་པར་ནི་འགྱུར་ཏེ། དགེ་འདུན་མ་ཡིན་པ་ལ་སྤྱོདཔ་མི་འཆགས་པའི་ཕྱིར་རོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞིའི་རྣམ་པར་བཤད་པ་རྫོགསསོ།། །།

བཞི་བ་ཡོངས་སུ་སྦྱོང་བའི་གཞི་འཆད་པ།

བཞི་བ་ཡོངས་སུ་སྦྱོང་བའི་གཞི་འཆད་པ་ལ།

རྩ་བར། མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ། །དགག་དབྱེ་བརྗོད་པ་རྫོགས་ན་དགག་དབྱེ་གཞག་པ་མི་ཆགས་སོ། །ཞེས་སོགསབྱུང༌། འདིའི་དོན་འཆད་པ་ལ་བརྒྱད་ལས། དང་པོ་དགོས་པའི་དོན་ནི། ལྟུང་བ་གླེང་དྲན་བྱསཔས་སྔར་ལྟུང་བ་བྱུང་བ་དེ་དྲན་ཞིང་ཕྱིར་འཆོས་པར་འགྱུར་ལ། དེས་ལྟུང་བ་དག་ཅིང་ཚུལཁྲིམས་དག་པའི་ཕན་ཡོན་འཐོབ་པའོ། །

གཉིས་པ་ཡུལ་གང་ལ་གླེང་བ་ནི། གླེང་བྱ་ཆོས་བརྒྱད་ལྡན་ལས། སྡེ་ལྔའི་སྡོམ་པགསོར་རུང་ཡན་ཆད་ལྡན་པ་སྟེ། ཁྱིམ་པ་ལ་ལྟུང་བ་གླེང་དྲན་མི་འཇུག་ཅིང་སྡོམ་པ་གསོར་མིརུང་དུ་ཉམས་པ་ལ་ལྟུང་བ་གླེང་ཡང་ཕྱིར་འཆོས་པར་འགྱུར་བའི་དགོས་པ་མེད་པའི་ཕྱིར་རོ། །

ཤེས་པ་རང་བཞིན་དུ་གནས་པ་སྟེ། གཞན་དུ་ན་ལྟུང་བ་ཁས་ལེན་པ་དང་ལྟུང་བ་ཕྱིར་འཆོསཔ་ལ་རང་དབང་མེད་པའི་ཕྱིར་རོ། །ལུས་ཐ་མལ་པར་གནས་པ་སྟེ་གཞན་དུ་ན་སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ། ལུས་ཀྱི་ཐ་སྙད་ལས་ཉམས་པའི་ཕྱིར་རོ། །གནས་ནས་མ་ཕྱུང་བ་སྟེ། གཞནདུ་ན་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་པའི་ཕྱིར་རོ། །ཐམས་ཅད་དུ་ཆོས་ལས་གཞནཔའི་ཕྱོགས་སུ་མ་སོང་བ་སྟེ། གཞན་དུ་ན་ལྟུང་བ་ཕྱིར་མི་འཆོས་ཤིང་རྩོད་པར་འགྱུར་བའིཕྱིར་རོ། །ནད་པ་མ་ཡིན་པ་སྟེ་གཞན་དུ་ན་ལུས་སྲོག་གི་རྐྱེན་དང་ལྡན་པའི་ཕྱིར་རོ། །དགེ་འདུནའབྱེད་པར་ནུས་པ་མ་ཡིན་པ་སྟེ། དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ་ལ་ཞེས་པ་དང༌། གཞནདུ་ན་དགེ་འདུན་ཐ་དད་པ་ཉིད་དུ་བྱེ་བར་འགྱུར་བའི་ཕྱིར་རོ། །གླེང་བྱེད་དང་ཞེ་འགྲས་པ་མ་ཡིན་པ་སྟེ། གཞན་དུ་དེའི་ཚིག་རིགས་པས་གཟུང་བར་མི་འོས་པས་ལྟུང་བ་ཁས་ལེན་དངལྟུང་བ་ཕྱིར་འཆོས་པ་ལ་འཇུག་པའི་དགོས་པ་མེད་པའི་ཕྱིར་རོ། །

གསུམ་པ་རྟེན་གང་གིས་གླེང་བ་ནི།

གླེང་བྱེད་ཆོས་དགུ་ལྡན་ལས། བསྙེན་རྫོགས་ཀྱིསྡོམ་པ་དག་པ་དང༌། ལྟ་བ་མཐུན་པ་དང༌། གླེང་བྱེད་བུད་མེད་ཀྱིས་གླེང་ན་མཚན་མཐུན་པདང༌། ཐ་སྙད་གསུམ་དང་ལྡན་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། ས་རང་བཞིན་དུགནས་པ་སྟེ། དེ་རྣམས་སྐབས་གཞན་དུ་བཤད་པ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ནད་པའམདེས་བསྐོས་པའི་ཕོ་ཉ་མ་ཡིན་པ་སྟེ། གཞན་དུ་ན་ལུས་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱིརརོ། །གླེང་བྱ་དང་ཞེ་འགྲས་པ་མ་ཡིན་པ་སྟེ། གཞན་དུ་ན་དེའི་ཚིག་རིགས་པས་གཟུང་བར་མིའོས་པའི་ཕྱིར་རོ། །བྱམས་པའི་སེམས་དང་ལྡན་པ་སྟེ། གཞན་དུ་ན་དགོས་པ་མེད་ཅིང་རྩོདཔར་འགྱུར་བའི་ཕྱིར་རོ། །

བཞི་བ་གནས་གང་དུ་གླེང་བ་ནི།

དབེན་པར་ཏེ་མཐའ་མ་ཡིན་པར་མི་བྱའོ་ཞེསགསུངས་པ་དང༌། ལུང་གཞི་ལས། ལྐོག་ཏུ་གླེང་བར་བྱ་སྟེ་དགེ་འདུན་གྱི་དབུས་སུ་ནི་མ་ཡིནནོ། །ཞེས་གསུངས་སོ། །འོ་ན་ལུང་ཞུ་བ་ལས། བཙུན་པ་ཆོས་བཞིན་དུ་གང་དུ་གླེང་བར་བགྱི།

དགེ་འདུན་གྱི་ནང་དུའོ། །བཙུན་པ་ཆོས་བཞིན་དུ་གང་དུ་དྲན་པར་བགྱི། དགེ་འདུན་གྱི་ནང་དུའོ། །ཞེས་དང༌། འདི་ཉིད་ལས། འདི་ལ་གྲངས་ཀྱི་བྱེ་བྲག་ལ་ནི་ངེས་པ་མེད་དོ་ཞེས་གཅིགལ་དགེ་འདུན་གྱིས་གླེང་དུ་རུང་བར་གསུངས་པ་དེ་ཇི་ལྟར་དྲངས་ཞེ་ན། སྤྱིར་བཏང་ལ་དགེ་འདུན་གྱི་དབུས་སུ་གླེང་བར་མི་བྱ་བ་ཉིད་ཡིན་ལ། དམིགས་བསལ་དགེ་འདུན་གྱི་དབུས་སུ་ཉེས་པ་བྱེད་པ་ལ་ནི་དགེ་འདུན་གྱི་ནང་དུ་ཡང་གླེང་བར་བྱ་བ་ཉིད་དེ། འདུལ་བ་བསྡུས་པ་ལས།

དགེ་འདུན་གྱི་དབུས་སུ་ཉེས་པ་བྱེད་པ་ལ་དགེ་འདུན་གྱི་དབུས་སུ་གླེང་བ་ལ་ནི་ཉེས་པ་མེད་དོ་ཞེས་བཤད་དོ། །

ལྔ་པ་དུས་གང་གི་ཚེ་གླེང་བ་ནི།

དབྱར་ཚུལ་ནང་མ་ཡིན་པ་དང༌། བྱ་བ་གཞན་གྱིསསེམས་གཡེངས་པའི་དུས་མ་ཡིན་པ་སྟེ། གོ་རིམ་བཞིན་དུ་ལུང་གླེང་གཞི་ལས། དགེ་སློང་སུསཀྱང་དབྱར་གྱི་ནང་ལོགས་སུ་དགེ་སློང་ལ་གླེང་བར་མི་བྱ་བ་དྲན་པར་མི་བྱའོ་ཞེས་གསུངས་པ་དང༌། གཞན་དུ་ན་དབྱར་འདྲལ་བའི་རྒྱུར་འགྱུར་བའི་ཕྱིར་དང༌། སེམས་གཏོད་པར་མིནུས་པས་ལྟུང་བ་ཁས་ལེན་པ་ལ་འཇུག་པའི་དགོས་པ་མེད་པའི་ཕྱིར་རོ། །དབྱར་ཚུལ་གྱིནང་ཡིན་ཀྱང་དགག་དབྱེ་བྱེད་པའི་ཚེ་ན་དགག་དབྱེ་བཞག་པའི་ནན་ཏུར་འདི་བྱར་རུང་དང༌།

དེའི་སྔོན་འགྲོ་གླེང་དྲན་ཡང་དེའི་ཚེ་ན་བྱར་རུང་བའོ། །གསོ་སྦྱོང་བཞག་པ་ནི་དགག་དབྱེ་བཞགཔའི་སྔོན་འགྲོ་ཡིན་ཀྱང༌། དབྱར་གྱི་ཚུལ་ནང་དུ་གསོ་སྦྱོང་བཞག་པའི་ནན་ཏུར་བྱར་རུང་བམ་ཡིན་གྱི། དབྱར་ཚུལ་དུ་འཇུག་པའི་སྔ་རོལ་དཔྱིད་ཀ་ལྟ་བུའི་ཚེ། གསོ་སྦྱོང་བཞག་པའི་ནནཏུར་བྱས་ནས། དེས་མ་དུལ་ན་ད་གཟོད་དགག་དབྱེ་བྱེད་པའི་ཚེ། དགག་དབྱེ་བཞག་པའི་ནནཏུར་བྱ་བའོ། །

དྲུག་པ་གཞི་གང་ལ་གླེང་བ་ནི། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམསཔ་སྟེ། ཉམས་པ་བཞི་པོ་གང་རུང་ཡིན་པ་དང༌། དེའང་ཐ་མལ་པའི་ཤེས་པའི་ཡུལ་དུ་མཐོངཐོས་དོགས་གསུམ་གྱི་གཞི་དང་བཅས་པ་སྟེ། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བཉམས་པས་གླེང་བ་ལ་སོགས་པ་ཞེས་པ་དང༌། གཞི་དང་བཅས་པ་འཆགས་སོ་ཞེས་སོ། །གཞནདུ་ན་གླེང་དྲན་མི་འཆགས་སོ། །

བདུན་པ་ཚུལ་ཇི་ལྟར་གླེང་དྲན་བྱ་བ་ནི།

གླེང་བྱེད་ཀྱིས་དང་པོར་བསམ་པའི་གནསསུ་བསམས་པ་དང་བརྟག་པའི་གནས་སུ་བརྟག་པ་སྟེ། བདག་ཉིད་གླེང་བ་པོ་མཚན་ཉིད་དངལྡན་ནམ་མི་ལྡན་ཞེས་བསམ་པའི་གནས་སུ་བསམ་པ་དང༌། གླེང་བྱ་ཡུལ་དང་གནས་དང་དུསདང་གླེང་པའི་གཞི་མཚན་ཉིད་དང་ལྡན་ནམ་མི་ལྡན་ཞེས་བརྟག་པའི་གནས་སུ་བརྟག་པ་སྟེ། དོན་དེ་ལྟར་ལུང་གཅིག་ལས་འཕྲོས་པ་ལས་གསུངས་སོ། །དེའི་རྗེས་ལ་ཐ་མལ་པའི་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་བ་དང༌། བྱམས་པ་དང་སྙིང་རྗེའི་བསམ་པ་སྔོན་དུ་བཏང་སྟེལྟུང་བ་ལས་བསླང་བའི་སེམས་ཀྱིས་སྐབས་འབྱེད་དུ་གཞུག་པ་སྟེ། དྲན་པ་དང་ཤེས་བཞིནཉེ་བར་མ་བཞག་པར་མི་བྱ་ཞེས་པ་དང༌། ལུང་གཅིག་ལས་འཕྲོས་པ་ལས། ཚེ་དང་ལྡན་པའདི་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་ནུས་སམ་སྙམ་དུ་བསམཔའོ། །ཞེས་དང༌། སྐབས་འབྱེད་དུ་མ་བཅུག་པར་མི་བྱ་ཞེས་གསུངས་པས་དེ་རྣམས་གོ་རིམབཞིན་དུ་སྒྲུབ་བྱེད་དུ་སྦྱར་རོ། །ཐ་མལ་པའི་ཤེས་པ་ལ་མ་གྲགས་པ་སྟེ། ལྷའི་མིག་གི་མངོནཤེས་ཀྱིས་བརྟགས་པས་ཁྱོད་ལ་ལྟུང་བ་མཐོང་ངོ་ཞེས་པ་ལྟ་བུ་ནི་གླེང་དྲན་འཆགས་པའི་གཞིཉིད་མ་ཡིན་ནོ། །དེས་ན་གླེང་བྱ་དེས་ཀྱང་དེ་དག་ལ་བརྟགས་ཏེ་གླེང་བྱེད་མཚན་ཉིད་དང་ལྡནན་གླེང་བྱེད་འདི་ལྟ་བྱུང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་དགའ་བ་བསྐྱེད་ཅིང་སྐབས་དབྱེ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཉེས་པ་གླེང་བའིསྐབས་ཕྱེ་བ་ན་གླེང་བ་པོས་གང་འདོད་པས་ལྟུང་བ་གླེང་བར་བྱའོ། །གླེང་བྱ་དེས་ཀྱང་གླེངབྱེད་དེའི་བསམ་པ་རྟོགས་པར་བྱ་བའི་ཕྱིར་གནས་སུ་མི་བཞག་པས་བརྒལ་ཞིང་བརྟག་པར་བྱའོ། །

བརྒྱད་པ་གླེང་བའི་བྱ་བ་ཇི་ལྟར་སྒྲུབ་པ་ནི།

སྤྱིར་ན་ཉེས་པ་གླེང་བའི་སྐབས་ཕྱེ་ཞིགཅེས་སྐབས་འབྱེད་དུ་བཅུག་པ་ན་སྐབས་མི་འབྱེད་པ་དང་འབྱེད་པ་ལ། མཐའ་དག་ལ་སྐབསམི་འབྱེད་པ་དང༌། ཕྱོགས་འགའ་ལ་སྐབས་མི་འབྱེད་པ་དང་གཉིས། དང་པོ་མཐའ་དག་ལསྐབས་མི་འབྱེད་ན་བཞམས་བསྒོ་ལ་སོགས་ཀྱིས་བཟློག་པར་བྱ་ཞིང་བཟློག་ཀྱང་མ་བཏང་ནབཀའ་བློ་མི་བདེ་བའི་ལྷག་མར་འགྱུར་ཞིང་ལྷག་མ་དེ་ཉིད་བཞི་བཏུད་དུ་བྱེད་ཅིང་མ་བཏང་ན་སྨད་པ་ནན་ཏུར་བྱ་སྟེ། དེ་ལྟར་བྱས་ཀྱང་ཉེས་པ་དེ་མ་བཏང་ནས་སྨད་པ་ལ་འབད་པས་མ་ལོག་ན་གནས་དབྱུང་བ་མདོར་བསྡུས་སྦྱར་བར་བྱའོ་ཞེས་གསུངས་པ་ཡོད་དོ། །གཉིས་པ་ཕྱོགསའགའ་ལ་སྐབས་མི་འབྱེད་ན་བརྗོད་པ་དང་བཅས་པ་བྱ། དེས་མ་དུལ་ན་གདམས་ངག་བཞགགོ་སྟེ། དེ་ལ་གཏམ་འདྲེ་བ་ལ་སོགས་ཡང་བཟློག་པར་བྱའོ། །དེ་ལྟར་བྱས་ཀྱང་མ་དུལ་ན་གསོསྦྱོང་བཞག་ཅིང༌། དེས་ཀྱང་མ་དུལ་ན་དགག་དབྱེ་བཞག་གོ། །དེས་མ་དུལ་ན་མཐར་གནསནས་དབྱུང་བ་མདོར་བསྡུས་སྦྱར་བར་བྱའོ་ཞེས་སྔ་མ་ལྟར་རོ། །སྐབས་འབྱེད་པ་ལ་ཡང་གཉིསཏེ། མི་མཉེན་པར་སྐབས་འབྱེད་པ་དང༌། མཉེན་པར་སྐབས་འབྱེད་པའོ། །དང་པོ་ལ་ཕུར་བདང་བཅས་པ་བྱ། དེས་མ་དུལ་ན་གདམས་ངག་བཞག་པ་ལ་སོགས་བྱ་སྟེ་སྔ་མ་བཞིན་ནོ། །གཉིས་པ་མཉེན་པར་སྐབས་ཕྱེ་ན་ལྟུང་བ་གླེང་བར་བྱའོ། །དེ་ལྟར་ལྟུང་བ་གླེང་བ་ན། ཉེས་པཁས་མི་ལེན་པ་དང༌། ལེན་པ་གཉིས་ལས། དང་པོ་ལ་གཉིས་ཏེ། བརྗེད་བཞིན་དུ་ཁས་མི་ལེནན་ངོ་བོ་ཉིད་འཚོལ་བ་སྦྱིན་ཞིང༌། ཤེས་བཞིན་དུ་ཁས་མི་ལེན་ན་མ་མཐོང་བ་གནས་ནས་དབྱུངབར་བྱའོ། ། ཆང་བཏུང་བར་ཁས་བླངས་ཀྱང༌། དེ་ལ་ཉེས་ལྟུང་འོང་བར་ངེད་མི་འདོད་པ་ལྟབུ་ལྟུང་བའི་རྒྱུ་ཁས་བླངས་ནས་ལྟུང་བའི་ངོ་བོ་ཁས་ལེན་དུ་མ་བཏུབ་ན་བཞམས་བསྒོ་ལ་སོགསཀྱིས་བཟློག་པར་བྱ་ཞིང༌། བཟློག་ཀྱང་མ་བཏང་ན་སྡིག་ལྟ་མི་གཏོང་བར་གནས་ནས་དབྱུངབར་བྱའོ། །ལྟུང་བ་ཁས་ལེན་པ་ལ་ཡང༌། ཁས་བླངས་ནས་ལྟུང་བ་ཕྱིར་འཆོས་པ་དང་ཕྱིར་མིའཆོས་པ་གཉིས་ལས། ཕྱིར་མི་འཆོས་ན་ཕྱིར་མི་འཆོས་གནས་ནས་དབྱུང་བར་བྱ་ཞིང༌། ཕྱིརའཆོས་ན་ཚུལ་བཞིན་དུ་ཕྱིར་བཅོས་བྱེད་དུ་གཞུག་གོ། །ཚུལ་ཁྲིམས་ཀྱི་དྲི་མ་ཡོངས་སུ་སྦྱང་བའིགཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

ལྔ་བ་ལས་དབྱེ་བའི་གཞི་འཆད་པ།

ལྔ་བ་ལས་དབྱེ་བའི་གཞི་འཆད་པ་ལ།

རྩ་བར། དགེ་འདུན་ཐ་དད་པ་ཉིད་དུ་ནུས་པལ་མི་འདོད་པར་གླེང་བ་དང་གླེང་བར་བྱེད་པ་ན་ལོག་པར་མི་བྱའོ། །ཞེས་སོགས་བྱུང༌། འདིའིདོན་ནི། སྡེ་སྣོད་འཛིན་པ་ལྟ་བུ་དགེ་འདུན་ཐ་དད་པ་ཉིད་དུ་དབྱེ་བར་ནུས་པ་ལ་མི་འདོད་པརཏེ། མི་འདོད་བཞིན་དུ་ལྟུང་བ་གླེང་བར་མི་བྱའོ། །དེས་ཚུར་ལ་ལྟུང་བ་གླེང་བར་བྱེད་པ་ནི་ལོགཔར་ཏེ་ཐ་དད་དུ་དབྱེ་བར་མི་བྱའོ། །གནས་གང་དུ་དུས་འདའ་བར་བྱ་བ་ངལ་བསོ་བའི་གནསབསྟི་གནས་ལྟ་བུ་དབེན་པ་གང་ན་མི་མཐུན་པ་དགྲ་ཡོད་པ་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱའོ། །གཞན་དུ་ནི་ཞེས་པ་ངལ་བསོ་བའི་གནས་བསྟི་གནས་ལྟ་བུ་གནས་དབེན་པ་དེ་ལསགཞན་དུ་སྟེ་མི་དབེན་པའི་གནས་སུ་ཞེས་པའོ། །ཆོས་དང་འདུལ་བ་ཞེས་པ་ནི་སྡེ་སྣོད་གཞན་གཉིས་པོས་བརྗོད་པའི་ཆོས་ཏེ་ཚུལ་ཁྲིམས་ལས་གཞན་པའི་ཤེས་བྱ་གཏན་ལ་འབེབས་པའི་ཆོས་དང་ཚུལ་ཁྲིམས་གཏན་ལ་འབེབས་པའི་འདུལ་བ་ལའོ། །དེ་དག་དེའི་ཞེས་པ་ནི་མཉན་ཡོད་ན་གནས་པ་རྣམས་ལ་གསུངས་པའོ། །ཆོས་མ་ཡིན་ལ་ཞེན་ནས་ཆོས་ཕྱོགས་དང་འཐབ་པར་བྱེད་པ་དེ་དག་ལ། ཆོས་འདི་པ་དག་གིས་ཕྱག་མི་བྱ་ཞེས་པ་དགེ་སློང་ཕ་མ་གཉིས་དང༌། དགེ་ཚུལ་ཕ་མ་གཉིས་དང༌། དགེ་སློབ་མ་དང་དགེ་བསྙེན་ཕ་མ་གཉིས་ཏེ་བདུན་པོ་དེ་དགགང་གིས་ཕྱག་མི་བྱ་བའོ། །དེ་དག་ལ་དགེ་སློང་མས་ཕྱག་མི་བྱ་ཞེས་ལུང་ལས་གསུངས་ལ་སྟནལས་ལྡང་བ་ནི་གཞན་གྱི་ལུགས་ལས་དབྲི་བར་མི་བྱ་སྟེ་ལྡང་བར་བྱའོ། །འགྲེལ་ཆུང་ལས། དགེ་སློང་མས་ཕྱག་མི་བྱ་བར་སྟན་ལས་ལྡང་ངོ། །ཞེས་སོ། །བཟོད་པ་བྱས་པ་ཞེས་པ་ལ་སོགསཔའི་སྐབས་འདིར་འཐབ་ཀྲོལ་བྱེད་པ་གནས་ནས་ཕྱུང་བ་ཆོས་མ་ཡིན་པ་ལ་ཞེན་པ་དེ་དག་ལ་ནི་ལས་རྣམ་པ་བཞི་རིམ་གྱིས་བྱ་སྟེ། བཟོད་པར་བྱ་བ་གསོལ་བཞིའི་ལས་དང༌། དེའི་འོགཏུ་མཐུན་པ་སྦྱིན་པ་གསོལ་བཞིའི་ལས་དང༌། དེའི་འོག་ཏུ་མཐུན་པའི་གསོ་སྦྱོང་བྱིན་པ་གསོལབཞིའི་ལས་དང༌། དེའི་འོག་ཏུ་མཐུན་པའི་གསོ་སྦྱོང་དངོས་དེ་བྱའོ་ཞེས་གཞུང་འདི་དག་གིས་བསྟན་ཏོ། །མཐུན་པའི་གསོ་སྦྱོང་སྦྱིན་པ་གསོལ་བཞིའི་ལས་བྱས་ནས་དེའི་རྗེས་ལ་མཐུན་པའིགསོ་སྦྱོང་དངོས་དེ་བྱའོ་ཞེས་སྟོན་པ་ནི། དེ་བྱིན་ནས་བྱའོ་ཞེས་གསུངས་ཏེ། མཐུན་པའི་གསོསྦྱོང་དེ་གསོལ་བཞིའི་ལས་ཀྱིས་བྱིན་ནས་དེའི་རྗེས་ལ་མཐུན་པའི་གསོ་སྦྱོང་དངོས་བྱའོ་ཞེས་བསྟན་ཏོ། །མཐུན་པའི་གསོ་སྦྱོང་དངོས་དེ་ནི་ཕྱོགས་གཉིས་པོ་ལྷན་ཅིག་ཏུ་འདུས་ཏེ་གསོ་སྦྱོངབྱ་བ་སྟེ། སྔར་ཆོས་མིན་ཕྱོགས་སུ་སོང་བ་དེ་རྣམས་དང༌། ཆོས་ཕྱོགས་པ་དེ་རྣམས་ལྷན་ཅིགཏུ་འདུས་ཏེ། སོ་སོ་ཐར་པའི་མདོ་འདོན་པའི་གསོ་སྦྱོང་བྱ་བའོ། །ལས་བྱེ་བའི་ངོ་བོ་བསྟན་པ་ནི། རྩ་བར། ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐདད་པར་བྱས་ན་དེ་བྱེ་བ་ཡིན་ནོ། །ཞེས་སོགས་བྱུང༌།

འདིའི་དོན་འཆད་པ་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག

འདིའི་དོན་འཆད་པ་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་ལས།

དང་པོ་ལས་བྱེབའི་གཞིའི་ཡན་ལག་ལ། གང་དུ་དབྱེ་བའི་གནས་དང༌། གང་དག་དབྱེ་བའི་ཡུལ་དང༌། གངགིས་ལས་ཐ་དད་པར་བྱེད་པ་པོ་དང་གསུམ། དང་པོ་ལ་གཉིས་ལས། གླིང་གསུམ་པོ་གངཡང་རུང་བ་ཡིན་ཏེ། མཛོད་ལས། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །ཞེས་དང༌། བྱང་གི་སྒྲམི་སྙན་ན་སངས་རྒྱས་ཀྱི་བསྟན་པ་མེད་པའི་ཕྱིར་རོ། །དེ་ལ་གནས་བརྟན་བཅུ་དྲུག་གི་བ་ཀུལ་ཡོད་པས་དཔྱད་ཅེས་མཚོ་མཆན་ལས་སོ། །མཚམས་གཅིག་གི་ནང་ཡིན་པ་སྟེ། མཚམསཀྱི་ནང་དུ་ཞེས་པ་དང༌། མཚམས་ཐ་དད་ན་གནས་པ་རྣམས་གསོ་སྦྱོང་ལ་སོགས་པའི་ལསསོ་སོར་བྱེད་པ་ལ་མི་རིགས་པ་མེད་པའི་ཕྱིར་རོ། །གཉིས་པ་གང་དག་དབྱེ་བའི་ཡུལ་ལ་གསུམལས། བརྒྱད་ཡན་ཆད་ཀྱི་གྲངས་ཚང་བ་སྟེ། མཛོད་ལས། དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་པ་དང༌། ལས་དེ་དགེ་སློང་གཅིག་གིས་ཉུང་ན་ཡང༌། ཕྱོགས་གཉིས་གང་རུང་གཅིག་དགེའདུན་དུ་མ་ལོངས་པས་དགེ་འདུན་གྱི་ལས་ཀྱི་དབྱེན་མི་འཆགས་པའི་ཕྱིར་རོ། །ལས་ཀྱི་ཁ་སྐོང་བར་འོས་པ་དགོས་ཏེ། དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་འབྲིམ་པ་མིའཆགས་སོ་ཞེས་པའི་གནད་ཀྱིས་འདིར་སྦྱར་རོ། །སོ་སོའི་སྐྱེ་བོའི་དགེ་འདུན་ཡིན་པ་དགོས་ཏེ། ལུང་གཞི་ལས། དོན་དམ་པའི་དགེ་འདུན་གྱིས་ནི་ཆོས་མ་ཡིན་པའི་ལས་བྱེད་པ་མི་འཐོབབོ། །ཞེས་གསུངས་པས་ཤེས་སོ། །གསུམ་པ་གང་གིས་ལས་ཐ་དད་པར་བྱེད་པ་པོ་ནི། ཆོསམ་ཡིན་པ་སྨྲ་བ་དག་གིས་ཏེ། ལུང་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། དགེ་སློང་གངགིས་ཀོའུ་ཤམ་བྷིའི་དགེ་སློང་བྱེ། ཆོས་བཞིན་མ་ཡིན་པ་སྨྲ་བ་དག་གིས་ཏེ། མཚམས་ཀྱི་ནངདུ་གསོ་སྦྱོང་ཐ་དད་དུ་བྱས་པས་སོ། །ཞེས་གསུངས་སོ། །

གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས།

འདུ་ཤེས་མ་འཁྲུལ་བ་སྟེ། འཁྲུལན་དབྱེན་མི་རྫོགས་པའི་ཕྱིར་རོ། །ཀུན་སློང་ནི་ཆོས་དང་འདུལ་བ་ལ་མི་མཐུན་པ་དེ་དང་ལྡན་པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞེན་ཏེ་ལས་ཐ་དད་དུ་བྱེད་པར་འདོད་པ་རྒྱུན་མཆད་པའོ། །

གསུམ་པ་སྦྱོར་བ་ནི་ལས་ཐ་དད་དུ་བྱེད་པའོ། །བཞི་བ་མཐར་ཐུག་ནི། ལས་གངཡང་རུང་བ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་སྟེ། ལས་ཀྱི་དབྱེན་འདི་ནི་སྤྱོད་པའི་དབྱེན་དུགཏོགས་པ་ཡིན་ལ། ལྟུང་བ་ནི་སྦོམ་པོར་འགྱུར་རོ། །ཊཱི་ཀ་ལས། ཆོས་སྨྲ་བ་དག་གིས་མཚམསཀྱི་ནང་དུ་ཆོས་མ་ཡིན་པར་སྨྲ་བ་ལས་ཐ་དད་པར་ལས་བྱས་པས་ནི་ལས་བྱེ་བར་མི་འགྱུར་ཏེ། ལས་དེ་ཆོས་ལས་མ་གཡོས་པ་ཁོ་ནར་བྱས་པའི་ཕྱིར། ཞེས་གསུངས་སོ། །གཟུ་བོ་ལས་ཉམསཔ་དེ་མི་བྱའོ། །ལས་བྱེ་བའི་གཞི་འདི་ལ་ལུང་ལས་ཀོའུ་ཤམ་བྷི་བའི་གཞི་ཞེས་གསུངས་ཏེ་ཀོའུཤམ་བྷིར་ལས་ཀྱི་དབྱེན་བྱུང་བ་དང་འབྲེལ་བས་ལུང་ལས་ཀོའུ་ཤམ་བྷིའི་གཞི་ཞེས་ཡུལ་ལ་མཚན་དུ་གསོལ་བ་དང༌། མདོ་རྩ་བར་ལས་བྱེ་བའི་གཞི་ཞེས་དོན་ལ་མཚན་དུ་གསོལ་བའོ། །

ལས་བྱེ་བའི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།