ལ་ལ་ལ་ལའི་རྗེས་ཞུགས་ལོག་པར་འགྲོ།།འགའ་ཡིས་འགའ་ཡི་ངོ་སྲུང་གཏམ་གྱིས་འཚོ།།འཇིག་རྟེན་རྫུན་གྱི་གར་མཁན་འཕྲུལ་པོ་ཆེ།།ངོ་མཚར་སྒྱུ་མའི་རྒྱལ་རབས་ལྟད་མོའི་ཡུལ།།པདྨའི་མིང་ཅན་དེས།།