རྫོགས་ཆེན་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསོལ་འདེབས་རྒྱུན་འདོན་བྱིན་རླབས་ཆར་འབེབ།སྔོན་ཚེ་ཤཱཀ་ཐུབ་ཉེ་གནས་ཀུན་དགའ་བོ།། གུ་རུའི་དྲུང་ན་རྣམ་སྣང་ལོ་ཙཱ་བ།། དེང་འདིར་གསང་ཆེན་བསྟན་པའི་འཁོར་ལོའི་མགོན།། བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།། སྐྱེ་ཀུན་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག། ཅེས་མཇུག་གི་ཚིག་རྐང་གཅིག་པོ་དེ་བསྣན་པས་ཚེ་རབས་རྗེས་འཛིན་གྱི་གསོལ་སྨོན་དུ་འགྱུར་པ་འདི་རྗེ་གང་གི་ཆོས་ཀྱི་མཆེད་པོ་པདྨ་སྐལ་བཟང་གིས་སྦྱར་བའོ།། |