cover

དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དང་པོ།

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་དཔེ་ཚོགས།

རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཤཱཀྱའི་དགེ་སློང་བོ་དྷི་པྲ་ཛྙཱ། རིན་ཆེན་དར་རྒྱས། ཙིཏྟ། ཏཱ་ར་ནཱ་ཐ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སངས་རྒྱས་རྡོ་རྗེ་འཆང་གི་རྣམ་པར་ཐར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས།


PS001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྡོ་རྗེ་འཆང་གི་རྣམ་པར་ཐར་པ་ཞེས་བྱ་བ་བཞུགས་སོ། །


PS001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དམིགས་མེད་ཐུགས་རྗེ་མཁའ་ལྟར་དག་པ་ཡི། །ཕྲིན་ལས་མཆོག་གིས་འགྲོ་བའི་དཔལ་གྱུར་པ། །སྲིད་གསུམ་རེ་བ་ཡོངས་སུ་རྫོགས་མཛད་པའི། །རིན་ཆེན་མཆོག་གྱུར་བླ་མའི་ཞབས་ལ་འདུད། །དེ་ལ་ད་ལྟར་གྱི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འབྱུང་བ་ལ། སྔར་


PS001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གསུམ་བྱོན་ནས། འདི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན། སྟོན་པ་དེ་ནི། ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྲས་དོན་གྲུབ་ཅེས་བྱ་བར་སྐྱེ་བ་བཞེས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མངོན་པར་སངས་རྒྱས་ནས། སྟོན་པ་དེ་ཡང་ནང་ལྟར་དུ་རྡོ་རྗེ་འཆང་དུ་གྱུར་ཏེ། དང་པོ་ཨིནྡྲ་བྷུ་ཏི་ལ་སོགས་པའི་གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱི་དོན་དུ་ཆོས་རྒྱུད་སྡེ་བཞི་ལ་སོགས་པ་གསུངས། འཁོར་ཁྲོ་བོ་དང་ཁྲོ་མོ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དུས་སྲིད་


PS001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐ་མའི་དུས། གནས་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ། རྡོ་རྗེ་བཙུན་མོའི་བྷ་གའོ། །སྟོན་པ་དེ་ལ་ཅིའི་ཕྱིར་རྡོ་རྗེ་འཆང་ཞེས་བརྗོད་ན། །ཆོས་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཆང་བས་ན་རྡོ་རྗེ་འཆང་ཞེས་བྱ་སྟེ། ཇི་སྐད་དུ། །རྡོ་རྗེ་འཆང་ཞེས་གསུང་དེ་ཅི། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་ཆུབ་སེམས་ལྡན་གང་ཡིན་པ། །དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་གསུངས་སོ། །དེས་ན་སྤངས་བ་དང་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་དེ། ཕྱི་ལྟར་ན་ཤཱཀྱ་ཐུབ་པ། །ནང་ལྟར་དུ་རྡོ་རྗེ་འཆང་། །གཉིས་ཀའི་རང་བཞིན་ཆོས་ཀྱི་སྐུ། །སྐུ་གསུམ་གྱི་བདག་ཉིད་སངས་རྒྱས་ཏེ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། དེ་ཡང་ཅི་ཞེ་ན། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་


PS001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་ཐབས་ཀྱི་མཐར་ཕྱིན་པའོ། །ཞེས་དང་། །སངས་རྒྱས་ཕལ་པོ་ཆེ་ལས། །བྱང་ཆུབ་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །མངོན་རྟོག་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ཅེས་སོ། །བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པ་ཡིན་ཏེ། དེ་ཡང་རྡོ་རྗེ་རྩེ་མོ་ལས། བསོད་ནམས་ཚོགས་ལྡན་གཟུགས་ཀྱི་སྐུ། ཡེ་ཤེས་ཚོགས་ལྡན་མཉམ་ཉིད་སྐུ། བཙལ་ནས་ཐོབ་པ་མ་ཡིན་ཏེ། རྒྱུ་ཡི་དུས་སུ་འབྲས་བུའི་ཚོགས། ཅེས་སོ། །ཐ་མ་མངོན་པར་རྫོགས་པར་སངས་རྒྱས་ཏེ། །དེ་ཡང་ལང་ཀའི་མདོ་ལས། །བྱ་བ་དང་ནི་མཚན་ཉིད་དང་། །དང་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་པས་མྱ་ངན་ང་མི་འདའ། ཞེས་སོ། །དེ་ཡང་མདོ་ནས་སངས་རྒྱས་དཔག་ཏུ་མེད་པའི་མཚན་སྨོས་ཀྱང་། མཚན་


PS001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་སྐུ་ལྔར་ཡང་བཤད་དོ། །མངོན་རྟོགས་རྒྱན་ལས། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། དེ་བཞིན་གཞན་པའི་སྤྲུལ་སྐུ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། ཅེས་པས་སྐུ་བཞིར་བཤད་དོ། །གསང་འདུས་ལས། །རྫོགས་ལོངས་སྤྱོད་པའི་མཚན་ཉིད་ཅན། །འདུས་མ་བྱས་པ་ཆོས་ཀྱི་སྐུ། །སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ། །སྐུ་གསུམ་ཐོབ་པར་གདོན་མི་ཟ། །ཞེས་སྐུ་གསུམ་དུ་བཤད་པ་དང་། རྒྱུད་བླ་མ་ལས། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པས་སྐུ་གཉིས་སུ་བསྟན་ནོ། །རྡོ་རྗེ་གཅོད་པ་ལས། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །འདྲེན་པ་


PS001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་ཡང་དག་ལྟོས། །ཅེས་པས་སྐུ་གཅིག་ཏུ་ཡང་བཤད་དོ། །འོ་ན་དེ་རྣམས་མི་མཐུན་པ་ཅིའི་ཕྱིར་ཞེ་ན། དེ་ཡང་བསྡུས་པའི་ཡོན་ཏན་ཕྱོགས་རེ་ལ་དགོངས་ནས་གསུངས་སོ། །འོ་ན་སངས་རྒྱས་ཀྱི་དགོངས་པ་དེ་ཇི་ལྟ་བུ་གཅིག་ཡིན་ཞེ་ན། གསང་འདུས་ལས། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་ལས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པས་དེ་ཡང་རང་དོན་གཉུག་མ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་གནས་པའོ། །དེ་ལྟ་བུའི་ངང་ལ་གནས་ཀྱང་སྔོན་གྱི་སྨོན་ལམ་རྣམ་པར་དག་པས་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཚུལ་བསྟན་ཏེ། དེ་ཡང་རང་རང་གང་དང་གང་ལ་མོས་པ་ལ་དེ་དང་དེའི་གཟུགས་སྐུ་བསྟན་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་


PS001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་པ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། ཞེས་སོ། །གཟུགས་སྐུ་གཉིས་ཀྱི་རྟེན་ཆོས་སྐུ་ཡིན་པ་ཡང་། དུས་འཁོར་ལས། དཔལ་ལྡན་དག་པ་ལས་ནི་ཆོས་ཀྱི་སྐུ། སྐུ་ནི་ཡིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སོ། །ལོངས་སྤྱོད་ལས་ནི་རྒྱལ་བའི་བདག་པོ་སྤྲུལ་པའི་སྐུ། སྐུ་ནི་ཡིན་ཏེ་སེམས་ཅན་རྣམས་ཀྱི་དོན་རྒྱུད་ལས། ཅེས་སོ། །དེ་ལྟར་དམིགས་མེད་ཀྱིས་སྐུ་གསུམ་གཏན་ལ་འབེབས་ཏེ། དེ་ལ་དོན་བརྒྱད་དེ། །སྐུ་གསུམ་གྱི་རྣམ་པར་བཞག་པ་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། གང་གནས་འགྱུར་བའི་འབྲས་བུ་ཇི་ལྟར་ཐོབ་པ་དང་། དེས་ཆོས་གང་བསྡུས་ཏེ་གང་ལ་གནས་པ་དང་། སྐུ་གསུམ་གྱི་ཚང་ཚུལ་ལོ། །དང་པོ་སྐུ་གསུམ་གྱི་རྣམ་པར་བཞག་པ་ནི། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱིས། སྐུ་བསྡུས་


PS001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་ཤེས་བྱས་ཏེ། སྐུ་གསུམ་དག་གི་རང་བཞིན་གྱིས། དོན་འདི་རྟེན་དང་བཅས་པར་འདོད། ཅེས་སོ། །སྐུ་གསུམ་གྱི་ངོ་བོ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ཅི་ཞེ་ན། གསང་འདུས་ལེའུ་བརྒྱད་པ་ལས། མ་སྐྱེས་པ་ཡི་ཆོས་རྣམས་ནི། ངོ་བོ་ཉིད་ཀྱི་ཁྱད་པར་ཅན། །རྣམ་པར་མི་རྟོག་ཡང་དག་པས། །ཡེ་ཤེས་འབྱུང་བར་རབ་ཏུ་བཤད། ངེས་ཚིག་ནི། འཁོར་འདས་གྱི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ཆོས་སྐུའོ། ཅི་ཞེ་ན། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་གྱིས་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ལོངས་སྤྱོད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ནས་འཁོར་གྱི་དཀྱིལ་འཁོར་དུ་སྟོན་པ་རྡོ་རྗེ་འཆང་འདི་རྟེན་དུ་གྱུར་པ་ནི་ལོངས་སྐུའོ། །ཅིས་ཤེས་ན། མངོན་


PS001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་རྒྱན་ལས། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་སོ། །ཡོན་ཏན་དེ་ཡང་རང་བཞིན་མེད་བཞིན་དུ་དང་། མི་རྟག་བཞིན་དུའམ། འགྱུར་བ་བཞིན་དུ་སྣ་ཚོགས་སུ་སྤྲུལ་ནས་སྟོན་པའི་རྟེན་དུ་གྱུར་པ་ནི་སྤྲུལ་པའི་སྐུའོ། །ཅིས་ཤེས་ན། ཡང་། །གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། ཅེས་སོ། །དབྱེ་ན་གསུམ་སྟེ། །གཞི་རང་བཞིན་གྱི་སྐུ་གསུམ་དང་། །ལམ་ཉམས་སུ་ལེན་པའི་སྐུ་གསུམ་དང་། །འབྲས་བུ་ཤུགས་ལས་འབྱུང་བའི་སྐུ་གསུམ་མོ། །གཞི་ལ་སྐུ་གསུམ་གནས་པ་ཡང་། མཚན་བརྗོད་ལས། །མཆོག་གི་དང་པོ་སྐུ་གསུམ་འཆང་། ཞེས་པས་ནང་བཅུད་ཀྱི་སེམས་ཅན་ལ་ཡང་སྐུ་གསུམ་རང་བཞིན་གྱིས་ཚང་སྟེ། འཆི་བ་ཆོས་སྐུ། གནས་པ་ལོངས་སྐུ་


PS001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་སྤྲུལ་སྐུའོ། །དེ་ཡང་གསང་འདུས་ལེའུ་བཅུ་པ་ལས། ཁམས་གསུམ་སེམས་ཅན་སྒོ་གསུམ་རྡོ་རྗེ་འཆང་། སྐུ་གསུང་ཐུགས་འདུས་མཉམ་པ་ཉིད་དུ་བསྒོམ། ཞེས་སོ། །ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཡང་སྐུ་གསུམ་རང་བཞིན་གྱིས་ཚང་སྟེ། ནམ་མཁའ་ཆོས་སྐུ། འབྱུང་བ་བཞི་ལོངས་སྐུ། དེ་ལས་སྣ་ཚོགས་སུ་འབྱུང་བ་ནི་སྤྲུལ་སྐུའོ། །དེ་ཡང་ནམ་མཁའ་ཆེ་ལས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཆུབ་པར་གནས་པ་བྱང་ཆུབ་སེམས། །འགྲོ་བ་ཀུན་ལ་རང་བཞིན་གནས། ཞེས་གསུངས་སོ། ལམ་ཉམས་སུ་ལེན་པའི་སྐུ་གསུམ་ནི། རང་གི་སེམས་ནམ་མཁའ་ལྟ་བུར་དག་པའི་ངང་ལ་གནས་པ་ཆོས་སྐུའོ། །སེམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལྡང་བ་ལོངས་སྐུའོ། །དེ་ལས་འོད་ཟེར་འཕྲོ་འདུ་ལ་སོགས་བྱེད་པ་སྤྲུལ་སྐུའོ། །རྩ་རྒྱུད་ལེའུ་བཅུ་པ་ལས། །ཆོས་ཀྱི་སྐུ་ཡི་ལུས་ཅན་ལས། །གང་ཚེ་སྒྲུབ་པ་པོར་གྱུར་པ། །དེ་ནས་མཉམ་པར་བཞག་པ་ལས། །ལོངས་སྤྱོད་


PS001_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ང་རབ་སྨྲ། །སྤྲུལ་པའི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོར་གྱུར་པ། །དེ་ཚེ་སེམས་དེ་རྩེ་གཅིག་པས། །སྤྲུལ་པའི་སྐུ་ཡང་ང་སྨྲ་སྟེ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་སོ། །འབྲས་བུ་ཤུགས་ལས་འབྱུང་པའི་སྐུ་གསུམ་ནི། གཞི་ལ་རང་བཞིན་གྱི་གནས་པ་དེ་ཉིད་བླ་མའི་གདམས་ངག་གིས་ཉམས་སུ་བླངས་པས་འབྲས་བུ་མི་འདོད་ཀྱང་ཤུགས་ལས་འབྱུང་སྟེ། དཔེར་ན་སོ་ནམས་ཚུལ་བཞིན་བྱས་པས་འབྲས་དཀར་མོ་ལེགས་ན་ཕུབ་མ་ཞོར་ལ་འབྱུང་བ་དང་འདྲའོ། །དེ་ཡང་ཆོས་སྐུ་ནམ་མཁའ་ལྟ་བུ་ལས་གཟུགས་སྐུའི་སྣང་བ་ནམ་མཁའ་དང་མཉམ་པ་བྱུང་ནས་གདུལ་བྱའི་སེམས་ཅན་ནམ་མཁའ་དང་མཉམ་པའི་དོན་བྱེད་པའོ། །དེ་ཡང་གསེར་འོད་དམ་པ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་བ་བཞིན་དུ་ཕྲིན་


PS001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་མངའ་མཉེས་པ་ལགས་སམ། བཀའ་སྩལ་པ། དཔེར་ན་ཉི་ཟླ་དང་ཆུ་དང་མེ་ལོང་ལ་རྟོག་པ་མེད་བཞིན་གཟུགས་བརྙན་འབྱུང་བ་བཞིན་དུ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྟོག་པ་མེད་ཀྱང་། སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་པ་ཅན་དག་ལ་གཟུགས་ཀྱི་སྐུ་གཉིས་ཀྱིས་དོན་བྱེད་དོ། །སྤྲུལ་པའི་སྐུ་ནི་ཕུང་པོ་ལྷག་མར་བཅས་པའི་མྱ་ངན་ལས་འདའ་བའོ། །ཆོས་ཀྱི་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཞེས་པ་དང་། །ཕལ་པོ་ཆེ་ལས། །ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །ཇི་ལྟར་ཡིད་བསམ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །རྟག་ཏུ་སྨོན་ལམ་རྫོགས་པས་གྲུབ། །དེ་ཡིས་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་དེ་དག་རྒྱལ་བས་གང་། ཞེས་སོ། །མཚན་ཉིད་ནི་ཡན་ལག་བདུན་དང་ལྡན་པ་སྟེ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེ་ཆེན་པོས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། ཅེས་གསང་འདུས་ལས་


PS001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་གསུངས་ཏེ་སྐུ་གསུམ་ཀ་སྦྱོར་རོ། །གང་གནས་འགྱུར་བའི་འབྲས་བུ་ཇི་ལྟར་ཐོབ་པ་ནི། རྒྱུ་སེམས་ཅན་གྱི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་དང་། ཡེ་ཤེས་ཀྱི་ཚོགས་མི་རྟོག་པ་བསྒོམས་པའི་འབྲས་བུ་ཆོས་སྐུ་ཐོབ་པའོ། །དུས་ནམ་ཐོབ་ན་བདེན་པ་མཐོང་བའི་དུས་ན་ཐོབ་པའོ། །དེ་ཡང་རྣམ་སྣང་མངོན་བྱང་ལས། །སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སྟོང་པ་ཉིད་ཅེས་རྒྱལ་བས་བཤད། །དེ་ནི་སེམས་ཡོངས་ཤེས་པ་ལས། །ཐོབ་པར་འགྱུར་གྱི་གཞན་ལ་མིན། ཞེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར་བ་དང་། །རྒྱུ་བསོད་ནམས་གྱི་ཚོགས་བསགས་པ་དང་། བསྐྱེད་རིམ་བསྒོམས་པས་འབྲས་བུ་ལོངས་སྐུ་ཐོབ་པའོ། །དེ་ཡང་ས་བཅུ་པའི་མདོ་ལས། །བསྐྱེད་པའི་རིམ་པ་ལྷར་གསལ་ན། བསོད་ནམས་ཚོགས་ཀྱང་རྫོགས་པར་བཤད། །དེ་ཉིད་ཆུ་ཟླ་ལྟར་ཤེས་ན། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་བཤད། །


PS001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

། ཅེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར་བ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་། འོད་ཟེར་གྱི་སྤྲོ་བསྡུ་ལ་དབང་ཐོབ་པའོ། །བསོད་ནམས་ཀྱི་ཚོགས་བསགས་པས་གཟུགས་སྐུ་འབྱུང་བར་ལུང་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །དེ་ཕྱིར་བསོད་ནམས་བསགས་པ་གཅེས། །དེ་ཡང་ཡང་དང་ཡང་དུ་བསགས། །དེ་ཡང་མི་ཡི་རྟེན་གྱིས་བསགས། །ཅེས་སོ། །ཐོག་མར་གང་ཐོབ་ན་ཆོས་སྐུ་ཐོབ་ནས། གཟུགས་སྐུ་གཉིས་རིམ་པ་བཞིན་ནོ། །དེ་ལས་བཟློག་པ་ནི་མི་སྲིད་དོ། །གསེར་འོད་དམ་པ་ལས། རིགས་ཀྱི་བུ་སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་མངོན་པར་སྣང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡང་དག་པ་སྟེ་ཅི་ལ་ཡང་མི་གནས་པའོ། །ཞེས་སོ། །ཆོས་སྐུ་ལ་གཟུགས་སྐུ་འབྱུང་ན་མཐར་ཐུག་གི་འབྲས་བུ་གཟུགས་སྐུ་འབྱུང་ངོ་ཞེ་ན། དེ་ནི་འདོད་པ་སྟེ། ཆོས་སྐུའི་ཡོན་ཏན་ཕྲིན་ལས་


PS001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །གཟུགས་སྐུ་གཉིས་རང་དུས་ནམ་འབྱུང་ཞེ་ན། ས་དང་པོ་ནས་ཀྱང་ཆ་ཤས་ཙམ་འབྱུང་ལ། མི་སློབ་པའི་དུས་ན་ནི་རྫོགས་པར་འབྱུང་ངོ་། །དེ་ལ་ཆོས་གང་བསྡུས་ནས་ཏེ་གང་ལ་སྣང་བ་ནི། ཀུན་རྫོབ་འཁོར་བའི་ཆོས་ཐམས་ཅད་ནི་གཟུགས་སྐུས་བསྡུས་ལ། དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཆོས་སྐུས་བསྡུས་པ་ཏེ། དེའི་ཕྱིར་བདེན་པ་གཉིས་སམ་འཁོར་འདས་གཉིས་དབྱེར་མེད་དེ་ལ་ཟུང་འཇུག་གི་སྐུ་ཞེས་བྱ་སྟེ་ཐ་མི་དད་དོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པར་ན། །གང་དུ་དངོས་པོ་གཅིག་གྱུར་པས། །ཟུང་དུ་འཇུག་ཅེས་དེ་ལ་བཤད། ཅེས་སོ། །དེ་གང་ལ་སྣང་ན། །ས་དང་པོ་ཡན་ཆད་ནས་ནི་མཉམ་བཞག་ལ་ཆོས་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བར་སྣང་། དག་པའི་ས་གསུམ་ལ་གནས་པའི་རྗེས་ཤེས་ལ། ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་


PS001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པར་སྣང་། ས་བདུན་པ་མན་གྱི་རྗེས་ཤེས་དང་། ཚོགས་ལམ་ཆེན་པོ་ཡན་ཆད་དུ་སྤྲུལ་སྐུར་སྣང་ངོ་། དེ་ཡང་པུཎྜ་རི་ཀའི་མདོ་ལས། འཇིག་རྟེན་གྱི་ཁམས་གང་གཱའི་རླུང་གི་བྱེ་མ་སྙེད་ཕྲག་དགུའི་འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་ཐུགས་རྗེ་ཆེན་པོ་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་བཤད་དོ། །སེམས་ཅན་མོས་པས་སྤྱོད་པའི་ས་པ་རྣམས་ལ་ཉི་མའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་ཀྱང་། །དམུས་ལོང་གིས་མི་མཐོང་བའམ། །རྒྱལ་པོ་མུ་ཁྱུད་འཛིན་ལ། འཕགས་པ་འཇམ་དཔལ་བསྟན་ཀྱང་ཁྱི་རྒན་ལས་མ་མཐོང་བ་ལྟ་བུ་ཡིན་ཏེ། མངོན་རྟོགས་རྒྱན་ལས། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་རུལ་བ་མི་རུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། ཞེས་སོ། །སྐུ་གསུམ་པོ་དེ་ཡང་གང་ཟག་གཅིག་ལ་ཚང་ཚུལ་ནི། བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པ་དེ་བསྐལ་པ་


PS001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་འདས་པའི་སྔོན་རོལ་དུ་སངས་རྒྱས་པ་དེ་ཆོས་ཀྱི་སྐུའོ། །གཟུགས་སྐུ་གཉིས་ནི། ལང་ཀར་གཤེགས་པ་ལས། རྫོགས་པའི་སངས་རྒྱས་དེར་སངས་རྒྱས། སྤྲུལ་པ་གཅིག་པོ་འདིར་སངས་རྒྱས། ཅེས་སོ། །སྔོན་གྱི་སྨོན་ལམ་གྱི་མཐུ་དང་ཐུགས་རྗེའི་ཤུགས་ཀྱིས་གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཏེ། དེ་ལས་ཀྱང་གདུལ་བྱ་དག་པའི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཏེ། ལོངས་སྐུ་དེས། ངེས་པ་ལྔའི་སྒོ་ནས་དོན་བྱེད་དེ། གནས་ངེས་པ་ནི་འོག་མིན་སྟུག་པོ་བཀོད་པའི་གནས་སུ་གཟུགས་ཁམས་ཀྱི་རྟེན་ལས་སངས་རྒྱས་ཚུལ་བསྟན་ཏེ། རྫོགས་པའི་སངས་རྒྱས་དེར་སངས་རྒྱས། ཅེས་དང་། དེ་ཉིད་བསྡུས་པ་ལས། ཆུ་བོ་ནི་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་པའི་དུས་སུ་དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་ཙམ་འཇིག་རྟེན་དུ་ལྷགས་ནས། རྡོ་རྗེ་དབྱིངས་ཞེས་བྱ་བའི་མིང་གི་


PS001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ནས། ལྷའི་གནས་སུ་སེང་གེའི་ཁྲི་ལ་ཞལ་ཀུན་ཏུ་བསྟན་ནས་བཞག་གོ། །ཅེས་པའམ་ཡང་ན་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བའི་སངས་རྒྱས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ། རྡོ་རྗེ་བཙུན་མོའི་བྷ་ག་ཞེས་པའི་གནས་སོ། །སྟོན་པ་དེ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནམ་རིགས་རྣམ་པ་ལྔའི་བདག་ཉིད་དུ་བཞུགས་པ་ཡིན་ཏེ། དེ་ཡང་སམྦུ་ཊི་ལས། །སྟོང་པའི་རྡོ་རྗེ་ཅན་གཅིག་ནི། །རིགས་ནི་རྣམ་པ་ལྔ་རུ་འགྱུར། ཞེས་པས། སྟོང་པ་ཉིད་དེ་ཉིད་རྡོ་རྗེའི་རང་བཞིན་ཅན་ཡིན་ལ། དེ་ལ་བདག་གཞན་གྱི་དགོས་འདོད་འབྱུང་བ་ལས། རིན་པོ་ཆེའི་རིགས་སོ། །དེས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་བྱེད་པ་ལས་ལས་ཀྱི་རིགས་སོ། །དེས་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པས་འཁོར་ལོའི་རིགས་ཀྱང་ངོ་། །ཁྱད་པར་དུའང་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་གདུལ་བྱ་འདོད་ཆགས་ཅན་རྣམས་ལ་རིགས་ལྔ་འདུས་


PS001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་པ་རྡོ་རྗེ་འཆང་གི་སྐུར་སྣང་བའོ། །རྡོ་རྗེ་འཆང་དེ་རང་བཞིན་ཇི་ལྟ་བུ་ཞེ་ན། རྡོ་རྗེ་རྩེ་མོ་ལས། །རྡོ་རྗེ་འཆང་ཞེས་གསུངས་པ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་ཆུབ་སེམས་ལྡན་གང་ཡིན་པ། །དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་སོ། །དེ་ལྟར་ཡང་ཅིའི་ཕྱིར་ན་རྡོ་རྗེ་བརྗོད། །སྲ་ཞིང་སྙིང་པོ་ཁོག་སྟོང་མེད། །དབྲོག་མེད་བཅད་དུ་མེད་པ་དང་། །གཞིག་ཅིང་གཞོམ་དུ་མེད་པ་དང་། །སྟོང་པ་ཉིད་ནི་རྡོ་རྗེ་བརྗོད། ཅེས་སོ། །དེ་ལྟར་ན་ད་ལྟར་གྱི་རྟོགས་ལྡན་རྣམས་ཀྱང་རྡོ་རྗེ་འཆང་དུ་འགྱུར་རོ། །སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འཆང་བའི་ཕྱིར་ཞེ་ན། དེ་ནི་འདོད་པ་ཏེ། དེ་ཉིད་ལས། །རྡོ་རྗེ་འཆང་བ་རྣམས་ཉིད་དུ། །ཕྱོགས་རྣམས་ཀུན་ཏུ་ཡོངས་ཁྱབ་པའི། །བྱང་ཆུབ་སེམས་དཔའ་མཁས་པ་ནི། །ཆོས་དབྱིངས་དང་མཉམ་ཐུག་པ་མེད། །རྡོ་རྗེ་འཆང་རྣམས་དེ་ཉིད་དོ། །ཞེས་སོ། །འོ་ན་དེ་ཉེར་ལེན་གྱི་ཕུང་པོ་ལྔ་བཟུང་ནས།


PS001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་པའི་གཟུགས་སུ་འོང་བར་མི་རིགས་སོ་ཞེ་ན། གུར་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་བཟུང་སྟེ། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། ཅེས་སོ། །དེ་རྡོ་རྗེ་འཆང་ཡིན་ན། །རྒྱུད་གསུངས་བར་རིགས་སོ་ཞེ་ན། དེ་ནི་ཕུན་སུམ་ཚོགས་པ་དང་ལྡན་ཏེ། བསྟན་པ་འཇིགས་པའི་དུས་སུ་ཆོས་གསུངས་པ་ནི་དུས་འཆོལ་བར་འགྱུར་བའི་ཕྱིར་དང་། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་ཡོང་པའི་ཕྱིར་རོ། །འཁོར་ངེས་པ་ནི། ཁྲོ་བོ་ཁྲོ་མོ་ལ་སོགས་པ་དེ་བཞིན་གཤེགས་པའམ། དག་པའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོ་རྣམས་ལ་གསུངས་སོ། །སྟོན་པ་དང་འཁོར་གཉིས་ཀ་རང་བཞིན་གཅིག་ཡིན་ཏེ། བརྟག་གཉིས་ལས། །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། ཞེས་སོ། །ཆོས་ངེས་པ་ནི། ཡང་དག་པར་རྫོགས་པའི་


PS001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་སེམས་ཅན་གྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། བསྡུ་ན་ཐེག་པ་གསུམ་ལ་ཉན་རང་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྔགས་རིག་པ་འཛིན་པའོ། །དེ་ཡང་མཚན་བརྗོད་ལས། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ཅེས་པས། དེ་ལ་སྔགས་ཀྱི་ཐེག་པ་འདི་ནི་ཐེག་པ་གསུམ་པའོ། །ཐེག་པ་ཆེན་པོར་གཅིག་པུར་ངེས་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་འཇུག་པ་ལས། ཆོས་དབྱིངས་དབྱེ་བ་མ་མཆིས་པས། གཙོ་བོ་ཐེག་དབྱེ་ཡོད་མིན་གྱི། ཁྱེད་ཀྱི་ཐེག་པ་གསུམ་གསུངས་པ། །སེམས་ཅན་རྣམས་ནི་འཇུག་ཕྱིར་རོ། །ཞེས་སོ། །འོ་ན་ཆོས་དེ་ནས་བཏགས་གསུངས་ནས། དམ་པའི་ཆོས་དར་བའི་དུས་དང་། གནས་པའི་དུས་དང་། འཇིག་པའི་དུས་དང་གསུམ་ལས། དང་པོའི་དུས་དེར་བརྗོད་བྱ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་དོན་བརྗོད་བྱེད་ཀྱི་ཚིག་ཐེག་པ་གཞན་ལས་ཁྱད་པར་དུ་


PS001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ། རིག་པ་འཛིན་པའི་སྡེ་སྣོད། རྒྱུད་སྡེ་རིན་པོ་ཆེ་བཞིའི་དོན་དུ་གསུངས་པའོ། །དེ་ཡང་སྔགས་ཀྱི་ཐེག་པས་ནི་ཚེ་གཅིག་སངས་རྒྱས་ཏེ་སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བར་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བཅོམ་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུ་ཅན་གྱི་མིང་ནས་བོས། ཅེས་སོ། །དུས་ངེས་པ་ནི། ལོངས་སྐུ་ལ་འདས་གྲོངས་མི་མངའ་བར་དུས་རྟག་ཏུ་བཞུགས་པ་ནི་འཁོར་གྱི་སྣང་བ་དག་པའོ། །དེ་ཡང་མདོ་མྱ་ངན་འདས་པ་ལས། །སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །ཞེས་སོ། །སྤྲུལ་པའི་སྐུ་ནི་འདིར་སངས་རྒྱས། ཞེས་པ་ནི། རྡོ་རྗེའི་གདན་ལ་མིའི་རྟེན་ལ་བསྟན་ནས་སངས་རྒྱས་ཚུལ་བསྟན་པ་ཡིན་ཏེ། མ་ངེས་པ་ལྔའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དོ། །དེ་ལྟར་ཡང་ཕྲིན་ལས་རྫོགས་པའི་རྒྱུད་ལས། སངས་རྒྱས་ནི་རྒྱུའི་མཚན་ཉིད་ཡིན་ཏེ། རྟེན་ཅིང་


PS001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བའི་ཕྱིར་རོ། །ས་བོན་ལས་མྱུ་གུ་སྐྱེ་བ་བཞིན་ནོ། །ཞེས་སོ། །དེ་ཡང་གནས་མ་ངེས་པ་ནི། །ད་ལྟར་གྱི་བསྟན་པ་འདི་ལ་ཆགས་པའི་དུས་སུ་སངས་རྒྱས་སྟོང་རྩ་གཉིས་འབྱུང་བའི་སྔ་ལྟས་སུ། སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས། ཆུའི་ཕུང་པོའི་ནང་ནས་ཡར་ལ་པདྨའི་སྡོང་པོ་སྟོང་རྩ་གཉིས་འབྱུང་སྟེ། དེ་ལ་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱིས་བསྐལ་པ་འདི་ནི་བཟང་པོའོ། །ཞེས་བརྗོད་པས་དེ་ལྟར་གྲགས་པའོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་སྤྲུལ་པ། རྒྱལ་པོ་ཡུལ་འཁོར་སྲུང་གི་སྲས་སྟོང་དང་རྩ་གཉིས་ཀྱིས་སངས་རྒྱས་གཅིག་པའི་བསྟན་པ་བྱུང་སྟེ། དེ་ཡང་པུཎྜ་རི་ཀའི་མདོ་ལས། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་དགུའི་འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་། ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་བཤད་དོ། །དེ་ཡང་


PS001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཟིགས་དང་། གཙུག་གཏོར་མངའ་བ་དང་། ཐམས་ཅད་སྐྱོབས་དང་། འཁོར་བ་འཇིག་དང་། གསེར་ཐུབ། འོད་སྲུང་དང་དྲུག་སོང་ནས། འདི་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ཏེ། གདུལ་བྱའི་ཞིང་ཁམས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོ་ཉོན་མོངས་པ་རྣམས་དང་མི་མཇེད་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་ཡང་རྡོ་རྗེ་གདན་ལ་སོགས་པ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། རིགས་དྲུག་གིས་གནས་སུ་བྱོན་ཏེ། སྙིང་རྗེ་རྣམ་པར་རོལ་པ་སངས་རྒྱས་པའི་མདོ་ལས། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། རྒྱལ་བ་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱར་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དོ། །ཞེས་སོ། །སྟོན་པ་མ་ངེས་པ་ནི། གདུལ་བྱ་མ་དག་པ་རྒྱུ་དྲུག་གི་སེམས་ཅན་རྣམས་ལ། དེ་ཡང་རང་རང་གི་སྣང་ཚུལ་དང་བསྟུན་ནས་གང་ལ་གང་གིས་འདུལ་བ་ལ་དེ་དང་དེའི་


PS001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་དོ། །ཡབ་སྲས་མཇལ་བ་ལས། །བརྒྱ་བྱིན་ཚངས་པའི་ཆ་བྱད་དང་། །ལ་ལར་བདུད་ཀྱི་ཆ་བྱེད་ཀྱིས། །སེམས་ཅན་རྣམས་ཀྱི་དོན་མཛད་དེ། །འཇིག་རྟེན་ཁམས་ཀྱིས་རྟོགས་མི་ནུས། ཅེས་སོ། །ཡང་ལ་ལར་བལྟམས་པ་ཡོངས་སུ་བསྟན། །ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་སྤྱོད་པ་སྤྱད་པར་མཛད། ཅེས་སོ། །སྤྲུལ་སྐུ་དེ་ལ་དབྱེ་ན་གསུམ་སྟེ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། ཞེས་པས། བྱང་ཆུབ་ཆེན་པོའི་སྤྲུལ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྟེ། དེ་ལ་བཞེད་པ་གཞུང་མི་མཐུན་པ་གསུམ་སྟེ། འཕགས་པ་ཉན་ཐོས་པ་སྐྱེ་བ་འདི་ལ་སངས་རྒྱ་བར་འདོད། དབུ་མ་པ་སྐྱེ་བ་གཅིག་གི་ཐོབ་པའི་བྱང་ཆུབ་སེམས་པར་བྱེད། སྔགས་པ་ནི་སྤྲུལ་སྐུ་ཡིན་པར་བཞེད་དོ། །དེས་མཛད་པ་མཐར་འདོན་གྱི་སངས་རྒྱས་ཞེས་བྱ་སྟེ། མཆོག་གི་སྤྲུལ་པའོ། །དེ་ཡང་འདི་སྐད་དུ། ཀྱེ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ། སྙིང་པོ་


PS001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་བླ་མེད་ཉག་གཅིག་པོ། །འཛམ་གླིང་སྣོད་དང་ལྡན་པ་ངེས་དོན་འགྲོ། །ལྷ་མའི་སྟོན་པ་བྱམས་པ་མགོན་གྱིས་མཛད། ཅེས་གསུངས་ནས། །རི་རབ་ཀྱི་རྩེ་མོ་ལ་བྱོན་ནས། །གཟིགས་པ་རྣམ་པ་ལྔ་ལ་གཟིགས། །གླིང་དང་ཡུལ་དང་གྲོང་ཁྱེར་དང་། །རིགས་དང་ཡུལ་ལ་གཟིགས་པའོ། །དེ་ནས་མི་ཡུལ་དུ་མཛད་པ་བཅུ་གཉིས་བསྟན་ཏེ། །མདོ་རྒྱ་ཆེར་རོལ་པ་ལས། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་ཏེ་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །གཞོན་ནུ་རོལ་རྩེད་མཛད་པ་དང་། །བཙུན་མོའི་འཁོར་གྱིས་བསྐོར་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་མཛད་སངས་རྒྱས་དང་། །ཆོས་འཁོར་མྱ་ངན་འདའ་སྟོན་དང་། ཞེས་མཛད་པ་བཅུ་གཉིས་བསྟན་པའོ། །བཟོའི་སྤྲུལ་


PS001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཤིང་བཟོ། །སྣལ་བཟོ་ལ་སོགས་པ་འཇིག་རྟེན་གྱི་ཕན་དགུ་ཅོག་སྟེ། བཟོ་བོ་བི་ཤྭ་ཀརྨ་ལྟ་བུའམ། དྲི་ཟའི་རྒྱལ་པོ་རབ་དགའ་བཏུལ་བའི་ལོ་རྒྱུས་བཞིན་ནོ། །སྐྱེ་བའི་སྤྲུལ་པ་ནི། །སེམས་ཅན་གྱི་སྐྱེ་བའི་སྤྲུལ་པ་སྟེ། སམྦུ་ཊི་ལས། །ཟླ་བ་བཅུ་ནི་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །ཞེས་སོ། །གཞན་ཡང་སྐྱེས་རབ་ལས་གསུངས་པ་ལྟ་བུའམ། བྱ་དང་སྤྲེའུ་སོགས་སྤྲུལ་པའི་ལོ་རྒྱུས་བཞིན་ནོ། །རིན་ཆེན་རྟོག་ལས། །སྐྱེས་པས་འདུལ་བ་རྣམས་ལ་ནི་སྐྱེས་པ། །བུད་མེད་ཀྱིས་འདུལ་བ་རྣམས་ལ་ནི་བུད་མེད། ཅེས་པ་དང་། ཡབ་སྲས་མཇལ་བ་ལས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་རྣམས་ནའང་གདའ། །འཇིག་རྟེན་ཆོས་ཀྱིས་མ་གོས་ཏེ། །པདྨོ་ཆུ་ཡི་མ་ཆགས་བཞིན། །ཞེས་སོ། །སྐྱེས་བུ་ཐོར་བུ་ལ་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །བླ་མ་མཚན་


PS001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དེ་སངས་རྒྱས་དངོས་རང་ཡིན་ནོ། །སྡོམ་པ་འབྱུང་བ་ལས། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དམ་པ་མཆོག་ཉིད་ལ། །བདག་ཉིད་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །དཀོན་མཆོག་གསུམ་ཡང་ཚང་བའོ། །དེ་ལ་སངས་རྒྱས་ཡིན་ན་ཉེར་ལེན་གྱི་ཕུང་པོ་ལྔ་བཟུང་ནས་ཐ་མལ་གྱི་གཟུགས་སུ་སྟོན་པ་མི་རིགས་སོ་ཞེ་ན། ཨརྻ་དེ་ཝའི་སྤྱོད་བསྡུས་ལས། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་ཤ་རུས་རྐང་མེད་ཀྱང་། སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །ཞེས་སོ། །སེམས་ཅན་རེ་རེ་ལ་སྤྲུལ་པ་རེ་རེ་འབྱུང་སྟེ། ཆུ་སྣོད་རེ་རེ་ལ་ཟླ་བ་རེས་ཁྱབ་པ་བཞིན་ནོ། །སྤྲུལ་སྐུ་དེས་སེམས་ཅན་གྱི་དོན་ཇི་ཙམ་མཛད་ཞེ་ན། འཁོར་བ་མ་སྟོང་བར་དུ་མཛད་དེ། ལུང་ལས། ཇི་སྲིད་ནམ་མཁའ་གནས་ཀྱི་བར། གཞན་


PS001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འཁོར་བར་འཁོར་བྱེད་ཀྱང་། སྙིང་རྗེ་ཅན་རྣམས་ཅི་སྟེ་སྐྱོ། །ཞེས་སོ། །སྟོན་པ་གཉིས་ཀྱི་སྣང་བ་ནི་ངོ་བོ་གཅིག་པ་ལ་ཐེག་པ་གཉིས་ཀྱི་གདུལ་བྱ་ལ་སྣང་ཚུལ་སོ་སོར་འབྱུང་བ་ནི། རྡོ་རྗེ་ཨ་རལླིའི་རྒྱུད་ལས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ཐེག་པ་དང་། །སྔགས་ཀྱི་ཐེག་པ་གཉིས་སུ་གསུངས། ཅེས་སོ། །འཁོར་མ་ངེས་པ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ལ། འདུལ་བྱེད་ཀྱི། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་བའོ། །དེ་ལ་ཕྱི་རྒྱུད་ས་གསུམ་པས་བདེ་གཤེགས་སློབ་མར་གྱུར་པའི་འགྲོ་དྲུག་དག །འཇིག་རྟེན་ཁམས་ན་གནས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱིས། གང་ཟག་མ་ལུས་པར་ནི་འདིར་གཤེགས་ཤིག །ཅེས་པས་ནད་པ་སྨན་པ་གཡོག་པོའི་དཔེ་བཞིན་ནོ། །ཆོས་མ་ངེས་པ་ནི། ཐེག་པ་སྣ་ཚོགས་སུ་གསུངས་


PS001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བཟང་སྤྱོད་ལས་ཀྱང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། ཅེས་པས་སྤྲུལ་པའི་སྐུ་དེས་སྲིད་པ་གསུམ་དུ་ཆོས་སྟོན་པའོ། ཇི་ལྟ་བུ་གཅིག་སྟོན་ན། དེ་ཡང་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་རྒྱུ་སྟེ། འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་དང་། གཏི་མུག་དང་དེ་གསུམ་ཆ་མཉམ་པའང་དེ་བཞིན་ནོ། དེའི་གཉེན་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ཏེ། འདོད་ཆགས་ལ་འདུལ་བ་ཉི་ཁྲི་ཆིག་སྟོང་། དེ་བཞིན་དུ་ཞེ་སྡང་ལ་མདོ་སྡེ། གཏི་མུག་ལ་མངོན་པ་དེ་གསུམ་ཆ་མཉམ་ལ་སྔགས་རིག་པ་འཛིན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་ཡང་བསྡུ་ན། དྲང་དོན། །


PS001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན། སྙིང་པོའི་སྐོར་དང་གསུམ་ལས། དེ་ཡང་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས། དང་པོ་ཝ་ར་ཎ་སིའི་དྲང་སྲོང་ལྟུང་བ་རི་དྭགས་ཀྱི་ནགས་སུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་རྣམ་པ་བཅུ་གཉིས་ཀྱི་ཚུལ་དུ་བསྐོར་བ་དང་། གཉིས་པ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་དོན་དམ་པ་སྟོང་པ་ཉིད་ཀྱི་འཁོར་ལོ་གཉིས་ཀའང་། བླ་ན་མཆིས་པ་དང་། སྐབས་མཆིས་པའི་དོན་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པའོ། །གསུམ་པ་ལྷའི་གནས་གསུམ་མམ། བཙུན་མོའི་བྷ་གར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱིས་ངོ་བོ་ཉིད་མ་མཆིས་པ་ལས་བརྩམ་པ། སྐྱེ་བ་དང་འགག་པ་མ་མཆིས་པ་དང་། གདོད་མ་ནས་ཞི་བ་དང་། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། འདི་ནི་བླ་ན་མ་མཆིས་པའོ། །སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་མ་གྱུར་


PS001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལགས་སོ། །ཞེས་དགོངས་པ་ངེས་པར་འགྲེལ་བ་ལས། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་གསུངས་པའོ། །དེ་ལ་འདིར་ནི་ཆོས་འཁོར་གསུམ་པ་བསྔགས་སོ། །དུས་མ་ངེས་པ་ནི། སྐུ་ཚེ་རིང་བས་ཕན་པ་ལ་རིང་བ། ཐུང་བས་ཕན་པ་ལ་ཐུང་བའོ། །དེ་ཡང་ལ་ལར་མེད་བཞིན་མྱ་ངན་འདའ། ལ་ལར་བྱང་ཆུབ་སངས་ཡང་རྒྱ། སངས་རྒྱས་རྣམས་ནི་རྟག་པའི་སྐུ། ནམ་ཡང་མེད་པ་མ་ཡིན་ནོ། །ཞེས་སོ། །འདས་གྲོངས་མངའ་བ་ནི། འཁོར་གྱི་སྣང་བ་མ་དག་པའི་སྐྱོན་ཡིན་ཏེ། དེ་ཡང་མཆོག་གི་སྤྲུལ་པ་རྒྱལ་བ་ཤཱཀྱ་ཐུབ་པ་དེ་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ལ་དགེ་བསྙེན་ཙུ་ཏས་གསོལ་བ་བཏབ་པས་ལོ་གཉིས་ནུར་ཏེ། བརྒྱད་ཅུ་རྩ་གཉིས་ལ་མྱ་ངན་ལས་འདའ་ཚུལ་བསྟན་ཏེ། གསེར་འོད་དམ་པ་ལས། །སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་


PS001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ལ་ཕན་གདག་ཕྱིར། །རྒྱལ་བ་མྱ་ངན་འདའ་ཚུལ་བསྟན། །ཞེས་སོ། །དེ་ལ་སངས་རྒྱས་ཀྱི་འཁོར་དཔག་ཏུ་མེད་པའི་ནང་ནས། །བཀའ་སྡུད་པ་པོ་ཡང་སྔགས་ཀྱི་སྡུད་པ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེར་གྲགས་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སོགས་ལ་ནི་ཀུན་དགའ་བོར་གྲགས་ཏེ། དེ་ཉིད་ཀྱང་ངོ་བོ་གཅིག་ལ་སྣང་ཚུལ་ཐ་དད་པ་སྟེ། བསིལ་བའི་ཚལ་གྱི་མདོ་ལས། མང་དུ་ཐོས་ཤིང་གསང་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་གྱིས། །སངས་རྒྱས་མྱ་ངན་ལས་འདས་ནས་སངས་རྒྱས་གྱི་བསྟན་པ་སུས་འཛིན་ཞུས་པས། སངས་རྒྱས་ཀྱི་ཞལ་ནས། ས་ར་ཧ་དང་། ཀླུ་སྒྲུབ་ཀྱིས་འཛིན་པར་གསུངས་ཏེ། གྲོང་ཁྱེར་ཝ་ར་ཎ་སིར་ས་ར་ཧ་འབྱོན་པར་གསུངས་པ་ནི། མདོ་སྡེ་གསུངས་བཀོད་པ་ལས་གསུངས་ཏེ། ང་ནི་འདི་ནས་མི་


PS001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །ས་ར་ཧ་ཞེས་བྱ་བ་ཡིས། །སྙིང་པོ་དོན་གྱི་བསྟན་པ་འཛིན། ཞེས་སོ། །ཀླུ་སྒྲུབ་ཀྱིས་འཛིན་པ་ཡང་། །མདོ་སྡེ་ལང་ཀར་གཤེགས་པ་ལས། །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བྷ་ག་ལ་ཞེས་པར། །དགེ་སློང་ཀླུ་སྒྲུབ་ཞེས་བྱ་འབྱུང་། །ཡོད་དང་མེད་པའི་ཕྱོགས་སྤངས་པའི། །དེ་ཡིས་ང་ཡི་བསྟན་པ་འཛིན། ཞེས་སོ། །ཞིང་ཁམས་རྣམ་དག་དཀྱིལ་འཁོར་གཞལ་ཡས་ན། དག་པའི་འཁོར་འདུས་ཧེ་རུ་ཀ་དཔལ་གྱིས། བདག་མེད་ཡུམ་ལ་གཉིས་མེད་བདེ་བར་རོལ། རྡོ་རྗེ་འཆང་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྡོ་རྗེ་འཆང་གི་རྣམ་ཐར་ཟུར་ཙམ་འདི། །བརྒྱུད་འཛིན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། ཀུ་སུ་ལུ་ཡི་སྤྲང་པོ་རྨོག་ལྕོག་པས། གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་


PS001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །རྨོག་ལྕོགས་པ་ལ་བླ་མ་ཀུན་བསོད་པས་བསྐུལ་ཕྱིར་མཛད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་མཛད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགེའོ། །

ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མའི་རྣམ་ཐར། །རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས།


PS001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མའི་རྣམ་ཐར་བཞུགས་སོ། །རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས།


PS001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ལྟ་བུའི་རང་བཞིན་ལས། །གཟུགས་སྐུ་ཉི་ཟླ་ལྟ་བུའི་འོད་ཟེར་གྱིས། །གདུལ་བྱའི་བློ་ཡི་མུན་པ་སེལ་མཛད་པ། །བླ་མ་དམ་པའི་ཞབས་ལ་གུས་པས་འདུད། །དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་རྣམ་ཐར་ཟུར་ཙམ་གཅིག་བརྗོད་ན། །སྐུ་འཁྲུངས་པའི་ཡུལ་ནི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཅེས་བྱ་བ་ཁ་ཆེའི་ས་ན་ཡོད་པ་ཡིན། །ཡུལ་དེ་ཡང་སྒྱུ་མ་མཁན་གྱིས་སྤྲུལ་པའི་གྲོང་ཁྱེར་ཡིན་ནོ། །ཇི་ལྟར་


PS001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ན་སྔོན་སངས་རྒྱས་འོད་སྲུང་བཞུགས་པའི་དུས་ན། །དགྲ་བཅོམ་པ་ཉི་མའི་གུང་པ་ཞེས་བྱ་བ་ཡོད་པས། །དུས་དེ་ཙམ་ན་ས་ཕྱོགས་ཐམས་ཅད་མཚོར་མེར་གྱིས་སོང་ཡོད་པ་ལས། །དགྲ་བཅོམ་པས་ཡུལ་ཕྱོགས་དེར་གཙུག་ལག་ཁང་གཅིག་བཞེང་བར་འདོད་པས། །ཀླུའི་རྒྱལ་པོ་ལ་ས་སློང་པས་ཀླུ་རྣམས་ན་རེ། །ཁྱེད་རང་གི་སྐྱིལ་ཀྲུང་གིས་ཁྱབ་པའི་ས་སྦྱིན་ཞེས་ཁས་བླངས་སོ། །དེར་དགྲ་བཅོམ་པ་དེས་སྐུ་ཤིན་ཏུ་ཆེ་བ་གཅིག་སྤྲུལ་ནས། ཁ་ཆེའི་ས་ཕྱོགས་དེ་ཁྱབ་པར་བྱས་ཏེ། །དེར་ས་གཞི་བྱུང་ནས་བདུད་རྩི་གམ་ག་ལའི་གཙུག་


PS001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་ཞེས་བྱ་བ་ཞིག་བཞེངས་སོ། །དེར་མི་རྣམས་ངོ་མཚར་བསྐྱེད་པའི་ཕྱིར་སྒྱུ་མ་མཁན་གཅིག་བོས་ནས། སྒྱུ་མ་མཁན་དེས་གྲོང་ཁྱེར་ཆེན་པོ་དཔེ་མེད་པ་ཅེས་བྱ་བར་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་པ་ལ་དཔེ་བླངས་ཏེ་སྤྲུལ་པས་སྒྱུ་མ་མ་བཤིགས་གོང་དུ་སྒྱུ་མ་མཁན་དེ་བསད་པས་དེ་ད་ལྟར་གྱི་བར་དུ་ཆགས་སོ། །གྲོང་ཁྱེར་དེ་ཡང་འཛམ་བུ་གླིང་ན་དེ་ལྟ་བུའི་དཔེ་རང་མེད་ཟེར་བ་བྱུང་བས་དཔེ་མེད་དུ་གྲགས་སོ། །དེ་ན་ཆང་ཚོང་མ་རང་ཡང་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་ཡོད་དོ། །དེའི་བྱེ་བྲག་དུ་ན་ཞེས་བྱ་བ་ཡིན་ནོ། །གྲོང་ཁྱེར་དེར་ཆེ་བའི་པཎྜི་ཏ་ནཱ་རོ་ཏ་པ་དང་། རིན་ཆེན་རྡོ་རྗེ་གཉིས་བཞུགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི། ཡབ་བྲམ་ཟེ་ཞི་བའི་གོ་ཆའི་སྲས་མོར་སྐུ་འཁྲུངས། ནཱ་རོ་པཎྜི་ཏའི་ལྕམ་མོ་ཡིན། རིགས་ནི་བྲམ་ཟེའོ། །བསྐལ་པ་གྲངས་མེད་པ་གསུམ་གྱི་སྔོན་རོལ་ནས། ལམ་སྦྱངས་པ་མངོན་དུ་གྱུར་པའི་རྒྱུན་ལམ་གྱི་སྐྱེ་བ་དེ་ཉིད་ལ་བླ་མ་གྲུབ་ཐོབ་འགའ་རེའི་གདམས་ངག་གསུང་སྒྲོས་རེ་ཙམ་ཐོས་པ་ལ་བརྟེན་ནས། ཆོས་


PS001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་། ཟག་བཅས་ཀྱི་སྒྱུ་ལུས་ཟག་མེད་ཀྱི་སྐུ་རུ་ཤར་ཏེ་དག་པའི་ས་གསུམ་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ཉིད་དང་ཞལ་མངོན་སུམ་དུ་མཇལ་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་ནས། མདོ་རྒྱུད་མན་ངག་བསྟན་བཅོས་ལ་སོགས་པ་ཆོས་ཀྱི་སྒོ་ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས་རྒྱས། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་མངོན་དུ་གྱུར་ཏེ། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་ཏེ། ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་གཅིག་ལས་སྤང་བྱ་མེད་པར་སངས་རྒྱས་དང་གཉིས་སུ་མེད་ཅིང་སྐུ་གསུམ་གྱི་བདག་ཉིད་ཅན། རང་དོན་སྤངས་རྟོགས་མཐར་ཕྱིན་ནས་གཞན་དོན་གཟུགས་སྐུ་གཉིས་ཀྱིས་ཇི་སྲིད་འཁོར་བ་མ་སྟོངས་བར་དུ་གང་ལ་གང་འདུལ་གྱི་འགྲོ་དོན་མཛད་ཅིང་། ཁྱད་པར་བརྒྱུད་པ་འཛིན་པ་རྣམས་ལ་ཐུགས་རྗེ་ཉེ་རིང་མེད་པར་གཟིགས་ནས་བྱིན་གྱིས་རློབ་ཅིང་ཕྲིན་ལས་


PS001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པར་ཐུགས་རྗེས་གཟིགས་པ་ཉིད་དོ། །ཡོངས་དགོས་སུ་གྲུབ་ཐོབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ་དེ་ཉིད་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས། རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པའི་བཀའ་ལུང་གནང་ཞིང་། ཁྱད་པར་དུ་སྣོད་ལྡན་གྱི་གང་ཟག་རྣམས་ཚེ་གཅིག་ལུས་གཅིག་ལ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཀྱི་ས་ལ་བཀོད་པར་ནུས་པའི་གདམས་པའི་གནད་ཟབ་ལ་རྒྱ་ཆེ་བ་མང་པོ་གནང་སྟེ་མི་རབས་བདུན་དུ་ཆིག་བརྒྱུད་ལས་མི་སྤེལ་བར་བཀའ་རྒྱས་བཏབ་ཅིང་། སློབ་མ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་དག་པ་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་པས་ན་བརྒྱུད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་དོ། ༈ །ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དྲན་པ་བཞི་དང་ཡང་དག་སྤོངས་པ་བཞི། །རྫུ་འཕྲུལ་རྐང་བཞིའི་དོན་ལ་ལེགས་གནས་པ། །ཚོགས་གཉིས་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཤེས་རབ་ལ་སོགས་སྟོབས་མཆོག་ལྔ་ལྡན་པས། །


PS001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་དགྲ་ཡི་དཔུང་ལས་རྣམ་རྒྱལ་ཞིང་། །ཆོས་བརྒྱུད་ཏིང་འཛིན་སྐྱོང་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོག་ཏུ། །བྱང་ཆུབ་ཡན་ལག་བདུན་དུ་བསྟན་པའི་དོན། །ཆོས་ཀྱི་བློ་འདས་བརྗོད་དུ་མེད་པའི་དབྱིངས། །བདེན་པ་མངོན་སུམ་གཟིགས་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་དོན་ལས་མ་ཡེངས་པར། །རིམ་པ་དགུ་ཡི་བར་དུ་ཉམས་བསྟན་པས། །འདུ་ཤེས་གཉིས་ཀྱི་མི་གཡོ་བ་ཡི་དོན། །གོམས་པ་མངོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཁམས་གསུམ་ས་དགུའི་མི་མཐུན་པ་ཡི་ཕྱོགས། །མཐོང་སྤོང་བརྒྱ་དང་བཅུ་གཉིས་གང་བསྟན་དང་། །བསྒོམ་སྤོང་བཞི་བརྒྱ་བཅུ་བཞི་ལ་སོགས་པའི། །ཉོན་མོངས་སྒྲིབ་པ་དག་ལ་ཕྱག་འཚལ་ལོ། །སྒྱུ་མ་ཙམ་དུ་འཛིན་པའི་སྒྲིབ་པའམ། །ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ཀུན། །འོད་གསལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་དེ། །མངོན་


PS001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པས་འཇོམས་ལ་ཕྱག་འཚལ་ལོ། །འཁོར་གསུམ་ཡོངས་དག་སྦྱིན་པའི་ཕ་རོལ་ཕྱིན། །ཆོས་དབྱིངས་ཀུན་འགྲོ་ཁྱབ་པའི་དོན་རྟོགས་པས། །སྙོམས་འཇུག་མཐོང་དང་བྱིན་རླབས་ལ་སོགས་པ། །བརྒྱ་ཕྲག་བཅུ་གཉིས་ཐོབ་ལ་ཕྱག་འཚལ་ལོ། །གདུང་བཞི་པའི་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཆོས་དབྱིངས་རང་ཤར་མཆོག་གི་དོན་རྟོགས་པས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ། །སྟོང་ཕྲག་བཅུ་གཉིས་ཐོབ་ལ་ཕྱག་འཚལ་ལོ། །ཁྲོ་བ་མི་མངའ་བཟོད་པའི་ཕ་རོལ་ཕྱིན། །ཆོས་ཀྱི་དབྱིངས་སུ་རྒྱུ་མཐུན་དོན་རྟོགས་པའི། །ཡོན་ཏན་ཏིང་འཛིན་བརྒྱ་སྟོང་ཕྲག་བཅུ་གཉིས། །མངོན་པར་ཐོབ་པ་དེ་ལ་ཕྱག་འཚལ་ལོ། །དགེ་བས་མི་ངོམས་བརྩོན་འགྲུས་ཕ་རོལ་ཕྱིན། །ཆོས་དབྱིངས་ཡོངས་སུ་འཛིན་མེད་དོན་རྟོགས་པས། །ཏིང་འཛིན་ཁྲག་ཁྲིག་ཁྲི་ཕྲག་དོན་གཉིས་པོ། །ཀུན་ནས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་གཡོ་མེད་བསམ་གཏན་ཕ་རོལ་ཕྱིན། །དབྱིངས་དང་རྒྱུད་གཞན་ཐ་དད་མེད་རྟོགས་པས། །ཁྲག་ཁྲིག་བརྒྱ་སྟོང་


PS001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཁྲིག་བརྒྱ་སྟོང་གཉིས། །མངོན་དུ་གྱུར་པ་དེ་ལ་ཕྱག་འཚལ་ལོ། །མ་སྐྱེས་ཆོས་ཤེས་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་དང་རྣམ་བྱང་ཉོན་མོངས་དབྱེར་མེད་རྟོགས། །ཁྲག་ཁྲིག་བརྒྱ་སྟོང་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བཅུ་གཉིས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་བསྒྲུབས་པས་ཐབས་ཀྱི་ཕ་རོལ་ཕྱིན། །དབྱིངས་དང་མཚན་ཉིད་ཐ་དད་མེད་པར་རྟོགས། །ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས། །ཀུན་ནས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །མཆོག་ལ་དམིགས་ནས་སྨོན་ལམ་ཕ་རོལ་ཕྱིན། །འཕེལ་འགྲིབ་མེད་དབྱིངས་དག་པའི་དོན་རྟོགས་པས། །སྟོང་གསུམ་བརྒྱ་ཕྲག་བཅུ་ཡི་རྡུལ་སྙེད་གཉིས། །སྙོམས་པར་འཇུག་སོགས་ཐོབ་ལ་ཕྱག་འཚལ་ལོ། །བདུད་དཔུང་གཞོམ་ཕྱིར་སྟོབས་ཀྱི་ཕ་རོལ་ཕྱིན། །སྤོབས་པ་དཔེ་མེད་ཡེ་ཤེས་དབང་དོན་རྟོགས། །སངས་རྒྱས་ཞིང་གྲངས་མེད་པའི་རྡུལ་སྙེད་ལ། །བརྒྱ་སྟོང་སྙོམས་འཇུག་ཐོབ་ལ་ཕྱག་འཚལ་ལོ། །ཇི་བཞིན་རྟོགས་པ་ཡེ་ཤེས་ཕ་རོལ་


PS001_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། །ཆོས་དབྱིངས་སྒྲིབ་མེད་མཉམ་རྗེས་བློ་དང་བྲལ། །གང་སྟོང་འཕེལ་འགྲིབ་མེད་པའི་ངང་གནས་པའི། །དག་པའི་དོན་རྟོགས་དེ་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ས་བཅུའི་དབང་ཕྱུག་དེ་ཉིད་ནི། །སྟོང་གསུམ་མཁའ་ལ་སེང་གེའི་ཁྲི་སྟེང་བཞག །འོད་ཟེར་ཆེན་པོའི་དབང་བསྐུར་མཛད་པ་ཡིས། །ཤེས་བྱའི་སྒྲིབ་པ་དག་ལ་ཕྱག་འཚལ་ལོ། །ནང་ལྟར་འོག་མིན་བཙུན་མོའི་གཞལ་ཡས་སུ། །ཟག་མེད་བདེ་བ་ཆེན་པོའི་དབང་བསྐུར་བས། །སྐད་ཅིག་དེ་ལ་ཆོས་ཀྱི་སྣང་བ་ཡིས། །མཁྱེན་པ་ཕྱོགས་མེད་རྒྱས་ལ་ཕྱག་འཚལ་ལོ། །འདུས་མ་བྱས་པའི་དོན་དམ་ཆོས་དབྱིངས་དང་། །མཁྱེན་བརྩེའི་ཡེ་ཤེས་གཉིས་སུ་མེད་པ་ཡི། །རྟེན་དང་བསགས་དང་ཁྱབ་དང་རང་བཞིན་གྲུབ། །ཆོས་སྐུ་མངོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་བཞེངས་བཞུགས་མི་མངའ་ཡང་། །སྔོན་གྱི་བསོད་ནམས་སྐྱེད་བྱེད་ལ་སོགས་པ། །གཟུགས་སྐུ་རྣམ་གཉིས་རང་ཤར་བྱུང་ནས་ཀྱང་། །འཁོར་བ་སྟོང་པར་མཛད་ལ་ཕྱག་འཚལ་ལོ། །སྟོང་ཉིད་


PS001_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་དབྱེར་མེད་བདེ་བའི་སྐུ། །བདེ་གཤེགས་སྤྲུལ་པ་ཐུན་མོང་མཆོག་གི་བདག །ས་བཅུའི་དབང་ཕྱུག་འཁོར་བ་འདྲེན་པའི་དཔལ། །རུས་པའི་རྒྱན་ཅན་དེ་ལ་གསོལ་བ་འདེབས། །འཁོར་བ་དྲུག་གི་མ་རྒན་སེམས་ཅན་རྣམས། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་ནས། །ཟག་མེད་བདེ་བ་རྒྱས་པའི་ཞིང་ཁམས་སུ། །ཐུགས་རྗེ་དམིགས་མེད་ངང་ནས་དྲོང་དུ་གསོལ། །ལམ་དུ་ཞུགས་པའི་སྐལ་ལྡན་ཕོ་མོ་ཀུན། །འགའ་རྐྱེན་གེགས་དང་བར་ཆད་ཀུན་ཞི་སྟེ། །ཉམས་དང་རྟོགས་པ་གོང་དུ་འཕེལ་བ་དང་། །ལམ་ལྔ་ས་བཅུ་བགྲོད་པར་བྱིན་གྱིས་རློབས། །ཨནནྟ་ཡི་རྟོགས་པའི་ཀློང་དཀྱིལ་ནས། །དམིགས་མེད་སྙིང་རྗེ་ཕྱོགས་མེད་ཤར་བ་ཡི། །ཇི་སྲིད་འཁོར་བར་སེམས་ཅན་གནས་ཀྱི་བར། །འགྲོ་བའི་དོན་བཞིན་བྱེད་པར་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོའི་རྣམ་ཐར་ཟུར་ཙམ་འདི། །བརྒྱུད་འཛིན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །ཀུ་སུ་ལུ་པའི་སྤྲང་པོ་རྨོག་ལྕོག་པས། རིན་ཆེན་བརྩོན་འགྲུས། མཆན། གྱེ་རེ་ཡང་དགོན་དཔལ་གྱི་


PS001_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་སྦྱར། །དགེ་བ་དེ་ཡིས་བརྒྱུད་འཛིན་གང་ཟག་རྣམས། །བླ་མའི་རྣམ་ཐར་ཚུལ་བཞིན་སྐྱོང་བར་ཤོག །འདི་བྲིས་དགེ་བའི་རྣམ་དཀར་གྱིས། །བདག་དང་རྒྱུ་སྦྱོར་དཔོན་སློབ་ཀྱི། །གཙོ་མཛོད་ཁམས་གསུམ་སེམས་ཅན་རྣམས། །བླ་མེད་སངས་རྒྱས་མྱུར་ཐོབ་ཤོག །

ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་པའམ་མཚན་གཞན་བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར།


PS001_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་པའམ་མཚན་གཞན་བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་བཞུགས། །


PS001_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་ཁ་མ་སིདྡྷི། བོད་སྐད་དུ། བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ལ་རྒྱ་གར་ཁ་ཆེ་ན། །གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་ཕྱོགས་ཁ་ཆེའི་གྲོང་ཁྱེར་ཞེས་བྱ་བ་ཡིན་ནོ། །དེ་ཡང་གྲོང་ཁྱེར་དེ་ན་བཟའ་མི་གཉིས་ལ་བུ་གསུམ་བུ་མོ་གསུམ་དང་བརྒྱད་


PS001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལས་ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་པ་སྟེ། རྒྱགས་འབྲས་བུམ་པ་གང་ལས་མེད་པས། དེ་ཟ་མ་ནུས་པར་ཁ་བཅད་དེ་སྦས་ནས་བཞག་གོ། །དེ་ནས་བུ་གསུམ་པོ་ལྷོ་ཕྱོགས་སུ་བཟའ་ཚོལ་དུ་སོང་། བུ་མོ་གསུམ་པོ་བྱང་དུ་སོང་། ཕ་ནུབ་ཕྱོགས་སུ་སོང་། དེ་ནས་མ་ལ་དུས་གཅིག་ན་ཤིན་ཏུ་ཕོངས་པ་གཅིག་བཟའ་བ་སློང་དུ་བྱུང་བས། འབྲས་ཀྱི་བུམ་པ་ཁ་ཕྱེས་ནས་གཙོས་ནས་བྱིན་ནོ། །དེར་ཕ་ཡིས་བཟའ་བ་མ་རྙེད་བཀྲེས་པས་ཉེན་ནས། ད་ནི་ཁྱིམ་གྱི་


PS001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུམ་པ་གང་པོ་ཟོས་ལ་དེ་ནས་བཙལ་དགོས་སྙམ་ནས་ལོག་པ་དང་། བུ་གསུམ་གྱིས་ཀྱང་མ་རྙེད་པར་ལོག །བུ་མོ་གསུམ་གྱིས་ཀྱང་དེ་བཞིན་དུ་ལོག་གོ། །དེར་ཁོང་གསུམ་གྲོས་བྱས་པ་བཞིན་དུ་དུས་གཅིག་ཏུ་ལོག་ནས། ད་ནི་མས་འབྲས་ཁ་ཕྱེས་ནས་བྱིན་ཅིག །བཀྲེས་ཤིང་ཉེན་ནས་ཐམས་ཅད་ཉམ་ཐག་པར་གྱུར་ཏོ། །ཟེར་བ་དང་། མ་ཡིས་སྨྲས་པ། ཁྱེད་རྣམས་ཀྱིས་བཟའ་བ་རྙེད་ནས་འོང་སྙམ་སྟེ་ཤིན་ཏུ་ཕོངས་ཤིང་ཉམ་ཐག་པ་གཅིག་བཟའ་སློང་དུ་བྱུང་ནས། དེ་ལ་འབྲས་བྱིན་ནས་མེད་བྱས་པས། ཁྱོད་དང་བུ་ཕོ་བུ་མོ་རྣམས་མགྲིན་གཅིག་བསྡེབས་ནས་མ་ལ་སྨྲས་པ། ཁྱོད་ཀྱིས་དེ་སྔར་ཡང་འདི་ཀ་བཞིན་དུ་བྱས་པས་ངེད་རྣམས་སྐྱིད་དུ་མ་སྟེར། ད་ཡང་ཁྱོད་ཀྱིས་བཟའ་ཚོལ་བ་རྟ་མི་ཡོང་སྟེང་ངེད་ཀྱིས་བསགས་པ་རྣམས་ཀྱང་མེད་པར་བྱས་པས་འདི་ཐོན་ཅིག་བྱས་ནས་ཁྱིམ་ནས་བཏོན་པར་གྱུར་ཏོ། །དེ་ནས་རྒན་མོ་དེ་ཁ་ཆེའི་ཡུལ་ནས་ནུབ་ཕྱོགས་ཨོ་རྒྱན་དུ་ཕྱིན་པ་དང་། ཨོ་རྒྱན་ཀྱི་མི་རྣམས་ནི། ཕོ་སྐྱེས་ཐམས་ཅད་དཔའ་བོ། །མོ་སྐྱེས་ཐམས་ཅད་དཔའ་མོ་ཤ་སྟག་ཏུ་


PS001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ལ། དེར་ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་བར་འདུག་སྐད། དུས་དེར་འབྲས་བཙའ་བ་དང་འཛོམ་ནས་འབྲས་བསྒྲུབས་པས་ཁལ་ཅིག་རྙེད། དེ་གྲོང་ཁྱེར་གཅིག་ཏུ་ཁྱེར་ནས་ཆང་ཚོང་མ་བྱས་སོ། །དེའི་དུས་ན་ཨོ་རྒྱན་གྱི་ནགས་ཁྲོད་དུ་སློབ་དཔོན་བིར་ཝ་པ་ཞེས་ཀྱང་བྱ། ཨ་ཝ་དྷུ་ཏི་པ་ཞེས་ཀྱང་བྱ་བ་དེ། ཕྱག་རྒྱ་ཨ་ཝ་དྷུ་ཏི་མ་དང་གཉིས་འགྲོགས་ནས་གསང་སྤྱོད་མཛད་ཀྱིན་ཡོད་པ་ལས། རྣལ་འབྱོར་མ་དེས་དུས་རྟག་ཏུ་ཆང་ཉོར་ཕྱིན་ནོ། །དེ་ནས་མ་རྒན་མོ་ཆང་ཚོང་མ་དེ་ལ་སྐབས་སུ་ཆང་ཉོས་པས་ཆང་གཞན་ལས་ཞིམ་པ་ཤ་སྟག་གཙོངས་སོ། །དེར་རྒན་མོས། རྣལ་འབྱོར་མ་ཁྱོད་ཆང་ཉོ་ནས་སུ་ལ་ཁྱེར་བྱས་པས། རྣལ་འབྱོར་མས་སྨྲས་པ། ཡ་ཀི་ནགས་ཁྲོད་ན་རྣལ་འབྱོར་པ་བཟང་པོ་གཅིག་བཞུགས་པས་དེ་ལ་འདྲེན་པ་ཡིན་བྱས་པ་དང་། རྒན་མོས་སྨྲས་པ། འོ་ན་ཁྱོད་ཀྱིས་ཆང་རིན་མི་འདོད་ཟེར་འབྲས་ཆང་ཉིང་སིང་བྱས་ཀྱིན་བསྐུར་རོ། །དེར་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཆང་རིན་མི་དགོས་པའི་ཆང་ཤ་སྟག་འོང་


PS001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་ལྟར་བྱས་པ་ཡིན་གསུང་པ་དང་། དེ་སྔའི་ཆང་ཚོང་མ་དང་མི་འདྲ་བའི་དད་པ་ཅན་གཅིག་འདུག་སྟེ། ང་ཡི་བླ་མ་བཟང་པོ་གཅིག་ནགས་ཁྲོད་ན་ཡོད་པ་ཡིན་ཏེ། དེ་ལ་ཁྱེར་བ་ཡིན་བྱས་པས། ཆང་ཚོང་མ་དད་པ་སྐྱེས་ནས་བསྐུར་བ་ཡིན་བྱས་པས་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ། ད་ཅི་ནས་ཀྱང་རྒན་མོ་དེ་ངས་ཁམས་གསུམ་འཁོར་བ་ནས་འདོན་དགོས་གསུངས་པས་རྣལ་འབྱོར་མ་དེས་རྒན་མོ་ལ་ཁྱེད་འདོང་ངམ་བྱས་པ་དང་། རྒན་མོ་དེ་ཤིན་ཏུ་མོས་ཏེ། འབྲས་ཆང་བུམ་པ་གང་དང་ཕག་ཤ་བཅས་ཁྱེར་ནས་མཇལ་དུ་ཕྱིན་ནོ། །དེ་ནས་བིར་ཝ་པས་དུས་དེ་ཉིད་དུ་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་དབང་བཞི་རྫོགས་སུ་བསྐུར། བསྐྱེད་རྫོགས་གསང་སྒྲུབ་དང་བཅས་པ། དབང་གི་ཕྲིན་ལས་བཅས་གསུངས་པས་དུས་དེ་ཉིད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། དེ་ཡང་བུ་ཁྱོད་རྣམས་ཀྱིས་ཁ་ཆེའི་ཡུལ་ནས་བཏོན་པའི་དུས་སུ་ལྔ་བཅུ་ང་དགུ་ལོན། ཨོ་རྒྱན་དུ་ཕྱིན་ནས་ཆང་ཚོང་མ་བྱས་ནས་ལོ་དྲུག་ཅུ་ཐམ་པ། བིར་ཝ་པ་དང་མཇལ་ནས་དབང་ཞུས་པའི་དུས་སུ་དྲུག་ཅུ་རྩ་གཅིག་ལོན་ནོ། །དེར་ནུབ་གཅིག་ལ་གྲུབ་པ་ཐོབ་པའི་སྟོབས་ཀྱིས་དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་གྱི་ལུས་དེ་རང་དག་ལ་སོང་ནས་འཇའ་ལུས་སུ་གྱུར་ཏེ། གཞོན་ནུ་


PS001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཚོ་དར་ལ་བབས་པ་སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ། བཅུ་དྲུག་ལོན་པའི་ན་ཚོད་ལྟར་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ཤིང་རྟ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་བཞུགས་པ་རྫུ་འཕྲུལ་དང་ལྡན་པའི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་བྱ་བར་གྱུར་ཏོ། །དེ་ཡང་མཁའ་འགྲོ་མ་དེ་བཅོམ་ལྡན་འདས་བདག་མེད་མ་དངོས་སུ་གྱུར་ཏེ་བིར་ཝ་པའི་གསང་ཡུམ་མཛད་དོ། །ད་ལྟ་ཡང་འདས་གྲོངས་མི་མངའ་བར་ཁམས་གསུམ་གྱི་སེམས་ཅན་ལ་ཡེ་ཤེས་ཀྱི་གཟིགས་པ་དུས་དྲུག་ཏུ་འཇུག་གོ། །དེས་ཀྱང་ཁྱད་པར་སྣང་བ་དག་པ་རྣམས་ལ་ཆོས་གསུངས། གསང་སྒྲུབ་ཉམས་སུ་ལེན་པ་རྣམས་དང་གསོལ་བ་འདེབས་པ་རྣམས་ལ་དངོས་སུ་བྱིན་གྱིས་རློབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བྱེད་དོ། །དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེའི་རྣམ་ཐར་དང་། མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་མོས་པར་གྱུར་ཏོ། །དད་པའི་ས་བོན་གཏིང་ནས་གཡོས་ཏེ་བདག་ཁྱུང་པོ་རྣལ་འབྱོར་པས་རྒྱ་གར་གྱི་ཕྱོགས་ཐམས་ཅད་ཚོལ་དུ་ཕྱིན་པས་


PS001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་སྨན་གྱི་ནགས་ཀྱི་སྟེང་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་ན་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་རྒྱངས་མ་ནས་མཐོང་ངོ་། །གསེར་སྲང་ལྔ་བརྒྱ་ཕུལ་ནས་ཡང་དག་པའི་གདམས་པ་ཞུས་པས། ཐུན་མོང་མ་ཡིན་པ་གསང་སྒྲུབ་ཀྱི་དབང་བཞི་རྫོགས་སུ་བསྐུར། གསང་སྒྲུབ་ཀྱི་བསྐྱེད་རྫོགས་ཆོས་དྲུག་འདུ་བ་རྣམ་གསུམ་ཞལ་གདམས་དང་བཅས་པ་དང་། ཁྱད་པར་ལོ་ཟླ་ཙམ་གྱིས་སངས་རྒྱ་བའི་གནད་ཁྱད་པར་ཅན་བདེ་བ་འབྱུང་བ་དང་། མ་རྒྱུད་ཀྱི་གནད་མ་ལུས་པ་གནང་ངོ་། །བདག་གི་རྩ་བའི་བླ་མ་ནི་གུ་མ་དང་། རཱ་ཧུ་ལ་དང་སྦས་པའི་རྣལ་འབྱོར་དང་སུ་ཁ་སིདྡྷི་སྟེ་བཞི་ལས། ཁྱད་པར་དུ་དྲིན་ཆེ་བའི་བླ་མ་ནི་སུ་ཁ་སིདྡྷི་འདི་ཡིན་ནོ། །དེ་ཡང་དང་པོ་དྲིན་ཆེ་སྟེ་ལུང་མང་པོ་བསྟན། བར་དུ་དྲིན་ཆེ་སྟེ་གསང་ཡུམ་མཛད་ནས་དབང་ཐམས་ཅད་མ་ལུས་པར་ཐོབ་བོ། ཐ་མ་དྲིན་ཆེ་སྟེ་དབང་ལག་ལེན་ཞལ་གདམས་བཅས་པ་གནང་ངོ་། །དེ་ཡང་བདག་ལ་ནི། རྒྱ་བོད་ཐམས་ཅད་དུ་འདུ་འབྲལ་མེད་པར་གསུངས་པས་


PS001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དྲིན་ཆེ་བའོ། །ཕྱི་རབས་ཀྱིས་ཀྱང་གསང་སྒྲུབ་འདི་ཉམས་སུ་བླངས་ནས་སྒྲུབ་པར་བྱའོ། །ཞེས་གསུངས་སོ། །བླ་མ་རྨོག་ལྕོག་པའི་ཞལ་ནས། སྡིངས་མར་སྒྲུབ་པ་མཛད་པའི་དུས་སུ་ཡང་སུ་ཁ་མ་སིདྡྷི་བྱོན་ནས། ལུང་བསྟན་མང་པོ་མཛད། དེ་ནས་བཟུང་ནས་འདུ་འབྲལ་མེད་གསུངས་སོ། །བླ་མ་སྐྱེར་སྒང་པའི་ཞལ་ནས། ངས་ལྷ་ས་འཕྲུལ་སྣང་དུ་ཕྱིན་དུས་སུ། སུ་ཁ་མ་སིདྡྷིས་རྫོགས་རིམ་གྱི་འཁྲུལ་འཁོར་དང་བཅས་ནས་ཆོས་གསུངས། དབང་བཞི་རྫོགས་སུ་བསྐུར། འདུ་འབྲལ་ནི་གཅིག་ཀྱང་མེད་གསུངས་སོ། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྐྱེར་སྒང་དུ་བྲག་ཁ་གཅིག་ཏུ་གྲོ་ཐོན་ནས་བསྡད་པས། དུས་དེ་ཉིད་དུ་སུ་ཁ་སིདྡྷི་ཞལ་མཐོང་། རིག་པ་རྟེན་མེད་དུ་ཞོག་དང་ལན་གསུམ་གསུངས། དེ་ནས་ད་ལྟ་ཡན་ཆོད་དུ་རྒྱུན་ཆད་མེད་པར་ཞལ་མཐོང་། དབང་བཞི་ཁྱད་འཕགས་ཀྱི་གདམས་པ་ཞུས། རྣམ་ཐར་སྒོ་གསུམ་ལ་དབང་བའི་རྣལ་འབྱོར་པ་ཡིན་བྱ་བ་ལ་སོགས་པའི་ལུང་བསྟན་མང་པོ་མཛད་དོ། །ཁྱེད་བུ་སློབ་རྣམས་ལོ་དང་ཟླ་བ་ཙམ་གྱི་


PS001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བར་འདོད་ན་གནས་དབེན་པ་བསྟེན་ལ་གསང་སྒྲུབ་འདི་ཉམས་སུ་ལོངས་ལ་སྒྲུབས་གསུངས་སོ། །དགེ་ལེགས་འཕེལ། །

བླ་མ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར།


PS001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་ཟུར་ཙམ་བཞུགས་སོ། །


PS001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་སཾ་བྷ་ར་མ་ཧཱ་མ་ཡ། ཧེ་བཛྲ་གུ་ཧྱ་ཡ་ས་མ་ཛཿབཛྲ་བྷེ་ར་ཝ་ཌཱ་ཀི་ནི། མ་ཧཱ་ཀཱ་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། ཁྱུང་པོ་རྣལ་འབྱོར་བདག་གིས་གུས་བཏུད་ནས། ཕྱི་རབས་བརྒྱུད་འཛིན་རྣམས་ལ་ཕན་པའི་ཕྱིར། རྣམ་ཐར་ཟུར་ཙམ་བཤད་ཀྱི་གུས་པས་ཉོན། བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། གཉེ་མོང་ར་མངས་རྗེ་རིགས་ཁྱུང་པོ་ཡིན། ཕ་རུ་སྨོས་


PS001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱུང་རྒྱལ་སྟག་སྐྱེས་དང་། །མ་རུ་སྨོས་པ་མགོ་གཟའ་བཀྲ་ཤིས་སྐྱིད། །དེ་ཡི་རུམ་དུ་བདག་ཉིད་ཞུགས་པའི་ཚེ། །ཕ་མ་ཡུལ་མི་བདེ་སྐྱིད་ལྡན་པར་གྱུར། །སྟག་གི་ལོ་ལ་མ་ཡི་རུམ་ནས་བཙས། །དེ་ཚེ་རྒྱ་གར་གྲུབ་ཐོབ་ཨ་མོ་གྷས། །འདི་ནི་སྤྲུལ་པའི་སྐུ་སྟེ་རྒྱ་གར་བགྲོད། །པཎྜི་ཏ་དང་གྲུབ་ཐོབ་ཐམས་ཅད་ཀྱི། །ཐུགས་བཅུད་བསྡུས་ནས་འགྲོ་རྣམས་སྨིན་གྲོལ་བྱེད། །སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་བར་འགྱུར། །ཐེག་ཆེན་སྙིང་པོ་མཐའ་བྲལ་ཆོས་སྒྲ་སྒྲོགས།


PS001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུགས་གསང་སྔགས་བདེ་སྟོང་དབྱེར་མེད་ཀྱི། སེངྒེའི་ང་རོ་ཕྱོགས་བཅུར་སྒྲོགས་པར་འགྱུར། དེ་ཡི་ལུས་ནི་བདེ་མཆོག་འཁོར་ལོ་སྟེ། གསུང་ནི་མ་ཧཱ་མ་ཡའི་བདག་ཉིད་འགྱུར། །ཐུགས་ནི་དཔལ་ལྡན་དགྱེས་པ་རྡོ་རྗེ་སྟེ། །སྤྲུལ་པའི་གནས་མཆོག་གསང་བ་འདུས་པ་ལ། །གསང་གནས་བདེ་སྐྱོང་གཤིན་རྗེའི་གཤེད་དུ་འགྱུར། །དཀྱིལ་འཁོར་དེ་རྣམས་ལུས་ལ་བཀོད་ནས་ཀྱང་། །གདུལ་བྱ་རྣམས་ལ་དངོས་སུ་སྟོན་པར་བྱེད། །གཞན་ཡང་ཡི་དམ་སྣ་ཚོགས་གཟུགས་བསྒྱུར་ནས། །གདུལ་དཀའི་སྐྱེ་བོ་དཔག་མེད་འདུལ་བར་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ་བར་འགྱུར། །དེ་ཡི་མཐར་ནི་མཛད་པ་བརྟུལ་བའི་ཚེ། །ལྟས་དང་རྫུ་འཕྲུལ་སྣ་ཚོགས་སྟོན་པར་འགྱུར། །དེ་ནས་ཞིང་ཁམས་རྣམ་དག་བདེ་བ་ཅན། །རྒྱལ་བ་ཀུན་བསྔགས་ཞིང་དེར་སངས་རྒྱས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཕྱི་རབས་དད་ལྡན་གདུལ་བྱ་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དེར་བགྲོད་པར་ཐེ་ཚོམ་མེད། །དེ་སྐད་


PS001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་བླ་མ་གྲུབ་ཐོབ་དེ། །མཁའ་ལ་བྱ་བཞིན་རྒྱ་གར་ཡུལ་དུ་གཤེགས། །ལོ་ལྔ་ལོན་ནས་ཕ་མས་ལུང་བསྟན་བཤད། །ལོ་བཅུ་ལོན་ནས་ཡིག་རྩིས་མཁས་པར་ཤེས། །བཅུ་གཉིས་ལོན་ཚེ་ཕ་མེས་བག་ཆགས་ཀྱིས། །སེམས་ཕྱོགས་བོན་བསླབ་རྫོགས་ཆེན་ཕྱག་ཆེན་བསླབས། །དེ་ནས་རིན་ཆེན་གསེར་ཕྱེ་ཕོངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་བཀའ་སྤྱད་ནས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཞིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམས་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཉིས། །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། །སྒྲོ་འདོག་ཆོད་ནས་རྩེ་གཅིག་བསྒྲུབ་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས་གཉིས་ཐོབ། །རྣམ་ཐར་མདོར་བསྟན་ཡིན་གྱིས་གུས་པས་ཉོན། །དེ་ལ་བདག་གི་སྐྱེས་


PS001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཉེ་མོ་ར་མང་། རུས་ཁྱུང་པོ། །ཕ་སྟག་སྐྱེས། མ་བཀྲ་ཤིས་སྐྱིད་དོ། །དང་པོ་བདག་སྐྱེས་མ་ཐག་དུ་གྲུབ་ཐོབ་ཨ་མོ་གྷ་བྱོན་ནས་དབང་བསྐུར། བློ་འཕེལ་གྱི་ཆོ་ག་མཛད་ནས། གོང་བཞིན་ལུང་བསྟན་ནས་རྒྱ་གར་དུ་གཤེགས་སོ། །དེ་ནས་ལོ་ལྔ་ལོན་པ་དང་། ཕ་མས་ལུང་བསྟན་བཤད། ལོ་བཅུ་ལོན་པ་དང་། ཀློག་དང་ཡི་གེ་བསླབ། རྒྱ་རྩིས་དང་དུས་འཁོར་མཁས་པར་ཤེས། །དང་པོ་ནས་ཕ་མེས་ཐམས་ཅད་བོན་པོའི་དགེ་བཤེས་ཡིན་པས་དེའི་ཞེན་པའམ། བག་ཆགས་ཀྱིས་ལོ་ངོ་བཅུ་གསུམ་ལ་སློབ་དཔོན་གཡུང་དྲུང་རྒྱལ་ལ། བོན་ཕྱི་ནང་ཐམས་ཅད་བསླབ་པས་མཁས་པར་ཤེས། ཀ་པ་ལི་འགྲེམས་པའི་ཚོགས་པ་བདུན་བརྒྱ་ཙམ་བྱུང་ནས་སྒྲུབ་ཐབས་དང་། བསྟན་བཅོས་དང་། དཀའ་འགྲེལ་མང་པོ་བརྩམ་སྟེ་དབུས་གཙང་ཁམས་གསུམ་དུ་བོན་གྱི་བསྟན་པ་དར་བར་བྱས་པས། བོན་ལ་མཁས་ཤིང་གྲུབ་ཐོབ་ཏུ་གྱུར། སློབ་མ་ཡང་མཁས་པ་མང་དུ་ཐོན། ཁྱད་པར་དུ་ཡང་རོང་པོ་དགེ་བ་རྒྱལ་


PS001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁམས་སུ་བོན་དར་བར་བྱས་ཏེ་རྟ་དང་། དངུལ་བྲེ་ལ་སོགས་པ་བརྒྱ་ཕྲག་བཅུ་གསུམ་ཕུལ་ཏེ་བོན་གྱི་ཟབ་དོན་ཐམས་ཅད་དབང་བོ་རབ་འབྲིང་ཐ་གསུམ་དུ་དྲིལ་བ་གཅིག་ཞུ་ཟེར་ནས། དབང་པོ་རབ་འབྲིང་ཐ་གསུམ་དང་། གནད་བདུན་གྱི་འགུར་བླངས་པས་རོངས་པོས་སྣ་དྲངས་པའི་སློབ་མ་ལྔ་བཅུ་རྩ་ལྔས་ལྟ་སྒོམ་གྱི་དོན་ཁོང་དུ་ཆུད། ལྷ་ཚོགས་མང་པོའི་ཞལ་མངོན་སུམ་དུ་མཐོང་ནས་ནུས་པ་ཕྱོགས་མེད་དུ་ཐོན་པས་བདག་རྩོད་མེད་དུ་གྱུར་ཀྱང་། བདག་ལ་ཐེ་ཚོམ་ཅུང་ཞིག་སྐྱེས་ཏེ། བོན་འདི་རྒྱ་གར་གྱི་པཎྜི་ཏ་དང་། ལོ་ཙཱ་བ་རྩོད་མེད་ཐམས་ཅད་ཀྱིས་བསྒྱུར་བ་ཡང་མི་འདུག །མི་ཐམས་ཅད་ཀྱིས་ཁྱོད་ཆོས་པར་མི་འདུག །བོན་པོར་འདུག་ཟེར་བས། ད་གྲུབ་ཐོབ་ཨ་མོ་གྷས་ལུང་བསྟན་པ་བཞིན་རྒྱ་གར་དུ་འགྲོ་དགོས་སྙམ་ནས། གསེར་སྲང་མང་པོ་གྲབ་བྱས་པས་ཕ་མ་གཉིས་ན་རེ། ངེད་གཉིས་རྒས་པས་མ་ཤི་བར་དུ་རྒྱ་གར་ལ་མ་འགྲོ་ཟེར་ནས་མ་བཏང་བས། བོན་གྱི་གྲ་བ་རྣམས་བུ་ཆེན་མཁས་པ་


PS001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏད་ནས་ཉན་བཤད་དང་སྒྲུབ་པ་ལ་བཙུད་དོ། །དེ་ནས་བླ་མ་འབྱུང་གནས་སེངྒེ་ལ། རྟ་དང་། དར་ཟབ་དང་། གསེར་མང་པོ་ཕུལ་ནས་རྫོགས་ཆེན་ཀློང་སྡེ། སེམས་སྡེ། མན་ངག་གི་སྡེ་རྣམས་བསླབ། ཁྱད་པར་དུ་སེམས་སྨད་བཅོ་བརྒྱད་ལ་གྲྭ་པ་སུམ་བརྒྱ་ཙམ་བྱུང་ནས་མཁས་པར་གྲགས་སོ། །དེ་ལྟར་ཕྱོགས་བཞིའི་གྲྭ་པ་འདུ་བདོ་པའི་དུས་སུ་བདག་གིས་བསམ་པས། རྫོགས་ཆེན་འདི་ལྟ་བ་དང་མཐོ་བར་འདུག་སྟེ། སྤྱོད་པ་ཐེས་རྡུག་པ་གཅིག་ལས་མི་འདུག་པས། ད་ལྟ་སྒོམ་སྤྱོད་གསུམ་འཛོམ་པའི་ཆོས་གཅིག་རྩལ་དགོས་སྙམས་ནས་གྲྭ་པ་རྣམས་བཞག་ནས་སྟོད་ལུང་ལ་ཡོང་། ལྷ་སར་བསྐོར། ཤོ་མ་རར་སྐོར་ནི་རུ་པའི་སྤྱན་སྔར་ཕྱིན་ནས། ཕྱག་རྒྱ་ཆེན་པོའི་རྩ་རྒྱུད་རབ་ཏུ་མི་གནས་པ། བཤད་རྒྱུད་བསམ་གྱིས་མི་ཁྱབ་པ། གསང་པ་གཉིས་སུ་མེད་པ། རྙོགས་པ་མེད་པ། མཚན་བརྗོད་དང་། དོ་ཧ་རྣམས་ཞུས། དགྲ་ནག་གི་རྒྱུད་སྒྲུབ་ཐབས་དང་བཅས་པ། འཇིགས་བྱེད་ཀྱི་རྒྱུད་


PS001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དང་བཅས་པ། ནི་རུ་པའི་སྐོར་གྱི་ཆོས་རྣམས་མ་ལུས་པ་ཞུས་སོ། །འབུལ་བ་དང་། ནན་ཆགས་དང་། ཉམས་ལེན་གྱིས་བླ་མ་ཤིན་ཏུ་མཉེས་ནས། བླ་མའི་ཞལ་ནས་ད་ལྟ་ང་ལ་ཉུངས་ཞོ་གཅིག་དང་མཉམ་པའི་གྲྭ་བ་ཡོད་ཀྱང་། ངའི་ཆོས་རྣམས་མ་ལུས་པར་ཤེས་པ་ཁྱུང་པོ་རྣལ་འབྱོར་ཁྱོད་ལས་མེད་དོ་ཡང་ཡང་གསུངས་སོ། །ད་ལྟར་ཆོས་རྣམས་མཁས་པར་བསླབ་ནས་ཆོས་ལ་མོས་པ་རང་བྱུང་ཡང་། ཐུན་མོང་གི་དངོས་གྲུབ་ཀྱི་ལྟས་གཅིག་ལ་ཅུང་མ་མོས་ནས། ད་ལྟ་བོད་ན་གྲུབ་ཐོབ་འདི་ལས་ཆེ་བ་མི་འདུག །བླ་མ་འདིས་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་ཅི་ཙམ་ཐོབ་མི་ཤེས་པར་འདུག་པས། ད་ཅི་ནས་ཀྱང་རྒྱ་གར་དུ་འགྲོ་དགོས་སྙམས་ནས་ཡུལ་དུ་ཕྱིན་ཏེ། སྲུ་མོ་གཟའ་མི་གཉིས་ལ་བུ་མེད་པར་ལོངས་སྤྱོད་ཆེན་པོ་ཡོད་ནས། གསེར་གཡུ་སྐྱིས་པས་རྒས་པོ་ན་རེ། ཁྱོད་མི་ངན་ཡིན། དང་པོ་བོན་དང་རྫོགས་ཆེན་གྱི་གྲྭ་པ་ཞབས་ཏོག་ཅན་དེ་རྣམས་བསྐྱུར་ནས། ད་འཁོར་དང་ལོངས་སྤྱོད་གཉིས་ཀ་མེད་པ་གཅིག་བྱུང་འདུག་ཅིང་ད་གསེར་


PS001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་སྐྱིས་ནས་སྐྱིན་པ་ནམ་ཡོང་ཟེར་ནས་མ་བཏང་བས། སྲུ་མོ་ན་རེ། ཁྱོད་ལ་སྐྱིན་པ་མི་འདོད་ཅིང་གཡུ་གསེར་ཞོ་བཅུ་གཅིག་རི་བ་འདི་འབུལ། ངེད་གཟའ་མི་གཉིས་ལ་ཕན་ཐོག་པའི་ཆོས་ཅིག་སྐྱོལ་གཅིག་ཟེར་རོ། །དེ་ནས་ཞིང་བཙོངས་པ་དང་། སྔར་གྱི་གྲྭ་པས་གསེར་ཕུལ་བ་རྣམས་ལ་སྲང་བཅུ་བྱུང་། གཡུ་དེ་ལ་སྟོད་དུ་བཙོངས་བས་གསེར་མང་པོ་ཁུག་པ་རྣམས་ཁྱེར་ནས་བལ་པོར་ཕྱིན་པ་དང་། པཎྜི་ཏ་བྷ་སུ་ན་མ་ཏི་དང་མཇལ་ནས་གསེར་སྲང་གསུམ་ཕུལ་ནས། བིད་པ་ཏ་བསླབ། གསང་བ་སྤྱི་རྒྱུད་ཀྱི་དབང་ཞུས་ནས། ཀྲི་ཡ་དཔུང་བཟང་དང་། རིག་པ་མཆོག་དང་། ལེགས་པར་གྲུབ་པ་དང་། དོན་ཡོད་ཞག་པ་ལ་སོགས་པ་ཀྲྀ་ཡའི་རྒྱུད་སྒྲུབ་ཐབས་དང་བཅས་པ་ལྔ་བཅུ་ཞུས། དེ་ནས་པཎྜི་ཏ་ཨ་ཐུ་ལ་བཛྲ་དང་མཇལ་ནས། ཁོང་གི་ཞལ་ནས་ཡང་ན་བལ་པོར་ལོ་གསུམ་སྡོད། ངས་ཆོས་བསླབ་ཀྱི། ཡང་ན་རྡོ་རྗེ་གདན་ན་སངས་རྒྱས་གཉིས་པར་ལུང་བསྟན་པའི་བླ་མ་རྡོ་རྗེ་གདན་པ་ཅན་དུ་འདེངས་ངས་སྐྱལ་ཅིག་གསུང་པ་ལ། ད་ཅི་ནས་རྒྱ་གར་དུ་འགྲོ་དགོས་སྙམས་


PS001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ༈ ཁོ་བོ་ཁྱུང་པོ་རྣལ་འབྱོར་གྱིས། །འཁོར་བའི་སྡུག་བསྔལ་མ་བཟོད་པར། །འཇིགས་སྐྲག་ཆེན་པོ་གཏིང་ནས་སྐྱེས། །འཁོར་བ་མཐའ་མེད་འདི་འདྲ་བ། །སྐྱེ་འཆིའི་སྡུག་བསྔལ་དཔག་ཏུ་མེད། །ངན་སོང་སྡུག་བསྔལ་བསམ་མི་ཁྱབ། །འཆི་བས་མི་འཇིགས་སྐྱེ་བས་འཇིགས། །སྐྱེ་པ་ལས་ཀྱི་རྗེས་སུ་འབྲངས། །རང་དབང་མེད་པར་འཁོར་བར་འཁྱམ། །བདག་དང་སེམས་ཅན་ཐམས་ཅད་ཀྱང་། །ཅིས་ཀྱང་མི་ཕན་འཆི་ངོ་ཤེས། །ནམ་ཡང་འཆི་བ་འདི་འདྲ་ལ། །ཆོས་ཕྱིར་སྲོག་ནི་བཏང་སྙམས་ནས། །ལུས་དང་སྲོག་ལ་མ་བལྟས་ཏེ། །བལ་ཡུལ་ཙམ་ལ་མ་བལྟོས་པར། །སངས་རྒྱས་སྟོང་གི་འབྱུང་གནས་པ། །སྟོན་པ་མངོན་པར་སངས་རྒྱས་པའི། །རྡོ་རྗེ་གདན་དུ་ཚངས་ཀྱིས་ཕྱིན། །རྒྱལ་བ་ཐུབ་པ་ཆེན་པོ་ཡིས། །སངས་རྒྱས་གཉིས་པར་ལུང་བསྟན་པའི། །དཔལ་ལྡན་རྡོ་རྗེ་གདན་པ་དང་། །དངོས་སུ་ཞལ་མཇལ་དཀོན་


PS001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །གུ་ལང་གསེར་སྲང་ལྔ་བརྒྱ་ཕུལ། །སངས་རྒྱས་དངོས་དང་མཇལ་སྙམས་ནས། །བ་སྤུ་ལྡང་ཞིང་འཆི་མ་འཁྲུགས། །མོས་གུས་ཆེན་པོ་གཏིང་ནས་སྐྱེས། །གུས་པས་ཐལ་སྦྱར་འདི་སྐད་ཞུས། །བསྟན་པའི་རྩ་བ་དགེ་སློང་གི། །མཁན་པོ་མཛད་ནས་འདུལ་བ་ཞུ། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། །ཐེག་པ་ཆེན་པོའི་ཆོས་རྣམས་ཞུ། །སྨིན་བྱེད་གསང་སྔགས་དབང་བསྐུར་ནས། །གྲོལ་བར་བྱེད་པའི་བསྐྱེད་རྫོགས་ཞུ། །དེ་སྐད་བདག་གི་གསོལ་བཏབ་པས། །དཔལ་ལྡན་རྡོ་རྗེ་གདན་པ་ཡིས། །དགྱེས་པའི་འཛུམ་བསྟན་འདི་སྐད་གསུངས། །སྲིན་པོ་གདོང་དམར་མཐའ་འཁོབ་ཡུལ། །ལོག་ལྟས་རྒྱུད་འཁྲུགས་ཐེ་ཚོམ་ཅན། །སྣ་ཚོགས་ཆོས་ཚོལ་བསྒྲུབ་མི་ནུས། །རང་མ་སྨིན་པར་གཞན་དོན་བྱེད། །གཅིག་ལ་གཅིག་སྨྲ་ཕྲག་དོག་ཅན། །མི་ནག་ཆོས་ཀྱི་ལོ་རྒྱུས་མཁན། །དེ་ལྟ་བུ་ཡི་རྒྱལ་ཁམས་ན། །དད་ལྡན་སྐྱེ་འཆིའི་འཇིགས་པ་ཡིས། །སྙིང་སྟོབས་ལྡན་པའི་སྐྱེས་བུ་ཁྱོད། །མ་


PS001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་དམ་ཆོས་ཚོལ་བའི་ཕྱིར། །སྲོག་ལ་མི་ཕོངས་བཀའ་སྤྱད་ནས། །རྒྱ་གར་ཡུལ་རྣམས་བགྲོད་བྱེད་པའི། །སྐལ་ལྡན་ཁྱུང་པོ་རྣལ་འབྱོར་ཁྱོད། །སྔོན་ཚེ་བྱང་ཕྱོགས་གངས་ཅན་དུ། །ཉན་ཐོས་རྫུ་འཕྲུལ་དཔག་མེད་ལྡན། །རྫུ་འཕྲུལ་ཆེན་པོ་ཞེས་བྱར་གྱུར། །དེ་ཚེ་ལོག་བལྟ་མུ་སྟེགས་དང་། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །སྐྱེ་བོའི་ཚོགས་རྣམས་འདུལ་བར་བྱེད། །ཁྱོད་ནི་ཉན་ཐོས་ཚོགས་བསྐོར་ནས། །མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །རི་དང་ཆུ་ལ་ཐོགས་མེད་ཅིང་། །གཅིག་དང་དུ་མར་སྣང་བ་སོགས། །སྤྲུལ་པ་སྣ་ཚོགས་གཟུགས་འཆང་བའི། །དགྲ་བཅོམ་ཆེན་པོ་ཉིད་གྱུར་པས། །བདག་དང་རྒྱ་གར་མཁས་རྣམས་ཀྱིས། །ཁྱེད་ཀྱི་མཁན་པོ་བྱེད་མི་ནུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །གླང་རི་འོད་ལྡན་གསེར་མདོག་ཅན། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །སྤྲུལ་པ་བཞུགས་ཀྱི་དེར་སོང་ལ། །བསྙེན་པར་རྫོགས་པའི་མཁན་པོ་ཞུས། །ཡུལ་དབུས་མ་ག་རྡོ་རྗེ་གདན། །གནས་མཆོག་


PS001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་གཞན་རྣམས་སུ། །ཁྱོད་ཀྱི་ཇི་སྐད་ཞུས་པ་ཡི། །འདུལ་བ་ཕར་ཕྱིན་གསང་སྔགས་རྣམས། །ཇི་ལྟར་འདོད་བཞིན་བསྟན་པར་བྱའོ། །ཞེས་གསུང་སོ། །དེ་ནས་བདག་གི་དགེ་ཚུལ་གྱི་མཁན་པོ་ཞུས། །མིང་ཚུལ་ཁྲིམས་མགོན་དུ་བཏགས། །བླ་མ་རྡོ་རྗེ་གདན་པ་ཤངས་ཁྲག་ཤོར་ནས། །ཁྱུང་པོ་རྣལ་འབྱོར་ལས་སྤོ་མ་ནུས་སོ། །དེའི་དུས་སུ། བླ་མའི་ཞལ་ནས་ཁྱུང་པོ་ཛོ་ཀི་མ་ཧཱ་ཕ་ལ་ཕ་ལ་གསུངས་ནས། །ཐོག་མར་འདུལ་བ་ལུང་དང་། །བསྟན་བཅོས་མདོ་རྩ་གསུངས་སོ། །དེ་ནས་རྗེ་བཙུན་ཤྲཱིར་ཛྙཱ་ན་དེ་རི་མ་ལ་ཡར་བཞུགས་པའི་དྲུང་དུ་ཕྱིན་ཏེ། སེམས་བསྐྱེད་ཞུས་ནས་བྱམས་པའི་ཆོས་ལྔ་དང་། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་དང་། ཚད་མ་སྡེ་བདུན་ཞུས་སོ། །ཡང་བཻ་རོ་ཙ་ན་རཀྵི་ཏ་ལྷོ་ཕྱོགས་ཀོ་ས་ལ་ཡི་དུར་ཁྲོད་ནས་བརྡོལ་ནས་རྩ་ཡི་སྤྱིལ་པོ་ན། འཁོར་པཎྜི་ཏ་བཅུ་གསུམ་ལ་ཆོས་གསུངས་པ་དང་མཇལ་ནས། དེར་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་དང་། ཧེ་བཛྲ་ལྷ་བཅུ་གསུམ་དང་། འཁོར་ལོ་སྡོམ་པ་


PS001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཅུ་གསུམ་དང་། །མ་ཧཱ་མ་ཡ་ལྷ་ལྔ་དང་། །རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་དང་། ལྷ་ལྔའི་སྒོ་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབ་བོ། །ཡང་བཻ་རོ་ཙ་ན་རཀྵི་ཏ་ཛེ་ཏའི་ཚལ་ན་བཞུགས་པ་ལ། སངས་རྒྱས་ཐོད་པ་དང་སངས་རྒྱས་མཉམ་སྦྱོར་རྒྱུད་སྒྲུབ་ཐབས་དབང་དང་བཅས་པ་ཞུས་སོ། །རྡོ་རྗེ་གདན་པ་ཆེན་པོ་ལ། རྡོ་རྗེ་གདན་དུ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་དབང་བསྐུར་ཞུས་སོ། །དེ་ནི་རིན་ཆེན་རྒྱ་མཚོའི་རྩ་རྒྱུད་བཤད་བརྒྱུད་དང་། དཔལ་ལྡན་འབྲས་སྤུངས་ཀྱི་བྲེའུ་ནང་ན་ཇི་ལྟར་བཞུགས་པ་བཞིན་ནོ། ༈ །དེ་ལ་རྒྱུད་སྡེ་ཆེན་པོ་ལྔའི་དབང་དང་རྒྱུད་དང་སྒྲུབ་པའི་ཐབས། །གདམས་པའི་མཆོག་གི་ཁྱད་པར་ནི། །བདེ་བ་མཆོག་གི་གྲོལ་རྒྱུད་ལས། །རྒྱུ་ལམ་འབྲས་བུ་བསྟན་པ་ཡང་། །བདེ་བ་ཆེན་པོ་གྲུབ་བས་ན། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི། །བདེ་བ་སྒྲུབ་པ་ཉིད་ཡིན་ཏེ། །དཔལ་ལྡན་གསང་བ་འདུས་པ་དང་། །སྙིང་པོ་མ་ཧཱ་མ་ཡ་དང་། །ཡང་སྙིང་དགྱེས་པ་རྡོ་རྗེ་དང་། །དགའ་ཆེན་ཟ་ནུས་སྒྱུ་འཕྲུལ་ཆེ། །དཔལ་ལྡན་འཁོར་ལོ་


PS001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་དང་། །དྲག་པོ་རྡོ་རྗེ་འཇིགས་བྱེད་རྣམས། །མཐར་ཐུག་སྟོན་པ་ལྔ་པོ་ལ། །ཐབས་དང་ཤེས་རབ་གཉིས་ཀྱི་རྒྱུད། །ཟུང་དུ་འཇུག་པ་ཉིད་ཡིན་པས། །དང་པོ་སྨིན་ལམ་དབང་ལ་ཡང་། །ཕྱི་ནང་གསང་བ་ཉིད་ཡིན་ནོ། །ལམ་ལ་རིམ་པ་གཉིས་ཡིན་ཏེ། །བསྐྱེད་རིམ་དང་ནི་རྫོགས་རིམ་མོ། །བསྐྱེད་པ་སྣང་དང་རྫོགས་པ་སྟོང་། །དབྱེར་མེད་ཟུང་འཇུག་ཆུ་ཟླ་བཞིན། །རྫོགས་པ་རང་ལུས་གཞན་ལུས་དང་། །ཟུང་འཇུག་བདེ་སྟོང་དབྱེར་མེད་དོ། །འབྲས་བུ་མཆོག་དང་ཐུན་མོང་ངོ་། །ཐུན་མོང་ལས་བརྒྱད་གྲུབ་ཆེན་བརྒྱད། །མཆོག་ལ་སྐུ་བཞི་མཛད་པར་བཅས། །ལྷུན་གྲུབ་གང་འདུལ་རང་ཤར་རོ། །གང་ཟག་སྦྱངས་པའི་ལས་ཅན་གྱིས། །རྩེ་གཅིག་མ་ཡེངས་འབད་གྱུར་ན། །དམ་ཚིག་ལྡན་པས་ངེས་པར་ཐོབ། །རང་ལུས་ཐབས་ལྡན་ལམ་དང་ནི། །གཞན་ལུས་ལས་ཀྱི་ཕྱག་རྒྱའོ། །འདོད་ཡོན་ལམ་ཁྱེར་གནད་མཆོག་འདི། །བརྒྱུད་པ་མཆོག་གི་རིམ་པ་ཡང་། །སངས་རྒྱས་ལུང་བསྟན་ཐོབ་པ་ཡི། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། །འོད་


PS001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བསྟན་པས་གྲུབ་པ་བརྙེས། །ཀཾ་པ་ལ་ཞེས་བྱ་བ་དང་། །ཕྱག་རྒྱ་ཁྱི་རུ་སྤྲུལ་བྱེད་པའི། །ཀུ་ཀུ་རི་པ་ཆེན་པོ་དང་། །ཉ་ལྟོ་གསོལ་ཞིང་གྲུབ་པ་ཐོབ། །ལོ་ཧི་པ་ཞེས་གྲགས་པ་དང་། །ལྷག་པའི་ལྷ་ཡི་བྱིན་རླབས་པ། དཔལ་འཛིན་ཧ་རི་ཀེ་ལ་དང་། །དེ་དག་རྣམས་ལས་རིམ་བརྒྱུད་པ། །ཌོམྦྷི་པ་དང་ཀུ་སུ་ལུ། །མ་ཧཱ་བཛྲ་ལེགས་བསྡུས་ཏེ། །དཔལ་ལྡན་ཡེ་ཤེས་སྡེ་ཞེས་པ། །བཻ་རོ་ཙ་ན་རཀྵི་ཏ། །སུ་མ་ཏི་ཞེས་རྣལ་འབྱོར་དང་། །ཏ་ཐཱ་ག་ཏ་རཀྵི་ཏ། ཨ་མོ་གྷ་ནི་བཛྲ་དང་། དཔལ་ལྡན་རྡོ་རྗེ་གདན་པ་རྣམས། རིམ་གྱིས་བདག་ལ་བརྒྱུད་པའོ། །ཡང་། དཔལ་ལཱ་ལི་ཏ་བཛྲ། པདྨ་ཞབས། །ཨིཎྡྲ་བྷུ་ཏི་ཆུང་བ། །དཔལ་འཛིན་ཨ་མོ་གྷ་བཛྲ། བཻ་རོ་ཙ་ན་རཀྵི་ཏ་ནས་བརྒྱུད་པའི་དགྲ་ནག་དང་། །འཇིགས་བྱེད་རྟོག་པ་བདུན་པ་དང་། །སྒྲུབ་ཐབས་རྡོ་རྗེ་འོད་དང་། །རྟོག་པ་གསུམ་པ་དང་། གསང་བ་མཐའ་དྲུག་གི་གདམས་ངག་རྣམས་ཞུས་སོ། །རྡོ་རྗེ་གདན་པ་ལ་མི་གཡོ་བའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་།


PS001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མའི་རྒྱུད་གདམས་པ་དང་བཅས་པ་དང་། མཚན་བརྗོད་དབང་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། གསང་སྔགས་ཀྱི་རྗེས་སུ་ཡི་རང་དང་། སྒྲུབ་པའི་ལམ་རིམ་དང་། རྩོད་པའི་ལམ་རིམ་དང་། །གཞན་ཡང་བྱ་བའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། སྤྱོད་པའི་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་རྣམས་ཞུས་སོ། །ཁ་ཆེ་དགོན་པ་བ་དང་། །རྡོ་རྗེ་གདན་པ་ལ་རྡོ་རྗེ་ས་འོག་དང་། །འབྱུང་པོ་འདུལ་བྱེད་དང་། །གར་མཁན་མཆོག་དང་། །གནོད་སྦྱིན་ཤིང་ཏའི་རྒྱུད་དང་། །རྣམ་སྲས་ཞི་བ་དང་དྲག་པོ་རྣམས་ཞུས་སོ། །དེ་ནས་བླ་མ་རིན་པོ་ཆེ་རི་མ་ལ་ཡ་ཡི་རྩེ་ན་བཞུགས་པ་ལ་གསེར་སྲང་བཅུ་གསུམ་ཕུལ་བའི་ཚེས་བཅུའི་མཆོད་པ་བྱས་པའི་ཐོ་རང་ཀྱི་ཚེ་ན། ༈ །མཁའ་ལ་མེ་ཏོག་ཆར་བཞིན་བབས། །དཔའ་བོ་མཁའ་འགྲོས་བར་སྣང་ཁེངས། །སྒྲ་དང་འོད་དང་འཇའ་ཚོན་འཁྲུགས། །ལྷ་རྣམས་མཆོད་པ་འབུལ་བའི་ཚེ། །རྡོ་རྗེ་གདན་པས་འདི་སྐད་གསུངས། །རིགས་ཀྱི་བུ་ཁྱོད་བོད་དུ་སོང་། །གདུལ་བྱ་ཁ་བ་ཅན་ལྗོངས་


PS001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །སེམས་ཅན་མང་པོ་གྲོལ་བྱེད་ཅིང་། །ཕྱི་མའི་ཚེ་ན་ཆོས་འདི་རྣམས། །ཁྱོད་ཀྱི་རྒྱུད་འཛིན་རྣལ་འབྱོར་པ། །གཅིག་གིས་དར་བར་བྱེད་པར་འགྱུར། །ཆོས་འདི་རྣམས་ཀྱི་བཀའ་ཐོབ་ཅིང་། །ཕན་སེམས་ལྡན་པ་དེ་ཡིས་ནི། །གང་བྱུང་རྒྱལ་སྲས་མ་ནོར་སྟོན། །རབ་ཏུ་མི་གནས་ས་ལ་སྦྱོར། །རིམ་གྱིས་དོན་རྟོགས་མང་དུ་འབྱུང་། །གྲུབ་མཐའ་གཞུང་ཆེན་བཞི་ཉིད་ལས། །མཚན་ཉིད་ཐེག་དང་རྡོ་རྗེ་ཐེག །ཁྱད་པར་རྣམ་པར་འབྱེད་པ་ཡིན། །རྒྱུ་དང་འབྲས་བུའི་ལམ་བྱེད་པ། །མངོན་སུམ་རྗེས་དཔག་རིམ་པ་ཡིས། །གཏན་ཚིག་ཆེན་པོ་བཞི་ལ་ནི། །མཚན་ཉིད་གསུམ་གྱིས་གཏན་ལ་འབེབས། །དེ་ནི་རྩོད་པའི་ལམ་རིམ་མོ། །ཕ་རོལ་ཕྱིན་དང་གསང་བ་སྔགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཐུན་མོང་ལམ་ལྔ་ཁྱད་པར་གཉིས། །ཞར་སྤྱད་དོན་བསྡུས་ལམ་བྱེད་པ། །སྒྲུབ་པའི་རིམ་པ་ཞེས་བྱའོ། །དེ་དག་ལམ་རིམ་གཉིས་པའོ། །དེ་ཉིད་མཐོང་ལམ་ཞེས་བྱའོ། །ལྟ་བ་ངན་པས་མ་གོས་པའི། །ཡེ་ཤེས་མངོན་དུ་བྱེད་པའི་ལམ། །མཐའ་དང་


PS001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་དོན་ཉིད་ནི། །ཟུང་དུ་འཇུག་པ་སྟོན་པ་དག །དབུ་མ་ཆེན་པོ་ཉིད་དུ་འཇུག །ཞི་གནས་ལྷག་མཐོང་ཏིང་ངེ་འཛིན། །གོང་ནས་གོང་དུ་ལམ་སྦྱོང་བ། །སེམས་ཀྱི་ལམ་མཆོག་ཞེས་བྱར་བསྟན། །ང་དང་འདྲ་བར་ཁྱོད་ཀྱིས་རྟོགས། །རྒྱལ་བའི་ལུང་བསྟན་བདག་གིས་ཐོབ། །ཁྱོད་ཀྱང་འདི་ནས་སངས་རྒྱས་ཤིང་། །བདེ་བ་ཅན་དུ་འགྲོ་བར་འགྱུར། །རྩོད་ལྡན་གདུལ་དཀའི་སེམས་ཅན་ལ། །སྐྱོ་བ་མ་བྱེད་བྱང་སེམས་སྒོམས། །བདེ་མཆོག་རང་བྱོན་དཀྱིལ་འཁོར་གྱི། །ས་རུ་གདུལ་བྱ་ཁྲི་ཕྲག་འབྱུང་། ཞེས་ལུང་བསྟན། དེ་ནས་ཆུ་བོ་གངྒཱའི་འགྲམ་དུ་རྒྱལ་བ་མཻ་ཏྲི་པའི་སློབ་མ། ཞིང་གི་རྡོ་རྗེ། མི་མཉམ་རྡོ་རྗེ། རིན་ཆེན་རྡོ་རྗེ་ཏེ་རྡོ་རྗེ་མཆོད་གསུམ་གཤིན་རྗེ་གཤེད་བསྒྲུབས་ནས་ལས་སྦྱོར་བྱེད་པ་དང་མཇལ་ནས། གསེར་སྲང་རེ་རེ་ཕུལ་ནས་གཤིན་རྗེ་གཤེད་ཀྱི་དབང་ཞུས། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་སྒྲུབ་ཐབས་དང་། བ་སྒྲོལ་ཞུས་ནས། ཟླ་བ་བདུན་དེ་ཉིད་དུ་བསྒྲུབས། དང་པོ་གཤིན་རྗེ་གཤེད་དམར་པོ་ཞལ་མཐོང་། དེ་ནས་ནག་པོའི་ལྷ་ཚོགས་ཐམས་ཅད་ཀྱི་


PS001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་མཐོང་། དེ་ནས་དཱེ་ཝི་ཀོ་ཊིར་ཌཱ་ཀི་མ་ཀ་ན་ཀ་ཤྲི་ལ། སམ་བུ་ཊའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། རྫོགས་རིམ་དེ་ཁོ་ན་ཉིད་ཡང་དག་བསྡུས་པ་དང་། དཔལ་མཆོག་དྲ་བ་སྡོམ་པ་རྒྱ་མཚོ་དང་། ཡེ་ཤེས་རྒྱ་མཚོ་དང་། ཡེ་ཤེས་མངོན་བྱུང་དང་། དམ་ཚིག་བཀོད་པའི་རྒྱུད་རྣམས་ཞུས་སོ། །དེ་ནས་བྲམ་ཟེ་རཏྣ་ཕ་ལ་ལ་གཤིན་རྗེ་གཤེད་ཞུས་པས། ཁྱེད་ལ་གཡུ་འབུལ་བའི་སྲུ་མོ་གཟའ་མི་གཉིས་ལ་མེད་ཚོལ་དང་། ལྟེ་བསྒྱུར་འདི་སྐྱོལ་དང་བུ་འབྱུང་ངོ་ཞེས་ལུང་བསྟན་ནས་བོད་དུ་འོང་བས། དཔལ་མོ་དཔལ་ཐང་དུ་དགྲ་བྱུང་ནས། ར་སྒྲོལ་གྱི་ལས་སྦྱོར་བྱས་པས། ཟན་གྱི་ར་འགྲོ་ཤེས་པ་བྱུང་། དེ་ལ་བསད་སྔགས་བརྒྱབ་པས་ར་ཁྲག་སྐྱུག་ནས་ཤི་བ་དང་། ཇག་པ་རྣམས་ཁྲག་སྐྱུག་ནས་ཤིའོ། །ཡང་ལན་གཅིག་ཇག་པ་བྱུང་བ་ལ། སྡིགས་འཛུབ་བསྟན་པས་རེངས་པ་དང་། བརྒྱལ་བ་དང་ཁྲག་སྐྱུག་པས་མཐུ་དང་ནུས་པའི་གྲགས་པ་ཆེན་པོ་བྱུང་ངོ་། །དེ་ནས་ཡུལ་དུ་སྲུ་མོ་གཟའ་མི་གཉིས་


PS001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེད་ཚོལ་དང་ལྟེ་བསྒྱུར་བསླབ་པའི་ཐོ་རངས་ལྷ་མོ་དཀར་མོ་གཅིག་བྱོན་ནས། ཁྱོད་ཀྱིས་མེད་ཚོལ་འདིས་བུ་གསུམ་འབྱུང་བར་འགྱུར་རོ། །བུ་ཆེ་བ་ལ་ཤངས་པ་མགོན། འབྲིང་པོ་ལ་ཤངས་པ་དང་། ཆུང་བ་ལ་ཤངས་ཆུང་ཐོགས་ཤིག །ཁྱོད་བླ་མ་ཤངས་པར་གྲགས་པའི་དུས་སུ་བུ་སྤུན་གསུམ་པོ་འདི་རྩ་བའི་ཡོན་བདག་ཏུ་འགྱུར་རོ། ལོ་རེ་བཞིན་དུ་ནས་སྟོང་ཚོ་གསུམ་གསུམ་དང་གསེར་གཡུ་རྟ་ཁྲབ་ལ་སོགས་པའི་ཞབས་ཏོག་བྱེད་པར་འགྱུར་རོ་གསུངས་ནས། ཁོང་གི་ལྡིང་ཁོང་གི་ལོག་ལ་བུ་སྤུན་གསུམ་གྱི་མིང་བྲིས་ནས་བཞག་པས། ལོ་གསུམ་ལ་བུ་གསུམ་བྱུང་ནས་བདག་གི་རྩ་བའི་ཡོན་བདག་ཏུ་གྱུར་ཏོ། །དེ་ནས་སྔར་གྱི་སློབ་མས་ལོངས་སྤྱོད་ཆེན་པོ་ཕུལ་བ་རྣམས་གསེར་དུ་བསྒྱུར། གུ་ལང་གི་གསེར་ཁ་རྡོལ་བ་དང་འཕྲད་ནས་གསེར་སྲང་སྟོང་ཕྲག་ལག་ཏུ་བྱུང་། མང་ཡུལ་གྱི་གྲོང་དུ་སློབ་མས་སྐྱར་ནས་དབང་ཞུས། གསེར་སྲང་མང་པོ་ཕུལ་ལོ། །དེ་ནས་བལ་པོར་ཕམ་མཐིང་པ་ལ་བདེ་མཆོག་རྩ་རྒྱུད་དང་གདན་བཞི་ཞུས་ནས་རྒྱ་གར་དུ་ཕྱིན་ཏེ།


PS001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྡོ་རྗེ་གདན་པ་ལ་གསེར་སྲང་བརྒྱ་ཕུལ་བས། བླ་མའི་ཞལ་ནས། ནཱ་རོ་པའི་སློབ་མ་དྷ་ཆེན་པོ་ལ་ཆོས་ཞུས་ཤིག་གསུངས་ནས་ལུང་བསྟན་ཏེ། བླ་མ་དྷ་ཆེན་པོ་ཤྲཱི་ན་ལེནྟྲ་ན་བཞུགས་ཙ་ན། དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོ་དང་། ངན་སོང་སྦྱོངས་རྒྱུད་ལ་སོགས་པ་དང་། གསང་བ་འདུས་པ་འཕགས་སྐོར་རྣམས་དང་། དགྱེས་རྡོར་རྣམས་དང་། གདམ་ངག་མང་དུ་ཞུས་སོ། ཡང་སུ་མ་ཏི་ཀི་རྟི་ཆེན་མོ་ལ། བདེ་མཆོག་རྩ་རྒྱུད་དང་། ནག་པོ་པའི་ཆོས་དྲུག་ལ་སོགས་པ་བདེ་མཆོག་མང་དུ་ཞུས། ཤར་ལྗོན་ཤིང་ཀུ་ཤའི་ཚལ་དུ། དཔལ་དྷརྨ་ཕ་ལ་ལ་ཕྱག་རྒྱ་ཆེན་པོ་གསང་བ་གྲུབ་པ་ཞུས་སོ། །རྗེ་ན་ཏེ་གྷནྡ་པ་ལ། ཤར་བི་ཀྲ་མ་པུ་རི་ན་བཞུགས་པ་ལ་ཡེ་ཤེས་གྲུབ་པ་དང་དབང་རིན་པོ་ཆེ་འཁོར་ལོ་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་དང་། ཡེ་ཤེས་དགོངས་པ་བླ་ན་མེད་པ་ལ་སོགས་པའི་རྒྱུད་གདམས་ངག་མང་དུ་ཞུས་སོ། །རྗེ་བཙུན་མ་རིན་ཆེན་ལྷ་མོ་ཀམ་ཀ་ཏ་ཡི་གྲོང་ཁྱེར་ན་བཞུགས་པ་ལ། ཕྱག་རྒྱ་ཆེན་པོ་སྙིང་པོའི་སྐོར་


PS001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཞུས། ཀུ་ཀུ་རི་པའི་སློབ་མ་གྲུབ་ཐོབ་ཉི་མའི་སྙིང་པོ་ཛ་ལནྡྷ་རའི་དུར་ཁྲོད་དུ་བཞུགས་པ་ལ། ཀུ་ཀུ་རི་པའི་ཆོས་བདུན་དང་། རྗེ་བཙུན་མའི་སྒྲུབ་ཐབས་མང་དུ་ཞུས། བླ་མ་མཻ་ཏྲི་པ་ལྷོ་ཕྱོགས་འོད་མའི་ཚལ་ན་བཞུགས་པ་ལ། ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ལ་སོགས་པའི་རྒྱུད་ལྔ་དང་། དོ་ཧ་དང་། ཕྱག་རྒྱ་ཆེན་པོ་དག་པ་ཡེ་ཤེས་དང་། སྐུ་གསུམ་ལམ་ཁྱེར་ལ་སོགས་པའི་གདམ་ངག་མང་དུ་ཞུས། ཡང་དགྱེས་རྡོར་དང་མཚན་བརྗོད་ལ་སོགས་རྒྱུད་བསྒྲུབ་ཐབས་མང་དུ་ཞུས། ཡང་མཻ་ཏྲི་པ་ཀོ་ས་ལ་བྷི་ཀྵའི་དུར་ཁྲོད་ཆེན་པོ་ན་བཞུགས་པ་ལ་གསེར་སྲང་བདུན་ཕུལ་ནས། བོད་ལོང་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་རྟགས་ཚན་ཆེ་བ་གཅིག་ཞུ་བྱས་པས། མཻ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། དང་པོ་བར་དོའི་འཇིགས་པ་


PS001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱོབས་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ། མི་ནོར་ཟས་གསུམ་ཤུག་ལས་འབྱུང་བ། དགྲ་ཐམས་ཅད་བརླག་པར་བྱེད་པ། བཟློག་པས་མི་ཚུགས་པ། མཆོག་ཐུན་མོངས་གི་དངོས་གྲུབ་ལོ་ཟླས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ་གཅིག་ཡོད་པས་དེ་སྦྱིན་གྱིས་གསུངས་སོ། དེ་སུ་ལ་ཞུས་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་སྟོང་པར་མ་གྱུར་གྱི་བར་དུ་བདག་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་བསྐྱེད་དེ་ཉམས་པར་གྱུར་ན་མགོ་བོ་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག །ཅེས་བརྗོད་ནས་དམ་བཅས་ཏེ། རི་བོ་པོ་ཊ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པས་འཇུག་ཅིང་། གང་ལ་གང་འདུལ་གྱིས་དོན་བྱེད་པར་གྱུར་ཏོ། དེ་ནས་སྐལ་པ་དཔག་ཏུ་མེད་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས།


PS001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་སྙམས་པོ་ཏ་ལ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད་པའི་སྟེང་དུ། སྙིགས་མར་སོང་བས་ཉོན་མོངས་པ་རགས་ལ་གདུག་པ་ཆེར་སོང་འདུག་པས། ད་ནི་བདག་གིས་སེམས་ཅན་འགའ་རྩམ་ཡང་གྲོལ་བར་མི་ནུས་པར་འདུག་སྙམས་ནས་སེམས་བསྐྱེད་བཏང་བ་དང་། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་པ་ནི་ཤིན་ཏུ་མ་ལེགས་པས། དེའི་གཤགས་པ་ལ་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་གཅིག་སྐྱོར་ཅིག་གསུངས་ནས། དབུ་ཚལ་པ་སྟོང་དུ་གས་པ་ཞལ་བཅུ་གཅིག་ཏུ་བྱིན་གྱིས་རླབས་སོ། དེ་ནས་སྔར་གྱི་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་མེད་ཅིང་། དེའི་ཆ་ཙམ་ཡང་མ་ནུས་པས་དེ་ལས་རྒྱ་ཆེ་བའི་ཐབས་ནི་གང་ཡང་མེད་དོ་སྙམས་ནས་ཞག་བདུན་གྱི་བར་དུ་བརྒྱལ་བར་གྱུར་ཏོ། དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང་བར་ཆད་མང་བ་རྐྱེན་དབང་འབའ་ཞིག་ཏུ་


PS001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ། ལོངས་སྤྱོད་ཆུང་ཞིང་འཚོ་བ་དམན་པ། སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བས་བཟློག་པ་དང་ནང་དམེ་བྱེད་པ། ཆོས་བྱེད་ཕལ་ཆེར་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་བསྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་གཏབ་པ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ཐམས་ཅད་ལས་སྐྱོབས་པ། མི་ནོར་ཟས་གསུམ་ཤུག་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་དགེགས་ཐམས་ཅད་དུས་སྐད་ཅིག་གཅིག་གིས་བརླག་པར་བྱེད་པ། མཆོག་ཐུན་མོངས་ཐམས་ཅད་ལོ་ཟླ་ཙམ་གྱིས་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམས་ཏེ་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་དོན་པ་ལས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་། ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པའི་མགྲིན་གཅིག་ཏུ་བསྡེབས་ཏེ། རིགས་ཀྱི་བུ་


PS001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོ་ཉིད་ཀྱི་ཕྲིན་ལས་ཀྱི་ནུས་མཐུ་དང་ལྡན་པར་བྱའོ། གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་གྱི་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱི་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་བའི། གནོད་སྦྱིན་དང་། གཤིན་རྗེ་དང་། སྲིན་པོ་དང་། བདུད་དང་མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་སྒྲུབ་པ་དང་མཆོད་པ་དང་། དྲན་པས་ཀྱང་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་འགྱུར་རོ། མ་བསྒྲུབ་པ་ཉིད་ནས་བྱིན་གྱིས་བརློབས་པ་དང་། དེ་ཉིད་ཀྱི་མངོན་སུམ་དུ་ཞལ་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་དཔལ་ཤ་ཝ་རི་ཞེས་བྱ་བ་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་འབྲས་སྤུངས་དང་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གསུམ་ཡོད་པའི་དབུས་ན། ཏྲི་པ་ལ་ཞེས་བྱ་བར་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེས་


PS001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་བའི་ཚལ་གྱི་འཇག་མའི་སྦྱིལ་བུ་གཅིག་ན་སྒྲུབ་པ་མཛད་ཅིང་བཞུགས་ཙ་ན། ནམ་མཁའ་ལས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པས། ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས། རིགས་གྱི་བུ་ང་ཡི་སྒྲུབ་ཐབས་འདི་ཟུང་ཤིག་གསུངས་ནས། ཤ་ཝ་རི་པས་སྒྲུབ་ཐབས་ཡི་གེར་བཀོད། ཡང་རྗེ་བཙུན་མ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་གསུམ་ཡང་བྱོན་ནས་སྒྲུབ་ཐབས་གསུངས་ཏེ་ཡི་གེས་བཀོད། ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམས་ངག་རྣམས་ཞུས་པའི་དུས་སུ་ཕྱག་དྲུག་པ་འདི་གནང་ནས་ཞག་ཉི་ཤུ་རྩ་གཅིག་ལ་ཞལ་མཐོང་ངོ། །ཁྱོད་ཀྱང་ཕྱག་དྲུག་པ་འདི་ལ་ནས་ནག་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆགས་པ་གྱིས། ཁྱི་ནག་པོ་ལ་རྡོ་བ་མ་རྡེགས། ཡིད་ཆེས་པར་གྱིས་ལ། བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་རི་ལ་སོགས་པའི་སྒྲུབ་གནས་སུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་བཅུ་གསུམ་གྱིས་སློབ་མ་དང་བཅས་པ་ལ་ཞལ་དངོས་སུ་


PS001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཚུལ་བཞིན་ཏུ་སྟེར་བར་བྱེད་དོ། །ཞེས་ལུང་བསྟན་ནས། །བཀའ་སྒོ་ལན་གསུམ་མཛད། དེ་ནས་གསེར་སྲང་ལྔ་བརྒྱ་ཁྱེར་ནས་རྒྱ་གར་ཤར་ནུབ་ལྷོ་བྱང་ལ་སོགས་པ་ཀུན་ཏུ་རྒྱུ་ཞིང་གྲུབ་ཐོབ་ཀྱི་བླ་མ་སངས་རྒྱས་དངོས་དང་མཇལ་བ་ལྟ་བུ་སུ་ཡོད་དྲིས་པས། པཎྜི་ཏ་དང་གྲུབ་ཐོབ་རྣམས་མཐུན་པར། ནཱ་རོ་པཎྜི་ཏའི་ལྕམ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ཞེས་བྱ་བ་དག་པའི་ས་གསུམ་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཆོས་ཞུ་ནུས་པ་གཅིག་ཡོད་ཟེར་བས། དེ་ད་ལྟ་གནས་གང་ན་བཞུགས་བྱས་པས་སྣང་བ་དག་ན་གར་ཡང་ཞལ་མཐོང་། སྣང་བ་མ་དག་ན་གར་ཡང་བཙལ་བས་མི་སྙེད་དེ་དག་པའི་ས་ལ་གནས་པ་དང་། འཇའ་ལུས་སུ་གྱུར་པའི་ཕྱིར་རོ། །འོན་ཀྱང་དུར་ཁྲོད་ཆེན་པོ་སོ་ས་གླིང་གི་ནགས་གསེབ་ན། ཌཱ་ཀི་མའི་ཚོགས་འཁོར་གྱི་དཔོན་ལ་རེས་འགའ་འབྱོན་ཟེར་ནས། ཌཱ་ཀི་མའི་མཚན་ཐོས་པ་ཙམ་གྱིས་མཆི་མ་འཁྲུགས་ཅིང་བ་སྤུ་ལྡང་བའི་མོས་གུས་སྐྱེས་ནས་དུས་དེར་དུར་ཁྲོད་སོ་ས་གླིང་གི་ནགས་གསེབ་


PS001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡར་ལ། ན་མོ་བུདྡྷའི་གསོལ་བ་འདེབས་ཀྱིན་ཕྱིན་པ་དང་། ཤིང་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མཁའ་འགྲོ་མ་སྐུ་མདོག་སྨུག་ནག་ཏུ་ཡོད་པ། རུས་པས་བརྒྱན་པ་ཕྱག་ན་ཁ་ཊཾྭཱ་ག་དང་ཐོད་པ་བསྣམས་པ་གཅིག་དང་དུ་མ་ལ་སོགས་པའི་གཟུགས་སྣ་ཚོགས་སྟོན་ཅིང་། གར་བསྒྱུར་བ་མཐོང་ནས་འདི་ཌཱ་ཀི་མ་ནི་གུ་མ་ཡིན་པར་འདུག་སྙམས་ནས་ཕྱག་འཚལ། བསྐོར་བ་དུ་མ་བྱས་ནས། ཡང་དག་པའི་གདམས་པ་ཞུ་འཚལ་བྱས་པས། ང་ཤ་ཟའི་ཌཱ་ཀི་མ་ཡིན། ངའི་འཁོར་རྣམས་བྱུང་ན་ཟར་འོང་བས་མྱུར་བར་བྲོས་ཤིག་གསུངས་སོ། །དེ་ནས་ཡང་ཕྱག་དང་བསྐོར་བ་བྱས་ནས་གསང་སྔགས་ཀྱི་གདམས་པ་ཞུ་འཚལ་བྱས་པས། ཐེག་པ་ཆེན་པོ་གསང་སྔགས་ཞུ་བ་ལ་གསེར་དགོས་པ་ཡིན། གསེར་ཡོད་ན་བྱ་ཡི་གསུངས་ནས། གསེར་སྲང་ལྔ་བརྒྱ་ཕུལ་བ་དང་། ནགས་གསེབ་ཏུ་གཏོར་ལར་འདི་ངེས་པར་ཤ་ཟའི་མཁའ་འགྲོ་མ་རང་ཡིན་ནམ་གསེར་ལ་ཡང་ཕོངས་པ་མི་འདུག་སྙམས་པ་དང་། མཁའ་འགྲོ་མ་


PS001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་དང་། འཁོར་ཌཱ་ཀི་མ་དཔག་ཏུ་མེད་པ་ནམ་མཁའ་ལས་བྱུང་སྟེ། འགའ་ཞིག་གིས་གཞལ་ཡས་ཁང་སུམ་རིམ་སྐད་ཅིག་ལ་བཞེངས། འགའ་ཞིག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། འགའ་ཞིག་གིས་ཚོགས་ཀྱི་ཡོ་བྱད་བསགས་ནས། ཚེས་བཅོ་ལྔའི་ནམ་སྲོད་ལ་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་མཛད་ནས་དབང་ཐོན་པ་དང་བོད་ཀྱི་བན་ཆུང་ཡར་འདོངས་དང་གསུངས་ནས། དཔག་ཚད་གསུམ་ཌཱ་ཀི་མའི་རྫུ་འཕྲུལ་ལ་རྟེན་ནས་ཡུད་ཙམ་གྱིས་བགྲོད་པ་དང་། གསེར་གྱི་རི་མི་ཆེ་བ་ཙམ་གཅིག་གི་སྟེང་གི་ནམ་མཁའ་ལ་ཌཱ་ཀི་མའི་ཚོགས་ཀྱིས་བསྐོར་ནས་གར་བསྒྱུར་ཞིང་འདུག་གོ། །རི་དེའི་ཕྱོགས་བཞི་ནས་མར་གསེར་གྱི་ཆུ་རྒྱུན་བཞི་བབ་ཅིང་འདུག་པས་གསེར་གྱི་རི་འདི་ལྟ་བུ་རྒྱ་གར་ན་ཡོད་དམ། མཁའ་འགྲོ་མས་སྤྲུལ་པ་ཡིན་ཞུས་པའི། །འཁོར་བའི་རྒྱ་མཚོར་བསྐྱུར་བ་ཡི། །ཆགས་སྡང་རྟོག་པ་སྣ་ཚོགས་འདི། །རང་བཞིན་མེད་པར་རྟོགས་ཙ་ན། ཐམས་ཅད་གསེར་གླིང་ཡིན་ནོ་བུ། །


PS001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམ་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །མོས་གུས་སྟོབས་ལས་འབྱུང་བར་འགྱུར། ད་ང་ཡིས་བྱིན་གྱིས་བརླབས་ཀྱི་རྨི་ལམ་ཟུངས་ཤིག་གསུངས་ནས། རྨི་ལམ་བཟུང་བས་ཟིན་ནས་ལྷ་དང་ལྷ་མ་ཡིན་གྱི་གནས་སུ་ཕྱིན་པས། ལྷ་མ་ཡིན་ཤིན་ཏུ་ཆེ་བ་ཞིག་གིས་ང་ལ་གྱུར་མེད་བྱས་པ་དང་། མཁའ་འགྲོ་མ་ནམ་མཁའ་ལ་བྱོན་སྟེ། བུ་གཉིད་མ་སད་པར་གྱིས་གསུངས་ནས། དུས་དེ་ཉིད་དུ་ཆོས་དྲུག་གི་ཁྲིད་ཚར་བར་མཛད་དོ། །གཉིད་ཐུན་གཅིག་ལ་ཆོས་དྲུག་གི་ཁྲིད་ཚར་བ་རྒྱ་གར་ནའང་ཁྱེད་ལས་མེད་གསུངས་སོ། །དེ་ནས་དངོས་སུ་ཁྲིད་ཚར་གསུམ་དང་། །རྡོ་རྗེའི་ཚིག་རྐང་དང་། སྒྱུ་མ་ལམ་རིམ་གསུངས། །རྒྱུད་སྡེ་ལྔའི་དབང་དང་སྒྲུབ་ཐབས་དང་གདམས་པ་རྣམས་གསུངས། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་། མཚོན་ཆ་ཅན་ལྷ་བཅུ་གསུམ་དུ་དབང་བསྐུར། བརྟག་གཉིས་དར་གུར་གསུངས། སམྦུ་ཊི་སྒྲུབ་ཐབས་དང་བཅས་པ་དང་།


PS001_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་ཅན་གྱི་བསྐྱེད་རིམ་རྒྱས་བསྡུས་གསུམ་དང་། དེ་ཁོ་ན་ཉིད་བཞིའི་གདམས་ངག་གསུངས། མཁའ་སྤྱོད་དཀར་དམར་དང་། རྒྱུད་སྡེ་བཞིའི་སྒྲིབ་སེལ་དང་། བདེ་མཆོག་རིགས་ལྔའི་རྫོགས་རིམས་དང་། ཐིག་ལེའི་རྫོགས་རིམ་རྣམས་གསུངས་སོ། །རྒྱུད་རྡོ་རྗེ་མཁའ་འགྲོའི་ལས་ཚོགས་ཐམས་ཅད་གཏན་ལ་ཕབ་ནས་གསུངས། མདོར་ན་ཡེ་ཤེས་ཀྱི་ཌཱ་ཀི་མ་འདི་ཉིད་ཀྱིས། རྒྱུད་སྒྲུབ་ཐབས་གདམས་པ་དང་བཅས་པ་དཔག་ཏུ་མེད་པ་གསུངས་སོ། །དེ་ལ་མཁའ་འགྲོ་མའི་ཞལ་ནས་ཆོས་དྲུག་གི་དབང་གདམས་ངག་དང་བཅས་པ་འདི་རྗེ་བཙུན་ལ་བ་པ་དང་ང་གཉིས་མ་གཏོགས་རྒྱ་གར་ནའང་ཤེས་པ་མེད་པས། མི་རབས་བདུན་དུ་ཆིག་རྒྱུད་ལས་མ་སྤེལ་ཅིག །ངེད་རྣམས་ཀྱི་རིམ་པས་བྱིན་གྱིས་རློབས་ཅིང་ལུང་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་སྦས་པའི་རྣལ་འབྱོར་ལ་གསེར་སྲང་བརྒྱ་ཕུལ་ནས། བདེ་མཆོག་ལྷ་ལྔ་དང་། མཁའ་སྤྱོད་དཀར་དམར་དང་། རིམ་ལྔ་སྟན་ཐོག་གཅིག་མ་


PS001_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དྲུག་ལ་སོགས་པའི་གདམས་པ་མང་དུ་ཞུས་སོ། །དེ་ནས་ཡང་གསེར་སྲང་ལྔ་བརྒྱ་ཁྱེར་ནས་རྒྱ་གར་ནུབ་ཕྱོགས་སུ། ཕྱིན་ཏེ། སངས་རྒྱས་དངོས་དང་འཇལ་བའི་བླ་མ་སུ་ཡོད་དྲིས་པས། པཎྜི་ཏ་རོལ་པའི་རྡོ་རྗེ་དང་། ཨརྻ་དེ་བ་དང་། ཌཱ་ཀི་མ་སུ་མ་ཏི་ལ་སོགས་པ་གྲུབ་ཐོབ་བཅུ་གསུམ་གྱི་ཞལ་ནས། ངེད་རྣམས་ཀྱི་དབང་བསྐུར་ལ་གདམས་ངག་བསྟན་ནས་དེའི་རྗེས་ལ་ལུང་སྟོན་པར་འགྱུར་རོ་གསུངས་པས། གསེར་སྲང་ལྔ་བརྒྱ་ཕུལ་ནས་དབང་དང་གདམས་པ་མང་པོ་ཞུས་སོ། །ཁོང་རྣམས་ཀྱི་ཞལ་ནས་ངེད་བཅུ་གསུམ་པོ་འདིའི་རྩ་བའི་བླ་མ་ཡིན། ཁྱད་པར་དུ་པཎྜི་ཏ་ཨཱརྻ་དེ་ཝ་ལ་བདག་མེད་མའི་ནང་ཁྲིད་བསྟན་པས་ཟླ་བ་བདུན་ལ་ས་བརྒྱད་ཀྱི་རྟོགས་པ་ལ་འགོད་པའི་ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་ཞེས་བྱ་བ། རྡོ་རྗེ་འཆང་དང་བདག་མེད་མ་ལ་དངོས་སུ་ཆོས་གསན་པ་གཅིག་ཡོད་ཀྱི། དེས་ཁྱེད་ལ་བྱིན་གྱིས་རློབ་ཅིང་གདམས་པ་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། དེ་ནས་ཨཱརྻ་


PS001_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝ་ལ་ནང་ཁྲིད་ཞུས་ནས། ཌཱ་ཀི་མའི་ཡུལ་གང་ན་ཡོད། རིགས་ཅི་ཡིན། ད་ལྟ་གང་ན་བཞུགས་ཅེས་བྲིས་པས། རིགས་ཀྱི་བུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་བསྟན་པར་བྱའོ། དེ་ལ་ཁ་ཆེ་ཁྲི་རྟེན་ན། གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་རྩ་གཉིས་ཡོད་པའི་ནུབ་བྱང་གི་གྲོང་ཁྱེར་གཅིག་ན། གཟའ་མི་བདུན་ཡོད་པ་རྒྱགས་སུ་འབྲས་བུམ་པ་གང་ལས་མེད་པ་དང་། དུས་དེར་མུ་གེ་ཆེན་པོ་བྱུང་ནས། བུ་ཁྱོ་རྣམས་ན་རེ། རྒན་མོ་འབྲས་བུམ་པ་གང་པོ་འདི་ཚག་གྱིས་ཤིག །སང་གནང་ཇོ་བོ་ནམ་ཟླ་རིང་པོ་བྱུང་ཙ་ན་ཟ་དགོས་སོ། ངེད་རྣམས་ཟས་ཚོལ་དུ་འགྲོ་ཡི་ཟེར་ནས། བུ་ཁྱོ་དང་བུ་མོ་རྣམས་ཕྱོགས་ཐམས་ཅད་དུ་ཕྱིན་པས། ཐམས་ཅད་དུ་མུ་གེ་བྱུང་བ་དང་ཐུགས་ནས་བཟའ་བ་ཡེ་མ་རྙེད་དོ། །དེའི་དུས་སུ་དགེ་སློང་སྔོན་པོ་གཅིག་བྱུང་ནས། རྒན་མོ་ཇོ་བོ་ནམ་ཟླ་རིང་པོ་ཀ་ང་ཡིན། འབྲས་བུམ་པ་གང་པོ་ང་ལ་དྲོངས་ཤིག་ཟེར་བ་དང་། རྒན་མོས་འབྲས་ལ་ལ་དགེ་སློང་ལ་དྲངས། ལ་ལ་མོ་རང་གི་ཟོས་པ་དང་། བུ་ཁྱོ་རྣམས་ཀྱིས་བཟའ་བ་མ་རྙེད་པར་འོངས་བ་དང་། ཁང་པར་དུས་གཅིག་ཏུ་


PS001_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སླེབ་ནས། ཨ་མ་འབྲས་བུམ་པ་གང་པོ་ཁ་ཕྱེས་ལ་བྱིན་ཅིག །ཕྱོགས་གང་དུ་ཕྱིན་ཀྱང་བཟའ་བ་མ་སྙེད་པས་ཉན་པར་གྱུར་ཏོ། །ཞེས་ཟེར་བ་དང་། མས་སྨྲས་པ། ཇོ་བོ་ནམ་ཟླ་རིང་མོ་ཆོས་གོས་རྣམས་གསུམ་དང་ལྷུང་བཟེད་བསིལ་བྱེད་དང་བཅས་ནས་བྱུང་བས། དེ་ལ་མོས་ནས་འབྲས་བྱིན་ནས་མེད་དོ་བྱས་པས། ཁོང་རྣམས་ན་རེ། རྒན་མོ་འདིས་མེད་པ་ཚོལ་བ་དག་མི་འོང་སྟེ། ཡོད་པ་རྣམས་ཀྱང་བརླག་པར་བྱས་ནས་མི་ཡོང་བར་འདུག་པས། འདི་མ་བཏོན་ན་སྐྱིད་མི་འདུག་པས་ཐོན་ཅིག་ཟེར་ནས། བུ་ཁྱོས་རྒན་མོ་ཁང་པ་ནས་བཏོན་ནོ། །དེ་ནས་རྒན་མོ་དེ་ས་གར་ཕྱིན་ན་གྲག་དྲིས་པས། མི་རྣམས་ན་རེ། ནུབ་ཕྱོགས་ཨོ་རྒྱན་ན་ཕོ་སྐྱེས་ཐམས་ཅད་དཔའ་བོ། །མོ་སྐྱེས་ཐམས་ཅད་དཔའ་མོ། །རིག་པ་རང་བཞིན་གྱི་དྭངས་པ། འཚོལ་བ་སྩོལ་མེད་དུ་འབྱུང་བ་སྐྱིད་པ་གཅིག་ཡོད་དོ་ཟེར་ནས་ཨོ་རྒྱན་དུ་ཕྱིན་པ་དང་། འབྲས་བཙའ་བ་དང་ཐུགས་ནས་འབྲས་སློང་པས་ཁལ་གཅིག་སྙེད་དོ། །དེ་ཁྱེར་ནས་བྷེ་ཏའི་གྲོང་ཁྱེར་དུ་ཕྱིན་ནས་ཆང་ཚོང་མ་བྱས་པས་འབྲས་


PS001_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་བྱུང་ངོ་། །དེའི་དུས་སུ་ཨོ་རྒྱན་གྱི་ཕུ་ན་རྗེ་བཙུན་བིར་ཝ་པ་གསང་སྤྱོད་མཛད་ཅིང་བཞུགས་ནས་ཡོད་པ་ལས། རྣལ་འབྱོར་མ་གཅིག་གིས་ཆང་དང་ཤ་ཉོས་ནས་དཾས་རྫས་བྱེད་པ་ལ། དུས་རེ་ཞིག་གི་ཚེ་ན། རྒན་མོ་ཆང་ཚོང་མ་དེ་ལ་ཆང་ཉོས་པ་དང་། རྒན་མོས་སྨྲས་པ། རྣལ་འབྱོར་མ་ཆང་རྟག་ཏུ་ཉོ་ནས་སུ་ལ་ཁྱེར་བྱས་པས། རྣལ་འབྱོར་མས་སྨྲས་པ། ནགས་ཁྲོད་ཡ་གི་ན་བླ་མ་བཟང་པོ་གཅིག་ཡོད་པས་དེ་ལ་འདྲེན་པ་ཡིན་བྱས་པ་དང་། རྒན་མོས་སྨྲས་པ། ང་ཚོགས་མ་བསགས་པས་དབུལ་ཞིང་ཕོངས་པར་གྱུར། རྒས་ནས་བུ་ཁྱོས་བཏོན་པས། ལོངས་སྤྱོད་ལ་སྙིང་པོ་མེད་པས། ད་ཆང་རིན་མི་འདོད་ཟེར་ནས། འབྲས་ཆང་ཉིན་སིང་བྱས་ཤིང་དུས་རྒྱུན་དུ་བསྐུར་རོ། །དེ་ནས་རྗེ་བཙུན་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཆང་རིན་མི་དགོས་པ་ཆང་འདི་ལྟ་བུ་ཤ་སྟག་གང་ནས་བྱུང་གསུངས་པ་ལ། དེ་སྔ་དང་མི་འདྲ་བའི་རྒན་མོ་དད་པ་ཅན་གཅིག་འདུག །ངས་བླ་མ་བཟང་པོ་གཅིག་ལ་འདྲེན་པ་ཡིན་བྱས་པས། འོ་ན་ཆང་རིན་མི་འདོད་ཟེར་ནས་གཏན་དུ་ཕུལ་བ་ཡིན་ནོ་སྨྲས་པ་དང་། བིར་ཝ་པའི་ཞལ་


PS001_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྣལ་འབྱོར་མ་རྒན་མོ་དེ་ཁམས་སུ་འཁོར་བ་ནས་འདྲེན་དགོས་ཁྲིད་ལ་ཤོག་གསུངས་པས། རྒན་མོ་དེ་ལ་དེ་སྐད་བྱས་པ་དང་། འོ་ན་ཤིན་ཏུ་དགའ་ཟེར་ནས། འབྲས་ཆང་ཉིན་སིང་བྱས་པ་བུམ་པ་དོ་དང་། ཕག་གི་ཤ་གཅིག་ཁྱེར་ནས་བིར་ཝ་པ་ལ་ཕུལ་བ་དང་། དེའི་ནུབ་མོ་རྗེ་བཙུན་མའི་གསང་བསྒྲུབས་ཀྱི་དབང་བཞི་རྫོགས་སུ་བསྐུར་བ་དང་། དུས་དེ་ཉིད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། །དེ་ལ་བུ་ཁྱོས་བཏོན་ནས་ལོ་ལྔ་བཅུ་ང་དགུ། ཉོ་ཚོང་ལོ་གཅིག་བྱས་པས་དྲུག་ཅུ་ཐམ་པ། བིར་ཝ་བ་དང་མཇལ་ཙ་ན་དྲུག་ཅུ་རེ་གཅིག་ལོན་པ་དེ། དབང་བསྐུར་བས་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟ་བུ་ལང་ཚོ་དར་ལ་བབས་པ། སྐུ་མདོག་དཀར་ལ་རྫུ་འཕྲུལ་གྱི་ནམ་མཁའ་ལ་བཞུགས་པ། བདག་མེད་མ་དང་དབྱེར་མེད་པའི་ཌཱ་ཀཱི་མ་སུ་ཁ་མ་སིདྡྷི་ཞེས་བྱ་བར་གྱུར་ནས། རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་ཆོས་གསན་ནུས་པ་གཅིག་ཡོད་དོ། །ཌཱ་ཀཱི་མ་དེ་སྣང་བ་དག་ན་གར་ཡང་ཞལ་མཐོང་ལ་སྣང་བ་མ་དག་ན་བཙལ་བས་མི་སྙེད་དོ། །རེས་འགའ་ནི་


PS001_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སྦྱིན་པའི་གནས་ཙནྡན་སྨན་གྱི་ནགས་ཚལ་ཞེས་བྱ་བར་ཚེས་བཅུའི་དུས་སུ་ཌཱ་ཀཱི་མ་རྣམས་ཀྱི་ཚོགས་དཔོན་མཛད་ཅིང་ཆོས་སྟོན་པ་དང་། ཡང་ན་གསུང་གི་སྒོ་ནས་ཆོས་སྟོན་པར་འགྱུར་རོ། །དེར་སོང་ལ་གསོལ་བ་ཐོབ་ཅིག །དབང་བཞི་རྫོགས་སུ་བསྐུར་ནས་གདམས་ངག་དང་རྗེས་སུ་བསྟན་པ་མཐའ་དག་སྟོན་པར་འགྱུར་རོ། །གསུང་ནས་ལུང་བསྟན་མཛད། དེ་ནས་གསེར་སྲང་ལྔ་བརྒྱ་པོ་དེ་ཁྱེར་ནས། བདེ་བ་སྦྱིན་པའི་ནགས་གསེབ་ནས་ཡང་ན་མོ་བུདྡྷ་ཡའི་གསོལ་བ་འདེབས་ཤིང་ཕྱིན་པ་ན། ཙནྡན་གྱི་ནགས་དེའི་སྟེང་གི་ནམ་མཁའ་ལ་ཌཱ་ཀི་མ་སྐུ་མདོག་དཀར་མོ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཉིས་སྐྱེ་མེད་མཚོན་པའི་ཕྱག་རྒྱ་མཛད་པ། ཌཱ་ཀི་མའི་ཚོགས་ཀྱིས་བསྐོར་ནས་འཇའ་འོད་འཁྱིལ་པའི་དབུས་ན་བཞུགས་པ་མཐོང་ངོ། །དེ་མཐོང་བ་དང་ལུས་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་ལ། ས་དང་པོ་ལྟ་བུའི་དགའ་བ་སྐྱེས་ནས་ཟག་མེད་གྱི་བདེ་བའི་ཉམས་དང་ལྡན་པར་གྱུར་ཏོ། །དེ་ནས་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུད་ལ་སོགས་པ་མང་


PS001_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཏོར་ནས་ཕྱག་དང་བསྐོར་བ་བརྒྱ་སྟོང་དུ་མ་བྱས་ཏེ། གདམས་ངག་ཞུ་འཚལ་བྱས་པས། ཌཱ་ཀི་མའི་ཞལ་ནས། ༈ བིར་ཝ་པ་དང་། བདག་མེད་མ། རྡོ་རྗེ་འཆང་ལས་དངོས་སུ་ཐོབ། །གསང་སྔགས་མངོན་སུམ་ལམ་པ་ཡི། །སྨིན་པར་བྱེད་པའི་དབང་བཞི་དང་། །གྲོལ་བའི་བསྐྱེད་རྫོགས་སྟོན་པ་ལ། །དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ། །གུས་པའི་ཐལ་སྦྱོར་རྐྱང་ཕྱག་འཚལ། །དམའ་བའི་ཞབས་མཐིལ་གཙུག་གིས་ལོངས། །དུས་འདིར་བདག་གིས་གྲོལ་བར་བྱ། །དེ་རིང་རྙེད་པ་མཆོག་རྙེད་དོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །རིགས་ཀྱི་བུ་ཁྱོད་ཨེ་མ་ཧོ། །ཞེས་ལན་གསུམ་གསུངས་ནས། །གསེར་སྲང་ལྔ་བརྒྱ་ཕུལ་ལོ། །དེ་ནས་ཡང་ཌཱ་ཀི་མའི་ཞལ་ནས། །ཁྱོད་ཀྱི་སློབ་མ་ཡང་སློབ་དང་། །ཕྱི་རབ་རྒྱུད་འཛིན་ཐམས་ཅད་ལ། །ང་ཡིས་དངོས་སུ་བྱིན་གྱིས་བརློབས། །དག་པ་མཁའ་སྤྱོད་གནས་སུ་འགྲོ། ཞེས་གསུངས་ནས། དང་པོ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་


PS001_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྫོགས་སུ་བསྐུར་ནས། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་བསྐྱེད་རྫོགས་ཉམས་ལེན་གྱི་གནད་དང་བཅས་པ་ཐམས་ཅད་མ་ལུས་པར་གསུངས་སོ་དེ་ལ་ཡེ་ཤེས་ཀྱི་ཌཱ་ཀི་མ་སུ་ཁ་སིདྡྷི་འདི་དང་པོ་དྲིན་ཆེ་སྟེ། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་སུ་བསྐུར། བར་དུ་དྲིན་ཆེ་སྟེ་ལྷ་ཡི་བུ་མོ་དང་དབྱེར་མེད་དུ་གསང་ཡུམ་མཛད། ཐ་མར་དྲིན་ཆེ་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་ནས། བདག་ཉིད་བདེ་བ་ཅན་དུ་བཅུ་བཞིའི་ས་ཐོབ་པར་ལུང་བསྟན། སློབ་མ་ཡང་སློབ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་ལ་ཐུགས་རྗེས་བཟུང་ནས། དག་པ་བདེ་སྟོང་གི་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་པར་མཛད། །དེས་ན་བདག་གི་བརྒྱུད་འཛིན་ཐམས་ཅད་ཀྱང་ཀུན་ལས་ཁྱད་པར་འཕགས་པས་ན། བསགས་པ་ཡང་རབ་འབའ་ཞིག་འབྱུང་བར་འགྱུར་རོ། །དེ་ནས་མཁའ་འགྲོ་མ་སུ་མ་ཏི་མ་ཧཱ་དང་། མཁའ་འགྲོ་མ་གང་ག་དྷ་ར་དང་། ཀུན་ཏུ་བཟང་མོ་རྣམས་ལ་གསེར་སྲང་བདུན་བདུན་དང་། མོས་གུས་ཀྱིས་མཉེས་པར་བྱས། །


PS001_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མ་རྒྱུད་ཀྱི་རྫོགས་རིམ་གྱི་གདམས་པ། དབབ་བཟུང་བཟློག་འགྲེམ་གྱི་རླུང་དང་བསྲེ་པ། ཡེ་ཤེས་ཆེན་པོར་སྐྱེལ་བའི་གདམས་པ་མང་དུ་ཞུས་སོ། །ཡང་རྡོ་རྗེ་གདན་གྱི་བྱང་ཕྱོགས་འོད་མའི་ཚལ་དུ་པཎྜི་ཏ་བདེ་བའི་རྡོ་རྗེ་ལ་གཤིན་རྗེ་དགྲ་ནག་དང་། འཇིགས་བྱེད་རྟོགས་པ་བདུན་པ་དང་། གསུམ་པ་དང་། ཁྲོ་བོ་རྣམ་རྒྱལ་གྱི་རྒྱུད་དང་། །ལྷ་མོ་གནམ་ཞལ་མ་དང་། །བྱ་རོག་རྐང་གཉིས་དང་། །ཐོད་པའི་བརྟགས་ཐབས་དང་། མི་གཡོ་བའི་རྒྱུད་སྒྲུབ་ཐབས་དང་བཅས་པ་མང་དུ་ཞུས་སོ། །ཡང་པཎྜི་ཏ་རོལ་པའི་རྡོ་རྗེ་ལ་གསེར་སྲང་བརྒྱ་ཕུལ་ནས་ལྷ་མོ་དང་མགོན་པོའི་སྒྲུབ་ཐབས་བརྒྱད་ཅུ་དང་། ཕྱི་རོལ་པ་དང་ནང་པའི་ཕྱིར་བཟློག་དང་། ཉི་ཁྲོས་ཀྱི་རྒྱུད་ལ་སོགས་པའི་སེར་བ་དང་། ཐོག་དབབ་བསྲུང་དང་སྨན་དཔྱད་སྡེ་སྐོར་བདུན་ལ་སོགས་པའི་གདམས་པ་མང་དུ་ཞུས་སོ། །དེ་ནས་བླ་མ་ཨ་ཏ་ཡ་བཛྲ་ལ་རྡོ་རྗེ་རྣམ་འཇོམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་ཞུས་ནས། རྣམ་འཇོམས་ཀྱི་རྒྱུད་དང་། ལྷ་བཅུ་


PS001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་། ལྷ་ལྔ་དང་། ལྷ་གཅིག་མའི་སྒྲུབ་ཐབས་རྣམས་ཞུས་ནས། དེ་ཉིད་ཀྱི་བུམ་པ་དང་། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་བཞུགས་པ་དང་། བྲམ་ཟེའི་ཐོད་པ་མཚན་ལྡན་རྣམས་གནང་ངོ། །བདག་ལ་ཡང་རྣམ་འཇོམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནུས་པར་ལུང་བསྟན་ཏོ། །དེ་ནས་གཞུང་དང་གདམས་པའི་སྤྲོས་པ་ཆོད་ནས། ད་བོད་དུ་ཕྱིན་ནས་བླ་མ་རྣམས་ལ་གསེར་གྱི་ཆོས་སྐྱེས་གཅིག་བྱ་དགོས་སྙམས་ནས། རྡོ་རྗེ་གདན་དུ་མཆོད་པ་ཕུལ་ཞིང་ཚོགས་མཆོད་གཅིག་བྱས་གསོལ་བ་བཏབ་པའི་ཐོ་རངས་ཁ། བླ་མ་ཨ་ཏ་ཡ་བཛྲ་དང་། ཊཱ་ཀི་མ་སུ་ཁ་སིདྡྷི་དང་། རྗེ་བཙུན་སྒྲོལ་མ་བྱོན་ནས། ཕྱི་རོལ་དབང་ཕྱུག་ཆེན་པོ་དང་། །བདེ་མཆོག་ཁ་སར་པཱ་ཎི་སོགས། །རང་བྱོན་གཟུགས་སུ་ཡོད་པ་ཡི། །གནས་སུ་གདུལ་བྱ་ཁྲི་ཕྲག་འབྱུང་། ཞེས་སོ། །དེ་ནས་བལ་པོར་སླེབ་པ་དང་། པ་ཆུང་དང་། རྒྱལ་པོ་དང་། འབའ་རོ་རྣམས་ཀྱི་དབང་དང་རྒྱུད་ཞུས། མང་ཡུལ་སྤུ་རང་སྟོད་དུ་སྔར་གྱི་སློབ་མས་སྤྱན་དྲངས་ནས་བསོད་ནམས་


PS001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱུང་། བདག་བསམ་པ་བཟང་བས། ཛམྦུ་ཆུ་པོ་དང་། གུ་ལང་ལ་སོགས་པའི་གསེར་ཁ་བཅུ་གསུམ་རྡོལ་བ་དང་དུས་འཛོམས་ནས་དབང་བསྐུར་དང་སེམས་བསྐྱེད་ཐེབས་རེ་ལ་གསེར་སྲང་བརྒྱ་ཕྲག་མང་པོ་བྱུང་། ལ་སྟོད་ལྷོ་དང་ཚོངས་དུས་དང་། ནང་ཁང་རྒྱུད་གསུམ་དང་། སྙེ་མོའི་བར་གྱི་གདན་འདྲེན་སར་ཕྱིན་པས། གསེར་གྱི་གླེགས་བམ་དང་། རྟ་དང་། གསེར་གཡུ་དང་། དར་ཟབ་ལ་སོགས་པའི་ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་ནས། ད་རྒྱ་གར་དུ་འགྲོ་དགོས་སྙམས་ཏེ། གསེར་སྲང་ལྔ་བརྒྱ་ཕྲག་དྲུག་དང་། གླ་བ་ལྔ་བརྒྱ་ཁྱེར་ནས་རྡོ་རྗེ་གདན་དུ་ཕྱིན་ནས། རྒྱལ་པོ་ལ་མཆོད་པ་བྱ་བར་ཞུས་བས་གནང་ནས། གསེར་སྲང་བརྒྱད་ཅུ་ལ་ཞག་བཅུའི་བར་དུ་རྡོ་རྗེ་གདན་དུ་དུས་མཆོད་ཆེན་པོ་བྱས་པས། ནམ་མཁའ་ལས་མེ་ཏོག་གི་ཆར་ཆེན་པོ་བབ་པ་དང་། འོད་དང་སྒྲ་དང་ཌཱཀི་མས་གར་བསྒྱུར་བ་དང་། ལྷའི་བུས་མཆོད་པ་འབུལ་བ་ལ་སོགས་པའི་ངོ་མཚར་གྱི་ལྟས་སྣ་ཚོགས་བྱུང་བས་རྒྱལ་པོ་དང་། བླ་མ་རྡོ་རྗེ་གདན་པ་ལ་


PS001_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་པཎྜི་ཏ་དང་ཁྱིམ་བདག་ཐམས་ཅད་བོད་ཀྱི་ཛྭ་ཀི་ཆེན་པོའི། མ་ཧཱ་བོ་དྷི་པུཙྪ་མ་ཧཱ་ཕ་ལ་ཞེས་བརྗོད་ཅིང་མཉེས་པར་གྱུར་ཏོ། །དེ་ནས་བླ་མ་རྡོ་རྗེ་གདན་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་དང་། སུ་ཁ་མ་སིདྡྷི་དང་། རྡོ་རྗེ་མཆེད་གསུམ་ལ་སོགས་པ་བླ་མ་བརྒྱ་ལྔ་བཅུ་ལ་གསེར་མང་པོ་ཕུལ། ཚོགས་ཀྱི་མཆོད་པ་མང་པོ་བྱས་པས། བླ་མ་འགའ་ཞིག་གིས་གནད་ཀྱི་གདམས་པ་མང་དུ་གནང་ངོ་། །ཁ་གཅིག་གིས་ལུང་བསྟན་མང་པོ་མཛད་དོ། །བླ་མ་མཻ་ཏྲི་པ་མི་བཞུགས་ཀྱང་ཇོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གང་ག་དྷ་ར་ལ་གསེར་མང་པོ་ཕུལ་ནས་གདམས་པ་མང་པོ་ཞུས་སོ། །དེ་ནས་བོད་དུ་འོང་ཁར་ཚེས་བཅུ་ལ་རྡོ་རྗེ་གདན་དུ་མཆོད་པ་ཕུལ་ཚོགས་འཁོར་བརྒྱ་རྩ་བྱས་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་དང་། ཇོ་བོ་གྷ་ཡ་དྷ་ར་དང་འགྲོགས་ཏེ་ཐོ་ལིང་གི་གཙུག་ལག་ཁང་དུ་འོང་བ་དང་། རྒྱ་དཔེ་འགའི་ཡི་གེ་རུལ་འདུག་པས། སླར་རྒྱ་གར་ལ་ལོག་ནས་འགྲོ་དགོས་སྙམས་པ་ན། པཎྜི་ཏ་དི་པཾ་ཀ་ར་ཤྲཱི་ཛྙཱ་ན་བཞུགས་པ་དང་དུས་མཚུངས་ནས། ཁོང་


PS001_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞལ་ནས་ངའི་རྒྱ་དཔེ་དང་མཐུན་པར་འདུག །རིན་ཆེན་བཟང་པོར་བསྒྱུར་དུ་བཅུག་པས་ཆོག་གསུངས་ཏེ། ལཱོ་ཙཱ་བ་རིན་ཆེན་བཟང་པོ་དང་། གླན་དར་མ་བློ་གྲོས་གཉིས་ཀྱིས་བསྒྱུར་རོ། །དེ་ནས་ཇོ་བོ་དཱི་པཾ་ཀ་ར་ལ་སེམས་བསྐྱེད་དང་། གསང་འདུས་ཀྱི་དབང་ཞུས། གསང་འདུས་དང་། །འཇིགས་བྱེད་དང་། མངོན་རྟོགས་རྒྱན་དང་། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དང་། གཞན་ཡང་གདམས་པ་མང་དུ་ཞུས་ནས་ཡུལ་དུ་འོང་བ་དང་། སྒོ་མོའི་ཇོ་བཙུན་ཁྱུང་པོ་དང་། རྡུལ་བཙུན་སྐྲང་པོ་གཉིས་ཀྱིས་ཆོས་འཁོར་གཙུགས་ནས་ཆོས་ཐོན་པ་དང་། ཁོང་གཉིས་ན་རེ། ལྷ་སར་འདེང་ཟེར་ནས་གསེར་གདུགས་གཅིག་ཡོད་པ་ཁྱེར་ནས་ཕྱིན་ཏེ་ཚེས་བཅུ་གསུམ་གྱི་དགོངས་མོར་གསེར་གདུགས་ཕུལ་ནས། མར་མེ་བཏང་མཆོད་པ་བཤམས་ནས། ངེད་གསུམ་གྱིས་གསོལ་བ་བཏབ་ནས་ནང་པར་རྨི་ལམ་བཤད་པར་ཞུས་པ་དང་། ང་ལ་ཐོ་རངས་ཁར་ཇོ་བོའི་ཞལ་ནས་འདི་སྐད་གསུངས། །ཁྱོད་ནི་སྔོན་བྱུང་བྱང་ཕྱོགས་ཀྱི། །ཉན་ཐོས་རྫུ་


PS001_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཆེན་པོ་ཡིན། །སྔོན་གྱི་ལས་འཕྲོ་སད་པ་ཡིས། །དཀའ་བ་སྤྱད་དེ་རྒྱ་གར་བསྒྲོད། །ད་ལྟ་ཆོས་ཉིད་མངོན་དུ་གྱུར། །གངས་ཅན་གདུལ་བྱ་སྨིན་བྱས་ནས། །བདེ་བ་ཅན་དུ་འགྲོ་བར་འགྱུར། །ཞེས་ལུང་བསྟན་ཏོ། །དེ་ནས་ཁོང་གཉིས་ལ་བྲིས་པས། ཁྱུང་པོ་ན་རེ་ངའི་རྨི་ལམ་ན་གཞུ་སྙེ་གཉིས་ཀྱི་ལ་ཁ་ནས་རྔ་གཅིག་བརྡུང་པས་གཞུ་སྙེ་གཉིས་ཀ་ངའི་མདུན་དུ་འདུས་པ་གཅིག་རྨིས་ཟེར་ཙ་ན། དེ་ཀ་བཞིན་དུ་བྱུང་སྟེ། གནས་བརྟན་མགོ་ཐོག་ལ་དྲག་པ་གཅིག་བྱུང་ངོ་། །རྡུལ་བཙུན་ན་རེ། ང་ནས་ཕུང་གཅིག་གི་སྟེང་ན་འདུག་པས་མི་ཐམས་ཅད་ང་ལ་ནས་ལེན་ཅིང་འདུག་ཟེར་བས། སྐྱེ་བོ་མགོ་ཐོག་ལ་ཕྱུག་པ་གཅིག་བྱུང་ངོ་། །དེ་ནས་གླང་རི་ཐང་པ་ལ་བསྙེན་རྫོགས་བྱས་ནས་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་བྱེད་པའི་དུས་རྒྱགས་ཕྱེ་མ་བྱུང་ནས། བླ་མ་མཻ་ཏྲི་པའི་ཞལ་ནས་སྒྲུབ་པ་བྱེད་དུས་སུ་མགོན་པོས་རྒྱགས་སྐྱེལ་དུ་འོང་གི་གསུངས་ནས། རྒྱགས་སྐྱེལ་དུ་རེ་ཙམ་ན་མ་བྱུང་བས། མགོན་པོའི་རྒྱུན་གཏོར་ཆད་ནས། དགོང་མོ་བྲག་ཕུག་གི་སྒོར་ཕྱིན་


PS001_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཀྵེ་ཏྲ་པ་ལ། ཛི་ན་མི་ཏྲ་ཊཀྐི་རཱ་ཛ། བདུད་མགོན་ཏྲཀྴད་ལ་ད་ང་ལ་རྒྱགས་རྣམས་ཀྱང་མེད་དོ། མགོན་པོའི་རྒྱུན་གཏོར་ཆད་ནས་མི་འདུག་གོ་བྱས་ནས་འོ་དོད་ཆེན་པོ་བོས་པས། ནང་པར་འབྲས་ཁུང་ཀྱི་ཚོང་དུས་ཁམས་པའི་འབུལ་སྐྱེལ་ཚན་གཅིག་བྱུང་ནས། དངུལ་བྲེ་དང་། རྟ་དང་། ཟ་འོག་དང་། ཇ་སིག་དང་། ཤ་མར་ཐུད་གསུམ་ལ་སོགས་པའི་ཟས་ནོར་ཚན་ཆེན་པོ་ཕུལ་ནས། ཟླ་ཕྱེད་ཀྱི་བར་དུ་སེམས་བསྐྱེད་དང་དབང་བསྐུར་བྱས་པས་གྲལ་ལ་མ་ཤོངས་བར་འཇོག་པོ་མདའི་ཆད་ཀར་དགོན་པ་བཏབ་པས། སློབ་མ་ཉིས་སྟོང་ཙམ་འདུས་སོ། །དེའི་དུས་སུ་ཟླ་སྨད་ལ་མཚམས་བྱས། ཟླ་སྟོད་ལ་གྲོལ་མཚམས་བྱས་ནས་གཞུང་དང་གདམས་པ་མང་པོ་བཤད་དོ། །ཡང་ལན་པ་སྤྱིལ་པོར་བསྒོམ་ཙ་ན། མཁའ་འགྲོ་མ་དཔག་ཏུ་མེད་པ་འདུས་ནས། ཁྱོད་ཀྱི་དགོན་པ་ཤངས་ན་ཡོད་ཀྱི་དེར་གདུལ་བྱ་སྐྱོངས་ཤིག་གསུངས་སོ། །དེ་ནས་ཤངས་སུ་འགྲོ་ཙ་ན། ཐོ་རངས་གཅིག་ཁ་བ་ཆེན་པོ་བྱུང་བའི་ནམ་


PS001_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལང་མ་ཐག་ལ་ཨ་ཙ་ར་གཅིག་མཇལ་ཟེར་གྱི་འདུག་ཟེར་བ་ལ། ང་མཚམས་སུ་ཡོད་པས་མི་འཕྲད་བྱས་པས་ང་རྒྱ་གར་ཐག་རིང་ནས་འོང་པས་ན་བ་ཡིན། འཕྲད་དགོས་ཟེར་བས་འཕྲད་དོ། །སྨན་པ་ལ་བསྟན་པས་ཁྲག་ཏུ་འདུག་ཟེར་ནས་གཏེར་ག་བྱེད་པར་བྱས་པ་དང་། རྣལ་འབྱོར་པའི་གཏེར་ཁ་དེས་མི་ཡོང་གསུངས་ནས་ནམ་མཁའ་ལ་སྐྱིལ་ཀྲུང་བཅས་ནས་བཞུགས་ཏེ་སྐུ་ལུས་ལ་ཁྲག་མང་པོ་བཏོན་ནས་ནམ་མཁའ་ལ་ཆགས་སོ། །ཡངས་ས་ལ་བཞུགས་ནས་རླུང་ལོངས་གསུངས་ནས། སྐུ་མཉེ་བྱེད་དགོས་བྱས་ཏེ་རྩི་མར་བྱུགས་པས། རྣལ་འབྱོར་པའི་སྐུ་མཉེ་དེས་མི་ཡོང་གསུངས་ནས། ཡང་འུ་རུ་རུ་འདུག་པ་དང་ནམ་མཁའ་ལ་བཞུགས་ནས་བ་སྤུའི་བུ་ག་ཐམས་ཅད་ནས་ཀུནྡ་མང་པོ་བཏོན་ཏེ་ནམ་མཁའ་ལ་ཆགས་པ་དང་། ཡང་དེ་རྣམས་བ་སྤུའི་བུ་གར་སིབ་ཀྱིས་བསྡུས་ནས་སྐུ་མཉེ་མཛད་དེ། ནམ་མཁའ་ལ་ཌཱ་ཀི་མ་མང་པོས་གར་སྣ་ཚོགས་བསྒྱུར་རོ། །དེ་ནས་འདི་གྲུབ་ཐོབ་གཅིག་འདུག་སྙམས་ནས་ཕྱག་འཚལ་བསྐོར་བ་བྱས་གསེར་གྱི་མཎྜལ་ཕུལ་ནས་ཐུགས་རྗེས་གཟིགས་པར་ཞུ་


PS001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བྱས་པས། གུ་ཎ་ཨ་ཀ་ར་དང་ནི། རཏྣ་ཨ་ཀ་ར་ཞེས་དང་། ཨ་བྷི་ཛུ་ཏ་ལ་དང་ནི། བྱུ་ན་ཨ་ཀ་ར་ན་རེ། བོད་དུ་གཤེགས་དང་རྣལ་འབྱོར་པ། གཅིག་དང་དགོས་པ་ཆེའོ་གསུངས། འོང་པས་ཁྱོད་དང་འཕྲད་པ་ཡིན། ང་རྒྱ་གར་གྱི་ཉི་མ་ཤར་མ་ཐག་འོང་བས། བོད་རོང་དོག་པས་ནམ་ལང་མ་ཐག་སླེབ་པ་ཡིན་གསུངས། བླ་མའི་ཡུལ་གང་ན་ཡོད་རིགས་གང་ཡིན་མཚན་ཅི་ཡིན། ཅེས་དྲིས་པས། ལྷོ་ཕྱོགས་ཨེ་ལ་བྷེ་ཤའི་ཡུལ། བྷི་ར་ཇོ་ཞེས་གྲོང་ཁྱེར་ཏེ། །རྡོ་རྗེ་མཁའ་འགྲོའི་ས་གཞི་དེར། ཡབ་ནི་ཨུ་ན་ལ་དྷ་བ། །མ་ནི་པཱུ་ཅ་ནི་མི་ལས། །བདག་ཀྱང་རྒྱལ་རིགས་མཐོ་གྱུར་ཏེ། དེ་ལ་སོགས་པ་རྣམ་ཐར་ཞིབ་པར་གསུངས་སོ། །དེ་ནས་འཕན་ཡུལ་འཆད་དཀར་ཟླ་བ་བཅུ་གཅིག་བཞུགས་ཏེ། ཐོག་མར་རྒྱུད་སྡེ་ཆེན་པོ་ལྔའི་དལ་གཅིག་དུ་དབང་བསྐུར། དེའི་རྗེས་ལ་རྒྱུད་སྡེ་ལྔ་སོ་སོའི་དབང་བཞི་རྫོགས་རེ་དང་། ཏིང་ངེ་འཛིན་གྱི་དབང་རེ་རེ་ཡང་བསྐུར་ནས། དེ་རྣམས་ཀྱི་སྒྲུབ་ཐབས་རེ་ཡང་གནང་ངོ་། །དེ་ནས་རྒྱུད་བརྟག་གཉིས་དང་། སམྦུ་ཊི་དང་། བདེ་མཆོག་རྩ་རྒྱུད་དང་།


PS001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རལླི་དང་། དགྱེས་རྡོར་སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ་དང་། དེ་ཉིད་བཞི་དང་། ཕྱག་རྒྱ་བཞི་ལྡན་དང་། རྫོགས་རིམ་ལྔ་ལྡན་དང་། བདེ་མཆོག་ལུ་ཧི་པ་དང་། དཔའ་བོ་གཅིག་པ་དང་། །རྗེ་བཙུན་མ་བརྒྱུད་པ་གསུམ་མ་དང་། །མ་ཧཱ་མ་ཡ་ཀུ་ཀུ་རི་པའི་ཆོས་བདུན་དང་། དེ་ཉིད་འབྲེལ་ལུགས་ཆེན་མོ་དང་། ཤནི༚ྟ་པ་ཡི་དེ་ཉིད་ལྔ་ལྡན་དང་། འཇིགས་བྱེད་ཀྱི་རྟོགས་པ་བདུན་པ་དང་། དགྲ་ནག་དང་། གསང་བ་སྦས་པ་རྣམས་ཞུས་སོ། །རྫོགས་རིམ་ལ་འཁོར་ལོ་ལྔའི་རྫོགས་རིམ་དང་། རླུང་ཤིང་རྟ་ཅན་དང་། བུམ་པ་ཅན་དང་། འཁོར་ལོ་བཅིངས་གྲོལ། འཕོ་བ་ཡེ་ཤེས་སྐར་ཁུང་མ། རྫོགས་རིམ་དེ་ཉིད་གསུམ་པ་རྣམས་ཞུས། བདེ་མཆོག་རིམ་བཞི་དང་། རིམ་ལྔ་དང་། གསང་འདུས་རིམ་ལྔ་སྟན་ཐོག་གཅིག་མ་དང་། རླུང་སེམས་དབྱེར་མེད་ཞུས། ཕྱག་རྒྱ་ཆེན་པོ་དོ་ཧ་ཞུས། དག་པ་ཡེ་ཤེས་ལ་སོགས་པ་ངོ་སྤྲོད་མང་པོ་ཞུས། དབུ་མ་བདེན་གཉིས་དང་། ངན་སོང་སྦྱོངས་རྒྱུད་ལ་སོགས་པ་ཡོ་ག་མང་དུ་ཞུས། ཕྱག་ན་རྡོ་རྗེའི་རྒྱུད་འབྱུང་པོ་འདུལ་བྱེད་དང་།


PS001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ལི་མའི་སྒྲུབ་ཐབས་གསུམ་དང་། མི་གཡོ་བའི་རྒྱུད་སྒྲུབ་ཐབས་ཆེན་མོ་དང་། རྣམ་འཇོམས་དང་། བྱིན་གྱིས་བརླབས་པའི་ལྷ་བཞིའི་སྒྲུབ་ཐབས་དང་བཅས་པ་དང་། མགོན་པོ་ཕྱག་དྲུག་པའི་འཁོར་བཞིའི་སྒྲུབ་ཐབས་དང་བཅས་པ་དང་ཉི་ཁྲོས་ཀྱི་སེར་བ་ལ་སོགས་སེར་བ་བརྒྱ་རྩ་བརྒྱད་གནང་ནས་བསྟན་པ་བསྲུང་དགོས་པ་ཡིན་གསུངས་སོ། །ཡང་ཉིན་གཅིག་བླ་མའི་ཞལ་ནས། དཔོན་སློབ་གཉིས་པོས་ཉིན་གཅིག་ལ་མཆོད་རྟེན་གཅིག་ཚར་བ་དང་རབ་གནས་ཟིན་པ་བྱེད་དགོས་གསུངས་ནས་བླ་མས་སྤྲུལ་པ་བཀྱེ་བ་དང་། ཌཱ་ཀི་མ་མང་པོས་གྲོགས་བྱས་པས། མཆོད་རྟེན་དང་རབ་གནས་དྲོ་གང་དུ་ཚར་ནས། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་བཞག་གོ། །དེ་ནས་བླ་མའི་ཞལ་ནས། ང་བལ་པོར་སྐྱོལ་དེའི་བར་དུ་ཁྱོད་ཀྱི་སློབ་དཔོན་དུ་གྱིས། ངས་སློབ་མའི་ཚུལ་བྱ་ཡི་གསུངས་ནས། རོང་དུ་ཞང་བདེ་བ་དཔལ་ལ་རྒྱུད་སྡེ་ལྔའི་དབང་བསྐུར། འདམ་དུ་སློབ་མ་ལྔ་བཅུ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་གནམ་དུ་ཐང་པ་རྗེ་འབང་ལ་དབང་བཀུར།


PS001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤངས་དང་། འཇད་རྟ་ནག་དང་། ལ་སྟོད་ལྷོ་བྱང་དང་། མང་ཡུལ་རྣམས་སུ་གསང་འདུས་དང་། འཇིགས་བྱེད་ཀྱི་དབང་བསྐུར། མང་ཡུལ་དུ་སློབ་མ་བཅུ་གསུམ་ལ་རྣམ་འཇོམས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་རོ། །དེ་ནས་མང་ཡུལ་དུ་ཚོགས་འཁོར་བརྒྱ་རྩ་མཛད་ནས་ཚེས་བཅོ་ལྔའི་ཉི་མ་ཙེ་རེ་བ་དེ་ལ། བླ་མའི་ཞལ་ནས་བོད་ན་རྡོ་རྗེའི་ས་གཞི་མེད་པས་སྒྱུ་མ་བྱར་མི་གཏུབ་པས། ཁྱོད་ང་ཡི་རྫུ་འཕྲུལ་གྱི་རྟ་ལ་ཞོན་ནས་རྒྱ་གར་དུ་འདེངས་གསུངས། ཚེ་ཉི་ཟླ་དང་མཉམ་པ་སྒྲུབ། གདམས་ངག་ལྷག་མ་དང་བཅས་པ་རྣམས་ཀྱང་སྦྱིན་གྱི་གསུངས་པ་ལ། ག་རེ་ཤུལ་ན་མ་གཅིག་ཀྱང་ཡོད། རྒྱ་གར་དུ་བསླབ་པའི་ཆོས་འདི་རྣམས་ཀྱང་བོད་ལ་ཕན་མི་ཐོགས་པ་འདུག་སྙམས་པ་གཅིག་བྱུང་བ་དང་། བླ་མའི་ཞལ་ནས་དོ་ནུབ་རྡོ་རྗེ་གདན་དུ་ཚོགས་འཁོར་གྱི་དཔོན་ལ་འགྲོ་དགོས་པ་ཡོད། རྟོག་པའི་ཐུམ་བུ་ཁྱོད་མི་འགྲོ་བར་འདུག་གསུངས་ནས་ནམ་མཁའ་ལ་བྱ་བཞིན་དུ་གཤེགས་སོ། །དེ་ནས་བླ་མ་ལ་གསོལ་བ་བཏབ་ནས་ངུས་པས། ཚུར་བྱོན་ཏེ་ནམ་མཁའ་ལ་


PS001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས་བདུད་རྩི་ཚིག་དྲུག་འདི་གསུངས་སོ། ༈ །སྡུག་བསྔལ་རྩ་བར་གྱུར་པ། །བདག་ཏུ་འཛིན་པ་ཡིན་གྱིས། །ཞེ་འདོད་ཕྱོགས་རིས་མེད་པར། །མཉམ་ཉིད་དོན་ལ་ཞོག་ཅིག །ཚེ་འདི་མི་རྟག་འགྱུར་ཞིང་། །ཕྱི་མར་མི་ཆད་སྐྱེ་བས། །ལས་འབྲས་ཚུལ་བཞིན་བསྒོམ་ལ། །དམ་ཚིག་གཙོ་བོར་སྲུངས་ཤིག །བརྟན་པ་མ་ཐོབ་བར་དུ། །འདུ་འཛི་གཡེང་བས་གནོད་པས། །རི་དྭགས་སྨས་མ་བཞིན་དུ། །གཅིག་པུར་ཉམས་སུ་ལོངས་ཤིག །ཞེ་སྡང་ཕྲག་དོག་ཆེ་བས། །ཡོན་ཏན་ཅི་སྐྱེས་ཐམས་ཅད། །བུམ་ནང་མར་མེ་བཞིན་ཏུ། །རྟག་ཏུ་སྦ་བར་གྱིས་ཤིག །གནས་ལུགས་ཟུང་འཇུག་ཡིན་གྱི། །ཅིར་སྣང་སྒྱུ་མར་བསྒོམས་ཤིག །སྣང་ལ་རང་བཞིན་མེད་པའི། །ལུས་འདི་དྲན་པས་ཟུངས་ཤིག །ཚེ་འདིར་དགོས་འདོད་འབྱུང་ཞིང་། །ཕྱི་མ་ལམ་སྣ་འདྲེན་པའི། །བླ་མ་སངས་རྒྱས་ལྟ་བུར། །རྟག་ཏུ་དྲན་པར་གྱིས་ཤིག །གསུངས་ནས་རྒྱ་གར་དུ་བཞུད་དོ། །དེ་ནས་གཉེ་མོར་མང་དུ་སྤྲུལ་


PS001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམག་གིས་གཡུལ་ངོ་བཟློག་པས་ཡུལ་མི་ཐམས་ཅད་མོས་ནས་ཆོས་ལ་བཙུད་དོ། །དེ་ནས་འཕན་ཡུལ་འཆད་ཀ་དགོན་པ་བླ་མ་རཱ་ཧུ་ལའི་ཆོས་སྐོར་རྣམས་ཞུ་བ་ལ་སློབ་མ་མང་དུ་འདུས་ནས། ལོ་གསུམ་ཆོས་བཤད་པ་དང་། སེང་གེའི་གདོང་ཅན་ལ་སོགས་པའི་ཌཱ་ཀཱི་མང་པོ་བྱོན་ཏེ། ཤངས་ན་དགོན་པ་ཡོད་པས་དེར་གཤེགས་འཚལ་ཟེར་ནས། དཔོན་གཡོག་གསུམ་སྟོང་གིས་ཤངས་སུ་བྱོན་ནས། ཞང་ཞང་གི་གནས་ཀྱིས་སྣ་དྲངས་པའི་གནས་དགོན་བརྒྱ་རྩ་བརྒྱད་ལོ་གསུམ་ལ་བཏབ་ནས། དེ་རྣམས་ཀྱི་སྤྱི་དཔོན་ཁྱུང་པོས་བྱས་ཏེ། བདག་གིས་ཆོས་ཉན་བཤད་དང་། སྒོམ་སྒྲུབ་འབའ་ཞིག་ལ་གཙོ་བོར་བྱས། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་ཁྲི་ཚོ་གསུམ་འདུས་པའི་དུས་སུ་བདག་ལ་ནད་གཅིག་གིས་བཏབ་ནས། དཔོན་སློབ་བཅུ་གསུམ་གྱིས་ཞག་བཅུ་གཅིག་ལ་མགོན་པོའི་གཏོར་ཆེན་བྱས་པས། གཏོར་མ་བསྐྱལ་ཙམ་ན་ཐམས་ཅད་ཀྱིས་མགོན་པོ་སྐུ་མདོག་དཀར་པོ་གཅིག་ཞལ་མཐོང་ནས་བདག་གི་ནད་དྲག་གོ། །དེ་ནས་གཟུངས་


PS001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མགོན་པོའི་འཁོར་ཐམས་ཅད་དང་། རྣམ་སྲས་རྟ་བདག་བརྒྱད་དང་བཅས་པ་བྲན་བཞིན་དུ་ཉན་ཅིང་ཕྲིན་ལས་སྒྲུབ་བ་བྱུང་ངོ། །སྟོན་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རངས་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་། མཚོན་ཆ་ཅན་ལྷ་བཅུ་གསུམ་ཞལ་མཐོང་ནས། དེ་ཉིད་བཞིའི་གདམས་པ་གསུངས། །དེའི་ཚེས་བཅོ་ལྔ་ལ་འཇམ་དཔལ་བྱོན་ནས། རིན་པོ་ཆེའི་སྒྲོམ་བུ་གཅིག་ཁ་ཕྱེས་ནས་དམིགས་པའི་སྒྲོམ་བུ་གསུངས་པས། སྔར་གྱི་རྒྱ་གར་དུ་ཞུས་པ་བས་གནད་ཟབ་པར་བྱུང་ནས་ནད་གདོན་ཐམས་ཅད་དམིགས་པ་དེ་ཉིད་བཏབ་པ་ཙམ་གྱིས་སེལ་བ་བྱུང་ངོ་། །ཡང་སྟོན་ཟླ་འབྲིང་པོའི་ཚེས་གསུམ་ལ་སྒྲོལ་མ་ལྷ་བཅུ་གསུམ་དང་། རྣམ་འཇོམས་ཁྲོ་བཅུའི་བསྐོར་བ་གཅིག་ཞལ་མཇལ་ནས། དབང་བསྐུར་བྱས་པས་བུམ་པ་དང་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ་བྱུང་ངོ་། །དེ་ནས་ཀྲེའོ་བྱང་ཆུབ་རྒྱལ་གྱིས་འབུལ་བ་ལེན་གསུམ་ཕུལ་ནས་དབང་བསྐུར་ལེན་གསུམ་ཞུ་བ་བྱས་པས་ང་ཡེངས་ནས་བརྗེད་པས་ཉིན་གཅིག་གི་སྐྱོ་


PS001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ལ་ཕྱིན་ཙ་ན། ཁོས་ཡང་འབུལ་བ་བྱས་དེ་རིང་ལ་ཅིས་ཀྱང་དབང་བསྐུར་མཛད་དགོས་ཟེར་བ་ལ། འདི་ཀར་བྱ་ཡི་བྱས་ནས་སྤང་གཤོང་དེ་ཉིད་དུ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བས། ཁོའི་ནད་གདོན་ཐམས་ཅད་དངོས་སུ་དོན་ནས་བྱུང་ངོ་། །དེ་ནས་གྲྭ་པ་མང་དུས་ཁྲི་ཚོ་ལྔ་འདུས་ནས་ཐམས་ཅད་ཐབས་ཀ་འབའ་ཞིག་ལ་ཡེངས་ནས་ཉན་བཤད་དང་། སྒོམ་སྒྲུབ་ཙམ་མ་བྱུང་བས་སྐྱོ་བ་སྐྱེས་ནས་རྒྱ་གར་དུ་འགྲོ་སྙམས་ཙ་ན། སྒྲོལ་མ་བྱོན་ནས། ཐེག་ཆུང་ལམ་ལ་མ་འཇུག་པར་གོ་ཆ་ཆེན་པོ་གོན་གཅིག་གསུངས་པས། བུམ་ཆུང་གཅིག་ཏུ་གབ་ནས་ཞག་བདུན་ཏིང་ངེ་འཛིན་ཟས་སུ་ཟོས་པས། བཙུན་ཆུང་གཟིམ་གཡོག་པ་གཅིག་མལ་སར་བྱུང་གིན་ངུ་ཡི་འདུག་པས་སྙིང་རྗེ་པར་བྱུང་ནས། བཙུན་ཆུང་ཅི་ལ་ངུ་བྱས་པས་མཁན་པོ་གར་བཙལ་ཡང་མ་སྙེད་པས་ངུས་པ་ཡིན་ཟེར་རོ། །དེ་ནས་སོས་ཀ་མེ་ཏོག་རྒྱས་པའི་དུས་སུ་ཉིན་གཅིག་གྲྭ་པ་རྣམས་ཁྲིད་ནས་སྤངས་ཁར་ཕྱིན་ནས། མི་རེའི་མདུན་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་མོ་ལྟ་བས་


PS001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་མི་ཤེས་པ་མིག་ཟུར་མིག་དུ་བལྟ་བ། འཛུམ་ཞིང་སྒེག་པ་སྙན་པའི་གླུ་ལེན་པ་མང་པོ་བསྟན་པས། ཐམས་ཅད་དགའ་བར་གྱུར་ཏོ། །ཡང་སང་ཉིན་ཀྱང་ལྟད་མོ་ལ་འདེང་ངོ་བྱས་པས་གྲྭ་པ་མ་ལུས་པ་བྱུང་བ་དང་། ཡང་མི་རེའི་མདུན་དུ་གཤིན་རྗེའི་མི་ཤ་གློ་བ་འཇིགས་སུ་རུང་བ། མིག་དམར་བ། ཁ་གདང་པ། མཆེ་བ་བརྩིགས་པ། མི་རུང་བའི་གད་མོ་འབྲུག་ལྟར་སྒྲོགས་པ། སོད་ཅིག་ཚོམ་ཅིག་ཟེར་བ། ལག་ན་མཚོན་ཆ་བརྡར་བ་ཤ་སྟག་ཐོགས་པ་མང་པོས་བསྐོར་འདུག་པ་དང་། དེར་འཚོགས་པ་ཐམས་ཅད་བསྡངས་སྐྲག་རེངས་བརྒྱལ་པར་གྱུར་ཏོ། །དེ་ནས་བརྒྱལ་བ་སངས་པ་དང་། ཁོང་རྣམས་ན་རེ། འདི་ལྟ་བུའི་བར་དོའི་ལས་ཀྱི་གཤིན་རྗེ་ཡིན་སྙམས་ནས་བརྒྱལ་བ་ལགས་པས། ལྷ་མོ་དང་གཤིན་རྗེ་རྣམས་བླ་མའི་སྤྲུལ་པ་ཡིན་ནམ། འདི་ལྟ་བུའི་སྣང་བ་འབྱུང་བ་ཡིན་ཟེར་བ་ལ་བླ་མའི་ཞལ་ནས་ཆགས་སྡང་ཡུལ་རྣམས་ཐམས་ཅད་ཀུན། རང་གི་སེམས་ལས་བྱུང་བ་ཏེ། རྣལ་འབྱོར་པ་ཡི་སྣང་བ་ལ། ཤ་ཟ་


PS001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་གཤིན་རྗེའི་གཟུགས། །མཚོན་ཆ་སྣ་ཚོགས་ལག་ན་ཐོགས། ཚེ་སྲོག་དུས་འདིར་སྡུད་བྱེད་ཀྱང་། །སྒྱུར་མར་ཤེས་པས་གྲོལ་བར་འགྱུར། །ལྷ་མོ་མཛེས་མ་རྒྱན་ཀྱིས་བརྒྱན། །གླུ་ལེན་སྙན་པའི་སྒྲ་སྒྲོགས་ཅིང་། །ཡིད་འོང་མང་པོས་མཐའ་སྐོར་ཡང་། །རང་སྣང་སྒྱུ་མར་ཐག་ཆོད་ན། །དེ་དག་གིས་ཀྱང་འཆིང་མི་ནུས། །ཅེས་པ་ལ་སོགས་པའི་ཆོས་དང་། བར་དོའི་ཆོས་བསྟན་པས་ཐམས་ཅད་ཉན་བཤད་དང་། །སྒོམ་སྒྲུབ་ལ་བརྩོན་པར་གྱུར་ཏོ། །དེ་ནས་ཉིན་གཅིག་དགེ་བཤེས་རོང་པོ་དཀོན་མཆོག་རྒྱལ་གྱིས་བྲག་རིང་གི་ཐ་འོག་དུ་མང་བསྐོལ་བྱས། རྟ་བརྒྱ་དང་། དངུལ་བྲེ་གཅིག་དང་། དར་ཟབ་མང་པོ་ཕུལ་ནས། །ཁྱུང་པོ་རྣལ་འབྱོར་ཁྱོད་དག་གིས། །རྒྱ་གར་ཡུལ་དུ་ལན་གསུམ་བྱོན། །བླ་མ་བརྒྱ་དང་ལྔ་བཅུ་བཙལ། རྩ་བའི་བླ་མ་བཞིའམ་ལྔ་ཡོད་པས་ཁྱེད་གྲུབ་ཐོབ་ཏུ་གྱུར་ནས་སྣང་བ་རང་བཞིན་མེད་པར་རྟོགས་པ་ཡིན་ཟེར་བ་ལ། བྲག་འདི་ལ་ཕར་ཐལ་ཚུར་ཐལ་འགའ་རེ་གྱིས། ནམ་མཁའ་ལ་སྐྱིལ་ཀྲུང་གྱིས་ལ་འདུག་ཟེར་བ་ལ་བྲག་རི་དེ་ལ་ཐལ་བྱུང་སུ་ཕྱིན། ནམ་མཁའ་


PS001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱིལ་ཀྲུང་བཅས་ནས། གཅིག་དང་དུ་མར་སྣང་བ་ལ་སོགས་པའི་རྫུ་འཕྲུལ་འགའ་རེ་བསྟན་པས། རོང་པོ་དང་གྲྭ་བ་ཐམས་ཅད་ཤིན་ཏུ་དད་དེ། དེ་ལྟ་བུའི་ཡོན་ཏན་དེ་གདམས་ངག་གང་བསྒོམས་པ་ལས་བྱུང་བ་ཡིན་ཟེར་བ་ལ། ༈ །ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །སྒྱུ་མ་ལྟ་བུར་ཉམས་བླངས་པས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །སྣང་ཡང་བདེན་མེད་ཆོས་རྣམས་ལ། །བྱིས་པས་བདེན་པར་བཟུང་བས་འཁྲུལ། །མེད་བཞིན་སྣང་བ་ཨེ་མ་ཧོ། །ལ་སོགས་པའི་ཆོས་བཤད་པས་དད་དེ་ཟླ་བ་བཅུ་གཅིག་ན་རོང་པོས་ཡི་དམ་ལྷའི་ཞལ་མཐོང་ནས་སྣང་བ་བདེན་མེད་དུ་རྟོགས་སོ། །དཔྱིད་ཟླ་ར་བའི་ཚེས་གཅིག་གི་ཐོ་རངས་ཌཱ་ཀི་མ་མང་པོ་བྱུང་ནས། ཡར་གྱི་ངོ་ཚེས་བཅུ་དང་མར་གྱི་ཚེས་བཅུ་བཞི་ལ་ཚོགས་བརྒྱ་རྩ་བརྒྱད་གྱིས་ཤིག །ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལྟེ་བ་གསང་གནས་དང་ལྔ། རྒྱུད་སྡེ་ལྔའི་ལྷ་ཚོགས་དང་དབྱེར་མེད་དུ་གྱུར་ཅིང་། རང་གཞན་ཐམས་ཅད་ཀྱི་མངོན་སུམ་དུ་མཐོང་ནས་རང་དང་དབྱེར་མེད་དུ་གྱུར་ཏོ། །དེ་ནས་དཔྱིད་ཟླ་འབྲིང་པོའི་ཚེས་བདུན་གྱི་


PS001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་འཇིང་ཡོལ་ཙམ་ན་ཡེ་ཤེས་ཀྱི་ཌཱ་ཀི་མ་ཀུན་ཏུ་བཟང་མོ་བྱོན་ནས། འཚོགས་པའི་མཐར་ཐུག་ཁྲི་བཅོ་བརྒྱད། སློབ་མའི་མཐར་ཐུག་ལྔ་དང་གཅིག །ཚེ་ཡི་མཐར་ཐུག་བརྒྱ་དང་ལྔ་བཅུ། །ཞིང་ཁམས་མཐར་། ཐུག་བདེ་བ་ཅན། ཞེས་གསུངས་པས་སད་བྱེད་བྱས་ནས་འཚོགས་པ་ཆེ་དུས་ཁྲི་ཚོ་བཅོ་བརྒྱད་དང་། སྔ་བུ་ལྔ། ཕྱི་བུ་གཅིག་དང་། ལོ་བརྒྱ་དང་ལྔ་བཅུ་ཐུབ་པ་དང་། ཚེའི་དུས་བྱས་ནས་བདེ་བ་ཅན་དུ་འགྲོ་བ་དང་། སེམས་ཅན་གྱི་བསམ་པ་དང་བགས་ལ་ཉལ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བྱུང་ནས། སློབ་མ་རྣམས་ལ་ལན་རེ་ཙམ་བཤད་པ་དང་། ཌཱ་ཀི་མ་སུ་ཁ་སིདྡྷི་བྱོན་ནས། །སྙིགས་མའི་སེམས་ཅན་ལོག་ལྟ་ཅན། །རྒྱལ་བས་ཀྱང་ནི་མ་ཐུལ་ཞིང་། །མཁྱེན་པའི་སྤྱན་ལ་བདུད་འཛིན་པས། །ཡོན་ཏན་སྦས་པའི་རྣལ་འབྱོར་གྱིས། ཅེས་ལན་གསུམ་གསུངས་པས། རང་རྒྱུད་པའི་ཚུལ་བཟུང་ནས་ཡོན་ཏན་གཏུབ་ཚད་ཀྱིས་སྦས་སོ། །དེ་ནས་འཚོགས་པ་ཆེ་དུས་ཁམས་པའི་མི་ཚངས་རྣམས་འབུལ་བ་བྱེད་པ་ལ་མ་འཆམ་པས། དུས་གཅིག་ལ་ཆོས་ཁྲི་བརྒྱ་རྩ་བརྒྱད་རྩིགས། དེའི་


PS001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་བསྟན་ཏེ་བཞུགས། ཆོས་ཁྲིའི་རེའི་མདུན་དུ་མི་ཚངས་རེའི་འབུལ་པ་འགྲེན་ནས་བྱས་སོ། །དེའི་དུས་སུ་རིན་ཆེན་རྡོ་རྗེའི་གཟིམས་གཡོག་བྱས་ནས་ཐ་མལ་རང་རྒྱུད་བཟུང་ཏེ་ལོག་ལྟ་ཨན་རེ་བྱེད་ཀྱིན་འདུག་པས་མཁྱེན་ནས། ཡི་གེ་བརྒྱ་པ་དང་དག་བྱེད་ཨའི་སྟོང་ར་ཞག་བདུན་བསྒོམས་དུ་བཅུག་ནས། གཟིམས་ཆུང་དུ་བྱུང་བ་དང་། ང་ཅི་མཐོང་བྱས་པ་དང་། བླ་མ་བེར་ཐུལ་གསོལ་བར་མཐོང་ཟེར། ད་ཅིར་མཐོང་བྱས་པས་ཕྱག་འཚལ་ནས་དགྱེས་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་དུ་མཐོང་ཟེར། ཡང་གནས་ལྔར་རྒྱུད་སྡེ་ལྔ་བཀོད་པས་ཀྱང་དེ་ལྟར་མཐོང་འདུག་ནས་ཕྱིར་སོང་བྱས་པས་ཕྱིར་ཕྱིན་པ་དང་། ནང་དུ་འོང་ནས་ལྟས་པ་དང་། ཡང་དགྱེས་རྡོར་དུ་མཐོང་བ་དང་བླ་མའི་ཞལ་ནས། དུས་ད་ནས་བཟུང་སྟེ་ང་ཐ་མལ་དུ་སྐད་ཅིག་ཀྱང་མ་ལྟ་ཨང་བྱས་པས། རིན་ཆེན་རྡོ་རྗེ་ན་རེ། སྐུ་ལུས་སྤྲུལ་པའི་ལྟ་དགུ་ལ། གནས་ལྔར་རྒྱུད་


PS001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ལྔའི་ལྷ། །བརྒྱ་རྩ་བརྒྱད་ཀྱི་ཆོས་ཁྲི་ལ། བལྟ་བས་མི་ངོམ་སྐུ་ལུས་རེ། །མཐའ་བྲལ་ཐེག་ཆེན་ཆོས་སྒྲ་སྒྲོགས། །སྣ་ཚོགས་སྤྲུལ་པ་ཕྱོགས་བཅུར་སྟོན། །རྒྱལ་བ་རྒྱ་མཚོའི་ཐུགས་སྤྲུལ་པའི། །བླ་མ་སངས་རྒྱས་ཁྱོད་ལ་བསྟོད། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ཡང་དག་ལམ་ལ་གཟུང་དུ་གསོལ། །ཞེས་ཁོས་བསྟོད་པ་བྱས་སོ། །དེ་ནས་ལོག་ལྟ་སྐད་ཅིག་ཙམ་མ་སྐྱེས་པར། ཅི་གསུང་ཉན་པའི་ཉེ་གནས་སུ་གྱུར་ཏོ། །དེ་ནས་ཡང་བྱམས་པའི་ཆོས་ལྔ་དང་། །གསང་བ་སྤྱི་རྒྱུད་བཤད་པའི་འཚོ་བ་འདྲེན་པ་ལ། དབུས་གཙང་ཁམས་གསུམ་གྱི་གྲྭ་པ་རྣམས་མ་འཆམ་པར། དམ་སེལ་དུ་འགྲོ་བར་བྱུང་པ་དང་། རྒྱལ་ཆེན་རིགས་བཞིའི་ལྷ་ཚོགས་རྣམས་བྱུང་ནས། ཐར་མེད་གནས་སུ་སྐྱེ་བ་དང་། ཐར་པའི་གནས་གཅོད་བྱེད་པ་ནི། །མི་མཐུན་དག་ལས་འབྱུང་བར་འགྱུར། །དེ་ཕྱིར་དམ་ཚིག་སྨོས་ཅི་དགོས། །མཐུན་པའི་དཀའ་ཐུབ་དག་ལས་ནི། །ཚེ་གཅིག་སངས་རྒྱས་རྙེད་མི་དཀའ། །དེ་ཕྱིར་འདིར་འཚོགས་ལྷ་རྣམས་ཀྱིས། །ཆོས་གསུང་ཚེ་ན་བསྙེན་བསྐུར་


PS001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཏ་ལ་བདུན་སྲིད་གཅིག་ཀྱང་རུང་། མཁའ་ལ་ཆོས་ཆར་དབབ་ཏུ་གསོལ། །ཆོས་ཀྱི་དུང་ཆེན་བསྒྲོག་ཏུ་གསོལ། །ཆོས་ཀྱི་བ་དན་བསྒྲེང་དུ་གསོལ། །ཅེས་གསོལ་བ་བཏབ་པས། ཟླ་བ་བདུན་མི་ཟས་མི་ཟ་བར་དམ་བཅས་ནས་ནམ་མཁའ་ལ་ཤིང་ཏ་ལ་གཅིག་གི་ཚད་ཙམ་དུ། ཟླ་བ་བདུན་གྱི་བར་དུ་བྱམས་པའི་ཆོས་ལྔ་དང་། གསང་བ་སྤྱི་རྒྱུད་ཚར་བར་བྱས་པས། དབུ་མའི་ལྟ་བ་ཁོང་དུ་ཆུད་པ་མང་དུ་བྱུང་བ་དང་། ལྷ་རྣམས་ཀྱིས་མགྲིན་གཅིག་ཏུ། འདི་སྐད་ཅེས་བརྗོད་པར་གྱུར་ཏོ། །བླ་མ་རྡོ་རྗེ་གདན་པའི་ཐུགས་དགོངས་རྫོགས་པར་གྱུར་ཏོ། །ལྷ་རྣམས་ཚིམས་པར་གྱུར་ཏོ། །མི་རྣམས་གྲོལ་བར་གྱུར་ཏོ། །སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་པར་གྱུར་ཏོ། །ཨ་ལ་ལ་ཞེས་ལན་གསུམ་བརྗོད་ཅིང་། མེ་ཏོག་གི་ཆར་ཆེན་པོར་ཕབ་སྟེ་མི་སྣང་བར་གྱུར་ཏོ། །ཡང་གནས་མཁར་གྱི་རྫོང་ལ་བསྒོམ་ཙ་ན་འཇིགས་བྱེད་ལྷ་བཅུ་གསུམ་པོ་ཐོད་པ་དང་བཅས་པ་ནམ་མཁའ་ཁེངས་པ་ཙམ་གྱི་སྐུ་ཤིན་ཏུ་ཆེ་བ་གཅིག་མཐོང་ནས། དྲག་པོ་གསུམ་འདུལ་གྱི་གདམས་


PS001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གསུངས། དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་གྱི་ཐོ་རངས། །སངས་རྒྱས་འོད་དཔག་མེད་བྱོན་ནས། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་རྣམས་བསྟན་ནས། ཁྱོད་ཀྱི་སྐྱེ་བ་ཐ་མ་སྟེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྡེ་དང་བཅས་པའི་བདུད་བཏུལ་ནས། །མངོན་པར་བྱང་ཆུབ་འཁོར་ལོ་བསྐོར། །གང་གིས་ཁྱོད་ཀྱིས་རྗེས་སློབ་ཅིང་། །འོད་དཔག་མཚན་ཙམ་ཐོས་པས་ཀྱང་། །བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫུ་འཕྲུལ་ཆེན་པོས་སྐྱེ་བར་འགྱུར། །ཁྱོད་ཀྱི་རྒྱུད་འཛིན་རྣམས་པ་གསུམ། །མངོན་དགའ་དང་ནི་བདེ་བ་ཅན། །དག་པའི་ཞིང་ནས་ཞིང་དུ་འགྲོ། །དེར་ནི་མངོན་པར་བྱང་ཆུབ་འགྱུར། །ཞེས་པ་ལ་སོགས་པའི་ལུང་བསྟན་མང་དུ་མཛད་དོ། །དེ་ནས་འཚོགས་པ་ཁྲི་ཚོ་བཅོ་བརྒྱད་ཚོགས་པའི་དུས་སུ། །བཤད་གྲྭ་ཆེན་མོ་བ་ཕྲག་དོག་སྐྱེས་ཏེ། ཡང་ན་ཞོང་ཞོང་པའི་ཞབས་ལ་འདུད། །ཡང་ན་གྲྭ་པ་ཉུང་ངུས་དུས་སུ་བླ་མ་ཀྲོང་ལ་གྲྭས་མེད་པ་བྱའོ་ཞེས་བྱས་པས་གྲྭ་པ་གཞོན་པ་ཚོས་ཆོས་ཞུས་ནས་སློབ་མ་རང་བྱེད་པ་འཐད་ཟེར་བ་ལ། རྒན་པོ་གསུམ་གྲོས་འཆམ་སྟེ། གཅིག་གི་ཆོས་


PS001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་དང་ཐམས་ཅད་ཀྱིས་ཆོས་ཞུས་ནས་གྲྭ་ས་འཇིགས་འགྲོ་བས། དེ་བས་གྲྭ་པ་ཉུང་ངུས་དམག་བྱེད་པ་འཐད་ཟེར་རོ། །དེ་ནས་བྱ་བྱུང་ནས། བླ་མ་ལ་ཉེ་གནས་རིན་ཆེན་རྡོ་རྗེས་ཁོང་ཚོས་དམག་བྱེད་པར་འདུག་པས། ཡང་ན་ཕར་ལ་དམག་རྒྱབ་ལ་གྲྭ་ས་ཆེན་པོ་མེད་པར་བྱ། ཡང་ན་བྲོས་པ་རང་འཐད་ཟེར་བ་ལ། ངས་ཆོས་བྱས་པས་གནོད་འཚེའི་དམག་མི་བྱེད། གནས་དགོན་འདི་རྣམས་ང་རང་གི་གསར་དུ་བཏབ་པས་བྲོས་དོན་མེད་བྱས་ནས་མ་ཉན་པ་དང་། སྟོན་ཀ་གྲྭ་པ་ཉུང་ངུས་གཅིག་ཏུ་དམག་སྟོང་ཚོ་ལྔ་ནམ་ལང་མ་ཐག་བྱུང་བས། རིན་ཆེན་རྡོ་རྗེ་ན་རེ་ཁ་ནིང་ནས་དམག་འོང་བར་འདུག་བྱས་པས་མ་གསན། ད་དམག་གིས་སྐོར་ནས་གདའ་ཅི་ཙུག་བྱེད་ཟེར་བ་ལ། ཏིང་ངེ་འཛིན་གྱི་སྤྲུལ་པའི་དམག་གིས། དམག་སྟོང་ཚོ་ལྔ་པོ་དེ་རི་ཀླུང་མེད་པར་དད་ནས་རྨ་དང་ཤི་བ་མེད་པར་གཡུལ་ངོ་ལས་རྒྱལ་བར་བྱས་པས། ཁོང་རྣམས་སློབ་མར་ཚུད་ནས་རྩ་བའི་བླ་མར་བཟུང་སྟེ། ཅི་ཡོད་ཐམས་ཅད་ཕུལ་ལོ། །ཡང་མུ་གེ་ཆེན་པོ་བྱུང་བའི་དུས་སུ་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་བཏབ་


PS001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལུང་བསྟན་བྱུང་ནས་སྔ་དྲོ་ཐང་ཆེན་པོ་ལ་ནས་བཏབ་པས་ཕྱི་དྲོ་ནས་བྱུང་ནས་ཟད་མི་ཤེས་པའི་སྟོན་ཐོག་ཐོན་བྱུང་སྟེ་མུ་གེ་ལས་ཐར་བར་བྱས་སོ། །ཡང་སྟག་ལོ་སྟོན་ཟླ་ར་བའི་ཚེས་བརྒྱད་ལ་བྱིན་གྱིས་རླབས་པའི་ལྷ་བཞིའི་སྤྲུལ་པའི་དཀྱིལ་འཁོར་དུ་སློབ་མ་བཅོ་ལྔར་དབང་བསྐུར་ནས། དུས་དེ་ནས་བཟུང་ནས་ཞལ་མཐོང་བ་མང་པོ་བྱུང་ངོ་། །དགེ་བཤེས་འགའ་པ་ཆོས་རྒྱལ་གྱིས་འབུལ་བ་ཆེན་པོ་བྱས་ནས། བྱམས་པའི་ཆོས་ལྔ་དང་། འབུམ་ཊི་ཀ་དང་། ལེ་བརྒྱད་མ་ནས་ཡི་གེ་གཅིག་མ་ཡན་ཆད་མཁས་པར་བསླབ་ནས་སྒོམ་བློ་བྱས་པ་ཡིན་ཏེ་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཐག་མ་ཆོད། ད་བོད་ན་རྒན་པོ་རྣམས་ལ་ཞུས་མ་ཞུས་མི་འདུག་པས། བླ་མས་རྣལ་ལམ་བཟུང་ལ། ཡུམ་ཆེན་མོ་ལ་ལྟ་བ་རྣམ་དག་གཅིག་ཞུས་ནས་ང་ལ་གནང་བར་ཞུ། ང་ཚེ་ཐུང་རིགས་ཡིན་པས་ཚེ་དཔག་མེད་ལ་ཚེ་སྒྲུབ་གཅིག་ཞུ། སྙིང་རྗེ་འདི་སྐྱེ་དཀའ་བར་བྱུང་བས། ཐུགས་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་བ་གཅིག་ཞུ། རྣམ་སྲས་འདི་བསྒྲུབས་ཀྱང་མ་ཁོལ་བས། ཕྱག་ན་རྡོ་རྗེ་ལ་རྒྱུད་དང་གདམས་པ་


PS001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། །རྗེ་བཙུན་མ་ལོ་གསུམ་བསྒྲུབས་ཀྱང་དབང་གི་ཕྲིན་ལས་གཅིག་ཀྱང་མ་འགྲུབ་པས། ཨོ་རྒྱན་དུ་རྗེ་བཙུན་མ་ལ་སྣང་སྲིད་གཡོ་འགུལ་གྱི་གནད་གཅིག་ཀྱང་ཞུ་ཟེར་བས། བདག་གིས་རྨི་ལམ་བཟུང་ནས་འོག་མིན་དུ་ཕྱིན་ནས་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱི་འཁོར་དཔག་ཏུ་མེད་པས་བསྐོར་ནས་ཐམས་ཅད་ཀྱང་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ཤ་སྟག་བཞུགས་ཤིང་འདུག་པ་ལ་མཆོད་བའི་བྱེ་བྲག་དཔག་ཏུ་མེད་པ་ཕུལ་ནས་ཆོས་ཞུས་པས། མཐར་ཐུག་སྐྱེ་མེད་རྣམ་གསུམ་གྱི་གདམས་ངག་གནང་ངོ་། །ཡང་བདེ་བ་ཅན་དུ་ཕྱིན་ནས་མགོན་པོ་འོད་དཔག་མེད་དེ་བྱང་ཆུབ་ཀྱི་ཤིང་གི་སྟེང་ནས། སྤྱན་རས་གཟིགས་དང་། རྟ་མགྲིན་དང་། ཕྱག་རྡོར་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས། བརྡའི་སྒོ་ནས་ཆོས་སྟོན་ཅིང་འདུག་པ་ལ། བདག་གིས་མེ་ཏོག་གི་ཆར་ཆེན་པོ་ཕབ། ལུས་ཀྱི་ལྷའི་བུ་དང་བུ་མོ་རོལ་མོ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་སྤྲུལ་ནས་ཕུལ་ཏེ་འཛམ་བུའི་གླིང་པའི་སེམས་ཅན་ཚེ་ཐུང་པ་ལས་བསྐྱབ་ཏུ་


PS001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཞེས་ཞུས་པས་སངས་རྒྱས་ཚེ་དཔག་མེད་དང་བྱང་ཆུབ་ཀྱི་ཤིང་གཉིས་ཀ་ལས་ཆོས་ཀྱི་སྒྲ་བྱུང་སྟེ། བདུད་རྩི་བུམ་པའི་ཚེ་སྒྲུབ་གསུངས་སོ། །དེ་ནས་ཡང་པོ་ཏ་ལར་ཕྱིན་ནས་ཐུགས་རྗེ་ཆེན་པོས་གནོད་སྦྱིན་རྣམས་ལ་བྱམས་པའི་ཆོས་གསུངས་པ་དང་མཇལ་ནས་གཙོ་འཁོར་གསུམ་པོ་ལས་འོད་ཟེར་གསུམ་བྱུང་ནས་བདག་གི་གནས་གསུམ་དུ་ཟུག་སྟེ། འོད་ཟེར་དེ་དག་ལས་ཆོས་ཀྱི་སྒྲ་འདི་དག་བྱུང་སྟེ། ཆོས་རྣམས་རང་བཞིན་སྐྱེ་མེད་ལས། འགགས་མེད་སྙིང་རྗེ་མ་ཤར་ན། འགྲོ་དྲུག་སེམས་ཅན་མ་རྒན་རྣམས། སྨིན་ཅིང་གྲོལ་བར་མི་ནུས་པས། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། མ་ཡི་དྲིན་དང་སྡུག་བསྔལ་རྣམས། །མ་ཡེང་དྲན་པའི་ལྕགས་ཀྱུས་ཟུངས། །ཚད་མེད་སྙིང་རྗེ་ཆེན་པོ་སྐྱེད། །བྱམས་པའི་གངས་རི་ཆེན་པོ་ལས། །སྙིང་རྗེའི་ཆུ་རྒྱུན་བསིལ་བ་ཡིས། །ཉོན་མོངས་མེ་དཔུང་ཞི་བར་མཛོད། །ང་ནི་སྙིང་རྗེ་ཆེན་པོའི་སྐུ། ལ་སོགས་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་གསུངས་སོ། །ལྕང་ལོ་ཅན་དུ་ཕྱིན་ཏེ་གསང་བའི་བདག་


PS001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གནོད་སྦྱིན་ཤིང་རྟའི་རྒྱུད་དང་། །གནོད་སྦྱིན་སྲོག་གི་སྙིང་པོ་དང་། གནོད་སྦྱིན་ཡིད་བཞིན་ནོར་བུའི་རྒྱུད་རྣམས་གསུངས་སོ། །ཡང་ཚེས་བཅུའི་སྲོད་ལ་མཆོད་པ་ཕུལ་ནས། ཐོ་རངས་ཨོ་རྒྱན་དུ་ཕྱིན་ནས་རྗེ་བཙུན་མ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་ཞུས་པ་དང་། ཌཱ་ཀི་མ་སེང་གེའི་གདོང་པ་ཅན། །ཌཱ་ཀི་མ་སྡེ་བཞིས་བསྐོར་ནས་འདི་སྐད་གསུངས། །རྡོ་རྗེ་མཁའ་འགྲོས་བར་ཆད་བསྲུང་། །རིན་ཆེན་མཁའ་འགྲོས་མི་ནོར་སྒྲུབ། །པདྨ་མཁའ་འགྲོས་བུད་མེད་སྡུད། །ཕྲིན་ལས་མཁའ་འགྲོས་ལས་ཀུན་སྒྲུབ། །འདོད་སྲེད་ཆགས་པའི་དབང་སོང་བ། །བདག་ཉིད་མཁའ་འགྲོའི་དབང་དུ་སོང་། །ཕྱི་རོལ་མི་འདུ་གང་ཡང་འབྱུང་། །ཌཱ་ཀི་རང་གི་སེམས་སུ་ཤེས། །སེམས་ཀྱི་དེ་ཉིད་ཤེས་པ་དང་། །སེམས་ཉིད་མི་རྟོག་རྡོ་རྗེ་སྟེ། །རྡོ་རྗེ་ཌཱ་ཀིའི་བར་ཆད་སྲུང་། །ཆོག་ཤེས་དགོས་མེད་རིན་ཆེན་གཏེར། །རིན་ཆེན་མཁའ་འགྲོས་དགོས་འདོད་འགྲུབ། །ཆགས་བྲལ་མི་རྟོགས་པདྨ་སྟེ། །པདྨ་ཌཱ་ཀིས་མུ་དྲ་སྡུད། །སྐྱེ་འགགས་མེད་པ་ཀརྨ་སྟེ། །ལས་


PS001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཌཱ་ཀིས་ཕྲིན་ལས་སྒྲུབ། །དེ་ལྟར་མ་ཤེས་རྣལ་འབྱོར་པས། །བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར། །དེ་ཕྱིར་མཁའ་འགྲོ་རང་སེམས་སུ། །ཤེས་པ་གནད་ཀྱི་མཆོག་ཡིན་ནོ། །ལ་སོགས་པ་འཆར་བ་རྣམ་པ་གསུམ། འདུ་བ་རྣམ་པ་གསུམ་གྱི་གདམས་ངག་རྣམས་གསུངས་སོ། །དེ་ནས་དགེ་བཤེས་འགའ་པས་ཚོགས་མཆོད་བརྒྱ་རྩ་བརྒྱད་བྱས་ཏེ་གདམས་པ་རྣམས་བཤད་དེ་ཉམས་ལེན་བྱས་པས། མཐར་ཐུག་སྐྱེ་མེད་ཀྱི་དོན་རྟོགས་སོ། །ཚེ་དཔག་མེད་ཞལ་མཐོང་། །སྙིང་རྗེ་ཕྱོགས་མེད་དུ་ཤར། །རྣམས་སྲས་བྲན་བཞིན་དུ་ཉན། །ཌཱ་ཀིས་ཕྲིན་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྒྲུབ་པ་བྱུང་ངོ་། །དེ་ནས་ཡང་འགའ་པ་ན་རེ། །བླ་མ་ཆེན་པོ་ལགས། །རྨི་ལམ་དུ་སངས་རྒྱས་ལ་ཆོས་ཞུས་པ་དང་། དངོས་སུ་ཞུས་པ་ལ་ཁྱད་ཡོད་དམ་མེད་ཟེར་བ་ལ། །སངས་རྒྱས་སྐུ་དང་ཞིང་ཁམས་དང་། །འཁོར་དང་ཆོས་ལ་སོགས་པ་རྣམས། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །དངོས་དང་རྨི་ལམ་ཐ་དད་མེད། ཅེས་བྱས་པས་ཆོས་རྒྱལ་ཤིན་ཏུ་མོས་པར་གྱུར་ཏོ། །ཡང་དབོན་ཁྱུང་པོ་ན་རེ། ཤ་བ་


PS001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབའ་ར་ནག་པོ་འདི་དང་། །གཉན་ཐང་ལྷ། ཇོ་བོ་བན་ཆེན་དང་གསུམ་པོ་འདིས། །ངེད་མི་རྟ་གཉིས་ལ་གནོད་པ་བསྐྱལ་བས་རྣལ་ལམ་བཟུང་ལ་འདུལ་བར་ཞུ་ཟེར་བ་ལ། ངས་རྡོ་རྗེ་འཇིགས་བྱེད་དུ་བྱས་ནས། ཉིན་པར་ཐོག་མདའ་བཅུ་གསུམ་ཕབ། ནུབ་མོ་རྨི་ལམ་བཟུང་ནས་མ་ཧེས་བརྡུང་སྟོངས་བྱེད་སྐྱིན་ཕེཾ་ཕེཾ་གྱི་འབྲུག་སྒྲ་ཆེན་པོ་སྒྲགས་པས། འབར་ར་ནག་པོ་ན་རེ། བླ་མ་ཆེན་པོ་དེ་ལྟར་མི་མཛད་པར་ཞུ། ང་ཡི་འཁོར་ཐམས་ཅད་ཐོག་གིས་བསད། མ་ཧེས་གནས་ཁང་ཐམས་ཅད་བཤིགས། ང་ཁྲག་སྐྱུགས་ནས་འཆི་བར་ཡོད་པས། དབོན་ཁྱུང་པོའི་རྟ་ཁྱེར་བ་ལ་རྟ་བརྒྱའི་ཡུས་བྱེད་ཟེར་བ་ལ། །ཁྱོད་རང་གི་སྲོག་སྔགས་ཕུལ། སེམས་ཅན་ལ་གནོད་འཚེ་མི་བྱེད་པའི་དགེ་བསྙེན་གྱིས་ཤིག །དེ་མིན་ན་དུས་འདིར་བརླག་པར་བྱའོ་བྱས་པས། །འབའ་ར་ཆེན་པོས་སྲོག་སྔགས་ཕུལ་དགེ་བསྙེན་བྱས་ནས། རྟ་བརྒྱ་དང་ཕྱུག་མ་བརྒྱའི་ཡུས་བྱས་ཏེ་ཕྲིན་ལས་པར་ཚུད་དོ། གཉེན་ཐང་ལྷའི་གངས་ལ་ངས་ཐོག་མདའ་བརྒྱ་


PS001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ལ་ཕབ་པས་གང་ཐམས་ཅད་ཉིལ། མཚོ་རྡོལ་བས་ཁོ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་གཟུགས་སུ་བྱས་ནས། ཐང་ལྷས་གདན་དྲངས་ནས་རྒྱུད་སྡེ་ཆེན་པོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་སྲོག་སྔགས་ཕུལ་ལོ། །ཡར་ལྷ་ཤམས་པོ་དང་། མ་དྲོས་པ་ཞོང་ཞོང་དུ་བྱུང་ནས་རྣམ་འཇོམས་གྱི་དཀྱིལ་འཁོར་དུ་དབང་བསྐུར། སྲོག་སྔགས་ཕུལ་ནས་ལོངས་སྤྱོད་སྒྲུབ་པའི་ཡོན་བདག་ཏུ་ཁས་བླངས་སོ། །ཡང་གཤིན་རྗེ་དགྲ་ནག་གི་དཀྱིལ་འཁོར་དུ་སྤྲུལ་ནས། ཇོ་བོ་བན་ཆེན་དང་། ཀླུ་བསེན་དང་བཅས་པ་ཐམས་ཅད་བཏུལ་ནས་མན་འཆད་མ་གཏོགས་པ། སེམས་ཅན་ལ་གནོད་འཚེ་མི་བྱེད་པར་དམ་བཅས་ནས་ཁོ་རང་གི་སྒྲུབ་ཐབས་དང་མཆོད་ཐབས་ཕུལ་ལོ། །དེ་ཡང་མི་བས་ལྷ་འདྲེ་ཚོ་ལ་བཤད་ན་དེས་ཆེ་བར་འདུག་པས། མི་ལ་གནོད་པ་བྱེད་པའི་འདྲེ་ལ་མི་འདི་ལ་གནོད་པ་མ་བྱེད་པར་རྒྱུག་ཅིག །མི་འགྲོ་ན་ངས་འདུལ་ལོ་བྱས་ནས་ཕྲིན་བཏང་བ་ཙམ་གྱིས་འགྲོ་བ་བྱུང་ངོ་། །ལར་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དུ་བྱས་ནས་ལྷ་འདྲེ་འདུལ་བ་འདི་ཀ་སྟོབས་ཆེ་བར་བྱུང་ངོ་། །དེ་ཡང་སྟོན་


PS001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མེ་ཏོག་རྒྱས་པའི་དུས་སུ་ཚོགས་པའི་མཐར་ཐུག་དང་། སློབ་མའི་མཐར་ཐུག་དང་། ཚེའི་མཐར་ཐུག་རྣམས་འཛོམ་པའི་དུས་སུ། སྟོན་ཟླ་འབྲིང་པོའི་ཚེས་བདུན་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་བླ་མ་རྣམས་བྱོན་ནས་ཞག་བདུན་དུ་དབང་བཞི་རྫོགས་སུ་བསྐུར། ཡེ་ཤེས་སེམས་དཔའ་དངོས་སུ་བསྟིམས་ནས་ཁྱུང་པོ་རྣལ་འབྱོར་འདི་ན་གདུལ་བྱ་མི་ཆེ་བར་འདུག་པས་རྒྱ་གར་ལྷོ་ཕྱོགས་སུ་གཤེགས་འཚལ། དེ་ན་གདུལ་བྱ་དཔག་ཏུ་མེད་པ་ཡོད་དོ་གསུངས་སོ། །ཡང་ཟླ་བ་དེའི་ཚེས་བཅུ་གསུམ་ལ། རྒྱ་གར་ནུབ་ཕྱོགས་ཀྱི་བླ་མ་དང་། །མགོན་པོ་ཚེ་དཔག་མེད་བྱོན་ནས། །ཞག་བདུན་དུ་དབང་བསྐུར། ཡེ་ཤེས་སེམས་དཔའ་བསྟིམས་ནས། འདི་ན་གདུལ་བྱ་མི་ཆེ་བར་འདུག་པས་བདེ་བ་ཅན་དུ་གཤེགས། ད་རེས་གཤེགས་ན་ལུས་འདི་མ་སྤངས་པར་འཇའ་ལུས་སུ་སངས་རྒྱ་བར་འགྱུར་རོ་གསུངས་པ་ལ། ངས་ཆོས་རྣམས་ལ་ཕོངས་སེམས་བྱས་ནས་རྫོགས་པར་མ་ཕྱིན་པས། ད་སློབ་མ་རྣམས་བསགས་ནས་ཆོས་ཐམས་ཅད་རྫོགས་པར་སྟེར་དགོས་པ་ཡོད་བྱས་ནས་ཞུས་པས། སངས་རྒྱས་


PS001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་དང་བླ་མ་རྣམས་ཀྱི་ཞལ་ནས་ད་རེས་བྱོན་ན་ལུས་འདིར་མ་སྤངས་པར་སངས་རྒྱ་བ་ཡིན་ཏེ། ད་རྣམ་སྨིན་གྱི་ལུས་འདི་བཞག་ནས་བདེ་བ་ཅན་དུ་སངས་རྒྱ་བར་འགྱུར་རོ། །སྐུ་ལུས་འདི་མེ་ལ་མ་སྦྱངས་ན་ཞོང་ཞོང་འདི་རྡོ་རྗེ་གདན་གཉིས་པར་འགྱུར་རོ། །ཁྱོད་ཀྱི་ཆོས་རྒྱུད་འདི་རྣམས་ཀྱང་ཆུ་པོའི་རྒྱུན་བཞིན་ཏུ་འགྱུར་རོ། །ལན་གསུམ་གསུང་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དབུས་གཙང་ཁམས་གསུམ་གྱི་སློབ་མ་རྣམས་ལ་ཡི་གེ་རྫོང་ཏེ་སྟོན་ཟླ་ར་བ་ལ་གྲྭ་པ་གསར་རྙིང་ཐམས་ཅད་འདུས་ཏེ་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་ནས་ཆོས་ཐམས་ཅད་མ་ལུས་པར་ཚར་བར་བྱས་སོ། །དེ་ནས་བདག་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་ལ་ལན་གསུམ་ཕྱིན་ནས། བླ་མ་ལྔ་བརྒྱ་དང་ལྔ་བཅུ་ལ་གསེར་དང་མོས་གུས་ཀྱིས་མཉེས་པར་བྱས་ནས། དབང་བྱིན་རླབས་དང་བཅས་པ། རྒྱུད་སྒྲུབ་ཐབས་དང་བཅས་པ། གདམས་ངག་ཁྱད་པར་ཞལ་གདམས་དང་བཅས་པ་རྣམས་ཞུས་སོ། །དེ་ལས་ཀྱང་ཁྱད་པར་གྱི་བླ་མ་བཅུ་གསུམ་དང་། རྩ་བའི་བླ་མ་རྣམ་བཞི་དང་། འགྲན་གྱི་དོ་མེད་ཡེ་ཤེས་གྱི་


PS001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་མ་ཞལ་རྣམ་པ་གཉིས་ལས་དབང་དང་བྱིན་རླབས་དང་། རྒྱུད་སྒྲུབ་ཐབས་ལས་ཚོགས་ལག་ལེན་དང་བཅས་པ། གདམས་ངག་ཆིག་བརྒྱུད་བཀའ་རྒྱ་དང་བཅས་པ་ཞུས་ནས་སློབ་མ་རྣམས་ཚིམས་པར་བྱས་པ་ཡིན་ནོ། །དེ་ལ་སྤྱིར་ང་ཡི་གདམས་ངག་འདི་གཞན་ལས་ཁྱད་པར་དུ་འཕགས་པས་མགོ་བྱིན་ན་མགོས་ཕན་ཐོགས། བར་བྱིན་ན་བར་གྱིས་ཕན་ཐོགས། གཤམ་བྱིན་ན་གཤམས་གྱིས་ཕན་ཐོགས་པ་ཡིན་ཀྱང་། ལྷག་མ་མ་བཞག་པར་རྫོགས་པར་བྱིན་པ་ཡིན་པས། ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་བརྩོན་འགྲུས་དྲག་པོས་ཉམས་སུ་ལོངས་ཤིག །དབང་པོ་རབ་རྣམས་སྨིན། འབྲིང་བག་ཆགས། ཐ་མ་ཡང་བར་དོ་སངས་མི་རྒྱ་བ་མི་སྲིད་པ་ཡིན་ནོ། །བདག་གི་བཀའ་བབས་དང་གདམས་ངག་གི་གནད་འདི་ལྟ་བུ་རྒྱ་བོད་གང་ན་ཡང་མེད་པར་ཐག་ཆོད་པ་ཡིན་ནོ། །དེ་ལ་བླ་མ་ཡི་དམ་གྱི་ལུང་བསྟན་པའི་གནས་ཞོང་ཞོང་གི་གཙུག་ལག་ཁང་འདིར། གྲྭ་པ་དབུས་གཙང་ཁམས་གསུམ་ཀྱི་ས་གཞི་ལ། དྲི་མེད་ཤེས་རབ་ཀྱི་སྡོང་པོ་འཇམ་དཔལ་དང་། འཇིགས་བྱེད་པ་


PS001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བརྙེས་པའི་རྨེའུ་སྟོན་པ་སྐྱེ། ཕན་སེམས་ཀྱི་ཡལ་ག་བྱམས་པ་ལ་ཆོས་གསན་པའི་བྱང་ཆུབ་སེམས་དཔའི་གཡོར་པོ་རྒྱ་མོ་ཆེ། ཚད་མེད་སྙིང་རྗེ་ཆེན་པོའི་ཡལ་འདབས་སྤྱན་རས་གཟིགས་དང་དབྱེར་མེད་པའི་དངུལ་སྟོན་རི་དབང་། བྱམས་པ་ཕྱོགས་མེད་ཤར་བའི་བདེ་མཆོག་དང་། མགོན་པོའི་བདག་ཉིད་ལ་སྟོད་པ་དཀོན་མཆོག་མཁར། ལྷ་སྐུ་འོད་གསལ་དབྱེར་མེད་ཀྱི་སྙིང་པོ་མངོན་དུ་གྱུར་ཅིང་། ཌཱ་ཀི་དངོས་སུ་འདུ་བའི་རྟོགས་ལྡན་ཞང་སྒོམ་ཆོས་སེང་ངོ་། །སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པ་རིན་ཆེན་བརྩོན་འགྲུས། དེ་ལྟར་སྔ་བུ་ལྔ། ཕྱི་བུ་གཅིག་དང་དྲུག་པོ་འདི་བླ་མ་དང་ལྷ་ཚོགས་རྣམས་ཀྱི་ལུང་བསྟན་ཐོབ་པ། ཡི་དམ་དཔག་ཏུ་མེད་པ་ལ་ཆོས་ཞུས་པ། ཆོས་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པ་ཡིན་པས། མཆེད་གྲོགས་དང་སློབ་མ་ཐམས་ཅད་ཀྱིས་ཕྲག་དོག་དང་ལོག་ལྟ་མ་བྱེད་པར་ང་དང་དབྱེར་མེད་དུ་བལྟ་བར་བྱའོ། །དེ་ནས་འཚོགས་པའི་མཐར་ཐུག་ཁྲི་ཕྲག་བཅོ་བརྒྱད་པོ་ལ་ནི་ལོ་དུ་མར་ཆོས་མང་པོ་བསྟན། སློབ་མའི་མཐར་ཐུག་དྲུག་པོའི་ཆོས་ནི་མ་ལུས་པར་ཚར་


PS001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་མཐར་ཐུག་བརྒྱ་དང་ལྔ་བཅུ་ལ་ཐུག །རྒྱ་གར་གྱི་བླ་མ་རྡོ་རྗེ་མཆེད་གསུམ་ལ་སོགས་པ་དང་། ཕྱི་རོལ་པའི་སློབ་དཔོན་འཇིགས་བྱེད་རྡོ་རྗེ་ལ་སོགས་པ་ལ་ཞུས་པའི་ངན་སྔགས་མང་པོ་ཡོད་པ་རྣམས་རྒྱལ་ཁམས་སུ་མཆེད་ན་འཇིགས་རྟེན་པ་རྣམས་ཕུང་གིས་དོག་ནས་ཕལ་ཆེར་རྫ་ལ་སྦས་ཏེ། ཚོགས་མཆོད་བརྒྱ་རྩ་དང་སྤོང་ཐག་བྱས་པའི་ཚེས་བརྒྱད་ཀྱི་སྔ་དྲོ་རྒྱལ་པོ་ཆེན་པོ་བཞི་དང་། ཀླུ་མ་དྲོས་པ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པའི་མི་མ་ཡིན་མང་པོ་འདུས་སོ། །གསེར་དངུལ་ལ་སོགས་པའི་ལོངས་སྤྱོད་མང་པོ་ཕུལ་ནས། །མྱ་ངན་འདའ་བར་མ་དགོངས་པར། །དུས་ངན་སྙིགས་མའི་སེམས་ཅན་རྣམས། །ཡང་དག་ལམ་ལ་གཞུག་ཏུ་གསོལ། །ཇི་སྲིད་བཞུགས་ཀྱི་བར་དུ་ཡང་། །ཅི་གསུངས་ལོངས་སྤྱོད་ངེད་ཀྱིས་བསྒྲུབ། །ཟེར་བ་ལ་བདག་གིས་འདི་སྐད་སྨྲས་ཏེ། །བླ་མ་ཡི་དམ་ལུང་བསྟན་པའི། །མཐར་ཐུག་གསུམ་གྱི་དུས་ལ་བབ། །ད་ནི་ཞིང་ཁམས་མཐར་ཐུག་པའི། །བདེ་བ་ཅན་གྱི་ཞིང་ཁམས་སུ་འགྲོ། །དག་པའི་ལོངས་སྤྱོད་དཔག་ཏུ་མེད། །འཇིག་རྟེན་གསེར་དངུལ་དགོས་པ་མེད། །


PS001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྣམས་ང་ལ་དད་གྱུར་ན། །བདེ་བ་ཅན་དུ་གསོལ་བ་ཐོབ། །ཞིང་དེར་སྐྱེ་བར་ཐེ་ཚོམ་མེད། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་། །བསམ་གྱིས་མི་ཁྱབ་རྫོགས་པར་སྣང་། །ཞིང་དག་སྟོན་པ་འཁོར་དང་ཆོས། །དཔག་ཏུ་མེད་པ་འོད་དཔག་ཞིང་། །རྣམ་པར་དག་པ་བདེ་བ་ཅན། །དེ་ཕྱིར་ཐེ་ཚོམ་མ་བྱེད་པར། །ཞིང་དེར་སྐྱེ་བའི་སྨོན་ལམ་ཐོབ། །ཅེས་པ་ལ་སོགས་པའི་ཆོས་བཤད་ནས། ང་ནི་ངེས་པར་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ་གསུང་། དེ་ནས་དེར་ཚོགས་པའི་ལྷ་དང་ཌཱ་ཀི་དང་ལྷ་འདྲེ་ཐམས་ཅད་གདུང་བས་སྨྲེ་སྔགས་འདོན་ཅིང་། མེ་ཏོག་གི་ཆར་ཕབ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཚེས་བཅུ་བཞི་ལ་འཚོགས་སུ་བྱོན་ནས་དེ་རིང་ང་ཡི་ཆོས་བཤད་པའི་ཐ་མ་ཡིན་པས། ཆོས་ཀྱི་སྐབས་གོང་དུ་མ་བདེ་བ་དང་འདྲི་རྒྱུ་ཡོད་པས་དྲིས་ཤིག །ད་རེས་ནི་ཐེ་ཚོམ་གཅོད་པའི་དུས་ལ་བབ་བོ་གསུངས་སོ། །ཐམས་ཅད་ཀྱི་ཆོ་ངེས་ཆེན་པོ་བཏབ་པོ། །བླ་མ་ནམ་མཁའ་ལ་སྐུ་ལུས་ཀྱི་བཀོད་པ་མང་པོ་བསྟན་ཅིང་། །ཀྱཻ་མ་འདུས་བྱས་མི་རྟག་ཏེ། །ནམ་མཁའ་སྤྲིན་བཞིན་འདུས་ཤིང་གྱེས། །བདེན་


PS001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒྱུ་མའི་ཆོས་རྣམས་ལ། །བདེན་པར་བཟུང་བས་བསླུས་པ་ཡིན། །ང་ཡི་ལུས་ནི་རྒྱལ་བའི་སྐུ། །སྐྱེ་འཆི་ཅན་དུ་མ་བལྟ་ཞིག །ང་ཡི་ངག་ནི་རྒྱལ་བའི་གསུང་། །བརྗོད་བྲལ་སྐྱེ་མེད་རང་སྒྲ་སྒྲོགས། །ང་ཡི་སེམས་ནི་རྒྱལ་བའི་ཐུགས། །རྟོག་བྲལ་མཁྱེན་པའི་ཡེ་ཤེས་ལྡན། ཞེས་གསུངས་པ་དང་། ནམ་མཁའ་ཐམས་ཅད་འཇའ་དང་རོལ་མོའི་སྒྲས་གང་ཞིང་། མེ་ཏོག་གི་ཆར་ཆེན་པོ་འབབ་པར་གྱུར་ཏོ། །དེ་ནས་ཚོགས་ཀྱི་དཀྱིལ་འཁོར་ནས་ཡར་བྱོན་ཏེ་གཟིམ་ཁང་དུ་གདན་དུ་བཞུགས་ནས། རིན་ཆེན་བརྩོན་འགྲུས་མེ་ཏོག་བཏུས་ནས་ཤོག །དབུ་ཆེ་རྣམས་ཀྱང་ཁད་ཀྱིས་བོས་ཤིག་གསུངས་སོ། །དེ་ནས་མེ་ཏོག་དམར་པོ་མང་པོ་བསྒྲུབས་ནས་བླ་མ་ལ་ཕུལ་བས་བླ་མའི་ཞལ་ནས་ཌཱ་ཀི་མ་ནི་གུ་མའི་ཐུགས་དམ་རྗེ་བཙུན་མ་འདི་དང་། བླ་མ་རྡོ་རྗེ་གདན་པའི་རྟེན་གཙོ་འདི་དང་། གཤིན་རྗེ་གཤེད་དང་། དགྱེས་རྡོར་གྱི་རྡོ་སྐུ་འདི་དང་། བླ་མ་ཨ་ཏ་ཡ་བཛྲ་གྱི་ཐུགས་དམ་འདི་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པའི་རྟེན་འདི་རྣམས་ལ་ཕུལ་གཅིག་གསུངས་ནས། རྟེན་དེ་རྣམས་


PS001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་བཞུགས་པ་ལ་བླ་མས་ཕྱག་མཛད། ཡང་མཆོད་པ་ཕུལ་གཅིག་གསུང་ནས། ཌཱ་ཀི་ནི་གུ་མ་དང་། སུ་ཁ་མ་སིདྡྷི་ལ་སོགས་པའི་བླ་མ་རྣམས་དང་སངས་རྒྱས་ཚེ་དཔག་མེད་ལ་སོགས་པའི་ཡི་དམ་རྣམས་བྱོན་ནས། ཡང་གསོལ་བ་ཐོབ་གཅིག་གསུངས་སོ། །ཡང་བླ་མའི་ཞལ་ནས། རིན་ཆེན་བརྩོན་འགྲུས་སྒྱུ་ལུས་རྨི་ལམ་ལ་སོགས་པའི་ཆོས་འདི་རྣམས་ཉམས་སུ་ལེན་ཙ་ན། རྨི་ལམ་མི་འཚམས་པ་དང་། ཌཱ་ཀིའི་ཐུགས་སྣ་ཚོགས་སུ་བསྒྱུར་ནས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་སུ་སྟོན་དུ་འོང་བས་དེ་ལ་སྐྲག་ཙམ་མི་དགོས། ལར་དུས་དང་རྣམ་པ་ཐམས་ཅད་དུ་ང་རང་གིས་བྱིན་གྱིས་བརླབས་པ་ཡིན་གསུངས་སོ། །དེ་ནས་དབུ་ཆེ་འདུས་པ་དང་། དགྱེས་རྡོར་བ་རྣམས་ལ་དགྱེས་རྡོར་དུ་སྒོམ་ཤིག་གསུང་ནས། བླ་མ་དགྱེས་རྡོར་མཚོན་ཆ་ཅན་དང་། སྤྲུལ་པའི་ལྷ་དགུར་བཞུགས་ཤིང་ཆོས་གསུངས། དེ་བཞིན་དུ་བདེ་མཆོག་དང་། གསང་འདུས་དང་། མ་ཧཱ་མ་ཡ་དང་། འཇིགས་བྱེད་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་དང་། མི་གཡོ་བ་


PS001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་བཞུགས་ནས་ཆོས་གསུངས། བྱིན་གྱིས་རླབས་པའི་ལྷ་བཞི་དབུའི་སྟེང་དུ་བཀོད་ནས་འདི་བཞིན་ཉམས་སུ་ལོངས་ཤིག་གསུངས་སོ། །དེ་ནས་བླ་མའི་ཞལ་ནས་ང་རྒྱ་གར་གྱི་བླ་མ་རྣམས་ཀྱིས་དབང་བཞི་རྫོགས་སུ་བསྐུར་བའི་དུས་སུ། ཡེ་ཤེས་སེམས་དཔའ་དངོས་སུ་བསྟིམ་པ་ཡིན་པས། ཡེ་ཤེས་སེམས་དཔའ་མ་གཤེགས་པར་སྤུར་སྦྱངས་དུ་མི་གཏུབ་སྟེ། ད་ལྟ་ང་བས་ལྷག་པའང་ནམ་ཡང་མེད་དེ། །ང་དང་མཉམ་པ་ཡང་མེད་པས། ངའི་སྤུར་མ་སྦྱངས་བར་རིན་ཆེན་གསེར་དངུལ་དང་། ཟངས་ལྕགས་ཀྱི་གའུ་གྱིས་ལ། །དེར་ང་ཡི་སྤུར་བཞུགས་ལ་མཆོད་པ་ཕུལ། དེ་ལྟར་བྱས་ན་ཞོང་ཞོང་གི་གནས་འདི་རྡོ་རྗེ་གདན་གཉིས་པ་ལྟ་བུ་ལ། ངའི་ཆོས་རྒྱུད་འདི་ཆུ་བོའི་རྒྱུན་བཞིན་དུ་འོང་བར་འདུག་སྟེ། ཁྱེད་རྣམས་ཀྱིས་གྲོས་ཉེས་གཅིག་བྱེད་དམ་གསུངས། ད་འདི་ནས་བླ་མ་ཞིང་ཁམས་གང་དུ་གཤེགས། གསོལ་བ་གང་དུ་བཏབ་ཞུས་པས། ང་འདི་ནས་བདེ་བ་ཅན་དུ་སངས་རྒྱ་བས་དེར་གསོལ་བ་ཐོབ། ཐེ་ཚོམ་དང་ཡིད་གཉིས་མ་བྱེད་ཨང་ལན་གསུམ་གསུངས་སོ། །དེ་ནས་འཕོ་བ་ཡེ་ཤེས་


PS001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་ཁུང་མ་སྒོམ་པ་རྣམས་འདི་བཞིན་ཉམས་སུ་ལོངས་ཤིག་གསུངས་པ་ལ། དབུ་ཐོད་ལག་མཐིལ་ཙམ་ཞིག་ནམ་མཁའ་ལ་འཕར་ཏེ། སྒྲ་དང་འོད་དང་འཇའ་ཚོན་དུ་གྱུར་ནས་ནམ་མཁའ་ལ་གཤེགས་སོ། །དེ་ནས་ཟངས་དང་གསེར་དངུལ་གྱི་གའུ་བརྡུང་ནས་དེར་སྤུར་བཞུགས་པར་བྱས་ཙམ་ན། ཁམས་པའི་གྲྭ་པ་མང་ལ་དབང་ཆེ་བས། ཁོང་རྣམས་ན་རེ། བླ་མའི་སྤུར་མི་སྦྱོངས་ན། དབུས་ཁམས་སུ་ཁྱེར་ནས་དངུལ་གྱི་གདུང་ཁང་བྱས་ནས་དེར་བཞུགས་པ་ཡིན་ཟེར་ནས། སྤུར་སྦྱངས་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་དང་། ལྷ་བཞི་ལ་སོགས་པའི་སྐུ་གཟུགས། རིང་བསྲེལ། དུང་གཡས་འཁྱིལ་ལ་སོགས་པའི་རྟེན་མང་པོ་བྱོན་ནོ། །འཇའ་ཚོན་དང་མེ་ཏོག་གི་ཆར་ཆེན་པོ་ནམ་མཁའ་ཁེངས་པ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱུང་ངོ་། །དེའི་རྗེས་ལ་སྐུ་འབུམ་བཞེངས་པས་མེ་ཏོག་གི་ཆར་རྒྱུན་དུ་བབས་པ་དང་། མཁའ་འགྲོ་མ་དང་ལྷ་ཀླུས་མཆོད་པ་ཕུལ་ནས། འབུམ་པའི་ཕྱོགས་བཞི་ནས་མར་མེ་བཏང་བ་ལྟ་བུའི་འོད་རྒྱུན་དུ་བྱུང་སྟེ། ལྷ་མི་ཐམས་ཅད་ཀྱིས་མཆོད་པའི་རྟེན་དུ་གྱུར་ཏོ། །དེ་ལ་རྟོགས་ལྡན་ཞང་སྒོམ་ཆོས་སེང་དང་། བླ་མ་རྨེའུ་


PS001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དང་། བླ་མ་རྨོག་ལྕོགས་པ་དང་། ཉེ་གནས་རིན་ཆེན་རྡོ་རྗེ་དང་། བཞི་ལ་རྣམ་ཐར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ཡི་གེར་བཀོད་པའོ། །བླ་མའི་རྣམ་ཐར་རྒྱ་མཚོ་ལས། ཆུ་ཐིག་ཙམ་ཞིག་བཀོད་པ་ལས། །དགེ་བ་འདི་ཡིས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གྲུབ་ཐོབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་ཟུར་ཙམ་ཡི་གེར་བཀོད་པའོ།། །།མངྒ་ལཾ། དགེའོ། །

བླ་མ་རིན་པོ་ཆེ་རྨོག་ལྕོག་པའི་རྣམ་པར་ཐར།


PS001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་པོ་ཆེ་རྨོག་ལྕོག་པའི་རྣམ་པར་ཐར་པ་ཞེས་བྱ་བ་བཞུགས་སོ། །


PS001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སངས་རྒྱས་རིན་པོ་ཆེ། །ཡོན་ཏན་སྐུ་གསུམ་ལྷུན་གྱིས་གྲུབ། །སྐལ་ལྡན་སངས་རྒྱས་ངོ་སྤྲོད་པའི། །རྗེ་རྟོགས་ལྡན་རྣམས་ཀྱི་ཞབས་ལ་འདུད། །བདག་གིས་ཆོས་སྒོར་ཞུགས་ནས་བླ་མ་བསྟེན་པ་དང་། །སྒྲོ་འདོགས་ཆོད་ནས་ཉམས་སུ་བླངས་པ་དང་། །ངེས་ཤེས་སྐྱེས་ནས་སེམས་ཐག་ཆོད་པ་ཏེ། །འདི་དག་ཁོ་བོ་བདག་གི་རྣམ་ཐར་


PS001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །དེ་ལ་དང་པོ་བདག་གི་ཡུལ་ནི་ཤངས་ཀྱི་ལྷ་ཕུའི་སྤང་རྩ་རུས་ཤེ་ཡབ་ཤེ་རྒན་སྨན་ཆུང་ཡུམ་བྷེ་མོ་པདྨ་སྒྲོན། དེ་ཡང་དང་པོ་བདག་གིས་ལོ་བཅུ་དྲུག་ནས་བཅུ་བདུན་དུ་འགྲོ་བ་ལ་ཆོས་སྒོར་ཞུགས་ཏེ། ལོ་གཅིག་འདུལ་བ་ཉན་ནས་བླ་མ་ཤངས་པ་དུ་གུ་པ་ལ་དགྱེས་རྡོར་གྱི་དབང་ཞུས་པས་བླ་མའི་ཞལ་ནས་ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པ་གཅིག་འོང་བར་འདུག་པས་ཐོས་པ་གཅིག་བྱེད་དགོས་སོ། །ཡང་ན་ཁྱོད་དཀོན་མཁར་བ་ཅན་དུ་ཕར་ཕྱིན་


PS001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། ཡང་ན་ལྕགས་རི་བ་ལ་བྱམས་པའི་ཆོས་ལྔ་ཉོན་དུ་སོང་། དཔེ་ཆ་རྣམས་ངས་བྱ་ཡི་གསུངས། དེ་ནས་ལྕགས་རི་བཙན་དུ་འགྲོ་སྙམས་ཙ་ན། དེའི་དགྱེར་དེར་བླ་མ་ཇོ་མོ་རླུང་མོས་སྤྱན་དྲངས་ནས་ཐིབ་ཆུང་དུ་ཆོས་གསུངས་པས། སྟོན་པ་འབྲོམ་སྟོན་དང་བྲང་ཁ་གཅིག་ཏུ་སྟབས་སུ་བསྡད་པས་དགོང་མོ་ཉལ་ཙམ་ན། ནུབ་བདུན་བཏུད་ནས་ཁོ་ན་རེ། ང་འདྲ་བའི་བསོད་ནམས་ཟད་པ་འོང་བ། དགེ་བཤེས་གར་པ་ལ་དབུ་ཚད་ཐམས་ཅད་མཁས་པར་བསླབ། དགེ་བཤེས་བྱ་ཡུལ་བ་ལོ་དགུ་བསྟེན། བཀའ་པོད་འདི་ཙམ་གཅིག་ཤེས་ཀྱང་། ཟན་རྡོག་པོ་གཅིག་ཀྱང་སྟེར་མཁན་མེད། ཆོས་ཞུ་མི་ནི་གཅིག་ཀྱང་མེད། སེམས་ལ་ཕན་པ་ཡང་མ་བྱུང་། ཟུར་ཆོས་པ་བཞི་པོ་འདིས་ངའི་ཆོས་ཀྱི་ས་བཅད་ཙམ་ཡང་མི་ཤེས་ཏེ། ཆོས་ཉན་འདི་ཙམ་འདུག་ཟེར་བས། ངས་འབྲོམ་སྟོན་ལ་ན་རེ། ཆོས་ཉོན་མོངས་པའི་གཉེན་པོར་གཏོང་དགོས་པ་ཡིན་ཟེར་གདའ་བས། ཆོས་རང་གིས་ཉམས་སུ་བླངས་པས་ཆོག་པ་མ་ལགས་སམ་བྱས་པས། ཁོ་ན་རེ། མཆོག་ཐུན་མོང་གཉིས་ལས། ཐུན་མོང་གི་


PS001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མི་ནོར་ཟས་གསུམ་འདུ་བ་ཡིན་ཏེ། ང་ལ་ཅི་ཡང་མི་འདུག །ཐུན་མོང་ཙམ་ཡང་མེད་པར་མཆོག་མི་འོང་བ་ཐག་ཆོད། གྲོས་བློ་ཉེས་པོ་ལ་དྲིས་བྱས་བྱ་བ་ཡིན་པས། ཁྱོད་རང་ཀྱང་ཐོས་པ་མ་བྱེད་པར་ཉམས་སུ་ལོངས། བླ་མ་ཤངས་པ་འདི་གྲུབ་ཐོབ་ཆེན་པོ་ཡིན་པས་གདམས་པ་ཞུས་ལ་བསྒོམ། ཐོས་པ་ཁོ་ནས་ཅི་ཡང་མི་ཕན་ཟེར་བས། ཡར་འགྲོ་བའི་སྤྲོས་པ་དེ་ནས་ཆོད། དེ་ནས་དབྱར་ཆོས་ཐོན་པ་དང་། བླ་མའི་ཞལ་ནས་རྒྱགས་གྲབ་གྱིས། སྟོན་ཡར་འགྲོ་དགོས་སོ་གསུངས་པ་ལས། ཡར་ལ་འགྲོ་བའི་བློ་དེ་ལོག་ནས་གདའ། ཡར་ཕྱིན་ཀྱང་ཆོས་ཤེས་སམ་མི་ཤེས་ཆ་མེད། ཤེས་ཀྱང་སེམས་ལ་མི་ཕན་པར་འདུག །འབྲོམ་སྟོན་ན་རེ། ཡང་གྲོས་བློ་ཉེས་པོ་ལ་དྲིས་བྱས་པ་ཡིན་པས་སྒོམས་ཟེར། ད་ང་སྒྲུབ་པ་རང་ལ་སྤྲོ་བ་ཕྱུང་བས། སྟོན་ནམ་ཟླ་བཟང་དུས་འདིར་བླ་མ་ལ་གདམས་ངག་གཅིག་ཞུ་དགོས་བྱས་པས། བླ་མའི་ཞལ་ནས་བཙུན་ཆུང་དེ་རུང་བསྒོམ་སྔས་པ་ཡིན། ཡང་ན་སློབ་གཉེར་གྱིས། ཡང་ན་གནས་བཞིའི་བྱ་བ་ཨན་ཙམ་གྱིས་


PS001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ། ཁོ་བོས་བསམས་པ་ཐོས་པ་ནི་དེ་དང་འདྲ། གནས་གཞིའི་བྱ་བ་བྱས་ཚད་ལ་ཡང་སྙིང་པོ་མི་འདུག །བླ་མས་གདམས་ངག་མི་སྟེར་བའི་བསྙད་དུ་འདུག །བླ་མའི་ཐུགས་ཀྱི་སྲས། སློབ་དཔོན་ལ་ཆིངས་པ་འདི། གཅེས་ཕྲུག་གཅིག་གིས་འབུམ་རྒྱས་པ་བཅུ་དྲུག་དུ་མ་གཅིག་དང་། ལོངས་སྤྱོད་ཆེན་པོ་ཕུལ་ནས་དབྱར་དགུན་བཅུ་བདུན་བསྟེན་འདུག་པས་འདི་ལ་གདམས་ངག་ཟབ་པ་གཅིག་ཞུ་དགོས་སྙམས་ནས། དེང་མདུན་ཕྱིན་ཇ་བུར་གཅིག་བྱས་ཏེ། ངས་ཉམས་ལེན་བྱ་སྙམས་ནས། བླ་མ་ལ་གདམས་ངག་ཞུས་པས་ནི་མ་གནང་བས། ཁྱེད་རང་ཉམས་སུ་ལེན་པའི་གདམས་པ་གཅིག་ཞུ་དགོས་བྱས་པས། ཁོང་གི་ཞལ་ནས་གཞོན་ནུའི་དུས་སུ་བླ་མས་གསུངས་པའི་ཐོས་པ་བྱས་ན་ལེགས་པ་ཡིན་ཏེ། ཁྱོད་སྒྲུབ་པ་ལ་མོས་ན་བླ་མའི་གདམས་ངག་བསྐྱེད་རྫོགས་ཟུང་འཇུག་བྱ་བ་ཡིན་གསུང་ནས་མཚོ་སྐྱེས་ཀྱི་བསྐྱེད་རྫོགས་གནང་པས། སྒོམ་བློ་ཨན་ཙམ་གཅིག་བྱས་ཀྱང་། ཉམས་མྱོང་ཙམ་མ་བྱུང་ངོ། །དེ་ནས་


PS001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་ཕྱིན་ནས། བླ་མ་ལ་གདམས་ངག་ཞུ་དགོས་བྱས་པས། མགོན་པོ་དང་ཉི་ཁྲོས་ཡོད་པ་འགའ་གནང་ནས། སྔར་སྐད་ཟེར་བ་ལྟར་ཡིན་ཏེ། གཞོན་དུས་སུ་ཐོས་པ་བྱེད་དགོས་པ་ཡིན། །སློབ་དཔོན་གཡོར་པོ་རྒྱལ་མོ་ཆེ། ང་ལ་འབུལ་སྐྱེལ་དུ་འོང་བར་ཡོད་པས། ཁོང་ལ་ཕར་ཕྱིན་རྣམས་ཉན་དུ་འགྲོ་དགོས་གསུངས་ནས་གསེར་ཞོ་དྲུག་དང་། དར་ཡུག་དྲུག །མདོ་སྡེ་རྒྱན་གྱི་པོ་ཏི་གཅིག་བཅས་གནང་ངོ། །དེ་ནས་ལོ་ཉི་ཤུ་རྩ་གཅིག་ལ། སློབ་དཔོན་གཡོར་པོ་བ་དང་འགྲོགས་ནས་དབུས་སུ་ཕྱིན་པས། སློབ་དཔོན་སྟོད་ལུང་ལ་བཞུད་ནས། ང་རང་སྐྱི་ཤོད་ལ་ཤོག་གསུངས་པས་སྐྱིད་ཤོད་ལ་འོངས་ཏེ། ནང་བར་ཆུ་བརྒལ་སྙམས་ནས་གཞི་ཞིག་གི་ཁྱིམས་སུ་ཕེབས་ནས་བསྡད་པས། ཉི་མ་རྒས་ཙ་ན་སྟོན་པ་པོ་ཏི་ཐེག་ཚད་ཁུར་བ་གཅིག་བྱུང་ནས། པོ་ཏི་རྣམས་བསྐྱུར་བྲང་གཅིག་བརྡུངས་ནས། ཝ་དམར་མོ། ཆོས་འདི་ཙམ་གཅིག་ཤེས་ནས་ཀྱང་སེམས་ལ་མ་ཕན། ཟན་རྡོག་གཅིག་ཀྱང་མི་རྙེད་པར་འདུག་ཟེར་ནས་གྲོང་གསེབ་ཏུ་


PS001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སོང་སྟེ། ཕྱེ་ཚོན་པ་གཅིག་རྙེད་པ་འགམ་ཀྱིན་འདུག་པས། སྟོན་པས་ཆོས་དེ་ཙམ་ཤེས་ནས་བྲང་བརྡུང་ནས་ཅི་བྱེད། སེམས་ལ་འཇོག་པ་ཡིན་མོད་བྱས་པས། བཙུན་ཆུང་ཁྱོད་ལ་ཆོས་ཀྱི་གཉེར་ཁ་མེད་ཁ་རོག་སྡོད་ཟེར་རོ། །དེ་ནས་ནུབ་མོ་བསམ་པ། ཤངས་སུ་གྲོས་བློ་ཉེས་པོ་ལ་དྲིས་ཟེར། བསྒོམ་པ་གལ་ཆེའོ་ཟེར། འདི་ན་པོ་ཏི་ཐེག་ཚད་གཅིག་ཁུར་ནས་བྲང་བརྡུང་བ་ལས་མི་འདུག་པས། ད་ངས་ཆོས་བསླབ་ཀྱང་ཇི་ཙམ་ཤེས་ཆ་མེད། ཤེས་ཀྱང་འདི་འདྲ་བ་ལས་མི་འདུག་སྙམ་ནས། གཡོར་པོ་མ་ཕྱིན་པར་སྐྱིད་ཤོད་ན་ཕར་ཕྱིན་ནས་གདམས་ངག་སུ་ཆེ་དྲིས་བས། ཁམས་པ་ཨ་སེང་བྱ་བ་དང་པོ་མཚན་ཉིད་པ་ཆེན་པོ་ཡིན། བར་དུ་བླ་མ་རྒ་ལོ་ལ་མོས་ནས་གདམས་པ་ཞུས། འཁོར་རྣམས་བཀྱེ་ནས་སྒྲུབ་པ་བྱ་བ་གཅིག་ཡོད་དེ། དེ་གྲུབ་ཐོབ་ཆེན་པོ་བྱང་སེམས་ཅན་གདམས་ངག་ཤིན་ཏུ་ཆེ་བ་གཅིག་ཡོད་ཟེར་ནས་དེའི་གནས་སུ་ཕྱིན་པ་དང་། རྫིང་ཁ་ན་བཞུགས་ཤིང་འདུག་པ་དེར་ཕྱིན་པས། དབང་བསྐུར་མཛད་པ་དང་ཐུག་ནས་ཆོ་ག་ལ་མ་སླེབ། སྟོ་གོར་ལ་


PS001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སླེབ་ནས། ང་ཡང་དབང་གཅིག་ཞུ་ནས་གདམས་ངག་ཞུ་བ་ལགས་བྱས་པས། བླ་མའི་ཞལ་ནས། ཁྱོད་སུ་ཡི་སློབ་མ་ཡིན་གསུངས། ང་ཤངས་པ་དུ་གུ་པའི་སློབ་མ་ཡིན་ཞུས་པས། རྟ་ལས་བབས་ནས་བོང་བུ་ཞོན་པ་ཅང་འོང་ངམ་གསུངས། བླ་མ་ཤངས་པ་ལས་བཟང་བ་ད་ལྟ་བོད་ན་མེད་པས། ངས་ཁྱོད་ཀྱི་སློབ་དཔོན་མི་འོང་གསུངས་པས། བདག་ཅི་ནས་ཀྱང་མོས་པར་བྱུང་བས་དབང་དང་གདམས་ངག་ཞུ་འཚལ་བྱས། འོ་ན་བྱ་ཡི་གསུངས་སོ། །དེ་ནས་དབང་ཞུ་བའི་དགེ་བཤེས་ཆེན་པོ་ལ། ཉན་རན་ཆོས་སེང་བྱ་བ་དང་། །ཀྱི་མོ་ཚུལ་འཕགས་དང་། གཡོར་གཉན་དང་། བླ་མ་ཞང་དང་། སྟོན་འབུམ་ལ་སོགས་པ་དྲུག་པོས། ཁོང་རྣམས་ན་རེ། བླ་མ་ཤངས་པའི་གདན་གཅིག་མ་དེ་བློར་མ་ཚུད་པ་ཡིན་ཏེ། ཅི་ཚུགས་ཡིན་ཟེར་བ་ལ། ཀུན་རྫོབ་དོན་དམ་གཉིས་ལས། ཀུན་རྫོབ་ལ་ལོག་པའི་ཀུན་རྫོབ་དང་། ཡང་དག་གཉིས་ཀྱང་བོད་ན་མི་མཐུན། དོན་དམ་ལ་སྤྲོས་པ་ཕྱོགས་གཅིག་ཙམ་ཆོད་པ་རྣམ་གྲངས་ཀྱི་དོན་དམ་པ། རྒྱུ་རྐྱེན་འབྲས་བུ་ཕན་གནོད་


PS001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་བྲལ་བའི་བློ་ཡི་སྤྱོད་ཡུལ་དུ་མ་གྱུར་པ་རྣམ་གྲངས་མ་ཡིན་པའི་དོན་དམ་པ་སྟེ། འབུམ་ལས། དོན་དམ་པ་ལ་ལས་མེད། ལས་ཀྱི་རྣམ་པར་སྨིན་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་ཡང་མེད་པར་གསུངས་པས། དོན་དམ་གྲུབ་པ་མེད་པ་ལ། དོན་དམ་གྲུབ་པའི་མཁས་པ་འཁྲུལ་བྱས་པས། དགེ་བཤེས་དེ་རྣམས་ན་རེ། ཁྱོད་བླ་མ་ཤངས་པའི་སློབ་མར་འདུག །གྲུབ་མཐའ་སྐྱོང་ཤེས་པར་འདུག་གསུངས་པ་དང་། བླ་མ་ཨ་སེང་གི་ཞལ་ནས། བླ་མ་དུ་གུ་པའི་དོན་དམ་ཕན་མེད་གནོད་མེད་དེ་ལ། དང་པོ་ང་ཡང་མ་བདེ་བ་གཅིག་བྱུང་བ་ཡིན་ཏེ། ད་ང་ལ་གོ་རྒྱུ་གཤའ་མ་གཅིག་བྱུང་བས། ད་མ་བདེ་བ་བྱུང་ན་ང་ལ་དྲིས་ཤིག །ལན་གདབ་བོ་གསུངས་པ་དང་། ཁམས་པ་ལོ་ཙཱ་བ་སྟོན་འབུམ་བྱ་བ་ཤེས་རབ་ཆེ་བ་གཅིག་ན་རེ། དོན་དམ་གྱི་ངོ་བོ་ཕན་མེད་གནོད་མེད་གཅིག་ཡིན་ཏེ། དོན་དམ་མ་གཏོགས་པའི་བློ་ལ་ཕན་གནོད་བྱུང་བས། དེ་ཡང་དོན་དམ་སྤྲོས་པ་མཐའ་དག་དང་བྲལ་བའི་ཆོས་ཉིད་རྟོགས་པས་སངས་རྒྱ་སྟེ་དེ་ཀས་ཕན་བཏགས་པ་མ་


PS001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ་ཟེར་བ་ལ། སློབ་དཔོན་གྱི་ཞལ་ནས། བླ་མ་ཤངས་པ་དེ་མཁས་པ་བཙུན་པ་ཐུགས་རབ་ཆེ་བ་གཅིག་ཡིན། ཁོང་གིས་རྒྱ་གར་གྱི་པཎྜི་ཏ་དང་གྲུབ་ཐོབ་རྣམས་ལ་གཏུགས་པ་ལ། དོན་དམ་ཕན་མེད་གནོད་མེད་བྱ་བའི་གྲུབ་མཐའ་ཅི་ལ་འོང་། དོན་དམ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་དེ། དང་པོར་ཐོས་པས་གཏན་ལ་ཕབ། བར་དུ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་སུ་བཅུག །ཐ་མ་སྒོམ་བྱུང་གི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ། དེ་ལྟར་རྟོགས་ན་སངས་རྒྱས་པ་དེ་ཀ་ལ་ཕན་བཏགས་པ་ཡིན་བསམ་པ་གཅིག་བྱུང་བ་ལ། དེ་ལྟར་མི་འདུག་སྟེ་ཕན་རྒྱུ་གཅིག་འདུག་པ་དེ་ཀ་ཡང་དག་པའི་ཀུན་རྫོབ་ཏུ་འདུག་སྟེ། ཞི་བ་ལྟའི་ཞལ་ནས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། བློ་དང་སྒྲ་ནི་ཀུན་རྫོབ་བོ། །ཞེས་པའི་དགོངས་པ་དང་མཐུན་པར་འདུག་པས། དོན་དམ་ཕན་གནོད་སྤང་ཐོབ་མ་གྲུབ་པར་བློ་ཡི་སྤྱོད་ཡུལ་ལས་འདས་པ་རང་གཅིག་འདུག་པས། ཁོང་གིས་དགོངས་ནས་འདུག་གསུངས་སོ། །དེ་ནས། དངོས་གཞིའི་དགོངས་མོ་རྡོ་རྗེ་


PS001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་དབང་གི་དུས་སུ། འདི་སངས་རྒྱས་དངོས་ཡིན་བསམ་པའི་མོས་གུས་བཅོས་མ་མ་ཡིན་པ་གཅིག་སྐྱེས། དབང་ཐོབ་ནས་ཞག་ཉི་ཤུ་ཐམ་པ་གདམས་པ་རྣམས་ཞུས་སོ། །དེ་ཡང་གསང་སྔགས་ཀྱི་སྨིན་གྲོལ་གཉིས་ལས། སྨིན་བྱེད་དབང་ལ་རས་བྲིས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དབང་བཞི་རྫོགས་པར་བསྐུར་བ་གཉིས་སུ་གདའ། དེ་གཉིས་ཀའང་ལོ་ཧི་པའི་དཀྱིལ་འཁོར་རྫོགས་པར་མཐུན་གསུངས་སོ། །གྲོལ་ལམ་ལ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ལ་ལཱུ་ཧི་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པ་དང་། ལྷན་སྐྱེས་རྫོགས་པར་བསྒོམ་པ་གཉིས་སོ། །རྫོགས་རིམ་ལ་རྩ་རླུང་ལུས་སྦྱོང་དང་བཅས་པ་སྟེ། སྦྱོར་དྲུག་རྩ་འབྲེལ་གཉིས། སྙིང་པོ་གསུམ་རྩ་འབྲེལ་གཉིས་དང་། རྫོགས་རིམས་དེ་རྣམས་ཞུས། དབྱར་དེར་གྱེར་རེར་སློབ་དཔོན་ཅན་དུ་བསྡད་ནས་རླུང་བུམ་པ་ཅན་འགའ་རེ་བསྒོམས། དེ་ནས་སློབ་དཔོན་ཨ་སེང་དེ། ཐུགས་དམ་གཙོ་བོར་མཛད་པའི། མི་མང་པོས་སུན་པས་རི་ཁྲོད་ཤ་སྟག་ལ་བཞུད་ནས། ལོ་རེ་ལ་ཆོས་ཞག་


PS001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ལས་མི་གསུང་བར་དམ་བཅའ་མཛད་འདུག་པས་མཇལ་ས་མི་ཡོང་བར་འདུག་སྟེ། སྟོན་ཀ་བུར་དུ་ཕྱིན་པ་ཞག་བཞི་བསྡད་པས། བུར་གྱི་ཤུག་པའི་གསེབ་ན་དགོན་པ་སྐྱིད་པོ་གཅིག་འདུག་པས་དགོན་པ་ཡ་གི་ན་སུ་ཡོད་དྲིས་པས། བླ་མ་བུར་སྒོམ་ནག་པོ་བྱ་བ། རྗེ་རས་ཆུང་པའི་སློབ་མ་གདམས་ངག་ཅན་གཅིག་ཡོད་པ་ཡིན་ཟེར་ནས། དེ་ལ་མོས་པར་གྱུར་ནས་བུ་རམ་བྲེ་གང་ཁྱེར་ནས་དགོན་པར་ཕྱིན་པས། ཁྱི་དཀར་པོ་མི་གསོད་པ་ཡིན་ཟེར་བ་གཅིག་བསུར་བྱུང་བས། དེ་ནས་རྣལ་འབྱོར་པ་བེར་ཕྲུག་གྱོན་པ་བསྒོམ་ཐག་བཅུག་པ་གཅིག་འདུག་ནས། ཇོ་བོ་སུ་བཞེད་ཟེར། ང་བླ་མ་བུར་སྒོམ་པ་འདོད་པ་ལགས་བྱས་པས། འོ་ན་ནང་དུ་ཚབ་ལ་བྱོན་གཤེགས་སོ་ཟེར་ནས་ཕྱིན་པ་དང་། བླ་མ་བུར་སྒོམ་གར་བཞུད་བྱས་པས། བུར་སྒོམ་ཟེར་བ་དེ་ཀ་ང་ཡིན་ཟེར་ནས། ཉེ་གནས་ཀྱང་མི་གདའ། དེ་ནས་བུ་རམ་དེས་ཕྱག་རྟེན་བྱས་པ་དང་། ཇོ་བོ་གང་པ་ཡིན་གསུངས། བདག་གཡས་རུ་ཤངས་པ་ལགས། ན་རོ་པའི་གདམས་པ་འདི་ལ་མོས་པ་གཅིག་བྱུང་བས་ཐུགས་ལ་གདགས་


PS001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུ་ཞུས་པས་ཇོ་བོ་རྟ་ལས་བབས་ནས་བོང་བུ་ལ་ཞོན་པ་ཅང་འོང་ངམ། བླ་མ་ཤངས་བ་ལྟ་བུ། མཁས་བཙུན་གྲུབ་ཐོབ་དེ་ལྟ་བུ་བཞག་ནས། ང་རྣལ་འབྱོར་པ་གཅིག་ལ་ཆོས་ཞུ་བ་ག་ལ་འོང་གསུངས་པ་ལ། ཅིས་ཀྱང་ཐུགས་ལ་གདགས་འཚལ་ཞུས་པས། འོ་ན་ཁྱོད་རང་དད་ན་ཤོག །ཆོས་ཀྱི་ཞབས་ཏོག་བྱ་ཡི་གསུངས་ནས་དགུན་དེར་སྒོམ་ཁང་དུ་བསྡད་ནས་གདམས་པ་ཞུས་པ་ལ་སྨིན་གྲོལ་གཉིས་སུ་མཛད་གསུངས་ནས། སྨིན་པའི་དབང་ལ་བདེ་མཆོག་ལྷ་བཅུ་གསུམ་པའི་དབང་། ཕག་མོ་ལྷ་བཅུ་གསུམ་མའི་དབང་བཞི་རྫོགས་དང་། དེའི་བྱིན་རླབས་ལན་བཞི་ཞུས། གྲོལ་ལམ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་བདེ་མཆོག་ལྷ་བཅུ་གསུམ་དང་། ཕག་མོ་ལྷ་བཅུ་གསུམ་དང་། ཞལ་གཉིས་མ་དང་། དཔའ་བོ་གཅིག་མ་དང་བཞི་ཞུས། རྫོགས་རིམ་ལ་ཐབས་ཤེས་གཉིས་ལས། །ཤེས་རབ་ནི་ཕྱག་རྒྱ་ཆེན་པོ་ལམ་དུ་སློང་བའི་ཐུན་འཇོག་གོ། །ཐབས་ལ་བཀའ་བབས་བཞི་སྟེ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། དེས་བློ་གྲོས་རིན་ཆེན་ལ། དེས་ཀླུ་


PS001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ། དེས་མ་ཏང་གི་ལ། དེས་ཏེ་ལོ་པ་ལ་བཤད་དོ། །དེ་ནི་འཕོ་བ་དང་གྲོང་འཇུག་གཉིས་ཀྱི་བརྒྱུད་པའོ། །བྲམ་ཟེ་ཆེན་པོ། །ལཱུ་ཧི་པ། དེས་ཌིང་གི་པ། དེས་ཏི་ལོ་པ་ལ་བཤད་དོ། །དེ་ནི་འོད་གསལ་གྱི་བརྒྱུད་པའོ། །སུ་མ་ཏི་ཀུན་ཏུ་བཟང་མོས། ཐང་ལོ་པ། དེས་ཤིང་ལོ་པ། དེས་ཀརྞ་རི་པ་ལ། དེས་ཏི་ལོ་བ་ལ་བཤད་དེ་གཏུམ་མོའི་བརྒྱུད་པའོ། །སློབ་དཔོན་ཌོམྦྷི་ཧེ་རུ་ཀས། ཆང་ཚོང་མ་བི་ན་པ་ལ། དེས་ལྭ་བ་པ་ལ། དེས་ཏཻ་ལོ་པ་ལ་བཤད་དེ། སྒྱུ་ལུས་དང་བར་དོའི་བརྒྱུད་པའོ། །དེ་ཡང་སྒྱུ་ལུས་རྨི་ལམ་ལ། སློབ་དཔོན་ཀླུ་སྒྲུབ་དུས་བཞི་འདུ་བའི་གནད་ཡིན་པས་མགྲིན་པར་ཨ་ནུ་ཏ་ར་ལ་འཛིན་གསུངས། སུམ་ཏི་ཀུན་ཏུ་བཟང་མོ་རྣམ་ཤེས་འདུ་བའི་གནད་ཡིན་པས། སྨིན་ཕྲག་ཏུ་ཐིག་ལེ་ལ་འཛིན་གསུངས། ལྭ་བ་པ་རྣམ་ཤེས་ཀྱི་གཙོ་བོ་ཡིད་ཡིན་པས། སྙིང་གི་དཀྱིལ་དུ་མར་མེ་རྩེ་སོར་བཞི་པ་གཅིག་ལ་འཛིན་གསུངས། བླ་མ་དེ་ལ་ཐབས་ལམ་གྱི་གདམས་པ་བསམ་གྱིས་མི་ཁྱབ་པ་གཅིག་འདུག །ངས་ཀྱང་མང་དུ་ཞུས་སོ། །དེ་ནས་


PS001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཞལ་ནས། ད་སྒོམས་ཤིག་གསུངས་སྟེ་མཚམས་དམ་པོ་བྱས་ནས་ཟླ་བ་བཅུ་གཅིག་ལ་རྩེ་གཅིག་བསྒོམས་པས་ནུབ་གཅིག་གི་རྨི་ལམ་ན། འཕྲང་དམ་པོ་གཅིག་ལ་ཕྱིན་པས་རྦབ་ཏུ་ཤོར་བ་དང་། རྨི་ལམ་ལེགས་པར་ཟིན་པ་གཅིག་བྱུང་ནས། བླ་མ་ལ་ཞུས་པས། བླ་མའི་ཞལ་ནས། ཁྱོད་སྙིང་རུས་དང་བསགས་པ་ཡང་རབ་གཅིག་འདུག །ནཱ་རོ་པའི་ཞལ་ནས། དབང་པོ་རབ་ཏུ་གྱུར་པ་ལ། །ལོ་ཡིས་ཟིན་པ་དག་ཀྱང་སྲིད། །ཅེས་གསུངས་པས། ཁྱོད་མི་ལུས་དོན་ཅན་སོང་། །སྐྱེ་བ་ནས་སྐྱེ་བའི་དོན་འགྲུབ་པ་ཡིན། དེ་བླ་མའི་ཐུགས་རྗེ་མཁའ་འགྲོའི་བྱིན་རླབས་ཡིན་པས། བླ་མ་ཡི་དམ་ཌཱ་ཀི་མ་ལ་གཏོང་རག་ཐོངས་ཤིག་གསུངས་ནས་བུར་ལྟང་གཅིག་དང་། གསེར་ཞོ་དྲུག་བཙོང་ནས། སྒོམ་ཁོང་ན་བཞུགས་པ་རྣམས་ལ་ཚོགས་འཁོར་གཅིག་བྱས། དེ་ནས་དགུན་སྨད་བླ་མའི་ཕྱུགས་མ་ཐུམ་གཅིག་བྲག་རུམ་པས་ཁྱེར་བས། བླ་མའི་ཞལ་ནས། ངས་ལས་སུ་ཆོས་བྱས། དོན་དུ་ལྷ་གཉེར། མི་ཚེ་ཆོས་ལ་བསྐྱལ་བ་ཡིན་ཏེ། ཕྱུགས་ཐུམ་དགྲས་ཁྱེར། །


PS001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ད་ང་ལ་མཐུ་ནི་མེད། རིན་ཆེན་བརྩོན་འགྲུས་ཁྱོད་ཀྱིས་སེར་བ་ཐོངས་ཅིག །ས་ལམ་མང་པོ་བགྲོད་པ་ཡིན་ནོ་གསུངས། དེ་ནས་བདག་གིས་དབྱར་ཉི་ཁྲོས་ཀྱི་སེར་བ་བཏང་བས། སེར་བ་གྱང་རིམ་གསུམ་པ་བ། མི་ཕྱུགས་མང་པོ་ཤི། ལོ་ཐོག་གཅིག་ཀྱང་མེད་པར་བྱས་པས། མཐུ་སེར་གཉིས་ཀ་དུས་གཅིག་ལ་བྱུང་ཟེར་ནས་ང་བས་བྱེད་དུ་བྱུང་བ་ལ། བླ་མའི་གསུངས་ནས། ཁྱོད་སེར་བ་གཏོང་མཁན་ཡིན་པས་བབས་ལེན་དུ་རྒྱུག་གསུངས་ནས་ཕྱིན་པས། སེར་བས་མི་ཕྱུགས་མང་པོ་ཤི། བྱིའུ་ཤི་བའི་རོ་ལུད་ཕུང་ཙམ་འདུག་པས་སྐྱོ་བ་དྲག་པོ་སྐྱེས་སོ། །དེ་ནས་བྲག་རུམ་བས་ཕྱུགས་རྣམས་གཏད། རྟ་དང་གཡུ་ཁྲབ་ལ་སོགས་པའི་ཡུས་ཆེན་པོ་བྱུང་བ་རྣམས་བླ་མ་ལ་ཕུལ་ནས། ང་ཆོས་ལ་འོང་བ་ཡིན་ཏེ། སྡིག་པ་ཅི་ཡང་བྱས་འདུག་པས། ད་ནི་ང་དམྱལ་བ་མ་གཏོགས་འགྲོ་ས་མི་འདུག་བྱས་ནས་ངུས་པས། ཁྱོད་ཀྱིས་བསྟན་པ་དང་བླ་མའི་ཆེད་དུ་བྱས་པས། སྡིག་གཅིག་ཀྱང་མི་འོང་བའི་སྟེང་དུ་ས་ལམ་མང་པོ་བགྲོད་པ་ཡིན། ཅིས་ཀྱང་བློ་མ་བདེ་ན་


PS001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་པ་བྱས་པ་ཡང་འཚང་རྒྱ་བའི་གདམས་ངག །བར་དོ་དྲུག་གི་ཚེར་མ་དང་ཐུར་མ་བྱ་བ་ཡོད་པས་སྦྱིན་གཅིག་གསུངས་ནས་གདམས་ངག་མང་པོ་གནང་། དེའི་དུས་སུ་རྗེ་བཙུན་མ་ཡང་ཞལ་མཐོང་། ད་ཁྱོད་ཀྱི་མགོན་པོ་དང་ཉི་ཁྲོས་གཉིས་ར་ལ་ཕུལ་ཅིག་གསུངས་ནས་ཕུལ་ལོ། །དེ་ནས་ཉག་མོ་བའི་དགེ་བཤེས་དཀོན་མཁར་བ་ལ། སྤྱན་སྔ་བའི་སྒོམ་རིམ་དང་ལམ་རིམ་དང་། རབ་གནས་དང་། བདེན་ཆུང་ཞུས། དགེ་བཤེས་རྫ་ར་བ་ལ། བཀའ་གདམས་པའི་གདམས་ངག་མང་དུ་ཞུས། བླ་མ་གཡོར་པོ་ཅན་དུ། ལོ་ལྔ་ཕར་ཕྱིན་དང་སྤྱོད་བསྡུས་ཞུས་སོ། །དེ་ནས་མྱང་སྒོམ་རྒོད་པོ་ལ། སེམས་སྦྱོང་དང་དཔུང་པོ་ཁ་འཐོར་གསུམ་ཞུས་སོ། །རྒྱགས་ཀྱང་ཟད་པ་དང་། ཕ་རྒན་གུམ་ཟེར་འབོད་མི་བྱུང་། ནམ་ཟླ་དཔྱིད་དུས་ཐལ་ཀྱང་སྐྱ་ནམ་བཟང་བས་ཤ་མར་ནས་གསུམ་མོད་པར་འདུག་པས་ཞིང་རྣམས་བཙོངས་ནས་དགེ་བ་བྱེད་ཚར་བ་དང་། རྒྱ་གྲགས་བསོད་ལ་སྦྱོར་དྲུག་གི་རྡོ་རྗེའི་ཚིག་རྐང་ལ་སོགས་པའི་གདམས་པ་མང་པོ་ཞུས། དགེ་བཤེས་ཞུ་ལ། ཕྱིའི་སྒྲོ་འདོགས་གཅོད་པའི་གསང་སྔགས་འཇུག་པ་དང་། ནང་ཉམས་སུ་ལེན་པའི་


PS001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོའི་ཡིག་ཆུང་དང་། སྒོམ་སྐྱོན་སེལ་བའི་བདུད་རྩི་དུག་སེལ་ཞུས། སློབ་དཔོན་ཞང་ལ་འདུལ་བ་འོད་ལྡན་སུམ་བརྒྱ་ལ་སོགས་པ་མང་དུ་ཞུས། དགེ་བཤེས་འབའ་སྒོམ་ཕྱག་ན་ལ་ཞི་བྱེད་ལ་སོགས་པ་མང་དུ་ཞུས། ད་ནས་རྒྱགས་གྲབ་བྱས་ནས་སློབ་དཔོན་གཡོར་པོ་ཅན་དུ་འགྲོ་སྙམ་ཙ་ན། བླ་མ་ཞོང་ཞོང་པ་དང་མཇལ་དུ་ཕྱིན་པས། བླ་མའི་ཞལ་ནས་ཁྱོད་མེད་པའི་ཤུལ་དུ་ཕ་ཡང་ཤི་བ་ཡིན། དགེ་བ་བཟང་པོ་གྲུབ་འདུག་ཅིང་། ཁྱོད་ན་ནིང་བར་སློབ་དཔོན་གཡོར་པོ་ཅན་དུ་བསྡད་དམ་ཕར་ཕྱིན་རྣམས་ཤེས་སམ་གསུངས་འདི་ནས་འབྲོམ་སྟོན་ན་རེ། གྲོས་བློ་ཉེས་པོ་ལ་དྲིས་བྱ་བ་ཡིན་པས་སྒོམས་ཟེར། མ་ཀི་དབུས་སུ་སྟོན་པ་གཅིག་དང་འཕྲད་པས། པོ་ཏི་ཐེག་ཚད་ཁུར་ནས་བྲང་བརྡུང་བ་ལས་མི་འདུག་པས་ཆོས་བསླབ་ཀྱང་ཇི་ཙམ་ཤེས་ཆ་མི་འདུག་པ་དང་། ཤེས་ཀྱང་སེམས་ལ་མི་ཕན་པར་འདུག་སྙམ་ནས་ཁམས་པ་ཨ་སེང་དང་། བླ་མ་བུར་སྒོམ་ནག་པོ་ལ་ཆོས་ཞུས་ནས་བསྒོམས་པས་རྨི་ལམ་ཡང་ཨན་རེ་ཟིན། རྗེ་བཙུན་མ་ཡང་ཞལ་མཐོང་། དེ་ནས་ལོ་ལྔ་གཡོར་པོར་ཆོས་ཉན་པས། ད་རུང་རྒྱགས་ཁྱེར་ལ་འགྲོ་སྙམ་


PS001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལགས་ཞུས་པས། བླ་མའི་ཞལ་ནས། བཙུན་ཆུང་ཁྱོད་ཀྱིས་ཤེས་ན་དགའ་བའི་ཕར་ཕྱིན་རྣམས་མ་ཤེས་པར་མ་ཤེས་ན་དགའ་བའི་བརྫུན་གཅིག་ཤེས་འདུག །ཁྱོད་ཀྱི་རྨི་ལམ་ཟིན་པ་དང་། རྗེ་བཙུན་མ་མཐོང་བ་གཉིས་ཀ་མ་བྱུང་ངམ། ད་ངའི་རྩར་མ་སྡོད་གསུངས། དེ་ནས་ནམ་ཕྱེད་ཙམ་ཤོག་གསུངས། ཕྱིན་པ་དང་། ད་ལྟ་སངས་རྒྱས་སྣང་བ་མཐའ་ཡས་དང་ཡི་དམ་ཌཱ་ཀི་མང་པོ་བྱོན་ནས། ཁྱོད་ཀྱི་ཆིག་བརྒྱུད་གདམས་པ་རྣམས་འདི་ལ་བྱིན་ཅིག །འདིས་ཁྱོད་ཀྱི་བརྒྱུད་པ་འཛིན་པར་འགྱུར་རོ་གསུངས་པས། ད་ང་ཡང་ན་སོ་རྒས་པ་དང་། ཡུན་རིང་པོ་སྡོད་ལོང་མེད་པས་གཡོག་གྱིས། ཡུལ་གཞིས་ཐམས་ཅད་ཚོངས་ལ་དབང་ཞུས། ཆོས་ཐམས་ཅད་མྱུར་དུ་ཚར་བར་བྱ་ཡི་གསུངས་ལ། །བླ་མ་ལ་གཡོག་བྱེད་པ་མི་ཐོབ་པ་ཙམ་དུ་འདུག །ངས་ཁམས་པ་དང་། གྲྭ་པ་རྒོད་ལ་ཚན་ཆེ་བ་འདིའི་གསེབ་ཏུ་གཟིམ་གཡོག་མི་ཡོང་བས། ཕྱིའི་གཟིམ་ཁོང་གི་དཀོར་གཉེར་བྱེད་པར་ཞུ་ཞུས་པས། བླ་མའི་ཞལ་ནས་ཅིས་ཀྱང་གཟིམ་གཡོག་གྱིས་དང་བྱིན་བརླབས་འཇུག་པ་ཡིན་གསུངས་ནས་གཟིམ་གཡོག་བྱས་སོ། །


PS001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡུལ་ཞིང་བཙོང་ནས་ལ་ལས་དབང་ཞུས། ལ་ལས་གསེར་དུ་བསྒྱུར་ནས་གསེར་ཆོས་ཞུས། གསེར་གྱིས་མ་འདངས་པ་ལ་ཚོང་པ་བརྫོང་ནས་གསེར་བསྒྲུབས་ཏེ་ཆོས་ཞུས་སོ། །དེ་ནས་རྩ་བའི་བླ་མ་བཞིའི་གདམས་ངག་མ་ལུས་པར་ཞུ་དགོས་བྱས་པས། ཐོག་མར་བླ་མ་རཱ་ཧུ་ལའི་ཆོས་སྐོར་རྣམས་མ་ལུས་པར་བསྟན་གྱི་གསུངས་ནས། རྒྱུད་སྡེ་ལྔའི་དབང་བསྐུར་ནས་རྒྱུད་སྡེ་ལྔ་སོ་སོའི་དབང་བཞི་རྫོགས་དང་། སྒྲུབ་ཐབས་དང་། བདེ་མཆོག་རྩ་རྒྱུད་དང་། རལླི་དང་། སྒྲུབ་ཐབས་ལཱུ་ཧི་པ་དང་། དཔའ་བོ་གཅིག་པ་དང་། མ་ཧཱ་མཱ་ཡའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། དགྱེས་རྡོར། གུར་བརྟག་གཉིས། སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ་དང་། མཚོན་ཆ་ཅན་དེ་ཉིད་བཞིའི་སྒྲུབ་ཐབས་དང་། གསང་འདུས་སྒྲུབ་ཐབས་དང་བཅས་པ། འཇིགས་བྱེད་རྟོག་པ་བདུན་དང་། དགྲ་ནག་དང་རྒྱུད་རྟོག་པ་གསུམ་པ་དང་། ལྷ་བཞིའི་དྲིལ་སྒྲུབ་དང་། སྒོས་སྒྲུབ་དང་། མགོན་པོ་དང་། མཁའ་སྤྱོད་མ་དམར་མོ་ལ་སོགས་པ་སྒྲུབ་ཐབས་མང་དུ་གསུངས་སོ། །རྫོགས་རིམ་ལ་འཁོར་ལོ་ལྔའི་རྫོགས་རིམ་དང་།


PS001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་བུམ་པ་ཅན་དང་། ཤིང་རྟ་ཅན་དང་། འཁོར་ལོ་བཅིང་འགྲོལ། འཕོ་བ་ཡེ་ཤེས་སྐར་ཁུང་མ་ལ་སོགས་པ་མང་པོ་དང་། ཕྱག་རྒྱ་ཆེན་པོ་དོ་ཧ་དང་། དག་པ་ཡེ་ཤེས་ལ་སོགས་པ་ངོ་སྤྲོད་མང་པོ་གསུངས་སོ། །ཀྲྀ་ཡའི་སྐོར་ལ། མི་གཡོ་བའི་རྒྱུད་སྒྲུབ་ཐབས་དང་། ཕྱག་ན་རྡོ་རྗེའི་རྒྱུད་འབྱུང་པོ་འདུལ་བྱེད་དང་། ཛ་ཡི་མའི་སྒྲུབ་ཐབས་དང་། རྣམ་འཇོམས་དང་དོན་ཡོད་ཞགས་པ་ལ་སོགས་པ་དང་། དབུ་མ་བདེན་གཉིས་དང་། ཡོ་ག་ངན་སོང་སྦྱོང་རྒྱུད་དང་། རྡོ་རྗེ་རྩེ་མོ་ལ་སོགས་པ་མང་དུ་གསུངས་སོ། །དེ་ནས་ཕྱི་དྲོ་གཅིག་གདུགས་ལ་བཞུགས་པའི་དུས་སུ་ངས་ཁྱོད་ལ་ལྟད་མོ་གཅིག་བསྟན་གྱི་གསུངས་ནས། གདན་ཁར་དགྲ་ནག་དང་། འཇིགས་བྱེད་དང་། ཕྱག་རྡོར་ལ་སོགས་པ་ཁྲོ་བོ་མང་པོར་ལམ་མེར་བཞུགས་ཤིང་ཆོས་གསུངས། ཉིན་གཅིག་སྔ་དྲོ་སྒྲོལ་མ་དཀར་མོ་དང་། ལྗང་སེར་དུ་བཞུགས་ནས་ཕྱག་འཚལ་ཉི་ཤུ་རྩ་གཅིག་འདོན་ཅིང་གདའ། དེ་ནས་གསེར་ཕུལ་ནས་ཡེ་ཤེས་ཀྱི་ཌཱ་ཀི་མ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཞུ་དགོས་བྱས་པས། ཚོགས་མཆོད་བརྒྱ་རྩ་ལན་བདུན་གྱིས་ཤིག་གསུངས་ནས། ཚོགས་མཆོད་ཚར་བ་དང་། ཌཱ་ཀི་མ་


PS001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་མའི་སྒྱུ་ལུས་སྤྱིའི་དབང་བསྐུར། དེ་ནས་ཆོས་དྲུག་གི་དབང་དང་གདམས་པ་རྣམས་སྤེལ་ཞིང་། ཁྲིད་ཚར་བར་མཛད་ནས། རྒྱུད་སྡེ་ཆེན་པོ་ལྔའི་དབང་བསྐུར། དེ་ནས་སྒོ་སྒོར་དབང་བསྐུར་ནས། བདེ་མཆོག་རྩ་རྒྱུད་དང་། མ་ཧཱ་མ་ཡ་དང་། བརྟག་གཉིས་དང་། གསང་འདུས་དང་འཇིགས་བྱེད་དང་། །དེ་རྣམས་ཀྱི་སྒྲུབ་ཐབས་ཞུས། མཚོན་ཆ་ཅན་གྱི་དེ་ཉིད་བཞི་པའི་སྒྲུབ་ཐབས་དང་། དེའི་རྫོགས་རིམ་ཞལ་གདམས་རྣམས་ཞུས། བདེ་མཆོག་ལྷ་བཅུ་གསུམ་དང་། ལྷ་ལྔ་དང་། མཁའ་སྤྱོད་མ་དཀར་དམར་དང་། །རྒྱུད་སྡེ་བཞིའི་གྲིབ་སེལ་དང་། རྗེ་བཙུན་མའི་སྒྲུབ་ཐབས་དང་། རྣམ་འཇོམས་ཀྱི་གསང་སྒྲུབ་དང་། འཕོ་བ་ལྔ་བཅུ་དང་། ཐབས་ལམ་གྱི་རིགས་མི་འདྲ་བ་སུམ་ཅུ་དང་། ལུས་སྦྱོང་བཅུ་གསུམ་དང་། ཀྲྀ་ལ་དཔུང་བཟང་དང་། ཀྲུ་ཡའི་རྒྱུད་སྒྲུབ་ཐབས་མང་དུ་ཞུས་སོ། །སུ་མ་ཀ་སིདྡྷིའི་གསང་སྒྲུབ་དང་། འཕོ་བ་ལྔ་བཅུ་དང་། ལྟེ་བ་སྤྲུལ་འཁོར་དང་། །བདག་མེད་མ་ཡི་ནང་ཁྲིད་ཞུས། སྦས་པའི་རྣལ་འབྱོར་པའི་བདེ་མཆོག་ལྷ་ལྔ་དང་། མཁའ་སྦྱོང་མ་དཀར་དམར་དང་། ཨིནྡྲ་བྷོ་དྷི་དང་། ཀུ་ཀུ་རི་པའི་


PS001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདུན་དང་། ཐབས་ལམ་དང་། འཕོ་བ་བར་དོ་ལ་སོགས་པ་མང་དུ་ཞུས་སོ། །དེ་ནས་རྩ་བའི་བླ་མ་བཞིའི་ཆོས་རྣམས་ཚར་བ་ཡིན་པས། ད་བླ་མ་རྡོ་རྗེ་གདན་པའི་ཆོས་རྣམས་བྱེད་དགོས་གསུངས་ནས། རྒྱུད་སྡེ་ཆེན་པོ་ལྔར་དབང་བསྐུར། འཇིགས་བྱེད་ཀྱི་སྒྲུབ་ཐབས་རྡོ་རྗེ་འོད་ལ་སོགས་པའི་རྡོ་རྗེ་གདན་པས་མཛད་པའི་ལུགས་དང་གདམས་ངག་མང་དུ་ཞུས། མི་གཡོ་བ་དང་། ཕྱག་རྡོར་དང་། རྣམ་འཇོམས་དང་། གྲ་ལྔ་དང་། རྣམ་རྒྱལ་དང་། འཇམ་དཔལ་དཀར་སེར་དང་། གདུགས་དཀར་དང་། འོད་ཟེར་ཅན་ལ་སོགས་སྒྲུབ་ཐབས་མང་པོ་ཞུས་སོ། །བླ་མ་མཻ་ཏྲི་པའི་བརྟག་གཉིས་དང་། དོ་ཧ་དང་། མགོན་པོ་དང་། ཐབས་ལམ་ལ་སོགས་པ་མང་པོ་ཞུས་སོ། །ཚེས་བཅུའི་མཆོད་པའི་དགོངས་མོ་དོ་ནུབ་ལྷ་བཞི་བསྒོམས་ནས་ནང་པར་ནམ་ལངས་མ་ཐག་ངའི་གམ་དུ་ཤོག་ཅིག་གསུངས་ནས། ནམ་ཕྱེད་ནས་ལྷ་བཞི་བསྒོམས་ཏེ་ནམ་ལངས་ཙ་ན་བླ་མའི་སྤྱན་སྔར་ཕྱིན་པས། གདན་ཁ་ན་ལྷ་བཞི་སྔགས་ཀྱི་རང་སྒྲ་ཏི་རི་རི་སྒྲོག་ཅིང་འདུག་པ་དང་། བླ་མའི་ཞལ་ནས་ལྷ་བཞིར་མཐོང་ངམ་གསུངས་ནས་མཐོང་ལགས་ཞུས་པས། ང་དང་ལྷ་བཞི་ཐ་དད་དུ་མ་ལྟ་ཨང་གསུངས་


PS001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡང་ཚེས་བརྒྱད་ཀྱི་སྔ་དྲོ་ལ་ང་ལ་ཇ་དྲོངས་ཤིག་གསུངས་ནས། ཇ་འདྲེན་དུ་ཕྱིན་པས། རྒྱུད་སྡེ་ལྔའི་ལྷ་ཚོགས་བཞུགས་ནས། གཙོ་འཁོར་རང་རང་གི་སྔགས་དི་རི་རི་འདྲེན་ཅིང་འདུག །དེ་ནས་བཟུང་སྟེ་ངའི་བླ་མ་དང་ལྷ་ཚོགས་དབྱེར་མི་འདུག་པས། སངས་རྒྱས་དངོས་སུ་འདུག་པ་ང་རེ་འཚིངས་སྙམ་པ་དུས་རྒྱུན་དུ་བྱུང་ངོ་། །དེ་ནས་བླ་མའི་ཞལ་ནས་ད་ང་ཡུན་རིང་པོར་མི་སྡོད་པ་འདྲ་གསུངས། དེ་ཅི་ཙུག་གདའ་ཞུས་པས། མདང་རྒྱ་གར་ཤར་ཕྱོགས་ན་བཞུགས་པའི་བླ་མ་རྣམས་བྱོན་ནས་དབང་བསྐུར་མཛད། ཁྱོད་འདི་ན་གདུལ་བྱ་མི་ཆེ་བར་འདུག་པས་རྒྱ་གར་ཤར་ཕྱོགས་སུ་གཤེགས་གསུངས། ན་ནིང་བྱོན་པའི་བླ་མ་རྣམས་དང་། ཚེ་དཔག་མེད་བྱོན་ནས། ད་གཤེགས་འཚལ་ཟེར་བ་ལ་ངས་ཁས་བླངས་ཡོད་པས་རྗེ་བཙུན་མའི་ཐང་ཀ་འདི་དང་། ཀ་པ་ལ་འདི་དང་། ཐོད་པ་འདི་དང་། དགྱེས་རྡོར་གྱི་རྡོ་སྐུ་འདི་དང་། བུམ་པ་འདི་རྣམས་ཁྱོད་ཁྱེར་ཅིག །ད་སྒྲུབ་པ་ཚུལ་བཞིན་དུ་གྱིས། ང་རང་གིས་བྱིན་གྱིས་རློབ་པ་ཡིན་པས་གསོལ་བ་ཐོབ་ཅིག །སྒྲུབ་པ་ལ་བར་ཆད་ཀྱིས་མ་ཁྱེར་བར་གྱིས་


PS001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །སྒོམ་ལ་མི་གནོད་པ་གཅིག་ལས་མེད་པས་ཡེངས་མེད་དུ་སྒྲུབས་ཤིག་གསུངས་ནས། མི་གནོད་པ་གཅིག་པོ་དེ་གང་ལགས་ཞུས་པས། རྩེ་གཅིག་ཏུ་སྒོམ་པ་དེ་གཅིག་པོ་ཡིན་གསུངས་སོ། །བདག་གིས་བླ་མ་ཆེན་པོ་དེ་སྔར་ལོ་ལྔ་བསྟེན། ཕྱིས་ནས་ལོ་གཅིག་དང་ཟླ་བ་བདུན་བསྟེན་ནས་སྐུ་གཤེགས་སོ། །དེ་ནས་བླ་མ་སྐུ་གཤེགས་མཛད་ནས་སྐུ་འབུམ་མ་ཚར་བར་དུ་གཡོག་ཅི་དགོས་བྱས་ཤིང་ཆ་རྐྱེན་ཅི་ཡོད་བླ་མའི་ཕྱོགས་སུ་བཏང་ནས། དགུན་གྱི་ཝ་ཟླ་བ་ལ་བླ་མའི་སྐུ་འབུམ་རྣམས་ཚར་བར་བྱས་སོ། །དེ་ནས་བདག་གིས་རྟོག་པ་ལ། དེ་སྔ་ཕན་ཆད་ནི་བླ་མའི་ཞབས་ཏོག་ཡིན། ད་ནས་གཏུབ་ཚད་དུ་བསྒོམ་དགོས་སྙམས་པ་གཅིག་བྱུང་ནས། གཏུབ་ཚད་དུ་ཡང་བསྒོམ་མོ། །དེ་ནས་སྡིངས་མར་ཕྱིན་ནས་ཁང་ལ་གནས་གཡར་སྟེ། ལོ་གཉིས་མཚམས་དམ་པོ་བཅད་ནས་བསྒོམས་པས། སྒྱུ་མ་ལྟ་བུ་འདི་ལ་བློ་ཡང་འགྲོ་བ་གཅིག་བྱུང་ངོ་། །བསམ་པས་ཀྱང་འོད་གསལ་གཏན་ལ་འབེབས་པ་སྒྱུ་མར་འདུག །སྒྱུ་མ་གཏན་ལ་འབེབས་པ་རྨི་ལམ་དུ་འདུག །རྨི་ལམ་གཏན་ལ་འབེབས་པ་དད་འདུན་དུ་འདུག །དད་འདུན་


PS001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བྱེད་པ་བླ་མར་འདུག །དེས་ན་རྩ་བའི་བླ་མ་ལ་རག་ལས་པ་གཅིག་ཏུ་གོའོ། །དེ་ཡང་རྨི་ལམ་འཁྲུལ་པའི་ཤེས་པ་དེ་རྒྱུ་རུ་གོ། །དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས་པ་དེ་ལམ་དུ་གོ། །དེ་འོད་གསལ་དུ་ཤེས་པ་དེ་འབྲས་བུར་གོ། །འདི་ལ་བསྲེ་བ་རྣམ་པ་བཞི་ཡང་ཚང་སྟེ། རྨི་ལམ་གྱི་གནས་སྐབས་ན་ཡུལ་སྣང་སྣ་ཚོགས་སུ་ཤར་བ་དང་། ད་ལྟར་གྱི་དུས་ན་སྣང་བ་སྣ་ཚོགས་སུ་ཤར་བ་གཉིས་ཤར་བའི་སྒོ་ནས་མཉམ། སྣང་བའི་སྒོ་ནས་ཀྱང་མཉམ་སྟེ། རྨི་ལམ་གྱི་དུས་སུ་ཡུལ་སྣ་ཚོགས་སུ་སྣང་བ་དེ་ཤར་ཡང་ཁོ་རང་ལ་ཤར། སྣང་ཡང་ཁོ་རང་གི་ངོ་ལ་སྣང་བས། སྣང་བའི་སྒོ་ནས་ཀྱང་ཁྱད་པར་མེད་པར་གོ། །དོན་བྱེད་ནུས་པའི་སྒོ་ནས་ཀྱང་ཁྱད་པར་མེད་པར་གོ། །རྨི་ལམ་གྱིས་དུས་སུ་སྣ་ཚོགས་སུ་ཤར་བ་དེས་ཀྱང་ཆགས་སྡང་སྐྱེ་བའི་དོན་བྱེད་ནུས་ལ། ད་ལྟར་གྱི་དུས་སུ་སྣང་བ་སྣ་ཚོགས་སུ་ཤར་བ་འདིས་ཀྱང་ཆགས་སྡང་སྐྱེ་བའི་རྒྱུ་བྱེད་ནུས་ཏེ། དོན་བྱེད་པའི་སྒོ་ནས་ཁྱད་པར་མེད་པར་གོ། །དེ་ཡང་བསྲེ་བ་རྣམ་པ་བཞི་རྨི་ལམ་ལ་ཡང་ཚང་ནས་འགྲོ་བར་འདུག་སྟེ། དེས་ན་ཆོས་གཅིག་


PS001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཤའ་མར་གཏན་ལ་འབེབས་ན་ཆོས་ཐམས་ཅད་དེར་འདུས་ནས་འོང་བར་འདུག་གོ། །དེ་ཤེས་པ་ལ་ཁ་ཚོན་རྣམ་པ་གསུམ་ཡང་གཉིད་ཐུམ་གཅིག་རང་ལ་ཚང་ནས་འོང་བར་འདུག་སྟེ། མི་དགེ་བའི་བག་ཆགས་ཀྱི་རྨི་ལམ་ཅི་རྨིས་པ་དེ་ལོག་ཤེས་སུ་འགྲོ་བར་འདུག །རྨི་ལམ་ལ་རྨི་ལམ་དུ་ཤེས་པ་དེ་ཀུན་རྫོབ་ཤེས་པའི་ཤེས་རབ་ཏུ་འགྲོ་བར་འདུག །སྒྱུ་མ་ཙམ་གྱི་འཛིན་པ་དང་བྲལ་ནས། འོད་གསལ་ལམ་ཆོས་ཉིད་དུ་ཤེས་པའི་ཤེས་རབ་དེ་དོན་དམ་པའི་ཤེས་རབ་ཏུ་འགྲོ་བར་འདུག །དེས་ན་ཤེས་རབ་གསུམ་པོ་དེ་ཡང་གཉིད་ཐུན་གཅིག་ལ་ཚང་ནས་འོང་བར་འདུག་གོ། །ཡང་ཕྱག་རྒྱ་རྣམ་པ་བཞི་ཡང་སྒྱུ་མ་ལྟ་བུར་རྟོགས་པ་དེ་ལ་ཚང་ནས་འོང་བར་འདུག་སྟེ། རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་དུས་ཙ་ན། ཆགས་སྡང་བྲལ་ནས་སྒྱུ་མ་ལྟ་བུར་རྟོགས་བ་དེ་ཁོ་ན་དམ་ཚིག་གི་ཕྱག་རྒྱར་འགྲོ་བར་འདུག །ཉོན་མོངས་པ་ཐམས་ཅད་ཁོས་སྤོང་བར་བྱེད་པས་ལས་ཀྱི་ཕྱག་རྒྱར་འགྲོ་བར་འདུག །དེ་ལྟར་སྒྱུ་མ་ལྟ་བུའི་དོན་ཉམས་སུ་ལེན་པ་དེ་ཆོས་ཀྱི་ཕྱག་རྒྱར་འགྲོ་བར་འདུག །ཡང་སྒྱུ་མ་ལྟ་བུར་རྟོགས་པ་དེ་ལ་རྣམ་ཐར་སྒོ་གསུམ་ཡང་ཚང་ནས་འོང་བར་འདུག་སྟེ། སྒྱུ་མའི་


PS001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལ་སྐྱེ་བ་མེད་པས་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དུའང་འདུག །སྒྱུ་མའི་རང་བཞིན་ཅིར་ཡང་གྲུབ་པ་མེད་པས་ན། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པར་ཡང་འདུག །སྒྱུ་མ་ཟུང་འཇུག་ཏུ་རྟོགས་པས་ན་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པར་འདུག །དེ་ཡང་ངས་རྨི་ལམ་ཟིན་པའི་དུས་སུ་ཡང་། ངས་རྨི་ལམ་ཟིན་པས་ཇི་ལྟ་བུར་བྱས་ཀྱང་སྤྲུལ་དུ་གཏུབ་པར་འདུག་སྙམ་ནས། སྐད་ཅིག་མ་ལ་མདུན་གྱི་ནམ་མཁར་བླ་མ་ཡི་དམ་དང་སངས་རྒྱས་བྱང་སེམས་མང་པོར་སྤྲུལ། སྐད་ཅིག་གཉིས་པ་ལ་མཆོད་པའི་བྱེ་བྲག་མི་འདྲ་བ་དཔག་ཏུ་མེད་པར་སྤྲུལ་ཏེ། དེ་ཐམས་ཅད་རིམ་པས་ཕུལ་ནས་བསྔོ་བ་ཡན་ཆད་བྱས་པ་ལ་ཚེགས་མེད་པར་བྱུང་སྟེ། སྒྱུ་ལུས་ཀྱི་གདམས་པ་འདི་ཀ་ངོ་མཚར་ཆེ་བར་བྱུང་ངོ་། །ཡང་བདག་གི་རྨི་ལམ་བཟུང་ནས། ཨོ་རྒྱན་དུ་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ཅན་དུ་ཕྱིན་ནས། ཕྱོགས་བཞི་ན་སྒོ་བཞི་འདུག་པས་མ་ཕྱེད་པ་དང་། ནམ་མཁའ་ནས་ལྷ་མོ་དཀར་མོ་གཅིག་གི་ཞལ་ནས། སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ། དེ་རིང་གང་ཡིན་བདག་སྙེམས་པས། རིགས་དང་མཐུན་པའི་དངོས་གྲུབ་དང་། ལྷ་དང་མི་ནོར་


PS001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བར་ཤོག །གྱིས་ལ་གསོལ་བ་ཐོབ་ཅིག་གསུངས་ནས་གསོལ་བ་བཏབ་པ་དང་། ཕྱོགས་ཕྱོགས་ནས་སྒོ་རང་བྱེ་སྟེ། རྒྱུད་སྡེ་ལྔའི་ལྷ་ཚོགས་ཀྱི་དབང་བཞི་རྫོགས་སུ་བསྐུར་ནས། ཌཱ་ཀི་མ་ལ་གདམས་པ་གཅིག་ཞུས་ཤིག་གསུངས་ནས་ལུང་བསྟན་ཏོ། །དེ་ནས་ཌཱ་ཀི་མ་སུ་མ་ཁ་ཀུན་ཏུ་བཟང་མོ་སངས་རྒྱས་དང་སྐལ་པ་མཉམ་པ་དེས། དེ་ཉིད་བཞི་དང་རིམ་ལྔའི་གདམས་པ་གསུངས་སོ། །ཡང་བླ་མའི་ཟླ་མཆོད་ཀྱི་དགོངས་མོ་གསོལ་བ་བཏབ་པས་རྐྱེན་བྱས་ནས་ཨོ་རྒྱན་དུ་ཕྱིན་ནོ། །རྒྱལ་པོ་ཨིནྡྲ་བྷོ་དྷི་བཙུན་མོའི་ཚོགས་ཀྱིས་བསྐོར་བ་དང་། གསང་བ་འདུས་བའི་ལྷ་དང་དབྱེར་མེད་དུ་འདུག་པ་ལ་ཕ་རྒྱུད་ཀྱི་གདམས་ངག་འགའ་ཞུས། །དུར་ཁྲོད་མུན་པ་མི་བཟད་ན་ཌཱ་ཀི་མ་སེང་གེའི་གདོང་ཅན་བཞུགས་པ་ལ། མ་ཧཱ་མཱ་ཡ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་ཞུས་ཡང་དུར་ཁྲོད་ཨོ་རྒྱན་དུ། ཧེ་རུ་ཀ་མངོན་པར་བྱང་ཆུབ་པའི་གནས་སུ་ཕྱིན་ནས། ཕག་མོ་ལྷ་བཅུ་བདུན་མ་ལ་མཆོད་པ་ཕུལ་བས། དབང་བསྐུར་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་པ་གསུངས་ནས། དེ་ཉམས་སུ་བླངས་པས། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བས་ངེས་ཤེས་གཏིང་ནས་སྐྱེ་བ་བྱུང་ངོ་། །དེ་ནས་རྨི་


PS001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྟོབས་ཀྱང་ཆེན་པོར་གྱུར་པས། སྐབས་སུ་ཡུལ་སྣང་ཇི་ལྟ་བ་བཞིན་གཏན་ལ་ཕེབས། ཐོ་རངས་ཀྱི་ཆ་ལ་འོད་གསལ་རྟག་ཏུ་འཆར་བ་བྱུང་བས། ད་ངའི་དགེ་སྦྱོར་འདི་བཟང་ངན་ཅི་ཙམ་ཡིན་ནམ་བླ་མ་ཡང་མི་བཞུགས་པས་སུ་ལ་འདྲི་སྙམ་ཙ་ན། རྗེ་སྒོམ་པོ་པ་བྱ་བ་བྱ་རྒོད་ལ་སྒོམ་ཐེབས་པའི་གྲུབ་ཐོབ་གཅིག་བཞུགས་ཟེར་བ་ཐོས་ནས། སྔ་མ་དང་ཁྱད་ཅི་འདུག་ལྟ་དགོས་སྙམ་ནས་མཚམས་བཀྲོལ་ནས་ཡུལ་དུ་ཕྱིན་ཏེ། ཞིང་ལྷག་མ་ཡོད་པ་བཙོང་ནས། གསེར་ཞོ་བཅུ་གསུམ་ཁུག་པ་དང་། བུར་ལྟང་གསུམ་ཁུར་ནས་དབུས་སུ་ཕྱིན་ཏེ། ལམ་དུ་ནད་ཀྱིས་བཏབ་ཀྱང་ན་ཡིན་ཕྱིན་པས་སློབ་དཔོན་གཡོར་པོ་ཅན་ཕྱིན་ནས་སླེབ་ཙ་ན། ལུས་འཕྲིག་པ་དང་། འཁྱུག་པ་དང་། སྦྲིད་པ་ལ་སོགས་པ་བྱུང་བས། འདི་འཛེ་རྟགས་སུ་འདུག་སྙམ་ནས། དགུན་ཧྲིལ་དེར་མཛེ་བཟླས་བྱས་ཀྱང་ནུབ་གཅིག་ཤིན་ཏུ་ན་བར་བྱུང་ནས། ཐོ་རང་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། རྗེ་བཙུན་མ་བྱོན་ནས་ཁྱོད་ཀྱི་དེ་གདོན་མིན་ནད་ཡིན་པས། སྨན་པ་ལ་སྟོན་ཅིག་སོས་པར་འགྱུར་རོ་གསུངས་ནས། ནང་པར་སློབ་དཔོན་ལ་ངའི་འདི་གདོན་དུ་མི་འདུག་ནད་དུ་འདུག་པས། ང་


PS001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་སྐྱེལ་དགོས་བྱས་པས། བུར་དུ་བསྐྱལ་ལོ། །དེ་ནས་སྒོམ་ཁང་དུ་ཕྱིན་ཙ་ན་བླ་མའི་ཞལ་ནས། ཁྱོད་ཅི་ཙུག་སོང་། ནའམ་གསུངས་པས། ན་ཞུས་པས། ལྷ་རྗེ་བོས་ཤོག་གསུངས་ནས་ལྷ་རྗེ་ལ་བསྟན་པས། འདི་ནད་དུ་འདུག་པས་མྱུར་དུ་འཆོས་དགོས་པར་འདུག་ཟེར་ནས་སྨན་བཏང་བས། འཕྲིག་འཁྱུག་ལ་སོགས་པ་རྣམས་དྲག་གོ། །དེ་དུས་དགེ་བཤེས་རྡོ་རྗེ་རྒྱལ་བྱུང་ནས། ཆོས་སྟོན་པའི་སླས་རྒྱགས་བྱས་ནས་ཆོས་ཞུ་ཞིང་འདུག །འཛིམ་གྱི་བླ་མ་དྷ་བྱང་ཆུབ་སེམས་དཔའ་ཡིན་ཟེར་བས། བླ་མ་ཞོང་ཞོང་པའི་ཡང་བླ་མ་ཡིན་པས་བརྒྱུད་པ་གཅིག་པར་འདུག་པས་འདིར་ཞུས་པས་མི་འོང་། གཙང་དུ་ཞུ་དགོས་སྙམ་ཙ་ན་ནུབ་གཅིག་རྗེ་བཙུན་མ་བྱོན་ནས། ཡར་འགྲོ་མི་དགོས་འོ་བརྒྱལ་བ་ལས། ཇོ་བོ་འདི་གདམས་པ་ཅན་གཅིག་འདུག་གིས། འདི་ལ་ཉོན་ཅིག་གསུངས་ནས་ཁོང་ཇ་ལ་དགྱེས་པ་འདུག་པས། ཇ་བཀོལ་ནས་ཞུས། ཇ་མང་ཚད་གཅིག་ཕུལ་བས། བླ་མ་འཛིམ་གྱི་གདམས་པ་རྣམས་ཞུ་དགོས་བྱས་པས། འོ་བསྐོལ་གཉིས་ཕར་ཞུ་ཚུར་ཞུ་བྱའི་གསུངས་དགྱེས་ནས་བྱུང་། ད་གཡོར་པོ་འདིར་སྟབས་སུ་བསྡད་དོ་གསུངས་ནས། བླ་མ་འཛིམ་གྱི་ཕག་མོ་ཀེང་རུས་ཀྱི་ར་བ་ཅན་དང་། མཁའ་སྤྱོད་སྒྲུབ་པ་དང་།


PS001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་ཐིམ་པ་རྣམ་གསུམ་དང་། རྩ་ཁ་བཅུ་པའི་གདམས་པ་དང་། དབྱངས་ཅན་མ་དང་། ནོར་རྒྱུན་མ་དང་། བསམ་གྱིས་མི་ཁྱབ་དང་། རིམ་ལྔ་རིམ་གྱིས་པ་དང་། བདེ་མཆོག་དཔའ་བོ་གཅིག་པ་དང་། བིར་ཝ་པའི་ལམ་རྒྱས་པ་དང་། ངག་གི་དབང་ཕྱུག་གྲགས་པའི་ཡི་གེ་གསུམ་མའི་གདམས་ངག་རྣམས་ཁོང་ལ་ཞུས་སོ། །ཁར་སྣར་ཞག་གཅིག་བསྡད་པས། ཐོ་རངས་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་ཞལ་མཐོང་། དེ་ནས་སྟོན་ཀ་གཡོར་སྨད་དུ་ཕྱིན་ནས་གནས་གཅིག་གི་ཁྱམས་ན་བསྡད་ཡོད་ཙམ་ན་བཙུན་པ་གཅིག་བྱུང་ནས་ཇོ་བོ་གང་ནས་འོངས་པ་ཡིན་ཟེར། གཡས་རུ་ཤངས་པ་ཡིན་བྱས་པས། འོ་ན་བླ་མ་ཤངས་བ་དུ་གུ་པའི་གདམས་ངག་ཤེས་སམ་ཟེར། ཤེས་བྱས་པས་ལོག་སོང་། དེ་ནས་ཨེན་ཙམ་གཅིག་ནས་ཁོང་བྱུང་ནས་ཇ་ལ་གཤེགས་ཟེར་ཕྱིན་པས། དགེ་བཤེས་དམར་ཆོས་རྒྱལ་ཀྱི་ཚ་བ་མཚམས་སུ་བདུག །ཁོང་གིས་ཇ་བུར་གཅིག་དྲངས་ནས། རླུང་ཤིང་རྟ་ཅན་དེ་ཞུ་དགོས་ཟེར་ནས་བཤད་སྙམ་ཙ་ན་རྨི་ལམ་ལོག་ནས་མ་བཤད་པར། རྗེ་བཙུན་མ་བརྒྱུད་པ་གསུམ་དང་། བྱིན་གྱིས་རླབས་པའི་ལྷ་བཞི་བཤད། དགེ་བཤེས་དམར་ཞང་ཚན་གཉིས་


PS001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྣམ་བུ་གསུམ། དར་ཡུག་ལྔ་དང་ལམ་རྒྱགས་བསྐུར་ནས། གཞུང་མདའ་རྣམས་སུ་ཞག་གཅིག་བསྡད། བཙུན་མ་གཅིག་བྱུང་ནས། ཇོ་བོ་གང་ནས་འོངས་ཟེར། ཤངས་ནས་འོངས་བྱས་པས། ཤངས་པ་དུ་གུ་པའི་གདམས་ངག་ཤེས་སམ་ཟེར་བ་ལ་ཤེས་བྱས་པས། མོ་དར་གཅིག་སོང་བ་དང་འབོད་དུ་བྱུང་སྟེ། མོ་ལ་མིང་པོ་གནས་བརྟན་གཅིག་འདུག་པ་དེས། བེར་དང་ཟ་འོག་གིས་གདན་གཏིང་། ཇ་བུར་བཟང་པོ་དྲངས་ནས་ཁོ་ན་རེ། ང་གནས་བརྟན་གཅིག་ཡིན་པས་མི་རྟ་མང་པོ་བསད། སྡིག་པ་ཅི་ཡང་བྱས་པས། རྒས་ཁར་གདམས་པ་མང་པོ་ཞུས་བསྒོམ་སྙམ་ནས། བླ་མ་དྲིས་པས། ཤངས་པ་དུ་གུ་བ་བྱ་བའི་གྲུབ་ཐོབ་གཅིག་ལ། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་འཕོ་བ་ཡེ་ཤེས་སྐར་ཁུང་མ་ཡོད་ཟེར་བས་ཞུར་ཕྱིན་པས། བླ་མ་ནི་འདས་ཟེར་ཐོས་ནས། ཤངས་མདའ་གཅིག་པོ་ནས་མི་ཆེན་རང་སྟོང་ཚོ་གཅིག་གྱིས་དགོས་པ་བྱུང་བས། ད་ཁྱེད་ཀྱིས་འཕོ་བ་དེ་དང་མགོན་པོ་སྟེར་དགོས། ངས་འབུལ་བ་ཡང་བཟང་དུ་བྱེད་ཟེར་བས། དེ་ལ་ཁས་བླངས་ནས་ཁྱམས་སུ་ཉལ་དུ་ཕྱིན་པས། ནམ་སྲོད་ཀྱི་རྨི་ལམ་ན། ལྷ་མོ་དཀར་མོ་གཅིག་གཅི་བ་ཁམ་ཁམ་ཟ་ཡིན་བྱུང་ནས། ཁྱེད་ལྷ་མོ་ལེགས་པ་གཅིག་གཅི་བ་ཟ་བ་ཅི་ཙུག་


PS001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བྱས་པས། ཁྱོད་ཀྱང་གསང་སྔགས་ཀྱི་གདམས་ངག་ནོར་ལ་བལྟས་ནས་འཚོང་བ་ཅི་ཙུག་ཡིན་ཟེར་པས། ད་གདམས་ངག་བཤད་དུ་མི་གཏུབ་པར་འདུག་སྙམ་པ་གཅིག་བྱུང་ངོ་། །ཡང་ཐོ་རངས་ཀྱི་རྨི་ལམ་ན། མི་གཅིག་མགོ་ལུས་ཐམས་ཅད་ཆུ་བུར་གྱིས་གང་འདུག་པས། དེ་བརྡོལ་ནས་རྣག་ཁྲག་མང་པོ་འཛག་ཅིང་ཟུག་ཆེན་པོ་བྱུང་ནས། ཆོ་ངེ་འདེབས་ཤིང་འདུག་པ་དང་། དེ་ལ་ངས་ཁྱོད་ལ་འདི་འདྲ་བའི་སྡུག་བསྔལ་འོང་བ་ཅི་ཙུག་ཡིན་བྱས་པས། ཁོ་ན་རེ། ངས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདམས་ངག་ཚེ་འདི་ཉིད་ཀྱི་ཕྱིར་དུ་བསྟན་པས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བ་ཡིན་ཟེར་བས། ངས་སྔར་གྱི་དེ་དྲན་པས། ང་ལ་ཡང་ཡོད་ལས་ཆེ་སྙམ་ཙ་ན། ཁོའི་ནད་དང་སྡུག་བསྔལ་དེ་ང་ལ་འགོས་ནས། སྡུག་བསྔལ་དཔག་ཏུ་མེད་པ་བྱུང་བ་ལ། དེ་རྨི་ལམ་དུ་ཤེས་པས། སྡུག་བསྔལ་དེ་ཡང་ཡལ་ནས་སོང་། དེ་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་གཏིང་ནས་སྐྱེ་བ་གཅིག་བྱུང་ངོ། །དེ་ནས་ཡང་གནས་བརྟན་འབོད་དུ་བྱུང་གི་དོགས་ནས། ནམ་མ་ལང་གོང་ནས་ཕྱིན་ནོ། །དེ་ནས་གྲྭ་ཐང་དུ་སླེབ་ཙ་ན་བླ་མ་ལྷ་རྗེའི་དྲུང་དུ་འགྲོ་བའི་གཙང་པའི་དགེ་བཤེས་འབུལ་སྐྱེལ་བ་མང་


PS001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་དང་འཛོམ་ནས། དེ་དུས་སུ་སྒོམ་བྱ་བའི་བསོད་སྙོམས་པ་གཅིག་དང་གླེང་མོ་བྱས་པས། ཁོང་མོས་ནས་ངའི་ཁྲེས་པོ་ཁུར་རོགས་བྱས་ནས། སྤྲུ་དོ་བྱ་བའི་གནས་གཅིག་ཏུ་སླེབ་ཙ་ན། སྲོད་ལ་ཁ་བ་ཆེན་པོ་གཅིག་བབས་པས། བླ་མའི་སློབ་མ་གཞན་བྱུང་བ་དང་། གཙང་པའི་འབུལ་སྐྱེལ་བ་རྣམས་ན་རེ། བླ་མ་སྟོབས་ལུང་ན་བཞུགས་པ་ཡིན་ན། ད་ཁ་བ་འདིས་འུ་ཅག་རྣམས་དགུན་འདི་མི་ཐོན་ཟེར་ནས་སྡུག་བསྔལ་ཆེན་པོ་འདུག་པ་ལ། ངས་རྨི་ལམ་གཅིག་བཟུང་ལ་བལྟ་འམ་བྱས་པས། འོ་ན་ལྟོས་དང་ཟེར་ནས། རྨི་ལམ་བཟུང་ནས་བལྟས་པས། བླ་མ་སྟོབས་ལུང་ན་མི་བཞུགས་པར་འདུག །དེ་ན་སྡོད་པ་ཉི་ཤུ་རྩ་གཅིག་འདུག །དེ་མ་ཡིན་པའི་གྲོང་དང་ཐག་ཉེ་བའི་བྲག་རི་མང་པོ་ཡོད་པའི་ནང་ན་བྲག་རི་ཤིན་ཏུ་མཐོ་བ་གཅིག་གི་མདུན་ན་འདུག །རྨི་ལམ་བདེན་ན་དེ་འདྲ་གཅིག་ན་བཞུགས་ཤིང་གདའ་བྱས་པས། ཁོང་རྒྱུས་མ་རྣམས་ན་རེ། བླ་མ་སྒོམ་པོ་རང་ན་བཞུགས་པ་ཡིན་ཟེར་རོ། །དེ་ནས་འཕྲང་ཐམས་ཅད་ལ་འཇིགས་པ་ཡོང་མི་ཡོང་གི་རྨི་ལམ་ཐོག་ཅིག་ཟེར་རོ། །རྨི་ལམ་བཟུང་ཞིང་བལྟས་པས། ཐོག་ཏུ་ཕེབས་པར་བྱུང་ནས། ཁོང་རྣམས་ན་རེ། ཁྱོད་རྨི་ལམ་རྣོན་


PS001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འདུག་པས། བཙུན་ཆུང་རྨི་ལམ་རྣོན་པོ་བྱ་བར་ཐོགས་ཤིག་ཟེར་ནས་བཏགས་སོ། །དེ་ནས་ཨེའི་ནང་དུ་སླེབ་ཙ་ན། གྲྭ་པ་ལ་དྲིས་པས། བླ་མ་སྟོབས་ལུང་ནས་སྒོམ་པོར་བྱོན་ཟེར་བ་ལ། དགེ་བཤེས་དེ་རྣམས་ན་རེ། ཁྱོད་ཀྱི་མོའམ་རྨི་ལམ་དེ་ཤིན་ཏུ་རྣོ་བར་འདུག་ཟེར་རོ། །དེ་ནས་སྒོམ་པོའི་བླ་ཡེ་ལ་སླེབས་པ་དང་། བླ་མས་སྐུ་ཐང་གཅིག་ཀྱང་བསྣམས། སྦ་མཁར་གཅིག་བསྣམས། དར་ཡུག་གཅིག་ཀྱང་བསྣམས་ནས་བླ་ཡེ་ལ་བྱོན་ནས། ངས་ད་ཅི་བར་ཁྱེད་རྣམས་མ་མཐོང་བར་འདུག་པས། ད་བསུ་བ་བྱེད་དགོས། ཁྲེས་པོ་འདིར་ཞོག་ལ་ཕ་ཚད་རྒྱུག་གཅིག་གསུངས་ཙ་ན། ངེད་རྣམས་མར་ཚད་ཕྱིན་པ་དང་། དགེ་བཤེས་འབུལ་སྐྱེལ་རྣམས་ན་རེ། ད་རེས་ངེད་རྣམས་ལ་བསུ་བ་མཛད་པ་འདུག་ཟེར་ཙ་ན། དར་ཡུག་དེ་ངའི་ལག་དུ་བརྐྱང་། སྦ་མཁར་དེ་ས་ལ་བཙུགས་ནས། ངའི་བུ་འདིར་འོངས་སམ། སྐྱེ་བ་མང་པོའི་དཔོན་སློབ་ཡིན་པ་ལ། སྐྱེ་བ་འདི་ལ་ད་རེས་ལས་མ་འཕྲད་གསུངས་ཙ་ན། སྤྱན་ཆབ་མང་པོ་བཏོན་ནས་མགུར་འདི་གསུངས་སོ། ༈ །སྐྱེ་བ་མང་པོའི་སྔོན་རོལ་ནས། །འོ་སྐོལ་གཉིས་པོ་དཔོན་སློབ་ཡིན། །དམ་ཚིག་ངོ་ལྐོག་མེད་


PS001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས། །ད་རེས་སྒོམ་པོའི་བྲག་ལ་འཛོམ། །ང་ཡི་བུ་དེ་འདིར་འོང་ངམ། །མོས་གུས་ཅན་དེ་འདིར་བྱོན་ནམ། །ཅེས་པ་ལ་སོགས་པའི་མགུར་གསུངས་པས། རང་དབང་མེད་པའི་མཆི་མ་བྱུང་སྟེ། ཞི་གནས་བཟང་པོ་དུས་དེར་སྐྱེས་སོ། །དེ་ནས་བླ་མའི་གཟིམ་ཁང་དུ་ཕྱག་རྟེན་བྱས་ནས། ངའི་བླ་མ་ཤངས་པ་ཆེན་པོ་དེ་འདས་ནས་དགེ་སྦྱོར་བྱས་པས། ཐབས་ལམ་དང་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་ཉམས་མྱོང་འདི་ལྟ་བུ་སྐྱེས་པས། འདིས་མཐར་ཐུག་སླེབ་བམ་མ་སླེབ་ཞུ་རུ་འོང་པ་ཡིན། །བླ་མ་ཤངས་པ་དེ་འདས་ནས། བླ་མ་ཁྱེད་མིན་པ་ཞུ་ས་མི་བདོག །ད་ཆོས་དྲུག་གི་ཁྲིད་ཚར་གཅིག་ཞུ་དགོས་བྱས་པས། བླ་མའི་ཞལ་ནས། ཆོས་དྲུག་གི་ཉམས་རྟོགས་བཟང་པོ་ཅིག་སྐྱེས་འདུག་སྟེ། ལྟ་བ་ལ་ཐག་ཆོད་གཅིག་སྟོན་དགོས་པར་འདུག་གསུངས་ནས། ཕྱག་རྒྱ་ཆེན་པོའི་ཚིག་རྐང་བརྒྱད་པ་དང་། ངོ་སྤྲོད་ལྔ་པ་གསུངས་པས། ལྟ་བའི་ཕྱོགས་ལ་ཡིད་ཆེས་པར་བྱུང་ངོ་། །དེ་ནས་བླ་མའི་ཞལ་ནས། ཁྱོད་རང་རྒྱགས་གྲབ་གྱིས་ལ་སྒོམ་ཚུལ་ལ་ཆོས་དྲུག་ཚར་གཅིག་ཉོན། ངས་སྒྲུབ་ཐབས་དང་ཆོས་དྲུག་འདི་མི་བཤད་པའི་དམ་བཅའ་གཅིག་བྱས་ཡོད་གསུངས་པས། སྒོམ་ཚུལ་བས་ང་རང་དྲག་པ་ཡོད་མི་ཞུ་


PS001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས། བླ་མའི་ཞལ་ནས་འོ་ན་ཁྱོད་རང་རྨི་ལམ་དབང་ཐོབ་པའི་རྣལ་འབྱོར་པ་ཡིན་པས་རྨི་ལམ་ཟུངས་ཤོག །ཁྲིད་བྱ་ཡི་གསུངས་སོ། །དེ་ནས་སྤྱིལ་པོར་ཕྱིན་ནས། ནམ་མ་ཕྱེད་པར་དུ་གསོལ་བ་བཏབ། ཐོ་རངས་ཀྱི་ཆ་ལ་རྨི་ལམ་ཟིན་ནས་བླ་མའི་སྤྱན་སྔར་ཕྱིན་པ་དང་། བླ་མས་ཆོས་དྲུག་ཚར་གཅིག་གསུངས་ནས། གཉིད་དེ་སད་ཙམ་ན་མ་བརྗེད་པར་འདུག་ནས་ཡང་མ་བརྗེད་པར་སྐྱོངས་སོ། །དེ་ནས་བླ་མའི་སྤྱན་སྔར་ཕྱིན་ནས། མདང་བླ་མས་གསུངས་པའི་ཆོས་དྲུག་པོ་འདི་རྣམས་ལ་ལྷག་ཆད་གདའ་འམ་མི་གདའ་ཞུས་པས། བླ་མའི་ཞལ་ནས། ཆོས་བཞི་པོ་དེ་ནན་ལྟར་དག་འདུག །འཕོ་བ་དང་གྲོང་འཇུག་གཉིས་པོ་འདི་ལ་ལྷག་ཆད་བག་ཙམ་འདུག་པས་དངོས་སུ་བྱ་ཡི་གསུངས་ནས་ཚར་གཅིག་གསུངས་སོ། །དེ་ནས་ཡང་ནང་པར་སྤྱན་སྔར་ཕྱིན་ནས། རྨི་ལམ་དང་མངོན་སུམ་ཁྱད་པར་ཅི་བདོག །ཉམས་ལེན་བྱེད་པ་དང་། གཞན་ལ་སྟོན་པ་གང་ཟབ་ཞུས་པས། བླ་མའི་ཞལ་ནས། ངས་དང་པོ་སྤུ་རོང་བ་བྱང་ཆུབ་སེམས་དཔའི་ཆོས་སྒོར་ཞུགས། ཁོང་ལ་གདམས་ངག་ཞུས་ནས་བསྒོམས་པས། ཏིང་ངེ་འཛིན་བཟང་པོ་བྱུང་། ཕྱིས་བསྟན་རིམ་པའི་ཁྲིད་བྱས། དེ་ནས་


PS001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་བྱས་པས་ཏིང་ངེ་འཛིན་དེ་ཤོར་སོང་བས། ད་གསང་སྔགས་ཀྱི་གདམས་པ་གཅིག་བཙལ་དགོས་སྙམས་ནས་དྲིས་པས། བྲིན་སྙེ་ནམ་གྱི་རི་ལ། མི་ལ་རས་པ་བྱ་བའི་གྲུབ་ཐོབ་གཅིག་བཞུགས་ཟེར་བ་ཐོས་ནས། མཚན་ཐོས་པ་ཙམ་གྱིས་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པ་གཅིག་བྱུང་། དེ་སྨོན་ལམ་གྱི་འབྲེལ་པ་ཡོད་ཚུལ་དུ་གདའ། དེ་ནུབ་གསོལ་བ་བཏབ་པས་རྨི་ལམ་དུ་མཇལ་ནས་གདམས་པ་བཏབ་པ་རྨིས། གཉིད་སད་པ་ཙམ་ན་བློ་ལ་ཧྲིལ་ལེ་འདུག་གོ། །དེ་ནས་བླ་མ་དང་མཇལ་ནས་གདམས་པ་ཞུས་པའི་དུས་སུ་སྔར་གྱི་དེ་བས་ཁྱད་པར་མ་བྱུང་། མི་ལའི་ཞལ་ནས་ཀྱང་། དངོས་དང་རྨི་ལམ་གྱི་གདམས་པ་ལ་ཁྱད་པར་མེད་དེ། འདྲ་བའི་ནང་ནས་ཀྱང་རྨི་ལམ་གྱི་དེ་སྟོབས་ཆེ་གསུངས། ཁྱོད་ཀྱི་དེ་ཀ་བཞིན་དུ་འདུག་གིས། རྨི་ལམ་གྱི་དེ་ཀ་ལ་ཉམས་ལེན་དང་སྟོན་པ་གཉིས་ཀ་གྱིས་ཤིག །ད་ཡང་ཡིད་ཆེས་པར་བྱ་བའི་ཕྱིར་བྱ་ཡིས། ནང་པར་གཏོར་ཟན་གཅིག་ཁྱེར་ཤོག་གསུངས་ནས། ནང་པར་ནས་ཐབས་ལམ་གྱིས་སྣ་དྲངས་ནས་ཆོས་དྲུག་དང་། ཇོ་བོ་ནས་བརྒྱུད་པའི་གདམས་པ་དང་། མི་ལའི་རྣམས་ཚར་བར་མཛད་པས། དཔེ་རྣམས་དགེ་བཤེས་གར་པ་ལ་


PS001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ཁོང་ལ་ཞུས་གསུངས་སོ། །དེ་ནས་གར་པ་ལ་དར་ཡུག་གཅིག་ཕུལ་ནས། ཕྱག་དཔེ་རྣམས་ཞུས་པས། ཇོ་བོ་ཁྱོད་ལ་ནན་ཏན་བྱེད་པ་ཆོས་དང་མཐུན་པ་གཅིག་འདུག་པས། དཔེ་ཆ་རྣམས་བཏང་གི་གསུངས་ནས། ཇོ་བོ་ནས་བརྒྱུད་པའི་བླ་མ་རྣམས་གསུམ་གྱི་ཆོས་སྐོར་དགུ་དང་མཁའ་འགྲོའི་བསྙན་བརྒྱུད། ལྟ་སྒོམ་ཆེན་མོ་དང་ཐུན་མོང་མ་ཡིན་པའི་སྐོར། ནོར་བུའི་ཕྲེང་བ། ཕག་མོ། བདེ་མཆོག་དཔའ་བོ་གཅིག་མ། སྒྲོལ་མ་དཀར་མོ། ལྷན་ཅིག་སྐྱེས་སྦྱོར། བདེ་མཆོག་ལྷ་ལྔ། ཐབས་ལམ་མི་འདྲ་བ་ཉི་ཤུ། གཞན་ཡང་ངོ་སྤྲོད་ཀྱི་གདམས་ངག་མང་དུ་ཞུས་སོ། །བླ་མ་རང་གིས་མཛད་པའི་གོ་ཆ་རྣམ་གཉིས་དང་། ངོ་སྤྲོད་ལྔ་པ་དང་། ཚིག་རྐང་བརྒྱད་པ་དང་། སྐུ་གསུམ་ལམ་ཁྱེར་ལ་སོགས་པ། ཕྱག་རྒྱ་ཆེན་པོའི་གདམས་ངག་མ་ལུས་པ་གནང་ནས། ཁྱོད་ལ་གདམས་ངག་གི་དཔེ་དང་ཞལ་གདམས་ཐམས་ཅད་མ་ལུས་པར་རྫོགས་པར་གནང་བ་ཡིན་གསུངས་ནས། ཁོང་ཤིན་ཏུ་དྲིན་ཆེ་ལ་ཐུགས་རྗེ་ཆེ་བ་གཅིག་གདའ་འོ། །དེར་ཡང་བླ་མའི་བྱིན་གྱིས་བརླབས་པའི་སྟོབས་ཀྱིས། ལྟ་བ་ཐམས་ཅད་ཐག་ཆོད་པར་བྱུང་བ་དང་། སྒྱུ་མ་


PS001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཇི་ལྟར་སྦྱང་སྦྱངས་སུ་འགྲོ་བ་གཅིག་བྱུང་སྟེ། ནུབ་གཅིག་རྨི་ལམ་ན་བྱ་རོག་གཅིག་ཏུ་བྱས་ནས། ལྷན་ན་གྲོགས་པོ་གཅིག་ཡོད་པའི་སར་ཕྱིན་པས། ཁོང་དེ་ན་མི་འདུག་པར་ཚོང་དུས་ནས་ཉི་མ་གཅིག་འོངས་པའི་ས་ན་འདུག་པས། མར་ལོག་སྟེ་སྒོམ་པོའི་བྲག་ཁ་དེར་བབས་ཙ་ན། ཕོ་རོག་གི་ལུས་དེ་རྗེ་བཙུན་མར་གྱུར་ནས་སོང་བས། དམྱལ་བའི་གནས་སངས་རྒྱས་ཀྱི་ཞིང་ཁམས་མན་ཆད་ཕྱོགས་གཅིག་ཏུ་དུས་གཅིག་ཏུ་མཐོང་ནས། རང་གི་ལུས་ལ་བལྟས་པས་ཀྱང་ཆོས་འདི་རྣམས་དང་ལྡན་པར་འདུག་སྙམས་པ་དེའི་དུས་སུ། ༈ །སྐྱེ་མེད་ཀློང་ནས་འགགས་མེད་འཕྱོ། །བསམ་པ་ཙམ་གྱིས་ཐོགས་པ་མེད། །གང་གིས་བསླུར་མེད་སྒྱུ་མའི་ལུས། །རྣལ་འབྱོར་རིག་པའི་ཀློང་ནས་ཤར། །ཚེ་འདིའི་རྣམ་རྟོག་ཡལ་ནས་ཐལ། །རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ། །ངོ་སྤྲོད་ཀྱི་རྗེ་བཙུན་རིན་པོ་ཆེ། །ཡིད་ཀྱི་ལུས་ལ་ཆོས་ཀྱི་སྐུ། །ངོ་སྤྲོད་ཀྱི་རྗེ་བཙུན་རིན་པོ་ཆེ། །བག་ཆགས་ཀྱི་ལུས་ལ་རྒྱལ་བའི་སྐུ། །ངོ་སྤྲོད་ཀྱི་རྗེ་བཙུན་རིན་པོ་ཆེ། །ཞེས་བྱ་བ་ལ་སོགས་པའི་མགུར་བླངས་པས། དུས་དེ་ཙམ་ནས་ཚེ་འདིའི་རྣམ་རྟོག་ཙམ་སྐྱེ་མ་མྱོང་བར་གདའ། བདག་གིས་བླ་མ་དེ་ལོ་


PS001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྟེན་ནས། ཕྱག་རྒྱ་ཆེན་པོའི་གདམས་བ་མ་ལུས་པར་ཞུས་པས། ལྟ་བ་ལ་སེམས་ཐག་གཤའ་མ་ཆོད་པ་གཅིག་བྱུང་ངོ། །དེ་ནས་འོངས་བའི་དུས་སུ། བླ་མ་ལ་ཕྱག་འཚལ་ནས། ད་འཚོ་བ་གང་བདེར་འགྲོ་དགོས་པར་གདའ་བས། དུས་རྒྱུན་དུ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། བླ་མས་སྐྱེལ་ཐུང་མཛད་ནས། ཕྱག་ཅབ་ཅབ་པ་གཅིག་མགོ་ཐོག་ཏུ་བཞག་ནས། དུས་རྒྱུན་དུ་ང་དྲན་པར་གྱིས་ཤིག །གནས་གཞིའི་གོ་ཆོད་མ་བྱེད། །དགྲ་དགའ་བའི་འདུན་མ་གྱིས་ཤིག །དགེ་འདུན་གྱི་བྱ་བ་མ་བྱེད། །གཞན་སྨོས་མི་དགོས་སོ། །གསུངས་ནས། ད་རི་ཁྲོད་འགྲིམ་ལ་དུས་རྒྱུན་དུ་རིའི་བུ་གྱིས་ཤིག །ང་རང་གིས་དངོས་སུ་བྱིན་གྱིས་བརླབ་པ་ཡིན་ནོ། །བདེ་བར་འོང་བར་འདུག་གིས། ང་སྐྱས་མོ་ཆེ་ཞིག་འདེགས་ཙམ་ན་བུའི་རྩ་རུ་ཡུད་གཅིག་འོང་གིས་གསུངས་སོ། །དེ་ནས་ཡར་འོངས་ནས་བསམ་ཡས་སུ་སླེབ་ཙ་ན། རྣལ་འབྱོར་ཆོས་གཡུང་དང་འཕྲད་ནས། རྨི་ལམ་དུ་ཁྱུང་དུ་སྤྲུལ་པ་འདི་ཀ་དཀའ་བར་བྱུང་བྱས་པས། ཁོ་ན་རེ། ཁྱེད་རང་ལྷ་ཁང་དུ་སོང་ལ་ཁྱུང་ལ་ལྟོས་དང་ང་ལ་ཡང་དེ་ཀ་ཕན་པ་བྱུང་ཟེར་རོ། །རྣལ་འབྱོར་པ་དེ་ན་རེ། ཁྱུང་དང་སླ་སྟེ་དུང་འདི་


PS001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བར་བྱུང་ཟེར་ངས་བསླབ་བོ། །དེ་ནས་གཉན་ཁར་ནག་འདི་གདུག་པ་ཆེ་བར་འདུག་པས། ངེད་གཉིས་གྲོས་བྱས་ཏེ་འདུལ་བར་བྱས་པས། ངས་རྟ་མགྲིན་དང་བྱ་རོག་མང་པོར་སྤྲུལ་ནས་མཁར་ནག་ཏུ་ཕྱིན་པས་ཁོ་རྒྱ་གར་དུ་བྲོས། ཚུར་ཁུག་ནས་ཁོ་རང་གི་ཕོ་བྲང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ནང་དུ་ཕྱིན་ནས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲུལ་ཏེ། བཏུལ་ནས་ཐུལ་བ་དང་། ཁོ་ཀླུ་ནག་པོ་སྤྲུལ་མགོ་བདུན་པ་གཅིག་ཏུ་སོང་ནས། ཁ་ནས་ཁྲག་རྒྱང་རྒྱང་སྐྱུགས་ནས། བླ་མ་གྲུབ་ཐོབ་ཆེན་པོ་དེ་ལྟར་མ་མཛད་ཅིག །ད་ནི་བདག་གི་སྲོག་སྔགས་ཕུལ་ལ་བཀའ་འབངས་བགྱིའོ་ཟེར་ཙ་ན། རྣལ་འབྱོར་པ་ཆོས་གཡུང་བྱ་བའི་ཧབ་ཐོབ་ཅན་དེས་ཁྱུང་གཅིག་ཏུ་སྤྲུལ་ཏེ་གྱུར་མིད་བྱས་པས། ང་ལ་སྲོག་སྔགས་འབུལ་ལོང་མ་བྱུང་ཀྱང་ཁོ་ཐུལ་ནས། སྤྱིར་སེམས་ཅན་ལ་གནོད་འཚེ་ཆུང་དུ་སོང་། སྒོས་ངའི་བརྒྱུད་འཛིན་པ་བར་ཆད་མི་ནུས་པར་འདུག་གོ། །དེ་ནས་དཔོན་སློབ་གཡོར་བོ་ཅན་དུ་ཡོང་ཙ་ན། བཙུན་ཆུང་གཅིག་ན་རེ། དགུན་འདིར་སྡོད། ངས་ཞབས་འདེགས་བྱེད་ཟེར་བས། དགོན་པ་འདྲེ་ཅན་ཞིག་ཏུ་བསྡད་པས། དགོང་གཅིག་སློབ་དཔོན་བྱོན་ནས། ཁྱོད་ཀྱིས་དོ་ནུབ་དབོན་ཆོས་དགའི་


PS001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདི་གཏན་ལ་ཕོབ་ཅིག །ང་ནང་པར་འདྲིར་འོང་ཅིག་གསུངས་པས། དེའི་ནུབ་མོ་ཁོང་གི་ཁྱིམ་ཇི་ལྟ་བ་བཞིན་གཏན་ལ་ཕེབས་ཏེ། སློབ་དཔོན་ལ་བཤད་པས། ཐུགས་ཡིད་ཆེས་ནས་ངོ་མཚར་ཤིན་ཏུ་ཆེ་བར་འདུག་པས། ད་གླང་མ་རིང་པོ་བྱ་བའི་དགོན་པ་གཅིག་ཡོད་པ་ཡིན་ཏེ། དེར་འདྲེ་གཅིག་ཞུགས་ནས་མི་ཕྱུགས་མང་པོ་ཤི། གསེར་གཡུ་མང་པོ་སྦས་བ་མ་རྙེད། རྙེད་ཀྱང་འདྲེ་དེས་བདག་ཏུ་བཟུང་ནས་ལེན་མ་ནུས་པས། དགོན་པ་དེ་གཏན་ལ་ཕོབ་ལ་འདྲེ་དེ་ཐུལ་ཅིག་གསུངས་པས། ནུབ་གསུམ་དུ་བྱི་བ་དང་། བྱི་ལ་དང་། སྤྱང་ཁུ་ལ་སོགས་པ་གང་བྱུང་གི་གཉན་པོར་སྤྲུལ་ནས་བཏུལ་བ་དང་། ཞག་གསུམ་ནས་ཐུལ་ཏེ་དམ་ལ་ཐོགས་པས། གསེར་གཡུ་སྦས་པ་རྣམས་བཏོན་ནས་སློབ་དཔོན་ལ་ཕུལ་བས། སློབ་དཔོན་གྱི་ཞལ་ནས། བླ་མ་ཤངས་པ་དེས་ང་ལ་ཆེ་གོག་པ་འདི་ཙམ་གཅིག་བྱིན་ནས། གདམས་ངག་ཁྱད་འཕགས་རྣམས་གཅིག་ཀྱང་མ་བྱིན་པར་འདུག་པས། ད་ང་ན་སོ་རྒས། འཆི་བ་ལ་ཉེ་བས། ཁྱོད་ཀྱི་གདམས་ངག་རྣམས་ཅིས་ཀྱང་སྟེར་དགོས་གསུངས་བྱུང་བས། སློབ་དཔོན་ལ་ཆོས་བཤད་པས་མི་འོང་བྱས་ནས་གདམས་པ་མ་བྱིན་པས།


PS001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་ཞལ་ནས། ཁྱོད་ང་ལ་གདམས་ངག་ཅིས་ཀྱང་མི་སྟེར་ན། ང་ལ་ཆུ་བོ་རིའི་ཀླུ་བདུད་འདིས་བག་རེ་གནོད་པ་གཅིག་བྱུང་བས་ཐུལ་ཅིག་གསུངས་པས། འཇིགས་བྱེད་དུ་བྱས་ནས་བཏུལ་བས། ཁོས་དབང་ཞུས་གསང་སྔགས་ཕུལ་ནས། སློབ་དཔོན་དཔོན་གཡོག་འཁོར་དང་བཅས་པ་ལ་གནོད་པ་མི་བྱེད་པར་ཁས་བླངས་སོ། །ཡང་སློབ་དཔོན་གྱི་ཞལ་ནས། སོ་ཤ་འདི་ཡང་ཐུལ་དང་གསུངས་པས་ནམ་སྲོད་ལ་རྨི་ལམ་བཟུང་ནས། ཁྱུང་དང་ཁྲོ་བོའི་ཚོགས་སུ་སྤྲུལ་ཏེ་ནམ་མཁའ་ལ་ཕྱིན་པ་དང་། སོ་ཤ་མདུན་དུ་བྱུང་ནས་ཕྱག་འཚལ། བསྐོར་བ་བྱས་ནས། ད་ནས་བཟུང་བདག་བྲན་དུ་བགྱིད་དོ། །བླ་མ་ཡར་ལ་ལྡོག་པར་ཞུ་ཟེར་བས། འོ་ན་ཁྱོད་རང་གི་མིང་དང་རང་གཟུགས་སྟོན་ཅིག་གསུངས་པས། མི་གཟུགས་ཆེ་བ། ཤ་སེར་བ། རལ་པ་སེ་ཤད་དེ་བ་ཡོད་པ་གཅིག་ཏུ་བྱས་ནས། བདག་གི་མིང་ནི་དགྱེས་པོ་སྟག་བགྱི་བའོ། །ད་ནི་དགེ་བསྙེན་གནང་དུ་གསོལ། །ཟེར་ནས་དགེ་བསྙེན་བྱས་སོ། །དེ་ནས་ཐོ་རངས་ཀྱི་རྨི་ལམ་ན་ཁྱིམ་གཅིག་གི་ཕུག་ན་རིན་པོ་ཆེའི་ཕུང་པོ་སྤུངས་འདུག་པས། མི་སྲིན་པོའི་ཆ་བྱད་ཅན་མང་པོ་བསྣོལ་ནས་བསྡད་དེ་རིན་པོ་ཆེ་བསྲུངས་


PS001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལེན་དུ་མི་སྟེར་བ་གཅིག་མཐོང་། དེ་ལ་བདག་གིས་བསམ་པ། ཁྱིམ་དང་འདྲ་བ་རང་གི་ལུས་སུ་འདུག །རིན་པོ་ཆེ་དང་འདྲ་བ་རང་གི་སེམས་སུ་འདུག །མི་སྲིན་པོའི་ཆ་བྱད་ཅན་དང་འདྲ་བ་འདི། དུག་ལྔ་འདིས་རྟོགས་སུ་མི་སྟེར་བ་འདུག་སྙམ་པ་བྱུང་བ་དང་། མདུན་གྱི་ནམ་མཁའ་ལ་རྗེ་བཙུན་མ་བྱོན་ནས་དེ་ཁོ་ན་བཞིན་ནོ་རིགས་ཀྱི་བུ་གསུངས། དེའི་དུས་སུ་རྗེ་བཙུན་མ་ལ་ཞེས་ཕུལ་བའི་མགུར་དེ་བླངས་པ་ཡིན་ནོ། །དེ་ནས་ཡང་ཡར་འོང་། བླ་མའི་གསུངས་བཞིན་དུ་རི་དང་མ་བྲལ་བ་གཅིག་བྱས་ལ། ཡང་ན་ཤི་བ་དང་ཡང་ན་སངས་རྒྱས་པ་གཅིག་ལ་གཏད་དགོས་སྙམ་ནས་རྨོག་ལྕོག་གི་བྲག་ལ་བསྡད་པས། ཨ་ནེ་ཁྲོམ་ལྕམ་གྱིས་ཟླ་བ་རེ་ལ་བྲེ་ལྔ་ལྔ་བསྐྱལ་ནས། སྒྲུབ་པ་ལོ་གཅིག་བྱས་ཙ་ན་ཉིན་གཅིག་ཨ་ནེ་བྱུང་ནས། རིན་ཆེན་བརྩོན་འགྲུས་ཁྱོད་གསོས་ཀྱང་སྐྱེད་ནི་མི་ཡོང་བར་འདུག་ད་བྲེ་དོ་དོ་ལས་མི་འཁྱོལ་བར་འདུག་ཟེར་ནས། དགུན་བྲེ་དོ་དོ་ལས་མ་བསྐྱལ་ལོ། །ཁྱོད་ཀྱི་ཕ་སྤུན་འདི་ཀུན་ནུ་བོའི་རྒྱུད་ཡིན་ཏེ། ཉིན་རེ་ལ་ཤ་མར་མང་པོ་འོང་ཞིང་འདུག །ཁྱོད་ཕོ་བོའི་རྒྱུད་ཡིན་ཏེ། ཅི་ཡང་མི་འོང་བའི་ཆོས་འདི་འདྲས་ཅི་བྱེད། བཟར་མེད་གྱོན་དུ་


PS001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གཅིག་བྱུང་འདུག །ད་ཁྱོད་གསོས་ཀྱང་སྐྱེད་ནི་གཅིག་ཀྱང་མི་ཡོང་བར་འདུག །ཨ་ནེ་ཡང་རྒས་པས་མི་སླེབ་པར་འདུག་ཟེར་ནས། བྲེ་དོ་མ་དེ་ཡང་བསྐྱེལ་དུ་མ་གཏུབ་པས། རྒན་མོ་གཅིག་ལ་ཉུངས་གཞི་བླངས་ནས། བྲག་འོག་ན་ཕར་བཏབ་ཏེ། དབྱར་ཉུངས་ཚོད་བྱས། དགུན་ལོ་ཚོད་བྱས། ཚ་རྡོར་ད་ནམ་ཀྱང་མེད་དེ། ཐལ་གཅིག་ཀྱང་མེད་པར་ཐལ་བས་མདོག་བསྒྱུར་ཏེ་དགེ་སྦྱོར་རེམ་པོ་བྱས་པས། དང་པོ་རླུང་ལངས་ནས་ཁམས་ཟིར་བྱུང་། ཕྱིས་སྙིང་རུས་བསྐྱེད་ནས་གསོལ་བ་དྲག་པོ་བཏབ་པས། ཐོ་རངས་ཁ་སུ་མ་ཁ་སིདྡྷི་བྱོན་ནས། ༈ །ཆོས་ཉིད་མངོན་དུ་མ་གྱུར་ཚེ། །མི་ཟས་འཚོ་བས་ཉམས་མྱོང་འགྲིབ། །ལྟོ་གོས་འཁྲི་བ་བཅད་ནས་ཀྱང་། །རྣམ་རྟོག་ཏིང་འཛིན་ཟས་སུ་ཟོ། །ཞེས་ལན་གསུམ་གསུངས་པས་ལྟོ་གོས་ཀྱི་འཁྲི་བ་ཆོད་དོ། །དེ་ནས་དགུན་ཟླ་ར་བའི་ཚེས་བཅུ་གཅིག་ལ་མི་གཡོ་བ་ནམ་མཁའི་ཁམས་ཁེངས་པ་ལ། ཁྲོ་བཅུའི་བསྐོར་བ་གཅིག་ཞལ་མཐོང་། ཡང་དེའི་ཚེས་བདུན་གྱི་དགོང་མོ་ཆུ་བླངས་འོང་ཙ་ན། མཎྜལ་སྟེང་ན་བྱིན་གྱིས་བརླབས་པའི་ལྷ་བཞི་འོད་ཀོ་རེ་བཞུགས། རང་རང་གི་སྔགས་དི་རི་རི་སྒྲོག་


PS001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འདུག་པ་མཐོང་བ་དང་། དེ་ཀ་ནས་ལྷ་བཞིའི་བྲིལ་སྒྲུབ་དེ་ལ་མོས་པ་བྱུང་བ་དང་། ཡང་ལྷ་བཞི་བྱོན་ནས། ལྷ་བཞི་ཀའི་ལག་ལེན་བཀོད་ཅིག་གསུངས་ནས་ལུང་བསྟན་བྱུང་བ་དང་། དེའི་དུས་ཚིག་བཤད་མ་དེ་བཀོད་པ་ཡིན་ནོ། །ཡང་ནུབ་གཅིག་ནམ་ཕྱེད་ཡོལ་ཙམ་ན། བྲག་ལོགས་འོད་ཀྱིས་ཁེངས་ནས་ཌཱ་མ་རུའི་སྒྲ་ཆེན་པོ་གྲགས་ཙ་ན། མགོན་པོ་གཙོ་འཁོར་ལྔ་བྱོན་ནས་འཆམ་ཞིང་འདུག་པས། ང་ཡང་ཉམས་འབར་ནས་རྟགས་བསྟོད་བྱེད་ཅིང་བསྐོར་བ་བྱས་པས་ཤིན་ཏུ་མཉེས་སོ། །ལྷ་འདྲེ་ཡང་དབྱངས་བསྟོད་ལ་དགྱེས་པར་འདུག་སྙམ་པ་གཅིག་བྱུང་ངོ་། །བླ་མ་ཤངས་པའི་འདས་མཆོད་བྱེད་པའི་ནུབ་མོ་ཡོན་ཆབ་དང་མེ་ཏོག་ཕུལ་ནས་གསོལ་བ་བཏབ་པས། བླ་མ་དང་མགོན་པོ་འོད་དཔག་མེད་བྱོན། དབུ་མ་བདུད་རྩིས་གང་བའི་ཚེ་སྒྲུབ་དེ་གསུངས་པ་ཡིན་ནོ། །དེ་ནས་ནུབ་གཅིག་རྨི་ལམ་བཟུང་ནས་ཨོ་རྒྱན་དུ་ཕྱིན་པས། ཕག་མོ་ལྷ་བཅུ་གསུམ་གྱི་དབང་བསྐུར་ནས། ༈ །རྣམ་སྨིན་ལུས་ལ་རྒྱལ་བའི་སྐུ། །བདེ་སྟོང་གཉིས་སུ་མེད་པར་ལྟོས། །སྨོན་ལམ་ལུས་ལ་སྒྱུ་མའི་སྐུ། །གསལ་སྟོང་གཉིས་སུ་མེད་པར་ལྟོས། །ཅེས་


PS001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་ལུས་ངག་གི་གནས་ལུགས་ཐག་ཆོད་པ་གཅིག་བྱུང་ངོ་། །དེ་ནས་རྟ་ཟླའི་ཚེས་བརྒྱད་ཀྱི་དགོང་མོར། ལྷའི་བུ་དང་། ཌཱ་ཀི་མང་པོས་མཆོད་པ་ཕུལ་བས་རྐྱེན་བྱས། འོད་གསལ་སྟོབས་ཆེན་པོ་བྱུང་སྟེ་གཉིད་དང་རྨི་ལམ་བར་ཤེད་ན། མི་རྟོག་གསལ་བའི་སྒྲོན་མེ་རྙེད། ཅེས་པ་ལ་སོགས་པའི་མགུར་དེ་ཡང་དེའི་དུས་སུ་བླངས་པ་ཡིན་ནོ། །དེའི་དུས་སུ་ལྷ་ཕུའི་ཕྱི་ནང་ཐམས་ཅད་ན་ཅི་དང་ཅི་བྱེད་པ་ཐམས་ཅད་མཐོང་བ་བྱུང་ངོ་། །དེ་ནས་རྒྱ་ཇེ་ཆེ་ཇེ་ཆེ་ལ་མཆེད་ནས་ཐལ་ནམ་ཟླ་སོས་ཀ་ཉིན་གཅིག་བྲག་ཟུར་དུ་ཕྱིན་པས་ཉིན་མཚན་དབྱེར་མེད་ཀྱི་ཉམས་བྱུང་ནས། ཆུའི་སྤྲུལ་བསྒྱུར་བྱས་པས། ཆུ་རུ་སྒྱུར་བ་ལུག་རྫི་གཅིག་གིས་མཐོང་། མེར་བསྒྱུར་བ་ལྡོམ་བུ་བ་གཅིག་གིས་མཐོང་། དེ་ནས་ཟད་པར་བཞིའི་སྟོབས་ཆེན་པོར་གྱུར་ཡང་ཟད་པར་སྔོན་པོ་སེར་པོ་ལ་སོགས་པའི་གསལ་སྣང་མཆེད་ནས། སངས་རྒྱས་ཀྱི་ཞིང་ཁམས་མང་པོ་མཐོང་བ་བྱུང་བས། བཟང་སྤྱོད་ཀྱི། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། བྱ་བ་ཡང་འདི་ཉིད་དུ་འདུག་སྙམ་པ་བྱུང་ངོ་། །ཡང་། ཉིན་གཅིག་བྲག་གི་སྟེང་དུ་ཕྱིན་པ་དང་། སྒྱུ་མའི་ཉམས་བཟང་པོ་བུང་བ་དང་། ནམ་མཁའ་ལ་རྗེ་


PS001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་ཌཱ་ཀིའི་ཚོགས་ཀྱིས་བསྐོར་ནས་གར་བསྒྱུར་ཅིང་འདུག་པ་དེ་གཉིས་ཀྱི་སྟོབས་ཀྱིས། ངས་ཀྱང་བྲག་ལོགས་ཀྱི་ནམ་མཁའ་ལ་སྐྱིལ་ཀྲུང་བཅའ་ནུས་པ་བྱུང་ངོ་། །དེ་ཡང་ལུག་རྫི་དང་བུ་མོ་མང་པོས་མཐོང་འདུག་པས། དེའི་ནང་པར་ལྷ་ཕུན་ཕྱུགས་པོའི་གཅེས་ཕྲུག་མ་བཅུ་དྲུག་གིས་ཕྱེ་དང་། ཤ་མར་སྣམ་བུ་ལ་སོགས་པ་མང་པོ་ཕུལ། བསྙེན་གནས་ཞུས་ནས་སོང་། །བྲག་ལོགས་ལ། ཕྱེ་དང་ཤ་མར་དེ་ཀ་ལས་མ་མཐོང་། དེ་ནས་ཞག་བཅུ་གཅིག་ན། ཤངས་ན་ཕྱུགས་པའི་རྒས་པོ་ཤུག་པ་འབུམ་མེ་བྱུང་ནས། རིན་ཆེན་བརྩོན་འགྲུས་ཁྱོད་ཀྱིས་ལོ་བཅུ་གཉིས་སུ་བྲག་འདི་ལ། རྩམ་པ་མིག་གིས་མ་མཐོང་བར་བསྡད་པས། ད་ཁྱོད་ཀྱིས་གྲུབ་པ་ཐོབ་ནས་ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་ཡིན་འདུག་ཟེར་བས། ད་ང་ན་སོ་རྒས་ནས་ཤི་ལ་ཐུག་པས། ཚོགས་གསོག་གཅིག་བྱེད་དགོས་པར་ཡོད་པས། དེ་ལ་ཅིས་ཀྱང་འབྱོན་དགོས་ཟེར་བས། ངས་ཁྱོད་ཀྱི་ཚོགས་གསོག་དང་ཆོས་འཁོར་ཀྱི་སློབ་དཔོན་མི་ཡོང་པས། ཁྱོད་རང་གཞན་ནས་ཞུས་བྱས་པས། ཁོ་ན་རེ། ཁྱོད་མི་འབྱོན་ནང་འདི་ཀར་ལྕེབ་པ་ཡིན་ཟེར་ནས་སྙིང་གར་གྲི་གཏད་ནས་བྱུང་པས།


PS001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཁྱོད་དེ་ཙམ་ལ་ཐུག་ན་འོང་གིས་ཞག་གསུམ་ལས་མི་སྡོད་དོ་བྱས་པས། དེ་ནས་ཁོས་རྟ་ཁྲིད་ནས་བྱུང་བ་དང་། བེམ་དུག་དེ་གྱོན། ཆོས་ཁུག་དེ་ཁུར་ནས་ཕྱིན་པ་དང་། ཁྲོམ་ཆེན་པོ་ཚོགས་ནས་འདུག །ཁོས་ཆོས་ཁྲི་མཐོན་པོ་གཅིག་བརྩིགས། དེའི་སྟེང་དུ་གོས་མང་པོ་བཏིང་ནས། རྟ་ཕྱུགས་དང་། མར་ནས་དང་། གོས་ལ་སོགས་པ་འབུལ་བ་ཆེན་པོ་བྱས་ནས། ཁོས་གཏམ་བཏང་སྟེ། སློབ་དཔོན་རིན་ཆེན་བརྩོན་འགྲུས་ཁྱེད་ཀྱིས་ན་ནིང་བར་ལོ་བཅུ་གཉིས་སུ་རྩམ་པ་མིག་གིས་མ་མཐོང་བར་བྲག་ལ་བསྒོམས་པས་གྲུབ་པ་ཐོབ་འདུག་པས། དེ་རིང་གི་སྐབས་སུ་བླ་མའི་ཞལ་ནས་བྱ་བའམ། མདོ་རྒྱུད་ནས་འདི་གསུངས་བྱ་བ་མ་བཤད་པར། ལོ་བཅུ་གཉིས་སུ་བྲག་ལ་བསྒོམས་ནས་བསྡད་པས། འདི་རྒྱུད་ལ་སྐྱེས་པ་ཡིན་བྱ་བའི་ཆོས་གཅིག་གསུངས་ཤིག་ཟེར་བས། ངས་དང་པོ་དེ་ལ་བསྡད་པའི་དང་ཀ་བདེ་བ། བརྩོན་འགྲུས་ཀྱིས་ལའུར་མུར་བ། སྒྱུ་མ་ལམ་དུ་སློང་བ། སྟོང་ཉིད་ཀྱི་གཡང་ཁར་སླེབ་པ་བྱ་བ་བཞི་པོ་དེ་ལ་རྩ་བ་བྱས་ནས་བཤད་པས། ཕྱུགས་པོ་དེ་དང་ཁྲོམ་ཐམས་ཅད་མོས་ནས། ནང་པར་ཀྱང་ཐམས་ཅད་


PS001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབུལ་བ་བྱས་ནས། ཆོས་ཞག་ཉི་ཤུ་རྩ་གཅིག་བཤད་པས། ཚོང་དུས་དང་འཛད་བོ་དོད་མན་འདུས་ཏེ། རྟ་ཁྲབ་བུར་ཚོས། གསེར་གཡུ་དང་སྣམ་རས་ལ་སོགས་པའི་འབུལ་བ་ཅི་ཡང་བྱུང་། ཕྱུགས་པོ་དེ་ལ་འབུལ་བ་བྱུང་བའི་ནོར་རྣམས་མ་འདྲེས་པ་ཐམས་ཅད་གཅིག་ཀྱང་མ་གོད་པ་གྱིས་ཤིག་བྱས་པས། ཁོ་ན་རེ། ན་ནིང་བར་ལོ་བཅུ་གཉིས་སུ་རྩམ་པ་མིག་གིས་མ་མཐོང་བས་ཁྱེད་བདེན་པ་ཡིན་ཏེ། ད་ཆ་རྐྱེན་ལ་དེ་ཙམ་ཞད་མི་དགོས། ཁྱེད་མི་གསེར་དུ་རེད་པ་བྱ་བ་ཡིན་པས། ནོར་རྫས་ཟད་ཀྱིས་དོགས་པ་དང་། ལྟོག་གྲིར་ཤི་ཡིས་དོག་པ་བྱ་མི་དགོས་ཟེར་རོ། །དེ་ནས་འབུལ་བ་བྱེད་པ་ཐམས་ཅད་བསྡུས་ནས། ཁར་སོང་ང་ལ་འབུལ་བ་བྱེད་པ་རྣམས་བསོད་ནམས་ཐོབ་པ་ཡིན་ནོ། །ད་ཁྱེད་རང་འབུལ་བ་བྱེད་པ་རྣམས་མགོད་པར་ཡོད་པས་མ་ནོར་བར་ཁྱེར་ཅིག །ང་ལ་ནོར་གྱིས་ཅི་གཏུབ། ནོར་ལ་ངས་ཅི་གཏུབ། གཉིས་ཀ་ལོག་པས་ཅི་གཏུབ་བྱས་ནས་ཕྱེ་བྲེ་གསུམ་དང་། ཤོག་དེབ་གཅིག་ཁྱེར་ནས་བྲག་ལ་ཕྱིན་ནོ། །དེ་ནས་བཙུན་པ་བྱེད་པ་དང་། །ཆོས་ཞུ་བའི་གྲ་པ་མང་པོ་འདུས་སོ། །བླ་མ་རཱ་ཧུ་ལ་དང་།


PS001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་རྗེ་དང་། བླ་མ་བུར་སྒོམ་པ་དང་། བླ་མ་ལྷ་རྗེའི་གདམས་པ་མང་དུ་བཤད་པས། དགེ་སྦྱོར་བཟང་པོ་བྱུང་། བླ་མ་བཟང་བ་དང་རང་བློ་སྣ་ཐུང་བའི་སྟོབས་ཀྱིས། བློ་བཅོས་མིན་བཤད་དགོས་པ་མང་པོ་མ་བྱུང་། ད་ཡེ་མ་ཕྱིན་དུས། འཇིག་རྟེན་གྱི་བྱ་བཞག་ཟིན་མེད་ལ། ལས་བྲེལ་པོ་གཅིག་རྒྱུན་དུ་བྱེད་བྱེད་ནས། ཚེ་ལོང་མེད་སོང་འཆི་གནང་འཆི་ལ། ཆོས་རིང་པོ་གཅིག་ཡོད་པ་དེ་ཤུལ་དུ་ལུས། བྱས་པས། མགུར་དེ་བླངས་པ་ཙམ་གྱིས། བློ་སྣ་རང་དབང་མེད་པར་ནས། ཚེ་འདིའི་ཆགས་ཞེན་དང་བྲལ་ཏེ་སྒྲུབ་པ་བྱེད་པ་ཤ་སྟག་བྱུང་ངོ་། །དེ་ནས་བྱ་ཡི་ཟླ་བའི་ཚེས་ཉི་ཤུ་ལ། བླ་མ་བུར་སྒོམ་སྐུ་གཤེགས་རྨི་ལམ་དུ་བྱོན་ནས་བསྲེ་འཕོའི་ཆོས་དགའ་གསུངས། ཡང་སྡིངས་མཁན་ཡོད་ཙ་ན། སློབ་དཔོན་བྱང་ཆུབ་སེམས་དཔའ་གཡོར་པོ་བ་སྐུ་གཤེགས་ནས་བྱོན་པ་གཅིག་རྨིས་པ་ཡིན་ཏེ། དུས་ཚོད་དེ་བརྗེད་ནས་ཐལ། ནང་ཁོང་གི་བྲག་ལ་ཡོད་ཙ་ན། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་གསུམ་ལ། བླ་མ་རིན་པོ་ཆེ་དྭགས་པོ་ལྷ་རྗེ་སྐུ་གཤེགས་ནས་བྱོན་ཏེ། རྨི་ལམ་དུ་ཕྱག་རྒྱ་ཆེན་པོ་རྩ་བྲལ་གསུངས་སོ། །བླ་མ་རྣམས་དང་


PS001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཟོལ་ཟོག་དང་། མོས་གུས་ལ་ངོས་ལྐོག་མི་འདུག་སྙམ་ནས། མོས་གུས་གཏིང་ནས་སྐྱེས་པ་གཅིག་བྱུང་ངོ་། །དེ་ཡང་བྲག་ལ་མཚམས་གཅིག་བྱས་ནས་ཡོད་པའི་སྨིན་དྲུག་ཟླ་བའི་ཚེས་གསུམ་གྱི་ཐོ་རངས་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ནམ་མཁའ་གང་བ་མཐོང་བ་གཅིག་བྱུང་ངོ་། །ཡང་དེའི་ཚེས་བཅུ་དྲུག་གི་དགོངས་མོ། །རྨི་ལམ་བཟུང་ནས་པོ་ཏ་ལར་ཕྱིན་ནས། དོན་ཡོད་ཞགས་པ་ཞུས། དེ་ནས་རྨི་ལམ་དུ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཞལ་མཐོང་ནས། ད་རྨི་ལམ་སྤྲུལ་བསྒྱུར་གྱི་མཆོད་པ་གཅིག་འབུལ་དགོས་སྙམ་ནས། ལྷ་ཡི་བུ་མོ་བྱེ་བ་ཙམ་གཅིག་སྤྲུལ། ལྷ་མོ་རེ་རེ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཐོགས་པའི་ལྷ་མོ་འབུམ་ཚོ་རེ་སྤྲུལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབུམ་ཕྲག་ལྔ་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཁྲི་ཕྲག་རེ་རེས་བསྐོར་བ་སྤྲུལ། ནམ་མཁའ་ཐམས་ཅད་གསེར་དངུལ་དང་། པདྨ་དང་། ཀུ་མུ་ཏ་ལ་སོགས་པའི་ལྷའི་མེ་ཏོག་གི་ཆར་འབབ་པ་སྤྲུལ་ཏེ་ཕུལ་ནས། དེ་ཐམས་ཅད་གཅིག་གིས་གཅིག་མ་སྒྲིབ་པར་གསལ་བར་བྱུང་ནས། དུས་དེ་ལ་བླ་མའི་


PS001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་དྲན་ནས། མོས་གུས་དང་འབྲེལ་བའི་བློའི་སྤྲུལ་བསྒྱུར་བློའི་ཡུལ་ལས་འདས་པ་བྱུང་བས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་རིགས་ཀྱི་བུ་འདིའི་མཆོད་པ་ནི་ཆེས་ཁྱད་པར་དུ་འཕགས་སོ། །ཞེས་ལན་གསུམ་གསུངས་ནས། ད་ནི་ཆོས་གཅིག་ཞུ་དགོས་སྙམ་ཙ་ན། གཉིད་སད་ནས་ཆོས་ཞུ་བ་མ་བྱུང་ངོ་། །མདོར་ན་སྒྱུ་ལུས་རྨི་ལམ་དང་འོད་གསལ་འདྲེས་པའི་ཉམས་མྱོང་འདི་ཀ་ངོ་མཚར་ཆེ་བར་མཐོང་ནས། གཞན་ལ་ཕན་དུ་རེ་བའི་ཉམས་མྱོང་དེ་བཟླས་པས་རང་གི་དེ་འགྲིབ་པར་བྱུང་། །དེས་ན་ཉམས་མྱོང་ཅི་སྐྱེས་ཀྱང་གསང་བ་འདི་གལ་ཤིན་ཏུ་ཆེ་བར་འདུག་གོ། །བླ་མ་ལྷ་རྗེའི་ཞལ་ནས། སེམས་ཀྱི་ངོ་བོ་མཐོང་ནས་བཟླས་པས་མི་ལྟོ་གསུངས་པ་ཡིན་ཏེ། ཉམས་མྱོང་གསང་བ་འདི་གདམས་ངག་གི་གནད་དུ་གདའོ། །དེ་ཡང་ཉ་ལ་བླ་མ་ལྷ་རྗེའི་མཆོད་པ་ལ་ཆ་རྐྱེན་ཅི་ཡོད་བཏང་བས། ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མ་བྱོན་ནས། རྡོ་རྗེའི་ཚིག་རྐང་དང་། འབྱམས་གཅོད་ཀྱི་འབྱམས་གཅོད་གསུམ་གསུངས། བླ་མ་སྒྲུབ་པའི་གནད་གསུམ་སྔར་བས་ཞིབ་པ་གཅིག་བྱུང་བས། བླ་མ་ཐམས་ཅད་སྲོག་གཅིག་པར་འདུག །བསོད་ནམས་


PS001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་བསོག་པ་དང་མོས་གུས་ཁོ་ན་གལ་ཆེ་བར་འདུག་སྙམ་མོ། །དེ་ཡང་ང་ལ་བླ་མའི་བྱིན་བརླབས་ཞུགས་པས་བློ་སྣ་ཡང་ཐུང་བར་བྱུང་ཞིང་། སྙིང་རྗེ་རྩོལ་མེད་དུ་འཆར་བ་བྱུང་། བློ་འདི་ཡང་ཕྱོགས་རིས་དང་བྲལ་བ་གཅིག་བྱུང་བས། ངའི་མིང་ངམ་མགུར་ཐོས་པ་དང་། དགོན་པ་མཐོང་བ་ཙམ་གྱིས་དགེ་སྦྱོར་བཟང་པོར་སྐྱེ་བར་བྱུང་སྟེ། ངའི་སློབ་མ་རས་པ་གསུམ་གྱིས། ལ་སྟོད་བྱང་དུ་ལྷ་གཅིག་འབུམ་ལ་མགུར་བླངས་པས། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། ཁྱིམ་ཐབས་སྤངས་ནས་ཆོས་ལ་བྲོས་བྱུང་བས། ལམ་དུ་དགེ་སྦྱོར་བཟང་པོ་སྐྱེས་ནས། ང་དང་མཇལ་ཙ་ན་རྟོགས་པའི་ངོ་བོ་ལ་བོག་འདོན་རྒྱུ་མ་བྱུང་། ཕྱིས་ནས་རས་པ་མང་པོའི་དཔོན་བྱས། དེ་ནས་འཁོར་བ་སྤངས་ཏེ་ཨོ་རྒྱན་དུ་སོང་ངོ་། །ཡང་མངའ་རི་སྟོན་རྒྱལ་གྱིས་རྨོག་ལྕོག་མཐོང་བ་དང་སེམས་ཀྱི་ངོ་བོ་མཐོང་ནས་འོད་གསལ་མངོན་དུ་གྱུར་ཏོ། །དེ་ལ་སོགས་པ་རྨོག་ལྕོག་མཐོང་བ་དང་། མགུར་ཐོས་པ་དང་། ངས་གསོལ་བ་བཏབ་པའི་སྐད་ཐོས་པ་ཙམ་གྱིས་དགེ་སྦྱོར་བཟང་པོ་སྐྱེས་པ་མང་པོ་བྱུང་ངོ་། །ལམ་དུ་ཞུགས་པ་ཙམ་གྱིས་རྨི་ལམ་བཟང་


PS001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འོད་གསལ་ཤར་བ་མང་དུ་བྱུང་ཀྱང་། སྙིགས་མའི་སེམས་ཅན་ཕྲག་དོག་ཆེ་བས། རྒྱ་སྟོན་ནམ་མཁའ་ཁོ་རྒྱ་ཐམས་ཅད་མཁྱེན་པ་ལ་ཆོས་མི་ཞུ་བར། རྨོག་ལྕོག་པ་སྒོམ་ཆེན་དྲ་བ་ཙམ་གཅིག་ལ་འདི་ཙམ་འདུ་བ་ཟེར་ནས་གཏན་དུ་འབར་བ་ཡིན་ཀྱང་། ཁོའི་ཚོགས་པར་ཆེ་དུས་བར་ཆད་འོང་བར་འདུག་པས། དགེ་བཤེས་ལ་ཡང་ན་ཚེ་ལ་བར་ཆད་འོང་། །ཡང་ན་ཆོས་དང་འཁོར་ལ་བར་ཆད་འོང་བར་འདུག་གོ་བྱས་པས། ཁོ་ན་རེ། ཁྱོད་ཀྱིས་དེ་སྐད་བྱས་ན་ཁྱོད་ལ་ཆོས་ཞུ་ངོ་ཤེས་ཟེར་ནས་བྱུང་ཙ་ན། ཕྱིས་ཁོ་ཁྱིམ་ཐབས་ཏུ་སོང་ནས་གྲྭ་པ་ཐམས་ཅད་གྱེས་ཏེ། ཆུང་མས་མིའི་ཐག་བྱེད། བུ་ཚས་ལུག་འཚོ། ཁོ་རང་གིས་ཕག་ཤིག་སྒྲུབ་ནས་ངའི་གྲྭ་པའི་ཟན་ལྷག་དང་། གཏོར་མ་ཟན་ཚོད་བྱེད་ཀྱིན་འདུག་ནས། ངས་ཁོ་ལ་མགུར་འདི་བླངས་སོ། །མགོ་བྱ་བ་ཉེས་ན་བཅོས་པ་དཀའ། །རྒྱ་སྟོན་ནམ་མཁས་ཕག་ཤིག་སྒྲུབ། །ཆོས་པ་ཁྱིམ་ཐབས་བྱེད་པ་དེ། །འཁོར་བའི་གཏིང་རྡོ་བྱས་པ་ཡིན། །ལ་སོགས་པའི་མགུར་བླངས་པས། ཁོ་མོས་ནས། ང་ལ་དཔེ་ཆ་ཕུལ། བཤགས་པ་བྱས་ནས། ངའི་གཏོར་ཟན་གྱིས་ཁོ་གསོ་དགོས་པར་


PS001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས། དེས་ན་འཆི་བ་རྒྱུད་ལ་སྐྱེས་པའི་ཆོས་གཅིག་དགོས་པར་འདུག་གོ། །ཡང་ནུབ་གཅིག་རྨི་ལམ་ན་རྟ་བཟང་པོ་བཅུ་གསུམ་འབུལ་བ་བྱུང་ཙ་ན། ནང་པར་བླ་མ་ལྷ་རྗེའི་དབུ་ཆེ་བཅུ་གསུམ་བྱུང་ནས། བླ་མ་རིན་པོ་ཆེའི་ཕྱག་རྒྱ་ཆེན་པོའི་བཀའ་ཐམས་ཅད་ཁྱེད་ལ་བབས་པ་ཡིན་པས། རྣམ་རྟོག་གིས་མི་གནོད་པའི་ཕྱག་རྒྱ་ཆེན་པོ་ཞུ་ཟེར་བ་ལ། ༈ །སྐྱེ་འགགས་མེད་པའི་ཆོས་ཉིད་ལ། །རྣམ་རྟོག་བྱ་བ་ཅི་ལ་ཟེར། །མི་རྟོག་པ་དང་རྟོག་པ་གཉིས། །ཆུ་དང་ཆུ་བུར་ལྟ་བུར་ལྟོས། །ཅེས་པ་ལ་སོགས་པའི་མགུར་བླངས་པས། ཁོང་རྣམས་ཀྱིས་རྟོག་པ་གཞི་མེད་རྩ་བྲལ་དུ་རྟོགས་སོ། །ཡང་། གློ་བོའི་དགེ་བཤེས་རྒྱལ་གྱིས་གསེར་སྲང་བརྒྱད་ཅུ་ཕུལ་ནས། དེ་སྔ་རྒྱུད་སྡེ་མང་པོ་ཉན། སྒྲུབ་ཐབས་མང་པོ་ཞུས་ནས་སྒྲུབ་པ་བྱས་པས་ཞལ་མ་མཐོང་བས། ཡི་དམ་གང་བསྒྲུབས་ཀྱང་ཞལ་མཐོང་བའི་ཐབས་གཅིག་ཞུ་ཟེར་བ་ལ། འཇིག་རྟེན་བྱ་བ་བློས་ཐོངས་ལ། །ཡིད་གཉིས་ཐེ་ཚོམ་མེད་པ་ཡིས། །ལྷ་སྐུ་གསལ་ལ་རྟོག་མེད་སྒོམས། འཛད་མེད་ཀྱི་ལོང་གཏམ་མ་བྱེད་པར། །གྲགས་སྟོང་


PS001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་བཟླས་བརྗོད་གྱིས། །དེ་ལྟར་བྱས་ན་ལྷ་ཡི་སྐུ། །མྱུར་དུ་མཐོང་བར་ཐེ་ཚོམ་མེད། བྱས་པས། ཁོང་ཤིན་ཏུ་ངེས་ཤེས་སྐྱེས་ནས། ཟླ་བ་གསུམ་སྒྲུབས་པས། སྒྲོལ་མའི་ཞལ་མཐོང་ནས། ངའི་ཚིག་འདི་རྣམས་གསེར་གྱིས་བྲིས་ནས་ཡར་སོང་ངོ་། །དེ་ནས་རྨོག་ལྕོག་ཏུ་ཚོགས་པར་མ་ཤོང་བར། ཕན་སེམས་ཀྱིས་སྐུང་ལུང་དུ་དགོན་པ་བཏབ་སྟེ། སྙིང་རྗེ་དང་ཕན་སེམས་འབའ་ཞིག་གིས་ཚོགས་པ་སྐྱོངས་དགོས་སྙམ་པའི་བསམ་པ་འབའ་ཞིག་བྱས་ཀྱང་བློ་སྣ་ཐུང་བའི་སྟོབས་ཀྱིས། གནས་དབེན་པར་གཅིག་པུར་བསྡད་དགོས་བསམ་པ་ཡང་ཡང་བྱུང་བས། ཚེས་བདུན་གྱི་སྔ་དྲོ་སངས་རྒྱས་སྤྲུལ་པའི་སྐུ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ནམ་མཁའ་ཁེངས་པའི་མདུན་ན། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་སྐུ་ཤིན་ཏུ་ཆེ་བ་འོད་ཀྱི་རང་བཞིན་ཅན་དུ་བཞུགས་ནས། སྙིགས་མའི་སེམས་ཅན་འདྲེན་དུས་སུ། །ཞི་བདེའི་སྤྱོད་པ་མ་བྱེད་པར། །ཚད་མེད་སྙིང་རྗེས་གཞན་དོན་གྱིས། །འགྲོ་དོན་གདུལ་བྱ་འབྱུང་བར་འགྱུར། །ཞེས་གསུངས་ནས། །ཕྲག་དོག་དང་ང་རྒྱལ་སྤངས་ཏེ། །ཕན་སེམས་དང་དག་སྣང་བསྐྱེད་ནས། རེས་འགའ་ཆོས་བཤད། རེས་འགའ་མཚམས་


PS001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པས། ཕྱོགས་རིས་ཀྱི་གྲྭ་པ་དང་། མི་ཆེན་མང་པོ་འདུས་ནས། གཞན་དོན་ལ་ཕན་སེམས་དང་དག་སྣང་ཁོ་ན་གལ་ཆེ་བར་འདུག་སྙམས་པ་སྐྱེས་སོ། སློབ་དཔོན་བྱང་ཆུབ་སེམས་དཔའི་སློབ་མ་སྟོན་རིན་ལ། རྡོ་རྗེ་གདན་པའི་རྗེས་སུ་ཡི་རང་གཅིག་པུའི་ཁྲིད་བྱས་པས། བླ་མ་མཆེད་གྲོགས་ཐམས་ཅད་ལ་དག་སྣང་འབྱོངས་པ། ཡི་དམ་མང་པོའི་ཞལ་མཐོང་བ། དུས་བཞི་རུ་ང་རང་གི་རྨི་ལམ་བཟུང་ནས། སངས་རྒྱས་ཀྱི་ཞིང་ཁམས་མང་པོ་བལྟ་བའི་གོ་ཕྱེད་ནས་ཐལ། གྲྭ་པ་རྣམས་ཀྱང་དགེ་སྦྱོར་གྱི་སྟོབས་མང་པོ་སྐྱེས་སོ། དེ་ནས་ནུབ་གཅིག་རྨི་ལམ་བཟུང་ནས་མངོན་དགར་ཕྱིན། སངས་རྒྱས་མི་འཁྲུགས་པ་དང་མཇལ་ནས། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་བས། ལུང་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། ༈ །སྣང་བ་མཐའ་ཡས་རིམ་གྲོ་བས། བདེ་བ་ཅན་དུ་སྤྱན་ཡང་འདྲེན། །མངོན་པར་དགའ་བར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཞེས་གསུངས་སོ། ཡང་ནུབ་གཅིག་རྨི་ལམ་བཟུང་ནས་སུ་ཁ་སིདྡྷི་དང་མཇལ་དུ་བྱོན། ནམ་མཁའ་


PS001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །ཅེས་གསུངས་པས། མཉམ་བཞག་དང་རྗེས་ཐོབ་དབྱེར་མེད་དུ་གྱུར་ཏོ། དེ་ནས་གཡར་གཅིག་མུ་གེ་ཆེན་པོ་བྱུང་བ་དང་། ཡུལ་མི་ལྟོག་པོ་རྣམས་གྲོས་བྱས་ཏེ། བླ་མ་ལ་བཀའ་ཕབ་ཞུ་དགོས་ཟེར་ནས། ངའི་འབུལ་སྐྱེལ་དང་གྲྭ་པ་རྣམས་བཅོམ་པས། མགོན་གཡག་གི་གྲོང་ལ་ཁ་བལྟས་ཏེ་རྭ་བརྡར་བའི་རྭ་རྩེ་ནས་མེ་འབར་བ་བྱུང་། གྲྭ་པ་རྣམས་ཀྱང་སེར་དམག་བྱེད་པར་འདུག་པས། ཉིན་གཅིག་མང་བསྐོལ་གྱིས་བྱས་པས་ཐམས་ཅད་འདུས་པ་དང་དང་པོའི་བེར་དུག་དེ་གྱོན། ཆོས་ཁུག་དེ་རྒྱབ་ཏུ་ཁུར་ནས་འདི་སྐད་ཅེས་སྨྲས། ༈ །ལམ་མཁན་བླ་མ་རྗེ་ལ་ཞུས་པས། ལམ་རྒྱུས་མཁས་པས་ཚད་གཅིག་བྱུང་། བློ་ཕུག་དམ་པའི་ཆོས་ལ་གཏད་པས། གྲོས་མགོ་ཐོན་པས་ཚད་གཅིག་བྱུང་། སྒྲོ་འདོགས་རང་གི་སེམས་ལ་བཅད་པས། ངེས་ཤེས་སྐྱེས་པའི་ཚད་གཅིག་བྱུང་། བློ་སྣ་དམ་པའི་ཆོས་དང་བསྟུན་པས། དགེ་སྦྱོར་འཕེལ་བའི་ཚད་གཅིག་བྱུང་། རྒྱལ་ཁ་འགྲོ་བ་གཞན་ལ་བྱིན་པས། བློ་སྣ་འབྱོངས་པའི་ཚད་གཅིག་བྱུང་། གཞན་སེམས་མ་བཟུང་རང་སེམས་བཟུང་བས། ངོ་སྲུང་ཆུང་བའི་ཚད་གཅིག་


PS001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། གང་དུ་བསྡད་ཀྱང་འགྲོན་པོ་བགྱིས་པས། །ཆགས་ཞེན་ཆུང་བའི་ཚད་གཅིག་བྱུང་། ཕམ་ཁ་ལྟོ་རྒྱབ་གཉིས་ལ་བསྐུར་བས། ལུས་སེམས་དལ་བའི་ཚད་གཅིག་བྱུང་། མགུར་དེ་བླངས་ནས་རི་ཁྲོད་ལ་བྲོས་པས། གྲྭ་པ་རྣམས་ཀྱིས་སེར་དམག་བཤོལ། མགོན་གཡག་ཀྱང་ཡར་བྱུང་བ་དང་། ཐུགས་རྗེ་ཆེན་པོའི་ཞལ་ནས་ཞེ་སྡང་མེ་དཔུང་ཆེན་པོ་དེ། བྱམས་པའི་ཆུ་རྒྱུན་བསིལ་བར་བྱས། ཤིན་ཏུ་ལེགས་སོ་རྣལ་འབྱོར་པ། འཁོར་འདས་ཆགས་སྡང་རྩ་བ་ཡིན། ཆགས་ཞེན་སྐྱུང་ཤིག་རྣལ་འབྱོར་པ། །གསུངས་སོ། །དེ་ནས་རྟའི་ཟླ་བ་ལ་མཚམས་བྱས་ནས། མི་ཟས་མ་ཟོས། དབང་བསྐུར་མ་བྱས་པས། འོད་གསལ་གྱི་གསལ་སྣང་མཆེད་ནས། གྲྭ་པ་ཐམས་ཅད་ཀྱི་བྱེད་སྤྱོད་དང་། ཚེ་སྟོད་སྨད་གྱི་ལེགས་ཉེས་ཐམས་ཅད་ཤེས་པར་བྱུང་སྟེ། སྙིང་རྗེ་དང་ཤ་ཚས་གང་ལ་གང་ལེགས་ཀྱི་གྲོས་གདབ་པས། ཕར་ཆེར་ངེས་ཤེས་སྐྱེས་ནས་དགེ་སྦྱོར་མཐར་ཕྱིན་པ་བྱུང་བ་ལ། ངོམ་ཤོད་བླ་མཆོད་ལ་སོགས་པ་མི་ཉན་པ་མང་པོ་བྱུང་སྟེ། ངོ་ཡུལ་དུ་ཕྱིན་ན་ཁྱིམ་ཐབ་ཏུ་སོང་ནས་ང་འཆི་ཀ་མི་འཕྲད་པར་འདུག་པས། ཡུལ་དུ་མ་འགྲོ་བྱས་པས་མ་ཉན་པ་


PS001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཡི་མུག་ནས་ཁོའི་ལག་པ་ནས་བཟུང་སྟེ་མགུར་འདི་བླངས་སོ། །སངས་རྒྱས་སེམས་ཅན་གྱི་མེས་པོ་ཡིན། །དམ་ཆོས་སེམས་ཅན་གྱི་སྤྱི་ནོར་ཡིན། །མི་དད་ལྡན་བགོ་བཤའ་བྱེད་ཙ་ན། །ནོར་སྐལ་ཆད་པའི་སྙིང་མེད་པོ། །དུས་གསུམ་སངས་རྒྱས་ཀྱི་རྩ་བ་དེ། །བརྒྱུད་ལྡན་གྱི་བླ་མ་ཡིན་པར་ངེས། །འདི་ཕྱིའི་དགོས་འདོད་སྒྲུབ་མཁན་ལ། །མོས་གུས་མེད་པའི་སྙིང་མེད་པོ། །ཚེ་ཡོངས་སུ་གཏུགས་པའི་ལྷག་མ་ལ། །ཡེངས་མེད་བརྩོན་འགྲུས་མི་བརྩམ་པར། །མགུ་བ་མེད་པའི་ཕན་སེམས་ཀྱིས། །ཚེ་དོན་མེད་དུ་སྐྱེལ་བའི་སྙིང་མེད་པོ། །རིག་པ་ཤིང་ཁའི་བྱིས་ཆུང་ལ། །འཆི་བདག་བདུད་ཀྱི་བསྐུལ་མ་འོང་། །སྔར་བསགས་ལས་ཀྱི་སྟེང་དུ་འགྲོ། །སྡིག་པ་བྱེད་པའི་སྙིང་མེད་པོ། །ཕུང་པོ་ཟག་བཅས་སྡུག་བསྔལ་སྣོད། །སྐྱེ་རྒས་ན་འཆི་ཀུན་གྱི་གནས། །ལུས་རྫ་གོག་བཞིན་དུ་བོར་བ་ལ། །རྟག་ཏུ་རེ་བའི་སྙིང་མེད་པོ། །ཟས་ནོར་སྒྱུ་མའི་རང་བཞིན་ལ། །རང་གཞན་དོན་དུ་མི་སྤྱོད་པར། །སྔར་འདྲིས་སེར་སྣའི་གར་སྦྱིན་གྱིས། །འབྲལ་མི་ཕོང་པའི་སྙིང་མེད་པོ། །རྣམ་རྟོག་གདོན་གྱི་སུན་མ་ལ། །ཆོས་ཉིད་བསྐུལ་མ་མི་ལྟ་བར། །ལུས་སེམས་བྲལ་གྱི་དོགས་པ་ཡི། །སེམས་ཕྲིག་ཙུམ་བྱེད་


PS001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་མེད་པོ། །ལས་རྣམས་འགྲུབ་པའི་གསང་སྔགས་ལ། །མ་ཡེངས་ཐུན་བཞིར་མི་བསྒོམས་པར། །འཛད་པ་མེད་པའི་ལོང་གཏམ་ལ། །དུས་འདའ་རུ་འཇུག་པའི་སྙིང་མེད་པོ། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །སྐུ་གསུམ་འབྲལ་མེད་མི་བསྒོམས་པར། །རི་དྭགས་སྨིག་སྒྱུ་སྙེགས་པ་བཞིན། །ཚིག་ཕྱིར་འབྲང་པའི་སྙིང་མེད་པོ། །ཆོས་ཉིད་གཏན་ཡུལ་མི་འཛིན་བར། །བདག་འཛིན་གྱི་མེལ་ཚེ་བྱེད་བྱེད་པོ། །རིགས་དྲུག་གི་གྲོང་ཁྱེར་སྒྱུ་མར་བཟུང་། །ཚེ་ཐུག་མེད་དུ་འཁྱམས་པའི་སྙིང་མེད་པོ། །ཞེས་བླངས་སོ། །ཡང་ལ་སྟོད་པ་ཚུལ་དཔལ་དང་། །རྟ་ནག་པ་དཀོན་མཆོག་རྒྱལ་དང་། །དབུས་པ་ཡེ་རྡོར་གསུམ་གྱིས་ཉམས་མྱོང་ཕུལ་ནས། །ད་ལྟ་གཡས་རུ་ཕྱོགས་ན་ཉམས་མྱོང་དང་། བཙུན་པ་དང་། སྙིང་རུས་སུ་འཛོམ་པ་དེ་ངེད་གསུམ་ལས་མེད་དོ་ཟེར་བྱུང་བ་ལ། འདི་སྐད་ཅེས་སྨྲས་སོ། །འཆི་བ་རྒྱུད་ལ་མ་སྐྱེས་པའི། །ཉམས་མྱོང་སྟོན་ཀའི་ན་བུན་འདྲ། །བཙུན་པ་རྒྱལ་པོའི་བཙུན་མོ་འདྲ། །སྙིང་རུས་དཔྱིད་ཀའི་ཁྱག་རམ་འདྲ། །ཁྱེད་གསུམ་ད་ལྟ་ཁ་སོ་ཆེ་བར་འདུག་སྟེ། ལོ་ལྔ་ལྔ་རི་ལ་མ་བསྒོམས་ན་ཁྱིམ་ཐབས་གཅིག་བྱས་ནས། མཐར་ལྟོག་གྲིལ་འཆི་འཆི་འདྲ་བྱས་པས། བླ་མ་ཡང་ཕྲག་


PS001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དོག་མཛད་པར་འདུག །ངེད་གསུམ་པོ་འདྲ་བའི་ཆོས་པ་མགོ་མ་ཐོན་ན་གྲྭ་པ་འདི་རྣམས་ཐམས་ཅད་མཐར་ཆོས་མགོ་ཐོན་པ་གཅིག་ཀྱང་མི་འོང་གིས་ཟེར་ནས། ཁོང་རྣམས་ལོག་ལྟ་སྐྱེས་སོ། །དེ་ནས་ཡང་ཤབ་ཆུང་པ་གཏོར་གཡོག་བྱེད་པའི་བྱེད་སྤྱོད་ངན་པ་འདྲ་བ་རྨི་ལམ་དུ་མཐོང་ནས་འབར་བས། ཁོ་ཡུལ་དུ་ཕྱིན་ནས་ཁྱི་ར་པ་བྱེད་པར་འདུག་པས། ཁོ་ཚ་བ་སྐྱོལ་བའི་དུས་སུ། ཐུགས་རྗེ་ཆེན་པོ་བྱས་པས་མཚན་བརྒྱད་པ་སྟོན་པ་དང་། ཁོས་ཐུགས་རྗེ་ཆེན་པོར་མཐོང་། རྗེ་བཙུན་མ་ཕག་མོ་དང་སྒྲོལ་མར་བྱས་པས་ཀྱང་མཐོང་ནས། དེར་ཁོ་དད་ནས་བཤགས་པ་བྱས། ང་ལ་བརྐུས་པའི་ཆ་རྐྱེན་དང་། ཡུལ་གྱི་ཕྱུགས་རྣམས་ཕུལ་ནས་བསྒོམས་པས། སྐབས་སུ་རྨི་ལམ་སྟོབས་ང་རང་དང་མཉམ་ལ་ཁད་བྱུང་ངོ་། །དེས་ན་སྙིགས་མའི་སེམས་ཅན་བཟང་ངན་འབྲིང་གསུམ་སྐྱོང་བ་ལ། ཤ་ཚ་སྙིང་རྗེ་ཕན་སེམས་སྐྱོ་དུབ་མེད་པ་གསུམ་དགོས་པར་འདུག་སྟེ། ང་གཏན་དུ་སྐྱོ་ཤས་སྐྱེ་བར་བྱུང་སྟེ། ངེས་གཞན་དོན་བྱེད་པའི་བདུད་ཡིན་སྙམ་པ་བྱུང་ངོ། །དེ་ཡང་མཁས་པ་དྲན་སྟོན་ལ་སོགས་པའི་མི་ཆེན་བརྒྱད་བཅུ་ལ་རྒྱུད་སྡེའི་དབང་བསྐུར་བྱས་པས། བྱིན་གྱིས་བརླབ་པའི་དུས་སུ་ངའི་གནས་ལྔ་


PS001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྡུལ་ཚོན་གྱི་དཀྱིལ་འཁོར་རྒྱུད་སྡེ་ལྔའི་ལྷ་ཚོགས་སུ་གྱུར་པ་བྱུང་ནས། ད་རེས་ཐམས་ཅད་ཀྱིས་མཐོང་ལས་ཆེ་སྙམ་ནས་དྲིས་པས། དྲན་སྟོན་མཐའ་བྲལ་གྱིས་སྣ་དྲངས་ནས་གྲྭ་པ་བཅུ་གསུམ་གྱིས་མཐོང་ནས། དུས་རྟག་ཏུ་རྨི་ལམ་འོད་གསལ་གྱི་ཉམས་དང་ལྡན་པ་བྱུང་ངོ་། །དེ་ནས་དབང་བསྐུར་བྱས་ཚད་ལ་འོང་སྙམ་ཙ་ན་སྐབས་སུ་ཨན་རེ་ལས་མ་བྱུང་བས། འོ་ན་དེའི་དུས་སུ་དཔོན་སློབ་གྱི་རྟེན་འབྲེལ་འཛོམ་པ་ལས་བྱུང་འདུག་པས། དེས་ན་སྐྱེ་བ་ཐམས་ཅད་དུ་རྟེན་འབྲེལ་འབའ་ཞིག་བསྒྲིག་པ་གལ་ཆེ་བར་འདུག །དེ་ནས་སྟོན་ཟླ་འབྲིང་པོའི་ཚེས་གཅིག་གི་ཉིན་མོ། །རྟ་གཟུགས་ཤིན་ཏུ་ཆེ་བ། དར་དང་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་དང་། བཙུན་པའི་ཆ་བྱད་ཅན་ལ་དར་ལྷབ་ལྷུབ་གྱོན་པ་འོད་ཀྱི་རང་བཞིན་ཅན། བོང་ཤིན་ཏུ་ཆེ་བ་ལྟ་བས་ཆོག་མི་ཤེས་པ་གཅིག་གིས། ལྷའི་པཉྩ་ལི་དང་། ལྷའི་མེ་ཏོག་ཡིན་ཟེར་བ་མང་པོ་ཕུལ་ནས་ང་ལ་ཕྱག་འཚལ་བསྐོར་བ་བྱེད་ཅིང་འདུག་ནས། ཁྱོད་གང་ནས་བྱོན་བྱས་པས་བདེ་བ་ཅན་ནས་འོང་། སངས་རྒྱས་འོད་དཔག་མེད་པའི་རིམ་གྲོ་པ་ཡིན། ཁྱོད་གདན་འདྲེན་དུ་འོངས་བས། ཆིབས་འདི་ལ་བཅིབས་ནས་བདེ་བ་ཅན་དུ་


PS001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་འཚལ། ད་རེས་རྣམ་སྨིན་གྱི་ལུས་མ་སྤངས། །དེ་དག་ནས་འཇའ་ལུས་སུ་གྱུར་ཏེ། བདེ་བ་ཅན་དུ་སྐད་ཅིག་ཡུད་ཙམ་གྱིས་བགྲོད་ནས་ལུས་འདི་ཉིད་ཀྱི་མི་རིང་བ་ལ་མངོན་དགའི་ཞིང་དུ་ཕྱིན་ནས་དེར་མཛད་པ་རྫོགས་པར་གྱུར་ཏོ། །ཟེར་བ་དང་། ང་ད་རེས་མི་འགྲོ། སློབ་མ་རྣམས་ལ་བླ་མ་ཤངས་པའི་ཆོས་རྣམས་སྟེར་དགོས་པ་ཡོད་བྱས་པས། ཁྱོད་རྣམས་ལ་དགེ་སྦྱོར་སྐྱེས་པས་བསྡད་རིན་ཆོག་པ་དེ་ཡིན་ནོ་གསུང་། དེ་ནས་ཉིན་གཅིག་རིན་པོ་ཆེའི་ཞལ་ནས། སློབ་དཔོན་ཇོ་བཙུན་ལ་སང་མང་བཀོལ་གྱིས་ལ། དགེ་འདུན་རྣམས་བསོག་ལ་སྤོང་ཐག་གྱིས་གསུངས་པས། སྐུ་ཁམས་མ་བདེ་བ་འདྲ་བ་ཅང་གདའ་འམ་ཞུས་པས། ན་སོ་རྒས་པ་འདི་ལ་བློ་གཏད་མི་གདའ་གསུངས་སོ། །དེ་ནས་ཡང་བསྙུན་གཞི་ཙམ་མེད་པ་ལ། ཚོགས་སུ་བྱོན་སྤོང་ཐག་མཛད་ནས། ད་དགེ་འདུན་ཐམས་ཅད་ཀྱིས་དེ་རིང་ནས་ང་སྤྱི་གཙུག་ཏུ་བསྒོམས་ལ་གསོལ་བ་ཐོབ་ཅིག །ང་སྤྱིར་བླ་མ་རྣམ་གསུམ་གྱི་བྱིན་གྱིས་བརླབས་པ་ཡིན། ཁྱད་པར་བླ་མ་ཤངས་པས་བྱིན་གྱིས་བརླབས་ཤིང་། བླ་མ་ཡི་དམ་རྣམས་ཀྱིས་ལུང་བསྟན་ཐོབ་པ་ཞིག་ལགས་པས། གུས་པས་གསོལ་བ་དྲག་པོ་ཐོབ་ཅིག །དགེ་སྦྱོར་མ་སྐྱེས་པ་རྣམས་སྐྱེ།


PS001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་རྣམས་གནས། གནས་པ་རྣམས་བོགས་གོང་ནས་གོང་དུ་ཐོན་པ་ཡིན་ནོ། །ངའི་ཡང་ཆོས་ཀྱི་ཕྱི་མ། གཏམ་གྱི་ཕྱི་མ། ད་ཕན་ཆད་ཤར་ཕྱོགས་མངོན་པར་དགའ་བར་གསོལ་བ་ཐོབ་ཅིག་གསུངས་ནས་གཟིམ་ཁང་དུ་བྱོན་ནོ། །དེ་ནས་ཡང་རིན་པོ་ཆེ་སང་འདའ་བའི་དོ་ནུབ་ནམ་ཕྱེད་ནས། སློབ་དཔོན་ཇོ་བཙུན་གྱིས་སྒོམ་པ་བྱང་ཤེ་ལོ་རར་བོས་ནས། སྣང་བ་འདྲ་མཐོང་ངམ་བྱས་པས། མ་མཐོང་བྱས་པས། འོ་ན་གཟིམ་ཆུང་དུ་སོང་ལ་ལྟོས་བྱས་པས། དེར་མི་འགྲོ་འདི་ཀ་ནས་ལྟ་ཡིན་ཟེར་ནས་མཐོང་ལུགས་བརྗོད་པ། ཚེས་བཅོ་བརྒྱད་ནམ་གྱི་གུང་ཕྱེད་ནས། རྗེ་བཙུན་སྐུ་ཁམས་བསྙུང་པ་ལ། བཙན་གྱི་སྙུན་འདྲི་བྱེད་པ་མཐོང་། །བཙན་གྱི་རྟ་བ་ཁྲོམ་དུ་འཚོགས། །བཙན་དེ་རྣམས་ཀྱི་ནང་ནས་དབང་ཆེ་བ། །འབྲོང་བུའི་བཙན་རྒོད་དྲེགས་པ་ཅན། །ལུས་ལ་ཤེར་ཆེན་མེ་འོད་འབར། །སྐེད་ལ་མདོ་དྲུག་མ་བུ་མཆི། །མཛེས་པའི་སྟག་རས་གཡས་ན་བཀྲ། །རལ་གྲི་དངུལ་དམར་གཡོན་ན་འཚེར། །རྐང་ལ་སྔོ་འབག་ལྐོག་ཏུ་ཕྱར། །ར་གན་ཆབ་མ་རྩ་སྡོམ་ཅན། །མགུལ་ན་གཡུ་དམར་བཀྲག་རེ་ཆེ། །ཐག་པ་དར་གྱི་ཕོ་ལོང་མདུད། །མགོ་ལ་རྨོག་མོ་


PS001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འོད་རེ་ཆེ། །དེ་ལ་རྒོད་ཀྱི་ལྡེམ་འཁྲུ་འཐུལ། །ཕྱག་གཡས་གསེར་གྱི་སྦ་ལྕགས་ཐོགས། །ཟེར་དཀར་ཞུར་པོ་འོག་ན་ཞོན། །གྲོ་སྨུག་རོལ་དུ་ཁྲིད་ནས་ཀྱང་། །བླ་མ་རྗེ་ཡི་སྤྱན་སྔར་བྱུང་། །རྟ་མགྱོགས་སྤུ་རྩ་རྔུལ་བ་ལ། །ཤ་བྲན་རྒྱགས་ཀྱི་བླུད་བུ་ནས། །ཟབ་ཆེན་ཧོར་གདན་གྲུ་བཞི་གཏད། །ཡ་མཚན་དངུལ་གྱི་འཕྲུལ་སྒ་ལ། །མཚོ་རོག་གཡུ་ཡི་ཟར་བུས་བརྒྱན། །གོང་སྨེད་གཉིས་པོ་དངུལ་ལ་བགྱིས། །རིན་ཆེན་སྣ་ལྔའི་ཕྲ་ཡིས་བརྒྱན། །གློ་ནི་མུ་ཏིག་ལྟར་དཀར་ལ། །རྡོ་ཆུ་མཚལ་གྱིས་རི་མོ་བྲི། །རིན་ཆེན་གསེར་གྱི་ཆབ་མས་བསྡོམས། །ངོ་མཚར་དངུལ་གྱི་སྲབ་མགོ་ལ། །མཛེས་པ་གསེར་གྱི་འབོར་བཞི་བཏབ། །མཚོ་རོགས་གཡུ་ཡི་སྨིན་འཁྱུག་ཅན། །སྲབ་སྐྱོགས་བྱེ་རུ་དམར་པོར་བགྱིས། །སྲབ་མདའ་དངུལ་དཀར་ཚ་ལོ་རིས། །དེ་ལག་པ་གཡོན་པས་ཁྱེར་ནས་ཀྱང་། །ཕ་རྗེ་བཙུན་ཕྱག་ཏུ་གཏད་བས་ན། །རྗེ་ཡིས་ཞལ་འཛུམ་ལན་གསུམ་མཛད། །དེ་ལྟར་བཙན་གྱིས་རྟ་ཕུལ་ནས། །རྗེ་ཐུགས་ཏུར་རེ་དར་གཅིག་བསམ་ནས་ཀྱང་། །གཅིག་ཏུ་ན་སོ་རྒས་པ་དང་། །གཉིས་སུ་ནམ་ཕྱེད་སོང་བ་དང་། །གསུམ་དུ་རེག་པས་ཐེབས་པ་དང་། ངོ་ཡང་དེ་ཤེས་དེ་མ་


PS001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །གཏམ་ཚིག་གསུམ་སྨྲས་ན་གོ་བ་སྐྱེ། །ཁྱེད་རང་གང་ནས་འོང་བ་ཡིན། །ངས་ནི་ཅིས་ཀྱང་ངོ་མ་ཤེས་གསུངས་པས། །བཙན་རྒོད་ཀྱིས་ལན་གསོལ་པ། །རྗེ་བཙུན་ཤིན་ཏུ་མོས་པ་ལགས། །མཇལ་ནས་ལོ་ངོ་སོ་ལྔ་སོང་། །བདག་འབྲོང་བུའི་བཙན་རྒོད་དྲེགས་པ་ཅན། །རྗེ་ཆབ་དཀའ་ན་ཆབ་ལུམས་མཛད་ཅིང་གདའ། །ལུག་རྫིས་སྡོམ་པ་ལེན་ཅིང་གདའ། །གཡང་མོ་ལུག་གི་སོག་བལ་ལ། །ཆུ་བྲེ་དོ་ཡི་ཡུན་གྱུར་ནས། །འཛོང་འཕྲུལ་ཕྱག་གྱིས་བཟོ་བགྱིས་ནས། །རྗེ་ཡི་ཕྱག་ཏུ་འབུལ་ཀྱིན་གདའ། །མཆེད་གྲོགས་འབལ་གྱི་གདན་གཅིག་ལགས། །བདག་ཀྱང་ཁོ་ཡི་ཟླ་ལ་བླངས། །སྔོན་ཆད་ཁས་བླངས་དམ་བཅས་ལ། །སྡོམ་ཁྲིམས་ལ་ཉེས་པ་ཕོག་པ་མེད། །རྗེ་སྔ་ལོ་སྐུ་ཁམས་བསྙུང་བ་ན། །གཙོང་ཁའི་རྒྱལ་པོ་དགུང་དུ་གཤེགས། །ངོས་ཀྱང་དེ་ནས་མར་ལ་གཤེགས། །མགོ་ནག་མི་ལ་མ་ཚོགས་མེད། །སྟོང་གསུམ་ལྷ་འདྲེ་མ་ཚོགས་མེད། །ལྟད་མོ་ཟླ་བ་གསུམ་དུ་བྱས། །བར་སྣང་དར་དང་གདུགས་ཀྱིས་བཀང་། །ངོས་ཀྱང་དེ་ནས་མར་ལ་འབྱམས། །མདང་སུམ་སྐུ་ཁམས་བསྙུང་བ་ཐོས། །བློ་མ་བདེ་བསྙུན་འདྲི་བྱེད་དུ་མཆིས། །རྟ་ཚོང་འདི་ལ་


PS001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གསུམ་འགོར། །རྟ་འདི་མ་རའི་བཙན་ལས་ཉོས། །རྟ་འདིའི་རིན་ལ་ཐུག་པ་མེད། །དྲེད་ཅིང་བསྡངས་ནས་རིངས་པར་ཡོང་། །རྗེ་ལ་ཆིབས་རྟ་འབུལ་དུ་མཆིས། །རྗེ་ཟས་ནོར་སྒྱུ་མར་ཤེས་པ་དང་། །ཞེན་པ་གཏིང་ནས་ལོག་པ་དང་། །འཛིན་མེད་ཉམས་སུ་མྱོང་བ་ཡིས། །རྟ་ལ་དགོས་པ་མི་བདོག་ཀྱང་། །བདག་གི་དོན་དུ་བཞེས་པར་ཞུ། །ཐ་སྙད་སྒྲོ་འདོགས་གཅོད་དུ་མཆིས། །ཉམས་ལེན་གདམས་ངག་ཞུ་རུ་མཆིས། །གཞོན་ཁྲོམ་གཞན་མ་འདི་རྣམས་ཀྱང་། རྗེ་ཡི་ཞལ་མཐོང་གསུང་ཐོས་བྱེད་དུ་མཆིས། །རྗེ་བཙུན་སྐུ་ཁམས་ཚོད་དང་སྦྱོར། །རྗེ་བསྙུན་པའི་རྐྱེན་ནི་གང་གིས་བགྱིས། །ད་ལྟར་བསྙུང་བ་ཇི་ལྟར་བསྙུང་། འཕྲལ་གྱི་ཟུག་གཟེར་མི་ཆེའམ། །ཕུགས་ཀྱི་རྐྱེན་དུ་མི་མཆིའམ། རྗེ་ཆོས་ཀྱི་དབྱིངས་སུ་མི་གཤེགས་སམ། །ལུང་པ་ནག་པོར་མི་གཏོང་ངམ། །རྒྱལ་ཁམས་གཏམ་གྱིས་མི་སྒྲོགས་སམ། །སྔོན་ཆད་རྗེ་ཡི་གསུང་ལ་ཉན། །ད་ཡང་རེ་ས་རྗེ་ལས་མེད། །ཕྱིན་ཆད་ཐུགས་རྗེས་བཟུང་དུ་གསོལ། །དེ་སྐད་བཙན་གྱིས་ཞུས་པ་དང་། །རྗེ་རིན་པོ་ཆེའི་ཞལ་ནས། །བུ་ཐ་སྙད་ཀྱི་སྒྲོ་འདོགས་གཅོད་པ་ན། །ཐ་སྙད་ཀྱི་ཆོས་ལ་དགོས་པ་མེད། བསླབ་བ་དཀའ་ལ་


PS001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་པ་སྐྱོན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་། །སེམས་ཉིད་ཀྱི་སྟེང་དུ་གཞོལ་ཅིང་འབབ། །ཆོས་ཇི་ལྟར་བསམ་ཀྱང་གནས་ལུགས་དང་། །མ་བཅོས་གཉུག་མའི་ངང་ལ་ཞོག །སྣང་བ་སེམས་སུ་ཤེས་པར་གྱིས། །སེམས་ཀྱི་རང་བཞིན་སྐྱེ་བ་མེད། །སྐྱེ་མེད་རྟོགས་ན་འོད་གསལ་དང་། །བློ་སྣ་དེ་ལ་འགྲོ་ཚད་ཐོངས། །རྒྱུ་རྐྱེན་རྟེན་འབྲེལ་མི་བསླུ་བས། །བུ་ཡི་དོན་གཅིག་འགྲུབ་དེ་མཆི། །སྐྱེས་བུ་ཁྱོད་ཀྱིས་དམ་ཚིག་བསྲུངས། །སྡོམ་པ་ཞིག་རལ་མེད་པ་དེ། །གཞན་གྱི་དོན་མིན་རང་ཆེད་ཡིན། །སྤྲོ་ནི་བླ་མ་བདག་ཀྱང་སྤྲོ། །བདག་ན་བའི་རྐྱེན་ལ་འདི་ཡིན་མེད། །ནད་བུ་ནད་གཞིའི་སྟེང་ན་ཡོད། །ན་སོ་རྒས་པས་ནད་ཟུག་ཆུང་། །ཕུགས་ཀྱི་རྐྱེན་དུ་ཆ་དེ་མཆི། །ལུང་པ་འདི་ཆོས་ལ་གནག་པར་འགྲོ། །རྒྱལ་ཁམས་སུ་གྲགས་པ་འོང་བ་སྲིད། །ལུས་སེམས་གཉིས་པོ་བཟང་གྱེས་བྱེད། །དག་པ་མངོན་དགའི་ཞིང་དུ་འགྲོ། །དངོས་གྲུབ་ཆེན་པོ་ལེན་ལ་ཁད། །བདག་ནི་དེ་རིང་སོང་གི་མི། །ཐ་སྙད་ཆོས་ལ་བཤད་ལོང་མེད། །ཉམས་ལེན་གྱི་གདམས་ངག་ཞུ་བ་ན། ཁས་ལེན་སྡོམ་པ་སྲོག་དང་བསྡོས། །ཁྱེད་རང་བསྒྲུབ་བྱ་གང་འདོད་པ། །མོས་པ་ངེས་ཤེས་འཕྲལ་དུ་སྐྱེ། །དད་ན་རྒྱུད་ཀྱི་སྒྲིབ་པ་དག །ཁྱོད་ཀྱི་


PS001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྫོགས་བྱ་བའི་ཕྱིར། །ལན་གཅིག་སྲབ་མདའ་བླངས་པ་ཙམ། །རྟ་ཡིས་བདག་ལ་དགོས་པ་མེད། །ཁྱོད་ཀྱི་བསུ་མ་འདི་རྣམས་མ་མཐོང་ངམ། །མཁའ་འགྲོ་བརྒྱ་དང་བརྒྱད་བཅུ་དང་། །ལྷ་ཡི་ཚོགས་ཀྱིས་བར་སྣང་ཁེངས། །མཛེས་པའི་གར་དང་སྙན་བའི་སྒྲ། རོལ་མོ་སྣ་ཚོགས་གསུང་སྙན་སྒྲོགས། །གདུགས་དང་རྒྱལ་མཚན་པ་དན་སོགས། །མ་འདྲེས་སོ་སོར་འོད་དུ་བཀྲ། །བདག་འདི་རུ་མི་སྡོད་ཕ་རོལ་འགྲོ། །རྟ་རྣམ་ཤེས་རླུང་ལ་ཞོན་ནས་འགྲོ། །འཇིག་རྟེན་རྟ་ལ་དགོས་པ་མེད། །བྱང་ཆུབ་སེམས་དང་འགྲོགས་ནས་འགྲོ། །གཡོག་པོ་རྣམས་ཀྱིས་དགོས་པ་མེད། །སེམས་ཡིད་བཞིན་ནོར་བུར་བཅས་ནས་འགྲོ། །ཟང་ཟིང་ནོར་གྱིས་དགོས་པ་མེད། །ཡོན་ཏན་གྱི་འཁོར་དང་བཅས་ནས་འགྲོ། །བུ་སློབ་རྣམས་ཀྱིས་དགོས་པ་མེད། །ལམ་སྣ་བླ་མ་རྣམས་ཀྱིས་འདྲེན། །མགོ་ནག་མི་ཡིས་དགོས་པ་མེད། །བསྲུ་བསྐྱེལ་དཔའ་བོ་མཁའ་འགྲོས་བྱེད། །ལྷ་འདྲེའི་འཁོར་གྱིས་དགོས་པ་མེད། །འཛིན་མེད་ཉམས་དང་འགྲོགས་པ་དང་། །བློ་འདས་ཀྱི་ལྟ་བ་རྟོགས་པ་དང་། །གནས་ལུགས་ཀྱི་ངང་ལ་གནས་པ་ཡིས། །ཁྱེད་ཅག་ཞུ་བའི་ལེན་འདོད་པ། །གཉན་པོ་བརྟེན་བྱེད་ཀྱི་གནས་ལུགས་དང་། །ཚིག་ལེགས་ཞུ་འབུལ་རྣ་བར་སྙན། །འཕྲལ་གྱི་


PS001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལེགས་སྤྱན་སྔར་མཛེས། །ཐུགས་གཏིང་ནས་ཆིབས་རྟ་འབུལ་བ་དང་། །བསྙུང་འདྲི་ལ་འོང་བ་ཆ་བྱད་བཟང་། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་བས། །གནས་སྐབས་ཀྱི་བདེ་བ་ཐེ་ཚོམ་མེད། །མཐར་ཐུག་གི་འབྲས་བུར་ཕྱིན་ཏེ་མཆིས། །བཀའ་བཞིན་ཉོན་ལ་གསུང་བཞིན་སྒྲུབས། །བུ་བཙན་གྱི་ཐུགས་ལ་དེ་ལྟར་ཞོག །རྗེ་རིན་པོ་ཆེས་དེ་སྐད་གསུངས་པ་དང་། །བླ་མ་འདའ་བར་ཤེས་ནས་ཀྱང་། །མོས་པ་ཙམ་གྱིས་སྨྲེ་སྔགས་གསོལ། །སྣང་སྲིད་ལྷ་འདྲེས་ཆོ་ངེ་བཏབ། །རི་དྭགས་རྣམས་ཀྱིས་ངུ་སྒོམ་གཙུགས། །བཙན་གཞན་མ་ཚོགས་པ་རྣམས་ཀྱིས་ཀྱང་། །རྟ་རྣམས་རྔུལ་བའི་བསྐོར་བ་བྱས། །གཞི་བདག་བསྙུན་ལུ་བཙན་ཀྱིས་ཀྱང་། །གུས་པས་ཕྱག་འཚལ་གསོལ་བ་བཏབ། །ཁོ་ལ་ནུས་པ་དེ་ལས་མེད། །ཡི་དམ་ལྷ་ཡིས་ལམ་སྣ་དྲངས། །ཌཱ་ཀི་ཆས་བཟང་སྤྲིན་ལྟར་གཏིབས། །བདུན་བདུན་བསྡེབས་ནས་བསུ་བ་བྱེད། །ལྷ་ཡི་བུ་མོ་མཛེས་མ་རྣམས། །གཅིག་མི་ཆེ་ལ་གཅིག་མི་ཆུང་། །རིན་ཆེན་རྒྱན་གྱིས་བརྒྱན་པ་རྣམས། །སྙན་པའི་སྒྲ་སྒྲོགས་བར་སྣང་ཁེངས། །ལར་ངོ་མཚར་མཐོང་སྣང་འདི་ལྟ་བུ། །ཕྱི་རོལ་ཡུལ་སྣང་ཁོལ་བ་མཐོང་། །བར་སྣང་སུམ་སྒྲིལ་བྱས་པ་མཐོང་། །སུམ་


PS001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིལ་གནམ་དུ་ལངས་པ་མཐོང་། །དེ་ལ་རྒྱ་མདུད་ཆགས་པ་མཐོང་། །མདུད་པ་རང་གྲོལ་སོང་བ་མཐོང་། །དེ་སྣང་བ་གཏད་མེད་དུ་སྟོན་པར་གོ། །གཏད་མེད་ཁྱེར་ཅིག་སྒོམ་ཆེན་ཀུན། །དུས་ནམ་ཞིག་གཏད་ཆེན་གཅིག་འོང་འོང་འདྲ། །ཨེ་མ་མཐོང་སྣང་ངོ་མཚར་ཆེ། །དེར་བུ་སློབ་རྣམས་འཚོགས་ནས། བླ་མ་འདི་ནས་གང་དུ་གཤེགས། གསོལ་བ་གང་དུ་གདབ། བླ་མའི་ཆོས་བརྒྱུད་གང་གིས་འཛིན་པར་འགྱུར་ཞེས་གསོལ་བ་བཏབ་པས། མཉམ་མེད་རིན་པོ་ཆེའི་ཞལ་ནས། ང་འདི་ནས་ཤར་ཕྱོགས་མངོན་དགའི་ཞིང་ཁམས་འོད་འཕྲོ་བ་ཅན་ཞེས་བྱ་བར་སངས་རྒྱས་ནས། ཐེག་ཆེན་འབའ་ཞིག་གི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ངའི་སློབ་མ་ཡང་སློབ་བརྒྱུད་འཛིན་ཐམས་ཅད་ཞིང་ཁམས་འོད་འཕྲོ་བ་ཅན་ན་གསོལ་བ་ཐོབ་ཅིག །སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་དེར་སྐྱེ་བར་འགྱུར་རོ། །བླ་མ་ཤངས་པའི་ཆོས་བརྒྱུད་འདི་ཉིད་དབོན་སྟོན་སྐྱེར་སྒང་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དེ་ཉིད་དང་། དེ་ཉིད་ཀྱི་སློབ་མ་སངས་རྒྱས་གཉན་སྟོན་དུ་གྲགས་པ་དེ་ཉིད་དང་། དེའི་སློབ་མ་ཡང་སློབ་བརྒྱུད་པ་དང་བཅས་པས་མཐར་འཛིན་སྐྱོང་བྱེད་ཅིང་དར་བར་འགྱུར་རོ་ཞེས་གསུངས་སོ། །ཡང་སློབ་དཔོན་ཇོ་བཙུན་གྱིས་བླ་མས་དུས་ད་ལྟ་ནས་། ཐུགས་རྗེ་འདུ་འབྲལ་མེད་པར་


PS001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཞུ་ཞུས་པས། མཉམ་མེད་རིན་པོ་ཆེའི་ཞལ་ནས། །འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། །ཅི་སྣང་བླ་མ་ལམ་དུ་ཁྱེར། །བཀའ་དྲིན་སེམས་ལ་གསོལ་བ་ཐོབ། །ང་དང་འབྲལ་བ་མེད་དོ་བུ། །ཅེས་ལན་གསུམ་གསུངས་སོ། །དེ་ནས་རྗེ་འདས་ནས་ཞག་འགའ་ལོན་ཙ་ན། །རྫུ་འཕྲུལ་འོད་ཀྱི་ལམ་ལ་བྱོན། །སློབ་དཔོན་འགྲོ་མགོན་ཇོ་བཙུན་ལ། །བརྒྱུད་པ་མི་འཆད་ཀྱི་དབང་ཞུ་བཀོན། དབོན་པོ་ཤེས་རབ་རས་པ་ལ། །རིགས་བརྒྱུད་མི་འཆད་ཀྱི་གོ་ས་གཏད། །རྗེ་ཡི་ཡོན་ཏན་བསམ་མི་ཁྱབ། །དུས་ད་ལྟ་མིན་པ་མ་གོ་བས། སྙོམས་ལས་སོས་དལ་བཟོད་པར་གསོལ། བླ་མ་རྨོག་ལྕོག་པའི་རྣམ་པར་ཐར་བ་ཟུར་ཙམ་བཀོད་པ་རྫོགས་སོ།། །།སརྦ་དཱ་ཀ་ལྱཱ་ཝནྟུ། ཤུ་བྷཾ།

བླ་མ་སྐྱེར་སྒང་པའི་རྣམ་པར་ཐར་པ།


PS001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐྱེར་སྒང་པའི་རྣམ་པར་ཐར་པ་བཞུགས་སོ། །


PS001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཉམ་མེད་རིན་ཆེན་དང་། །རྟོགས་ལྡན་ཞང་སྒོམ་ཞབས་ལ་འདུད། །ཚད་མེད་འགྲོ་སྐྱོབ་སྙིང་རྗེའི་སྐུ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རློབས། །དང་པོ་དད་པས་ཆོས་སྒོར་ཞུགས། །བར་དུ་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་རྗེས་བླ་མ་སངས་རྒྱས་བསྟེན། །ད་ལྟ་འབྲས་བུ་མངོན་གྱུར་ཏོ། །དེ་ཡང་བདག་གི་ཕ་ཡུལ་ནང་གོང་རྣམ་པ། །རུས་འབའ་ཡིན་ནོ། །དེ་ཡང་དང་པོ་ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱལ། བཅུ་


PS001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དུ་སྐྱེར་སྒང་དུ་ཁུ་བོ་འབའ་ཐམས་ཅད་མཁྱེན་པ་ལ་རབ་ཏུ་བྱུང་ནས་བྱམས་པའི་ཆོས་ལྔ། སྤྱོད་འཇུག་བསླབ་བཏུས་བསྟན་རིམ་རྣམས་ཉན། དེ་ནས་འབའ་ཚད་མ་བ་ལྷ་སར་ཆོས་འཁོར་ལ་གདན་དྲངས་པའི་ཕྱག་ཕྱིར་ཕྱིན་པས། གྲྭ་པ་གཅིག་གིས་སྟོན་མོ་བྱས་པའི་རྣམ་བཞག་ལ། དར་ཡུག་སེར་པོ་གསུམ། ཟངས་གཅིག །ཕྱེ་མར་མང་གཅིག་ཕུལ་ནས། བྲག་ལྷའི་མདུན་དུ་དྲོ་ཐོན་ནས་ཉེ་འདོན་ལ་ཕྱིན་པས། ཀླུ་ཕུག་གི་ཁང་ཆུང་གཅིག་ལས་དཀར་བཏང་བ་གཅིག་འདུག་པས། དེ་མཐོང་བ་ཙམ་གྱིས་བློ་སྣ་འགྱུར་བ་བྱུང་ནས་ཁང་ཆུང་ཡ་གིན་སུ་ཡོད་པ་ཡིན་བྱས་


PS001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པས། ལྷ་ས་སྡེ་བཞིའི་ཉེ་འདོན་པ་ན་རེ། འཕགས་པ་ལྕེ་སྒོམ་པ་བྱ་བའི་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་གཅིག་ཡོད་པ་ཡིན་ཟེར་བས། དེ་ནས་མོས་པར་བྱུང་སྟེ། དར་དང་། ཟངས་དང་། ཕྱེ་མར་ཁྱིར་ནས་ཕྱིན་ཏེ། བླ་མས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་ལགས་སམ་ཞུས་པས། ཐུགས་རྗེ་ཆེན་པོ་ཡིན་ནམ་མིན་ཆ་མེད། གྲིབ་ཀྱི་ཐད་ཀ་འདི་ན་ཚུར་སྐྱ་ཤར་ཤར་བ་གཅིག་གཏན་དུ་མཐོང་གིན་འདུག་པ་ཡིན་གསུངས། འོ་ན་ཐུགས་རྗེ་ཆེན་པོ་ཞུ་དགོས་བྱས་པས། ཐོག་མར་རིག་གཏད་ཀྱི་དབང་བྱ་དགོས་གསུངས་ནས། མར་ཁལ་གཉིས་ལ་མར་མེ་བྱས། གཉིས་ལ་བཙའ་རུའི་སྟོན་མོ་བྱས་ཏེ། དར་ཡུག་གསུམ་དང་། ཟངས་ཕུལ་ནས་སྒྲུབ་ཐབས་ཚར་གསུམ་ཞུས་ནས། བླ་མས་ལོ་དུ་ལ་ཞལ་གཟིགས་བྱས་པས། ངས་སྟོན་ཀ་བསོད་སྙོམས་རེ་བྱས། དེ་ནས་མཚམས་བཅད་ནས་བསྒྲུབས་པས་ལོ་བརྒྱད་ལོན་ཙ་ན་ནང་གཅིག་ཚ་བ་ཐོན་ནས་ཉི་མ་ལ་འགྲོ་སྙམ་ཙ་ན། ང་སྡོད་པའི་བྲག་ཁུང་ན་གུ་དི་རི་རི་འདུག་ནས་སུ་ཡིན་སྙམ་ནས་ལྟས་པས། ངའི་སྡོད་ས་དེ་ན་གཙོ་འཁོར་གསུམ་མ་ཎི་དི་རི་རི་ཟློ་ཤིང་འདུག་ནས། ཡན་


PS001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདུན་པ་ཚར་གཅིག་ཕུལ། དེ་ནས་གཏན་དུ་ཞལ་མཐོང་བ་ཡིན་གསུངས་སོ། །དེ་ནས་སྐྱེར་སྒང་དུ་ཕྱིན་ནས། ད་ཡང་ན་གཡག་གུ་ཤི་བ་དང་། ཡང་ན་བྱང་ཚ་ལོན་པ་གཅིག་ལ་གཏང་དགོས། མི་ལུས་ཐང་གཅིག་ཐོབ་པ་འདི་ལ་ཡང་ན་ཤི་བ་གཅིག་དང་། ཡང་ན་ཐུགས་རྗེ་ཆེན་པོ་ཞལ་མཐོང་བ་གཅིག་ལ་གཏད་དགོས། དོན་མེད་གཅིག་ལ་མི་ཚེ་སྟོང་ཟད་བྱས་པས་མི་ཡོང་བས་བསྒྲུབ་དགོས་སྙམ་སྟེ། མཚམས་བྱེད་ག་མ་ལ་ཁམ་པའི་གྲ་པ་རྣམས་ཀྱིས་རྟ་བཏགས། བེར་བཀོན། དར་བརྐྱང་ནས། ཁྱོད་གཞོན་དུས་སུ་ཐོས་བསམ་མ་བྱས་ན། འབའ་ཚད་མ་བ་རབས་ཆད་པས་བཀའ་བཞི་མཁས་པ་ཅིག་བྱེད་དགོས་ཟེར་བ་ལ་མ་ཉན་པས། གྲྭ་བ་རྣམས་གྲོས་བྱས་ཏེ། དབོན་པོ་མཚམས་བྱེད་པ་ལ་ཕྱེ་དང་ཆུ་ཤིང་གཅིག་ཀྱང་མ་སྐྱེལ་བར་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་རྡོ་རྒྱོབ་ཅིག །དེ་ལྟར་བྱས་པས་ཁོ་སུན་ནས་སློབ་གཉེར་ལ་ཚུད་དུ་འོང་ངོ་ཟེར་ནས་ཁྲིམས་བྱས་སོ། །དེ་ནས་ངས་མཚམས་དམ་པོ་བྱས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། གྲྭ་བ་ཕར་འགྲོ་ཚུར་འགྲོ་ཐམས་ཅད་ཀྱིས་སྒོ་


PS001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་བརྒྱབ་ཅིང་། བཀའ་བཞིའི་དབུས་ནས་མར་བྱང་ཤང་ཤད་མི་བྱེད་པར། སྔགས་ཀྱིས་འཁོས་ཀའམ་ཁྱོད་ལ་མ་ཎི་པདྨེ་ཧཱུྃ་གཅིག་གིས་ཟེར་ནས་རྒྱགས་གཅིག་ཀྱང་མ་བསྐྱལ་ལོ། །དེ་ནས་ཞག་རེ་ལ་སྐྱོ་ཚ་ཕོར་རེ་རེས་མྱོང་། རེས་མ་མྱོང་། དེ་ཡང་མ་མྱོང་བར་ཐལ་པ་དང་བསྲེས་ཏེ་བཏུང་བས། གཉིད་གཏི་མུག་ཡིན་གཏི་མུག་ཉོན་མོངས་པ་ཡིན། དེ་སྔ་ཉོན་མོངས་པ་འདི་ཀས་འཁོར་པར་བསྐྱུར་བ་ཡིན་སྙམ་ནས་གཉིད་གཅིག་ཀྱང་མེད་པར་མ་ཎི་བཟླས་པས། རླུང་ལངས་ནས་མགོ་འགས་པ་བཞིན་དུ་བྱུང་བ་ལ་སྐེ་རག་གིས་མགོ་བསྡོམས་ནས་བཟླས་པ་དྲག་པོ་བྱས་པས་རྟགས་ཅི་ཡང་མ་བྱུང་ནས་སྦྱིན་སྲེག་ཆེན་པོ་བྱས་པས་སྡིག་པ་ཟད་པའི་རྟགས་རྣམས་རྫོགས་པར་བྱུང་ཡང་ཞལ་མ་མཐོང་ནས། ལོ་ཕྱེད་དང་བཞི་སོང་བའི་ཉིན་ཕྱེད་ནས་ཡི་མུག་ནས་བྲག་འོག་གཅིག་ཏུ་སྐྱོ་བསངས་ལ་ཕྱིན་ནས། ནམ་མཁའ་ལ་འཇའ་འོད་ཀྲུག་ཀྲུག་འདུག་ནས། ངས་ལོ་ཕྱེད་དང་བཞིར་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ཡང་མ་མྱོང་བར་བཟླས་པ་དྲག་པོ་བྱས་པས་རླུང་ལངས་འདུག་རྦབ་ཏུ་འཆོར་སྙམས་ནས་བྲག་


PS001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་གཅར་བྱས་པ་དང་། མདུན་གྱི་ནམ་མཁར་འཇའ་ཚོན་གྱི་དཀྱིལ་ན། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་འཛུམ་ཡེ་རེ་བཞུགས་ཤིང་གདའ་ནས། ཇོ་བོ་ཐུགས་རྗེ་རེ་ཆུང་། ངས་ལོ་ཕྱེད་དང་བཞི་ལ་ཞག་རེ་ལ་སྐྱོ་ཚ་ཕོར་རེ་ལས་མ་མྱོང་བ་ལ། དེ་ལས་ཞལ་སྔ་བར་མི་སྟོན་པར་ཞུས་བས། ཇོ་བོའི་ཞལ་ནས་བུ་ཁྱོད་ཀྱིས་སྒྲུབ་པ་བྱས་ནས་ཞག་གསུམ་ནས་ང་དང་འདུ་འབྲལ་གཅིག་ཀྱང་མེད་པར་ཡོད་པ་ཡིན་ཏེ་ཁྱོད་རང་གིས་ལས་ངན་མ་དག་པ་དང་། མཐོང་ན་དགའ་བའི་རེ་བས་བཀག་པ་ཡིན་གསུངས་ནས་དེའི་དུས་སུ། ཚད་མེད་ཡོངས་སུ་དག་པ་སྙིང་རྗེ་ཆེན་པོའི་སྐུ། ཆོས་ཉིད་རྣམ་དག་གངས་རི་བལྟམས་བ་འདྲ། སྐྱོན་བྲལ་རིན་ཆེན་པདྨ་བརྩེགས་པའི་གདན། གདུང་པ་ཀུན་སེལ་ཟླ་བ་རྒྱས་པའི་སྟེང་། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་བདུད་བཞི་མནན། ཚད་མེད་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ། ལ་སོགས་པའི་གཙོ་འཁོར་གསུམ་གྱི་བསྟོད་པ་བྱས་པའོ། །དེ་ནས་སྔར་བསྙེན་པ་བསྐྱལ་བའི་གཤིན་རྗེ་གཤེད་དམར་པོ་དེ་ཞབས་གཡས་ཀྱིས་ཐག་མའི་རི་ལ་སླེབ་པ། གཡོན་པས་སྐྱེར་


PS001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྒང་གི་རི་ལ་མནན་པ། ཕྱག་གཡས་འཁོར་ལོ། །གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ་དབུ་སྐྲ་ནམ་མཁའི་ཁམས་ཁྱབ་པ་གཅིག་ཞལ་གཟིགས་སོ། །དེ་ནས་ཁུ་བོའི་ཞལ་ནས་ཤོག་དང་གསུངས་ནས་ཕྱིན་པ་དང་། ཁྱོད་ཀྱིས་ཐུགས་རྗེ་ཆེན་པོ་དང་། གཤིན་རྗེ་གཤེད་གཉིས་ཞལ་མཐོང་འདུག་པས། ད་ཁམས་པ་རྣམས་ལ་ཉན་རྒྱུ་མེད། ཐོས་པ་བྱེད་པ་བས་སྒྲུབ་པ་བྱེད་པ་ཁེ་ཆེ་བས། ད་ལྟ་ལ་སྟོད་ན་ཚ་རི་སྒོམ་པ་བྱ་བ་བླ་མ་རས་ཆུང་པའི་གདམས་ངག་ལ་མཁས་པའི་གྲུབ་ཐོབ་གཅིག་འདུག་ཟེར་བས། ད་ཁྱོད་རང་དེ་རུ་སོང་དང་གསུངས་ནས་དར་ཡུག་དྲུག་དང་གསེར་ཞོ་གང་གནང་ནས་གཙང་དུ་ཕྱིན་པས། ཉི་མ་ཕྱེད་ཙམ་ནས་ལ་ཁ་གཅིག་ཏུ་སླེབ་ནས་ངལ་བསོས་པས། ཉི་མ་དྲོན་པོ་གཅིག་ལ་སེར་ཕྲན་གཅིག་བབས་པས། ཉི་མ་ཚལ་སེར་བ་དྲག་པ་གཉིས་སྟབས་སྟབས་སུ་འཚོགས་བ་འདི་མཚར་སྙམ་པ་བྱུང་བ་དང་། ག་རེ་འདི་ཐམས་ཅད་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་ཆོས་ཀྱི་སྐུ་རུ་འདུག་སྙམ་ནས། རང་སེམས་སྐྱེ་མེད་དུ་ལྷན་ཅིག་རྟོགས་པ་བྱུང་བས། ཕྱིས་ནས་ཀྱང་རྟོགས་པའི་ངོ་བོ་ལ་བོག་འདོན་རྒྱུ་མ་


PS001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་། །དེ་ནས་ལ་སྟོད་དུ་བླ་མའི་བཞུགས་ས་བྲག་གཅིག་ལ་ཆུ་འགྲམ་དུ་ཕྱིན་པ་དང་། ཉེ་གནས་ཆུ་ལན་པ་དང་འཕྲད་པས། ང་ལ་ཕྱག་འཚལ་འདུག་པས་ཁྱོད་ང་ལ་ཕྱག་འཚལ་བ་སུ་དང་ནོར་བྱས་པས། ཁོ་ན་རེ། ད་ནང་བླ་མའི་ཞལ་ནས་དེ་རིང་དབུས་ནས་གྲུབ་ཐོབ་གཅིག་ང་ལ་འཕྲད་དུ་འོང་བ་ཡོད་པས་དེ་ཐོངས་ཅིག་གསུངས་པ་ཡིན། ད་ཁྱེད་འོང་བར་འདུག །གཞན་སུ་ལའང་མཇལ་ཀྱིན་མེད་པས་ད་གཤེགས་ཟེར་ནས་བྲག་ལམ་གཅིག་ལ་ཕྱིན་ནས། བླ་མ་ལ་དར་ཁ་གང་ཕུལ་ནས། ང་ལ་རྒྱགས་ཙམ་མེད་པས་བླ་མ་རས་ཆུང་བའི་གདམས་ངག་རྣམས་མྱུར་དུ་ཚར་བ་གཅིག་ཞུ་དགོས་བྱས་པས། ཁྱོད་ཀྱི་གསེར་དང་དར་ཡུག་ཟད་ཙམ་ན་ཚར་བར་བྱ་ཡི་གསུངས། ངས་བླ་མ་ལ་རྫུན་དེ་ཀ་ལས་ཟེར་མ་མྱོང་། དེ་ནས་གསེར་དང་དར་བཙོང་ནས། བདེ་མཆོག་ལྷ་བཅུ་གསུམ་དང་ཕག་མོ་ལྷ་བཅུ་གསུམ་ལ་སོགས་པའི་དབང་ཞུས་ནས་ལོ་གཉིས་ལ་གདམས་པ་རྣམས་ཚར་བར་གནང་ངོ་། །དེ་ནས་འོ་ཡུག་ན་བླ་མ་སྤེན་ཕུག་པ་ཆེན་པོ་བྱ་བ། ཇོ་བོ་རྗེའི་གསང་སྔགས་


PS001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བཀའ་བབས་པ་གཅིག་ཡོད་ཟེར་ནས། བླ་མ་སྤེན་ཕུག་པ་ཆེན་པོ་དང་མཇལ་ནས་བདེ་མཆོག་ལ་སོགས་པའི་དབང་མང་དུ་ཞུས། ལོ་ལྔའི་བར་དུ་ཇོ་བོའི་གདམས་ངག་ཚར་བར་གནང་ནས། ཇོ་བོའི་ཌཱ་མ་རུ་གཅིག་དང་ཐུགས་དམ་རྣམ་གནང་ངོ། །དེ་ནས་ཤངས་ཀྱི་ལྷ་ཕུ་ན་བླ་མ་རྨོག་ལྕོག་པ་བྱ་བ། སྒྱུ་ལུས་རྨི་ལམ་འབྱོངས་པས། འོད་གསལ་མངོན་དུ་གྱུར་པའི་བླ་མ་གྲུབ་ཐོབ་ཆེན་པོ་གཅིག་བཞུགས་ཟེར་བ་ཐོས་ནས། བླ་མ་དང་མཇལ་དུ་ཕྱིན་པས། ལམ་ཁར་ཕྱུག་པོ་གཅིག་གིས་གསང་ལམ་གྱི་ན་བཟའ་གཅིག་བསྐུར། དེའི་དགོངས་མོ་ལ་རྩར་ཉལ་བས་མི་ནག་པོ་རས་ཀྱི་ཨང་རག་གྱོན་པ་གཅིག་བྱུང་ནས། ནང་པར་འགྲོ་བའི་ཡའ་བཙལ་ནས་དགྲ་མི་ཡོང་བར་ཡོད་ཅིང་། ངས་ཁྱོད་ཀྱི་བྲན་བཞིན་ཉན་གྱིས་སུ་ཐོད་ཐོད་ལ་མ་བྱིན་ཅིག་ཟེར་ནས་མི་སྣང་བ་སོང་ངོ་། །དེ་ནས་ལ་ལ་ཟླ་བོ་མང་དུ་བྱུང་། སྐུ་ལུང་དུ་བླ་མ་དང་མཇལ་དུ་ཕྱིན་པས་བླ་མའི་ཞལ་ནས། མདང་མི་ནག་པོ་གཅིག་བསུར་མ་བྱུང་ངམ་གསུངས། བྱུང་ལགས་བྱས་པས། དེ་མགོན་པོ་ཡིན་ཁྱོད་ཀྱི་བྲན་བཞིན་


PS001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བར་འདུག་གོ་གསུངས་སོ། །དེ་ནས་མཚོན་ཆ་ཅན་གྱི་དབང་བསྐུར་མཛད་ནས་སྔོན་འགྲོ་དང་ཐབས་ལམ་གྱི་ཁྲིད་ཚར་བ་དང་། བླ་མའི་ཞལ་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཆོས་དྲུག་ཆིག་བརྒྱུད་ཡིན་པས་འདི་ལྷག་མ་མ་ལུས་པ་གཅིག་ཁྱོད་ལ་སྟེར་དགོས། འདི་ལ། སྤྱིའི་དབང་བསྐུར་གཅིག་དང་སྒོ་སྒོའི་དབང་བསྐུར་རེ་ཡོད་པས། མིས་མ་ཚོར་བ་བྱེད་དགོས་གསུངས་ནས། དང་པོ་ཐབས་ལམ་གྱི་དབང་བསྐུར་ནས་མེ་རྒོད་གཏུམ་མོའི་ཁྲིད་རྐྱང་པས་ཞག་བདུན་ནས་རས་ཐུབ་པར་བྱུང་བ་དང་། ད་སྤྱིའི་དབང་བསྐུར་བྱེད་དགོས་གསུངས་ནས། ནམ་བྱེད་ནས་དབང་བསྐུར་བའི་དུས་སུ་བདེ་མཆོག་དང་། ཌཱ་ཀི་མ་ནི་གུ་མའི་ཞལ་མཐོང་། ཡང་སོང་དགོང་སྒྱུ་ལུས་ཀྱི་དབང་བསྐུར་རྐྱང་པས་སྒྱུ་མའི་ཉམས་བཟང་པོ་བྱུང་ནས། སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་སོང་ངོ། །དེ་ནས་ཟླ་བ་བཅུ་གཉིས་ནས་རྨི་ལམ་གྱི་དབང་བསྐུར་ནས། རྨི་ལམ་བཟུང་བས། ཟིན་པ་དང་སྦྱོང་སྤེལ་ཤེས་པ་དུས་གཅིག་ལ་བྱུང་བས། བླ་མའི་ཞལ་ནས། དབང་པོ་རབ་ཏུ་གྱུར་པ་ལ།


PS001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་དང་སྦྱོང་སྤེལ་མཉམ་དུ་འོང་། །བྱ་བ་ཡིན་གསུངས་ནས་ང་ལ་བསྟོད་ར་མང་པོ་མཛད་དོ། །དེ་ནས་རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བ་དང་། བླ་མའི་ཞལ་ནས། ངའི་ཉེ་གནས་དེ་ཚོང་དུས་སུ་ཇ་འདོན་དུ་སོང་པ་ཡིན་ཏེ་ད་རུང་མ་བྱུང་། ཁོ་ལ་དགྲ་བྱུང་བ་ཡིན་ནམ་དོ་ནུབ་རྨི་ལམ་ཟུངས་ལ་ལྟོས་ཅིག་གསུངས་པས། ནམ་ཕྱེད་ཚུན་ཆད་གསོལ་བ་བཏབ་ནས་ཐོ་རངས་རྨི་ལམ་བཟུང་ནས་ཕྱིན་པས། ཁོ་ཚོང་དུས་ནས་ཉི་མ་གཅིག་འོངས་བའི་ས་ན། ཇ་སིག་མགོ་ཆགས་གཅིག་ལ་སྔས་གཏད་ནས་འདུག །ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་འདུག་ནས། ནང་པར་བླ་མའི་སྤྱན་སྔར་ཕྱིན་ནས་ཉེ་གནས་ཀྱིས་ཇ་ལོན་ནས་ཇ་སིག་ནང་ན་རེ་བས་གཏུམས་པ་གཅིག་ཀྱང་གདའ་ཞུས་པས། བླ་མའི་ཞལ་ནས་རེ་བས་གཏུམས་པ་དེ་ཏིག་ཅུག་གཅིག་རེ་བས་གཏུམས་ནས་འདུག་པས། ད་རུང་བོང་བུ་འ་མོ་ཀ་རྒན་པར་འདུག་པས་སྒོམས་ཤིག་གསུངས་སོ། །དེ་ནས་ཟླ་བ་བདུན་གྱི་མཚམས་བྱས་ནས་རྨི་ལམ་གྱི་འདུན་པ་རྩེ་གཅིག་ཏུ་བཏང་བས། ཉིན་པར་སྒྱུ་མའི་རྟོགས་པ་རང་ཤར་དུ་བྱུང་། མཚན་མོ་རྨི་


PS001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཟུང་ནས་ཨོ་རྒྱན་དུ་ཕྱིན་ཏེ། སློབ་དཔོན་ལྭ་བ་པ་ལ་ཚིག་བསྡུས་ཞུས། ཌཱ་ཀི་མ་སེང་གེའི་གདོང་ཅན་ལ་དེ་ཉིད་གསུམ་གྱི་རྫོགས་རིམ་དང་རྩ་བ་བཅུ་པའི་གདམས་ངག་ཞུས། ཡང་རྨི་ལམ་བཟུང་ནས་རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་ཕྱོགས་ཀྱི་གོ་ཆ་ལ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཞུས། ཡང་པོ་ཊ་ལར་ཕྱིན་པས་སྒྲོལ་མ་གཙོ་འཁོར་གསུམ་ཞལ་མཐོང་། སྒྲོལ་མའི་ཞལ་ནས། སྒྱུ་ལུས་བདེན་མེད་གནད་ཡིན་ཨ་འཐས་ཤིག །རྨི་ལམ་འདུན་པའི་གནད་ཡིན་ལམ་དུ་ཁྱེར། འོད་གསལ་མོས་གུས་གནད་ཡིན་གསོལ་བ་ཐོབ། གཞན་དོན་སྙིང་རྗེའི་གནད་ཡིན་ཕྱོགས་འཛིན་སྤོངས། ལ་སོགས་པའི་ཆོས་མང་པོ་གསུངས་སོ། །དེ་ནས་བླ་མ་ལྷ་རྗེའི་མཆོད་པའི་དུས་སུ་ལྷ་བཞིའི་མདུན་བསྐྱེད་དང་བདག་བསྐྱེད་གཉིས་ཀྱི་དབང་གནང་ནས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་སྤྱི་བོའི་སྟེང་ན་ཉིན་མཚན་མེད་པར་བཞུགས་པ་ཞལ་མཐོང་བས། བླ་མའི་ཞལ་ནས་ད་ཡི་དམ་ནི་རྒྱུན་ཆད་མེད་པར་མཐོང་ནས་འདུག །རྨི་ལམ་གྱི་སྟོབས་ནི་ཆེན་པོ་བྱུང་འདུག་པས། ད་མཚོན་ཆ་ཅན་


PS001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གྲྭ་བ་སོ་མ་རྣམས་ཀྱི་ཆོས་སྒོ་འབྱེད་པ་བྱེད་དགོས། ཁྱོད་ང་ལ་མོས་པ་འདུག་གསུངས་སོ། །དེ་ནས་དབྱར་གཅིག་ཆོས་སྒོ་ཕྱེས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བཤད་པས་དགེ་སྦྱོར་གྱི་སྟོབས་ཀྱང་ཆུང་ངུ་སོང་། འདུ་འཛི་ཆེས་པས་སོ་ཡང་མ་བསོད་པར་བྱུང་ནས། ཆོས་སྒོ་འབྱེད་པ་དེ་བཤོལ་ནས་མཚམས་དམ་པོ་བཅད་ནས་བསྒོམ་ཀྱང་། དགེ་སྦྱོར་དེ་ཡུན་རིང་པོ་སོར་ཚུད་དུ་མ་གཏུབ་པས། ད་དག་པའི་ས་གསུམ་ལ་མ་སླེབ་བར་མི་ཟས་དང་། གཞན་དོན་རྐྱང་བྱེད་མི་གཏུབ་པར་འདུག་སྙམས་པ་བྱུང་བ་དང་། ཐུགས་རྗེ་ཆེན་པོ་བྱོན་ནས། འདུ་འཛི་གཡེང་བ་བདུད་ཀྱི་བར་ཆད་ཡིན། ཆགས་སྡང་སྣ་ཚོགས་གྲོགས་སུ་མ་འཆར་བར། རྐྱེན་ངན་དབེན་པའི་དགོན་པ་རྟག་ཏུ་བསྟེན། ཚེ་ལ་ལོང་མེད་འཆི་བ་བསམ་པར་རིགས། ཅེས་གསུངས་སོ། །དེ་ནས་དགེ་སྦྱོར་སོར་ཆུད་བ་དང་། ཚེས་བཅོ་ལྔའི་ཉི་མ་ཤར་མ་ཐག་ལ། དགྱེས་རྡོར་མཚོན་ཆ་ཅན་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྐུ་རི་བོ་ཙམ་ཡོད་པ་ཞལ་མཐོང་། དེ་ནས་ཉི་ཤུ་གཉིས་ལ་རྨི་ལམ་བཟུང་ནས་དཔལ་འབྲས་སྤུངས་སུ་ཕྱིན་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་


PS001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཞལ་མཐོང་ནས་ཐམས་ཅད་གསུང་གཅིག་ཏུ་འདི་སྐད་གསུངས་སོ། །དབང་བཞི་མ་རྫོགས་སྨིན་པར་ག་ལ་ནུས། དབྱེར་མེད་བསྐྱེད་རིམ་མ་སྒོམ་གྲོལ་མི་སྲིད། ཐོབ་འདོད་རེ་བས་འབྲས་བུ་མི་འབྱིན་པས། རང་གྲོལ་རང་ཤར་སྐུ་གསུམ་དབྱེར་མེད་པས། ཅེས་ལན་གསུམ་གསུངས་པས། ཅིར་སྣང་ཐམས་ཅད་བསྐྱེད་རྫོགས་དབྱེར་མེད་དུ་རྟོགས་སོ། །དེ་ནས་མཚམས་བཀྲོལ་བ་དང་། ནུབ་གཅིག་རྨི་ལམ་ན། ཡི་གེ་ཨ་གཅིག་གིས་གསུས་པ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་དང་། ཟུག་རྔུ་ཆེན་པོ་བྱུང་། ཡང་ལྕི་བ་དང་རི་ལ་འབུ་དབང་མེད་དུ་ཟ་དགོས་པ་གཅིག་རྨི་པ་དང་། ནང་པར་བླ་མའི་གསུངས་མ་ཆོག་པར་ཕྱུགས་པོ་གཅིག་གི་བསྙེན་བསྐུར་ལ་ཕྱིན་པ་དང་། དེའི་དགོངས་མོ་ལུས་པོ་ཐམས་ཅད་གཤག་གཏུབ་བྱས་པ་བཞིན་ན་ནས། སྨན་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཤི་ལ་ཐུག་པ་དང་། ཐོ་རང་སྒྲོལ་མ་དཀར་མོ་བྱོན་ནས། ཁྱོད་ཀྱི་ན་བ་འདི་སྐུ་གླུད་ཟོས་པས་ལེན་པ་ཡིན། དེ་གཞན་ཀྱིས་ཀྱང་མི་ཕན་པས་བྲུལ་གཏོར་ཐོངས་ཤིག །དེས་དམྱལ་བའི་ལས་ཞིན་དེ་ལས་གྲོལ་


PS001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །གསུངས་ནས་བྲུལ་གཏོར་བཏང་བས་ནད་དྲག་པོ་སོས་སོ། །དེ་ནས་བྲུལ་གཏོར་ཁོ་ན་ལ་མོས་ཤིང་ཡིད་ཆེས་པར་བྱུང་ངོ་། །དེ་ནས་བླ་མ་ལ་རྒྱུད་སྡེ་ལྔའི་དབང་ཞུས་ནས་དགྱེས་རྡོར་དང་། དགྲ་ནག་དང་། འཇིགས་བྱེད་དང་། རྒྱུད་སྡེ་ལྔའི་སྒྲུབ་ཐབས་དང་། གདམས་པ་རྣམས་མ་ལུས་པར་ཞུས་ནས། ད་ནི་ཤེས་བྱའི་སྒྲིབ་པ་མ་དག་བར་དུ་སྒྲུབ་པ་གཅིག་བྱ་དགོས་སྙམ་ཙ་ན། ཉིན་གཅིག་རྟ་པ་སུམ་བརྒྱ་ཙམ་བྱུང་ནས། ཁུ་བོ་འབའ་ཚད་མ་བ་གྲོང་པས་གདན་ས་ལ་འགྲོ་དགོས་ཟེར་ནས་བྱུང་བས། ང་མི་འགྲོ། ཁྱོད་རང་རྣམས་གདན་ས་གཞན་ལ་འཆོས། ད་ང་མ་ཤིའི་རིང་ལ་སྒྲུབ་པ་གཅིག་བྱེད་པ་ཡིན་བྱས་པས། བླ་མས་དམ་ཚིག་ལ་བསྒྲེས་ནས། ཁུ་བོའི་གདན་ས་གྱིས། དགེ་སྦྱོར་འཕེལ་བར་འོངས་གིས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བྲན་བཞིན་དུ་ཉན་པའི་བཀའ་བསྒོ་གནང་། བུ་འདི་རུ་མ་འདུག་དབུས་སུ་སོང་། མགོན་པོ་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་ནས། དེའི་དུས་སུ་སྐྱེར་སྒང་དུ་འོངས་ནས། སྐུ་འབུམ་གཅིག་བཞེངས་ནས་གདན་ས་བྱས། ད་དགོན་པ་འདི་ལ་


PS001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རི་གཅིག་བྱ་དགོས་སྙམ་པ་དང་། གར་དགོས་སུ་ས་སྤུངས་ནས་བྱུང་བ་དང་། རྨང་གཏིང་བས་ཡུལ་བས་དགག །དེ་ལ་མ་དགའ་བ་གཅིག་བྱུང་སྟེ། བླ་མའི་ཞལ་ནས་ཆོས་སྐྱོང་འདི་བྲན་བཞིན་དུ་ཉན་པར་འདུག་ཅིག་གསུངས་པ་ཡིན་ཏེ། ད་ལྕགས་རི་ཡང་དོན་མེད་པར་ཁོང་སོ་ས་བཅག་ནས་མེད་དོ་ཟེར་བ་གཅིག་ཁ་ན་ཤོར། དེའི་དགོང་མོ་ལྕགས་རི་བཅོག་པའི་མི་ཚང་མངས་ཚད་གཅིག་ཤི་ནས་ནང་པར་བབས་བྱས། ང་ཡང་འགྱོད་ནས་བདུན་ཚིགས་བྱས་སོ། །དེ་ནས་ད་ནི་འདུ་འཛི་ལ་གཡེངས་ནས་འགྲོ་བར་འདུག་སྙམ་ནས་ཁུ་བོའི་ཟླ་མཆོད་མ་གཏོགས་པ་མཚམས་དམ་པོ་བྱས་ཏེ། གཉིད་ཙམ་མ་ལོག་པར་དགོངས་མོ་ས་རུབ་ནས་ནམ་མ་ལོངས་བར་ལ་སྐུ་འབུམ་ལ་བསྐོར་བ་བྱས། ཉིན་པར་ཉལ་ས་ལས་མ་གཡོས་པར་དགེ་སྦྱོར་གཅིག་པོ་བྱས་པས་རྨི་ལམ་དང་འོད་གསལ་གྱི་སྟོབས་ཆེན་པོ་བྱུང་ནས། ནུབ་གཅིག་རྨི་ལམ་བཟུང་ནས་མཆོད་རྟེན་དཔལ་ཡོན་ཅན་ལྟར་ཕྱིན་པས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞལ་ཡས་ཁང་ན། ཤེལ་གྱི་མཆོད་རྟེན་སངས་རྒྱས་ཀྱི་རིང་བསྲེལ་མ་ག་ཏའི་བྲེའི་ཁལ་གཅིག་བྲེ་བདུན་བཞུགས་པ་འོད་ཟེར་


PS001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལྔ་ཕྱོགས་བཅུར་འཕྲོ་བ་འོད་ཟེར་གྱི་སྣ་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་མཆོད་པ་འབུལ་བ། གཞལ་ཡས་ཁང་གི་ནང་ཐམས་ཅད་རྒྱུད་སྡེ་ལྔའི་ལྷ་ཚོགས་མང་པོ་རིམ་པ་བཞིན་དུ་བཞུགས་པ། དེའི་ཕྱི་རིམ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ཀྱིས་མཆོད་པ་འབུལ་བ་འདི་ལྟ་བུ་གཅིག་འདུག་ནས། ངས་ཀྱང་སྐད་ཅིག་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས་ཕུལ་བ་དང་། ཌཱ་ཀིའི་ཚོགས་ཐམས་ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་དེ་ལྟ་བུའི་མཆོད་པ་ནི་ཨེ་མ་ཧོ་ལན་གསུམ་གསུངས་པ་དང་། གསང་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་རིགས་ཀྱི་བུ་ཚུར་ཤོག་དབང་བསྐུར་བར་བྱའོ་གསུངས་ནས། དབང་བཞི་རྫོགས་སུ་བསྐུར་བ་དང་། ལྷ་དབང་བསྐུར་བ་དང་། བདག་དང་མཆོད་པའི་ཚོགས་ཐམས་ཅད་ཀྱང་སྐྱེ་འགགས་དང་བྲལ་བའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྟོགས་ནས། རིན་ཆེན་བརྩེགས་པའི་གཞལ་ཡས་ཁང་། རྟེན་ཡོངས་སུ་དག་པའི་མཆོད་རྟེན་ལ། །རྒྱལ་བ་བདུན་གྱི་རིང་བསྲེལ་བཞུགས། །ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །དེ་ཡང་དམིགས་


PS001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒྱུ་མའི་ཉམས། ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས། །ཞེས་བྱ་བ་ལ་སོགས་པའི་མགུར་དེ་བླངས་སོ། །ཡང་རྨི་ལམ་བཟུང་ནས་པོ་ཏ་ལར་ཕྱིན་པས། རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་ལྟ་བུའི་སྟེང་ན། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འོད་ཀྱི་རང་བཞིན་ཅན་ཏུ་བཞུགས་ནས་འདུག །ཁྲི་འཕང་རྣམས་ལ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་བྱིས་པ་ལོ་བརྒྱད་ལོན་པའི་ན་ཚོད་ལྟར་བཞུགས་ནས། ཆོས་ཀྱི་ཞུ་བ་པོའི་ཚུལ་མཛད་དེ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས། སྐྱོན་བྲལ་ཐུགས་རྗེ་ཆེན་པོའི་སྐུ། ཐེག་ཆེན་ཆོས་རྣམས་སྟོན་པར་འགྱུར། གང་མོས་དོན་རྣམས་དྲི་བར་བྱོས། །ཅེས་གསུངས་པ་དང་། རི་རབ་ཀྱི་འོག་ནས་པདྨའི་སྡོང་པོ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་ཚོགས་ལག་ན་མཆོད་པ་དཔག་ཏུ་མེད་པ་ཐོགས་ནས་འཁོད་དེ་རང་རང་གི་སྐད་ཀྱིས་ཁ་སར་པཱ་ཎི་ལ་ཞུས། ཁ་སར་པཱ་ིས་གཙོ་འཁོར་གསུམ་ལ་ཞུས་པ་དང་། ཐུགས་རྗེ་ཆེན་པོས་རང་རང་གི་སྐད་དུ་སྐྱེ་གནས་སྦྱོང་བ་དང་། གསང་སྒྲུབ་གསུངས་སོ། །དེ་ནས་གཙོ་འཁོར་གསུམ་པོ་བཅུ་གཅིག་


PS001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་གྱུར་ནས། དེའི་གནས་གསུམ་ནས་འོད་ཟེར་གསུམ་བྱུང་ནས་བདག་གི་གནས་གསུམ་དུ་ཕོག་པས། བདག་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་དང་། བཅུ་གཅིག་ཞལ་གྱིས་དུག་སྦྱོང་བའི་གདམས་ངག་དང་། གཟུངས་རིང་ཀྱི་བཟླ་ཐབས་དེ་གསུངས་ནས། པོ་ཏ་ལའི་གཟུངས་ཟུང་ཤིག །དེ་མཐོང་ཚད་ངན་སོང་ལས་ཐར་ཐུགས་རྗེ་ཆེན་པོ་ཐོབ་པར་འགྱུར་རོ་གསུངས་སོ། །ཡང་མདོ་བོ་ན་བླ་མ་ལྷོ་པས་བདེ་མཆོག་གི་དབང་བསྐུར་བྱེད་ཅིང་ཡོད་ཟེར་ནས་རྨི་ལམ་བཟུང་ནས་ལྟར་ཕྱིན་པས། བླ་མ་ལྷོ་བ་དེ་ཧེ་རུ་ཀ་ཞལ་གཅིག་ཕྱག་བཅུ་གཉིས་པར་གྱུར་ནས་བུམ་པ་བཟུང་ནས་སློབ་མ་རྣམས་ལ་བདེ་མཆོག་དངོས་ཀྱི་དབང་བསྐུར་ནས་འདུག་པ་ལ། ད་ལྟ་བོད་ན་བདེ་མཆོག་དངོས་ཀྱི་དབང་བསྐུར་བ་ལྷོ་པ་ལས་མི་འདུག་གསུངས་སོ། །ཡང་དུང་རུང་སྒང་པས་དབང་བསྐུར་བྱེད་ཀྱིན་ཡོད་ཟེར་ནས། དངོས་བཞིའི་སྲོད་ལ་རྨི་ལམ་བཟུང་ནས་བལྟས་པས། གཞི་དེའི་ཀླུ་སྲིན་མོ་གཅིག་གིས་གཏོར་མ་ཟོས་ནས་རང་བྱུང་གི་ཁྲག་སྙིང་ཁར་བྱུགས་པས་སློབ་མ་ཐམས་ཅད་འཐབས་པས་རྨས་མ་མང་པོ་བྱུང་ནས། ནང་པར་དུང་རུང་


PS001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྒང་པ་ནམ་ལངས་མ་ཐག་ངའི་གམ་དུ་བྱུང་བ་ལ། དགེ་བཤེས་དབང་བསྐུར་ཉེས་སམ་བྱས་པས་མདང་འཐབ་མོ་མང་དུ་བྱུང་ཟེར་བས། གཏོར་མ་མི་ཐུབ་པར་དབང་བསྐུར་བྱེད་པ་ག་ན་འོང་། ཁྱེད་རང་གི་གཞི་དེའི་ཀླུ་སྲིན་མོ་དེས་བར་ཆད་བྱེད་ཀྱིན་འདུག་པ་ཡིན། ད་ངས་རྟེན་འབྲེལ་བྱས་ལ་ཚེ་བསྲིང་ཤིག་བྱས་ནས་མར་མེ་སྦར་བ་གཅིག་ཁོ་ལ་གཏད་ནས་འདི་ཁྱེར་ལ་དགོན་པར་ཤད་ཀྱིས་སོང་ལ་བཤགས་པ་གྱིས་ཤིག་བྱས་ཙ་ན། ལམ་ཁར་ཇ་འཐུང་ཞིང་བསྡད་པས་ལམ་ཁར་མར་མེ་ཟད་ནས། ཁོ་ཡར་སླེབ་མ་ཐག་བཤགས་པ་བྱ་ལོང་མེད་པར་ཁྲག་སྐྱུགས་ནས་ཤི་འདུག་པས། དབང་བསྐུར་དུས་བགེགས་སྐྲོད་པ་དང་། ཆོས་སྐྱོང་ལ་བཀའ་བསྒོ་བ་གལ་ཆེ་བར་འདུག་གོ། །དེ་ནས་དགོང་གཅིག་འབུམ་པ་ལ་བསྐོར་བ་བྱེད་ཅིང་ཡོད་པའི་དུས་སུ་ནམ་མཁའ་ལ་འོད་ཆེན་པོ་གཅིག་བྱུང་ནས་བལྟས་པས། དྲང་སྲོང་རཱ་ཧུ་ལ་མགོ་དགུ་པ་ལག་ན་མདའ་གཞུ་ཐོགས་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཁ་ནས་གློག་འཁྱུག་པ། སྐུ་མདོག་དུད་ཁ་ཡོད་པ་ལྷ་མ་སྲིན་སྡེ་བརྒྱད་


PS001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་བ། ནམ་མཁའ་ཁེང་པ་ཤིན་ཏུ་འཇིགས་པ་ཆེ་བ་གཅིག་མཐོང་ནས། ཇོ་བོ་དཀོན་མཆོག་གསུམ་པོས། སེམས་ཅན་ཐམས་ཅད་དྲང་སྲོང་གི་འཇིག་པ་ལས་བསྐྱབ་ཏུ་གསོལ་བྱས་པས། རཱ་ཧུ་ལའི་གཡོན་དུ་ལྷ་མོ་དཀར་མོ་གཅིག་བྱོན་ནས། བུ་ཁྱོད་རང་གི་སེམས་ལ་ལྟོས། འཇིགས་པས་རང་སེམས་བདུད་དུ་བབས། ལུས་ཀྱི་གཅེས་འཛིན་གཏིང་ནས་སྤོངས། སྣང་སྟོང་སྒྱུ་མ་གཟུགས་བརྙན་ལ། ཅི་ཕྱིར་འཇིགས་དང་སྐྲག་པར་བྱེད། གཞན་ཕན་གསོལ་བ་འདེབས་པ་དེ། ལེགས་པར་བསྟན་གྱིས་གུས་པས་ཉོན། ཙནྡན་གོ་ཤིརྴའི་སྣག་ཚ་ལ། དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་མཚན་བྲིས་ལ་ལུས་ལ་ཐོགས་ཤིག །དྲང་སྲོང་གི་འཇིགས་པ་ལས་སྐྱོབ་པར་འགྱུར་རོ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཟླ་བ་གཅིག་ནས་ཏི་སེ་ནས་རི་པ་སུམ་བརྒྱ་བྱུང་ནས། ཆོས་རྗེ་པ་གྲོང་ཟེར་ནས་འོང་པ་ཡིན་ཏེ། ལ་ལ་ན་རེ་མ་གྲོང་ངམ་ཀྱང་ཟེར། དོ་ནུབ་རྨི་ལམ་བཟུང་ནས་གཟིགས་པར་ཞུ་ཟེར་བས། ད་ལྟ་རང་


PS001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཡེ་ན་འབུལ་བ་ལེན་ཆོས་བཤད་ཅིང་འདུག་པ་ཡིན་ཏེ་བྱས་པས། ཁོང་རྣམས་ལྐོག་ཤུབ་བྱེད་ཅིང་། གྲུབ་ཐོབ་ཡིན་ཉན་ཡོད་རྟོགས་ལྡན་དུ་མི་འདུག་སྔགས་འདི་ཙམ་འདྲེན་ཅིང་འདུག །ད་རེས་ཁོང་གི་མངོན་ཤེས་ཐོག་ཏུ་ཕེབས་ན་རང་རེ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཞུ་དགོས་ཟེར་ཅིང་འདུག །དེ་ནས་ངས་རྩ་གང་ཡིན་མདུད་པ་གང་ཡིན། གྲོལ་བ་གང་ཡིན། གྲོལ་བའི་དགོས་པ་གང་ཡིན། ཙནྡན་གོརྴི་ཤ་གཅིག་ཀྱང་བསྐུར་བ་ཞུ་བྱས་ནས། རི་པ་རྣམས་ལ་ཡི་གེ་བསྐུར་བས། བླ་མ་འབྲི་གུང་པས། གཡུ་ཁང་དུ་དབུ་ཆེ་རྣམས་བསགས་ནས་ཡིག་ལེན་ཇི་སྐད་བསྐུར་བྱས་པས་མ་མཐུན་ཏེ། བླ་མ་རང་གིས་རྩ་ཉོན་མོངས་པ་མདུད་པ་དུག་གསུམ་གྱི་རྟོགས་པ། གྲོལ་བ་ཉོན་མོངས་པ་ལས་གྲོལ་བ། དགོས་པ་དོན་གཉིས་མཐར་ཕྱིན་པའོ་བྱས་པ་དང་། ཙནྡན་དང་། ཟི་པོལ་དང་། གོས་ཆེན་མང་པོ་བསྐུར་ནས་བྱུང་ངོ་། །དེ་ནས་བླ་མ་སོགས་པ་དང་། རི་པ་མང་པོས་ཐུགས་རྗེ་ཆེན་པོ་ཞུས་ནས། ཁོང་རྣམས་ཀྱི་ཚེའི་སྟོད་སྨད་ལ་ཇི་ལྟར་བྱུང་བ་དང་། མ་འོངས་པ་རྣམས་བཤད་དེ། ཐུགས་རྗེ་ཆེན་པོ་


PS001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གསུམ་བསྒྲུབ་པར་ཁས་བླངས་སོ། །དེའི་རྗེས་ལ་འགའ་ད་རྒྱའི་རྒྱལ་པོས་བཟུངས་ཆུས་ཕན་ཐོགས་པའི་འབུལ་བ་ཡིན་ཟེར་ནས། དངུལ་བྲེ་གང་དང་། དར་ཟབ་དང་། གསེར་མང་པོ་གཞུང་མགྲོན་པ་ལ་བསྐུར་ནས་བྱུང་བ་དང་། དངོས་པོ་དག་པ་ཅི་བྱུང་ཐམས་ཅད་བླ་མ་ལ་བསྔོས་ནས་བསགས་པས་གཡུ་སུམ་ཅུ། སྣམ་བུ་སྟོང་། འབྲི་གཞོན་སུམ་ཅུ་སོ་དགུ། རྟ་བཅུ་གསུམ། སྣག་ཚའི་བཀའ་འགྱུར་རོ་ཅོག་དང་། གསེར་གྱི་ཉི་ཁྲི། ཇ་སིག་དང་། བེར་ཐུལ་དང་། དཀར་ཡོལ་ལ་སོགས་པ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མའི་ཕྱག་ཏུ་འབུལ་དགོས་སྙམས་ནས། འབུལ་བ་སྐྱེལ་རོགས་བཙལ་བས་སྐྱེར་སྒང་པའི་གྲྭ་པ་རྙིང་པ་རྣམས་འཚོགས་ནས། འབའ་ཐམས་ཅད་མཁྱེན་པའི་གདན་ས་ནས། གཞན་དུ་འབུལ་བ་འདི་ཙམ་སྐྱེལ་བ་མི་འཐད་པས། རང་རེས་འབུལ་བ་སྐྱེལ་རོགས་མི་བྱེད་ཟེར་ནས་གྲོས་བྱས་པས། ཤངས་པ་ན་རེ་ཁོངས་རྣམས་ཁྲིམས་བྱས་ནས་འབུལ་བ་སྐྱེལ་རོགས་མི་བྱེད་པར་འདུག་པ་ད་ཅི་འཐད་ཟེར། ངས་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན་ཏེ། འོ་ན་ཆོས་སྐྱོང་རང་གིས་སྒྲུབ་དམ་བྱས་པ་དང་། ཉི་མ་


PS001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཡོལ་ཙམ་ན་རལ་གུ་རང་ཕྲུག་གོན་པ། སྐེ་རག་དམར་རུའི་ཐོད་བཅིངས་པ་རྟ་ནག་ཞོན་པ་གཉིས་བྱུང་ནས། ཁྱེད་ལ་འབུལ་བ་སྐྱེལ་རོགས་མེད་ན་ཟླའུ་བཟང་པོ་འདུག་ཟེར་ནས། གང་ན་འདུག་བྱས་པས་འཕན་ཡུལ་པའི་ཚོངས་པ་མང་ཚད་གཅིག་དོ་ནུབ་མོན་འདྲ་ན་འདུག །སང་དགོང་སྒང་བུའི་གནས་སུ་འོང་བར་འདུག་ཟེར་རོ། །སང་དགོང་གཞོན་ཚུལ་གནས་སུ་བཏང་ཙ་ན། རྟ་ནག་ཞོན་པའི་མི་བདུན་མཛོ་ཕོ་མང་པོ་རོལ་དུ་ཁྲིད་ནས་བྱུང་བ་དང་། ཁྱེད་རྣམས་གར་འགྲོ་བྱས་པས་ཤངས་སུ་འགྲོ་ཟེར། འོ་ན་ངེད་ཀྱི་འབུལ་བ་སྐྱེལ་རོགས་དགོས་པས། སྐྱེར་སྒང་དུ་འདེངས་བྱས་པས་ཁྱེད་རང་གྲབ་གྱིས་ཤིག་ཟེར་ནས། ནངས་པར་ནམ་ལངས་མ་ཐག་ཏུ་མི་རྟ་རྣམས་བྱུང་ནས། ངེད་ཀྱི་མཛོ་ཕོ་འདི་རྣམས་ལ་ཁལ་ཁོལ། ཁྱེད་རང་གི་རྟ་ཐམས་ཅད་ལ་ཁལ་ཁོལ་ལ། ངེ་ད་ཀྱི་རྟ་འདི་ལ་བླ་མ་ཆིབས་ཅིག་ཟེར་ནས་རྟ་གཅིག་བཏག །དེའི་དགོངས་མོ་བན་ལུང་དགོན་པར་བསྡད་དོ། །དེ་ནས་ཁོང་རྣམས་ཤོག་གུ་ལ་ལ་ཐག་ཉེ་སྟེ་འཇིགས་པ་ཆེ་བས་ཅི་ཙུག་འཐད་བྱས་པས། ཁྱེད་ཀྱི་རྐྱེན་འདི་


PS001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྷག་པ་ངེད་ཀྱི་སྒྲོལ་ཕོད་འདི་ན་ཡོད་དོ། །ངེད་ཀྱི་སྐྱེལ་མ་ཐུག་འོང་ཅིག་ཟེར་རོ། །དེ་ནས་ལྷ་ཕུར་དགོང་ཀ་སླེབ་ཙ་ན་ཁོང་རྣམས་ན་རེ། དོ་ནུབ་ཕྱིན་ན་སྐུར་ལུང་སླེབ་པ་འདུག་སྟེ། དོ་ནུབ་མི་ཐོངས་ལ་འབུལ་བ་ལེན་དུ་ཤོག་གྱིས། སང་གྲོ་ལ་སླེབ་པར་འོང་ཅིག །ཁར་སང་ཁྱོད་ལ་འབུལ་བ་སྐྱེལ་རོགས་མི་འདུག་བ་སུར་འོང་པ་ཡིན། དོ་ནུབ་དུར་ཁྲོད་མུན་པ་མི་བཟད་བ་བྱ་བ་ན། སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་བྱ་བས་ཚོགས་འཁོར་བྱེད་པ་ཡོད་པས་ངེད་རྣམས་དེར་འགྲོ་བ་ཡིན་ཟེར་ནས་རྡུལ་འཚུབ་ཏུ་བྱས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་ངས་ཤངས་པ་ལ་སྐྱེར་སྒང་པ་རྣམས་ལ་མ་བཤད་ཅིག །ཁོང་དཔོན་གཡོག་འདྲེས་ཁྲིད་པར་བྱས་སོ་ཟེར་འོང་བྱས། དེ་ནས་ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙ་ན། བླ་མའི་ཞལ་ནས། དཔོན་སྟོན་སྐྱེར་སྒང་པ་ཆོས་ཚུལ་བཞིན་དུ་གྱིས་དང་། དཔའ་བོ་དང་ཌཱ་ཀི་བྲན་བཞིན་དུ་ཉན་པར་འདུག་གི་བྱས་པ། ཁར་སང་རི་རབ་ཀྱི་ཟོམ་ན་གནས་པའི་མགོན་པོའི་འཁོར་རྣམས་ན་རེ། དབོན་སྟོན་ལ་འབུལ་བ་སྐྱེལ་རོགས་མི་འདུག་པས་བསུར་འགྲོ་


PS001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཟེར་ནས་བསུར་སོང་བ་ཡིན་ཏེ་མ་བྱུང་ངམ་གསུངས་པ་ལ། བསུར་བྱུང་ལགས་ཞུས་པས། མདང་སློབ་དཔོན་དྷ་ན་སཾ་ཀྲི་ཏ་དང་། དྷརྨ་ཀ་ཤི་ཀའི་ཚོགས་འཁོར་ལ་འགྲོ་ཟེར་ནས་མི་སྣང་བར་ཐལ་བྱས་སོ། །དེ་ནས་བླ་མ་ལ་འབུལ་བ་བྱས་པའི་དགོངས་མོ་གཏོར་དབང་གཅིག་མཛད་ནས། ལྷ་མོ་དང་འཁོར་བཞིའི་སྒྲུབ་ཐབས་དང་། ཉི་ཁྲོས་སེར་བ་དང་། གཤིན་རྗེ་ར་སྒྲོལ་ལ་སོགས་པའི་གནད་རྣམས་མ་ལུས་པར་གནང་ངོ་། །ཡང་དབང་བསྐུར་གསུམ་མཛད་ནས་སྣང་བ་ལ་བརྟེན་ནས། བླ་མ་ལམ་དུ་ཁྱེར་བ་དང་། ཡི་དམ་ལམ་དུ་ཁྱེར་བ་དང་། །སྒྱུ་མ་ལམ་དུ་ཁྱེར་བ་དང་། །ལམ་ཁྱེར་གྱི་ཚིག་གསུམ་དང་། གཞན་ཡང་ཟབ་ཆོས་ལྷག་མ་ཐམས་ཅད་མ་ལུས་པར་གནང་ནས་དབུ་བསྙུང་བཞེས་སོ། །དེ་ནས་མར་འོང་བའི་སྐྱེར་སྒང་དུ་སླེབ་པའི་དགོང་མོ་ཆུ་བདག་ཝ་རུ་ཎ་བྱུང་ནས། ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་ལྔ་སྐྱེས་པ་གཅིག་འབུལ་དུ་བྱུང་། འདི་ཅིའི་བརྡ་ཡིན་བྱས་པས་རབས་ཆད་པོ་གཅིག་ལ་བུ་འོང་བའི་བརྡ་ཡིན་ཟེར། སང་འཕྱུག་པོ་འབུམ་རྡོར་གདན་འདྲེན་དུ་འོང་བར་ཡོད།


PS001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་གཏོར་མ་བཟང་པོ་ཐོངས་ཤིག །ཁོ་ལ་སྤུན་ཟླ་ལྔ་འོང་བར་འགྱུར་རོ་ཟེར་ནས་མི་སྣང་བར་ཐལ། དེ་ནས་ནང་པར་ཕྱུགས་པོ་འབུམ་རྡོར་རིགས་གཏད་དང་སྣ་ལེན་པ་ལ་འབྱོན་པར་ཞུ་ཟེར་ནས་ཕྱིན་ཏེ། ཕྱེ་ཁལ་བརྒྱ་ལས་བྱས་པའི་གྲུལ་གཏོར་གཅིག་བཏང་བས། གཏོར་མའི་མདུན་དུ་ཝ་རུ་ཎ་བྱུང་ཤིང་སྡོང་སྐམ་པོ་གཅིག་ལ་མེ་ཏོག་སྐྱེས་པ་གཅིག་ང་ལ་ཕུལ་ནས་ཕྱུགས་པོ་འདིས་གཏན་དུ་ཞབས་ཏོག་བྱས་ནས་བུ་མེད་ན་ང་ངོ་ཚ་བར་འདུག་ཟེར་ནས་མི་སྣང་བར་སོང་། དེ་ནས་དགོང་གཅིག་ཝ་རུ་ཎ་བྱུང་ནས་ཁོ་རང་གི་སྒྲུབ་ཐབས་ཕུལ་ནས་ད་ང་ལ་གཏོར་མ་བྱིན་ལ། བི་ན་ཡ་ཀའི་སྟེང་ན་ཀླུའི་ཡིད་བཞིན་ནོར་བུ་ཡོད་པས་འབུལ་བ་ཡིན་ཟེར་ནས་དེར་གཏོར་མ་བསྐྱལ་ནས་ཀླུའི་དངོས་གྲུབ་བླངས་པས། དེ་ལས་འཚོ་བ་ཐམས་ཅད་རྩོལ་མེད་དུ་བྱུང་བ་དང་གཞོན་ཚུལ་ན་རེ། རྡོ་འབྱོང་དེས་ཅི་ཡང་མི་གཏུབ་སྙམ་ཙ་ན། རྡོ་དེ་ལག་དུ་བྱུང་ནས་ཟས་ནོར་ཅི་ཡང་བྱུང་ཟེར་རོ། །ཡང་སྟོན་ཟླ་ལ་དབོན་པོ་གཞོན་བརྩོན་ཆོས་བཤད་ཀྱིན་འདུག་པས། ཀྵེ་ཏྲ་པཱ་ལ་དང་། ཝ་རུ་ཎ་གཉིས་ཀྱིས་


PS001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཁོའི་ཆོས་ཁྲི་བསྒྱེལ་ཅིང་འདུག་པ་དང་། དེ་བསྒྱེལ་བ་ཅི་ཙུག་ཡིན་བྱས་པས་ཝ་རུ་ཎ་ན་རེ། ཆོས་པ་བྱ་བ་བསམ་པ་བཟང་དགོས་པ་ཡིན་ཏེ། ཁོ་ཞེ་ནག་པར་འདུག་པས་བསྒྱེལ་བ་ཡིན་ཟེར་ཅིང་འདུག་པས། གཞོན་ཚུལ་ལ་ཤངས་པའི་ཆོས་གཅིག་ཀྱང་མ་བྱིན་པ་ཡིན་ནོ། །དེས་ན་ཆོས་པ་ལ་བསམ་པ་བཟང་དགོས་པ་ཡིན་སྙམ་པ་བྱུང་ངོ་། །ཡང་ཚེས་བརྒྱད་ཀྱི་སྔ་དྲོ་སྟོན་གཞོན་བརྩོན་གྱིས་གཏོར་མ་བཤམས་པས། ཝ་རུ་ཎ་བྱུང་ནས་སྣ་ཚ་གྲིབ་བྱུང་བས་གཏོར་མ་མི་འདོད་ཟེར་ནས། གྲིབ་ཅི་ལ་བྱུང་བྱས་པས། གཞོན་བརྩོན་གྱིས་ལག་པ་མི་གཙང་བར་འདུག་ཟེར་བས། །ཁྲུས་དང་གཙང་སྦྲ་གལ་ཆེ་བར་འདུག་གོ། །ཡང་དགུན་ཟླ་ར་བའི་ཚེས་བདུན་ཀྱི་དགོང་མོ་རྨི་ལམ་བཟུང་ནས། ཨོ་རྒྱན་དུ་ཕྱིན་པས། ༈ །སློབ་དཔོན་པདྨ་དང་མཇལ་ནས་རྟ་མགྲིན་གྱི་སྒྲུབ་ཐབས་ཟབ་པ་གཅིག་ཞུ་དགོས་བྱས་པ་དང་། སྐད་ཅིག་ལ་སློབ་དཔོན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་གྱུར་ནས། རྟ་སྐད་ཐེང་གསུམ་བཏོན་པས་མ་མོ་ཌཱ་ཀི་ཐམས་ཅད་འདུས་


PS001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྟ་མགྲིན་གྱི་དབང་བསྐུར་རོ། །པདྨ་རྒྱལ་པོའི་ཞལ་ནས། ངས་རྟ་མགྲིན་གྱི་རྒྱུད་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། རྟ་མཆོག་རོལ་པའི་རྒྱུད་ལས་བཏུས་པའི་གསང་སྒྲུབ་གཅིག་སྙེ་མོར་སྦས་ཡོད་པ་དེ་སྔགས་པ་གཅིག་གིས་ཐོན་ནས་ཡོད་པས་དེ་ཞུས་ཤིག །རྒྱལ་པོ་དཔེ་དཀར་དཀོར་འདྲེ་དང་འགོང་པོའི་ཚོགས་ཐམས་ཅད་དང་། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་འཇོམས་པར་བྱེད་དོ། །གསུངས་ནས་ལུང་བསྟན་པས་སྙེ་མོར་ཕྱིན་ནས་སྔགས་པ་ལ་གསང་སྒྲུབ་ཞུས་སོ། །དེ་ནས་རྨི་ལམ་བཟུང་ནས་པདྨ་ལ་ཞུས་པས་ལེན་གསུམ་གྱི་བར་དུ་གསུངས་ནས། ད་རུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས་སོ། །ཡང་ཉི་ཁྲི་དང་། བུར་སྟོང་གཅིག་དང་། རེ་སྣམ་གཉིས་རྣམས་ཁྱེར་ནས་ཞུས་པས་འཁོར་ལོ་གནང་ངོ་། །དེའི་ཚེས་བཅོ་བརྒྱད་ལ་ལྷ་སར་ཕྱིན་པས། བོང་ང་རིར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་མཐོང་བས་ནམ་མཁའ་ཐམས་ཅད་འོད་ཀྱིས་ཁེངས་པར་བྱུང་བ་དང་། ཡང་རྩ་ཞལ་ལས་འོད་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་གཅིག་བྱུང་བ་དང་། ངེད་དཔོན་གཡོག་ཉི་ཤུ་རྩ་


PS001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཕོག་པ་དང་དུས་དེ་ཉིད་དུ་ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེས་སོ། །དེའི་དགོང་མོ་འཕྲུལ་སྣང་དུ་བྱ་ཡུལ་བ་འགས་རིགས་གཏད་ཞུས་པའི་རྗེས་ལ། བཅུ་གཅིག་ཞལ་གྱི་བཞད་ཞལ་ནས་འོད་ཟེར་བྱུང་ནས་འཕྲུལ་སྣང་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ནས་བཅུ་གཅིག་ཞལ་གྱི་དབང་བསྐུར་ནས་སྒྲུབ་ཐབས་གསུངས་པ་རྣམས་དུས་དེ་ཁོ་ནར་དགེ་བཤེས་གྲགས་ཡེས་ཀྱིས་ཡི་གེར་བཀོད་དོ། །ཡང་དེའི་ཐོ་རང་ལ་ཇོ་བོ་ཤཱཀྱ་ཐུབ་པ་ལ་ཡན་ལག་བདུན་པ་གཅིག་ཕུལ་ནས་བྱང་ཆུབ་ལྟུང་བཤགས་གཅིག་བཏོན་ཙ་ན། ལྕགས་ཀྱི་དྲྭ་སྒོའི་སྟེང་ན་སུ་མ་ཀ་སིདྡྷི་ལོ་བཅུ་དྲུག་ལོན་པ་ན་ཚོད་ཤིན་ཏུ་གཞོན་པ་སྐུ་མདོག་དཀར་བ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་རྣམ་ཐར་སྒོ་གསུམ་མཚོན་པ། གཡོན་པས་སྡིག་མཛུབ་ཐུགས་ཀར་མཛད་དེ། རིགས་ཀྱི་བུ་ཉོན་ཅིག །ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། རྩ་བ་གཅུན་ལ་ལྷུག་པར་ཞོག །གསུངས་ནས་གསུངས་ལྷང་ལྷང་བཞུགས་པ་གཅིག་མཐོང་ངོ་། །དེ་ནས་བྲག་ལྷ་ཀླུའི་


PS001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་འཕགས་པའི་བཞུགས་སར་རིགས་གཏད་གཅིག་བྱས་ནས་ཕྱིར་ཕྱིན་པ་དང་། མཚོ་དཀྱིལ་ན་པདྨའི་སྡོང་པོ་རྒྱས་པའི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་བདུན་བཅུ་པ་གཅིག་བཞུགས་ནས་ཀླུ་རྣམས་ལ་ཆོས་གསུངས་ཞིང་འདུག་པ་མཐོང་ངོ་། །དེ་ནས་བྲག་ལྷ་གནས་ཀྱི་མདུན་དུ་གཏོར་མ་བཏང་བས་ཕྱག་བཞི་པའི་གཡས་ན་སྒྲོལ་མ། གཡོན་ན་ཁྲོ་གཉེར་ཅན་བཞུགས་པ་མཐོང་ནས་དུག་གསུམ་ཞི་མཛད་ཀྱི་གསོལ་འདེབས་བྱས་པས། སྒྲོལ་མའི་ཞལ་ནས། གཉིས་འཛིན་སྤངས་ན་འདོད་ཆགས་ངང་གི་ཞི། ཕ་མར་ཤེས་བས་ཞེ་སྡང་རང་སར་གྲོལ། གསལ་ལ་རྟོག་མེད་གཏི་མུག་དབྱིངས་སུ་ཐིམ། འགག་མེད་དུག་གསུམ་རང་སར་འཆིང་བྱེད་འདི། དེར་འཛིན་མེད་པས་རང་སར་གྲོལ་བར་ངེས། ཉོན་མོངས་རང་ཤར་རང་གྲོལ་ཉིད་དུ་ལྟོས། །ཅེས་ལྷ་སོ་སོས་གསུངས་སོ། །དེ་ནས་ཡང་བྲག་ལྷའི་ཀླུ་དེས་རིག་གཏད་གཟུངས་ཆོག་ཞུས་ནས། ཞག་གསུམ་ཀླུ་ཕུག་ཏུ་བསྡད་དོ། །དེ་ནས་སྐྱེར་སྒང་དུ་ཕྱིན་ཙ་ན། ངོམ་ཤོད་བའི་དགེ་བཤེས་ཕར་ཕྱིན་དཔོན་གཡོག་གསུམ་མཇལ་དུ་བྱུང་བ་དང་། ནམ་མཁའ་ལ་ཟླ་


PS001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་ཤར་བྱུང་བ་དེ་དྲང་སྲོང་གིས་བཟུངས་བྱུང་བས། ཇོ་བོ་དཀོན་མཆོག་གསུམ་པོ། །དྲང་སྲོང་གིས་གཟུངས་བའི་ཟླ་བ་འདི་བཏང་དུ་གསོལ་བྱས་པས་དུམ་པ་གཅིག་བཏང་བྱུང་བས་དེ་དགེ་བཤེས་ཀྱི་ལྟས་སུ་འདུག་ནས། ཁྱོད་ལ་ཚེ་རིང་པོ་མི་ཡོང་བར་འདུག །ངས་ཨེན་ཙམ་གཅིག་བསྲིངས་ནས་ཡོད་ཀྱི། ད་དགོན་པར་རྒྱུག་ལ་ཐུགས་རྗེ་ཆེན་པོ་སྒྲུབས། ལོ་གསུམ་ནས་འདིར་ཤོག་བྱས་སོ། །དེ་ནས་དགེ་བཤེས་དེས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས་འཕྲད་དུ་བྱུང་སྟེ། བླ་མ་ཆེན་པོ་ད་ངའི་དོན་གྲུབ་ཟེར་ནས་འདུག་པ་དང་། ངས་དེ་ནས་ཞག་གསུམ་གྱི་དྲོ་ལ་སླེབ་པར་འདུག་ཅིང་། དེ་མ་ཐག་སྤོང་ཐག་གྱིས། དགོན་པར་གཏོད་བྱས་པ་དང་། ཁོས་སླེབ་མ་ཐག་ཏུ་སྤོང་ཐག་བྱས་པས་ཁོ་གྲོང་ནས་འཇའ་ཚོན་དུ་སོང་ཟེར་རོ། །ཡང་ངམ་ཤོད་ནས་དགེ་བཤེས་ཆོས་རྒྱལ་བྱུང་ནས། བླ་མ་ད་ང་འདོད་ཆགས་གཏན་ནས་དག་འདུག་ཟེར་རོ། །ཕར་ཕྱིན་ལྟར་བྱས་ན་རྒྱུད་ཚོད་མཐོ་རབ་སོང་གདའ། །དེར་ཙུག་ཡིན་ཀྱང་བླ་མ་ལ་ཞུར་འོང་པ་ཡིན་ཟེར། ཀླུ་སྲིན་མོས་བར་ཆད་བྱས་འདུག་པས།


PS001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དག་གམ་མ་དག་ལྟ་ཡིས་བྱས་ནས། རྡོ་རྗེ་དྲིལ་བུ་ཁོའི་མགོ་ཐོག་ཏུ་བཞག་ནས་བྱིན་བརླབས་བྱས་པ་དང་། ཁོ་བརྒྱལ་ནས་དྲན་མེད་དུ་སོང་བ་དང་། ཀླུ་སྲིན་མོ་ཡང་བྲོས་ནས་སོང་ངོ་། །ཁོ་ལ་འདོད་ཆགས་མེ་འབར་བ་བཞིན་དུ་སོང་བས། །དེ་སྔར་གྱི་གདོན་གྱི་བར་ཆད་བྱུང་བ་མ་ཤེས་བར་འདུག །ད་འདོད་ཆགས་རང་དག་ལ་འགྲོ་བ་གཅིག་ཞུ་དགོས་ཟེར་ནས། ཀེང་རུས་ཏ་རའི་གདམས་པ་བཏབ་ནས་ཏིང་ངེ་འཛིན་བཟང་པོ་བྱུང་ངོ་། །སྐར་ཆུང་བཙས་པོས་སྣ་དྲངས་པའི་མཛོ་ཕོ་བཅུ་གསུམ་ལ་གཟུངས་ཆུ་བྱིན་པ་ཙམ་དང་། རྡོ་རྗེ་དྲིལ་བུའི་བྱིན་བརླབས་བྱས་པ་ཙམ་ལ་མཛེ་ཐོན་པ་བྱུང་ངོ་། །ཡང་ཡོལ་པའི་དཔོན་སློབ་ཞང་བཙུན་བྱ་བ་སྨྱོ་འདུལ་དུ་བྱུང་བས་ཁྱོད་ཀྱི་སྐྱེ་བ་སྔ་མ་རྒྱ་གར་དུ་སློབ་དཔོན་ཇོ་མོ་ཅན་གཅིག་ལ་བ་འཇུག་འདྲ་བ་བྱས་ནས་འབར་བས་རྒྱུ་བྱས་ནས་འདུག་པས་བཤགས་པ་གྱིས་རྐྱེན་ལོ་རོ་རྒྱལ་པོས་བྱས་འདུག་པ་ངས་ལྟ་སྟངས་ཞིག་བྱས་པས་ཁོའི་སྨྱོ་ཐུལ་ལོ། །དེས་ན་བླ་མའི་རྣམ་ཐར་གང་ལ་ཡང་ལོག་ལྟ་མི་བྱེད་པ་གལ་ཆེ་བར་འདུག་གོ། །ང་ལ་མོན་བ་འདྲ་བ་


PS001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་སྨན་བླའི་སྡེར་སོ་གཅིག་གི་རབ་གནས་བཅོལ་བས། ངས་སྨན་བླའི་མཐེའུ་ཆུང་མ་ལེགས་སོ་བྱས་པས། དེ་ནས་ཞག་འགའ་མཐེའུ་ཆུང་ཤིན་ཏུ་ན་བར་བྱུང་བ་དང་། རྗེ་བཙུན་མ་སྒྲོལ་མ་བྱོན་ནས། ཁྱོད་ཀྱི་སྡེར་སོའི་མ་ལེགས་པ་བྱས་ནས་མ་འཕྱས་པར་སྨན་བླའི་མ་ལེགས་པ་བྱས་པའི་ངག་གི་ཉེས་པ་འདིར་སྨིན་པ་ཡིན་ཅིང་། སྨན་བླའི་སྡེར་སོའི་དྲུང་དུ་བཤགས་པ་གྱིས་ཤིག་གསུངས་ནས་བཤགས་པ་བྱས་པས་དྲག་པ་དང་། རྣམ་སྨིན་ཕྲ་ཞིང་ཕྲ་བ་ལ་འཛེམ་པ་དང་། བཤགས་པ་དེ་འཕྲལ་ལ་བྱ་བ་གལ་ཆེ་བར་འདུག །ཡང་གྲི་བོ་མགོན་པོ་ཤ་བ་རྒྱུག་འགྱེལ་གྱི་མན་ངག་འཚོང་ཞིང་འདུག་ནས། དེ་ལ་མི་གསོད་ཀྱི་ཤན་པ་གྲི་པོ་ཤ་བ་མགོན་པོ་བྱས་ནས་ཐེབས་འགའ་འབར་བས། ཁོང་གྲོང་ནས་སྤུར་སྦྱོང་བའི་དུས་སུ་རྨི་ལམ་བཟུང་ནས་བལྟར་ཕྱིན་པས། བདག་མེད་མ་ལྷ་མོ་བཅོ་ལྔ་སྤུར་ཁང་གི་ནང་ན་ཞལ་ཕྱིར་གཟིགས་ནས་འདུག་པ་དེ། ངས་ཕྱིན་པ་དང་ནང་དུ་ཞལ་གཟིགས་ནས་འདུག་པ་དང་། བདག་ལ་ཞལ་བསྟན་དུ་གསོལ་བྱས་པས། ཁྱོད་ཀྱིས་


PS001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་རྣལ་འབྱོར་པ་ལ་འབར་ཡོད་པས་ད་བཤགས་པ་གྱིས་གསུངས་ནས། བཤགས་པ་བྱས་པ་དང་། དགྱེས་རྡོར་ཡབ་ཡུམ་གཉིས་ཀྱིས་ཨཱ་ལི་ཀཱ་ལིའི་བཤགས་པ་བསྟན་ཏེ། བདག་མེད་མའི་ཞལ་ནས། རིགས་ཀྱི་བུ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་གྱིས། །རྣམ་ཐར་དཔག་པར་མི་ནུས་ཤིང་། །ཐམས་ཅད་མཁྱེན་པར་མ་གྱུར་ཚེ། །གཞན་རྒྱུད་ཁོང་དུ་མི་ཆུད་པས། །མནར་མེད་སྐྱེ་བའི་ལས་ལ་སོམས། །རང་རྒྱུད་ངན་པས་དག་སྣང་སྦྱོངས། །མཐོལ་བཤག་གཉིས་དང་འབྲལ་མི་བྱེད། །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕག་མོ་གྲུབ་པའི་ཞི་བྱེད་རྨི་ལམ་དེ་ཞུ་དགོས་སྙམ་ནས་གསོལ་བ་བཏབ་པས། ཕ་དམ་པ་བྱོན་ནས་དུག་གསུམ་ལམ་ཁྱེར་གྱི་གདམས་ངག་ཞུས་པས། ད་གསང་སྒྲུབ་ཀྱི་སྐབས་སུ་འགྲོ་བའི་སྐོར་ལ་ང་སྒོམས་གསོལ་བ་ཐོབ་ཅིག །ངས་ཀྱང་བྱིན་གྱིས་བརླབས་པར་བྱའོ་གསུངས་སོ། །དེ་ནས་སྐོར་རྒྱལ་ཚ་ཉལ་འདུག་པ་དང་ལངས་ནས་ཕྱིར་བྱུང་། ཡང་ཉལ་ནས་ནང་པར་བླ་མས་ནཱ་རོའི་ཡིག་ཆུང་ཞི་བྱེད་རྨི་ལམ་དེ་བྱིན་ན་དགའ་སྙམ་འདུག་པ། ནང་


PS001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྱོད་མོས་ན་མདང་ང་ཡིད་སྨོན་བཏང་བའི་ཆོས་དེ་གཉིས་བྱ་ཡིས་བྱས་པ་དང་། ཁོ་ན་རེ། མདང་གི་དེ་མཁྱེན་པར་ཐུགས་ལ་བཏགས་ཏེ། ལར་བླ་མ་མི་མཁྱེན་དགུ་མཁྱེན། ང་མི་འགྱུ་དགུ་འགྱུ་ངོ་རེ་ཚ་ཟེར་ནས་བྱུང་ངོ་། །ཡང་བཟད་པའི་ཀླུ་ཇོ་སྲས་ཀྱིས་ཤ་མར་ཉི་ཤུ་དང་། སྣམ་བུ་བརྒྱད་ང་ལ་འབུལ་སྙམ་ནས་བྱུང་བ་དང་། གནམ་བར་དུ་ང་ལ་བསྔོས་པའི་ཤ་མར་གཞན་ལ་འབུལ་ནས་མ་ཐེང་། དེ་ལས་སྡིག་ཆེ་བ་མེད་པ་ཡིན། ང་ལ་ང་མཐོ་དམན་མེད་དེ་ཚོང་དཔོན་བཟང་སྐྱོང་གི་མདོ་ལས། སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །གང་གིས་གཞན་ལ་སྟེར་བྱེད་པ། །དེ་ལས་སྡིག་ཆེ་གང་ཞིག་ཡོད། །དེ་ལས་བསླུས་པ་གང་ཞིག་ཡོད། །བྱ་བ་ཡིན་པ་ད་ཕྱིས་དེ་འདྲ་མ་བྱེད། །དགེ་སྦྱོར་མི་བྱེད་ན་ཕྲེང་བའི་འགེལ་ཕུལ། །དེ་ལྟ་བུ་མ་བྱེད་ལྷ་ལ་བརྙས་པར་འགྲོ་བ་ཡིན། ཁྱོད་སང་གནབ་ཙན་གྲོང་གསེབ་དང་གྲོང་ལྟག་ཏུ་བསྡད་ནས། ཡིག་སྣ་སྣ་ཚོགས་གསོག་པའི་འཁོར་འབྲི་ཕྱུགས་ཀྱི་འདྲེ་བརྡུང་བའི་ཟླའོ་ཨེན་རེ་ཚོལ་བ་གཅིག་འོང་བར་འདུག་


PS001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས། ཕྱིས་ནས་འབུལ་བ་ཆེན་པོ་བསྐྱལ་ནས་གཏམ་གཏོང་མ་ནུས་སོ། །ཡང་འཕན་ཡུལ་བའི་བྱའུ་མདར། ང་ལ་རྐུན་མ་བྱེད་དུ་འོངས་ནས་ཅི་ཡང་མ་ཐོབ་པ་དང་། ང་མོས་པ་སྐད་བྱེད་ལ་ཕྱེ་གཅིག་བླངས་འགྲོ་སྙམ་པ་དང་། ཁྱེད་ཀྱི་རྐུན་མ་བྱས་ནས་ཅི་ཡང་མ་ཐོབ། ད་ང་ལ་ཁྱོད་ཕྱེ་འདོད་པ་དེ་བདེན། ཁོ་ལ་གོས་སྣམ་གསུམ་དང་ལམ་རྒྱགས་བསྐུར་བྱས་པས། ཁོ་མོས་ནས་རབ་ཏུ་བྱུང་ཏེ་ལ་བ་ཚོང་སྒོམ་ཆེན་དུ་བསྒོམས་པས་ཐུགས་རྗེ་ཆེན་པོ་ཞལ་མཐོང་། ཡང་གནམ་བར་གྱི་ཞང་སྒོམ་མིང་སྲིད་གཉིས་ཐུགས་རྗེ་ཆེན་པོ་ཞུར་བྱུང་བས། སྲིང་མོ་ལ་ཁྱོད་ཆོས་སྒོར་ཞུགས་ཀྱང་ཁྱིམ་ཐབས་ཡིད་ལ་སེམས་པ་ཙམ་མ་བྱེད་ཅིག །ཐུགས་རྗེ་ཆེན་པོའི་ཕྱོགས་སུ་གྱིས་ཤིག་བྱས་པས། མོ་ན་རེ། དེ་སྔའི་རྣམ་རྟོག་མཐོལ་ལོ་བཤགས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཟེར་ནས་དམ་བཅའ་དྲག་པོ་བྱས་ནས་བསྒྲུབ་པས་ལོ་བདུན་ནས་ཐུགས་རྗེ་ཆེན་པོ་མཐོང་བ་གཅིག་བྱུང་ངོ་། །དེ་ལ་སོགས་པའི་མི་རྩར་བྱུང་བ་ཕལ་ཆེར་གྱི་ཚེ་རིང་ཐུང་དང་རྣམ་རྟོག་ཅི་སྐྱེས་ཐམས་ཅད་བཤད་


PS001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགའ་ད་རྒྱའི་རྒྱལ་པོས་ཐོས་ནས་འབུལ་བ་མང་པོ་བསྐུར་ནས་བྱུང་བ་དང་། ཡང་དབུས་གཙང་གི་དགེ་བཤེས་དང་སྡེ་བཙད་ཕལ་ཆེར་མོས་ནས་ཆོས་ཞུ་བ་དང་། རྟེན་བསྐུར་ནས་རབ་གནས་ཞུ་བ་དང་། བར་ཆད་འོང་མི་འོང་དང་། ཚེ་རིང་ཐུང་ལ་སོགས་པ་འདྲིར་བྱུང་ཚད་ལ་བཤད་པས་ཐམས་ཅད་མོས་པར་བྱུང་། དེ་ནས་མཆེད་གྲོགས་ལྷ་སྡིང་པ་ཕྲག་དོག་སྐྱེས་ཏེ་བསྐུར་པ་བཏབ་པས། དབོན་སྟོན་འདི་ལ་སོ་དར་མ་སེང་གེ་བྱ་བ་ཡིན། ཁོ་བྲམ་ཟེའི་ཐེའུ་རང་གཅིག་བསྒྲུབས་ནས་མངོན་ཤེས་རྫུན་བཤད་བྱས་པས་ཐམས་ཅད་མགོ་འཁོར་ནས། ད་ཁོ་ལ་ལོག་འཚོའི་བསོད་ནམས་ཆེ་ཚད་སྐྱེས་འདུག་ཟེར་རོ། །དེ་ཡང་སྔོན་གྱིས་ལས་ངན་ཡིན་ཏེ། ང་སྐྱེ་བ་མང་པོའི་སྔོན་རོལ་དུ་རྒྱ་གར་ཤར་ཕྱོགས་སུ་པཎྜི་ཏ་དྷརྨཱ་ཕ་ལ་བྱ་བ་གྲ་པ་ལྔ་བཅུ་ཙམ་གྱིས་བསྐོར། ཆོས་ཤིན་ཏུ་མཁས་པ་གཅིག་ཏུ་གྱུར་ནས། རྒྱ་གར་གྱི་ཕྱོགས་ཐམས་ཅད་ནས་ཐེག་པ་ཆེ་ཆུང་གི་ཆོས་ལ་ང་ལས་མཁས་པ་སུ་མི་འདུག་སྙམ་ནས། ཞེ་སྡང་ཕྲག་དོག་གི་ཀུན་སློང་མེད་ཀྱང་། ཆོས་འདི་


PS001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་འདི་མ་ཡིན་དང་། །དག་གམ་མ་དག་གི་བཤགས་རལ་ཕྱེ་བ་ཐམས་ཅད་ངའི་སྲོལ་ལ་ཞུགས་སོ། །དེ་ལྟར་བཤགས་ཕྱེ་བ་དེའི་རྣམ་པར་སྨིན་པས། ད་གང་དུ་སྐྱེས་ཀྱང་བསྐུར་པ་ཤ་སྟག་བྱུང་ངོ་། །ད་རེས་ཀྱང་ཐུགས་རྗེ་ཆེན་པོ་ལ་སོགས་ཡི་དམ་མང་པོ་ཞལ་མཐོང་། བླ་མ་ཤངས་པའི་བཀའ་དྲིན་གྱིས་སྒྱུ་ལུས་རྨི་ལམ་འབྱོངས་ནས། འོད་གསལ་དང་གསལ་སྣང་མཆེད་པའི་སྟོབས་ཀྱིས་གཞན་རྒྱུད་ཤེས་པ་བྱུང་ནས་གཞན་ལ་ཕན་པར་འདུག་ནས་བཤད་པས་བསྐུར་པ་འདི་བྱུང་བ་ཡིན་ཏེ། ད་རེས་ཀྱི་འདིས་ལས་ཀྱི་ལྷག་མ་ཐམས་ཅད་སངས་དག་ནས་སྐྱེ་བ་ཕྱི་མ་ལ་ཕུན་སུམ་ཚོགས་པའི་གདུལ་བྱ་འབྱུང་བར་འགྱུར་རོ། །དེ་ཡང་ལས་ཀྱི་རྣམ་སྨིན་འདི་འཇིགས་པར་འདུག་པས། མི་དགེ་བ་ཆུང་ངུ་ལ་ཡང་མཛེམ་པ་དང་། བཤགས་པ་མྱུར་དུ་བྱེད་བ་འདི་གལ་ཆེ་བར་འདུག་གོ། །དེ་ནས་བྱང་རྩེ་ལྡེང་ན་རྟོགས་ལྡན་ཞང་སྒོམ་ཆོས་སེང་བྱ་བ། བླ་མ་ཤངས་པ་ལོ་བཅུ་གཉིས་བསྟེན་པའི་རྣལ་འབྱོར་གྲུབ་ཐོབ་ཆེན་པོ་གཅིག་འདུག་ཟེར་ནས་ནམ་ཟླ་སོས་ཀ་གཅིག་མཇལ་དུ་ཕྱིན་ནས། མཁའ་


PS001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མ་དཀར་དམར་དང་དགྱེས་རྡོར་བདེ་མཆོག་དང་། མགོན་པོའི་གནད་ཡིག་དང་། དམིགས་པའི་སྒྲོམ་བུ་དང་། འཕོ་བ་ལ་སོགས་པའི་ཞལ་གདམས་རྣམས་མང་དུ་ཞུས་སོ། །དེ་ནས་ཡང་འདམ་པ་ཅོག་སྟོན་ལ་དཔལ་ལྡན་སྒོམ་པོ་པའི་ཆིག་བརྒྱུད་རྣམས་མངའ་བ་དང་། གྲུབ་ཐོབ་ཏུ་འདུག་པ་དེས་བླ་མ་དཔལ་གྱི་གདམས་པ་རྣམས་ཞུས་སོ། །དེ་ནས་སོས་ཀ་དེར་ཆོས་བཤད་ཅིང་ཡོད་ཙ་ན། བླ་ཡེ་ལ་ཕྱག་སྟོང་སྤྱན་སྟོང་དེ་ཡང་མཐོང་། ཡང་མཚོ་ཆེན་པོ་པདྨ་རྒྱས་པ་གཅིག་གི་དཀྱིལ་ན། །པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་གཅིག་གི་སྟེང་ན་ཐུགས་རྗེ་ཆེན་པོ་རྩ་ཕྱག་ལྔ་བཅུ་པ་གཅིག་བཞུགས་ནས་འདུག་པ་ལ། པདྨའི་གསེབ་ནས་ཡར་ལ་ལྷ་དང་ཀླུ་མང་པོས་ཆོས་ཞུ་ཞིང་འདུག་པ་གཅིག་མཐོང་བ་དང་། དེའི་ཁྲོ་ཞལ་གྱི་སྤྱན་དབུས་མ་ལས་བགེགས་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་མཐིང་ག་གཅིག་བྱུང་ནས་བདག་གི་སོ་ལ་ཕོག་པས་འབུ་སྲིན་དང་། སྡིགས་པ་མང་པོ་དོན་སོང་བས་སོ་རྒྱུན་དུ་ན་བ་དེ་དུས་དེར་དྲག་གོ། །དེ་ནས་ཕྱུགས་ནད་མཆེད་དུ་བྱུང་བ་ལ་ནད་ཞི་བའི་གསོལ་བ་བཏབ་པས་ཐོ་


PS001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རངས་དགྲ་ནག་དང་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་བྱོན་ནས་ནད་འདྲེ་ཐམས་ཅད་བསད་པ་དང་། རེངས་པ་དང་། བསྐྲད་པས་ནད་ཞག་གསུམ་ནས་ཆོད་དེ། །ཡང་གཤིན་རྗེ་གཤེད་ནག་པོ་དང་། འཇིགས་བྱེད་དང་རྟ་མགྲིན་གསུམ་གྱི་སྒོ་ནས་སྨྱོ་བ་བརྒྱད་བཅུ་བཏུལ་ལོ། །དེ་ནས་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། སྣང་བ་བདེན་མེད་དུ་རྟོགས་པ་གཉིས་མ་བྱུང་གི་བར་དུ་གདོན་དང་སྨྱོན་པ་བཏུལ་ན་གྲིབ་དང་འབྲས་ཆེན་པོ་འོང་བར་འདུག་པས་གཏུབ་ཚད་ཀྱིས་མ་བྱེད་ཅིག །ཡང་གདུང་རྟེན་རྒྱལ་པོ་ཅན་གཅིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་འགྲོ་མ་གཏུབ་རྟེན་ལ་རྡོ་རྗེ་བསྣུན་པའི་གཏམ་རྒྱུད་གསུངས། དྲག་པོ་གཅིག་གཅུན་པས་ཆུན་པའི་རབ་གནས་ལེགས་ཀྱང་ང་ལ་འགྲས་ཨན་ཙམ་བྱེད་དུ་བྱུང་ནས་སྦྱིན་སྲེག་བྱས་ལ་རྒྱལ་པོ་གཏན་ནས་བརླག་པར་བྱ་དགོས་སྙམ་ཙ་ན། སློབ་དཔོན་པདྨ་བྱོན་ནས། གདོན་ཆེན་པོ་མ་བརྡུང་། ཀླུ་ཆེན་པོ་ལ་སྦྱིན་སྲེག་མ་བྱེད། ཆིག་བརྒྱུད་མ་སྤེལ། སྔགས་ལ་མ་གཤེ། མཆེད་གྲོགས་ལ་ཕྲག་དོག་མ་བྱེད། སེམས་ཅན་ལ་བློས་སྤང་མི་བྱ་གསུངས་སོ། །དེ་ནས་ངའི་


PS001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ལ་བླ་མ་ཇི་ཙམ་བཞུགས་མི་ཤེས། ང་རང་ཡང་ནམ་འཆི་ཆ་མེད། དེ་སྔ་ཡང་འབུལ་བ་དྲག་པོ་ལེན་གཉིས་པ་ཡིན། ད་ངས་བླ་མ་གདན་འདྲེན་དུ་བཏང་ལ་ཅི་ཡོད་འབུལ་དགོས་སྙམ་ནས་གདན་འདྲེན་དུ་བཏང་བས་བླ་མ་བྱོན་ནས། ཚེ་བཅུའི་ནུབ་མོ་མཆོད་པ་ཤོམས་ཤིག །ཉམས་རྟོགས་བསྡུར་དགོས་གསུངས་ནས། ང་རང་གི་དགེ་སྦྱོར་སྐྱེས་པ་རྣམས་ཞུས་པས། བླ་མའི་ཞལ་ནས། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱི་ཞལ་ནས། བླ་མ་ཤངས་པ་ཁྱེད་ཀྱི་དགེ་སྦྱོར་གྱི་སྐྱེ་ཚུལ་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས་བར་འདུག་གོ། །ང་ལ་ཡང་། བླ་མ་ཤངས་པའི་ཞལ་ནས། རིན་ཆེན་བརྩོན་འགྲུས་ཁྱོད་ཀྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་སུ་ལ་ཡང་མ་བྱུང་གསུངས། དབོན་སྟོན་གྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་དང་། ལྷ་སྐུ་དང་འོད་གསལ་གྱི་རྩལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་སྟེ་ལར་ད་ལྟ་དཔོན་སློབ་གཉིས་སུ་ཚོགས་པ་ལ་འོ་སྐོལ་གཉིས་ལས་ཉམས་རྟོགས་བཟང་བར་མེད་པར་ཐག་ཆོད་པས་དགའ་བ་ཁྱད་པར་ཅན་སྒོམས་ཤིག །ད་བླ་མ་ཤངས་པའི་གདམས་


PS001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདི་ལ་ཌཱ་ཀི་དངོས་སུ་འདུ་བ་ཡིན་ཏེ། འདི་མ་འོང་པའི་དུས་སུ་སོང་ཙ་ན། ཡང་ན་བཀའ་ཆད། ཡང་ན་ཚོང་དུས་ཀྱི་འོ་མར་འགྲོ་བར་འདུག་པས་ངས་དང་པོ་རིག་པ་དྭངས་དུས་སུ་ཇི་ལྟར་བཤད་པ་བཞིན་དུ་ཡི་གེར་བཀོད་ཅིག་གསུངས། བླ་མ་རྡོ་རྗེ་འཆང་དངོས་ཡིན་པས་བཀོད་པར་ཞུ་བྱས་པས། འོ་ན་མཆོད་པ་བསྐྱར་མ་གཅིག་ཤོམས། གསེར་གྱི་མཎྜལ་དང་། སྤོས་ཀྱང་ཕུལ་ཅིག །གསོལ་བ་གདབ་པར་བྱའོ་གསུངས་ནས། གསོལ་བ་དྲག་པོ་བཏབ་པས་ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མ་བྱོན་ནས། སྤྱིར་ཆོས་དྲུག་དང་ཁྱད་པར་འབྱམས་གཅོད་གསུངས་སོ། །དེ་ནས་ནང་པར་འབུལ་བ་བྱེད་པའི་མང་བཀོལ་བྱས་ནས་འབུལ་བ་རྣམས་སྤུངས་ནས་བླ་ཡེ་ལ་འབྱོན་པར་ཞུ་ཞུས་པས། བླ་མའི་ཞལ་ནས། ད་སྔོན་ལ་སྟེང་དུ་འདོང་ངོ་གསུངས་ནས་ཕྱིན་ཙ་ན། ད་ཕྱམ་རྩེ་ཕུད་ལ་སྦ་མཁར་ལ་ཡར་ཕྱོར་ཅིག །དཔོན་སྟོན་པ་བ་ལ་མཛོ་སྐྱེས་བྱ་བ་ལན་གསུམ་གྱིས་ཤིག །ང་བ་ཡིན་དབོན་སྟོན་ཁྱོད་མཛོ་ཡིན་པས་བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ། །དུས་དེ་རིང་ལས་ཉམས་དགའ་བ་ཨེ་འོང་ན་


PS001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ནས་བླ་མ་བླ་ཡེ་ལ་བྱོན་ནས་འབུལ་བ་ཕྱག་ཏུ་བཞེས་པ་དང་། དེ་རིང་བཤགས་པ་གྱིས་ལ་གསོལ་བ་ཐོབ་ཅིག་གསུངས་ཙ་ན། ཕལ་ཆེར་གྱིས་བླ་མ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་མཐོང་། དེ་ལྟར་འབུལ་བ་ཆེ་བ་གསུམ་བྱས་པས། འབུལ་བ་ཐེབས་རེ་ལ་དགེ་སྦྱོར་གྱི་རྟོགས་པ་མི་འདྲ་བ་རེ་རེ་བྱུང་བས། ཞིང་དག་པའི་བླ་མ་ལ་བསོད་ནམས་ཀྱི་ཚོགས་བསགས་ནས་སྨོན་ལམ་འདེབས་པ་འདི་ཁོ་ན་གལ་ཆེ་བར་འདུག་གོ་སྙམ་མོ། །དེ་ནས་ལོ་མང་པོ་མ་ལོན་པ་ལ་བླ་མ་གཤེགས་ཀྱི་དོགས་ནས་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་རྨི་ལམ་བཟུང་ནས། བླ་མའི་སྤྱན་སྔར་ཕྱིན་ཙ་ན། གཟིམས་ཆུང་ན་ཌཱ་ཀི་མ་མང་པོ་དང་། མི་མ་ཡིན་མང་པོ་འདུག་པས། བླ་མའི་ཞལ་ནས་དབོན་སྟོན་བྱོན་པ་དགའ་སྟེ། ད་ང་མྱུར་དུ་འགྲོ་བས་སང་དགོང་ཤོག་གསུངས་ནས་ཕྱིན་ཙ་ན། བླ་མ་མི་བཞུགས་པར་འདུག་ནས། མང་པོ་ངུས་པས་རྗེ་བཙུན་མ་བྱོན་ནས་བདེ་བ་ཅན་དུ་འོད་དཔག་མེད་དང་མཇལ་ནས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས་པར་ཡོད་ཀྱི་


PS001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དེར་གསོལ་བ་ཐོབ་ཅིག །ནམ་མཁའ་འདི་ལ་སྐྱེ་འཆི་མེད་པར་ལྟར་བླ་མ་ལ་ཡང་སྐྱེ་འཆི་ག་ལ་ཡོད། མོས་གུས་སྟོབས་ཀྱིས་འབྲལ་མེད་གནས་པ་ཡིན། མྱ་ངན་མ་བྱེད་མངོན་དགར་གསོལ་བ་ཐོབ། གསུངས་ནས་ང་རང་ཡང་མངོན་དགར་འགྲོ་དགོས་སྙམ་ཙ་ན་གཉིད་སད་དོ། །དེ་ནས་ཞག་གསུམ་གསང་ནས་གསོལ་བ་བཏབ་པ་དང་། ཤངས་ནས་བང་ཆེན་བྱུང་སྟེ་བླ་མ་གཤེགས་ཟེར་ནས་བྱུང་བས། ཁོང་རྣམས་ཀྱིས་ང་ལ་གསང་འདུག་པས་ངས་ནམ་ལོངས་མ་ཐག་ཁོང་རྣམས་བསགས་ནས། ངའི་བླ་མ་གཤེགས་ནས་ཞག་གསུམ་སོང་། ད་ངའི་ཆ་རྐྱེན་ཅི་འདུག་ཐམས་ཅད་མཆོད་པ་གྱིས། ཁྱེད་རང་རྣམས་ཀྱང་ཅི་ཡོད་ཕུལ་བྱས་ནས། ཟླ་བ་གཅིག་ཏུ་བླ་མའི་མཆོད་པ་བྱས་སོ། །དེ་ནས་ཚེས་བརྒྱད་ཀྱི་སྔ་དྲོ་ཐུགས་རྗེ་ཆེན་པོ་བྱོན་ནས། མཚམས་མ་བྱེད་པར་གསང་སྒྲུབ་དང་རིག་གཏད་ཞུས་ཚད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐུགས་རྗེ་ཆེན་པོ་སྟོན་ཅིག །སྙིགས་མའི་དུས་སུ་ཁྱེད་ཀྱིས་བསྟན་པའི་སྒྲུབ་ལུགས་འདི་དར་ཞིང་ཞལ་མཐོང་བ་མང་དུ་འབྱུང་བར་འགྱུར་


PS001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གསུངས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་ཞུས་ཚད་ལ་སྟེར་བའི་གོ་ཆ་གྱོན་པ་ཡིན་ཏེ། ཆོས་ཐུན་བརྒྱད་པོ་འདི་ཡང་ཚར་བར་ཉན་ནུས་ཡོང་བར་མི་འདུག །ཡང་ན་དེའི་ཚེས་བཅུ་བཞིའི་ཉི་མ་ཕྱེད་ཡོལ་ཙམ་ན་བཅུ་གཅིག་ཞལ་བྱོན་ནས། ང་དང་ཁྱོད་ནི་དབྱེར་མེད་དེ། སྐྱེར་སྒང་པ་ནི་པོ་ཏ་ལར། གསུངས་པས། གཞན་དུ་དགེ་སྦྱོར་བགྱིས་པ་བས། འདི་རུ་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་ངའི་སློབ་མ་སྟོད་ལུང་གི་ཤངས་སོ་བཞིས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ཐོད་ལེ་ཀོར་ལ་སོགས་པ་བླ་མ་ལྔ་བཅུའི་ཞལ་མཐོང་འདུག་པ་དང་། ངའི་སློབ་མ་ཡང་སློབ་བརྒྱུད་འཛིན་རྣམས་ཀྱིས་ཀྱང་ཞལ་མཐོང་མཁན་མང་དུ་འོང་བར་འདུག་སྟེ། ངའི་འདི་ཞལ་མཐོང་འབའ་ཞིག་གི་བརྒྱུད་པ་ཡིན་པ་དང་། ཐུགས་རྗེ་ཆེན་པོས་མ་འོང་པའི་དུས་སུ་ཡང་ཞལ་མཐོང་མང་པོ་འབྱུང་བར་ལུང་བསྟན་པས་ཐེ་ཚོམ་ཡིད་གཉིས་མི་དགོས་སོ། །བདག་གི་རྣམ་ཐར་བསྡུས་པ་འདི། དགེ་བཤེས་གྲགས་པ་ཡེ་ཤེས་དང་། ནག་པོ་གཞོན་ཚུལ་གཉིས་ཀྱི་དོན་དུ་ཡི་གེར་བཀོད་པ་ཡིན། །དེ་ནས་


PS001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགུང་ལོ་བདུན་བཅུ་བཞེས་པའི་སྟོན་ཟླ་འབྲིང་པོའི་ཆེས་བརྒྱད་ནས་སྐུ་སྐེད་ཨན་ཙམ་བསྙུང་ནས། རིམ་གྲོའམ་སྨན་དཔྱད་འདྲ་བ་བྱེད་པར་ཞུ་དགོས་བྱས་པས། སྨན་དང་རིམ་གྲོ་བྱས་ཀྱང་མ་བྱས་ཀྱང་། ཚེས་བཅོ་བརྒྱད་ལ་ནད་སངས་ནས་འགྲོ་བར་འདུག་གསུངས་ནས་ཅི་ཡང་མ་གནང་ངོ་། །དེ་ནས་ཚེས་བཅུ་གསུམ་ལ་ཚོགས་བསོག་གྱིས་གསུངས་ནས་བྱས་པས། བཅུ་བཞི་ལ་དྲག་འདུག་ཅིང་། སང་དབུ་ཆེ་རྣམས་འཚོགས་ཤིག །ངས་ཆོས་བཤད་པ་ཡིན་གསུངས་ནས། སང་སྔ་དྲོ་ནས་འཚོགས་པ་དང་། ད་འཚོགས་སམ་གསུངས་ནས། འཚོགས་ཞུས་པས་ཕ་མའི་དང་རྩིས་མཁན་གྱི་ལྟར་བྱས་ཀྱང་། ཕོ་ལོ་བཞི་བཅུ་ལས་མི་ཐུབ་པར་འདུག་པ་ཡིན་ཏེ། བླ་མ་ཤངས་པའི་བཀའ་དྲིན་གྱིས་ཕོ་ལོ་བདུན་ཅུ་དོན་གསུམ་ཐུབ། ལོ་བརྒྱ་ལྷག་ཙམ་སྡོད་སྙམ་པ་ཡིན་ཏེ། ཁྱོད་ཚོ་ལ་སྐྱོ་བ་སྐྱེ་བར་བྱུང་བས་ང་འགྲོ་བར་ཡིན། ཇོ་བཙུན་དར་ཤེ་ཁྱོད་སྙམ་ན་ལོ་རེ་ལ་འབུམ་བརྒྱ་ཚར་རེ་བྱས་སྙམ་ཏེ། ཆོས་མི་ལ་བཅོལ་བ་ཡིན། སྟོན་པ་ཀུན་ཤེ་ཁྱོད་སྙམ་ན། ཆོས་ང་ལས་མཁས་པ་


PS001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྙམ་སྟེ་སེམས་དང་ཆོས་སུ་མ་འདྲེས་པར་འདུག་པས། རྒྱལ་པོ་དཔེ་དཀར་ལ་ལྟོས། ཐང་སོ་ཇོ་བཙུན་དང་ཆོས་མགོན་གཉིས་ཟླ་བ་རེ་ལ་སྟོན་མོ་བཟང་བ་རེ་བྱས་པས་ཆོས་གྲུབ་པ་ཡིན་ནམ་སྙམ་ཏེ་ངས་བྱས་བགྲང་ལ་དྲིན་བགྲང་བའི་དགེ་བ་ཆོས་བརྒྱད་ཀྱི་སྟོན་མོ་དེ་ཁར་རྗེ་ཆེ་ན། འབྲོག་བཟང་གི་ཕྱུགས་གཅིག་ཏུ་སྐྱེ་སྲིད་ཀྱི་ད་ལྟ་ཆོས་བྱེད་དུས་སུ་ཁྱེད་ཚོས་ཆོས་མི་དྲན་པར་སང་གནང་ཤི་བ་ཐུགས་གིས་གཏུགས་ཙ་ན། ཤ་བ་ཉུང་མས་བརྣངས་པ་བཞིན་དུ་ལག་དར་སྔས་སུ་བཅུག་ནས་མིད་པ་ཐུག་ཐུག་བྱས། ངོ་ན་གཏིང་བྱེད་ཅིང་ད་རེས་མ་ཤི་ན་ཆོས་གཤའ་མ་གཅིག་བྱེད་དགོས་ཏེ་ཟེར་བའི་ངང་ནས་འཆི་བ་འོངས་ཏེ། ངས་དང་པོ་ཆོས་དྲན་དུས་སུ་དྲན། བར་དུ་བྱེད་དུས་སུ་བྱས། ཐ་མ་དགོས་དུས་སུ་སླེབ་པ་འདི་ཡིན་ནོ། །གཞོན་ནུ་འོད་སྤོས་ཕུལ་དང་། །བརྒྱུད་པའི་བླ་མ་ཐམས་ཅད་བྱོན། ཐུགས་རྗེ་ཆེན་པོ་དང་ཡི་དམ་ཐམས་ཅད་ཀྱང་བྱོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཁེངས་པ་བྱོན་འདུག་པ་གསོལ་བ་ཐོབ་དང་གསུངས་སོ། །


PS001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐྱེར་སྒང་འདི་གཞུག་ཏུ་ཅི་འདྲ་གཅིག་འོངས་བྱས་པས། འདི་ན་ཀླུ་དང་སྲིན་མོ་ཐུ་པ་གཅིག་ཡོད་པ་ཡིན་ཏེ་ངས་ཐུལ་བ་ཡིན། ངའི་བྱིན་རླབས་མ་ཉམས་རིང་ལ་སྐྱེར་སྒང་འདི་པོ་ཏ་ལ་དངོས་ཡིན་པས་གཞན་དུ་རི་ཁྲོད་དུ་འདག་བཅར་བྱས་པ་བས་ངའི་ས་འདིར་གཉིད་ལོག་པ་དགའ་བ་ཡིན་ནོ། །ད་བཟོད་མཐའ་མི་ཐམས་ཅད་དབུས་སུ་འདུས་པའི་སྟོབས་ཀྱིས། འབུམ་ཐང་འདི་ཁྱི་ལུད་ཐོར་གྱིས་འབྱུང་། བུད་མེད་ཤམ་བུ་ཅན་གྱི་ཞུར་རྟ་ཕྱ་རེ་བ་གཅིག་འོང་བར་འདུག །དེ་ཙམ་ན་ངའི་བྱིན་རླབས་ཉམས་པ་ཡིན་པས། དེ་ནས་ཀླུ་དང་སྲིན་མོ་དེ་རྣམས་ལངས། བསླབ་བ་ཐུབ་བ་ཉུང་དུ་འགྲོ། རྩེ་གཅིག་ཏུ་བསྒྲུབ་པ་བྱེད་པ་ཡང་མི་ཡོང་བར་འདུག་གོ་གསུངས། ད་འདི་ནས་བླ་མ་གང་དུ་གཤེགས། གསོལ་བ་གང་དུ་གདབ། ཆོས་བརྒྱུད་སུས་འཛིན་ཞུས་པས། བླ་མའི་ཞལ་ནས། ཁྱེད་རྣམས་ང་ལ་མོས་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་མངོན་པར་སངས་རྒྱས་ནས་ཐེག་ཆེན་འབའ་ཞིག་གི་འཁོར་ལོ་བསྐོར་བར་འགྱུར་པས་དེར་གསོལ་བ་ཐོབ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་སྐྱེ་བར་


PS001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ངའི་བརྒྱུད་པ་འདི། གཡོར་པོ་སྟོད་ནས་འཛིན་པ་གཅིག་འོངས་སྟེ། རྡོ་རྗེ་འཆང་གིས་ལུང་བསྟན་པ་བཞིན་དུ། མི་རབས་བདུན་བརྒྱུད་པའི་ཚེ། མཁའ་འགྲོ་མའི་ཞལ་གདམས་འདི་རྣམས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གདུལ་བྱ་མང་དུ་འབྱུང་བར་འགྱུར་རོ་གསུངས་སོ།། །།དབོན་སྟོན་སྐྱེར་སྒང་པའི་རྣམ་ཐར་རེ་ཞིག་རྫོགས་སོ།། །།སརྦ་མངྒ་ལཾ། །ཤུ་བྷཾ། དགེའོ། །

སྐྱེར་སྒང་པའི་རྣམ་ཐར་བཀའ་རྒྱ་མ།


PS001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་སྒང་པའི་རྣམ་ཐར་བཀའ་རྒྱ་མ་བཞུགས་སོ།། །།


PS001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །སྐྱེར་སྒང་པ་ཡི་ཞབས་ལ་འདུད། །ཡོས་བུའི་ལོ་ཁྱིའི་ཟླ་བའི་ཡར་ངོའི་ཚེས་བཅུའི་དུས། མཁའ་སྤྱོད་མ་དཀར་མོའི་བྱིན་རླབས་གཅིག་མཛད་པའི་ནུབ་མོ། །ཉེ་གནས་གཞོན་ཚུལ་དང་། གྲགས་ཡེ་དང་། ང་དང་གསུམ་ལས་མེད་པའི་དུས་སུ། །རིན་པོ་ཆེའི་ཞལ་ནས། །ཇི་ལྟར་འདབ་གཤོག་མ་རྒྱས་བར། །བྱ་ཡིས་མཁའ་ལ་འཕུར་མི་ནུས། །དེ་བཞིན་


PS001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་རྟོགས་བྲལ་བ། །སེམས་ཅན་དོན་བྱེད་ནུས་མ་ཡིན། །ཞེས་གསུངས་པ་དེ་བདེན་པར་འདུག །ད་ལྟ་མངོན་པར་ཤེས་པ་བག་ཙམ་ལ་བརྟེན་ནས། འགྲོ་དོན་ཀྱང་འགྲུབ་པར་འདུག་གསུངས་སོ། །སངས་རྒྱས་གཉན་སྟོན་གྱིས་ཕྱག་ན་སྣམ་བུ་བདུན་ཡོད་པ་ཕུལ་ནས། འོ་ན་རིན་པོ་ཆེ་ཉིད་སྐྱེ་བ་གང་དུ་བཞེས། གང་དུ་བཞུད་པ་ལགས་ཅེས་ཞུས་པས། དེ་འདྲ་བ་བག་ཙམ་ཡོད་དེ་བློ་ཡུལ་དུ་མི་ཚུད་གསུངས། དེ་ལྟར་ཡང་དང་ཡང་དུ་ཞུས་པས། བཀའ་རྒྱས་བཏབ་ནས་གནང་བ་ཡིན་པས། དད་པ་དང་གུས་པ་ཡོད་པ་གཅིག་གཉིས་མིན་པ་གཞན་ལ་འགྲིམ་ན། ཡེ་ཤེས་ཀྱི་


PS001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོས་སྒྲོལ་ཅིག་གསུངས་ནས་གནང་བ་ཡིན་པས་ཤིན་ཏུ་དམ་པར་བྱ་གསུངས། དེ་ལ་བདག་གི་བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། འགྲོ་བའི་དེད་དཔོན་བདེ་བར་གཤེགས་པ་དུ་མའི་ཞལ་གཟིགས་པ་འགྲོ་བའི་དཔལ་མགོན་དུ་གྱུར་པ་དེ། རྒྱ་གར་མཐའ་འཁོབ་སངས་རྒྱས་ཀྱི་བསྟན་པ་མེད་པ། ངམ་འབྲོག་དང་། གཡང་ས་དང་། ཚེར་མ་སྣ་ཚོགས་པར་ཀྲི་ཀྲ་ཞེས་བྱ་བའི་རིགས་ཡབ་རལ་པ་ཅན་ཞེས་བྱ་བ། ཡུམ་ཨུ་ཙུ་མ་ཞེས་བྱ་བ་གཉིས་ལ། སྲས་བདུན་པའི་ལྔ་ཚིགས་གཟི་བརྗིད་གྲགས་པ་ཞེས་བྱ་བ་གྱུར་ཏོ། །དེ་ནས་དགུང་ལོ་བདུན་ལོན་ནས་བ་གླང་རྫི་བོ་བྱས་ཏེ་གནས་པ་བཟང་པོ་ཡོད་ཀྱང་དགེ་བའི་བཤེས་གཉེན་དང་མ་མཇལ་བས་ངོ་མ་ཤེས་གསུངས། གྲོང་དང་མི་རིང་བ་གཅིག་ན་ཚོང་འདུས་ཡོད་པའི་སར་བྱོན་པས། རྣལ་འབྱོར་པ་སྟག་ལ་ཞོན། རལ་གྲི་ནམ་མཁའ་ལ་བསྐོར་ནས་མེ་ཏོག་གི་ཆར་འབབ་པ་གཅིག་གཟིགས། དེ་ལ་མོས་ནས་ཕྱག་དང་བསྐོར་བ་བྱས། །ཐུགས་རྗེས་འཛིན་པར་ཞུས་པས། །བྱེད་པ་ཐམས་ཅད་ཀུན་རྫོབ་ཡིན། །བྱེད་མེད་རྟོགས་ན་མྱ་ངན་འདས། །དུས་


PS001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སངས་རྒྱས་ཐམས་ཅད་ཀྱང་། །ཚོགས་གཉིས་འགྲོ་བའི་དོན་དུ་བསགས། །གསུངས་ནས་ནམ་མཁའ་ལ་གཤེགས་ཏེ། །སྔ་མ་དེ་གསལ་བཏབ་པ་བཞིན་སོང་ནས། །ཏིང་ངེ་འཛིན་མཐའ་དབུས་མེད་པ་བྱུང་སྟེ། །རི་བྲག་གཅིག་ལ་བསྒོམས་པས། །ནམ་མཁའ་ལ་བཅུ་གཅིག་ཞལ། འོད་ཟེར་ཅན། སྒྲོལ་མ། རལ་གཅིག་མ། རྨ་བྱ་ཆེན་མོ་ལ་སོགས་པ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཞལ་གཟིགས། དེ་ནས་ཆུ་བོ་མུ་ནེ་ཞེས་པར་སྒྲུབ་པ་མཛད་པས། དེའི་འགྲམ་ན་སངས་རྒྱས་འོད་སྲུང་གིས་བཞེངས་པའི་གཙུག་ལག་ཁང་གཅིག་གི་དྲུང་ན་མཛེ་མོ་གཅིག་ན་རེ། ཁྱོད་ཆོས་འདོད་དམ་ཟེར་ཞུ་ལགས་བྱས་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ཅན། །ཟུང་འཇུག་སྙིང་རྗེའི་རྟ་ལ་ཞོན། །རང་གཞན་གཉིས་ཀྱི་དོན་དེ་འགྲུབ། །གསུངས་ནས་མི་སྣང་བར་གྱུར། །དེ་ནས་ཕ་ལ་སོགས་པ་ལ་ཆོས་བསྟན་ཀྱང་། །གདུལ་བྱ་མང་པོ་ནི་མ་བྱུང་སྟེ། བདུན་ཅུ་རྩ་གཉིས་ལ་སྐུ་འདའ་བའི་ཚུལ་བསྟན་ནས། ཡང་རིན་པོ་ཆེ་


PS001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རི་བསྟོད་དུ་སྐུ་འཁྲུངས་ཏེ། མངའ་རིའི་སྟོད་དུ་སྐུ་སྐྱེ་བ་བཞེས་གསུངས། ཡུལ་ལྷ་ཤོད་ཅེས་པ། གྲོང་ཁྱེར་ར་བ་ཞེས་བྱ་བ། ཡབ་ཞང་ཞུང་བཙུན་པ་ཞེས་བྱ་བ། ཡུམ་འོད་ལྡན་མ་ཞེས་བྱ་བ་ལ་སྲས་གཉིས་ཡོད་པའི་ནུ་འོ་དར་མ་ཞེས་སྐུ་འཁྲུངས་ནས། ལོ་བཅུ་བདུན་པ་ལ། གནས་པ་བཟང་པོ་ཡོད་པས། ཡབ་ལ། ཆོས་བྱེད་པའི་བླ་མ་གང་བཟང་དྲིས་པས། ཡབ་ན་རེ་ངེད་ཀྱི་རིགས་བོན་པོའི་རིགས་ཡིན་པས། ཁྱོད་ཀྱང་བོན་སློབ་ཟེར་སྟེ། ཁྲིད་ནས་སོང་། གྲོང་མི་གསུམ་པ་ལ་བོན་མཁས་པར་བསླབ་ནས། ཏི་སེའི་བྱང་ངོས་དབང་ཕྱུག་ཆེན་པོའི་རྫོང་དྲང་སྲོང་དཀར་རྒྱལ་གྱི་གནས་སུ་བསྒྲུབས་པས། ནམ་མཁའ་ལ་འགྲོ་ནུས་པ་ལ་སོགས་པ་རྫུ་འཕྲུལ་དཔག་ཏུ་མེད་པ་སྟོན་ནུས་པ་བྱུང་གསུངས། དུས་གཅིག་ན་བྲག་དེའི་མདུན་དུ་བྱ་དཀར་པོ་ཤིན་ཏུ་མཛེས་པ་གཅིག་ན་རེ། །རྒྱ་མཚོའི་འགྲམ་དུ་སྐོམ་པས་གདུང་། །རིན་ཆེན་གླིང་ནས་སྟོང་པར་འགྲོ། །བྱ་བ་ངན་ལ་མ་ཞེན་པར། །འཁོར་བའི་རྒྱ་མཚོ་བསྒྲལ་ན་བཟང་། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཁང་པའི་ནང་དུ་


PS001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ནས་བསམ་པས། སྐྱེས་པའི་མཐའ་མ་འཆི། །འདུས་པའི་མཐའ་མ་འབྲལ་བས། །རྒྱལ་པོ་ལ་གདམས་པའི་མདོ་དྲན་པས། །སྔར་གྱི་ཏིང་ངེ་འཛིན་དེ་ལ་བརྟེན་ནས་བསྒོམས་པས། སྔར་གྱི་བྱ་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་མཁྱེན་ནས། ནམ་མཁའ་དང་མཉམ་བའི་སེམས་ཅན་ཐམས་ཅད་ལ་མཐའ་དབུས་མེད་པའི་སྙིང་རྗེ་ཆེན་པོ་སྐྱེས་ནས་གཞན་དོན་མང་པོ་འགྲུབ་གསུངས། ཡུལ་དེ་ན་རྒྱལ་པོ་ཛ་ཞེས་པ་ཕྱི་རོལ་པ་ནུས་པ་ཅན་གཅིག་ཡོད་པ་ན་རེ། ཞང་ཞུང་གི་བུ་ཁྱོད་གཞན་དོན་གང་གི་སྒོ་ནས་བྱེད་ཟེར། བྱང་ཆུབ་ཀྱི་སེམས་སོ་གསུངས་པས་ཁོ་ཁྲོས་ནས་ལུས་དཔག་ཚད་སྟོང་དུ་སྤྲུལ་ཏེ། ལག་པ་སྟོང་ནས་མཚོན་ཆའི་ཆར་ཕབ། དེ་ལ་ཕྱི་རོལ་སྒྱུ་མ་གཏན་ལ་ཕེབས་པ་དང་། ནང་འཛིན་པའི་སེམས་རང་བཞིན་མེད་པར་ཤེས་པས་མེ་ཏོག་གི་ཆར་དུ་གྱུར་པ་ལ། རྒྱལ་པོ་མོས་ཏེ་ནང་པའི་ས་ལ་བཀོད་པར་བྱས་གསུངས། ཡང་དུས་གཅིག་ན། མཐའ་ཡི་རྒྱལ་པོས་དཔུང་ཡན་ལག་བཞི་པའི་དམག་དྲངས་པས། ངས་དེ་ལ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། དམག་ཐམས་


PS001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐུགས་རྗེ་ཆེན་པོའི་སྐུར་བསྒྱུར་ནུས་པ་བྱུང་གསུངས། ཡང་ལས་འགའ་ཞིག་གིས་ལུས་ལ། འབྲུམ་བུ་ནག་པོའི་ནད་ཀྱིས་བཏབ་པས་རིག་པའི་སེམས་ལ་ན་རྒྱུ་མེད་ཀྱང་། རྣམ་སྨིན་གྱི་ལུས་ལ་ན་ཚ་ཆེན་པོ་བྱུང་བས་འོ་དོད་དྲག་པོ་བོས་པས། ནམ་མཁའ་ལ་རྗེ་བཙུན་མ་དཀར་མོ་བྱོན་ནས། རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ། ཞེས་གསུངས་པ་ལ་བརྟེན་ནས། ཟབ་མོའི་ཆོས་མང་དུ་རྒྱུད་ལ་སྐྱེས་གསུངས། ཡང་རིན་པོ་ཆེའི་ཞལ་ནས། དེ་ནས་དགུང་ལོ་བདུན་ལ་མཛད་པ་མཐར་ཕྱིན་པར་མཛད་ནས། སྨན་གྱི་ལྗོངས་ཞེས་པར་འཕགས་པ་དགྲ་བཅོམ་པ་ལྔ་བརྒྱའི་དྲུང་དུ་མྱ་ངན་ལས་འདས་ཏེ། རྒྱ་ནག་ཏུ་སྐྱེ་བ་བཞེས་གསུངས་སོ། །ཡང་རྒྱ་ནག་པོའི་ཡུལ་རྒྱ་མཚོའི་འགྲམས་ན། གྲོང་ཁྱེར་ལྟ་སྡུག་ཅེས་པ། དེ་གཉིས་ཡབ་ཡུམ་གྱི་སྲས་པདྨའི་དཔལ་ཞེས་བྱ་བར་གྱུར་ཏོ། །ཡབ་ལ་དོང་རྩེའི་སྙིང་པོ་བོང་བ་སྟོང་ཡོད་པས། སྦྱིན་པ་ནི་མི་བྱེད་པ་ལ། །རིན་པོ་ཆེ་བུ་ལོ་བདུན་ལོན་པས། ཡབ་ལ་རི་བོ་རྩེ་ལྔ་ལ་འགྲོ་བར་ཞུས་པས། ཅི་ཕྱིར་འགྲོ་འམ་དེ་ལས་ལོག་པ་ནི་མེད་ཟེར་རོ། །དེར་ཡིད་ཆད་དོ། །བྲག་སེང་གེ་རྒྱབ་བསྣོལ་དུ་བྱོན་


PS001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཇམ་དབྱངས་ལ་གསོལ་བ་བཏབ་པས། འཇམ་དཔལ་པདྨའི་དཔལ་ལ་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དཀར་པོ་ནམ་མཁའ་ལ་བྱོན་ནས། བརྗོད་དུ་མེད་པའི་སྙིང་པོའི་དོན། མ་ཡེངས་བསྒོམ་པ་འབྲས་བུའི་དོན། །དེ་ཉིད་ཤེས་ལ་བསྒོམ་དུ་མེད། །ནམ་མཁའི་ངང་ལ་ནམ་མཁའ་ལྟར། གསུངས་པ་དང་། སྔར་གྱི་དེ་གསལ་བཏབ་པ་ལྟར་ཏིང་ངེ་འཛིན་མཐའ་དབུས་མེད་པ་སྐྱེས་ཏེ། སྤྱོད་པ་མཛད་དུས་རྒྱའི་བཀྲ་ཤིས་སྒོ་ཞེས་པར། རྒྱའི་འཕྲུལ་གྱི་རྒྱལ་པོ་དྷརྨཱ་ཤྲཱི་ཅེས་པ་སྔོན་སངས་རྒྱས་ལ་དད་པ། ཕྱིས་མུ་སྟེགས་སུ་གྱུར་པ་སྟེ། ཉིན་རེ་ལ་མ་ཧེ་སྟོང་གསོད་པ་ལ་ཞུགས་པ་ལ་དེ་འདུལ་བའི་དོན་དུ་གཞོན་ནུ་ཀརྟི་ཀར་སྤྲུལ་ནས་བྱོན་པས་རྒྱལ་པོས། ཡི་དམ་བྱོན་པ་གདན་ལ་བཞུགས། མ་ཧེ་སྒྲོལ་ཟེར་བ་དང་། ཀརྟི་ཀས་ངའི་ཟས་དེ་མིན་གསུངས་པས། འོ་ན་གང་ཡིན་དྲིས་བས་དེའི་ལེན་དཀར་གསུམ་མངར་གསུམ་ལན་ཚ་དྲི། སྡིག་མེད་འབྲས་བུ་ང་ཡི་ཟས། ཞེས་གསུངས་པས། རྒྱལ་པོ་ན་རེ། ཟས་སུ་ཤ་ཟོ། སྐོམ་དུ་ཁྲག་


PS001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་། དཔལ་ཆེན་པོ་མ་ཧཱ་དེ་བའི་རིགས་མ་ཡིན་ནམ་ཟེར་བ་དང་། ཀརྟི་ཀས་སྙིང་ག་ནས་དྲག་པོ་ཕྲིན་ལས་ཀྱི་མེ་བཀྱེས་ནས་ཚིག་ལ་ཁད་པ་དང་། རྒྱལ་པོས་ཞུས་པ། ཐུགས་དང་འགལ་བ་བཟོད་པར་མཛོད་ཅིག །ལས་གང་ཡིན་པར་བྱའོ་ཞེས་ཟེར་བ་ལ། དགེ་བ་བཅུ་ལ་བཀོད་དེ། གང་ལ་གང་འདུལ་དེ་ལ་དེར་སྟོན་བྱ་བ་ཡང་དེ་ལ་ཟེར་བ་ཡིན་གསུངས། ཡང་རྒྱ་ནག་གི་ཡུལ་གར་མ་ཅན་ཞེས་བྱ་བ་ན། ཕྲ་མན་ཟངས་ཀྱི་མདོག་ཅེས་བྱ་བ། ནུབ་རེ་ལ་མི་རེ་ཟ་བ་གཅིག་ཡོད་པ་དེ་འདུལ་དུ་བྱོན། གནོད་སྦྱིན་ཟངས་ཀྱི་མདོག་དུ་སྤྲུལ་ནས་བྱོན། དེ་དང་ཁྱོ་ཤུག་བྱས་ཏེ། མོ་ཡིད་ཕེབས་པ་དང་། ངག་ཏུ་ཡི་གེ་དྲུག་པ་བགྲངས་བས། མོ་ན་རེ་ཅི་ཡིན་ཟེར། ཟས་འཚོལ་བའི་སྔགས་སོ། །མོ་ཡང་དད་དེ་བགྲངས་བས་འཕགས་པའི་ལས་ལ་དད་དེ་ནང་པར་ཚུད་ནས། བདེ་བར་བྱས་གསུངས། ཡང་རྒྱལ་པོ་མུན་པའི་གོས་བྱས་ལ་སོགས་པ་མང་དུ་བཏུལ་ནས། དགུང་ལོ་དྲུག་བཅུ་ལ་བདེ་བར་གཤེགས་ཏེ། དེ་ཉིད་དང་ཐག་མི་རིང་པ་གཅིག་ན། ཨ་ཐ་ར་ཅེས་པའི་གྲོང་དུ་སྐྱེས་སོ། །དེ་ནས་ཡང་ཨ་ཐ་ར་བྱ་བའི་གྲོང་དེའི་


PS001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ནགས་ཚལ་འཐུག་པོ་གཅིག་གི་གསེབ་ན། སངས་རྒྱས་ཀྱི་འཁོར་གཅིག་གིས་བཞེངས་པའི་མཆོད་རྟེན་ཡོད་པ་ལ། སྤྲེའུ་སྟོང་ཞིག་གིས་དྲི་མ་དང་ཆུས་མ་རུངས་པ་བྱས་པ་རྣམས་ངན་འགྲོར་འགྲོ་བ་ལ་དགོངས་ནས་སྤྲེའུ་རྒྱལ་པོར་སྐྱེ་བ་བཞེས་ཏེ། དེ་ཡང་བཞིན་སྡུག་པ། བོང་ཆེ་བ། དབུ་ལ་རིན་པོ་ཆེའི་ཞྭ་ཅོག་གསོལ་བ། ཕྱག་ན་ཤིང་གི་ཕྲེང་བ་འདྲེན་པར་སྤྲུལ་ནས། མཆོད་རྟེན་དེ་ལ་ཕྱག་དང་བསྐོར་བ་བསླབ་པས་ཤེས་ནས་རྒྱུ་འབྲས་ཀྱི་ཆོས་བསྟན་པས་གོ་བར་གྱུར་ཏེ་གསུང་པ། འོ་སྐོལ་སྤྲེའུ་རྣམས་ཉོན་ཅིག །ཕྱི་སྣང་བ་འབྲལ་མེད་འདི་ལྟ་བ། ནང་རིག་པ་འཛིན་མེད་འདི་བསྒོམ་པ། །བར་བླང་དོར་མེད་པ་འདི་སྤྱོད་པ་ཡིན། །གསུངས་པས་དེ་དག་ལ་བདེན་པ་རྟོགས་པ་མང་དུ་བྱུང་སྟེ་བདེ་བ་ལ་བཀོད་པས་ཡུལ་དེའི་མི་རྣམས་ན་རེ། ནགས་ཚལ་གྱི་གསེབ་ཡ་གི་ན། སྤྲེའུ་གཅིག་གིས་དེ་ཐམས་ཅད་བདེ་ལ་བཀོད་ཅེས་སྨྲ་ཞིང་བལྟ་བ་མང་དུ་བྱུང་སྟེ། རྒྱལ་པོ་གཅིག་གིས་སྤྲེའུའི་རྒྱལ་པོ་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་རྣམས་ཅིའི་ཕྱིར་བདེ་བར་གནས། ཅིའི་ཕྱིར་བདེ་བར་


PS001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ། སྤྲེའུས་སྨྲས་པ། རིགས་ཀྱི་མཆོག་གྱུར་རྒྱལ་པོ་བདག་ལ་གསོན། རྒྱུ་འབྲས་རྟེན་འབྲེལ་འབྱུང་བ་ནི། །མི་བསླུ་ཚད་མར་བློ་ཐག་ཆོད། །ཡེ་ནས་གནས་པའི་སེམས་ཉིད་འདི། །ཆོས་སྐུ་བདེ་བ་ཆེན་པོར་གོ། །རྫུན་པོ་ཡིན་ན་སྤྲེའུ་ཤི། །ཞེས་གསུངས་པས། རྒྱལ་པོ་འཁོར་དང་བཅས་པས་ཨེ་མ་ངོ་མཚར་ཆེ་ཞེས་གདོང་མཆི་མ་དང་བཅས་ཕྱག་དང་བསྐོར་བ་བྱས་ཏེ་སླར་སོང་ངོ་། །དེ་ནས་སྤྲེའུའི་རྒྱལ་པོ་དེས་འཁོར་རྣམས་ལ་སྨྲས་པ། །རང་ཅག་སྤྲེའུ་ཐམས་ཅད་ཀུན། །སྣང་བ་ཇི་ལྟར་སྣང་ཡང་རུང་། །ཚོགས་དྲུག་ཞེན་འཛིན་མེད་པར་ཞོག །རྣམ་རྟོག་ཇི་ལྟར་བྱས་ཀྱང་རུང་། །སེམས་ཉིད་གཞི་རྩ་མེད་པར་ཞོག །དུག་ལྔ་ཇི་ལྟར་སྐྱེས་ཀྱང་རུང་། །འོད་གསལ་ཆོས་སྐུ་ཆེན་པོར་ཞོག །གསུངས་པས་ཐམས་ཅད་ཀྱིས་བདེན་པར་མཐོང་བར་གྱུར་ཏོ། །དེའི་ཚེ་ནམ་མཁའ་འོད་དང་འཇའ་དང་ས་གཡོ་བ་ལ་སོགས་པ་ལྟས་ཆེན་པོ་བྱུང་སྟེ། རང་ཡང་ངོ་མཚར་སྐྱེས་སོ། །ཡང་རིན་པོ་ཆེ་གཞུད་དེ། བུད་ཤིང་ཟད་པའི་མེ་བཞིན། དེར་ལོ་ཉི་ཤུ་རྩ་གཉིས་ལ་མྱ་ངན་ལས་འདས་ཏེ། རྒྱ་གར་གྱི་ཡུལ་ཡངས་པ་


PS001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་སྐུ་འཁྲུངས་སོ། །དེ་ཡང་རྒྱ་གར་ཤར་ཕྱོགས་ལི་ཚ་བྱ་བའི་གནས་ཡངས་པ་ཅན་དུ་གྲགས་པའི་གྲོང་ཁྱེར་གཅིག་གི་དབུས་ན་རིགས་བྲམ་ཟེ་ཡབ་ཚོང་དཔོན་བཟང་པོ་དཔལ་དང་། ཡུམ་ཟླ་བའི་འོད་ཟེར་བྱ་བ་ལ། སྲས་བདུན་གྱི་ཐོག་མ་གཟི་བརྗིད་ཅན་བྱ་བར་བཏགས་ཏེ། དེ་ནས་ལོ་བཅུ་བདུན་ལ་ཨོ་ཏནྟ་པུ་རི་བྱ་བར། མཁན་པོ་ཁྱབ་མཆོག་རྒྱལ་བ་ལ་རབ་ཏུ་བྱུང་། མཚན་ཡང་ཤེས་རབ་གོ་ཆ་ཡིན། ཕལ་ཆེན་པའི་སྡེ་པ་ཡིན་གསུངས། ཀྡ་མ་ལ་ཤི་ལའི་རིག་པའི་ཚོགས་དྲུག་ཉན། དེའི་དུས་སུ་མུ་སྟེགས་རཀྵ་བྱ་བ་སྲིན་པོའི་གདོང་ཅན་ཅེས་པ། སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པ་དེ་རིགས་པའི་སྒོ་ནས་ཚར་བཅད་གསུངས། ཡང་རྣལ་འབྱོར་པ་ཉི་མ་སྦས་པ་བྱ་བ་རིག་པ་མཁས་པ་པཎྜི་ཏ་ཟ་ཧོར་ནས་བྱུང་བ་དང་རྩོད་པ་བྱས་ཀྱང་མ་ཐུབ་པར། བླ་མ་གྱུར་པ་དེ་ངའི་བླ་མ་རྨོག་ལྕོག་པ་ཡིན་གསུངས། ནུབ་ཕྱོགས་ཀ་ལིང་ཞེས་པའི་དུར་ཁྲོད་དུ། རང་བྱུང་མཆོད་རྟེན་གྱི་དྲུང་དུ་སྒྲུབ་པ་ལ་ཕྱིན་པས། རྣལ་འབྱོར་པ་བོང་ཐུང་བ་སྤྱན་དམར་བ། ཤིང་གི་རལ་གྲི་བཟུང་བ་གཅིག་ན་རེ། ཚེ་ལ་ལོང་


PS001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུན་རིང་མི་སྡོད་ངེས། །ཐོས་པས་མཐའ་ཆོག་རིག་པ་ནང་དུ་ཁུག །མ་བཅོས་དྲི་མེད་མེ་ལོང་ནང་དུ་ལྟོས། འཁོར་བ་སྤངས་ནས་མྱང་འདས་བསྒྲུབ་དུ་མེད། ཅེས་གསུངས་པས་ཆོས་དུ་མ་རོ་གཅིག་ཏུ་གོ། །དེ་ངའི་བླ་མ་སྤེན་ཕུག་པ་ཡིན་གསུངས། དེ་ནས་ཀེང་རུས་ལས་མེ་འབར་བའི་དུར་ཁྲོད་དུ་བྱོན་ནས་སྤྱོད་པ་མཛད་པར་གསུངས། དེ་ནས་རྣལ་འབྱོར་པ་མི་ན་རལ་པ་ཞེས་པ། རྫུ་འཕྲུལ་དང་ལྡན་པ་གཅིག་ན་རེ། །ཁྱོད་ཅི་ལ་འོངས་གསུངས། །སྤྱོད་པ་ལ་འོངས་གསུངས་པས། ཁོང་ན་རེ་ནགས་ཚལ་མཐོང་དུ་བསྒོམ་ན་བདེ་བ་ཐོབ། ཐམས་ཅད་སེམས་སུ་ཤེས་པས་མཐུན་པར་གསུངས། ཅེས་པས་སྤྱོད་པ་ལ་བོགས་ཐོན་པ་བྱུང་། དེ་ངའི་བླ་མ་ཚ་རི་སྒོམ་པ་ཡིན་གསུངས། དེ་ནས་དཔལ་ཡོན་དུ་བསྐོར་བ་བྱས་པས། མཆོད་རྟེན་དེའི་རྩ་བ་ན། རྣལ་འབྱོར་པ་སྟག་ལ་ཞོན་པ་ཉི་མའི་གོས་ཅན་བྱ་བ་ན་རེ། དྲན་པ་རང་སངས་ཆུ་ཡི་རི་མོ་འདྲ། འགག་པ་མེད་པ་ཉི་མའི་སྙིང་པོ་འདྲ། རིག་པ་སྣང་བ་མེ་ལོང་དྭངས་པ་འདྲ། གསལ་ལ་མ་འགག་ཤེལ་གྱི་སྒོ་ང་འདྲ། གསུངས་ནས་ཕྱག་སྤྱི་བོར་བཞག་པས་ཏིང་ངེ་འཛིན་དཔག་


PS001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པར་སྐྱེས། དེ་ངའི་བླ་མ་ཞང་སྒོམ་ཆོས་སེང་ཡིན་གསུངས། དེ་ནས་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་གཅིག་བལྟ་བར་བཞེད་ནས་བྱོན་པས། ལམ་ཁ་གཅིག་ན་རྒན་མོ་པདྨའི་ཕྲེང་བ་གྱོན་པ་གཅིག་ན་རེ། གར་འགྲོ་ཟེར། ཨཱརྻ་པ་ལོ་བལྟར་འགྲོ་གསུངས་པས། མོ་ན་རེ། བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བསྒོམས་ན་རང་ཉིད་ཐུགས་རྗེ་ཆེ། །མ་བསྒོམས་སངས་རྒྱས་འཕོ་བ་མེད། །སྙིང་རྗེ་ཟུང་འཇུག་སྤྱན་རས་གཟིགས། །ཅེས་གསུངས་ནས་མི་སྣང་བར་གྱུར། དེ་ངའི་བླ་མ་འཕགས་པ་ལྕེ་སྒོམ་ཡིན་གསུངས། དེ་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་དགུང་ལོ་བརྒྱད་བཅུ་ལ་མྱ་ངན་ལས་འདས་སོ། །དེའི་རྗེས་ལ་བྱང་ཕྱོགས་ཀྱི་ཆ་ནང་གོང་རྒྱུད་གསུམ་ལས་གནམ་སྨད། དེ་བཞིན་གཤེགས་པའི་གསུང་བཻཌཱུརྱས་བྲིས་པ་བཞུགས་པ། བྲག་སེང་གེ་སྣའི་རྩར་ཐད་པ་འགྲོ་ཁམས་ཀྱི་རིགས་སུ་སྐུ་འཁྲུངས་སོ། དེ་ནས་ཡང་ལོ་བདུན་ནས་ཉི་ཤུའི་བར་དུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་བསྙེན་པ་བྱས་གསུངས། དེ་ནས་ཁུ་བོ་འབའ་ཚད་མ་བ་བཅས་


PS001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་བའི་བཤེས་གཉེན་ཆེན་པོ་གཅིག་བཞུགས་པའི་དྲུང་དུ་རབ་ཏུ་བྱུང་། ཐོས་བསམ་སྒོམ་གསུམ་ལ་འབད་པ་ཆེར་མཛད་གསུངས། དེའི་གདན་ས་ཕྲིན་ལས་མང་པོའི་འགྲོ་དོན་གཞན་དུ་ཤེས། །རིན་པོ་ཆེའི་ཞབས་ཏོག་མཛད་ནས། །ཡང་རིན་པོ་ཆེ་ལ་ཞུས་པས། །འདི་ནས་གང་དུ་གཤེགས་པར་གྱུར། །བདག་ཅག་གང་དུ་གསོལ་བ་གདབ། །ཞུས་པས་རིན་པོ་ཆེའི་ཞལ་ནས། འདི་ནས་འཆི་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨའི་ཚལ་དུ་རྫུས་ཏེ་སྐྱེས་པ་ལ། རྒྱལ་པོ་ཉི་མའི་གཉེན་རྫིང་བུར་ཁྲུས་བྱས་ནས་གཤེགས་པར་མཐོང་བ་དང་། དེ་དགའ་མགུ་ཡི་རངས་ནས་འདི་སྐད་སྨྲས་སོ། །ལྷའམ་ཀླུའམ་གནོད་སྦྱིན་གང་གི་བུ། པདྨ་ལས་སྐྱེས་པདྨ་ལས་འཁྲུངས་ཏེ། བདག་གི་སྲས་བྱ་ཁང་བཟང་དམ་པར་གཤེགས། །ཞེས་རིན་པོ་ཆེའི་ཁྲི་ལ་བཞག་ནས་མཆོད་པ་དུ་མས་མཆོད་དོ། །དེ་ནས་སངས་རྒྱས་འོད་སྲུང་གི་གདུང་བཞུགས་པའི་མཆོད་རྟེན་ཀེ་ཞེས་བྱ་བ། འཕང་དུ་དཔག་ཚད་གསུམ་ཡོད་པ་གཅིག་བཞུགས། དེའི་དྲུང་དུ་ཕྱིན་ནས་མཆོད་པ་དུ་མས་མཆོད།


PS001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གཅིག་ལ་སེམས་ཅན་མང་པོའི་དོན་བྱས། ནུབ་ཕྱོགས་སུ་སངས་རྒྱས་འོད་དཔག་མེད་བཞུགས་པའི་སར། སྨོན་ལམ་གྱི་ཤུགས་དྲག་པོས་མཚམས་སྦྱར་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་བདེ་བ་ལ་བཀོད་ནས་ཨུ་རྒྱན་དུ་བྱོན་ཏེ། མཁའ་འགྲོ་མ་བདེ་བའི་སར་གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས། གདུལ་བྱ་མང་པོ་རྡོ་རྗེ་འཛིན་གྱི་ས་ལ་འགོད་པ་ཡིན་གསུངས། ཁྱོད་ཀྱང་དེའི་དུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞིས་ཁྲིད་ནས་ངའི་དྲུང་དུ་འོང་ནས། རྣལ་འབྱོར་པ་ཀ་མ་རུ་པ་ཞེས་བྱ་བར་གྱུར་ནས་གསང་བ་བླ་ན་མེད་པའི་སྤྱོད་པ་བྱེད་དོ། །དེའི་གདུལ་བྱ་ང་དང་མཉམ་པར་གྱུར་གསུངས། རྫུ་འཕྲུལ་ཁྱད་པར་ཡོད་པས། ཉི་མ་གཅིག་ལ་ལུས་རིགས་མི་འདྲ་བ་བྱེ་བ་རུ་སྤྲུལ་ནས་སེམས་ཅན་མང་པོ་རྣམས་སྨིན་པར་བྱེད་ནུས་གསུངས། དེ་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་དཔེ་མེད་ཅེས་བྱ་བ་དེ་ན་ཏམ་ལ་རུ་པའི་གོས་ཅན་ཞེས་བྱ་བ་དེ་ན། ཉིན་མོ་སྐྱེས་པ་ལྔ་བརྒྱར་སྤྲུལ་ཞིང་ལས་བྱེད། མཚན་མོ་བུད་མེད་ལྔ་བརྒྱར་སྤྲུལ་ནས་གསང་སྔགས་ཀྱི་སྤྱོད་པ་བྱེད་པ་གཅིག་ཡོད། དེས་ཁྱོད་སྨིན་པ་དང་གྲོལ་བར་


PS001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། མཐར་འོག་མིན་དུ་སངས་རྒྱས་ཞི་བའི་རྒྱལ་པོ་ཞེས་བྱ་བའི་དྲུང་དུ། བྱང་ཆུབ་སེམས་དཔའ་ཏོག་གི་རྒྱལ་པོ་ཞེས་བྱ་བར་གྱུར་ནས་འགྲོ་བ་མང་པོའི་མགོན་དུ་འགྱུར་གསུངས། དེ་ནས་རིན་པོ་ཆེས་འགྲོ་དོན་གང་དུ་མཛད་ཞུས་པས། རིན་པོ་ཆེའི་ཞལ་ནས། ང་དེ་ནས་ཏ་མ་ལ་རུ་པའི་གོས་ཅན་གྱི་ནམ་མཁའ་ལ་ཆུ་ལ་ཆུ་བཞུག་པའམ། མར་ལ་མར་བཞག་པ་བཞིན་ཐིམ་ནས། ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་མི་འཁྲུགས་པའི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་ནས། །འཇིག་རྟེན་ཁམས་བཻཌཱུ་ཡར་སྣང་བ་ཞེས་བྱ་བར། དེ་བཞིན་གཤེགས་པ་དྲི་མེད་ནམ་མཁའི་དཔལ་གྱི་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ངའི་འཇིག་རྟེན་གྱི་ཁམས་ནི་ཁྱད་པར་འཕགས་པ་སྣང་བ་ཞེས་བྱ་བ། མཚན་ནི་པདྨའི་བླ་མ་ཞེས་བྱ་བ། ཡབ་ཆེ་བའི་རྒྱལ་པོ་ཞེས་བྱ་བ། ཡུམ་པདྨའི་རྒྱལ་མོ་སྙིང་པོ་ཞེས་བྱ་བ། སྲས་ཟླ་བའི་ཏོག །རིམ་གྲོ་པ་ཟླ་མཛེས། འདུས་པ་ནི་འབུམ་ཕྲག་དགུ། སྐུ་ཚེ་ནི་ལོ་སྟོང་། དམ་པའི་ཆོས་ལྔ་ཁྲི་དྲུག་སྟོང་གནས་པར་འགྱུར་གསུངས། ད་ལྟ་ངའི་བརྒྱུད་པ་


PS001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས་པ་འདི་རྣམས་སངས་རྒྱས་དེའི་དྲུང་དུ་ཚངས་པར་སྤྱོད་པ་ཡིན་པས། ཆོས་ཐམས་ཅད་སྒྱུ་མར་གཏན་ལ་ཕོབ་དང་གསུངས། ལར་ཞིང་ཁམས་དག་མ་དག་དང་། སྐུ་ཚེའི་ཚད་ལ་སོགས་པ་སྒྱུ་མའི་སྣང་བ་ཡིན་ནོ། །གཏན་ལ་ཕེབས་པའི་གང་ཟག་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་གསུངས། འོ་ན་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་གསུངས་པ་དེ་ཇི་ལྟར་ལགས་ཞུས་པས། དེ་ལས་དག་པའི་འཁྲུལ་སྣང་ཡིན། ནམ་མཁའ་ལ་ནམ་མཁས་མཚོན་དུ་མེད་གསུངས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱིས་ཀྱང་རྨི་ལམ་སྒྱུ་མར་གསུངས་པ་དེ། སྣང་ཙམ་མ་བཀག་པ་ཡིན་གསུངས། འོ་ན་བརྒྱུད་པ་འདི་དར་མི་དར་ཇི་ཙམ་མཆིས་ཞུས་པས། རྡོ་རྗེ་འཆང་ནས་མི་ལ་ཡན་གྱི་གདུལ་བྱ་དེ་ཙམ་ལས་མེད་གསུངས། བླ་མ་རྗེ་བཙུན་ལྷ་རྗེ་ནས་འབྱུང་བ་ཡིན་གསུངས། ངའི་བརྒྱུད་པ་ཀྱང་ཁྱོད་ནས་ཇེ་བཟང་དུ་འགྲོ་གསུངས། ངའི་གྲྭ་པ་འདི་ཡང་སློབ་དཔོན་ཆེན་པོའི་ཤུལ་ཡིན། ཁྱོད་ཀྱང་འཁོར་བཟང་ངན་མེད་པར་སྐྱོངས་གསུངས། དཔལ་ཡེ་ཤེས་མགོན་པོ་འདིས་ཅི་སྨྲས་


PS001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པར་འདུག་གི་གསུངས། སྦས་པའི་རྣལ་འབྱོར་བྱ་བ་ཁྱོད་ལ་ཟེར་བ་ཡིན་གསུངས། ལར་ཆིག་བརྒྱུད་ཡིན་པས་ལེགས་པར་འོངས་གསུངས། ཡང་ཞུས་པ། སྤྱིར་སེམས་ཅན་ཐམས་ཅད་དགོངས། དགོས་སུ་ཞལ་མཐོང་གསུངས་ཐོས་རྣམས་ལ་དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེས་བཟུང་བར་ཞུ་ཞུས་པས། རིན་པོ་ཆེའི་ཞལ་ནས། སྤྱིར་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་བཅད་པ་མེད། ནམ་མཁའི་མཐའ་ལ་གར་ཁྱབ་ཇོ་བོ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་ཡིན་ལ། དགོས་སུ་བདག་མཐོང་བ་དང་ཐོས་པ་དྲན་པ་ཐམས་ཅད་དོན་བྱས་པ་ཡིན་པས། མོས་པ་དང་གུས་པ་བྱེད་པ་ལྟ་ཅི་སྨོས་གསུངས། གདན་ས་རིན་པོ་ཆེ་ནི་ཇེ་བཟང་ལ་འགྲོ་བ་གཅིག་ཐུགས་རྗེས་འདོག་པར་ཞུས་པས། རིན་པོ་ཆེའི་ཞལ་ནས་བྱིས་པ་ཀུན་གྱིས་བྱེ་མའི་ཁང་པ་འདྲ་བ། རེས་བརྩིགས་རིས་འཇིག་གཏད་སོ་མེད་གསུངས། འོ་ན་དར་གུད་ཡོང་བར་གདའ་འམ་ཞུས། བསྟན་པའི་སྙིགས་མ་ཡིན་པས། མཐོ་དམན་བག་ཙམ་ཡོད་གསུངས། རིན་པོ་ཆེའི་ཞལ་ནས། ཁྱོད་ཀྱི་དགོན་པ་ནི་ཐང་ཆེན་པོ་གཅིག་ཀྱི་རྩེ་ན་བྲག་


PS001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །དེ་ལ་བརྟེན་གནས་འོང་བར་འདུག་པས། །གདན་ས་འདི་པ་བས་ངན་རྒྱུ་མེད་པར་གཅིག་འོང་བར་འདུག་གསུངས། དེ་ལས་ཤེས་ཏེ་ཞུས་ན་མང་དུ་འབྱོན་པར་འདུག་གསུངས། སྐུ་བསྙེལ་གྱིས་དོག་ནས་དེ་ལས་མ་ཞུས་གསུངས་སོ། །དྲི་མེད་རྒྱ་མཚོའི་ནང་ན་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་ལྟ་བུའི་བླ་མ་ལ། །དད་གུས་རྒྱུན་ཆད་མེད་པའི་དེད་དཔོན་གྱིས། །འཁོར་བའི་ཆུ་བོ་ཆེན་པོར་གྲུར་ཞུགས་ཏེ། །ཐབས་དང་ཤེས་རབ་གཉིས་མེད་སྐྱེ་བས་གཡབ། །རིན་ཆེན་བྱང་ཆུབ་སེམས་ཀྱི་གླིང་ལ་ཆས། །དད་གུས་རྒྱུན་ཆད་མེད་པའི་ཚོགས་དྲུག་ལ། །དོན་གཉིས་ལྷུན་གྱིས་གྲུབ་པའི་རིན་ཆེན་གཏེར། །གསལ་སྟོང་ཟུང་དུ་འཇུག་པའི་རྒྱ་ཡིས་གདབ། །འཁོར་ལོ་སྡོམ་པའི་དབང་གཅིག་གི་ནུབ་མོར་གསུང་ནས། །བཀའ་རྒྱས་བཏབ་ནས་ལོ་ཉི་ཤུ་རྩ་ལྔར་ཡི་གེར་བྲིས་པ་མེད་པ་ལ། བཀའ་ཆད་ཀྱིས་དོག་ནས་གླང་གི་ལོ་ལ་བྲིས་པ་ཡིན་པས། དཔེ་དད་གུས་མེད་པ་སུ་ལ་བྱིན་ན། ཡེ་ཤེས་ཀྱིས་མགོན་པོས་མགོ་བོ་ཚལ་པ་བདུན་དུ་ཁོས་ཅིག །སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ། ཤཱུ་བྷཾ།། །།

བླ་མ་རི་གོང་པའི་རྣམ་པར་ཐར་པ།


PS001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རི་གོང་པའི་རྣམ་པར་ཐར་པ་བཞུགས་སོ། །


PS001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་ཡོན་ཏན་མ་ལུས་རབ་རྫོགས་པའི། །དྲིན་ཆེན་བླ་མའི་ཞབས་ལ་གུས་པས་འདུད། །ལུང་པའི་ཚལ་མཆོག་ཞིང་རབ་ཡོལ་ཕུ་འདིར། །སྭ་ལ་ལྟ་བུའི་རིགས་སུ་སྐྱེས་གྱུར་ནས། །སངས་རྒྱས་བསྟན་ལ་དད་པས་ཆོས་སྒོར་ཞུགས། །ཐོས་པའི་སྒྲོན་མེས་ཕྱི་ཡི་སྒྲོ་འདོགས་བཅད། །བསམ་པའི་ཤེས་རབ་ནན་ཏན་དཔག་མེད་བྱས། །དེས་ཀྱང་སྤྲོས་པ་ཆོད་པར་མ་གྱུར་པས། །སངས་རྒྱས་དངོས་བསྟན་སྙན་བརྒྱུད་


PS001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ནས་ནི། །ཡེངས་མེད་སྒྲུབ་ལ་བརྩོན་འགྲུས་བྱས་པ་ཡི། །ད་ལྟ་མཐར་ཐུག་འབྲས་བུ་མངོན་གྱུར་ཏེ། །འདི་རྣམས་བདག་གི་རྣམ་ཐར་ཟུར་ཙམ་ཡིན། །དེ་ལ་རྒྱ་གར་ཤར་ནུབ་ལྷོ་བྱང་རྡོ་རྗེ་གདན་དང་ལྔར་བཀའ་སྤྱད་དཔག་མེད་མཛད་པའི་སྟོབས་ཀྱིས། རྟོགས་ལྡན་གྱི་བླ་མ་བརྒྱ་ལྔ་བཅུས་དབང་བཞི་རྫོགས་སུ་བསྐུར་བའི་དུས་སུ་དཔལ་གསང་བ་འདུས་པ་ལ་སོགས་པ་ཕ་བརྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་དང་། དགྱེས་པ་རྡོ་རྗེ། བདེ་མཆོག་ལ་སོགས་པ་མ་རྒྱུད་ལྷ་ཚོགས་ཞིང་སྐྱོང་དང་བཅས་པ་ཐམས་ཅད་ཞལ་དངོས་སུ་གཟིགས་ཤིང་དབང་བཞིའི་ཁྱད་


PS001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཀྱི་རྒྱུན་མ་ཆད་ཅིང་། བླ་མ་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དངོས་སུ་བསྟིམ་ཞིང་། ཁྱད་པར་དུ་རྩ་བའི་བླ་མ་རྣམ་བཞིའི་ཐུགས་བཅུད་ཀྱི་སྙིང་ཁུ་སྙན་བརྒྱུད་ཞལ་གྱི་བདུད་རྩི་ལ་དམ་ཉམས་དང་ཚིག་གི་བརྒྱུད་པས་བར་དུ་མ་ཞུགས་ཤིང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འབྱུང་བའི་ཚེ་གཅིག་ལུས་གཅིག་ཏུ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པར་མཛད་པས། སངས་རྒྱས་ཀྱི་བརྒྱུད་པ་ལ་གང་ཟག་གིས་ལྷད་མ་ཞུག་པའི་བྱིན་རླབས་ཀྱི་བཀའ་བརྒྱུད། རྒྱ་བོད་ཐམས་ཅད་དུ་རྩོད་མེད་དུ་གྲགས་པའི་བླ་མ་ཤངས་པ་དུ་གུ་པས་རིམ་པར་ཆིག་བརྒྱུད་དུ་བྱིན་གྱིས་བརླབས་པའི་ཆོས་རྗེ་རིན་པོ་ཆེ་འགྲན་ཟླ་དང་བྲལ་བའི་དཔལ་སྐྱེར་སྒང་པས་རྗེས་སུ་བཟུང་ཞིང་། ཡི་དམ་གྱི་ལྷ་ཚོགས་དང་། དཔའ་བོ་ཌཱ་ཀི་དང་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་ཀྱིས་དབང་བཞི་རྫོགས་སུ་བསྐུར་ནས། དངོས་སུ་བྱིན་གྱིས་བརླབས་ཤིང་རྣམ་དག་བདེ་བ་ཆེན་པོའི་ལུང་བསྟན་མཐའ་དག་ཐོབ་པའི་ལྡོམ་བུ་བ་བདག་གི་སྐྱེས་ཡུལ་གྱི་མ་དང་། རུས་ནི་གཉན་ཡིན་ནོ། །དེ་ཡང་དང་པོ་ནས་ཁོ་བོ་མ་


PS001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཞེན་བྲལ་གྱི་བློ་དང་ལྡན་པས་ཟས་གོས་དང་ལོངས་སྤྱོད་ཐམས་ཅད་ལ་སེར་སྣའི་མདུད་པས་མ་བཅིངས་བ་ཆགས་ཐོགས་མེད་པའི་སྦྱིན་པ་གཏོང་བ་ལ་ཤིན་ཏུ་སྤྲོ་བ། ཡིད་གཞུངས་ཤིང་ཉེས་དམིགས་ཤེས་པའི་ཤེས་རབ་དང་ལྡན་པས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཅན་བདེ་བ་སྐད་ཅིག་ཀྱང་མེད་བའི་གནས་ལྟ་བུར་གོ་བ་གཅིག་བྱུང་། དེ་ལྟར་གོ་བས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་བསྒྲལ་བ་ལ། དལ་འབྱོར་གྱི་གྲུ་གཟིང་མི་ལུས་རིན་པོ་ཆེ་འདི་ལྟ་བུ་གཅིག་དགོས་པར་འདུག །འདི་ཡང་རྙེད་པར་དཀའ་བ་ལ་སྙེད་འདུག་པས། ད་རེས་བརྒྱ་ལ་ལན་ཅིག་སྙེད་པའི་དུས་འདིར་དོན་ཡོད་པར་བྱས་ལ། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་བྱེད་དགོས། དེ་བྱེད་པ་ལ་ཡུལ་ཞིང་ཁང་ཁྱིམ་ཉེ་དུ་འབྲེལ་པ་གང་ལ་ཡང་མ་ཆགས་པར་རབ་ཏུ་བྱུང་དགོས་པར་འདུག་སྙམ་ནས་ལོ་བཅུ་གཅིག་ལ་གུང་སུ་མཁར་སློབ་དཔོན་སྟོན་ཡེས་ལ་ཆོས་སྒོར་ཞུགས། བཅུ་བདུན་ལ་མཁན་པོ་བྱང་ཆུབ་སེམས་དཔའ་ཅན་དུ་དགེ་ཚུལ་བྱས། ཉི་ཤུ་པ་ལ་མཁན་པོ་བཟད་པ་ཅན་དུ་བསྙེན་རྫོགས་བྱས་ནས་


PS001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་དང་མཁན་འབྱར་གཉིས་ལ་འདུལ་བ་དང་མདོ་རྩ་ལོ་གསུམ་ཉན། དེ་ནས་མཁན་པོ་ལ་ཉི་ཁྲི་ལེ་བརྒྱད་མ་ནས་ཤེར་སྙིང་ཡན་ཕར་ཕྱིན་རྣམས་ཉན། འབྲེལ་ཆུང་ལ་བཤད་པ་མང་དུ་བྱས། སློབ་དཔོན་ཨེ་པ་ལ་ཚད་མ་རྣམ་ངེས་དང་ཚད་མ་ཆོས་མཆོག །དབུ་མ་ཚར་གསུམ། བསླབ་བཏུས། སྤྱོད་འཇུག་དང་བཅས་པ་མང་དུ་ཉན། བླ་མ་གྲགས་པ་རྒྱལ་མཚན་ལ་རྒྱུད་གདམས་ངག་དང་བཅས་པ་ཞུས། ཞི་བྱེད་དང་ཕག་མོའི་ཆོས་དྲུག་ཁ་རག་སྐོར་གསུམ་དང་། ནཱ་རོའི་ཆོས་དྲུག །སོ་ཆུང་བའི་གདམས་ངག་རྣམས་མང་དུ་ཞུས་ཀྱང་གཞུང་དང་གདམས་པའི་སྤྲོས་པ་ཨན་ཙམ་མ་ཆོད་པར་ད་དུང་ཐོས་པ་ཨན་ཙམ་བྱ་དགོས་སྙམ་ནས་གསེར་དང་དར་ཟབ་མང་པོ་གྲབ་བྱས་ནས་ཆོས་ཉན་དུ་འགྲོ་སྙམ་ཙ་ན། ལ་སྟོང་འཁྱམས་པོ་བ་བྱ་བ་ཐོས་པ་མང་པོ་སྟབས་གཅིག་ཏུ་བྱས་པའི་མཆེད་གྲོགས་གཅིག་ཡོད་པ་དེ་གུང་བུ་མཁར་དུ་བྱུང་ནས། ནམ་སྲོད་ལ་ཁོ་ཇ་ལྷ་བ་ཚོས་བྱས་པའི་ཇ་གོར་ལ་ཆོས་ཀྱི་ལོ་རྒྱུས་མང་དུ་བྱས་པས། ཁོ་ན་རེ་ཐོས་པ་ཡང་དེ་ཙམ་ཡིན། ཤེས་བྱ་ལ་མཐའ་ཆོད་དུས་མེད་པས་སྨིག་རྒྱུ་དང་འདྲ། ད་སྒྲུབ་པ་གཅིག་


PS001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པ་ཁེ་ཆེ། ངས་དབུས་གཙང་ཁམས་གསུམ་དུ་ཕྱིན་ནས་བླ་མ་མང་དུ་བཙལ། ཁྱད་པར་ཆོས་རྗེ་འབྲི་གུང་པ་དང་། དྲིན་ཅན་སྐྱེར་སྒང་པ་དང་། མདོ་པོ་བ་དང་། ས་སྐྱ་པ་རྣམས་བསྟེན་པ་ཡིན་ཏེ། གང་བས་ཀྱང་སྒོམ་བའི་སྟོབས་དང་ཡོན་ཏན་ཀུན་ལས་ཆེ་བ་མཚུར་ཕུ་ན་བླ་མ་སྐྱེར་སྒང་པ་བྱ་བ་སངས་རྒྱས་དངོས་བཞུགས་ཤིང་འདུག་པས་དེར་འདེངས། ངས་ཀྱང་ཨན་ཙམ་གཅིག་བསྡད་པས་སྒྱུ་ལུས་ཀྱི་དགེ་སྦྱོར་བཟང་པོ་བྱུང་ཟེར་ནས་རྣམ་ཐར་ཐོས་པ་ཙམ་གྱིས་མཆི་མ་ཁྲག་ལྟར་འཛག་པའི་མོས་གུས་ཆེན་པོ་ཡང་སྐྱེས། མྱུར་དུ་མཇལ་བའི་སྨོན་ལམ་དང་གསོལ་བ་དྲག་པོ་ཡང་བཏབ། དེ་ནས་སང་འགྲོ་གནང་འགྲོ་ལ་སྟོན་ཐོན་པའི་དཔྱིད་སྐྱེར་སྒང་དུ་མཇལ་མ་ཐག་ཏུ། བླ་མའི་ཞལ་ནས། ཁ་ནིང་སྟོན་ཀ་རི་པོད་སྟི་གཅིག་གི་ཁང་པའི་སྟེང་ན་ནམ་སྲོད་ན་ཇ་གོར་གཅིག་ནར་མ་ལ་མཁར་སྐྱ་ཕྱང་ངེ་བ་ལ་གསོལ་བ་འདེབས་པ་དེ་ཀ་ཁྱོད་དུ་འདུག་པས། སང་འོང་གནང་འོང་ལ་དེ་ལས་མི་ཐོན་པ་ཅི་ཙུག་སོང་ཟེར་བས། དེ་བྲེལ་བ་གཅིག་གིས་མ་ཐོན་པ་ལགས། ད་བླ་མ་ཤངས་


PS001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་རྣམས་མ་ལུས་པར་ཞུ་དགོས་བྱས་པས། སྤྱིར་བླ་མ་ཤངས་པའི་ཆོས་འདི་དཔའ་བོ་དང་ཌཱ་ཀི་དངོས་སུ་འདུ་བ་ཡིན་པས་བཀའ་དོག་པར་ཡོད་དེ། ཁྱོད་ལ་ཆིག་བརྒྱུད་རྣམས་མ་ལུས་པར་བྱ། ཁྱོད་ཀྱི་སློབ་དཔོན་ཞང་བཙུན་དེ་ལ་ངས་ཕན་བཏགས་ནས་ཡོད། ཁོ་སྐྱེ་བ་སྔ་མ་རྒྱ་གར་དུ་སློབ་དཔོན་སྔགས་པ་གཅིག་གི་ཆུང་མ་ལ་གཤེ་པའི་རྣམ་སྨིན་གྱིས་སྨྱོ་བ་ཡིན་ཏེ། རྐྱེན་ལོ་རོ་རྒྱལ་པོས་བྱས་ནས་ཁོང་ལ་གནོད་པ་སྐྱེལ་ཅིང་མཆོད་རྟེན་གཅིག་གི་འོག་ཏུ་འགྲོ་ཞིང་འདུག །ངས་རྒྱལ་པོ་དེ་བརྟུལ་ནས་ཡོད། མྱུར་དུ་འཆི་བར་འདུག་པ་ལ་ལོ་གསུམ་གྱི་ཚེ་བསྲིང་ནས་ཡོད་གསུངས། དེ་ནས་མཚོན་ཆ་ཅན་གྱི་དབང་བསྐུར་ཞུས། ཕྱག་རྒྱ་ཆེན་པོའི་ཁྲིད་མཛད་ནས་དབྱར་སྐྱེར་སྒང་དུ་བསྡད། དེའི་དུས་སུ་སྒྲོལ་མ་དཀར་མོ་དེ་ཞལ་མཐོང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གསུངས། དེ་ནས་སྒྱུ་ལུས་ཀྱི་ཁྲིད་བྱས་ནས་ཡེངས་པ་མེད་པར་བསྒོམས་པས་དགེ་སྦྱོར་བཟང་པོ་བྱུང་། མཚུར་གྱི་མདོར་རྒྱགས་གྱི་ན་རྩམ་བླངས། འཕྲང་འཇིགས་པ་ཅན་དང་འཁྲུག་པའི་གསེབ་ཏུ་ཉལ་བསྡད་པས། མི་མང་པོ་


PS001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་བཙུན་པ་ཁྱོད་སྲད་མ་ཅན་གཅིག་སྐྱེལ་མ་མེད་པ་འཕྲང་དང་དམག་གསེབ་ཏུ་མ་སྡོད་དགྲ་འོང་ཟེར་བ་ལ། རང་གཞན་དགྲ་གཉེན་འཐབ་རྩོད་ལ་སོགས་པ་ཐམས་ཅད་མི་བདེན་པའི་རང་བཞིན་དུ་འདུག་སྙམ་ནས་སྒྱུ་མ་རང་ཤར་བཟང་པོ་ཡང་བྱུང་། སྣང་བ་ཐམས་ཅད་བདེན་མེད་དུ་རྟོགས་པའི་སྟོབས་ཀྱི་དགྲ་དང་འཇིགས་པ་ཡང་མ་བྱུང་། མདོར་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་མི་བདེན་པར་འོལ་གྱིས་ཐལ་ཏེ། དེ་ནས་བདག་འཛིན་འདི་གཏིང་ནས་བློ་ཡིས་ཐོངས་པ་གཅིག་བྱུང་ཡང་། སྔོན་གྱི་ལས་ངན་གྱི་ཤུགས་གཅིག་གིས་ལན་པ་འདྲ། གསང་བའི་གེགས་ཅིག་བྱུང་ནས། ང་ལ་བླ་མའི་མོས་གུས་དང་དགེ་སྦྱོར་གྱི་སྐྱེ་ཚུལ་འདི་ལྟ་བུ་ཡོད་པ་ལ་གེགས་འོང་མི་ཐང་སྙམ་ཙ་ན། རྨི་ལམ་དུ་མི་ནག་པོ་གཅིག་བྱུང་ནས། སྐྱེ་བ་མང་པོའི་སྔོན་རོལ་ཏུ། ལས་ངན་གཅིག་གི་རྣམ་སྨིན་ཡིན། ཟེར་ནས་མི་སྣང་བར་ཐལ། དེ་ནས་བླ་མའི་སྤྱན་སྔར་ཕྱིན་ནས་ང་ལ་དགེ་སྦྱོར་གྱི་སྐྱེ་ཚུལ་དང་། བླ་མའི་མོས་གུས་ཐུན་མོང་མ་ཡིན་པ་འདི་ལྟ་བུ་ཡོད་པ་ལ་འོང་མི་ཐོང་བའི་གེགས་


PS001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱུང་ཞུས་པས། བླ་མའི་ཞལ་ནས། མདང་མི་ནག་པོ་གཅིག་བྱུང་བ་དེ་མགོན་པོའི་འཁོར་ཡིན། དེས་ཟེར་བ་བཞིན་དུ་ཁྱོད་ཀྱི་སྐྱེ་བ་མང་པོའི་སྔོན་རོལ་དུ། རྒྱ་གར་དུ་བྲམ་ཟེ་གཅིག་ཏུ་སྐྱེས་བའི་དུས་སུ་རུས་གཅིག་པ་ལ་ཤི་ལ་ནོངས་པའི་ལས་ངན་གྱི་འབྲས་བུས་ད་རེས་དགེ་སྦྱོར་བཟང་པོ་སྐྱེས་པས་འདིར་གསང་བའི་གནས་སུ་སྨིན་པ་ཡིན། ད་ཚེ་འཁོར་བ་ཐོག་མ་མེད་པ་ནས་ལས་ཀྱི་རྣམ་སྨིན་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་འགྲོ་བར་འདུག །གེགས་འདི་སེལ་བའི་བླ་མ་གཅིག་དང་མཇལ་བར་འཇུག་ཅིག །གསུངས་ནས་ངའི་འདས་མ་འོངས་ཀྱི་སྐྱེས་རབས་དང་། བླ་མ་རང་གི་འདས་མ་འོངས་ཀྱི་འཁྲུངས་རབས་གཉིས་པོ་ཐོ་རེ་བ་གཅིག་སྔ་མ་བས་ཀྱང་ནན་ཏན་དང་བཅས་ནས་གསུངས། ཁྱོད་ཀྱི་དགེ་སྦྱོར་གྱི་སྐྱེ་ཚུལ་འདི་ལྟ་བུ་སུ་ལའང་བྱུང་བ་མེད་པས། ལོ་ཟླ་ཙམ་གྱིས་སངས་རྒྱ་བ་ཡིན་པས་ལེ་ལོ་མ་བྱེད། སྤྱིར་བླ་མ་ཤངས་པ་ལ་རྒྱ་གར་ན་བླ་མ་བརྒྱ་དང་ལྔ་བཅུ་ཡོད་པ་ལས། དེ་རྣམས་ཞལ་འཆམ་པར་ཁྱུང་པོ་རྣལ་འབྱོར་ཁྱོད་དགེ་སྦྱོར་སྐྱེ་ཚུལ་བཟང་པོ་ཡིན། ཁྱོད་ཀྱི་འདི་ལྟ་


PS001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱ་གར་ཤར་ནུབ་གར་ཡང་མ་བྱུང་ཟེར་བར་འདུག །བླ་མ་ཤངས་པའི་ཞལ་ནས་རིན་ཆེན་བརྩོན་འགྲུས་ཀྱི་དགེ་སྦྱོར་སྐྱེ་ཚུལ་འདི་ལྟ་བུ་ང་ལ་ཡང་མ་བྱུང་བས་ང་ལས་ཁྱོད་བཟང་འདུག་པས་ང་བ་ཡིན། དབོན་སྟོན་ཁྱོད་མཛོ་ཡིན་པས་བ་ལ་མཛོ་སྐྱེས་བྱ་བ་ཡིན་ནོ་གསུངས་སོ། །ང་ལ་དགེ་བཤེས་ཡོལ་པ་ཁྱོད་ཡོན་ཏན་གྱི་འཆར་ཚུལ་བཟང་བ་ཡིན་པས་རང་གཞན་གྱི་དོན་ཐམས་ཅད་མྱུར་དུ་འགྲུབ་ནས་འོང་བར་འདུག་གོ་གསུངས། དེ་ནས་ཡང་ཅུང་ཞིག་ལོན་ཙ་ན། དགོངས་ཅིག་མགོན་པོའི་གཏོར་དབང་མཛད། ཞལ་གདམས་ལྷག་མ་རྣམས་གནང་ནས། ད་མགོན་པོ་འདི་ཁྱོད་ལ་བྲན་བཞིན་དུ་ཉན་ཅིང་། ཞལ་མྱུར་དུ་མཐོང་བར་འདུག་ཅིག་གསུངས་སོ། །དེ་ནས་ཡང་ནང་པར་ནམ་ལངས་ཁར་སོང་ཙ་ན། བླ་མའི་ཞལ་ནས་ཕྱིར་བསེང་པ་ལ་འདོང་གསུངས་ནས་ཕྱིན་པའི་དུས་སུ་ནག་ཧྲང་པ་ཡ་ཀི་ལྟོས་དང་གསུངས་ནས་བལྟས་པས། ཡེ་ཤེས་ཀྱི་མགོན་པོ་མེ་དཔུང་འབར་བའི་ཀློང་ན་ཞབས་གཉིས་འགྲོ་འཕྲོ་ལ་འཆམས་པ་འདྲ་བ། ལྗགས་འདྲིལ་ཞིང་ཞལ་ལ་ཧེ་བྱས་


PS001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདྲ་བ་གཅིག་བཞུགས་ཤིང་འདུག་པ་ཞལ་མཐོང་ངོ་། །དེ་ནས་ཀྵེ་ཏྲ་པ་ལས་མི་སྙིང་དམར་ཙ་རེ་བ་གཅིག་ཁྱེར་ནས་གཙོ་བོ་ལ་སྟོབ་ཅིང་འདུག་པས། བླ་མ་ལ་འདི་ལྟ་བུ་གཅིག་གདའ་ཞུས་པས། ངས་མ་ཚོར་བར་ཀྵཱེེ་ཏྲ་པཱ་ལ་འདིས་མི་བསད་ནས་འོང་བ་མི་གཅིག་ཆུ་བསྐོར་ལ་གནོད་པ་བྱས་པ་མིན་ནམ་ལྟོས་དང་གསུངས་ནས་བལྟས་པས། སྟེ་སྦད་བརྐུས་ནས་ཕྱིན་པས་ཁོ་ཕ་ཚད་ལ་ལྟག་པ་ཆག་སྟེ་ཤི་ནས་འདུག །དེ་ལ་བླ་མས་བདུན་ཚིགས་མཛད་ངས་ཀྱང་གྲོགས་བྱས། དེ་ནས་ཡང་བླ་མའི་ཞལ་ནས་ངས་མར་མེ་གཅིག་ནམ་མཁའ་ལ་ཁྱེར་བའི་འོད་གཅིག་ཁྱོད་ལ་ཕོག་ནས་ཡོད་པས་དམིགས་པ་འདི་བསྒོམ་ལ་གསོལ་བ་ཐོབ་དང་དགེ་སྦྱོར་བཟང་པོ་གཅིག་སྐྱེ་བར་འདུག་གསུངས་ནས། བྲག་ཁ་གཅིག་ཏུ་གསོལ་བ་དྲག་པོ་གདབ་བས་སུ་ཀ་མ་སིདྡྷི་བྱོན་ནས་རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ་ལན་གསུམ་གསུངས་ནས། རྟོག་པའི་ངོ་བོ་ལ་དེ་ལས་བོགས་འདོན་རྒྱུ་མ་བྱུང་། ཡང་ཉིན་གཅིག་སྐར་ཆུང་པའི་བཙུན་ཆུང་གཅིག་གིས་དྲོ་བྱས་ཇ་ཕུད་བཀོལ་ནས་ཁོ་ཕྱིར་སོང་། དེའི་དུས་སུ་སྒྱུ་ལུས་ལ་འདུན་པ་བཏང་བའི་དུས་སུ་


PS001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཚོ་དར་ལ་བབས་པ་ལོ་བཅུ་དྲུག་ལོན་པ་རིན་པོ་ཆེས་བརྒྱན་པ་གསུམ་བྱུང་ནས། ང་ལ་ཕྱག་དང་བསྐོར་བ་མང་དུ་བྱེད་ཅིང་འདུག་ནས་ཁྱོད་རྣམས་སུ་ཡིན་བྱས་པས། ངེད་རྣམས་ཆུ་བདག་བ་རུ་ཎ་བྱ་བ་ཡིན། ཆར་འབེབས་དང་ནོར་སྒྲུབ་ཀླུ་དང་ས་བདག་འདུལ་བའི་ཐབས་ཚིགས་ཆུང་ལ་དོན་ཆེ་བ་འདི་ཡང་འབུལ། དུས་ད་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ་བླ་མ་དུས་གསུམ་སངས་རྒྱས་ཁྱེད་ལ་ཅི་དགོས་པ་ཐམས་ཅད་བསྒྲུབ་པ་ཡིན་པས་སྐད་ཅིག་ཀྱང་མི་འབྲལ་ཞིང་ཐུགས་རྗེས་གཟིགས་པ་ཞུ་ཞེས་ཟེར་ནས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལན་གསུམ་དུ་སྦོད་ནས་བསྐོར་བ་བདུན་བྱས། མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མི་སྣང་བར་ཐལ། ཚོགས་སུ་ཆོས་ཉན་དུ་ཕྱིན་ཙ་ན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དེ་ཡང་བླ་མ་དང་དུས་མཉམ་དུ་ཞལ་མཐོང་། དེ་དུས་སུ་བླ་མའི་ཞལ་ནས་མི་དཀར་པོ་ཕུབ་དང་ཞོལ་དུ་བཅས་པ་གཅིག་འདུག་སྟེ་སུས་ངོ་ཤེས་གསུངས་པ་ལ་ཁོ་བོ་མིན་པ་ངོ་ཤེས་པ་མ་བྱུང་ངོ་། །ཕྱག་བཞི་པ་གཙོ་འཁོར་དང་བཅས་པ་དང་། ཁ་སར་པཱ་ཎི་ཡང་ཞལ་མཐོང་ངོ་། །ཆོས་ཀྱང་མང་དུ་གསུངས། དགྱེས་


PS001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དཀར་དམར་མཐིང་གསུམ་ཡང་ཞལ་མཐོང་། ཟླ་བའི་ནང་དུ་རྗེ་བཙུན་མ་ཕག་མོ་བྱོན་ནས་བྱིན་རླབས་འཕེལ་ཐབས་ལ་སོགས་པ་གསུངས། དེ་རྣམས་ཉམས་སྣང་ནི་མ་ལགས། དེ་ནས་རྒྱགས་གཅིག་བླངས་ནས་སྟོན་སྐྱེར་སྒང་དུ་བསྡད་པས་གསང་སྔགས་ཀྱི་རྗེས་སུ་ཡི་རང་ལ་སོགས་པའི་ལྷག་མ་གཅིག་ཀྱང་མ་ལུས་པར་གནང་། དེ་དུས་བླ་མ་རང་གི་སྐྱེས་རབས་དང་། ངའི་འདས་མ་འོངས་ཀྱི་སྐྱེས་རབས་སྔར་བས་ཞིབ་རྒྱས་དང་བཅས་པ་དང་། ཚེ་འདིའི་ཚེ་ཚད་དང་བཅས་པ་ཡང་གསུངས། ཡང་བླ་མའི་ཞལ་ནས། ཐང་སྔོ་ཆམ་པ་གཅིག་གི་དཀྱིལ་ན། རི་པོ་ཏོ་གཅིག་འདུག །དེའི་ཁར་ཁྱོད་ཀྱི་དགོན་པ་འོང་བར་འདུག་པས། དེའི་དུས་སུ་སྦས་པའི་རྣལ་འབྱོར་གྱིས་ལ། ཆང་འཐུང་། དགོང་གཏོར་ཟོ། འཁོར་སྣ་ཚོགས་སུ་བསྟེན། ཁོང་བཙུན་པ་ལ་མི་བརྩི་བར་འདུག་ཟེར་བ་ཡང་འབྱུང་ངོ་། །གོས་བཟང་པོ་མ་གོན་པར་དུག་པོའི་གསེབ་ན་སྟག་ཏུ་ཉལ་བ་གཅིག་གྱིས་ལ། ཆོས་ཐམས་ཅད་ཀྱི་མགོ་སེམས་བསྐྱེད་དང་། མཇུག་ཏུ་བསྔོ་བ་མ་བྱེད་སྒྲུབ་ཐབས་དང་གདམས་ངག་ལ་


PS001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆེ་བརྗོད་མ་བྱེད་པར་མི་ཤེས་པ་བཞིན་གྱིས་ལ་སྟོན། སྤྱིར་ཁྱོད་ལ་ཆོས་འབྲེལ་ཐོབ་བ་མང་དུ་འོངས། ཁྱད་པར་དུ་གྲུབ་ཐོབ་ཀྱི་བརྒྱུད་པ་ཟིན་ངེས་ཤེས་པའི་སློབ་མ་བཅུ་ཐམ་པ་འོང་བར་འདུག །ངའི་རྨི་ལམ་ལ་བླ་མ་ཤངས་པའི་རིང་བསྲེལ་ཨན་གཅིག་འདུག་པ་མི་ལག་དེང་དེང་བྱེད་པ་བཅུ་ཐམ་པ་བྱུང་ནས། དེ་རྣམས་ཀྱིས་རིང་བསྲེལ་རེ་རེ་ཁྱེར་ནས་སོང་། ཁྱེད་རྣམས་སུ་ཡི་འཁོར་ཡིན་བྱས་པས། དེ་རྣམས་ན་རེ། སངས་རྒྱས་གཉན་སྟོན་གྱི་འཁོར་ཡིན་ཟེར་བས། ད་གདོད་ཁྱོད་ལ་སངས་རྒྱས་གཉན་སྟོན་དུ་གྲགས་པ་གཅིག་ཡོད་བར་འདུག །ཚོགས་པ་བརྒྱ་ཚོ་སྟོང་ཚོ་བས་སློབ་མ་རེ་རེས་དགའ་བ་ཡིན། ད་རེས་སྐྱེ་བ་འདི་ལ་འོ་སྐོལ་གཉིས་ལས་ཕུན་སུམ་ཚོགས་པའི་གདུལ་བྱ་མེད། སྐྱེ་བ་འདིའི་ཕྱི་མ་ལ་གདུལ་བྱའི་ཞིང་ཁམས་འཁོར་དང་སྐུ་ཚེའི་ཚད་མཛད་པ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཕུན་སུམ་ཚོགས་པ་རྒྱུན་ཆད་མེད་པར་དཔག་པར་དཀའ་ཞིང་། བརྗོད་པར་མི་ནུས་པ་སེམས་ཅན་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་བྱེད་པར་འདུག་པས་ཐེ་ཚོམ་དང་ཡིད་གཉིས་མི་དགོས་པར་འདུག་གོ། །


PS001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་འདིར་ཡང་ཁྱོད་མཐོང་བ་དང་། ཐོས་པ་ཐམས་ཅད་ངན་འགྲོ་ལོག་པར་མི་ལྟུང་། ཆོས་འབྲེལ་ཐོབས་པ་དང་། མོས་གུས་ཡོད་པ་ཐམས་ཅད་སྐྱེ་བ་ཕྱི་མ་ལ་ཞིང་ཁམས་རྣམས་པར་དག་པར་འཁོར་གྱི་དང་པོར་གྱུར་ནས་བདུད་རྩི་འཐུང་བར་གདའ། ཉམས་རྟོགས་ཡོང་བ་སྨོས་ཅི་དགོས་གསུངས་ནས་རྣམ་དག་བདེ་བ་ཆེན་པོའི་ལུང་བསྟན་མཐའ་དག་བཀའ་བརྒྱ་དང་བཅས་པ་གསུངས། ད་ལྟ་ཡང་དབུས་གཙང་ཁམས་གསུམ་གྱི་གྲྭ་པ་འདི་རྣམས་ཀྱི་ནང་ནས་ཁྱོད་རང་ཆིག་བརྒྱུད་ཡིན་པས། བླ་མ་ཤངས་པའི་གདམས་ངག་ཁྱད་འཕགས་རྣམས་གཞན་ལ་གཅིག་ཀྱང་མ་བྱིན་པར་ཁྱོད་རང་ལ་སྤུངས་པ་དེ་ཡིན་གསུངས་ནས་དབུ་བསྙུང་ཀྱང་གནང་། གདམས་པའི་གནད་རྣམས་ཟིན་བྲིས་བྱས་ནས་སྤྱན་སྔར་ཞུས་དག་ཀྱང་བྱས། ང་ལས་གདམས་ངག་ཆེ་བ་མེད་སྙམ་པའི་ང་རྒྱལ་ཡང་བྱུང་། སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་དུ་བསྡད་ནས་སྒྲུབ་པ་ཚུལ་བཞིན་བྱས། བླ་མའི་ཐུགས་དགོངས་ཀྱང་རྫོགས་པར་བྱུང་བ་ལགས། དེ་ནས་འབྲི་གུང་དུ་བླ་མ་གཙང་པ་ཅན་དུ་ཕྱིན་ནས་གདམས་པ་ཞུས་ཀྱང་གེགས་ཨན་ཙམ་དེ་ལ་ཕན་པ་མ་བྱུང་ནས། ཡོལ་དུ་


PS001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་སྟེ་གུང་བུ་མཁར་དུ་ཚོགས་འཁོར་གཅིག་བྱས་པའི་དུས་སུ་ཐོད་པ་རྒྱན་ནེའི་ཞལ་ནས་ཚོགས་འཁོར་ད་བཟང་སྟེ་འདི་རྣམས་ཞིང་མ་དག་གསུངས། དེས་ན་ཞིང་དག་པ་གལ་ཆེ་བར་འདུག །དེ་དུས་སུ་རྗེ་བཙུན་མ་དེས་ཟས་ནོར་འདུ་བ་ལ་སོགས་པའི་གདམས་པ་ཡང་ཞུས། དེ་ནས་ཤུ་ལོ་སྤང་ཁར་ཕྱིན་ནས་ད་ཡང་ན་ཤི་བ་གཅིག་དང་། ཡང་ན་གེགས་འདི་སེལ་ནས་སངས་རྒྱས་པ་གཅིག་ལ་གཏད་དགོས་སྙམ་ནས་ལོ་གསུམ་མཚམས་དམ་པོ་བྱས་ནས་བསྒྲུབས་པས། དེ་དུས་ཉིན་གཅིག་ལྡང་སྙིང་འདོད་ནས་བལྟས་པས། རྣལ་འབྱོར་པ་གཅིག་བྱུང་ནས། ཁྱོད་ག་ནས་འོང་། བླ་མ་སུ་ཡིན་ཅི་ཤེས་བྱས་པས། ང་རྒྱ་གར་ནས་འོང་། བླ་མ་དུར་ཁྲོད་པ་བྱ་བ་ཡིན། འཆི་མེད་ཀྱི་འཁྲུལ་འཁོར་ཤེས་ཟེར། འོ་ན་གདམས་ངག་དེ་ཞུ་དགོས་བྱས་པས། འདི་རྒྱལ་པོའི་ཆོས་ཡིན། ལོངས་སྤྱོད་ཆེན་པོ་དགོས་ཟེར། འཁྲུལ་འཁོར་རེ་ལ་ཚོགས་འཁོར་བཟང་བ་རེ་དང་གསེར་སྲང་རེ། གོས་ཆེན་ཡུག་རེ་དགོས་ཟེར་ནས། ཆོས་དེ་ཆ་རྐྱེན་གྱིས་མི་ལྕོགས་པ་འདུག་པས་མི་ཞུ་སྙམ་ཙ་ན། ཁམས་པའི་སློབ་མ་མང་པོ་ཡོད་པས་ཁོང་རྣམས་ན་རེ།


PS001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རང་ཞུས་ཆ་རྐྱེན་གང་དགོས་ངེད་ཀྱིས་བསྒྲུབ་ཀྱིས་ཟེར། འཆི་མེད་འཁྲུལ་འཁོར་ཞུས་པའི་ནུབ་མོ་ནས་སྔར་གྱི་གེགས་རྣམས་རང་དག་ལ་སོང་། དེ་ནས་ཟླ་བ་བདུན་ནས་འཆི་མེད་འཁྲུལ་འཁོར་ཚར་བར་མཛད་ནས། ཁྱོད་རང་ཆ་རྐྱེན་རྣམས་ཚོགས་པར་གྱིས། ངས་ལྷ་ས་བསྐོར་ནས་འོང་གིས་གསུངས་ནས་ལྷ་སར་བཞུད། ཡར་ལ་འཁོར་བ་དང་གསེར་གཡུ་དང་དར་ཟབ་མང་པོ་ཕུལ་བས་ང་ལ་ལོངས་སྤྱོད་ཀྱིས་དགོས་པ་མེད། ཁྱོད་དམ་ཚིག་དང་ལྡན་མི་ལྡན་བལྟས་པ་ཡིན། ངའི་བླ་མ་དུར་ཁྲོད་ནག་པོ་དེས་རྫུ་འཕྲུལ་གྱིས་ནང་ཁོད་རྒྱུད་གསུམ་དུ་ལན་གཅིག་བྱོན་པས་སྣོད་ལྡན་མི་འདུག་གསུངས་ནས་རྒྱ་གར་དུ་ཚུར་བྱོན་པ་ཡིན། ང་ལ་བླ་མའི་ཞལ་ནས་ཁ་རག་ཤར་ཕྱོགས་སུ་ཕྱིན་པ་ན་གདུལ་བྱ་འདི་ལྟ་བུ་ཞིག་ཡོད་པ་དེ་ལ་འཆི་མེད་ཀྱི་གདམས་པ་འདི་རྣམས་སྟོན་ཅིག་གསུངས་ནས། བླ་མ་དུར་ཁྲོད་ནག་པོས་ལུང་བསྟན་བྱུང་བས། རྒྱ་གར་ནས་འདིར་ཁྱོད་ལ་ཆོས་སྒོ་སྐྱེལ་དུ་ཡོང་པ་ཡིན་གསུངས་ནས་འབུལ་བ་གཅིག་ཀྱང་མ་བཞེས་པར་བཞུད་དོ། །བླ་མ་ལ་སྟོད་མགོན་པོ་དེ་


PS001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཤིན་ཏུ་ཆེ། རྒྱ་གར་ནས་ང་ལ་ཆོས་སྒོ་སྐྱེལ་དུ་ཡེ་རེ་བྱོན་པ་ལགས། དེ་དུས་སུ་རྗེ་བཙུན་མ་ཞལ་གཅིག་མས་གདམས་ངག་གི་གནད་མང་དུ་གསུངས། དུས་དེ་ནས་བཟུང་སྟེ་འདུ་འབྲལ་མེད་པར་ཞལ་མཐོང་ངོ། །དེ་ནས་སྟོན་ཀ་གཅིག་རི་གོང་དུ་སྐྱོ་སངས་ལ་ཕྱིན་པའི་དུས་སུ་ཤ་དང་། ཇ་འབུལ་བ་བྱུང་ནས་སྤྱིལ་པོ་གཅིག་བརྩིགས་ནས་ཞག་གསུམ་བསྡད། མཛོ་མོ་གཅིག་ཀྱང་ཚག་བྱས་དེར་མི་འགའ་ཟུང་ཀྱང་བྱུང་། རྒྱ་སྒོམ་ན་རེ། བླ་མས་ལུང་བསྟན་པའི་དགོན་པ་དེ་འདིར་འོང་བར་འདུག་ཟེར་བ་ཡིན་ཏེ་ཕྱིས་ཁོས་བྱས་པ་ལྟར་བྱུང་། དེ་ནས་ཕྱུགས་འགའ་ཡང་འཕེལ་བས། སྐབས་སུ་ཀྵཱེ་ཏྲ་པཱ་ལས་འཚོ་སྐྱོང་བྱེད་ཅིང་འདུག་ནས། ཁྱོད་ཀྱིས་ཕྱུགས་འདི་རྣམས་བདག་ཏུ་མ་བཟུང་སྡིག་ཆེ་བྱས་ནས་མ་བཏང་བ་ཡིན་ཏེ། ཚོང་ཉེས་ཚུན་ཆད་ཀྱི་ཕྱིར་འགྲོ་བ་གཅིག་བྱུང་། གཞན་སྨོས་ཅི་དགོས་ཏེ་ངས་རྒྱུན་དུ་ངར་བཅག་པས་ཕྱིས་ཉན་པ་བྱུང་། དེ་ནས་ལོ་གཅིག་ལོན་ནས་བཟད་པས་དགྲ་བྱས་ནས་མཛོ་ཁྱེར་བ་ལ་ངས་རྦད་པ་དང་བསྐུལ་བ་གཅིག་ཀྱང་མེད་དེ། མགོན་པོ་ཕྱག་དྲུག་པ་


PS001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་ཡུལ་ལྷ་ཀླུ་སྨན་དང་བཅས་པའི་དམག་ཚོགས་ཆེན་པོ་བྲག་ལྷ་ནས་ཕར་ལ་མི་ཤོང་བ་ཙམ་སོང་བ་ཡིན། དགྲ་ལ་ཉེས་པ་ཆེན་པོ་བྱུང་ཟེར་ནས་བབས་བྱས། དེ་ནས་ཅུང་ཟད་ཞིག་ལོན་པའི་དུས་སུ་ཉིན་མ་ཕྱེད་ཀྱི་དུས་སུ་སྟེང་ན་ཡོད་པ་ལ་ལུག་རྫིས་འབར་བ་འདྲ། ནངས་པར་ནམ་ལངས་པ་དང་ཏྲཀྵད་མ་འདི་སེང་གེ་ལ་ཆིབས་ནས་ཕྱག་བཞི་མཚོན་ཆ་སྣ་ཚོགས་ཐོགས་ནས་བྱུང་སྟེ། མི་སྙིང་དམར་ཙ་རེ་བ་གཅིག་ངའི་ལག་ཏུ་བསྐྱུར་བྱུང་ནས། ཁར་སང་ལུག་རྫི་དེས་སློབ་དཔོན་ལ་འབར་ཞིང་འདུག་པས། དེ་བསད་པ་ཡིན་ཟེར་གྱི་འདུག་ནས། ཁྱོད་སྤྱིར་ཡང་མི་མ་བསོད། ཁྱད་པར་དུ་ཡང་ལུག་རྫི་མ་གསོད་ཅིག་བྱས་ནས་བཅུན་པ་ཡིན་ཏེ་སང་ཉི་མ་དྲོས་པ་དང་ཁྲག་སྐྱུགས་ནས་ཤི་འདུག །དེ་ལ་ངེས་བདུན་ཚིག་བྱས་སྙིང་རྗེ་དྲག་པོ་ཡང་སྐྱེ་བར་བྱུང་། ཡང་བཟད་པ་མང་ཚན་དང་ཉུང་ཚན་གཉིས་འདུམ་བྱེད་པས་དཔོན་གནས་དང་ཁྱོད་གཉིས་ཤོག་ཟེར་བས་བློན་ཟུར་དུ་ཆར་པ་བྱུང་ནས་དེར་གབ་པས། སྔགས་པའི་ཆ་བྱད་རྟ་ནག་རྟིང་དཀར་ལ་ཆིབས་པ། ལག་ན་ཐོད་པ་དང་ལྕགས་ཀྱི་ཐོ་ལུམ་ཐོགས་པ་གཅིག་བྱུང་ནས། ཡར་གཤེགས་དང་ངས་


PS001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་ཀྱི་མཚམས་དེ་བསྐྱེལ་ནས་ཡོད་ཟེར། དེ་ཅུག་ཡིན་བྱས་པས། སློབ་དཔོན་ཡོལ་ལ་ཞེན་ཨན་རེ་འདུག་པས་མཚམས་དེ་མ་བསྒྱེལ་ན་ཡོལ་བརླག་ནས་འགྲོ་བར་གདའ་ཟེར་ནས་བྱུང་། དེ་ནས་ཡར་འགྲོགས་ནས་ཕྱིན་ནས་པོ་ཆེར་སླེབ་ཙ་ན། ཁོ་ན་རེ་གཏོར་མ་རེ་ཙམ་ཡང་བྱིན། ངེད་ཀྱང་སྙིང་ཉེ་བ་ཡིན་པས་ལས་བྱས་ནས་ཡོང་ཙ་ན་ལྟོག་པར་ཡང་འདུག་ཟེར། དེ་ས་ཕན་ཆད་དུ་གཏོར་མ་རེ་ཡང་མ་ཆད་པར་བྱས། དེར་སྔར་སྒྱུ་མ་རང་ཤར་གྱི་སྟོབས་ཀྱིས་ཆོས་སྐྱོང་ལ་མཆོད་པ་ཡེ་མ་བྱས་སོ། །དེ་ནས་བཟུང་ཏེ་ཏྲཀྵད་ཀྱི་འཁོར་དེ་བྲན་བཞིན་དུ་ཉན་པས་སྙིང་ཤིན་ཏུ་ཉེ་བར་བྱུང་བ་ལགས། དུས་ཕྱིས་ཇག་པ་ནས་ཕྱུགས་ཁྱེར་བའི་དུས་སུ་ཆོས་སྐྱོང་རྣམས་འཚུབས་ཅིང་འདུག་པས་ཁྱེད་རྣམས་ཀྱིས་མི་མ་བསོད་ཅིག །ང་ཕྱུགས་ལ་ཞེན་པ་མེད་དོ་བྱས་ནས་གཏན་དུ་འབར་བས། ཆོས་སྐྱོང་གཞན་རྣམས་ཀྱིས་ཉན་ནས་ཇག་པར་ཡེ་མ་སོང་བ་ཡིན་ཏེ། ནང་གཅིག་དྲོ་བར་ཙམ་ན་ཀྵཱེ་ཏྲ་པཱ་ལ་གྲི་གུག་གཅིག་ཁྱེར་ནས་བྱུང་། ཁུང་ཡུག་ལ་ཁར་ཉིན་རི་ཕན་གྱིས་སྣ་དྲངས་པའི་ཇག་པ་བཞི་བསད་ནས་ཡོད་ཟེར་བས། ངས་ཁ་ནིང་ནས་མི་མ་བསད་སྡིག་ཆེའོ་བྱས་པས་ཁྱེད་རྣམས་


PS001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉན་པར་འདུག་བྱས་ནས་དེད་པས། ཁོ་ན་རེ། ངའི་ཕྱུགས་མ་ཁྱེར་བས་སྙིང་ན་བར་བྱུང་། སློབ་དཔོན་ལ་ཉན་པ་ཀས་མི་བཞི་ལས་བསད་པ་མིན་ཟེར་མོད་ཤར་ངོས་ནས་ཕར་ལ་མི་སྣང་བར་ཐལ། སྤྱིར་ཀྵཱེ་ཏྲ་པཱ་ལ་འདི་མི་སྲུན་པ་སྡིག་ཤིན་ཏུ་ཆེ་བ་ཡིན་ཀྱང་། གྲྭ་པ་རྣམས་ཀྱི་བར་ཆད་བསྲུང་ཞིང་མཐུན་རྐྱེན་བསྒྲུབ། ངའི་སར་འོངས་པ་ཐམས་ཅད་ལ་སྐྱེལ་བསུ་བྱེད་པར་འདུག །ཐང་གཅིག་ཉི་མ་དགོང་ཁར་ལྷོ་ངོས་ཀྱི་ལྡུམ་རའི་ཁ་ན་ཡར་བྱུང་བས་ཁྱོད་གར་ཕྱིན་བྱས་པས། ངས་དབོན་རྒྱལ་ལ་དགྲ་ཡོང་བར་འདུག་པས་བསུར་ཕྱིན་པ་ཡིན་ཟེར་ནས་བྱུང་། དེ་སྐད་བྱ་བ་སུ་ཡིན་བྱས་པས། བེར་རེ་ཡིན། མི་རྟ་མང་ཚད་གཅིག་འདིར་ཡོང་བར་ཡོད་ཟེར་ཙ་ན་མྱུར་དུ་བྱུང་། ཡང་དབྱར་ཀ་གཅིག་ཆུ་སྐོར་གྱི་འགྲམ་རྡོ་འགའ་བསྐུར་ནས་འདུག་པ་སུ་ཡིན་མ་ཤེས་ཙ་ན། ལྷ་མོ་རེ་མ་ཏི་དྲེའུ་ཚོ་ཆེ་ལྡན་པ་གཅིག་ལ་ཆིབས། ཕྱག་བཞི་ན་གྲི་གུག་རཱུ་མཚོན་ཐོགས་ནས་ང་ཡིས་དགྲ་བསད་ནས་ཡོད་ཅིང་ཟེར་ཙ་ན། ཁྱོད་ཀྱིས་མི་མ་བསད་དེར་མ་འགྲོ་བྱས་པས། ལྷ་མོ་ན་རེ་ངེད་རྣམས་ལ་མི་བསད་དབང་དང་གར་ཡང་འགྲོ་དབང་མེད་པ་འདི་སྡུག་པར་འདུག །ངའི་ཆུ་སྐོར་བསྒྱེལ་བ་ལ་བཟོད་ཐབས་


PS001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། བླ་མ་ཆེན་པོ་ལ་ཉན་པ་ཡིན་ཅིང་ཟེར་ཀྱང་། དགྲ་དེ་རྣམས་ལ་ཤི་ཆད་དང་ཡུལ་དོན་བབས་ནས་འདུག །ངས་ངར་བཅོག་པ་དང་ཁ་གནོན་པ་གཉིས་ཀ་བྱས་ཀྱང་མ་ཉན་པ་འདྲ། ཡང་ལྷ་མོ་འདི་ངའི་མདུན་དུ་བྱུང་ནས་དཔའ་པོ་དང་ཌཱ་ཀིས་ཞུ་བ་འབུལ་བ་བྱུང་ཀྱང་ལོ་ཤས་བཞུགས་དགོས་ཟེར་ནས་ཞུ་བ་ཡང་ཡང་འབུལ་ཞིང་། སྙིང་ཉེ་ལ་ལུང་བསྟན་དང་མངོན་ཤེས་མང་པོ་སྟོན་པ་གཅིག་གདའོ། །ཡང་དགུན་སྨད་གཅིག་ལྷ་མོ་དང་ཀྵཱེ་ཏྲ་པཱ་ལ་གཉིས་བྱུང་ནས། མགོན་པོའི་སྐུ་གཅིག་བཞེངས་བར་ཞུ་ཟེར་ནས་བྱུང་བས། ཁྱེད་ཀྱིས་མི་མ་བསོད་དང་ངས་མགོན་པོའི་སྐུ་གཅིག་བཞེངས་ཅིག་བྱས་ནས་གནད་ལ་ཕབ་པས་ཨན་ཙམ་ཕན་པ་བྱུང་། མགོན་པོ་ཐམས་ཅད་གནད་ལ་བསྐུལ་བའི་དཔའ་བོ། །ཌཱ་མ་རུ་དང་གཡེར་ཁ་ཐོགས་པ་གཅིག་ཐོ་རངས་བྱོན་ནས་མགོན་པོའི་གཡས་སུ་བཞུགས། དཔའ་མོ་གཡོན་དུ་བཞུགས་འཛུམ་གྱིས་བསུ་བར་གདའ། དེ་ལྟར་དཔའ་བོ་དང་དཔའ་མོ་གཉིས་ཀྱིས་གནད་ནས་བསྐུལ་ཞིང་། འཛུམ་གྱིས་བསུ་བ་ནུས་པ་ཆེ་ལ་བཀྲ་ཤིས་མྱུར་བའི་གནད་ཀྱང་དེ་ལས་འབྱུང་བ་ལགས། སྤྱིར་མགོན་པོ་ཕྱག་དྲུག་པ་འདི་ཡིད་བཞིན་གྱི་


PS001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ཡིན་པས་གསོལ་བ་གང་བཏབ་དང་བསམ་པ་ཐམས་ཅད་འདིས་འགྲུབ་པ་གཅིག་བྱུང་། འདི་བྱིན་རླབས་ཀྱི་མགོན་པོ་ཡིན་པས་བྱིན་རླབས་མྱུར་ཞིང་ནུས་པ་ཆེ་ལ་སྙིང་ཉེ་བ་གཅིག་འདུག་སྟེ། འདི་ལ་ཡིད་ཆེས་པ་གང་གིས་གསོལ་བ་བཏབ་ཀྱང་དེའི་མདུན་དུ་བྱོན་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་བསྲུང་ངོ་ཟེར་ནས་གསུང་ལྷང་ལྷང་བཞུགས་པར་འདུག་སྟེ། སྡིག་སྒྲིབ་ཀྱིས་མི་མཐོང་ཞིང་ཡིད་མི་ཆེས་པར་གདའ། འདི་འགྲུབ་ཐག་ཉེ་བས་ཤ་བ་རི་པ་ནས་ང་ཡན་ཆད་དུ་བྲན་བཞིན་དུ་ཉན་པར་བྱུང་བ་ཡིན་ཅིང་། ངའི་སློབ་མ་བཅུ་དྲུག་གིས་ཀྱང་ཞལ་མཐོང་ནས་མི་བཞིན་དུ་ལབ་པར་འདུག་སྟེ། དེ་ལྟར་སྙིང་ཉེ་ཞིང་ནུས་པ་ཆེ་བའི་སྟོབས་ཀྱིས། འདིའི་འཁོར་མི་སྲུན་པ་ཤ་ལ་དགའ་ཞིང་ཁྲག་ལ་རོལ་པའི་གནོད་སྦྱིན་བཞི། ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་མགོན་པོ་དང་བཅས་པ། ལྷ་མོ་རེ་མ་ཏི་བསྟན་མ་དང་བཅས་པ་རྣམས་ཀྱིས་མི་བསད་ཀྱིས་དོགས་པས་དགྲ་ཡི་ཕྱོགས་སུ་སྐད་ཅིག་ཙམ་ཡང་རྦད་པའི་གཏོར་མ་གཅིག་ཀྱང་གཏོང་མ་མྱོང་དགོང་མོ་རྒྱུན་གཏོར་གྱི་དུས་སུ་ཡང་མི་མ་བསད་ཅིག་བྱས་ནས་ངར་གཏན་དུ་བཅག་པ་ཡིན་ཏེ། ངས་མ་བཅུན་ན་ཕྱེ་ཕུད་ཆང་ཕུད་དང་ཟློག་པ་


PS001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱིན་ཐུ་རཱུ་འགྲོ་བར་འདུག །མདོར་ན་སྡིག་བྱས་ཀྱི་དོགས་ནས་ཡེངས་མེད་དུ་བཅུན་པ་ཡིན་ལགས། དང་པོ་གཉན་མཁར་དུ་མི་བསད་ཡུལ་འཕྲོག་པའི་དུས་སུ་ཡང་སྣང་བ་བདེན་མེད་དུ་རྟོག་པའི་སྟོབས་ཀྱིས་མི་དགའ་བ་གཅིག་ཀྱང་ཡོང་མ་མྱོང་དགྲ་གཉེན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་གི་རྟོགས་པ་གཅིག་ཀྱང་མ་སྐྱེས། དེའི་སྟོབས་ཀྱིས་ཆོས་སྐྱོང་རྣམས་གར་ཡང་མི་གཏོང་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན། ཡང་འཁོར་བར་བཟློག་པར་བྱུང་བའི་ཚེ་སྣང་བ་ཐམས་ཅད་བདེན་མེད་དུ་རྟོགས་པ་གཅིག་དགོས་པར་འདུག་སྟེ། འཁྲུལ་པ་གཞི་མེད་དུ་རྟོགས་པའི་རིང་ལ་སྒྲུབ་པ་གལ་ཆེ་བར་འདུག །ཁྲུས་ཕུར་ཁ་སྨྲས་གཅིག་བཤོལ་རོགས་ལ་ཕྱིན་པའི་ནུབ་མོ་གཅིག་རྨི་ལམ་དུ་མ་ཤེས་ནས་འཁྲུལ་པས་ངའི་རྟོགས་པ་ལ་བར་དོ་མི་ཟིན་པར་འདུག་སྙམ་ནས་གཉིད་གུང་དུ་སྔངས་སྐྲག་གཅིག་བྱུང་ནས། ཁ་ནས་ཨ་ངས་བར་དོ་མི་ཟིན་པར་འདུག་བྱ་བ་གཅིག་ཤོར་བས་གཞན་རྣམས་ཀྱང་གཉིད་སད་ནས། བླ་མ་སྐྱེར་སྒང་པའི་སྤྱན་སྔར་ཕྱིན་ནས་འཁྲུལ་པའི་རྨི་ལམ་དེ་ཀ་ལས་རྨི་མ་མྱོང་བར་གདའ། ལོ་བདུན་ཅུ་དོན་གསུམ་ལ་འབྱུང་བ་འཁྲུག་པའི་ཐོག་ཆེན་པོ་དེ་


PS001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་ཡིན་ཏེ། ཐོག་མདའ་བཅུ་གསུམ་ལྷན་ཅིག་ངའི་སྟེང་དུ་བབས་པ་དང་། དེའི་དུས་སུ་ངའི་ལུས་འདི་སྣང་སྟོང་ཞེན་པའི་དྲི་མ་དང་བྲལ་བའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རང་ཤར་དུ་འདུག་པས། དུས་དེར་མགོན་པོ་དེ་ཉིད་ཀྱང་ཡེར་གྱིས་སླེབ་བྱུང་། མདོར་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པས། གནམ་ལྕགས་འབར་བ་དེ་ཡང་མེ་ཏོག་གི་རྒྱན་བཞིན་གོས་ཀྱི་སྟེང་ན་གསལ་ལ་འཚེར་བ་མེ་དཔུང་གི་རང་བཞིན་དུ་འདུག་པ་ལགས། དེ་ནས་ཨན་གཅིག་ནས་ཡེ་ཤེས་ཀྱི་ཌཱ་ཀི་མ་སྐུ་མདོག་སྨུག་ནག་ཏུ་ཡོད་པ་རུས་པའི་རྒྱན་གྱིས་བརྒྱན་པ་ལྔ་བྱུང་ནས། མེ་ཏོག་སྨུག་ནག་དང་། ལྷའི་པཉྩ་ལི་ཀ་ཡིན་ཟེར་བའི་སྟེང་དུ་བཞག་ནས། འདི་བས་གཞན་ན་འགྲོ་དོན་དཔག་མེད་ཡོད་པས་གཤེགས་འཚལ། ངེད་རྣམས་གདན་འདྲེན་ཡིན་ཟེར་ནས་བྱུང་བ་ལ་ང་ད་རུང་ཨན་གཅིག་སྡོད་པ་ཡིན་བྱས་པས། ཁོང་རྣམས་མགྲིན་གཅིག་ཏུ་བསྡེབས་ནས་འདི་སྐད་ཟེར་རོ། །བླ་མ་དུས་གསུམ་སངས་རྒྱས་ཁྱོད། །གདུལ་བྱ་གཞན་ན་ཆེ་མོད་ཀྱང་། །ཕྱིས་འོངས་བུ་སློབ་དད་ལྡན་ལ། །ཐུགས་


PS001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གཟིགས་ནས་ལོ་ཤས་བཞུགས། །ཁྱེད་ནི་མཐོང་ཐོས་དྲན་གྱུར་པ། །ངན་སོང་གནས་སུ་ལྟུང་མི་སྲིད། །མོས་གུས་མཆོག་ཐོབ་རྫོགས་སངས་རྒྱས། །འབྲེལ་བར་གྱུར་པ་ཐམས་ཅད་ཀུན། །ཞིང་ཁམས་རྣམ་དག་ས་ཕྱོགས་སུ། །ཐེག་ཆེན་འཁོར་གྱི་དང་པོར་འགྱུར། །ད་ངེད་རྣམས་ལོ་འགའ་ནས་གདན་འདྲེན་དུ་འོངས་པ་ཡིན། ཕྱིས་ཡོང་གི་སློབ་མ་རྣམས་ལ་ཡང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་འདུག་ཅིག་ཟེར་ནས་མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མི་སྣང་བར་ཐལ། ཁྱེད་བུ་སློབ་ཕྱིས་ཡོངས་པ་རྣམས་ལ་ཕན་ཐོགས་པར་འདུག་པས་ད་རུང་སྡོད་པའི་རྒྱུ་མཚན་དེ་ལྟར་ཡིན། །ཁོ་བོ་ལན་གཅིག་འཆི་ཙ་ན། །ཌཱ་ཀི་སྡེ་ལྔའི་བསུ་མ་ཡོད། །རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །བདེ་ཆེན་གནས་སུ་འགྲོ་བར་བྱེད། །ཐེ་ཚོམ་ཡིད་གཉིས་བདག་ལ་མེད། །རྣལ་འབྱོར་དབང་ཕྱུག་ཆེན་པོར་འགྱུར། །བྱ་བ་ཡང་གསུངས་སོ། །དེ་ཡང་བར་སྐབས་སུ་རྨི་ལམ་བཟུང་ཞིང་སྲིད་པའི་ལྷ་འདྲེ་དུ་རའི་བཙན་དང་། ཡུལ་ལྷ་ལྷེའུ་ཡང་མཁར་ལ་སོགས་པ་


PS001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཏུལ་ནས་སྲོགས་སྔགས་ཕུལ། དབང་ཞུ་བྱས་ནས་ཆོས་ལ་བཙུད། །ཁྱད་པར་དུ་ཆུ་བོ་རིའི་སྒོ་བཞི་དང་། གཉན་མཁར་ནག་གི་ལྷ་འདྲེ་རྣམས་གདུག་པ་ཆེ་བར་འདུག་ནས། ཁྱུང་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་བྱས་ནས་བཏུལ་བས། ཁོ་རང་གི་ཕོ་བྲང་རིན་པོ་ཆེ་སྣ་ལྔ་ལས་བྱས་པར་གདན་དྲངས་ནས། དབང་བསྐུར་ཞུས་སྲོག་སྔགས་ཕུལ་ནས་བྲན་བཞིན་དུ་ཉན་ཅིང་ཆོས་ལ་གུས་པར་བྱུང་། ལོ་རེ་བཞིན་དུ་དབང་བསྐུར་དང་ཁྲུས་ཆབ་ཞུ་ཡིན་འདུག །ཡང་རྨི་ལམ་བཟུང་ནས་ཤར་ཕྱོགས་མངོན་དགའ་དང་། ལྷོ་རིན་ཆེན་བཀྲམ་པ་ནས་ནུབ་བདེ་བ་ཅན། བྱང་འབྲུག་སྒྲ་སྒྲོགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ལུས་ཀྱི་བཀོད་པ་མང་པོས་མཆོད་པ་འབུལ་བ་དང་། ཆོས་ཞུ་བ་ལ་སོགས་པ་ཡང་བྱས། རི་བོ་པོ་ཏ་ལ་དང་། རྒྱ་ནག་རི་བོ་རྩེ་ལྔ་དང་། ལྕང་ལོ་ཅན་དུའང་ཕྱིན། ཡང་སྐད་ཅིག་གིས་རྨི་ལམ་བཟུང་ནས་དྲེས་མ་རིར་ཕྱིན་ཙ་ན། བླ་མ་ཆུ་བཟང་བ་འོད་དང་འོད་ཟེར་གྱི་རང་བཞིན་དུ་བཞུགས་ཤིང་འདི་སྐད་གསུངས། སྐྱེ་བ་སྔ་མ་ཁྱེད་ཀྱིས་ངའི་སློབ་དཔོན་མཛད།


PS001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་ཁྱེད་ཀྱི་ཆོས་ཀྱིས་ང་ལ་ཕན་ཐོགས་ཆེན་པོ་བྱུང་བས་སྨོན་ལམ་དག་པ་ཡིན། ད་ལྟ་ཨོ་རྒྱན་ན་ལུས་ཀྱི་བཀོད་པ་མང་པོས་སེམས་ཅན་གྱི་སྨིན་གྲོལ་བྱེད་ཅིང་ཡོད། ད་བླ་མ་ཆེན་པོ་ཡང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་འདི་ཞེས་བྱ་བར་སངས་རྒྱ་བར་འདུག་གསུངས་ནས་གདུལ་བྱའི་ཞིང་འཁོར་དང་སྐུ་ཚེའི་ཚད་ལ་སོགས་པ་ལུང་བསྟན་མཛད། ཡང་དཔྱིད་ཀ་ཉེ་འདོན་དུས་ཀྱི་ཚེས་དྲུག་གི་དགོང་མོ་མི་སུམ་ཅུ་སོ་དྲུག་ལ་དབང་བསྐུར་བྱས་པའི་དུས་སུ། བླ་མ་སྐྱེར་སྒང་པ་དང་ཐུགས་རྗེ་ཆེན་པོ་བྱོན་ནས་དབང་བསྐུར་གྱི་རྗེས་འདི་ལ་གསང་སྒྲུབ་དང་བདུད་རྩི་བསྡེབ་ལ་བྱིན། སྨོན་ལམ་ཡང་ཐོབ། དེ་ལྟར་བྱས་པས་མི་སུམ་ཅུ་སོ་དྲུག་པོ་འདི་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ་སྐྱེ་བར་འགྱུར་བྱ་བའི་ལུང་བསྟན་ཡང་བྱུང་། དེའི་སོས་ཀ་ན་ཕར་བབས་པའི་དུས་སུ་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱོན་ནས། ཞག་གསུམ་བཞུགས་ནས་ཤར་གྱི་ཞིང་ཁམས་འདི་ཞེས་བྱ་བར་གདུལ་བྱ་དང་ཚེའི་ཚད་ལ་སོགས་པ་ཞིབ་རྒྱས་སུ་གསུངས། ཆོས་ཀྱི་གསུང་


PS001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་ཀྱང་མང་དུ་མཛད། དབང་བཞི་རྫོགས་སུ་བསྐུར་བ་ལགས། ཡང་ནམ་ཟླ་སྟོན་ཀའི་ཚེས་བཅུའི་ཐོ་རངས་ཁར། ཌཱ་ཀི་མ་གཡུ་གྲུ་དམར་གྱི་མདོག་ཅན་གཅིག་བྱོན་ནས། མཚན་ཇི་སྐད་བྱ་བ་ཡིན་བྱས་པས་ང་བདེ་བའི་དངོས་གྲུབ་བྱ་བ་ཡིན་ཟེར། དེའི་རྒྱུ་མཚན་ཅི་ཡིན་བྱས་པས། བདེ་བ་ཟག་མེད་ཀྱི་ཡེ་ཤེས་ཀྱིས་རྒྱུད་གང་བ་ཡིན། དངོས་གྲུབ་ནི་ང་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པ་ཡིན་གསུངས། དབང་བཞི་རྫོགས་སུ་བསྐུར། གསང་སྒྲུབ་ཀྱི་གནད་སྔར་བས་ཟབ་པ་མང་པོ་གསུངས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནད་ཀྱང་ཁྱད་འཕགས་གཅིག་གསུངས། ཁྱེད་རྣམ་ཐར་སྒོ་གསུམ་ལ་དབང་བའི་རྣལ་འབྱོར་པ་ཡིན་པས་བདུད་རྩི་རིལ་བུ་སེམས་ཅན་ལ་བྱིན། ཁྱོད་མཐོང་ངམ་ཐོས་པ་ཙམ་གྱིས་ངན་འགྲོ་ལོག་པར་མི་ལྟུང་ཁྱོད་ལ་དབང་བསྐུར་ཞུས་ནས་ཉམས་ལེན་བྱས་ཏེ་དགེ་སྦྱོར་ལ་ཨན་ཙམ་ཆུད་པ་ཐམས་ཅད་ཀྱང་། ཤར་ཕྱོགས་མངོན་དགའི་ཞིང་ཁམས་སུ་གདུལ་བྱ་དག་པའི་འཁོར་དུ་སྐྱེ་ན་གཞན་རྣམས་སྨོས་ཅི་དགོས།


PS001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་ཁྱོད་ཉིད་ལ། །ཚད་མེད་མོས་གུས་སྐྱེ་གྱུར་ན། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །བདག་ཀྱང་ཕྱི་བཞིན་བྱིན་གྱིས་རློབས། །གསུངས་ནས་སུ་ཁ་སིདྡྷིས་ལུང་བསྟན་མཛད། གསང་སྒྲུབ་བསྐྱེད་རྫོགས་དབང་བཀའ་དང་བཅས་པ་འདི་རྣམས་ཉམས་སུ་བླངས་ན་མཆོག་ཐུན་མོང་གི་དངོས་གྲུབ་ལོ་ཟླ་ཙམ་གྱིས་འབྱུང་ངེས་པས་ཤིན་ཏུ་ཟབ་པར་གདའ། ཡང་བླ་མ་སྐྱེར་སྒང་པའི་མཆོད་ཟླའི་ཚེས་བདུན་གྱི་དགོང་མོ་ངའི་མདུན་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཟངས་ཆེན་པོ་གཅིག་འདུག །ཌཱ་ཀི་དང་དཔའ་བོའི་རིགས་མང་པོ་འདུ་ཞིང་འདུག་ནས། ཁྱེད་ཚོ་ཅི་བྱེད་པ་ཡིན་བྱས་པས་བཟང་འདུན་བྱེད་པ་ཡིན་ཟེར། ཁྱེད་རྣམས་ཅི་ཡིས་བཟང་འདུན་བྱེད་པ་ཡིན་བྱས་པས། སངས་རྒྱ་བའི་བཟང་འདུན་བྱེད་པ་ཡིན་ཟེར། དེ་ལས་ཀྱང་གྲུབ་ཐོབ་བརྒྱད་ཅུ་དང་། ཀྵཱེ་ཏྲ་པཱ་ལ་ཡིན་ཟེར་བའི་སྔགས་པའི་ཆ་བྱད་ཅན་འོད་དང་འོད་ཟེར་གྱི་རང་བཞིན་གཟི་བརྗིད་ཕུན་སུམ་ཚོགས་པ་ཡང་གྲལ་ལ་འཁོད་ནས་འདུག །དེ་ནས་ཌཱ་ཀི་མ་རུས་པའི་རྒྱན་གྱིས་བརྒྱན་པ་ཕྱག་ནས་ཡེ་ཤེས་


PS001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་རྩི་ཁ་དོག་ཕུན་སུམ་ཚོགས་པ་ཐོད་པ་གང་དྲོངས་པས། ངའི་ལག་ཏུ་སླེབ་པ་དང་པོ་བ་དང་ཟག་པ་མེད་པར་ཁྲུ་གང་ཙམ་དུ་ཁོལ་ཞིང་ཕྱུར་ནས་བྱུང་། དེ་འཐུང་པས་རོ་མཆོག་བརྒྱ་དང་ལྡན་པའི་བྲོ་བ་བྱུང་། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་གཤའ་མར་སྐྱེ་བ་གཅིག་གདའ། ངའི་སློབ་མ་མི་ལྔས་འཐུང་ནས་ཡོད། དེ་ནས་གྲུབ་ཐོབ་དེ་རྣམས་ལ་ཡང་སྣོད་རེ་རེ་འདྲེན་ཅིང་འདུག་ནས་འདི་ཅི་ཡིན་བྱས་པས། གྲུབ་ཐོབ་དེ་རྣམས་ན་རེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དཔའ་བོ་དང་ཌཱ་ཀིའི་ཐབས་ཤེས་ལས་བྱུང་བ་ཡིན་ཟེར། འོ་ན་འདི་འཐུང་པ་ལ་ཕན་ཡོན་ཅི་ཡོད་བྱས་པས། འདིའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་སྟེ། ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ཕུན་སུམ་ཚོགས་པ་རོ་མཆོག་དང་། རེག་བྱ་ཕུན་སུམ་ཚོགས་པ་འདི་འཐུང་པའམ་རེག་པ་ཙམ་གྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བ་ལ་ཐེ་ཚོམ་མེད་པར་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་ལེགས་པའི་ཡོན་


PS001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་མ་ལུས་པ་ཡོངས་སུ་རྫོགས་པ་འདི་སུས་འཐུང་ཀྱང་ལོ་ཟླ་ཙམ་གྱིས་སངས་རྒྱ་བ་ཡིན་ཟེར་བས། འོ་ན་སློབ་མ་ལྔ་པོ་དེ་ལྟར་ཡིན་ན་ངའི་འཁོར་གཞན་འདི་རྣམས་ཇི་ལྟར་བྱ་བ་ཡིན་བྱས་པས། གྲུབ་ཐོབ་དེ་རྣམས་མགྲིན་གཅིག་ཏུ་བསྡེབས་ནས་འདི་སྐད་ཟེར་རོ། །སྤྱིར་ཡང་བླ་མ་དམ་པ་ཁྱེད། །གང་གིས་མཐོང་ཐོས་དྲན་གྱུར་པ། །ལོག་པའི་གནས་སུ་མི་ལྟུང་ཞིང་། །གདུལ་བྱའི་སྲས་སུ་སྐྱེ་བར་འགྱུར། །དེ་ལས་ཀྱང་ཁྱད་པར་སློབ་མ་ཉིན་པར་ལྷ་སྐུ་བསྒོམ་པའི་སྟོབས་ཀྱིས་བག་ཆགས་སྐབས་སུ་རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་དུས་སུ་ལྷ་སྐུ་རང་ཤར་དུ་བྱུང་བ་དེ་བློས་བྱས་པ་དགག་སྒྲུབ་སྐྱེ་འཆི་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཀ་མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་སྲིད་པ་བར་དོར་འཚང་མི་རྒྱ་མི་སྲིད་པ་ཡིན་གསུངས། བླ་མའི་གསུང་དང་རྒྱུད་སྡེའི་དགོངས་པ་དང་རང་གི་ཉམས་མྱོང་དང་། གྲུབ་ཐོབ་དེ་རྣམས་ཀྱི་དགོངས་པ་གཅིག་པར་གྱུར་


PS001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡིད་ཆེས་ཤིང་ངེས་ཤེས་སྐྱེ་བར་གདའ། བདག་གི་སློབ་མ་མི་ལྔ་པོ་དེ་ངོ་མཚར་ཆེ་བར་གདའ། ཡང་མིང་ནི་བརྗོད་པར་བཀའ་བར་འདུག་པས་བཀའ་རྒྱས་བཏབ་པ་ལགས། གྲུབ་ཐོབ་དེ་རྣམས་དང་ཞུས་ལན་ཞིབ་རྒྱས་མང་དུ་བྱས་པས་ཤིན་ཏུ་ངོ་མཚར་ཆེ་བར་གདའ། །མདོར་ན་སུ་ཀ་སིདྡྷི་ནི་གུ་མ། བླ་མ་ཤངས་པ་རྨོག་ལྕོག་པ་དང་སྐྱེར་སྒང་པ། ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་ལུང་བསྟན་ཡང་མཐུན་པར་བྱུང་། ང་རང་གི་ཤེས་པ་དང་དེ་རྣམས་ཐམས་ཅད་མཐུན་པར་འདུག་པས་ཐེ་ཚོམ་དང་ཡིད་གཉིས་མེད་པ་ཡིན། ང་རང་གི་སློབ་མ་ཐམས་ཅད་དང་མཇལ་པ་འབྲེལ་པ་ཡོད་མེད་དང་། ལས་དག་མ་དག་དང་། སྐྱེ་བ་ཕྱི་མ་གར་སྐྱེ་ཤེས་པར་འདུག་སྟེ། སྐལ་མེད་སྒྲོ་སྐུར་རེམ་པས་བརྗོད་པར་དཀའ་བར་གདའ། ད་ལྟར་ཡང་སྐྱེ་བ་མང་པོར་འགྲོགས་པའི་སློབ་མ་མང་དུ་གདའ། སྐྱེ་བ་སྔ་མ་ལ་ཞབས་ཏོག་ཨན་ཙམ་བྱས་པའི་འབྲེལ་པས་ཞབས་ཏོག་མང་དུ་བྱས་པ་ཡང་འདུག །དེ་ལ་རང་གི་བླ་མ་རྣམས་འདི་ན་བཞུགས་མི་བཞུགས་དང་། །


PS001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་འབྲེལ་པ་ཆེ་ཆུང་གང་ཡོད་པ་ཐམས་ཅད་དང་། །མདོར་ན་དུས་མཚུངས་མི་མཚུངས་དང་། སློབ་དཔོན་ཡོན་མཆོད་ཐམས་ཅད་གར་སྐྱེ་བ་དང་། དགེ་སྦྱོར་བཟང་མི་བཟང་དང་། བཙུན་མི་བཙུན་དང་། བསམ་པ་བཟང་ངན་དང་། ཡིད་ལ་ཅི་བསམ་ཐམས་ཅད་ཤེས་པར་གདའ། ཡང་འགའ་ཞིག་ནི་ལོག་རྟོག་སུ་གྱུར་པ་ཁ་གཅིག་གིས་ཚད་གཞར་ནས་རྩར་འོང་མི་ནུས་པ་དང་། བླ་མའི་བཀའ་རྒྱ་ཡོད་པའི་སྟོབས་དང་། སྙིགས་མའི་སེམས་ཅན་ཕྲག་དོག་ཆེ་བས་སྡིག་ཏུ་འགྱུར་སྙམ་ནས་ཕ་རོལ་དང་བསྟུན་ནས་མི་ཤེས་པ་བཞིན་བྱས་ཏེ་ལེགས་ཉེས་གང་ཡང་བརྗོད་མ་མྱོང་བ་ལགས། ངའི་རྣམ་ཐར་དེ་རྣམས་སོ་སོའི་སྐྱེ་བོ་ཚུ་རོལ་མཐོང་བའི་བསམ་པ་དང་བསྟུན་ནས་ཟུར་ཙམ་བཤད་པ་ལགས། དེ་མ་གཏོགས་པ་མདོ་བསྡུས་ནས་བསྟན་ཡང་བུ་སློབ་རྣམས་ཀྱི་བློར་མི་ཤོང་ན་འབྲེལ་མེད་དང་། ལོག་རྟོགས་ཆེ་བ་རྣམས་སྨོས་ཅི་དགོས། དེས་ན་ཐམས་ཅད་གསང་ཞིང་སྦས་པའི་རྣལ་འབྱོར་པ་བྱ་བའི་རྒྱུ་མཚན་ཡང་དེ་ལྟར་ལགས། བདག་


PS001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གི་སློབ་མ་ཡང་སློབ་དང་། །འབྲེལ་པར་གྱུར་པ་ཐམས་ཅད་ཀུན། །ལོག་པའི་བསམ་པ་སྤངས་བྱས་ནས། །འབྲལ་བ་མེད་པའི་མོས་གུས་གྱིས། །ངའི་ལུས་དང་རྒྱལ་བའི་སྐུ། །ཐ་དད་མ་ཡིན་རྣལ་འབྱོར་པ། །བདག་གི་ངག་དང་རྒྱལ་བའི་གསུངས། །དབྱེ་བ་མེད་དོ་རྣལ་འབྱོར་པ། །ཁོ་བོའི་སེམས་དང་རྒྱལ་བའི་ཐུགས། །གཉིས་མེད་གཅིག་ཏུ་རྟོག་པར་གྱིས། །འབྲས་བུ་རང་ཤར་ལྷ་སྐུ་དང་། །སྐུ་གསུམ་དབྱེར་མེད་བདེ་ཆེན་ཡིན། །ལར་ཚད་མེད་མོས་གུས་མ་སྐྱེས་ན། །བླ་མའི་ཡོན་ཏན་མཐོང་མི་འགྱུར། །མོས་གུས་མཐར་ཐུག་སྐྱེས་གྱུར་ན། །བླ་མ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཉིད་མི་བཟད་པ། །རྒྱན་གྱི་འཁོར་ལོས་སེམས་ཅན་རྣམས། །སྨིན་ཅིང་གྲོལ་བར་བྱེད་པ་ཡིན། །ཕྲིན་ལས་ཕུན་སུམ་ཚོགས་པར་རྟོགས། །བླ་མ་དམ་པ་དེ་ཉིད་ཀྱི། །རྣམ་པར་ཐར་པ་གང་ལ་ཡང་། །དག་པའི་སྣང་བ་མ་གཏོགས་པ། །ལོག་རྟོགས་སྐད་ཅིག་སྐྱེ་མི་འགྱུར། །བླ་མ་ཆོས་སྐུར་མ་རྟོགས་ཚེ། །སྒྲུབ་པ་མཆོག་ལ་འབད་པར་གྱིས། །དེ་ཡིས་


PS001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྫོགས་པར་འཆར། །རྣམ་ཐར་མཐར་ཐུག་མོས་གུས་ཡིན། །དག་སྣང་བསྐྱེད་ཅིག་བུ་སློབ་ཀུན། །དེ་ལྟར་དགོངས་ཤིག་རྣལ་འབྱོར་པ། །བདག་གི་རྣམ་ཐར་ཟུར་ཙམ་འདི། །དགེ་སློང་གཞོན་ནུ་སེང་གེ་ཡིས། །གསོལ་བ་བཏབ་ནས་ཞུས་པའི་ངོར། །ཚེས་བརྒྱད་ཉིན་པར་ཡི་གེར་བཀོད། བླ་མ་གཉན་སྟོན་གྱི་རྣམ་པར་ཐར་པ་ཟུར་ཙམ་ཡི་གེར་བཀོད་པ་རེ་ཞིག་རྫོགས་སོ།། །།སརྦ་དཱ་ཀ་ལྱཱ་ཎི་བྷ་ཝནྟུ། དགེའོ།

བླ་མ་ཆོས་རྗེའི་རྣམ་པར་ཐར་པ།


PS001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཆོས་རྗེའི་རྣམ་པར་ཐར་པ་ཞེས་བྱ་བ་བཞུགས་སོ། །


PS001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་དྲིན་གྱིས་ཡང་དག་སར་འགོད་པ། །བླ་མ་དམ་པའི་ཞབས་ལ་གུས་བཏུད་ནས། །བཀའ་རྒྱ་མ་གཏོགས་རྣམ་ཐར་ཟུར་ཙམ་འདི། །སློབ་མ་མཆོག་གི་དོན་དུ་འབྲི་བར་བྱ། །དང་པོ་དད་པས་བསྟན་ལ་རབ་ཏུ་བྱུང་། །དེ་རྗེས་ཐོས་པས་ཕྱི་ཡི་སྒྲོ་འདོགས་བཅད། །བར་དུ་བླ་མ་སངས་རྒྱས་དངོས་བསྟེན་ནས། །ལོངས་སྤྱོད་སྒྲུབ་པས་བླ་མ་མཉེས་པར་བྱས། །མཁའ་འགྲོའི་སྙན་བརྒྱུད་གདམས་ངག་བདུད་རྩི་འཐུང་། །ཚིག་བརྒྱུད་གནད་རྣམས་མ་ལུས་རྫོགས་པར་


PS001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། །འདི་ཕྱི་གཉིས་དང་ཆོས་ཀྱི་ལུང་བསྟན་མཛད། །ལྟ་བའི་ཐག་ཆོད་རང་སེམས་བླ་མར་རྟོགས། །འདི་ནས་འཆི་འཕོས་དག་པའི་ཞིང་དུ་འགྲོ། །ཐེ་ཚོམ་མི་དགོས་ང་ལ་གསོལ་བ་ཐོབ། །རྣམ་ཐར་མདོར་བསྟན་ཡིན་གྱིས་གུས་པས་ཟུངས། །དེ་ལ་བདག་གི་སྐྱེ་ས་མཁའ་རེག་གི་རྩྭའི་སིལ་མ། །རུས་ཡ་དལ་དཀར་པོ། །རིགས་བོན་པོའི་བརྒྱུད་ཡིན་ཏེ། །དེ་ཡང་མེས་པོ་ཆེན་པོ་གསལ་བའི་ཁྲི་ལ་སོགས་པའི་བོན་གྱི་དགེ་བཤེས་དང་གྲུབ་ཐོབ་མང་དུ་བྱུང་ཀྱང་། བདག་ཆོས་ལ་མོས་པས་བོན་གྱི་སྒྲུབ་ཐབས་རྣམ་གསུམ་ལས་མ་ཞུས་པར། སྤྱོད་ལམ་ཐམས་ཅད་དུ་ཆོས་ཀྱི་སྣང་


PS001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆེད་པར་གྱུར། ལོ་བརྒྱད་དགུ་ལོན་པའི་དུས་སུ་བྲིས་ཀློག་ཤེས་པར་བསླབ། ལོ་བཅུའི་དུས་སུ་གངས་བཟང་ནས་མ་གཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། ཞལ་གདམས་ཆིག་བརྒྱུད་རྣམས་གནང་ནས་ལུང་བསྟན་མཛད་དོ། །ལོ་བཅུ་གཅིག་དང་བཅུ་གཉིས་ཀྱི་དུས་སུ་སྔོན་གྱི་ལས་འཕྲོ་སད་ནས། འཁོར་བ་འདི་བཙོན་ཁང་ངམ་དམྱལ་བ་ལྟ་བུར་གོ་བ་གཅིག་བྱུང་བས། འཇིག་རྟེན་གྱི་ཁང་ཁྱིམ་ཡུལ་གཞིས་ལ་སོགས་པ་ཐམས་ཅད་ཀྱང་སྐད་ཅིག་ཀྱང་མི་རྟག་ཅིང་། བརྫུན་པ་བསླུ་བའི་ཆོས་ཅན་དུ་གོ་ནས། སྤྱོད་ལམ་ཐམས་ཅད་ཀྱི་དུས་དང་ཁྱད་པར་སོ་ནམ་བྱེད་པའི་དུས་སུ་ཡང་། རྨོ་རྐོ་བྱེད་པ་ཙམ་མ་གཏོགས་པ་སྟོན་ཐོག་ཇི་ཙམ་ཟ་མི་ཤེས། ད་ནི་མྱུར་དུ་འཆི་བ་ཡོང་། ཅིས་ཀྱང་ཅི་བྱེད་སྙམ་པའི་དྲན་པས་སྐྱོ་ཤས་དྲག་པོ་དེ་གཏན་དུ་སྐྱེ་བར་བྱུང་། དེའི་སྟོབས་ཀྱིས་རི་དང་གང་མཐོང་བའམ་དེའི་རྩར་ཕྱིན་པའི་དུས་སུ་རི་དྭགས་རླུང་ནས་ཐོན་པའམ། དྲང་སྲོང་ནགས་ཁྲོད་དུ་སླེབ་པ་ལྟ་བུའི་དགའ་བ་དང་། སྐྱོ་ཤས་སུ་འབྲེལ་བ་བྱུང་། བླ་མ་གྲུབ་ཐོབ་གཅིག་


PS001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཇལ་ནས་ཆུ་འཐུང་བྱེད་ཅིང་གདམས་ངག་བསྒོམ་ཤེས་པ་ཡིན་ན་དགའ་བ་སྙམ་པ་བྱུང་ནས་དགེ་སློང་བྱང་ཆུབ་མགོན་པོ་ལ་བཤད་པས། ཁོ་ན་རེ་བྱིས་ཆུང་འདི་ལ་འདི་ལྟ་བུའི་བློ་སྐྱེ་བ་ཡང་ན་སྔོན་གྱི་ལས་སད་པ་ཡིན། ཡང་ན་འདྲེ་ཞུགས་པ་ཡིན། ལོའི་ཚོད་དང་མི་མཐུན་པའི་བློ་སྐྱེས་པ་འདི་ལ་དགེ་བཤེས་གཅིག་ཅིས་ཀྱང་འོང་ཟེར་རོ། །དེའི་དུས་སུ་སྐྱོ་ཤས་དྲག་པོ་སྐྱེ་བ་དང་། འཁོར་བའི་ཉེས་དམིགས་དང་། ཅིས་ཀྱང་དགོས་པ་མེད་པ་དང་། དག་སྣང་ཕྱོགས་མེད་དུ་འཆར་བ་བྱུང་། མཆོད་རྟེན་གསོ་བ་ལ་སོགས་པའི་དགེ་བ་ལ་ཤིན་ཏུ་སྤྲོ་བ་དང་། ལྔ་པོ་དེ་ཉིན་པར་རྟག་ཏུ་འཆར་བ་བྱུང་། རྨི་ལམ་དུ་ཆོས་བཤད་པ་དང་། མེ་ཏོག་འབུལ་བ་དང་། མཆོད་རྟེན་ལ་བསྐོར་བ་བྱེད་པ་ཤ་སྟག་བྱུང་ངོ་། །དེའི་དུས་ཀྱི་སྣང་བ་དེ་ལྟ་བུ་ཆོས་སྒོར་ཞུགས་ནས་སྐབས་སུ་སྐྱེར་མ་བཏུབ། དེའི་དུས་སུ་སྒྲིབས་པ་སྲབ་པའི་རྟགས་སུ་གདའོ། །དེ་ནས་ལོ་ངོ་བཅུ་གསུམ་ལོན་པའི་ལོ་གསར་གྱི་ཚེས་བཅུ་གསུམ་ལ། བླ་མ་རྩ་རི་པའི་སྤྱན་སྔར་རབ་ཏུ་བྱུང་བ་ལ་ཕྱིན་པས། བླ་མས་སྐྲ་


PS001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བཞར་བའི་དུས་སུ་ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པ་གཅིག་འོང་བར་འདུག །ཁྱོད་ཆོས་ཕྱོགས་སུ་བརྩོན་པ་གཅིག་འོང་བར་འདུག་པས་བརྩོན་འགྲུས་དང་། དགེ་སྦྱོར་གྱི་སྟོབས་ཀྱིས་ལམ་ཟིལ་གྱིས་གནོན་པའི་སེངྒེ་ཡིན་པས་བརྩོན་འགྲུས་སེངྒེ་ཡིན་ནོ་གསུངས། དེ་ནས་བླ་མ་དེ་བསྟེན་ལོང་ཙམ་མ་བྱུང་བར་མྱ་ངན་ལས་འདས་སོ། །དེ་ནས་སློབ་དཔོན་སྲེད་པ་ལ་འདུལ་ཕྲན་རྣམས་དང་། སྤྱོད་འཇུག་དང་། དགྱེས་རྡོར་དང་། ལམ་འབྲས་དང་། རྫོགས་ཆེན་རྒྱུད་མཐའ་དག་དང་། ཁ་རག་སྐོར་གསུམ་དང་། སྨྲ་སྒོ་མཚོན་ཆ་དང་། འཇམ་གསང་རྣམས་ཉན། ལོ་བཅུ་བདུན་ལ་བཤད་པ་ཆོས་མགོ་ཐོན་པ་བྱུང་ངོ་། །དེ་ནས་བླ་མ་སུམ་རས་ལ། བཀའ་རྒྱུད་ནམ་མཁའ་སྒོ་འབྱེད་དང་གཅོད་ཚར་བཅུ་གསུམ་ཞུས། ནོར་རྫས་དང་ཉམས་ལེན་གྱིས་མཉེས་པར་བྱས་ནས། བླ་མའི་ཞལ་ནས་བཀའ་བརྒྱུད་ཀྱི་གཅོད་འདིས་རྒྱ་ཆེན་པོ་ཁྱབ་ནས་འགྲོ་བར་འདུག་པས་སེམས་ཅན་ལ་ཕན་ཐོག་པར་འདུག་ཅིང་། ང་ལ་རྨི་ལམ་གསལ་པོ་བྱུང་ངོ་གསུངས། དེ་ནས་བླ་མ་དབུ་མ་ལ་དགྱེས་རྡོར་དང་།


PS001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མའི་དབང་དང་། ཕག་མོ་དཔྱལ་ལུག་ཞུས། བླ་མ་བཟང་ཡུལ་བ་གྲུབ་ཐོབ་ཡིན་ཟེར། ཚེ་དཔག་མེད་ཀྱི་དབང་ཞག་བདུན་ཞུས་པས། བླ་མའི་ཞལ་ནས། ཁྱོད་སྟོན་འཆི་བར་འདུག་པ་ལ་དབང་བསྐུར་འདིས་ཚེ་བསྲིང་ནས་འདུག་གིས། སྟོན་ལོ་ཐོག་སེར་ཆིལ་བྱུང་ཙ་ན་ང་ད་རེས་མི་ཤི་བ་ཁ་རྗེ་ཆེ་བར་འདུག །ང་རང་ཚེ་དཔག་མེད་ཀྱི་བྱིན་རླབས་ཀྱིས་ཚེ་བསྲིངས་པ་ཡིན་ནོ་བསམ་པ་འབྱུང་། ད་ལོ་སུ་ཅུ་མ་ལོན་བར་མི་ལ་མ་བསྟན། དེའི་རྗེས་ལ་ཚེ་དཔག་མེད་ཀྱིས་སེམས་ཅན་ལ་ཕན་ཐོགས་པར་འདུག་ཅིང་། ལོ་བཅུ་དགུ་ལ་ཅིས་ཀྱང་བསྙེན་རྫོགས་ཀྱིས་ཤིག །དེ་ནས་བླ་མ་སྤང་པོ་ལ། ཞང་ཚལ་པའི་ཆོས་སྐོར་དང་། འཕྲུལ་གཅོད་དང་། ཚེ་དཔག་མེད་ཀྱི་སྒྲུབ་པ་ཞུས་སོ། །དེ་ནས་བླ་མའི་གསུང་བཞིན་དུ་ལོ་བཅུ་དགུ་ལ་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་རྫོགས་བྱས། བླ་མ་གླང་ཕུག་པ་ལ་དབྱར་ཅིག་འདུལ་པ་ཉན། སློབ་དཔོན་ཚེ་སྟོན་ཤག་ལ་འདུལ་བ་མདོ་རྩ་ཉན། བླ་མ་ཁྲོ་ཕུ་བ་ལ་ཤྲཱི་རྣམས་པ་གསུམ་གྱི་གདམས་པ་


PS001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞུས། བླ་མ་ས་སྐྱ་པ་ལ་བ་རི་བའི་སྒྲུབ་ཐབས་བརྒྱ་རྩ་དང་། རྣམ་རྒྱལ། རྣམ་འཇོམས། གཙུག་ཏོར། མི་གཡོ་བ། སྒྲོལ་མ། བླ་མ་སྒྲུབ་པ་ལ་སོགས་པ་མང་དུ་ཞུས། སློབ་དཔོན་རྩ་བ་ལ་དཔའ་བོ་གྲུབ་པའི་རྒྱུད། གྲྭ་པ་ཧ་དང་། གཉན་ཆུང་ལོ་ཙཱ་བའི་རྒྱུད་རྣམས་ཞུས། སློབ་དཔོན་ཇོ་གདན་ལ་མངོན་པའི་ཕྲན་དང་། གཅོད་ངོམ་ལུགས་རྣམས་ཞུས། སློབ་དཔོན་གྲུབ་ཐོབ་ལ་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ལ་སོགས་པའི་སྐོར་རྒྱུད་ལྔ་དང་ཐིག་ལེའི་རྒྱུད་རྣམས་ཞུས། བླ་མ་མཁར་རྒྱབ་པ་ལ་རྔོག་ལུགས་ཀྱི་དགྱེས་རྡོར་དང་། གུར་སུམྦུ་ཊ། མཚན་བརྗོད། གསང་ལྡན། མ་ཧཱ་མ་ཡ་རྣམས་ཞུས་སོ། །སློབ་དཔོན་ཇོ་རྒྱལ་ལ་གདན་བཞི་ཞུས། སློབ་དཔོན་སྟོན་ལ་གསང་བ་འདུས་པ་ཞུས་སོ། །དེ་ནས་བླ་མ་གྲུབ་ཐོབ་གཅིག་བཙལ་ལ་བསྒོམ་དགོས་སྙམ་ཙ་ན། བླ་མ་སུ་བཟང་དྲིས་པས། བྱང་ཆུབ་མགོན་ན་རེ། སྦུ་རོང་ན་གྲུབ་ཐོབ་སང་ཡེ་བྱ་བ་ཡོད་པས་དེ་ཅན་དུ་བསྐྱལ་གིས་ཟེར་ཙ་ན་ཁོ་མ་ཁོམས། ད་རྒྱ་གར་ན་བླ་མ་གྲུབ་པ་ཐོབ་པ་སྦས་པའི་རྣལ་འབྱོར་པ་མངོན་པར་ཤེས་པ་མངའ་


PS001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་ཡོད་ན་དེར་འགྲོ་དགོས་པ་འདུག་སྙམ་པ་བྱུང་ནས། དེ་སྐད་བྱས་པས། གྲུབ་ཐོབ་སང་ཡེས་ཅན་རང་དྲག་པས་སྟོན་ཀ་བསྐྱལ་ཅིག་ཟེར། དེའི་དབྱར་དེ་དགེ་བཤེས་ཉི་མ། འཇམ་གསར་ཏེ་ར་པ་གསུམ་གྱིས་ཟུར་ཆོས་པ། སློབ་དཔོན་རྔོག་སྟོན་བྱ་བ་མཁས་པ་བཙུན་པ་ས་ལོ་དང་། ཁྲོ་ལོ་གཉིས་པས་ང་བཙུན། ཆོས་ང་མཁས་ཟེར་ནས་ཕྱག་མི་འཚལ་བ་དེ་ལྟ་བུ་གཅིག་ཡོད། དེ་ལ་ཚད་མ་བསྡུས་པ་དང་། འཇམ་དཔལ་ལ་སོགས་པའི་སྒྲུབ་ཐབས་རྣམས་ཞུས་པས། ནུབ་གཅིག་སློབ་དཔོན་གྱི་ཞལ་ནས། དོ་ནུབ་ངའི་རྩར་ཉོལ་གསུངས་ནས་ཉལ་བས། ནམ་ཕྱེད་ཡོལ་ཙ་ན། སློབ་དཔོན་གྱི་ཞལ་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་བཀའ་གདམས་པ་རྒས་པོ་འདི་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ། །ཅེས་པ་ལན་གསུམ་དུ་གསུང་ལྷང་ལྷང་འདུག་ནས། སློབ་དཔོན་ཅི་འདྲ་བ་གཅིག་བྱུང་ཞུས་པས། ད་ལྟ་ངའི་རྨི་ལམ་ན་དོང་གཏིང་རིང་བ་མུན་པ་གནག་པ་གསུམ་སུམ་འཇོམས་སུ་འདུག་པའི་བར་ཤིན་ཏུ་ཕྲ་བ་ནས་ལྷུང་ལ་ཁད་འདུག་ནས། འདི་ཅིའི་དོང་ཡིན་བྱས་པས་ངན་སོང་


PS001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གནས་ཡིན་ཟེར་གྱིན་འདུག་པ་དང་། དེ་ལ་འཇིགས་སྐྲག་ཆེན་པོ་སྐྱེས་ནས། རྗེ་བཙུན་སྒྲོལ་མ་དྲན་ནས་སྔར་བཞིན་གསོལ་བ་དྲག་པོ་བཏབ་པ་དང་གཉིད་སད་པ་ཡིན། ངན་སོང་གི་སྡུག་བསྔལ་དོས་དྲག་ལ་གཉུག་རིང་བ་འདི་འཇིགས་པར་འདུག་པས། ཉན་བཤད་ཀྱི་བཙུན་ཁྱེར་མི་སྔོན་གྱི་འདི་ལ་ཡང་མི་ཕན་པ་འདྲ་བ་འདུག་པས། ད་སྒོམ་གཅིག་དགོས་པར་འདུག་པས་སྒོམ་ཞུ་བ་ལ་བླ་མ་བཟང་པོ་ཡི་དམ་མཐོང་བ་རྟོགས་པ་མངོན་དུ་གྱུར་པ། ཆོས་བརྒྱད་ལས་གྲོལ་བའི་སྦས་པའི་རྣལ་འབྱོར་པ་མངོན་ཤེས་དང་ལྡན་པ་གཅིག་དགོས་པ་ཡིན་པ་ལ། དེ་ལྟ་བུ་གཅིག་རྒྱ་བོད་གཉིས་གང་ན་ཡོད་སྙམ་ནས་དྲིས་པས། ཡོལ་ཕུ་ན་གཉན་སྟོན་རི་གོང་པ་བྱ་བ། སྒྱུ་ལུས་རྨི་ལམ་འབྱོངས་བ། ཡི་དམ་གྱི་ལྷ་མང་པོའི་ཞལ་མཐོང་བ་མངོན་ཤེས་རྒྱ་ཆེན་པོ་མངའ་བ་སྦས་པའི་རྣལ་འབྱོར་པ་གྲུབ་ཐོབ་ཆེན་པོ་གཅིག་ཡོད་ཟེར་བ་ཐོས་ནས། ངེད་དགེ་བཤེས་གཞུང་པ་དང་གཉིས་འགྲོ་བར་བྱས་ཡོད་པས། ཁྱོད་ཀྱང་དེར་འདོངས་དང་གྲུབ་ཐོབ་ཁྱད་པར་ཅན་འོང་ཤས་ཆེ། ཁྱོད་ལ་ཆོས་བྱ་བློ་གཅིག་ཀྱང་འདུག་གསུངས་


PS001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་། ས་ལོ་དང་། ཁྲོ་ལོ་ཙཱ་བ་ཉི་ཟླ་ཟུང་གཅིག་ལྟ་བུ་ལ་ཕྱག་མི་འཚལ་བར། ཁོང་གཉིས་པས་ང་བཙུན་ཆོས་ང་མཁས་གསུངས་ནས་ཐུགས་རྒྱལ་ཆེན་པོ་མཛད་པ་ལ་སློབ་དཔོན་མོས་པའི་བླ་མ་དེ་སངས་རྒྱས་སུ་ཡོད་པར་འདུག །ང་རང་ཀྱང་རྒྱ་གར་དུ་ཕྱིན་ལ་བླ་མ་གྲུབ་ཐོབ་ཡིན་པ་སྦས་པའི་རྣལ་འབྱོར་དུ་མཛད་པ་གཅིག་བཙལ་ལ། དེ་མཉེས་པར་བྱས་ལ་གདམས་ངག་རྣམས་གནང་བ་དང་ཡེངས་མེད་གཅིག་བསྒོམ་ལ་གྲུབ་ཐོབ་གཅིག་བྱ་དགོས་སྙམ་པ་ཡིན་ཏེ། དེ་སྔ་བླ་མ་དེ་འདྲ་བ་མ་རྙེད་པས་ད་རེས་ང་རང་འདོད་པའི་བླ་མ་གཅིག་ཡོད་པར་འདུག་སྙམ་ནས། སློབ་དཔོན་ནམ་བཞུད་པ་དང་ཕྱག་ཕྱིར་ཅིས་ཀྱང་འཁྲིད་པ་ཞུ་བྱས་པས། ད་ཁྱོད་སོང་ལ་ཞུ་འབུལ་གྱིས་གསུངས་པ་ལ། ང་ལོ་གསུམ་མ་ཐོན་པ་དང་སློབ་དཔོན་འདས། དེ་ནས་ང་སོས་ཀ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་ལ་མནལ་དུ་ཕྱིན་པའི་ཐོ་རངས་ཁར། བླ་མ་ཀོང་པོ་བྱ་བ་ན་ཡོད་པ་ལ་ཉེ་གནས་ལ་བླ་མའི་ཞལ་ནས། དེ་རིང་རབ་གྲོང་ནས་སྒོམ་ཆེན་པ་གཅིག་ང་ལ་མཇལ་དུ་ཡོང་བར་འདུག །དེས་ངའི་གདམས་


PS001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ངག་རྣམས་ཀྱི་བདག་པོ་བྱེད་པར་འདུག །ཨོ་རྒྱན་དང་ཛ་ལེནྡྷ་ར་ཚུན་ཆོད་ནས། ཕྱིའི་རྒྱ་མཚོའི་འགྲམ་ཕན་ཆད་ཆོས་ཀྱིས་ཁྱབ་པ་འོང་བར་འདུག །ད་ལྟ་རང་དཔའ་བོ་ཌཱ་ཀི་མང་པོ་བསུ་བ་ལ་སོང་། ཁྱོད་ཀྱིས་ཁང་པ་ལ་ཕྱག་དར་གྱིས། མཆོད་པ་བཤམ་བྱས་པ་དང་། དེ་ལྟར་ཟིན་ནས། བླ་མའི་ཞལ་ནས། ད་ལྟ་གསེར་གཅིག་མའི་གྲོང་ན་དྲོ་ཟ་ཞིང་འདུག །མ་ཚད་བསུར་རྒྱུག་གསུངས་ནས་ན་སྒང་ཁར་བསུར་བྱུང་ངོ་། །དེ་ནས་ཡང་དགོན་དུ་སླེབ་མ་ཐག་བླ་མའི་ཞལ་ནས། ཁྱོད་སང་ཡོང་གནང་ཡོང་ལ་ལོ་གསུམ་བར་མ་ཐོན་ནོ། །དེའི་བར་དུ་ང་དང་མཇལ་བའི་ལུང་བསྟན་བྱེད་པའི་སློབ་དཔོན་རྔོག་སྟོན་དང་། གཞུང་པ་ནག་པ་གཉིས་ཀྱང་གྲོང་གསུངས་ནས། བླ་མ་འདི་ལ་མངོན་ཤེས་ལ་ཐོགས་པ་མི་འདུག་སྙམ་པ་བྱུང་བ་དང་། ཡང་བླ་མའི་ཞལ་ནས་ཁྱོད་ང་ལ་ཅི་ལ་མོས་ནས་འོང་བ་ཡིན་གསུངས། བླ་མས་སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར། ཡི་དམ་མང་པོའི་ཞལ་གཟིགས། ཆོས་སྐྱོང་དང་མི་བཞིན་ལབ། བྲན་བཞིན་དུ་ཉན་


PS001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ཐོས་པས་དེ་ལ་མོས་ནས་མཇལ་དུ་ཡོང་པ་ལགས། བླ་མ་ཤངས་པའི་ཆོས་རྣམས་ཞུ་འཚལ་ཞུས་པས་བླ་མའི་ཞལ་ནས་ང་ལ་སྦུར་བ་མཐོང་བ་དང་ཡི་དམ་མཐོང་བ་ལ་ཁྱད་མེད། ཁྱད་པར་ཡོད་པ་རྣམས་ཀྱིས་མི་མཐོང་བར་འདུག་གསུངས། ཡང་བླ་མའི་ཞལ་ནས། ངའི་གདམས་ངག་ཐམས་ཅད་ལུས་གསུམ་པོ་འདི་ལ་འདུས་པས་སེམས་ལ་ཞོག་ཅིག་གསུངས། །རྣམ་སྨིན་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །བག་ཆགས་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་ཀྱི་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མས་དེ་སྐད་གསུངས། །དེ་ལ་ཁྱོད་ཀྱི་ཆོས་འབྲེལ་དང་པོ་བྱེད་པ་ཡིན་པས་


PS001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མོས་སམ་མ་མོས་སོམས་ཤིག །མོས་པར་གྱུར་ན་གདམས་ངག་རྣམས་ཀྱང་བྱ་ཡི་གསུངས། དོ་ནུབ་ངའི་རྩར་གཟིམ་ཆུང་དུ་ཉལ་དུ་འདེངས། ལོ་རྒྱུས་དྲི་ཡིས་གསུངས་པ་ལ། །བླ་མ་མི་མཁྱེན་དགུ་མཁྱེན། སངས་རྒྱས་ཀྱི་སྤྱན་སྔར། ང་སེམས་ཅན་ལ་རྟོག་པ་མི་འགྱུ་དགུ་འགྱུ་འདི་ཉལ་བ་ངོ་ཚ་སྙམ་ནས། ང་འདི་ཀར་ཉལ་བར་ཞུ་བྱས་པས། བླ་མའི་ཞལ་ནས་ཁྱོད་རང་གི་རྟོག་པ་མང་བ་ལ་ངོ་ཚ་ན་དེ་ཀར་ཉོལ་གསུངས་ནས་མདོ་དེར་ཉལ་བསྡད་པས། ནམ་སྲོད་ལ་རྟ་པ་མང་པོ་དང་། ཨ་ཙ་ར་དང་། མི་ནག་པོ་དང་། སྔགས་པའི་ཆ་བྱད་ཅན་མང་པོ་བྱུང་ནས། ལ་ལས་ཕྱག་བྱེད། ལ་ལས་མཚོན་བརྡེག་ཏུ་བྱུང་། ལ་ལ་གར་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་ཆེན་པོ་བྱུང་། ཐོ་རངས་གཉིད་གཅིག་སད་ནས་གསོལ་བ་བཏབ་པའི་རྗེས་ལ། ད་རེས་ང་རང་འདོད་པའི་བླ་མ་སྒྱུ་ལུས་རྨི་ལམ་དང་འོད་གསལ་འབྱོངས་པ། ཡི་དམ་མང་པོའི་ཞལ་གཟིགས། དཔའ་བོ་དང་ཌཱ་ཀི་ཆོས་སྐྱོང་རྣམས་བྲན་བཞིན་དུ་ཉན་པ། མངོན་ཤེས་ལ་ཐོགས་པ་མེད་པ། སྦས་


PS001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པ་གྲུབ་པ་ཐོབ་པ་གཅིག་དང་མཇལ་འདུག་སྟེ། བླ་མ་ཤངས་པའི་བརྒྱུད་པ་འདི་རྣམས་བཀའ་དམ་པ་ཡིན་ཟེར། བླ་མ་ཆེན་པོ་འདི་ལའང་ཁམས་པས་དངུལ་བྲེ་དང་དར་འབོག་དང་། རྟ་ལ་སོགས་པའི་འབུལ་བ་ཆེན་པོ་བྱས་པ་ལའང་གདམས་ངག་སྲིངས་བྱིན་པ་ཙམ་མི་འདུག་པས། ད་ངའི་ཆ་རྐྱེན་གྱི་འབུལ་བ་དང་ཚོགས་མཆོད་ལ་སོགས་པས་བླ་མ་མཉེས་པ་གཅིག་མི་ལྕོགས་པར་འདུག་པས། བླ་མས་གདམས་ངག་ཟབ་པ་གཅིག་གཉིས་ཙམ་རྫོགས་པར་བྱིན་ཀྱང་དེ་དག་བསྒོམས་པས་དག་པ་མཁའ་སྤྱོད་དུ་འགྲོ་ངོ་ཤེས་ཏེ་ངའི་ལོངས་སྤྱོད་རང་གིས་ཅི་ལྡང་ངམ་སྙམ་པ་གཅིག་བྱུང་བ་དང་། བླ་མ་སྔས་ཁར་བྱོན་ནས་ཁྱོད་མདང་མ་བཞད་དམ། སྲོད་ཀྱི་ཆོ་འཕྲུལ་དེ་ལ་ཞད་མི་དགོས། དེ་ཆོས་སྐྱོང་གིས་ཉམས་སད་བྱེད་པ་ཡིན། ད་ནས་ཐོ་རངས་ཀྱི་རྣམ་རྟོག་དེ་འདྲ་མ་བྱེད། ངའི་ཤངས་པའི་གདམས་ངག་ལོངས་སྤྱོད་ཀྱི་མི་ཁུག །ལོངས་སྤྱོད་ཆེན་པོ་དགོས་པ་མེད་ལ། ངས་ཁྱོད་ལ་སྤྱིར་གདམས་ངག་རྣམས་དང་། ཁྱད་པར་དུ་ཆིག་བརྒྱུད་རྣམས་ཚང་


PS001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་ཡིས། ད་སྤྱི་བོར་ཧཱུྃ་དང་མགོན་པོ་དབྱེར་མེད་དུ་བསྒོམ་ལ་གསོལ་བ་ཐོབ། དེས་བར་ཆད་བསྲུང་བ་ཡིན་ནོ་གསུངས། ཐོག་མར་མགོན་པོའི་གཏོར་དབང་གཅིག་བྱ་ཡིས་གྲི་བཟང་བ་གཅིག་དང་། དབང་བསྐུར་གྱི་ཆ་རྐྱེན་ཁྱེར་ཤོག་གསུངས་ནས། རལ་གྲི་བཟང་པོ་གཅིག་ལ་ནས་ཁལ་ལྔ་བཅུ་བཙལ་ནས་ཉོས་པ་དང་། བུར་ལྟང་གཅིག་དང་། སྣམ་བུ་འགའ་ཕུལ་ནས་ཉི་ཤུ་ལྔའི་དགོང་མོ་གཏོར་དབང་ཞུས་པས། བླ་མའི་ཞལ་ནས་ཁྱོད་འཆི་ངོ་ཤེས་པ་གཅིག་ངས་སྲོག་ཐོན་པ་ཡིན་ནོ། །ད་མགོན་པོ་འདིས་ཁྱོད་ཀྱི་དགེ་སྦྱོར་བཟང་པོ་སྐྱེ་བའི་གྲོགས་བྱེད་པར་འདུག་གོ །ཡིད་ཆེས་པར་གྱིས་ལ་གསོལ་བ་ཐོབ་ཅིག་གསུངས། དེ་ནས་བླ་མའི་ཞལ་ནས། ཟླ་བ་ཕྱི་མ་ལ་སྒྱུ་ལུས་ཀྱི་དབང་བསྐུར་བྱེད་པ་ཡིན་པས་ཆ་རྐྱེན་ཁྱེར་ལ་ཤོག་གསུངས་ནས། མར་ནས་བདུན་ཅུ་ལ་དབང་གི་ཆ་རྐྱེན་བྱས། གསེར་དང་། ཕྱུག་པ་དང་། དར་ཡུགསྣམ་བུ་ཕུལ་ནས་དབང་དུ་ཙམ་གཅིག་ཚར་ཞུས་པས། ཐབས་ལམ་དང་སྒྱུ་ལུས་ཚར་ཡོང་གསུངས་ནས། ཐོག་མར་སྔོན་འགྲོ་བཏང་། དེ་ནས་


PS001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལམ་གྱི་ཁྲིད་བརྐྱངས་པས་ཞག་བཅུ་གཅིག་ནས་རས་ཐུབ་བ་བྱུང་། ད་ཚེས་བཅུའི་དགོང་མོ་དབང་བྱེད་དགོས་གསུངས་ནས་མཎྜལ་བྲིས་པའི་དུས་སུ། བླ་མའི་ཞལ་ནས། རྡོ་རྗེ་འཆང་ནས་ང་ཡན་ཆད་ལ་སྒྱུ་ལུས་ཀྱི་དབང་བསྐུར་བྱེད་པ་ཁྱོད་ལ་མང་པོ་འོང་བར་འདུག །དགེ་སྦྱོར་གྱི་ཐེབས་ཀྱང་ཁྱོད་ཆེ་བ་འོང་བར་འདུག་གསུངས་ནས། དེ་ཐུགས་ལ་བཏགས་ཞུས་པས། བླ་མའི་ཞལ་ནས། སྤྱིར་བརྒྱུད་པ་ཐམས་ཅད་དང་། སྒོས་སུ་ངས་བྱིན་གྱིས་རློབས་པ་ཡིན། ཁྱོད་རང་རྐྱང་པས་བྱུང་སྙམ་པའི་ང་རྒྱལ་མ་བྱེད་པར། ང་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་དངོས་སུ་བྱིན་གྱིས་རློབ་པར་འདུག་སྙམ་པའི་ཡིད་ཆེས་གྱིས། ངས་སྐྱེ་བ་ཕྱི་མ་ལ་ཤར་ཕྱོགས་དག་པའི་ཞིང་མེ་ཏོག་བཀྲམ་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་


PS001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་རྣམས་ཀྱི་སྟོན་པ། དེ་བཞིན་གཤེགས་པ་པདྨའི་དཔལ་ཞེས་བྱ་བར་སངས་རྒྱ་བར་འདུག་པས། དེའི་དུས་སུ་ཁྱོད་རང་དབང་བསྐུར་ནམ་བྱེད་པའི་དུས་དང་། ཁྲིད་ནམ་འདེབས་པའི་དུས་སུ་རང་གིས་བྱིན་གྱིས་རློབ་པ་ཡིན་པས། མཚམས་མེད་པ་ལྔའི་ལས་བྱས་པ་ཡན་ཆོད་ནས། དབང་པོ་རྣོ་རྟུལ་དང་། ན་སོ་རྒས་གཞོན་ཐམས་ཅད་ལ་ཁྱོད་ཀྱི་ཁྲིད་མི་ཐེབས་པ་གཅིག་ཀྱང་མི་ཡོང་བར་འདུག །སྤྱིར་སངས་རྒྱས་མངོན་པར་བྱང་ཆུབ་པའི་དུས་སུ་སེམས་ཅན་ཐམས་ཅད་སྒྲིབ་པ་གསུམ་ཤས་ཆུང་། སྨིན་པ་གསུམ་དང་ལྡན་པའི་དུས་ཡིན་པས། ཕྲིན་དང་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་དགྲ་བཅོམ་པ་དཔག་ཏུ་མེད་པ་བྱུང་བ་ཡིན། སངས་རྒྱས་འདས་ནས་དགྲ་བཅོམ་པ་ཐོབ་པ་དཀའ་གསུང་། དེ་བས་བཀའ་འབྱུང་བའི་དུས་སུ་དཀའ། དེ་བས་བསྟན་བཅོས་བརྩམས་པ་རྣམས་འབྱུང་བའི་དུས་སུ་དཀའ། དེ་བས་རྒྱལ་པོ་མེས་དཔོན་བྱུང་བའི་དུས་སུ་དཀའ་བ་ཡིན། དེ་བསད་ལྟ་བསྟན་པ་རྟགས་ཙམ་འཛིན་པའི་དུས་འདིར་དགེ་སྦྱོར་སྐྱེ་བ་ཤིན་ཏུ་དཀའ་བར་


PS001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཀྱང་། ཁྱོད་ལ་ཆོས་ཞུ་བའི་སེམས་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། དབང་བཀའི་དགོང་མོ་དང་། དབང་པོ་རབ་འབྲིང་གཉིས་ཀྱི་དུས་སུ་དགེ་སྦྱོར་སྐྱེ་བ་མང་པོ་འོང་བར་འདུག་ཅིང་གསུངས། དེ་ནས་དབང་དངོས་གཞིའི་དུས་སུ་བླ་མ་འདི་སངས་རྒྱས་དངོས་སུ་འདུག་སྙམ་པའི་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ། །དེའི་ནང་པར་སྔ་དྲོ་ནས་ཁྲིད་བཏབ་པས། དབང་པོ་ཐ་མ་ལ་ཞག་ཉི་ཤུ་རྩ་ལྔ་བསྐྱངས་པས་ཉིན་པར་སྒྱུ་མའི་ཉམས་བཟང་པོ་བྱུང་ནས། སྣང་བའི་བདེན་འཛིན་ཐམས་ཅད་ཞིག་ནས་སོང་བས། གོས་ཐམས་ཅད་བླ་མ་ལ་ཕུལ་ནས། དར་གོས་དང་རེ་བའི་གོས་ལ་ཁྱད་པར་མི་འདུག་པས་ལ་བེར་གོན་པར་ཞུ་བྱས་པས། བླ་མའི་ཞལ་ནས་སྒྱུ་མའི་ཉམས་ཤར་འདུག་ཅིང་། དར་དང་ལ་བེར་པས་སངས་རྒྱས་དང་སེམས་ཅན་ལ་དགག་སྒྲུབ་བྲལ་བ་གཅིག་དགོས་པ་ཡིན། དོ་ནུབ་གཉིད་ཙམ་མ་ལོག་པར་གསོལ་བ་ཐོབ་གཅིག་གསུངས་ནས་གསོལ་བ་བཏབ་པས། ནམ་ལངས་ཀ་དེར་


PS001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ཐུམ་པ་གཅིག་སོང་བ་དང་། ཁྱི་ནག་པོ་གཟུགས་ཆེ་བ་ཁ་གདངས་ཤིང་མཆེ་བ་གཙིགས་པ་བརྒྱ་ཙམ་བྱུང་ནས། ཁྱོད་ཟ་བ་ཡིན། སྔར་ཀྱང་མི་མང་པོ་ཟོས་པ་ཡིན་ཟེར་བ་དང་། འཇིགས་སྐྲག་ཆེན་པོ་བྱུང་བ་ལ་བརྟེན་ནས། འདི་རྨི་ལམ་གྱི་ཁྱིར་འདུག་སྙམ་པའི་སྤྱང་ཀི་མང་པོར་སྤྲུལ་ནས་དེ་རྣམས་ཟོས། སྤྱང་ཀི་ཐམས་ཅད་ཡི་དམ་དུ་བསྒྱུར་ནས་བླ་མ་ལ་གསོལ་བ་འདེབས་ཤིང་སྦྱོང་སྤེལ་དང་སྤྲུལ་བསྒྱུར་མང་པོ་བྱས་ནས་སངས་རྒྱས་ཀྱི་ཞིང་ཁམས་བལྟ་དགོས་སྙམ་པ་དང་། ཚ་བ་ལ་དེངས་ཟེར་བས་གཉིད་སད་ནས་སོང་། དེ་རྣམས་བླ་མ་ལ་ཞུས་པས། དབང་པོ་རབ་ཏུ་གྱུར་པ་ལ། ཟིན་དང་སྦྱོང་བ་མཉམ་དུ་ཡོང་། བྱ་བ་ཡིན་པས་ཁྱོད་ཀྱི་དགེ་སྦྱོར་གྱི་སྐྱེ་ལུགས་འདི་དབང་པོ་ཡང་རབ་ཀྱི་ཚུལ་ཡིན། ཞག་ཉི་ཤུ་རྩ་ལྔ་ལ་སྦྱོང་སྤེལ་སྤྲུལ་བསྒྱུར་ཐམས་ཅད་དུས་གཅིག་ལ་ཡོང་བ་འདི་ལྟ་བུ་བརྒྱུད་པའི་བླ་མ་རྣམས་ལ་ཡང་མ་བྱུང་གཞན་རྣམས་ལ་སྨོས་ཅི་དགོས། ད་ཁྱོད་ཀྱི་དོན་གྲུབ་པ་ཡིན། ཁྱི་ནག་པོ་དེ་རྣམས་མགོན་པོ་ཡིན། ཁྱོད་ཀྱི་དགེ་


PS001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་སྐྱེ་པའི་གྲོགས་བྱེད་པ་ཡིན་པས། ལོ་མང་པོ་དགོས་པ་དེ་ཞག་འགའ་ལ་སྐྱེས་པ་ཡིན་པས་དཔའ་བོ་དང་ཌཱ་ཀི་ཆོས་སྐྱོང་ལ་གཏོང་རག་ཐོངས་གསུངས་ནས། ཇོ་སྲས་སིལ་བ་ལ་ནས་ཁལ་ལྔ། ཉ་ཁལ་བཅུ་སྐྱིས་ནས་མི་བརྒྱ་ཉི་ཤུ་ལ་ཚོགས་མཆོད་བཏང་། དེ་ནས་དབྱར་དེར་ཁྲིད་བསྐྱངས་བས་དགེ་སྦྱོར་བཟང་པོ་བྱུང་། དེའི་སྟོན་དེར་བང་སོ་དགོན་པའི་ཚྭ་ཚུལ་ཀྱི་གཉེར་བབས་ནས། ཚ་བའི་ཚུལ་བཏང་བའི་དུས་སུ་ཉིན་པར་གྱི་དགེ་སྦྱོར་ཆགས་པ་དང་། མཚན་བརྗོད་དང་དགྱེས་རྡོར་གྱི་གཞུང་འདོན་པ་རྣམས་རྨི་ལམ་བཟུང་ཞིང་རྨི་ལམ་དུ་དགེ་སྦྱོར་ཐུན་རེ་ཙམ་ལ་ཚར་བར་བྱུང་ནས། ཉིན་པར་སྔགས་ཁྲི་ཚོ་རེ་ལས་མི་སྐྱོལ་བ་དེ་རྨི་ལམ་དུ་དར་གཅིག་གིས་ཆོག་པར་བྱུང་བས། དེ་ལ་ཡིད་མ་ཆེས་པར་བླ་མ་ལ་ཞུས་པས། ཉིན་པར་བས་ནུབ་མོའི་དགེ་སྦྱོར་འབུམ་འགྱུར་གྱི་སྟོབས་ཆེ་ལ་མགྱོགས་པ་ཡིན། བླ་མ་སྐྱེར་སྒང་པས་མཚན་བརྗོད་ཚར་ཉི་རྒྱ་རྩ་ལྔ་རེ་འདོན་པའི་སྐུ་ན་བྱོན་ནས་ཉིན་པར་མ་ལྕོག་པར་རྨི་ལམ་བཟུང་གིན་དར་རེ་ལ་ཐོན་


PS001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ནས་ལྟེ་བར་ཨ་བསྒོམ་པས་ནུབ་གཅིག་ཁོག་པའི་ནང་ཨན་ཙམ་མཐོང་བ་བྱུང་བ་དང་། ཕྱི་ཡི་སྣང་བ་རྒྱ་ཆེར་མཆེད་པ་བྱུང་། དེའི་དུས་སུ་བླ་མའི་ཞལ་ནས་ད་ཟླ་བ་གསུམ་སྒོམས་ཤིག་སངས་རྒྱས་ཀྱི་ཞལ་མང་པོ་མཐོང་བར་འདུག་གསུངས་པ་ཡིན་ཏེ། ཚུལ་གྱི་གཉེར་པ་བྱས་པ་དེས་བར་ཆད་དུ་སོང་ངོ། །དེས་ན་རྩེ་གཅིག་ཏུ་བསྒོམ་པའི་དུས་སུ་དགེ་འདུན་གྱི་བྱ་བ་ཡང་བདུད་དུ་གདའོ། །དེ་ནས་དགུན་སྨད་ཉེ་འདོན་དུས་སུ་བླ་མའི་ཞལ་ནས། དབང་བསྐུར་ལ་ཤོག་རྗེ་བཙུན་མ་ཞལ་བསྟན་གྱིས་གསུངས་ནས། ཚེས་བཅུའི་དགོངས་མོ་རྗེ་བཙུན་མ་ཞལ་གཅིག་མས་དབང་བསྐུར་མཛད་ནས་བྱིན་རླབས་བབས་པའི་དུས། རྗེ་བཙུན་མ་ཞལ་མཐོང་བའི་སློབ་མ་ལྔ་བྱུང་། ནད་པར་ཚ་བའི་རྗེས་ལ་གཏོར་མ་ཁྱེར་ལ་གཟིམ་ཆུང་དུ་ཤོག་གསུངས་ནས་སྤྱན་སྔར་ཕྱིན་པས། བླ་མའི་ཞལ་ནས། ཁྱོད་རང་ཀྱི་ཞལ་ཕྱོགས་ན་རྗེ་བཙུན་མ་ལྷ་ལྔ་བཞུགས་ནས་འདུག་པ་བདུན་རྣམ་དག་ཕུལ་ཅིག་གསུངས་ནས་ཕུལ་བ་


PS001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ད་ཁྱོད་ཀྱིས་ཞལ་མཐོང་ངམ་གསུངས་ནས་མ་མཐོང་ལགས་ཞུས་པས། འོ་ན་ཁྱོད་ལ་ཆོས་གསུངས་ཞིང་འདུག་པ་མ་ཐོས་སམ་གསུངས། མ་ཐོས་ལགས་ཞུས་པས། ལས་ངན་གྱི་སྒྲིབ་གཡོག་འདི་འཇིགས་པར་འདུག །རྩ་ན་བཞུགས་ནས་ཆོས་གསུངས་ཀྱང་མི་ཐོས་མི་མཐོང་བར་འདུག །ད་ཉམས་ཆགས་ཐམས་ཅད་སྐོང་ཞིང་སྒྲིབ་པ་ཐམས་ཅད་སེལ་བ་ཞལ་མྱུར་དུ་མཐོང་བའི་གནད་གཅིག་གསུངས་བཞིན་འདུག་པས་ཟིན་བྲིས་གྱིས་ཤིག་ཟེར་ནས། རྗེ་བཙུན་མས་བླ་མ་ལ་གསུངས། བླ་མས་བདག་ལ་གསུངས་པས་ལན་གཉིས་སུ་མ་དག་པར་བྱུང་། ལན་གསུམ་ཟིན་བྲིས་བསྐྱར་བ་དང་། རྗེ་བཙུན་མའི་ཞལ་ནས་དག་པར་བྱུང་ངོ་གསུངས་པ་དང་། ཡང་རྗེ་བཙུན་མས་དུས་འདིར་ཞལ་མ་མཐོང་ཀྱང་ཐུན་མོང་མྱུར་དུ་ཐོབ་ནས་མཆོག་འགྲུབ་པར་འགྱུར་རོ། །གསང་བའི་དམ་ཚིག་ལ་གནས་པར་བྱའོ། །མ་གསང་ན་ཐུན་མོང་ཉམས་པར་འགྱུར་གསུངས་ཤིང་འདུག་པས། ཟླ་བ་


PS001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྒོམས་ཤིག །ཞལ་མཐོང་བར་འགྱུར་རོ་གསུངས་ནས། རི་ཁྲོད་བྱེད་པར་ཞུས་པས། ཞུད་བསྲུང་ལ་སྒྲུབས་གསུངས་ཀྱང་། ལུས་ལ་ནད་རྒྱས་པའི་སྟོབས་ཀྱིས་ཞུད་བསྲུང་མ་ནུས་པར་རི་ལ་བསྡད་པས། རྗེ་བཙུན་མའི་གསལ་སྣང་མྱུར་དུ་བྱུང་སྟེ། ཆང་འདྲེས་ཁྱེར་བ་སོགས་མི་ཞིམ་པ་རྣམས་ལ་ལག་མཆོད་བྱས་པས་ནུས་པ་དང་བྲོ་བར་གྱུར་ནས། བཅུད་དང་། བྲོ་བ་དང་། མང་བ་དང་། ནུས་པ་ཅན་དུ་སོང་ནས་དེ་སུས་བཏུང་ཀྱང་ནད་གདོན་སོགས་སོས་པ་དང་། དགེ་སྦྱོར་བཟང་པོ་སྐྱེ་བར་བྱུང་བས། ངེད་རང་གི་ཐུབ་ཚད་དུ་གསང་ཀྱང་། གྲོགས་པོ་དང་སློབ་མ་རྣམས་ཀྱིས་བཤད་པས། ལོ་གསུམ་ནས་ནུས་པ་དེ་ཡལ་ནས་སོང་བ་དང་། བླ་མའི་ཞལ་ནས་དེ་ཟླ་བ་གསུམ་གསང་ན་རྗེ་བཙུན་མ་ཞལ་མཐོང་ནས་ཡི་དམ་ཐམས་ཅད་ཀྱི་སྒོ་ཕྱེས་པར་འགྲོ་བར་འདུག་པ་ལ། དེ་མ་གསང་པས་ད་ཨན་རྩམ་འགྱངས་ནས་འགྲོ་བར་འདུག་གསུངས་སོ། །དེས་ན་ཡོན་ཏན་ཅི་སྐྱེས་ཀྱང་གསང་བ་གལ་ཆེ་བར་འདུག་གོ། །དེའི་


PS001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་དེ་རི་ཁྲོད་བྱེད་པར་ཞུས་པས། བླ་མའི་ཞལ་ནས། སོས་ཀ་འདིར་དགའ་ཡོངས་སུ་སྒོམ། །དེས་དགེ་སྦྱོར་བཟང་པོ་སྐྱེ་བར་འདུག་གོ་གསུངས་ནས་བསྒོམས་པས། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་། ནུབ་གཅིག་རྨི་ལམ་བཟུང་ནས་རྒྱ་མཚོ་ཆེན་པོ་གཅིག་ཏུ་ཕྱིན་པས་ཀླུའི་ཕོ་བྲང་རིན་པོ་ཆེ་སྣ་བཞི་བརྩེགས་མར་ཡོད་པ་གཅིག་གི་ནང་དུ་ཕྱིན་པ་དང་། ཀླུ་ནག་པོ་མགོ་དགུ་པ་རོ་སྟོད་སྐྱེས་བུའི་ཆ་བྱད་ཅན་རོ་སྨད་སྦྲུལ་དུ་ཡོད་པ་གཅིག་ལ་ཀླུའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་གཅིག་འདུག་པ་དང་། ཁོ་འདུལ་དགོས་སྙམ་ཙ་ན། ཀླུ་དེས་ཆོ་འཕྲུལ་སྣ་ཚོགས་བསྟན་ནས། ཕོ་བྲང་དེ་མི་སྣང་བར་བྱས་ནས་མཚོ་མདོག་ནག་པ་ཞིང་ཆུང་བ་གཏིང་རིང་བ་རྦ་ཀློང་འཁྲུགས་པ་གཅིག་ཏུ་སོང་བ་དང་། ངས་ཁྱུང་ནག་པོ་མགོ་དགུ་པ་གཅིག་སྤྲུལ་ནས། སྦྲུལ་མགོ་ཐམས་ཅད་ནས་ཁྲག་སྐྱུག་ཅིང་འདུག་པ་དང་། ཁྱུང་གི་སྡེར་མོས་ཀླུའི་རྐེ་བཙིར་ནས་ཕྱིན་པ་དང་། ཁོའི་མཇུག་མ་ཇེ་ཆེ་ཇེ་རིང་ལ་སོང་ནས་མ་རྫོགས་


PS001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པས། འདི་ལ་ཇི་ལྟར་བྱ་སྙམ་ཙ་ན། བླ་མ་ཌཱ་ཀི་མང་པོས་བསྐོར་ནས་ནམ་མཁའ་ལ་བྱོན་ཏེ། །ཀླུ་ཡི་རྫུ་འཕྲུལ་མཐའ་མེད་ལ། །ལོ་ཟླས་མཇུག་མ་མི་རྫོགས་ཀྱི། །འདི་ནི་དུག་ལྔ་འདུས་པ་ཡི། །གདོལ་པ་ནག་པོ་བྱ་བ་ཡིན། །ཀླུ་ལྔ་འདུལ་བའི་ཁྱུང་ལྔ་སྤྲུལ། །ལུས་དང་མཇུག་མ་ཆོད་ལ་ཟོ། །དེ་ཡིས་མྱུར་དུ་ཐུལ་བར་འགྱུར། །གསུངས་ནས་ཁྱུང་མགོ་དགུ་པོ་ལྔར་སྤྲུལ་ཏེ་ལུས་དང་མཇུག་མ་བཅད་ཅིང་ཟོས་པས་ཁོ་ཐུལ་ཏེ། ད་ནི་བདག་གི་སྲོག་སྔགས་འབུལ་བར་བགྱིའོ་ཟེར་བ་དང་། གཉིད་སད་ནས་སྲོག་སྔགས་དང་སྒྲུབ་ཐབས་འབུལ་བའི་ལོང་མ་བྱུང་ངོ་། །དེ་ནས་བླ་མའི་ཞལ་ནས་ཀླུ་དེའི་སྲོག་སྔགས་དང་སྒྲུབ་ཐབས་རྫོགས་པར་བྱུང་ན་མཐུ་སེར་གཏད་གསུམ་ལ་ཚེགས་མི་ཡོདཔ་ཡིན་ཏེ་གསུངས། ཟླ་བ་དེའི་ཚེས་བཅུ་ལ་མཆོད་པ་ཕུལ་ནས་ནམ་ཕྱེད་ཚུན་ཆད་དགེ་སྦྱོར་བྱས་པས། ཐོ་རངས་གཉིད་དུ་སོང་བ་དང་། ཆུ་བོ་རིའི་མདུན་ན་མཚོ་ཆེན་པོ་གཅིག་འདུག་པ་དང་། དེ་ལུད་ནས་རི་ཐམས་ཅད་ཀྱང་མེད་


PS001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབུས་ཀྱི་རྒྱལ་ཁམས་ཐམས་ཅད་མཚོར་མེར་གྱིས་སོང་འདུག་པ་དང་། ང་གཉིད་དུ་སོང་བ་ཡོད་པར་འདུག་རྨི་ལམ་དུ་སྤྲུལ་སྒྱུར་གཅིག་བྱ་དགོས་སྙམ་ནས། སྟེང་གི་ནམ་མཁའ་ལ་བདེ་མཆོག་ལྷ་ལྔའི་གཞལ་ཡས་ཁང་འབུམ་ཕྲག་ལྔ་སྐད་ཅིག་གིས་སྤྲུལ་ནས། ཤིན་ཏུ་གསལ་ལ་མ་འདྲེས་པར་བྱུང་ནས། དེའི་མདུན་དུ་རང་གི་ལུས་ཡིད་བཞིན་གྱི་ནོར་བུས་སྤྲས་པ་བདུན་རྣམ་དག་བྱེད་པ་འབུམ་ཕྲག་བཅུ་སྤྲུལ། དེའི་ཕྱི་ནས་ཕར་ལྷའི་བུ་དང་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་ཤིང་རོལ་མོ་སྣ་ཚོགས་སྒྲོག་པ་བྱེ་བ་ཕྲག་མང་པོར་སྤྲུལ། དེའི་ཕྱི་རོལ་དུ་ཌཱ་ཀི་མ་ཤ་ལྔ་བདུད་རྩི་ཐོགས་པ་དཔག་ཏུ་མེད་པ་སྤྲུལ། གཞལ་ཡས་ཁང་གི་སྟེང་གི་ཐད་ཀ་ལ། བདག་མེད་མ་དང་རྗེ་བཙུན་མ་བདེ་བ་རྒྱས་པའི་ལྷ་ཚོགས་ལ་ཟག་པ་མེད་པའི་མཆོད་པ་ནམ་མཁའ་ཁེབས་པར་སྤྲུལ། དེ་ནས་བྱ་ཁྱུང་རིགས་ལྔའི་སྤྱི་བོ་ནས་ཕྱག་ན་རྡོ་རྗེ་སྐུ་སྟོད་ཡན་ཆད་གསལ་བ་དཔག་ཏུ་མེད་པ་ནམ་


PS001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ལྡིང་བ་དང་། དེ་རྣམས་ཐམས་ཅད་གཅིག་གིས་གཅིག་མ་བསྒྲིབ་པ་གསལ་དྭངས་སུ་མཐོང་བ་བྱུང་བ་དང་། དེ་བླ་མའི་དྲིན་དུ་ཤེས་ནས་གསོལ་བ་བཏབ་པས་ནམ་མཁའ་ལ་གསོལ་འདེབས་ཀྱི་སྒྲ་ཆེན་པོ་སྒྲོག་པར་གྱུར་ཏོ། །དེ་ནས་མདུན་གྱི་རྒྱ་མཚོ་ཆེན་པོ་འདི་ལ་སྦྱོང་སྤེལ་གཅིག་བྱ་དགོས་སྙམ་ནས་ཕྱིན་པ་དང་། མཚོའི་སྟེང་ན་ཉ་དང་ཆུ་སྲིན་ལ་སོགས་པ་སྲོག་ཆགས་སྣ་ཚོགས་པ་འདུག་ནས། ཉ་འདོད་པའི་ཆུ་བྱ་རོག་པོ་དཔག་ཏུ་མེད་པ་སྤྲུལ་ནས་ཉ་ཐམས་ཅད་དེད། ཆུ་སྲིན་ལ་དུང་མང་པོ་སྤྲུལ་ནས་ཕར་ཐལ་ཚུར་ཐལ་དུ་བཏང་བ་དང་། ཀླུ་ནག་པོ་ཁ་གདངས་མཆེ་བ་གཙིགས་པ་མང་པོ་མཚོ་ལས་སྐྱེས་པའི་ཚུལ་དུ་བྱུང་བ་དང་། དེ་ལ་ཅུང་ཟད་སྐྲག་པར་གྱུར་ནས། ད་ཁྱུང་དུ་སྤྲུལ་དགོས་སྙམ་ཙ་ན། ཁྱུང་དང་ཀླུའི་སྲིན་པོ་ནཱ་ག་རཀྴ་དཔག་ཏུ་མེད་པ་སྤྲུལ་ནས་ཀླུ་ཐམས་ཅད་དུམ་བུར་བཅད་ཅིང་ཟོས། དུང་དུ་སྤྲུལ་ཅིང་ཐལ་བྱུང་དུ་བཏང་ངོ། །དེ་ནས་ཉ་དང་ཆུ་བྱ་དང་། ཆུ་སྲིན་དང་། ཀླུ་དང་། དུང་


PS001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱུང་ཐམས་ཅད་ཀྱི་སྤྱི་བོར་བདེ་མཆོག །དེའི་སྤྱི་བོ་བླ་མ་བསྒོམ་ནས་ཐམས་ཅད་ཀྱིས་ཡི་གེ་བདུན་པ་འདྲེན་པ་དང་། བླ་མ་ལ་གསོལ་བ་འདེབས་པ་ཐམས་ཅད་གཅིག་གིས་གཅིག་མ་བསྒྲིབ་པར་བྱུང་བ་དང་། སྔར་གྱི་ནམ་མཁའ་རྣམས་ཀྱང་གསལ་དྭངས་སུ་གཅིག་ཏུ་མཐོང་ཞིང་སྦྱོང་སྤེལ་དང་། སྤྲུལ་སྒྱུར་མ་ཆད་པར་བླ་མའི་མོས་གུས་དང་འབྲེལ་བར་བྱུང་བས། འདི་ལྟ་བུ་སྔོན་གྱི་བྱང་ཆུབ་སེམས་དཔའ་དང་གྲུབ་ཐོབ་རྣམས་ལ་ཡང་མ་བྱུང་ལས་ཆེ་སྙམ་པ་སྐྱེས་པ་དང་། བུ་མེད་གཅིག་ན་རེ། ཉོན་མོངས་བདེན་འཛིན་ཞིག་གྱུར་ཀྱང་། གཉེན་པོའི་གཟུང་འཛིན་མ་བྲལ་བས། ང་རྒྱལ་མ་ཆེ་བདེན་མེད་སྒོམ། །གཟུང་འཛིན་གསེར་གྱི་སྒྲོག་ཡིན་ནོ། །གསུངས་པ་དང་། སྦྱོང་སྤེལ་གྱི་སྣང་བ་དེ་ཡལ་ནས་ཐལ། དེ་ནས་བྱེ་མའི་རི་ཆེན་པོ་གཅིག་ལ་འཛེགས་པས། ཡར་འཛེགས་པ་ཙམ་གཅིག་མར་ཉིལ་ནས་བྱུང་བ་དང་། ཡང་བུད་མེད་གཅིག་བྱུང་ནས་ཡར་ལ་ཤད་ཀྱིས་ཤོག་ཅིག་ཟེར་


PS001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། ང་མ་ཐར་བྱས་པས། བུད་མེད་དེས་ན་རེ། ཁྱོད་བྱང་ཆུབ་སེམས་དཔའ་བས་སྟོབས་ཆེ་སྙམ་པའི་ང་རྒྱལ་ཡོད་པ་ལ། བྱེ་རི་འདི་ལ་ཚེགས་ཅི་ཡོད་ཟེར་ནས་མི་སྣང་བར་ཐལ། དེ་ནས་དགེ་སྦྱོར་ཅི་སྐྱེས་ཀྱང་བཟུང་འཛིན་དང་ང་རྒྱལ་གཏན་ནས་སྐྱེ་མི་གཏུབ་པ་འདུག་སྙམ་པ་བྱུང་ངོ་། །དེ་ནས་ཉི་ཤུ་རྩ་ལྔའི་ཐོ་རངས་རྨི་ལམ་བཟུང་ནས་ཁ་རག་གི་རྩར་ཕྱིན་ནས་ཀླུ་བདུད་འགའ་ར་ནག་པོའི་རྩར་ཕྱིན་ནས་འདུལ་དགོས་སྙམ་ཙ་ན། དེ་བས་མངོན་དགའ་བལྟ་དགོས་སྙམ་ནས་ཁྱུང་གཅིག་ཏུ་བྱས་ནས་ཕྱིན་ཙ་ན། ཡོལ་མདའི་ཐད་ཀའི་ནམ་མཁའ་ལ་ཡི་དམ་དང་ཁྱུང་རིགས་ལྔར་སྤྲུལ་ནས་ཕྱིན་ཙ་ན། མདུན་གྱི་ནམ་མཁའ་ལ། །བླ་མའི་བཞུགས་གནས་མངོན་དགའི་ཞིང་། །མི་བསྐྱོད་བླ་མ་དམ་པ་ལ། ཞལ་ཏ་གདམས་པ་མི་ཞུ་བར། མངོན་དགའི་ཞིང་གིས་ཅི་ཞིག་བྱ། །ཞེས་པའི་སྒྲ་གཅིག་གྲགས་པས་སད་བྱེད་བྱས་ཏེ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། བླ་མ་མི་བལྟ་བར་མངོན་


PS001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དགས་ཅི་བྱ་སྙམ་ཏེ། གདུང་ཤུགས་ཀྱི་མཆི་མ་ཁྲག་ལྟར་འཛག་ནས་གསོལ་བ་འདེབས་ཤིང་ཕྱིན་པས། གསལ་སྣང་མཆེད་ནས་སོང་སྟེ་རྒྱ་ཆེན་པོ་མཐོང་བ་བྱུང་སྟེ། དེ་ནས་གཟིམ་ཁང་གི་བར་ཁང་དུ་ཕྱིན་པ་དང་། བླ་མ་དེ་ན་མི་བཞུགས་པར་འདུག །སྟེང་དུ་ཕྱིན་པ་དང་། ཡོན་བདག་ཀུན་དགའ་དང་གཉིས་འདུག་ནས། བླ་མ་ལ་ཕྱག་འཚལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་ནས་ཆོས་གཅིག་གསུང་བར་ཞུ་བྱས་པས། བླ་མའི་ཞལ་ནས། །བླ་མའི་བཞུགས་གནས་རྡོ་རྗེ་གདན། །ང་ནི་དྲུག་པ་རྡོ་རྗེ་འཆང་། །མོས་གུས་འོད་གསལ་མ་འདྲེས་ན། །དམིགས་པའི་ཡུལ་སྣང་ཀུན་མི་མཐོང་། །དེ་བས་སྔར་བཞིན་གསོལ་བ་ཐོབ་གསུངས། །ནང་པར་དངོས་གྲུབ་ཕུག་ན་དཔོན་རྒྱ་རེ་བ་ལ་ཡི་གེ་དེ་བསྐུར་ནས། །བླ་མ་གང་ན་བཞུགས་བལྟར་བཏང་བས། །གཟིམ་ཆུང་གི་སྟེང་མགོན་པོའི་དྲུང་ན། བླ་མ་དང་ཡོན་བདག་ཀུན་དགའ་གཉིས་འདུག་ནས། ཡི་གེ་


PS001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཏུ་གཏད་དགོས་སྙམ་པ་དང་། བླ་མའི་ཞལ་ནས། མདང་སུམ་སློབ་དཔོན་ལ་ཆོས་བཤད་ཡོད་ཡི་གེ་བསྟན་མི་དགོས། ཡུལ་གནད་གཏན་ལ་ཕེབས་འདུག་སྟེ། དེ་བས་རྨི་ལམ་དུ་ཁྱུང་དང་ཡི་དམ་དུ་སྤྲུལ་པའི་དུས་སུ་ང་ལ་མཆི་མ་འཁྲུག་པའི་མོས་གུས་དེ་སྐད་ཅིག་མའི་དགའ་བ་ཡིན་གྱིས། དེ་ལ་སོགས་པའི་གསུངས་ཕྲིན་བསྐུར་ནས་བྱུང་ངོ་། །དེ་ནས་སྟོན་ཟླ་ར་བའི་ཚེས་གཅིག་ལ་བླ་མའི་སྤྱན་སྔར་ཕྱིན་ལ། སྦྲང་རྩི་དང་། དར་དང་། མཆོད་པ་ཕུལ་ནས་སྨོན་ལམ་བཏབ་དགོས་སྙམ་ཙ་ན། གནམ་སྟོང་གི་ཐོ་རངས་ཁ་འདྲེ་གདོན་གྱིས་ཆོ་འཕྲུལ་ཆེན་པོ་བསྟན། ཁྱད་པར་དུ་སྐར་ཆུང་རྒྱལ་པོས་ཆོ་འཕྲུལ་ཆེན་པོ་བསྟན་པ་ལ། གདོན་གཞན་རྣམས་ཁྱུང་དུ་བྱས་ནས་བཏུལ་བས་ཐུལ། རྒྱལ་པོ་དེ་ལ་རྟ་མགྲིན་དུ་བྱས་ནས་རྟ་མགོ་མེ་འབར་བས་ཁོས་ཀྱང་ལྷ་ཁང་དུ་བྱས་ཏེ་སྡེར་སོ་མང་པོ་འཐབ་ཏུ་བྱུང་། ལྷ་ཁང་བསྒྱེལ། ལྡེར་སོ་བཤིག་པ་དང་། སྤྲེའུ་མང་པོ་བྱུང་


PS001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། སྟག་ཏུ་སྦྲུལ་ནས་ཟོས་པའི་རྗེས་ལ། བྱམས་སྙིང་རྗེ་དྲག་པོ་སྐྱེས་པ་དང་། རྒྱལ་པོ་དེ་སྤྲེའུ་རལ་གུ་སྟག་གི་ཤམས་ཐབས་གྱོན། བྱ་ཕོ་གཅིག་ཁྲིད་ནས་ང་ལ་ཕྱག་ཞུང་ཞུང་བྱེད་ཅིང་འདུག །རྗེས་སུ་བཟུང་བར་ཞུ་ཟེར་ནས་ཁོ་དེ་ནས་ཐུལ་ལོ། །ནང་པར་བླ་མའི་སྤྱན་སྔར་ཕྱིན་ཙ་ན། བླ་མའི་ཞལ་ནས། མདངས་སྐར་ཆུང་རྒྱལ་པོས་སྤྲེལ་འུའི་གོས་གྱོན་ནས་ཕྱག་བྱེད་པ་དེ། ཁོ་མོས་པས་གཏིང་ནས་ཐུལ་བ་ཡིན། ངས་ཀྱང་དང་པོ་སྐར་ཆུང་རྒྱལ་པོ་དེས་སྨྱོ་བ་མང་པོ་བྱུང་ནས་སྨྱོ་བཏུལ་བས། ཁོ་དང་ལོ་གསུམ་འགྲས་ནས། ཁྱི་དང་སྤྲེའུ་དང་། ལྷ་ཁང་འཇིག་པར་བྱས་ཤིང་ཆོ་འཕྲུལ་སྟོན་དུ་བྱུང་། དེ་ནས་ངས་རྨི་ལམ་བཟུང་ཞིང་རེས་རྟ་མགྲིན་གྱིས་བཏུལ། རེས་བྱམས་པ་བསྒོམ་པས་དེ་ལ་ཁོ་མོས་ནས་སྤྲེའུའི་རས་གུ་གྱོན་ནས། ཕྱག་ཞུང་ཞུང་བྱེད་ཅིང་བཀའ་འབངས་བགྱིའོ་ཟེར་ནས་བྱུང་སྟེ། དུས་དེ་ནས་བྲན་བཞིན་


PS001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉན་པར་བྱུང་ནས། སྐར་ཆུང་རྒྱལ་པོ་འདུལ་བ་ལ་བྱམས་པ་སྟོབས་ཆེ་བར་འདུག །དེ་རིང་སྨོན་ལམ་འདེབས་པ་འདི་ལ་ལས་ངན་དང་གདོན་ཐམས་ཅད་ལངས་པ་ཡིན། ལས་ངན་འདི་མཛད་པའི་ཐབས་ལ་སྨོན་ལམ་འདི་ཁོ་ན་ཟབ་པར་འདུག་གསུངས་སོ། །དེ་ནས་སྟོན་ཟླ་འབྲིང་པོ་ལ་བྲག་དགོན་དུ་མཚམས་གྱིས་ལ་ལོ་གཅིག་དགེ་སྦྱོར་དྲག་པོ་གྱིས་གསུངས་ནས། ལོ་གཅིག་ཏུ་མགོ་སྔས་ས་ལ་མི་འཇོག་པར་སྐྱིལ་ཀྲུང་མི་འཇིག་པའི་དམ་བཅའ་དྲག་པོ་བྱས་ནས་བསྒོམས་པས། ནམ་ཕྱེད་ལ་གཉིད་ཐུམ་རེ་ལོག །དེ་ལས་གཉིད་དབང་དུ་མ་བཏང་། ངས་ནམ་ཚོད་བྱ་ཡིས་ཟེར་བའི་སྐད་ལྷང་བ་གསུམ་བྱུང་། དེ་ནས་བཟུང་སྟེ་གཉིད་ཨན་ཙམ་ཆེས་བ་དང་། མིང་ནས་བོས་ཀྱིན་གཉིད་སད་རན་དགེ་སྦྱོར་གྱིས་ཟེར་བ་ནུབ་གཅིག་མ་ཆགས་པར་བསྐུལ་བྱུང་། དེའི་སྟོབས་ཀྱིས་གཉིད་དབང་དུ་མ་སོང་བར་བྱས་ནས་དགེ་སྦྱོར་ལ་འབད། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་། ནུབ་གཅིག་རྨི་ལམ་བཟུང་ནས་ཨོ་རྒྱན་བལྟར་འགྲོ་


PS001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ནས་ཕྱིན་པ་དང་། ཕྱོགས་གཅིག་ན་ནགས་ཚལ་ཆེན་པོ་མེ་ཏོག་དང་འབྲས་བུར་བཅས་པ་བར་བར་ན་མཚོ་པདྨས་བརྒྱན་པ་དང་། ནེའུ་སེང་མེ་ཏོག་གིས་བརྒྱན་པ་དང་། ནགས་ཚལ་ཤིང་ཏོག་དང་མེ་ཏོག་ཐམས་ཅད་ལས་འོད་ཆེན་པོ་བྱུང་བ་དང་། མཐོང་བ་ཙམ་གྱིས་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་འདུག་ནས། དེར་ཕྱིན་པ་དང་ནགས་དེའི་དཀྱིལ་དུ་བྱང་ཆུབ་ཀྱི་ཤིང་གི་སྡོང་པོ་ཆེན་པོ་ཡལ་ག་དང་ལོ་འདབ་རྒྱས་པའི་མེ་ཏོག་ཁ་དོག་སྣ་ཚོགས་པའི་སྟེང་ན། སངས་རྒྱས་སྟོང་རྩ་གཉིས་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ། འོད་ཀྱི་རང་བཞིན་ཅན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། རང་རང་གི་འཁོར་དཔག་ཏུ་མེད་པས་བསྐོར་བ་བཞུགས་འདུག་པ་མཐོང་ནས། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་ནས་གསོལ་བ་བཏབ་པས། དེ་རྣམས་ལས་འོད་ཟེར་བྱུང་ནས་ལུས་ལ་ཐིམ་པས་ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་


PS001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་རྟོག་པ་མེད་པ་བདེ་ལ་ཞེན་པ་མེད་པའི་རྒྱལ་བ་ལོངས་སྐུར་གྱུར་ནས་ཐལ། དེ་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོའམ། མཐར་ཐུག་རྒྱལ་བ་ལོངས་སྐུར་ཐག་ཆོད་ནས་སངས་རྒྱས་སྟོང་ཙམ་བྱོན་ཀྱང་མཐར་ཐུག་གི་དོན་དེ་ལས་མེད་པ་ཡིན་ནོ་བྱ་བའི་བརྡར་འདུག་སྙམ་པ་བྱུང་། དེ་ནས་བྲག་དགོན་དུ་མཚམས་བྱས་པའི་ཐོ་རངས་ཁ་གཅིག་རྨི་ལམ་བཟུང་ནས་བྲག་ལོག་ལ་ཕར་ཐལ་ཚུར་ཐལ་དུ་སྦྱངས། དེ་ནས་ཟད་པར་ས་དང་། ཆུ་དང་མེ་དང་རླུང་དུ་སྤྲུལ་ནས་དེར་གྱུར་ནས་སོང་ངོ་། །དེ་ནས་མདུན་དུ་འབུམ་གྱི་ཤོག་བུ་གཉིས་འདུག་པ་དང་། བུད་མེད་གཅིག་བྱུང་ནས་འདི་འདོན་དང་ཟེར་ནས་བཏོན་པས་ཡང་ན་རེ། ཁྱོད་ཀློག་མཁས་པར་འདུག །ཡི་གེ་འདི་རྣམས་ལ་སྦྱོང་སྤེལ་གྱིས་དང་ཟེར་ནས། ཡི་གེ་རེ་རེའི་སྣག་ཚའི་ལམ་གར་འདུག་ཐམས་ཅད་དུ་བདེ་མཆོག་ལྷ་ལྔ་རེ་རེའི་སྦྱོང་སྤེལ་བྱས་པས་སྣག་ཚ་ལ་ཚུར་མ་ཐལ་ཤོག་གུ་ལས་ཕར་མ་ཐལ་བར་སྦྱོང་སྤེལ་བྱས་པས། གསོལ་བ་ཐོབ་དང་ཟེར་ནས་ལྷའི་


PS001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བླ་མ་བསྒོམས་ནས་གསོལ་བ་འདེབས་ཤིང་སྣག་ལམ་ཐམས་ཅད་སྤྱོད་སྤེལ་གཅིག་གིས་གཅིག་ལ་མི་འགྲིབ་པ་བྱུང་བ་དང་བུད་མེད་དེ་ན་རེ། །ཤིན་ཏུ་བཀྲག་པའི་སྣག་ལམ་ལ། །ཕྱི་ནང་གར་ཡང་མ་ཐལ་བར། །བདེ་མཆོག་ལྷ་ལྔའི་སྦྱོང་སྤེལ་འདི། །ཀུན་ཀྱང་མ་འདྲེས་གསལ་བར་སྣང་། །སྒྱུ་མ་འོད་གསལ་དབྱེར་མེད་དོན། ཨེ་མ་ཨ་ལ་ལ་ཟེར་ནས་མི་སྣང་བར་ཐལ་ལོ། །དེའི་དུས་སུ་མོས་གུས་ཀྱི་ཤུགས་ཆེན་པོ་བྱུང་ནས། བླ་མ་ལ་གསོལ་བ་བཏབ་སྟེ། བདག་གི་ཡི་དམ་གང་ཡིན་ལུང་བསྟན་དུ་གསོལ་ཞེས་བྱས་པ་དང་། ནམ་མཁའ་ལ་འོད་གཅིག་སྐྱ་ནར་བྱུང་བའི་སྣ་ལ་མེ་རི་དཀར་པོའི་དཀྱིལ་ན་མཁའ་སྤྱོད་མ་དཀར་མོ་ཞལ་འཛུམ་པའི་མདངས་དང་ལྡན་པ་འོད་དང་འོད་ཟེར་གྱི་རང་བཞིན་གཅིག་བྱོན་ནས། དེ་ལ་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ་བ་དང་། མཁའ་སྤྱོད་མ་ལས་འོད་ཟེར་དཀར་པོ་གཅིག་བྱུང་ནས་བདག་གི་ལུས་ལ་ཐིམ་པ་དང་། མཁའ་སྤྱོད་མའི་ཞལ་ནས།


PS001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་བདེ་སྟེར་དབྱེར་མེད་ཀྱི། །མཁའ་སྤྱོད་གནས་སུ་བགྲོད་པར་བྱ། ལན་གསུམ་གསུངས་སོ། །དེ་བླ་མའི་བཀའ་དྲིན་ཡིན་སྙམ་ནས། གསོལ་བ་འདེབས་ཤིང་ཡང་བླ་མ་སྤྱི་བོ་ནས་སྙིང་གར་བསྟིམ་ཞིང་མཆོད་པ་ཕུལ་བས། ལུས་མང་པོར་སྤྲུལ་ནས་ལུས་རེ་རེ་ལ་བསྟོད་པ་རིགས་མི་འདྲ་བ་རེ་བྱས་སོ། །རྨི་ལམ་སྦྱོང་སྤེལ་དང་མོས་གུས་འབྲེལ་བ་དེས་ཉིན་པར་དགེ་སྦྱོར་སྔར་ལས་སྟོབས་ཆེ་བར་བྱུང་། དེའི་ནུབ་མོ་སྟོབས་སྐྱེས་ནས་བོགས་ཆེན་པོ་བྱུང་བས། སྐྱོ་ཤས་དང་མོས་གུས་འདུན་པ་གསུམ་དུ་འབྲེལ་ན་ཟླ་གཅིག་ཙམ་གྱིས་སངས་རྒྱ་བར་འདུག་སྙམ་པ་བྱུང་ངོ་། །སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་གསུམ་གྱི་ཐོ་རངས་རྨི་ལམ་བཟུང་ནས་བླ་མའི་སྤྱན་སྔར་ཕྱིན་ནས། མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པ་དང་། བླ་མ་ཕྱག་ན་རྡོ་རྗེ་སྐུ་ཤིན་ཏུ་ཆེ་བ་དབུ་སྐྲ་ཁམས་སེར་གྱེན་དུ་བརྫེས་པས་ནམ་མཁའ་ཐམས་ཅད་ཁེངས་པ་གཅིག་ཏུ་གྱུར་ནས་སོང་། དེ་ནས་ནམ་མཁའ་ཁེངས་པའི་དབུ་སྐྲ་འདི་རྣམས་ལ་སྦྱོང་སྤེལ་གཅིག་བྱ་དགོས་སྙམ་ནས། རྗེ་


PS001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་དང་། རྟ་མགྲིན་ལ་སོགས་པར་སྤྲུལ་ནས། དབུ་སྐྲ་ཉག་མ་རེ་ལ་ཕར་ཐལ་ཚུར་ཐལ། ཡར་ཐལ་མར་ཐལ་དུ་སྦྱངས་པས་དབུ་སྐྲ་རྣམས་ཇེ་ཕྲ་ཇེ་ཕྲ་བ་སྤུ་ཙམ་དུ་གྱུར་པ་དང་། དབུ་སྐྲ་ཕྲ་མོ་དེ་རྣམས་ཀྱི་ནང་ནས་ཡར་བདེ་མཆོག་ལྷ་ལྔ་མང་པོ་དང་། དགྱེས་རྡོར་ལྷ་དགུ་དང་། མ་ཧཱ་མ་ཡ་ལྷ་ལྔ་རྣམས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྤྲུལ་ནས། གཅིག་གི་གཅིག་མ་བསྒྲིབ་པར་གསལ་བ་དེ་ལ་རང་རང་གི་སྔགས་སྒྲ་དི་རི་རི་སྒྲོག་པ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་བླ་མས་བྱས་ནས་གསོལ་བ་གདབ་བོ། །ཐུན་མོང་མ་ཡིན་པའི་མོས་གུས་སྐྱེས་པ་དང་། ནང་པར་ཚ་བ་ཐོན་པའི་རྗེས་སུ་བླ་མ་བྱོན་ནས། ད་ནང་ཐོ་རངས་ངའི་སྐྲ་ལ་རྨི་ལམ་སྦྱོང་སྤེལ་དང་། སྐྲ་ཤིན་ཏུ་ཕྲ་བའི་ནང་དུ་དཀྱིལ་འཁོར་ལྷ་ཚོགས་བཀོད་པ་ཕྲ་བ་རྩལ་ཆེ་བ་ཡིན་ཏེ། དེ་བས་ཀྱང་ཉིན་པར་ས་གཞིའི་སྟེང་གི་རྡུལ་ཕྲ་རབ་ཁབ་རྩེ་བས་ཆུང་བ་འདི་རྣམས་ཐམས་ཅད་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་སྒོ་རྟ་བབས་


PS001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ལྷ་མོ་དང་། དུར་ཁྲོད་བརྒྱད་ཀྱི་ཤིང་བརྒྱད། ཕྱོགས་སྐྱོང་ལ་སོགས་པ་ཐམས་ཅད་རྫོགས་པར་གསལ་བ་དང་། ལྷ་ཚོགས་ཐམས་ཅད་ཀྱི་སྤྱན་གསུམ་དང་། མཆེ་བ་བཞི་དང་། རུས་པའི་རྒྱན་དང་། མི་མགོའི་ཕྲེང་བ་དང་བཅས་པ་མ་འདྲེས་པར་གསལ་བ་འདི་ང་ལ་གཏན་དུ་འཆར་བར་འདུག །ནུབ་མོ་རྨི་ལམ་བས་ཉིན་པར་འདི་དཀའ་འདུག །ངས་བླ་མ་སྐྱེར་སྒང་པ་ལ་ཞུས་པས། ཉིན་གྱི་འདི་ལྟ་བུ་ངས་ཀྱང་མི་ཡོང་བར་འདུག །ཁྱོད་ཀྱི་འདི་ལྟ་བུ་རྨི་ལམ་གྱི་མཐར་ཐུག་ཡོད་པ་མ་གཏོགས་པ་སུ་ཡང་བློར་མི་ཤོང་བར་འདུག་པས། ད་ཉིན་པར་གྱི་འདི་ལྟ་བུ་ཡོང་བར་འདུག་གམ་ལྟོས་ཅིག་གསུངས་ནས་ཞག་བདུན་དུ་བསྒོམས་པས། རྡུལ་ཕྲ་རབ་དེ་ལྷན་སྐྱེས་སུ་གསལ་བ་ཙམ་བྱུང་། དེ་ལས་ལྷའི་དཀྱིལ་འཁོར་རྫོགས་པར་གསལ་བ་ཙམ་མ་བྱུང་བས། དེ་ལ་ཇི་ལྟར་བྱ་ཞུས་པས། ཉིན་པར་གྱི་ནུབ་མོ་རྒྱས་ཐོབ། རྨི་ལམ་གྱི་ལྷ་སྐུ་ཕྲ་མོས་ཉིན་པར་རྒྱས་ཐོབ་ལ་སྒོམ། །


PS001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཇི་ལྟ་བ་བཞིན་དུ་ཡོང་བ་ཡིན་ནོ། །ལར་ད་ལྟ་རྨི་ལམ་གྱི་ཉམས་མྱོང་མེད་པར་དཀྱིལ་འཁོར་རྒྱས་པར་བསྒོམ་པར་འདུག་སྟེ། གཙོ་བོ་གསལ་ན་འཁོར་མི་གསལ། འཁོར་གསལ་ན་གཙོ་བོ་མི་གསལ། ལོང་བའི་དབྱུག་སྐོར་དང་འདྲ་གསུངས་སོ། །སྟོན་ཟླ་འབྲིང་པོ་ལ་བྲག་པོ་ཆེར་བསྒོམ་པའི་དུས་སུ། གཞི་བདག་དེས་ཆོ་འཕྲུལ་ཆེན་པོ་བསྟན་པ་ལ། རྨི་ལམ་བཟུང་ནས་ཁྱུང་དུ་བྱས་ནས་བརྟུལ་བས། ཁོ་རང་གི་རང་གཟུགས་སུ་གྱུར་ཏེ་མི་གཟུགས་ཆེ་བ། ཤ་རྒྱས་པ། གསེར་གྱི་རལ་པ་ཡོད་པ་གཅིག་ཏུ་བྱས་ནས། བླ་མ་ཁྱེད་ལ་ཆོ་འཕྲུལ་བསྟན་པ་བཟོད་པར་གསོལ། ད་ནི་བདག་གིས་ཡོན་བདག་བགྱིད་ཅིང་། བཀའ་འབངས་སུ་བགྱི་བས། བདག་གི་སྲོག་སྔགས་བཞེས་སུ་གསོལ། །ཞེས་སྲོག་སྙིང་ཕུལ་ལོ། །དེ་ནས་ཡང་སང་དགོང་བྱུང་ནས། ནུབ་མོ་དབང་བསྐུར་ཞུ། ཉིན་པར་ཆོས་ནམ་གསུངས་གསུངས་ཀྱི་དུས་སུ་ཞུ་བ་ཡིན་ཟེར། ནུབ་ཚེ་དབང་ཞུས། ཉིན་པར་


PS001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་པ་རྣམས་ལ་ཆོས་བཤད་པའི་དུས་སུ་གྲྭ་པའི་གཟུགས་སུ་བྱས་ནས་བདག་གི་པུས་མོའི་སྟེང་དུ་རྐྱེན་སྒྲུབ་ཅིང་གུས་པར་བྱུང་ངོ་། །ཡང་དགུན་ཟླ་བ་གཉིས་བྲག་དགོན་དུ་མཚམས་བྱས་པའི་དུས་སུ་ནམ་སྲོད་ལ་བཙན་མི་དམར་རྟ་དམར་ཅན་གོ་མཚོན་བཟང་པོ་འཁོར་མང་པོས་བསྐོར་བ་གཅིག་བྱུང་ནས། དང་པོར་བར་ཆད་བྱད་དུ་བྱུང་བ་དང་། ཁྲོ་བོ་མང་པོར་སྤྲུལ་ནས་བརྟུལ་བས། ཁོས་རྟ་དེ་ཕུལ་ནས་དབང་ཞུས་པས་ད་ནི་བདག་གིས་འབངས་དང་བཀའ་སྲུང་བགྱི་བས་བདག་གི་སྒྲུབ་ཐབས་འདི་རྣམས་བཞེས་སུ་གསོལ། བདག་བྲག་བཙན་བྲག་རྗེ་བྱ་བ་ལགས། གཡོན་གྱི་འདི་ཀླུ་བཙན་བྲག་རྒོད་བྱ་བ་ལགས། མདུན་གྱི་འདི་ཀླུ་བཙན་དྲག་པོ་བྱ་བ་ལགས། འཁོར་འདི་གསུམ་གྱིས་སྐྱེ་འགྲོའི་སྲོག་དབུག་བསྡུད་པའི་བདག་པོ་ལགས། མ་མོ་གཤིན་རྗེ་ལྷ་མགོན་ལ་སོགས་པ་གང་བས་ཀྱང་ལས་མྱུར་ཞིང་སྟོབས་ཆེ་བར་འདོག །ཐུགས་ལ་ལེགས་པར་བཟུང་འཚལ། དེ་ལ་གནས་ནི་བྲག་དམར་པོའི་སྟེང་ན་ཁྲ་


PS001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་འཆའ་བ། གཡས་སུ་ཆུ་འབབ་པར་བྱའོ། །དུས་ནི་ཉི་ཤུ་རྩ་ལྔའི་ནམ་ཕྱེད་ཉིན་ཕྱེད་ནས་འགོ་གཟུག་གོ །རྫས་ནི་དམར་པོའི་ཁམས་སའི་གསོབ་རྟེན་དུ་གཟུག །རའི་སྙིང་དང་ཁྲག་གིས་མཆོད་དོ། །སྒྲུབ་པའི་ཐབས་ནི། སྒྲུབ་ཁུང་གྲུ་གསུམ་པ་དགྲ་བོའི་སྙིང་གི་གཟུགས་བཞི་བྱས་པ་ལ་གཅིག་དཀྱིལ་དུ་བཞག །དེའི་སྟེང་དུ་ངའི་གཟུགས་མི་རེང་དམར་པོ་གཡས་རལ་གྲི་གཡོན་དགྲ་སྙིང་ཟ་བ་གཅིག་བྱས་ལ། སྙིང་གར་སྲོག་སྔགས་བཞག །སྙིང་ཟུར་གསུམ་ལ་བཞག །དེ་གསུམ་གྱི་སྟེང་དུ་གཡས་སུ་ཆུ་བཙན། གཡོན་དུ་ཀླུ་བཙན། མདུན་དུ་བདུད་བཙན་གྱི་གཟུགས་བཞག །འཁོར་གསུམ་གྱི་གཡས་ཞགས་པ་དམར་པོ་ཐོགས་པ། གཡོན་གྱིས་གྱེ་བོ་བཟུང་བ་རེ་བྱ། སྙིང་གར་སྲོག་སྔགས་བཞུག་གོ །སྔགས་ནི་ཏྲི་ཤོ་ས་མ་ཡ་ཨ་ཤོ་ཀ་དགྲ་བོའི་ཙིཏྟ་ལ་རྦད་ཐུམ། གཙོ་བོའི་སྔགས་ལ་སོགས་པ་ཕུལ་ནས་ཆོ་འཕྲུལ་དང་སྲོག་དང་དྲག་སེར་གསུམ་གྱི་སྒྲུབ་ཐབས་ལན་གསུམ་ཕུལ་ནས། ཕྱག་འཚལ་བསྐོར་བ་བྱས་ཏེ་རྒྱབ་མི་


PS001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་ཟུར་འགྲོས་བྱས་ནས་སོང་ངོ་། །དེ་ནས་གཉིད་སད་པ་དང་སྒྲུབ་ཐབས་རྣམས་ཤིན་ཏུ་གསལ་བར་འདུག་ནས། བྲི་དགོས་སྙམ་ཙ་ན་ཐབ་ན་མེ་དང་མར་མེ་གཉིས་ཀ་མི་འདུག །ནང་པར་གྲོ་ཐོན་ནས་བརྩོན་འགྲུས་དར་ལ། མདང་བཙན་གཅིག་གིས་སྒྲུབ་ཐབས་ཕུལ་ནས་ཡོད་པས་བྲིས་དང་། མདང་མེ་དང་མར་མེ་མེད་པས་མ་བྱུང་། དེ་རིང་ན་བས་ཡི་གེ་མི་ཡོང་བར་འདུག་བྱས་པས་ཡང་ཡིག་མཁན་ཡང་མ་བྱུང་། དེ་ནས་ཞག་ལྔ་ནས་ཐེ་ཚོམ་བྱུང་བས་ཡི་གེར་མ་བཀོད། དེ་ད་ལྟ་ཡོད་ན་ལས་མྱུར་ལ་རྟགས་ཆེ་བ་གཅིག་ཡོང་བར་འདུག་སྟེ། ལར་སྒྱུ་ལུས་ཀྱི་ཉམས་ཀྱི་བདེན་མེད་འདི་དང་། ཁམས་ངན་པས་ནམ་འཆི་ཆ་མེད་སྙམ་ནས་ལྷ་འདྲེའི་སྒྲུབ་ཐབས་ཕུལ་བ་རྣམས་མ་བྲིས། དགོས་ཙ་ན་དྲན་ནས་ལྷ་འདྲེ་བརྟུལ་ཡང་གྲིབ་དང་འདྲེས་པའི་དུས་སུ་ལྷ་འདྲེ་བཟང་པོ་རྣམས་ཀྱི་སྲོག་སྔགས་རྣམས་ཇི་ལྟ་བ་བཞིན་མི་ཡོང་བར་འདུག །མི་གྲིབ་ཅན་ལོག་ལྟ་ཅན་དམ་སེལ་ཅན་ལ་དབང་བསྐུར་མང་པོ་བྱས་ན་དེས་གསལ་སྣང་མང་པོ་འགྲིབ་


PS001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱུང་ཡང་བྱ་རོག་བྲག་ལ་མཚམས་ཟླ་བ་གཅིག་བྱས་པས། དགོང་གཅིག་མི་སྐུ་ཕོད་དེ་བ། ཤ་མདོག་དཀར་བ། དར་སྔོན་པོའི་ཐོད་བཅིངས་པ། བེར་སྔོན་པོ་གྱོན་པ། རྐང་གོས་དང་སྔོ་ཁྲ་ལས་བྱས་པ། ལྷྭམ་སག་རི་ལ་བྱས་པ། སྤྲུལ་གྱིས་ལྷམ་སྒྲོག་བྱས་པ། རྟ་སྔོན་པོ་ཞོན་སྨན་མང་པོ་ཁྱེར་ནས་ང་ལ་འབུལ་དུ་བྱུང་བ་དང་། ཁྱེད་ག་ནས་འོང་། སྨན་འདི་ཙམ་གང་ནས་ཉོས། ཁོ་ན་རེ། བླ་མས་ང་མ་མཁྱེན་པར་འདུག་པ། ངས་བྲག་དགོན་དུ་དབང་ཞུས་ལོ་གསུམ་སོང་། །དེ་དུས་སུ་དབང་ཡོན་ལ་རས་དང་བུ་རམ་ཕུལ་བ་དེ་ལགས། བདག་གི་ཡུལ་ནི་ཚ་རགས་ཀྱི་བྲག་རིང་ན་བདོག །ཟླ་བ་གཅིག་ནས་བསྙུང་གཞི་ལྡང་བར་འདུག་པས། ངས་མང་ཡུལ་གྱི་གྲོང་དུ་སྨན་འདོན་དུ་ཕྱིན་པ་ཡིན། སྨན་ལུང་ཕུག་ཏུ་རི་ཁྲོད་མཛད་ན་གྲོང་ལ་ཁད་གཅིག་ཡོང་བར་འདུག །དེས་སྐུ་ཆགས་ཁྱེར་ནས་འགྲོ་བར་འདུག །བསྙུང་གཞི་དྭངས་པ་དང་སྒྱུ་ལུས་ཀྱི་དབང་གཅིག་ཞུ་ཟེར་ནས་ཐལ། དེ་ནས་སྨན་ཕུལ་བ་མང་པོ་བྱུང་། རི་གོང་དུ་


PS001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསེར་སྐུ་གཅིག་བཞེངས་སྙམ་ནས་ལྷ་བཟོ་བ་ལ་ཁ་ཆོས་རེ་བཅུག །དེ་མ་གཏོགས་པ་སྨྲ་བཅད་དང་མཚམས་བྱས་ནས། ནུབ་གཅིག་ནམ་ཕྱེད་ཡོལ་ཙ་ན། བླ་མ་ཆེན་པོ་ཞལ་རས་ཅུང་ནག་ཙམ་མཛད་ནས། བླ་བྲང་གི་སྟེང་གི་ནམ་མཁའ་ལ་བཞུགས་ནས། ཤེལ་གྱི་ཕྲེང་བ་གཅིག་བདག་གི་ལག་ཏུ་གཏད་ནས་འདི་སྐད་གསུངས། །ཕག་གི་ལོ་ལ་ལུང་བསྟན་བྱས། །ལོ་ནི་ཕྱེད་དང་བཅུ་གསུམ་སོང་། །ད་ལོ་ཆག་སྒོའི་དུས་ལ་བབས། །ང་ནི་མངོན་དགའི་ཞིང་ནས་འོང་། །དགེ་སྦྱོར་བསྐུལ་མ་འདེབས་སུ་འོང་། །ངའི་གསེར་སྐུ་གཡེང་བའི་རྒྱུ། །གཡེང་བས་བར་ཆད་འཇུག་པ་ཡིན། །ད་རེས་ལུགས་སྐུ་མི་འགྲུབ་བོ། །བུ་འཁོར་དང་དགོན་པའི་བདག་འཛིན་འདི། །བློ་ཡི་ཐོངས་ལ་ཡེངས་མེད་བསྒོམ། །ང་ལ་རྩེ་གཅིག་གསོལ་བ་ཐོབ། །གདུང་ཤུགས་འབྲལ་མེད་མོས་གུས་གྱིས། །སེམས་འདི་འཆི་མེད་ན་མེད་བསྒོམ། །འཆི་རྒྱུ་མེད་པའི་དོན་རྟོགས་པས། །གློ་བུར་འཆི་བའི་ཆགས་ལས་གྲོལ། །དེ་ལྟར་


PS001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་གྱུར་ན། །ཆུང་ཙན་སྔོན་པོས་སྨན་ཕུལ་ནས། །གསོལ་བ་བཏབ་པ་ཇི་བཞིན་དུ། །སྨན་ལུང་རི་ཁྲོད་གུར་ནང་དུ། །རང་གཞན་འཆི་བར་ཐག་ཆོད་ཚེ། །ང་ཡི་བྱིན་རླབས་མོས་གུས་གྱིས། །དེ་དུས་འཆི་བའི་ཆག་ལས་གྲོལ། །ལན་གསུམ་གསུངས་སོ། །དེ་ནས་སྨན་ལུང་གི་རི་ལ་བསྒོམ་པས། བླ་མས་ཇི་ལྟར་གསུངས་པ་བཞིན་བྱུང་ངོ་། །དེ་ནས་དབྱར་གཅིག་བྲག་པོ་ཆེར་བསྡད་པས། མགོན་པོའི་འཁོར་བཞི་བྱུང་ནས། གཏོར་ཆེན་དང་གཏོར་སྒྲུབ་བྱེད་པའི་དུས་སུ། གཏོར་མ་ཉིན་ལན་གསུམ་འབུལ་བའི་དུས་རེ་རེ་ལ། གཏོར་ཆུད་ལྔ་སྟོབ་པ་དེ་གལ་ཆེ་ལན་གསུམ་ཟེར་ནས་མི་སྣང་བར་ཐལ། ཡང་གནོད་སྦྱིན་དང་ཏྲཀྴད་ནས་ཕྲིན་ལས་ཕྱོགས་བཅུར་བསྒྲིགས་པ་དང་། དགྲ་ཁ་གུས་པ་ཞེ་གནག་པ་བསྒྲལ་ཙ་ན་གསོལ་བ་འདེབས་བཞིན་མ་བྱུང་ཟེར་ནས། གཏོང་རག་མི་གཏོད་པའི་སྟེང་དུ་ཡི་མུག་བསྒོམ་པ་འདི་མ་བྱེད། དེས་ཆོས་སྐྱོང་གྱེད་ནས་ལས་འགྱངས་པར་


PS001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་གང་ལ་ཡང་ཡིད་ཆེས་པར་གྱིས་ལ་གཏོང་རག་མྱུར་དུ་ཐོངས་ཟེར་ནས་མི་སྣང་བར་ཐལ། དེ་ནས་ཚེས་བཅུའི་ནུབ་མོ་ཟླ་མཆོད་བྱས་ནས་གསོལ་བ་བཏབ་པ་དང་། ནམ་ཕྱེད་ནས་ཡི་དམ་གྱི་སྣང་བ་མཆེད་ནས་ཐལ། ཐོང་རས་རྒྱལ་པོའི་ཆོ་འཕྲུལ་བྱུང་བ་ལ། ཡི་དམ་གྱི་སྤྲུལ་སྒྱུར་བྱས་པས་མ་ཐུལ་བ་དང་། ལུང་པ་ཐམས་ཅད་ཁྱི་སེར་པོ་ཆེན་པོ་དང་། སྤྱང་ཀི་དང་སྟག་གིས་ཁེངས་ནས། ཡི་དམ་གྱི་མེ་རི་ཐམས་ཅད་སྟག་གི་ཁ་རླངས་ཀྱིས་ནོན་ནས། ཁྲོ་བོའི་སྔགས་ཀྱི་སྒྲ་ཆེན་པོ་བསྒྲགས་པ་དང་། ཁོང་རྣམས་ཀྱིས་སྐད་ཆེན་པོ་བཏོན་ནས། ཡི་དམ་གྱི་སྔགས་ཟིལ་གྱིས་ནོན་ནས་ཤིན་ཏུ་འཇིགས་པར་གྱུར་བ་དང་། བླ་མ་བྱོན་ནས། རང་རང་གི་གཉེན་པོར་མ་སྤྲུལ་ན། ཡི་དམ་གྱིས་ཐུལ་བར་མི་འགྱུར་རོ། །གསུངས་ནས་ཁྱི་སྲེ་བོ་གཟུགས་རིང་བ་ཁ་གདངས་པ་མཆེ་བ་གཙིགས་པ་དེ་རྣམས་འདུལ་བ་ལ། ལྕགས་ཀྱི་སྤྱང་ཀི་མགོ་དགུ་པ་རི་རབ་ཙམ་རེ་རེ་སྤྲུལ་ནས་མཇུག་མ་བརྡབས། སྐད་ཆེན་པོ་བཏོན་པ་དང་།


PS001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་རྣམས་སྟོད་བཙུན་པ་ལ་སྨད་ཁྱིར་ཡོད་པར་གྱུར་ནས་སོང་བས། ཁྱི་རྣམས་ཟོས། སྟག་གི་གཉེན་པོར་སེང་གེ་མགོ་དགུ་པ་བྱས་ནས་ཟོས་པས་ཐུལ་ནས་སོང་། དུས་དེ་ནས་འཁོར་ལ་གནོད་པ་བྱེད་པ་དེ་རྒྱུན་ཆད་ནས་སོང་བས། དགེ་སྦྱོར་དང་རིམ་གྲོ་གང་བས་ཀྱང་རྨི་ལམ་བཟུང་ནས། གདོན་གང་ཡིན་གྱི་གཉེན་པོར་བརྟུལ་བ་དེ་སྟོབས་ཆེ་བར་འདུག །ཡང་འཁོར་གཅིག་ན་བ་ལ། ངས་བྱིན་རླབས་བྱས་པ་དང་། ཀླུ་བདུད་གཅིག་བྱུང་ནས་འདི་ངས་ཁྱེར་ནས་ཡོད་པ་ཡིན། ནད་པ་འདི་གཏང་དུ་ཆུད་པ་ཡིན་ཏེ་ད་རེས་ལས་ངས་མ་ཐོབ་པ་ཡིན་ནམ་ཟེར་ནས། ནམ་སྲོད་ལ་རྨི་ལམ་བཟུང་ནས་ཁོའི་ཕོ་བྲང་དུ་ཕྱིན་པ་དང་། དེ་ན་ནད་པ་དེ་ཁྱེར་ནས་འདུག་པས། ཁྱོད་རང་ནད་པ་འདི་མི་གཏོང་ན་འདུལ་ལོ་བྱས་པས། ཀླུ་བདུད་གཟུགས་སྣ་ཚོགས་སུ་སྤྲུལ་ནས་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་བྱུང་བ་དང་། ངས་ཀླུ་བདུད་སྲིན་པོ་ནཱ་ག་རཀྴ་མགོ་དགུ་པ་ཆུ་སྲིན་གྱི་ཁ་གདངས་པ་གཅིག་ནས་མེ་དཔུང་


PS001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ནས། ཁོའི་ཕོ་བྲང་དང་བཅས་པ་ཟོས་པས་ཀླུ་བདུད་ན་རེ། སྐྱེས་བུ་ཆེན་པོ་དེ་ལྟར་མི་མཛད་པར་ཞུ། ནད་པ་ཡང་ཁྱེད་རང་ལ་འབུལ་བས་སང་དགོངས་ནད་པ་སོས་ནས་འོང་གིས། བདག་གི་ལོངས་སྤྱོད་ཅི་ཡོད་ཀྱང་འབུལ་བ་ཡིན་ཟེར་ཙ་ན། ཀླུ་གཏོར་སྦས་པའི་བུམ་པ་འགའ་ཕུལ། དེ་ནས་ནད་པ་དྲག །ཀླུ་བདུད་ཀྱི་གནོད་པ་ཕྱིས་ནས་ཀྱང་མ་བྱུང་། གང་འདུལ་གྱི་གཉེན་པོར་སྤྲུལ་ནས་འདུལ་བ་ཁོ་ན་ཟབ་པར་འདུག་གོ །སྟོན་ཟླ་ར་བ་ལ་བློན་མཁར་དུ་རི་ཁྲོད་བྱས་པའི་ཚེས་བཅུའི་ཐོ་རངས་ཁ། རི་ཐམས་ཅད་ལ་མེ་ཆེན་པོ་འབར་བ་རྨིས་པ་དང་། འདི་རྨི་ལམ་དུ་འདུག་པས་ང་རང་གི་ལུས་ཀྱང་མེ་ཆེན་པོ་གཅིག་ཏུ་བསྒོམ་དགོས་སྙམ་ཙ་ན། རི་ལོགས་ཀྱི་མེའི་ནང་ཐམས་ཅད་མི་གཡོ་བ་ཁྲོ་ཆུང་བཅུས་བསྐོར་བ་དང་། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་ལ། ཞལ་གཅིག་ཕྱག་གཉིས་པ་དང་། རྗེ་བཙུན་མ་ཁྲོ་གཉེར་ཅན་གྱིས་བསྐོར་བ་དཔག་ཏུ་མེད་པ་མཐོང་ནས། དེ་རྣམས་ལ་བདུད་རྩིར་བྱིན་གྱིས་བརླབས་པའི་མཆོད་པ་འབུལ་བ་


PS001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྲོ་བོའི་ཚོགས་ཐམས་ཅད་མགྲིན་གཅིག་ཏུ་བསྡེབས་ནས་འདི་སྐད་གསུངས་སོ། །བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར། །དབུ་སྐྲ་གྱེན་བརྫེས་ཐམས་ཅད་ལ། །ཁྲོ་ཆེན་སྤྲུལ་སྒྱུར་ཐམས་ཅད་ཀྱིས། །དག་པའི་ཞིང་མཆོག་འོག་མིན་དུ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་ལ། །ཡེ་ཤེས་ཌཱ་ཀིས་དབང་བསྐུར་ནས། །རྡོ་རྗེའི་ཚིག་རྐང་ཞུས་པའི་ཚེ། །རྡོ་རྗེ་འཆང་གིས་ལུང་བསྟན་པ། །འདི་ནས་བརྒྱུད་པ་བདུན་བརྒྱུད་ཚེ། །ཆིག་བརྒྱུད་བཀའ་རྒྱས་བཏབ་པ་རྣམས། གདུལ་བྱ་སྣོད་ལྡན་འགའ་རེ་ལ། །ཅུང་ཟད་སྤེལ་ཞིང་བཀའ་རྒྱས་གདབ། །སྙིགས་མའི་འགྲོ་ལ་ཕན་ཐོགས་འགྱུར། །དེ་ནི་ལུང་བསྟན་དང་པོའོ། །མཁྱེན་ལྡན་སྐྱེར་སྒང་ལུང་བསྟན་པ། །ང་ཡི་བཀའ་བརྒྱུད་འཛིན་པ་གཅིག །གཡོར་པོའི་སྟོད་ནས་འབྱུང་བར་འགྱུར། །སངས་རྒྱས་གཉན་སྟོན་བརྒྱུད་འཛིན་པའི། །སློབ་མ་བཅུ་ཕྲག་གཅིག་འབྱུང་སྟེ། །སྐྱེ་བོ་ཁྲི་ཕྲག་མང་པོ་ལས། །བཅུ་པོ་རེ་རེ་དགའ་བ་འབྱུང་། །དྲུག་གིས་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་མིའམ་ཅི་རྣམས་དང་། །


PS001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྡན་ཚོགས་རྣམས་འདུལ་བར་བྱེད། །གསུམ་གྱིས་སྣོད་ལྡན་མི་རྣམས་འདྲེན། །ལོངས་སྐུ་རང་ཤར་ས་ལ་འགོད། །གཅིག་གིས་འཇིག་རྟེན་འགྲོ་བ་འདུལ། །སྣ་ཚོགས་སྤྲུལ་པ་ཕྱོགས་བཅུར་འགྱེད། །གང་གིས་མཚན་ཐོས་ངན་སོང་སྤངས། །འབྲེལ་པར་གྱུར་པ་ཐམས་ཅད་ཀུན། །དག་པ་ཤར་ཕྱོགས་ཞིང་དུ་འགྲོ། །དེ་ནི་ལུང་བསྟན་བར་པའོ། །སངས་རྒྱས་གཉན་སྟོན་རིན་ཆེན་གྱིས། །སུམ་ཅུ་རྩ་ལྔའི་སློབ་མ་ལ། །ཐུགས་རྗེ་ཆེན་པོའི་དབང་བསྐུར་མཛད། །དེ་དུས་ཆོས་རྗེ་སྐྱེར་སྒང་དང་། །ཐུགས་རྗེ་ཆེན་པོ་བྱོན་ནས་ཀྱང་། །དག་པ་སུམ་ཅུ་རྩ་ལྔའི་འཁོར། །ཤར་ཕྱོགས་དག་པའི་ཞིང་དུ་འགྲོ། །མཆོག་གྱུར་གཡོར་སྟོད་བརྒྱུད་འཛིན་དང་། །དེ་ཡི་སློབ་མ་གྲུབ་ཐོབ་ནི། །སྦས་པའི་རྣལ་འབྱོར་བརྒྱ་རྩ་བརྒྱད། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །འགྲོ་བ་དཔག་མེད་འདྲེན་པར་འགྱུར། །རེ་རེའི་ཚད་ཀྱང་བརྗོད་མི་ནུས། །དེ་རྣམས་མིང་རུས་སྡེ་ཚན་རྣམས། །བརྗོད་ན་སྙིགས་མའི་བློར་མི་ཤོང་། །དེ་ཕྱིར་གསང་བ་རྒྱ་


PS001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཏབ། །དེ་སྐད་ཐུགས་རྗེ་ཆེན་པོས་གསུངས། །ཡང་ནི་སངས་རྒྱས་གཉན་སྟོན་ལ། །ཡི་དམ་བདེ་མཆོག་སྒྱུ་འཕྲུལ་དང་། །དགྱེས་རྡོར་གསང་འདུས་འཇིགས་བྱེད་དང་། །མཁའ་སྤྱོད་དཀར་དམར་ལ་སོགས་དང་། །ནམ་མཁའ་ཁེངས་པས་དབང་བསྐུར་ཞིང་། །ཡེ་ཤེས་ཌཱ་ཀི་དཔག་མེད་ཀྱིས། །ཡེ་ཤེས་བདུད་རྩི་དྲངས་བའི་ཚེ། །སློབ་མ་མི་ལྔས་བཏུངས་པ་རྣམས། །དག་པའི་ཞིང་དུ་ལུང་ཡང་བསྟན། །ཁྱད་པར་བུ་ཁྱོད་ཞིང་མཆོག་དེར། །ཐེག་ཆེན་འཁོར་གྱི་དང་པོར་འགྱུར། །ས་ཡི་ཡོན་ཏན་རྫོགས་པར་འཆར། །སྔོན་གྱི་ལས་དོན་ནད་དུ་སྨིན། །སྐྱེ་འདིར་ལས་སྨིན་ལས་ཟད་ནས། །བདེ་ཆེན་ཞིང་དུ་འགྲོ་བར་འགྱུར། །ཐེ་ཚོམ་མ་བྱེད་ཡིད་ཆེས་གྱིས། །མ་ཡེངས་དྲན་པས་གསོལ་བ་ཐོབ། །གླང་ཆེན་སྨྱོན་པ་འདྲ་བ་ཡི། །སྙིགས་མའི་སེམས་ཅན་འདྲེན་པའི་ཚེ། །ཤར་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །ང་ཡིས་དངོས་སུ་བྱིན་རླབས་པས། །ཐ་མས་ལམ་སྣ་ཟིན་པར་


PS001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །འབྲིང་གིས་ལོངས་སྐུའི་ས་བོན་ཐེབས། །རབ་ཀྱིས་འོད་གསལ་ཕྱག་རྒྱ་ཆེ། །ཚེ་འདིར་མངོན་དུ་གྱུར་པར་བྱེད། །སྙིང་རྗེ་མ་ཆུང་ཕན་སེམས་བསྐྱེད། །ཞི་བདེའི་འབྲས་བུ་མ་བསྒྲུབས་པར། །ཚད་མེད་སྙིང་རྗེ་ཆེན་པོ་བསྐྱེད། །སངས་རྒྱས་ཞིང་ཁམས་གཞན་རྣམས་སུ། །སེམས་ཅན་དཔག་མེད་དྲངས་པ་ལས། །དུས་གསུམ་མི་མཇེད་ཞིང་ཁམས་འདིར། །སེམས་ཅན་གཅིག་ཕན་བསོད་ནམས་ཆེ། །དང་པོ་བསྟན་པ་ཡར་འཕེལ་བས། །སྙིགས་མ་ལྔ་བདོ་རྩོད་ལྡན་དུས། །ཤཱཀ་ཐུབ་བསྟན་པ་ནུབ་དུས་འདིར། །གདུལ་བྱ་ལས་ཅན་གང་བྱུང་ལ། །ཐར་པའི་ས་བོན་བཏབ་པ་ཡིས། །བསོད་ནམས་གང་ཡིན་སངས་རྒྱས་ཀྱིས། །དཔག་ཅིང་བརྗོད་པར་མི་ནུས་ན། །འོད་གསལ་ཕྱག་རྒྱ་ཆེན་པོ་དང་། །ལོངས་སྐུ་རང་ཤར་སྨོས་ཅི་དགོས། །དེ་ཕྱིར་ཕན་སེམས་བསྐྱེད་ཅིག་གསུངས། །བདག་གིས་རྩེ་གཅིག་བསྒོམ་པའི་ཕྱིར། །བསམ་གཏན་བྲག་གི་དགོན་པ་འདིར། །ལོ་སྒོམ་ལོ་གཅིག་བྱས་པའི་ཚེ། །


PS001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཌཱ་ཀི་བྱོན་ནས་ཀྱང་། །མུ་ཏིག་ཕྲེང་བ་བརྒྱ་རྩ་བརྒྱད། །བདག་ལ་གཏད་ནས་འདི་སྐད་གསུངས། །ཁྱོད་ནི་འདི་ནས་འཆི་འཕོས་ཚེ། །དག་པ་བདེ་ཆེན་ཞིང་དུ་འགྲོ། །ཁྱེད་ཀྱི་སློབ་མ་བརྒྱ་རྩ་བརྒྱད། །གྲུབ་ཐོབ་སྦས་པའི་རྣལ་འབྱོར་འབྱུང་། །སྐྱེ་བ་ཕྱི་མ་དེ་རྣམས་ཀྱིས། །གདུལ་བྱ་དཔག་མེད་འདྲེན་པར་འགྱུར། །ལན་གསུམ་གསུངས་ནས་མི་སྣང་གྱུར། །དེ་ཡང་ལུང་བསྟན་བར་བའོ། །སྟོན་ཀ་རིན་ཆེན་འབྱུང་ལྡན་དུས། །ཡར་ངོའི་ཚེས་བརྒྱད་ཐོ་རངས་ཁ། །སངས་རྒྱས་གཉན་སྟོན་འདི་སྐད་གསུངས། །ང་ནི་ཤར་ཕྱོགས་བདེ་ཆེན་ཞིང་། །མེ་ཏོག་བཀྲམ་པ་ཞེས་བྱ་རུ། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན། །སྐྱེས་བུ་འདུལ་བ་བླ་ན་མེད། །ལྷ་མའི་སྟོན་པ་བཅོམ་ལྡན་འདས། །པདྨའི་དཔལ་བྱར་སངས་རྒྱས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་ཡིས། །གདུལ་བྱ་དཔག་མེད་གྲོལ་བྱེད་ཚེ། །བུ་ཁྱོད་འཁོར་གྱི་གཙོ་བོར་འགྱུར། །ལན་གསུམ་གསུངས་ནས་བཀའ་རྒྱས་བཏབ། །དེ་ནི་ལུང་


PS001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཕྱི་མའོ། །བདག་གི་སྐྱེ་བ་སྔ་མ་དང་། །འདི་དང་ཕྱི་མའི་སྐྱེས་རབ་གསུམ། །མདོར་བསྡུས་བསྟན་གྱིས་གུས་པས་ཟུངས། །སྐྱེ་བ་སྔ་མ་རྒྱ་གར་དུ། །གསུམ་པའི་དབང་ལ་ཐེ་ཚོམ་བྱས། །སྐྱེ་འདིར་ཐར་མེད་ནད་དུ་སྨིན། །ཕྱི་མ་དག་པའི་ཞིང་དུ་འགྲོ། །དེ་སྐད་བླ་མ་སངས་རྒྱས་གསུངས། །ང་རང་ངན་ཀྱང་བླ་མ་བཟང་། །སྙིང་རུས་ཆུང་ཡང་གདམས་པ་ཟབ། །ནོར་མོད་ཆུང་ཡང་ཞེ་བློ་བདེ། །ཉིན་པར་ནད་པ་ཐ་མལ་འདྲ། །རྨི་ལམ་རྒྱལ་བ་ལོངས་སྐུ་དངོས། །ཉིན་བར་མཉམ་བཞག་ཕྱག་རྒྱ་ཆེ། །བློ་འདས་བརྗོད་བྲལ་རང་ཤར་བྱུང་། །གཉིད་སོང་བདེ་གསལ་མི་རྟོག་པའི། །འོད་གསལ་ལྷུན་གྲུབ་རང་ཤར་བྱུང་། །ཟུང་འཇུག་གཟུགས་སྐུ་རང་བཞིན་འཆར། །ལུས་ནི་བདེ་བ་ལོངས་སྤྱོད་རྫོགས། །ངག་ནི་གསལ་ལ་སྤྲུལ་པའི་སྐུ། །དབྱེར་མེད་བདེ་བ་ཆེན་པོའོ། །དེས་ན་རྒྱལ་བ་སྐུ་གསུམ་དང་། །ལུས་ངག་ཡིད་གསུམ་དབྱེར་མེད་ལྟོས། །དག་སྣང་སྦྱོང་ཤིག་རིགས་ཀྱི་བུ། །འབྲལ་མེད་སྒོམས་ཤིག་རིགས་ཀྱི་བུ། །


PS001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་ཐོབ་ཅིག་རིགས་ཀྱི་བུ། །ཡིད་ཆེས་གྱིས་ཤིག་རིགས་ཀྱི་བུ། །བདག་གི་རྣམ་ཐར་ཟུར་ཙམ་འདི། །བུ་ཡི་དམ་པ་སློབ་མའི་མཆོག །དག་སྣང་མོས་གུས་ཐོབ་པ་ཡི། །བརྒྱུད་འཛིན་རྣམས་ཀྱི་དོན་དུ་བཀོད། །དགེ་དེས་འགྲོ་རྣམས་སྨིན་གྲོལ་ཤོག །ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་སློབ་དཔོན་དར་མ་གཞོན་ནུས། །བླ་མ་ལ་མོས་གུས་ཚད་མེད་པས་གསོལ་བ་ཡང་ཡང་བཏབ་ནས་ཞུས་སོ། །འདི་བྲིས་དགེ་བ་ཐམས་ཅད་ཀྱིས། །མཁའ་མཉམ་སེམས་ཅན་མ་ལུས་པ། །ལས་ངན་སྒྲིབ་པ་ཀུན་དག་ནས། །བླ་མའི་རྣམ་ཐར་སྐྱོང་བར་ཤོག །འབད་པ་མེད་པར་སེམས་ཅན་གྱི། །དོན་རྣམས་ཐམས་ཅད་བྱེད་པ་དང་། །སྐྱེ་ཤི་ཐམས་ཅད་རྩེད་བཅད་ནས། །བདེ་བ་ཆེན་པོའི་སྐུ་ཐོབ་ཤོག །སརྦ་དཱ་ཀ་ལྱཱ་ཾ་བྷ་ཝནྟུ། །དགེའོ།། །།

སངས་རྒྱས་སྟོན་པའི་ནང་གི་རྣམ་ཐར།


PS001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོན་པའི་ནང་གི་རྣམ་ཐར་བཞུགས་སོ། །


PS001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་གོང་མའི་ཐུགས་དམ་ཞལ་གཟིགས་པ་རྣམས་དང་། ལུང་བསྟན་མཛད་པ་རྣམས་གསུང་བར་ཞུ་ཞུས་པ་ན། བླ་མའི་གསུང་ནས་ཁྱོད་རང་གི་བྲིས་པ་དེ་གསལ་བར་ཡོད་པས་དེས་ཆོག་གསུངས། ཅིས་ཀྱང་གསུང་པར་ཞུ་ཞུས་པས། ཁ་ཡར་གཅིག་བྱ་ཡིས། གསུངས་ནས་གསུངས་པ་ནི། ལོ་བཅུ་གསུམ་ལ་བླ་མ་ཙཱ་རི་རས་པའི་སྤྱན་སྔར་རབ་ཏུ་བྱུང་བ་ཡིན། ལོ་བཅུ་བཞི་


PS001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་དཔོན་སྲེག་པ་ལ་འཇམ་དཔལ་ཉན་དུ་འགྲོ་བའི་ཐོ་རངས་ཁ། བྲང་ཁང་ནང་ན་འོད་དཀར་པོ་གཅིག་ལམ་མེ་འདུག །དེའི་ནང་ན་འཇམ་དཔལ་གསང་ལྡན་གྱི་ལྷ་གྲངས་ལྔ་བཅུ་བཞུགས་པ་གསལ་སིང་ངེ་བ་གཅིག་མཐོང་གསུངས། དེ་ནས་རིན་པོ་ཆེ་ལྷ་སའི་ཕྱག་ཕྱིར་སྟོད་ལུང་དུ་ཕྱིན་པ་དང་། ཐག་མ་ལྷ་ཁང་དུ་བླ་མ་བཟང་ཡུལ་བ་གྲུབ་ཐོབ་ཡིན་ཟེར་བཞུགས་འདུག །དེ་ལ་མོས་བར་བྱུང་ནས་ཞབས་ཏོག་ཨན་རེ་བྱས་པས་བླ་མའི་ཞལ་ནས། ཁྱོད་ལྷ་སའི་མི་མི་འདྲ་བ་སེམས་ཆུང་བ་འགྲོགས་བདེ་བ་གཅིག་འདུག །ང་ལ་


PS001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཆིག་བརྒྱུད་ཟབ་མོ་གཅིག་ཡོད་པ་ཁྱོད་ལ་སྟེར་གསུངས། དབང་ཞག་བདུན་མཛད། སྒྲུབ་ཐབས་ཚར་བར་གསུངས། དེ་ནས་ཞག་ཉི་ཤུ་རྩ་གཅིག་ནས་ཤོག་གསུངས་ཙ་ན། ཇ་བཀོལ་ནས་བླ་མའི་གསུང་ནས། གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་དབང་བསྐུར་པའི་དུས་སུ། བརྒྱུད་པ་བདུན་དུ་ཆིག་བརྒྱུད་གྱིས། །བདུན་ནས་ཚེ་དཔག་མེད་ཀྱི་སྤྲུལ་པ་གཅིག་ཡོང་བར་འདུག་གསུངས་པ་དེ་ཁྱེད་དུ་འདུག །ད་ནང་ཚེ་དཔག་མེད་ལྷ་སུམ་ཅུའི་ཞལ་མཐོང་། ལོ་བཅུ་དགུ་ལ་བསྙེན་རྫོགས་གྱིས། །སུམ་ཅུ་ནས་དབང་བསྐུར་ཤོད། ཁྱོད་ཀྱི་དབང་བསྐུར་བ་ཐོབ་པ་དང་ཨ་ཅང་ཆེ་ན། དཀྱིལ་འཁོར་མཐོང་བ་ཡན་ཆད་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་གསུངས། ཁྱོད་ལ་ཆགས་སྒོ་ཆེན་པོ་གཅིག་འདུག་སྟེ་ད་རེས་དབང་བསྐུར་དེས་སེལ་ནས་འདུག་ཅིང་། སང་ཕོད་ཁ་རྗེ་ཆེ་ཟེར་བ་ཡོང་བར་འདུག་ཀྱང་ཨའུ་རྩི་གསུངས། དེ་ནས་བླ་མའི་གསུང་བཞིན་དུ་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་རྫོགས་བྱ་སྙམ་ནས་སྟོད་ལུང་དུ་ཕྱིན་པས། ཇག་


PS001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལམ་ལ་ཐར་བ་མེད་ཟེར་ཙ་ན། དེའི་དགོང་མོ་གཞོན་པ་ཁར་ཡར་སོང་ལྷ་ས་བསྐོར་དུ་འགྲོ་བ་ལ་སྟོད་ལུད་པའི་བུ་མོ་ཁ་ཡར་སྐྱེལ་ཐུང་བྱེད་པར་འདུག་པས། དེ་ཚོ་ལས་སྐྱེལ་མ་བཟང་བ་མེད་ཟེར་ནས། ནང་པར་དེ་ཚོ་དང་བསྡོངས་ནས་ཕྱིན་ཙ་ན་གྲོང་དུ་སླེབ་པ་དང་བུ་མོ་དེ་ཚོ་མ་མཐོང་། དེ་ཚོ་ཚེ་རིང་མ་དཔོན་གཡོག་ཡིན་འདུག་གསུངས། སངས་རྒྱས་གཉན་སྟོན་གྱི་གསུང་ནས། སྐྱེར་སྒང་པས་ལུང་བསྟན་པའི་སློབ་མ་ཕོ་བརྒྱད། མོ་གཉིས་ཏེ་བཅུ་ཡོད་པ་དེ་ཚོའི་ནང་ནས། ཁྱོད་བྱང་ཆུབ་སེམས་དཔར་གྱུར་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད། ཁྱད་པར་དུ་ཁྱོད་ཀྱི་སློབ་མ་འོད་གསལ་དང་ལྷ་སྐུ་མཐོང་བ་ཐམས་ཅད་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པ་ཡིན། ཁྲིད་བསྐྱོང་ནས་དགེ་སྦྱོར་སྐྱེས་པ་ཐམས་ཅད་གདུལ་བྱའི་རྩེ་མོར་འགྱུར། ཆོས་འབྲེལ་ཐོགས་པ་ཐམས་ཅད་ཀྱང་གདུལ་བྱར་འགྱུར། དེ་ལ་སོགས་པ་མང་དུ་ཡོད་ཏེ་སྙིགས་མའི་སེམས་ཅན་གྱི་བློར་མི་ཤོང་ཁ་རོག་སྡོད་


PS001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་མུ་ཏིག་གི་ཕྲེང་བ་བརྒྱ་རྩ་བརྒྱད་གཏད་ནས་སྦས་པའི་རྣལ་འབྱོར་གྲུབ་ཐོབ་བརྒྱ་རྩ་བརྒྱད་ཡོང་བར་འདུག་པས་གདམས་ངག་དེ་རྣམས་གསུང་བར་ཞུ་ཞུས་པས་བླ་མའི་ཞལ་ནས། སངས་རྒྱས་གཉན་སྟོན་ལ་ཞུས་པས། འོད་གསལ་དུ་ལྷ་སྐུ་རང་ཤར་དུ་འབྱོངས་བ་བརྒྱ་རྩ་ཡོད་པ་དེ་རྣམས་ཡིན་གསུངས། འདིར་དེ་རྣམས་ཀྱིས་གཞན་དོན་བྱེད་པ་འོང་བར་ཡོང་ངམ་མི་ཡོང་ཞུས་པས། སེམས་ཅན་ལ་ཕན་པ་ཁ་ཡར་ཡོང་གསུངས། ལར་ཁྱོད་ལ་ཆོས་འབྲེལ་ཐོབ་པ་དང་། དགེ་སྦྱོར་སྐྱེས་བ་མང་པོ་ཤར་ཕྱོགས་སུ་གཞན་དོན་བྱེད་པ་འོང་བར་འདུག་གོ་གསུངས་ནས། བླ་མ་ལ་མོས་གུས་དང་། དག་པའི་རྟེན་འབྲེལ་བསྒྲིག་པ་འདི་གལ་ཆེ། བཙུན་མ་ཡེ་ཤེས་འདིས་སྐྱེ་བ་ཁ་ཡར་དུ་ངའི་སློབ་མར་སྐྱེས་ནས་བདུད་རྩི་འཐུངས་པ་གཅིག་ཡིན། གཅིག་སྟོན་པ་ཁྱོད་རང་ཡིན་གསུངས། ཡང་ནས་ཡང་དུ་བདེ་མཆོག་བདེ་ཆེན་གྱི་ལྷ་མོ་བཅས་པ་ཞལ་མཐོང་། སངས་རྒྱས་གཉན་སྟོན་གྱིས་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་དང་བཀའ་


PS001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་དུས་སུ། མེ་ཏོག་ཕུལ་ཟིན་པའི་རྗེས་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པོ་གསལ་སིང་བ་མཐོང་། བྲག་དགོན་དུ་མཁའ་སྤྱོད་མ་དཀར་དམར་མཐིང་གསུམ་མཐོང་། ཡང་སུ་ཀ་མ་བྱོན་ནས། ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག །གསུངས་ནས་སྙན་བརྒྱུད་ཀྱི་གསལ་བཏབ། ལུང་བསྟན་མང་པོ་མཛད་དེ། དེ་ནས་སེམས་ཀྱི་གཞི་རྩ་གཤའ་མར་ཆོད་པ་གཅིག་བྱུང་གསུངས། རྗེ་བཙུན་མ་ཞལ་གཅིག་མ་འདི་ཡང་ཡང་མཐོང་གསུངས། བྱ་རོག་བྲག་འོག་ན་ཡོད་ཙ་ན། མཁའ་འགྲོ་མ་སེང་གེའི་གདོང་ཅན་མ་འཁོར་དང་བཅས་པ་ཞལ་མཐོང་། མཁའ་འགྲོ་མའི་རིགས་ལ་ཟིལ་ཆེ་བ་གཅིག་འདུག་གསུངས། བྲག་དགོན་དུ་གཏོར་ཆེན་གཅིག་བྱས་པའི་རྗེས་ལ་མགོན་པོ་ཕྱག་དྲུག་པ་འཁོར་བཅས་མཐོང་། །མགོན་པོའི་རིགས་ལ་ཏྲཀྴད་འདི་ཟིལ་ཆེ་བར་འདུག་གསུངས། ཐང་སྐྱ་བའི་ཡོན་བདག་ལ་དབང་གཅིག་བྱས་པའི་དུས་སུ་རྟ་མགྲིན་གསལ་པོ་གཅིག་མཐོང་།


PS001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སོགས་པའི་ཞལ་གཟིགས་དང་ལུང་བསྟན་འགའ་རེ་ཡོད་དོ། །དུས་སྙིགས་པས་སྡིག་བསོག་ཏུ་འགྱུར་གསུངས་ནས་ཁ་ཡར་འདི་བྲིས་སོ། །དགེ་བ་འདི་ཡིས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །སརྦ་དཱ་ཀ་ལྱཱ་བྷ་བནྟུ། །

རིན་པོ་ཆེ་སངས་རྒྱས་སྟོན་པའི་རྣམ་ཐར་མྱ་ངན་འདས་ཆུང་མ།


PS001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སངས་རྒྱས་སྟོན་པའི་རྣམ་ཐར་མྱ་ངན་འདས་ཆུང་མ་ཞེས་བྱ་བ་བཞུགས་སོ།། །།


PS001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེས་རབ་བརྒྱན་ཚངས་པའི་དབྱངས་ལྡན་ཞིང་། །བླ་མ་ཡི་དམ་མཁའ་འགྲོའི་ལུང་བསྟན་ཐོབ། །མོས་པའི་བུ་རྣམས་བདེ་ཆེན་ཞིང་དུ་འདྲེན། །བརྒྱུད་ལྡན་བླ་མ་དམ་པའི་ཞབས་ལ་འདུད། །བླ་མ་དམ་པ་ངེས་རང་དོན་ཆོས་སྐུ་ཐུགས་སུ་ཆུད་ནས། །གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་། །ཇི་ལྟ་བ་དང་ཇི་སྙེད་པ་སེམས་ཅན་གྱི་བསམ་རྒྱུད་ཐམས་ཅད་མཁྱེན་པས། གང་ཟག་གི་བློ་ངོ་དང་བསྟུན་ནས་དུས་རྒྱུན་དུ་སྤྱོད་


PS001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐམས་ཅད་ཞི་བ་དང་དུལ་བ་ངེས་པ་ཆེ་ངག་ཆུང་བ་ཤོང་པ། སྤྱོད་ལམ་ཡོངས་སུ་དག་པའི་མདོ་ནས་ཇི་སྐད་གསུངས་པ་བཞིན་མཛད། ཐ་ན་ཉི་མ་ལ་ཡུག་རེ་འབྱོན་པའི་སར་ཡང་། བསྟན་གཙོའི་སྐུ་དང་། རང་ལ་གྲོས་འདེབས་པའི་པོད་ཆུང་། མདོ་དང་བླ་མ་རྣམས་ཀྱི་གསུང་ངོ་མཚར་ཅན་བསྡུས་པའི་པོ་ཏི་དང་། རྡོ་རྗེ་དྲིལ་བུ་དང་། ཆོས་གོས་རྣམ་གསུམ་དང་། སྣག་ཚའི་བུམ་པ་རྣམས་དང་འབྲལ་བ་མེད་གསུངས། ཉིན་རེ་ལ་ཕྱག་དང་བསྐོར་བ་སུམ་


PS001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རེའི་དམ་བཅའ་དང་། །ཆུ་གཏོར་ཟན་གཏོར་ལ་སོགས་པ་དཔག་ཏུ་མེད་པ་མཛད། བླ་མ་ཤངས་པའི་རྒྱུན་གྱི་ཐུགས་དམ་དྲུག་ཅེས་པ་ཐེག་དམན་དང་མི་འགྲོགས་པའི་སེམས་བསྐྱེད། ཉེས་ལྟུང་དང་མི་འགྲོགས་པའི་བཤགས་སྡོམ། ཐ་མལ་དང་མི་འགྲོགས་པའི་ཟ་ཚོགས། ཆད་ལྟ་དང་མི་འགྲོགས་པའི་ཚོགས་བསོགས། ཐབས་མི་མཁས་པ་དང་མི་འགྲོགས་པའི་བསྔོ་བ། དམིགས་བཅས་དང་མི་འགྲོགས་པའི་དམིགས་མེད་དྲུག་པོ་དེ་དང་མི་འབྲལ་བར་མཛད། ཉིན་མཚན་དུས་དྲུག་ཏུ་གསོ་སྤྱོད་དང་། ་སེམས་བསྐྱེད་དང་། དབང་རང་གི་བླང་བ་རྣམས་དུས་རྒྱུན་དུ་མཛད། སྤྱོད་ལམ་རྣམ་བཞི་དང་། ཆོས་གསུང་པ། ཁ་ཏོན་བཟླས་པ་ཐམས་ཅད་རླུང་བཟུང་བའི་སྟེང་ནས་མཛད། དུས་རྒྱུན་དུ་རི་ཁྲོད་དུ་གཅིག་པུར་མཛད་དེ་རི་པ་བྱ་བར་ང་འདྲ་བ་མི་ཚེ་རི་ལ་བསྐྱལ་བ་རི་པའི་མིང་ཐོན་པ་གཅིག་དགོས་པ་ཡིན། ད་ང་འཆི་ས་ཡང་གོང་མོའི་སྐད་ཐོས་པ་གཅིག་དུ་བྱེད་གསུངས། ཟླ་སྟོད་ཐམས་


PS001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཚམས། ཟླ་བའི་སྨད་ལ་ཆོས་གསུང་པའི་དུས་སུ་ཡང་དགོང་མོ་གཟིམ་མལ་དུ་བྱོན་ནས་ཚ་གྲོ་མི་མཛད་རིང་ལ་སྨྲ་བཅད་དང་། ཐ་ན་ཇ་སུན་རེ་དང་ཟས་ཀྱི་རྣལ་འབྱོར་རེ་ལ་གཏོར་མ་འབུམ་སྡེ་རེ་དང་། གསུང་རབ་འབྲི་ཀློག་ལ་སོགས་པ་དཀར་ཆོས་གྲུབ་ཚད་མཛད། ནོར་རྫས་ཕྱག་ཏུ་བྱུང་བ་ཐམས་ཅད་དཀོན་མཆོག་གསུམ་དང་སེམས་ཅན་ལ་བསྔོས་ནས་བདག་ཏུ་མི་འཛིན། ངོ་མཚར་བའི་ལྟས་ནི། རི་ལ་བཞུགས་པའི་དུས་སུ་སྐུ་ལ་གྲིབ་མ་མེད་པ་དང་། སེམས་ཅན་གྱི་བསམ་བརྒྱུད་དང་། སྐྱེ་བ་སྔ་ཕྱི་དང་། འདས་མ་འོངས་རྣམས་མཁྱེན་པ་བྱུང་གསུངས་སོ། །བདེ་མཆོག་གི་དབང་མཛད་པའི་དུས། བདེ་མཆོག་ཏུ་གྱུར་ནས་བདེ་མཆོག་དངོས་སུ་མཐོང་བ་དང་། ཚེ་དཔག་མེད་ཀྱིས་དབང་མཛད་པའི་དུས་སུ་ཚེ་དཔག་མེད་དུ་མཐོང་བ་དང་། །རྒྱུད་སྡེ་ལྔའི་དབང་གི་དུས་སུ་དཔའ་བོ་དང་མཁའ་འགྲོས་དཀྱིལ་འཁོར་བྲི་རོགས་བྱེད་པ་དང་། རྒྱུད་སྡེ་ལྔའི་ལྷ་ཚོགས་ཀྱིས་ནམ་མཁའ་ཁེངས་པ་མཐོང་བ་དང་། སྒྱུ་ལུས་ཀྱི་དབང་


PS001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་རིང་ལ། གྲལ་ལ་མཛེ་ཕོ་ཡོད་པ་དུང་གི་རྡུལ་ཕྱིས་པ་བཞིན་སོང་བ་དང་། རྒྱལ་ནད་དང་། སྐྲན་དང་། དམུ་ཆུ་དང་། སྨྱོ་འབོག་དང་། ནད་བུ་སྙིང་པ་དང་། ས་གདོན་ལ་སོགས་པ་ལ་དབང་ལན་རེ་ཞུས་པས་ཐོན་པ་ནི་བརྗོད་ལས་འདས་སོ། །བླ་མའི་མཚན་ཐོས་པས་དགེ་སྦྱོར་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། ཡོལ་ལུང་བར་སླེབ་པ་དང་། བླ་མ་དང་འཇལ་བ་དང་། དབང་མཛད་པ་ལ་སོགས་པའི་དུས་སུ་དགེ་སྦྱོར་སྐྱེས་པ་མང་དུ་བྱུང་ངོ་། །མདོར་ན་འཇལ་བ་དང་ཆོས་ཞུས་པ་ཐམས་ཅད་སྣང་བར་འགྱུར། དགེ་སྦྱོར་སྐྱེས་པས། དེའི་སྟོབས་ཀྱིས་བཤད་གྲྭ་དང་སྒོམ་གྲྭ་གཉིས། འདུལ་འཛིན་དང་བཀའ་གདམས། གསང་སྔགས་གསར་རྙིང་། ཡོན་བདག་ཕོ་མོ་དང་བཅས་པ་ལ་ཁྲིད་ཐེབས་པར་བྱུང་བས། སྐུའི་མཛད་པ་ནམ་མཁའི་མཐའ་དང་མཉམ་སྟེ། རྒྱ་ནག་ཕྱིའི་རྒྱ་མཚོའི་འགྲམ་ནས། རྒྱ་གར་དང་། ཛ་ལནྡྷ་ར་ཚུན་ཆོད་སློབ་མས་ཁྱབ་བོ། །བླ་མའི་གསུང་ནས་ཁྱོད་ལ་འཚོགས་


PS001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུམ་ཚོ་བགྲངས་པ་འཚོགས། ཡོལ་དུ་གྲྭ་པའི་རྨང་རྡོ་མི་ཤོང་གསུངས་པ་ལ། དུས་ངན་གྱི་གྲྭ་པ་དམུ་རྒོད་དེ་ཙམ་གྱི་ཁ་ལོ་མི་ཆུན། དམ་སེལ་དུ་འགྲོ་ཞུས་པས། འོ་ན་དེ་རྣམས་ཀྱིས་ཐར་པའི་དོན་བྱས་ནས་སོ་སོར་གྱེས་པའི་རྟེན་འབྲེལ་བྱའོ་གསུང་ཐུགས་བསྐྱེད་བཟང་པོ་དང་འགྲོ་དོན་ལ་བརྩོན་པས་བླ་མས་ལུང་བསྟན་པ་ལས་མང་བ་ཡིན་གསུངས་སོ། །དེ་ནས་སྐུ་གཤེགས་ཁར་སྔོན་གྱི་ཕྲིན་ལས་ཀྱིས་ཤངས་སུ་བྱོན་ཏེ། བླ་མ་ཤངས་པའི་དུས་ཀྱི་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད། རྟེན་གཞན་གྱི་ལག་ན་བཞུགས་པ་རྣམས་ཀྱི་རྟེན་བདག་པོ་ལ་གཏོད་ཟེར་ནས་བླ་མ་ཤངས་པའི་རྟེན་ངོ་མཚར་ཅན་མང་པོ་ལག་དུ་བྱོན་ནོ། །དེའི་སྟོབས་ཀྱི་ཤངས་ལུང་པའི་མི་རྣམས་ཆོས་ལ་བཀོད། གཞན་ཡང་གཙང་གི་དགེ་བཤེས་དང་། དཔོན་པོ། །མི་ཆེན། དཔོན་སྐྱ་ལ་སོགས་པ་གྲགས་པ་ཅན་ཐམས་ཅད་ཀྱི་དབང་དང་ཆོས་མང་དུ་ཞུས། གཡས་སུ་སྲིན་པོ་རིར་ཟླ་བ་གསུམ་བཞུགས་པའི་བར་ལ་ཁྲིད་ཚར་སུམ་སྟོང་ལྷག་པ་གཅིག་དང་། དེའི་


PS001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ཀུན་གྱིས་བཀུར་པའི་དགེ་བཤེས་བཞི་བརྒྱ་ལྷག་པ་བྱུང་། ཐུགས་རྗེ་ཆེན་པོའི་རིགས་གཏད་སྟན་ཐོག་གཅིག་ཏུ་དྲུག་བརྒྱ་ལ་མཛད། ནམ་མཁའ་སྒོ་འབྱེད་བརྒྱད་བརྒྱ་ལ་མཛད། སེམས་བསྐྱེད་དང་ཚོགས་ཆོས་ལ་གྲངས་ལས་འདས་སོ། །དེ་ནས་ད་ང་འཆི་ན་ཁྱེད་ཚོ་ལ་དཀའ་ལས་འགེལ་བར་འདུག་གསུངས་ནས་རི་བོང་དུ་བྱོན་ཏེ་ཡོལ་དུ་སླེབ་པ་དང་། ནམ་མཁའ་ཐམས་ཅད་འཇའ་ཚོན་གྱིས་ཁེངས་པར་གྱུར་ཏོ། །གཟིམ་ཁང་དུ་ཕྱག་ཕེབས་པ་དང་། མཇལ་དུ་བྱུང་བ་ཐམས་ཅད་ལ་ད་རེས་སེམས་ཅན་གྱི་དོན་ཡང་བག་ཙམ་བྱུང་། ད་ལོ་གཅིག་གཉིས་མ་ཤི་ནའང་འདའ་ཀ་ཡེ་ཤེས་བསྒོམ་དགོས་པར་ཡོད་གསུངས། དེ་ནས་གཙང་ནས་བྱུང་བའི་ནོར་རྣམས་བླ་མ་གཉིས་ཀྱི་མཆོད་པ་ལ་བཏང་ངོ་། །དེ་ནས་མཁན་པོས་ཕྱག་རྩ་བལྟས་པས། རྩ་ཡང་མི་གདའ། རྩ་རིག་འདི་བྱུང་ནས་ཟླ་བ་གསུམ་ལས་མི་ཐུབ་པར་འདུག །བླ་མ་འདི་གྲུབ་ཐོབ་ཡིན་པས་ཅི་འདྲ་ཡིན་ན། ད་སྐུའི་རིམ་གྲོ་བྱེད་དམ་


PS001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བྱེད་ཟེར་རོ། །བླ་མའི་ཞལ་ནས། ང་ལ་རིམ་གྲོ་བྱས་མ་བྱས་འདྲ། ང་འཆི་ཁར་འོད་གསལ་ལ་འབྱམས་པ་གཅིག་དགོས། གཞན་གང་གིས་ཀྱང་མི་ཕན་གསུངས། དེ་ནས་གྲྭ་པ་རྙིང་པ་བྱོན་པ་ཐམས་ཅད་ལ་ཁྱེད་བྱོན་པ་དེ་དགའ། ཞག་འགའ་བཞུགས། གསུང་གླེང་བྱའོ། །གསུངས་ཏེ་ཆོས་ཀྱི་སྒྲོ་འདོགས་ཆོད་པ་མཛད། གྲྭ་པ་གསར་པ་བྱོན་པ་ཐམས་ཅད་ལ་ཁྱེད་བྱོན་པས་དགའ། ང་མ་འཆི་ན་ཁྲིད་མྱུར་དུ་ཚར་བ་བྱེད་དགོས། ང་ཡང་ཉི་ཤུ་དགུའི་ཟླ་བ་ལྟ་བུ་ཡོད་དོ་གསུངས། ཡོལ་ཕུའི་ཡང་ལ་སྒོམ་ཆེན་དང་། དེ་ལ་འཁོར་བའི་དད་འདུན་ཀུན། །གནས་སྐབས་ཀྱི་འབྲེལ་པ་ཡལ་འདུག་པས། །དུས་རྟག་ཏུ་མཇལ་བའི་སྨོན་ལམ་འཚལ། བྱ་བ་ཡང་སྐབས་སུ་གསུངས། སྤྱིར་སྐུ་ཚེ་སྟོད་སྨད་ཀྱི་གྲྭ་པ་ཐམས་ཅད་ལ་འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ལ་ནན་ཏན་དུ་གསུངས་ཏེ། ཚེ་འདི་ལ་སྦྱོར་བའི་གསུང་སྐད་གཅིག་ཀྱང་མི་འབྱོན། ངའི་


PS001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྩར་ཡོད་པ་ཐམས་ཅད་འདི་ལ་ཡོན་ཏན་བློ་སྣ་ཐུང་བ་ཙམ་གཅིག་ཡོད། ད་རང་རེ་འཆི་བ་བསྒོམ་དགོས་སམ། འདི་བསྒོམས་པས་ཅིས་ཀྱང་བྱར་མེད་ཀྱི་བློ་སྐྱེའོ། །མི་ཆོས་དགོས་མེད་དུ། འབོར་ཐར་ལམ་ལ་བརྩོན་པས་འཇུག །ཡོ་བྱད་ལ་ཆགས་སེམས་མེད། འདུ་འཛི་ལ་བདུད་དུ་ཤེས། འདོད་ཡོན་བསླུ་བྲིད་དུ་གོ། །ཚེ་འདིའི་བྱ་བ་དགྲར་བལྟ། སྡིག་པའི་གྲོགས་པོ་ལ་འབྲོས། ཡང་དག་པའི་དགེ་བའི་བཤེས་གཉེན་ཚོལ་བ་ཐམས་ཅད་འཆི་བ་མི་རྟག་པ་བསྒོམས་པ་ལས་བྱུང་། དེ་ལྟར་བསྒོམས་པས་ཚེ་འདི་བློས་ཐོང་བ་ཡིན། འདི་ཕར་བློས་མ་བཏང་ཡང་། ཁོས་ཚུར་མྱུར་པོ་གཅིག་བློས་བཏང་དུ་ཡོང་སྟེ། ཚེ་འདི་བློ་ཡིས་མཐོང་ན། །ཅི་བྱས་དོན་མེད་སྡུག་བསྔལ་རྒྱུ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་མཚུངས། །ནག་ཁྲོད་འདུག་ཀྱང་རི་དྭགས་འདྲ། །ཐ་སྙད་མཁས་ཀྱང་ནེ་ཚོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། ཞེས་གསུངས་པ་དང་།


PS001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཚེ་འདི་བློས་བཏང་བས་བླ་མ་ལ་མོས་གུས་སྐྱེ། དེ་ལ་བརྟེན་ནས་སྒྱུ་མ་རང་ཤར་དུ་འབྱུང་། དེས་རྨི་ལམ་རང་ཟིན་དུ་འབྱུང་། དེས་འོད་གསལ་རང་ཤར་དུ་འབྱུང་བས། དེ་ལ་ཁྲིད་མཉན་ནས་སྒྲུབ་པ་བྱེད་དགོས། ཁྲིད་འདེབས་པ་ལ་ད་ལྟ་ང་དྲག་ཤོས་སུ་ཡོད། ང་ཙམ་ཐོས་པ་ཡོད་དེ། ང་ཙམ་བསྒོམས་པ་མེད་ང་ཙམ་པ་ཡོད་དེ། ང་ཙམ་མཐོང་བ་མེད། ང་ཡང་ཇི་ཙམ་སྡོད་མི་ཤེས་པར་ཡོད། བདག་འདྲའི་སྐྱེ་བོ་ཕྱིན་ཆད་འབྱུང་བ་དཀའ། ཚིག་དོན་གཉིས་ལ་ད་ལྟ་འབྱམ་འབྱམས་འདྲ་ཞིག་འདུག་གསུངས་སོ། །གླང་ལོའི་སོས་ཀ་སོང་ཙ་ན། གྲྭ་པ་རྣམས་ལ་ཆོས་གསུངས་པའི་རྗེས་ལ་ད་ནི་ང་ཡང་རྒས་པས་ནམ་འཆི་མི་ཤེས། བསོག་སྟོན་བྱེད་པའི་ནོར་ནི་ང་ལ་མེད། རི་ཁ་ན་ཡར་གཉན་ཁྲོད་ལ་ཕྱིན་ནས་ནམ་འཆི་བའི་དུས་སུ་ཁྱེད་རྣམས་ཀྱི་གོས་བསལ་ནས་བྱ་གཅན་གྱིས་ཟོས་ཆོག་པ་གཅིག་བྱེད་གསུངས་སོ། །དེ་ནས་གྲྭ་པ་རྣམས་ཀྱིས་གདོང་མཆི་མས་གང་བ་ཙམ་དུ་ངུས་སོ། །རིན་པོ་ཆེའི་གསུངས་


PS001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གང་གི་གནས་ན་འཆི་བས་མི་ཚུགས་པའི། ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ན་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོའི་སུལ་ནའང་ནམ་ཡང་ཡོད་མ་ཡིན། ཞེས་གསུངས། དེ་ནས་རི་ལ་བྱོན་པའི་དུས་སུ། ཐེམ་སྟེང་ན་མར་ད་ནི་ཐེམ་པ་འདིའི་ནང་དུ་འོང་བྱ་བ་མི་སྲིད་དོ་གསུང་། དབྱར་དེ་རི་ལ་བཞུགས་ནས་གྲྭ་པ་རྣམས་ལ་ཆོས་མང་དུ་གསུངས། སྟོན་རིན་སྤུངས་དགོན་པར་བྱོན་ནས་ཉིན་གཅིག་ཙ་ན་མདོང་ཞག་ངའི་བླ་མ་རྣམ་གཉིས་ཡང་བྱོན། ངེས་མེད་ཀྱི་འཆི་རྟགས་མང་པོ་ཞིག་ཀྱང་མཐོང་། ཚེ་སྒྲུབ་རིགས་གཉིས་གསུམ་ཡོད་པ་རྣམ་རྟོག་ཏུ་འདུག་སྙམ་ནས་བཞག་ནས་ལོ་འགའ་སོང་། ད་དུས་ཚོད་འདི་དང་བཅས་པས་འགྲོ་ཡང་རན་འདུག །ནམ་ཤི་ཡང་ཁ་ཆེམས་བཞག་རྒྱུ་མེད་དོ་གསུངས། ནམ་ཟླ་དགུན་དུ་སོང་ཙ་ན་ནུབ་གཅིག་སྐས་ལ་གཟིམ་ཁང་གི་སྟེང་དུ་བྱོན། དེ་ནས་གཟིམ་མལ་དུ་བྱོན་པ་དང་། ད་ལུས་འདི་ཡང་མི་ཐེག་པར་འདུག །ཞིང་ཁམས་གཞན་ཞིག་ཏུ་འགྲོ་དགོས་པ་འདྲ་སྡོད་ན་


PS001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་ལ་དབང་ཡོད་པ་ཡིན་ཏེ་གསུངས། སྟོན་པ་གཞོན་ནུ་མགོན་གྱིས་མང་པོ་ངུས་ཏེ། དེ་སྐད་མི་གསུང་བར་འགྲོ་དོན་ལ་བཞུགས་པར་ཞུ། ཞེས་གསོལ་བ་བཏབ་པས། །འདུས་བྱས་རྟག་པར་གྱུར་པ་ཡི། །གནས་ནི་སྙེད་པར་མི་འགྱུར་གྱིས། །འདུས་བྱས་ཐམས་ཅད་མི་རྟག་གིས། །མྱ་ངན་མ་བྱེད་ཀུན་དགའ་བོ། །ཞེས་གསུངས་ནས་མ་གནང་། དེ་ནས་མགོན་པོའི་གཏོར་སྒྲུབ་ཞག་དགུ་བཅུ་རྩ་གཅིག་མཛད་ནས། ངས་ཁྱོད་ལ་མི་ཚེ་ལ་གཏོར་མ་བྱིན་ཡོད་པས། ངས་ཤར་ཕྱོགས་དག་པའི་ཞིང་ཁམས་སུ་མ་སླེབ་བར་སྐྱེལ་མ་བྱེད་དགོས་སོ་གསུངས། དེ་ནས་དཔྱིད་དུ་སོང་ཙ་ན། ད་ལོ་སྒོམ་ལོ་ལེགས་ནས་འདུག །དགེ་སྦྱོར་གྱི་ཐེབས་འདི་འདྲ་ན་ལོ་འགའ་བསྡད་ནའང་བསྡད་རིན་ཆོག་པར་འདུག་སྟེ་གསུངས། དེ་ནས་སོས་ཀར་སོང་ཙ་ན་བསྙུང་བའི་ཚུལ་བསྟན་ཏེ། སྐུའི་རིམ་འགྲོ་བྱེད་པར་ཞུས་པས་ང་ལ་རིམ་གྲོ་བྱས་མ་བྱས་འདྲ། ཁྱེད་རང་རྣམས་གང་འཐད་གྱིས།


PS001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་གྱིས་བྱས་ན་ནི་སྲོག་ལ་ཆགས་པར་འགྲོ། །མ་བྱེད་བྱས་ན་ནོར་ལ་ཆགས་པར་འགྲོ་གསུངས། དེ་ནས་སྤོང་ཐག་བྱས་ཏེ། རྟ་ཕྱུགས། ན་བཟའ། བཞུགས་གདན་མཆོད་ཆ་ཐབ་ཆ་ཐམས་ཅད་བཏང་ངོ་། །བསྙུང་བའི་རིང་ལ་དབང་ཆོག་མང་པོ་གསུང་ཞིང་འདུག་པས། ཅི་ལགས་ཞུས་པས། མདང་ཞག་ལྷ་འདྲེའི་དབང་ཞུ་བ་མང་བས་སོ་མ་སོད་ལྷ་འདྲེ་སྔོན་གྱི་གྲུབ་ཐོབ་ལས་དབང་ཐོབ་པ་རྣམས། དབང་ཆོག་དུམ་རེ་མ་དག་ཀྱང་སྐྱོར་ཅིག་ཟེར་བར་འདུག་གསུངས་སོ། །དེ་ནས་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཐམས་ཅད་འདུ་ཡི་འདུག་པས། ཁྱེད་རྣམས་ཀྱིས་མཆོད་པ་དང་གཏོར་མ་བཟང་དུ་བཤོམས་ཤིག །ང་རི་གོང་དུ་བླ་མའི་སྐུ་འབུམ་གྱི་དྲུང་དུ་འགྲོ་དགོས་པར་འདུག །བླ་མའི་གསུང་ནས་ཁྱོད་འཆི་ས་ངའི་སྐུ་འབུམ་མཐོང་ས་ཞིག་ཏུ་གྱིས་ཤིག །དེ་མ་བྱས་ན་དམ་ཚིག་ཉམས་སོ་གསུང་པ་ཡིན། ད་ང་སྐུ་འབུམ་གྱི་རྩར་འགྲོ་གསུངས་ནས། ཚེས་


PS001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔའི་ཉིན་པར་བྱོན་ནས། དེ་ནས་མཇལ་བ་དང་སྙུང་གཡོག་པ་རྣམས་ལ་ལྷའི་བསྐྱེད་རིམ་དང་ངོ་སྤྲོད་ཟབ་མོ་མང་པོ་གསུངས་སོ། །དེ་ནས་དྲུང་ན་ཡོད་པ་རྣམས་ཀྱིས། བླ་མ་རིན་པོ་ཆེ་ཁྱེད་ཞིང་ཁམས་གང་དུ་གཤེགས་ནས་ཆོས་བརྒྱུད་འདི་ལ་དར་རྒྱས་ཅི་འདྲ་འབྱུང་། རི་གོང་འདི་ལ་ཕྱིས་ཅི་འདྲ་གཅིག་འབྱུང་། ངེད་གྲྭ་པ་བུ་སློབ་རྣམས་ཇི་ལྟར་བྱ་ཞུས་པས། ང་བླ་མས་ལུང་བསྟན་པ་བཞིན་དུ་ཤར་ཕྱོགས་མེ་ཏོག་བཀྲམ་པར་འགྲོ། །གསོལ་བ་དེར་ཐོབ་ངའི་སློབ་མ་འདིར་དགེ་སྦྱོར་ལ་དྲོད་ཐོབ་ཚད་ཚ་དེར་འགྲོ་ངེས་པར་འདུག་ཅིང་། ངའི་ཆོས་འདི་ད་ལྟ་ཛམྦུའི་གླིང་། གླིང་གཡོག་དང་བཅས་པ་ཁྱབ་ཅིང་། སྦས་པའི་རྣལ་འབྱོར་བརྒྱ་རྩ་བརྒྱད། དེའི་ནང་ནས་སྐྱེ་བ་འདིར་གཞན་དོན་ནུས་པ་ཉི་ཤུ་རྩ་གཅིག་ལ་སོགས་པས་སྐྱེ་བ་འདི་ཕྱི་ཀུན་ཏུ་དར་བར་བྱེད་དོ། །རི་གོང་འདི་སངས་རྒྱས་གཉན་སྟོན་གྱི་ཅི་འདྲ་གཅིག་ཡོང་གསུང་གི་འདུག་སྟེ་ཁྱོད་ཚོ་ལ་བཤད་བཤད་


PS001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ན་མེད། ཁྱེད་རང་ང་ལ་ཉན་ན་ཚེ་འདི་ཕྱིའི་བདེ་སྐྱིད་དང་སྙན་གྲགས་ཐམས་ཅད་བློས་བཏང་ཏེ། ཆོས་བརྒྱད་དང་མ་འདྲེས་པར་བྱས་ནས་རི་ཁྲོད་འགྲིམ་ཞིང་ཉམས་སུ་བླང་ནས་སྒྲོ་འདོག་ཕྱི་ནས་གཅོད་མི་དགོས་པར་ཡོན་ཏན་ནང་ནས་ཤར་ཡོང་བས་འདི་རྣམས་ཡིད་ལ་ཞོག་ཅིག་གསུངས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། ཚད་མེད་ཐུགས་རྗེས་བུ་བཞིན་སྐྱོང་བར་མཛོད། དད་གུས་ལྡན་པ་དབུས་གཙང་ཁམས་གསུམ་གྱི། །གྲྭ་པ་རྣམས་ཀྱིས་ཉམས་ལེན་འདི་བཞིན་མཛོད། །ཟིན་མེད་འཇིག་རྟེན་བྱ་བ་བློ་ཡིས་ཐོངས། །མགུ་བ་མེད་པའི་སེམས་འཛིན་གདུང་སེམས་སྐྱུངས། །དགེ་སྦྱོར་དུས་འདའ་ལོང་གཏམ་འཛད་མེད་བཤོལ། །སྔ་ཕྱིའི་རྗེས་བསྙག་རེ་དོགས་རྟོག་པ་སྤོོངས། །ཚེ་ལ་ལོངས་མེད་ཐ་སྙད་ཐུག་པ་མེད། །རི་དྭགས་སྨིག་སྒྱུས་མི་ངོམས་བདུད་རྩི་འཐུང་། །རང་དོན་མ་འགྲུབ་གཞན་དོན་མི་འབྱུང་བས། །ཐོག་མར་རང་དོན་སྒྲུབ་པ་རྩེ་གཅིག་གིས། །སྐྱེ་བ་འདི་ཕྱིའི་གཞན་དོན་ལྷུན་


PS001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གྱིས། །འགྲོ་བ་ཀུན་ལ་ཚད་མེད་སྙིང་རྗེ་བསྐྱེད། །རང་དོན་འཁྲིས་ཅན་སྐད་གཅིག་མེད་པ་ཡིས། །ཅི་བྱེད་སེམས་ཅན་དོན་དུ་སེམས་བསྐྱེད་བྱ། །འཆི་བ་མི་རྟག་རྒྱུན་ཆད་མེད་པར་བསྒོམ། །ཅིས་ཀྱང་དགོས་མེད་ཚེ་འདི་བློས་ཐོང་འགྱུར། །དོན་གཉིས་ལོ་ཟླས་འགྲུབ་ཀྱི་རང་ལུས་འདི། །སྣང་སྟོང་ཞེན་བྲལ་ལྷ་སྐུ་འབྲལ་མེད་བསྒོམ། །ཉམས་རྟོགས་རྩོལ་མེད་འཆར་གྱིས་བླ་མ་ལ། །གདུང་ཤུག་ལྡན་པས་འབྲལ་མེད་གསོལ་བ་ཐོབ། །འདི་དང་འཆི་ཀ་བར་དོ་ཕྱི་མའི་ཚེ། །བར་ཆད་བསྲུང་ཕྱིར་མཁའ་འགྲོ་ཆོས་སྐྱོང་བརྟེན། །རང་སེམས་ཕྱིར་གྱུར་སངས་རྒྱས་སེམས་ཅན་མེད། །དེ་ཕྱིར་ཅི་སྣང་སེམས་སུ་ཤེས་པར་གྱིས། །སེམས་འདི་ལྷ་སྐུ་སྣང་སྟོང་སྒྱུ་མ་སྟེ། །སྒྱུ་འཛིན་བྲལ་བ་འོད་གསལ་ཕྱག་རྒྱ་ཆེ། །དགག་སྒྲུབ་སྐྱེ་འཆི་ཡོད་མེད་བློ་ལས་འདས། །སྒོམ་མེད་ཡིད་ལ་བྱར་མེད་འཁོར་འདས་བྲལ། །ལས་དང་ལས་རྣམས་སྨིན་ཅིང་རང་སར་གྲོལ། །གཉིས་འཛིན་བྲལ་བ་ཟུང་འཇུག་ཆེན་


PS001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ལྟོས། །ཨེ་མ་མ་བཅོས་ཐ་མལ་ཤེས་པ་འདི། །ཀུན་ལ་ཡོད་ཀྱང་མ་ཤེས་དྲིན་གྱིས་རྟོགས། །ད་ནི་འདྲི་བར་མི་བྱ་ཐག་ཆོད་ངེས་ཤེས་སྐྱེ། །ལྷུན་གྲུབ་རྣམ་གསུམ་དབྱེར་མེད་མངོན་གྱུར་ཏོ། །ཞེས་གསུངས་སོ། །དེ་ནས་རང་རེ་ཐམས་ཅད་ཀྱི་སྔར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་གསུངས་ནས། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤིང་། །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་བསྟན་བགྱིས་ནས། །སེམས་ཅན་སྡུག་བསྔལ་གཟིར་ལས་སྒྲོལ་བར་ཤོག །ཅེས་བསྔོ་བ་ལན་གསུམ་མཛད་དོ། །བླ་མ་དམ་པ་དེ་ཡོས་བུའི་ལོ་ལ་སྐུ་བསྟམས་ནས། དགུང་ལོ་བདུན་ཅུ་དོན་གཉིས་འགྲོ་དོན་ལ་བཞུགས་ནས། དུས་ཀྱི་ཕྱི་མ་སྟག་གི་ལོ་རྒྱ་དཀར་པོའི་རྩིས་དང་བསྟུན་པའི་དབྱར་ར་བའི་ཚེས་བཅོ་བརྒྱད་དང་། སྐར་མ་རྒྱལ་ཕུར་འཛོམས་པའི་ཉིན་ཕར་ཕྱེད་ཚུར་ཕྱེད་ཀྱི་དུས་སུ་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ། །དེ་ནས་


PS001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྤུར་ལ་མཆོད་པ་ཞག་བདུན་ཕུལ་སྤུར་ཞལ་བསྟན། སང་སྤུར་སྦྱོང་དང་སྟོན་མོ་བྱེད་པའི་ནུབ་མོ་རིན་པོ་ཆེ་སློབ་དཔོན་ཨའི་རྩ་རུ་བྱོན་ནས། མདོང་ཞག་ཀྱང་ང་རང་གིས་ལེགས་ཕྱོགས་བསྒྲིག་གི་ཡོད་པས་སང་ཡང་ཁྲོམ་འཛོམ་པར་ཡོང་གི་གསུངས། དེ་ནས་སྤུར་བསྒུལ་བ་དང་ས་གཡོས་ཆེན་པོ་བྱུང་། སྤུར་ལ་ཞུགས་ཕུལ་བ་དང་། ལུང་པ་ཐམས་ཅད་དྲི་བཟང་གིས་ཁྱབ་ཅིང་། ནམ་མཁའ་གསལ་དྭངས་པ་ལ་འཇའ་ཡི་ཚོགས་འཁྲུག །མེ་ཏོག་གི་ཆར་བབ། སྤོས་ཀྱི་ངད་ལྡང་། དྲི་ཟས་གླུ་དབྱངས་ལེན་པར་གྱུར་ཏོ། །དེ་ནས་དབུ་ལ་རྒྱུད་སྡེ་ལྔའི་ལྷ་ཚོགས་ཐམས་ཅད་བྱོན། གདུང་ལ་ལྷ་སྐུ་དང་རིང་བསྲེལ་བརྗོད་ལས་འདས་པ་བྱོན་པ་རྣམས། དབུས་གཙང་ཁམས་གསུམ་གྱི་སློབ་མ་དང་། བཟང་ཡོལ་གྱི་ཡོན་བདག་ཕོ་མོ་རྣམས་དང་། དེར་ཚོགས་པ་རྣམས་ལ་མང་ཇ་བཀོལ་ནས་བསྟན། ད་ལྟ་གསེར་འབུམ་དང་ནང་རྟེན་གསེར་སྐུ། སྐུ་ལྡེར་རྣམས་ན་


PS001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ་ལྷ་མི་ཀུན་གྱིས་མཆོད་པའི་གནས་སུ་གྱུར་ཏོ། །བླ་མའི་རྣམས་ཐར་མྱ་ངན་འདས་བྱུང་འདི། །གུས་པའི་སྟོབས་ཀྱིས་ཡི་གེར་བྲིས་པ་ཡིན། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་རྣམས། །བླ་མ་སངས་རྒྱས་ཞབས་དྲུང་འདྲེན་པར་ཤོག །བླ་མ་སངས་རྒྱས་སྟོན་པའི་རྣམས་ཐར་མྱ་ངན་འདས་བྱུང་མ་ཞེས་བྱ་བ་རྫོགས་སོ། །ཞལ་དྲོ། །དགེའོ།། །།

ཤངས་སྟོན་པའི་རྣམ་ཐར།


PS001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་སྟོན་པའི་རྣམ་ཐར་བཞུགས་སོ། །


PS001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །དལ་འབྱོར་སྡོང་པོ་ཚུལ་ཁྲིམས་ལོ་འདབ་རྒྱས། །ཐོས་བསམ་རྣམ་དག་ཏིང་འཛིན་མེ་ཏོག་བཀྲ། །ཉམས་རྟོགས་འབུམ་ཕྲག་དཔག་མེད་འབྲས་བུའི་བརྒྱན། །མཁས་གྲུབ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །མཚན་དཔེའི་མེ་ཏོག་བསླབ་གསུམ་དྲི། །མཁྱེན་བརྩེའི་ཟེའུ་འབྲུ་དྲི་མེད་སྐུ། །མཐོང་ཐོས་དྲན་པས་ཡིད་འཕྲོག་པར། །མཛད་པ་དེ་ལ་ཕྱག་འཚལ་ལོ། །མདོ་རྒྱུད་


PS001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ལུང་རིག་གི། །ཆུ་འཛིན་མན་ངག་གློག་འགྱུ་བ། །སྟོང་ཉིད་འབྲུག་སྒྲ་ཆོས་ཆར་འབབ། །སྨྲ་བའི་སྐྱེས་མཆོག་ཕྱག་འཚལ་ལོ། །མཐའ་བྲལ་ཆོས་སྐུའི་ནམ་མཁའ་ལ། །འགག་མེད་གཟུང་སྐུའི་རྟ་བདུན་རྒྱས། །འགྲོ་བའི་མུན་སེལ་ལམ་མཆོག་སྟོན། །མཁའ་ལྟར་དག་ལ་ཕྱག་འཚལ་ལོ། །ཟབ་ཡངས་རྒྱུད་སྡེ་རྒྱ་མཚོ་ལས། །སྨིན་གྲོལ་ཡིད་བཞིན་ནོར་བུ་བླངས། །སྐལ་ལྡན་དགོས་འདོད་སྟེར་མཛད་པ། །དབང་གི་རྒྱལ་པོར་ཕྱག་འཚལ་ལོ། །ཚོགས་གཉིས་ཡོངས་རྫོགས་གངས་རི་ལ། །མཁྱེན་གཉིས་བདུད་རྩིའི་ཆུ་རྒྱུན་འབབ། །དོན་གཉིས་མཐར་


PS001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་སྲིད་ཞིའི་དཔལ། །ཕྲིན་ལས་མཐར་ཕྱིན་ཕྱག་འཚལ་ལོ། །དེ་ལ་བདག་ཅག་གི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། །རྒྱལ་སྲས་རྣམས་ཀྱི་ཐུ་བོ། །ལྷར་བཅས་སྐྱེ་དགུ་ཀུན་གྱི་མིག་གཅིག །ས་གསུམ་འགྲན་ཟླ་བྲལ་བའི་བདག་ཉིད། །མ་རིག་མུན་པ་སེལ་བའི་སྒྲོན་མེ། །དགོས་འདོད་འབྱུང་བའི་ནོར་བུ། །བརྒལ་འདོད་རྣམས་ཀྱི་གྲུ་ཆེན། །ལམ་ཞུགས་རྣམས་ཀྱི་དེད་དཔོན། །ཐར་པ་འདོད་པ་རྣམས་ཀྱི་འདྲེན་པ། །གདུལ་བྱའི་རྒྱུད་པ་ཡང་དག་པར་སྦྱོར་བ་རྣམས་ཀྱི་རྩ་ལག་ཆེན་པོར་གྱུར་པའི་རྟོགས་ལྡན་ཤངས་སྟོན་པ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཡིན་པར་ཐེ་ཚོམ་མི་ཟ་བར་ངེས་པའི་ཤེས་པ་སྐྱེས་ལ། དམ་པའི་གྲོགས་རྣམས་དང་། སྐྱེ་བོ་ཕལ་པོ་ཆེ་ལ་ཡང་དེ་ལྟར་གྲགས་སོ། །སྣང་སྟོང་སྐྱེ་བ་མེད་པའི་སྐུ། །གྲགས་སྟོང་བརྗོད་དུ་མེད་པའི་གསུང་། །གསལ་སྟོང་རྟོག་པ་མེད་པའི་ཐུགས། །མཁྱེན་ནོ་མཛད་བཅས་བླ་མ་ཡི། །རྣམ་ཐར་མཐའ་དག་སུས་བརྗོད་སྤོབ། །དེ་སླད་བླ་མ་མཆོག་དྲན་པས། །ཁྱེད་ཀྱི་ཕྲིན་ལས་བཟང་པོའི་ཆ། །ཅུང་ཟད་རེ་ཞིག་


PS001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བརྗོད་དོ། །བསྟན་ལ་དད་པས་རབ་ཏུ་བྱུང་། །ཐོས་བསམ་དག་པས་སྒྲོ་འདོགས་བཅད། །བླ་མ་མཆོག་བསྟེན་རྩེ་གཅིག་བསྒོམས། །ཉམས་རྟོགས་མཐར་ཕྱིན་ཟད་སར་སྐྱོལ། །གྲུབ་ཐོབ་སྦས་པའི་རྣལ་འབྱོར་མཛད། །སྐལ་ལྡན་སྨིན་གྲོལ་མཆོག་ལ་བཀོད། །བླ་མའི་དྲུང་འགྲོ་ཕྱི་མ་ནས། །འགྲོ་དོན་འབྱུང་ཞིང་ཕྱི་མ་ལ། །ལུང་བསྟན་འབྱུང་བའི་ཐོག་མ་ཡིན། །སྐུ་ལ་ནོངས་པ་མི་མངའ་ཡང་། །རྟག་འཛིན་འདུ་ཤེས་བཟློག་པ་དང་། །ལེ་ལོ་ཅན་རྣམས་དགེ་བསྐུལ་ཕྱིར། །ངོ་མཚར་ལྟས་བཅས་བདེ་བར་གཤེགས། །ཕྱི་རབས་གང་ཟག་འདྲེན་པའི་རྟེན། །སྐུ་གདུང་རིང་བསྲེལ་ཕུང་པོར་བཞག །རྣམ་ཐར་མདོར་བསྟན་གུས་པས་ཟུངས། དེ་ལ་རིན་པོ་ཆེ་བའི་འཁྲུངས་ཡུལ་ཁོང་སྐྱ་སྤང་ཁ། གདུང་ར། ཡབ་དབོན་པོ་དཀོན་བཟང་། ཡུམ་ཇོ་དགེ། ཡུམ་གྱི་ལྷུམས་སུ་བཞུགས་པ་ནས་ཡབ་ཡུམ་བདེ་སྐྱིད་དང་ལྡན་པར་གྱུར་ཅིང་། བཀྲ་ཤིས་པའི་ལྟས་དང་བཅས་ནས་ཡབ་ཡུམ་ཕྱུག་པོའི་སྲས་སུ་འཁྲུངས་སོ། །ཅུང་ཟད་མནོ་ཤེས་ནས། སྔོན་གྱི་བག་ཆགས་སད་པའི་སྟོབས་


PS001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལེ་ལོ་དང་། འདོད་པ་བརྐོམ་ཆགས་མེད་པར་སྐྱོ་ཤས་ཆེན་པོ་སྐྱེ་བ། འཁོར་བའི་ཉེས་དམིགས་དང་། འཆི་བ་མི་རྟག་པ་རྒྱུན་དུ་དྲན་པ་དང་། དད་པ་དང་སྙིང་རྗེ་ཆེ་བ། །བླ་མ་དང་དཀོན་མཆོག་ལ་གུས་པ། རང་བཞིན་བཟང་བ། དབེན་པ། ཡོན་ཏན་གྱི་ཆ་ཁོ་ན་ལ་དགེས་པ། བྱིས་པའི་སྤྱོད་པ་ལས་འདས་པ་གཅིག་ཏུ་གྱུར་ཏོ། །དེ་ནས་དགུང་ལོ་བརྒྱད་དགུ་ལ་བྲི་ཀློག་བསླབ། བཅུ་གསུམ་པ་ལ། བླ་མ་ཉི་ཐོག་པས་མཁན་པོ། །སློབ་དཔོན་ཚུལ་ཤེ། སློབ་དཔོན་མཛད་ནས་རྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་བྱས་ནས། བསླབ་པའི་ཆ་ཕྲ་མོ་ལའང་སྤྱན་གྱིས་འབྲས་བུ་ལྟར་གཅེས་པར་འཛིན་པ་ཉིད་དོ། །སློབ་དཔོན་པ་དང་སློབ་དཔོན་ཤཱཀྱ་འབུམ་ལས་ཕར་ཕྱིན་དང་སྤྱོད་འཇུག་བསླབ་ནས། བཅོ་བརྒྱད་པ་ལ་དེ་གཉིས་ལ་བཤད་གསར་མཛད་དོ། །དེ་ནས་སློབ་དཔོན་གྱི་གསུང་གིས་ཁྱོད་ཀྱི་རིགས་ཀྱིས་ཚད་མ་གོ་བ་གཅིག་འོང་བར་འདུག་པས་སློབ་ཤིག་གསུངས་ནས། རྣམ་ངེས་ཀྱི་གསུང་གཏད། དེ་ནས་གསན་མ་ཐག་ཡིག་ཕྲེང་དང་པོ་དེ་བཤད་པ་དང་།


PS001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ལོགས་དེ་ཐམས་ཅད་སིལ་ལེ་གོ་བ་བྱུང་བས་དཀའ་ཚེགས་མེད་པར་ཤེས་ཤིང་། སྟོན་པ་བཟང་བར་གྲགས་སོ། །གཞན་ཡང་བྱམས་པའི་ཆོས་ལྔ་དང་། ས་སྡེ་ལྔ། ཚད་མ་སྡེ་བདུན། དབུ་མ་རིག་པའི་ཚོགས་དྲུག །བསླབ་བསྡུས། གཤིན་རྗེའི་གཤེད་དམར་ལྷ་ལྔའི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། སྒྲོལ་མ། རྡོ་རྗེ་རྣམ་འཇོམས་ལ་སོགས་པ་མང་དུ་ཞུས་སོ། །དེ་ནས་བླ་མ་འདའ་སྟོན་ལྷ་རིན་ལ། ཀྱཻ་རྡོ་རྗེའི་དབང་སྒྲུབ་ཐབས་དང་བཅས་པ། བདེ་མཆོག་དྲིལ་བུ་པ། རྗེ་བཙུན་མ་སྒྲོལ་མ། ཀུན་རིག །ཕྱག་ན་རྡོ་རྗེ། མདོ་ལུགས་དེ་རྣམས་ཀྱི་དབང་སྒྲུབ་ཐབས་དང་བཅས་པ་ཞུས་ཤིང་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ངན་སོང་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། གཙུག་དགུ། རྡོ་རྗེ་རྣམ་འཇོམས། རྣམ་རྒྱལ། གུར་མགོན། ཐུགས་རྗེ་ཆེན་པོ་སེང་གེ་སྒྲ་ལ་སོགས་པ་མང་དུ་ཞུས་སོ། །གཡའ་ལུང་དགོན་གསར་པའི་མཁན་པོ་ལ། བཀའ་གདམས་


PS001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ། ལམ་སྒྲོན། བྱང་ཆུབ་སེམས་དཔའི་བློ་སྦྱོང་། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཤེས་རབ་སྙིང་པོའི་མདོ་སྒྲུབ་ལ་སོགས་པ་མང་དུ་ཞུས་སོ། །མདོ་བོ་རུ། བླ་མ་ཀརྨ་པ་ལ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། །སྐུ་གསུམ་ངོ་སྤྲོད། རླུང་སེམས་དབྱེར་མེད། བསམ་གཏན་ཐུན་འཇོག་ལ་སོགས་པ་མང་དུ་ཞུས་སོ། །དེ་ལ་རིན་པོ་ཆེས་མཛད་པའི་ཕྲིན་ལས་བརྗོད་ཀྱིས་མི་ལོང་ན་ཡང་བཤད་པ་མཛད་པ་ན་གཞུང་ཇི་ལྟ་བ་བཞིན་ལས་ཚིག་དོན་ནོར་བ་ལ་སོགས་པ་མི་མཛད་པར། ཚིག་དང་དོན་གྱི་ཆ་ཇི་ལྟ་བར་བཞིན་དཔེ་མཐོང་བ་ཙམ་གྱིས་མཁྱེན་པ་ཉིད་དོ། །རྩོམ་པ་ན་བརྗོད་བདེ་ཞིང་རྟོགས་སླ་བ་རྣ་བར་སྙན་པ་ཁོ་ན་བྱུང་སྟེ། ཚད་མའི་བསྟན་བཅོས་སྒྱུ་མ་གསལ་བྱེད་བླ་མ་འཛམ་གླིང་པས་ཞུས་པ་དང་། སློབ་མ་སོ་སོ་རང་རང་གིས་ཞུས་པའི་ཆོས་དྲུག་དྲིལ་དོན་མ་དང་། འཆི་བ་བདུན་པ་དང་། ལྟ་སྒོམ་སྤྱོད་གསུམ་ལ་ཞུས་པ་ལ་སོགས་ཕུལ་དུ་བྱུང་བ་ཉིད་དོ། །གཞན་གྱིས་རྩོད་ཅིང་དྲིས་པ་ན་སྤོབ་པ་ལ་ཐོགས་པ་མི་མངའ་བ་ཆོས་དང་མཐུན་པའི་སྒོ་ནས་ལུང་


PS001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིགས་པ་ཕ་རོལ་གྱི་ལོག་པར་རྟོགས་པ་སེལ་ནུས་པ་ཉིད་དོ། །མདོར་ན་མཁས་པའི་བྱ་བ་རྣམ་པ་གསུམ་ལ། གཞན་གྱི་ཡིད་འཕྲོག་པར་མཛད་དོ། །ལོངས་སྤྱོད་ལ་སྲེད་པ་ཆུང་བ་ནི། ཡུམ་འདས་པའི་རྗེས་སུ་ཡུལ་གཞིས་ཐམས་ཅད་བཙོང་ནས་ལུང་པའི་སྟོན་ཁོངས་ལ་ཁལ་འགྱེད་དང་། གྲོང་འགྱེད་ལན་གྲངས་བཅུ་གཉིས་མཛད་དོ། །ཆོས་ཞུས་པའི་བླ་མ་རྣམས་ལ་འབུལ་བ་བསྙེན་བསྐུར་ལ་སོགས་པ་ལོངས་སྤྱོད་དང་མོས་གུས་ཀྱིས་མཉེས་པར་མཛད་དོ། །ཚེ་འདི་ཐུགས་ཀྱིས་ཐོང་བར་མཛད་དོ། །བླ་མ་ལ་གུས་པ་ནི། ཆོས་ཞུས་པའི་བླ་མ་ཐམས་ཅད་ལ་མོས་གུས་ཐུན་མོང་མ་ཡིན་པ་ཐོབ་ཅིང་ཀུ་རེ་ཀྱལ་ཀའི་ཕྱིར་ཡང་གསུང་བཟློག་མ་མྱོང་གསུངས་སོ། །སྒྲུབ་པ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བ་ནི། འཁོར་གྱི་འདུ་འཛི་དང་། ཟང་ཟིང་གི་གཡེང་བ་དང་། དགོན་པའི་བདག་འཛིན་དང་། ལོངས་སྤྱོད་ཀྱི་སྲེད་པ་དང་། ལོ་འདོད་ཀྱི་སྙན་གྲགས་དང་། གཞན་གྱི་ངོ་བསྲུང་དང་། དགྲ་ཟིན་སྡེ་རིགས་ཀྱི་ཆགས་སྡང་ལ་སོགས་པ་ཚེ་འདིའི་ཆེ་


PS001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གང་ཡང་མ་བསྒྲུབས་པར་ཐུགས་དམ་ཁོ་ན་རྩེ་གཅིག་ཏུ་མཛད་པས་རིམ་པ་གཉིས་ལ་བརྟན་པ་ཆེན་པོ་ཐོབ་པ་དང་། ཡི་དམ་གྱི་བཟླས་པ་དུང་ཕྱུར་ཕྲག་འགའ་སོང་བ་དང་། ལྷས་བྱིན་གྱིས་བརླབས་ཤིང་གསུང་གི་ནུས་མཐུས་གཞན་གྱི་ནད་གདོན་ལ་སོགས་པ་སེལ་ནུས་པ་དང་། མངོན་པར་ཤེས་པ་དང་། ནང་དུ་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་ངེས་ཤེས་ཁྱད་པར་ཅན་སྐྱེས་སོ། །དེ་ནས་ཡོལ་ཕུ་རི་གོང་ན་སངས་རྒྱས་སྟོན་པ་བྱ་བའི་བླ་མ་རྟོགས་ལྡན་བཟང་པོ་གྲུབ་ཐོབ་གཅིག་བཞུགས་ཟེར་བ་གསན་པ་ཙམ་ལ། སྔོན་གྱི་ལས་འཕྲོ་སད་པས་མོས་གུས་ཆེན་པོ་སྐྱེ་བར་བྱུང་ངོ་། །དེ་ནས་བླ་མའི་དྲུང་དུ་བྱོན་པས་ཞལ་མཐོང་བ་ཙམ་ལ་རང་དབང་མེད་པའི་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཤིང་། དུས་དེ་ཉིད་དུ་དགེ་སྦྱོར་གཙོ་བོ་ཤར་བྱུང་གསུངས་སོ། །དེ་ནས་སྒྱུ་ལུས་རྨི་ལམ་སྤྱིའི་དབང་བསྐུར་ཞུས་ནས། ཆོས་དྲུག་གི་ཁྲིད་བསྐྱངས་པས་ཐབས་ལམ་ལ་བདེ་དྲོད་འབར་བས་


PS001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བདུན་ལ་རས་ཐུབ་པ་བྱུང་། སྒྱུ་ལུས་བ་བྲིང་པོ་ལ་ཞག་གསུམ་བསྒོམ་པའི་དུས་སུ་རྨི་ལམ་རང་ཟིན། སྒྱུ་མ་རང་ཤར། སྦྱོང་སྤེལ་སྤྲུལ་སྒྱུར་ཐམས་ཅད་དུས་གཅིག་ཏུ་ནུས་པ་དང་། ཡུལ་སྣང་དང་འོད་གསལ་འདྲེས་པའི་མདངས་ལ་དབུས་གཙང་གཉིས་ཀྱི་ས་རྡོ་རི་བྲག་ལ་སོགས་པ་ཆེ་ཆུང་མེད་པ་ཐམས་ཅད་རྗེན་པར་མཐོང་བ་བྱུང་ངོ་། །བླ་མ་ལ་ཞུས་པས། ང་བས་ཀྱང་ཁྱོད་དགེ་སྦྱོར་གྱི་སྐྱེ་ཚུལ་བཟང་བར་འདུག །དོན་ཁྲིད་ལེགས་པར་ཐེབས་པ་ཡིན། ད་ཆོས་དྲུག་བཤད་པས་ཆོག་པར་འདུག་གསུངས་སོ། །ད་རུང་རིམ་པ་ལྟར་ག་ལེ་སྐྱོང་བར་ཞུས་ནས་བསྒོམ་པས། སྣང་བ་ཐམས་ཅད་བདེན་མེད་དུ་རྟོགས་པས། སྒྱུ་མ་རང་ཤར་གྱི་ཉམས་བཟང་པོ་དང་། རྨི་ལམ་གྱི་སྟོབས་ཆེན་པོ་བྱུང་བས། འབྱུང་བཞི་དང་སེམས་ཅན་ལ་སོགས་པ་དངོས་པོ་ཆེ་ཆུང་མེད་པ་ཐམས་ཅད་ལ་སྦྱོང་སྤེལ་དང་། སྤྲུལ་བསྒྱུར་ནུས་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་ཡུལ་སྣང་ལྟ་བ་ལ་ཚེགས་མེད་པ་དང་། འོད་གསལ་གྱི་མཐོང་སྣང་ཆེན་པོ་དང་། བར་དོ་


PS001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་མང་པོ་ཁོར་མར་ཟིན་པ་ལ་སོགས་པ་ཇི་ལྟར་བཤད་པ་བས་ཀྱང་ལྷག་པ་དང་བཅས་པ་ཐམས་ཅད་རྫོགས་པར་བྱུང་ངོ། །མདོར་ན་སྒྱུ་ལུས་དབང་པོ་འབྲིང་ལ་དགེ་སྦྱོར་ཐག་ཆོད་པ་ཡིན་གསུངས་སོ། །བླ་མའི་གསུང་གིས་ཀྱང་དགེ་སྦྱོར་སྐྱེ་ཚུལ་ཤངས་སྟོན་པས་བཟང་བ་མ་བྱུང་གསུངས་སོ། །ཡང་ནུབ་གཅིག་རྨི་ལམ་ན། ནམ་མཁའ་ཐམས་ཅད་ལྷ་སྐུ་མང་པོས་ཤིག་གི་སོང་བར་འདུག་པ་དང་། དེ་ཚོའི་གསེབ་ནས་རྡོ་རྗེ་ཕག་མོ་གཅིག་བྱུང་ནས། དེས་ང་ལ་འཁྱུད་པས་ཟག་པ་མེད་པའི་བདེ་བ་སྐྱེ་བར་བྱུང་། བླ་མ་ལ་ཞུས་པས། བླ་མའི་ཞལ་ནས་དབང་བསྐུར་མཚན་ཉིད་པ་བྱ་བ་དེ་རུ་ཐོབ་པ་ཡིན། ནམ་མཁའ་ཐམས་ཅད་ལྷ་སྐུར་སོང་བ་དེ་བུམ་དབང་གི་ངོ་སྤྲོད་ཡིན། རྡོ་རྗེ་ཕག་མོས་རང་ལ་འཁྱུད་པ་དེ་གསང་དབང་གི་ངོ་སྤྲད་ཡིན། ཟག་མེད་ཀྱི་བདེ་བ་སྐྱེས་པ་དེ། ཤེས་རབ་ཡེ་ཤེས་ཀྱི་ངོ་སྤྲོད་ཡིན། སྣང་བ་མ་འགགས་པ་གང་དུ་ཡང་གྲུབ་པ་མེད་པ་དེ་ལ་མི་རྟོག་པ་དེ་དབང་བཞི་པའི་ངོ་སྤྲོད་ཡིན་གསུངས་སོ། །ཡང་སེམས་འཆི་མེད་ཟླ་བ་ལྔ་བྱས་ནས་ཞུས་པས་དེ་


PS001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷ་སྐུ་རང་ཤར་དུ་ཕལ་ཆེར་བྱུང་གསུངས་སོ། །ཡང་རི་གོང་དུ་དབྱར་གཅིག་དགེ་སྦྱོར་འཇུར་པོ་བྱས་པས། ལུས་པོ་ཐམས་ཅད་སྐྲང་ནས་རླུང་རྐྱ་རྦབ་བྱུང་བ་ལ། བླ་མའི་གསུང་གིས། འཁྲུལ་འཁོར་བྱ་དགོས་པ་འདུག་གསུང་ནས་འཆི་མེད་ཀྱི་བཀའ་གནང་། འཁྲུལ་འཁོར་བསླབ། དེ་ནས་འཁྲུལ་འཁོར་བྱས་པས། ཁམས་དེ་ཡང་ལེགས་པར་ཕན། དེའི་དུས་སུ་བདེ་བ་ཆེན་པོ་སྐྱེ་བ་བྱུང་གསུངས། བླ་མའི་གསུང་གིས། འཁྲུལ་འཁོར་བྱས་པ་ལ་ཁྱོད་པས་བདེ་བ་མ་བྱུང་གསུངས་སོ། །ཕྱིས་མཆེད་གྲོགས་གཅིག་ལ་འཁྲུལ་འཁོར་བསླབ། དེས་དགེ་སྦྱོར་ལ་ཅུང་ཟད་གནོད་པར་བྱུང་གསུངས་སོ། །དེ་ནས་ཆོས་དྲུག་སྒོ་སྒོའི་དབང་དང་། བར་དོའི་དབང་དང་། མཁའ་སྤྱོད་དཀར་དམར་དང་། ཟབ་ཆོས་ཆིག་བརྒྱུད་རྣམས་དང་། བདེ་མཆོག་ལྷ་ལྔ་དང་། རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཚེ་དཔག་མེད་ཀྱི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་དང་། གསང་སྒྲུབ་དང་། གཅོད་བཀའ་བརྒྱུད་


PS001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཉམས་བརྒྱུད་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་རྣམས་དང་། སྡོམ་གསུམ་རང་གི་བླང་བའི་ཆོ་ག་དང་། ནོར་འཛིན་དང་། བདེ་མཆོག་མཁའ་སྤྱོད་རིག་འཛིན་ལ་སོགས་པ་མང་དུ་ཞུས་སོ། །གཞན་ཡང་ཆོས་མང་པོ་གསུངས་པ་ཐམས་ཅད་མ་ཚང་པ་མེད་པར་ཞུས་སོ། །མདོར་ན་མོས་གུས་དང་། སྒྲུབ་པ་དང་། ལོངས་སྤྱོད་ཀྱིས་ཐུགས་མཉེས་པར་མཛད་ཅིང་། བླ་མ་སངས་རྒྱས་སྟོན་པའི་དྲུང་ནས་ཀྱང་དཔེ་མེད་པར་ཐུགས་རྗེས་བཟུང་ནས། ཆིག་བརྒྱུད་ཆོས་ཀྱི་བདུད་རྩི་ཐོག་མར་འཐུང་བའི་སྐལ་ལྡན། ལུང་བསྟན་འཁོར་གྱི་དང་པོ། །མན་ངག་ཆིག་བརྒྱུད་གནང་བའི་བུ་ཆེན། འགྲན་ཟླ་བྲལ་བའི་ཐུགས་སྲས་དམ་པ་མཛད་ཅིང་། རྟོགས་ལྡན་རྩོད་མེད་དུ་གྱུར་ནས། འདི་དང་ཕྱི་མར་འགྲོ་དོན་དཔག་ཏུ་མེད་པ་འབྱུང་ཞིང་བཅུ་བཞིའི་ས་ཐོབ་པར་ལུང་བསྟན། སློབ་མ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་དག་པ་བདེ་སྟོང་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་མཛད་དོ། །འབྲི་གོང་ཁྲི་ཚོ་བཅོ་བརྒྱད་ཀྱི་ནང་ན་འུ་ཅག་གི་ཤངས་སྟོན་


PS001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཅིག་ཡོད་དམ་མེད་ན། ཞེས་པ་ལ་སོགས་པ་ཡང་ཡང་དུ་གསུང་པར་གདའ་འོ། །བླ་མ་སངས་རྒྱས་སྟོན་པ་ལ་ཡིད་གཉིས་ཐེ་ཚོམ་གཏན་ནས་མི་མངའ་བར་སངས་རྒྱས་སུ་ངེས་ཤེས་སྐྱེས་ཏེ། ཞལ་མཐོང་བ་དང་། གསུང་ཐོས་པ་དང་གསོལ་བ་ནམ་བཏབ་པ་ན་མཆི་མ་རང་དབང་མེད་པའི་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། ནང་གི་ཡོན་ཏན་དེ་ལས་མ་བྱུང་གསུངས་སོ། །ཡང་གཅུང་པོ་ཚུལ་ཁྲིམས་དཔལ་ལ་ཡབ་ཀྱིས་གཉེན་བསྒྲིགས་པ་ལ་རིན་པོ་ཆེ་བས་གཉེན་བཤིག་སྟེ་བཙུན་པ་བྱེད་དུ་བཅུག་ནས། བླ་མ་སངས་རྒྱས་སྟོན་པ་ལ་ཆོས་དྲུག་གི་ཁྲིད་ཞུས་པས། ཐབས་ལམ་ཐག་ཆོད་པའི་དགེ་སྦྱོར་བཟང་པོ་བྱུང་ངོ་། །ཕྱག་རྒྱ་ཆེན་པོའི་གནས་པ་ལ་ཉིན་མཚན་འཁོར་མར་སྡོད་ནུས་པ་བྱུང་ངོ་། །གནས་པ་ཆེ་དྲག་ནས་སྐབས་སུ་མི་མང་རྩེ་བ་ལ་སོགས་པའི་སྒོ་ནས་གསེང་དགོས་པ་དང་། རླུང་རྒྱུ་རྒྱུ་མེད་པ་ཞག་མང་པོ་བྱུང་བ་དང་། གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་རྟོགས་ལྡན་བཟང་པོ་གཅིག་བྱུང་ངོ། །ཆོས་སྒོར་ཚུད་


PS001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བླ་མ་བཟང་པོ་དང་མཇལ་བ་དེ་ཁྱེད་ཀྱི་སྐུ་དྲིན་ཡིན་གསུངས་སོ། །རིན་པོ་ཆེ་པའི་མཐུན་རྐྱེན་སྒྲུབ་པའི་ཞབས་ཏོག་གུས་ལ་ཡུན་རིང་པར་བྱས་ཤིང་། རི་བོ་དང་ཙཱ་རིར་བཞུགས་པའི་དུས་སུ་ཡང་གསེར་ཞོ་བརྒྱད་ཅུ་རྩ་གྲངས་གཅིག་བསྐྱལ་གསུངས་སོ། །སྐུ་གཤེགས་ཁར་སོང་ཙ་ན། བླ་མའི་གདམས་ངག་དང་། མདོ་རྒྱུད་ནས་གསུངས་ཚོད་དང་། ང་རང་གི་ཉམས་མྱོང་བསྟུན་ན། ང་སྐྱེ་བ་ཕྱི་མ་ལ་ཐོད་པ་མགོ་ལ་མི་འགེལ་བར་འདུག་གསུངས་སོ། །གྲོངས་ཙ་ན་ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ་ལ་སོགས་པ་རྟགས་མང་པོ་བྱུང་ངོ་། །ཡང་རིན་པོ་ཆེ་བ་རི་གོང་དུ་བཞུགས་པའི་དུས་སུ། གཞུང་བྲག་དམར་བའི་བླ་མ་རས་པ་དཀོན་སྐྱབས། བླ་མ་སངས་རྒྱས་སྟོན་པ་ལ་ཆོས་ཞུ་རུ་བྱུང་བ་ལ། རྫོགས་ཆེན་སྙིང་ཏིག་ཞུས་ལྟ་སྟང་བཅས་མ་ཐག །ནམ་མཁའ་ཐམས་ཅད་ཁྲས་མིག་ཏུ་ཤིག་གེ་སོང་བའི་ཁྲས་མིག་རེ་རེའི་ནང་ན་ཐུགས་རྗེ་ཆེན་པོ་བཞུགས་པ་མཐོང་བ་བྱུང་། རས་པ་ལ་ཞུས་པས། དགེ་སྦྱོར་བཟང་པོ་བྱུང་འདུག་སྒོམས་གསུངས། སྒྱུ་ལུས་དགེ་སྦྱོར་ཐག་


PS001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པ་དེས། ཉམས་དགའ་ཚོར་ཆེན་པོར་ཙམ་ཡང་མི་སྐྱེ་བར་འདུག་ནས། ཉམས་ལ་ཞེན་པ་ཆེན་པོ་ཙམ་ཡང་མི་སྐྱེ་བར་གདའ་བྱས་པས། ཁོ་ན་རེ། དགེ་སྦྱོར་བཟང་པོ་དེ་ལྟ་བུ་བྱུང་ཡང་། སློབ་དཔོན་ངན་པའི་ཆོས་ལ་ངེས་ཤེས་མི་སྐྱེ་བ་ཡིན་མོད་གསུངས་སོ། །དེ་ནས་ཙཱ་རིར་བཞུགས་པའི་དུས་སུ་རྣལ་ལམ་བཟུང་ནས་པོ་ཏ་ལར་ཕྱིན་ནས་ཐུགས་རྗེ་ཆེན་པོ་ལ་ཆོས་ཞུ་བ་དང་། རྡོ་རྗེ་གདན་ལ་སོགས་པ་བལྟ་བ་དང་། རི་ལ་ཕར་སྟབ་ཚུར་སྟབ་བྱེད་པ་ལ་སོགས་པ་རྨི་ལམ་གྱི་སྟོབས་ཆེན་པོ་དང་། །ཐོ་རངས་ཀྱི་ཆ་ལ་འོད་གསལ་མཐོང་སྣང་ཆེན་པོ་དང་བཅས་པ་གཏན་དུ་འཆར་བ་དང་། ཡང་ས་གཞིར་བར་སྣང་ཐམས་ཅད་བུང་བའི་སྒྲ་ལྟ་བུ་གཟིར་གཟིར་བེར་བེར་བ་ལ། དེའི་དུས་སུ་ལུས་ལ་བདེ་ཆིལ་ཆིལ་བའི་བདེ་བ་རྒྱུན་དུ་སྐྱེ་བ་དང་། དམྱལ་བ་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་གནས་སྦྱོང་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་སྣང་ཙམ་རེའང་བྱུང་གསུངས་སོ། །ཡང་འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་ཙ་ན། ཞབས་ས་ལ་མི་ཆགས་པ་འདྲ་བ་དང་། རྨི་ལམ་ན་ནུབ་ཀྱི་ཐོ་ཤོད་ཚོགས་འཁོར་


PS001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་མ་ཆད་པ་དང་། ཡང་དགེ་སྦྱོར་གྱི་ལྷོངས་ཀྱི་རྣམ་པ་ལ་ཤིག་ནད་དང་། མཛེ་ནད་དང་། སྐྲན་དང་། དམུ་ཆུ་དང་། ཁམས་འདུས་དྲག་པོ་དང་། རླུང་ལོག་དང་། སྙིང་རླུང་བཟོད་བླག་མེད་པ་དང་། ས་ཐོག་མི་ང་ལས་སྡུག་པ་མེད་ལས་ཆེ་སྙམས་པ་དང་། མི་མཐོང་བ་དང་། ཚོགས་པ་ཐམས་ཅད་ང་ལ་ལབ་པ་དང་། འབར་སྣང་ལ་སོགས་པ་བརྗོད་ལས་འདས་པ་བྱུང་གསུངས་སོ། །དེ་ནས་ཁམས་ཀྱིས་མ་ཚུགས་པ་ཙཱ་རི་ནས་ཡར་བྱོན་ནས་རྒན་མོ་ལྷས་བའི་བླ་མ་ཁམས་པ་དེ་ལམ་འབྲས་ཀྱི་གེགས་སེལ་བ་ལ་མཁས་པ་ཡིན་ཟེར་བ་གསན་ནས། ཁོང་གི་དྲུང་དུ་བྱོན་ནས་ཞག་ཉི་ཤུ་རྩ་ལྔ་ཧ་བཏོན་པས། ཞལ་ནས་སྒེག་རུལ་མང་པོ་ཞིག་ཐོན་བྱུང་། ཁམས་འདུས་ཀྱང་ཕན་ནས་བླ་མ་ལ་ཞུས་པས། གཞི་བད་ཀན་སྨུག་པོ་གཅིག་གིས་བྱས་པ་ཡིན། ད་གེགས་སེལ་འགྲོ་བར་འདུག་གིས་གསུངས། ཧའི་རྗེས་ལ་ཚོགས་དྲུག་ཡུལ་གྱི་སྣང་བ་འདི་བདེན་མེད་བུན་བུན་དུ་སོང་ནས་གང་ལ་ཡང་ཆེད་འཛིན་དང་བྲལ་བ་དང་། སྙིང་རླུང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བདེ་བ་ཤར་བ་ལ་


PS001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཉམས་བྱུང་རྒྱལ་དུ་འགྲོ་བ་ལ། དགེ་སྦྱོར་ཉིན་མཚན་མཉམ་རྗེས་འདྲེས་པ་ཞག་བདུན་བྱུང་གསུངས། བླ་མ་ལ་ཞུས་པས། གེགས་སེལ་བ་དང་དགེ་སྦྱོར་ལ་བོགས་འདོན་དུས་མཉམ་དུ་བྱུང་འདུག །ཧ་འདོན་པའི་དགོས་དོན་མཐར་ཐུག་དེ་ཡིན། རྟོགས་ལྡན་གཅིག་བྱུང་འདུག་གསུངས་སོ། །དེ་ནས་ལམ་འབྲས་ཞ་མ་ལུགས་ཀྱི་དབང་བཀའ་དང་། བརྒྱུད་པའི་ལོ་རྒྱུས་དང་། སྙན་བརྒྱུད་ཀྱི་དཀྱུས་དང་། གཞུང་ཁྲིད་དང་། དབང་བཞི་ཁྲིད་དང་། གེགས་སེལ་ཁྲིད་དང་། གེགས་སེལ་ཐུགས་རྒྱུད་དང་། དམིགས་པ་རྒྱ་མཚོ་དང་། གེགས་སེལ་བསྡུས་པ་ལ་སོགས་པ་དང་། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། རྒྱུད་དྲག་པོ་གསུམ་འདུས་དང་། རྒྱུད་ཕྱི་མ་ལ་སོགས་པ་མང་དུ་ཞུས་སོ། །དེ་ནས་འཇག་ཆུང་དུ་བཞུགས་པའི་དུས་སུ། །ལུས་པོ་འདི་ཁོང་སྐྱ་ལུང་པར་མ་ཤོང་བར། སྐུ་ལུས་ལུང་པས་བསྡམས་ནས། སྐུ་སྟོད་ཡན་ཆད་ནམ་མཁའ་ལ་ཡར་རྒྱང་ངེ་འཐོན་པའི་སྣང་བ་དང་། ཁོང་པའི་ནང་ནས་


PS001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ཐིག་ལེ་དམར་པོ་སྲན་མ་ཙམ་ཚ་རིལ་རིལ་བ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཡར་ཁྱུག་མར་ཁྱུག་བྱས་པས། གྲང་དྲག་ནས་རྩ་འདར་མི་ཐུབ་པ་ཀ་འདྲ་བ་དང་། ཡང་སྣང་བ་ཐམས་ཅད་སྟོང་པར་སོང་བ་ལ། ལུས་པོ་འདི་སྟོང་པར་མ་སོང་བར་ནམ་མཁའ་སྟོང་པ་ལ་ཀུ་རུ་བསྐོར་བ་བཞིན་འཁོར་བར་བྱུང་། དེ་ཀ་ཉན་པར་བྱུང་གསུངས་སོ། །ཡང་མདུན་གྱི་དམིགས་ཡུལ་གྱི་དངོས་པོ་གང་ལ་བལྟས་པ་དེ་མེད་པར་སྟོང་པར་བྱུང་། མིག་སྔའི་དེ་མེད་པར་སོང་ཙ་ན། ཡང་ཕ་གའི་དམིགས་ཡུལ་གྱི་དངོས་པོ་དེ་གཞན་གཅིག་ལ་བལྟས་ནས། ཡང་ཡང་མྱུར་པོར་ཡོད་དགོས་ཀྱིན་འདུག །དེ་ལྟར་བྱས་པས་སྟོང་ཤས་རྐྱང་པར་མི་འགྲོ་བར་ཟུང་འཇུག་ཏུ་འགྲོ་ཡིན་འདུག་གསུངས་སོ། །ཡང་དབྱར་སེར་བ་བབ་པའི་འབྲུག་སྒྲ་དང་། གློག་གི་འོད་ཀ་ཙམ། སྒྲ་དང་འོད་ཆེན་པོ་ལོ་ཕྱེད་དང་གཉིས་ནུབ་རེ་ཞིང་ཐང་རེ་མ་ཆད་པར་བྱུང་། དེ་ནང་དུ་འབྱུང་བ་ཚོ་འཐབ་པ་ཡིན་པ་འདྲ་གསུངས་སོ། །ཡང་ས་གཞི་དང་བར་སྣང་ཐམས་ཅད་ལྷ་སྐུ་ཁྲུ་རེ་ཙམ་པ་མང་པོས་ཁྲིག་གེ་ཁེངས་པ་དེ་ཡང་བདེ་མཆོག་ལྷན་


PS001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དང་། ཤཱཀྱ་ཐུབ་པ་ཆུ་ལོན་མ་མང་བར་འདུག །གཞན་ཡང་ཐུགས་རྗེ་ཆེན་པོ་ལ་སོགས་པ་ཡང་འགའ་རེ་འདུག །ཆུ་ལེན་ཙ་ན་རྡོག་འོག་ཏུ་འགྲོ་ལས་ཆེ་སྙམ་ཙ་ན། ཕར་ཡོལ་ལོ་ལོ་འགྲོ་བ་དང་། ཚ་བ་བསྐོལ་དུས་ཤིང་བུའི་ཁར་བྱུང་ཙ་ན། མེ་ནང་དུ་འགྲོ་ལས་ཆེ་སྙམ་པ་དང་། རྡུལ་ཁེབས་ཀྱི་སྟེང་དུ་ཡོལ་འགྲོ་བ་དེ་ལྟ་བུ་ཆད་པ་མེད་པ་ལོ་གསུམ་ལྷག་ཙམ་བྱུང་གསུངས། ཡང་དང་པོ་རྩ་དབུ་མ་མཐོང་བ་དང་། དེས་རྐྱེན་བྱས་ནས་དོན་སྣོད་ལ་སོགས་པ་ལུས་ཀྱི་ནང་ཐམས་ཅད་མཐོང་བ་དང་། དེ་ནས་སྣང་བ་རྒྱ་ཆེན་པོ་མཆེད་ནས་འཛམ་བུ་གླིང་མཐོང་བ་དང་། ཡང་རང་གི་ལུས་ཀྱི་རྩ་གསུམ་འཁོར་ལོ་བཞི། རྩ་ཕྲན་བ་སྤུའི་སྒོར་ཟུག་བ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་རྩའི་གྱེས་ལུགས་དང་། རྩའི་མདུད་པ་དང་། ཁམས་ཀྱི་གནས་ཚུལ་དང་། རླུང་རྒྱུ་ཚུལ་ལ་སོགས་པ་རྡོ་རྗེའི་ལུས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་མཐོང་གསུངས་སོ། །དེ་ནས་གསང་གནས་བདེ་བའི་འཁོར་ལོ་མཐོང་ནས་བདེ་བ་ལ། རྒྱུན་ཆད་མེད་གསུངས་སོ། །ཡང་


PS001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ནམ་གཏོང་བའི་དུས་སུ་སྔར་ཚོར་མ་མྱོང་བའི་དྲི་བཟང་པོ་གཅིག་ཆིལ་བ་དང་། རེས་འགའ་ཟིལ་ཆེན་པོ་བྱས་པ་བྱུང་། དེ་མཁའ་འགྲོ་མ་དང་མི་མ་ཡིན་འདུ་བའི་རྟགས་སུ་བདུག་གསུངས་སོ། །ཡང་བདེ་འཁྲིས་ཀྱི་བྲག་ལ་བཞུགས་པའི་དུས་སུ་ནམ་མཁའ་ལ་རོལ་མོའི་སྒྲ་ཆེན་པོ་གཅིག་གྲགས་པ་དང་། མི་དཀར་པོ་གཅིག་ན་རེ་འདི་ནས་ཡར་འདེང་ངོ་ཟེར་ནས་ཕྱིན་པས། བྲག་གི་ལྟག་ན་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གཅིག་འདུག་པའི་ནང་ལ། རྗེ་བཙུན་མ་སྒྲོལ་མའི་གྲལ་འཁོར་མོ་ཆེ་བ་གཅིག་གི་དཀྱིལ་ན་གཙོ་མོ་ཆེ་བ་གཅིག་འདུག །དེའི་རྩར་ཡར་ཕྱིན་ཙ་ན། གཙོ་མོ་དེ་ན་རེ། ཁྱོད་ཀྱི་དགེ་སྦྱོར་གཞི་ཐོག་ཏུ་སྐྱོལ་འདུག་གི། ད་ང་ཡི་བྱིན་གྱིས་རླབས་ཀྱིས་གསུང་ནས་གཙོ་མོ་དེས་ཕྱག་མགོ་ཐོག་ཏུ་བཞག་པ་དང་། སྒྲོལ་མ་ཐམས་ཅད་ཀྱིས་ཕྱག་དབུ་ཐོག་ཏུ་དུས་གཅིག་ལ་བཞག་ནས། བྱིན་རླབས་བྱས་པས་ཉམས་རྟོགས་བཟང་པོ་དཔག་ཏུ་མེད་པ་འཆར་བར་བྱུང་ཞིང་། དགེ་སྦྱོར་ཉིན་མཚན་མཉམ་ཆོས་


PS001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མར་འདྲེས་པ་ཡུན་རིང་བྱས་པ་བྱུང་གསུངས་སོ། །གཉན་ཁྲོད་དུ་གཅོད་མཛད་པའི་དུས་སུ། དངོས་སུ་རྦབ་བརྡེག་པ་དང་། རྡོ་ཆར་འབེབས་པ་དང་། འདྲུད་པ་དང་། སྙིང་རླུང་བཟོད་བླག་མེད་པ་ཐོང་པ་ལ་སོགས་པ་བྱུང་ཡང་། གཅོད་མ་ཆོད་པ་དང་། ལྷ་འདྲེ་ཟིལ་གྱིས་མ་ནོན་པ་དང་། དབང་དུ་མ་འདུས་པ་དང་། དམ་ལ་མ་ཐོགས་པ་གཅིག་ཀྱང་མ་བྱུང་བས། ཁྱད་པར་དུ་གལ་ལྗོང་འདི་ཆོས་ལ་སྡང་བར་འདུག །དུག་རྩུབ་ཆེ་བར་འདུག་སྟེ། ང་ལ་བསུ་བ། སྐྱེལ་བ། སྐབས་སུ་མཇལ་ཕྲད་བྱེད་པ་ལ་སོགས་པ་བྲན་བཞིན་དུ་ཉན་པར་བྱུང་གསུངས་སོ། །ཡང་སེམས་ཅན་ལ་སྙིང་རྗེ་ཐུན་མོང་མ་ཡིན་པ་སྐྱེས་ནས། རྒྱུན་ཆད་མེད་པར་བཤུམ་དགོས་པ་འོང་གིན་འདུག །དེ་ཀ་རང་ལ་ཐལ་ན་སྙིང་རླུང་དུ་འགྲོ་བ་སྲིད་གསུངས། དེའི་གཉེན་པོར་སྙིང་རྗེ་མཁན་རང་སུ་ཡིན། ཡུལ་གང་ལ་སྙིང་རྗེ། ཚུལ་ཇི་ལྟར་སྙིང་རྗེ་སྙམས་པ་ལ་སོགས་པས་མི་རྟོག་པ་ཕྱག་རྒྱ་ཆེན་པོ་ལ་འཇོག་པ་གལ་ཆེ་བར་འདུག་གོ །བླ་མས་ཡི་དམ་


PS001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཙོ་བོ་གང་ལ་བགྱིས་ཞུས་པས། དང་པོ་བདེ་མཆོག་ལ་བྱས། ཞག་རེ་ལ་ཡི་གེ་བདུན་པ་ཁྲི་ཚོ་གསུམ་རེ་སྐྱོལ་གྱིན་འདུག །དེ་ནས་རྨི་ལམ་བཟུང་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གསོལ་བ་མགྲིན་གཅིག་ཏུ་བསྡེབས་པར་བསམ་ནས་བདག་གི་ཡི་དམ་གྱི་ལྷ་གང་ལགས་བསྟན་དུ་གསོལ། ཞེས་གསོལ་བ་དྲག་པོ་བཏབ་པས། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་བྱོན་ནས་བཙུན་པའི་ཡི་དམ་ཐུགས་རྗེ་ཆེན་པོ་ལ་གཙོ་བོར་བྱ་གསུངས། དེ་ནས་དང་པོ་རྨི་ལམ་དུ་ཞལ་མཐོང་། ཕྱིས་དངོས་སུ་ཞལ་འགའ་རེ་མཐོང་གསུངས། ཡི་དམ་གཞན་ཞལ་གཟིགས་སམ་ཞུས་པས། བདེ་མཆོག་ལ་སོགས་པའི་ཡི་དམ་དང་། ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་ཀྱང་ཞལ་མཐོང་གསུངས་སོ། །དང་པོ་ལན་གཅིག་མཐོང་ནས། ཕྱིས་བཀའ་དམ་དུ་མཛད་ཀྱིན་གདའ་ནས་མགོན་པོའི་བཀའ་དེ་དམ་དུ་གཏོང་བ་ཅི་ལགས་ཞུས་པས། མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་བས། ཁྱོད་ཁོང་པའི་ཁྲག་ཐམས་ཅད་མི་ལ་སྟེར་བ་ཡིན་


PS001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཟེར་བ་གཅིག་བྱུང་། དེ་ནས་ཆོས་གཤའ་མ་བྱེད་པ་འགའ་རེ་ལ་བྱིན། ཞུ་བ་བྱུང་ཚད་ལ་མ་བྱིན་པ་དེ་ཡིན་གསུངས་སོ། །ཡང་རབ་གནས་མཛད་པ་ན། ཉིན་པར་ཆོ་ག་མཛད། ནུབ་མོ་མནལ་ལམ་བཟུང་ནས། གསུང་གི་རྟེན་ལ་སྣག་ལམ་རེ་རེ་ལ་ལྷ་སྐུ་རེ་རེའི་ཡེ་ཤེས་པ་བཅུག །ཐུགས་དང་སྐུའི་རྟེན་ལ་ལྷ་སྐུ་དཔག་ཏུ་མེད་པ་བསྟིམ། རྨི་ལམ་དུ་རབ་གནས་དཔག་ཏུ་མེད་པ་བྱས་བཞག་པས། རབ་གནས་ལ་ཉེས་པ་བྱས་པ་མི་སྲིད་དོ་གསུངས་སོ། །ཡང་མི་ཤི་བའི་བདུན་ཚིག་ཞུ་བ་བྱུང་ཙ་ན། གཤིན་པོ་དེ་སྙིང་རྗེ། རིགས་དྲུག་གི་གནས་གང་ན་འདུག་བལྟ་དགོས་གསུངས་ཏེ། མཐོ་རིས་སུ་འདྲོངས་པར་ངེས་ཤེས་སྐྱེས་སོ། །ཡང་སྐབས་གཅིག་ཏུ་རླུང་གཟེར་བུ་ཅུང་ཟད་བྱུང་བ་ལ་སྐུ་ཁམས་ཞུས་པས། ད་གཟེར་རམ་རླུང་ལོག་ལ་སོགས་པའི་ཟུག་གི་རྣམ་པ་གང་བྱུང་ཡང་། དང་པོ་ཟུག་ཐོལ་རེ་བ་ཙམ་མ་གཏོགས་པ། དེ་ནས་ཟུག་དེའི་ངོ་བོ་བདེ་ཕྲིལ་ཕྲིལ་བའི་བདེ་བ་ཁོ་ན་འཆར། ཟུག་གི་རྣམ་པ་གང་གིས་ཀྱང་མི་སྟོང་བར་འདུག་གསུངས། གཞན་


PS001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞལ་མཆིལ་བཏབ་པ་དང་། ཁྲུས་ཆབ་འཐུང་བས་ནད་གདོན་ལ་སོགས་པ་སེལ་ནུས་པ་དང་། ཐུགས་རྗེ་ཆེན་པོའི་གཟུངས་ཆུ་དང་སྔགས་རིལ་མང་པོ་མཛད་ཀྱིན་སློང་བ་བྱུང་ཆད་ལ་བྱིན་པས། ནད་དང་། གནོད་པ་དང་། མཛེ་དང་། རྨ་འགྲས་དང་། སྐྲངས་འབུར་དང་། ཤུ་བ་ལ་སོགས་པ་གང་ལ་ཡང་བསྐུས་པ་ཙམ་གྱིས་ཚེགས་མེད་པར་སེལ་བ་ལ་སོགས་པ་ཕན་པ་མང་པོ་བྱུང་ངོ་། །གཞན་ཡང་ཆོས་ཞུ་བའི་བློ་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། ཞལ་མཐོང་བ་དང་། དབང་བཀའི་ནུབ་མོ་དགེ་སྦྱོར་སྐྱེས་པ་དང་། བླ་མ་ལ་དགོས་པའི་ས་རྡོ་ལེན་པ་དང་། ཆུ་ཤིང་དགུག་པ་ལ་སོགས་པ་ལུས་ངག་གི་ཞབས་ཏོག་གང་བསྒྲུབས་ཀྱང་དགེ་སྦྱོར་འཆར་བ་ལ་སོགས་པ་མང་དུ་བྱུང་ཞིང་མྱོང་བས་ཀྱང་གྲུབ་བོ། །ཆོས་ཀྱི་སྐབས་སུ་འབུལ་བ་བྱུང་བ་ཀུན་ཀྱང་། བླ་མའི་དུས་མཆོད་དང་། ཟླ་མཆོད་དང་། དགེ་འདུན་གྱི་བསྙེན་བཀུར་དང་། གྲལ་འགྱེད་མ་ཎི་འཛུག་པ་དང་། དགེ་ཕྱོགས་ཁོ་ནར་བཏང་ངོ་། །དུས་ཕྱིས་ཕར་སྟེར་ཚུར་སྟེར་གྱི་ལག་ལེན་འདི་ལ་མི་ནུས་པར་གསུངས་ནས། དངོས་


PS001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་ཀྱང་མི་ལེན་པའི་དམ་བཅའ་མཛད་དོ། །སྐུ་བདེ་བར་གཤེགས་ཙ་ན་བཞུགས་གདན་དང་། ན་བཟའ་ཕྲུག་གཅིག་མ་གཏོགས་པ། །གསེར་སེར་བ་གཅིག་གམ། གཞན་ཡོ་བྱད་བྲེ་གང་རི་བ་མ་བཟུང་པ་འདི་ནི་ངོ་མཚར་བ་ཉིད་དོ། །དེ་ལ་ཕྱིར་མི་ལྡོག་པའི་རྟགས་སུ་རིགས་དྲུག་གི་གནས་སྦྱོང་ཤར་བ་དང་། སྐུ་ལ་འབུ་སྲིན་དང་སྲོ་ཤིག་དང་ནག་སྦགས་ལ་སོགས་པའི་མི་གཙང་བའི་རྣམ་པ་གང་ཡང་མེད་པ་དང་། སྐུ་གཟི་མདངས་དང་ལྡན་པ་དང་། ཞལ་མཐོང་བ་ཙམ་གྱིས་དང་བ་འདྲེན་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འགྲོ་མགོན་གཙང་མ་ཞེས་གྲགས་སོ། །ཉམས་ཀྱི་སྣང་བ་རྣམས་ད་ལྟ་ཇི་ལྟར་བདོག་ཞུས་པས། ད་གེགས་ཐམས་ཅད་ལས་གྲོལ་ཉམས་ཐམས་ཅད་ཀྱང་དག །ཆོས་ཟད་སར་སྐྱོལ། རང་སེམས་བླ་མར་རྟོགས། ཆོས་སྐུ་ཕྱག་རྒྱ་ཆེན་པོ་དེ་ཁོར་མར་ཡོད་པ་ཡིན་གསུངས། མདོར་ན་བླ་མའི་བྱིན་རླབས་ཞུགས་པ། སྒྱུ་ལུས་འོད་གསལ་འབྱོངས་པ། རྟོགས་པ་མངོན་དུ་གྱུར་པ། ཆོས་བརྒྱད་རང་སར་གྲོལ་བ། ཡི་དམ་གྱི་ལྷ་


PS001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ། མངོན་པར་ཤེས་པ་ཐོགས་པ་མེད་པར་མངའ་བའི་གྲུབ་ཐོབ་ཆེན་པོར་གྱུར་ཀྱང་། ནང་གི་ཡོན་ཏན་གསང་བ་གནད་ཡིན་གསུངས་ནས་རང་རྒྱུད་པའི་ཚུལ་བཟུང་ནས། ཡོན་ཏན་ཐམས་ཅད་སྦས་པའི་རྣལ་འབྱོར་མཛད་ཅིང་། སྙིགས་མའི་དུས་ཀྱི་འགྲོ་བ་འདྲེན་པའི་དཔལ་མགོན་དམ་པར་གྱུར་ནས། གདུལ་བྱ་སྐལ་པ་དང་ལྡན་པ་མང་པོ་སྨིན་གྲོལ་ལ་བཀོད་དོ། །སློབ་མའང་ཉམས་རྟོགས་དང་ལྡན་པ་དང་། ལམ་སྣ་ཟིན་པ་དང་། སེམས་ངོ་འཕྲོད་པ་ལ་སོགས་པ་འབྲེལ་ཚད་དོན་དང་ལྡན་པ་མང་དུ་བྱུང་ངོ་། །དེ་ལ་ལུང་བསྟན་བྱུང་བའི་རིམ་པ་ནི། །སངས་རྒྱས་གཉན་སྟོན་རིན་ཆེན་གྱིས། །སུམ་ཅུ་རྩ་ལྔའི་སློབ་མ་ལ། །ཐུགས་རྗེ་ཆེན་པོའི་དབང་བསྐུར་མཛད། །དེ་དུས་ཆོས་རྗེ་སྐྱེར་སྒང་དང་། །ཐུགས་རྗེ་ཆེན་པོ་བྱོན་ནས་ཀྱང་། །དག་པ་སུམ་ཅུའི་རྩ་ལྔའི་འཁོར། །ཤར་ཕྱོགས་དག་པའི་ཞིང་དུ་འགྲོ། །མཆོག་གྱུར་གཡོར་སྟོད་བརྒྱུད་འཛིན་དེ། །དེ་ཡི་སློབ་མ་གྲུབ་ཐོབ་ནི། །སྦས་པའི་རྣལ་འབྱོར་བརྒྱ་རྩ་བརྒྱད། །སྐྱེ་བ་འདི་


PS001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འོག་རོལ་དུ། །འགྲོ་བ་དཔག་མེད་འདྲེན་པར་འགྱུར། །ཞེས་པའི་ལུང་བསྟན་བྱུང་བ་དང་། །ཡང་ནི་སངས་རྒྱས་སྟོན་པ་ཡིས། །བསམ་གཏན་བྲག་བསྒོམ་བསྒྲུབ་པའི་ཚེ། །ཡེ་ཤེས་མཁའ་འགྲོ་བྱོན་ནས་ཀྱང་། །མུ་ཏིག་ཕྲེང་བ་བརྒྱ་རྩ་གཏད། །གྲུབ་ཐོབ་སྦས་པའི་རྣལ་འབྱོར་འབྱུང་། །སྐྱེ་བ་ཕྱི་མ་དེ་རྣམས་ཀྱིས། །གདུལ་བྱ་དཔག་མེད་འདྲེན་པར་འགྱུར། །སློབ་མའི་ལུང་བསྟན་དེ་འདྲར་བྱུང་། །འགྲོ་མགོན་ཤངས་སྟོན་ཞལ་སྔ་ནས། །ཤར་ཕྱོགས་དག་པའི་ཞིང་ཁམས་སུ། །སངས་རྒྱས་སྟོན་པའི་དྲུང་དུ་འགྲོ། །ལུང་བསྟན་འཁོར་གྱི་ཐོག་མ་ཡིན། །དག་པའི་འཁོར་དང་ཞིང་ཁམས་སོགས། །ཕྱི་མ་འགྲོ་དོན་དཔག་ཏུ་མེད། །ས་ཡི་ཡོན་ཏན་རྫོགས་པར་འཆར། །བཅུ་བཞིའི་ས་མཆོག་མངོན་སངས་རྒྱས། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཆོས་རྗེའི་དྲུང་དུ་ཆུང་བསྒོམས་ཀྱང་། །ཟངས་ཀྱི་ཕྱིན་པས་ཆོག་པར་ཡོད། །དེ་ལྟར་ལན་གྲངས་མང་དུ་གསུངས། །དེ་ནས་སྐུ་གཤེགས་ཁར་གྲིབ་ལྟ་བུ་གཅིག་ལ་བརྟེན་ནས་སྐུ་ཁམས་ཅུང་ཟད་


PS001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེམ་པའི་དུས་སུ། །གསོལ་མི་གདའ་བ་ཙམ་མ་གཏོགས་པ། །སྐུ་ལ་སྙུང་ཟུག་གི་རྣམ་པ་གང་ཡང་མེད། །ཟུག་གི་ངོ་བོ་བདེ་བར་ཤར་བ། །སྙུང་གཡོག་སླ་བ། སྙུང་གཡོག་བྱེད་རིགས་ལ་རིག་པ་དྭངས་བ། དགེ་སྦྱོར་འཕེལ་ཞིང་བྱིན་རླབས་འཇུག་པ་དང་། གཞན་ཡང་རུས་པ་དང་། རིན་པོ་ཆེ་དང་། དར་གྱི་ཅོད་པན་དང་། ལྷབ་ལྷུབ་ལ་སོགས་པའི་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པའི་མཁའ་འགྲོ་མ་དང་། དཔའ་བོ་དང་། ཆོས་སྐྱོང་ལ་སོགས་པའི་མི་མ་ཡིན་པས། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་ཕུར་མ་དང་། རོལ་མོ་ལ་སོགས་པ་སྣ་ཚོགས་ཐོགས་ནས་མཆོད་པ་འབུལ་ཞིང་མཁའ་སྤྱོད་དུ་གདན་འདྲེན་པ་མང་པོ་རྨི་ལམ་དུ་མཐོང་ཞིང་། ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་མངའོ། །བླ་མ་སངས་རྒྱས་སྟོན་པའི་ཟླ་མཆོད་དང་དུས་མཆོད་མཛད་པའི་དུས་སུ་དགེ་བ་ལ་སྔ་བུར་དགའ་བ་ཡིན་གསུངས་ནས། །སྔར་ནས་ཀྱང་ཚེས་བཅོ་ལྔ་ཁོ་ན་ལ་མཆོད་པ་མཛད་དོ། །རིན་པོ་ཆེ་པ་ཡང་བྱ་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་ལ། སྐུ་ལ་འདས་


PS001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གྲོངས་མི་མངའ་ཡང་གདུལ་བྱ་རྟག་པར་འཛིན་པའི་འདུ་ཤེས་བཟློག་པ་དང་། ལེ་ལོ་ཅན་རྣམས་དགེ་ལ་བསྐུལ་བའི་ཕྱིར་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ནས་དགུང་ལོ་བདུན་ཅུ་དོན་དྲུག་པ་ལ་བདེ་བར་གཤེགས་པའི་ཚུལ་བསྟན་ནོ། །ཚད་མེད་ཐུགས་རྗེའི་ཉི་མའི་ད་ལ་ལས། །སྨིན་གྲོལ་བཀའ་དྲིན་གསལ་བའི་འོད་འཕྲོས་པས། །མུན་བསལ་བློ་ཡི་པདྨོ་ཁ་བྱེ་ནས། །གདུལ་བྱའི་རིགས་ལ་ཉེ་བར་ནུབ་ཚུལ་བསྟན། །ཤེས་རབ་མཁའ་ལ་ཐབས་ཚོགས་ཆུ་འཛིན་འཁྲིགས། །སྤོབ་པའི་གློག་འགྱུ་ཟབ་རྒྱས་འབྲུག་སྒྲ་སྒྲོགས། །གདུལ་བྱའི་ལོ་ཏོག་རྒྱས་མཛད་ཐུགས་རྗེའི་སྤྲིན། །ཆོས་སྐུའི་མཁར་གཤེགས་མྱ་ངན་འདའ་ཚུལ་བསྟན། །དེ་ལ་སྐུ་གཤེགས་ནས་སྤུར་གྱི་དྲུང་དུ་བསྡད་པ་དང་། །སྤུར་ལ་འཇུས་པ་དང་། ཞབས་ཏོག་བྱས་པ་ཐམས་ཅད། རིག་པ་སྔར་བས་དྭངས་པ། ཞག་མང་པོར་གཉིད་གཡེལ་ནས་འགྲོ་ཞིང་གཉིད་བྲོ་བ་མི་འོང་བ་དང་། འཇའ་འོད་ལ་སོགས་པ་ཞག་མང་པོའི་བར་དུ་རྒྱུན་ཆད་མེད་


PS001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱུང་བ་ཐམས་ཅད་ཀྱིས་མངོན་དུ་གྱུར་པ་དང་། སྤུར་དང་གདུང་ལ་མི་མ་ཡིན་མང་པོའི་མཇལ་བ་དང་། བསྐོར་བ་བྱེད་པ་དང་། འབུལ་བ་བྱེད་པ་ལ་སོགས་རྨི་ལམ་དུ་མཐོང་བ་དང་། ཕྱི་རབས་ཀྱི་གང་ཟག་མོས་པའི་རྟེན་དུ་སྐུ་གདུང་ལས་རིང་བསྲེལ་མང་པོ་བྱོན་ནོ། །དེ་ལ་བླ་མའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་། འདིར་བདག་གིས་སྐབས་སུ་བབས་པ་འགའ་རེ་ཞུས་པ་རྣམས་ཇི་ལྟར་གསུངས་པ་ཡི་གེར་བཀོད་པའོ། །ཡང་བདག་གི་རྨི་ལམ་དུ་བླ་མའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུངས་དང་། རྫུ་འཕྲུལ་དང་། སྐུ་དང་། ཞིང་ཁམས་དང་། གདུལ་བྱ་དང་། མཛད་པའི་ཕྲིན་ལས་བློས་དཔག་པར་མི་ནུས་པ་གཅིག་བྱུང་བ་ཡིན། ཚ་གོང་དུ་ཡི་གེར་བཀོད་ན་བློ་ལ་འདུག་པ་ལ། རྟིང་ནས་ག་ལེར་ཡི་གེར་བཀོད་པས་ཆོག་བསམ་ཙ་ན། ཕྱིས་བརྗེད་ནས་བློ་ལ་ར་རིར་སོང་ནས་བཀོད་རྒྱུ་མ་བྱུང་ངོ། །གཞན་ཕྲ་ཞིབ་དང་བཅས་པ་བཀོད་པ་བཀའ་ཡིས་མ་གནང་བས་མ་བཀོད་


PS001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །མདོར་ན་བླ་མ་ལ་མོས་གུས་སྐྱེས་ན་མ་བསྒོམས་ཀྱང་དེ་གཅིག་པུས་ཆོག་པར་ཐག་ཆོད་ངེས་ཤེས་སྐྱེས་སོ། །སྙུང་གཡོག་བྱེད་པའི་དུས་སུ་རྨི་ལམ་དུ་རིན་པོ་ཆེ་བས། རིན་པོ་ཆེ་སྣ་ལྔ་ལས་བྱས་པའི་དབུ་རྒྱན་གཅིག་བསྣམས་ནས་བྱོན་ནས་དེ་བདག་གི་མགོ་ལ་བཀོན་ནས། བརྒྱུད་པ་མི་ཉམས་པར་བྱ་བའི་དོན་དུ་དབང་ཞུ་མགོ་ལ་བཀོན་པ་ཡིན་ནོ་གསུངས་སོ། །གདོད་ནས་རྣམ་དག་གསེར་གྱི་ས་གཞི་བརྟན། །འོད་གསལ་བརྗོད་མེད་རྒྱ་མཚོའི་གཏིང་མཐའ་ཟབ། །གསལ་སྟོང་འཛིན་མེད་རིན་ཆེན་ཡོངས་བལྟམས་པ། །སྐུ་གསུམ་རང་ཤར་ཆོས་རྗེ་རྒྱ་མཚོ་ཡི། །ཡོན་ཏན་ཕྲིན་ལས་གཏིང་མཐའ་ག་ལ་དཔོག །འོན་ཀྱང་དད་པའི་སྙིམ་པས་མདུན་ནས་བླངས། །ཡིད་ཆེས་ངོམས་འཐུང་མཚན་འཛིན་གདུང་བ་ཞི། །འཐུང་ཀྱང་འཕེལ་འབྲི་མེད་པ་རྒྱ་མཚོའི་གཏེར། །རྣམ་ཐར་ཆུ་ཐིགས་ཙམ་གཅིག་བརྗོད་པ་ཡི། །དགེ་བས་མཁའ་མཉམ་འགྲོ་ཀུན་བསམ་རྒྱུད་ལ། །བྱིན་རླབས་རབ་ཞུགས་ཏིང་འཛིན་མཐར་ཕྱིན་ནས། །ཕྱག་རྒྱ་ཆེན་པོའི་དཔལ་ལ་


PS001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་ཤོག །བླ་མ་མཁས་གྲུབ་རྟོགས་ལྡན་ཤངས་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་མདོ་ཙམ་ཡི་གེར་བཀོད་པའོ།། །།སརྦ་དཱ་ཀ་ལྱཱ་ཾ་བྷ་ཝནྟུ། །

མཁས་གྲུབ་གཙང་མ་ཤངས་སྟོན་གྱི་རྣམ་ཐར།


PS001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་གཙང་མ་ཤངས་སྟོན་གྱི་རྣམ་ཐར་བཞུགས་སོ།། །།


PS001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པས་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་གཟིགས། །ཐུགས་རྗེས་འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་མཛད་ཅིང་། །ནུས་པས་བདུད་དང་མུ་སྟེགས་མ་ལུས་ཚར་གཅོད་པའི། །མཉམ་མེད་མཁས་གྲུབ་ཤངས་སྟོན་ཞབས་ལ་སྤྱི་བོས་འདུད། །འདི་ནི་མཁས་གྲུབ་ཤངས་སྟོན་གྱི། །རྣམས་པར་ཐར་པ་མདོར་བསྟན་ཡིན། །


PS001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལས་དངོས་སུ་ཐོས་པ་རྣམས། །ལེགས་པར་བཤད་ཀྱི་གུས་པས་ཟུངས། །འཇིག་རྟེན་བློས་བཏང་བསྟན་ལ་དད་པས་རབ་བྱུང་སྟེ། །ལུང་དང་རིགས་པ་མན་ངག་ཀུན་ལ་ཐོས་བསམ་མཛད། །མཁས་གྲུབ་བླ་མ་མཉེས་བྱས་ཏེ། །ཟབ་མོའི་དོན་རྣམས་མ་ཡེངས་བསྒོམས། །ཉམས་རྟོགས་མ་ལུས་མཐའ་རུ་ཕྱིན། །ཡོན་ཏན་ཕུན་ཚོགས་སྦས་ཚུལ་གྱིས། །ཡང་དག་ཆོས་རྣམས་འགྲོ་ལ་བསྟན་པས་སྐལ་ལྡན་མ་ལུས་སྨིན་པར་མཛད། བདུན་ཅུ་རྩ་དྲུག་དུས་སུ་ཞིང་འདིར་འདས་ཏེ་ངོ་མཚར་ལྟས་དང་


PS001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནས་ཤར་ཕྱོགས་ཞིང་དུ་སངས་རྒྱས་སོ། །དེ་ལ་རིན་པོ་ཆེ་མཁས་གྲུབ་ཤངས་སྟོན་ཆོས་རྗེའི་འཁྲུངས་ཡུལ་གཡས་རུ་ཤངས་ཀྱི་ལུང་པ་ཁོང་རྒྱ། གྲོང་ཡང་སྒང་གདུང་རུས་ར། ཡབ་དཔོན་པོ་དཀོན་མཆོག །ཡུམ་ཇོ་དགེ། ཆོས་རྗེ་པ་ཡབ་ཡུམ་གྱི་ལྷུམས་སུ་བཞུགས་པ་ན་ཡབ་ཡུམ་ལ་བཀྲ་ཤིས་པའི་རྨི་ལམ་མང་པོ་བྱུང་། འཁྲུངས་ནས་ཡུལ་མི་རྣམས་ཀྱང་སྔར་བས་བདེ་སྐྱིད་ཆེར་སོང་། ཡབ་ཡུམ་ཡང་ཕྱུག་ཅིང་རྒྱས་སུ་སོང་། ཆོས་རྗེའི་དྲུང་ནས་བག་ཆགས་སད་པ་ཡིན་པར་འདུག །བུ་ཆུང་གི་དུས་ན་ཟས་ལ་སྲེད་པའང་མེད། འཁོར་བའི་ཉེས་དམིགས་རྟག་ཏུ་དྲན་ཏེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེས། ནམ་འཆི་ཆ་མེད་འདུག་སྙམ་པ་དང་། རི་ཁྲོད་དགོན་པ་མཐོང་ཙ་ན་དགའ་ཡལ་ཡལ་བ་བྱུང་། དེ་ཚེ་སྔོན་ཡང་རི་ཁྲོད་འགའ་རེ་འགྲིམ་པའི་རྟགས་སུ་གདའ་བ་ཧེ་ཧེ་གསུངས། ཆོས་རྗེའི་ཞལ་ནས། ངས་ལོ་བརྒྱད་དགུའི་དུས་སུ་འབྲི་ཀློག་ལེགས་པར་ཤེས། ལོ་བཅུ་གསུམ་ལ་བླ་མ་ཉི་ཐོག་པ་ལ་མཁན་པོ་ཞུས། སློབ་


PS001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཤངས་པ་ཚུལ་ཤེ་ལ་སློབ་དཔོན་ཞུས་ནས། ད་ལྟའི་བར་དུའང་ཉོན་ཐོས་ཀྱི་བཅས་པ་དང་འགལ་ཙམ་མ་མྱོང་། དེ་ནས་ལོ་བཅོ་བརྒྱད་ལ་སྤོ་ཏི་གཉིས་ལ་བཤད་གསར་བྱས། དེ་ནས་སློབ་དཔོན་ཚུལ་ཤེའི་གསུང་ནས། ཁྱོད་ཀྱི་བློ་འདི་ཚད་མ་གོ་བའི་བློ་རིག་ཡིན་པ་འདྲ་བས་སློབ། རྣམ་ངེས་ཀྱི་གཞུང་གཅིག་གནང་། ཚད་མ་ཉན་མ་ཐག་ནས་སློབ་དཔོན་གྱིས་ས་བཅད་བཏབ་བྱུང་བ་དང་། ངས་ཤོག་ལོགས་དེའི་དོན་སིལ་སིལ་གོ་བ་བྱུང་ཏེ། ཚད་མ་ཡང་མཁས་པར་བསླབ། སྟོན་པའང་དབུས་གཙང་ནང་རང་བཟང་སྙམ་པ་བྱས། ཡང་སློབ་དཔོན་ཚུལ་ཤེ་ལ་བྱམས་པའི་ཆོས་ལྔ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས། དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་ཞུས། ཡང་གཤིན་རྗེ་གཤེད་དམར་ལྷ་ལྔའི་དབང་རྒྱུད། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། སྒྲོལ་མའི་དབང་། རྣམ་འཇོམས་ཀྱི་དབང་། སྒྲུབ་ཐབས་དང་བཅས་པ་ཞུས། བླ་མ་མདའ་སྟོན་ལྷ་རིན་ལ་ཀྱཻ་རྡོ་རྗེའི་


PS001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། རྒྱུད་སྒྲུབ་ཐབས་དང་བཅས་པ། དྲིལ་བུ་པའི་དབང་། སྒྲོལ་མ་དང་ཀུན་རིག་གི་དབང་། །ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་དབང་། སྒྲུབ་ཐབས། དེ་ཉིད་འདུས་པའི་རྒྱུད་རྡོ་རྗེ་རྩེ་མོ། །དཔའ་མཆོག་དང་པོ། ངན་སོང་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། གཙུག་དགུ། རྡོ་རྗེ་རྣམ་འཇོམས། གཙུག་ཏོར་རྣམ་རྒྱལ། ཐུགས་རྗེ་ཆེན་པོ། །གུར་མགོན། སེང་གེ་སྒྲ་ཡི་དབང་ལ་སོགས་པ་མང་པོ་ཞུས་གསུངས། གཡའ་ལུང་དགོན་གསར་པའི་དྲུང་དུ་ལམ་རིམ། བློ་སྦྱོངས། གནས་བརྟན་བཅུ་དྲུག་གི་གསོལ་འདེབས་དང་། ཤེར་སྙིང་མདོ་སྒྲུབ་ལ་སོགས་པ་མང་དུ་ཞུས། ཡང་མདོ་བོ་རུ། ཀརྨ་པ་ལ་རྒྱལ་བ་རྒྱལ་མཚོ། སྐུ་གསུམ་ངོ་སྤྲོད། བསམ་གཏན་ཐུན་འཇོག་རླུང་སེམས་དབྱེར་མེད་ལ་སོགས་པ་མང་དུ་ཞུས་གསུངས། ཡང་ཆོས་རྗེའི་ཞལ་ནས། ངས་དེ་དུས་ནས་བདེ་མཆོག་ལ་བསྙེན་པ་དུང་ཕྱུར་སོང་། བསྐྱེད་རིམ་བརྟན་པོ་ཡོད། ངས་བྱིན་རླབས་བྱས་པ་དང་། སྔགས་ཆུ་བྱིན་པས་གཞན་གྱི་ནད་


PS001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་སེལ་ནུས་པ་བྱུང་ཡང་། ད་རུང་འདིས་མི་ཕན། གྲུབ་ཐོབ་ཀྱི་བླ་མ་གཅིག་བཙལ་ལ་བསྒོམ་དགོས་སྙམ་སྟེ། སློབ་དཔོན་ཚུལ་ཤེ་ལ་དེ་ཞུས་པས། སློབ་དཔོན་ན་རེ། ང་ཡང་དེ་འདྲ་གཅིག་སྙམ་ནས་ཡོད། རང་རེ་གཉིས་རྒྱ་གར་ལ་འདེངས། ངས་སྔོན་མ་འགྲོ་ཡིས། ཁྱོད་རང་ཡུལ་ནས་གསེར་དུམ་པ་གཅིག་ཁྱེར་ལ་ཕྱི་ལ་ཤོག །ངས་གླང་སྐོར་དུ་བསྒུག་ཀྱིས་གསུངས། དེར་ངས་ཕྱིན་པས་མར་ལ་ཐང་དུ་སློབ་དཔོན་དང་། སློབ་དཔོན་གྱི་གྲྭ་པ་རྣམས་གླང་སྐོར་ནས་ལྡོག་ནས་སླེབ་བྱུང་སྟེ། ཡུལ་བཞིས་ཡོད་པ་ཐམས་ཅད་གཙོང་། ལུང་པ་ལ་ནས་ཁལ་འགྱེད་བྱས། སློབ་དཔོན་ལ་འབུལ་བས་མཉེས་པར་བྱས། ཉེ་འབྲེལ་རྣམས་དང་། ལོངས་སྤྱོད་བན་བུན་འདུག་པ་བློས་བཏང་། ཡོལ་ཕུ་རི་གོང་ན་སངས་རྒྱས་སྟོན་པ་བྱ་བའི་གྲུབ་ཐོབ་གཅིག་བཞུགས་ཟེར་བའི་སྙན་པ་ཐོས་ནས། དབུས་སུ་རི་གོང་དུ་སངས་རྒྱས་སྟོན་པ་དང་མཇལ། ཚེ་སྔོན་


PS001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ་ཡིན་པ་འདྲ་བས། རང་དབང་མེད་པའི་མོས་གུས་སྐྱེས། མཆི་མ་ཤོར། དུས་དེར་དགེ་སྦྱོར་བཟང་པོ་བྱུང་། དེ་ནས་སྒྱུ་མ་རྨི་ལམ་སྤྱིའི་དབང་བསྐུར་ཞུས་ནས་ཆོས་དྲུག་གི་ཁྲིད་བསྐྱངས་པས། ཐབས་ལམ་གྱི་སྔོན་འགྲོ་རང་ལ་ཞག་བདུན་ལ་དྲོད་མེ་བཞིན་ཏུ་འབར་ནས་རས་ཐུབ་པ་བྱུང་། སྒྱུ་ལུས་དབང་པོ་འབྲིང་གི་དམིགས་པ་བསྒོམས་པས་ཞགས་གསུམ་གྱི་ནུབ་མོ་ལྷ་སྐུ་རང་ཤར། དེ་རྨི་ལམ་དུ་ཤེས། དེ་སྒྱུ་མར་ཤེས་ནས། སྦྱོངས་སྤེལ་སྤྲུལ་སྒྱུར་ནུས་པ་དང་། ཡུལ་སྣང་འདྲེས་པའི་གསལ་ཆ་ལ། དབུས་གཙང་གིས་རྡོ་རི་བྲག་ཆེ་ཆུང་མེད་པར་ཐམས་ཅད་རྗེན་ནེ་མཐོང་བ་བྱུང་། དེ་བླ་མ་ལ་ཞུས་པས། ང་བས་ཀྱང་ཁྱོད་དགེ་སྦྱོར་གྱི་སྐྱེ་ཚུལ་བཟང་བར་འདུག །དོན་ཁྲིད་ལེགས་པར་ཐོབ་པ་ཡིན། ད་ཆོས་དྲུག་བཤད་བས་ཆོག་པར་འདུག་གསུངས། ད་རུང་རིམ་པ་ལྟར་ག་ལེ་སྐྱོང་བ་ཞུ་ཞུས་ནས་སྒོམས་པས། སྣང་བ་ཐམས་ཅད་བདེན་མེད་སྒྱུ་མར་ཤར། ནུབ་མོ་རྨི་ལམ་གྱི་སྟོབས་ཆེན་


PS001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང་། ཡུལ་སྣང་ཡང་སངས་རྒྱས་ཀྱི་ཞིང་ཁམས་འགའ་རེ་བལྟ་ནུས་པ་བྱུང་གསུངས། ཡང་ཆོས་རྗེའི་ཞལ་ནས། ནུབ་གཅིག་རྨི་ལམ་ན། རྟ་ཞོན་པ་གཅིག་གིས་ངའི་སྙིང་ཁར་མདུང་རྒྱབ་ནས་ང་བསད་པར་རྨིས། དེར་ང་ཤི་འདུག །བར་དོ་འདུག་སྙམ་དུ་ཤེས་བྱུང་། དེ་ནས་ཞག་མང་དུ་བར་དོ་འཁོར་མར་ཟིན་པ་བྱུང་། དེ་བླ་མ་ལ་ཞུས་པས། རྟ་པ་དེ་ཆོས་སྐྱོང་ཡིན། ཁྱོད་ཀྱི་བར་དོ་ཟིན་པའི་གྲོགས་བྱས་པ་ཡིན་གསུངས། སྤྱིར་རྨི་ལམ་བས་བར་དོ་ཟིན་དཀའ་བ་ཡིན་ཀྱང་ང་ལ་བར་དོ་ཟིན་སླ་བ་བྱུང་། ང་ལ་སྒྱུ་ལུས་དབང་པོ་འབྲིང་གི་སྐབས་སུ་དགེ་སྦྱོར་གཤའ་མར་ཐག་ཆོད་པ་གཅིག་བྱུང་། བླ་མའི་ཞལ་ནས་ཀྱང་། ཁྱེད་མཁས་བཙུན་གཞོན་ནུ་གྲུབ་གཉིས་ཀྱིས་སྐྱེ་ཚུལ་འདི། དབང་པོ་ཡང་རབ་ཀྱི་སྐྱེ་ཚུལ་ཡིན་ཁྱོད་གཉིས་ཀྱིས་ཁྱོ་ག་རེ་བྱེད་པ་འདྲ་བ་འདུག་གསུངས་ནས་མཉེས་པར་བྱུང་། ཡང་ནུབ་གཅིག་གི་རྨི་ལམ་ན་ནམ་མཁའ་ཐམས་ཅད་ལྷ་སྐུ་ཤིག་གེར་སོང་འདུག་དེ་ཚོའི་གསེབ་ན།


PS001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོ་གཅིག་ཁྱུག་གིས་བྱུང་ནས། དེས་ང་ལ་འཁྱུད་པས་ཟག་པ་མེད་པའི་བདེ་བ་དཔག་ཏུ་མེད་པ་སྐྱེ་བ་བྱུང་། དེ་བླ་མ་ལ་ཞུས་པས་བླ་མའི་ཞལ་ནས་དབང་བསྐུར་མཚན་ཉིད་པ་བྱ་བ་དེ་རུ་ཐོབ་འདུག་པ། ནམ་མཁའ་ཐམས་ཅད་ལྷ་སྐུར་སོང་བ་དེ་བུམ་དབང་པའི་ངོ་སྤྲོད་ཡིན། རྡོ་རྗེ་ཕག་མོས་རང་ལ་འཁྱུད་པ་དེ་གསང་དབང་གི་ངོ་སྤྲོད་ཡིན། ཟག་མེད་ཀྱི་བདེ་བ་སྐྱེས་པ་དེ་ཤེས་རབ་ཡེ་ཤེས་ཀྱི་ངོ་སྤྲོད་པ་ཡིན། སྣང་བ་མ་འགགས་པ་གང་དུ་ཡང་གྲུབ་པ་མེད་པའི་མི་རྟོག་པ་དེ་དབང་བཞི་པའི་ངོ་སྤྲོད་ཡིན་གསུངས། ཡང་སེམས་འཆི་མེད་ལ་ཡུན་ཟླ་བ་ལྔ་བྱས་ནས་ཞུས་པས། དེ་ནས་བཟུང་ཏེ་ལྷ་སྐུ་རང་ཤར་དུ་ཕལ་ཆེར་བྱུང་གསུངས། ཡང་རི་གང་དུ་དབྱར་གཅིག་དགེ་སྦྱོར་འགྱུར་པོ་བྱས་པས་ལུས་ཤ་སྤངས་བསྟོད་ཅིང་སྤྲང་ནས། ལུས་སྐྱ་སྦབ་ལྟ་བུར་སོང་བ་ལ། བླ་མའི་ཞལ་ནས་འཁྲུལ་འཁོར་གྱིས་དང་ཕན་ཡོང་། ངས་འཆི་མེད་བྱིན་གྱིས་གསུངས་ཏེ་ལུས་འཆི་མེད་ཀྱི་བཀའ་གནང་། འཁྲུལ་འཁོར་བྱས་པས་ཞག་འགའ་


PS001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནད་དེ་ཡང་སོས། ལུས་ལ་ཡང་བདེ་ཉམས་ཁྱད་པར་ཅན་སྐྱེ་བ་བྱུང་། ལུས་འཆི་མེད་ལ་ངེས་ཤེས་ཐོབ། བླ་མའི་དྲུང་དུ་འཁྲུལ་འཁོར་བྱས་པས། ཨང་གྲོལ་གྱི་ཆུན་ཆེ་བས། གཟིམ་ཁང་མེར་མེར་པ་བྱུང་བས། ད་ཞོག་ཁང་པ་ཡང་འཇིག་ཉེན་ཆེ། ཁྱེད་ཀྱི་འཁྲུལ་འཁོར་འདི་ལས་བདེ་བ་ཆུན་ཆེ་བ་མ་མཐོང་ཁྱོད་བིར་ཝ་པ་ཆུང་ངུར་འདུག་གསུངས། ཕྱིས་མཆེད་གྲོག་གཅིག་ལ་བསླབ་པས་དགེ་སྦྱོར་ལ་གནོད་པར་བྱུང་བས་རང་ཉམས་སུ་ལེན་པ་ཁེ་ཆེ་བར་འདུག་གོ་གསུངས། དེ་ནས་ཆོས་དྲུག་སྒོ་སྒོའི་དབང་དང་། མཁའ་སྤྱོད་དཀར་དམར་དང་། དེ་མཆོག་ལྷ་ལྔའི་དབང་ཞུས། ཡང་རྒྱུད་སྡེ་ཆེན་པོ་བཞིའི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཚེ་དཔག་མེད་ཀྱི་དབང་སྒྲུབ་ཐབས་དང་བཅས་པ་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་ཕྱི་ནང་གི་དབང་བཀའ་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད། འཆུག་མེད་རྣམ་གསུམ་གྱི་ཁྲིད་


PS001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཀའ་དང་བཅས་པ་ཞུས། གཅོད་བཀའ་བརྒྱུད། ཉམས་བརྒྱུད། འཕྲུལ་གཅོད། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་དབང་དང་སྒྲུབ་ཐབས་སྐོར། བླ་མ་མགོན་པོ་དབྱེར་མེད། བྱིན་གྱིས་བརླབས་པ་ལྷ་བཞིའི་དབང་དང་། སུ་ཀ་མ་སིདྡྷིའི་དབང་བསྐུར་སྐོར། སྡོམ་གསུམ་རང་གིས་བླང་བའི་ཆོ་ག །ནཱ་རོ་པའི་བདེ་མཆོག་རིག་འཛིན་མ། །བདག་མེད་མའི་ཞལ་ཁྲིད། གསང་བསྒྲུབ་ལྟེ་བ་སྤྲུལ་འཁོར། རྣམ་འཇོམས་ཀྱི་གསང་སྒྲུབ། ཕྱག་རྒྱ་ཆེན་པོ་རྟོག་མི་རྟོགས་བཀའ་རྒྱ་མའི་སྐོར་ལ་སོགས་པ་མང་དུ་ཞུས། རྔོག་པ་ནས་བརྒྱུད་པའི་འཇམ་དཔལ་གསང་ལྡན་གྱི་དབང་སྒྲུབ་ཐབས་ཡང་ཞུས། འགྲོ་མགོན་སངས་རྒྱས་སྟོན་པ་འདིས་ཤིན་ཏུ་ཐུགས་རྗེས་འཛིན་པ་བྱུང་། ཆོས་ཞུ་དུས་བླ་མ་ཨ་ལ་སོགས་པ་ལ་བརྒྱུད་ནས་ཞུས་པས་བླ་མའི་ཞལ་ནས། ཁྱོད་ལ་གཞན་གྱི་ཞུ་སྣ་མི་དགོས། ཆོས་གང་དགོས་ཞུས་པས་ཆོག་གསུངས། ངོས་སྐོག་ཐམས་ཅད་དུ་བསྟོད་ར་མང་པོ་མཛད། འབྲི་གུང་ཁྲི་ཚོ་བཅོ་བརྒྱད་


PS001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསེབ་ནའང་། ངའི་ཤངས་སྟོན་ཙམ་གཅིག་ཡོད་དམ་མེད། དེ་ཡང་མེད་ལས་ཆེ་ཡང་ཡང་གསུངས། ང་ལ་ཡང་བླ་མ་རྡོ་རྗེ་འཆང་ཡིན་ངེས་སྙམ་པ་ལས་ཕལ་པའི་རྣམ་རྟོག་སྐད་གཅིག་ཀྱང་སྐྱེ་མ་མྱོང་། དེའི་སྟོབས་ཀྱིས་ང་ལ་ཡང་ཉམས་རྟོག་ཀྲག་ཀྲིག་འདི་བྱུང་བ་ཡིན། ནང་དུ་ཡོན་ཏན་འདོད་ན་བླ་མ་ལ་མོས་གུས་ཕུར་ཚུགས་སུ་དགོས་པར་གདའ་གསུངས། ཆོས་རྗེའི་ཞལ་ནས། ང་རི་གོང་ན་སྒོམ་གྱི་ཡོད་ཙ་ན། སངས་རྒྱས་གཉན་སྟོན་གྱི་རྗེས་སུ་ཟིན་པའི་གཞུང་བྲག་དམར་བའི་བླ་མ་རི་ཁྲོད་རས་པ་ཁོང་སངས་རྒྱས་སྟོན་པ་ལ་ཆོས་ཞུ་རུ་བྱོན་པ་ལ། ངས་རྫོགས་ཆེན་སྙིང་ཐིག་ཞུས་པས། ལྟ་ལྟངས་བྱས་མ་ཐག་ནམ་མཁའ་ཐམས་ཅད་ཁྲས་མིག་དུ་ཤིག་གེ་སོང་བའི་ཁྲས་མིག་རེའི་ནང་ན་ཐུགས་རྗེ་ཆེན་པོ་རེ་རེ་བཞུགས་པ་མཐོང་། དེ་རས་པ་ལ་ཞུས་པས། དགེ་སྦྱོར་བཟང་པོ་བྱུང་འདུག་དགའ་བ་སྒོམ་གསུངས། ངས་ཆོས་ཐམས་ཅད་སྒྱུ་མ་དེ་ཐམས་ཅད་སྤྲོས་བྲལ་རྗེན་པར་ཤེས་


PS001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཉམས་སྣང་ལ་ཞེན་པ་ཙམ་མི་གདའ་ཞུས་པས། ཁོང་ན་རེ། དགེ་སྦྱོར་བཟང་པོ་སྐྱེ་བར་བྱུང་ཡང་སློབ་དཔོན་ངན་པའི་ཆོས་ལ་ངེས་ཤེས་མི་སྐྱེ་བ་ཡིན་མོད་གསུངས། དེ་ནས་ངས་བླ་མ་ལ་ཙཱ་རི་ལ་འགྲོ་བར་ཞུས་པས་གནང་ཏེ་ཙཱ་རིར་ཕྱིན། མ་ཆེན་དུ་ལྷ་སའི་གླིང་ལ་བསྡད། ཉིན་མཚན་ཡེངས་མེད་དུ་བསྒོམས་པས་དགེ་སྦྱོར་གྱི་སྟོབས་ཆེན་པོ་བྱུང་། རྨི་ལམ་བཟུང་ནས་པོ་ཏ་ལ་ཕྱིན། ཐུགས་རྗེ་ཆེན་པོ་མཇལ་ནས་ཆོས་ཞུ་བ་དང་། ལྕང་ལོ་ཅན་དང་རྡོ་རྗེ་གདན་ལ་སོགས་པ་བལྟ་བ་དང་། ཇི་ཞིག་ན་ཐོ་རངས་ཀྱི་ཆ་ལ་འོད་གསལ་གྱི་མཐོང་རྒྱ་ཆེན་པོ་ཤར་ཏེ་སངས་རྒྱས་ཀྱི་ཞིང་ཁམས་འགའ་རེ་གཟིགས་པ་ཡང་བྱུང་། ཡང་རེས་འགའ་ས་བཞི་བར་སྣང་ཐམས་ཅད་བུང་བའི་སྒྲ་ལྟ་བུ་གཟིར་གཟིར་བེར་བེར་བ་དང་། དེའི་དུས་སུ་ཡང་ལུས་ལ་བདེ་བ་ཆིལ་ཆིལ་བ་སྐྱེ་བ་དང་། ཡང་ནུབ་གཅིག་རྨི་ལམ་དུ་བུད་མེད་མང་པོས་ཚོགས་འཁོར་འདྲེན་པ་དང་། ཡང་རེས་འགའ་རིགས་དྲུག་གི་གནས་སྦྱོང་མང་པོ་གཅིག་ཤར་ཅིང་བྱུང་། དེས་


PS001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བྱས་ནས་སྙིང་རྗེ་བཟོད་ཐབས་མེད་པ་སྐྱེས། ཁམས་འདུས་པ་ལྟ་བུའི་སྣང་བ་ལ་ཤིག་ནད་དྲག་པོ་དང་། མཛེ་དང་། སྙིང་རླུང་བཟོད་ཐབས་མེད་པ་དང་། ས་ཐོག་ན་མི་ང་ལས་སྡུག་པ་མེད་སྙམ་པ་དང་། ས་རྡོ་མི་རུ་སྣང་བ་དང་། དེ་རྣམས་ང་ལ་འབར་བ་དང་། མཐོ་མནོན་བྱེད་པ་དང་། སྣང་བ་སྣ་ཚོགས་པ་བྱུང་། མི་ལའི་ཞལ་ནས་ཀྱང་། དབྱར་ཀའི་ས་ལ་གང་ཡང་སྐྱེ། །དཔག་ཤའི་ཁ་ནས་ཅི་ཡང་ཡོང་། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །གསུང་པ་དེ་བདེན་པར་འདའ། །ཉམས་ལ་འདི་ཡོང་དང་འདི་མི་ཡོང་མི་གདའ་གསུངས། ཆོས་རྗེའི་ཞལ་ནས། ཁམས་འདུས་དེ་ཡང་ཆུང་དུ་མ་སོང་། བླ་མ་དང་མཇལ་སྙིང་འདོད་ནས་ཡང་རི་གོང་དུ་ཡོང་ཏེ། དེར་སྔར་གྱི་རྣམས་བླ་མ་ལ་ཞུས་པས། ཙཱ་རིའི་གླན་ཚད་དང་དགེ་སྦྱོར་གྱི་སློངས་གཉིས་གཅིག་ཡིན། ད་མྱུར་དུ་བོགས་དུ་ཐོན་འགྲོ་གསུངས། དེར་བླ་མ་མཁས་གྲུབ་ན་རེ། ངེད་ཀྱི་བླ་མ་ཡིན་གེགས་སེལ་ཁོང་ལས་ལྷག་པ་མེད། བླ་མ་རྒན་མོ་ལྷས་


PS001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲུང་དུ་ཕྱིན་པ་འཐད་གསུངས། དེར་ཕྱིན་བླ་མ་ལ་ལམ་འབྲིང་པོ་ཞུས་ནས་ཧ་ཞག་ཉི་ཤུ་རྩ་ལྔ་སྟོན་པས་ཁ་ནས་ཁྲག་རུལ་མང་པོ་ཞག་འགའ་རེའི་བར་དུ་བྱུང་། ཆུ་ལམ་ནས་ཀྱང་ཁྲག་རྟ་རྔ་ཙམ་ཟུག་ཆེན་པོ་དང་བཅས་ནས་ཐོན་བྱུང་སྟེ། ཁམས་འདུས་དེ་ཡང་སངས་ནས་འདུག །ཧའི་རྗེས་ལ་ཚོགས་དྲུག་གི་སྣང་བ་བན་བུན་མང་མང་དུ་སོང་། གང་ལ་ཡང་ཆེད་འཛིན་མེད་པ། སྔར་གྱི་སྙིང་རླུང་ལ་སོགས་པ་སྡུག་བསྔལ་ཐམས་ཅད་བདེ་བར་ཤར། དགེ་སྦྱོར་ཉིན་མཚན་ཁྱད་མེད་མཉམ་རྗེས་ལ་དབྱེ་རུ་མེད་པ་བྱུང་། དེ་བླ་མ་ལ་ཞུས་པས། གཞི་བད་ཀན་སྨུག་པོ་ཞིག་གིས་བྱས་འདུག །ད་གེགས་སེལ་བ་དང་བོག་ཐོན་པ་མཉམས་དུ་བྱུང་། ཧ་བཏོན་པའི་དགོས་པ་དགེ་སྦྱོར་སྐྱེས་པ་དེ་ཡིན། ད་རྟོགས་ལྡན་ཆེན་པོ་གཅིག་བྱུང་གདའ། སངས་རྒྱས་སྟོན་པའི་དྲུང་དུ་སྒོམ་ཉིན་མཚན་མ་འདྲེས་པ་ངའི་ཧས་འདྲེས་པ་ཡིན། ངའི་ལམ་འབྲས་ཀྱི་ཡང་ཆེ་བ་བཏོན་གསུངས་ནས་མཉེས་པར་བྱུང་། དེར་བླ་མ་སྟོན་པ་ཞག་


PS001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་གཉན་ཁྲོད་ལ་བྱོན་ནས་འཁོར་བྱུང་། ཁྱེད་ཞུ་སྟོན་གཉིས་པོས་བླ་མ་ལ་ལམ་འབྲས་ཞུས་སམ། ཧ་སྟོན་ནམ། ཁྱེད་གཉིས་ལམ་འབྲས་ལ་སུ་མཁས་པར་ཡོད་གསུངས། ངས་ཧ་གཅིག་པོ་བཏོན། ཁོས་དཔེ་གཅིག་པོ་བྲིས་ང་ལ་དཔེ་ཆ་མི་འདུག །ཁོ་ལ་ཉམས་མྱོང་མི་འདུག །ལམ་འབྲས་སུ་མཁས་ཆ་མེད་ཞུས་པས། འདུག་གི་དཔེ་ལ་སྐྱག་གཏད་མེད། ཉམས་མྱོང་བྱུང་བ་དེ་མཁས་པ་ཡིན་གསུངས། དེ་ནས་ལམ་འབྲིང་པོའི་དབང་བཀའ་དང་། གཞུང་ཁྲིད་དབང་བཞིའི་ཁྲིད། གེགས་སེལ་གྱི་ཁྲིད། ཐུགས་བརྒྱུད་སྐོར་གསུམ། ཧ་དམིགས་རྒྱ་མཚོ། གེགས་སེལ་བསྡུས་པ་རྣམས་ཞུས། ཕྱག་ན་རྡོ་རྗེ་འཁོར་ཆེན་གྱི་དབང་། རྒྱུད་དྲག་པོ་གསུམ་འདུལ། རྒྱུད་ཕྱི་མ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཞུས། ཡང་ཆོས་སྐྱོང་ཕྱག་བཞི་པའི་སྐོར་དང་། གཟེར་ལྔ་སྙན་བརྒྱུད་རྣམས་ཞུས། བླ་མ་ཁམས་པ་འདི་བཀའ་དྲིན་ཆེ་བར་ཡོད་གསུངས་སོ། །ཡང་ཆོས་རྗེའི་ཞལ་ནས། དེ་ནས་འཇག་ཆུང་གི་བྲག་


PS001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་ཡོང་ནས་སྒྲུབ་པ་བྱས་པ་ཡིན། སྔ་གོང་གཅིག་ཏུ་འགྲོ་མགོན་སངས་རྒྱས་སྟོན་པའི་ཞལ་ནས། ཤངས་སྟོན་ཁྱེད་རང་སྒོམ་གཅིག་གྱིས། དེ་ཡང་དགོན་པ་འུད་ཡུག་གི་རི་ཁྲོད་གཅིག་ཏུ་གྱིས། འུད་ཡུག་འདི་རིག་པ་དྭངས་བ། ས་གཙང་བ་གཅིག་འདུག །དེའི་ལྷ་འདྲེ་རྣམས་ཀྱང་གཞན་པས་ཆོས་ལ་དཀར་བ་གཅིག་འདུག །ངས་སྦུ་མར་བརྡད་པས། དེའི་ལྷ་འདྲེ་རྣམས་ཀྱང་ང་ས་ཕལ་ཆེར་ཆོས་ཞུ་རུ་བྱུང་གསུངས་པ་ཡིན་ཏེ། ངས་འཚོ་བའི་སྟབས་ཀ་གཅིག་གིས་འཇག་ཆུང་དུ་བསྡད། བླ་མའི་གསུང་དེ་ཀ་ལས་གཅོག་མ་མྱོང་། བྲག་ཕུག་རྡོ་ལུང་ཅན་དུ་བསྡད་ནས་སྒྲུབ་པ་བྱས་པས། སྔར་མེད་པའི་ཆུ་མིག་གཅིག་ཡང་རྡོལ་ནས་བྱུང་བ་ཡིན། དེར་ངས་མི་ཟས་ཀྱང་མ་ཟོས། མི་དང་གདོང་ཡང་མ་འཕྲད་པར་སྒྲུབ་པ་བྱས་པས་ངའི་ལུས་པོ་འདི་ལུང་པར་མི་ཤོངས་པར་ལུས་སྨད་ལུང་པས་བསྡམས་ནས། རོ་སྟོད་ནམ་མཁའ་ལ་རྒྱང་ངེ་ཐོན་པའི་སྣང་བ་བྱུང་། ཁོང་པའི་ནང་ནས་ཡར་ལ་ཐིག་ལེ་དམར་པོ་སྲན་མ་


PS001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཚ་རིལ་རིལ་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཡར་རྒྱུག་མར་རྒྱུག་བྱས་པས་གྲང་དྲགས་ཁ་འདར་མི་ཐུབ་པ་ཀ་འདྲ་བ། གྲང་ཡེད་ཡེད་པ་བྱུང་། དེ་ཁམས་དཀར་དམར་དྷཱུ་ཏིར་འདུ་བའི་རྟགས་སུ་འདུག །ཡང་སྣང་བ་ཐམས་ཅད་སྟོང་པར་སོང་འདུག་ཀྱང་། ལུས་འདི་སྟོང་པར་མ་སོང་བར་ནམ་མཁའ་ལ་ལིང་ལིང་། ཕྱད་ཕྱད་པ། རྟེན་གཞི་གང་ཡང་མེད་པ་བྱུང་ཏེ་དེ་ཀ་ཉན་པ་བྱུང་། རེས་འགའ་མདུན་གྱི་དམིགས་ཡུལ་གང་ལྟས་པ་དེ་མེད་པར་སོང་ནས། མྱུར་པོར་ཡུལ་གཞན་དེ་ལ་སྤོས་པ་དང་སྟོང་ཉམས་སྟོང་པ་དེ་ཡལ་ནས་ཟུང་འཇུག་ཏུ་འགྲོ་བ་ཡིན་འདུག །དེ་ཀུན་ནམ་མཁའི་རླུང་གིས་བྱེད་པར་མངོན། བང་སོ་འདག་ཆར་བ་དེ་ཡང་དེ་འདྲ་མང་པོ་བྱུང་འདུག་གསུངས། ཡང་འབྲུག་གི་སྒྲ་ལྟ་བུ་དང་། ཀློག་གི་འོད་ལྟ་བུ་རྒྱུན་ཆད་མེད་པ་ཡུན་རིང་པོ་བྱུང་། དེ་རྣམས་ནང་དུ་འབྱུང་བ་འཁྲུག་པར་འདུག །རྩ་མདུད་ཀྱང་འགའ་རེ་གྲོལ་བ་ཡིན་པ་འདྲ་གསུངས། ཡང་རེས་འགའ་ས་གཞི་བར་སྣང་ཐམས་ཅད་ལྷ་སྐུ་ཁྲུ་རེ་ཙམ་


PS001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྲིག་གིས་ཁེངས་ནས་འདུག །དེ་ལ་བདེ་མཆོག་ལྷན་སྐྱེས་དང་། ཤཱཀྱ་ཐུབ་པ་ཆུ་ལོན་མའི་རྣམ་པ་དེ་མང་བར་འདུག །གཞན་ཡང་རྒྱུད་སྡེ་ཆེན་པོ་སེངྒྒེ་སྒྲ་དང་། འཇམ་དབྱངས་དཀར་སེར་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདུག །ཆུ་ལེན་དུས་སུ་རྡོག་པའི་འོག་ཏུ་འགྲོ་ལས་ཆེ་སྙམས་ཙ་ན་ཕར་ཡོལ་ཚུར་ཡོལ་འགྲོ་བ་དང་། ཚ་བ་བཀོལ་བའི་དུས་སུའང་ཤིང་གི་ཁར་འདུག་མེ་གསེབ་ཏུ་འགྲོ་ལས་ཆེ་སྙམས་ཙ་ན། རྡུལ་ཁེབས་ཀྱི་སྟེང་དུ་ཡོལ་གྱིས་འགྲོ་བ་དང་། དེ་འདྲ་བ་ལོ་གསུམ་བཞིའི་བར་དུ་བྱུང་གསུངས་སོ། །ཆོས་རྗེའི་ཞལ་ནས་ཇི་ཞིག་ལྟར་ལ། རྩ་དབུ་མ་མཐོང་བ། དེ་ནས་འཁོར་ལོ་བཞི་རྩ་བྲན་རྣམས་ཀྱི་གྱེས་ལུག །རྩ་མདུད་ཀྱི་དབྱིབས། རྩ་ནང་ན་ཁམས་གནས་ཚུལ། རླུང་གི་ཁོག་དང་རྒྱུ་ཚུལ་ཇི་ལྟ་བ་བཞིན་མཐོང་བ་བྱུང་། གསང་གནས་ཀྱི་འཁོར་ལོ་མཐོང་ནས་བདེ་བ་རྒྱུན་ཆད་མེད་པར་བྱུང་གསུངས་སོ། །ཡང་གཏོར་མ་གཏོང་དུས་སྔར་མེད་པའི་དྲི་བཟང་པོ་དང་། སིལ་སིལ་བའི་


PS001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་ཟིལ་ཆེ་བར་ཡོང་ཞིང་འདུག །དེ་མཁའ་འགྲོ་རྣམས་འདུ་བའི་རྟག་སུ་འདུག །རེས་འགའ་ལུས་ཀྱང་མེད་པ་སྙམ་བྱེད། རླུང་ཕྱི་ནང་གི་འགྱུ་བ་ཡོལ་ནས་འགྲོ་བ་ཞག་བཅུ་སྐོར་རེ་ཙམ་བྱུང་། དེ་དུས་ཁམས་བཟང་རིག་པ་དྭངས་བ་བྱུང་། ཡང་ངས་མཚམས་ཁོག་གཅིག་ནས། ཨ་ཡུ་དང་བདེ་འཁྲིས་ཀྱི་བྲག་ལ་གཉན་ཁྲོད་ལ་ཕྱིན་པས། སྟག་ལུང་བྲག་བཙན་གྱི་རྩར་ན་ཉལ་ཡོད་ཙ་ན། ནམ་མཁའ་ལ་འུར་སྒྲ་གཅིག་བྱུང་བ་དང་། མི་དཀར་པོ་གཅིག་ན་རེ། འདི་ན་ཡར་ལ་འདིང་ངོ་ཟེར་ནས་ཕྱིན་ཙ་ན། བྲག་གི་ལྟག་གསེབ་དེ་ན། རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གཅིག་འདུག་པའི་ནང་ན། རྗེ་བཙུན་མ་སྒྲོལ་མའི་གྲལ་ཁོར་མོ་གཅིག་འདུག །དེའི་དཀྱིལ་ན་གཙོ་མོ་དེ་བག་ཆེ་བ་གཅིག་འདུག །དེའི་ཙ་ན་ཡར་ཕྱིན་ཙ་ན། གཙོ་མོ་དེ་ན་རེ། ཁྱོད་ཀྱི་དགེ་སྦྱོར་གཞི་ཐོག་དུ་ཁེལ་འདུག་གིས། ད་ངས་བྱིན་གྱིས་བརླབས་ཀྱིས་གསུང་ནས་གཙོ་མོ་དེས་ཕྱག་གཉིས་ངའི་མགོ་ཐོག་ཏུ་


PS001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་དང་། དེ་ནས་བཞུགས་པའི་རྗེ་བཙུན་མ་ཐམས་ཅད་ཀྱིས་ངའི་མགོ་ཐོག་ཏུ་ཕྱག་བཞག་ནས་བྱིན་བརླབས་མཛད་པས་ཉམས་རྟོགས་བཟང་པོ་བྱུང་ངོ་། །དགེ་སྦྱོར་ཉིན་མཚན་ཁོར་ཡུག་ལ་འགྲོ་བ་བྱུང་གསུངས་སོ། །ཡང་གལ་ལྗོང་དང་ཚུལ་ལུང་ལ་སོགས་པ་གཉན་ཁྲོད་ལ་ཕྱིན་པས་གལ་ལྗོང་འདི་ཆོས་ལ་གནག་པ་གདུག་རྩུབ་ཅན་གཅིག་ཏུ་འདུག །གཉན་ཁྲོད་བ་གཞན་ལ་དངོས་སུ་རྦབ་དང་རྡོ་ཆར་འབེབས་སྙིང་རླུང་བཟོད་བླག་མེད་པ་གཏོང་དུ་བྱུང་འདུག་ང་ལ་ནི་དང་པོ་ནས་བསུ་སྐྱེལ་བྱེད་ཅིང་བྲན་བཞིན་དུ་ཉན་པར་བྱུང་། ལར་ངས་གཉན་ཁྲོད་མང་པོ་བྱས། དང་པོ་ལྷ་འདྲེའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱས་བྱུང་ཡང་། ཕྱིས་ལྷ་འདྲེ་དེ་རྣམས་དམ་ལ་ཐོགས། དགེ་སྦྱོར་ལ་བོགས་གཉན་ཁྲོད་རང་ཆེ་བ་འདུག །འདིས་བློ་སྣ་ཡང་ཐུང་དུ་འགྲོ་ཡིན་འདུག་གསུངས་སོ། །སངས་རྒྱས་སྟོན་པའི་སློབ་མ་རྣམས་ཀྱིས་ཀྱང་། བླ་མ་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་སུ་གྲགས་གདའ་བ་གཟིགས་ལགས་སམ། ཐུགས་དམ་གྱི་གཙོ་བོ་


PS001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རང་གང་ལ་མཛད་ལགས་ཞུས་པས། དང་པོ་བདེ་མཆོག་ལ་བྱས། ཞག་རེ་ལ་ཡི་གེ་བདུན་པ་ཁྲི་ཚོ་གསུམ་བཞི་རེ་སྐྱོལ་ཀྱིན་འདུག །དེ་རིང་ངས་རྨི་ལམ་བཟུང་ནས་རང་ཡི་དམ་བསྒོམ་པའི་སྤྱི་བོར་བླ་མ་སྒོམ་ནས། སེམས་ཅན་ཐམས་ཅད་བླ་མ་ལ་གསོལ་བ་མགྲིན་གཅིག་ཏུ་འདེབས་པར་བསམ་ནས་བདག་གི་ཡི་དམ་གྱི་ལྷ་གང་ཡིན་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། མདུན་གྱི་ནམ་མཁའ་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བྱོན་ནས། བཙུན་པའི་ལྷ་ཐུགས་རྗེ་ཆེན་པོ་ཡིན་མོད་གསུངས། དེ་ནས་ཐུགས་རྗེ་ཆེན་པོ་ལ་ཡི་དམ་གཙོ་བོར་བྱས། དང་པོ་རྨི་ལམ་དུ་ཞལ་མཐོང་། ཕྱིས་མངོན་སུམ་དུ་ཡང་ཞལ་མཐོང་ཞིང་འདུག །ཕྱིས་སེམས་ཅན་ཕལ་པ་མཐོང་བ་རྣམས་ཀྱང་ཐུགས་རྗེ་ཆེན་པོར་འཆར་བ་ཡུན་རིང་པོ་བྱུང་། དེ་རྣམས་ལས་ཀྱང་ཨོཾ་ཏིག་པ་ལ་སེམས་ཅན་མགོན་མེད་སྐྱབས་མེད་སྡུག་བསྔལ་མཐོང་ཙ་ན་བཟོད་ཐབས་མེད་པའི་སྙིང་རྗེ་ལྷག་ལྷག་པ་སྐྱེ་ཞིང་འདུག་


PS001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གཤའ་མ་མཐོང་བ་རང་དེ་ཡིན་པའི་རིགས་སུ་འདུག །བདེ་མཆོག་དང་ནི་གུ་མ་ལ་ སོགས་པའང་རང་རེས་མཐོང་ཞིང་གདའ་སྟེ་གཏད་པ་ཙམ་གདའ་ཡེ་གསུངས། ཡང་ཆོས་རྗེའི་ཞལ་ནས་ངས་མགོན་པོ་འདི་སྔར་འགའ་རེ་ལ་བྱིན་པ་ཡིན་ཏེ། ནུབ་གཅིག་མགོན་པོའི་འཁོར་ཡིན་པ་འདྲ། ཨ་ཙ་ར་བཞི་བྱུང་ནས་ཁོང་པའི་ཁྲག་ཐམས་ཅད་ལ་སྟེར་བ་ཡིན་ནམ་ཟེར་བ་གཅིག་བྱུང་བ་དེ་ནས་ཆོས་བྱེད་ངོ་ཤེས་པ་རེ་མིན་པ་མ་བྱིན་པར་དམ་དུ་བཏང་བ་ཡིན། ཆོས་སྐྱོང་འདི་བྱིན་བརླབས་ཆེ་ལ་འགྲུབ་ཐག་ཉེ་བ། མ་སྒྲུབ་ཀྱང་བྱིན་གྱིས་རློབས་པ་གཅིག་འདུག་སྟེ། འདིའི་འཁོར་གནོད་སྦྱིན་འདི་པ་མི་སྲུན་པ་གདུག་པ་ཅན་འདྲ་འདུག་པ། ཆོས་བརྒྱུད་འདི་ལ་ཉམས་ལེན་བྱེད་པ་མ་གཏོགས་གཞན་ལ་སྟེར་དུ་མ་གཏུབ་པ་དེར་འདུག །བྱིན་ན་རང་ལ་བར་ཆད་ཡོང་བའི་རིགས་སུ་འདུག་གསུངས། ཡང་རབ་གནས་དང་བདེན་ཚིག་བྱེད་པ་འདི་ལ་ཡང་རྨི་ལམ་དང་བར་དོ་ཟིན་པ་གཅིག་དགོས་པར་འདུག །ངས་རབ་གནས་བྱེད་པས་


PS001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཆོ་ག་རྣམས་ཉིན་པར་བྱས། ནུབ་མོ་རྨི་ལམ་བཟུང་ནས། གསུང་གི་རྟེན་ལ་སྣག་ལམ་རེ་རེ་ལ་ལྷ་སྐུ་རེ་རེའི་ཡེ་ཤེས་པ་བཅུག །སྐུའི་རྟེན་ལ་ལྷ་སྐུ་དཔག་ཏུ་མེད་པ་བསྟིམ་ནས་རབ་གནས་བྱས་བཞག་པས། རབ་གནས་ལ་ཉེས་པ་བྱ་བ་མི་སྲིད། གསོན་གཤིན་འདི་གཉིས་ཀྱང་གཤིན་པོ་མགོན་སྐྱབས་མེད་པས་སྙིང་རྗེ་བར་འདུག་པས། གསོན་པོ་ལ་ཕྲད་ཀ་མི་གཏོང་ཡང་གཤིན་པོའི་བདུན་ཚེག་རེ་རེ་ཙམ་བྱེད་དགོས་པ་བྱུང་དུས་སུ། བར་སྲིད་ག་ན་འདུག་ངས་ཤེས་ཤིང་ཡོད་པས་དམིགས་སུ་འགྲོ་བའི་ཆོ་ག་རེ་ཙམ་བྱས་པ་ཡིན། གཞན་ཡང་ངའི་སྔགས་འདག་བསྐུས་པ་དང་སྔགས་ཆུ་འཐུང་བས་མཛེ་དྲག་པ་དང་ངའི་དྲི་ཆུ་འཐུངས་པས་གཅོང་ནད་ཚབ་ཆེན་སོས་པ་དང་། མི་ཕྱུགས་ཀྱི་རིམས་ནད་རྒྱུན་ཆད་པ་བྱུང་། ང་རང་ཀྱང་བློ་སྣ་ཐུང་བ་དང་། ངའི་བླ་མ་དང་ཆོས་བརྒྱུད་འདི་ཡང་གཞན་ལས་ལྷག་པའི་བྱིན་རླབས་ཀྱིས། ངའི་རྩར་ཆོས་ཞུ་བའི་བློ་སྐྱེས་པ་དང་། ལམ་དུ་ཞུགས་པ་དང་། ངའི་བྱད་མཐོང་བ་དང་། དབང་


PS001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཀའི་ནུབ་མོ་དགེ་སྦྱོར་སྐྱེས་པའང་འགའ་རེ་བྱུང་བ་ཡིན་ཏེ། དེ་འདྲ་ལ་བསམ་ན་རེ་རེ་ཙམ་ལ་ཡང་ཆོས་བཤད་ན་ཕན་པར་འདུག་སྟེ། འོན་ཀྱང་རང་རེ་ལ་འཁོས་ཀ་ཡོད་ན་འགྲོ་དོན་ཕྱི་མ་ཕན་ཆད་དུ་བྱ་ལོང་ཡོད། སངས་རྒྱས་སྟོན་པའི་དྲུང་དུ་ངེད་དང་བླ་མ་མཁས་གྲུབ་པ་གཉིས་ཡོད་ཙ་ན། འགྲོ་མགོན་སྟོན་པའི་ཞལ་ནས། ཁོང་ལ་ཁྱོད་བློ་སྣ་མ་ཐུང་འགྲོ་དོན་གྱིས་ང་ལ་ཤངས་སྟོན་སྒོམ་ཤིག་སྒོམས་ཤིག་སྒོམ་དགོས་པ་ཡིན་གསུངས་པས། ད་ནི་ང་ལ་ཡང་རྐྱག་གཏད་མེད། དུས་ད་ནས་བཟུང་ནས་མ་ཤིའི་བར་དུ་གཅིག་པུར་བསྒོམ་པ་ཡིན། སྟེར་སློང་གི་རྒྱུན་ཆོད། ཕྱི་ནང་གི་འགྲུལ་གཅོད་པ་ཡིན་གསུངས་སྟེ། སྐུ་མཚམས་ལ་བཞུགས་ནས་སུ་ལ་ཡང་འཇལ་ཁ་མེད་དོ། །དུས་ཕྱིས་བྱའི་ལོ་ལ། ཕྱོགས་ཕྱོགས་ནས་དགེ་བའི་བཤེས་གཉེན་མང་པོ་འདུས་ནས་གསོལ་བ་བཏབ་པས་མཚམས་ཁོངས་ནས་དགེ་བཤེས་རྣམས་ལ་ཆོས་དྲུག །ཕྱག་རྒྱ་ཆེན་པོ་གའུ་མ། སེམས་འཆི་མེད། འཆུག་མེད། ལམ་ཁྱེར་


PS001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསུམ། ཆོས་སྐྱོང་། ལུས་འཆི་མེད། གཅོད་ལ་སོགས་པ་མང་དུ་གནང་། ད་རེས་ངའི་ཆོས་བཤད་ཀྱི་ཐ་མ་ཡིན། ཁྱེད་རང་ཚོ་ཡང་ཆོས་ཐོབ་པ་ལ་མ་བཞག་པར་དབེན་པའི་གནས་སུ་སྒོམས་ཤིག་གོ་འམ་གསུངས། ཡང་ཆོས་རྗེའི་ཞལ་ནས། ཁར་སང་བར་ཁྱེད་རྣམས་ཀྱིས་ཕུལ་བའི་ཟང་ཟིང་འདི་རྣམས་དགྲ་ཚོལ་བ་མིན་པ་གཅིག་ཀྱང་མེད། འདི་ན་བཞུགས་པ་རྣམས་དང་གདན་ས་རྣམས་ལ་ཁྱེར་ཅིག །ཨ་རུ་ར་གཅིག་ཀྱང་མ་ལུས་པར་གྱིས་ཤིག་གསུངས་ཏེ། དེ་ན་བཞུགས་པ་རྣམས་ལ་བཞི་ནམ་མིའི་འགྱེད་བྱས། དེ་ལྷག་རྣམས་སེ་བ་གཅིག་ཀྱང་མ་ལུས་པར་ཞོང་ཞོང་དང་། རྨོག་ལྕོག །རི་གོང་རྣམས་སུ་འབུལ་བ་བྱས། །ད་ནི་ཆོས་བཤད་ཀྱང་དེ་ཙམ་ཡིན། ཁྱེད་རང་རྣམས་ཀྱང་རང་སར་གྱེས་ཤིག་གསུངས། ང་ཡང་སྒོ་བསྡམ་པ་ཡིན་ནོ་གསུངས། རྣམ་དག་སྤྲོས་བྲལ་དབྱིངས་ལས་མི་འགྱུར་སྐུ་མངའ་འཕོ་འགྱུར་འགྲོ་འོང་དང་བྲལ་ཡང་། སྤྲོས་པའི་ངེས་ལྡན་སྦྱོང་


PS001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲུལ་པའི་གར་མཛད་མ་ངེས་ཚུལ་སྟོན་སྐུ་གསུམ་དབྱེར་མེད་ཆོས་ཀྱི་རྒྱལ་པོ་མཁས་གྲུབ་ཤངས་སྟོན་ལགས། ཟླ་བ་གསུམ་པའི་ཚེས་གཅིག་གི་སྔ་དྲོ་ཆོས་རྗེའི་ཞལ་ནས། ད་རེས་བར་ཆད་གཅིག་ཡོང་བ་ཡིན་པ་འདྲ། ད་ནང་མི་དཀར་པོ་གཅིག་བྱུང་ནས་ང་ལ་ཙེ་རེ་བ་གཅིག་བལྟས་ནས་ཁྱོ་ག་རང་སྙིང་དུ་སྡུག་ཁོ་ཏེ། ཁྱོད་ལ་བར་ཆད་གཅིག་ཡོང་དོགས་འདུག་པས་འབུམ་ཐོན་ཟེར་དུ་བྱུང་གསུངས། དེ་ཅི་ལགས་ཞུས་པས། མི་དཀར་པོ་དེ་སྤྱན་རས་གཟིགས་ཡིན། འབུམ་ཐོན་ཟེར་བ་དེ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལས་མ་གཡོས་པ་གྱིས་བྱ་བ་ཡིན་གསུངས། དེ་ནས་གསོལ་ཡང་ཅུང་མི་བདེར་སོང་། སྙུང་ཟུག་གི་རྣམ་པ་ནི་གང་ཡང་མེད་པའི་ཟིང་སེ་བ་གཅིག་དུ་བྱུང་། དེ་ནས་ངེད་དྲུང་ན་ཡོད་པ་ཚོས་ལྷ་རྗེ་འབོད་པར་ཞུས་པས། ངའི་ཁམས་འདི་ང་རང་གིས་མ་ཕན་ན། ལྷ་རྗེ་རང་གིས་མི་ཕན་གསུངས། དེ་ལྟར་ལགས་ཀྱང་ངེད་རྣམས་བློ་བདེ་བ་ལགས་པས་འབོད་པར་ཞུ་ཞུས་ཏེ། བསམ་ལྡིང་ནས་ལྷ་རྗེ་རིན་བསོད་བོས་ཏེ། ངེད་


PS001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷ་རྗེ་དང་བཞིས་ཞབས་ཏོག་བྱས། ལྷ་རྗེ་ཡང་ཕྱག་རྩ་ལ་བྲེད་པར་འདུག་ནས། ངེད་རྣམས་ཀྱིས་ད་སྐུ་ཁམས་ཅི་འདྲ་བདོག་ལགས་ཞུས་པས། རྟེན་འབྲེལ་འདྲ་བསྒྲིགས་པར་ཞུ་ཞུས་པས། ད་དེ་འདྲ་ཡིན་མོད་གསུངས། འོ་ན་ཆོས་རྗེ་བ་ཞིང་ཁམས་གང་དུ་གཤེགས། གསོལ་བ་གང་དུ་གདབ། ངེད་རྣམས་ལ་ཡང་འདི་ལྟར་གྱིས་གསུངས་པའི་ཞལ་བཀོད་གསུངས་བར་ཞུ་ཞུས་པས། ངའི་མཆེད་གྲོགས་མཁས་གྲུབ་པ་ཁོང་བདེ་བ་ཅན་དུ་བཞུགས། ང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་སངས་རྒྱས་སྟོན་པའི་ཞབས་དྲུང་དུ་འགྲོ། མཆེད་གྲོགས་སུ་སྒོམ་ཡང་དེར་སོང་ཡོད། ཁྱེད་རང་རྣམས་ཀྱང་དེར་གསོལ་བ་ཐོབ། ཞིང་ཁམས་འདི་རུ་དེ་ཙམ་ཡིན། །ད་ནི་དག་པའི་ཞིང་དུ་འགྲོ། །ཤར་ཕྱོགས་ཞིང་དེར་ཕྱིན་ནས་ཀྱང་། །སྐལ་ལྡན་མང་པོ་སྨིན་པར་བྱེད། །ངའི་ཕུང་པོ་འདི་མི་གྲིབ་ཅན་གྱིས་མ་མཐོང་བར་ཁྱེད་རང་རྣམས་ཀྱིས་བསྲེག་སྦྱངས་གྱི་ས་ལ་རུས་པ་


PS001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སཙྪ་ཐོབ་ལ་ཤངས་ཆུ་ལ་ཕོས། ང་ལ་ཕྱི་རྟེན་ནང་བརྟེན་གང་ཡང་མ་བཞེངས། སྤྱིལ་པོ་རྣམས་བཤིག །ཆུ་མིག་བསུབ། ཤངས་སྟོན་གྱིས་བསྡད་པའི་ཤུལ་ཡིན་ཟེར་བ་གཅིག་གྱིས་ཤིག །རྗེ་བཙུན་མི་ལའི་ཤུལ་འདྲ་བ་གཅིག་དགོས་པ་ཡིན། ཁྱེད་རང་རྣམས་ངའི་རུས་པ་དུམ་རེ་ཁྱེར་ལ་ལུང་སྟོང་རེར་ཚེ་དང་སྒྲུབ་པ་སྙོམས་ཤིག །ཚེ་བློས་བཏང་བའི་སྒྲུབ་པ་རེ་མ་གྲུབ་ན་གཞན་གང་ལ་ཡང་གཏད་སོ་མེད་དོ་གསུངས་སོ། །དེ་ནས་ཞག་འགའ་ནས། མདང་ལྷ་འདྲེ་མང་པོ་ཆོས་ཞུ་ཟེར་ཞིང་ཟ་ད་ཟི་ད་མང་པོ་འདུག །ངའི་རྩར་ཕྱི་མི་གཅིག་ཀྱང་མ་གཏོང་། ཁྱེད་རང་རྣམས་ཀྱང་རྒྱུ་འགྲུལ་མང་པོ་མ་བྱེད། འོད་གསལ་གྱི་ངང་ལ་སྡོད་པ་ཡིན་ནོ་གསུངས་ཏེ། དེ་ནས་གསུང་ཡང་མི་འབྱོན། གསོལ་ཡང་མི་བཞེས། གཟིམ་མལ་ས་སྤོ་བྱས་ཀྱང་དེ་ཀ་ལ་ཞོག་གསུང་པའི་བརྡ་རེ་མཛད་ནས་མི་གནང་བར་ལྟ་སྟང་རེ་མཛད་ནས་ཐུགས་དམ་ལ་བཞུགས་ཤིང་འདུག །ངེད་ཞབས་ཏོག་


PS001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་པ་རྣམས་ཀྱིས་ཀྱང་། གེགས་བོགས་འདོན་དུ་རིག །འབྱུང་འཁྲུགས་ཀྱིས་མི་བསྐྱོད། ནད་དང་ཆོས་ཉིད་དབྱེར་མེད་ཀྱི་ངང་དུ་བཞུགས་པར་རིག་གོ །ངེས་ཤེས་གཏིང་ནས་སྐྱེས། ང་རང་ཡང་རྩེ་གཅིག་དགེ་སྦྱོར་བྱེད་སྙམས་པ་བྱུང་། དེའི་བར་ལ་དྲུང་དུ་ཡོད་པ་རྣམས་རིགས་པ་དྭངས་ཤིང་སྔར་མེད་པའི་ཉམས་མྱོང་མང་པོ་ཤར་བ་དང་། ཐ་མལ་གྱི་གཉིད་ཙམ་མེད་པར་འོད་གསལ་དུ་འགྲོ་བ་བྱུང་། ནུབ་མོ་ཆོས་རྗེ་བུ་མེད་མང་པོས་ཤར་ཕྱོགས་ཀྱི་ནམ་མཁའ་འོད་ཀྱི་དཀྱིལ་ནས་གདན་དྲངས་འགྲོ་ཡིན་འདུག་པ་དང་། ཆོས་རྗེ་སར་ཚོགས་འཁོར་འདྲེན་པ་ཡིན་ཟེར་བའི་བུ་མེད་མང་པོས་བླ་ཡེ་ཁྲིགས་གིས་ཁེངས་པའི་ཉམས་སྣང་དང་། རྨི་ལམ་དུ་ཡང་མཐོང་བ་བྱུང་ངོ་། །དལ་འབྱོར་ཆུ་སྐྱེས་མཁྱེན་རྟོགས་ཟེ་འབྲུའི་སྙིང་པོ་ཅན། །ན་རྒས་སྐྱེ་འཆི་མེད་ཀྱང་འགྲོ་ལ་དེ་ཉིད་སྟོན། །ཐབས་མཁས་འགྲོ་བ་རྣམ་འདྲེན་རྡོ་རྗེའི་སྐུ་དེ་ཉིད། །ལེ་ལོ་ཅན་ལ་བརྩོན་འགྲུས་བསྐུལ་


PS001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཛད་ལགས་སོ། །སྙུང་ཟུག་ལ་སོགས་གང་ཡང་མི་གདའ་ཡང་། །ཟླ་བ་ལྔ་པའི་ཚེས་པ་བཅོ་ལྔ་ཡི། །ཉི་མ་རི་མཐོའི་རྩེ་ལ་ཤར་བའི་ཚེ། །ཕྱི་ནང་དབུགས་ཀྱི་འགྲོ་འོང་བཏུལ། །བདེ་དྲོད་གཏུམ་མོའི་ནུས་པ་ཡལ། །གསལ་དྭངས་དབང་པོའི་མཇུག་མ་བཅད། །འོད་གསལ་ངང་དུ་འདས་ལགས་སོ། །དེ་ནས་ཞག་གསུམ་གྱི་བར་དུ་ཞལ་གཟི་མདངས་སྔར་བས་ཆེ་བ། ནམ་མཁའ་ཡང་སྒྲ་དང་འོད་དང་། དབང་པོའི་གཞུ་ཁ་དོག་གཅིག་ལྡན་གཉིས་ལྡན་ལྔ་ལྡན་ལ་སོགས་སྐྱེ་བོ་རྣམས་དང་ཐུན་མོང་དུ་མཐོང་། ཐུབ་པའི་དབང་པོའི་རྩ་མཆོག་བསྟན་པ་བཞིན། །བསྟན་པའི་རྒྱལ་མཚན་སྲོག་ཤིང་དེར་ཆག་གོ །ཡེ་ཤེས་སྒྲོན་མེ་འཆི་བདག་བདུད་ཀྱིས་མནལ། །འགྲོ་བའི་རྣམ་འདྲེན་ཐུབ་དབང་གདན་ས་སྟོང་། །ཀྱེ་མ་མང་དུ་སྨོས་ཀྱང་ཅི་ཞིག་འཚལ། །མཁས་བཙུན་རྣམས་ཀྱི་ཆོས་གཏེར་ནུབ་ནས་ཐལ། །བྱ་བཏང་སྤྲང་པོའི་རེ་ས་ཐག་པ་ཆད། །དད་ལྡན་བསོད་ནམས་ཞིང་མཆོག་ཡལ་ལགས་སོ། །དེ་ནས་ཚེས་


PS001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཐོ་རང་སྤུར་ཞུགས་ལ་ཕུལ་བས། །ལྷ་སྐུ་དང་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན། ནམ་མཁའ་ལ་ཡང་ལྷ་རྣམས་ཀུན་གྱིས་ནི། །སྔར་མེད་སྤོས་ཀྱི་དྲི་བསུང་འབུལ་བ་དང་། །རོལ་མོའི་སྒྲ་སྐད་དག་གིས་མཆོད་པ་ནི། །དེར་བཞུགས་རྣམས་ཀྱི་མངོན་གསུམ་མཐོང་སྣང་ལགས། །བྱ་ཡི་ལོ་དེ་ཉིད་ཀྱི་ཟླ་བ་བཅུ་པ་ལ། བཙུན་པ་རིག་པའི་རྡོ་རྗེས་ཆོས་རྗེའི་དབུ་ཐོད་ཀྱི་དུམ་བུ་གཅིག་འཕགས་པ་ཤིང་ཀུན་གྱི་དྲུང་དུ་གདན་དྲངས། གྲུབ་ཐོབ་ཆེན་པོ་ཡེ་རང་པཎྜི་ཏ་ལ་སོགས་པས་མཆོད་པ་ཕུལ་བས། དེ་ནུབ་རང་ལ་རིང་བསྲེལ་བདུན་ཅུ་ཙམ་བྱོན་ནས་གདའ། གྲུབ་ཐོབ་ཡེ་རང་པའི་ཞལ་ནས། ཁྱེད་ཀྱི་བླ་མ་དེ་པཎྜི་ཏ་བཟང་པོ་གཅིག་ཡིན་པར་འདུག །ང་ལ་ཡང་ཁོང་གི་གདུང་རུས་འདི་ཡོང་བའི་ལྟས་ངོ་མཚར་བ་མང་པོ་བྱུང་གསུངས། གདུང་དུམ་གཅིག་ཤིང་ཀུན་གྱི་མཆོད་རྟེན་ནང་དུ་བཞུགས། རིང་བསྲེལ་བོད་དུ་གདན་དྲངས་ཏེ། དབུས་གཙང་གི་མོས་གུས་ཅན་


PS001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་ཏུ་བཞུགས་སོ། །འགྲོ་བའི་སྐྱབས་གཅིག་མཁས་གྲུབ་ཤངས་སྟོན་གྱི། བཀའ་རྒྱ་མ་གཏོགས་རྣམ་ཐར་ཟུར་ཙམ་འདི། འགྲོ་ལ་ཕན་ཕྱིར་གཞུང་པ་རིག་རྡོར་གྱིས། །ཡོས་བུའི་ལོ་ལ་གཡའ་སྐྱེའི་མགུལ་དུ་བྲིས། །འདི་བྲིས་དགེ་བས་མ་རྒན་སེམས་ཅན་ལ། །བླ་མ་དམ་པའི་ཐུགས་རྗེས་ལྕགས་ཀྱུ་ཡིས། །ངན་སོང་གནས་ནས་མ་ལུས་དྲངས་ནས་ཀྱང་། །མྱ་ངན་འདས་པའི་གོ་འཕང་ཐོབ་པར་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་བརླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་


PS001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བ་ཤོག །དཔལ་ལྡན་བླ་མ་མཁས་གྲུབ་ཤངས་སྟོན་ཁྱེད། །ཤར་ཕྱོགས་མངོན་དགའི་ཞིང་དུ་སངས་རྒྱས་ནས། །བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །ཁྱེད་ཀྱི་མྱུར་དུ་དྲངས་ནས་སངས་རྒྱས་ཤོག །ཞལ་དྲོ། །དགེའོ།། །།

མཁས་གྲུབ་ཆོས་རྗེ་གཞོན་ནུ་གྲུབ་ཀྱི་རྣམ་ཐར་ངོ་མཚར་བ། བོ་དྷི་པྲ་ཛྙཱ།


PS001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཆོས་རྗེ་གཞོན་ནུ་གྲུབ་ཀྱི་རྣམ་ཐར་ངོ་མཚར་བ་བཞུགས་སོ།། །།


PS001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་པོ་ཆེ་དང་ཡི་དམ་གྱི་ལྷ་དང་། ཡེ་ཤེས་ཀྱི་མགོན་པོ་རྣམས་ལ་ཕྱག་འཚལ་ལོ། །མི་འགྱུར་བདེ་ཆེན་དོན་གཉིས་ལྷུན་གྲུབ་མཆོག །བཀའ་བརྒྱུད་རྩོད་མེད་བླ་མ་རྣམས་ཀྱི་སྲས། །འགྲོ་བའི་རྣམ་འདྲེན་ཕྲིན་ལས་དུས་ལ་བབས། །མཁས་གྲུབ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་གསང་། །རྒྱལ་བ་རྣམས་ཀྱིས་ཇི་བཞིན་རྟོགས་གྱུར་ཅིང་། །སོ་སོའི་སྐྱེ་བོས་ཕྱོགས་ཙམ་མི་


PS001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་མོད། །བདག་བློ་དམན་པས་རྒྱ་ཆེར་ག་ལ་རྟོགས། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་དབྱེར་མེད་པ། རྒྱལ་བ་རིགས་ལྔའི་བདག་ཉིད། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ། །མཁས་གྲུབ་རིན་པོ་ཆེ་ཞེས་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་གསོལ་འདེབས་སུ་སྦྱར་བ་འདིའི་དོན་ཅུང་ཞིག་དད་ལྡན་སྐྱེ་བོས་བསྐུལ་བའི་ངོར། བདག་གིས་ཆོས་རྗེ་ཉིད་ལས་དངོས་སུ་ཐོས་ཤིང་མཐོང་བ་ཐོ་རེ་བ་ཙམ་ཞིག་བརྗོད་པ་འདི་ལ་དང་བའི་དད་པ་མཛོད་ཅིག་ཅེས་གསོལ་


PS001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །རྡོ་རྗེ་འཆང་དབང་བླ་མའི་སྐུར་བྱོན་པས། །ཁྱོད་ཀྱི་ཡོན་ཏན་བསམ་པར་མི་ནུས་ཀྱང་། །བདག་བློ་མོས་གུས་མིག་ནི་ཞན་པ་ཡིས། །མཐོང་བའི་རྣམ་ཐར་ཡོན་ཏན་གྱིས་བསྟོད་པས། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ། ཞེས་པའི་དོན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དབྱེར་མེད་བདེ་བ་ཆེན་པོའི་དབང་ཕྱུག་དེ་ཉིད་ནི། སངས་རྒྱས་རྣམས་ལ་དག་པ་གཉིས་ལྡན་གྱི་ཆོས་སྐུའི་སྣང་བ་འཆར་ལ། དག་པ་གསུམ་ལ་ལོངས་སྐུའི་རྣམ་པར་འཆར་ཞིང་། སོ་སོའི་སྐྱེ་བོ་ལས་དག་པ་མན་ཆད་ལ་སྤྲུལ་སྐུའི་སྣང་བ་འཆར་བར་གསུངས་སོ། །བདག་ལ་བླ་མ་མཚན་ཉིད་དང་ལྡན་པ་ཐུགས་རྗེའི་མངའ་བདག །བཀའ་དྲིན་ཆིག་ཆོག་གི་རྒྱལ་པོ་འདི་ཉིད་ཀྱི་སྐུ་རུ་སྣང་ནས་བྱིན་གྱིས་བརླབས་ཤིང་། དབང་གདམས་ངག་གི་བཀའ་དྲིན་ཆེན་པོ་ཐོབ་པས་རྡོ་རྗེ་འཆང་དངོས་ཡིན་ནོ་སྙམ་པའི་ངེས་ཤེས་ཐོབ་ཅིང་། བླ་མ་མཚན་ཉིད་དང་ལྡན་པ་སངས་རྒྱས་


PS001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཡིན་ནོ། །རྡོ་རྗེ་གུར་ལས། །གང་ཕྱིར་རྡོ་རྗེ་འཛིན་པ་ཞེས། །དེ་ཉིད་སློབ་དཔོན་གཟུགས་བཟུང་སྟེ། །སེམས་ཅན་རྣམས་ལ་ཕན་དོན་དུ། །ཐ་མལ་པ་ཡི་གཟུགས་ཀྱིས་གནས། ཞེས་དང་། གསང་འདུས་ལས། རྡོ་རྗེ་སློབ་དཔོན་ནི་བདག་ཅག་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །མའོ། །སྐྱེལ་མའོ། །ཞེས་པ་དང་། ཆུ་ཀླུང་བ་ཚ་ཅན་གྱི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། ཤྭ་ལོ་ཀ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བལྟའོ། །ཞེས་བྱ་བ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་སོ། །ཆོས་རྗེ་ཉིད་ཀྱི་སྐུའི་རྣམ་འགྱུར། གསུང་གི་འདུ་བྱེད། །ཐུགས་ཀྱིས་འདས་མ་འོངས་ཀྱི་རྣམ་པ་མཁྱེན་ནས་གསུངས་པ་ཙམ་གྱིས་ཏིང་ངེ་འཛིན་སྐྱེས་པ་དང་། ནད་གདོན་དྲག་པོ་ཐོན་པ་


PS001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྟོགས་པ་ལ་འཁོད་པ་མང་དུ་བྱུང་ཞིང་། ཐོག་པ་མེད་པའི་མངོན་ཤེས། འགྱུར་བ་མེད་པའི་རྟོགས་པ། གཡེལ་བ་མེད་པའི་ཐུགས་རྗེ། དོན་དང་ལྡན་པའི་ཕྲིན་ལས། དྲི་མ་མེད་པའི་རྣམ་ཐར་ཁྱད་པར་ཅན་དང་ལྡན་པའི་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་ཡོན་ཏན་དྲི་མེད་རྒྱ་མཚོ་རྣམས་སུས་ཀྱང་བསམ་པ་དང་། དཔག་པ་དང་། གནས་ལུགས་ཇི་ལྟ་བ་བཞིན་བརྗོད་པར་མི་ནུས་ཞིང་། བདག་ཀྱང་མོས་པས་སྤྱོད་པའི་བློ་ཅན་གྱིས། བླ་མ་རིན་པོ་ཆེ་ཆོས་ཀྱི་སྐུ་དངོས་སུ་མཐོང་བའི་མོས་གུས་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཇི་ལྟ་བ་བཞིན་མཐོང་བའི་མིག་ཞན་པར་གྱུར་ཀྱང་། དང་པོ་མཇལ་བར་དཀའ་བ་ལས་མཇལ་ཏེ། ཡིད་བཞིན་གྱི་ནོར་བུ་རྙེད་པ་དང་མཚུངས་པ་ལ། བར་དུ་ཡུན་དུ་བསྟེན་ཅིང་འཛང་མས་བུ་སྐྱོང་བ་བཞིན་དུ་སྐུ་དྲིན་ཆེན་པོས་སྐྱོངས་ཤིང་། ཐ་མ་ཡང་བླ་མ་དམ་པའི་ཐུགས་རྗེས་བྱིན་གྱིས་བརླབས་པས་ངོ་མཚར་བའི་རྣམ་པར་


PS001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་བསམ་གྱིས་མི་ཁྱབ་པར་གོ་ཞིང་ཡོད་པར་ཐག་ཆོད་པ་ལ། ཆོས་རྗེ་ལ་ཉིད་ཡོན་ཏན་སྦེད་པར་གཙོ་བོར་མཛད། དེའི་རྒྱུ་མཚན་ཞིབ་ཏུ་གསུངས། གདུལ་བྱའི་བློ་ཚོད་དང་མཐུན་པའི་སྒོ་ནས་ཅི་མཛད་དེ་ལེགས་ཅིང་གང་གསུང་ངོ་མཚར་བར་མཐོང་བ་དང་ཐོས་པ་ནི་རགས་རིམ་ཤིག་བརྗོད་པས་ཀྱང་དད་པ་དང་སྙིང་རུས་ཞེ་བཅད་དང་གོ་བ་ལ་ཕན་པའི་ཕྱིར་གསོལ་བ་བཏབ་ནས། བདག་ལ་ཞེས་ཐོགས་དྲངས། སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ་ཞེས་གདུང་བའི་སེམས་ཀྱིས་བརྗོད་པ་ལགས་སོ། །ཁྱེད་ནི་དགུང་ལོ་བཞི་པའི་དུས་སུ་ཡང་། གྲུབ་ཐོབ་གོང་མའི་བཞུགས་གནས་གཟིགས་པ་ན། འབད་པ་མེད་པར་ཏིང་འཛིན་ངང་གིས་འཁྲུངས། སྔོན་སྦྱངས་ལས་འཕྲོ་ཅན་ལ་གསོལ་བ་འདེབས། བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ། ཞེས་པའི་དོན་ནི། དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་རྗེའི་དབང་གིས་སེམས་


PS001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་ལ་བྱོན་པའི་འཁྲུངས་ཡུལ་ནི། ཆུ་བོ་པཀྵུ་དལ་གྱི་འབབ་པའི་ལྷོ་ཕྱོགས། ཡོན་ཏན་གྱི་བློ་གྲོས་འཕེལ་བའི་དྲི་མེད་ཉང་རོའི་ཆུ་རྒྱུན་བྱང་ཕྱོགས་སུ་འགྲོ་བའི་ནུབ་ངོས། མཁས་གྲུབ་བླ་མ་རྣམས་ཀྱིས་ཡོན་ཏན་དུ་མའི་བསྔགས་པ་བརྗོད་ཅིང་། མཁས་བཙུན་གྱི་སྡེ་དགོན་ཆེན་པོ་བསྟན་པ་རིན་པོ་ཆེའི་གཞི་མ་སྟོང་རྐོར་ཆེན་པོའི་གཞིའི་བརྟེན་མ། ཡོན་ཏན་གྱི་དཔྱད་དུ་མ་དང་ལྡན་པའི་དབུས་རི་ཨུཏྤལ་སྤུངས་པའམ། རྒྱས་པ་ལྟ་བུའི་ཤར་ཕྱོགས། ས་གཞི་མཉམ་ཞིང་ཡངས་ལ་ལོ་ཏོག་དང་འབྲས་བུས་གཞན་ལས་ཁྱད་པར་དུ་སྨིན་པ། ཡུལ་ཕྱོགས་ཐམས་ཅད་ཀྱང་ཉམས་དགའ་བ་དང་བདེ་སྐྱིད་འཕེལ་བའི་ས་ཕྱོགས་སྣུམ་ལ་ཆུ་བྲན་དྲྭ་མིག་རིས་སུ་འགྲོ་བ། སྔོན་དུས་ནའང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། མཁས་པ་ཆེན་པོ་གཙང་ནག་པ་ལ་སོགས་པའི་སྐུ་འཁྲུངས་པ། ཉང་སྨད་གཅུང་པ་ཡུ་བ་གདོང་ཞེས་བྱ་བ་དེར། ཁྱིམ་བདག་གྲ་མའི་རིགས་དགེ་བཅུའི་ལས་ཀྱི་བྱ་བ་བྱེད་པ། གཞུང་བཟང་ཞིང་


PS001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚ་ཆེ་བ། ཡབ་རྒྱལ་པོ་ཚེ་འཕེལ་ཞེས་བྱ་བ། གདུང་རུས་ལྡིང་། ཡུམ་རྒྱ་མོ་ཁེ་འདྲེན་ཞེས་བྱ་བ་དད་པ་དང་། སྙིང་རྗེ་གདུང་སེམས་དང་ལྡན་པ་གཅིག་ཡོད་ཅེས་ཐོས་སོ། །རིན་པོ་ཆེ་པའི་ཞལ་ནས། ངའི་མ་དེ་མཁའ་འགྲོ་མ་ཨ་ཏའི་གཅིག་གི་རིགས་སུ་འདུག །མ་དེས་ཡོད་ཚུགས་ལ་གྲོང་ཚུང་དང་ཕ་སྤུན་རྣམས་ཁམས་བཟང་པོ་བྱུང་། མའི་གཏམ་རྣམས་ལ་རྒྱུ་མཚན་དང་བཅས་པ་རེ་བྱུང་གསུངས། སྐུ་གཅེས་པའི་སྟོབས་ཀྱིས་སྐྱོང་ཕུག་ཏུ་བྲོས་ནས་མ་ཇོ་ཆོས་སྐྱིད་བྱ་བ་གཅིག་གིས་བསྐྱངས། སློབ་དཔོན་རྒྱ་སྟོན་གྱིས་ཉ་ཆོས་གསུངས་སར་ཁྲིད་ཀྱིན་ཕྱིན་པས་མ་ིའི་ཆོས་སྐོར་དང་། ཁྲོ་ཕུ་བའི་ཆོས་ཆུང་འདྲ་ཐོས། དགུང་ལོ་བཞི་བའི་དུས་སུ་ཡུལ་དུ་ཕྱིན། སོས་ཀ་ཡུར་མ་བྱེད་པའི་དུས་སུ་ཞིང་གསེབ་ཏུ་བསྡད་པས། སོ་ཟླུམ་ཀྱི་རི་ཁྲོད་དེ་མཐོང་བས་ཉམས་ཤིན་ཏུ་དགའ་བ། ལྟ་སྙིང་འདོད་པ། བློ་བདེ་འབོལ་ལེ་བ་གཅིག་ཡོད་ཅེས་མཛུབ་མོ་བཙུགས་ཏེ་དྲིས་པས་མ་ན་རེ། ཡ་གི་ན་གྲུབ་ཐོབ་ཧཱུྃ་


PS001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བྱ་བའི་བཞུགས་གནས་ཡོད་པ་ཡིན་ཟེར། ཕྱིས་ནས་ཀྱང་རི་དེ་ཡིད་དུ་འོང་ཞིང་ལྟ་སྙིང་འདོད་པ་བྱུང་ནས་ཡང་ཡང་བལྟས་པས། རེས་འགའ་ཡ་གིར་སྡོད་ན་དགའ་སྟེ་སྙམ་པ་དང་། རེས་འགའ་སེམས་གཡོ་མེད་དུ་ཧད་དེ་བ་བྱུང་སྟེ། དེ་འོད་གསལ་མཐའ་དབུས་དང་བྲལ་བའི་ཏིང་ངེ་འཛིན་སྐྱེས་པར་འདུག །ཕྱིས་སློབ་གཉེར་བྱེད་ཅིང་དབེན་པར་བཞུགས་པ་བྱོན་ཙ་ན། ནམ་འཆི་ངེས་པར་མི་འདུག །འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཅན་སྲན་ཐབས་མེད་པར་འདུག་པས། ངས་སྒོམ་ཅིག་བྱ་དགོས་སྙམ་པའི་སྐྱོ་ཤས་ལྷང་ལྷང་པ་སྐྱེས་པ་དང་། སྔར་གྱི་ཏིང་ངེ་འཛིན་དེའི་སྟེང་དུ་ལྷན་སོང་བ་དང་། སེམས་འོད་གསལ་ཡུལ་མེད་དུ་རང་ངོ་རྗེན་གྱིས་ཤེས་ནས་སྒོམ་འདི་ཀ་རང་དུ་འདུག་སྙམ་པའི་ངེས་ཤེས་སྐྱེས་པ་ཡང་བྱུང་གསུངས་སོ། །དེས་ན་སྔོན་སྦྱངས་ཀྱིས་ལས་འཕྲོ་དྲི་མ་མེད་པ་འབད་མེད་དུ་ངང་གིས་སད་པའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་གྲྭ་ཆེན་པོ་སྣར་ཐང་གཟིམ་ཁང་དུ།


PS001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་ནས་བཙུན་པར་ཁྲིམས་གསུངས་ཤིང་། །མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལ་སྦྱངས། །མཁས་བཙུན་དམ་པ་ཁྱེད་ལ་གསོལ་བ་འདེབས། །ཞེས་པའི་དོན་ནི་འདི་སྐད་གསུངས་སྟེ། རིན་པོ་ཆེ་པ་དགུང་ལོ་བཅུ་པའི་གཤམ་ལ་སྣར་ཐང་གཟིམ་ཁང་དུ་མཁན་ཆེན་འཆིམས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བླངས། དགུང་ལོ་ཉི་ཤུ་ལ་བསྙེན་རྫོགས་བྱས། སློབ་དཔོན་ཀློག་སྐྱ་ལ་ཞུས་ནས་བཙུན་པའི་ཁྲིམས་དྲི་མ་མེད་པ་དང་ལྡན་པའོ། །མཁན་ཆེན་པ་ལ་སྒོམ་ཚིག་ལ་སོགས་པའི་འདུལ་བའི་ཕྲན་རྣམས་དང་། མངོན་པ་གོང་འོག །ཕར་ཕྱིན་གྱི་སྐོར་ཕལ་ཆེར་ཐོས། བསླབ་བཏུས་སྤྱོད་འཇུག་ལ་སོགས་པའི་གཞུང་བཤད་རྣམས་དང་། ལམ་རིམ། ལམ་སྒྲོན། ལམ་མཆོག །སྐྱེས་བུ་གསུམ་གྱི་ཁྲིད་ལ་སོགས་བཀའ་གདམས་པའི་མན་ངག་རྣམས་དང་། དབུ་མ་རིན་ཆེན་ཕྲེང་བ་ལ་སོགས་པ་མང་དུ་ཐོས་སོ། །དེ་དུས་སུ་སློབ་


PS001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆུ་མིག་པ་དང་། ལྷོ་བྲག་པ་ལ་ཕར་ཚད་བསྡུས་གསུམ་གྱི་སློབ་གཉེར་བྱས། བཤད་པ་བྱས་ནས་དགེ་བཤེས་ཀྱང་ལོ་འགའ་བྱས་གསུངས། དགུང་ལོ་ཉི་ཤུ་རྩ་གཅིག་ལོན་པ་དང་། ཚེ་བློས་བཏང་གི་སྒྲུབ་པ་བྱེད་དགོས་དེ་ལ་རྒྱུད་མན་ངག་དང་བཅས་པ་གཅིག་ཉན་དགོས་སྙམ་ནས་ས་སྐྱར་བྱོན། །བླ་མ་ཆོས་ཀྱི་རྡོ་རྗེ་ལ་ཀྱཻ་རྡོ་རྗེ། མཁའ་འགྲོ་མ་རྡོ་རྗེ་གུར། སམྦུ་ཊ་ལ་སོགས་པ་ཉན། སློབ་དཔོན་དྷརྨཱ་པ་ལ་ལ་ཚོགས་ཆོས་གང་གསུང་ཉན། བླ་མ་ཉི་ཐོག་པ་ལ་ཀྱཻ་རྡོ་རྗེ་དང་། བདེ་མཆོག་ལ་སོགས་པའི་དབང་གདམས་ངག་མང་དུ་ཐོས། སློབ་དཔོན་བང་སྟོན་པ་ལ་རྣམ་འགྲོལ་དང་རིགས་གཏེར་ཉན། ནང་གྷ་ལག་ལེན་བསླབ། ཟུར་ཆོས་པ་དཔོན་བྲད་བ་གཞོན་ཤེ་དང་། ནུབ་པ་ཡོན་ཏན་དཔལ་ལ་བྱས་ནས་ཆོས་འཆད་ཀྱང་ཐོག་གཅིག་བྱས། དེ་རྣམས་ཀྱང་ཚིག་དོན་དུ་འབྲེལ་བའི་སློབ་གཉེར་བྱས་ནས། ཤེས་ལོ་ཙམ་ལ་མ་བཞག་པར་བསླབ་པ་ཡིན་གསུངས། ཆོས་རྗེ་བླ་མ་ཁྱེད་ནི་ཚིག་དོན་འགལ་འབྲེལ་ཕྱེད་པའི་ཤེས་རབ།


PS001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྤྱོད་རྣམ་པར་དག་པའི་ཚུལ་ཁྲིམས་དང་ལྡན་པའི། མཁས་བཙུན་དམ་པ་ཁྱེད་ལ་གསོལ་བ་འདེབས་སོ། །འཁོར་བའི་ཉེས་དམིགས་སྐྱོ་ཤས་ཆེར་སྐྱེས་ནས། །འཁོར་དང་ལོངས་སྤྱོད་ཚེ་འདིའི་དཔལ་འབྱོར་ཀུན། །མཆིལ་མའི་ཐལ་བ་བཞིན་དུ་ཆགས་མེད་དོར། །བྱ་བཏང་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས། །ཞེས་པའི་དོན་ཡང་འདི་སྐད་གསུངས་ཏེ། སྤྱིར་འཁོར་བའི་སྡུག་བསྔལ་དྲག་པོ་ལ་ངེས་འབྱུང་གི་སྐྱོ་བ་ཆེན་པོ་ཡོད་ཅིང་། ཁྱད་པར་དུ་ས་སྐྱ་པ་ནང་གི་འཁྲུག་ལོང་མགོ་འཛུགས་ཤིང་གོ་ཆ་མཚོན་ཆ་ལ་སོགས་པ་མཐོང་། མི་རྣམས་གོ་ཆའི་གཏམ་སྨྲ། བཤད་ཉན་སྒོམ་སྒྲུབ་ཀྱི་ཚུལ་ལས་གཡེལ་དཔོན་སློབ་དམ་ཚིག་གི་འབྲེལ་པ་མི་བསྲུང་བ་མཐོང་ཐོས་གོ་ནས་མཐོ་རིས་ཀྱི་ལུས་ཐོབ་པ། ལས་དགེ་སྡིག་གི་བདེ་འབྲས་ཤེས་པར་གྱུར་ཀྱང་། ངན་སོང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པར་འདུག་སྙམས་སྟེ། ད་འདི་རྣམས་རྣ་བས་མི་ཐོས་པ་དཀའ་སྟེ། མིག་གིས་མི་མཐོང་བའི་ས་གཅིག་ལ་འགྲོ་དགོས་སྙམ་


PS001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོངས་སྤྱོད་དམ་དུམ་ཡོད་པ་ཀུན་དང་། དཔེ་ཆ་ལྷ་རྟེན་རྣམས། བློ་གཏད་བྱས་པའི་སློབ་མ་འདྲ་ཡོད་པ་ཀུན་ལ་གང་མོས་སུ་ཕུལ། བྱིན་སྤྲད་བྱས་ཏེ། ཡུལ་གྱི་ཆོས་རྒྱགས་ཀྱི་ཞིང་ཡང་བློས་བཏང་། གང་གིས་ཀྱང་འཐོན་ཐོགས་མེས་པར་བྱས་ནས། བྱང་སེམས་ཀུན་གཞོན་ནང་སོའི་གཟིམ་ཆུང་ན་ཡོད་པའི་དྲུང་དུ་ཕྱིན་ནས། བདག་དང་པོ་རང་ནས་བློས་བཏང་གི་སྒྲུབ་པ་བྱེད་པའི་གོ་ཆ་གཅིག་ཡོད། ས་སྐྱ་པའི་ཆོས་རྣམས་ལ་མོས་ནས་ཡོངས་བ་ལགས་ཏེ། བླ་མ་མི་ཆེན་རྣམས་ལ་ཆོས་གང་འདོད་ཐོབ་པ་ཡང་དཀའ་བར་འདུག །སྐྱེ་བ་ཕྱི་མ་ཤེད་ལ་བླ་མ་སྙམས་ཆུང་གི་ཚུལ་འཛིན་པ་ས་སྐྱ་པའི་གདམས་སྐོར་རྣམས་ཡོངས་སུ་རྫོགས་པར་མཁྱེན་པ། བསྒོམ་པའི་ཉམས་མྱོང་ཡོད་པ་གཅིག་མཇལ་བའི་སྨོན་ལམ་འདེབས་པ་ལས། འོས་མི་འདུག་བྱ་བ་ལ་སོགས་པའི་གླིང་མོ་ཞིབ་ཏུ་བྱས་པས། ཁོང་གི་གསུངས་ནས་དེ་ལྟ་བུའི་བློས་བཏང་བའི་གོ་ཆ་ཆེན་པོ་མཛད་པ་དཀའ་ཐུབ་ཀྱི་གདིངས་ཐོབ་པ་རེ་ཡང་འཚལ། དེ་


PS001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་རྟེན་འབྲེལ་གཅིག་བསྒྲིགས་མཛོད། དེའི་རྐྱེན་གང་དགོས་བདག་གིས་འབུལ་ཟེར། དཔོན་གྲུབ་དཔལ་གྱིས་མཐུན་འཇུག་བྱས་ནས། སློབ་དཔོན་འདམ་པ་ལ་བྱ་བ་རྒྱུན་གཅོད་དཀའ་ཐུབ་ཀྱི་རིགས་མང་པོ་ཤེས་པ་གཅིག་ཡོད་དེར་བྱོན་ཟེར་མི་དང་ཡི་གེ་བསྒྲགས་ནས་ཕྱིན་པས། ཁོང་པ་དེ་རིང་ནས་མཚམས་དམ་པོ་བྱེད་པའི་གྲབ་ཟིན་ནས་འདག་པ་སྤང་དུ་བཅུག །ཚ་བ་གསོལ་བའི་དུས་སུ་སླེབ། སྒོ་ཏིག་ཏིག་བྱས་པས། ཉེ་གནས་གཅིག་བྱུང་མཇལ་ནས་ཆོས་འདྲ་ཞུ་བ་ཡིན། བླ་མ་ན་རེ་མདངས་ངའི་རྨི་ལམ་ན་མི་དཀར་པོ་སྐྱ་སོང་ངེ་བ་གཅིག་བྱུང་ནས་ངའི་ཆོས་མ་གྲུབ་བར་ལ་མཚམས་མ་བྱེད་ཟེར་བ་གཅིག་བྱུང་། ཁྱེད་ཡོང་བ་ལ་བལྟ་བར་འདུག་ཟེར་ནས་རྒྱུན་གཅོད་ལ་སོགས་པའི་དཀའ་ཐུབ་མང་པོ་དང་། དྲིལ་བུ་པའི་དབང་དང་། གདམས་སྐོར་གཞན་ཡང་གནང་། རྒྱུན་གཅོད་བགེགས་སྒྲོལ་བྱས། གཞན་ལ་ཡང་གནང་ཙ་ན་ཡང་བཀའ་བ་མ་སྤྱོད་ན་ཕན་མི་ཐོག་པས་བཀའ་སྤྱོད་


PS001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་བྱེད་དུ་ཆུག་གསུངས། །དཀའ་ཐུབ་ལ་བོགས་ཆེ་བར་བྱུང་གསུངས། དེ་ནས་འཇིག་རྟེན་འདིའི་བདེ་སྐྱིད་དང་ཁེ་དྲགས་ལ་སྐྱུགས་ནད་ཅན་གྱིས་སྐྱུགས་པ་ཐལ་བ་ལ་ཕོ་བ་བཞིན་དུ་ཞེན་མེད་དུ་བློས་བཏང་བྱས། ཐེངས་པར་ཡང་བྱུང་། ང་རང་ལ་དེ་ཡོད་པས་སྐྱེ་བོ་སོ་ནམ་བྱེད་པ་མཐོང་ཙ་ན། ཕྱིས་སྟོན་ཐོག་ཡོང་མི་ཡོང་མི་ཤེས། རང་གི་ནམ་འཆི་ཆ་མེད་པ་ལ་དེ་མ་གོ་བར། ཟིན་མེད་ཀྱི་ལས་ཀ་ལ་སྡུག་ཐག་ཆོད་པ་སྙིང་རེ་རྗེ་སྙམ་པ་ཚད་མེད་རྩོལ་མེད་དུ་འཆར་བ་དང་། ཉིན་པར་འཆི་བ་མི་རྟག་པ་བསྒོམ་མི་དགོས་པར་རང་ཤུགས་ལ་འཆར་བ་དང་། དེའི་ཤུགས་ཀྱིས་མཚན་མོ་གཉིད་འཐུག་པོ་མི་ཡོང་བར་སྲབ་མོ་ཐུམ་ཕྲས་སུ་སོང་ནས་ནུབ་རེ་ལ་ལྡང་ཉལ་མང་པོ་བྱས་དགེ་སྦྱོར་ལ་འབད་བཏོན། ལྷས་བསྐོར་དུ་ཕྱིན། གྲོགས་དགེ་བཤེས་ཡོད་པ་དེ་ན་རེ། ཉིད་ལ་གནལ་ཡེ་མེད་པ་དགེ་སྦྱོར་མཛད། བདག་གིས་གཉིད་རོ་ལོག་བྱེད་པ་འདི་ངོ་ཚ་ནས་མི་མཚུངས་པར་འདུག །འམ་བུ་ལོགས་སུ་ཉལ་ཟེར། དེ་དུས་


PS001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆི་བ་མི་རྟག་པ་གཤའ་མ་དེ་སྙིང་ལ་ཟུག་པར་འདུག །གང་ལའང་དགའ་སྟེ་སྙམ་པ་ཡེ་མ་བྱུང་གསུངས་པས། འཇིག་རྟེན་གྱི་སྐྱིད་ཞེན་ཐུགས་ཀྱིས་བཏང་བ་ལ་གཞན་གྱིས་འགྲན་ཟླ་མེད་པའི་རྣམ་ཐར་དྲི་མེད་ལ་གསོལ་བ་འདེབས། བླ་མ་གྲུབ་ཐོབ་མང་བསྟེན་མཉེས་པར་མཛད། །ཐུགས་དགོངས་ལོན་ཅིང་ཐུགས་ཡིད་གཅིག་ཏུ་འདྲེས། །ཀུན་གྱིས་མཐུན་པར་ལུང་བསྟན་རྗེས་གནང་མཛད། །རྒྱལ་བའི་རྒྱལ་ཚབ་འཛིན་ལ་གསོལ་བ་འདེབས། ཞེས་པའི་དོན་འདི་སྐད་ཐོས་ཏེ། མཚན་ཉིད་ལྡན་པའི་བླ་མ་རྣམས་ཀྱི་སྲས་དམ་པ་དེས། དགུང་ལོ་བཅུ་གཅིག་པའི་དུས་རྟ་ནག་རི་ཁྲོད་དུ་སློབ་དཔོན་ལྷོ་བྲག་པའི་ཆོས་བཞི་བྱས་ནས། ཐོན་པ་དང་སློབ་དཔོན་གྲགས་གྲུབ་དགེ་བཤེས་བཞི། བླ་མ་རས་སྒོམ་ཞིག་པོའི་དྲུང་ཆོས་ཞུ་བའི་གྲོགས་བྱེད་པ་ཐོས། ང་ཡང་འགྲོ་དགོས་སྙམ་ནས་ཁོང་རྣམས་ཀྱིས་མཁྲིད་ཀྱང་རྗེས་སུ་འབྲངས་ནས་ཁ་རག་ཚ་ཚ་མོར་ཕྱིན་པ་དང་། གཟིམ་


PS001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དུ་བགུགས་ཤིང་བསྡད་པས་ཕྱི་ནས་སྐུ་གསེང་འཁོར་ནས་སྐས་ལ་འཛེག་གིན་ཞལ་མཁྱེན་གསུང་གི་བྱོན་ནས་བཙུན་ཆུང་འདི་སུ་ཡིན་གསུང་། སློབ་དཔོན་ན་རེ་འདིའི་མ་ཉན་པར་ཁྲིད་ནས་ཡོང་པ་ལགས་ཟེར་བ་དང་། བླ་མའི་གསུང་ནས་དེ་ཡོངས་པ་ལེགས་ཀྱིས་གསུངས། ཕྱག་རྟེན་ཕུལ་བྱིན་རླབས་ཞུས་པས། མགོ་ལ་ཕུར་སུབ་མང་པོ་མཛད། ཁྱོད་རང་ངའི་མིང་གསུམ་པོ་འདི་ཟུངས་ཤིག །ང་སྐྱ་བོ་མིང་པོ་གྲགས། རས་པ་བྱས་ཙ་རིན་ཆེན་གྲགས། བཙུན་པ་བྱས་པས་བརྩོན་འགྲུས་གྲགས་བྱ་བ་ཡིན། ཚོགས་པ་འདི་ཚོས་ཤེས་པ་མེད་གསུང་ནས་ཐུགས་ཀྱིས་ཟིན་པོ་བྱུང་། བླ་མ་དགུང་ལོ་བརྒྱད་ཅུ་གྱ་ལྔ་བཞེས་པ། སྐུ་ཤ་དཀར་ལ་དྭངས་པ། མཁྲེགས་ཤིང་གཞོན་ཤ་ཆགས་པ། གཟི་བརྗིད་དང་ལྡན་པ། ཞལ་མཐོང་བ་དང་མོས་གུས་སྐྱེས་ཤིང་བྱིན་བརླབ་འཇུག་པ་བྱུང་། རྗེ་བཙུན་མའི་བྱིན་རླབས། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ལམ་ཁྲིད་རླན་ལུགས་ཀྱི་རྩ་རླུང་ལ་སོགས་པ་ཞུས། ཆོས་ཐོན་


PS001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུབ་མོ་ཚོགས་འཁོར་བྱས་ཡོན་རྣམས་ཕུལ་བས། དབུས་པའི་ཇོ་གདོན་བྱ་བྲལ་བ་གཅིག་ན་རེ། ཆོས་ཟབ་ལ་མང་བ་ཐུགས་ལ་བཏགས། བཀའ་དྲིན་ལེན་དུ་ཚེ་བློས་བཏང་ནས་སྒྲུབ་པ་གཅིག་བྱེད་པར་ཞུ་ཟེར་བས། དེ་ལས་བླ་མ་མཉེས་འདུག །ང་ཡང་སྐྱི་བུན་པ་འདྲ་བ་གཅིག་བྱུང་། ཅི་ལ་ཟེར་བ་ཡིན་སྙམས་ནས་གནས་ཁང་དུ་སློབ་དཔོན། ཇོ་གདན་དེའི་འབུལ་བ་ཅི་ཟེར་བ་དྲིས་པས། ཁོང་གི་དེའི་དོན་བཤད་པས། ང་ཡང་དེ་ཀ་འདྲ་བ་གཅིག་དགོས་སྙམ་པ་དང་སྐོམ་སྐམ་པ་དང་མཆི་མ་ཡང་ཤོར་གསུངས། དབུ་མཛད་སློབ་དཔོན་དགེ་སློང་རྗེ་བཙུན་མས་ཞལ་གཟིགས་པ་དེ་ལས་རྗེ་བཙུན་མའི་ཚིག་བརྒྱུད་ཀྱི་མན་ངག་ཐོབ། དཔེ་དེ་ཕྱིར་སྟོན་གསུངས། ཕྱིས་བླ་མ་ཁམས་ཆེན་པ་དེ་བྱིན་རླབས་དང་ནུས་པ་ཆེ། གེགས་སེལ་གྱི་སྐོར་རྣམས་མཁས་ཟེར་ནས་ཞུས། ཕྱག་ན་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལམ་འབྲས་དབང་གི་ཆུ་བོ་ལ་སོགས་པའི་དབང་བཀའ་དང་། བདག་མེད་མ་རྗེ་བཙུན་མ། ཆོས་སྐྱོང་ཕྱག་


PS001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་རྣམས་ཀྱི་བྱིན་རླབས། ལམ་འབྲས་ཞ་མ་ལུགས། གེགས་སེལ་གཟེར་ལྔ་ལ་སོགས་པའི་གདམས་པ་ཟབ་ལ་མང་བ་སྔ་ཕྱི་ལན་ལྔ་དྲུག་ཞུས། ཀུན་དགའ་བཟང་པོས་ལ་གོར་དུ་དམག་ར་བཅས་ནས་ཟོས་མི་བདེ་བའི་མགོ་བཙུགས་འདུག་པ་ལ་བརྟེན་ནས་སེམས་ལ་བཟོད་ཐབས་མེད་པའི་སྐྱོ་བ་སྐྱེས་ཏེ། ཟར་གྱི་རྟིང་ལ་ལྷོ་རོང་གཅིག་ཏུ་འགྲོ་སྙམ་ནས། རྒན་མོ་ལྷས་ནས་ལངས་ཕྱིན། ནུབ་ངོས་ཀྱི་རི་ཟེ་དེ་རུ་སླེབ་པ་དང་སེམས་ཅན་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པ་ལ་རྐྱེན་འདོད་ཡོན་གྱི་དབང་དུ་མ་ཤོར་བ་གཅིག་དགོས་པར་འདུག །དེ་ཡང་ལྟོ་གོས་གཉིས་སུ་འདུག །གོས་ཀྱང་དག་དུག་བམ་བེམ་གྱིས་ཆོག་པར་འདུག །ཟ་འཐུང་འདི་ནང་ནུབ་ཏུ་དགོས་ཤེས་སྤངས་དཀའ་ཚེག་མི་ཤེས་ཀྱང་། ད་ཕྱིན་ཆད་ཟན་གོང་གི་ཕྱིར་དུ་དགེ་སྦྱོར་གཏོང་རེ་ཤི་སྙམ་པའི་ཞེ་མནའ་བསྐྱལ་ནས་ས་སྐྱ་ངོས་སུ་བྱོན། གཡའ་ལུང་དཔེ་སེར་གྱི་ཐད་ཀར་སླེབ་པ་དང་། དབོན་ཆེན་བྱང་སེམས་


PS001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཁ་ན་བསྐོར་བ་བྱེད་པ་མཐོང་བས། ཁོང་གིས་བྱམས་པོ་བྱས་པའི་དྲིན་དྲན་པ་དང་། མཇལ་སྙིང་འདོད་ནས་ཕྱིན་པས་གསུངས་གླེང་ཞིབ་པར་བྱུང་བས། སློབ་དཔོན་ན་ནིང་ང་ཡིད་སྨོན་གཏོང་བའི་བླ་མ་དེ་འཁོན་སྟོན་བསོད་ནམས་བྱ་བ་བཟང་པོ་གཅིག་ཡོད་པར་གདའ། ལམ་འབྲས་པ་བྱ་བ་ཕྱག་རྟེན་ལ་རྟེན་འབྲེལ་བརྟག་པ་ལགས་པས་རས་ཡུག་ཁ་ཚར་མ་ཉམས་པའི་དཀར་པོ་ཁྱེར་ལ་ཤོག་གསུངས་ཏེ། དེ་བསྐུར་ནས་གཟིགས་ལ་བྱོན་གསུངས། བླ་མ་དུར་ཁྲོད་དགོན་པ་འདག་སྒོམ་མཛད་ནས་མཚམས་དམ་པོ་ལ་བཞུགས་འདུག་ཀྱང་ཕུག་སྒོར་མཇལ་པ་བྱུང་། སྔར་ནས་ལས་འབྲེལ་གཅིག་ཡོད་པ་འདྲ། མོས་གུས་ཚུད་ཅིང་ཆོས་ཀྱི་གསུང་གླིང་མང་པོ་བྱུང་བས། བླ་མ་ཡང་མཉེས། ཐུགས་ཡིད་ཕེབས་པ། དཔོན་སློབ་རྙིང་པ་མཇལ་བ་འདྲ་གཅིག་བྱུང་། བླ་མ་མཚན་ཉིད་དང་ལྡན་པ། གདམས་པའི་གནད་ཚང་བ། ཕུན་སུམ་ཚོགས་པ་གཅིག་འདུག་པར་གོ་ནས། གསུངས་ངག་རིན་པོ་ཆེ་ལ་སོགས་པ་ཐུགས་ལ་འདགས་པར་ཞུས་པས་ཞལ་གྱི་བཞེས། སང་རེས་སྟོན་


PS001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཡོང་བར་ཞུས་ནས་དབྱར་སྒྲུབ་པ་ལ་ཟར་གྱི་སྒྲ་རུ་ཕྱིན། སྟོན་སོ་ལམ་སྐོར་དགུ་ལ་སོགས་པའི་གདམས་པ་དང་། དྲིལ་བུ་ལ་སོགས་པའི་དབང་དང་། བྱིན་རླབས་ཀྱི་བཀའ་མང་དུ་གནང་། མི་བདེ་བའི་སྐབས་སུ་དྲིལ་བརྡ་མཛད་ནས་ཚིག་དོན་ལ་ཐེ་ཚོམ་མེད་ཅིང་མྱོང་བ་སྐྱེས་པར་བྱས། བླ་མའི་གསུང་ནས་ལམ་འབྲས་ལ་ཚིག་བྱང་སོ་གཞན་ན་ཡོད་སྲིད་ཀྱི། དོན་ལ་གདམས་ངག་གི་གནད་ལ་འོ་སྐོལ་དཔོན་སློབ་དང་མཁས་པར་ཡོད་པ་ལགས་གསུངས་སོ། །སྡེ་སྣོད་ཀྱི་ཆོས་ལ་མཁས་ཤིང་བཀའ་གདམས་པའི་ཆོས་སྐོར་མང་དུ་ཉན། ཁྲིད་བསྐྱང་པས་དགེ་སྦྱོར་གྱི་སྐྱེ་ཚུལ་ལ་མཉེས་ཏེ། འོ་སྐོལ་ཁྲིད་དམིགས་མྱུར་དུ་སྤོས་པས་ཆོག་པ་ཡོང་བ་འདུག་གིས་གསུངས་ནས་བསྟེན་ཡུན་གྱི་ཚོད་ལ་ཆོས་ཐོབ་ཆེ་ཞིང་ཐུགས་ཀྱིས་འཛིན་པར་བྱུང་གསུངས། གཞོན་ནུ་གྲུབ་རྣམ་གཉིས་སྲས་ཀྱི་དམ་པ་ཡིན་ཟེར་བ་ཡང་ཐོས་སོ། །ཡང་རི་ཁྲོད་ཕྱོགས་མེད་དུ་ངེས་མེད་མཛད་ཅིང་འགྲིམ་པར་མཛད། བླ་མ་དགེ་སློང་ལ་གླེན་ལུགས་ཀྱི་སྐོར་འགའ་གསན།


PS001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ལགས་ལེན་ཡང་ཚང་མར་འདུག་པས་ལག་ཁྲིད་དུ་བསླབ། བླ་མའི་གསུང་གིས་ངའི་ཆོས་འདིས་ཁྱེད་ལ་ཕན་ཐོག་གཅིག་ཡོངས་གསུངས་སྟེ། དེ་བཞིན་དུ་བྱུང་གསུངས་སོ། །བླ་མ་ཁམས་ཆེན་པའི་དྲུང་དུ་རི་ཁྲོད་གོང་མའི་ཆོས་སྐོར་རྣམས་དང་། རིན་པོ་ཆེ་སངས་རྒྱས་སྟོན་པའི་རྣམ་ཐར་ཐོས་ནས་ཤིན་ཏུ་མོས་ཤིང་དད་པར་བྱུང་། མཇལ་དུ་འགྲོ་སྙིང་འདོད་པས་དབུས་སུ་ཕྱིན། མཁའ་རག་ཏུ་ཐོག་གཅིག་བསྡད། བླ་མ་བྲག་ཐོག་པ་ལ་འཕྲུག་སྐོར་རྣམས་ཞུས་སོ། །དེ་ནས་རི་གོང་དུ་ཕྱིན་པའི་ལམ་དུ་སྦུས་སྡེ་འོར་སྦུག་གི་གྲོག་པོ་གཅིག་ཏུ་བླ་མ་བཞུགས་པ་ལ་མགོ་བསྟན་ནས་ནམ་སྲོད་ལ་གསོལ་བ་བཏབ་སྟེ་གཟིམས་པས་རྨི་ལམ་ལེགས་པར་ཟིན། སྒྱུ་མའི་ཉམས་བཟང་པོ་སྐྱེས། མདུན་ན་རས་པ་གསུམ་རས་འགག་སྐྱ་སེང་བ་རེ་དབྱངས་ལེན་ཅིང་འདུག །དབུས་མ་དེ་ཤ་མདོག་སྔོ་སང་ངེ་བ་གཅིག་པ་དེ་ན་རེ། ཁྱེད་རི་གོང་དུ་འགྲོ་


PS001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདུག་སྟེ་ཆོས་འདི་འདྲ་ཀ་ཡིན་ཟེར་ཞིང་ཞལ་འཛུམ་མེ་འདུག །སང་རིན་པོ་ཆེ་པའི་དྲུང་དུ་མཇལ་བ་དང་། ཞལ་མཐོང་བ་ཙམ་གྱིས་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་ཆོས་ཉིད་དུ་རོ་སྙོམས་ནས་རྐྱེན་ཐུབ་པའི་བློ་བདེ་ཚགས་སུ་ཚུད་པ་རང་གཅིག་བྱུང་། དེ་ནས་སྒྱུ་ལུས་ཀྱི་དབང་ཞུས། ཆོས་དྲུག་གི་མགོ་བཙུགས། ཆོས་ལ་ཐོས་ལོ་མ་ཡིན་པའི་མྱོང་བ་གཤའ་མ་གཅིག་སྐྱེས་པ་བྱ་དགོས་སྙམ་ནས་དག་བྱེད་ཨའི་སྟོང་ར་ལ་ཞག་བཞི་བཅུ་བསྒོམ་མྱོང་བ་སྐྱེས་པ་དང་ཁྲིད་དམིགས་སྤོ་རུ་ཡོངས་བར་ཞུས་པས། དེ་ལ་ནན་ཏར་མཉེས་ཐད་སོ་ཐད་སོ་རུ་སྐལ་བ་མ་ཆད་ཙམ་རེ་བྱུང་། ཆོས་སྐྱོང་གི་རྗེས་གནང་ཞུས་པའི་ཐོ་རངས་རྨིས་ལྟས་གཅིག་སྙན་དུ་ཕུལ་བས། མགོན་པོའི་ཞལ་མཐོང་ལ་ཁད་པ་གཅིག་བྱུང་འདུག་གསུངས། ཆོས་དྲུག་གི་ཁྲིད་རྫོགས་པ་དང་སྲོད་ལ་དྲུང་དུ་ཤོག་གསུངས་ནས་ཕྱིན་པ་དང་། ཁྱེད་ཀྱི་གྲོགས་པོ་རྣམས་ལ་ཡང་ཆོས་དྲུག་བྱིན་པ་ཡིན། ཟབ་ཆོས་གཞན་སྟེར་མི་སྟེར་རིམ་གྱིས་


PS001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་ནས་བྱེད། ཁྱོད་བྱང་ཆུབ་སེམས་དཔའ་མཐོང་ན་དགའ་བྱ་བ་ཡིན་པས། ཉིད་གཅིག་མཐོང་བ་དང་འདིས་ངའི་གདམས་པ་རྣམས་ཀྱི་བདག་པོ་བྱེད་པ་ཡོང་བར་འདུག་པས་ཆིག་བརྒྱུད་ཀྱི་གདམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་སྟེར་དགོས་སྙམ་པ་གཅིག་བྱུང་། སེམས་ཅན་ལ་ཕན་ཐོགས་པར་ཡོད་པར་གདའ། ངེད་ཀྱིས་ཆོས་རྣམས་མ་སྦས་པ་སྟེར་བ་དང་། གྲོགས་སུ་ཅི་འགྲོ་བྱེད་པ་ཡིན། ཉིད་ཅག་རང་ཡང་ཐུགས་དམ་ལ་བརྩོན་པ་དང་། ཆོས་ཀྱི་གནད་དང་ངག་སྒྲོས་རྣམས་ལ་ནན་ཏན་ཆེར་མཛད་ཅིག །བར་དོ་ཆོད་པའི་ཡིད་ཆེས་ཀྱི་གདེངས་ཐོབ་པ་ཡིན་གསུངས་ནས་ཤིན་ཏུ་མཉེས་གསུངས། དེ་དུས་སུ་རི་ཁྲོད་དབེན་པར་སྒྲུབ་པར་བྱེད་ཅིང་ཆོས་ཞུ་བའི་དུས་སྐབས་ལེགས་པར་བསྒྲིགས་ནས། རྒྱུད་སྡེ་ལྔའི་དབང་། བདེ་མཆོག །ཚེ་དཔག་མེད་ལ་སོགས་པའི་དབང་། ཆོས་དྲུག །སེམས་འཆི་མེད། འཆུག་མེད། ཕྱག་ཆེན། ལུས་འཆི་མེད་དེ་རྣམས་


PS001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་ཀྱི་ཁྲིད། ཐུགས་རྗེ་ཆེན་པོ། རྟ་མགྲིན། མཁའ་སྤྱོད་དཀར་མོ་ནམ་མཁའ་སྒོ་འབྱེད། བླ་མ་མགོན་པོ་དབྱེར་མེད་ལ་སོགས་པའི་བྱིན་རླབས། མདོ་རྒྱུད་བསྟན་བཅོས་འགའ་རེའི་བཤད་པ། དྭགས་པོ་བཀའ་བརྒྱུད་ཀྱི། འབྲི་གུང་པ། འབྲུག་པ། ཚལ་པ། ས་སྐྱ་པའི་གདམས་ངག་རྣམས་འགའ་རེ་དང་། མ་གཅིག་ལབ་སྒྲོན་གྱི་ཆོས་བསྐོར་ལ་སོགས་པའི་རིན་པོ་ཆེ་པ་ལ་མངའ་ཚད་མ་ལུས་པར་ཞུས་ཤིང་། དེ་རྣམས་ཀྱི་གལ་ཆེ་བ་ཀུན་ལ་ལན་འགའ་རེ་ཐོས་ཤིང་ངོ་སྤྲོད་དང་ཉམས་ལེན་གདེངས་ཐོབ་ཀྱང་ད་རུང་བཞུགས་ཆོས་འགའ་ཞིག་ཚར་རེ་ཙམ་ཞུ་བ་ཡིན་ཏེ་སྙམ་པ་ཡོང་གསུངས། ཆོས་ཐོབ་ལ་གདོས་དྲག་ཏུ་ཉམས་སུ་བླངས་པས། རིན་པོ་ཆེ་པའི་བྱིན་རླབས་དང་ཐུགས་རྗེས་མཁའ་འགྲོ་ཆོས་སྐྱོང་གི་བར་ཆད་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་རང་གི་མོས་གུས་ཀྱིས་གནད་ཟིན་པའི་མྱོང་བ་སྐྱེས་པ་ཡིན་པ་ཏེ། དགུན་གཅིག་མཁའ་རག་ཏུ་སྒྲུབས་པ་བྱས་ནས་སྤྱོད་ཚོང་ཆོས་འདྲ་གསུང་ངམ་སྙམས་ཙ་ན། ཐོ་རངས་བྲག་ཅོང་ལ་


PS001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་ནས་དེའུ་ཤི། གྲུ་ཐོན་པ་དང་བཀྲ་ཤིས་གྲུབ་བྱུང་། གར་འགྲོ་བྱས་པས་རིན་པོ་ཆེ་པས་སོང་གསུངས་ནས་ཡོངས་བ་ལགས་ཟེར། རིན་པོ་ཆེ་པའི་དྲུང་ནས་བདག་བསུ་རུ་བཏོང་བ་ཅི་ལགས་ཞུས་པས། མདོང་ལྷ་མོ་དེ་ཉིད་འུ་ཅག་ལ་བར་ཆད་བྱུང་དོགས་པའི་བསུ་རུ་འགྲོ་བའི་ལོ་རྒྱུས་གཅིག་གསུངས་ནས། དེས་བཏང་བ་ཡིན་གསུངས། མདོར་ན་ཐུགས་རྗེ་ལ་རྒྱུན་ཆད་མེད། བྱིན་རླབས་ཀྱི་འཇུག་སྒོ་ཆེ་བས་དྲུང་དུ་བསྡད་པ་ཙམ་ལ་དགེ་སྦྱོར་ལ་བོགས་རེ་ཡོད། ལན་གཅིག་རྒྱ་ཡུལ་འཁོར་བའི་སྔགས་པ་མི་ཆེ་བ་གོས་བཟང་པོ་གྱོན་པ་ཁ་ཅིག་མཇལ་ཅིང་འདུག །ང་ལ་དེས་རྐྱེན་བྱས་ནས་སྣང་སེམས་དབྱེར་མེད་དུ་འདྲེས་ཏེ་ཡུལ་མེད་རང་ངོ་ཤེས་པའི་རྟོགས་པ་ཁྱད་པར་ཅན་གཅིག་སྐྱེས། ལུས་ངག་ཡིད་གསུམ་གཡོ་མེད་དུ་འདུག་ལྟ་སྟངས་ཀྱི་ངང་ལ་མ་ཤོར་བར་ལྷན་ནེ་ཡོད་པའི་དུས་སུ། རིན་པོ་ཆེ་པས་ཡང་ཡང་གཟིགས་ཤིང་དགྱེས་ནས་འདུག །ཁོང་རྣམས་སོང་བ་དང་སློབ་དཔོན་ལེགས་


PS001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གོ་ཨའུ་གསུངས། དེར་འདི་ལྟ་བུ་བྱུང་ཞེས་རྟོག་པ་ཕུལ་བས། དེ་བས་ཀྱང་ཤིན་ཏུ་ལེགས་འདུག་གསུངས། ཆོས་རྗེ་དེས་དབང་གདམས་ངག་རྣམས་ཡོངས་སུ་རྫོགས་པར་གནང་། མཉེས་ཤིང་ཐུགས་ལ་འདོགས་པའི་གསུང་གི་ཞལ་ཏ་མཛད་ཅིང་། ཁྱེད་ལ་བློ་སྣ་ཐུང་དྲགས་པའི་སྐྱོན་འདི་ཀ་འོང་། སློབ་དཔོན་ལ་སེམས་ཅན་ལ་ཕན་ཐོགས་གྱིས་ཤིག་ཡང་ཡང་གསུངས། བདུད་དེ་ལས་མ་བྱུང་ན་དྲག་སྟེ་སྙམ་པ་ལ་དེ་མ་གོ་བ་དུམ་གཅིག་བྱུང་། སྐབས་གཅིག་མི་བཅོ་ལྔ་འཚོགས་པའི་ཚོགས་གྲལ་གཅིག་ཏུ་ཆིག་བརྒྱུད་ཀྱི་གདམས་པ་འདི་རྣམས་ལ་བླ་མ་གོང་མ་རྣམས་ཀྱིས་གཏད་རྒྱ་དང་བཅས་ཤིང་སྣོད་ལྡན་གྱི་སློབ་མ་ལ་འདི་ལྟར་བྱིན་ཅིག་ཅེས་པའི་རྗེས་གནང་དང་བཅས་པའི་ལོ་རྒྱུས་ཙམ་གསུངས། དེ་བཞིན་དུ་སློབ་དཔོན་གྱིས་ཆིག་བརྒྱུད་ཀྱི་གདམས་པ་འདི་རྣམས་ཀྱིས་བདག་པོ་གྱིས། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཕན་ཐོགས་དང་འགྲོ་དོན་མཛད་གཅིག་ཅེས་ལན་གསུམ་བྱོན། །བདག་གི་སྐྱེ་བ་འདི་ལ་ཆོས་བཤད་པ་ལ་སོགས་


PS001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་བགྱི་བས། འཇིག་རྟེན་འདི་བློས་བཏང་གི་སྒྲུབ་པ་ཚེ་གཅིག་ཏུ་བྱེད་པར་ཞུ་ལགས་ཞུས་པས་ནི། ལན་བཞི་པ་ལ་ཁྱེད་རང་ཟབ་ཆོས་ཀྱི་བདག་པོ་ཡིན། ངས་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་གསུང་ནན་ཅན་བྱིན་པས། དེར་ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས། བདག་ལ་དགེ་སྦྱོར་མཉམ་རྗེས་མེད་པར་ཁོར་ཡུག་ཏུ་འགྲོ་བ་གཅིག་ཐུགས་ལ་འདོགས་པར་ཞུ། དེ་རྗེས་ཇི་ལྟར་གསུངས་པར་བཞིན་བསྒྲུབ་པར་ཞུ་ལགས་ཞེས་ཞུས་པས། དེ་ཙུག་ཡོང་ལགས་ཀྱིས་གསུངས། ང་ལ་ཡང་མོས་གུས་ཀྱི་གདུང་ཤུགས་ཡོད་དེ། ངས་མཁའ་རག་ནས་འཁོར་ནས་དྲུང་དུ་ཕྱིན་ཙ་ན་རིན་པོ་ཆེ་པ་ནི་ཁ་ནིང་ནས་སྐུ་ཁམས་ལོག །གསོལ་མི་བདེ་མནལ་མི་ཡོང་སྐུ་ཁམས་ངན་དུ་སོང་འདུག །ངས་མོས་གུས་གནད་དུ་བསྣུན་མཆི་མ་མི་ཐུབ་པའི་གདུང་ཤུགས་བྱུང་། ཞབས་དབང་ཞུས་པས། དེ་རྗེས་མཉེས་པའི་གསུང་གླེང་བྱུང་། འཕྲལ་དུ་སྐུ་ཁམས་སེང་སེང་སོང་། དེ་ནུབ་རང་ནས་མནལ་བྱོན་སྐུ་ཁམས་སྐྱེད་ཆེ་བར་བྱུང་འདུག །ནང་པར་སྔ་གྲོ་ཤོག་གསུང་ནས་


PS001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པས་ཤིན་ཏུ་བཟང་བར་གཟི་མདངས་དང་ལྡན་པར་འདུག །སློབ་དཔོན་གྱིས་ནད་པ་ཡོ་ནས་བསླང་བ་ཡིན་ནོ་གསུངས་ནས་མཉེས་ཚོར་ཆེན་པོ་བྱུང་། ཉེ་གནས་པས་ཁམས་མི་བདེ་ཙ་ན་གསོལ་བར་ཞུ་ཟེར་ཞིང་འདུག་པ། ད་ནང་བཟའ་བ་ཁྱེར་ལ་ཤོག །ཇ་ཞིམ་དུ་དྲོངས་སློབ་དཔོན་དང་གསུང་གླེང་བྱེད་པ་ཡིན་ནོ། །ཞེས་ཆོས་རྗེས་གསུངས་པ་ཐོས་སོ། །དེ་ལ་སོགས་པའི་ཆོས་རྗེ་ཡབ་སྲས་ཀྱི་རྣམ་ཐར་མང་དུ་ཡོད་དེ་བྲི་བར་མ་ལོངས་སོ། །དབུས་ཀྱི་སྲིན་པོ་རིར་སློབ་དཔོན་བྱ་བླ་ལ་གསང་འདུས་འཕགས་སྐོར་ཞུས། རིན་པོ་ཆེ་ངམ་ཤོད་པ་ལ་ན་རོ་ཆོས་དྲུག་ཞི་བྱེད་དོན་བརྒྱུད་རྟེན་འབྲེལ་གྱི་སྐོར། དོ་ཧའི་སྐོར་ལ་སོགས་པ་སྙེ་ཕུ་ཤུགས་གསེབ་པའི་ཆོས་སྐོར་རྣམས་གསན། ཤངས་ཀྱི་བོ་དོང་དུ་སློབ་དཔོན་གྲགས་པ་ལ་མདོ་སྡེ་ལ་སོགས་པའི་ལུང་ཞུས། ཆོས་རྗེ་རི་བོ་སྒང་པ་ལོགས་ན་བཞུགས་པའི་དྲུང་དུ་འཇལ། དགེ་སྦྱོར་གྱི་ཉམས་འདི་དང་འདི་འདྲ་བྱུང་ཞེས་སྙན་དུ་ཕུལ་བས་རྗེས་སུ་ཡི་རངས། ཁྱེད་ཀྱི་ཉིན་མོའི་དགེ་སྦྱོར་དེ་ཙམ་ངེད་ལ་ཡང་ཡོད་ཏེ། མཚན་


PS001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དགེ་སྦྱོར་གྱི་རྩལ་དེ་ཙམ་ངེད་ལ་མེད། ཁྱེད་བཟང་བར་གདའ་གསུང་། འོ་ན་ལགས་པས་ངས་ཀྱང་བར་དོའི་སེམས་ཅན་དང་མི་མ་ཡིན་མང་པོ་ལ་ཕན་ཐོགས་ནས་བྱུང་ཞུས་པས་མཉེས་པར་བྱུང་། ཁྲིད་ཆེན་བརྒྱད་ལ་སོགས་པ་འབྲུག་པའི་ཆོས་རྣམས་ལ་ཁྲིད་ལུང་དང་དཔེ་ལུང་མཛད། དཔེ་ཆ་ཡང་གནང་། ད་ཉིད་ཅག་གི་དགེ་སྦྱོར་ལ་བཤད་པ་དང་འགྲོ་དོན་བྱས་པས་མི་གནོད་པར་གདའ། སེམས་ཅན་མང་པོ་སྨིན་གྲོལ་ཡོངས་བ་གདའ་བས་ཉང་རོའི་མཚམས་ཕ་གིར་ས་བདེ་ཞིང་ཆུ་འབོལ་བའི་གནས་གཅིག་ཏུ་རི་ཁྲོད་བཏབ་ནས། འདག་སྦྱར་བུག་སྒོ་མཛོད་ལ་ཐུགས་དམ་གྱི་ཁོག་ནས་ཆོས་ཁྲིད་རྣམས་གདུལ་བྱའི་བློ་དང་གང་འཚམས་ཀྱི་ཕན་ཐོགས་མཛོད། སྙིགས་མའི་དུས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་གདའ་བས་ཐུགས་ཀྱི་གོ་ཆ་ཆེ་བར་མཛད་འཚལ་ལོ་གསུངས།


PS001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཁྲོ་ཕུ་བའི་དྲུང་ནས་དབུ་མ་པའི་ལུགས་ཀྱི་སེམས་བསྐྱེད་དང་། བདེ་མཆོག་དྲིལ་བུ་པའི་ལུགས་ཀྱི་དབང་བསྐུར། ཁྲོ་ཕུ་བའི་གདམས་སྐོར་ཁ་ཡར་ཐོས་ཤིང་། ཐུགས་ཤིན་ཏུ་འཛིན་པར་བྱུང་གསུངས། བླ་མ་ཞང་ཀུན་སྤོང་པ་ལ་རྫོགས་ཆེན་ཀུན་བྱེད་རྒྱལ་པོ་དུས་འཁོར་གྱི་དབང་ལ་སོགས་པ་ཞུས་ཤིང་ཤིན་ཏུ་མཉེས་ནས་ཐུགས་འདོགས་ཆེར་མཛད་དེ་ངའི་འདི་རུ་སྡོད་གསུངས་པ་ལ་གཞི་གཅིག་ཏུ་མི་སྡོད་པའི་དམ་བཅའ་ཡོད་པས་མ་བསྡད་གསུངས། བླ་མ་འདག་སྦྱར་བ་ལ་ཡང་སྦྱོར་དྲུག་ཡང་ལན་གཅིག་ཞུས། བླ་མ་ལྟ་གོང་བ་དབང་རྒྱལ་ལ་དབང་དང་གདམས་པ་མང་པོ་ཞུས། བློས་བཏང་གི་སྒྲུབ་པ་པོ་དབང་ཕྱུག་རིན་པོ་ཆེ་ལ་རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོར་གསུམ་ལ་སོགས་པ་ཞུས། ཆོས་སྐོར་འདིའི་ཚིག་དོན་ལ་ཁྱད་པར་དུ་འཕགས་པའི་མོས་གུས་དང་ངེས་ཤེས་ཁྱད་པར་ཅན་ཐོབ། སྤྱན་ལྔ་རིན་ཆེན་ལྡན་ལ་ཆོས་འདི་རྣམས་ཞུ་བའི་འདུན་པ་ལ་གཞན་གྱིས་བསྒྱུར་བས་མ་ཞུས། དེ་ཉིད་ལ་ཕྱིས་ཁོང་ཆོས་དེ་མ་ལེགས་པར་འདུག་སྙམ་པ་ཡང་བྱུང་། །


PS001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ངས་མཁའ་ཤི་ལུང་དུ་གསོལ་བ་བཏབ་ཅིང་མོས་གུས་བྱས་པས་མ་བདེ་བའི་གེགས་སེལ། ཚིག་དོན་ལ་གོ་ཉམས་ནང་ནས་སྐྱེས་པ་བྱུང་། གདམས་བསྐོར་ཕྱོགས་གཅིག་བྱས་པ་ལ་འདི་རྣམས་ཁོ་ན་འདོམ་སྙམ་པ་ཡོད། དེ་དུས་སུ་ལྷན་ཐབས་ཀྱི་ཡི་གེ་དེས་བྱས་པ་ཡིན་གསུངས་སོ། །ར་བཟའ་སྨོན་མཁར་དུ་མ་གཅིག་ལབ་སྒྲོན་ལོ་བརྒྱ་དང་བཅུ་ལོན་པ་གསོལ་ཟས་བདུད་རྩིས་མཛད། ལྷན་པ་སྣ་ཚོགས་ཐེབ་རེ་ཡན་ཆད་སྦྲང་ཚེམ་བྱས་པའི་གོས་གཅིག་གྱོན། གཡག་སྟན་སྒྲོ་ལུ་མ་གཅིག་གི་གཡང་ལུག་དང་། རྩིད་ཞྭ་སྤྱི་བོ་རྡོལ་བ་གཅིག་གོན། བདག་བཟུང་གི་དངོས་པོ་བདུད་རྩི་ཕྱེ་བཏགས་རྐྱལ་ཆུང་གང་ལས་མི་འདུག །མོས་པ་ཚུད་ཅིང་བློ་སྣ་ཐུང་རིལ་འགྲོ་བ་གཅིག་བྱུང་བདུད་རྩིར་དཀའ་ཐུབ་ཀྱི་རིགས་རྣམས་རྫོགས་པར་ཞུས། ཌ་ཀིའི་བྱིན་རླབས་འདུག །རིག་གསུམ་མགོན་པོ་ནས་བརྒྱུད་པའི་བདུད་བརྩི་བཀའ་མ་ཆད་པ་ཡིན་གསུངས་པའི་རིལ་བུ་མང་པོ་གཅིག་གནང་ནས་གདམས་པ་འདིའི་ཐོགས་གཅིག་ཁྱེད་རང་ཉམས་སུ་ལོངས། ཕྱིས་


PS001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྦྱིན་དང་ཕན་ཐོགས་ཡོང་གསུངས། ཆོས་ཞུ་བའི་སྔོན་དུ་ཌ་ཀིའི་བྱིན་རླབས་འབྱུང་བའི་རྨིས་ལྟས་ཡང་བྱུང་གསུངས་སོ། །ངས་དང་པོ་དམ་པ་ཆོས་རྗེའི་རྣམ་ཐར་ཐོས་པས་ཁོང་ལ་ཤིན་ཏུ་མོས་པ་གཅིག་བྱུང་ནས་སྲས་མོ་གཅིག་ཡོད་ཟེར། ཕྱིས་ཉ་མོ་བཀྲ་ཤིས་སྒང་དུ་སྲས་ཡེ་ཤེས་ཀུན་ལྡན་ལ་ནམ་མཁའ་སྒོ་འབྱེད་ཞུས། དོ་གཅོད་སྐོར་གསུམ་ལ་སོགས་པ་ཞུས། ཁོང་ཡང་ཉམས་བཟང་བ། སྙིང་རྗེ་འབྱོངས་བ་མཁའ་འགྲོ་མའི་རིགས་རྟགས་ཚང་བ་གཅིག་གདའ་གསུངས་སོ། བླ་མ་ཧཱུྃ་འབར་ལ་བྱིས་པའི་དུས་སུ་བསྙེན་གནས་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞུས། ཁྱོན་གདམས་པ་སྣ་རེ་ཙམ་ཞུས་པ་ཡན་ཆོད་དང་། གསུམ་ལྡན་གྱི་བླ་མ་མན་ཆོད་ལ་བརྒྱད་ཅུ་གྱ་གསུམ་བཞུགས། ཐམས་ཅད་ཀྱང་བླ་མའི་མཚན་ཉིད་དང་ལྡན་པ་ཡོད་ལགས། བླ་མ་བཟང་པོ་དང་གདམས་ངག་ཟབ་མོ་དང་འཛོམས་པས་བསགས་རྒྱབ་ཆེ་བ་ཡིན་གསུངས། ཁྱད་པར་འགྲན་གྱི་དོ་མེད་བཀའ་དྲིན་ཆེ་བའི་བླ་མ་རྣམས་ནི་སྣར་ཐང་གི་མཁན་ཆེན་


PS001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཆིམས་རིན་པོ་ཆེ་དེས་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་བསླབ་སྡོམ་གནང་། སྡེ་སྣོད་དང་བཀའ་གདམས་ཀྱི་སྣང་བ་རྒྱ་ཆེར་བསྐྱེད། བྱ་བྲལ་བྱས་པའི་རྗེས་སུ་ཡང་སྐུ་དྲིན་དྲན་ནས་བེམ་པོ་གོག་པོ་གཅིག་གྱོན། ཕྱག་རྟེན་དར་ཁ་སུམ་སྦྲེལ་གཅིག་ཁྱེར་ཏེ་བཀའ་བཀྱོན་ཡོང་ངམ་མི་ཡོང་ངམ་སྙམ་ནས་མཇལ་དུ་ཕྱིན་པ་དང་། གཏོར་གཡོག་པས་གྲུམ་གདན་རྐྱང་པ་གཅིག་བཏིང་བ་གཟིགས་ནས། ཁོང་དགེ་བཤེས་བཤིག་བའི་རི་ཧྲུལ་ཡིན། སྟན་བཟང་པོ་ཐིངས་གསུངས་ནས་མཉེས་པའི་གསུང་མང་པོ་བྱོན། དེ་ནས་བླ་བྲང་དུ་གྲོ་ལ་བྱོན་ཟེར་དུ་བྱུང་བ་ལ། ངེད་དགེ་སློང་བསླང་བྱེད་པ་ཡིན་པས་གྲོ་དང་ཇ་འདིར་དྲོངས་གསུངས། ཞལ་བཀོད་ལ་ཁྱེད་དཀའ་ཐུབ་མང་པོ་བྱེད་ཀྱི་འདུག་ཟེར་བ། དཀའ་ཐུབ་ཀྱི་ལུས་གོག་པ་འདི་ཕྱིས་སོར་ཚུད་པ་དཀའ། སྐྱོ་ཚེའི་དཀའ་ཐུབ་ལ་བརྟེན་ནས་སྒྱུ་ལུས་གུད་ཀྱང་ཟན་གོང་རེས་ཀྱང་སོས་སླ་བ་ཡིན་པས་དེ་དྲག་གོ་གསུངས། སྒྲུབ་པ་རྩེ་གཅིག་ཏུ་བྱེད་པ་ལ་མི་མཐུན་ཕྱོགས་


PS001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་ཆད་འདི་ངོས་བཟུང་ཡང་སླ་ལ་གནད་དུ་བསྣུན་པས་སེལ་ཡང་སླ། མཐུན་ཕྱོགས་ཀྱི་བར་ཆད་འདི་ངོས་ཟིན་པ་ཡང་དཀའ། སྤང་བ་ཡང་དཀའ་བས་དེའི་དབང་དུ་མ་ཤོར་བ་དང་། བེམ་པོའི་འགབ་གཤམ་རིང་དུ་མ་སོང་བ་གྱིས་ཤིག །བློས་བཏང་གི་སྒྲུབ་བ་མཐར་ཕྱིན་པ་བྱེད་དགོས་པའི་ཞལ་བཀོད་མང་དུ་གསུངས། དེས་སྙིང་རུས་དང་ཞེ་བཅད་ལ་ཤིན་ཏུ་ཕན་པར་བྱུང་བ་ཡིན་གསུངས་ཆོས་གང་ཐོབ་རེ་ལ་མྱོང་བ་གང་སྐྱེས་ཀྱི་བརྩོན་འགྲུས་རེ་མ་བྱུང་བ་ཡང་མེད། དེས་ལུས་སེམས་སྟུག་ཐག་རེ་བཅད། བླ་མ་ཁམས་ཆེན་པས་ལམ་འབྲས་ཐུགས་རྒྱུད་གེགས་སེལ་གྱི་གནད་དང་། ཕྱག་ལེན་གནང་བ་ཕལ་ཆེ་བ་ཡིན་གསུངས་སོ། །རྒྱུད་སྡེ་དང་གདམས་ངག་གི་གོ་ཡུལ་དང་བློའི་འགྲོལ་རྣམས་ནི་བཀྲས་ལུང་པ་ཤངས་ཀྱི་རྩེ་མོ་ལ་རྗེ་བཙུན་མ་སྒྲོལ་མའི་དཀྱིལ་འཁོར་ཞལ་གཟིགས། ཐོད་པའི་ཆང་གི་སྦུ་བ་ལ་རྗེ་བཙུན་མའི་ཞལ་མཐོང་ཞིང་། མྱོང་རྟགས་ཀྱི་ཡོན་ཏན་དུ་མ་མངའ་བ་དེའི་བྱིན་རླབས་ཡིན་གསུངས། ཆོས་རྗེ་སངས་རྒྱས་སྟོན་པའི་ཐུགས་


PS001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་བྱིན་རླབས་ལ་བརྟེན་ནས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་གསུངས་པ་བཤད་ཟིན་ཏོ། །ཆོས་ཀྱི་འབྲེལ་བ་མེད་ཀྱང་ལྷ་ས་ན་མཁའ་འགྲོ་མ་མར་པའི་སློབ་དཔོན་མ་ཇོ་གདན་མ་བྱ་བའི་མངོན་ཤེས་ཐོགས་པ་མེད་པ་ཡོད་པ་གཅིག་གིས་རིན་པོ་ཆེ་བ་ལ་དངོས་སུ་ལུང་བསྟན་བཟང་པོ་བྱས་གསུངས། དེ་ལྟར་ན་བླ་མ་རྣམས་ཀྱི་ཐུགས་དགོངས་དང་ཡོན་ཏན་བྱིན་རླབས་ལོངས་ཤིང་ཐུགས་ཡིད་ཆོས་ཀྱི་སྐུ་དང་དབྱེར་མེད་པ་གཅིག་ཏུ་འདྲེས་ཏེ། རྒྱལ་བ་བླ་མ་རྣམས་ཀྱི་ཕྲིན་ལས་ཀྱིས། རྒྱལ་ཚབ་འཛིན་པ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་སྡུག་བསྔལ་ཐུགས་རྗེས་མ་བཟོད་པ། །རང་གི་བདེ་ལ་ཐུགས་ཡིད་མ་ཆགས་པ། །བརྩོན་པས་བསྒྲུབ་པ་ཆོས་སྐུའི་ངང་དུ་འབྱམས། །ཉིན་མཚན་མཉམ་རྗེས་འདྲེས་ལ་གསོལ་བ་འདེབས། ཞེས་པའི་དོན་ནི་འཇད་ཕུ་དབེན་པའི་རི་ཁྲོད་དུ་དགེ་སྦྱོར་བྱེད་གི་ཡོད་པ་ལ། ཧོར་དམག་མང་པོ་འགྲོ་བ་མཐོང་ནས་བློ་ལ་མི་བཟོད་པའི་སྙིང་རྩ་ཚ་ཡག་པ་བྱུང་ནས་དགེ་ཤག་བལྟ་རུ་བཏང་བས། དབུ་མར་ཆག་གི་དམག་རུ་འདུག །


PS001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་གུང་པ་ལ་བདེ་པ་ཡིན་ཟེར་བ་ཐོས་ས་སྐྱ་པ་དང་འབྲི་གུང་པ་གཉིས་དགེ་འདུན་གྱི་སྡེ་ཆེ་ཤོས་ཡིན་པ་ལ་འཁྲུགས་ནས་ཁ་ཟིན་དང་ཞེན་ཕྱོགས་ཀྱིས་བསད་ཤི་དང་བརྡེག་འཚོགས་བྱས་པས། ངན་སོང་འགྲོ་བ་མང་པོ་བྱུང་། ངན་སོང་གསུམ་གྱི་ཚེ་ཚད་དང་ལུས་ཚད། སྡུག་བསྔལ་དྲག་པོ་རྣམས་དྲན་པས་གཉིད་མེད་པར་བློ་སྦྱོང་བསྒོམས་པས་ཚེ་འདིའི་རང་གི་བདེ་བ་དང་། ཕྱི་མར་ཞི་བདེ་འདོད་པའི་བློ་སྤངས་སྟེ། བཟོད་མེད་ཀྱི་སྙིང་རྗེ་ཆེན་པོ་དང་། ཡེངས་མེད་ཀྱི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་སྙིང་རྗེའི་སྙིང་པོ་ཅན་ལ་བོགས་ཆེ་བར་བྱུང་། འཇད་ཉི་མ་ཞུར་ཆུང་གི་མགྲོན་ཁང་དུ་མཛེ་ཕོའི་རྐང་པ་རུལ་བའི་ཕོལ་མིག་རྣག་ཁྲག་འཇའ་རི་འཇི་རི་འདུག་པ་དེ་འཇིབ་པས་ཁོ་ལ་ཕན་པོ་བྱུང་། ང་རང་ཡང་སྙིང་རྗེ་དང་བློ་སྦྱོང་ལ་བོགས་ཆེན་པོ་ཐོན། ལུག་ལོའི་མུ་གེ་ཆེན་པོ་དེ་ལ་མཁའ་རེག་དཀར་རྩི་ཅན་དུ་སྒྲུབ་པ་བྱ་སྙམ་ནས་ཙམ་པ་ཕད་བུ་གང་ཁུར་ནས་ཕྱིན་པའི་ལམ་ན་རྒན་རྒོན་གཉིས་ལྟོ་ཕྱེ་དང་སྤྲོད་མཁན་


PS001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རིད་པ་སྡུག་བསྔལ་བ་མཐོང་ནས། མི་ཕོད་པའི་སྙིང་རྗེ་ཆེན་པོ་སྐྱེས་ཏེ་ཕྱེ་ཐམས་ཅད་བྱིན་པའི་དབྱར་དེར་རྒྱུན་གཅོད་བྱས་ཤིང་དགེ་སྦྱོར་ལ་འབད་པས་ཁམས་བཟང་ལ་བོགས་ཆེ་བ་བྱུང་། གདམས་ངག་ལ་ངེས་ཤེས་སྐྱེས། ཉིན་མཚན་མཉམ་རྗེས་འདྲེས་པའི་ཁོར་ཡུག་ཏུ་འགྲོ་བ་ཡུན་རིང་པོ་བྱུང་། དེ་རྣམས་ཀྱི་ཁོར་ཡུག་གཙོ་བོར་འདུག །ཕྱིས་གཡུ་རི་དང་། བསམ་ལྡིང་པ་དང་། ཟམ་བུ་ལུང་དང་། སྲིན་པོ་དོན་གྲུབ་རྣམས་སུ་དགེ་སྦྱོར་ཁོར་ཡུག་ཏུ་འགྲོ་བ་བྱུང་སྟེ། རྟོགས་པ་གཙོ་ཆེར་འདུག་གསུངས། གཡུ་རི་དགེ་སློང་ཐར་པ་དཔལ་ལ་ངལ་ཡེངས་རྒྱུ་མི་འདུག་གོ །ཁྱེད་རང་བཞུད་ཅིག་གསུངས། དེའི་རྗེས་ཚུར་ལམ་འབྱོན་པའི་ལམ་གཅིག་ཏུ་བསྙེལ་གཅིག་མཛད་པས། ང་ལ་སྣང་བ་འདི་སེམས་ཀྱི་རང་འོད་དུ་ལམ་མེ་བ་གཅིག་མིན་པ་མི་འདུག་གསུངས། བསམ་སྡིངས་སུ་མཚམས་དམ་པོ་མཛད་ཅིང་། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་སྒྲོགས་གསུངས་ནས་བཀླག་པས། མནལ་དུ་བྱོན་འདུག་སྙམ་ནས་


PS001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སླ་ཆོས་དམ་དུམ་བྱས་པས། དེ་མིན་ད་རུང་སྐྱོར་དང་གསུངས། དེར་རྟོག་དཔྱོད་ཞུགས་ནས་བལྟས་པས་མནལ་གྱིས་མི་སྒྲིབས་པར་ཚད་མས་གྲུབ་པ་མང་པོ་བྱུང་། གཞན་ཀློག་འཛིན་བྱས་པ་ཀུན་ལའང་དེ་འདྲ་བྱུང་འདུག །དེས་དྲུང་དུ་ཞུས་པས་ང་ལ་གཉིད་ཀྱིས་མི་སྒྲིབ་གསུངས། ཟམ་བུ་ལུང་དང་ཡང་ཐོག་རྩེ་ལ་སོགས་པར་མགུར་གསུངས་པ་རྣམས་ཀྱང་རྟོགས་པའི་ང་རོར་གོ །དོན་ལ་ཉིན་མཚན་ཐམས་ཅད་དུ་སྤྱོད་ལམ་གང་ལ་ཡང་ཉམས་ཁོར་ཡུག་ཏུ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཁྱེད་ལ་གསོལ་བ་འདེབས་སོ། །ཁྱེད་ནི་རྫོགས་ཆེན་ཀློང་དགུ་གསན་པའི་ཚེ། །ཤིན་ཏུ་མཐོ་བའི་རྒྱ་ཕིབས་ཐོག་དགུ་པའི། །སྟེང་ན་ཉམས་ང་མེད་པར་ཉམས་རྟོགས་འབར། །ཐེག་དགུའི་ཡང་རྩེར་ཕྱིན་ལ་གསོལ་བ་འདེབས། ཞེས་པའི་དོན་ནི། བླ་མ་རིན་པོ་ཆེ་ཕུག་ནག་པ་དེས། ཇོ་མོ་ནགས་རྒྱལ་ལ་ན་བཟའ་རས་རྐྱང་དང་། ཆུ་འཐུང་རྐྱང་པ་ལོ་ལྔའི་བར་དུ་དཀའ་དཔྱད་མཛད། གསང་སྔགས་གསར་རྙིང་གི་རྒྱུད་མན་ངག་རྒྱ་མཚོ་མངའ་བ་ཉམས་རྟོགས་ཁྱེད་པར་ཅན་ཡོད་པ་དེ་


PS001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫོགས་ཆེན་གསང་རྫོགས་དང་། དགའ་རབ་རྡོ་རྗེའི་ཀློང་དགུ་ཉན་ཙ་ན་རྒྱ་ཕིབས་ཆེན་པོ་ཐོག་རིམ་ཡོད་པ་མཐོ་ཞིང་ལེགས་པ་གཅིག་གི་སྟེང་ན་ངའི་སེམས་ཆོས་ཀྱི་སྐུ་ལས་མ་གཡོས་པའི་ངང་ནས་ཉམས་དང་རྟོགས་པ་ངར་དང་བཅས་པ་འབར་འདུག །དེ་ཀ་ཉམ་ང་བ་དང་ཚམ་ཚོམ་མེད་པར་འཁྲབ་པར་རྨིས། དེ་འདྲ་ཅིའི་ལྟས་ཡིན་སྙམ་པ་ལ། ཨ་ཏི་ཡོ་གའི་རྟོགས་པ་མངོན་དུ་གྱུར་ཅིང་། ཐེག་པ་དགུའི་ཡང་རྩེར་ཕྱིན་པའི་རྟགས་སུ་འདུག་སྙམ་པ་བྱུང་། ཡོན་ཏན་མངོན་དུ་གྱུར་པའི་སྐྱེས་མཆོག་ཁྱེད་ལ་གསོལ་བ་འདེབས་སོ། །རྡོ་རྗེ་གླིང་དུ་མན་ངག་གསན་པའི་ཚེ། ཁྱེད་ཐུགས་འོད་གསལ་སྣང་བ་མཆེད་པ་ལས། སངས་རྒྱས་ཞིང་དང་དམྱལ་བའི་གནས་སོགས་གཟིགས། ཀུན་གཟིགས་མཁྱེན་པ་ཅན་ལ་གསོལ་བ་འདེབས། ཞེས་པའི་དོན་འདི་སྐད་ཅེས་ཐོས་སོ། །དེ་ཡང་ཆོས་རྗེ་དགེ་ལྡན་པ་དུས་གསུམ་མཁྱེན་པའི་གྲུབ་ཐོབ་དེས་ལུང་བསྟན་ཁྱད་པར་ཅན་མཛད། ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་སྲས་ཀྱི་དམ་པ་


PS001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སྙིང་རྗེ་འབྱོངས་ཤིང་ཐུགས་དམ་གྱི་མྱོང་བ་དང་མངོན་ཤེས་ཚད་ལྡན་མངའ་བའི་བླ་མ་དགེ་སློང་ལ་ཡི་གེ་བཞི་བ་ལ་སོགས་པའི་ཁྲིད་དང་གདམས་ངག་མང་དུ་ཞུས། ཁྱད་པར་རྡོ་རྗེ་གླིང་དུ་གསང་སྤྱོད་ཆེ་ཆུང་དང་། ཕྱག་ཆེན་གསེར་ཕྲེང་དང་། བླ་མ་གཅེར་སྒོམ་གྱི་གདམས་སྐོར་ཚོ་བསྒོམས་པས་དགེ་སྦྱོར་ལ་བོགས་ཆེ་བར་བྱུང་། ནུབ་གཅིག་གཉིད་འོད་གསལ་དུ་ཚུད་ནས་མཐོང་ཕྱིས་དངོས་པོ་ཐམས་ཅད་མ་བསྒྲིབས་པར་གསལ་ཞིང་འདུག །གསལ་སྣང་རྒྱ་ཆེ་རུ་མཆེད་པས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མང་པོ་དང་། ལྷ་དང་མིའི་ཡུལ་ཁམས་དང་། དམྱལ་བ་ལ་སོགས་པའི་ངན་སོང་གསུམ་པོ་རྣམས་ཀྱང་གསལ་སྣང་མཐོང་བ་གཅིག་བྱུང་གསུངས། དེ་ཡང་ལན་གཅིག་མིན་པར་གཟིགས་པའི་ཉམ་སྣང་དང་། དྭངས་ཆ་མངོན་དུ་གྱུར་པ་ཡིན་པ་གང་ལ་སྟེ། ཉམས་རྟོགས་ཀྱི་ཡོན་ཏན་སྦེད་པ་ཁོ་ན་རྣམ་ཐར་གྱི་གཙོ་བོར་མཛད་ཅིང་ཞལ་བཞེས་མི་མཛད། དོན་ལ་ཐུགས་དམ་གྱི་དྭངས་ཆ་མནལ་གྱི་འོད་གསལ་


PS001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོས་མ་སྒྲིབས་དུས་གསུམ་མཁྱེན་པའི་ཀུན་གཟིགས་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །མཁའ་རག་བཞུགས་དུས་ཁྱེད་ཀྱི་མནལ་ལམ་དུ། བླ་མ་བྱོན་ནས་གསུང་ངག་རིན་པོ་ཆེ། རྫོགས་པར་གནང་ཤིང་བསྡུས་ནས་འདིར་འདུས་གསུང་། གསུང་ངག་མཛོད་མངའ་ཁྱེད་ལ་གསོལ་བ་འདེབས། ཞེས་པའི་དོན་འདི་སྐད་དུ། རིན་པོ་ཆེ་པས་མཁའ་རག་ཤར་ཕྱོགས་སུ་ཐུགས་དམ་འཇུར་པོ་མཛད་ཅིང་བསྒོམ་པས་ལུས་སེམས་བགེགས་ཀྱི་བྱེད་པ་མང་དུ་བྱུང་སྟེ། ལམ་འབྲས་ལ་ནན་ཏན་དང་བཀའ་སྤྱད་ཆེན་པོ་བྱས་ཤིང་མཁས་སྙམས་པ་ཡོད་དེ། བསམ་བློ་བཏང་བས་ཚིག་དོན་མི་བདེ་བ་མང་དུ་འདུག་པ་ལ། ནུབ་གཅིག་བཀྲས་ལུང་པ་རྨི་ལམ་དུ་བྱོན་ནས་ལམ་འབྲས་ཀྱི་ཁྲིད། ལམ་རྒྱས་འབྲིང་བསྡུས་པ་རྣམས་ཚིག་དོན་ཡོངས་སུ་རྫོགས་པ་གནང་། མཐར་ལམ་འབྲས་ཐམས་ཅད་བསྡུས་ནས་འདི་ལས་མེད་གསུངས་པའི་ཚིག་གཅིག་ཏུ་འདུ་བའི་ཉམས་ལེན་གྱི་གནད་གཅིག་ཀྱང་གནང་། རིན་པོ་ཆེ་པ་སྐུ་སྐྱེ་བ་གང་དུ་


PS001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་པ་ལགས་ཞུས་པས། སྨན་ལུང་དུ་སྐྱེ་བ་བླངས། ཡབ་ལ་སོགས་པ་རྒྱས་པར་ཞུ་སྙམ་ཙ་ན། གཉིད་སད་ནས་ཞུ་བ་མ་བྱུང་། དེར་བསམ་པས་སྔར་གྱི་གེགས་དང་མི་བདེ་བ་རྣམས་རང་གྲོལ་དུ་སོང་འདུག །རྗེའི་སྐུ་དྲིན་དྲན་ནས་ལམ་འབྲས་བརྒྱུད་པའི་གསོལ་འདེབས་དེ་བྱས་པ་ཡིན་གསུངས། དེ་ཉིད་ཀྱི་ཕྱིར་གསུང་ངག་རིན་པོ་ཆེའི་མཛོད་ཀྱི་ཡོན་ཏན་དྲི་མ་མེད་པ་ལ་གསོལ་བ་འདེབས་སོ། །ཚོང་དུས་ཆེན་པོའི་ནུབ་ཀྱི་གྲོང་ཁྱེར་དུ། །བགེགས་ཆེན་དག་གིས་བར་ཆད་བརྩམ་པའི་ཚེ། །ཁྱེད་སྐུ་ཤིན་ཏུ་ཆེ་བའི་ཁྲོ་བོར་གྱུར། །རྒྱལ་བའི་སྐུར་གྱུར་ཁྱེད་ལ་གསོལ་བ་འདེབས། ཞེས་པའི་གསང་ཚིག་འདིའི་དོན་ནི། བླ་མ་རིན་པོ་ཆེ་ཉིད་ཀྱིས་སྤྱིར་ཚེ་འདིའི་ཐུགས་བཏང་གི་གོ་ཆ་ཆེན་པོ་མཛད་ཅིང་། ལྷག་པར་ལོ་བཅུ་གཉིས་ཀྱི་བར་དུ་དབྱར་རྒུན་ཆར་ལྷག་སྐྱོབ་པ་ལ་ཟླ་བ་གཉིས་གསུམ་གཅིག་གནས་གཅིག་ཏུ་བཞུགས་པ་དང་། དེའི་རྒྱགས་རྟེན་ཁལ་གསུམ་ཙམ་རེ་མིན་པ་གང་ཡང་མི་འཆང་བའི་དམ་བཅའ། གནས་གཅིག་ཏུ་ཡུན་རིང་


PS001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡོད་པ་ལ་སོགས་པའི་ཞེ་དམ་མང་པོ་གཅིག་མཛད། ཕྱོགས་མེད་དུ་གཉན་ཁྲོད་མང་པོ་འགྲིམ་པའི་དམ་བཅའ་བྱས་ཏེ། ལན་གཅིག་ཚོང་དུས་མགུར་མོའི་ནུབ་ཕྱོགས་དུར་ཁྲོད་ཀླུ་ཀུ་རིའི་གྲོག་པོ་ཀླུ་བདུད་གཉན་པོ་ཡོད་པ་དེར་གཅོད་བྱེད་ཅིང་ཉལ་བས་ནུབ་གཅིག་གི་སྣང་ཡུལ་ན་བྲག་གི་ལྟོ་འཁྲིས་ཀྱི་ཐང་དེ་ན་ཡར་ར་ལྤགས་ཁམ་ནག་ཕྱིར་ལོག་གོན་པ་འདྲ་བ་བདུན་ཙམ་ཁྲིག་ཁྲིག་བྱུང་བ་སྙམ་པ་དང་། ཆེར་གྱིས་མནན་པ་འདྲ་བའི་གཟི་བརྗིད་དང་རྨི་ལམ་བྱུང་བ་དང་། ངའི་ལུས་འདི་རྟ་མགྲིན་རྒྱལ་པོའི་སྐུ་ཆེན་པོ་གཅིག་ཏུ་གྱུར་ནས་གདོན་དེ་དག་ཁྱོར་པའི་ནང་དུ་འུབ་ཀྱིས་བཅུག་ནས་དཀྲོགས་པས་སྤྲུལ་ཀ་འདྲ་བའི་གློ་གློར་གཅིག་ཏུ་སོང་འདུག །དེ་སྣ་ནང་དུ་རྔུབས་ཏེ་ཆོས་དྲུག་གི་དམིགས་པ་གདོན་ཞི་བྱེད་བྱས་དཀྲུགས་འཁོར་བྱས་པས་སྐད་ངན་ཆེན་པོ་བྱུང་། མདུན་དུ་བསྟན་ཙ་ན་མཆིན་པ་འདྲ་མོ་གཅིག་གུལ་གུལ་འདུག་དེར་སྙིང་རྗེ་དྲག་པོ་ཡང་སྐྱེས། ཁོའི་གནོད་སེམས་དང་བར་ཆད་ཡང་ཞི། གཅོད་དང་རྨི་ལམ་སྒྱུ་ལུས་འདི་གུང་མཐུན་ཅིང་གཅིག་གིས་


PS001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་སྩལ་སྦྱངས་བར་འདུག་གོ་གསུངས་སོ། །ཡང་བྲག་ལྷ་ཀླུ་ཕུག་ཏུ་ཞག་བཞི་བཅུའི་བར་ཆོ་འཕྲུལ་ཉི་ཚེ་བྱུང་། དེའི་ཕྱི་ནུབ་མི་བཞི་ནས་གྲི་རུབ་བྱས་པ་གཅིག་རྨིས། དེས་དགག་སྒྲུབ་མེད་པའི་དགེ་སྦྱོར་བྱུང་ཞིང་རིག་པའི་ངར་ཆེན་པོ་སྐྱེས་ནས། དགེ་ཤག་ཉལ་བའི་ཁ་རུ་ཞོན་ཏེ་འཁྲབ། འདན་པ་ལ་ཐལ་ལྕགས་བརྒྱབ་པས་སྐྱབས་སུ་མཆི་ཟེར་གྱི་འདུག །དེའི་ཤུགས་ཀྱིས་ཁོའི་འབྱམས་ནད་དྲག་པོ་གཅིག་ཡོད་པ་དེ་ཐོན་གསུངས། ཡང་ལན་གཅིག་གཡའ་ལུང་གི་སྐག་འི་འོག་ཏུ་ཕྲེད་ལ་ཉལ་བསྡད་པས། ནམ་ཕྱེད་ཙམ་ན་རྟ་པ་གཅིག་བྱུང་ཁོས་མེ་འབར་བ་གཅིག་ཏུ་མཐོང་ཟེར། ཕྱག་ཕུལ་ང་ཐོང་གསུངས་ཟེར་བ་ཡང་ཁ་གཅིག་ལས་ཐོས་སོ། །ངས་ཆུ་རི་ཤོད་དུ་གཉན་ཁྲོད་བྱས་པས་ཁ་བཟོ་བ་རྣམས་ཀྱི་ཆོ་འཕྲུལ་སྔོན་ལ་བྱུང་། བྱིངས་ཆེ་བ་རྣམས་ཀྱིས་རྗེས་སུ་བསྟན། དེས་རྐྱེན་བྱས་ནས་ཟླ་བ་གཅིག་གི་བར་ཆོ་འཕྲུལ་བྱུང་དགེ་སྦྱོར་འཕེལ། ལྷོངས་གཅོད་ཚར་གསུམ་མཚུངས་ལྡན་དུ་བྱུང་བ་དང་། སྟག་ལུང་རྒྱལ་པོའི་ལོ་རྒྱུས། གཡུ་རི་མ་དཔོན་གཡོག་གི་དབང་


PS001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་ལོ་རྒྱུས། གནས་འདི་རུ་གང་ཟག་འདི་འདྲ་བསྡད་ཟེར་བ་དང་། ལྷ་འདྲེ་རྣམས་རིན་པོ་ཆེ་པ་བཞུགས་པའི་ཕྱོགས་ཡར་ཕྱག་འཚལ་བའི་ལོ་རྒྱུས་ལ་སོགས་པ་ཐོས་སོ། །སྔ་དྲོ་གཅིག་རྨི་ལམ་དྭངས་པ་ལ་བུད་མེད་གཅིག་བེ་བུམ་སྔོན་པོ་ཐོགས་ནས་དེའི་ནང་ནས་ཆོས་གཅིག་བཏོན་ནས་ཕར་ལོག་ཚུར་ལོག་བྱེད་ཅིང་། གྲུབ་ཐོབ་ཆེན་པོ་ཀོ་བྲག་པའི། ཉམས་སུ་མྱོང་བའི་གདམས་པའི་གནད། །ཞི་བྱེད་བདེན་བཞི་མི་སྒོམ་པར། །སྤྲས་སྤྲོས་མང་པོས་ཅི་ཞིག་བྱ། །ཟེར་གྱི་འདུག །དེར་གཞི་ལ་ཐོས་བསམ་བྱས་པས་ཚིག་དོན་ལ་སྒྲོ་འདོགས་ཆོད་པར་བྱུང་གསུངས་སོ། །ལན་གཅིག་འཇད་ནས་མར་འོངས་པ་ཕུག་པ་འདྲེ་ཅན་གཅིག་ཏུ་ཉལ་ནས་ནམ་ཕྱེད་ཙ་ན་བྱད་ཀྱི་སྟེང་དུ་ས་ཉིལ་ཉིལ་བྱུང་། ཅི་ཡིན་སྙམས་ནས་བལྟས་པས། ས་རྡོ་ཚན་ཆེན་པོ་རྫ་མ་ཙམ་གཅིག་ལྷུང་ལ་ཁད་བྱས་ནས་མཐའ་མར་སེར་ཀ་ཡག་བྱུང་བྲེད་དྲགས་ནས་ཕྱི་རུ་རྒྱངས་ཀྱིས་ཐོན། དེ་ཀ་ལ་དྲན་པས་ཟིན་ནས་བདག་འཛིན་མ་ཐེངས་པའི་གཅོད་སྡུག་འདུག་སྙམས་ནས། ཁོའི་


PS001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་ཀ་ལ་མགོ་བོ་བཞག་ནས་ཉལ་སྡད། ཉིན་ཞག་གཉིས་སྙེམས་ཆོད་པ་དང་ཕྱེ་སློང་དུ་ཕྱིན་ནོ། །ཡང་ལོག་ནས་ཡོངས་ཙ་ན་མགོ་བཞག་སར་ལྷུང་འདུག་གསུངས་སོ། །ལན་གཅིག་མཁའ་རེག་ཏུ་སྒྲུབ་པ་དམ་པོ་གཅིག་བྱས་པས་རླུང་ལོག་དྲག་པོ་བྱུང་སྟེ། གོས་དྲན་པོ་དང་ཞ་མོ་ཡང་གྱོན། ཟས་བཅུད་ཅན་དང་བྱུགས་པ་ལ་སོགས་གང་བྱས་ཀྱང་མ་ཕན། མན་ངག་གི་དམིགས་པ་དང་གནད་བསྣུན་གང་བྱས་ཀྱང་ངོ་དུམ་རེ་ཙམ་བྱས་ནས་མ་ཕན་པས། ད་ཤི་ནུས་ཀྱི་ཐོག་འགེལ་བྱ་སྙམ་ནས་དཔེ་ཆ་དང་གོས་སྟན་གང་ཡོད་སྤོང་དག་བྱས། རྟོགས་ལྡན་དངོས་ཡེ་ལ་བེམ་པོ་གོག་པོ་གཅིག་དང་རིང་འགག་ལྷན་ཆུང་མཐེབ་རེ་ཙམ་བཏབ་པ་འདི་ང་ལ་ཚོངས་བྱས་པས། ཁྱེད་གསོལ་དུ་གཏུབ་ཅིང་བཞེས་ན་ཕུལ་བས་ཆོག་ཟེར་ནས་བྱུང་བ་དེ་གོན། དམ་པ་ཤུགས་གསེབ་ལ་གྲོགས་སུ་ཁྲིད། སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་པ་ལ་ཆོས་ཕྱོགས་སུ་འཆི་བ་གོ་བཅད་བྱས་ཏེ། གཉན་ཁྲོད་ལ་ཕྱིན་པས་གཟུགས་པོ་ངན་ནས་གཙང་པོའི་འགྲམ་


PS001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལུས། དེར་ཕ་བོང་གི་བར་ནས་ཕར་རླུང་དང་ཆུའི་ངད་སྡོང་པས་གྲང་ནས་མི་ཟུག་པ་འདྲ་བ་གཅིག་འདུག་པས་དེ་ཀ་ལ་མགོ་བསྟན་དེ་བཟློག་བསྒོམ་བྱས་པས་མགོ་འགས་པ་འདྲ་བའི་ཟུག་དེ་དྲག་ནས། ནམ་ཕྱེད་ཙམ་ན་གཉིད་དུ་སོང་འདུག་གསུངས་སོ། །མདོར་ན་ཐོགས་བཅས་དང་ཐོགས་མེད་དང་། མཛེ་དང་། འགོ་ནད་ལ་བསྲེ་བ་ཡ་ང་དང་སྐྱུག་བྲོ་ལ་སོགས་པ་ལ་རྫི་བ་གསུང་རང་གིས་ཐོས་པ་དང་། གཞན་གྱིས་ཐོས་པ་མང་དུ་ཡོད་དེ་གཅོད་བཤད་པའི་སྐབས་སུ་ངག་ལས་ཤེས་པར་བྱའོ། །དེ་ལྟར་བདག་འཛིན་བཏང་ཞིང་བསྒོམ་པས་ལུས་ལྷ་སྐུ་དང་། སེམས་ཆོས་སྐུའི་མྱོང་བ་མངོན་དུ་གྱུར་པས་རྒྱལ་བའི་སྐུར་གྱུར་ཁྱེད་ལ་གསོལ་བ་འདེབས་སོ། །གསང་བའི་སྤྱོད་པའི་ཉེ་ཁར་བྱོན་པའི་ཚེ། །ཤིན་ཏུ་སྔོ་ལ་དངས་པའི་མཚོ་ནང་དུ། བདེ་མཆོག་འཁོར་ལོ་མ་བསྒྲིབས་གསལ་བར་གཟིགས། ཐུགས་དམ་ཞལ་གཟིགས་ཁྱེད་ལ་གསོལ་བ་འདེབས། ཞེས་པའི་དོན་ནི་འདི་སྐད་གསུངས་སྟེ། རིན་པོ་ཆེ་པ་


PS001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྤྱོད་མཛད་ཅིང་ཨེ་མར་ཉེ་ཁར་བྱོན་པས་ཉེའུ་སྐམ་ལ་ལུས་པ་མང་པོ་འདུག །འབད་པ་བསྐྱེད་ཅིང་བཏོན་ནས་གཙང་པོར་བསྐྱལ། དགེ་སྦྱོར་འཕེལ་བ་རིག་པ་ཤིན་ཏུ་དྭངས་བ་བྱུང་། སྔ་དྲོ་གཅིག་འཁྱིལ་མཚོ་མེ་ལོང་ལྟ་བུ་སྔོ་ཞིང་དྭངས་པ་དེའི་ཆུ་ཁར་བཞུགས་པས་ཆུ་ནང་དེར་བཅོམ་ལྡན་འདས་ལྷན་གཅིག་སྐྱེས་པ་སྐུ་མདོག་རྒྱན་ཕྱག་མཚན་ཐམས་ཅད་མ་འདྲེས་པ་ཡོངས་སུ་རྫོགས་པ་གཅིག་ཞལ་མངོན་སུམ་དུ་མཐོང་། དགའ་བརླམ་དང་ཞེན་པ་མེད་པར་རང་གི་སེམས་ཉིད་སྐྱེ་བ་མེད་པ་དང་དབྱེར་མེད་དུ་རྗེན་ནེ་འདུག །དེ་ཕྱིན་ཆད་བསྐྱེད་རིམ་གསལ་བ་དང་། རང་སེམས་ལྷ་སྐུའི་གོ་བ་དང་། ཉམས་ལ་ཤིན་ཏུ་བོགས་ཆེ་བར་བྱུང་། མུན་ཁང་དུ་སྦྱོར་དྲུག་བརྐྱངས་པས་ལྷ་སྐུ་དཔག་མེད་མཐོང་བ་དང་། ཟམ་བུ་ལུང་དུ་གསང་སྤྱོད་བྱས་པས་ལུང་པ་ཐམས་ཅད་ལྷ་སྐུ་དཔག་ཏུ་མེད་པ་འཁྲིགས་པའི་མཐོང་སྣང་བྱུང་སྟེ་ཉམས་སྣང་དུ་འདུག་དེ་རྗེས་དགུན་རྩམ་འགྲམ་རྡོ་རྗེ་རྫོང་གི་སྤང་ཕུག་ཏུ་བསྡད་སྙམ་ནས་བལྟ་རུ་ཡོང་བས་དོན་གྲུབ་ཀྱི་གནས་ཀྱི་ཆགས་ལུགས་


PS001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་ཆོས་པོ་ཏི་མང་པོ་དང་། བདེ་མཆོག་གི་སྐུ་གཅིག་བཞུགས་པ་རྨི་ལམ་དུ་མཐོང་བུ་མེད་གཅིག་ལ་དྲི་བ་བྱས་པས་མཁའ་སྤྱོད་སྒྲུབ་པའི་གནས་ཡིན་སོང་ཆེ། ཅུང་ནོན་པ་དཀའ་ཟེར་བ་རྨིས། ཕྱིས་དེར་བསྡད་པས་དེ་ཁོ་ན་བཞིན་འདུག་གསུངས་སོ། །དེ་ལྟར་དངོས་དང་ཉམས་སྣང་རྨི་ལམ་ཚུན་ཆད་དུ་ལྷ་སྐུར་རང་ཤར་གྱི་ཐུགས་དམ་དང་། ཡི་དམ་གྱི་གཙོ་བོ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་སོ། །ཆོས་རྗེ་གོང་མ་བཞུགས་པའི་སྤྱན་སྔ་རུ། །རྣམ་དག་སྨོན་ལམ་རྒྱ་ཆེན་འདེབས་པའི་ཚེ། །བཀའ་བརྒྱུད་བླ་མ་བྱོན་ནས་བྱིན་གྱིས་བརླབས། །ངོ་མཚར་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཞེས་པའི་དོན་ནི། རི་གོང་དུ་ཆོས་ཞུ་ཞིང་མཚམས་བསྡད་པས། ནུབ་གཅིག་རྨི་ལམ་ན་ཧོར་མང་པོ་བྱུང་ནས་བྲོས། ཆོས་ནུ་བའི་གསེར་གཅིག་ཡོད་པ་དེ་ལ་ཆགས་ནས་རྩབ་རྩུབ་དུ་སོང་འདུག་པས། གཉིད་སད་པ་དང་རྨི་ལམ་ཟིན་དགོས་པ་ཡིན་པ་ལ་མ་ཟིན་པར་འདུག །དེར་འདི་ཙམ་


PS001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་འཆིང་བར་འདུག་སྙམ་ནས་ནང་པར་ཚོགས་སུ་མང་ཇ་བཀོལ། རིན་པོ་ཆེ་པའི་དྲུང་དུ་གསེར་སྲང་ཕྱེད་ཕུལ། ཆོས་ཞུ་བའི་ཡོན་དགོས་པ་རྣམས་ལ་དམ་དུམ་རེ་བྱིན། དྲུང་དུ་ཚོགས་ཆུང་ཞིག་བཤམས། རང་གཅིག་པུར་ཁྲིད་ཞབས་ཀྱི་སྨོན་ལམ་བཀའ་རྒྱ་མ་འདེབས་པའི་ཚེ། རིན་པོ་ཆེ་པ་སྤྱན་ནམ་མཁའ་ལ་གཟིགས་ཤིང་། གུས་འདུད་ཡང་ཡང་མཛད་ཅིང་འདུག །ང་ལ་ཡང་བྱིན་རླབས་ཀྱི་འཇུག་ཚུལ་བསམ་གྱིས་མི་ཁྱབ་པ་བྱུང་། དེར་ཤིན་ཏུ་ཐུགས་ལ་བཏགས་བྱིན་རླབས་ཆེ་བར་བྱུང་ལགས་ཞུས་པས། བྱིན་རླབས་ཆེ་བའི་རྒྱུ་མཚན་ཅི་འདུག་གསུངས། ཇི་ལྟར་གདའ་བ་ཞུས་པས་དེ་རིང་བཀའ་བརྒྱུད་ཀྱི་བླ་མ་རྣམས་བྱོན་པ་ཡིན་གསུངས་སོ། །དེ་ནས་རྩ་བརྒྱུད་བླ་མ་རྣམས་ཀྱི་སྲས་ཀྱི་དམ་པ་ངོ་མཚར་མཚུངས་མེད་ཁྱེད་ལ་གསོལ་བ་འདེབས་སོ། །ཐིང་བུ་ཝང་ཡུལ་དབེན་པའི་རི་ཁྲོད་དུ། །ཐུགས་དང་ནམ་མཁའ་དབྱེར་མེད་གྱུར་ནས་ཀྱང་། །ཀུན་གཟིགས་གསོལ་འདེས་སྒྲ་ཡི་ཡིད་འཛིན་གསུངས། ཞེས་པ་དེའི་དོན་ནི། གསུང་ལས་འདི་སྐད་ཏེ། ལྷོ་རང་གཅིག་ཏུ་གཤེགས་པའི་


PS001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དགོངས་མཛད་དེ། ཐིང་པོ་བྲག་དགོན་དུ་བྱོན། དེར་ཉེ་གནས་ཁམས་པ་ཀུན་འདས་ཏེ། །ཕྱག་རྫས་ཀྱི་དངོས་པོ་ཅི་ཡོད་བཏང་ནས་སྐུ་མཚམས་དམ་པོ་མཛད་པའི་དུས་སུ་མཚན་མོ་གཉིད་དུ་སོང་བ་དང་། ལུས་ཀྱི་སྣང་ཆ་ཙམ་ཡང་མེད་པར་ནམ་མཁའ་དང་སེམས་དབྱེར་མེད་གཅིག་ཏུ་འདྲེས་ཏེ། དགེ་སྦྱོར་གཡོ་མེད་དུ་གནས་པའི་ངང་ནས་ཕྲ་རགས་ཀྱི་དངོས་པོ་ཐམས་ཅད་མཐོང་བ་དང་། དད་གུས་ཅན་གསོལ་འདེབས་ཀྱི་གདངས་ལ་ཡིད་འཛིན་པ་དང་སྤྲོ་བ་བསྐྱེད་པ་བྱུང་གསུངས། གཞན་ཡང་ཐུགས་དམ་གྱི་དྭངས་ཆ་དང་། ཉམས་སྣང་མང་དུ་བྱོན་པའི་གསུང་ཐོས་ཏེ་མ་བྲིས་སོ། །གནས་ལུགས་འཕོ་འགྱུར་མེད་པའི་དོན་ལ་ཐུགས་འོད་གསལ་དུ་འགྲོ་འོང་བྲལ་བའི་མཉམ་བཞག་བརྟན་པོ་ཁྱེད་ལ་གསོལ་བ་འདེབས་སོ། །ཁྱེད་ནི་མནལ་སད་ཐོ་རང་ས་ཆ་ཉིད་ལ། །སྣ་ཚོགས་དཔག་མེད་ཐིག་ལེའི་ནང་དག་ཏུ། །བྱམས་པ་སྒྲོག་མཛད་སྐུ་ནི་དཔག་མེད་སྣང་། །སྣང་བ་ལྷ་སྐུར་ཤར་ལ་གསོལ་བ་འདེབས། །ཞེས་པའི་དོན་ནི། སྒོམ་


PS001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་གཅིག་གིས་ལྷ་སྐུ་རང་ཤར་གྱི་ཉམས་སྣང་བརྙན་དུ་ཕུལ་བས་ལྷ་སྐུའི་ཉམས་སྣང་ཆེ་ཚད་ཡིན་གསུངས། ང་ལ་ཡང་ཐོ་རངས་གཉིད་སད་ནས་རྩ་སྟོང་རླུང་དྭངས་པའི་དུས་དེར་ཐོགས་བཅས་ཀྱི་དངོས་པོ་འདི་རྣམས་གང་ཡང་མི་སྣང་བར་ཐིག་ལེ་དཔག་ཏུ་མེད་པ་ཤོང་ཙམ་ཚངས་སུ་གང་བའི་ནང་ན། བྱམས་པ་སྒྲོག་གླེང་མཛད་པའི་ཕྱག་རྒྱ་ཅན་ལ་སོགས་པ་ལྷ་སྐུ་དཔག་ཏུ་མེད་པ་འཁྲིགས་ཏེ། དེ་ཐམས་ཅད་ཀྱང་མི་དལ་མི་བྲེལ་བའི་སྣང་བ་འཆར་གསུངས། རྟག་ཀྱིས་ཁྲིད་པ་རྣམས་ནི་ཨའུ་བརྩི་བར་བྱེད། ང་ལ་དགག་སྒྲུབ་ཙམ་མི་འདུག །དོན་ལ་ཐ་མལ་གྱི་གཉིས་འཛིན་དག་ནས་སྐུ་གཉིས་ཟུང་འཇུག་གི་སྣང་བ་ལྷ་སྐུ་སྒྱུ་མ་འོད་གསལ་དུ་ཤར་བའི་གྲུབ་ཆེན་ཁྱེད་ལ་གསོལ་བ་འདེབས་སོ། །སྒོམ་ཆེན་འཚོགས་ན་ཉམས་རྟོགས་ཀུན་གྱི་བདག །མཁས་པའི་དབུས་ན་སྨྲ་བའི་སེང་གེར་གྱུར། འགྲན་ཟླས་དབེན་པ་གཙུག་གི་ནོར་བུ་མཆོག །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། དེ་ལྟར་དཔལ་ལྡན་བླ་མ་རིན་པོ་ཆེ་འདི་ཉིད།


PS001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་སྦྱངས་པའི་མཁྱེན་རབ། ཉེས་སྤྱོད་ཀྱིས་མ་གོས་པའི་ཚུལ་ཁྲིམས་བརྩོན་པར་བསྒོམས་པའི་ཉམས་རྟོགས། འགལ་མཐུན་རྐྱེན་ལས་རྒྱལ་བའི་དཔའ་བོ། །བློ་ཚོད་དོན་དང་སྦྱོར་བའི་ཐབས་མཁས་ལ་སོགས་པ་རྒྱས་པར་གོང་དུ་བརྗོད་ཟིན་ལ། དེ་ཉིད་ཀྱི་མཁས་པ་དང་། བཙུན་པ་དང་། བསྒོམས་པའི་ཡོན་ཏན་ལ་འགྲན་ཟླ་མེད་པས་བསྟན་པ་རིན་པོ་ཆེའི་རྒྱལ་མཚན་འཛིན་པ་ཁྱེད་ལ་གསོལ་བ་འདེབས་སོ། །འབྲེལ་པར་གྱུར་ན་དོན་མེད་མི་འགྱུར་ཞིང་། །གསོལ་བ་བཏབ་ན་རྟོག་པའི་དཔལ་ལ་འགོད། །བདག་ལ་ཉེ་བར་འཛིན་པའི་བཤེས་གཅིག་པོ། །བཀའ་དྲིན་མཉམ་མེད་ཁྱོད་ལ་གསོལ་བ་འདེབས། ཞེས་པ་ནི། ཆོས་རྗེ་རིན་པོ་ཆེ་བ་ཉིད། སྔོན་བསགས་ཚོགས་གཉིས་ཀྱི་བྲེ་ཁ་ཁེངས་པས། དྲུང་དུ་ཚོགས་པ་མང་ཉུང་གང་ལ་ཡང་ཆོས་དང་ཟས་གོས་འབད་མེད་དུ་འབྱུང་བ། མི་མེད་ལུང་སྟོང་དུ་ཡང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཤུགས་ལས་བྱུང་ཞིང་། དད་ལྡན་སྦྱིན་བདག་ཀུན་ལ་ཡང་། །ཚེ་འདིའི་རང་མགོ་སྲེག་


PS001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་ཡོངས་སྟེ། ཚེ་ཕྱི་མར་ཕན་པའི་རྒྱུ་འབྲས་མི་བསླུ་བར་ཡོང་གིས་གསུངས། སྐུ་མཐོང་ཞིང་བྱིན་རླབས་ཞུས་པས། ཕྱེ་ཕོར་རེ་ཙམ་ཕུལ་བས་ཀྱང་ལས་འབྲེལ་བཟང་པོ་འཇོག་ནུས་པ། གསུངས་ཐོས་པ་ཙམ་ལ་དད་པ་དང་ཆོས་ལ་ངེས་ཤེས་སྐྱེ་ཞིང་། བློ་གདུང་བས་གསོལ་བ་བཏབ་ན་རྟོག་པའི་དཔལ་ལ་འཁོད་པ་རྣམས་ནི་རང་གཞན་གྱི་མཐོང་སྣང་དུ་མྱོང་བས་གྲུབ་བོ། །དེ་ལྟར་མཐོང་ཐོས་བསྟན་པའི་མོས་གུས་ཡོད་པའི་གང་ཟག་ལ་ཐུགས་རྗེས་ཉེ་བར་གཟིགས་ཏེ། ཚོགས་པ་རབ་འབྲིང་ཐ་མའི་སྐྱེས་བུ་སུ་ཡིན་སུ་མིན་ཡང་ང་ཁོ་ན་ལ་ཐུགས་ལ་བཏགས་པ་ཡོད་པའི་བཤེས་གཅིག་པོ་ལྟོ་གོས་ཆོས་གསུམ་གྱིས་གདུལ་བྱ་རྗེས་སུ་འཛིན་པའི་བཀའ་དྲིན་མཉམ་མེད་ཁྱེད་ལ་གསོལ་བ་འདེབས་སོ། །སྐྱབས་གསུམ་ངོ་བོ། །བཤེས་མཆོག་དམ་པ། བསླུ་མེད་ཐུགས་རྗེས་བྱིན་གྱིས་རློབས་ཤིག །བྱ་ཡི་ལོ་ལ་གཡུ་རིའི་ནགས་ཁྲོད་དུ། བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །བདག་བློ་སྐྲ་རྩེའི་ཁྱོན་གྱིས་ཆུ་ཐིག་ཙམ། །བརྗོད་པའི་ཉེས་པ་བཤགས་


PS001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དགེ་བ་བསྔོ། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ། ཞེས་པ་འདི་ནི། བྱའི་ལོ་ལ་ཞིང་སྐྱོང་མཁའ་འགྲོ་གནས་པའི་ཕོ་བྲང་། གདུག་ཅན་ལྷ་འདྲེ་གནས་པའི་ལུང་པ། ཏིང་ངེ་འཛིན་ངང་གིས་འཕེལ་བའི་གཡུ་རིའི་ནགས་ཁྲོད་དུ། བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་ཕྱི་ནང་གསང་བ་གསུམ་གྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུའི་ནང་ནས། བདག་གི་བློ་གྲོས་སྐྲའི་ཁྱོན་ཙམ་གྱིས་བླངས་ཤིང་བརྗོད་སྟེ་བསྟོད་པའི་འགྲེལ་པ་ཚིག་འགའ་པོ་འདི་མ་ཚང་བ་དང་། ཟློས་པ། སྔ་ཕྱི་གོང་འོག་འཁྲུག་པ། འཕྲལ་སྐད་དང་ཚིག་གི་སྡེབ་སྦྱོར་ནོར་བ་ལྟ་བུ་ཅུང་ཟད་ཡོད་ཀྱང་། ཡི་གེ་མང་དུ་དོགས་པས་རིགས་སུ་བསྡུ་བ་དང་། རྩ་ཚིག་བསྟོད་པའི་ཕྱོགས་རེ་བསྡེབས་པ་དང་། ཆོས་རྗེས་ཇི་སྐད་གསུངས་པའི་འཕྲལ་སྐད་ལགས་ཤིང་གོ་བདེ་རུ་བརྗོད་པ་ལགས་པས། དམ་པ་རྣམས་ཀྱིས་བཟོད་པ་མཛད་པར་རིགས་སོ། །ཆོས་རྗེའི་རྣམ་པར་ཐར་པ་དྲི་མ་མེད་པའི་ཡོན་ཏན་ཞེས་བྱ་བ། །ཤཀྱའི་དགེ་སློང་བོ་དྷི་པྲཛྙཱ་ཡིས། །


PS001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བློ་ངོར་སྣང་ཚོད་བརྗོད་པ་འདི། །དབེན་གནས་བསམ་གཏན་སྡིངས་སུ་བཀོད་པ་ཡིན། །དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་པ། །ཆོས་རྒྱལ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

མཁས་གྲུབ་ཆོས་རྗེ་སྐུ་འདའ་ཀའི་རྣམ་ཐར།


PS001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཆོས་རྗེ་སྐུ་འདའ་ཀའི་རྣམ་ཐར་བཞུགས་སོ། །


PS001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ། ཆོས་རྗེ་བླ་མའི་སྐུ་གསུང་ཕྲིན་ལས་རྣམས། །གདུལ་བྱའི་སྣང་ངོར་གང་འཚམས་ཆོས་ཉིད་ཡིན། །མ་འོངས་རྣམ་པ་དངོས་སུ་མཁྱེན་པས་གསུངས། །ཟས་ནོར་ལོངས་སྤྱོད་འཁོར་གསུམ་ཡང་དག་མཛད། །འདུས་པའི་འཁོར་ལ་གདམས་པའི་ཆོས་ཆར་ཕབ། །སྲས་ཀྱི་དམ་པ་རྒྱལ་མཚན་ཕྲིན་ལས་བསྐོས། །སེམས་ངོ་འཕྲོད་པས་བླ་མ་འབྲལ་མེད་ཀྱི། །མོས་གུས་ཅན་ལ་ཐུགས་རྗེའི་ཞིང་ཁམས་ཡིན། །ཆོས་བརྒྱུད་སློབ་བརྒྱུད་བསྟན་པ་རྒྱས་ཀྱི་གསུངས། །དངོས་འཛིན་ཅན་ལ་མི་རྟག་ཚུལ་བསྟན་ནས། །ངོ་མཚར་རྟགས་ཀྱིས་གདུལ་བྱའི་ཡིད་ཚིམ་མཛད། །བདེ་བ་


PS001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཤེགས་ཁྱེད་ལ་གསོལ་བ་འདེབས། །བདག་ཅག་རྣམས་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁས་གྲུབ་རིན་པོ་ཆེ་འདི་ཉིད་ཀྱིས་ས་ཕོ་རྟ་ལོའི་དགུན་སྒྲུབ་སྲིན་པོ་རི་དོན་གྲུབ་ཀྱི་གནས་སུ་མཛད། དེའི་ཚེ་ད་ལོ་བར་ཆད་གཅིག་རྩམ་གྱིན་འདུག་པ་དང་། ནང་གཅིག་ལ་སྟོད་ཀྱི་ལྷ་འདྲེ་རྣམས་དང་། ཕུག་མོའི་བཙན་དེ་མཇལ་དུ་བྱུང་གསུངས། དེ་དགེ་ལགས་སམ་མི་དགེ་ལགས་ཞུས་པས། སངས་རྒྱས་སྟོན་པ་ཞི་བར་གཤེགས་ཙ་ན་ལྷ་འདྲེ་རྣམས་མཇལ་བའི་ལོ་རྒྱུས་གཅིག་གསུངས་སོ། །དགུན་སྒྲུབ་ཐོན་ནས་ཞག་ཉི་ཤུ་ཙམ་ཆོས་


PS001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་གསུངས། དབང་བཀའ་ཁ་གཅིག་མཛད། ཚོགས་པ་རྣམས་ཀྱིས་བློས་བླངས་ཀྱི་རིམ་གྲོ་མང་པོ་མཛད་དོ། །དེ་ནས་སྐུ་ཁམས་བཟང་། བསམ་སྡིངས་སུ་བྱོན་དུས་དོན་གྲུབ་དང་། ཟུར་ཁང་གི་མཆོད་ཆ་གདན་ཆ། ཐབ་ཆ་ཕལ་ཆེར་ཁྱེར་ཅིག །ངའི་མལ་ས་འདིར་ཁྱེད་རང་ཀུན་ཉལ་བས་ཆོག་གསུངས། ཚུར་འབྱོན་ཁར་གཞན་དབང་ལ་རླུང་ལྟས་གཅིག་ལོག་འདུག་གསུངས་པ་རྣམས་མ་འོངས་པ་དངོས་སུ་མཁྱེན་ནས་གསུངས་པར་གདའ། དེར་མི་ལ་མཇལ་ཁ་མེད་པར་བསམ་སྡིངས་སུ་བྱོན་ནས་སྐུ་མཚམས་དམ་པོ་མཛད། དེར་ཕྱོགས་ཀྱི་དགེ་བཤེས། མི་ཆེན། རི་བ་ལ་སོགས་པ་བཞི་བརྒྱ་ཙམ་གཅིག་འདུས་བྱུང་། དེ་རྣམས་ལ་བསྙེན་དཀུར་འབུལ་བ་གྲལ་འགྱེད་བཟང་པོ་མཛད། ཞལ་བཀོད་གསུང་ཡིག་བྱོན། ད་རེས་དེ་ཁམས་ངན། ལུས་པོ་ལྗི། ཁྱེད་རྣམས་འདོད་པའི་ཆོས་རྣམས་མི་ནུས་པར་འདུག་པས་རང་རང་སོ་སོར་བྱོན། ཕྱིས་རྟེན་འབྲེལ་ཅི་འགྲིགས་བལྟ། ཞ་ལུ་པས་གཟིམ་ཁང་འདིར་སྡོད་ན་དགའ། དགེ་སྦྱོར་འཕེལ་ལ་རེ་ནས་རྒྱུ་བཏང་། ཁ་ཏ་བྱས། སྒོམ་ཆེན་རྣམས་ཀྱིས་ཀྱང་འབད་


PS001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏོན་ནས་བསྒྲུབས་པ་ཡིན་པས་མཁར་ལས་ཀྱི་ཕྱིར་སྲོག་ཆགས་ལ་གནོད་འཚེ་བྱུང་བའི་སྒྲིབ་སྦྱོང་ལ་ལོ་མཚམས་འདི་གར་བྱ། ཁྱེད་སྒོམ་ཆེན་ལོ་སྒྲུབ་མཛད་པ་རྣམས་ཀྱང་འདི་གར་བཞུགས། མཐུན་རྐྱེན་མ་འཛོམ་ན་ངེད་ཀྱིས་བྱ། མི་བྱེད་པ་རྣམས་རང་རེ་གར་དགའ་སར་བྱོན། གཅིག་གིས་གཅིག་ལ་མི་གནོད་པ་གལ་ཆེའོ་གསུངས་སོ། །སྤྱིར་གྱི་རྒྱུ་ཆ་རྐྱེན་ཆེན་པོ་བྱུང་ན་དགའ་བ་དང་ཞེན་འཛིན་ཆེན་པོ་སྔར་ཡང་མ་བྱས། དད་པ་ཅན་གྱིས་ཕུལ་བ་རྣམས་དགེ་བ་གཉིས་འགྱུར་དུ་མ་བྱུང་ན་བསླུས་པར་འགྲོ་བས་བསོད་ནམས་གང་ཆེ་ལ་ཐོངས། འབུལ་བ་སྣ་ཐག་ཅན་དུམ་གཅིག་ཡོད་པ་འདིས་གང་བྱེད་ཀྱང་འདོང་གསུངས་ནས། ཆུ་ཞལ་གྱིས་སྟོང་སྐོར་བརྒྱད། བླ་མ་རྣམས་ཀྱི་གདན་ས་སྒོམ་གྲ་གཙང་མ་རྣམས་སུ་བསྙེན་བཀུར་བ་དང་བཅས་པ་མཛད་དོ། །དེའི་ཟླ་བ་ཕྱི་དེ་སྐུ་ཁམས་བཟང་། ཐུགས་དམ་འཕེལ། སྒྲུབ་པ་བདུན་བཅུ་ཙམ་གྲབས་སུ་ཚུད་དེ། དེའི་ཚེ་མཇལ་གང་ཡོད་ལ་ཆོས་གསུངས་བར་འདུག་གོ་ཟེར་བའི་ཁ་སྐྱུགས་ཆེན་པོ་གཅིག་བྱུང་ནས་མི་ཆེན་གཉན་བཙུན་འདུས། ཉ་སྐྱེས་


PS001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོ་མང་པོས་ལྷ་བསྐོར་བྱེད་པ་བཞིན་ཞལ་མཐོང་གསུངས་ཐོས་རེ་བ་མང་པོ་བྱུང་བས། སོ་སོ་ལ་ཞུ་བ་ནན་ཅན་བྱས་པས་མ་བཟོད་པར་ད་འདིར་ཡང་སྡོད་དུ་མི་སྟེར་བར་འདུག །ད་རེས་འདི་ཚོའི་སེམས་འདྲེ་གཅིག་བསད་ནས། ཕྱིས་གཞན་ཞིག་ཏུ་འགྲོ་དགོས་གསུངས་ནས། ཆོས་དྲུག་ཕྱག་ཆེན་གའུ་མ། སེམས་འཆི་མེད། ཡི་གེ་བཞི་པའི་ཁྲིད་རྣམས་གང་འོས་སུ་གནང་། བདེ་མཆོག་དྲིལ་བུ་པ། བདེ་མཆོག་ལྷ་ལྔའི་དབང་། རྡོ་རྗེ་དབྱུག་པའི་བཀའ། ནམ་མཁའ་སྒོ་འབྱེད་རྣམས་གནང་། ཚོགས་ཆོས་ལ་གཅོད་བཀའ་བརྒྱུད་དང་ཉམས་བརྒྱུད་ལ་སོགས་པ་གསུངས། སྔར་བས་གསུང་ལྷོད་པ། ངོ་མཚར་བའི་གསུང་ཐོ་རེ་བ་ཙམ་བྱོན། དགེ་བཤེས་རྒན་པ་རྣམས་སྔར་དང་ཆོས་གསུངས་མི་འདྲ་ཟེར་ཅིང་ཐེ་ཚོམ་བག་ཙམ་བྱུང་ཡང་ཞུ་བའི་གནད་གང་ཡང་མ་སྤོབས་སོ། །ཟླ་བ་ལྔ་པ་ཉི་རྩེ་ཤར་གྱི་ཆོས་ཞུ་བ་མང་བ་དང་། ཧོར་གྱི་མཇལ་འཕྲད་ཞུ་ཟེར་བ་བྱུང་། དེའི་ནུབ་མོ་ཚེམས་བསྙུང་། སྐུ་ཁམས་ཟི། གསོལ་མི་བདེ། སྐུ་ལུས་ལྗི་ཐིབ་བེ་བ་གཅིག་བྱུང་སྟེ། ཁྲིད་ཆོས་ཀྱི་འཕྲོ་དང་། གལ་པོ་ཆེ་རེ་རེ་ཙམ་མིན་པ་དབེན་པར་བཞུགས། སྐུ་ཁམས་


PS001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐུབ་བྱུང་། ཟླ་བ་ཕྱི་མའི་ཚེས་དྲུག་ལ་ཆགས་བཟུང་གི་དངོས་པོ་ཐམས་ཅད་ཡི་གེ་ལ་ཐོབ་གསུངས་སོ། །ཆོས་བརྒྱད་ལ་རྒན་པ་རྣམས་ཀྱིས་སྐུའི་རིམ་གྲོ་བག་ཙམ་བྱེད་པར་ཞུས་པས། སྔར་ནི་རིམ་གྲོ་ལ་མིང་བཏགས་ནས་དགེ་བ་བྱེད་མ་མྱོང་། ད་རུང་སྙད་ལ་བརྟེན་ནས་བསོད་ནམས་བསགས་པ་འགལ་བ་མེད་པས། བསྙེན་བཀུར་ཐམས་ཅད་ནང་ནས་ཐོན་ལ་གཞན་ལ་ཁྲལ་སྡུད་མ་བྱེད། ངེད་ཀྱི་ཁམས་འདི་གླང་པོ་ཆེ་འདམ་ལ་བྱིང་བ་འདྲ་བ་གཅིག་ཡོངས་གསུངས། དེ་ནས་སྨན་བླ། དོན་ཞགས། ཡིག་བརྒྱ། རྣམ་འཇོམས། ཆོས་སྐྱོང་། གཙུག་ཏོར་རྣམ་རྒྱལ། བླ་མ་སྒྲུབ་པ་ལ་སོགས་པའི་སྒྲུབ་མཆོད། མདོ་འབུམ་ཞལ་སྤྲོད་གསུང་མི་ཆད་པ་གཏོར་མ་འབུམ་ཐེར། ཆ་གསུམ་སོགས་དེར་བཞུགས་ཐམས་ཅད་ཀྱིས་འབད་པས་བཏོན་ནོ། །ཚེས་བཅུ་གཉིས་ལ་དཔོན་མོ་སྲས་མོ་བ་བྱོན་ནས་རིམ་གྲོ་པ་ཐམས་ཅད་ཀྱིས་བསྙེན་བཀུར་དང་། ཚོགས་སུ་ཆོས་སྟོན་མང་ཇ་དང་བཅས་པ་ངེད་ཀྱིས་བྱེད་གསུངས། གཞན་རྣམས་ཀྱིས་ཀྱང་བསྙེན་བཀུར་འབུལ་བ་ཡིད་བྱུང་བ་བྱས། ཚེས་བཅུ་བཞི་ལ་རིན་པོ་ཆེ་པའི་ཟུང་ནས། ང་དང་


PS001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤུལ་མེད་རྗེས་མེད་གཅིག་བྱ་བསམ་པ་ཡིན་ཏེ། ད་དེ་ཙུག་ཀྱང་མི་ཡོང་བར་འདུག །སྤྱིར་བུ་སློབ་ཐམས་ཅད་དང་ཁྱད་པར་ཞྭ་ལུ་པ་ཡབ་ཡུམ་གྱིས་སྔ་ཕྱི་བར་གསུམ་ཐ་མ་རྗེས་དང་བཞིར་སྐྱོ་ངལ་མེད་པའི་མོས་གུས་བྱས། ཁྲུང་ཁྲུང་དཀར་ལ་མཇུག་མ་ནག་པ་མ་བྱས། སྲས་མོ་པ་བྱོན། རིམ་གྲོ་བཟང་ལ་མང་བ་བྱས། ཞུ་བའི་བྱེད་ལུགས་འདི་ཚོ་ཡང་ཐུགས་ཉེ་བ་དང་རང་འདོད་མེད་པ་ཡིན། འདི་ཀུན་ཏུ་ཡང་གོ་ཆོད་པ་རེ་ཙམ་གྱིས་དབུ་མཛད་བྱས་ནས་དགེ་སྦྱོར་ཅི་འཕེལ་བལྟ་བ་ཡིན་མོད་གསུངས། སུ་འོས་པ་གདམས་པའི་ཆོད་ཆེ་བ་དྲུང་ནས་བྱིན་རླབས་ཀྱི་ཐུགས་བཅག་པ་གཅིག་ལ་གསུང་འབྱོན་པར་ཞུ་ཞུས་པས། མི་དྲུག་དཔང་པོར་བཞག་པའི་གསུང་ཡིག་བྱོན། སྐུ་ཞབས་སུ་བྱོན་པ་དང་ཀློག་གསུངས། འབུལ་བ་སྣ་ཐག་ཅན་འདི་རྣམས་བླ་མ་རྣམས་ཀྱི་གདན་ས། ཇོ་བོ་ཤཱཀྱའི་དྲུང་། ཆུ་ཞལ་གྱི་སྟོད་སྐོར་སྒོམ་གྲྭ་གཙང་མ་རྣམས་སུ་བསོད་ནམས་གང་ཆེ་ལ་ཐོངས་གསུངས། གསོན་པའི་སྤོང་ཐག །ན་བའི་རིམ་གྲོ། ཤི་བའི་དགེ་རྩ་ཡིན་ནོ་གསུངས། ཚེས་བཅོ་ལྔའི་ནུབ་མོ་རྟེན་འབྲེལ་འཆུག་ཡང་ཡང་གསུངས། ནང་པར་ལེགས་ཕྱོགས་ཀྱི་རྟེན་འབྲེལ་བསྒྲིག་


PS001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུ་ཞུས་པས། རྟེན་འབྲེལ་ཡས་འགྲིགས་མ་འགྲིགས་གཉིས་ཡིན། ཁྱེད་བུ་སློབ་རྣམས་ཀྱི་ལུས་ངག་ཡིད་གསུམ་བླ་མའི་ཕྱོགས་སུ་བཏབ་སྟེ་ཆོས་དང་བསྟུན་ན། རྟེན་འབྲེལ་གྱི་རྒྱལ་པོ་བླ་མའི་གསུང་སྒྲུབ་བྱ་བ་ཡིན། དེས་བླ་མའི་བྱིན་བརླབས་འཇུག་པ་ཡས་འགྲིགས་ཡིན་གསུངས། ནུབ་གཅིག་མདང་འགྲོ་འདོད་པ་ཡིན་ཏེ་མི་དཀར་པོ་གཅིག་གིས་འགྲོ་ཡེར་མ་སྟེར་གསུངས། ལྷ་འདྲེ་མང་པོས་ཆོས་ཞུ་ཟེར་བ་དང་། མཇལ་ཟེར་བ་འདུག་པས་ཁམས་བཟི། ཕྱི་མི་གཅིག་ཀྱང་མ་གཏོང་གསུངས། ནང་གཅིག་ད་རེས་ཐབས་གང་གིས་ཀྱང་མི་བཟློག་པར་འདུག་སྟེ། འདི་ཀུན་གྱི་ལས་ལྷག་བསྡུས་ནས་ཕྱི་མ་ལ་ལུས་གཟུགས་སྐུ་དང་སེམས་ཆོས་སྐུར་འགྲོ་བར་གདའ་གསུངས། ཉི་ནུབ་ཀྱི་ཞབས་ཏོག་གང་ཞུས་ཀྱང་དེ་ཀ་ཞོག །གང་བྱས་ཀྱང་བདེ་རུ་མི་འགྲོ་བ་ནད་པའི་མལ་བྱ་བ་ཡིན་གསུངས། སངས་རྒྱས་སྟོན་པ་བྲག་དགོན་དུ་བསྙུང་བའི་ལོ་རྒྱུས་གཅིག་གསུངས། འོ་སྐོལ་ཡང་འོད་གསལ་ཁོར་ཡུག་གཅིག་ལ་རྟོག་པ་གཏད་དགོས་གསུངས་པ་དང་། རྗེ་དམ་པའི་ལོ་རྒྱུས་གཅིག་ཀྱང་གསུངས། ཚེས་བཅོ་བརྒྱད་ཀྱི་སྔ་


PS001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དྲོ་ཆོས་དུ་ཡིན་གསུངས། བཅོ་བརྒྱད་ལགས་ཞུས་པས། དགེ་སློང་བཀྲིས་མགོན་ལ་མཆོད་པ་བཟང་པོ་ཤོམས་གསུངས་པ་དེའི་དྲོ་བར་ཙམ་ན། སློབ་དཔོན་ཁྲ་སྟོན་ལ་སོགས་པའི་མི་ལྔ་ཡིས་སྐུ་ཚེ་རིང་བའི་རྟེན་འབྲེལ་བསྒྲིག་པར་ཞུས་པས། ཧ་ཧ་དེ་ཀ་ཡིན་མོད་གསུངས་ནས་མ་གནང་། དེ་དུས་སུ་ཞིང་ཁམས་གང་དུ་གཤེགས། །གསོལ་བ་གང་དུ་འདེབས་ལགས། ཆོས་བརྒྱུད་དང་སློབ་བརྒྱུད་དར་བར་ཐུགས་རྗེས་གཟིགས་པར་ཞུ་བྱས་ཤིང་ཕྱག་འཚལ་བས། སྐུ་སེང་མཛད་ནས་ཁ་ཏ་མི་རེ་ལ་སྔར་བྱས་པ་དེ་ཀ་ཡིན་མོད། སེམས་ངོ་འཕྲོད་པ་ཡིན་ན་གསོལ་བ་གཞན་དུ་གདབ་མི་དགོས། རྣལ་འབྱོར་ཆེ་མཆོག་ཧེ་རུ་ཀ །ཡུལ་ཕྱོགས་གང་ན་གནས་གྱུར་བ། །ཡུལ་དེ་ཡོངས་སུ་བཏག་པ་ཡིན། །ཞེས་གསུངས་པས་བླ་མ་དང་འདུ་འབྲལ་མེད་ཀྱི་གསུངས། རབ་ལ་དེ་ལྟར་ལགས་ཀྱང་། འབྲིང་མན་ཆད་ལ་དམིགས་གཏད་ཅན་རེ་གསུང་བར་ཞུ་ཞུས་པས། ད་རེས་བདེ་བ་ཅན་དུ་འདུན་པ་བཏང་སྨོན་ལམ་བཏབ་པ་ཡིན་པས་དེར་ཐོབ་གསུངས། ངེད་ལ་འཁོས་ཀ་ཙམ་མི་འདུག་སྟེ། ཐམས་ཅད་ཀྱིས་གསོལ་བ་རྩེ་


PS001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདེབས་པ་ཡིན་མོད་གོའམ་གསུངས། བཅུ་དགུའི་དགོང་མོ་དབུགས་མི་བདེ་བ་འདུག་གེ་གསུངས། གཞན་མི་གདའ། ནང་དུ་ཡུན་རིང་དུ་ཞུགས་ནས་ཕྱི་རུ་མི་འབྱུང་བ་ཡོང་ཞིང་གདའ། དེ་ཅི་ལགས་ཞུས་པས། རླུང་དབུ་མར་འཇུག་པའི་རྟགས་ཡིན་གསུངས། དེ་ནས་རེ་ཞིག་ནས་བླ་མ་གོང་མ་རྣམས་བྱོན་པ་དང་། མི་མ་ཡིན་གྱི་རྣམ་འགྱུར་ལ་སོགས་པ་ཅི་འདྲ་འདོག་ལགས་སམ། བདག་ཅག་རྣམས་ཀྱིས་ནི་གང་ཡང་མི་ཤེས་པར་གདའ། ཐད་ཀར་བསམ་པའི་གསུང་གསལ་འདྲ་འབྱོན་པར་ཞུས་པས། ཟ་ཟི་འདྲ་འདུག་སྟེ་འདི་ཡིན་ཙམ་མེད་ཀྱི་གསུངས། ཉི་ཤུ་གསུམ་ལ་སྐུ་ཞང་པའི་ཞུ་ཡིག་འདམ་ནས་ཕུལ་བ་དང་། མཆེད་གྲོགས་རྣམས་ལ་ཞལ་བཀོད་ཀྱི་གསུང་ཡིག་སྙན་དུ་ཕུལ་བས་ཤིན་ཏུ་མཉེས། ཁོང་པའི་ཐུགས་དགོངས་བཞིན་གོས་སྟན་ཆ་གཅིག་མིན་པ་ཐམས་ཅད་ཐོངས་གསུང་པའི་ཞལ་བཀོད་བཞིན་བསྒྲུབས་སོ། ཉི་ཤུ་བཞིའི་ནུམ་མོ་དེ་ནུབ་ནས་ཕྱི་ནང་གི་འགྲུལ་བསྡོམས། སྟེར་སློང་རྒྱུན་ཆོད། ཕྱི་ནས་ར་ཏི་གཅིག་ཀྱང་མ་ལེན། ཁྱེད་ཚོ་ཡང་འགྲོ་འདུག་མ་བྱེད། སྒོམ་ཆེན་པ་རྣམས་མཚམས་ལ་ཚུད་པར་གྱིས། ང་ཡང་དགེ་སྦྱོར་གྱི་ངང་ནས་ན་རོགས་ཤི་རོགས་


PS001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མི་ཚོལ། འདི་ཀ་ལ་ཉལ་བ་ཡིན་ནོ་གསུངས། དེར་དགེ་སློང་རྒྱལ་བ་དཔལ་གྱི་དབུ་མཛད་པའི་མི་གསུམ་གྱིས་ཕྱག་ཡང་ཡང་འཚལ་ཞིང་སྐུ་ཁམས་འདི་ཤིན་དུ་བསྐྱེད་ཆུང་བར་གདའ། གདུལ་བྱ་རྗེས་སུ་འཛིན་པའི་གདུང་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་རྟགས་འདྲ་ཐུགས་ལ་འདོགས་པར་ཞུ་ཞུས་པས། དེའི་ཁ་ན་ཙམ་མེད། ཕུང་པོ་འདི་སྦྱོངས་ལ་དེའི་རུས་པ་འདི་ཉིད་ཆུ་དང་གཙང་ཆུ་ལ་ཐོངས། ཕྱི་རྟེན་དང་ནང་རྟེན་མི་དགོས་གསུངས། ཡང་བསྐྱར་གཅིག་ཞུས་པས། འོ་ན་ཁྱེད་རང་ཞེ་ཐག་པ་ནས་གསོལ་བ་ཐོབ། ཐོ་རེ་རྩམ་ཞིག་བཞག་གིས་གསུངས། ཕྱི་རྟེན་ནང་རྟེན་མཛུབ་གང་བས་ཆེ་བ་མ་བྱེད། བྱས་ན་དམ་ཚིག་དང་འགལ་ལོ་གསུངས། དེའི་དགོང་མོ་གསུང་གསལ་མ་བྱོན་པའི་ཕྱག་བརྡ་འགའ་མཛད། དེའི་ནང་པར་ནས་གསུང་ཙམ་མང་པོ་མི་འབྱོན། གསོལ་ཟས་ཙམ་ཡང་མི་གསོལ་བར། གཟིམས་མལ་ཡང་མི་སྤོ། སྐུ་གཟི་མདངས་དང་ལྡན་པ་བསྙུང་བའི་ཚུལ་མེད་པ་ལྟ་བུ་གདའ་འོ། དེའི་དུས་སུ་ངོ་མཚར་བའི་རྟགས་ཉེ་རིང་ཀུན་ལ་མངོན་དུ་གྱུར་པ་མང་པོ་དང་།


PS001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མའི་བསུ་མ་ལ་སོགས་པ་ངོ་མཚར་བའི་རྟགས་མང་ཞིག་བྱ་བ་ཐོས་སོ། །དེ་ནས་དབྱར་ཟླ་ར་བའི་ཉི་ཤུ་དགུའི་སྐར་མ་རྒྱལ་སྨད་ལ་བབ་པའི་ཉིན་མོར་ཉི་མ་རི་མཐོའི་རྩེ་ལ་ཤར་བའི་ཚེ། སྐུའི་མཛད་པ་ཆོས་ཉིད་ཀྱི་ངང་དུ་གཤེགས་སོ། །ཞེས་པ་དེ་རྣམས་ཞབས་ཏོག་བྱེད་པ་རྣམས་ལ་གསུང་བྱོན་པ་རྣམས་རགས་རིམ་ཡི་གེར་བཀོད་པའོ། །སརྦ་དཱ་ཀ་ལྱཱ་ཎི་བྷ་ཝནྟུ།། །།

བླ་མ་མཁས་བཙུན་སངས་རྒྱས་རྒྱལ་མཚན་འབུམ་གྱི་རྣམ་ཐར།


PS001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཁས་བཙུན་སངས་རྒྱས་རྒྱལ་མཚན་འབུམ་གྱི་རྣམ་ཐར་བཞུགས་སོ།། །།


PS001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །དལ་འབྱོར་རྟེན་ལ་བསླབ་གསུམ་རྒྱན་གྱིས་སྤྲས། །ཐོས་བསམ་སྒོམ་གསུམ་ཉམས་རྟོགས་མཆོག་ཏུ་གྱུར། །གདུལ་བྱ་སྐལ་ལྡན་ཚེ་གཅིག་སངས་རྒྱས་སྟེར། །མཁས་བཙུན་སངས་རྒྱས་ཞབས་ལ་གསོལ་བ་འདེབས། །སྔོན་ཚེ་རྒྱལ་བའི་ཕྲིན་ལས་རབ་རྫོགས་ནས། །སྐྱེ་མེད་ཆོས་ཀྱི་དབྱིངས་ན་བཞུགས་གྱུར་ཀྱང་། །སྙིང་རྗེ་སྨོན་ལམ་


PS001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས་རབ་བསྐུལ་ནས། །རྐང་གཉིས་གཙོ་བོ་མི་ཡི་ཚུལ་དུ་བསྟན། །སྦྱངས་པའི་ལས་འཕྲོ་དཀར་པོའི་ཆོས་ལ་སད། །ཐོས་བསམ་རལ་གྲིས་ཕྱི་ཡི་སྒྲོ་འདོགས་བཅད། །སྒོམ་པའི་སྒྲོན་མེས་ནང་གི་མདུད་པ་བསལ། །དོན་གཉིས་མཐར་ཕྱིན་བླ་མ་དམ་པ་དེ། །སྙིགས་མའི་འགྲོ་བ་ཀུན་གྱི་དཔལ་མགོན་ལགས། །ཡུན་རིང་དུས་སུ་བཞུགས་པར་གསོལ་བཏབ་ཀྱང་། །ཞིང་ཁམས་གཞན་དུ་གདུལ་བྱ་ཆེར་དགོངས་ནས། །ཁྱི་ལོ་དབྱར་ཟླ་ཉི་ཤུའི་སྔ་དྲོ་ལ། །ངོ་མཚར་རྟགས་བཅས་


PS001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་གཤེགས། །ཕྱི་རབ་དད་ལྡན་འགྲོ་བ་དྲངས་ཕྱིར་དུ། །སྐུ་གདུང་རིང་བསྲེལ་མོས་པའི་རྟེན་རྣམས་བཞག །རྣམ་ཐར་མདོར་བསྟན་ཡིན་གྱིས་གུས་པས་ཟུངས། །དེ་ལ་བདག་ཅག་གི་བླ་མ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ། བླ་མ་མཁས་བཙུན་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ལམ་ལྔ་ས་བཅུའི་རིམ་པ་གཅིག་ཆར་བགྲོད་ནས། སྐྱེ་མེད་ཆོས་སྐུ་དང་དབྱེར་མི་ཕྱེད་པ་བྱུང་ཀྱང་། གཟུགས་སྐུ་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་ཕྱིར་རམ། སྐལ་ལྡན་གདུལ་བྱའི་རྒྱུད་ཡང་དག་པའི་ལམ་ལ་སྦྱར་བར་བྱ་བའམ། སངས་རྒྱས་བསྟན་པའི་གྲུ་ཆེན་ཡུན་རིང་དུ་གནས་པའི་ཕྱིར་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྙིགས་དུས་ཀྱི་འགྲོ་བ་ཕལ་པོ་ཆེ་ལ་ཐུགས་རྗེས་དགོངས་ནས། རྐང་གཉིས་མི་ཡིས་ཚུལ་དུ་སྐུ་འཁྲུངས་པའི་ཡུལ་ནི་ཁོངས་ལམ་རྩ་ཐང་། གདུང་རུས་ཤུད་གྱེ། ཡབ་ཕྱུག་པོ་ཆོས་སྐྱོང་བཙན། ཡུམ་ཕྱུག་མོ་གཡང་མོ་སྟེ། འབྱོར་པ་དང་ལྡན་པའི་སྲས་སུ་སྐུ་འཁྲུངས་སོ། །དེ་ནས་ཅུང་ཟད་མནོ་ཤེས་ནས་འགྲོ་འཆག་ཉལ་


PS001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐམས་ཅད་དུ་མ་ཎི་ཁོོ་ན་འདྲེན་པ་གཅིག་བྱུང་བ་དང་། དེ་ནས་ཡབ་ཀྱི་ཐུགས་དགོངས་ལ། འདི་ལས་སད་པ་གཅིག་འདུག་སྙམ་ནས་དྲིན་ཅན་རི་བའི་དྲུང་དུ་ཁུར་ཕྱིན་ནས། ཐུགས་རྗེ་ཆེན་པོའི་རིག་གཏད་དང་། མ་ིའི་ལུང་ཞུ་རུ་བཅུག །དེ་ནས་ལོ་དྲུག་བདུན་ནས་ཀློག་སློབ་ཏུ་བྱོན་པས། ཀློག་ཕྲུག་ཡ་བོ་རྣམས་འཐབ་པས། ཀློག་བདར་གསེར་འོད་དམ་པའི་རྒྱ་གར་སྐད་ཀྱི་ཤོག་གུ་རལ་ནས། སློབ་དཔོན་གྱི་འབར་དུ་བྱུང་གིས་དགོངས་ནས་བླ་མས་དཔེ་ལྟས་ཀྱིན་བྲིས་པས། དེ་ཇི་ལྟ་བ་བཞིན་ཐོན་བྱུང་། སློབ་དཔོན་རིན་ཆེན་མཛེས་ན་རེ། །འདི་སྔར་གྱི་མིན་པ་འདུག་སུས་བྲིས་པ་ཡིན་ཟེར་བ་དང་། བླ་མ་པས་སྔར་གྱི་དེ་ཆད་ནས་ངས་བྲིས་པ་ཡིན་བྱས་པས་ཁོང་ན་རེ། མ་བསླབ་པའི་ཡི་གེ་རང་བྱུང་དུ་ཤེས་པ་ཁྱེད་སྤྲུལ་པའི་སྐུ་གཅིག་དུ་འདུག །འོ་སྐོལ་ལ་ཕ་མེས་ཀྱང་གྲུབ་ཐོབ་སེངྒེ་གྲགས་དང་། ཤུད་ཀྱི་སྟོན་པ་ལ་སོགས་པ་གྲུབ་ཐོབ་མང་པོ་བྱུང་། ཁྱེད་ལ་ཡང་དེ་འདྲ་ཡོང་བར་འདུག་ཟེར། དེ་ནས་འཇམ་དཔལ་མཚན་བརྗོད། ཤེར་སྙིང་། སྒྲོལ་མ། གཙུག་ཏོར་ལ་སོགས་པ་བལྟས་པ་ཙམ་གྱིས་


PS001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་འོང་འདོད་བྱེད་ཅིང་ཡང་ནར་མར་ཤེས་པ་གཅིག་བྱུང་ངོ་། །དེ་ནས་དགུང་ལོ་དགུའི་དུས་སུ་འཇམ་དཔལ་ནར་མར་འདོན་པ་འདི་ལ་ལུང་གཅིག་དགོས་པར་འདུག་སྙམ་ནས། ཨ་མ་ལ་མར་དང་ཕྱེ་བསླང་ནས། ཁོང་རྐྱང་དུ་བླ་མ་དབོན་གྲགས་པ་ལ་མཚན་བརྗོད་དང་སྒྲོལ་མ་ལ་སོགས་པའི་ལུང་ཞུས། དེ་ནས་དགུང་ལོ་བཅོ་ལྔ་ལ་བླ་མ་ཤར་པ་ཀུན་དགའ་སེང་གེ་དང་། བླ་མ་སྟེང་ཁང་པ་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། སྙོགས་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་མཛད་དེ། སྤངས་བར་བྱ་བའི་ཕྱོགས་མཐའ་དག་ནི་སྤངས། བསླབ་པར་བྱ་བའི་གཞི་མཐའ་དག་བསླབ་བོ། །དེ་ནས་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་ལ་འབད་དགོས་པར་རིག་ནས། ཐོས་པས་ཕྱིའི་སྒྲོ་འདོགས་བཅད་པའི་རིམ་པ་ནི། བླ་མ་སྟེང་ཁང་པ་དང་། སློབ་དཔོན་ཀུན་དགའ་འབུམ་གཉིས་ལ་ཕ་རོལ་ཏུ་ཕྱིན་པ་གསན་ལོ་གསུམ་ལ་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པར་མཛད་ནས། བཤད་གསར་


PS001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ། །དེ་ནས་ས་སྐྱར་བྱོན་ནས། བླ་མ་འཇམ་དབྱངས་པ་ལ་རྟགས་གཉིས་གསན། སྒོས་ཀྱི་སློབ་དཔོན་ཀུན་དགའ་དཔལ་ལ་བཅོལ། །ས་ལུགས་ཀྱི་ལག་ལེན། དབྱངས། བརྟགས་གཉིས་ཀྱི་མཛུབ་ཁྲིད་དང་བཅས་པ་མཁས་པར་བསླབ་ཤིང་བཤད་གསར་མཛད། དེ་ནས་བླ་མ་རོང་པ་ཤེས་རབ་སེངྒྒེ་ལ་དུས་འཁོར་གྱི་དབང་། རྒྱུད་ལུང་ས་རིས་དང་བཅས་པ་ཞུས། དེ་ནས་བླ་མ་སྒང་སྟོན་དང་། བླ་མ་ཨ་ནུ་ཤྲཱི་གཉིས་ལས་དུས་འཁོར་མཁས་པར་བསླབ། སྲེག་ཤིང་དུ་བཤད་པ་མཛད་ནས། ཁྱམས་སུ་རྒྱུན་གཅོད་མཛད་ནས་སྦུབ་སྲང་ལ་བྱོན་པས། བུད་མེད་དཀར་མོ་གཅིག་གིས་དར་དཀར་པོའི་ཐུམ་བུ་གཅིག་གཏད་ནས། ཆོས་འདིའི་བདག་པོ་ཁྱེད་ཀྱིས་གྱིས་ཤིག་ཟེར་བ་གཅིག་བྱུང་། ནང་དུ་བྱོན་ནས་སིང་པོ་ཚོགས་ལ་ལག་བདེ་བ་རྣམས་ལ་དྲོངས་གསུངས་ནས་དྲོངས་པས། སིང་པོ་ཐམས་ཅད་ཆང་དུ་སོང་ནས་ཞག་མང་པོའི་བར་དུ་གཙགས་ཚད་ཆང་དུ་འགྲོ་བ་བྱུང་གསུངས། དེ་ནས་སྲེག་ཞིང་དུ་ཆོས་འཆད་མཛད་ནས་བཤད་ཉན་ཡུན་རིང་དུ་མཛད།


PS001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྲང་ཁང་གཞན་ཞིག་ཏུ་ཚོགས་འཁོར་ལ་བྱོན་ནས་ནང་དུ་བྱོན་ཙ་ན། གུར་གྱི་མགོན་པོ་སྐུ་ཤིན་ཏུ་ཆེ་བ་གཅིག་གི་ཞལ་མཐོང་གསུངས། དེ་ནས་བླ་མ་སྟེང་ཁང་པ་ལ་མཚན་བརྗོད། དཔྱལ་ལུགས་ཀྱི་བདེ་མཆོག་དཀར་པོ། །དྲིལ་བུ་སྐོར་གསུམ། བདེ་མཆོག་ལྷ་ལྔ། ལྷ་བདུན་མ། ཚེ་དཔག་མེད་ཀྱི་ཆོ་ག །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། བདག་མེད་མའི་བྱིན་རླབས་བསྟོད་འགྲེལ་རྣམས་ཞུས། སློབ་དཔོན་ཀུན་དགའ་འབུམ་ལ། མངོན་པ་ཀུན་ལས་བཏུས་པ། མཚན་བརྗོད་འགྲེལ་པ། སྔགས་དོན་རྣམས་གཟིགས། བསྡུས་པ། བཏན་ལ་དབབ་པའི་རྣམ་བཞག །རྩ་ལྟུང་འགྲེལ་བ་དང་བཅས་པ། མདོ་སྡེ་སྐྱེས་རབས། འཇམ་དཔལ་ཨ་ར་པ་ཙ་ན་དྷཱིཿའཇམ་དཔལ་དཀར་པོ། །རྟ་མགྲིན་ནག་པོ་སུམ་བསྒྲག །ནམ་མཁའ་ལྡིང་གི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་ཆོས་སྐོར་དབང་དང་བཅས་པ། དྲིལ་བུ་སྐོར་གསུམ། གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པ་གཉིས་ཀྱིས་གཙོ་བྱས་པའི་ཆོས་མ་ལུས་པ་དང་། སྒྲོལ་མའི་དབང་། སྒྲུབ་སྐོར་ལས་ཚོགས་


PS001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཚང་མ་དང་། རྡོ་རྗེ་རྣམ་འཇོམས་ཀྱི་སྐོར་དང་། ཕག་མོ་གཞུང་དྲུག་དང་། མཛོད་སྒོ་དྲུག །སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་ཡོ་ག་གཞུང་ཆུང་གིས་གཙོ་མཛད་པའི་གཙུག་དགུའི་སྐོར་མ་ལུས་པ་དང་། རྟ་མགྲིན་གྱི་ཆོས་སྐོར་མ་ལུས་པ་དང་། ཁྲོ་ཕུ་བའི་གདམས་ངག་ཆོས་ཆུང་བཞི་གསུམ་བཅུ་གཉིས། སྙིང་གཏམ་བཞི་གསུམ་བཅུ་གཉིས། མན་ངག་གནད་ཀྱི་སྡེ། མི་གཡོ་བའི་དམིགས་པ་སྐོར་གསུམ། ཞེན་ལོག་སྤོང་སྒྲོན་ལ་སོགས་མང་པོ་ཞུས་སོ། །དེ་ནས་བླ་མ་འཇམ་དབྱངས་རིན་ཆེན་རྒྱ་མཚན་ལས་བརྟགས་གཉིས། རྡོ་རྗེ་སྙིང་པོའི་འགྲེལ་པ། བདེ་མཆོག་རྩ་བརྒྱུད་ཀྱི་བསྟོད་འགྲེལ། འཁོར་ལོ་སྡོམ་པའི་རྒྱུད་ཆུང་བསམ་གྱིས་མི་ཁྱབ་པ་དུས་འཁོར་རྩ་རྒྱུད། དེའི་བསྟོད་འགྲེལ་སྟོང་ཕྲག་བཅུ་གཉིས་པ། དྲི་མ་མེད་པའི་འོད་ལ་སོགས་པ་དུས་འཁོར་གྱི་ཆོས་སྐོར་མ་ལུས་པ་དང་། མཚན་བརྗོད་འགྲེལ་པ་དང་བཅས་པ། འཇམ་དཔལ་གྲགས་པས་མཛད་པའི་རྣལ་འབྱོར་གྱི་སྙིང་པོ་གསལ་བ་སྦྱོར་ཕྲེང་། སྦྱོར་དྲུག་


PS001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྲེལ་པ་སྦས་པའི་མིག་འབྱེད། ཡེ་ཤེས་སྒྲུབ་པ། ཉི་ཟླ་སྒྲུབ་པ། གསུང་རབས་རིན་ཆེན་བསྡུས་པ་ལ་སོགས་པ་དབང་དང་། རྒྱུད་དང་། སྒྲུབ་ཐབས་དང་བཅས་པ་མང་པོ་ཞུས་སོ། །སྣར་ཐང་གི་མཁན་པོ་སྨོན་ཚུལ་ལ་དྲིལ་བུ་སྐོར་གསུམ་རྩ་འགྲེལ་དང་བཅས་པ། ཀུན་ཏུ་བཟང་པོའི་མཆོད་སྤྲིན། རབ་གནས་དོན་གསལ། གཏོར་མ་ཆ་གསུམ། ཚེ་དཔག་མེད་དཀར་པོ། །སྒྲོལ་མ་དཀར་མོའི་ཚེ་སྒྲུབ་ལ་སོགས་པ་སྒྲུབ་སྐོར་མང་དུ་ཞུས་སོ། །བདེ་བ་ཅན་པའི་བླ་མ་ཡེ་ཤེས་མགོན་ལ། འདུལ་བ་ལུང་སྡེ་བཞི། རྒྱུད་འབུམ། འཕགས་པ་སྡུད་པ། རྣམ་འཇོམས། འོད་ཟེར་ཅན། ཤེར་སྙིང་། གཞན་ཕན་འོད་ཟེར་ལ་སོགས་པ་མང་དུ་ཞུས་སོ། །སློབ་དཔོན་ཟླ་འོད་ལ་བཟང་སྤྱོད། སྡོམ་གསུམ། ལེགས་བཤད། ཕྲིན་ལས་བཀྲ་ཤིས་ཀྱི་ཕྲེང་བ། ལམ་འབྲས་གསལ་བ་ལས་དང་པོའི་བྱ་བ། མདོ་ཀུན་ལས་བཏུས་པ། བཤེས་པའི་སྤྲིང་ཡིག་ལ་སོགས་པ་མང་དུ་ཞུས་སོ། །བླ་མ་ཤར་པ་ཀུན་དགའ་སེངྒྒེ་ལ། བསྟན་བཅོས་རིན་ཆེན་སྒྲོན་མེ།


PS001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཨཥྚའི་ཕྱིར་ཟློག །ཨ་བྷ་ཡ་ནའི་ཕྱིར་ཟློག །གཟའ་ཡུམ། ཤེར་སྙིང་རྒྱ་ཆེར་འགྲེལ། རྒྱ་སྟོན་དོན་བསྡུས། གསང་འདུས། བྱང་ཆུབ་སེམས་འགྲེལ། དབུ་མ་རིན་ཆེན་ཁ་འབྱེད། ཤེར་ཕྱིན་གྱི་དོན་བསྡུས་པ་ལ་སོགས་པ་མང་དུ་ཞུས་སོ། །བླ་མ་བློ་ཆེན་ལ། ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། འཇམ་དཔལ་ཨ་ར་པ་ཙ་ནའི་དབང་། མི་གཡོ་བ་ལྷ་དགུའི་དབང་། གུ་ལ་པ་ཏའི་བྱིན་རླབས། སྤྱན་རས་གཟིགས་དམར་པོའི་རིག་གཏད། གུར་མགོན་གྱི་དབང་། བདེ་མཆོག་གི་སྔགས་རྣམས་ཀྱི་བཟླས་ལུང་། ཕྱག་ན་རྡོ་རྗེ་འགྲོ་བཟང་མའི་དབང་། ཀྱཻ་རྡོ་རྗེ་ལུས་དཀྱིལ་གྱི་དབང་། བྱ་ཁྱུང་གི་དབང་། ངན་སོང་སྦྱོངས་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་དབང་བསྟོད་པ་དང་བཅས་པ། བདེ་མཆོག་ལོ་ཧི་པའི་མངོན་རྟོགས་རྣམས་ཞུས་སོ། །བླ་མ་རྟ་ནག་པ་ཀུན་སྙིང་ལ་ལམ་འབྲས་ཀྱི་ཁྲིད་དང་ལམ་སྐོར་དང་བཅས་པ་མ་ཚང་བ་མེད་པར་ཞུས། བླ་མ་མན་ལུང་པ་རཏྣ་ཤྲཱི་ལ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་


PS001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་རཱ་རྡོ་རྗེ་གྲགས་ཀྱིས་མཛད་པའི་ཡིག་སྣ། རཱ་ཡེ་ཤེས་སེང་གེས་མཛད་པའི་བསྙེན་བསྒྲུབ་ལག་ལེན་ལ་སོགས་པ་འཇིགས་བྱེད་ཀྱི་སྐོར་རྣམས། ཆོས་དྲུག་གི་རྒྱུད་མངོན་རྟོགས། གཤེད་དམར་གྱི་ཆོས་སྐོར་རྣམས་དང་། རྨུག་འཛིན་འཆོལ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཚོགས་བདག་གི་བཟུངས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། མི་གཡོ་བའི་རྒྱུད་རྟོགས་པ་ཉི་ཤུ་རྩ་ལྔ་པ་མངོན་རྟོགས་དཀྱིལ་ཆོག་དང་བཅས་པ། འཇམ་དབྱངས་ཀྱིས་བྱིན་གྱིས་རློབས་པ་པཎྜི་ཏ་ཏ་ཐ་ག་ཏ་རཀྵི་ཏས་མཛད་པའི་མེ་ཏོག་ཕྲེང་འཛིན་ལྷ་ཉེར་ལྔའི་སྒྲུབ་ཐབས། དེའི་སྟོང་ཉིད་གནས་ཚུལ་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ལྟ་བ་ངན་པ་སུན་དབྱུང་བ། ཆོམ་རྐུན་འཆིང་བ། མྱ་ངན་མེད་པའི་སྒྲོན་མ། རིགས་བསྐྱེད་པའི་སྒྲོལ་མ། སྲོག་སྒྲུབ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་ཕན་ཡོན་དང་བཅས་པ། ཕྲེང་འཛིན་གྱི་བསྟོད་པ། དཔྱལ་ནས་བརྒྱུད་པའི་སེང་གེ་སྒྲ་ཡི་ཆོས་སྐོར། བླ་མ་བྲན་སྟོན་གྱི་བདེན་པ་བརྡར་བ། རྗེ་ཧ་རི་ནས་བརྒྱུད་


PS001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་དཔག་མེད་ཀྱི་ཆོས་སྐོར་མ་ལུས་པ། གུར་མགོན་གྱི་རྗེས་གནང་ལ་སོགས་པ་མང་དུ་ཞུས་སོ། །སློབ་དཔོན་གཡོན་བཙུན་ལས་ཡི་གེ་བརྒྱ་པ་རྒྱན་གྱི་མེ་ཏོག །གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས་དང་བཅས་པ། ཇོ་བོ་རྗེས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། ཤཱཀྱ་ཐུབ་པའི་སྒྲུབ་ཐབས། འཕགས་པ་བྱམས་པའི་སྒྲུབ་ཐབས། སངས་རྒྱས་སུམ་བཅུ་རྩ་ལྔའི་སྒྲུབ་ཐབས་དང་བསྟོད་པ། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐོར། སློབ་དཔོན་པདྨ་ནས་བརྒྱུད་པའི་རྟ་མགྲིན་མི་གཡོ་བ་དབང་པོ་རབ་འབྲིང་གསུམ་གྱི་སྒྲུབ་ཐབས་ལ་སོགས་མང་དུ་ཞུས་སོ། །དེ་ནས་སྦོག་རྡོར་ཆོས་བར་ལ་བྱོན་པའི་དུས་སུ། འཇག་ན་བླ་མ་མཁས་གྲུབ་ཤངས་སྟོན་གཅིག་པུར་བཞུགས་ནས་ཐུགས་དམ་མཛད་པ་གཟིགས་ནས། བླ་མ་འདི་ལ་ཆོས་གཅིག་ཞུས་ནས་ང་ཡང་འདི་ལྟ་བུ་གཅིག་བྱེད་དགོས་སྙམས་པའི་འདུན་པ་དང་མོས་གུས་དྲག་པོ་སྐྱེས་ཏེ། བླ་མའི་དྲུང་དུ་མཇལ་དུ་ཕྱིན་ནས། ཡེ་ཤེས་ཀྱི་


PS001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ནི་གུ་མའི་གདམས་པ་རྣམས་ཞུ་འཚལ་ཞུས་པས། བླ་མའི་གསུང་ནས། ད་རེས་ཆོས་འབྲེལ་གཅིག་བྱ་ཡིས། མྱུར་དུ་རྟེན་འབྲེལ་འགྲིགས་ནས་ཡོང་བར་འདུག་གོ་གསུངས་ནས། ད་བཤད་ཉན་འདི་བཞག་སྒོམ་སྒྲུབ་གཅིག་བྱ་དགོས་སྙམས་པ་བྱུང་ཡང་། བླ་མ་སྟེང་ཁང་པ་དང་། སློབ་དཔོན་སེངྒྒེ་དཔལ་གཉིས་ཀྱིས་མཁན་པོ་བློ་གྲོས་རྒྱ་མཚན་པའི་སློབ་གཉེར་དང་། མགོ་འདོན་ཁྱེད་ཀྱིས་བྱེད་དགོས་ཟེར་ནས་གསུང་མཆོག་པར། ས་སྐྱར་བྱོན་ནས་ཁོང་གིས་སློབ་གཉེར་བྱས། གདན་སའི་ཆོས་འཆད་ཀྱང་ཡུན་རིངས་དུ་མཛད་པའི་དུས་སུ། བླ་མ་བདག་ཉིད་ཆེན་པོ་ཡང་མཉེས་པར་བྱུང་ཁོངས་གི་གསུངས་ནས་ཁྱེད་ཀྱིས་སྲོག་ཞིང་པའི་དབོན་ཆུང་འདི་མགོ་ཐོན་འདུག་པས། ད་ངེད་ཀྱི་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་འདིའི་མགོ་འདོན་ཁྱེད་ཀྱིས་བྱེད་དགོས་གསུངས་ནའང་། སྤྱིར་འཁོར་བ་དང་ཉན་བཤད་ལ་སྐྱོ་བ་སྐྱེས་པ་དང་། བླ་མ་ཤངས་སྟོན་པའི་དྲུང་དུ་ཡང་སྒོམ་ཆེན་ལ་མྱུར་དུ་ཡོང་བའི་ཞུ་བ་བྱས་པ་དང་།


PS001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆེན་གྱི་སློབ་དཔོན་ལ་ཡང་རྒྱ་ཡུལ་ལ་སོགས་པའི་འཇིགས་པ་ཆེར་འདུག་པས། མི་གསུངས་བར་ཞུ་བ་ནན་ཆེར་ཕུལ་ནས་མ་བྱས་གསུངས། དེ་ནས་མར་བྱོན་ནས་བླ་མ་ཤངས་པའི་དྲུང་དུ་མིས་མ་ཚོར་བར་ཆོས་དྲུག་ཚར་གཅིག་ཞུས། བླ་མ་དང་ཆོས་ལ་མོས་པ་སྐྱེས། སྒོམ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་པར་བྱུང་ནས། སྒྲུབ་པ་ཁོ་ན་བྱེད་དགོས་པར་འདུག་སྙམས་པ་བྱུང་ཡང་། མཁན་པོ་བློ་གྲོས་རྒྱལ་མཚན་ལ་སོགས་པའི་སློབ་མ་རྣམས་ཀྱིས། ད་རུང་ངེད་རྣམས་ལ་ཕར་ཕྱིན་ཡང་སློབ་དགོས་ཤིང་། བཤད་ཉན་ཡང་ཡུན་རིང་དུ་མཛད་དགོས་ཟེར་ནས་ནན་ཆེར་བྱུང་ཡང་། སྐུ་ལུས་ཀྱང་ཅུང་ཟད་ལྟེམ་པ་དང་། སྒྲུབ་པ་ཁོ་ན་ལ་མོས་པར་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་སྲེག་ཞིང་དུ་ཚ་བ་དྲངས། ཕྱག་དཔེ། མཆོད་ཆ། ན་བཟའ། གདན་ཆ། ཐབས་ཆ་ལ་སོགས་པ་ཐམས་ཅད་སྤོངས་དག་ལ་བཀྱེས་ནས། བཀྲིས་རྫོང་ན་བླ་མ་ཤངས་པ་ཆེན་པོ་བཞུགས་པའི་དུས་སུ། ཕྱག་རྒྱ་ཆེན་པོའི་གནས་པ་ལ་ཡུན་རིང་བཞུགས་ནུས་


PS001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱུང་། གནས་པ་ཡང་སངས་པ་དང་སེམས་ཉིད་ནམ་མཁའ་འཆོས་པ་བཞིན་དུ་སོང་ནས་བན་བུན་ལོང་ལོང་དུ་སོང་བ་དང་། རེས་སེམས་ཉིད་བར་སྣང་གི་ཁམས་ན་ཡོད་པ་སྙམས་བྱེད་པ་དང་། རེས་ལུས་འདི་ཡང་མེད་པ་སྙམས་བྱེད་པ་ལ་སོགས་པ་འདི་ཡིན་མེད་པའི་ཉམས་བན་བུན་ཕྱད་ཕྱོད་ལང་ལོང་པ་ལོ་གསུམ་བྱུང་། དེའི་རྗེས་ལ་མི་རྟག་སྟོང་ཉིད་ཀྱི་ངེས་ཤེས་ལྷོངས་པ་རྒྱུད་ལ་སྐྱེས་པ་དང་། ནད་གཞི་དེ་ཡང་ལངས་ནས་བྱུང་། དེ་རྣམས་ལས་ངན་མཛད་པའི་སློང་ཡིན་པར་འདུག་གསུངས། དེ་ནས་བླ་མ་ལ་འཆི་མེད་འཆུག་མེད་ལ་སོགས་པའི་བྲབ་ཆོས་རྣམས་དང་། ཆོས་དྲུག་སྤྱིའི་དབང་བསྐུར་ལ་སོགས་པའི་དབང་བསྐུར་རྣམས་དང་། སྒྱུ་མ་ལམ་རིམ་ལ་སོགས་པའི་རྒྱབ་ཆོས་རྣམས་དང་། བདེ་མཆོག་ལྷ་ལྔའི་དབང་སྒྲུབ་ཐབས་ཁྲིད་དང་བཅས་པ། བཀའ་ལུང་མན་ངག་ཞལ་ཤེས་ལ་སོགས་པ། ནི་གུ་མ་ནས་བརྒྱུད་པའི་ཟབ་ཆོས་རྣམས་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཕྱི་ནང་གི་དབང་བཀའ། རྒྱུད་སྒྲུབ་


PS001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མན་ངག་ཞལ་ཤེས་དང་བཅས་པ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་ཕྱི་ནང་གི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། རྟ་མགྲིན་གསང་སྒྲུབ། ལུས་འཆི་མེད་ཀྱི་བཀའ། འཁྲུལ་འཁོར་ལག་ལེན་དང་བཅས་པ། བཅོད་བཀའ་རྒྱུད། ཉམས་རྒྱུད། ནམ་མཁའ་སྒོ་འབྱེད་དང་། གཅོད་དཀར་ལུགས་དང་། ལམ་འབྲས་ཀྱི་ཆོས་སྐོར་མ་ལུས་པ་དང་། དྲིལ་བུ་པའི་དབང་བསྒྲུབ་ཐབས་དང་བཅས་པ། ཡང་དག་མེ་གཅིག་མ། ཐེག་པ་ཆེན་པོ་བློ་སྦྱོང་ལ་སོགས་པ་མང་དུ་ཞུས་ཤིང་མན་ངག་ཐམས་ཅད་ཐག་ཆོད་པར་མཛད་དོ། །སྐུགས་ལུང་དུ་བྱོན་ནས་ལོ་གསུམ་གྱི་བར་དུ་བསྒྲུབ་པ་མཛད་པའི་དུས། ཉམས་དང་རྟོགས་པ་བཟང་པོ་ཐུགས་ལ་འཁྲུངས། དེའི་གཞི་བདག་དེས་ཀྱང་ཆོས་ཞུ་བ་དང་། མཐུན་རྐྱེན་སྒྲུབ་པ་ལ་སོགས་པའི་གུས་པའི་ཚུལ་མང་པོ་སྟོན་ཅིང་འདུག་གསུངས། དེ་ནས་ཤི་བ་གཅིག་གི་བདུན་ཚིག་སྐྱེལ་དུ་བྱུང་ནས་ཆོ་ག་བྱས་གནས་སྤར་བའི་དུས་


PS001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དེ་ན་སྲས་མོ་ཡོན་ཏན་བྱ་བའི་སྒོམ་ཆེན་མ་གཅིག་འདུག་པ་དེས་འོད་གསལ་གྱི་མདངས་ལ་མཐོང་ནས། མོ་ན་རེ། ཁྱེད་ཀྱིས་གནས་ཇི་ལྟར་སྤར་བ་བཞིན་འཕོ་བར་འདུག་ཏེ་སངས་རྒྱས་དངོས་སུ་གདའ། ང་ཤི་ན་ཡང་ཁྱོད་ཀྱིས་གནས་སྤོར་གཅིག་མཛད་པར་ཞུ་ཟེར་ནས་གསེར་ཞོ་ཕྱེད་འདུག་པ་དེ་ཕུལ། མོ་ངེས་ཤེས་གཏིང་ནས་སྐྱེས་འདུག་གསུངས། ཡང་མོ་ན་རེ། བླ་མ་འདི་རུ་མི་བཞུགས་པར་འདུག་ཟེར། དེ་ཅི་ཡིན་བྱས་པས་ཐོ་དོ་དཀར་པོ་ཡིན་ཟེར་བའི་རྟ་པ་དཀར་པོ་དར་མདུང་ཁྱེར་བ་མང་པོ་བྱུང་ནས། བླ་མ་གདན་འདྲེན་པ་ཡིན་ཟེར་ནས་བསུས་སོང་བ་གཅིག་འོད་གསལ་གྱི་མདངས་ལ་མཐོང་ཟེར་བ་བཞིན། དེ་ནས་ཐོ་དོ་དཀར་པོར་བྱོན་ནས། གནས་མོ་ཆེར་ལོ་གསུམ་བཞུགས་པའི་དུས་སུ། དེ་ནས་ཆུ་མིག་རེས་ཡོང་རེས་མི་ཡོང་བ་གཅིག་ཡོད་པ་ལས། ཐོ་དོ་བ་རྣམས་ན་རེ། ཆུ་ཐག་རིང་པོ་ཡོད། ཆུ་མིག་འདི་རྟག་མི་ཐུབ་ཟེར་ནའང་། ངའི་རྨི་ལམ་ན་མི་དཀར་པོ་གཅིག་སྐྱེལ་གྱི་འདུག་པ་དེ་ག་ནས་ཆུ་ལན་ཚད་དུ་བྱུང་གསུངས་


PS001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་གང་དུ་བསྡད་གར་ཕྱིན་ཡང་དེའི་གཞི་བདག་དེས་ཆོས་ཞུ་བ་དང་། མཐུན་རྐྱེན་སྒྲུབ་པ་ཁོ་ན་བྱུང་གསུངས། དེ་ནས་ཁྲོ་མོ་ཆུང་ཆུ་མིག་ཏུ་གཅོད་ལ་བྱོན་ནས་ནུབ་གཅིག་བཞུགས་པས། ལྷང་ཚད་མ་བྱུང་བར་ཞབས་ཏོག་པ་རྣམས་ལ། ཁྱེད་ཀྱི་མེ་ཕྱེ་ལོངས་ལ་ཤོག །དོ་ནུབ་ཡང་འདིར་སྡོད་དགོས་པར་འདུག་བྱས་ནས། ཆུ་མིག་དེར་རྡོ་གཅིག་བཅུག་ནས་སྤང་སྒང་དེར་མནལ་མཛད་པས། མི་དཀར་པོ་གཉིས་བྱུང་ནས་ཕྱག་གཡས་གཡོན་ནས་བཟུང་སྟེ། གཡས་མ་དེ་ན་རེ། ཆོ་འཕྲུལ་རང་ཞི་བ་དཀའ་ཚར་ཚད་ཡིན་མོད་ད་འབྱོན་པར་ཞུ་ཟེར། གཡོན་མ་དེ་ན་རེ། སློབ་དཔོན་རྒྱ་མཚན་འབུམ་འདི་ཁོང་ད་ལྟ་ཅི་མེད་བྱར་མེད་གཅིག་བྱ་སྙམས་འདུག་སྟེ། འདི་ལ་ད་གཟོད་བསོད་ནམས་དང་འགྲོ་དོན་རྒྱ་ཆེན་པོ་ཡོང་བར་འདུག་ཟེར། དེ་མ་ཐག་མནལ་སད་ནས། ཨ་ལ་ཕུག་ལ་སོགས་པའི་གནས་ཆེན་རྣམས་དང་། ཐོ་དོ་ནག་པོ་ལ་སོགས་པའི་གཉན་ཁྲོད་རྣམས་སུ་བྱོན། དེ་ནས་འུ་ཡུག་གི་གཡའ་རི་སྒོར་མོར་གཅོད་ལ་བྱོན་པའི་


PS001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ། དཀྱིལ་འཁོར་གཅིག་འདུག་པ་གཟིམས་པས། བྲག་ཁུང་གི་ནང་ནས་མི་གཅིག་བྱུང་ནས་ངའི་ཕྲེང་བ་དེ་ཁྱེར་ནས་སོང་། དེ་ཀའི་ཤུལ་ན་ཕར་ཕྱིན། མི་དེ་བསྡུད། ཕྲེང་བ་འཕྲོག་པའི་དུས་སུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གཅིག་ཞལ་གཟིགས་གསུངས། ཡང་གཅོད་ལ་བྱོན་པའི་དུས་སུ་ཆོ་འཕྲུལ་ཆེ་བ་ཅི་འདྲ་བྱུང་ཞུས་པས། མཚོ་མོ་ནག་དིང་མར་ཕྱིན་པས་མཚོ་ལ་དར་ཆག་འདུག །དེའི་ཁར་ཉལ་བསྡད་པས། ནམ་ཕྱེད་ཙ་ན་ཚད་རྒྱང་དང་འུར་སྒྲ་ཆེན་པོ་བྱུང་། དར་རང་རྡིབ་འགྲོ་བ་ཡིན་ནམ་སྙམ་པ་དང་། འཁྱག་སྲུབ་ནས་ཡར་ལ་མིའི་ལུས་པོ་ལ་བྱའི་གཤོག་པ་ཅན། ལག་ན་རལ་གྲི་ཁྱེར་བ་གཅིག་བྱུང་ནས་གྲི་དེས་ངའི་རྒྱབ་ལ་ཉག་ཉག་བྱེད་ཀྱི་འདུག་ནས། ངས་བྲེགས་ཤིག་བྲེག་ཤིག་བྱས་པས་ཁོ་ལ་བྲེགས་རྒྱུ་མ་བྱུང་། འཇིགས་སྙམ་པ་བྱས་ན་འབྲེག་གི་འདུག །དམིགས་པ་བྱས་ཙ་ན་འབྲེག་རྒྱུ་མི་འདུག །ཁྱོད་ལ་རྒྱུ་མཚན་མི་འདུག་བྱས་པ་དང་། མཚོ་གཏིང་དུ་ལོག་སོང་། ཆོ་འཕྲུལ་ཆེ་བ་དེ་ཙམ་ལས་མི་འདུག །མདོར་ན་ཆོ་འཕྲུལ་ཆེ་


PS001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཐམས་ཅད་རང་གི་སེམས་སུ་འདུག །ལྷ་འདྲེ་ལ་འཁོས་ཀ་དེ་ཙམ་ལས་མི་འདུག་གསུངས། འོ་ན་བཟང་ར་དེ་འདུག་པ་ཆེ་བ་ཡིན་ཟེར་གྱི་གདའ་བ་ཅི་འདྲ་གདའ་ཞུས་པས། བཟང་ར་དེར་འགྲོ་སྙམ་ནས་ཕྱིན། སྲད་དུ་བསྡད་པའི་ནུབ་མོ། །འབྲོག་པ་ཞར་བ་ཚར་སློག་གྱོན་པ་གཅིག་བྱུང་ནས་ང་ལ་ཕྱག་འཚལ་བསྐོར་བ་བྱེད་ཀྱི་འདུག །དེ་ནས་བཟང་རར་བསྡད་པས་ཆོ་འཕྲུལ་ཅི་ཡང་མ་བྱུང་ནས། བཟང་ར་དེ་ཅི་འདྲ་ཡོད་དྲིས་པས། ཁ་སང་གི་དེ་ཡིན་པར་འདུག་གསུངས། ལྡེ་ཁུད་དུ་ནད་པ་སྒུར་མོ་གཅིག་ལ་དབྱུག་པ་མཛད་པས་ནད་པ་མོད་ལ་དྲག་པ་དང་། ངའི་སྐེད་པ་ལ་མོའི་ནད་དེ་འཕོས་བྱུང་། དེར་བྲག་ཁུང་མགོ་ཅན་དུ་ཕྱིན་དེར་གཅོད་བྱས་པས། མི་ཧོར་གྱི་ཆ་བྱད་ཅན་གཅིག་ངའི་སྟེང་དུ་རྒྱངས་ཏེ་མཆོང་བྱུང་། ངས་དེ་རྡོག་ཁ་ལ་འཕང་བཏང་བས་ཁོ་གར་སོང་ཆ་མེད་པ་ལ་སོང་། ངའི་སྐྲང་འབུར་དེ་ཡང་སངས་ནས་མི་འདུག །གདོན་ཆེན་པོ་ལ་གཅོད་ཚར་ན་ཕྲན་ཚག་རྣམས་རང་ཞི་ལ་འགྲོ་བར་འདུག་


PS001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མདོར་ན་ས་སྐྱའི་དུར་ཁྲོད་དང་། ལྷ་སའི་རྡོ་རིང་ལ་སོགས་པ་གཉན་ཁྲོད་གང་དུ་ཕྱིན་ཡང་གཅོད་མ་ཆོད་པ་དང་། ལྷ་འདྲེ་དམ་ལ་མ་ཐོག་པ་མ་བྱུང་དེའི་རྒྱུ་མཚན་ཡང་དང་པོ་རང་གཅོད་ལ་འགྲོ་བའི་ནུབ་ཉི་མ་དྲོན་པོ་གཅིག་ཤར་བྱུང་བ་རྨི་ན། དེ་གཅོད་ཆོད་པའི་རྟགས་སུ་འདུག་གསུངས་ཡང་དཀྱིན་དཀར་ཆུ་བཙུན་དུ་བཞུགས་པའི་ནུབ་མོ་རྨི་ལམ་དུ། ང་ཁང་པ་སྒོ་མང་པོ་གཅིག་གི་ནང་ན་འདུག་པ་དང་། མི་མང་པོ་བྱུང་ནས་ང་ལ་རྒྱུད་སྡེ་ལྔའི་དབང་ཞུ་བ་ཡིན་ཟེར་གྱི་འདུག་ནས། ངས་སྒོ་འབྱེད་དགོས་སྙམ་པ་དང་། སྒོ་ཐམས་ཅད་རང་བྱེ་ལ་བྱུང་། དེ་རྣམས་ན་རྒྱུད་སྡེ་ལྔའི་ལྷ་ཚོགས་གསལ་ལ་མ་སྒྲིབ་པར་མཐོང་ནས། ངས་ཀྱང་མི་དེ་རྣམས་རྒྱུད་སྡེ་ལྔའི་དབང་བསྐུར་བྱས་ཀྱི་རྨི་བ་གཅིག་བྱུང་གསུངས། དེ་ནས་འཇག་བྲག་ཁུང་གོང་མར་མི་ཟས་མི་ཟ་བར་དམ་བཅས་ནས་ལོ་བཅུ་གསུམ་སྒྲུབ་པ་མཛད་པའི་དུས་སུ། གཉིད་བག་ཙམ་ཆེས་པ་དང་། བླ་མ་རྒྱལ་མཚན་འབུམ་ལོངས་ལ་དགེ་སྦྱོར་གྱིས་ཟེར་བ་དང་། གསོལ་


PS001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱི་སྒྲ་དིར་དིར་བ་དང་། འགྲོ་དོན་གྱིས་ཟེར་བའི་དཔའ་བོ་མཁའ་འགྲོའི་ལུང་བསྟན་མང་པོ་བྱུང་། ད་ཡི་དམ་ལྷའི་ཞལ་ཡང་མང་དུ་མཐོང་། རྨི་ལམ་གྱི་སྟོབས་ཆེན་པོ་དང་། འོད་གསལ་གྱི་མདངས་ལ་སངས་རྒྱས་ཀྱི་ཞིང་ཁམས་དང་། རིགས་དྲུག་གི་གྲོང་ཁྱེར་དང་། ཕྱི་ནང་ཐམས་ཅད་མ་སྒྲིབ་པར་གསལ་བར་མཐོང་གསུངས། དེ་ནས་བླ་མ་ཤངས་སྟོན་པའི་ཞལ་ནས། ད་ཁྱེད་ཀྱི་གེགས་ཐམས་ཅད་ལས་གྲོལ་ནས་དགེ་སྦྱོར་གཞི་ཐོག་ཏུ་སྐྱོལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནི་མཐར་ཕྱིན། གཞན་དོན་འགྲུབ་ཅིང་ཆོས་འདིའི་བདག་པོ་འོང་བར་འདུག་པས་འགྲོ་དོན་གྱིས་ཤིག་གསུངས། ཕྱག་དཔེ་རྣམས་གཏད། དེ་ནས་འགྲོ་དོན་ཅི་འགྲུབ་བྱས་གསུངས། དེ་ནས་ལོ་གསུམ་ནས་བླ་མ་ཤངས་སྟོན་པ་སྐུ་གཤེགས་པའི་ཚུལ་བསྟན་ནས། དེའི་དུས་སུ་སྙུང་གཡོག་གཤེགས་རྫོང་ཕྱི་རྟེན་ནང་རྟེན་ལ་སོགས་པ་བླ་མའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་ལོངས་སྤྱོད་ཐམས་ཅད་རྗེས་ཀྱི་བྱ་བ་ལ་ཕུལ། དེ་ཡང་སྙུང་གཡོག་


PS001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་དུས་སུ། བླ་མས་རིན་པོ་ཆེ་སྣ་ལྔའི་དབུ་བརྒྱན་གཅིག་ངའི་མགོ་ལ་བཀོན། བརྒྱུད་པ་མི་ཉམས་པའི་ཕྱིར་དུ་དབང་ཞུ་མགོ་ལ་བཀོན་པ་ཡིན་ནོ་ཨང་གསུངས། དེའི་ནང་པར་གྱེ་རེ་མུན་གྱིའི་དབུ་ཞ་གཅིག་ཡོད་པ་བཀོན། ཕྱག་གི་ངའི་ལག་པ་ནས་བཟུང་སྟེ། ངའི་གདན་ས་འདིར་སྡོད་ཆོས་སྐྱོངས་ཤིག་གསུངས་སོ། །གཞན་ཡང་བླའི་ཞིང་ཁམས་དང་། འཁོར་དང་སྐུ་ཚེའི་ཚད་ལ་སོགས་པ་མང་པོ་རྨི་ལམ་དུ་བྱུང་གསུངས། དེ་ནས་བླ་མའི་གཤེགས་རྫོང་གི་འབུལ་སྐལ་དང་། མར་མེ་བསྐྱལ་བ་ལ་ལྷ་ས་དང་སྐྱེར་སྒང་དང་། རི་བོ་ལ་སོགས་པར་བྱོན་དུས་སུ། ཆོས་རྗེ་རང་བྱུང་རྡོ་རྗེ་ལ་སྐུ་གསུམ་ངོ་སྤྲོད། བསམ་གཏན་ཐུན་འཇོག །རླུང་སེམས་དབྱེར་མེད། རྫོགས་ཆེན་སྙིང་ཐིག །བསྙེན་སྒྲུབ་ལ་སོགས་པ་མང་དུ་ཞུས། བླ་མ་མངའ་རི་པ་སངས་རྒྱས་ཡེ་ཤེས་ལ། གཤིན་རྗེ་གཤེགས་དམར་གྱི་རྒྱུད་ལེའུབཅུ་དགུ་པ། གཤེད་དམར་ལྷ་ལྔ་དང་། བཅུ་གསུམ་མ་གཉིས་ཀྱི་དབང་རྒྱུད་སྒྲུབ་ཐབས་ལག་ལེན་དང་བཅས་པ། འཇིགས་བྱེད་ཀྱི་དབང་རྒྱུད་


PS001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ལགས་ལེན་དང་བཅས་པ། དགྲ་ནག་གི་རྒྱུད་ལེའུ་བཅོ་བརྒྱད་པ། གདོང་དྲུག་གི་སྒྲུབ་ཐབས་མངོན་རྟོགས་དང་བཅས་པ། གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་སྐྱེ་བ་སྔ་ཕྱིའི་བརྟག་པ། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཆོ་ག །རྟ་མགྲིན་ནག་པོ། །ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་གྱི་རྒྱུད། རྒྱུད་ཕྱི་མ་གསང་བརྒྱུད་ཀྱི་རྣམ་པར་བྱེད་པ། འཁོར་ལོ་ཆེན་པོ་སྒྲུབ་ཐབས་དང་བཅས་པ་མང་དུ་ཞུས་སོ། །ལོ་ཧི་པའི་མངོན་རྟོགས་དེའི་འགྲེལ་པ། མངོན་རྟོགས་སྡོམ་པ་འབྱུང་བའི་ལོ་ཧི་པའི་ཆོས་སྐོར་དང་། བདེ་མཆོག་དཀར་པོ། །དེའི་ཆོས་སྐོར་སྦྱིན་སྲེག་དང་བཅས་པ་རྣམས་ཞུས་སོ། །བླ་མ་མང་མགར་བ་རིན་ཆེན་མགོན་ལ། རྡོ་རྗེ་ཕྲེང་བ། སྦྱོར་ཕྲེང་། འོད་ཀྱི་སྙེ་མ། བདེ་མཆོག་ནག་པོ་པའི་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཉིས་མེད་རྣམ་རྒྱལ་གྱི་དབང་སྒྲུབ་ཐབས་དང་བཅས་པ། རྡོ་རྗེ་ཕུར་པའི་དབང་སྒྲུབ་ཐབས་དང་བཅས་པ། དཔལ་མཆོག་དང་པོ་དང་རྡོ་རྗེ་རྩེ་མོ་གཉིས་ཀྱི་དབང་སྒྲུབ་ཐབས་དང་བཅས་པ།


PS001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་སྐྱོ་ལུགས་ལྷ་ཞེ་དགུའི་དབང་སྒྲུབ་ཐབས་དང་བཅས་པ། ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་སྒྲུབ་ཐབས་དང་བཅས་པ། འཇམ་དཔལ་ཟབ་དོན་གྱི་དབང་སྒྲུབ་ཐབས་དང་བཅས་པ། ས་སྐྱ་པ་ནས་བརྒྱུད་པའི་མཻ་ཏྲི་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད་ལ་སོགས་པ་རྒྱུད་སྒྲུབ་ཐབས་མང་པོ་ཞུས་སོ། །ལ་སྟོད་དིང་རི་གླང་འཁོར་དུ་བྱོན་པའི་དུས་སུ། བླ་མ་ཟུར་ཕུག་པ་ལ་ཕྱག་ན་རྡོ་རྗེ་ཨུ་ཙིའི་རྗེས་གནང་། མངོན་རྟོགས། ཧཱུྃ་ཆོས་གསུམ་དང་བཅས་པ་ཞུས། བླ་མ་ཁྲ་པ་ལ་རི་ཆོས་ཀྱི་སྐོར་མ་ལུས་པ་དང་། གཟེར་ལྔ། གནད་ལྔ། གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ཀྱི་དབང་རྒྱུད་སྒྲུབ་ཐབས་དང་བཅས་པ། ཕྱག་རྒྱ་ཆེན་པོ་གངྒ་མ་ཡི་གེ་བཞི་པ་ལ་སོགས་པ་གདམས་པ་མང་དུ་ཞུས། བླ་མ་བྲག་པ་ལ་རྒྱུད་སྡེ་ལྔའི་དབང་སྒྲུབ་ཐབས་དང་བཅས་པ་ཚང་བར་ཞུས། མཁའ་འགྲོ་མ་ཡེ་ཤེས་གསལ་ལ་སྡེ་ལ་འཆའི་དབང་ལུང་ཞུས། དེ་ལྟར་བླ་མ་བསམ་གྱིས་མི་ཁྱབ་པ་རྣམས་ལ་རྒྱུད་ལུང་མན་ངག་མཚན་ཉིད་དང་བཅས་པ་ཡོན་ཏན་བསམ་


PS001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པ་ཞུས་ནས་ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུགས་པར་མཛད་དོ། །དེ་ནས་བླ་མའི་གསུང་བཞིན་འཇག་ཆུང་དུ་ཡུན་རིང་པོར་བཞུགས་ནས་འགྲོ་དོན་མང་པོ་མཛད་པས་ཅུང་ཐུགས་མ་སོད་པར། ཡུལ་ཕྱོགས་མ་ཡིན་པར་དབེན་གནས་ཙ་རི་ལྟ་བུ་གཅིག་ལ་འགྲོ་དགོས་སྙམས་ནས་བྱོན་པ་དང་། ཁ་རག་ཉིན་ཁང་དུ་བཞུགས་པའི་ནུབ་མོ། །མཁའ་འགྲོ་ཆོས་སྐྱོང་མང་པོ་བྱུང་ནས། བླ་མའི་གདན་ས་བཞགས་ནས་གར་འགྲོ་ཡར་ལ་ལྡོག །བླ་མའི་གདན་ས་ཟུངས། ཆོས་རྒྱུད་སྐྱོངས། འགྲོ་དོན་ལས་བསོད་ནམས་ཆེ་བ་མེད། འགྲོ་དོན་གྱིས་ཟེར་ནས། ལྷ་ས་བསྐོར་ནས་ཡར་ལ་ལོག་ཡོང་གསུངས། ཡང་མདོ་ཁམས་སུ་སློབ་མ་གཅིག་གིས་བྱོན་ཟེར་ནས་འགྲོ་དགོས་སྙམ་ཙ་ན། རྨི་ལམ་དུ་ད་རྒས་པ་ཡིན་བཞུགས་ཟེར་བ་གཅིག་བྱུང་ནས་བསྡད་པ་ཡིན་གསུངས། འོ་ན་བླ་མ་མི་བཞུགས་ན་དགོན་པ་འདི་ཅི་འདྲ་གཅིག་ཡོང་ཞུས་པས། བླ་མའི་གསུངས་ནས། ང་ཟབ་བུའི་གླིང་མིག་ན་ཡོད་པའི་དུས་སུ། ཉིན་གཅིག་ངའི་


PS001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ལ། མདའ་པ་དེ་ཡང་ཕུ་རག་ཆུང་ལྷག་ནས་འདུག །ཕུ་ན་ཡང་སྒོམ་ཆེན་གཞི་ཟུག་མང་པོ་མི་འདུག་ང་རང་མེད་ཙ་ན་དགོན་པ་ཡང་ཨ་དོ་ངེས་མི་ཡོང་ལས་ཆེ་སྙམ་ཙ་ན། དེའི་ནུབ་མོ་མཁའ་འགྲོ་མ་རྣམས་བྱོན་ནས། ཁྱེད་མི་བཞུགས་པའི་དུས་སུ་ཡང་དགོན་པ་ཟིན་ཡོང་ཟེར་གྱི་འདུག །ཆོས་བརྒྱུད་ཀྱི་བྱིན་རླབས་ཀྱིས་ཟིན་པ་ཡིན་པར་འདུག་གསུངས། ཡང་བླ་མའི་གསུངས་ནས། ངས་ཆོས་དྲུག་ལ་སོགས་པའི་ཁྲིད་ཡིག་དང་། ལྷ་ལྔ་ལ་སོགས་པའི་མངོན་རྟོགས་དང་། རྒྱུད་སྡེའི་དཀྱིལ་ཆོག་ལ་སོགས་པ་གསང་བསྔགས་ཟབ་དོན་རྣམས་ཀྱི་ཡིག་ཆ་བྱས་པ་དང་། དབང་བསྐུར་ལ་སོགས་པ་དང་། ཁྲིད་ལ་སོགས་པའི་འགྲོ་དོན་བྱས་པ་རྣམས་ཀྱང་། བླ་མ་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་དངོས་སམ་རྨི་ལམ་དུ་ལུང་བསྟན་བྱུང་བ་མ་རྟོགས་རང་བཟོ་བྱས་པ་གཅིག་ཀྱང་མེད་པས། གདུལ་བྱ་རྣམས་ལ་ཕན་སྟོབས་ཆེ་བར་ཡོད་གསུངས། མདོར་ན་བླ་མའི་བྱིན་རླབས་ཞུགས། ཆིག་བརྒྱུད་ཀྱི་བཀའ་བབས། དཔའ་བོ་མཁའ་འགྲོས་ལུང་བསྟན་


PS001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། ཕྲིན་ལས་གདུལ་བྱ་དུས་ལ་བབས། བླ་མ་ལ་ཆོས་ཞུ་བའི་བློ་སྐྱེས་པ་དང་། ལམ་དུ་ཞུགས་པ་ཙམ་ལ་དགེ་སྦྱོར་སྐྱེས་པ་དང་། རྨི་ལམ་དང་འོད་གསལ་ཟིན་པ་དང་། དེ་ལ་སོགས་པ་མང་པོ་བྱུང་ཡང་བརྗོད་ཀྱིས་མི་ནུས་པས་བྲི་བར་ག་ལ་ནུས། ཡང་ཡི་དམ་ལྷའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ནི་བླ་མའི་ཞལ་མཐོང་བ་ཙམ་གྱིས་གཞན་གྱི་སྣང་བ་འགྱུར་བ་དང་། ནད་གདོན་བར་ཆད་ཞི་བ་དང་། ཉམས་དང་རྟོག་པ་རྩོལ་མེད་དུ་འཆར་བ་དང་། དགེ་སྦྱོར་ཚུལ་བཞིན་དུ་བྱེད་པ་རྣམས་ཀྱང་། བླ་མ་ཡིད་ལ་དྲན་པ་ལ་སོགས་པ་ཙམ་གྱིས་བགེགས་དང་བར་ཆད་ཐམས་ཅད་རང་གྲོལ་ལ་འགྲོ་བ་ལ་སོགས་པ་བརྗོད་ལས་འདས་པ་བྱུང་ངོ་། །ཡང་གདུལ་བྱ་སྣང་བ་དག་པ་ལ་དབང་བསྐུར་ལ་སོགས་པ་ཞུས་པའི་དུས་སུ། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མཐོང་བ་མང་པོ་བྱུང་སྟེ། སློབ་དཔོན་གཞོན་ནུ་གྲུབ་ཀྱིས་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་མཐོང་བ་དང་། བླ་མ་གྲུབ་སེང་པས་ཀྱཻ་རྡོར་མཚོན་ཆ་ཅན་དུ་མཐོང་བ་དང་། ས་སྐྱ་པའི་བླ་


PS001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསོད་རྒྱལ་བས་ལྷ་མོ་དཀར་མོ་ཞལ་གསུམ་མ་གཅིག་ཏུ་མཐོང་བ་དང་། ཡང་དབང་བསྐུར་ལ་སོགས་པའི་དུས་སུ་མཁའ་འགྲོ་མས་མཆོད་གཡོག་བྱེད་པ་བྱུང་སྟེ། སློབ་དཔོན་ཚུལ་སེང་གི་བླ་མ་བདེ་མཆོག་ཏུ་མཐོང་། བུད་མེད་རྒྱན་གྱིས་བརྒྱན་པ་གཉིས་ཀྱིས་མཆོད་གཡོག་བྱེད་ཀྱི་འདུག་པས། འདི་གཉིས་ཅི་འདྲ་གཅིག་ཡིན་ནམ་སྙམ་ཙ་ན་དབང་ཐོན་པ་དང་གར་སོང་ཆ་མེད་པར་སོང་ཟེར། དེ་ལ་སོགས་པ་བརྗོད་ལས་འདས་པ་བྱུང་ཡང་འདིར་བྲི་བར་མ་ནུས་སོ། །ཡི་དམ་ལྷའི་བཟླས་པ་དུང་ཕྱུར་ཕྲག་མང་པོ་སོང་བས་གསུང་ཐོས་པ་དང་ཞལ་ཆབ་བཏབ་པ་ཙམ་གྱིས་གཞན་གྱི་ནད་གདོན་སེལ་བ་དང་། དགེ་སྦྱོར་སྐྱེས་པ་ལ་སོགས་བརྗོད་ལས་འདས་པ་བྱུང་ངོ་། །རྫོགས་རིམ་ལ་བརྟན་པ་ཐོབ་པ་ནི། ནང་དུ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་དུ་མ་ལ་མཉམ་པར་འཇོག་ནུས་པ་དང་། འདུ་འཛི་ཟང་ཟིང་མང་པོ་བྱུང་ཡང་ཏིང་ངེ་འཛིན་དང་ཐུགས་དམ་གྱི་རིམ་པ་ལ་མི་གནོད་པ་དང་། འཁོར་དང་ལོངས་སྤྱོད་གང་ལ་ཆག་ཞེན་མེད་པ་དང་། གདུལ་བྱ་རྣམས་


PS001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཁྲིད་བཏབ་པ་ཙམ་གྱིས་མ་སྒོམ་ཀྱང་མི་རྟོགས་པའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བ་དང་། རྨི་ལམ་རང་ཟིན། འོད་གསལ་རང་ཤར་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ངོ་། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པས། གནས་གང་དུ་བཞུགས། གར་བྱོན་ཡང་མཁའ་འགྲོ་ཆོས་སྐྱོངས། སྣང་ཞིང་སྲིད་པའི་ལྷ་འདྲེ། ཡུལ་ལྷ་གཞི་བདག་ལ་སོགས་པ་ཐམས་ཅད་ཀྱིས་བསུ་སྐྱེལ། ཕྱག་དང་བསྐོར་བ་མཐུན་རྐྱེན་སྒྲུབ་པ་ལ་སོགས་པ་དཔག་ཏུ་མེད་པ་བྱུང་སྟེ། ལན་གཅིག་འུ་ཡུག་བསུ་ལུང་ན་བཞུགས་པའི་དུས་སུ། མཁན་པོ་ཀུན་རྭ་བས་ཇ་འདྲེན་གྱི་ཡོད་ཙ་ན། རྟ་བ་ཆས་འཇོམ་པ་ལྔ་བྱུང་བའི་གཙོ་བོ་དེས་སྒའི་སྔ་རུ་ལ་ལག་པ་བསྣོལ་བའི་ཚུལ་དུ་འཁྱུད་པ་རྣམས་སྒོ་རྩར་བྱུང་ནས། དཔལ་ལྡན་བཟང་པོ་ལ། ངེད་བླ་མ་འཇག་པ་ལ་མཇལ་བ་ཡིན། མཇལ་སྣ་གྱིས་ཟེར། ཁོས་བླ་མའི་དྲུང་དུ་ཞུས་པས་ཇ་ཐོན་པ་དང་ཤོག་གསུངས། ཇ་ཐོན་པ་དང་བལྟར་ཕྱིན་པས་གར་སོང་ཆ་


PS001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སོང་འདུག །དེ་བླ་མ་ལ་ཞུས་པས། དེ་འབྲངས་བུའི་བཙན་རྒོད་དྲེགས་པ་ཅན་བྱ་བ། བླ་མ་རིན་པོ་ཆེ་མཉམ་མེད་རིན་བརྩོན་གྱིས་དགེ་བསྙེན་དུ་བཅུག་པ་དེ་ཡིན་གསུངས། ཡང་ཆུམ་བྲག་དཀར་ན་བཞུགས་པའི་དུས་སུ། ཐོ་རངས་ཀྱི་ཆ་ལ་སློབ་དཔོན་རྒྱལ་མཚན་མགོན་གྱིས་གསོལ་བ་བཏབ་པའི་རྗེས་ལ། བླ་མ་རིན་པོ་ཆེ་འཇག་པ་ལ་མཇལ་བ་ཡིན་ཟེར་བའི་རྟ་པ་གོས་སྣ་མིན་སྣ་ཚོགས་གྱོན་པ་རྟ་སྣ་མིན་སྣ་ཚོགས་ཞོན་པ་བརྒྱ་ཙམ་བྱུང་ནས་ཕྱག་བརྟེན་ལ་དར་ཟབ་སྣ་ཚོགས་ཁྱེར་འདུག །ངེད་བླ་མ་འཇལ་བ་ཡིན། ཁྱེད་ཀྱིས་འཇལ་སྣ་གྱིས་ཟེར་བ་དང་། དེ་མ་ཐག་བླ་མ་ཚོམ་ན་བྱོན། རྟ་པ་དེ་པས་ཕྱག་རྟེན་འབུལ་ཕྱག་འཚལ་ཞིང་བྱིན་བརླབས་ཞུ་ཡི་འདུག །ཁོང་གིས་ནམ་ལང་པ་དང་། སློབ་དཔོན་གྲུབ་སེང་ཅན་ཕྱིན་ནས། ད་ནང་ཐོ་རང་འདི་འདྲ་བ་གཅིག་བྱུང་བྱས་པས། ཁོང་ན་རེ་བསྐོར་བ་བྱེད་པ་དང་། གསོལ་བ་འདེབས་པའི་སྒྲ་དིར་དིར་བ་ངས་ཀྱང་ཐོས་ཟེར། བླ་མ་ལ་ད་ནང་ཐོ་རང་འདི་འདྲ་མཇལ་དུ་བྱུང་ལགས་སམ་ཞུས་པས།


PS001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཞལ་མཛུམ་མཛད་ནས། དེ་རྣམས་མི་མ་ཡིན་རྣམས་ཡིན་མོད། ཉིན་པར་མི་འདུ་བ་ལས། མཚན་མོ་མི་མ་ཡིན་འདུ་བ་མང་འདུག་གསུངས། ཁོང་ལ་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ཟེར། དེ་ལ་སོགས་པ་མཐའ་ཡས་པས་འདིར་བྲི་བར་ག་ལ་ནུས། དེ་ལྟར་ཐོས་པས་མ་བསྒོམ་གསུམ་གྱི་ཉམས་མྱོང་མཐར་ཕྱིན་ནས། སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར་པས་མངོན་ཤེས་ལ་ཐོག་པ་མི་མངའ་ཞིང་། སངས་རྒྱས་ཀྱི་ཞིང་ཁམས་ནས་རིགས་དྲུག་གི་གནས་ཇི་ལྟ་བ་བཞིན་གཟིགས་པ་དང་། གཞན་རྒྱུད་ཀྱི་བསམ་པ་ཇི་ལྟ་བ་བཞིན་མཁྱེན་ཏེ། ལན་གཅིག་ཟབ་ཕུའི་གླང་མིག་ན་བཞུག་ཙ་ན། སློབ་དཔོན་གཞན་ནམ་གྱིས་སྨོན་ལམ་མདོ་སྡེ་གཡར་དགོས་སྙོམ་པ་བྱུང་ཡང་མཚེར་ནས་ཉི་མ་གསུམ་དུ་ཞུ་མ་ནུས་པ་ལ་བླ་མའི་གསུང་ནས་ཁྱོད་གཡར་ཐོངས་ཟེར་མ་ནུས་པ་ལ་དཔེ་ཆ་འདི་ཡིན་གསུངས་ནས་གཏད་བྱུང་། དེ་ནས་སློབ་དཔོན་གཞོན་ནུ་ན་རེ། བླ་མ་ལ་མངོན་ཤེས་ཐོགས་པ་མི་འདུག །དྲུང་དུ་སྡོད་པ་རྣམས་


PS001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་གཟོབ་ཤིག་ཟེར། དེ་ལ་སོགས་པ་ཡོན་ཏན་མཐའ་ཡས་པ་མངའ་ཡང་། གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་གསང་ཞིང་སྦ་བ་ལ་བརྟེན་ནས་འབྱུང་བ་ཡིན་གསུངས་པ་དང་། བླ་མ་ཤངས་སྟོན་པ་ཞལ་བཞུགས་ཙན་གསང་སྔགས་གསང་བས་འགྲུབ་པ་ཡིན་པས། མི་ལ་མ་བཤད་གསུངས་པའི་ཞལ་ཏ་བྱོན་པ་དང་། བདེ་བར་གཤེགས་ནས་ལོ་འགའ་སོང་བ་དང་། ནུབ་གཅིག་རྨི་ལམ་ན། གདོང་དཀར་སྒང་ནས་མར་འགྲོ་ཡི་འདུག་པ་དང་། ཤངས་སྟོན་པ་མདུན་གྱི་ནམ་མཁའ་ལ་བྱོན་ནས། ཞལ་བཀོད་འདི་རྣམས་གསུངས་སོ། །དགེ་སྦྱོར་གསང་སྔགས་སོགས་སྔར་བཞིན་གྱིས། ཕ་ཡུལ་ཞན་པ་སྤངས་གྱུར་ན། །མི་རྣམས་ཆོས་པ་དམ་པར་བྱེད། །ཀླད་མེད་སྨྲ་བ་མ་མང་ཨང་། །འཆི་བའི་སྲོག་ནི་བླ་མས་སྐྱབས། །ཚེ་འདི་མཐའ་རུ་ཕྱིན་པར་འགྱུར། །ཞེས་དངོས་དང་རྨི་ལམ་ཐམས་ཅད་དུ་ཉམས་མྱོང་ཅི་སྐྱེས་ཐམས་ཅད་གསང་གསུངས་པ་ལ་བརྟེན་ནས་མི་ལ་མ་བཤད་པ་ཡིན་གསུངས་སོ། །དེས་ན་བླ་མ་དམ་པ་འདི་ལ་སངས་རྒྱས་དངོས་ཡིན་པ་ཐེ་ཚོམ་ཡིད་


PS001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྐད་ཅིག་ཙམ་ཡང་མེད་དེ། སློབ་མ་དད་པ་ཅན་རྣམས་ཀྱིས་ཀྱང་། སངས་རྒྱས་དངོས་ཡིན་ཟེར་བའང་ཐོས་པ་བྱུང་སྟེ། སྲེག་ཞིང་གི་མཁན་པོས་བྲག་ཁུང་གོང་མར་ཐུགས་དམ་ལ་བཞུགས་པའི་དུས་སུ། བླ་མ་འདི་སངས་རྒྱས་དངོས་ཡིན་ཟེར་བའི་སྐད་ལྷང་ལྷང་པ་གསུམ་ཐོས་གསུངས་པ་དང་། མཁན་པོ་སེངྒེ་དཔལ་བས་ཆོས་མ་ཞུས་པའི་གོང་དུ། ཆོས་བརྒྱུད་འདི་ལ་མོས་ནས་གསོལ་བ་བཏབ་པས། མཉམ་མེད་རིན་བརྩོན་གྱི་སྐབས་སུ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཙ་ན། ཁྱེད་བླ་མ་རིན་ཆེན་བརྩོན་འགྲུས་ལ་མོས་ན་འཇག་ཆུང་དུ་རྒྱུག་ལ་ཆོས་ཞུས་ན་མཉམ་མེད་རིན་བརྩོན་དངོས་བཞུགས་ཀྱི་ཡོད་ཟེར་བའི་ལུང་བསྟན་བྱུང་ནས་འདིར་ཡོང་པ་ཡིན་ཟེར་བ་དང་། དེ་ལ་སོགས་པ་བརྗོད་ལས་འདས་པ་བྱུང་ཡང་འདི་ཙམ་ལས་མ་བྲིས་སོ། །ཡང་ཕྱག་རྫས་ཀྱི་དངོས་པོ་ཅི་བྱུང་ཅི་ཡོད་ཐམས་ཅད་ཀྱང་། འཇག་ཏུ་བླ་མའི་དུས་མཆོད་དང་། ས་སྐྱ། སྣར་ཐང་། སྲེག་ཞིང་ལ་སོགས་དགེ་འདུན་གྱི་སྡེ་རྣམས་སུ་བསྙེན་བཀུར་


PS001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ཁོ་ན་ལ་བཏང་། ཁྱད་པར་དགུང་ལོ་བདུན་བཅུ་དོན་གསུམ་བཞེས་པའི་སྟོན་ཀ་ད་ལོ་ཆ་རྐྱེན་ཅི་ཡོད་ཐམས་ཅད་དགེ་འདུན་གྱི་བསྙེན་བཀུར་ལ་ཐོངས་གཅིག་གསུངས་ནས། བླ་མ་དབེན་པོ་པས། གསེར་ཞོ་བརྒྱས་མགོ་བྱས་པའི་ཕྱག་རྫས་ཀྱི་དངོས་པོ་ཇི་ཡོད་ཁྱེར་ནས་ས་སྐྱ་དང་སྟོང་སྐོར་རྣམས་སུ་དགེ་འདུན་ལ་བསྙེན་བཀུར་ཅི་འགྲུབ་བསྒྲུབས་ཏེ། ཁྱི་ལོ་དབྱར་ཟླའི་ཚེས་བཅུ་ནས་ཅུང་ཟད་བསྙུང་བའི་ཚུལ་བསྟན་ནས། སྨན་དཔྱད་དང་རིམ་གྲོ་བྱེད་པར་ཞུས་པས། མི་རྒས་ནས་འཆི་བ་ལ་སྨན་དཔྱད་དང་རིམ་གྲོས་ཅི་ལ་ཡང་མི་ཕན་པས་མི་དགོས་གསུངས་ནས་མ་གནང་། འོ་ན་སེམས་ཅན་ལ་ཐུགས་རྗེས་གཟིགས་ནས་ལོ་ཤས་བཞུགས་པར་ཞུས་པས་བླ་མའི་གསུངས་ནས། ང་ལ་དང་པོ་ཁྱོད་ལོ་བཅུ་གཉིས་ནས་འགྲོ་དགོས་ཟེར་བ་གཅིག་བྱུང་། དེ་བླ་མ་སྟེང་ཁང་པའི་ཀག་ཐོག་ཏུ་འདུག །དེ་ལ་མ་སོང་ན་ལོ་དྲུག་བཅུ་རེ་གཉིས་ལ་འགྲོ་དགོས་པར་འདུག་ཟེར་བ་གཅིག་བྱུང་། དེ་ནས་སྐབས་གཅིག་ཏུ་བདུན་ཅུ་དོན་གསུམ་ལ་ཟེར་བ་གཅིག་བྱུང་། ད་ལོ་བདུན་ཅུ་དོན་གསུམ་ཡོང་སོང་འདུག །


PS001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཕལ་ཆེར་འགྲོ་བ་ཡིན་དགོན་པ་འདི་བྱམས་པ་དཔལ་གྱིས་ཟུངས། ཆོས་བརྒྱུད་འདི་སྐྱོངས། ད་ཁྱེད་ཐམས་ཅད་དགེ་སྦྱོར་ལ་འབད་པ་ཐོན་གསུངས་ནས། རྟག་འཛིན་ཅན་གྱི་ལོག་རྟོག་བཟློག་ཕྱིར་རམ། །ལེ་ལོ་ཅན་རྣམས་དགེ་སྦྱོར་བསྐུལ་བའི་ཕྱིར། །ཞིང་ཁམས་གཞན་དུ་གདུལ་བྱར་ཆེར་དགོངས་ནས། །བླ་མའི་སྐུ་ལ་འདས་གྲོངས་མི་མངའ་ཡང་། །ཁྱི་ལོ་དབྱར་ཟླའི་ཚེས་གྲངས་ཉི་ཤུ་ལ། །སྒྲ་འོད་འཇའ་དང་མེ་ཏོག་ཆར་པ་དང་། །སྔོན་མ་ཚོར་བའི་དྲི་ཞིམ་བསུང་ངད་སོགས་ངོ་མཚར་ལྟས་བཅས་འཇིག་རྟེན་སྒྲོན་མེ་དེ། །དཔའ་བོ་ཌཱ་ཀའི་ཚོགས་ཀྱིས་ཡོངས་བསུས་ནས། །མཁའ་འགྲོའི་ཆ་ལ་བདེ་བ་ཅན་དུ་གཤེགས། དེ་དུས་བདེ་བར་གཤེགས་པའི་དྲུང་དུ་བསྡད་པ་དང་། སྙུང་གཡོག་བྱེད་པ་ལ་སོགས་ལ་རིག་པ་དྭངས་པ། མི་རྟོགས་པའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་། སྤུར་བཞུ་བའི་དུས་སུ་ཡང་ཤར་ཕྱོགས་ནས་འོད་བྱུང་སྤུར་ཁང་ལ་ཟུག །དེ་ནས་ཕྱོགས་ཐམས་ཅད་ནས་འཇའ་སྣ་སྤུར་ཁང་ལ་ཟུག་པ་དང་།


PS001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེས་མ་ཐོན་གྱི་བར་དུ་འཇའ་མཚོན་གྱིས་ནམ་མཁའ་ཁེངས་པ་དང་། ཕྱི་རབས་ཀྱི་གང་ཟག་མོས་པའི་རྟེན་དུ་སྐུ་གདུང་ལ་ལྷ་སྐུ་དང་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་བྱོན། ཕྱི་རབས་ཀྱི་གང་ཟག་དད་པ་ཅན་རྣམས་བདེ་བ་ཅན་དུ་གསོལ་བ་ཐོབ་ཅིག །བླ་མ་དམ་པ་དེ་ཉིད་བདེ་བ་ཅན་དུ་གཤེགས་པར་ངེས་སོ། །དེའི་རྒྱུ་མཚན་ནི། སྐུ་གཤེགས་ནས་ཞག་འགའ་གསང་ཡོད་པ་ལ། སློབ་དཔོན་རྒྱལ་མཚན་མགོན་སྤྱིལ་པོ་གཅིག་ན་ཡོད་པའི་ཐོ་རངས་བུད་མེད་རུས་རྒྱན་ཅན་གཡུའི་ཟར་བུ་བཏགས་པ་རོལ་མོ་དང་བཅས་པ་བཞི་བྱུང་ནས། བླ་མ་གྲོངས་ནས་ཞག་གསུམ་སོང་ཁྱེད་ལ་གསང་འདུག །བླ་མ་བདེ་བ་ཅན་ལ་བྱོན། ངེད་རྣམས་དེར་འགྲོ་བས་གསོལ་བ་ཐོབ་ཅེས་ཐོས་སོ། །ཕྱུགས་གྲགས་ཀྱི་རྨི་ལམ་དུ། བླ་མ་སྐུ་ལུས་ཀྱི་བཀོད་པ་མང་པོ་བསྟན། དག་པའི་སྒྱུ་ལུས་སྦྱོང་ལུགས། མ་དག་པའི་སྒྱུ་ལུས་སྦྱོང་ལུགས་མང་པོ་བསྟན་ནས། ང་བདེ་བ་ཅན་དུ་འགྲོ་བས་དེ་རུ་གསོལ་བ་ཐོབ་གསུངས། སློབ་དཔོན་གྲུབ་སེང་གི་རྨི་ལམ་ན། བདེ་བ་ཅན་


PS001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཟེར་བ་གཅིག་ན་ཆོས་ཁྲི་ཞལ་སྤྲོད་གཉིས་འདུག་པའི་ནུབ་ཕྱོགས་དེ་ན་བླ་མ་བཞུགས། ཚོགས་པ་མང་པོ་ལ་ཆོས་གསུངས་ཞིང་འདུག །ངས་ཡང་ཉན་པ་རྨིས་ཟེར། སང་ཟླ་མཆོད་བྱེད་པའི་ཐོ་རངས་ཁ ། སློབ་དཔོན་འཇམ་རྡོར་གྱི་རྨི་ལམ་ན། མཁའ་འགྲོ་མ་དབུ་རྒྱན་དང་རུས་རྒྱན་ཅན་མང་པོ་གཟིམ་ཁང་ན་འདུག །བླ་མ་པའི་བཞུགས་ས་ན་ཡོང་ཙ་ན། མཁའ་འགྲོ་མ་དར་ལ་བབ་པ་སྔོ་ཟུལ་ལེ་བ་གཅིག་འདུག་ནས། འདི་རྣམས་མཁའ་འགྲོ་མ་ཡིན་པར་འདུག་ང་ཡང་གཉིད་དུ་སོང་འདུག །འདི་རྣམས་ལ་བླ་མ་གང་དུ་བཞུགས་འདྲི་དགོས་སྙམས་ནས། མཁའ་འགྲོ་མ་དེ་ལ་འཇུས་ནས་བླ་མ་གང་ན་བཞུགས་དྲིས་པས། བདེ་བ་ཅན་དུ་གསོལ་བ་ཐོབ། །དེ་ན་བཞུགས་ཀྱི་ཡོད་ཟེར་རོ། །ཡང་ཁོང་གི་རྨི་ལམ་ན་རིན་པོ་ཆེ་བ་བྱོན་ནས་ནས་ཕུང་གཅིག་གི་སྟེང་ན་བཞུགས་ནས། བདེ་མཆོག་གི་ཐང་སྐུ་དེ་ཞལ་ཕྱེས་ཅིག་གསུངས་དེ་ཕྱེས་པ་དང་། དབྱངས་རམ་བུ་ཐེག་གསུངས། གསུངས་ཆུང་བ་གཅིག་གི་དབྱངས་མཛད། སྔོན་མ་དེ་འཇམ་དཔལ་གྱི་སྨོན་


PS001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དང་མཐུན་པ་གཅིག་འདུག་པ་ཡིན་ཏེ་མ་ཟིན། རྟིང་མ་དེ། ལམ་གྱི་སྙིགས་མ་རྩོད་པའི་དུས་འདི་རུ། བསྡད་ལོང་ཡུན་རིང་ཙམ་ཡང་མི་བདོག་པས། །བརྩོན་འགྲུས་དྲག་པོས་ལམ་ལ་འབད་འཚལ་ལོ། །གསུང་གི་འདུག་པ་དང་གཉིད་སད། བླ་མ་དྲན་ནས་གསོལ་བ་བཏབ་པས། ག་རེ་ངེད་ཚོས་བསྙུང་གཡོག་བྱེད་ཅིང་དྲུང་དུ་ཡུན་དེ་ཙམ་གཅིག་བསྡད། དྲུང་ནས་ཀྱི་ཞལ་ཏ་དེ་ཙམ་ཞིག་བྱོན་ཀྱང་། ཞིང་ཁམས་གང་དུ་འབྱོན་གྱི་ཞུ་གོ་མ་ཆོད་པར་འདུག་སྙམ་མྱ་ངན་བྱས་པ་དང་། རྨི་ལམ་དུ་བྱོན་ན་ཞུ་དགོས་ཏེ། དང་པོ་མི་བསྙུང་དུས་ཀྱི་རྨི་ལམ་དུ་ཕལ་ཆེར་ཡོང་བ་འདིས་ཞུ་གོ་མི་ཆོད་པར་འདུག །ཅི་དྲག་ན་སྙམ་ནས་གསོལ་བ་བཏབ་པས། དེ་ཀའི་ནུབ་ཐོ་རངས་རྨི་ལམ་དུ་བླ་མ་བྱོན་བསྙུང་བའི་རྣམས་པ་བསྟན་ནས། དབུ་ཕུར་ཞབས་གཡོན་པ་ས་རྗེན་ལ་བཞུགས་ནས་འདུག །ཞབས་ནས་ཐེག་བྱས་ཏེ། ཞབས་ས་རྗེན་ལ་སོང་གདའ། གཞུགས་སྟན་ལ་བཞུགས་པར་ཞུ་ཞུས་པས། བླ་མའི་གསུངས་ན་ཅོག་གེ་ཞོག་དང་འགྲོ་བ་ཡིན་གསུངས།


PS001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཤེགས་པར་གདའ་འམ་ཞུས་པས་ད་འགྲོ་བར་འདུག་གསུངས། བླ་མ་ཞིང་ཁམས་གང་དུ་གཤེགས། གསོལ་བ་གང་དུ་གདབ་ཞུས་པས། དབུ་སྟེགས་མཛད་ནས་བདེ་བ་ཅན་དུ་འགྲོ་དགོས་པས་གསོལ་བ་དེར་ཐོབ་གསུངས། བདག་ཅག་རྣམས་ཅི་འདྲ་ཐུགས་རྗེས་བཟུང་ཞུས་པས། གཡུ་ཕ་གི་ཐོངས་དང་གསུངས། གའུ་ལྗང་གཅིག་འདུག །དེ་ག་ཕྱག་ཏུ་ཕུལ་བ་དང་། ཁ་ཕྱེ་ནས་འདི་གཉིས་ལ་ལྟོས་དང་གསུངས། མེ་ལོང་དེ་ཕྱི་ལོག་ན་འདུག་པའི་མི་མང་པོ་ལ་ཡང་སྟོན་ཅིང་འདུག་སྟེ་དེ་ནས་ཡང་གཉིས་ཀ་གའུ་དེར་བཅུག་སོང་། གཉིད་སད་པ་དང་བསམས་པས། དངུལ་དཀར་གྱི་མེ་ལོང་དེ་སྟོན་པ་དེ་སེམས་ཉིད་མེ་ལོང་བཞིན་དུ་ལྟོས་བྱ་བའི་བརྡ་རུ་འདུག །དར་ལྗང་གུའི་སྐ་རག་དེ་བརྩོན་འགྲུས་ཀྱི་སྐ་རག་ཆིངས་བྱ་བའི་བརྡ་རུ་འདུག་སྟེ་ནུབ་སྔ་མའི་དབྱངས་དང་གནད་གཅིག་ནས་འདུག་ཅིང་ངེས་ཤེས་སྐྱེས་སོ། །དེ་ལ་སོགས་པའི་བདེ་བ་ཅན་དུ་གཤེགས་པའི་རྟགས་མང་པོ་སློབ་མ་དད་པ་ཅན་རྣམས་ལ་བྱུང་འདུག་པས།


PS001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་ཀྱི་གང་ཟག་དད་ལྡན་རྣམས་ཀྱིས་ཡིད་གཉིས་ཐེ་ཚོམ་ལོག་ལྟ་མ་བྱེད་པར་བདེ་བ་ཅན་དུ་གསོལ་བ་ཐོབ་གཅིག །ཞིང་མཆོག་དེར་སྐྱེ་བར་ངེས་སོ། །བླ་མའི་ཡོན་ཏན་རྒྱ་མཚོ་ལ། །བརྗོད་ཅིང་དཔག་པར་མི་ནུས་ཀྱང་། །ཆུ་ཐིག་ཙམ་གཅིག་འདིར་བརྗོད་པ། །དེ་ལ་ཉེས་པ་མཆིས་པ་ཀུན། །བླ་མའི་ཚོགས་ལ་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །བླ་མ་དབོན་པོ་བ། སློབ་དཔོན་གྲུབ་ཆེན། སློབ་དཔོན་འཇམ་རྡོར་རྣམས་ལ་རྣམ་ཐར་གསུངས་པ་རྣམས་ཕྱོགས་གཅིག་དུ་དྲིལ་ནས་ཡི་གེར་བཀོད་པའོ། །དུས་དང་གནས་སྐབས་ཐམས་ཅད་དུ་བླ་མའི་ཐུགས་རྗེས་འཛིན་པར་གྱུར་ཅིག། །།


PS001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་རྣམ་ཐར་བཞུགས་སོ། ན་མོ་གུ་རུ། མཁས་གྲུབ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། འཁྲུངས་ཡུལ་ཤངས་ཀྱི་སྐྱ་ར། ཡབ་དཔོན་པོ་མགོན་ནེ། ཡུམ་གྱིར་གྱི་ཕྱུག་མོ་ཀུན་ལྡན་གཉིས་ཀྱི་སྲས་སུ་མེ་མོ་བྱ་ལ་སྐུ་འཁྲུངས་པའི་གདུང་རུས་ཁྱུང་པོ། །དེ་ཡང་སྔོན་གྱི་ལས་འཕྲོ་སད་པའི་སྟོབས་ཀྱིས་མཚན་པདྨ་མགོན་ཞེས་བྱ་བའི་བུ་ཆུང་གི་དུས་སུའང་འཇིག་རྟེན་པའི་བྱ་བ་ལ་མ་ཞེན་པར་ཤངས་ཕུར་གྲུབ་ཆེན་ཨུ་རྒྱན་པ་བྱོན་དུས། ཕ་མ་ཡུལ་མི་རྣམས་ཀྱིས་སེམས་བསྐྱེད་ཞུས་པས། དེ་ཡང་ཉན་ཞིང་ཆོས་བྱ་དགོས་སྙམ་པའི་དགེ་བའི་བློ་བརྟན་པོ་དུས་རྒྱུན་དུ་མཛད་པས། བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་གོ། །དགུང་ལོ་བཞི་ཡི་དུས་སུ་སྐུ་ཉེ་རྣམས་ཀྱིས་ཁྱེད་གཅེན་པོ་ཡིན་པས་སྐྱ་རིས་དཔོན་གྱིས། གཅུང་པོ་རབ་ཏུ་བྱུང་གི་ཟེར་ནས། བཙུན་ཆས་བསྒྲུབས་པ་ལ། གཅེན་པོའི་བཙུན་ཆས་རྣམས་ཁྱེར་ནས་མཚན་ལ་བྲོས་པས་ནམ་ལངས་པ་དང་། འཇག་ཆུང་དུ་ཕེབ། མཚམས་རྡོ་ཞིག་འདུག་པའི་རྩར་བསྡད་པས། ཆུ་སྐྱེལ་བ་བྱུང་གང་ནས་འོང་


PS001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། ང་ཐག་རིང་ཚད་གཅིག་ནས་འོང་། བླ་མའི་དྲུང་དུ་ཆོས་བྱེད་པ་ཞུ་རོགས་ཀྱིས་བྱས་པས། བླ་མའི་སྐུ་མཚམས་དམ་པོ་ལ་བཞུགས། མཇལ་ཀ་མི་ཡོང་ཟེར། ཅིས་ཀྱང་ཞུ་བ་གྱིས་བྱས་པས། ཞུ་བ་བྱེད་དེར་སྡོད་ཟེར། དར་གཅིག་བསྡད་པས། ལོག་བྱུང་ནས། བླ་མས་སུ་ལ་ཡང་མཇལ་ཁ་མི་གཏོང་བ་འདུག་པ་ལ། ཁྱེད་ལ་ཤོག་གསུང་བར་གདའ་བས་གཤེགས་ཟེར་བས། བླ་མ་སྤྱིལ་པོའི་ཞལ་དཀར་ན་བཞུགས་འདུག་པ་ལ་ཕྱག་ཕུལ། བྱིན་རླབས་ཞུས་པས། ཁྱེད་ཀྱིས་སླེབ་བམ་མདང་ཁྱུང་པོ་རྣལ་འབྱོར་དང་མཇལ་བ་རྨིས། ཁྱོད་རང་གི་ཆོས་ཚོ་ཚངས་བར་གཏད་ཀྱི་གསུང་ནས་དགེ་བསྙེན་བྱས། མིང་ཚུལ་ཁྲིམས་མགོན་པོ་བཏགས། ཁྱོད་བཙུན་པ་བྱེད་པའི་མཁན་པོ་ངས་བསྟན་གྱི་མིང་འདི་ལས་མ་སྤོ། མཁས་གྲུབ་ཁྱུང་པོའི་མཚན་ཡིན་ནོ་གསུང་། དེ་ནས་དེའི་དྲུང་དུ་སྐུ་ལུས་ཀྱི་དབང་མོ་ཆེ་ཞུས་ནས་ཆོས་དྲུག་སྒོམ། དེ་ནས་ཆོས་དྲུག་སོ་སོའི་བཀའ་སོགས་ཁྲིད་ཆེན་བཞིའི་བཀའ་དང་ཁྲིད་སོགས་ཚང་བར་ཞུས། ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཚིག་གསལ་ཐེམ་ཡིག །འབྱམ་


PS001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་རྩ་འགྲེལ། སྒྱུ་ལུས་ཀྱི་སྦྱང་པ་རྣམ་གསུམ། འཆུག་མེད་བར་དོ་གསུམ་གྱི་གདམས་པ། འོད་གསལ་འཆར་སྒོ་ངོས་འཛིན། སྒྱུ་ལུས་དྲུག་ལྡན། གཞི་ལམ་འབྲས་གསུམ། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། སྒྱུ་ལུས་གསལ་བྱེད་འོད་ཀྱི་ཕྲེང་བ། སྒྱུ་ལུས་འཛིན་པ་རང་གྲོལ། དུག་གསུམ་དག་བྱེད་བདུད་རྩིའི་ཆུ་རྒྱུན། ཞུས་ལེན་གེགས་སེལ་རིན་ཆེན་སྒྲོན་མེ། ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར། ཞུས་ལེན་ཟླ་བའི་དལ། ཉམས་མྱོང་ཡོན་ཏན་རྒྱ་མཚོ། སྒྱུ་མ་ལམ་རིམ་རྩ་འགྲེལ། ཕྱག་ཆེན་གུའུ་མ་རྩ་འགྲེལ། རང་གྲོལ་ཕྱག་རྒྱ་ཆེན་པོ། །འཆི་མེད་ཡེ་ཤེས་ཆེན་པོ་རྩ་བ་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ། དྷརྨ་སིང་ཧས་མཛད་པ། དྷརྨ་པྲཛྙཱས་མཛད་པ། འཆུག་མེད་ལམ་ཁྱེར་གསུམ་གྱི་རྩ་བ། འགྲེལ་པ། རྡོ་རྗེ་རྣམ་འཇོམས་གདམས་ངག་གཉིས། མཁའ་སྤྱོད་མ་དཀར་མོའི་དབང་བསྐུར། དམར་མོའི་དབང་བསྐུར་ལས་ཚོགས་དང་བཅས་པ། དབང་བསྐུར་སྤྱིའི་སྔོན་འགྲོ་སངས་རྒྱས་སྟོན་པས་མཛད་པ་འཆི་མེད་འཁྲུལ་འཁོར་གྱི་རྒྱ་གཞུང་། རྩ་འགྲེལ་དབང་


PS001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཕྱག་གཞེས་དང་བཅས་པ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པས་མཛད་པའི་རིག་གཏད་སོགས་བཀའ་ལུང་མ་ལུས་པ་རྣམས་དང་། ཕྱག་དྲུག་པའི་སྐོར་ཐམས་ཅད་ཞུས་སོ། །ཉམས་རྟོགས་ཕུན་སུམ་ཚོགས་པ་ཐུགས་ལ་འཁྲུངས་ཏེ། དེ་ནས་མར་ཤངས་ན་བྲེ་རྫིང་ཇོ་གདན་ཚོགས་པའི་མཁན་པོ་ཚུལ་ཁྲིམས་དཔལ་བཞུགས་པའི་རྩར་སོང་ལ་རབ་བྱུང་གྱིས་གསུངས་ནས་མཁས་བཙུན་དགེ་འདུན་རྒྱ་མཚོ་སྤྱན་དྲངས་ཏེ། མཁན་པོ་ཚུལ་ཁྲིམས་དཔལ། སློབ་དཔོན་མཁས་བཙུན་པས་མཛད་ནས་རྙོགས་པ་མེད་པའི་ཚུལ་ཁྲིམས་གྱིས་མཛེས་པར་མཛད་དོ། །དེ་ལྟར་མཁས་གྲུབ་ཤངས་སྟོན་བཞུགས་པའི་དུས་སུ་ལོངས་སྤྱོད་མོས་གུས་སྒྲུབས་པས་མཉེས་པར་བྱས་ནས་སྐུ་གཤེགས་དུས་ཐུགས་དགོངས་གང་རྫོགས་ཀྱི་གསོལ་འདེབས་ལ་སོགས་པ་མཛད། དེ་ནས་འཇག་ཆུང་དུ་སྒྲུབ་པ་མཛད་པས་དུས་སུ། སྔར་ཐོག་དབུ་སྔས་ས་ལ་མི་འཇོག་པའི་དམ་བཅའ་མཛད་དེ། དེའི་དུས་ཤངས་སྟོན་པ་རྨི་ལམ་དུ་བྱོན་ནས། སྐུའི་བཀོད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་


PS001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཞིང་། རིན་པོ་ཆེའི་གདན་ཁྲི་ལ་སོགས་པ་ངོ་མཚར་བའི་བཀོད་པ་དཔག་ཏུ་མེད་པ་བསྟན་ནས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འདིས་གཞན་ལ་ཕན་པའི་རྟེན་འབྲེལ་མང་པོ་མཛད། དེའི་དུས་སུ་གེགས་མང་པོ་བྱུང་ནས། ལྷ་སར་བྱིན་རླབས་ཞུས་ནས་ཕན་སྙམ་ནས་བྱོན་པས་མཚུར་ཕུར་བྱོན་ཆོས་རྗེ་རང་བྱུང་རྡོ་རྗེ་དང་མཇལ་ཞིང་འཇལ་མ་ཐག་ཁྱོད་ལ་གེགས་བྱུང་ངམ་གསུངས། བྱུང་ལགས་ཞུས། བླ་མ་ལ་མངོན་མཁྱེན་ཐོགས་མེད་མངའ་བར་འདུག་སྙམ་པའི་ཐུན་མོངས་མ་ཡིན་པའི་མོས་གུས་སྐྱེས། གེགས་ཕལ་ཆེར་ལས་གྲོལ། བསྙེན་རྫོགས་ཤིག་བྱེད་དགོས་དགོངས་ནས་དགེ་འདུན་སྒང་པའི་མཁན་པོ་གཞོན་ནུ་བྱང་ཆུབ། ལས་སློབ་བྱང་ཆུབ་མགོན། གསང་སྟེ་སྟོན་པ་བསོད་རིན། དད་པའི་ཁ་སྐོང་དགེ་འདུན་བཅུའི་དབུས་སུ་བསྙེན་རྫོགས་མཛད། དེ་ལོ་སྐྱ་ཕམ་པར་ཡོད་པས་ནས་ཁལ་གཅིག་ལ་རྩམ་པ་བྱས་ནས་ལྷ་ལུང་དུ་བཞུགས་པའི་དུས་སུ། རྩོལ་བཅས་རྩོལ་མེད་ཀྱི་དགེ་སྦྱོར་བློ་ཐག་ཆོད་པར་བྱུང་། དེ་ནས་ཤངས་ཕུ་ཅུ་ལོ་ཉི་ཤུ་རྩ་ལྔ་བཞུགས་གསུངས་བཅད་ལོ་


PS001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་མཛད་པའི་དུས་སུ། སྐྱེར་བའི་རྒན་རྒོན་གཉིས་ལ་བུ་གཉིས་ཡོད་པ། ཟླ་བ་གཉིས་ཀྱི་ཁོང་སུ་ཤི་བ་ལ་རྒན་རྒོན་སྨྱོ་ནས་མི་ལ་སོགས་པ་གང་མཐོང་བ་ལ་བུ་བུ་ཟེར་ནས་འགྲོ་ཡིན་འདུག་པ། ཆུའི་ཁ་ལ་ཕྱིན་ཡང་མི་བྱིང་མི་ཁྱེར་གཡང་ལ་ལྷུང་ཡང་མི་གནོད་པར་སྡུག་བསྔལ་གྱི་ནོན་པ་ལས། ཡུལ་མི་དང་མཉེན་ཚན་རྣམས་གྲོས་བྱས་ནས་ང་རྩར་བསྐྱར་སོང་བའི་ཟླ་བ་གཅིག་ནས་སྨྱོ་ནད་དང་སྡུག་བསྔལ་སངས། ཉམས་མྱོང་བཟང་བར་བྱུང་། གཞན་ཡང་སྨྱོ་ནད་དང་ནད་གདོན་ཅན་ལ་ཁྲིད་གཏབ་པས་ཕན་པ་དུ་མ་བྱུང་། དེ་ནས་ལོ་བཅོ་ལྔ་སྟོན་ཀ་བསོད་སྙོམ་རེ་མཛད་པ་མ་གཏོགས་ཐུགས་དམ་རྩེ་གཅིག་ཏུ་མཛད་པའི་སྟོན་ཞིག །ཆུ་ཚུར་བྱོན་པའི་དུས་རྒྱབ་ནས་རྩར་ཐག་གིས་ཐུ་བ་མཐེན་པ་ཞིག་བྱུང་ནས་གཟིགས་པས། མི་མགོ་ཞིག་གི་སོས་བཟུང་ནས་འདུག་པས། དེ་བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་ཀྱི་ཞལ་དུ་གྱུར་ནས་ཞལ་ཕྱག་མང་པོ་རྣམས་ཡུན་རིང་དུ་འཇིག་ཏུ་མ་འདོད་གསུངས། ཡང་བི་ཇིར་མྱོང་སྟོན་དང་གཉིས་པོ་བླ་ཡེ་ན་གཏོར་མ་གཏོང་གིན་བཞུགས་པ་ལ་རྒྱབ་ཕུ་ན་རུ་བ་ཞིག་འདུག་པ་ལ་བུ་མོ་ཞིག་གིས་འབྲི་བཞོས་པས་མོ་དྲེད་ནས་


PS001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་ཕོས་པས་རུ་བའི་མི་རྣམས་རྒོད་ཤོར་བར། ཆོས་རྗེ་ཉིད་ཀྱང་དགོད་ཤོར་བས། མྱོང་སྟོན་ཁྲོས་ནས་ང་ལ་དེ་རྩམ་ཅི་ལ་ཁྲེལ་ཟེར་བ་ལ། ང་རང་དོན་མེད་དགོད་ཤོར་བ་ལས་ཁྱེད་ལ་ཁྲེལ་བ་མེད་བྱས་པས། ཆིག་དགོད་ཤོར་བས་རང་མཚང་དྲན་ཟེར་ནས་སླར་ཁྲོས་ནས་ཉན་བར་མ་འདོད་པར་རུ་བའི་ལབ་རྣམས་བཏང་པས་དགོད་ཤོར་བ་ཡིན་བྱས་པས། རུ་བ་ལོ་ཙ་ན་སོང་ནས་མེད་པའི་རྒྱབ་ཕུ་རུ་བ་ཡོད་དོན་མེད། རྫུན་མ་བྱེད་ཟེར་ནས་མ་དད་པ་ལ་སོང་ཉི་མ་དྲོས་དུས་ཡོན་བདག་རྒྱན་ནེ་རྟ་ཞིག་ལ་ཞོན་ནས་དར་བ་བཀལ་ནས་བྱུང་བས། མྱང་སྟོན་གྱིས་ལབ་འདྲི་ཡིན་འདུག་པ་རུ་བ་རྒྱ་བ་ཕུ་ན་ཡོད་ཟེར། མྱང་སྟོན་ཁ་སོང་གི་དེ་དྲན་ནས་ཁ་སོང་རུ་པ་འོ་མ་འཕོ་མཁན་མ་བྱུང་ངམ་བྱས་པས་ངེད་ཀྱི་རྣ་མ་དེ་དྲེད་ནས་འོ་མ་ཕོ། །མི་ཀུན་དགོད་བྱེད་ཀྱིན་འདུག་ཟེར་བ་དང་། མྱང་སྟོན་དད་དེ་ཁ་སང་ངས་མ་འོས་པ་བྱས་པ་བཟོད་པར་གསོལ་ཟེར་རོ། །དེའི་དུས་ན་ཆོས་མང་པོ་ཞུས་པས། ཁོ་རང་དང་ཉེ་འབྲེལ་རྣམས་ཀྱི་རྩ་བའི་བླ་མར་ཁུར་རོ། །དེ་ནས་མཚུར་ཕུར་ཆོས་རྗེ་སྐུ་འཁྲུངས་འདུག་ཟེར་ནས་མཇལ་དུ་བྱོན་པའི་དུས་སུ། གྱས་ཕུའི་ཆུ་ལ་མ་ཐར་


PS001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པར། དཔོན་པོ་རྣམས་ཆུ་འགྲམ་ན་ཡོད་ཙ་ན། རི་རྡོལ་ནས་སྤང་ཆེན་པོ་ཞིག་གིས་ཆུ་ལ་ཟམ་པ་བཙུགས་པ་ལྟ་བུ་བྱས་པའི་སྟེང་ལ་བྱོན་པས། ཕ་གིར་ཕེབ་པ་དང་སྤང་དེ་ཆུས་ཁྱེར་སོང་། དེ་ནས་རང་བྱུང་རོལ་པའི་རྡོ་རྗེའི་དྲུང་དུ་དབང་བསྐུར་དང་ཆོས་མང་དུ་གསན་གསུངས། མཁན་ཆེན་བུ་སྟོན་པའི་དྲུང་དུ་ཆོས་འགྲེལ་ཞུས། ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་དཔལ་ཀྱཻའི་རྡོ་རྗེའི་དབང་ཞུས་པས། བླ་མ་དམ་པ་རྡོ་རྗེ་འཆང་དུ་ཞལ་གཟིགས། རྒྱལ་སྲས་རིན་པོ་ཆེ་དངུལ་ཆུ་ཐོག་མེད་ལ་འཇུག་པ་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། སྙིང་པོ་དོན་གསུམ། རྟེན་འབྲེལ་སྙིང་པོ་ལ་སོགས་པ་མང་དུ་ཞུས། དེ་ནས་རྒྱལ་སྲས་རིན་པོ་ཆེ་སྐུ་གཤེགས་ནས་ཁོང་པའི་སློབ་མ་དབུས་པ་རྣམས་ཆོས་ཞུ་རུ་བྱུང་དུས། རྒྱལ་སྲས་པའི་རྣམ་ཐར་ཀློག་གསུངས། ཆོས་རྗེ་པས་གསོན་ཞིང་བུག་སྐོར་བཞུགས་པས། ཁོང་གི་རྣམ་ཐར་ན་དབུས་སུ་རྟོག་ལྡན་ཏྲེ་བོའི་དྲུང་དུ་ཁམས་པ་གསུམ་གྱིས་ཆོས་ཞུ་རུ་ཕྱིན་པས། ཁྱེད་རང་གསུམ་པོ་གཙང་དུ་རྒྱུག །གཙང་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་སྲས་ཐོགས་མེད་དྲུང་དུ་རྒྱུག་ལ་བློ་སྦྱོང་


PS001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། ང་ཡི་གྲོགས་པོ་ཁྱུང་པོ་རྣལ་འབྱོར་གྱི་སྤྲུལ་པ་ཁྱུང་པོ་ཚུལ་ཁྲིམས་མགོན་པོའི་དྲུང་དུ་རྒྱུག་ལ་ནི་གུ་ཆོས་དྲུག་ཞུས། ཡང་དགོན་པའི་སྐྱེ་བ་འབའ་ར་བ་རྒྱལ་མཚན་དཔལ་གྱི་དྲུང་དུ་རྒྱུག་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞུས་བྱ་བ་བྲིས་གདའ་བས། ཆོས་རྗེ་པའི་གསུང་ནས། ངའི་གྲོགས་པོ་རྗེ་བོ་དེ་ལ་རྩ་རླུང་གི་ནུས་པ་ཆེན་པོ་ཡོད་གསུང་ངོ་། །དེ་ནས་ཕྱག་རྫས་སྔ་ཐོག་བྱུང་བ་རྣམས་ནི་ཡབ་གཤེགས་རྫོངས་མཛད། ཡུམ་གྲུབ་ཐོབ་ལ་སྐུ་ཚེ་རིང་པོ་བཞུགས་པའི་ཞབས་ཏོག་དང་། རྫས་ལྷག་མ་རྣམས་ཉམས་ཆུང་མ་ནུས་པ་རྣམས་ལ་བཏང་། ཕྱིས་བྱུང་བ་རྣམས་ལ་མ་ཎི་དུང་ཕྱུར་སུམ་ཅུ་ཐམ་པ་མཛད། སྤོང་ཐག་བཟང་པོ་ལན་གསུམ་བྱས། སྒྲོལ་མ་འབུམ་ཐེར་ཉི་ཤུ་རྩ་གཅིག་བཏང་། སངས་རྒྱས་ཀྱི་དུས་མཆོད་བཞི། ཆོས་རྗེ་རང་བྱུང་རྡོ་རྗེ། འཇག་པ་ཡབ་སྲས། རྒྱལ་སྲས་ཐོགས་མེད་པ་རྣམས་ཀྱི་དུས་མཆོད་ལ་ཆག་ཐབས་མེད། སྒོམ་ཆེན་པ་ལ་ནོར་གྱིས་དགོས་པ་མེད་གསུང་ཤིང་། སྒོམ་ཆེན་པ་ལ་ཁང་པ་བཟང་པོ་མི་དགོས་སྤང་སྤྱིལ་དང་། ས་ཕུག་དང་བྲག་ཕུག་ཏུ་འཆི་རྒྱུ་ཡིན་གསུང་ནས། བདེ་ཆེན་གཟིམ་ཁང་ལ་སོགས་པ་བདག་


PS001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྤངས་ནས་དབེན་པ་གཅིག་ཏུ་གཤེགས་གསུང་པ་ལ། ཡོན་བདག་བཟང་པོ་དང་གྲྭ་རིས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་པས་གཞན་དུ་མ་གཤེགས། ངའི་ཕུང་པོ་འདི་ཞག་བདུན་ཞོག་ལ་དེ་ནས་མེ་ལ་བསྲེག །ཡང་ན་བྱ་ལ་བྱིན་གསུངས། སྟག་ལོས་ག་ཟླ་བའི་ཉི་མ་མདུང་དོ་རྩམ་ལ་སྒྲ་དང་། འོད་དང་ས་གཡོ་བ་དང་། མེ་ཏོག་གི་ཆར་འབབ་པ་དང་། བར་སྣང་ཐམས་ཅད་འཇའ་ཚོན་གྱིས་ཁེངས་ཏེ། སྔར་གྱི་སྨོན་ལམ་མཛད་པ་བཞིན་དུ་དགའ་ལྡན་དུ་གཤེགས་སོ། །དེ་ནས་སྤུར་མ་བཞུ་ན་བྱིན་རླབས་ཆེ་གསུང་ནས། བདག་ཆེན་པས་ཟངས་ཀྱི་གའུའི་ནང་དུ་བཞུགས་སུ་བཅུག །དེའི་དུས་སུ་སྤུར་ལ་རེག་པ་དང་། བསྒུལ་བ་དང་ཟླ་མཆོད་ཀྱི་དུས་རྣམས་སུ་མེ་ཏོག་གི་ཆར་དང་། ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ་ལོ་དུས་ཀྱི་བར་དུ་བྱུང་ངོ་། །དེ་ནས་ཕྱི་རྟེན་ནང་རྟེན་བཞེངས་ནས་ནང་དུ་བཞུགས་རྒྱུ་དགོས་པར་འདུག་པས། གདུང་བཞུ་བ་ན། མེའི་གཟུགས། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིའི་གཟུགས་སུ་བྱུང་པ་དང་། མེའི་སྒྲ་ལ་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ།


PS001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་སྒྲ་སྤུར་ཁང་གི་དྲུང་ན་ཡོད་པ་རྣམས་ཀྱི་སྣང་ཡུལ་དུ་ཐོས་པ་དང་། མཐོང་བ་བྱུང་ངོ་། །སྤུར་ཁང་ཞལ་ཕྱེ་བའི་དུས་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་མང་པོ་བྱུང་ཞིང་བྱོན་ནོ། །སྤྱིར་ཡང་སྤུར་གྱི་ཚས་ཀྱི་སོལ་བ་བསྲེགས་པས་འཇའ་ཚོན་བྱུང་བ་དང་། ཕྱུགས་ནད་ལ་སོགས་པ་ཆད་པ་དང་། སྐུ་འབུམ་ལ་བསྐོར་བ་བྱས་པས་ཕྱུགས་ལུག་གི་ནད་ཆད་པ་ལ་སོགས་པ་ད་ལྟ་ཡང་རྒྱུན་མི་ཆད་པ་ཉིད་དོ། །རྣམ་པར་ཐར་པ་ཟིན་བྲིས་སུ་བྱས་པས། ཕྱོགས་གཅིག་ཏུ་བསྡུས་ནས་བདེ་ཆེན་གཟིམ་ཁང་དུ་ཡི་གེར་བཀོད་པའོ།། །།དགེ་ལེགས་འཕེལ། །དགེའོ། །

རས་ཆེན་སངས་རྒྱས་སེངྒེའི་རྣམ་ཐར།


PS001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཆེན་སངས་རྒྱས་སེངྒེའི་རྣམ་ཐར་བཞུགས་སོ། །ན་མོ་རཏྣ་གུ་རུ་ཡེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སངས་རྒྱས་སེངྒྒེ་འཁྲུངས་པའི་ཡུལ་ནི་མདོ་ཁམས་ཆོས་གླིང་དུ། ཡབ་ཨ་ཡུལ། ཡུམ་ངག་ཁེགས། སྲས་མིང་སྲིང་ལྔ་ཡོད་པའི་ཆེ་བ་ཡིན། ཡབ་མིས་རྣམས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེའི་ཆོས་སྐོར་གྱི་བརྒྱུད་པ་རྣལ་འབྱོར་པའི་ཆ་ལུགས་ཅན་བྱས་ནས། རིལ་བུ་སྨད་དང་བཅས་ནས་བཞུགས། འཚོ་བ་ཤུག་ཐོག་ལ་སོགས་པ་གང་བྱུང་ལ་བརྟེན་ནས། བྱིས་པ་སྨྲ་ཤེས་པ་ཡན་ཆད་ཀྱིས་མ་ཎི་གཅིག་པོ་འདྲེན་པས། བྱིས་པ་ཤི་བ་རྣམས་ཀྱང་འཇའ་རིང་བསྲེལ་དུ་སོང་བ་མང་པོ་བྱུང་གསུངས། ངས་ལོ་བཞི་པ་ལ་རྨི་ལམ་ལེགས་པོ་ཟིན། ང་ལ་ཕས་བཟོས་པའི་ལྷམ་ཡུ་བ་ཁྲ་བོ་སྣ་དམར་པོ་བྱས་པ་སོ་མ་ལེགས་པ་ཞིག་ཡོད་པ་དེ་གྱོན་ནས་བྱིས་པ་གྲོགས་པོ་རྣམས་དང་རྩེ་མོར་ཕྱིན་པས། ལྷམ་དེ་བོར་ནས་དར་ཞིག་ཙམ་ནས་ཕ་སླེབ་བྱུང་། ལྷམ་གཏོར་བ་མཐོང་བ་དང་། ང་ལ་རྡུང་ཐག་ཡག་པོ་ཞིག་བྱས། དེ་ནུབ་ཁྱིམ་མཚེས་ཀྱི་ས་རུ་ཉལ་བའི་རྨི་ལམ་དུ་ལྷམ་དེ་ངའི་ལག་ཏུ་འདུག །འདི་རྨི་ལམ་ཡིན་


PS001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག །སད་ཙ་ན་མ་བོར་བ་གཅིག་བྱ་དགོས་སྙམས་གསུང་། བྱིས་པའི་དུས་ཆོས་སྣང་གཅིག་པུ་ཡོད་ཀྱང་། རང་དབང་མ་ཐོབ་པས། ཉེ་ཚན་རྣམས་ཀྱིས་ཆུང་གཉེན་སྒྲིག་ཡོད་པ་ལ། དགུང་ལོ་དྲུག་པ་ལ་སྐུ་མཆེད་གཉིས་ཆུ་ལེན་དུ་ཕྱིན་པས། ངས་ཆུ་ཟམ་བཟུང་། ཁོས་གཟར་བུ་བཟུང་ནས་ཕྱིན་པས། འུར་རྡོ་ཞིག་རྙེད་ནས་ཁོས་འུར་རྡོ་དེ་འཕང་པས། ངའི་རྐང་པ་ཡ་གཅིག་ལ་རྒྱབ་ནས། ཡུན་རིང་ན་ནས་གཟུགས་པོ་ཡང་ན་ཞིང་རྐང་པ་རྐྱོག་པོར་སོང་ཆུང་གཉེན་ཀྱང་ཞིག་ལོ་དགུ་པ་ལ་རབ་བྱུང་བྱས། མིང་སངས་རྒྱས་སེངྒེྒེ་བཏགས། སེངྒེ་སྒྲ་ཡིས་ལུང་ཞུས་ནས་བསྙེན་པ་ལེན་རེ་བྱས་པའི་རྨི་ལམ་དུ། ཡུལ་གྱི་འོག་ཏུ་ཐང་ཞིག་ཡོད་པ་དེའི་ཁར་བསྡད་འདུག་པས། ངའི་ལུས་ལས་སྦལ་ལྕང་མང་པོ་འཐོན་པ་རྨིས་པས་ནད་དྲག་པ་ཡིན། སྙིང་རུས་བསྐྱེད་གསུང་ནས། བསྙེན་པ་ཟླ་བ་གཅིག་བསྐྱལ་བས་ཇེ་དྲག་ལ་སོང་། དགུང་ལོ་བཅུ་གཉིས་བ་ལ་རྟག་གཉིས་ཀྱི་བཤད་པ་བྱས། བཅོ་བརྒྱད་པ་ལ་སྤྱོད་འཇུག་གི་བཤད་པ་བྱས། ཕར་ཕྱིན་ཡང་བློ་ལ་ཡོད་གསུངས། །བཅུ་དགུ་པ་ལ་གཅོད་དུ་སོང་། །མཚུར་ཕུ་ལོ་གཅིག་ཙམ་


PS001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད། དེ་ནས་ས་སྐྱར་ཡོངས་པས། མཁན་ཆེན་གནས་དྲུག་པ། དང་པོ་ཕ་སྤུན་ཙམ་ཡིན་པས་ཁོང་གིས་བོས། ཤངས་ལེན་བཟང་པོ་མཛད་ནས། རྣམ་འགྲེལ་གྱི་གཞུང་ཞིག་དང་། ཁོ་རང་གི་མཛད་པའི་རྣམ་འགྲེལ་གྱི་ཊིཀྐ་ཞིག་ཀྱང་བྱིན་ཏེ། ཡུལ་གྱི་གསུང་གླེང་མང་པོ་མཛད་ནས་རྣམ་འགྲེལ་བསླབ། གཞན་པོ་ཏི་བསླབ་ཀྱང་དེང་སོང་གྲགས་པ་མི་ཤོང་པར་གདའ། གྲོགས་ངན་གང་དགོས་ང་རང་གིས་བྱེད་པ་ཡིན་གསུང་ནས་རྣམ་འགྲེལ་བསླབས། ལོ་རྩ་བརྒྱད་སོང་བ་དང་རྣམས་འགྲེལ་ཀྱང་གྲྭ་སྐོར་འཁོར། སེམས་པས་ཀྱང་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པར་དགོངས་ཤིང་། ད་ངེས་འཆི་ཆོས་གཤའ་མ་ཞིག་བྱ་དགོས་བསམ་ནས། འབྲི་གུང་ནས་ཕྱིན་པས་ཆོས་རྗེ་མཁས་གྲུབ་པའི་སློབ་མ། ང་རང་གི་གྲོགས་པོ་བླ་མ་བློ་བཟང་བ་དང་འཕྲད། ང་ལ་བྱམས་པ་དང་འཇལ་བར་བྱེད་པའི་གདམས་པ་ཡོད་གསུངས། འོ་ན་ང་བྱམས་པ་ལ་ཤིན་ཏུ་དད་ཅིང་བྱམས་ཆོས་ལྔ་གསེར་གྱི་འབྲི་ཨེ་འགྲུབ་བསམ་པ་འདོག །གདམས་ངག་དེ་ཁྱོད་ལ་ཞུ་ཞུས་པས། འོ་ན་དེ་བཞིན་བྱེད་གསུང་ནས། ནཻ་གུ་


PS001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་གི་སྐོར་གནང་། དགེ་སྦྱོར་བཟང་པོ་སྐྱེས་སོ། །དེ་ནས་བླ་མ་བློ་བཟང་པ་ན་རེ། ཁྱོད་ལ་དགེ་སྦྱོར་ཕུན་སུམ་ཚོགས་པ་ཡོངས་བར་འདུག་པས། ད་ཤངས་ན་ངའི་བླ་མ་ཚུལ་ཁྲིམས་མགོན་པོ་ཟེར་བའི་གྲུབ་ཐོབ་ཆེན་པོ་ཞིག་ཡོད། དེའི་དྲུང་དུ་བྱོན་ལ་ཆོས་ཞུས་གསུངས། དེར་ཕྱིན་ནས་ནེ་གུ་ཆོས་དྲུག་ལ་ལོ་དྲུག་བྱས་ནས་སྒོམ་པར་ཞུས་པས། དགོས་མི་དགོས་བལྟ་ནས་བྱས་པས་ཆོག་གསུང་ནས་གནང་པས། གཏུམ་མོ་ལ་ཞག་བདུན་ནས་རས་ཐུབ་པར་བྱུང་། ད་ཐམས་ཅད་བཤད་པས་ཆོག་པར་འདུག་གསུང་པ་ལ། དེ་མི་གསུང་བར་ཞུ། ད་དུང་ག་ལེར་སྒོམ་པར་ཞུ་ཞུས་པས། ཁྱེད་རང་ཟེར་བ་བཞིན་བྱེད་གསུང་ནས་ག་ལེ་གནང་གསུངས། ནཻ་གུ་མས། ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྱུར་གསུང་པར་འདུག་པས། སངས་རྒྱས་ལ་འདི་བས་སླ་བ་མེད། ཐ་ན་ཡང་སངས་རྒྱས་པ་ཞིག་བྱེད་བསམ་ནས་བསྒོམས་པས། སྔར་གྱི་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ་སོགས་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར་ལ་བལྟས་པས། འདི་འདྲ་ཀུན་ངོ་མཚར་ཆེ་རྒྱུ་མི་འདུག་ཅིང་། འབྲི་རིངས་མི་ཆོག་པར་འདུག །ད་ལྟ་ཡང་འདི་ལྟར་ཡོང་བ་འདུག་སྟེ།


PS001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའམ་ལོའམ་ཅེས་པའི་ཚིག་འདིར་སངས་རྒྱས་ཤིག་ཨེ་འགྲུབ་བལྟ་དགོས་བསམ་པ་ཡང་ཡང་བྱུང་། རྟིང་སོར་ཟླ་བ་དྲུག་གམ་ལོའམ་སངས་རྒྱས་མ་བྱུང་བ་དེ། གོང་མའི་རྣམ་ཐར་རྣམས་ལ་འདི་འདྲ་གང་ནས་བྱས་ཀྱང་ཡོང་བར་འདུག་བསམ་པའི་བློ་ཚུད་ཀྱི་རྣམ་པ་བྱས་པས་ལན་པ་འདྲ་གསུངས། བླ་མ་འདི་ཉིད་ལ་ཁྱུང་པོ་རྣལ་འབྱོར་ནས་མཁས་གྲུབ་ཤངས་སྟོན་གྱི་བར་རྣམ་ཐར་རྣམས་དང་། སྒྱུ་མ་ལམ་རིམ་རྩ་འགྲེལ། མ་སྨིན་པ་སྨིན་པར་བྱེད་པའི་དབང་ལ་བདེ་མཆོག་ལྷ་ལྔ། ཆོས་དྲུག་སོ་སོའི་བཀའ་དྲུག །སྒྱུ་ལུས་དབང་མོ་ཆེ། མཁའ་སྤྱོད་དམར་མོའི་བཀའ། བར་དོ་སྒྱུ་ལུས་བཀའ། གའུ་མའི་བཀའ། སེམས་འཆི་མེད་ཀྱི་བཀའ། འཆུག་མེད་ལམ་ཁྱེར་གསུམ་གྱི་བཀའ། མཁའ་སྤྱོད་དཀར་མོའི་བཀའ་རྣམས་དང་། ཆོས་དྲུག་གི་ཚིག་རྐང་ཚིག་གསལ་ཐེམ་ཡིག །གཞི་ལམ་འབྲས་གསུམ། ནཻ་གུ་མའི་དམིགས་པ་བསྐོར་གསུམ། འབྱམས་གཅོད་རྩ་འགྲེལ་གཉིས། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ། སྦྱང་པ་རྣམ་གཉིས། བར་དོ་གསུམ་གྱི་གདམས་པ། རིན་ཆེན་འོད་ཀྱི་ཕྲེང་བ། འོད་གསལ་


PS001_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྒོ་ངོས་འཛིན། དུག་གསུམ་དག་བྱེད་བདུད་རྩི། སྒྱུ་ལུས་འཛིན་པ་རང་གྲོལ། ཞུས་ལན་རིན་ཆེན་སྒྲོན་མེ། ཞུས་ལན་ཟླ་བའི་དལ། ཉམས་མྱོང་མ་རིག་མུན་སེལ། ཉམས་མྱོང་ཡོན་ཏན་རྒྱ་མཚོ། གའུ་མའི་ཚིག་རྐང་། ཚིག་གསལ་སེམས་འཆི་མེད་ཀྱི་ཚིག་རྐང་། དེའི་འགྲེལ་པ་རཏྣ་བིར་ཝས་མཛད་པ། དྷརྨཱ་སིདྷས་མཛད་པ། རྗེ་བཙུན་དྷརྨཱ་པྲཛྙཱས་མཛད་པ། སངས་རྒྱས་སྟོན་པས་མཛད་པ། འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་། དེའི་ཁྲིད་མཁའ་སྤྱོད་སུམ་ཕྲུག །མཁའ་སྤྱོད་མའི་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀ་ར་ཤྲི་ཛྙ་ནས་མཛད་པ་དེ་ཇོ་བོ་རྗེའི་ལུགས། ཁྱུང་པོའི་ལུགས་གཉིས་དམ་ཚིག་གསོལ་བ། མཁའ་སྤྱོད་མའི་རིལ་བུ་སྒྲུབ་པ། མཁའ་སྤྱོད་དཀར་མོའི་འཕོ་བ། ནི་གུ་མའི་སྨོན་ལམ། གཞན་དོན་མི་འགྲུབ་མི་སྲིད་པའི་གདམས་ངག་དང་། བདེ་མཆོག་ལྷ་ལྔའི་མངོན་རྟོག་མཆོད་ཕྲེང་། རྟ་མགྲིན་གསང་སྒྲུབ་བསྐོར། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པ། ལུས་འཆི་མེད་ཀྱི་བཀའ་ལུང་། བྱིན་གྱིས་བརླབ་པའི་ལྷ་བཞི། གཞན་ཡང་མགོན་པོའི་བསྐོར་ཐུན་མོང་བ་ཐམས་ཅད་གསན་ནོ། །


PS001_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེལ་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞི་ལ་མ་ཡུམ་གུམ་པས་འདི་ཚེས་བཅོ་ལྔའི་ནང་པར་ཡུམ་གྱི་དོན་དུ་རྗེའི་དྲུང་དུ་གཤིན་ཆོག་དང་བསྔོ་བ་ཞུས། དྲུང་གནས་རང་གིས་ཀྱང་ཆོ་ག་མཛད། གཞན་ཡང་ཡུམ་ལ་དམིགས་ནས་དགེ་རྩ་ཡང་དག་མཛད་འདུག་གོ། །དེ་ནས་ལོ་གཅིག་ཙམ་སོང་བ་དང་། གཅུང་པོ་གདན་འདྲེན་པ། སླེབ་པ་དང་། རང་རེའི་མ་ལ་སོགས་པ་ཐམས་ཅད་ཁམས་བདེ་བར་འདོག་པས་ད་འབྱོན་པར་ཞུ། ད་ལན་མ་བྱོན་ན་མ་ཡང་ཡི་ཆད་ནས་འགྲོ་བར་འདུག་གསུང་པས། ཁོ་དེ་ཁྱོད་ཀྱི་རྫུན་སྒྲིགས་ཀྱང་མི་འགྲིགས། རང་རེའི་མ་སྤྲེལ་ལོ་ཟླ་བ་བཞི་པའི་ཚེས་བཅུ་བཞིའི་ནུབ་མོ་ཤི། ཁྱེད་རྣམས་ཀྱིས་རུས་པ་ཡང་ཚེས་བཅོ་ལྔ་ལ་བཞུ། དེ་སྲེག་པས་སྔས་པ་ཡིན། དེ་དུས་ཁྱེད་རྣམས་ཀྱིས་ཐུལ་བ་དེ་མ་སྲེག་ན་ཡོད་པར་ཡིན་ཏེ། དེ་ལ་ཤིག་མང་པོ་འདུག །སྡིག་པ་ཆེན་པོ་བྱས་གསུང་ནས། ཁོང་ཚོའི་བྱས་ལུགས་དེ་ཐམས་ཅད་ཇི་བལྟ་བ་བཞིན་གསུངས་པས། དེ་ཕྱིན་ཆད་རྫུན་བྱར་མི་ཉན་པར་གོ་འདུག །ཕྱིས་མཁན་ཆེན་གནས་དྲུག་པ་གཤེགས། ས་སྐྱར་ཕྱིན། ངས་རས་རྐྱང་གྱོན་


PS001_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲིབ་མ་ལ་བསྡད་པས། གྲོགས་མཆེད་རྣམས་ན་རེ། ནད་པ་འདྲ་བ་དེ་གར་སོང་། ཁྱོད་ཀྱིས་འདི་འདྲའི་ཆོས་ཤིག་བྱས་འདུག །སྙིང་རེ་རྗེ་ཟེར་བ་མང་བར་བྱུང་བས། ངའི་བསམ་པ་ལ་སྙིང་དག་ཁྱེད་ཚོ་རྗེ། གནས་ལུགས་ཀྱི་དོན་ནི་མ་རྟོགས། སློབ་གཉེར་ཅུང་ཟད་རེ་བྱེད་པ་ཡང་ཚེ་འདི་ཞེ་ཕུག་སུ་བཞག་པ་ཡིན། ད་འདིར་ཡུན་རིང་བསྡད་ཀྱང་། རང་གཞན་གཉིས་ཀའི་ཟག་པ་འཕེལ་འགྲོ་བར་འདུག་བསམ་ནས། གློ་བུར་དུ་ལང་ནས་ཤངས་སུ་ཡོངས་པས། གཏུམ་མོའི་ཡོན་ཏན་གྱིས་རྟ་ལས་མགྱོགས་པར་ཡོང་གིན་གདའ་གསུངས། མཁར་ལུང་ན་སྡོད་ཡོད་པའི་དུས་སུ། དབུས་པ་དུས་ཟིང་ཀྱི་མགོ་སྔ་མ་ལང་ཙམ་དེ་ལ། ཁུ་ལུང་པ་རྣམས་རྟག་ཚང་དུ་འགྲོ་བར་བྱས། དེའི་བང་ཆེན་པ་སྔ་དང་གྱིས་བྱེད་ཅིང་འདུག་ཟེར་བ་དབུས་པས་ཐོས། ཁོ་གསོད་གྲབ་སུ་ཡོད་པ་ཁོ་རང་གིས་ཐོས་ནས་བྲོས་བྱུང་། དེ་རྟིང་ཁོ་འདེད་མི་མང་པོ་བྱུང་། ཁོ་ལ་རལ་གྲི་རྒྱབ་ནས་ཁྲག་མང་པོ་ཤོར་འདུག་པ་ང་ཡིས་ཞུ་རོགས་བྱས། བརྩོན་དེ་དེ་ནུབ་དད་ཅན་འཇོག་པ་ལ་རལ་གྲི་ཞིག་བྱིན། བརྩོན་དེ་ནུབ་བཞག །དེ་ནས་བླ་མས་སྟག་ལུང་དུ་བྱོན། བརྩོན་


PS001_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངེད་གཉིས་ལྷན་ཅིག་ཡོད་པས། ཁོང་ང་རང་གི་སྒོམ་ཆེན་པ་རྩ་ན་ཡོད་པ་རྣམས་ཀྱིས་ཀྱང་མ་ཚོར་བར་གྲོས་བྱས་ནས་ཁོ་སྦས། ནང་པར་རིན་སྤུང་ནས་བརྩོན་དགོས་ཟེར་བས་ང་ལ་རྒྱུས་མེད་ཁོ་མྱོང་སྟོན་ཕྱོགས་ལ་སོང་བ་ཡིན་ལས་ཆེ་བྱས་པས། ཟོག་པོ་བརྩོན་མི་འདུག་ན་ཁྱོད་རང་ཁྲིད་ལ་ཤོག་ཟེར་བའི་ཞལ་བལྟ་ཡོད། འགྲོ་གྲབས་གྱིས་ཟེར། འགྲོ་བས་ཆོག་བྱས་ནས་ཕྱིན་པས། དེ་ནུབ་ཤར་སྒོ་མཁར་སྦུག་ཞིག་ཏུ་བཙུད་ནས་ཁོང་གསུམ་གྱིས་སྒོ་བཀག་ནས་ཉལ་བས་ཁོང་རྣམས་གཉིད་དུ་སོང་འདུག །ངའི་བསམ་པ་ལ་གྲི་ཐུང་ཞིག་ཁྱེར་ནས་བྲོས་ན་ཐར་བ་འདུག་སྟེ། དེའི་ཁ་ན་མེད་གང་དགའ་གྱིས་བསམ་ནས་བསྡད། ཡང་ཕྱིན་ནས་རིན་སྤུང་རྫིང་ཁ་དེར་བཞག་པས། ངའི་སློབ་མ་རྟ་རྫི་དབང་རྒྱལ་ཟེར་བ་གཅིག་ཡོད་པ་དེས་ཆང་བཟང་པོ་ཞིག་བྱིན། དར་ཞིག་ནས་སྒོ་སྤོར་ཤོག་ཟེར་ནས་ཕྱིན་མི་གཉིས་ཀྱི་གཉེར་ཆག །དེ་དྲང་ཚར་བ་ཡིན་པར་འདུག །དེ་ནུབ་སྤུ་ཤུ་ཁར་ས་རྗེན་ལ་བཞག་པས་ཤམས་ཐབས་དེས་གདན་བྱས་རས་ཙག་ཆོས་ཀྱི་ཆོས་གོས་ཤིག་ཡོད་པ་དེ་གོན་ནས་རླུང་བསྒོམས་པས་མི་བརྒྱད་འདུག་པ་རེས་


PS001_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མོས་བྱས་ལག་གནོམ་བྱེད་གིན་འདུག །ཐོ་རངས་བལྟ་རུ་བྱུང་། ཁོ་ན་རེ་ཁྱོད་ཀྱི་རྩ་རུ་འོང་ཙ་ན་ཚ་འུབས་འུབས་འདུག་ངོ་མཚར་ཆེ་ཟེར་ནས་སོང་། གྲོགས་རྣམས་ལ་སྒོམ་ཆེན་དེ་མེ་དཔུང་ལྟར་འདུག་ཟེར། དེར་ཁོང་རྣམས་གྲོས་ཤིག་བྱས་ནས། བུ་ཤི་ཟེར་བསྔོ་བ་ཅིག་ཞུས། ཆང་ཞིག་དྲངས་པ་དེས་རྐྱེན་བྱས་དྲོད་འབར་ནས་ནང་པར་རྩེ་ནས་བལྟས་པས་རླངས་པ་ཆེན་པོ་མཐོང་བ་སྐད་ཟེར། ཆང་དེའི་ནུས་པས་རླངས་པ་ཡོང་པ་ཡོད་པ་འདྲ། དེ་ནུབ་ཆུ་སྤེལ་མར་ཁྲིད་མཁན་རྣམས་ཀྱིས་བཟང་པོར་འདུག་བྱས་པས། དེའི་ཉིན་ཤིང་བཟོ་བ་མང་པོ་འདུག་པའི་ཁང་པ་ཞིག་ཏུ་བོས་ཆང་མང་པོ་བླུད། གཞན་ཡང་ཆང་མང་པོ་བྱུང་བས་ངས་ཀྱང་རྫུ་བག་བྱས་ནས། དེ་ཁར་ཨེན་ཙམ་ཞིག་བསྡད། ཁོང་རྣམས་དད་དུ་སོང་བ་སྙད་ཟེར་གིན་གདའ། དེ་ནུབ་སྟན་མང་པོ་བྱུང་ཡང་མ་གཏིང་། དེ་ནུབ་སྔར་ལས་དྲོད་ཆེར་སོང་ནས་ནང་པར་རླང་པ་ཡང་བྱུང་། ཧོར་འདྲ་རྣམས་ན་རེ། པ་ཤི་འཇལ་དུ་ཡོང་ཟེར་ཀྱང་མ་བྱུང་ཟེར་དེ་ནུབ་ལྷོ་ཕྱོགས་དེར་ཆུ་སྤེ་རྩིག་འགྲོ་ཞིག་འདུག་པའི་སར་བཞག །གོས་སྟན་ཡང་མ་བླང་། ཧོར་འདྲ་རྣམས་ཀྱིས་ཆང་མང་པོ་སྦྱིན་


PS001_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་རྒྱས། སང་ཚ་ཐོག་ཏུ་པོས་ནས་བསུ་བ་ལ་པ་ཤི་ཁོ་བྱུང་པས། དར་ཁ་བཏང་ཕྱག་བྱས། ཁ་སང་ནས་འོ་རྒྱལ་བྱུང་བ་མཐོལ་ལོ་བཤགས་ཟེར། ཆུང་མ་ཡང་བྱུང་ནས་སྔར་བཞིན་བྱས། དེ་ནས་བཀུར་སྟི་ཕུན་སུམ་ཚོགས་པ་བྱས། དབང་དགོས་ཟེར་བས་མི་ཤེས་བྱས། མདོ་ཁམས་སོགས་གླེང་མོ་ཞིབ་དུ་བྱུང་། ཞབས་ཏོག་བྱེད་ཟེར། མི་སྡོད་བྱས་པས། འོ་ན་རྟ་ཆིབས་ཟེར་རོ། །མི་ཞོན་བྱས་པས། ཏེའུ་ཞིག་ལ་ཁལ་བཀལ། རྟ་རྫི་ཞིག་གིས་རྟ་ཞོན་ནས་ང་བསྐྱལ་བས། ཁོའི་རྟ་བས་ང་མགྱོགས་པར་བྱུང་འདུག །ཡང་རྟག་ཏུ་བཙུན་མ་ཞིག་སྦྲུམ་མ་དེ། ངོ་ཚ་ནས་མེད་པ་བྱས་དགོས་ཏེ་བསམ་པ་ལ། བཙུན་མ་དེ་ལ་འདི་མེད་པ་མ་བྱེད། ང་རང་གི་ངོས་ལེན་པ་ཡིན་བྱས་པས། རྟིང་སོར་བུ་མོ་ཞིག་སྐྱེས་པ་བླངས་ནས། མ་གཤེགས་བར་ཆོས་འཇིག་རྟེན་གཉིས་ཀས་བསྐྱངས་ཆིག་མགོ་ཐོན་པས། བཀུར་པ་སྣ་ཚོགས་བྱུང་བའི་བསྐལ་པ་དཔག་ཏུ་མེད་པའི་སྡིག་པར་འདག་འདུག་གསུངས། ལན་ཅིག་དགུན་ཨ་རང་སྒང་ལ་དྲོད་ཅི་ཙམ་འདུག་བལྟ་དགོས་བསམ་ནས། ཉེར་གནས་གྲུབ་ཆེན་པས་འཕྱར་བ་བཟང་པོ་ཞིག་


PS001_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཡར་ནས་ཆུ་ལ་ལེགས་པར་བཙུད་ནས། ས་མ་སྲོས་ཙམ་ལ་གོན་ཏེ། གཏུམ་མོ་ཟས་སུ་ཟ་བའི་དམིགས་པ་གཟུང་ནས་གྲང་པ་ཞིག་ཏུ་བསྡད་པས། ནམ་སྟོད་མ་ཉལ་བས་གྲང་རབ་བྱུང་དེ་ནས་འཁྲུལ་འཁོར་བཅས་ནམ་ལང་པ་དང་། འཕྱར་བ་སེར་ཐག་ཆོད་འདུག་པས། ཉེ་གནས་པས་ཆོས་རྗེ་ལ་ཞུས་པས། ཆོས་ཞུ་མང་པོ་ཡོད་པ་ལ། ཁྱེད་རྣམས་དགེ་སྦྱོར་དང་ཁྱད་པར་གཏུམ་མོའི་ཡོན་ཏན་ཡོད་པར་བྱེད་ན་འདི་འདྲ་དགོས་པ་ཡིན་གསུངས། འཕྱར་བ་ཐམས་ཅད་ལ་བསྟན་པས་ངོ་མཚར་དུ་གྱུར་རོ། །དྲུང་དུ་ཕྱིན་པས་མདང་ཉེན་པོ་མ་བྱུང་ངམ་གསུང་། ནམ་སྟོད་ཉེན་པོ་བྱུང་། དེ་རྟིང་སྐྱིད་པོ་བྱུང་ཞུས་པས། དེ་མ་ཤེས་པ་ཡིན། གཉིད་དུར་ཕོ་བའི་ལུས་སྦྱོང་ཡོད་པ་ཡིན་ཏེ། རྟིང་ཕོར་ལུས་སྦྱོང་ཤེས་ཙ་ན། དྲུང་ནས་མེད་པར་གདའ། ཡང་ཆོས་རྗེ་མཁས་གྲུབ་པའི་དྲུང་དུ་བདེ་ཆེན་གྱི་བདག་པོ་ཞུ་བ་མང་པོ་འདུག་བས་མ་གནང་བར། ང་ལ་སློབ་དཔོན་ཁམས་པ་ངའི་ཤུལ་འདི་ཁྱོད་ཀྱི་བཟུང་དགོས་གསུང་པ་ལ། དེ་མི་ཡོང་ལགས་ཞུས་པས། དབུ་དཀར་པོ་དེ་བུག་སྒོར་གུག་མཛད་ནས། སློབ་དཔོན་ཁམས་པ་ངའི་མགོ་བོ་འདི་འདྲ་བ་ཡང་བ་


PS001_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ལར་ཡང་སློབ་མ་སློབ་དཔོན་གྱི་ངག་མི་ཉན་པ་ལ་བཟང་པོ་བྱུང་བའི་སྲོལ་མེད་གསུངས་ནས། བདེ་ཆེན་གྱི་འཛིན་སྐྱོངས་དགོས་པ་བྱུང་བ་ཡིན་གསུང་། ཕག་ལོ་ཟླ་བ་དྲུག་པའི་ནང་དུ་སྤྲོད་ཡིག་གི་ལུགས་བཞིན་དབང་པོ་དང་བཅས་ནས་སྤྲོད་དངོས་ཡོད་པ་རྣམས་དང་། མེད་པ་རྣམས་ལ་ཚབ་བརྩུད་ཅིང་། མཁས་གྲུབ་པའི་ཕྱག་དཔེ་རྣམས་ཕྱེ་ནས། ཕྱག་ཐམ་གྱིས་མནན་པ་ཟུར་དུ་བཞག །ད་བཟོད་ཁྱེད་ཚོས་མི་བྱེད་པ་ཡིན་གསུང་ནས། ཕག་ལོ་ཟླ་བ་བདུན་པ་ལ་བསྙུང་བའི་ཚུལ་བསྟན་པས། ཡུན་རིང་པོར་སུས་ཀྱང་མ་ཚོར་བར་མཛད། ཚོར་ནས་སྐུ་རིམ་སྨན་དཔྱད་ལ་སོགས་པ་གང་ཡང་མ་མཛད། བསྙུང་གཡོག་པ་རྣམས་ཀྱི་དབུ་སྔས་དམས་པ་འདུག་པས་འཆོས་པར་ཞུས་ཙ་ན་མི་དགོས་གསུངས། ནད་པ་ཟེར་བ་ལ་བདེ་སྐབས་མེད་གང་བྱས་ཡིན་གསུངས། གསོལ་བ་འདེབས་ཤིང་། ཞིང་ཁམས་གང་དུ་ཕེབས་ལགས་ཞུས་བས། ནུབ་ཕྱོགས་བདེ་བ་ཅན་དུ་གསོལ་བ་བཏབ། ཕོ་ལོ་དྲུག་ཅུ་རེ་དགུའི་སྟེང་དུ་ཕག་ལོ་ཟླ་བ་བདུན་པའི་ཚེས་ཉི་ཤུའི་ཉི་མ་ཤར་བ་དང་མཉམ་པོར་ཁམས་དྭངས་སངས་སེ་མཉམ་པར་བཞག་སྟེ་མྱ་ངན་ལས་འདས་སོ། །དེ་ནས་སློབ་མ་རྣམས་ཀྱིས་སྤུར་བཞུ་


PS001_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་པའི་གསོལ་འདེབས་ཀྱི་བར་ལའང་། ནམ་མཁའ་ཡོངས་སུ་དག་པ་ལ་མེ་ཏོག་གི་ཆར་དང་། འཇའ་ཚོན་ལ་སོགས་པའི་ལྟས་དང་གདུང་རུས་ལ་རིང་བསྲེལ་ལ་སོགས་པ་བྱུང་ངོ་། །རྗེ་རྟོགས་ལྡན་གྱི་རྒྱལ་པོ་རས་ཆེན་སངས་རྒྱས་སེངྒེའི་རྣམ་པར་ཐར་པ་ཅུང་ཟད་བསྡེབས་པའོ།། །།སརྦ་དཱ་ཀ་ལྱཱ་ཾ་བྷ་ཝནྟུ། མངྒ་ལཾ། །

ཤངས་དཀར་བ་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར།


PS001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་དཀར་བ་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར་བཞུགས་སོ། །ཨོཾ་སྭ་སྟི། མཁས་གྲུབ་རིན་ཆེན་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ནི། ཡབ་བདག་པོ་བཞི་ཐོགས་པ་མཁས་པ་མཁས་བཙུན་ཆེན་པོའི་ཡིག་མཁན། དཔོན་ཡིག་བཟང་པོ་དཔལ་ཞེས་བྱ་བ། ཡུམ་ཇོས་སྲས་མ་དཔལ་ཆེན་གཉིས་ཀྱི་སྲས་སུ་ཆུ་མོ་སྦྲུལ་གྱི་ལོ་ལ་འཁྲུངས་སོ། །དགུང་ལོ་གསུམ་པ་ལ་ཡབ་ཡུམ་གཉིས་ཀ་འདས་ནས། ཁུ་བོ་འདུལ་བ་འཛིན་པ་རིན་ཆེན་འོད་མཛེས་པ་དང་། ཤཱཀྱ་སེངྒྒེ་བ་གཉིས་ཀྱི་དྲུང་དུ་ཀློག་ལ་སོགས་པའི་སྦྱངས་པ་མཛད། དགུང་ལོ་བརྒྱད་པ་ལ་དགེ་བསྙེན་མཛད། དགུང་ལོ་བཅུ་གཉིས་པ་ལ་དཔལ་ཟམ་འཚར་གྱི་གཙུག་ལག་ཁང་དུ་མཁན་པོ་དགྲ་བཅོམ་པ་ལྟ་བུ་མཛེས་པ་རྒྱལ་མཚན་པ་དང་། སློབ་དཔོན་འདུལ་བ་འཛིན་པ་ཤཱཀྱ་དཔལ་གཉིས་ལས་དད་པའི་དགེ་འདུན་གྱི་དབུས་སུ་རབ་ཏུ་བྱུང་། མཚན་ཡང་རིན་ཆེན་རྒྱལ་མཚན་དུ་བཏགས་སོ། །དགུང་ལོ་ཉི་ཤུ་པ་ལ་སྤང་ལོའི་གཙུག་ལག་ཁང་དུ་འདུལ་བ་འཛིན་པ་ཆེན་པོ་མཛེས་པ་རྒྱལ་མཚན། ལས་ཀྱི་སློབ་དཔོན་དངོས་གྲུབ་བཟང་པོ། །


PS001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྟོན་པ་སློབ་དཔོན་ཁུ་བོ་རིན་ཆེན་འོད་མཛེས་པ་རྣམས་དང་། དད་པའི་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ་བསྙེན་པར་རྫོགས། སྒོ་གསུམ་བག་ཡོད་རྟག་ཏུ་བསྡམ་པར་མཛད། དེ་སྟེང་འགྲོ་བའི་མགོན་པོ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ་ལ་དབུ་མ་ལུགས་དང་། སེམས་ཙམ་ལུགས་ཀྱི་ཆོ་ག་སེམས་བསྐྱེད་ཞུས། ཁྱུང་པོ་རིན་པོ་ཆེ་ལ་སོགས་པའི་བླ་མ་མང་པོ་བསྟེན་ནས། རྒྱུད་སྡེ་ཆེན་པོ་བཞི་ཡིས་སྨིན་བྱེད་དབང་བཞིའི་ཆུ་བོས་སྨིན་པར་མཛད། དཔལ་ལྡན་ས་སྐྱར་སློབ་དཔོན་གཞོན་ནུ་བཀྲ་ཤིས་པ་དང་མཁན་པོ་གཞོན་ནུ་རྒྱ་མཚོ་དང་། ཁུ་བོ་བླ་མ་ཤཱཀྱ་བཟང་པོ་ལ་ཚད་མ་སྡེ་བདུན་ལ་སོགས་པ་མཐའ་དག་གསན་སྦྱོང་མཛད། དེའི་དུས་ཙ་ན་དབུས་རྔོག་སྟོན་དབོན་པོ་དང་། གཙང་ན་ཤངས་པ་དཀར་པོ་གཉིས་ཆོས་སྐད་བཟང་བར་གྲགས་སོ། །དེ་ནས་བུ་སྟོན་ཆོས་རྗེ་ལོ་ཙྪ་བ་དྷ་མ་ཤྲཱི་བསྟེན་ནས། བྱམས་པའི་ཆོས་ལྔ་དང་། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། མདོ་སྲས་ཡུམ་རྣམས་ལ་གསན་སྦྱངས་རྒྱ་ཆེན་པོ་མཛད། རྒྱ་བོད་ཀྱི་མཁས་པ་རྣམས་


PS001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པའི་འགྲེལ་པ་ཀུན་ཡང་ཞིབ་ཏུ་གཟིགས་གསུངས། ཁྱད་པར་དུ་ཕར་ཕྱིན་ལ་གཞུང་འདིའི་དོན་ཞིག་ཡིན་པ་ལ་འདྲ་མིན་རྣམ་པ་མང་པོ་ཡིག་ཆ་འགལ་ནས་བྱུང་བ་ཕྱིས་སྣར་ཐང་དཔེ་མཛོད་གཟིགས་པས། ཨར་བྱང་ཆུབ་ཡེ་ཤེས་ཀྱི་མཛད་པའི་ཊིཀྐ་མཐོང་བ་དང་། རང་གི་འདོད་པ་བཞིན་འདུག་ནས། ཨར་གྱི་སྐྱེ་བ་ཡིན་སྙམས་པའི་བག་ཆགས་དང་། བློ་ལ་ཡང་དེང་སང་ཕར་ཕྱིན་ཚུལ་བཞིན་དུ་ཤེས་པ་གཡག་ཕྲུག་སངས་རྒྱས་དཔལ་དང་ངེད་གཉིས་པོ་ཡིན་སྙམ་པ་བྱུང་གསུང་ངོ་། །བུ་སྟོན་རིན་པོ་ཆེ་ལ་ཕར་ཕྱིན་ཉན་དུས། དུས་འཁོར་གྱི་ཆོས་འབྱུང་བསྟེན་པས། ཕྱི་ནང་གཞན་གསུམ་གྱི་སྒོ་ནས་ཡིད་ཆེས། ཁུ་བོས་གསུང་ནས་མི་ཚོར་ན་མཁས་གྲུབ་ཁྱུང་པོ་བཞུགས་པ་ལ་ཁྲིད་གཅིག་གསན་གསུང་རྨི་ལམ་དང་འོད་གསལ་ལ་སོགས་པའི་མྱོང་བ་རྣམས་ཞུས་པས་ཤིན་ཏུ་དགྱེས། དེ་ནས་སྣར་ཐང་རྩེ་ན་རྗེ་འཇམ་རིན་པ་བཞུགས་པའི་སྤྱན་སྔར་ཕྱིན། བུ་སྟོན་རིན་པོ་ཆེ་ལ་དབང་ཞུས་པས་ཐུགས་ཡེ་ཤེས་འབེབས་པས་རྟོགས་པ་མཆོག་ཏུ་གྱུར། ཁྱད་པར་རྒྱུད་འགྲེལ་གྱི་བཤད་པ་ཚར་ཉི་ཤུ་ཐམ་པ་རྣམས་


PS001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། བསོད་སྙོམ་སོགས་ཀྱང་མ་བྱས་པས་འཚོ་བ་བཀྲེན་རབ་བྱུང་ནས་སྟོན། ཆོས་ཤིག་ལ་ཕྱེ་བྲེ་ལྔ་ཙམ་ལས་མེད་པར་ཐུག་པ་ཅུང་ཟད་རེ་འཐུང་གིན་ངས་ཆུ་ལེན་དུ་ཕྱིན་ཤུལ་དུ་གྲོགས་པོ་སློབ་དཔོན་རིན་ཆེན་རྒྱ་མཚོ་ཆོས་རྗེས་བཏང་ནས། ཤངས་ཀར་བ་ཆས་ཀ་ནི་ཡོང་བ་མེད་ལྟོས་ཤོག་གསུང་ནང་ཉུལ་བས་རྩམ་པ་ལྷག་མ་དེ་མ་གཏོགས་མ་རྙེད་པར་ངས་སླེབ་པ་དང་། ཁོང་ངའི་མལ་ས་ན་བཤུམ་ཀྱིན་འདུག །ཤངས་པ་དཀར་པོ་ཁྱེད་ཀྱིས་སྡུག་སྲན་འདི་འདྲ་ནུས་པ་གསུངས། སྟོན་ཞིག་སྣར་ཐང་དུ་བྲང་ཁང་སྟོང་པ་ཞིག་ན་དཔེ་མཚམས་བྱས་ཡོད་དུས་རྩམ་པ་ཆད་པ་དང་། ནང་པར་ཕྱག་བདར་གྱི་དཀྱིལ་ན་ཕྱིང་པ་སེར་པོ་ཞིག་འདུག་པ་བླངས་པ་དང་། དེའི་དཀྱིལ་ན་གསེར་ཞོ་དོ་འདུག་པའི་བདག་པོ་ནི་མ་བྱུང་བ་དང་། ཞོ་གང་ལ་འཚོ་བ་བྱས། ཞོ་གང་བླ་མའི་དྲུང་དུ་མཆོད་པ་བཟང་པོ་ཞིག་བཤམས་ཏེ། ཆོས་སྐྱོང་གིས་གནང་ངོ་སྙམ་མོ། །དེ་ནས་ཆུ་མིག་ཏུ་ཆོས་རྗེ་ལོ་ཙྪ་བ་ཆེན་པོ་བྱང་ཆུབ་རྩེ་མོའི་དྲུང་དུ་གསང་འདུས་རིམ་ལྔའི་མྱོང་ཁྲིད་གསན་དུས་ཐོ་རངས་ལ་མི་དཀར་པོ་ཞིག་སྔས་སུ་བྱུང་


PS001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྤྱན་རས་གཟིགས་ལ་དབང་བསྐུར་ཞུས་ཤོག་གསུངས། དེའི་དགོང་མོ་འབོད་མཁན་བྱུང་ནས་སྐུ་མདུན་དུ་ཕྱིན་པས་གསང་འདུས་མི་བསྐྱོད་པའི་དབང་བཞི་དང་། དབང་གོང་མ་གཉིས་སྦྲག་ནས་གནང་། བླ་མ་ལ་སྤྱན་རས་གཟིགས་དངོས་ཀྱི་འདུ་ཤེས་སྐྱེས། སྒྱུ་ལུས་རྨི་ལམ་འོད་གསལ་གྱི་ཉམས་ལ་ཡུལ་སྣང་ཐམས་ཅད་མཐོང་ཞིང་གཏན་ལ་ཕེབ། དག་པའི་སྣང་བ་རྒྱ་ཆེན་པོ་འཆར་སྟེ། ངེད་ཀྱང་རྒས་པ་ཡིན་པས་ཆོས་ཀྱི་བདག་པོ་མཛོད། གསུངས་ནས་ཞུ་བ་ཕུལ་བས་དགེ་སྦྱོར་གང་འཕེལ་དུ་བཞུགས་སོ། །དེ་རྣམས་ཀྱི་བར་ལ་ཆོས་རྗེ་ཁྱུང་པོ་གཤེགས་ནས། སྔར་ཤངས་པའི་ཆོས་ཞུ་བའི་སྙན་གསན་ཕབ་ཡོད་པ་མ་གྲུབ་པས། ད་གདན་ས་ལ་ཞུ་སྙམ་ནས་ཆོས་རྗེ་རི་ཁྲོད་རས་ཆེན་པ་ལ་བདེ་ཆེན་སྟེང་དུ་ཤངས་པའི་ཆོས་བསྐོར་མ་ལུས་པ་ཞུས། ཁྱེད་ཀྱི་ཐུགས་དམ་གྱི་སྟོབས་འདི་འདྲ་ཤངས་སྟོན་པ་ལའང་མ་བྱུང་གསུང་ཞིང་ཤིན་ཏུ་མཉེས་ནས་ཆོས་ཀྱི་བདག་གཏད། ཕྱག་དྲིལ་དང་ཤངས་པའི་ཆོས་སྐོར་གྱི་ཕྱག་དཔེ་ལ་སོགས་པའི་བྱིན་


PS001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱི་རྟེན་མང་དུ་གནང་ངོ། སྨན་བླའི་ཉིན་ཞིག་སྨན་ཐུན་སྐབས་གདུངས་བའི་དབྱངས་བྱས་པས་བྱིན་རླབས་ཀྱི་གཟི་བརྗིད་འབར། མཆོད་རྫས་ཐམས་ཅད་རྒྱ་ཆེར་འཕེལ་ཞིང་། ཡོན་ཆབ་ལུད་པ་གཏིང་ཕོར་རེ་རེ་ལ་འགའ་རེ་ཡོང་བར་གདའ་ཆང་ནས་ཐོ་གཏད་པས་ནས་ཁལ་གཅིག་ལ་གཉིས་སུ་འཕེལ་བ་བྱུང་། དེ་ནས་ཚོགས་པ་ཀུན་ལ་བཀྱེ་ཞིང་ངོ་མཚར་བ་ཉིད་དོ། །འདི་ལྟ་བུ་ནི་བོ་དྷི་སཏྭའི་དུས་སུའང་བྱུང་སྐད་མི་གདའོ། །ཡང་དཔལ་འབྱོར་གཟུངས་སྒྲུབ་དུས་པོ་སྟོད་གཅིག་ཕུལ་བས། བུམ་ཆུ་ཡོངས་སུ་རྒྱས་ནས་ཁོལ་བ་མཐོང་གདའོ། །རྗེ་སྐུ་གཤེགས་བང་ཆེན་བྱུང་བས་དེ་ཕྱིན་གདུངས་མཆོད་གསོལ་འདེབས་ནར་མ་སོགས་བཟུངས། ནང་རྟེན་ཕྱི་རྟེན་སྐུ་འདྲ་རང་བྱོན་འདྲ་བ་གྲུབ་ཚུར་ལམ་བདེ་ཆེན་དུ་བར་ཞག་བྱས་པར་ངེད་ཀྱི་དཔེ་དེ་ལུས་འདུག་པ་དང་། སྔ་སོ་རྨི་ལམ་ན་བདེ་ཆེན་གོང་ཁ་ནས་དུང་ལེན་ལྔ་བུས་པ་རྨི་བ་དང་མཐུན་པར་བདེ་ཆེན་པ་ཀུན་གྱིས་བླ་མའི་གདན་ས་ལ་གསོལ་བ་བཏབ་བསྡད་དགོས་པ་བྱུང་། གདན་སར་ཕེབས་མ་ཐག་ནས་བླ་མཆོད་བར་མ་ཆད་པར་བཟུངས།


PS001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཆོད་དང་བསྒྲུབ་མཆོད་བཙུགས། མར་མེ་ཁོར་ཡུག་བཟང་པོ་དང་། །རྗེ་རི་ཁྲོད་པའི་སྐུ་འདྲ་ལ་མཆོད་པ་ཆག་མེད་དུ་མཛད། ཉི་མ་རིང་དུས་ཉི་མ་ཕྱེད་ཕྱེད། གཟིམ་ཁང་ལས་མི་འབྱོན། ཉི་མ་ཐུང་དུས་ཚ་བ་ཐོན་ནས་ཁྲིད་ཚར་རེ་དམིགས་པ་འབོགས་ལོང་ཡོད་པ་ཙམ་ཡོང་སྟེ། འདི་འདྲ་བའི་ཐུགས་དམ་ལ་བཞུག་པ་ནི་ཉིན་མོའི་སྐར་མ་དང་འདྲའོ། །རྒྱ་ཆེན་ཐོས་པའི་དོན་རྣམས་ཇི་བཞིན་དུ་རྩེ་གཅིག་ཏུ་བསྒྲུབས་པས་ཏིང་ངེ་འཛིན་མཆོག་ལ་དབང་འབྱོར། བྱིན་རླབས་ཡང་ཤ་ཚའི་ཀོ་ཁར་ཀོ་བ་གཉིས་སྤྲེལ་ཞིག་ལ་ཕྱིན་པས། ཀོ་བ་གཅིག་ན་བུད་མེད་གཅིག་ཡོད་པས་སྡོད་མ་ཟུག་པར་ཀོ་བ་བུབ། དེ་བུབ་པ་དང་མི་རྣམས་ཡོད་པ་འཕྱོངས་ནས། ཀོ་བ་གཉིས་ཀ་ཆུ་ལ་བྱིང་ནས་ལྦ་བ་ཆག་ཏེ་ཐལ། ཀོ་མཁན་གྱིས་རྐྱལ་བྱས་སོང་། ངེད་ཀྱི་རྐྱལ་མི་ཤེས་ན་ཡང་དཔུང་པ་ཡན་མ་བྱིན་བར་ཆུ་གཞུང་ན་མར་མདའ་རྒྱང་དོ་ཙམ་འོང་སར། གཞུང་འབེབས་པ་གཅིག་བྱུང་ནས། དགེ་བཤེས་ཁྱད་འཕགས་ཤིག་ཤོར་ཟེར་བ་འདི་ན་འདུག་ཟེར། ཐག་པ་བཏང་གིས་འཇུས་ཟེར་ནའང་ཐག་པ་མི་དགོས་བྱས་ཀོ་བའི་ཁ་ཤིང་ལ་འཇུས་ནས་ཕྱིན་པས། བཅོམ་ལྡན་འདས་ལ་


PS001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པའི་མཐུ་ཡིན་གསུང་ངོ་། །གཞན་ཡང་སྐུ་ལུས་ལ་སྨེ་བ་དང་། ནག་བག་དང་། ཕྱི་ནང་གི་སྲིན་བུ་མི་འབྱུང་ཞིང་། དབུ་སྐྲ་བསིལ་བའི་དུས་སུའང་སྦུ་བ་མ་གཏོགས་འཁྲུད་རྒྱུ་མེད་དོ་གསུང་ངོ་། །སྐུ་ལུས་ལ་ཁྲུས་གསོལ་ཀྱང་ཆུ་མི་ཆགས་པར་ཟིལ་པ་ཁྲོམ་ཁྲོམ་བ་རྩམ་བྱུང་ངོ་། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བསུང་ཡང་གཟིམ་ཁང་དང་ན་བཟའ་ཀུན་ལ་ཆགས་ཤིང་ཚོར་བ་ཙམ་གྱིས་དབང་པོ་ཚིམ་པར་བྱེད་པ་ཀུན་གྱིས་མངོན་ལ། ཁྲིད་གསུང་དུས་བཤད་ཡམས་མི་མཛད་པར། དམིགས་པ་སྒྲིལ་ནས་ཤིན་ཏུ་ཞིབ་པར་ཁྲིད་ཐེབ་པར་འདེབས་ཚར་བར་མཛད། དགེ་བཤེས་སུ་རློམས་པ་མང་པོས་ཀླག་ལུང་བྱེད་གིན་གདའ་སྟེ། དེ་རྣམས་ཀྱིས་ཡང་དག་པའི་ཆོས་ཀྱི་བརྒྱུད་པ་ཆད་པས། བསྟན་པའི་སྙིང་པོ་ནུབ་ཞིང་བསྟན་པའི་དགྲ་དེ་ལས་ཆེ་བ་མེད་གསུང་། སྟག་གི་ཟླ་བ་དང་པོ་ནས་ཕྱག་ཙ་སོགས་མ་བདེ་བར་བསྟན་པ་ལ། སྐུ་རིམ་བྱེད་པར་ཞུས་ནའང་། ད་ནི་བྱམས་མགོན་གྱི་དྲུང་དུ་ལྷའི་བུ་གཞོན་ནུ་ཞིག་བྱས་ནས་ཆོས་ཉན་པ་ཡིན་གསུངས། ངས་གནས་འདིར་འོང་བའི་རྒྱུ་མཚན་ནི་གུའི་བསྒྲུབ་པ་ཞིག་


PS001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཚུག་ལ་རེ་ནས་འོང་པ་ཡིན་སྦྱིན་བདག་ཀྱང་སྟོབས་ཆུང་མི་རྣམས་ཀྱང་གོ་ཆ་ཆུང་བས་བསམ་བློ་མ་རྫོགས་གསུངས། སྟག་ལོ་ཟླ་བ་བདུན་པ་ནས་གསོལ་བ་ཅུང་ཟད་འགྲིབ། ཟླ་མཚམས་ནས་བསྙུང་བའི་ཚུལ་བསྟན་ནས་དགུང་ལོ་བརྒྱད་བཅུ་གྱ་གཉིས་ཀྱི་སྟེང་། སྟག་གི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་ལྔའི་ཐོ་རངས་ཀྱི་ཆ་སྐྱ་རེངས་ཤར་བའི་ཚེ། སྤྲུལ་པའི་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ། ནམ་མཁའ་ལ་སྤྲིན་ཐམས་ཅད་འཇའ་ཚོན་སྣ་ལྔའི་རང་བཞིན། དགུན་རྟའི་ཟླ་བ་ལའང་བདེ་ཆེན་སྟེང་དུ་སེར་བུ་རྡུལ་ཙམ་ཡང་མ་བྱུང་བར། གསོལ་འདེབས་ལ་བྱོན་པའི་བླ་མ་འགའ་ཡིས། རང་སེམས་ལས་སུ་རུང་བའི་ཤུགས་ལས་ཕྱི་ཡི་འབྱུང་བ་ཡང་དབང་དུ་འདུ་བ་འདི་ལྟ་བུ་གདའོ་གསུངས། ཞག་ཉི་ཤུ་རྩ་ལྔར་སོང་ནས་ཐུགས་དམ་ཀྱང་གྲོལ་ནས། གདུང་ཞུགས་སུ་ཕུལ་བས་མེ་ཐམས་ཅད་ཤེལ་དཀར་ལྟར་གཡས་ཕྱོགས་སུ་འཁྱིལ་ནས་འབར། ནུབ་ཕྱོགས་ནས་གཟིམ་ཁང་ལ་འཇའ་ཟུག །རིང་བསྲེལ་བྱོན། སྐུ་གདུང་ཞལ་ཕྱེས་པ་སཱཙྪ་བཞེངས་པ་སོགས་ཅི་བྱས་དུས་སུ་འཇའ་ཟུག་པ་དང་། དྲི་བཟང་པོ་ནི་དགུན་ཟངས་ཀྱི་བྱུང་ངོ་། །རྣམ་ཐར་ཅུང་ཟད་བཀོད་པའོ།། །།སརྦ་དཱ་ཀ་ལྱཱ་ཱཾ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ། །

མཉམ་མེད་ཆོས་རྗེ་རིན་པོ་ཆེ་སངས་རྒྱས་དཔལ་བཟང་གི་རྣམ་ཐར།


PS001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཆོས་རྗེ་རིན་པོ་ཆེ་སངས་རྒྱས་དཔལ་བཟང་གི་རྣམ་ཐར་བཞུགས་སོ། །ན་མོ་གུ་རུ། མཉམ་མེད་ཆོས་རྗེ་རིན་པོ་ཆེ། །སངས་རྒྱས་དཔལ་བཟང་ཞེས་བྱ་བ་སྙན་པ་དང་གྲགས་པས་ཁྱབ་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་ནི། འཁྲུངས་པའི་ཡུལ་ནི་གཙང་གི་སྟག་ཚང་ཕུའི་འཆིང་ཁུང་། གདུང་རུས་འབེ། ཡབ་དཔོན་རིན་ཆེན་བཟང་། ཡུམ་ཚེ་བུམ་དཔལ་ཞེས་བྱ་བ་ཡིན། དེ་གཉིས་ལ་བུ་གཅིག་པུ་ཡོད་པ་འདས་ནས་བདུན་ཚིག་གི་སཱཙྪའི་རབ་གནས་ལ་རི་ཁྲོད་རིན་ཆེན་གདན་དྲངས། ཡུམ་ལ་ནང་མཆོད་གནང་ནས་བུ་ཁྱད་པར་ཅན་ཞིག་ཡོང་གསུང་ནས་དབུག་དབྱུང་། ལོ་ཆེན་བྱང་ཆུབ་རྩེ་མོ་བལ་ཡུལ་མི་རྣམས་མཇལ་དུ་འགྲོ་ཙ་ན་ཡུམ་ཡང་བྱོན་ཏེ་བུ་ཡི་འཕོངས་ལགས་པས་ཐུགས་རྗེས་བཟུང་འཚལ་ཞུས་པས་བཞེད་སྟོན་གསུངས། ནུ་མ་བསྟན་པས། ཞལ་གྱིས་ཅུང་ཟད་གཅིག་འཇིབས་ནས་གསང་སྟེ། དེང་སང་ཙམ་ན་སྤྲུལ་པའི་བུ་ཞིག་སྐྱེ་བས་བརྩོན་པས་བསྲུང་ལ་གསོས་ཤིག་གསུངས། དེའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ། བུད་མེད་མང་པོས་བུམ་པ་མང་པོ་ཁྱེར་བྱུང་ནས་ཁྲུས་བྱས་པ་དང་། མི་གཙང་བ་དང་


PS001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ནང་ཁྲོལ་ཐམས་ཅད་དུས་གཅིག་ཏུ་ཐོན་པ་རྨིས། ལུས་སུ་ཞུགས་པའི་ཚེ་ནའང་ཡུམ་གྱི་ལུས་བདེ་ཞིང་སེམས་དྭངས་པ། རྨི་ལམ་ལ་ཉི་ཟླ་དུས་གཅིག་ཤར་བ་དང་མིག་གིས་བལྟ་མི་བཟོད་པ་བྱུང་། དེ་ནས་ཟླ་བ་དགུ་ངོ་བཅུ་ན། ཡུམ་ལ་གནོད་པ་མེད་པར་སྐུ་བལྟམས། ནུ་ཞོས་གསོས་པའི་དུས་སུ་ཏིང་ངེ་འཛིན་ལ་དབང་འབྱོར་བ་དང་། སྨྲ་ཤེས་པའི་དུས་རྩེད་མོ་ལ་བཏང་པ་ན་རྡོ་སྒྲིགས་ཆོས་གསུང་པའི་ཚུལ་མང་པོ་མཛད། རེས་རྡོ་རྗེ་དྲིལ་བུའི་ཚུལ་དང་། རྡོ་རྗེ་མདུན་གྱི་རྡོ་དེབ་གི་མགོར་འཇོག་ཅིང་། དྲིལ་བུ་གསིལ་བའི་ཕྱག་རྒྱ་མཛད། སྐྱེ་བོ་རྣམས་ངོ་མཚར་བའི་གནས་སུ་གྱུར་ཏོ། །རྩེད་མོ་མཛད་པ་ན་རི་བོང་རྣམས་བག་ཕེབ་པར་སྡོད་ཅིང་། རེས་བཟུང་རེས་གཏང་བ་མི་གཞན་གྱིས་མཐོང་བས་བཟུང་ལ་སྡོད་ཟེར་རི་བོང་བཏང་བས་བྲོས་སོང་བ་དང་མི་དེ་ཀུན་གྱིས་འཐབ་བྱུང་གསུང་ངོ་། །དགུང་ལོ་བདུན་པ་ལ་འུག་ཚང་དུ་ཀློག་བསླབ་བས་ཚེགས་མེད་པར་མཁྱེན། རྗེ་ཁར་ཡི་གེ་བསླབ་པས་ཚེགས་ཆུང་དུས་ལེགས་པར་མཁྱེན་ཏེ། དགུང་ལོ་དགུ་པ་བཀློག་ཡིག་གཉིས་ཀས་བྱང་བར་བྱུང་གསུངས། དེ་


PS001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམ་པའི་ཆོས་ལ་ཤིན་ཏུ་མོས་ནས་ཡབ་ཡུམ་དང་སྐུ་ཉེ་རྣམས་ཀྱིས་རབ་བྱུང་བྱེད་དུ་མ་བཅུག་པར། ཡབ་གཞུང་གཟོ་བའི་ལག་ཆའི་ཤིང་དང་། གཞན་ཡང་ཤིང་ལེབ་དང་། ཤོག་བུའི་ངོས་ལ་ཨ་ཕའི་དྲུང་དུ་ཞུ་བ་བདག་ཆོས་བྱེད་དུ་འཇུག་པར་ཞུ་ཞུ་ཞེས་སོགས་བྲིས་ནས་བཞག་པ་ན། ཆོས་བྱས་དོགས་ནས་རགས་བསྲུང་ནས་མ་འཐབ་དུ་ཡོང་གསུངས། ཡང་མི་འགས་ཝ་མོ་ལ་གལ་བཙུག་ནས་ཡོད་པ་ལ། ངས་ཡང་ཡང་སྒྱེལ་བས་ཕྱིས་གསང་ནས་འཛུགས་པ་ཞིག་བྱུང་གསུངས། །ཡང་བཙས་མའི་དུས་ཤིག་བཙས་མ་བ་དྲུག་ཅུ་ལྷག་ཙམ་ཞིག་ཡོད་པ་ལ། ར་བ་ན་བལྟས་པས་ལུག་གསུམ་བཏགས་འདུག །གསོད་པ་ལས་མེད་སྙམ་ནས་ལུག་རྣམས་བཀྲོལ་ནས་ཆུ་ལ་སྐྱེལ་དུ་ཕྱིན་པས་ཤན་པ་དང་འཕྲད་པས་དཔོན་ཆུང་དེ་བ་ན་རེ་ཤ་བྱེད་རྒྱུ་ཡིན་ཟེར་ཏེ་རྒོལ་དུ་བྱུང་བས། ནགས་ཚངས་དུ་ཡིབ་བསྡད་པས་ཨ་ཕ་བྱོན་བྱུང་སྟེ། ང་ལ་བུ་མ་སྐྱེས་དགྲ་སྐྱེས་ཟེར་འབར་བ་ལ་བརྡུང་ལས་ཆེ་སྙམ་པ་ལ་བུ་དུངས་ཆེན་པོ་ཡོད་བས་མ་བརྡུངས་ཙམ་བྱུང་གསུངས། ནང་གི་མི་རྣམས་ཀྱིས་ཁོང་གི་མ་མཐོང་བར་


PS001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་བྱེད་པ་ཡིན་མོད། ད་བཙས་མ་བ་འདི་ཙམ་གྱི་རྒྱ་རི་ལ་ཅི་སྟེར་ཟེར་ནས་འབར། དེ་ནས་དེ་ཉིན་གྱི་རྒྱ་རི་མར་ལ་བྱས། དགུང་ལོ་བཅུ་པའི་དུས་སུ་སོ་སོར་གཤེགས་ནས་འབུལ་ཡིག་འབྲི་བ་དང་། ཀློག་པ་དང་། ལྷོས་པ་མཛད་པས། ཧ་ཅང་སྐུ་ན་གཞོན་པ་དང་རྒྱན་ཆས་ཀུན་ཀྱང་དོད་པོར་བྱས། ལྟོས་དང་ཡིག་ཀློག་ཀུན་གསལ་ཞིང་། དེ་ལས་དོད་པ་མ་བྱུང་སྙན་ཞིང་ཡིད་དུ་འོང་བ་བྱུང་བས་ཐམས་ཅད་ངོ་མཚར་དུ་གྱུར། ཤེས་རབ་ཆེ་བ་ཐག་ཆོད། དེ་ནས་རབ་ཏུ་བྱུང་བར་དགོངས་ཀྱང་བྱེད་དུ་མ་སྟེར། འུག་ཚང་དགེ་སློང་བས་ཡབ་ཡུམ་ཀུན་ལ་དྲོ་དྲངས་ནས་འདི་ཆོས་ལ་མོས་པར་འདུག་པས། ཁྱེད་རང་རྣམས་ཀྱི་འདྲེན་པ་འོང་བས་ཅིས་ཀྱང་ཆོས་སྒོར་ཆུག་ཞེས་ངོ་ཆེན་བྱས་པས། དེ་ལྟར་ཡབ་ཡུམ་ཀུན་གྱི་ཁས་བླངས་ཀྱང་། ཡང་ཟབ་རྟིང་ལ་འགྱུར་ཏེ་བྱེད་མ་འདོད་པ་ལ། རྗེ་ཤངས་དཀར་བས་ངོ་ཆེན་ཞུས་པས་ཆོས་འཁོར་སྟེང་ན་གྲུབ་ཐོབ་མངོན་ཤེས་སྨྲ་བ་གཅིག་ཡོད་འདུག་པ་དེ་ལ་ཆོས་ཡོང་ངམ་མི་ཡོང་འདྲི་ལ། བླ་མ་ལ་ཞུས་པས། རི་མོ་ཞིག་བྲིས་དང་གསུང་། ཡིད་ལ་མེད་པར་རྡོ་རྗེ་རྩེ་ལྔ་ཞིག་བྲིས་པས་


PS001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པ་ལ་བྱ་བ་བྱེད་པ་ཞིག་ཡོང་གསུངས། དེ་ནས་ཀྱང་རབ་བྱུང་བྱེད་དུ་མ་སྟེར་བར་འགྲོས་ཆས་བྱས་པས་རིག་ནས་ཡབ་ཀྱི་གནང་བ་བྱིན། ཨ་མས་ཆོས་ཀྱི་གྲོགས་བྱས་དགུང་ལོ་བཅོ་ལྔ་བཞེས་པའི་དུས་འབྲུག་གི་ལོ་རྒྱལ་གྱི་ཟླ་བའི་ཚེས་བཅོ་ལྔ་ཉིན། མཁན་ཆེན་རྒྱལ་བ་བཟང་པོ་ལ་མཁན་པོ་ཞུས། རྗེ་ཤངས་དཀར་བས་སློབ་དཔོན་མཛད། དད་པའི་དགེ་འདུན་དང་བཅས་པའི་དབུས་སུ་རབ་ཏུ་བྱུང་། དེ་ནས་རྗེ་ཤངས་དཀར་བའི་དྲུང་དུ་གསན་སྦྱོང་མཛད། དགུང་ལོ་བཅོ་བརྒྱད་པ་ལ་བཤད་གསར་མཛད་པས་ཀུན་གྱིས་གཞིས་སྟོབས་ཆོས་ཆེས་པས་ཁྱིམ་སོ་འཛིན་པ་ལས་འོས་མེད་ཟེར་ནས་དངོས་རྒྱུད་དུ་མའི་སྒོ་ནས་གཏད་ཀྱང་། འཇིག་རྟེན་གྱི་རྗེས་ཀུན་ནམ་སྟོང་སྟོང་དུ་ཆུག །ང་ཆོས་ལས་མི་བྱེད་གསུང་ནས་གྲྭ་ས་ཀུན་ཏུ་བྱོན། སློབ་གཉེར་འདོད་ཀྱང་ཐག་རིང་འགྲོ་རྒྱུ་མ་བྱུང་གསུངས། གཏིང་སོར་བརྟགས་དུས་དེ་གོ་ཆོད་འདུག །ངའི་རྗེ་ཤངས་དཀར་བ་དེ་གཤེགས་ནས་ཆོས་ཟབ་མོ་མི་ཐོབ་པ་འདུག་གསུངས། དགུང་ལོ་ཉི་ཤུའི་རྗེས་སུ་རྗེ་ཤངས་དཀར་བས་མཁན་པོ་མཛད། ལས་སློབ་


PS001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀུན་བཟང་། གསང་སྟོན་བླ་མ་སངས་རྒྱས་རྡོ་རྗེས་མཛད་དེ་དད་པའི་དགེ་འདུན་རྒྱ་མཚོའི་དབུས་སུ་བསྙེན་པར་རྫོགས་ནས། རྗེ་ཤངས་དཀར་བའི་དྲུང་ནས་དབུ་སེམས་གཉིས་བསླབ་སྟེ། དེ་ནས་ལྷང་བུ་གུང་ཐད་དུ་རྗེ་ཤངས་དཀར་བ་ཕེབ་ཁྲིད་ཞུ་བ་བརྒྱ་ཙམ་བྱུང་བ་ནཻ་གུ་དང་། ང་ལ་དམིགས་པ་རེ་ལ་ཟླ་བ་ཕྱེད་བྱས་ནས་ཟླ་བ་དགུ་ལ་རྫོགས་པ་ཞིག་གནང་། གཞན་ལ་སོགས་ཆགས་གནང་ཆགས་ཀྱི་དམིགས་བསྒོམ་སྟོན་མཛད། འདི་ཉམས་རེ་དགའ་སྙམས་པ་བྱུང་། རྟིང་ལ་བརྟགས་པས་ཐུགས་ལ་འབྱོར་ཞིང་རང་གི་ཀྱང་ཉམས་སུ་ལེན་ལུགས་ལེགས་འདུག་ཁྲིད་ཀྱིས་གྲོལ་བ་དང་རྗེའི་ཞལ་ཏ་ཉམས་མྱོང་ལ་དགྱེས་ནས། ང་ཡི་བསམ་པ་ལ་ཁྱོད་ཕྱུགས་པོའི་བུ་ཆེ་ཟག་བསོག་དང་ཕྲག་དོག་ཆེ་བ་གཅིག་ཡོད་འོང་སྙམས་པ་ཡིན་ཏེ། ཆོས་ཀྱི་བརྒྱུད་པ་ཟིན་པ་ཞིག་འོང་པར་འདུག་གསུངས། སླར་བདེ་ཆེན་དུ་ཕེབས། ནཻ་གུའི་ཆོས་སྐོར་ཆ་ལག་དང་བཅས་པ་ལ་ལོ་གཅིག་གི་བར་ཉམས་ཁྲིད་མཛད་ནས་བསྒོམས་པས་བདེ་དྲོད་འབར། སྒྱུ་ལུས་ཀྱི་རྟོགས་པ་འཁྲུངས། རྨི་ལམ་སྤྲུལ་བསྒྱུར་ཡུལ་


PS001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གཏན་ལ་ཕེབས་པ་དང་། འོད་གསལ་འཁོར་ཡུག་ཏུ་འཆར་བ་ལ་སོགས་པའི་ཉམས་རྟོགས་དཔག་ཏུ་མེད་པ་འཁྲུངས། ནུབ་གཅིག་མནལ་ལམ་དུ་བདེ་བ་ཅན་དུ་བྱོན་ནས། ཞིང་དེའི་བཀོད་པ་ཐམས་ཅད་མཐོང་གསུངས། མདོར་ན་རྗེ་ཤངས་དཀར་བ་དེ་དགུང་ལོ་བཅོ་ལྔ་ལ་མཇལ་ནས། སོ་བདུན་གྱི་བར་ལ་འབྲལ་མེད་དུ་བསྟེན་ཞིང་། ཅི་གསུང་པ་ཐམས་ཅད་བསྒྲུབས། ཡུམ་སྲས་གཉིས་ལ་མཆོད་པ་ཟླ་མེད་པ་དང་། ཡབ་གཤེགས་པ་སོགས་རྔན་ཆེན་བྱས་ནས། ཨ་ཁུ་དེས་སྤྱད་དངོས་ཞོ་བརྒྱད་བཅུ་ཙམ་འཕྲོག་པ། ཆོས་ཆུད་མ་གསན། རྐྱེན་ཁར་མ་གཏོང་གསུང་པས། བཀའ་སྤྱི་བོས་བླངས་ཏེ། ཨ་ཁུ་ལ་ཚིག་གཅིག་ཀྱང་མ་ལབ། དངོས་པོའི་བདག་འཛིན་རྟིང་ནས་ཆོད་པ་ཡིན་གསུངས། ལུས་ངག་གིས་རྗེ་ཤངས་དཀར་བའི་མཆོད་གཡོག །གསོལ་ཇ་བ་གཟིམ་གཡོག་པ། ཕྱག་དཔེ་འབྲི་ཀློག །སྒྲུབ་མཆོད་ཆེ་ཆུང་དབང་ཀ་ཅི་མཛད་ཀྱང་། རྡུལ་ཚོན། བུམ་སྨན་སྤོས་ལ་སོགས་པའི་མཆོད་རྫས་རྣམས་ཐ་དད་གང་དགོས་ཚང་བར་བྱས། སོང་བསྒྲུབ་མཆོད་གང་མཛད་དེ། དེ་


PS001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བློ་ལ་ཟིན་པར་མཛད་ནས་ཆོ་གའི་ཕྱག་ཕྱི་བྱས། མཆོད་གཡོག་གང་དགོས་རྣམས་དགག་མི་དགོས་པས། སྔར་ལས་ཞིབ་པའི་ཁྱད་པར་ཙམ་བྱུང་། ཡང་ལོག་སྟ་ལྷ་ཕུའི་སྒང་ཆེན་ན་བཞུགས་པའི་དུས། ཐམས་ཅད་བུ་ལ་སྟེར་གསུང་། ནི་གུའི་ཆོས་སྐོར་རྣམས་དང་། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་རྣམས་ཟླ་བ་ལྔ་ལ་ཞུས། རྗེ་ཤངས་དཀར་བ་དེ་སྐུ་ན་བསྒྲེས། སྤྱན་ཡང་ཅུང་མི་གསལ་བ་ཡོད་པས་ཕྱག་ཕྱི་དང་ཕྱག་དཔེའི་གཉེར་ཚག་དང་། སྤྱན་ཚབ་ཡང་བྱེད་དགོས་བྱུང་། རྗེ་ཤངས་དཀར་བ་བསྙུང་པའི་ཚུལ་བསྟན་ནས། བསྙུང་གཡོག་རྣམས་འབོད་ནས་བྱས། ལན་གཅིག་ཤངས་མ་ཚལ་བརྡོལ་ནས་བསྙུང་བའི་སྐབས་སུ་ཡུན་རིང་བསེར་མ་དགོད་པ་ནས། གཤེགས་ཀྱི་དོགས་ནས་སྐེ་རག་ཀྱང་མ་བཤིག་པར་གྲིམ་པོ་བྱས། ནུབ་གཅིག་བསེར་མ་མཆོས་ནས་ཟ་ཟི་བྱས། འབོད་པའི་སྐད་ལྷང་ལྷང་བ་ཐག་རིང་པོ་ནས་ཡོད་པ་འདྲ་བ་གཅིག་བྱུང་། དུ་མ་ཞིག་ནས་ཆོས་རྗེའི་གསུང་ཡིན་པར་ཤེས། དེ་ནས་དྲན་པ་རྙེད་པ་ན། གསུར་དུད་ཁ་གཅུགས་ནས་འབོད་པ་ཡིན་པར་འདུག་རྗེའི་གསུང་ནས། ཁྱོད་


PS001_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཀྱང་རླུང་གིས་ཁྱེར་བར་འདུག །དཀའ་ལས་ཆེན་པོ་བྱས་གསུང་ཞིང་སྐྱེ་བ་དང་སྲིད་པ་ཀུན་ཏུ་མི་འབྲལ་བའི་དཔོན་སློབ་བྱེད་པ་ཡིན་གསུངས། དེ་ནས་རྗེ་རིན་པོ་ཆེ་དེ་ཉིད་སྟག་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་ལྔ་ལ་འོད་གསལ་ཆོས་ཀྱི་དབྱིངས་སུ་གཤེགས་པ་ལ་ཞག་ཞེ་དགུའི་བར་དུ་གསོལ་འདེབས་རྒྱུན་མ་རྣམས་ཀྱང་ལེགས་པར་བྱས། སྐུ་འདྲ་གཟིམ་མལ་མ་ཞིག་ཀྱང་བཞེངས། རབ་གནས་མཛད་པའི་དུས་དེ་ནས་བཟུང་སྟེ་ཟླ་མཆོད་མ་ཆག་པ་དང་། དུས་ཆེན་རེ་མ་ཆག་པར་བཙུགས་གསུངས། །དེ་ན་ལུང་ཐང་ན་ཡོད་དུས། རྨི་ལམ་ན་ལྷོ་ཕྱོགས་ན་ཁ་ལྟས་ནས་དུང་དཀར་ཞིག་བུས་པ་རྨི་བ་དང་། ཀླུང་ཁུང་ན་ཆོས་པར་བྱེད་དུས། རྨི་ལམ་ན་དུང་དཀར་ཕྱེད་གོག་པ་ཞིག་དང་ལྷ་ཁང་ལེགས་པོ་ཞིག་འདུག་པ་དེ་ང་རང་གི་ཡིན་པའི་འདུ་ཤེས་བྱས་ནས། ཕྱི་ནང་ཀུན་ལ་དྲི་མས་གོས་འདུག་པས། ག་བདར་ལེགས་པ་ཞིག་བྱས་པ་རྨིས། དེ་ནས་ཞག་གཉིས་ཙམ་ལྐུག་ལུང་གི་སྒོ་ཕྱེ་ནས་གཙུག་ལག་ཁང་དུ་ཕྱིན་པས་རྟེན་དང་གསུང་རབས་མང་དུ་བཞུགས་ཤིང་། འདུག་པ་མཐོང་ནས་གྲུབ་ཐོབ་བྱོན་པའི་གནས་ཡུན་རིང་


PS001_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཞབས་ཏོག་མེད་པ། ཤངས་པ་བཀའ་བརྒྱུད་པ་ལ་ཤེད་དང་བུ་སློབ་མེད་པའི་རྟགས་སུ་འདུག་སྙམས་ནས་མཆི་མ་མང་པོ་ཤོར། ཞིག་གསོས་ཤིག་བྱེད་པར་དམ་བཅས་ནས་ཉལ་བསྡད་པས། ཆོས་སྐྱོང་དགྱེས་པའི་མཚན་མ་དུ་མ་བྱུང་། མགོན་ཁང་ན་རྒྱུན་གཏོར་ཞིག་ཀྱང་མི་འདུག་ནས། གཏོར་མ་ཆེ་བ་དར་གྱི་བརྒྱན་པ་ཞིག་བཤམས་ཏེ། གསོལ་བ་བཏབ་ནས་ཞིག་གསོས་བྱས། དབུ་རྩེའི་སྟེང་དུ་རྫ་སྒྲོན་ནང་དུ་ཞིང་ཁམས་ཉི་ཤུ་རྩ་ལྔའི་ལོགས་བྲིས་དང་བཅས་པ་ལེགས་པར་བསྒྲུབས། དེའི་མེ་ཏོག་བྱས་ནས། མཉམ་མེད་ཆེན་པོ་རིན་ཆེན་བརྩོན་འགྲུས་ཀྱི་དུས་མཆོད་ལ་དམིགས་པའི་སྒྲུབ་མཆོད་ཆེན་པོ་བཙུག་པའི་རབ་གནས་དང་། བཀྲ་ཤིས་ཀྱི་མེ་ཏོག་ནམ་མཁའ་ལ་ཆར་བབ་པ་ཙམ་བྱུང་ཟེར། གཙུག་ལག་ཁང་དུ་ཉིན་མཚན་འཁོར་ཡུག་ཏུ་མར་མེ་གཙུག །ཁྱམས་དང་མགོན་ཁང་དུ་གསེར་སྐྱེམས་དང་། མགོན་ཁང་དུ་གཏོར་ཆེན་བདུན་བཙུག་ནས། དེ་ནས་ལོ་བཅུ་ཙམ་གྱི་བར་ལ། དགོན་པ་ལ་ཕྱི་ཡི་ལྕགས་རིས་བཏང་། བྲང་ཁང་སོ་སོའི་གཞི་གཏིང་། ཕོ་གླིང་མོ་གླིང་གི་དབྱེ་གསལ་བྱས་ནས། སྐྱེ་དམན་གྱི་གླིང་ལྕགས་རི་དང་བཅས་


PS001_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྲུབས། དེ་ནས་གཟིམ་ཁང་གོང་མར། དྲུང་སྒྲུབ་ཆེན་མོ་ལ་བདེ་མཆོག་དྲིལ་བུ་པའི་དབང་བསྐུར་ཞིག་མཛད་པའི་ཚེ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དངོས་ཡིན་པས་དེ་ལྟར་དུ་མོས་པ་གྱིས་ཤིག་གསུང་ཙ་ན་ཆོས་རྗེ་ཉིད་བཅོམ་ལྡན་འདས་ནག་པོ་འཁོར་ལོའི་སྐུ་སྣང་ལ་རང་བཞིན་མེད་པའི་སྤྱི་བོ་ལ་སོགས་གནས་རྣམས་སུ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་ཤིང་འདུག་པ་མཐོང་ནས་འདི་ལྟ་བུའི་ཡོན་ཏན་གང་ལས་བྱུང་བ་ཞུས་བས། ཆོས་རྗེའི་གསུང་ནས། ཡིད་ཀྱི་ལས་སུ་ལྷ་བསྒོམ། ངག་གིས་ལས་སུ་སྔགས་བཟླས་ན་གང་བྱེད་བྱེད་ཡིན་གསུངས། ཡང་དགུན་རྟ་ཟླ་བའི་ཉེར་ལྔའི་ནུབ་མོ་མཁའ་སྤྱོད་དམར་མོའི་དབང་བསྐུར་མཛད་པའི་ཚེ། གྲུབ་ཆེན་མ་ལ་འུ་ཅག་གི་ནང་མཆོད་འདི་འཁྱགས་འདུག་པས། ཁྱེད་ཀྱིས་ཀྱང་དམིགས་པ་གྱིས། ངས་ཀྱང་བྱེད་གསུང་ནས་དུམ་ཞིག་སོང་ཙ་ན། ནང་མཆོད་དེའི་སྟེང་ན་རྗེ་བཙུན་མའི་སྐུ་མཚོན་གང་བ་ལྟ་བས་ཆོག་མི་ཤེས་པ་ཞིག་དམར་སྐྱེམ་སྐྱེམ་གསང་ཆབ་གསིལ་གྱིས་


PS001_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་ནང་མཆོད་ཀྱི་སྟེང་ན་འདི་ལྟ་བུ་འདུག་ལགས་ཞུས་པས། ཁ་རོག་ཁ་རོག་གསུང་ནས་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཡན་ལག་བདུན་པ་ཞིག་ཕུལ། སྤྱན་ཆབ་མང་པོ་གསིལ། གསོལ་བ་བཏབ་པ་མཛད་ཅིང་འདུག་པའི། རྗེས་ལ་རྗེ་བཙུན་མ་འོད་དུ་ཞུ་ནས་ནང་མཆོད་ལ་ཐིམ་སོང་བ་དང་། ནང་མཆོད་དེའི་ནང་ནས་འཕང་ལོ་ཙམ་ཞིག་ཞུ་ནས་དམར་མེར་འདུག་མཚམས་ཞིག་ནས་ཐམས་ཅད་མེར་གྱིས་ཞུ་ནས་ཁོལ་ཞིང་ལུད་པ་ཅོག་རྩེའི་སྟེང་ནས་ཡར་འཁྱིལ་འདུག་པ་དང་། ཀ་པཱ་ལ་ཕྱག་ཏུ་བླངས་ནས་དབུ་ཐོག་ཏུ་བཞག་དབང་ཞུ་བ་རྣམས་ལ་ཡང་བྱིན་རླབས་རེ་དང་། ནང་མཆོད་དེ་ནས་རེ་རེ་གནང་ནས་ཚོགས་བསགས་པ་ཡིན་གསུངས་དེ་ནས་ལྷག་མ་དེ་རིལ་བུ་བྱས་ནས་སྐལ་བ་དང་ལྡན་པ་མང་པོ་ལ་གནང་གིན་འདུག་གོ །དབང་མཛད་པའི་ཚེ་པི་ཝང་དང་གླིང་བུའི་སྒྲ་སྙན་རིང་བ་ཐམས་ཅད་ལ་ཚོར་བ་བྱུང་ནས། ཤར་སྒོ་ནས་ཉན་ཙ་ན་ནུབ་སྒོ་ན་ཡོད་པ་ལྟ་བུ། ནུབ་སྒོ་ནས་ཉན་ཙ་ན་ཤར་སྒོ་ན་ཡོད་པ་ལྟ་བུ་གྱུར་པ་དང་། དགུན་གྲང་སྒང་ལ་དབང་མཛད་པའི་ཚེ་བུམ་ནང་ན་མེ་ཏོག་པདྨ་འཁྲུངས་བ་དང་། དེ་


PS001_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་བྱའི་ལོ་ལ་ཆུ་སྟོད་ཀྱི་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཐོ་རངས་ཁ་ནས་སྐུ་ཁམས་ཅུང་ཟད་རྟེམ་པའི་ཚུལ་བསྟན་ཏེ་ཉེར་གནས་པ་ལ་ཤོག་གསུང་ནས། ངད་ནང་ཁམས་ཅུང་ཞིག་མ་བདེ། མདང་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་ལྷ་ཚོགས་རྣམས་བྱོན་བྱུང་ནས་ལུང་བསྟན་མང་པོ་ཡང་མཛད་ཀྱི་འདུག །ན་ནིང་ནས་ལོ་ཤས་བསྡད་ནས་སེམས་ཅན་ལ་ཕན་ཅི་ཐོགས་ཤིག་བྱེད་དགོས་བསམ་པ་ཡིན་ནའང་། སྙིགས་མའི་བྱེད་སྤྱོད་ལ་སྐྱོ་བ་ལས་མི་འདུག་པ་དང་། ད་ལན་ཡང་ཉམས་གྲིབ་ལ་རྟེན་ནས་སྡོད་བསམ་པ་མི་འདུག་གསུང་པ་ལ། སྐུ་རིམ་ཡང་སྟོབས་ཆེ་བ་གཅིག་བསྒྲུབ་དབུ་རྩེའི་རྫ་འདི་ཡང་སྔར་ནས་འཕྲོད་ཆ་མི་འདུག་པས་ད་ལན་འཕྲོ་བཞག །ཕྱོགས་ནས་ཡོང་བའི་གྲྭ་བུ་སློབ་རྣམས་ལའང་སྐད་ཅིག་བཏང་ན་ལེགས་ཞུས་པས། ང་ལ་རིམ་གྲོ་མི་དགོས་དབུ་རྩེའི་རྫ་འདི་སྔར་ཡང་ངའི་རི་ཁྲོད་ཡིན་པས་ད་ལན་དབུ་རྩེའི་རྫ་འདི་གྲུབ་པར་བྱེད། ཁོང་རྣམས་ལ་སྐད་བཏང་ནས་སེམས་ཁྲལ་ལ་བཀོལ་པ་ལས་དགོས་པ་མེད་གསུངས་ནས། བཀའ་ཞལ་ཆེར་གནང་གིན་འདུག །དེ་ནས་ཚེས་བཅུ་དགུའི་ཉིན་མོ་ནས་སྐུ་ཁམས་


PS001_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་བསྙུང་དུ་སོང་བ་ལ་ཙབ་ཙུབ་མི་དགོས། ད་ཁྱེད་རང་རྣམས་རང་རང་གི་གནས་སུ་སོང་ལ། བླ་མའི་རྣལ་འབྱོར་བསྒོམས་ལ་གསོལ་བ་ཐོབ་གསུངས། ཚེས་ཉི་ཤུའི་ཉིན་མོ་གྲུབ་ཆེན་མ་རྣམས་གླིང་ནས་ཕེབས་ནས་གསོལ་བ་བཏབ་པས། ཁ་སང་ལབས་ཡོད། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བྱུང་ནས། ཁས་བླངས་ཐལ་ཡོད་པ་དང་། དུས་ངན་གྱི་གནས་ཚུལ་ལ་ཡིད་སྐྱོ་བ་ལས་མི་འདུག་པས། ད་ལན་འགྲོ་གསུང་ངོ་། །དེ་ནས་ཉེར་གཅིག་གི་དགོང་མོ་ནམ་ཕྱེད་ཡོལ་རྟིང་ལ་ཞལ་ནས། མཆོད་པའི་ལྷ་མོ་མང་པོས་མཆོད་པ་འབུལ་ཞིང་འདུག་གསུང་པ་དང་། ངེད་དྲུང་ན་ཡོད་པ་རྣམས་ཀྱིས་ཀྱང་དྲི་བཟང་པོས་གཟིམ་ཁང་ཁེངས་འདུག་པ་ཚོར། དེ་ནས་ཞིང་ཁམས་གང་དུ་གཤེགས་གསོལ་བ་གང་དུ་འདེབས་ཞུས་པས་ང་འདི་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་བགྲོད་དེར་གསོལ་བ་ཐོབ་ཅིག་གསུངས། དེ་ནས་དྲུང་གྲུབ་ཆེན་མས་ཐུགས་དམ་གསལ་འདེབས་པར་ཞུ་ཞུས་པས། ང་རང་གི་བློ་ལ་བཅགས་སེ་ཡོང་ཟེར་བ་དགའ་ཚད་ཡིན། འདི་སྒོམ་པའི་འཇུག་མ་ཡིན་གསུང་ནས། ད་གཟོད་གཡུ་ལོ་


PS001_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དཀོད་པར་འགྲོ་གསུང་བའི་ལུང་བསྟན་མཛད། ད་ཅི་ནས་ངའི་འབྱུང་བ་དང་རྟོགས་པ་རགས་རིམ་ཐིམ་སོང་། །ད་ཕྲ་མོ་རྣམས་ཐིམ་འགྲོ་ཡིན་འདུག །དེའི་སྐབས་ཨ་ཕོ་རྒ་བོ་མཁས་པ་ཡིན་གསུང་ནས། ཕྱག་སོར་འདེབས་ཅིང་འདུག །ཁྱེད་རང་འདི་ན་ཡོད་པ་རྣམས་གསོལ་བ་ཐོབ་ཡང་ཡང་གསུང་ངོ་། །དེ་ནས་ཉེར་གཉིས་ཀྱི་ཐོ་རངས་ཀྱི་ཆ་ལ་སྐྱ་རེངས་ཤར་བའི་ཚེ། དགུང་ལོ་དྲུག་ཅུ་རེ་བརྒྱད་ཀྱི་སྟེང་དུ་སྤྲུལ་པའི་སྐུའི་བཀོད་པ་འོད་གསལ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། །དེ་ནས་ཞག་ལྔ་སོང་བའི་ཐོ་རངས་ཁར་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་མང་པོ་གྱེན་དུ་ལུད་ནས་ཐུགས་དམ་གྲོལ་འདུག་པ་དང་། དྲི་བཟང་པོ་དང་འོད་ཟེར་གྱི་སྣང་བས་གཟིམ་ཁང་ཁེངས་པར་བྱུང་ངོ། །གདུང་སྦྱོར་བའི་ཚེ་ཡང་འཇའ་མཚོན་གྱི་དྲྭ་བ་བྱུང་། སྐུ་གདུང་ལ་ཡང་རིང་བསྲེལ་དང་། ཨ་ཡིག་འབུར་དུ་དོད་པ་ལ་སོགས་པ་བྱུང་ངོ་། །རྣམ་པར་ཐར་པ་ཕྱོགས་གཅིག་ཏུ་བྲིས་པའོ།། །།སརྦ་དཱ་ཀ་ལྱཱ་ཱིཾ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ། །

བླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི། རིན་ཆེན་དར་རྒྱས།


PS001_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམ་བཞིའི་རྣམ་ཐར་བསྡུས་པ་ལེ་ཚན་བཞི་བཞུགས་སོ། །


PS001_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་གཙང་མ་ཤངས་སྟོན་ནི། ཁོང་སྐྱ་སྤང་ཁ་ཞེས་པར་རྩ་རྭ་སྟོན། དཀོན་མཆོག་དཔལ་བཟང་དང་། ཡུམ་ཇོ་དགེ་ཞེས་པའི་སྲས་སུ་འཁྲུངས། །ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་བག་ཆགས་བཟང་པོ་གསལ་བར་སད། དགུང་ལོ་བརྒྱད་དགུ་ནས་འབྲི་ཀློག་བསླབ་བཅུ་གསུམ་པ་ནས་བླ་མ་ཉི་ཐོག་པར་རབ་ཏུ་བྱུང་། སློབ་དཔོན་ལས་ཕར་ཕྱིན་དང་སྤྱོད་འཇུག་སོགས་གསན། །གཞན་ཡང་བླ་མ་མང་པོ་ལ་མདོ་སྔགས་ཀྱི་གཞུང་མང་དུ་


PS001_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། མཁས་པ་ཆེན་པོར་གྱུར། གྲུབ་པའི་ཉམས་མྱོང་ཡང་ཅི་རིགས་པར་སྐྱེས། ཁྱད་པར་ཡོལ་ཕུ་རི་གོང་དུ་སངས་རྒྱས་སྟོན་པའི་སྤྱན་སྔར་བྱོན་པ་ཙམ་གྱིས། ཞལ་མཐོང་མ་ཐག་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། ཉམས་མྱོང་རང་ཤར་དུ་བྱུང་། དཔལ་ཤངས་པའི་ཟབ་ཆོས་མཐའ་དག་གསན་ཅིང་། སྒྱུ་མ་དང་རྨི་ལམ་སོགས་ཀྱི་ཉམས་མྱོང་རྩོལ་མེད་དུ་སྐྱེས། བླ་མས་ཀྱང་ཆོས་ཀྱི་བདུད་རྩི་ཐོག་མར་འཐུང་བའི་སྐལ་ལྡན། ལུང་བསྟན་འཁོར་གྱི་དང་པོ། །མན་ངག་ཆིག་བརྒྱུད་གནང་བའི་བུ་ཆེན། །འགྲན་ཟླ་བྲལ་བའི་ཐུགས་སྲས་ཀྱི་དམ་པར་མཛད་ཅིང་། །


PS001_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་རྩོད་མེད་དུ་གྱུར་ནས། འདི་དང་ཕྱི་མར་འགྲོ་དོན་དཔག་ཏུ་མེད་པ་འབྱུང་ཞིང་། བཅུ་བཞིའི་ས་ཐོབ། སློབ་མ་བརྒྱུད་འཛིན་དང་བཅས་པ་དག་པ་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་ཕྱིར་མི་ལྡོག་པའི་རྟག་རྣམས་གསལ་བར་མངའ། ཞལ་མཐོང་བ་ཙམ་གྱིས་གདུལ་བྱ་རྣམས་དང་བ་འདྲེན་པས་ཤངས་སྟོན་གཙང་མ་ཞེས་གྲགས། མདོར་ན་བླ་མའི་བྱིན་རླབས་ཞུགས། སྒྱུ་ལུས་དང་འོད་གསལ་འབྱོངས། རྟོགས་པ་མངོན་དུ་གྱུར། ཆོས་བརྒྱད་རང་སར་གྲོལ། ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཏེ་ལུང་བསྟན་ཐོབ། མངོན་པར་ཤེས་པ་ཐོགས་པ་མེད་པ་མངའ་བར་གྱུར་ཀྱང་། ནང་གི་ཡོན་ཏན་གསང་བ་གནད་ཡིན་གསུངས་ནས་སྦས་པའི་ངང་ཚུལ་ལྷུར་བཞེས་པའི་ངང་ནས་གདུལ་བྱ་སྐལ་ལྡན་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད། སྐུ་གཤེགས་ཙ་ན་བཞུགས་གདན་དང་། ན་བཟའ་ཕྲུག་གཅིག་ཙམ་མ་གཏོགས་གསེར་སེ་བ་གང་ངམ། ཡོ་བྱད་བྲེ་གང་རེ་བ་ཡང་མ་བཟུང་བ་སོགས་ངོ་མཚར་གྱི་རྣམ་ཐར་མཐའ་ཀླས། མཐར་དགུང་ལོ་བདུན་ཅུ་རྩ་དྲུག་པ་བྱ་ལོ་སྣྲོན་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་ལ། ཤར་ཕྱོགས་དག་


PS001_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་སུ་འགྲོ་མགོན་སངས་རྒྱས་སྟོན་པའི་སྤྱན་སྔར་ངོ་འཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་གཤེགས་ནས་བཅུ་བཞིའི་ས་ལ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པར་གྱུར་ཏོ། ༈ །མུས་ཆེན་རྒྱལ་མཚན་དཔལ་བཟང་ནི། གྲུབ་ཐོབ་གཉག་གི་རིགས་ལས། ཡབ་སློབ་དཔོན་རྡོ་རྗེ་སྙིང་པོ་དང་། ཡུམ་དཀོན་མཆོག་ཅེས་བྱ་བའི་སྲས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཞིག་ལྷུམས་སུ་ཞུགས་པའི་ལྟས་ངོ་མཚར་བ་དང་བཅས་ཏེ། ཁྲོ་ཕུ་དགའ་ལྡན་གྱི་གནས་སུ་ས་གཡོ་བ་དང་། མེ་ཏོག་གི་ཆར་འབེབས་བཞིན་དུ་སྐུ་འཁྲུངས། ཁྲོ་ཕུ་སེམས་དཔའ་ཆེན་པོས་དབང་བསྐུར་ཞིང་ལུང་བསྟན་ཁྱད་པར་ཅན་མཛད། གཞོན་ནུ་ཉིད་ནས་དམ་པའི་རྣམ་ཐར་མཐའ་ཡས། དགུང་ལོ་བཅོ་ལྔ་པར་དཔལ་ས་སྐྱར་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་མཛད། ཕར་ཚད་འདུལ་མངོན་དབུ་མ་རྣམས་ལ་མཐར་ཕྱིན་པར་སྦྱངས་པས་མཁས་པའི་སྙན་པས་ཁྱབ། ཉེ་དྲུག་པར་ཆོས་རྗེ་རྒྱལ་མཚན་དཔལ་བཟང་པས་མཁན་པོ་དང་། རིན་ཆེན་བསོད་ནམས་གྲགས་པས་ལས་སློབ་མཛད་དེ་བསྙེན་པར་རྫོགས། མཁན་


PS001_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དེ་གཉིས་དང་། རོང་པ་ཤེས་རབ་སེང་གེ་ཚོགས་སྒོམ་པ་དང་། ཉན་ཆེན་པ་ཡབ་སྲས། བླ་མ་ཡོན་ཏན་མཚན་ཅན། བྱང་སེམས་ཆུ་བཟང་པ། ཆོས་རྗེ་འཇིམ་པ་སོགས་ལས་དུས་འཁོར། ལམ་འབྲས། བློ་སྦྱོང་། རྫོགས་ཆེན། གཅོད་ཡུལ་སོགས་མཐའ་ཡས་པ་གསན་ཅིང་། ཐུགས་ཉམས་སུ་བཞེས་པས་མཁས་གྲུབ་ཆེན་པོར་གྱུར། བླ་མ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་ཀྱང་སྤྱི་བོར་མཆོད། ཕོ་བྲང་ཆེན་པོ་ཏཱའི་ཏུར་དུ་ཧོར་གྱི་རྒྱལ་པོ་ཨཱ་ཡུ་བ་རས་སྤྱན་དྲངས། འགྲོ་དོན་མཐའ་ཀླས་བར་མཛད། སླར་བོད་དུ་ཕེབས་ནས་བྲིན་ཆུ་བར་དུ་འཚོ་བ་དཀའ་ཐུབ་ལ་མཛད་ནས་བསྒོམས་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། སྐབས་ཤིག་མཁས་གྲུབ་ཤངས་སྟོན་ཆེན་པོའི་སྙན་པ་གསན་ནས་སྤྱན་སྔར་བྱོན་པས། བླ་མ་ཉིད་ལ་ཡེ་ཤེས་མགོན་པོས། ཁྱོད་ཀྱི་སློབ་མ་ཆོས་བརྒྱུད་ཟིན་ངེས་ཞིག་འོང་བར་ཡོད་པས་གདམས་ངག་མ་ལུས་པ་སྟོན་ཅིག །ཅེས་ལུང་བསྟན་པ་བཞིན་གདམས་པ་རྫོགས་པར་དགྱེས་བཞིན་དུ་གནང་། བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གསན། རྨི་ལམ་སྤྲུལ་སྒྱུར་འབྱོངས། འོད་གསལ་


PS001_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་སྐྱེས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་བརྙེས་ནས་སྒྲུབ་པ་ལ་སྙིང་པོར་གཞོལ་བའི་སྐབས། ཧོར་གྱི་རྒྱལ་པོ་རྒན་པ་ཆེན་པོས་ནན་བཅུད་ཀྱིས་སྤྱན་དྲངས་པ་བཞིན་ཕེབས་ནས། ཧོར་དང་། སོག་པོ། ཡུ་གུར། མེ་ཉག་སོགས་སྐྱེ་འགྲོ་མཐའ་ཡས་པའི་དོན་མཛད། སླར་བོད་དུ་ཕེབས་ནས་ཆོས་དང་ཟང་ཟིང་གི་དགའ་སྟོན་རྒྱ་ཆེར་སྤེལ། མུས་ཐ་གོང་དཔལ་གྱི་རི་ཁྲོད་སོགས་སུ་བཤད་སྒྲུབ་སྤེལ་མར་མཛད་པའི་མཐར། མེ་ཕག་ཧོར་ཟླ་བདུན་པའི་ཉི་ཤུ་དྲུག་ལ་ས་གཡོ་བ་དང་། སྒྲ་དང་། འོད་དང་། མེ་ཏོག་གི་ཆར་དང་བཅས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པའི་ཚུལ་བསྟན་ནོ། །རྣམ་ཐར་རྒྱས་པ་དགེ་བཤེས་སྨོན་ལམ་པས་མཛད་པ་ལས་ཤེས་སོ། ༈ །མཁས་གྲུབ་རྡོ་རྗེ་གཞོན་ནུ་ནི། ཆུང་ངུ་ནས་ངེས་འབྱུང་རྩོལ་མེད་དུ་ཤར། མདོ་སྔགས་ཀྱི་གཞུངས་རབ་འབྱམས་ལ་སྦྱངས། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ཤངས་ཆོས་སྐོར་ཚང་མ་བཞེས་ནས་ཉམས་སུ་ལེན་པར་མཛད་པས་བཤུལ་རིང་གི་ལམ་མྱུར་དུ་བགྲོད་པ། ཤིན་ཏུ་གྲང་བའི་དུས་ཀྱང་སྐུ་ཟིལ་པ་


PS001_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་མེར་བཞུགས་པ། བདེ་སྟོང་གི་ཉམས་ལས་བྱུང་བའི་དགའ་བར་གཡོ་བ་སོགས་གཏུམ་མོ་དང་། སྤྲུལ་བསྒྱུར་སོགས་རྨི་ལམ་ཚེགས་མེད་དུ་འབྱོངས། སྤྱན་དང་མངོན་ཤེས་འཆར། འཆི་མེད་ཀྱི་རིག་འཛིན་གྲུབ་པས་སྐུ་ཚེ་རིང་པོར་བཞུགས་ཀྱང་བགྲེས་ཚུལ་སོགས་མི་མངའ། དུས་རྟག་ཏུ་སྒྲུབ་པ་ཁོ་ན་ལས་མི་གཡེལ་ཞིང་། མཁས་གྲུབ་ཀྱི་སྐྱེས་བུ་དུ་མས་ཞབས་པད་མཆོད། ཁྱད་པར་མུས་ཆེན་ཆོས་རྗེ་མྱ་ངན་ལས་འདའ་ཁར་ཤངས་ཆོས་གནང་པའི་ཆ་ལགས་རྣམས་རྗེ་ཉིད་ལ་གནང་བར་བསྐུལ་ནས་གདམས་པའི་བདག་པོར་དབུགས་དབྱུང་བས་ལམ་སྲོལ་འདི་ལ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གསལ་བར་མཛད་པ་ཡིན་ནོ། ༈ །མུས་ཆེན་ནམ་མཁའི་རྣལ་འབྱོར་ནི། བ་བྲག་རམ་པའི་དགེ་བའི་བཤེས་གཉེན་བླ་མ་རྡོ་རྗེ་བསོད་ནམས། །ཞེས་གསར་རྙིང་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་དེ་ཉིད་དང་། ཡུམ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མ་རྡོ་རྗེ་འབུམ་གྱི་སྲས་སུ་འཁྲུངས། གཞོན་ནུ་ནས་དད་པ་དང་། ཤེས་རབ་དང་། མངོན་པར་ཤེས་པ་སོགས་མངའ། གློ་ལུང་ཆོས་སྡེར་མཁན་པོ་ཤཱཀ་འཕེན་པ་ལས་


PS001_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་། མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། མདོ་སྔགས་ཀྱི་གཞུང་ལ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་མུས་ཆེན་རྒྱལ་མཚན་དཔལ་བཟང་ལས་ནི་གུའི་ཐབས་ལམ་གསན་ནས་ཟླ་བ་གཅིག་ཏུ་བསྒོམས་པས། བདེ་དྲོད་རྩོལ་མེད་དུ་ཤར། བཀའ་གཞན་རྣམས་ཅི་རིགས་པ་དང་། རྫོགས་པར་བླ་མ་རྡོ་རྗེ་གཞོན་ནུ་ལས་གསན། ཉི་ཤུ་པར་མཁན་པོ་སྔོན་གྱི་དེ་ཉིད་ལས་བསྙེན་པར་རྫོགས། གཞན་ཡང་བླ་མ་དམ་པ་དུ་མ་ལས་གདམས་པ་བསམ་གྱིས་མི་ཁྱབ་པ་བཞེས། ཆོས་གསན་པའི་དུས་མ་གཏོགས་རི་ཁྲོད་དབེན་པ་ཁོ་ནར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང་། སྙིང་རྗེ་ཕྱོགས་མེད་དུ་ཤར། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། ཐུགས་རྗེ་ཆེན་པོ་སོགས་ཡི་དམ་ལྷ་དུ་མས་རྗེས་སུ་བཟུང་། ཏིང་འཛིན་གྱི་སྒོ་དུ་མ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ། ཆོས་སྲུང་བྲན་དུ་ཁོལ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་། དེ་རྣམས་ཀྱི་ནང་ནས་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ། རོང་སྟོན་ཤེས་བྱ་


PS001_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག །སེམས་དཔའ་གཞོན་ནུ་རྒྱལ་མཆོག །མུས་ཆེན་དཀོན་མཆོག་རྒྱལ་མཚན། །གྲུབ་ཆེན་ཐང་སྟོང་རྒྱལ་པོ། །མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་ཤིང་བཙུན་ལ་གྲུབ་པའི་ཉམས་མྱོང་དང་ལྡན་པ་དང་། ཕྲིན་ལས་མཐའ་ཀླས་པ་མང་དུ་བྱོན་ཏེ་རྒྱལ་བསྟན་སྤྱི་དང་། དཔལ་ཤངས་པ་བཀའ་བརྒྱུད་པའི་བསྟན་པ་རིན་པོ་ཆེར་ཉིན་མོར་མཛད་ནས། དགུང་ལོ་དགུ་བཅུ་རྩ་གསུམ་དུ་ཕེབས་པ། བྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་དྲུག་ལ་ཞི་བ་ཆེན་པོའི་དབྱིངས་སུ་ཐུགས་གཞོལ་བའི་ཚེ། འཇའ་དང་འོད་དང་། སྙན་པའི་སྒྲ་དང་། དྲི་ཞིམ་པོ་འཐུལ་ཞིང་། མེ་ཏོག་གི་ཆར་ཆེན་པོ་འབེབས་པ་དང་བཅས་ཏེ། ལས་དག་པ་འགའ་ཞིག་གིས་ཨོ་ཌཱི་ཡཱ་ན་དང་། བདེ་བ་ཅན་སོགས་སུ་གཤེགས་པར་མཐོང་བ་དང་། སྐུ་གདུང་ཞུགས་སུ་ཕུལ་བས་སྐུ་དང་། རིང་བསྲེལ་གྲངས་ལས་འདས་པ་འཕེལ་བས་མཚོན་ངོ་མཚར་བསམ་གྱིས་མི་ཁྱབ་པས་རྗེས་འཇུག་རྣམས་དད་པའི་ས་ལ་འགོད་པར་མཛད་དོ། ༈ །འདིའི་རྣམ་ཐར་རྒྱས་པ་བཀའ་བཅུ་པ་རིན་ཆེན་དར་


PS001_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་མཛད་པ་དང་། དགུང་ལོ་བརྒྱད་ཅུ་རྩ་བཞི་ཡན་གྱི་རྣམ་ཐར་ཁ་སྐོང་བཅས་ལ་ཤེས་པར་བྱའོ།། །།སརྦ་དཱ་ཀ་ལྱཱ་བྷ་ཝནྟུ། ཤུ་བྷཾ། །

སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན།


PS001_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་འགྱུར་མེད་བདེ་ཆེན་ནི། གྲུབ་ཐོབ་ལྕགས་ཟམ་པ་ཆེན་པོའི་རིགས་སུ་ལྕགས་བྱི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དེར་ཚེ་རབས་ཀྱི་ཕྲེང་བ་དུ་མར་བླ་སློབ་ཏུ་འབྲེལ་བའི་སྨན་ལྡིང་ལོ་ཙཱ་བ་གྲུབ་པའི་དབང་ཕྱུག་རཏྣ་བྷ་ར་པ་མཚན་འགྱུར་མེད་བདེ་ཆེན་ཞེས་བརྩལ་ཞིང་ལུང་བསྟན་གྱི་རྒྱུད་མངས་སྦྲེངས། དགུང་ལོ་བཅུ་པར་རྡོ་རྗེའི་སློབ་དཔོན་ལྷུན་གྲུབ་དཔལ་ལྡན་ལས་གསང་བདག་གི་དབང་བསྐུར་བ་གསན་ཅིང་ལྗགས་བཟླས་མཛད་བཅུ་གསུམ་པ་ནས་བརྩམ་རྗེ་བཙུན་བསོད་ནམས་རྩེ་མོའི་ཞབས་པད་བསྙེན་ཅིང་དགེ་ཚུལ་དུ་བསྒྲུབས། ལམ་འབྲས་དང་། ནི་གུའི་ཟབ་ཁྲིད་དང་། དཔལ་ས་སྐྱ་པའི་གཞུང་དང་མན་ངག་རྒྱ་མཚོ་ལྟ་བུར་སྦྱངས། ཉི་ཤུ་པར་ལོ་ཆེན་རཏྣ་བྷ་དྲ་ལས་བསྙེན་པར་རྫོགས་སྦྱོར་དྲུག་གི་ཉམས་ཁྲིད་གསན། ལོ་བཞི་དང་ཟླ་བ་བརྒྱད་དུ་སྒྲུབ་པའི་རྒྱལ་མཚན་བརྟན་པོར་བཙུགས་པས་བྱིན་རླབས་ཀྱི་འཕོ་བ་ཐོབ་ཅིང་དད་པ་དང་། ངེས་འབྱུང་། སྙིང་རྗེ་དང་། འོད་གསལ་གྱི་འཆར་སྒོ་འབྱམས་ཀླས་པ་


PS001_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་འབྱོར། སླར་ཡང་ཡོངས་འཛིན་ཆོས་ཀྱི་བློ་གྲོས། ལོ་ཆེན་རཏྣ་བྷ་དྲ། འཇམ་མགོན་ཀུན་དགའ་གྲོལ་མཆོག །དུས་ཞབས་པ་ཆོས་དར་གྲགས་འཕེལ། ལོ་པ་སྤྱན་སྔ་ཆོས་ཀྱི་གྲགས་པ་སོགས་ལས། ཤངས་ཆོས། ལམ་འབྲས། དུས་འཁོར་རྣམས་གཙོ་བོར་གྱུར་པའི་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་དང་། ལོ་ཆེན་བཤེས་གཉེན་རྣམ་རྒྱལ་དང་། སྐད་གཉིས་སྨྲ་བ་རབ་ཚེས་ཟླ་བ་ལས་སྒྲ་སྙན་སྡེབ་སྦྱོར་སོགས་ཐུན་མོང་རིག་ལམ་དུ་མར་གསན་སྦྱངས་མཐར་ཕྱིན་པར་མཛད་པའི་གྲུབ་འབྲས་འཆད་པ་དང་། རྩོད་པ་དང་། རྩོམ་པའི་བདུད་རྩིས་སྐལ་བཟང་ཡིད་ཀྱི་པདྨོ་ཁ་བྱེ་བ་ལས། ཡོངས་རྫོགས་ཐུབ་བསྟན་ཨུཏྤ་ལའི་རིགས་ཀླུང་ཆེས་ཆེར་དར་བར་མཛད་ནས། རིགས་ལྡན་ཆོས་ཀྱི་མདུན་ས་ཆེན་པོར་གཤེགས་སོ། །དགེ་ལེགས་འཕེལ། དགེའོ། །


PS001_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་དགའ་གྲོལ་མཆོག་ནི། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་པཎྜི་ཏ་འབར་བའི་གཙོ་བོ། །རྒྱལ་བས་ལུང་བསྟན་པའི་གྲུབ་ཆེན་ནག་པོ་སྤྱོད་པ། ཤྲཱི་གོརྵ་ཁ་ནཱ་ཐའི་སློབ་མ་རྒྱལ་རིགས་ལས་གྲུབ་པ་བརྙེས་པ་རཱ་ཧུ་ལ་རྣམས་དང་། གངས་ཅན་འདིར་ལོ་ཙཱ་བ་ཆེན་པོ་ཀུན་གཟིགས་རོང་ཟོམ་པ་ཆོས་ཀྱི་བཟང་པོ། །བཀའ་རྒྱུད་ཡ་བཞི་ཟུང་བརྒྱད་དུ་གྲགས་པ་ལས། འགྲོ་མགོན་ཕག་མོ་གྲུབ་པའི་སློབ་མ་འབའ་རོམ་པ་དར་མ་དབང་ཕྱུག །ཉང་སྟོད་དུ་སྦས་པའི་རྣལ་འབྱོར་ཨ་བ་དྷཱུ་ཏི་པ་འོད་ཟེར་དཔལ་ཞེས་རྗེ་བཙུན་གྲགས་པས་ནག་པོ་སྤྱོད་པའི་འཕྲུལ་དུ་བསྔགས་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཆེན་པོ་ཞང་སྟོན་འབྲུག་སྒྲ་རྒྱལ་མཚན། འབྲི་གུང་རྒྱལ་བ་འཇིག་རྟེན་མགོན་པོའི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པ། ཀུན་མཁྱེན་ཆེན་པོ་སངྒ་བྷ་ར། རྗེ་རིན་པོ་ཆེའི་སློབ་མ་གཞུང་བརྒྱ་པ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། སླར་ཡང་འཕགས་པའི་ཡུལ་དུ་སིངྒ་ལའི་པཎྜི་ཏ་ཆེན་པོ་ཆོས་ཀྱི་ཉིན་བྱེད་རྣམས་སུ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་ནས་


PS001_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འགྲོའི་དོན་བརླབ་པོ་ཆེ་མཛད་པའི་མཐར། མངའ་རིས་ཀྱི་སྨད་ཀྱི་ས་ཡི་ཆར། ཡབ་གཉན་སྟོན་ཤཱཀྱ་མུ་ནའི་རིགས་བརྒྱུད་ཚེ་དབང་བཟང་པོ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲོལ་འཇམ་ཞེས་པའི་སྲས་སུ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་སྐུ་འཁྲུངས། རཱ་སྟོན་ཡོན་ཏན་དཔལ་བཟང་གིས་མཚན་སྒྲོལ་མ་འབུམ་དུ་གསོལ། རྗེ་ཀུན་དགའ་མཆོག་ལྡན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་གྲོལ་མཆོག་ཏུ་གསོལ། དེ་ཉིད་དང་། མཁན་ཆེན་བསོད་ནམས་ལྷུན་གྲུབ་སོགས་ལས་གསན་པ་བསམ་གྱིས་མི་ཁྱབ། ནི་གུའི་ཟབ་ཁྲིད་ལན་བརྒྱ་ཕྲག་ལས་ལྷག་པ་དང་། ལམ་འབྲས་དང་། སྦྱོར་དྲུག་གཙོར་གྱུར་འཆད་ཉན་སྤེལ་གྱི་ཕྲིན་ལས། གྲུབ་པའི་ཉམས་མྱོང་། མཁས་པའི་རྣམ་དཔྱོད་བསམ་གྱིས་མི་ཁྱབ། རྒྱས་པར་རྗེ་ཉིད་ཀྱིས་མཛད་པའི་སྐྱེས་རབ་སྔ་མ་ཐམས་ཅད་ཀྱི་རྟོགས་བརྗོད། རྗེ་ཉིད་ཀྱི་རྣམ་པར་ཐར་པ་སྐལ་བཟང་དད་པའི་ཤིང་རྟ་ཡན་ལག་མཛེས་རྒྱན་དང་བཅས་པ་འདས་བྱུང་གི་རྣམ་ཐར་གསེར་མདོག་པ་ཤཱཀྱ་བསྟན་


PS001_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱིས་མཛད་པ་རྣམས་སུ་ཆེས་གསལ་ལོ།། །།དགེ་ལེགས་འཕེལ། དགེའོ། །

རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས། ཙིཏྟ།


PS001_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས་ཞིག་བཞུགས་སོ། །


PS001_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ། །ཁམས་གསུམ་འགྲན་ཟླ་དང་བྲལ་བ། མཐོང་ཐོས་དྲན་རེག་ཏུ་གྱུར་པའི་འགྲོ་བ་རྣམས་ཀྱི་དེད་དཔོན་ཆེན་པོ་འདི་ཉིད་ནི་དང་པོ་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པའི་ངོ་མཚར་ཆེ་བ་རྣམས་མཐའ་ཡས་ཤིང་། བརྗོད་ཀྱིས་མི་ལང་བར་གདའ་སྟེ། དེ་དག་ལ་བདག་རང་རྒྱུས་ཆེ་ཞིང་། ཡུལ་མི་དེ་སྐབས་པ་རྣམས་དང་། ད་ལྟའི་གཏམ་རྒྱུན་བྱེད་པ་རྣམས་ཡིད་ཆེས་ཁུང་བཙུན་པ་


PS001_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡོད་ཅིང་། བཅོས་མ་མིན་པའི་ངེས་ཤེས་འདྲོངས་པ་རྣམས་ཡི་གེར་བཀོད་པ་ནི། གཡོན་དུ་བརྟན་མ་བཅུ་གཉིས་པའི་ནང་ནས། རྡོ་རྗེ་གཡུ་སྒྲོན་མའི་གནས། ཁ་རག་འབྲོང་གི་ཕུ། དང་པོ་ར་ལོ་ཙཱ་བ་ཆེན་པོ་དེ་ཚོའི་བརྒྱུད་པ་རིམ་པར་བྱོན་པའི་བསྟི་གནས། ད་ལྟ་ཆོས་འཁོར་སྡིང་དུ་གྲགས་པ་ན། གསང་སྔགས་ཀྱི་རྡོ་རྗེ་འཛིན་པ། རྗེ་ཚུལ་ཁྲིམས་རྒྱ་མཚོ་ལ་སྲས་བཞི་བྱུང་བའི་ཁབ་ཏུ། ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་ཞེས་པ། དགེ་བ་ལ་དཀར་ཞིང་སྡིག་པ་ལ་འཛེམ་པ། ངན་ལོང་ལ་བྱམས་པ་ཞིག་ཡོད་དོ། །ཡུམ་


PS001_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་བཅུ་གཉིས་ལ། རྗེ་བཙུན་འདི་ཉིད་ལྷུམས་སུ་ཞུགས་པའི་སྐབས། ཡུམ་གྱི་རྨི་ལམ་དུ་ཉི་མའི་ཟེར་ལས་གསེར་གྱི་རྡོ་རྗེ་འཁྲུ་གང་པ་འོད་ཟེར་འཕྲོ་བ་གཅིག་བབས་ཏེ། འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་འོད་ཟེར་རྣམས་དང་གསེར་གྱི་རྡོ་རྗེ་དྲི་མ་མེད་པ་དེ། ཡུམ་གྱི་སྤྱི་བོར་ཐིམ་ནས། ཡུམ་སྔར་བས་ཀྱང་སྐུ་གཟི་མདངས་དཔག་ཏུ་མེད་པ་རྒྱས་པ་དང་། གཞན་ཡང་སྐུ་ལ་དར་སྣ་ཚོགས་པའི་ན་བཟའ་དང་རིན་པོ་ཆེའི་ཁྲི་ལ་བཞུགས་པ་ལ། བུད་མེད་གཞོན་ནུ་མ་ལང་ཚོ་རྒྱས་པ་འགའ་ཞིག་གིས། རིན་པོ་ཆེའི་སྣོད་དུ་ཟས་སྣ་ཚོགས་ཕུལ་ནས་ཞུ་བ་དང་། ཕྱག་དང་བསྐོར་བ་བསྐུར་བསྟི་བསམ་ལས་འདས་པ་བྱེད་པ་དང་། མི་ནག་པོ་གསེར་གྱི་སྐེ་རགས་བཅིངས་པ། ལག་ན་གྲི་གུག་ཁུར་བ་གཅིག་གིས་སྒོ་བསྲུང་བ་དང་། བུ་དང་བུ་མོ་མང་པོས་ནམ་མཁའ་ནས་སྐུ་ཁྲུས་གསོལ་ཞིང་། མཆོད་བསྟོད་བྱེད་པ་དང་། སྐུ་ལ་རུས་པའི་རྒྱན་དང་། རིན་པོ་ཆེའི་ཆས་ཀྱིས་བརྒྱན་པ་ལ་སོགས་པའི་རྨི་ལྟས་བཟང་བ་ཇི་སྙེད་དུ་མ་བྱུང་བ་རྣམས་


PS001_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་མི་རྣམས་ལ་འདི་ལྟར་རྨི་ཚུལ་བཤད་པས། མི་གཞན་མ་རྣམས་ཀྱིས་ནི་བརྗོད་མི་ཤེས་པར། ལ་ལས་ནི་རྨི་ལམ་རྣམས་དགའ་རྒྱུ་མེད་པས། ཡུམ་ལ་སྐུ་རིམ་དང་བརྟན་བཞུགས་སོགས་གང་དྲག་གྱིས་ཟེར། ཡིད་མི་བདེ་བ་ཙམ་བྱུང་། སྔགས་འཆང་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ་ཞེས་པ། །མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པ། ཡི་དམ་གྱི་ལྷ་དང་ཆོས་སྐྱོང་གི་གྲངས་བསྙེན་མང་དུ་སོང་ཞིང་། ཡི་དམ་གྱི་ཞལ་གཟིགས་པ་ཅིག་ཡོད་པ་ཉིད་ཀྱི་ཞལ་ནས། བུ་དགའ་ལྷ་མོའི་རྨི་ལམ་དེ་རྣམས་ཤིན་ཏུ་བཟང་བར་གདའ། དེར་སོང་བདག་ལ་ཡང་རྨི་ལྟས་བཟང་བ་མང་དུ་བྱུང་བས། བུ་དགའ་ལྷ་མོ་ལ་གཙང་སྦྲ་ཆེ་བར་གྱིས། མི་གང་གི་བཟའ་བ་སོགས་སྤོངས། དེ་ནས་རྨི་ལམ་སོགས་ཀྱང་སུ་གང་ལའང་མ་བཤད་གསུངས་ནས། ཡུམ་ལ་ཤིན་ཏུ་གཅེས་པར་མཛད་དོ། །དེ་ནས་ཕག་ལོ་ཧོར་ཟླ་དང་པོའི་ཚེས་བཅུའི་སྔ་ཞོགས། ཡུམ་སྙེལ་འཚེ་ཆེར་མེད་པའི་ངང་ནས་གྲོད་བུ་འཇའ་ཚོན་ཁ་དོག་ལྔ་ལྡན་ཡོད་པ་གཅིག་འཁྲུངས་སོ། །


PS001_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

མེས་པོ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་ནས་ཨེ་ཨེ་ངེད་ཚོ་ལ་རིགས་བརྒྱུད་འདི་ལྟར་ཡོང་བ་ཡིན། འདི་ནི་ཞལ་འབྱེད་པར་བྱེད་པ་ལ། ལྕགས་དང་ཟངས་ཀྱི་རིགས་ཀྱིས་ཞལ་འབྱེད་མི་ཉན། འདི་ནི་ངེས་པར་དུ་ཤིང་གི་ལྡེ་མིག་གིས་སྒོ་འབྱེད་ཚུལ། ཐག་འཐག་པའི་འུ་ལུ་གཅིག་གིས་ཞལ་འབྱེད་པ་སོགས་བྱེད་དགོས་གསུངས་ནས། འུ་ལུ་དང་ཤིང་གི་ལྡེ་མིག་སོགས་ཀྱིས་ཞལ་ཕྱེ་བས་དེའི་ནང་ན་ཁྱེའུ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་སྐུ་ལ་ཤ་མཚན་ཁྲག་ཞག་གི་ཐིག་ལེ། ལི་ཁྲིའི་ཚངས་སྐུད་ཀྱི་རྣམ་པ་ཡོད་པ། ཕྱག་ཞབས་འཁོར་ལོས་མཚན་པ། ག་བུར་དང་གུར་གུམ་གྱི་དྲི་མཆོག་དང་ལྡན་པ་པདྨ་རྒྱས་པའི་མཆུ་སྒྲོས་ཅན། ཨུཏྤལ་མཆོག་གི་སྤྱན་ནི་ཕྱོགས་ཐམས་ཅད་ལ་ཧྲིག་ཧྲིག་གཟིགས་ཤིང་། ཞལ་ནས་ཨོཾ་སུམྦྷ་ནི་སུམྦྷ་སོགས་ཀྱི་སྔགས་ལན་གསུམ་དུ་མཛད་པ་ཞིག་སྐུ་བལྟམས་སོ། །ལྟེ་བ་གཅོད་པ་སོགས་ནི་མ་དགོས་སོ། །དེ་སྐབས་ཀྱི་སྐུ་འཁོར་བ་རྣམས་ནི་འདི་ལྟ་བུ་བཟང་ངན་གང་ཡིན། འདི་ཐམས་ཅད་ནས་ཡ་མཚན་པའི་རང་བཞིན་ཅན་ཡིན་པ་ལ་སྐྱེས་མ་ཐག་


PS001_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལབ་ལབ་ཤེས་པ་ཅིག་འདུག་ཟེར་ནས། མེས་པོ་དྲུང་གི་ཞལ་ནས། ཤ་མཚན་དང་ལྟས་ཤིན་དུ་ངོ་མཚར་བ་འདུག་ལབ་ལབ་འདི་ནི་བསངས་སྦྱང་གི་སྔགས་མཛད་པར་གདའ། དང་པོ་ཆོས་རྗེ་ཀུན་དགའ་སེང་གེ་དེ་ཉིད་ཀྱི་དགོན་གནས་བ་ངེས་པ་མཛད་དུས་སྐབས་ས་སྤྱད་དང་རྟེན་འབྲེལ་གང་ལ་དཔག་ཀྱང་། ངེད་ཀྱི་མི་བརྒྱུད་ཁ་ཅིག་ནས། རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་གཅིག་འབྱོན་པར་གདའ་གསུངས་པ་དང་། འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྐབས་རྨི་ལྟས་བཟང་བ་བསམ་ལས་འདས་པ་ཡང་བྱུང་། ད་ནང་གཉིད་ཚད་གོང་དུ་འཕགས་པ་འཇམ་དཔལ་ཡིན་ཟེར་བའི་སྐྱེས་བུ་ཆེན་པོ། །མཚན་དཔེའི་རབ་ཏུ་བརྒྱན་པ་ཞིག་གིས། རྒྱལ་བའི་གསུང་རབ་ཀྱི་པུ་ཏི་མང་པོ་ངེད་རང་གི་མཆོད་ཁང་དུ་སྤྱན་དྲངས་ནས། འདི་རྣམས་ཀྱི་བདག་པོ་ཁྱོད་ཡིན་གསུང་ཞིང་། གསུང་རབས་དེ་རྣམས་ལ་ལྷ་མོས་བཀུར་སྟི་མཆོད་པར་བསམ་ལས་འདས་པ་བྱེད་པ་རྨིས། འདི་ཉིད་རྒྱལ་བའི་གསུང་རབས་རྣམས་ལ་མཁས་པའི་མི་གཅིག་ཡོང་བར་འདུག །དེ་རིང་གུ་རུ་རིན་པོ་ཆེའི་


PS001_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཟང་ལ་བྱོན་པས་འདིའི་མིང་དར་ཅིག་ལ་སྔར་གྱི་ཆུང་སྲི་ཅིག་ཡོད་པ་དེ་གནོན་པའི་ཕྱིར་དུ་པདྨ་སྲི་གཅོད་རྡོ་རྗེ་ཐོགས་ཤིང་། །དེ་ནས་མཚན་དངོས་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ཟིན་པ་ཅིག་གིས་གནང་བ་འདུག་གསུང་ཞིང་ཤིན་དུ་ནས་དགེ་བའི་གསུང་གླེང་མང་དུ་མཛད། བཙས་སྟོན་དེའི་ཉིན་ཤིན་ཏུ་རྒྱས་པར་མཛད་དོ། །དེ་སྐབས་མེ་ཏོག་ལྡུམ་རར་བརྒྱ་མན་ལྔ་ཙམ་ཁ་བྱེ་ཞིང་ཁ་འབུས་པ་ཡང་མང་དུ་བྱུང་། དེའི་འཁོར་གྱི་སེ་བ་རྣམས་ལ་ཡང་མེ་ཏོག་ཐོ་རེ་བ་ཤར། ཁམ་བུ་དང་ལོ་མ་རྣམས་ཞིང་འདེབས་ཀྱི་སྐབས་དང་འདྲ་བ་བྱུང་། འཁུར་མང་གི་མེ་ཏོག་ཀྱང་དེའི་ཉིན་རང་མང་དུ་ཤར། ནམ་མཁའ་ལས་མེ་ཏོག་གི་ཆར་ཞག་བདུན་ཉིན་མཚན་འཁོར་ཡུག་ཏུ་འབབས་པ་དང་། ནམ་མཁའ་གཡའ་དག་པའི་ངང་ནས་འཇའ་འོད་ཀྱི་གུར་ཁང་བཞི་ཉིན་མཚན་དུ་ཡོད་པ་དང་། བྱ་བྱེའུ་རྣམས་ཀྱང་སྐད་ཀྱི་རྣམ་འགྱུར་སྙན་པར་སྒྲོགས་ཤིང་། དགའ་སྤྲོའི་རྣམ་འགྱུར་མང་བ་དཔག་ཏུ་མེད་པ་བྱེད་པ་དང་། རི་དྭགས་རྣམས་ཀྱང་དགའ་བའི་རྩེ་འཕྱོ་བྱེད་ཅིང་ཐམས་ཅད་ཡུལ་དེར་འཁོར་ནས་ཡོང་བ་དང་། ད་ལྟ་བླ་བྲང་གི་


PS001_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ལྡུམ་ར་ན་སེ་བ་གཞན་ལས་སྟོབས་ཆེ་བ་མེ་ཏོག་རྒྱ་ཚོས་མདོག་ཏིང་པོར་ཙམ་དང་། སེ་འབྲུ་མི་རྒན་གྱི་མཐེ་བོང་ལས་ཆེ་ཞིང་། རོ་ཁ་བ་དང་སྐྱུར་བ་དང་། ནུས་པ་ཆེ་བ་དང་། ལན་ཚྭ་བ་ཡོད་པ་འདི་ཡང་དེ་སྐབས་སྐྱེས་པ་ཡིན། རིགས་ན་འདུག་ལག །ཤིང་དེ་ཡར་གཞན་ལས་ངོ་མཚར་ཆེ་བ་ཡོད། བྱང་ཆུབ་ལྗོན་ཤིང་གི་མཚན་ཉིད་ཡོད་པ་ནི། དང་པོ་སྐུ་བལྟམས་སྐབས་མྱུ་གུ་སྐྱེས། རབ་ཏུ་བྱུང་སྐབས་མེ་ཏོག་ཤར། བསྙེན་པར་རྫོགས་སྐབས་སེ་འབྲུ་སྨིན། དེ་ལྟར་ཡལ་ག་ལོ་འདབ་བསམ་ལས་འདས་ཤིང་། ད་ལྟའི་མི་དྲག་ཞན་ཀུན་སེ་བ་དེའི་འབྲུ་མེ་ཏོག་ཚེར་མ་ཤུན་པ་རྣམས་བྱིན་རླབས་རྟེན་རྫས་སུ་ཞུ་ཞིང་ཐམས་ཅད་ཡ་མཚན་དུ་བྱེད་པ་ཡོད་དོ། །དེ་ནས་མི་ནད་ཕྱུག་ནད་མི་འབྱུང་ཞིང་། མི་རྒན་རྣམས་ནི་ཚེ་འཕེལ་ནས་གཞོན་ཤ་ཅན་དུ་འགྱུར་བ་དང་། ལོང་བ་རྣམས་ནི་མིག་རང་བྱེར་གྱུར་ནས་སྔར་བས་ཀྱང་གསལ་བར་བྱུང་བ་དང་། ནད་པ་ནད་གཞི་ཅན་རྣམས་དེ་ལས་གྲོལ་ནས་ལུས་གཞན་ལས་མཆོག་ཏུ་བཟང་། མདོར་ན་བཀྲ་ཤིས་པའི་


PS001_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མཚན་བརྗོད་ཀྱིས་མི་ལང་བ་གྱུར་པ་བྱུང་ངོ་། །མཆོག་གི་སྤྲུལ་སྐུ་འདི་ནི་ཕྱི་ནང་གི་མི་ཀུན་གྱིས་གཅེས་པར་གྱུར་ཞིང་སྐུ་རྫི་བ་བཞི་དང་བཅས་ནས་བསྐྱེད་བསྲིངས་སོ། །སྐུ་ལྷུམས་སུ་ཞུགས་པ་དང་། བལྟམ་པའི་རྣམ་ཐར་བསྡུས་པའི་ལེའུ་སྟེ་དང་པོའོ། ༈ །དེ་ནས་ཞག་བཅུ་ཙམ་ནས། ཁམས་པ་སྨྲི་ཏི་ལོང་བ་ཡིན་ཟེར་བའི་ལོང་ཁྲིད་བྱེད་དགོས་པ་ཞིག་བྱུང་ནས། ང་ཚོ་ལྷ་ས་བསམ་ཡས་བསྐོར་ནས་ཡོང་བ་ཡིན་ཏེ། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུའི་དབང་ཕྱུག་ཆེན་པོ་ཅིག་བྱོན་པ། ང་ཚོས་སྲིན་པོ་རི་ནས་ཤེས་ནས་འདིར་ཡོང་བ་ཡིན། ཁྱེད་ཀྱི་སྲས་མཇལ་ཁ་དགོས་ཟེར་བས། སྐུ་གཅེས་པས་མཇལ་ཁ་མ་གནང་བས། ཁོང་རྣམས་བླ་བྲང་ལ་ཕྱག་འཚལ་བསྐོར་བ་བྱས་སྨོན་ལམ་མང་དུ་བཏབ་ནས་ལོག་སོང་ངོ་། །ཞལ་ངོ་ཡབ་ཡུམ་སྐུ་འཁོར་རྣམས་ཁ་ངན་གཏོང་ཞིང་མ་མགུ་བར་གྱུར་ནས་སོང་ངོ་། །དེ་སྐབས་ཡུལ་མི་ལ་ལས་མོ་འཁོར་གཉིས་ཙམ་བཏབ་འདུག་ཀྱང་། མོ་སྔ་ཕྱི་ཚང་མ་ཤིན་ཏུ་བདེན་པར་བྱུང་


PS001_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། མངོན་ཤེས་ལྡན་ཞིང་སྤྱོད་པ་ཀུན་ལ་ཉམས་ཆེ་ཞིང་མིང་འདོག་ཤེས་པ་ཅིག་བྱུང་། མོ་བཏབ་པ་ཐམས་ཅད་དུ། དེ་རྣམས་ལ་ཁྱོད་བསོད་ནམས་ཆེ་བྱང་ཆུབ་སེམས་དཔའི་སྐུ་བལྟམས་པའི་ས་ནས་ཆུ་བཏུང་པས་ངན་སོང་མྱོང་མི་དགོས་པ་ཡིན་པ་ལ། ཁྱོད་ཀྱི་ཡུལ་དུ་བྱང་ཆུབ་སེམས་དཔའ་བལྟམས་པ་ཡིན་པས་བསོད་ནམས་ཆེ། འདིས་ནི་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད། གཙང་དབུས་ཀྱི་སྡེ་དཔོན་བསོད་ནམས་ཆེ་བ་རྣམས་ཀྱི་བཀུར་བསྟི་ཞུ་བར་གདའ། འདི་ནི་འབྲེལ་ཚད་དོན་ལྡན་རང་ཡིན་ནོ་ཟེར། དེ་རྣམས་ཡབ་ཡུམ་ལ་མི་རྣམས་འདི་བཞིན་ཟེར་བར་འདུག་ཞུས་པས། མེས་པོ་དྲུང་གི་ཞལ་ནས། དེ་ཡ་མཚན་པར་གདའ། དང་པོ་བདག་གི་བླ་མ་དབུས་སྨྱོན་པ་མཇལ་སྐབས། བླ་མ་དེ་རྟེན་འབྲེལ་དང་། མངོན་ཤེས་རང་མཛད་པ་གཅིག་གདའ་བས། བདག་ལ་ཡང་ཁྱོད་ལ་ཚ་བོ་སུས་ཀྱང་འགྲན་ནི་མི་ནུས་པའི་མཐུ་རྩལ་ཆེ་བ་གཅིག་འབྱོན་གསུང་པས། བདག་གི་བསམ་པ་ལ་ང་རྭ་ལོ་ཙ་པའི་བརྒྱུད་པ་ལ་སྔགས་


PS001_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བཟང་པོ་ལོས་ཡོང་བསམ་པ་བྱུང་བས། དེ་ཡང་བླ་མས་མཁྱེན་ནས། དེ་ནི་ཁྱོད་ཀྱི་ཕ་མེས་རིགས་བརྒྱུད་ཐམས་ཅད་ལས་ལྷག་པར་གྱུར་གསུང་། འོ་ན་ཇི་ལྟ་བུ་ཞིག་འབྱུང་ཞུས་པས། དེ་ནི་བྱང་ཆུབ་སེམས་དཔའ་སྐད་གཉིས་སྨྲ་བ། རྡོ་རྗེའི་གླུ་ལེན་པ་སྙིག་མའི་སྟོན་པ་གཉིས་པ་ཞིག་འབྱོན་པར་འདུག་གསུངས་པ་དང་། དེ་རྣམས་ཟེར་བ་མཐུན་པར་གདའ་གསུང་ངོ། །དེ་ནས་མཆོག་གི་སྤྲུལ་སྐུ་དེ་ནི་མི་གཞན་གྱི་ཟླ་སྐྱེད་བས་ཁོང་གི་ཞག་སྐྱེད་ཆེ་བ་ཙམ་བྱུང་། ཟླ་བ་བརྒྱད་ནས་ཐམས་ཅད་ལ་འབྱོན་པ་བྱུང་། ཟླ་བ་བཅུ་གཉིས་ནས་སྨྲ་བརྗོད་མཁྱེན་ཞིང་ཤིན་ཏུ་ཀྱང་སྒོམ་པ་དང་། དབང་པོ་རབ་ཏུ་དངས་ཤིང་། གསུང་རབ་ཀློག་པ་དང་འབྲི་བ་དང་། ཡི་དམ་ཆོས་སྐྱོང་གི་མངོན་རྟོགས་རྩ་སྔགས། གཏོར་ཆོག་རྣམས་ནི་སུས་ཀྱང་སློབ་པའི་རྣམ་པར་དང་། དཀའ་སྤྱད་ཅིག་ཀྱང་མ་དགོས་པར་རང་ཤེས་སུ་མཁྱེན་པ་དང་། སྔར་གྱི་བྲིས་རྙིང་གི་ཐང་སྐུ་གཤིན་རྗེ་དགྲ་ནག་གདོང་དྲུག །འཆར་ཀ་ཚེ་བདག་ཁམས་གསུམ་རྣམ་རྒྱལ་ལ་སོགས་པའི་བྲིས་ཐང་དུ་བས་ནོག་པ་མང་བ་ཡོད་པས། སྔར་གྱི་ཡབ་མེས་རྣམས་ཀྱི་ཐུགས་དམ་ཐང་སྐུ་ཡིན་པས་


PS001_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་རྩམ་བྱས་ནས་བཞག་པ་མ་གཏོགས། དེ་དག་ལྷ་གང་ཡིན་དང་། རིགས་གང་ཡིན་སུ་ལའང་རྒྱུས་མེད་པ་ལ། མཆོག་གི་སྤྲུལ་སྐུས་ནི། ཐང་སྐུ་དེ་རྣམས་ཞལ་ཕྱེ་ནས་རེ་རེ་ནས་འདི་རྣམས་ལྷ་འདི་ཡིན་པ་གསུངས་ནས་དེ་ཐམས་ཅད་རེ་རེ་ནས་ངོ་མཁྱེན་པས་སྨྲས་སོ། །དྲུང་གི་ལེགས་པར་གཟིགས་པས། མཆོག་གི་སྤྲུལ་སྐུའི་གང་གསུང་པ་དེ་རྣམས་ཡིན་པར་འདུག་པས་ཤིན་ཏུ་དགེས་ཤིང་། དེ་དག་ཐམས་ཅད་མི་ཕྱེད་པའི་དད་པར་གྱུར་ཞིང་ཡ་མཚན་དུ་གྱུར་པ་དང་། ཁྱད་པར་དུ་མེས་པོ་དྲུང་གིས་མཚན་པདྨ་སྲི་གཅོད་རྡོ་རྗེ་ཕུལ་བ་ཡིན་ཡང་། མི་རྣམས་ཀྱིས་མཚན་མགྱོགས་བཅོས་སུ་བྱས་ནས། དབོན་པོ་སྲི་གཅོད་ཞུ་བ་བྱུང་བས། མཚན་ནས་བོས་པའི་ཚེ། དེ་ལ་མི་དགེས་པའི་ཚུལ་མཛད་ནས། ངའི་མིང་ནི་བླ་མ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཟེར་བ་ཡིན། དབོན་པོ་སྲི་གཅོད་སུ་ལ་ཟེར་ང་ལ་དེ་སྐད་མ་ཟེར་ཅིག་གསུང་ནས། མཚན་ནས་བོས་ན་མི་མཉེས་ཤིང་། ཨ་ལན་


PS001_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་མཛད་པ་སོགས་བྱུང་ནས། དེ་སྐབས་ཀྱི་མི་རྣམས་ནི། བླ་མ་ཀུན་དགའ་གྲོལ་མཆོག་བྱ་བ་བླ་མའི་མཚན་སྔར་ཐོས་མ་མྱོང་ཟེར་ནས་ཡ་མཚན་དུ་གྱུར་ཏེ། དེ་ནས་མི་རྣམས་ཀྱི་དྲི་བ་ཞུས་པས། དེ་རྣམས་ལ་ཐོགས་པ་མེད་པར། སྐུ་ཚེ་སྔོན་གྱི་གནས་ཚུལ་དང་། སྦྱིན་བདག །གྲྭ་རིགས། དགོན་གནས། ཕྱག་རྫས་ཀྱི་སྐོར། དབང་རྫས། རྟེན་རྫས། མཆོད་རྫས་ལ་སོགས་པ་གང་ན་ཅི་ཡོད་པ་རྣམས་དང་། ཉེ་གནས་དཔལ་འབྱོར་ཀྱི་ཕྱག་ཕྱི་ཞུ་ནས། སྣ་དཀར་རྩེར་ཕེབས་པས། སྡེ་པ་བརྟེན་འཛིན་པས་ཚོགས་འཁོར་རྒྱ་ཆེན་པོ་ཞུས་པ་དང་། དེ་ནས་རང་རིན་སྤུངས་ཀྱི་ཕྱོགས་འདི་མུན་པ་ནག་པར་འདུག་པ་དང་། འབྲང་གི་ལ་རི་དི་འོད་གསལ་ཆེ་བར་འདུག་པས། དེར་ངེད་གཉིས་ཀྱིས་ཡོང་ནས་ལ་ཁར་སྣ་དཀར་རྩེའི་འཁྱོས་མ་རྣམས་བཞེས་ལྷག་མ་རྣམས་དེ་ཁར་སྤུངས་ནས་བཞག་ཡོད། དེ་ནས་ལ་བབས་ནས་འོང་བའི་ཚེ། ཡུམ་གྱི་ཕྱུགས་ལ་ཆུ་བླུད་ནས་ཟུར་ཀ་རྒྱབ་ནས་ཕར་གཤེགས་སོང་པ། བདག་གིས་རྒྱུག་ནས་ཡུམ་གྱི་ན་


PS001_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་ལ་འཇུས་ནས་ཡོད་པ་ཡིན། ཉེ་གནས་དཔལ་འབྱོར་གྲོང་ཕ་གི་ལ་སོང་བ་ཡིན་གསུང་ནས་ཕྱག་མཛུབ་བཙུགས་སྟེ་སྟོན་པ་སོགས་མཛད་པ་དང་། བདག་གི་ཉེ་གནས་གཞན་མ་དྲུང་ཀུན་ཆོས་པ། མཆོད་གྲོགས་གཞུང་པ། དཔལ་བ་ལ་སོགས་པའི་གྲྭ་པ་རྣམས་དང་། རྟ་དྲེལ་རྣམས་ཆོས་ལུང་ན་ད་ལྟ་ཡོད་གསུང་པ་སོགས་ཀྱི་གླེང་མོ་ཞིབ་པར་གནང་བས། སྤྱིར་གྱི་ཕུ་དྲག་པའི་མི་མཐོང་མྱོང་ཆུང་བ་ནི་ཀུན་གྱི་ཆོས་ལུགས་ཡིན་ཞིང་ཁྱད་པར་འབྲང་པུ་མདའི་མི་རྣམས་ནི་ཕུ་དྲག་གི་མི་དང་། ཕུ་དྲག་གི་ཆུའི་དཔེར་སོང་ནས་གོ་ཤེས་ཆུང་བ། མ་བཅོས་པའི་བྱ་བ་ལྷུག་གྲོལ་དུ་གནས་པ། སྡི་སང་དང་། རྣམ་དཔྱོད་ཀྱི་དྲི་མས་མ་གོས་པ། ཕུ་གང་ལ་དང་། མདའ་ཐེན་པ་བྱེད་པའི་དཔེ་ལྟར། མཐོང་མྱོང་ཆུང་བ་ནི་འབྲང་གི་མི་རྣམས་ཀུན་གྱི་ཆོས་ལུགས་ཡིན་པས། དེ་དག་རྣམས་ཐོས་མ་མྱོང་བ་འདི་ཡ་རེ་མཚན། འདི་ཡི་ལབ་ལབ་མང་ལུགས་དང་། སྐུ་སྐྱེད་ཡོང་སྟོངས་སོགས་གང་ལ་དཔགས་ན། ལྷ་བུ་ཆད་པ་ཞིག་ཡིན་པ་འདྲ།


PS001_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནང་གི་སྦུག་ཏུ་བཞུགས་ཕྱི་ལ་མི་གཏོང་ཟེར་ནས། ནང་རང་དུ་སྦས་ཐབས་ཀྱི་སྒོ་ནས་སྐྱེད་བསྲིངས་སོ། །དེ་ནས་རེ་ཞིག་ན་ཚོགས་པ་དགེ་འདུན་སྒང་པའི་མཆོད་གཞིས་འབྲང་སྣ་བཞི་རུ་ནས་གཉེར་བ་གཅིག་ཡོད་པའི་ནང་ནས། དཔལ་གནས་ཆོས་མཛད་བྱ་བ་ཅིག་ཁམས་ཅུང་ཟད་མི་བདེ་བས་ཁོང་གཉིས་འབྲང་ཕུར་སྨན་ཞུ་བ་དང་། རྩ་ཡུལ་སྤྱན་སྔར་ཕེབས་པར་བྱུང་བས། དེ་སྐབས་མེས་པོ་རིན་པོ་ཆེ་དང་ཨ་ཁུ་ལགས་ཀྱི་སྨན་དཔྱད་ལ་མངའ་ཤིན་ཏུ་མཉེས་པས། ཁོང་ཇོ་གདན་པ་གཉིས་ནང་དུ་བོས་ནས་བཞི་ལེན་རྒྱས་པར་མཛད་པ་དང་། སྨན་སོགས་གནང་ནས་ཡོད་སྐབས། མཆོག་གི་སྤྲུལ་སྐུ་དེ་ནི་རྒྱུན་དུ་མི་ཀུན་ལ་ཆོས་ཀྱི་ཆེ་བ་དང་། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ། དལ་འབྱོར་སྙེད་དཀའི་ཆོས་དང་། ཡང་དབང་རྗེས་གནང་སོགས་གནང་བ་ཅིག་ཡོད་པ་དེ། ཁོང་གཉིས་ཀྱིས་མཐོང་བ་ན། ཁོང་གཉིས་ནི་ཡ་མཚན་དུ་གྱུར་ནས་ཕྱག་འཚལ་ཞིང་བྱིན་རླབས་ཞུས། །འདི་ནི་རྗེ་བཙུན་བླ་མ་ཀུན་དགའ་གྲོལ་མཆོག་པའི་


PS001_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྐྱེ་གསལ་བར་འདུག །འདི་ནི་དབུས་གཙང་གི་སྡེ་དཔོན། ཆོས་སྡེ་སྣང་ཆེ་བའི་བླ་མ་ཡིན། ངེེད་དགེ་འདུན་སྒང་པ་རྣམས་བླ་མ་དེ་ལ་མི་ཕྱེད་པའི་དད་པ་ཡོད། བླ་མ་དེ་ཀའི་ངེད་ཚོགས་པ་རྣམས་ལ་གསུང་ཆོས་མང་དུ་གནང་བ་ཡིན། ངེད་གཉིས་པོས་ཀྱང་གསུང་ཆོས་མང་པོ་ཐོབ་ཟེར་ནས། ཡབ་ཡུམ་རྣམས་ལ་རྗེ་གོང་མའི་ལོ་རྒྱུས་མང་དུ་ཞུས། འདི་བླ་མ་གཞན་དང་མི་འདྲ་བས་ངེད་རང་ཚོ་བསོད་ནམས་ཆེ་ཟེར་ནས་སོང་ངོ་། ཁོང་གཉིས་ཀྱི་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ལོ་རྒྱུས། །རྒྱས་བཤད་དུ་བྱུང་བ་མ་གཏོགས། སུ་གང་གི་ཡང་ངོ་མི་ཤེས། དེ་ནས་ཡབ་རྣམ་རྒྱལ་ཕུན་ཚོགས་བྱ་པའི། ཡི་དམ་གཤིན་རྗེ་མཐའ་དག་དང་། བཀའ་བརྒྱད་སྐོར་དང་ཕྱག་རྡོར་རྣམས་ལ་འདྲིས་ཤིང་ཁྱད་པར་དུ་མ་ནིང་ལ་གྲངས་བསྙེན་མང་དུ་སོང་ཞིང་། མ་ནིང་གི་ཞལ་ཡང་ཡང་གཟིགས་པ་མཐུ་ནུས་ཆེ་བ། མདོར་ན་དྲག་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་པ་ལ་འཇིག་རྟེན་གྱི་བྱ་བ་མི་མཁྱེན་པ་མ་བཅོས་


PS001_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁུངས་དོགས་པ། བུ་དུང་ཆེ་བ་གཅིག་ཡོད་པས། དེའི་གསུང་ནས། ངའི་བུ་གཅིག་པོ་འདི་དཔྲལ་བའི་མིག་དང་འདྲ། འདི་བླ་མའི་སྐུ་སྐྱེ་ཡིན་པ་འདུག་སུ་ཡིས་ཡང་བྱས་བྱུང་ན། རྐུབ་ལ་གཏོར་སྐམ་རླང་པ་ཐུ་ལེ་བ་གཅིག་ཡོད་པ་འདི་མི་རྒྱག་རེ་དཀོན་མཆོག་གསུམ། ངའི་བུ་གཅིག་པོ་འདི། ངེད་རང་གི་བརྒྱུད་པ་གསེར་གྱི་ཕྲེང་བ་ལྟ་བུ་འདི་ཟིན་ནས། ཆོས་རྗེ་ཀུན་དགའ་སེང་གེའི་རྡོ་རྗེ་གདན་འདི་དང་། སྦྱིན་བདག་ཁ་ཤས་འདི་སྐྱོང་དགོས་པ་ཡོད་དོ་གསུངས་ནས། ཐམས་ཅད་ལ་གསང་ནས་བཞུགས། དེ་ནས་ཞག་ཁ་ཤས་གཅིག་ནས། ནམ་ཞིག་ཞལ་ངོ་འཁོར་དང་བཅས་པ་ནང་དུ་གསོལ་བ་ཞིག་གི་སྐབས། ཡར་ལུང་ནས་ཡིན་ཟེར་བའི་རྣལ་འབྱོར་པ་སྐུ་ཤ་སྔོ་སང་ངེ་བ་སྐུ་ལ་རས་དང་སྟག་ལྤགས་ཀྱི་ན་བཟའ་གསོལ་ཞིང་། མི་ཐོད་རློན་པ་ལག་ཏུ་ཁུར་བ། རལ་པའི་ཐོད་བཅིངས་པ་ཞིག །སྒོ་འབྱེད་པ་དང་ཁྱི་འགེགས་པ་སོགས་མ་དགོས་པ་ནང་དུ་ཐལ་བྱུང་བས། ཚང་མ་ཤིན་ཏུ་འཇིགས་ཤིང་སྐྲག་པ་ཞིག་བྱུང་བ་ལ། མཆོག་གི་སྤྲུལ་སྐུ་ནི་ཤིན་ཏུ་


PS001_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དགེས་པར་མཛད་ཅིང་། རྣལ་འབྱོར་པ་དེ་ཡང་མཆོག་གི་སྤྲུལ་སྐུ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ནས། སྔར་འདྲིས་པ་བཞིན་གསུང་གླེང་མང་དུ་མཛད་ཅིང་། གསུང་གླིང་དེ་རྣམས་ཁོ་རང་དཔོན་སློབ་གཉིས་ཤིན་ཏུ་དམར་བ་གདའ། ཞལ་ངོ་འཁོར་བཅས་རྣམས་ཀྱིས་ནི་འབྲུ་གཅིག་ཀྱང་མ་གོ །དེ་ནས་རྣལ་འབྱོར་པ་དེ་ཉིད་ཀྱིས་མཆོག་གི་སྤྲུལ་སྐུ་དེ་ཉིད་ལ། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆོག་གཅིག་ཕུལ། ལྕགས་ཀྱི་ཕུར་བུ་ཁྲུ་གང་པ་གཅིག་ཕུལ་ནས། ཕུར་བུ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡེ་ཤེས་མཚོ་རྒྱལ་ལ་གནང་། དེ་ནས་གནམ་ལྕགས་རྡོ་རྗེ་བདུད་འཇོམས་འདི་བསམ་ཡས་སུ་གཏེར་ལ་བཞུགས་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ལུང་བསྟན་ནས། བླ་མ་གཡུང་སྟོན་པས་གཏེར་ནས་བཏོན། དགྲ་བགེགས་ལན་གསུམ་བསྒྲལ་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཕྱག་ཏུ་ཡུན་རིང་དུ་བཞུགས་པ་ཡིན། འདིས་ནི་བགེགས་དང་ལོག་འདྲེན་གྱི་མི་ཚུགས་པའི་ཕྱིར། སྐུ་ལ་འཆང་བར་ཞུ་ཞུས་ནས་ཕུལ། དེ་ནས་ཡུམ་དྲུང་གི་ཆང་ལེགས་


PS001_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཞུས་པས། རྟེན་འབྲེལ་ལེགས་གསུངས་ནས། མི་ཐོད་རློན་པ་ཤ་ཚལ་ལེ་བ་དེ་བཀང་ནས་ནང་མཆོད་བྱིན་རླབས་མཛད་ནས། མཆོད་སྤྲོ་བར་མཛད་དེ་གསོལ་ནས་ཐེགས་སོང་ངོ་། །རྣལ་འབྱོར་པ་དེ་ནི་སྒོ་ཕྱིར་མ་ཐོན་པ་ལ་མི་སྣང་བར་གྱུར། སྒོ་ཐོན་ནས་མི་སུས་ཀྱང་མཐོང་ཚོར་མ་བྱུང་བ་གདའ། དེ་ཡང་སྤྲུལ་པའི་རྣལ་འབྱོར་པ་གཅིག་ཡིན་འདུག །ཕུར་བུ་དེ་ཡང་མཆོག་གི་སྤྲུལ་སྐུ་ལ་བསྲུང་བའི་ཚུལ་དུ། ཕྱིས་མཁན་ཆེན་ལུང་རིག་རྒྱལ་པོའི་སྤྱན་མ་ཞུས་ཀྱི་བར་དུ་སྐུ་ལ་འཆང་། དེ་ནས་ཕུར་བུ་དེ་འབྲང་ཕུ་དགོན་པར་བཞུགས་པ་ནི། ད་ལྟ་མཆོད་ཁང་གི་ནང་རྟེན་གྱི་ཁྲོད་ན་བཞུགས་པ་འདི་ཡིན། གང་ལྟར་མཆོག་གི་སྤྲུལ་སྐུ་ཉིད་ནི་ངན་ལོང་རྣམས་ལ་བྱམས་ཤིང་། མི་རྣམས་ཐམས་ཅད་ལ་ཁོ་རང་རྣམས་དང་འབྲེལ་བའི་སྒོ་ནས། གང་ལ་གང་མཚམས་ཀྱི་ཆོས་དང་། སངས་རྒྱ་བའི་གདམས་ངག་རང་སྟོན་པ་དང་། བྱིས་པ་རྣམས་ལ་བྱིས་པ་དང་མཐུན་པའི་ཆོས་རྣམས་སྟོན་པ་དང་། མི་རྒན་རྣམས་ལ་མི་རྒན་རང་དང་མཐུན་པའི་ཆོས་སྟོན་པ་དང་།


PS001_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་རང་རང་དང་མཐུན་པའི་ཆོས་བསླབ་བྱ་དང་ཆོས་འབྲེལ་གནང་བ་གཅིག་བྱུང་། སེམས་ཅན་བྱོལ་སོང་རྣམ་ལ་སྙིང་རྗེ་ཆེན་པོའི་སྒོ་ནས། བྱིན་རླབས་དང་སྲོག་ལས་སྐྱོབས་པ་མང་དུ་མཛད་དོ། །བཟོ་དང་གསོ་བ་ལ་སོགས་པའི་རིགས་མཐའ་དག་ལ་མངའ་བརྙེས་པ་བྱུང་། མཆོག་གི་སྤྲུལ་སྐུ་དེ་མི་ཀུན་གྱི་ཡ་མཚན་དུ་གྱུར་པའི་ལེའུ་སྟེ་གཉིས་པའོ། ༈ །ན་མོ་གུ་རུ། སངས་རྒྱས་ཀུན་གྱི་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །རིགས་རྣམས་ཀུན་གྱི་བདག་པོ། །མཐོང་ཐོས་དྲན་རེག་རྣམས་ཀྱི་དེད་དཔོན་ཆེན་པོ། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ་འགྲོ་བའི་མགོན་པོ་དེ་ནི། དགུང་ལོ་གསུམ་དང་ཟླ་བ་ཕྱེད་དང་དྲུག་བཞེས་པའི་སྐབས། ཉིན་གཅིག་ཉི་མ་སྔ་ཕྱེད་ཙམ་ལ་ཆོས་རྗེ་བསྟན་འཛིན་པའི་བང་ཆེན་པ་ཡིན་ཟེར་བའི་གྲྭ་པ་གཉིས་བྱུང་སྟེ། འདི་ན་ངེད་དཔོན་སློབ་ཀྱི་བླ་མ་དམ་པའི་སྐུ་སྐྱེ་འཁྲུངས་ཡོད་འདུག་པ། དེ་ཡིན་མིན་གཟིགས་པ་ཆོས་རྗེ་བསྟན་འཛིན་ཉི་མ་བཟང་པོ་ཕེབས་ཀྱིན་ཡོད་དོ། །དེ་ཁའི་ཁྱོད་ཞལ་ངོ་གང་དུ་མི་ཐེག་པ་ཞུ་ཟེར་


PS001_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྔ་འགྲོས་པ་ཞིག་བྱུང་། མཆོག་གི་སྤྲུལ་སྐུའི་ཞལ་ནས། ད་ངོས་འཛིན་པའི་སྐལ་པ་ཁོ་ལ་མེད་དེ། ཐོག་མར་བསྟན་འཛིན་ཉི་མ་བཟང་པོ་བྱ་བ། ཁོ་བོ་རྟེན་འབྲེལ་བཟང་བར་ཤར་ཏེ། བདག་གི་རྩར་ཐོངས་ཤིག་གསུངས། དེ་ནས་ཉི་མ་སྔ་ཕྱེད་ཙམ་དགོན་གནས་མཐོང་སར་རྒྱ་གླིང་དང་དུང་དཀར་གཏོང་གིན་བྱུང་བས། དེ་ཡང་རྟེན་འབྲེལ་ལེགས་གསུངས། དེ་ནས་ཁོང་དཔོན་སློབ་རྣམས་བླ་བྲང་དུ་ཕེབས་ནས། ཁོ་རང་ལ་བཞུགས་ཁྲི་ཆེ་བ་ཅིག་བྱས། མཆོག་གི་སྤྲུལ་སྐུ་ལ་ཁོ་རང་གི་གཡས་སུ་གདན་དང་བཅས་པའི་བཞུགས་ཁྲི་ཅིག་གི་སྟེང་དུ་བཞུགས། ཕྱག་འཚལ་བ་ནི་མ་བྱས། ཇ་ཡང་ཁོ་རང་སྔོན་དུ་གསོལ། དེ་ནས་ཆོས་རྗེ་བསྟན་འཛིན་པས་མཆོག་གི་སྤྲུལ་སྐུ་ལ་དྲི་བ་སོགས་གང་ས་ནས་ཞུས་རུང་། མཆོག་གི་སྤྲུལ་སྐུ་ནི་ངེད་བླ་མ་ཡིན། ང་བས་སྤྲོས་པ་མིན་པ་ལ་ཁོ་རང་ཁམས་ཆེ་རུ་བྱེད་པ་ནི་དགའ་པོ་མིན་པ་འདུག་དགོངས་ནས། མི་མཉེས་པའི་ཚུལ་མཛད་ནས་བཀའ་ལུང་ཆེན་པོ་མི་གནང་བས། ཡང་ཆོས་རྗེ་བསྟན་འཛིན་པས་སྒོམ་ཆུང་


PS001_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་ཙནྡན་དམར་པོའི་ཌཱ་མ་རུ་གཅིག་བཏོན་ནས། འདི་ཁྱོད་ཀྱི་ངོ་ཨེ་ཤེས། འདི་གང་ཡིན་པ་གདའ་ཞུས་པ། མཆོག་གི་སྤྲུལ་སྐུའི་ཞལ་ནས་དེ་ལོས་ཤེས། དང་པོ་ངེད་རང་གི་ཡིན་པ་ལ། ཁྱོད་ཀྱི་བྱང་སྟག །བདེ་མཆོག་དུས་འཁོར། འཇིག་བྱེད་སོགས་ཀྱི་དབང་ཞུས། རྟེན་འབྲེལ་དང་བྱིན་རླབས་ཡིན་པས་བདག་ལ་བླ་ཆས་འོས་རིགས་དགོས་ཚུལ་ནན་གྱི་བྱུང་བས། དེ་དུས་ངེད་ཀྱི་བླ་ཆས་ཞིག་བྱིན་པའི་ནང་ཙནྡན་གྱི་ཌཱ་མ་རུ་དེ་ཡིན་པ་འདུག་གསུངས་པས། དེ་གཅིག་པོས་ཡིད་ཆེས་ནས་ཕྱག་འཚལ། རས་དར་གྱི་འབུལ་བ་དགུ་ཚན་གཅིག་ཕུལ། ཡུམ་ལ་ལྔ་ཚན་གྱི་ལྔ་ཚན་གཅིག་ཕུལ་ནས་ཁྱོད་ཀྱི་སྔོན་ཆད་གཙང་སྦྲ་ཐོན་པོ་བྱུང་འདུག །ད་རུང་སྔར་བཞིན་གྱི་གཙང་སྦྲ་ཐོན་པ། སྐས་ཁ་སོགས་ལ་སྐུ་རྦབ་མ་བྱུང་བ་མཛད་དགོས་འདི་ངེད་ཀྱི་བླ་མ་ཡིན། ད་ལྟ་སྤྱན་འདྲེན་སྔས་འོང་བ་གདའ། བདག་ཁ་རག་ལྗང་དུ་རབ་གནས་ཞིག་ལ་ཞག་གཅིག་སྡོད། དེ་ནས་ཆུ་བོ་རི་དང་གོང་དཀར་ཕྱོགས་ལ་འགྲོ། དེ་ཚོ་ཟླ་བ་ཁ་རེ་


PS001_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་དགོས་ཤས་ཆེ། དེ་ནས་སླར་སྐུ་དྲུང་རིན་པོ་ཆེར་ཡོང་ངོ་གསུངས་ནས་ཐེགས་སོང་ངོ་། །དེ་མ་ཐག་ཏུ་ཡབ་དྲུང་པ་ནི་ཤིན་ཏུ་མ་མཉེས་ཏེ། ངའི་བུ་ཆུང་ལྷ་ཕྲུག་འདྲ་བ་འདི་ལ་ཁོང་མ་ཎི་བར་སོང་བས། ཟ་འདོད་ལང་པ་གཅིག་ཡིན་ནི་གསུང་ནས། འབུལ་བ་དར་དཀར། གཟན་ལོགས་པ་གཅིག །རས་ཡུག་དཀར། དཀར་ཡོལ། སྣམ་དཀར་བུབ་གཅིག་རྣམས་བསྣམས་ནས། ཁོང་གི་རྗེས་ལ་ཐོན་ནས། ཆོས་རྗེ་བསྟན་འཛིན་པ་ཆིབས་ལ་འབྱོན་ཁར། ཡབ་དྲུང་གི་ཆོས་རྗེ་བསྟན་འཛིན་པ་ལ་འབུལ་བ་མཛད་ནས། ངེད་རྭ་ལོ་ཙ་བ་རྡོ་རྗེ་གྲགས་ཀྱི་བརྒྱུད་པ་གསེར་གྱི་ཕྲེང་བ་ལྟ་བུ་ཟམ་མི་འཆད་པ་འདི་དགོན་གནས་ཐབས་ཤེས་ཟུང་དུ་འབྲེལ་བ་འདིར་གསང་སྔགས་ཀྱི་བསྟན་པ་འཛིན་ཞིང་། དད་པ་དང་དམ་ཚིག་དང་ལྡན་པའི་སྦྱིན་བདག་རྒྱ་ཆེར་བ་ཡོད་པས། འདི་རྣམས་སྐྱོང་དགོས་པ་ཡོད་པས། ད་ལྟ་ངེད་རྒས་རྒན་ཤ་བའི་རྭ་ཅོ་འདྲ་བ་ཁ་ཅིག་ལ། བརྒྱུད་འཛིན་དཔྲལ་བའི་མིག་ལྟ་བུ་འདི་ཀ་ཡིན། གཅིག་པོ་འདི་གོང་དུ་ཞུས་


PS001_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་མི་གནང་བ་ཞུ། བུ་ཆུང་གཅིག་པོ་འདི་གར་དགོས་པ་ཡོད་པས། ཁྱོད་ཀྱི་བླ་མའི་སྐུ་སྐྱེ་ཡིན་པའི་འཕྲོས་མི་གནང་བ་ཞུ་ཞུ། དེའི་ཞུ་རྟེན་དུ་འབུལ་བ་འདི་རྣམས་མཛོད་གསུངས་པས། ཆོས་རྗེ་བསྟན་འཛིན་པའི་གསུང་ནས། ཁྱོད་དེ་འདྲ་མི་གསུང་བ་ཞུ། ཁྱོད་ཀྱི་བརྒྱུད་འཛིན་ད་རུང་ལོས་ཡོང་། སྐུ་ན་གཞོན་པར་གདའ་བ། ད་ལྟ་འདི་ནི་རྗེ་བཙུན་བླ་མ་དམ་པའི་སྐུ་སྐྱེ་གསལ་བ་ཡིད་ཆེས་པ་རང་གདའ། འདི་ཉིད་རང་ཚོས་སྐུ་སྐྱེ་མིན་བྱས་པས་བྱུང་དོགས་མེད། ཁྱོད་རང་ཞལ་ངོ་རྣམས་ཀྱང་ཕུན་སུམ་ཚོགས་པར་ཡོང་། འབྲང་ཞེས་པའི་ཕུ་འདི་ཙམ་ཞིག་ཁྱོད་ཡབ་ཡུམ་གྱི་ཕྱག་ཏུ་བླ་མ་དམ་པའི་སྤྲུལ་སྐུ་སྤྱན་འདྲེན་པའི་བསླུ་ཡོན་འབུལ་རྒྱུ་ཡོད་པ་རེད་ད་ལམ་བདག་གི་ཁ་རག་ཏུ་ཞག་ཅིག་མལ་ཞིག་བསྡད་ནས། འཕྲལ་དུ་གོང་ཀར་དུ་ཕྱིན་ནས། བླ་མ་དམ་པའི་སྤྲུལ་སྐུ་སྤྱན་འདྲེན་པ་དང་། བསླུ་ཡོན་དུ་མི་ཟེར་འདི་རྣམས་ཀྱི་རྒྱུ་མཚན་འབུལ་དུ་འགྲོ། །དར་ཅིག་ལ་ཁྱོད་རང་གི་ཐུགས་འདོད་ཀྱང་ཡིན་ལ། དགོས་པ་ཞིག་ཀྱང་འདུག་པ།


PS001_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་སྐུ་སྐྱེ་ཡིན་པ་ཕྱི་ནང་ཐམས་ཅད་དུ་གསང་བར་ཞུ། ངེད་རྣམས་ཀྱང་གསང་ངོ། །ཕུག་བླ་མའི་སྐུ་སྐྱེ་མིན་བྱས་ནས་གསང་པས་ངེད་རང་ལས་མི་ཐུས། །དར་ཅིག་ངེད་རང་ཚང་མས་གསང་གསུང་ནས། ཡབ་ཀྱི་ཕྱག་ནས་ཅང་ཅང་མང་དུ་མཛད་ནས་ཐེག་སོང་ངོ་། །དེ་བཞིན་ཁ་རག་རྫོང་དུ་ཡང་། ཁོང་རྫོང་དཔོན་རྣམ་གྱིས་ཀྱང་སྐུ་སྐྱེ་ངེས་ཤེས་འབྲོང་གི་དྲི་བ་མཛད་འདུག་པས། ཡབ་དྲུང་དང་གསུང་ཆད་མཛད་པ་ལྟར། ད་ལམ་བདག་གི་ལམ་ཞོར་ལ་འདུག་པ་དང་། རྣ་ཐོས་ལ་གསུང་ཆོས་དང་། དབང་རྗེས་གནང་སོགས་སླབས་མི་དགོས་པར་རང་ཤེས་སུ་འདུག་ཟེར་བའི་སྙན་གྲགས་བྱུང་བས་ན། ཚུར་ལམ་ཞིག་བལྟས་པ་ཡིན་ཡང་། དེ་སྐྱེས་བུ་ཆེན་པོ་གཞན་དང་མི་འདྲ་བ་ཅིག་ཡིན་པ་འདུག་ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་ཡིན་ཟེར་བའི་གསལ་བ་ནི་མི་འདུག །བླ་མ་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་རང་ནི་མིན་པ་འདུག་གསུང་ནས་ཐམས་ཅད་ལ་གསང་ནས་བཞུགས་འདུག །དེ་ཁའི་དབུས་ཕྱོགས་


PS001_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡེ་དཔོན་རྣམས་དང་གྲྭ་རིགས་ཚང་མ་ཐུགས་འཚོམ་པ་བྱུང་ནས། ངོས་འཛིན་ཆེ་འདུན་འགྱངས་པ་གཅིག་བྱུང་། དེའི་ངང་ནས་ཡུན་མི་རིང་བ་ནས་འདུག །མཁན་ཆེན་ལུང་རིགས་རྒྱ་མཚོས་ངོས་འཛིན་དང་སྤྱན་འདྲེན་ཞུས་སོང་ཟེར་ནས་ཀུན་ལ་གྲགས་པས། ཆོས་རྗེ་བསྟན་འཛིན་པ་ནི་ཞལ་སྐྱེང་པ་སྤྲེའུ་ཤིང་འབྲས་གཞན་གྱི་དཔེ་ལྟར་བྱུང་། ཁོང་ཞལ་སྐྱེང་པ་ཆེན་པོ་བྱུང་བའི་སྟབས་ཀྱིས། དེ་ནི་རྗེ་བླ་མའི་སྐུ་སྐྱེས་མིན་ནོ་ཞེས་པའི་གླེང་ཆེན་པོ་བཅུག་གོ་ཆོས་རྗེ་བསྟན་འཛིན་པ་ངོས་འཛིན་དང་མཇལ་ཁ་ཞུས་པའི་ལེའུ་སྟེ་གསུམ་པའོ། ༈ །ན་མོ་གུ་རུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་རིགས་རྒྱ་མཚོ་དེ་ཉིད། དཔལ་འཁོར་ཆོས་སྡེ་ཆེན་པོའི་བླ་བྲང་སྐོར་ན་བཞུགས་པའི་སྐབས། སྟག་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན། དཔལ་འཁོར་ལོ་སྡོམ་པའི་ཆོ་ག་མཛད་པའི་ནུབ་མོ། །མནལ་ལམ་དུ་རྗེ་བཙུན་དེ་ཉིད་དང་ཞལ་མཇལ་ཞིང་། དགེས་པའི་ཞལ་འཛུམ་བག་དང་གསུང་གླེང་དངོས་འཇལ་གྱི་དགའ་


PS001_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དཔག་ཏུ་མེད་པ་མཛད་བྱུང་། ཐོ་རངས་བུད་མེད་རྒྱན་གོས་འཆོར་བ་སོགས་མང་པོས། ནམ་མཁའ་ལ་དགྱེས་པའི་གར་བསམ་ལས་འདས་པ་བྱེད་ཅིང་། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དཔལ་ནག་པོ་སྤྱོད་པ་འགྲོ་བ་སེམས་ཅན་གྱི་དོན་ལ་བྱོན་པ་དེ་ནི། ལྷའི་ཡུལ་གྱི་བྱེ་བྲག །དཔའ་བོ་དང་མཁའ་འགྲོ་མའི་འདུས། རྒྱ་བོད་ཀྱི་མཁས་གྲུབ་དུ་མ་བརྟེན་པའི་གནས། ཁ་རག་འབྲང་གི་ཕུ་ན་བྱོན་པ། ལུང་རིགས་རྒྱ་མཚོ་ཁྱོད། །མཚན་ལྡན་བླ་མའི་ཞབས་དྲུང་དུ། མྱུར་བ་ཉིད་དུ་གཤེགས་པར་འཚལ། ཞེས་མགྲིན་གཅིག་ཏུ་ཟེར་རོ། །དེ་མ་ཁད་དུ་མནལ་ཡང་སད་པར་བྱུང་བ་དང་། ནམ་ལང་འདུག །སྐུ་ལུས་སྔར་དང་མི་འདྲ་བའི་བདེ་བ་ཆེན་པོས་གང་བ་དང་། ཐུགས་དགའ་སྤྲོ་བརྗོད་མི་ཤེས་པ་ཅིག་བྱུང་བས། བདག་གི་བླ་མ་དེའི་སྤྲུལ་སྐུ་ཞིག་ཅིག་ན་བྱོན་ཡོད་པ་ཐག་ཆོད་འདུག །མདང་རྨི་ལམ་ལ་བྱུང་བའི་བུད་མེད་རྣམས་མཁའ་འགྲོའི་ལུང་བསྟན་ཅིག་ཡིན་པ་གདའ་དགོངས་ནས་ཐུགས་དམ་གྲོལ་བ་དང་། སྔར་དང་མི་འདྲ་བའི་སྐུ་ལུས་


PS001_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སོ་སོར་བྱེད་ཅིང་། རབ་གསལ་དུ་ཕེབས་པ་དང་། ཉི་མ་ཤར་བ་དང་། གསོལ་དཔོན་གྱིས་གསོལ་ཇ་ཁྱེར་བ་དང་། སྡེ་བ་སྣ་དཀར་རྩེ་བའི་བང་ཆེན་ཞུ་ཤོག་རྟེན་དང་བཅས་པ་འབྱོར་བ་དུས་མཉམ་དུ་བྱུང་བས། སྣ་དཀར་རྩེ་པའི་ཞུ་ཤོག་ལ་གཟིགས་པའི་འབྲང་ཕུ་ན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་ཡིད་ཆེས་ཤིང་གསལ་ལ་ངེས་པ་འདྲོངས་པ་གཅིག་འདུག་པ་སོགས་ཀྱི་རྒྱས་བཤད་དུ་འདུག་པ་ཁོང་བང་ཆེན་པ་གཉིས་སྐུ་གཞོག་སུ་བཏང་ནས། འབྲང་ཕུའི་དྲི་བ་གནང་བས། །བང་གཉིས་ཀྱི་འབྲང་ཕུའི་གནས་ཚུལ་རྣམས་ཞུས་པས་དེ་དང་དང་པོ། །མཁན་ཆེན་རང་ལ་ཞལ་གདམས་དང་། ཡུལ་བཀོད་ཤོག་ཁྲ་ཞིག་གནང་ཡོད་པ་དང་མཐུན་བྱུང་བས། མཁན་ཆེན་ཆར་འདོད་བྱེའུའི་འབྲུག་སྒྲ་བཞིན། དགའ་བ་བརྗོད་ཀྱི་མི་ལང་། བ་སྤུ་གཡོ་བ་ཞིག་བྱུང་ཞིང་། མཁན་ཆེན་པའི་གསུངས་ནས་མདང་རྨི་ལམ་དུ་ཡང་བདག་གི་བླ་མ་དང་མཇལ་བ་རྨི། ད་ནང་ནང་པ་ནས་རྟེན་འབྲེལ་སོགས་ཤིན་ཏུ་ལེགས། སྡེ་བ་བསྟན་


PS001_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཞེས་པའི་མིང་བཀྲ་ལེགས་པ་འདི་དག་གི་བདག་ལ་བླ་མའི་ལུང་བསྟན་མཛད་པ་འདི་རྟེན་འབྲེལ་སོགས་འདི་ལྟ་བུའི་ལེགས་པ་གསུང་ཤིན་དུ་དགྱེས་པར་གྱུར། དེའི་ཉིན་རང་གཙང་བྱང་གི་གྲྭ་རིག་སྦྱིན་བདག་ཆེ་ཕྲ་རྣམས་ལ། མི་སྣ་སྤྲུལ་པའི་ཕོ་ཉ་ལྟར་བཏང་། དེ་དག་རྣམས་ནས་ཀྱང་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་གྱི་མི་སྣ་རྟ་བ་དཔོན་གཡོག་ལྔ་དྲུག་རེ་དང་། ཡབ་ཡུམ་རྣམས་ལ་འབུལ་བ་དང་བཅས་སོ་སོ་ནས་བྱུང་། མཁན་ཆེན་དཔོན་སློབ་ཀྱི་དབུ་མཛད་པའི་གཙང་བྱང་གི་གྲྭ་རིག་སྡེ་དཔོན་སོ་སོའི་མི་སྣ་དང་བཅས་པའི་རྟ་པ་བརྒྱད་ཅུ་རྩ་ལྔ་ཙམ་རང་རང་སོ་སོའི་ཡོ་བྱད་དང་། འཁོར་བུ་རྟ་མང་པོ་དང་བཅས་ཧོར་ཟླ་དགུ་པའི་ཡར་ཚེས་བཟང་པོ་བིས་སྤོན་གྱིས་འབྲུ་སྦྱོར་ལ། རྒྱལ་འཁོར་རྩེའི་དཔལ་འཁོར་བདེ་ཆེན་ནས། འབྲང་གི་ཕུ་ལ་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་པ་ཆས་སོ། །སྣ་དཀར་རྩེར་ཞག་ཅིག་མལ་ཞིག་མཛད། འབྲང་བུར་སྔ་མགྱོག་རྟ་བ་གཉིས་བཏང་ནས། དེའི་ནུབ་ཡར་གཟིགས་སུ་ཕེབས་རྒྱུ་ལ། ཁོང་སྔོན་འགྱོག་བ་རྣམས་ཀྱི་འབྲང་བུར་བྱོན།


PS001_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་པ་དཔོན་སློབ་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་ཕེབས་ཀྱིས་ཡོད། འདི་ཚོར་སྙན་འབུལ་ཞུ་རུ་ཡོང་བ་ཡིན། ད་ལམ་ཁོང་དཔོན་སློབ་ཤིན་དུ་མང་བ་རང་ཡོད། དོ་ནུབ་ཡར་གཟིགས་སུ་ཕེབས་རྒྱུ་ཡིན་སོགས་འདིར་སྔ་བར་ཕེབས་པ་ཡོད། དེ་ཁའི་གྲབ་ཤམས་གནང་དགོས་ཟེར་བས། ཡབ་ཡུམ་རྣམས་ནི་མ་མཉེས་ཤིང་། ཁོང་དཔོན་གཡོག་མང་པོ་ཞིག་སྒྲིལ་ནས་ངེད་ཀྱི་བུ་ཆུང་འཕྲོག་ཅིས་ཨི་ཡིན། ཁོང་རྟ་ཧྲག་མི་ཧྲགས་ཡོང་ཀྱང་ངའི་བུ་ཆུང་ཅི་ལ་འཕྲོག་རྒྱུ་ཡིན་པ། ཁྱོད་གཉིས་པོ་ཡང་ད་ལྟ་སོང་ལ་འདི་ཚོར་མ་སྡོད་ཅིག །འཕྲལ་དུ་ལོག་པ་དགའ། ང་རང་གི་བུ་ཆུང་འཕྲོག་པ་བྱུང་ན་འདི་ལས་དགྲ་ཆེ་བ་མེད། ཁོང་རང་དཔོན་སློབ་རྣམས་ཀྱང་ངེད་སྔགས་པའི་དགྲ་འདི་མི་དགའ་འམ། ངེད་ལ་ཆོས་སྐྱོང་རི་དྭགས་ལ་ཤ་ཁྱི་ལས་རྦུད་བླ་བ། མཐུ་གློག་དམར་ལས་མྱུར་བ་གཅིག་ཡོད། སུ་དང་གང་གིས་ཀྱང་བརྙས་པ་མ་བྱེད་ཅིག་ཟེར། ཁོང་རྣམས་ལ་ཁྲིམས་གཏམ་མང་དུ་བསྒྱུར་ནས། ད་ལྟ་རང་སོང་ཟེར་ཞིང་གོང་བ་ནས་


PS001_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་ཕྱིར་ཕུད། ལུང་པའི་མི་རྣམས་ཀྱང་བླ་བྲང་བའི་སྲས་འདི་འཁྲུངས། ཡུལ་འདི་བཀྲ་ཤིས་པར་བྱུང་། འདི་ནི་ཕྱིར་ཐེགས་སུ་མི་འཇུག །འདི་ཕྱོགས་གཞན་ལ་ཐེགས་ན་ཡུལ་འདི་ལ་ཡང་ཅི་འདྲ་གཅིག་ཡོང་མི་ཤེས་ཟེར་ཞིང་སྡུག་བསྔལ་བར་གྱུར། ཡབ་ཡུམ་རྣམས་ཤིན་ཏུ་ཡི་མུག་པར་བྱུང་སྟེ་མཆོག་གི་སྤྲུལ་སྐུ་ནི་ཤིན་ཏུ་མཉེས་པས། ལུང་རིགས་པ་ང་ཡི་གྲྭ་བ་དམ་ཚིག་དང་ལྡན་པ་སྨོན་ལམ་དང་འབྲེལ་བ་གཅིག་ཡིན་པས་འདི་ང་ཡི་རྩར་ཕེབས་ཏུ་ཆུག །ཁོང་སྔོན་མགྱོགས་པ་འདི་གཉིས་ལ་ཡང་ནང་དུ་ཁྲིད་ལ་ལྟོ་ཞིག་བྱིན། ཡབ་ཡུམ་རྣམས་ཀྱང་དེ་བཞིན་དུ་སྡུག་བསྔལ་པ་མ་མཛད་ཅིག །བདག་ཀྱང་བདག་རང་གི་དགོན་པ་དང་། གྲྭ་རིགས་རྣམས་དང་། དད་ལྡན་གྱི་འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཟབ་མོ་གཅིག་བྱས་ནས། རྒྱལ་ཁམས་ཐམས་ཅད་ལ་འགྲོ་བ་སེམས་ཅན་གྱི་དོན་དུ་ཉི་ཟླ་ལྟར་འགྲོའོ་གསུངས་ནས་ཡབ་ཡུམ་རྣམས་ཀྱི་ཐུགས་གསོ་ཞིང་། སྤྲོ་སེམས་གཞན་དང་མི་འདྲ་བའི་སྒོ་ནས་ཞལ་བཀོད་མཛད་ཅིང་། ཁོང་སྔོན་འགྱོགས་པ་གཉིས་ལ་ཡང་


PS001_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལན་རྒྱས་པར་གནང་། སང་མཁན་ཆེན་ལུང་རིགས་པ་ལ་བསུ་ཆང་གཅིག་གྱིས་ཤིག་གསུངས་སོ། །སང་ཉིན་དེ་འབྲང་ལ་རུ་ཕེབས་པའི་ཚེ། མི་ལམ་རྒྱུས་པ་རྣམས་ཀྱིས་འབྲང་ཕུ་ཟེར་བ་དེ་འདི་ཡིན་ནོ་འཛུབ་མོ་བཙུགས་པས། མཁན་ཆེན་གྱི་ཕྱག་ན། དེ་སྔ་རྗེ་བཙུན་གོང་མའི་ཞལ་གདམས་དང་ཕྱག་དཔེ་ཤོག་ཁྲ་སོགས་གནང་འདུག་པ་དང་ཨེ་མཐུན་ཞལ་ཕྱེ་ནས་ལེགས་པར་གཟིགས་པས། འདི་གཉིས་ནི་ཐིག་བཏབ་པ་དང་འདྲའོ་གསུང་། འབྲང་གི་ཕྱོགས་ལ་ཕྱག་འཚལ་བར་མཛད་ནས་ཐུགས་དགེས་པར་གྱུར་ཅིང་། དང་པོ་བླ་མ་དམ་པ་དེ་ཉིད་ཀྱིས་བདག་ལ་ཤོག་ཁྲ་སོགས་གནང་བ་དེ་ཅི་ནི་རི་འདིའི་ཁོག་ཤར་གྱི་རི་མཎྜལ་ལྟར་ཡོད་པ། བྱང་རི་ནག་པོ་གནམ་དུ་ལངས་པ་འདྲ་བ། ནུབ་རི་གང་དཀར་པོ་རྒྱལ་བློན་གྱི་ཚུལ་དུ་ཡོད་པ་མེ་ཏོག་པདྨ་ཁ་བྱེ་བ་འདྲ་བ། རྩ་བ་ཆབ་ལ་གནས་པ། ཡུལ་གྱི་ཆུ་ཐམས་ཅད་དབུས་སུ་བབས་པ། རི་ཀླུང་ཐམས་ཅད་སྨན་ལྗོངས་དྲི་ཞིམ་པོས་གང་བ། བྱ་དང་རི་དྭགས་སྣ་ཚོགས་པས་མཛེས་


PS001_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཤིང་ཚེར་མ་ཅན་གྱི་ནགས་ཚལ། རྒྱབ་རི་དར་དཀར་གྱི་ཡོལ་བ་འདྲ་ཞིང་། མདུན་རི་དཔའ་བོ་ཆས་སུ་ཞུགས་པ་འདྲ་བ། གནས་གཞི་བྱ་ངང་པའི་སྒོ་ང་འདྲ་བ་གཅིག་ཏུ་བྱོན་པར་མཛད་པ་ཡིན། ཤོག་ཁྲ་དང་ཞལ་གདམས་གཉིས་ཀ་ནས་འདི་བཞིན་གསལ་བར་གདའ། འདི་ལྟ་བུ་ཐམས་ཅད་མཁྱེན་པ་ཆེན་པོ་འཇིགས་རྟེན་གྱི་ཁམས་ན། ད་ལྟ་ཞལ་མཇལ་གསུང་ཐོས་པ་འདི་རང་རེ་ཚོ་བསོད་ནམས་ཆེ། སྐལ་པ་བཟང་བ་ཡིན། ན་ནིང་ནས་ལྷོ་བདག་པོའི་སྐུ་སྐྱེས་ཆུ་ཤུལ་བ་དེ་ནས་སྤྱན་དྲངས་ཟེར་བ་དེ་ཡང་ཡུལ་འདི་འདྲ་སེ་བ་འདུག་པས། བདག་གི་བླ་མ་དེ་ཁོང་རྣམས་ཀྱི་བླ་མའི་ངོས་འཛིན་བྱས་པ་མིན་ནམ་བསམ། སེམས་མ་བདེ་བ་བྱུང་ཞིང་། བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས། ནུབ་གཅིག་ནམ་མཁའ་ལ་བདག་གི་བླ་མའི་ཆོས་སྐྱོང་ཡིན་ཟེར་བའི་མི་ནག་པོ་རྟ་ནག་པོ་ལ་ཞོན་པ། ལག་ན་མདུང་དར་ནམ་མཁའ་གང་བ་གཅིག་ཀླད་ལ་བསྐོར་ཞིང་། ཧ་ཧའི་གད་མོ་འབྲུག་སྒྲ་ལྟར་སྒྲོགས་པ། ནམ་མཁའ་ལ་མེ་དང་གློག་དམར་རབ་ཏུ་འཁྲུག་པ་གཅིག །ཉི་མ་དབུས་ཀྱི་


PS001_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ན་མཚན་ལྡན་བླ་མའི་སྤྲུལ་སྐུ་བལྟམས་ནས་ཞག་གཅིག་སོང་། དེ་བསྐྱེད་བསྲིང་པའི་བར་ཆད་བསྲུང་པར་འགྲོ་བ་ཡིན་ཟེར་ཤིང་། ས་དང་བར་སྣང་ཐམས་ཅད་གཡོ་བ་གཅིག་བྱུང་བས། བླ་མ་དེ་དང་མཇལ་བ་འདུག་བསམ་བློ་བདེ་བར་བྱུང་། ཁྱད་པར་ཉི་མ་དེ་རིང་ནས་མི་བདག་གི་བསམ་དོན་འགྲུབ་སོང་གསུང་ཞིང་། དགྱེས་པའི་རྣམ་འགྱུར་མང་པོ་དང་བཅས་ཏེ་ལ་བབ་ནས་ཕེབས་པའི་ལ་རྨོངས་ཀྱི། ད་ལྟ་ལ་སྣང་སྟོང་པོར་དྲགས་པའི་མདུན་དུ་ཕེབས་པའི་ཚེ། ཆོས་འཁོར་ལྡིངས་གཟིགས་པའི་ཤོག་ཁྲ་ནས་ཡོད་པའི་སྤུ་ཙམ་གྱི་འཁྲུལ་བ་མི་འདུག །འདི་ལྟར་ཡོད་པ་འདི་ཐམས་ཅད་མཁྱེན་པའི་གཟིགས་པ་ཆེན་པོ་ཡིན་པ་འདུག། དེ་ལྟར་ན་ཁོ་བོ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་གཅིག་ཡིན་པ་གདའ་གསུང་ཞིང་། ཞལ་འཛུམ་མུལ་གྱི་ཤོར་ནས། ཆིབས་བཤོལ་ནས་ཆོས་འཁོར་ལྡིངས་ལ་ཕྱག་མང་དུ་མཛད། ཐལ་མོ་སྦྱར། པུས་མོ་ས་ལ་བཙུག་ཏེ་མཎྜལ་རྒྱས་པ་གཅིག་དང་། ཡན་ལག་བདུན་པ་འཁོར་གསུམ་མཛད། དེ་ནས་


PS001_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་ལྡིངས་པར་ཞབས་རྐྱང་ལ་ཕེབས་པ་ཡིན་ཞིང་། བཀྲ་ཤིས་ཁྲག་ཏུ་ཕེབ་པའི་ཚེ། བླ་བྲང་བསུ་ཆང་། ཆང་རྫའུ་ཤིན་ཏུ་ཆེ་བ་ལྔ། ཇ་བསྟིབ་དྲུག་བྱུང་བས། མཁན་ཆེན་གྱིས་གསུངས་ནས། ཕྱི་ནང་གི་རྟེན་འབྲེལ་ཤིན་ཏུ་ལེགས། ད་སེར་འཕྲེང་དང་རོལ་མོ་སོགས་གྱིས་གསུངས་ནས། དུང་ཆེན་ཆ་གཉིས། དུང་དཀར་ཆ་ཅིག། རྒྱ་གླིང་ཆ་ཅིག །མཁར་རྔ་ལ་སོགས་པའི་རོལ་མོ་མང་པོའི་སྒྲ་དང་བཅས། ཆོས་འཁོར་ལྡིང་དུ་ཕེབས་སོ། །བཞུགས་ཡུལ་གཡུལ་ས་ཆེན་མོ་རུ། གུར་དཀར་པོ་བསམ་ལས་འདས་པ་ལ། ཡོལ་སྐོར་ཕྱི་ནང་མང་པོ་དང་། བླ་རེ། གདུགས་དང་། རྒྱལ་མཚན་དང་། ཐུགས་དང་། དར་ལྕོག་སོགས་བསམ་ལས་འདས་པ་ནི། ལྷའི་ཡུལ་རྣམ་པར་རྒྱལ་བའི་ཞིང་ཁམས་ལྟར། ལོངས་སྤྱོད་མངའ་ཐང་བརྗོད་ཀྱིས་མི་ལང་བར་བྱས་སོ། །རྗེ་བཙུན་སྤྲུལ་སྐུ་དང་། ཆོས་རྗེ་མཁན་ཆེན་པ་གཉིས་ནི། གཅིག་ནི་གཅིག་ལ་འཇུས་ཤིང་། དགེས་པའི་གསུང་གླིང་ཟམ་མི་ཆད་ཅིང་བཞུགས་ཁྲི་ཆེན་པོ་རྒྱ་སྤངས་མཐོ་བ་རེ་རེ་ལ་བཞུགས་སོ། ཆོས་རྗེ་


PS001_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་གྱིས། རྗེ་བཙུན་སྤྲུལ་པའི་སྐུ་ལ་ཕྱག་མཇལ་གསེར་ཞོ་ཉི་ཤུ་རྩ་ལྔ་དང་གོས་དར་སོགས་ཀྱི་དགུ་ཚན་གཉིས་ཕུལ། དེ་སྐབས་མེ་ཏོག་གི་ཆར་བབས་ཤིང་། འཇའ་དཀར་པོའི་གུར་ཕུབ་པ་སོགས་བྱུང་། དེ་ནས་ཞག་དྲུག་ནས། མཁན་ཆེན་དཔོན་སློབ་གང་དཀར་སོགས་ལ་ཞག་བདུན་པ་ཞིག་ཕེབས་ནས། མཆོག་གི་སྤྲུལ་སྐུ་གཙང་ཕྱོགས་ལ་སྤྱན་འདྲེན་གྱི་དགོངས་པ་ཞུ་བ་ཐེགས། དེ་སྐབས་འབྲང་བུར་འགོར་བའི་བདག་མཛད་སྐབས་སུ་ལགས་པར་ཕེབས་དུས། ལ་ནང་དཀར་མོ་བྱ་བའི་ཞིང་ཁར་གུར་ཕུབ་ནས། དེར་ཞག་བདུན་བཞུགས་པར་གནང་། མཆོག་གི་སྤྲུལ་སྐུ་ཡང་ཉིན་རེ་བཞིན་གུར་ལ་ཕེབས་པར་གནང་། གུར་དུ་ཕེབས་དུས་ནམ་མཁའ་ལ་མེ་ཏོག་གི་ཆར་དང་། འཇའ་དཀར་པོ་དང་། སིལ་སྙན་དང་། དུང་དཀར་དང་། པི་ཝང་དང་། རྔ་ཆུང་རྣམས་ཀྱི་སྐད་སྙན་པ་བསམ་ལས་འདས་པ་ཉིན་རེ་བཞིན་འབྱུང་། དེ་དུས་ཡབ་ཡུམ་རྣམས་ལ་གསེར་ཞོ་ལྔ་བརྒྱ། རྟ་ཕོ་སེར་པོ་གཅིག །བྱེ་རུ་སྤོས་ཤེལ་པད་བུ་གང་། ཟངས་ལྕགས་གོས་དར།


PS001_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

རས་ལ་སོགས་པའི་དགུ་ཚན་བཅུ་གཅིག་འབུལ་བ་མཛད། སྣ་དཀར་རྩེ་ནས་སྡེ་བ་བསྟན་འཛིན་པས་སྐུ་རྫི་བ་གཅིག །རྟ་འཛམ་གླིང་རྡོར་མཇོགས་ཟེར་བ་རྟ་རྫི་དང་བཅས་མཆོག་གི་སྤྲུལ་སྐུ་ལ་ཕུལ། ཡབ་ཡུམ་རྣམས་ལ་གསེར་ཞོ་བཞི། ཁྲོ་གཅིག་རས་དར་གྱི་དགུ་ཚན་ཅིག །ས་ཆ་ཐེམ་སྐང་ཉི་ཤུས་བཀའ་གཞེས་དང་བཅས་གནང་། ཟླ་བ་བཅུ་པའི་ཚེས་བཞི་ལ་གཙང་ཕྱོགས་ལ་ཆིབས་ཁ་བསྒྱུར་བ་ཡིན་ཞིང་། ཡུལ་གྱི་མི་མང་པོ་དང་ཡབ་ཡུམ་གྱི་བཀྲ་ཤིས་བྲག་མདོ་ཐུབ་ལ་ཕེབས་སྐྱེལ་ཕེབས། བཀྲ་ཤིས་བྲག་ལ་ཡི་གེ་རང་བྱོན་སྔར་གཅིག་ལས་མེད་པ་ལས། དེའི་ཉིན་མཆོག་གི་སྤྲུལ་སྐུའི་ཕྱག་རེག་པ་རྣམས་ལ་ད་ལྟ་ཡང་ཡི་གེ་གསལ་བར་ཡོད། འདི་ཡང་འཁོར་ལོ་སྡོམ་པའི་སྙིང་པོ་ན་ཡིན། བྱ་བྱིའུ་དང་རི་དྭགས་རྣམས་ཀྱང་སྐྱོ་བའི་རྣམ་འགྱུར་དང་། ཕེབས་སྐྱེལ་གྱི་རྣམ་པ་བྱེད་པ་བྱུང་། ཡུལ་གྱི་མི་རྣམས་ནི་ཐམས་ཅད་མཁྱེན་པ་ལ་ལྟ་ཞིང་། འོ་དོད་ཆེན་པོ་འདོན་ཏེ། ལ་ལ་ནི་སྨོན་ལམ་བཟང་པོ་འདེབས། ལ་ལ་ནི་བདག་ལྟ་བུའི་སེམས་ཅན་སྐལ་བ་མེད་པ་རྣམས་ལ་ཐུགས་རྗེས་གཟིགས་


PS001_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཟེར་ལུས་ས་ལ་རྡེབ། ལ་ལ་ནི་ངེད་ཡུལ་མི་རྣམས་ད་ཅིར་འདྲ་ཞིག་ཡོང་ན་ཟེར་ཞིང་། གདོང་མཆི་མས་གང་ཞིང་སྨྲས་སྔགས་འདོན་པ་བྱུང་། ཡུལ་མི་ཕལ་ཆེར་བས་ལ་ཐོག་ཕྱག་ཕྱིར་འབྲངས་དེ་ཐོག་བྱ་རི་དྭགས་རྣམས་ཀྱིས་ཀྱང་ཕེབས་སྐྱེལ་ལ་ཡོང་། དུས་དེ་ནས་ལོ་བཅུའི་བར་དུ། མཆོག་གི་སྤྲུལ་སྐུ་འདི་བྱོན་སྐབས་བཞིན། མི་ལ་ཤི་ཆད་མེད་པ་དང་། ལོ་ཆུ་དང་འབྲས་བུ་རྒྱས་ཤིང་། བྱ་རི་དྭགས་རྣམས་ཀྱང་གོང་དུ་འཕེལ། མདོར་ན་ཡུལ་དེ་ཡང་ཁྱད་པར་འཕགས་པ་བྱུང་། ད་ལྟ་ཡང་མི་རྣམས་གཏམ་རྒྱུན་གླེང་ཞིང་། ཐམས་ཅད་ལ་རྒྱུས་ཡོད་པ་མང་པོ་ཡོད། ལྷག་པར་དུ་བདག་ཀྱང་ཤིན་ཏུ་ངེས་པས་ཡི་གེར་བྲིས་པ་ཡིན། དེ་ནས་མཆོག་གི་སྤྲུལ་སྐུ་དཔོན་སློབ་ཤིན་ཏུ་མང་བ་དང་བཅས། ཡར་འབྲོག་སྣ་དཀར་རྩེར་ཕེབས། སྡེ་པ་བསྟན་འཛིན་པ་ལ་སོགས་པའི་དཔོན་སློབ་རྣམས་ལ། བླ་མའི་རྣལ་འབྱོར་དང་། སྤྱན་རས་གཟིགས་ཀྱི་སྒོམ་ལུང་གཅིག་གནང་། ཚང་མ་ཧ་ལས་ཤིང་། ཆུང་ཆུང་ནས་རྣམ་དཔྱོད་དང་སྤོབས་པ་འདི་ལྟ་བུ་ཟེར་ཞིང་།


PS001_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཆེན་པོས་གུས་པར་འདོད། དེ་ནས་ཞག་བཅོ་ལྔ་ནས་རྒྱལ་རྩེ་རུ་ཕེབས། ཐུགས་སྲས་ལྷ་དབང་གྲགས་པ་དང་། རྗེ་རྡོ་རིང་པ་དང་། རྗེ་ཀུན་དགའ་དཔལ་བཟང་ལ་སོགས་པའི་གྲྭ་པ་མང་པོ་དང་མཇལ། རྒྱལ་རྩེ་བདག་པོ་ཞལ་ངོ་རྣམས་ཀྱི་ཡུན་རིང་དུ་ཞབས་ཏོག་བསམ་ལས་འདས་པ་ཞུས། དེ་ནས་སྔར་གྱི་དྲི་བ་དང་གསུང་གླེང་ཡང་རྗེ་གོང་མའི་ཚེ་དང་དངོས་སུ་ཞལ་མཇལ་བ་ལྟར་བྱུང་། དེ་ནས་སྒྲ་དང་རྩིས་དང་ཚད་མ་རྣམས་འགྲེལ་ལ་སོགས་པའི་མདོ་ཕྱོགས་ལ་སྦྱངས་པ་མཛད། བླ་མ་ཡང་རྗེ་བྲག་སྟོད་པ་དང་། རྗེ་རྡོ་རིང་པ་དང་། ཡེ་ཤེས་དབང་པོ་དང་། ཀུན་དགའ་བཀྲ་ཤིས་དང་། རྗེ་བྱམས་པ་ལྷུན་གྲུབ་དང་། རྗེ་ལུང་རིག་རྒྱ་མཚོ་ལ་སོགས་པའི་བླ་མ་རྣམས་བསྟེན་ནས། མདོ་རྒྱུད་ཐམས་ཅད་ལ་མཁས་པ་ཕུལ་དུ་ཕྱིན་པར་གྱུར། དེ་ནས་སྐུའི་ཡོན་ཏན་དང་མཛད་པ་ཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་བ་ནི། ས་སྟེང་ལྷ་མི་ཐམས་ཅད་ལ་རྒྱུས་ཡོད་པ་དེ་ཡིན་པར་འདུག་པས་ཆེ་བ་བརྗོད་མ་དགོས་ཤིང་། རྗེ་བཙུན་ཐམས་ཅད་མཁྱེན་པ་རང་གིས་


PS001_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་རྣམ་ཐར་རྒྱས་བཤད་འདུག་པས་འདིར་མ་བཀོད། འདི་ནི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་གསལ་ཞིང་ནོར་འཁྲུལ་གཏན་ནས་མེད་པ་ཞིག་ཡིན། ཅེས་པ་རྗེ་བཙུན་བླ་མ་དམ་པ་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་ཆུང་ངུ་འདི་ནི་སྙན་ངག་དང་སྡེབས་སྦྱོར་མེད་ཀྱང་རྒྱུས་ཆེ་བའི་སྒྲོ་སྐུར་མེད་པ་ཙིཏྟའི་མིང་ཅན་གྱིས་ཡི་གེར་བཀོད་པ་འདི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཕན་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལམ། ཨེ་ཀ་པྲིཙྪ། ཚིག་བཅུ་དགུ་ཡོད།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་བྱུང་ཚུལ་དངོས་གྲུབ་བདུད་རྩིའི་ཆར་འབེབས། ཏཱ་ར་ནཱ་ཐ།


PS001_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་བྱུང་ཚུལ་དངོས་གྲུབ་བདུད་རྩིའི་ཆར་འབེབས་བཞུགས་སོ། །


PS001_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྒྱལ་མཆོག་ཐུགས་རྗེའི་འོད་དཀར་ཕྲེང་བ་རྒྱས། །སྐལ་ལྡན་བློ་ཡི་ཀུ་མུད་ཁ་ཕྱེ་ལས། །ལེགས་བཤད་གོ་སར་རྒོད་པའི་རྡུལ་ཕྲེང་དག །བློ་ལྡན་གཙུག་གི་ནོར་བུར་ངལ་གསོ་བྱོས། །འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ལ་སོགས་པའི་ཆོས་སྐོར་འདི་རྣམས་བྱུང་ཚུལ་གྱི་དབང་དུ་བྱས་ན། ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱིས་ཁྱད་པར་ཐུགས་བསྐྱེད་ཚུལ། སྒྲུབ་ཐབས་ཀྱི་ཆོས་སྐོར་འཕགས་ཡུལ་དུ་བྱུང་ཚུལ། དེ་ལས་


PS001_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ་ཁ་བ་ཅན་དུ་དར་ཚུལ། ད་ལྟ་གྲགས་ཆེ་བའི་ཆོས་སྐོར་རྣམས་ཇི་ཙམ་ཡོད་པ་སྟེ་བཞི་ལས། དང་པོ་ནི། སྔོན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས། དང་པོ་ཐུགས་བསྐྱེད་པ་ནས་བཟུང་། བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས། ས་བཅུ་པ་ཁྱད་པར་ཅན་བརྙེས། འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ། རྒྱལ་སྲས་མཐུ་བོ་རྣམས་ཀྱི་གྲལ་དུ་ཚུད་པའི་སྐབས་ཤིག་ཐུགས་བསྐྱེད་ཀྱི་དམ་བཅའ་འདི་ལྟ་བུ་མཛད་དོ། །ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་འཁོར་བའི་གནས་འདིར་བདག་གིས་སེམས་ཅན་གྱི་དོན་བྱས། སེམས་


PS001_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་འཁོར་བ་ལས་བདག་གིས་བསྒྲལ་དགོས་པ་ལས་འཁོར་བའི་གནས་འདིར་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འགོད་བར་དུ། བདག་སངས་རྒྱས་ཐོབ་པར་མི་བྱ། སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ལ་བཀོད་ཟིན་པ་ན། དེའི་རྗེས་སུ་བདག་ཉིད་སངས་རྒྱས་ཐོབ་ན་ལེགས་ཀྱི། གཞན་དུ་ན་བདག་འཁོར་བ་ཉིད་དུ་གནས་ཏེ་སེམས་ཅན་གྱི་དོན་བྱའོ། །གལ་ཏེ་བདག་དམ་བཅའ་འདི་ལས་འདས་པར་གྱུར་ན་ལུས་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག །ཅེས་དབུ་བསྙུང་མཛད། དེ་ནས་བརྩམས་ཏེ་རི་བོ་པོ་ཏ་ལར་བཞུགས་ནས་སྤྲུལ་པ་མཐའ་ཡས་པ་སྐད་ཅིག་རེ་རེ་ལ་ཡང་། སེམས་ཅན་དཔག་ཏུ་མེད་པ་ཅིག་ཅར་སྨིན་གྲོལ་དུ་མཛད་ན་གཞན་ལྟ་ཅི་སྨོས་ཚུལ་དེ་ལྟ་བུ་ལ་ལོ་གྲངས་ཀྱི་ཚད་བཟུང་བར་ག་ལ་ནུས། བསྐལ་པ་ཡང་ཇི་སྙེད་ཅིག་སོང་བ་ན། དུས་ལན་གཅིག་ད་ནི་སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་དགོངས་ཏེ་མངོན་ཤེས་ཀྱིས་གཟིགས་པས་སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད། ཉུང་དུ་མ་སོང་བར་མ་ཟད། ཡུལ་ཉེ་བ་ན་གནས་པའི་སེམས་ཅན་རྣམས་སྙིགས་མ་ལྔ་བདོ་བས་འདུལ་དཀའ་བར་


PS001_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཏེ། ད་ནི་བདག་གིས་སེམས་ཅན་གཅིག་གི་དོན་ཡང་མི་ནུས་ཞེས་སྔར་གྱི་ཐུགས་བསྐྱེད་པའི་དམ་བཅའ་དེ་བཏང་བའི་ཚུལ་མཛད་པས་སྐུ་ལུས་ཚལ་པ་སྟོང་དུ་གས་སྐད། འཕགས་པ་འཇིག་རྟེན་མགོན་པོ་ཉིད་དང་པོ་ཐུགས་བསྐྱེད་པ་ནས་བཟུང་ཏེ་རྟག་ཏུ་རྗེས་སུ་བཟུང་བའི་དགེ་བའི་བཤེས་གཉེན་ནི། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཡིན་པས། དེའི་ཚེ་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་བྱོན་ནས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟ་བུའི་སེམས་བསྐྱེད་པ་བཏང་བ་དེ་མ་ལེགས། ད་ནི་དམ་བཅའ་བཏང་བ་དེ་སླར་གསོ་བ་སོགས་ཀྱི་དོན་དུ། སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ཅིག་གྱིས་ཤིག་ཅེས་གསུངས་ཤིང་། །སྐུ་ལུས་ཚལ་པ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་དང་། ཕྱག་སྟོང་ཕྲག་ཏུ་བྱིན་གྱིས་བརླབས་སོ། །དེར་དགོངས་པ། ད་སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ནི་ནམ་ཡང་མེད། དེའི་ཆ་ཤས་ཀྱང་བསྒྲུབ་པར་མ་ནུས། ཅེས་ཞག་བདུན་དུ་ཅི་བྱ་བརྟོལ་མེད་པ་ལས། དེའི་རྗེས་སུ་ད་ནི་སྙིགས་མ་ལྔ་བདོ་བའི་སེམས་ཅན་མ་རུངས་པ་རྣམས་དྲག་པོས་འདུལ་བ་དང་།


PS001_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས་བར་དོ་ལས་སྐྱོབས་པ་དང་། སྙིགས་དུས་སྐྱེ་བོ་རྣམས་ལ་དབུལ་འཕོངས་ཁོ་ན་སྡུག་བསྔལ་ཆེ་བས། དེའི་གཉེན་པོར་བསམ་པ་ཙམ་གྱིས་དགོས་འདོད་འབྱུང་བ་སྟེ། ཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་ཐུགས་བསྐྱེད་སྔ་མ་ལས་ལྷག་པའི་ཚུལ་དུ་དགོངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་བྱུང་སྟེ། དེ་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པ་ན། ཞིང་ཁམས་ཐམས་ཅད་དུ། ས་རྣམ་པ་དྲུག་ཏུ་གཡོས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་མགྲིན་གཅིག་ཏུ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་བུའི་སེམས་བསྐྱེད་པ་དེ་ལེགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མས་འདི་ཉིད་ཀྱི་དབང་དང་ལྡན་པར་བྱའོ། །ཁྲོ་བོ་གཤིན་རྗེ་གཤེད་པོས་འདི་ཉིད་ཀྱི་མཐུ་དང་ལྡན་པར་བྱའོ། །གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་མ་མོའི་ཚོགས་ཀྱིས་འདི་ཉིད་ཀྱི་ཕྲིན་ལས་བསྒྲུབ་པར་བྱའོ། །ཞེས་གསུངས་ཤིང་། དུས་གསུམ་སངས་


PS001_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་ཁྲོ་བོ་ཆེན་པོར་དབང་བསྐུར་ཞིང་མངའ་གསོལ་ལོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བསྟན་པ་སྲུང་ཞིང་བཞུགས་པ་ལགས། གཉིས་པ་ནི། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེགས་པ་ན། གར་མཁན་ཞིག་དད་པ་སྐྱེས་ཏེ། གླུ་དང་རོ་མོས་མཆོད་པ་རྒྱ་ཆེར་ཕུལ་ནས་སྨོན་ལམ་བཏབ། དེ་དུས་ཕྱིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱར་ཉེ་བ་ལོན་པ་ན། མིའི་སྐྱེ་བ་བརྙེས་ཤིང་། གྲུབ་པ་ཐོབ་པ་རི་ཁྲོད་མགོན་པོ་ཤཱ་བ་རི་པ་ཞེས་བྱ་བར་གྱུར་ཏེ། ལན་གཅིག་དུར་ཁྲོད་བསིལ་བའི་ཚལ་ན་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ནང་གཅིག་ཐོ་རངས་ནམ་མཁར་ཌཱ་མ་རུའི་སྒྲ་འཁྲོལ་བ་གཅིག་བྱུང་བ་གཟིགས་པས། ཡེ་ཤེས་ཀྱི་མགོན་པོ་འདི་མངོན་སུམ་དུ་བྱོན་འདུག་སྟེ། མགོན་པོ་ཉིད་ཀྱི་སྲོག་སྔགས་སྒྲུབ་ཐབས་མཐའ་དག་གྲུབ་ཆེན་ཤཱ་བ་རི་པ་ལ་ཕུལ་ལོ། །དཔལ་ལྡན་ཤཱ་བ་རི་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང་སྐུ་ཚེ་ཉི་ཟླ་དང་མཉམ་པས། ལྷོ་ཕྱོགས་དཔལ་གྱི་


PS001_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལ་བཞུགས་པ་ཡིན། གཞན་ཡང་འཕགས་པ་སྤྱན་རས་གཟིགས། རྡོ་རྗེ་རྣལ་འབྱོར་མ། འཕགས་མ་སྒྲོལ་མ། དཔལ་མགོན་པོ་དེ་ཉིད་བྱིན་གྱིས་བརླབ་པའི་ལྷ་བཞི་འབྲལ་བ་མེད་པ་བྱ་བ་ཡིན་ཏེ། ཤཱ་བ་རི་པ་ལ་ལྷ་གཞན་དེ་རྣམས་ཀྱིས་ཀྱང་རང་རང་སོ་སོའི་སྒྲུབ་ཐབས་གསུངས་སོ། །དུས་སྐབས་དེ་ནས་ལོ་སྟོང་ཕྲག་ཙམ་ལོན་པའི་དུས་ཕྱིས་མངའ་བདག་མཻ་ཏྲི་གུཔྟ་ཏེ་བོད་སྐད་དུ་བྱམས་པ་སྦས་པ། གསང་མཚན་གཉིས་མེད་རྡོ་རྗེ་ཅེས་བྱ་བ་དེ་བི་ཀྲ་མ་ཤཱི་ལར་བཞུགས་དུས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ནས་ནུས་མཐུ་ཁྱད་པར་ཅན་བརྙེས་ཀྱང་། གནས་ལུགས་ཀྱི་དོན་མ་རྟོགས་ནས། ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། ལྷོ་ཕྱོགས་དཔལ་གྱི་རི་ལ་སོངས་ཤིག །རི་ཁྲོད་མགོན་པོས་རྗེས་སུ་འཛིན་པར་འགྱུར་ཞེས་ལུང་བསྟན། དེ་ནས་དཔལ་གྱི་རིལ་བྱོན་ཏེ། གྲུབ་ཐོབ་ཤཱ་ཝ་རི་པ་ལ་ཟབ་མོའི་དོན་གྱི་ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་གསན། གནས་ལུགས་ཀྱི་གཟིགས་པ་ནམ་མཁའ་དང་མཉམ་པར་གྱུར། ཟབ་དོན་གྱི་བསྟན་པ་སྤེལ་བར་བཀའི་གནང་བ་ཐོབ་བྱིན་གྱིས་བརླབ་པའི་ལྷ་བཞིའི་སྒྲུབ་ཐབས་བརྩམས། ཞག་ཉི་ཤུ་རྩ་གཅིག་སྒྲུབ་པས་ཆོས་སྐྱོང་


PS001_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་བཞིན་འཁོལ་བར་གྱུར་ཏེ། དཔག་ཚད་བརྒྱའི་ཕ་རོལ་ནས། བརྟན་གཡོའི་དངོས་པོ་ཆེན་པོ་བླངས་ཏེ། དབུལ་བ་སོགས་བཞེད་དོན་མཐའ་དག་སྒྲུབ་པ་ཞིག་གོ །ཡང་གཏམ་རྒྱུད་ཀྱི་རྣམས་གྲངས་གཞན་ནི་སྔོན་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པ་དེ་རི་བོ་པོ་ཏ་ལར་ལན་གསུམ་བྱོན། འཕགས་པ་སྤྱན་རས་གཟིགས་དངོས་སུ་མཇལ། སྔར་ཕྱིར་ཕོ་བྲང་གཞལ་མེད་ཁང་གཞན་ཐམས་ཅད་མཇལ་ཞིང་བསྐོར། རྟེན་ཀུན་ལ་ཡང་ཕྱག་མཆོད་གྲུབ་པ་ལས། མཐའ་གཅིག་ན་ཁང་བཟང་ཤིན་ཏུ་ཆེ་བ་ནམ་ཡང་སྒོ་མི་འབྱེད་པ་ཞིག་འདུག་སྟེ། དཔའ་བོ་མཁའ་འགྲོ་རྣམས་ལ་འདི་སྒོ་འབྱེད་པར་ཞུ་ཞུས་པས། འདི་སྒོ་ཕྱེ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་སྔངས་ཤིང་འཆི་བའམ། འཆི་བ་ལ་ཐུག་པར་འགྱུར་རོ་ཞེས་གསུངས་པས། ཡང་འཕགས་པ་སྤྱན་རས་གཟིགས་ཉིད། དྲན་ཅིང་གསོལ་བ་བཏབ་པས། སྤྲུལ་པའི་ཕོ་ཉ་ཞིག་མངག་སྟེ། འཕགས་པའི་བཀའ་གནང་བའི་སྟོབས་ཀྱིས་སེམས་ཅན་སུ་ལའང་གནོད་པ་མེད་པའི་ངང་ལས་སྒོ་ཕྱེ། དེར་ཡེ་ཤེས་མགོན་པོ་འདི་དང་མཇལ། གསོལ་བ་


PS001_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་རྒྱུད་བྱིན་གྱིས་བརླབ། འཛམ་བུའི་གླིང་དུ་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ལ་འབྱོན་པ་ཞུ་ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས། དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ནྱ་གྲོ་དྷའི་ཕུག་ན་སྤྲུལ་པའི་སྐུ་གཅིག་རྟག་ཏུ་བཞུགས། ས་ར་ཧ་དང་ཤཱ་ཝ་རི་བས་སྒྲུབ་ཐབས་མཛད་ཅེས་གྲགས་ཏེ། འདི་ལོ་ཙཱ་བ་འགར་ཆོས་བཟང་གི་ལུགས་ཀྱི་གསུང་སྒྲོས་བྱུང་། པོ་ཏ་ལའི་ལམ་ཡིག་ཏུ་གྲགས་པའི་རྒྱུད་ལས་ཀྱང་པོ་ཏ་ལར་མགོན་པོ་འདི་བཞུགས་པར་བཤད་པ་དང་མཐུན་ནོ། །ཡང་འགའ་ཞིག་གི་བཞེད་པས་མགོན་པོ་འདི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་བཞུགས་པ། སློབ་དཔོན་ཀླུ་སྒྲུབ་དང་བྲམ་ཟེ་མཆོག་སྲེད་ཀྱིས་གདན་དྲངས་སོ་ཞེས་ཀྱང་བཞེད་དོ། །དེ་ཐམས་ཅད་ཀྱང་ཡུལ་དུས་གནས་སྐབས་སོ་སོ་ཡིན་པའི་ཕྱིར། ཐམས་ཅད་དོན་ལ་གནས་ཤིང་བདེན་པ་ཁོ་ནའོ། །གསུམ་པ་ནི། སྤྱིར་ཆོས་སྐྱོང་འདིའི་སྐོར་བོད་དུ་བསྒྱུར་མཁན་ལོ་ཙཱ་བ་མང་དུ་བྱུང་སྟེ། གྱི་ཅོ་ཟླ་བའི་འོད་ཟེར་གྱིས་པཎྜི་ཏ་མི་མཉམ་རྡོ་རྗེའི་ཁོལ་པོ་ལ་གསན་ནས། ཤཱ་བ་རིའི་གཞུང་ཆུང་བསྒྱུར། ལུགས་འདི་ལ་མགོན་རྐྱང་ཁོ་ནའི་བསྙེན་


PS001_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཡིན་པར་གྲགས་སོ། །གཉལ་སྟེང་པ་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཞེས་བྱ་བས་པཎྜི་ཏ་ཤནྟ་ཨ་ཀ་ར་ལ་བརྟེན་ནས་བསྒྱུར་ཞེས་གྲགས་ཤིང་། འདིའི་སྒྲུབ་ཐབས་བོད་ཀྱི་ཡིག་རྙིང་ཅི་རིགས་པ་མཐོང་སྟེ། མཁའ་འགྲོ་དྲུག་སྐོར་དུ་གྲགས་པ་དེ་ཡིན་པར་འདུག །ཡང་ལོ་ཙཱ་བ་མགར་ཆོས་བཟང་གིས་པཎྜི་ཏ་ཨ་ཏ་ཡ་བཛྲ་ལ་གསན་ཏེ། ས་ར་ཧ་དང་ཤཱ་བ་རིའི་སྒྲུབ་ཐབས་སོགས་བསྒྱུར། འདི་ལའང་འཁྱུད་ཡུམ་ཡོད་མེད་གཉིས་ཡོད་ནའང་། འཁོར་མཁའ་འགྲོ་བཞི་བསྐོར་ཁོ་ན་ཡིན། ཁྱུང་པོའི་གདམས་ངག་དང་མཐུན་ཤས་ཆེ་བ་ཞིག་ཡོད། ཁ་ཅིག་ཨ་ཏ་ཡ་ཅེས་པ་ཡི་གེ་ནོར་བ་ཡིན། ཨ་དཱ་ཡ་བཛྲ་ཅེས་པ་གཉིས་མེད་རྡོ་རྗེ་མཻ་ཏྲི་པ་དང་དོན་གཅིག་ཟེར་བ་ནི་བློས་བཏགས་ཙམ་སྟེ། ཨ་དཱ་ཡ་ཅེས་ཀུན་ཏུ་སྦྱིན་པའམ་མཆོག་ཏུ་བྱམས་པའི་དོན་ཡིན་ནོ། །ཡི་གེ་ཏ་དང་ད་ནོར་སོ་ཙམ་བྱུང་སྲིད་ཀྱང་། ཡུལ་སྐད་ཀྱི་ཁྱད་པར་དག་ལས་འགལ་བ་ཡང་མེད་ཅིང་། སྤྱིར་ཡང་ཡིག་ནོར་དང་བསྡུ་ཡིག་ལ་དགག་སྒྲུབ་དགོས་ན་ཧ་ཀྱང་ཐལ་བར་འགྱུར་རོ། །མི་མཉམ་རྡོ་རྗེ་དང་། ཨ་དཱ་ཡ་བཛྲ་འདི་གཉིས་


PS001_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཁྱུང་པོའི་ཡང་བླ་མ་ཡིན་ནོ། །དེ་ལྟ་ན་ཡང་ལུགས་དེ་དག་ལ་ནི་བསྙེན་སྒྲུབ་ལས་གསུམ་ཆ་ཚང་ཙམ་མདོར་བསྡུས་དེ་མ་གཏོགས་ཆོས་སྐོར་རྒྱས་པ་མེད་ལ། དེང་སང་ཆོས་རྒྱུན་ཡང་མི་བཞུགས་སོ། །དེས་ན་མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་ལ་བཅོས་ལྷད་དང་བྲལ་བ་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ཁྱབ་པའི་ཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པའི་ལུགས་འདི་ཁོ་ན་ཡིན་ནོ། །དེ་ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ་གདུང་རུས་ཁྱུང་པོ། །འཁྲུངས་ཡུལ་སྙེ་མོར་རམ། དང་པོར་བོན་ལ་མཁས་པར་མཛད། །ཚོགས་པ་བདུན་བརྒྱ་ཙམ་འདུས། དེ་ནས་ཆོས་རྫོགས་ཆེན་ལ་ཞུགས་ཏེ། སློབ་མ་སུམ་བརྒྱ་ཙམ་འདུས། དེ་ནས་ཀོར་ནི་རུ་པ་བསྟེན་ཏེ། དགྱེས་རྡོར་དང་གཤིན་རྗེ་གཤེད་དང་། ཕྱག་ཆེན་གྱི་སྐོར་མཐའ་དག་གསན། དགུང་ལོ་ལྔ་བཅུ་ང་གཉིས་བཞེས་པ་ལ་བལ་ཡུལ་དུ་ཕེབས་ཏེ། དེ་ནས་ཀྱང་མི་ལོ་ལྔ་བཅུ་སྐོར་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། བླ་མ་རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། མདོ་སྔགས་སྒྲ་ཚད་གཞུང་མན་ངག་ཐམས་ཅད་


PS001_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སུ་ཆུད་པར་མཛད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་པ་ཆེན་པོ་བསོད་ནམས་འབྱུང་གནས། མཻ་ཏྲི་ པ། སྦས་པའི་རྣལ་འབྱོར་པ་རཱ་ཧཱུ་ལ་སྟེ་བཞི་དང་། ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་དང་། སུ་ཁ་སིདྡྷི་སྟེ་དྲུག་པོ་དེ་རྣམས་རྩ་བའི་བླ་མར་མཛད། དེ་ལ་རྒྱ་གར་དུ་ལན་བར་པ་ཕེབས་པའི་དུས། ཡེ་ཤེས་ཀྱི་མཁའ་འགྲོ་ཞལ་གཉིས་སོགས་མཁས་གྲུབ་དཔག་ཏུ་མེད་པའི་ཐུགས་བཅུད་ལོངས། སླར་བོད་དུ་ལྡོག་ཏུ་ཉེ་བའི་སྐབས་ཤིག་མངའ་བདག་མཻ་ཏྲི་པ་ལ་ཆོས་རྒྱགས་ཀྱི་ལྷག་མ་གསེར་མང་དུ་ཡོད་པ་ཕུལ་ཏེ། བདག་ཅག་བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་རྟགས་ཚན་ཆེ་བ་ཞིག་ཞུ་ཞུས་པས། མགོན་པོ་འདིའི་སྔོན་གྱི་ལོ་རྒྱུས་རྣམས་གསུངས་ཏེ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། འདིར་དང་པོར་བསྟེན་པ་ཙམ་གྱིས་དགོས་འདོད་ཐམས་ཅད་འབྱུང་། བསམ་པ་ཙམ་གྱིས་བར་ཆད་སེལ་བ། དགྲ་ཐམས་ཅད་རྡུལ་དུ་རློག་པར་བྱེད་པ་གསོལ་བ་བཏབ་ན་མ་སྒྲུབ་པར་ཞལ་སྟོན་པ། བཟློག་པ་དང་། ནད་དམེ་མི་ཚུགས་པ། ཐུན་མོང་


PS001_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པས་མཆོག་ཞོར་ལ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆོས་སྐྱོང་འདི་སྦྱིན་པར་བྱའོ་ཅེས་གསུངས། ཏིང་ངེ་འཛིན་གྱི་དབང་ཟབ་མོས་སྒོ་ཕྱེ་ནས། ཆོས་སྐྱོང་འདིའི་གདམས་པ་རྫོགས་པར་གནང་ཞིང་མཐར་འདི་སྐད་ཅེས། སྤྱིར་དམ་ཚིག་མ་ཉམས་པ་དང་། སྒོས་སུ་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང་། །ཐུན་མོང་མ་ཡིན་པའི་སྤོས་སྦྱོར་སོགས་དམ་རྫས་རྣམས་ཚང་ཞིང་མ་ཆགས་པ། བྱ་ནག་ཁྱི་ནག་ལ་རྡོ་མི་བརྡེག་པ་དང་། ཡིད་ཆེས་པར་བྱེད་པ་སོགས་མགོན་པོའི་སྒོས་སུ་དམ་ཚིག་རྣམས་ལའང་གནས་པར་གྱིས། དེ་ལྟར་བྱས་ན་རི་ལ་སྡོད་པ་སོགས་གནས་སྐབས་ཐམས་ཅད་དུ་འཚོ་བའི་རྩོལ་བ་མི་དགོས། རང་ལ་གང་དགོས་ཚད་མགོན་པོ་རང་གིས་སྐྱེལ། ཞག་བཅུ་གསུམ་བསྒྲུབས་ན་ཁྱོད་ཉིད་འཁོར་དང་བཅས་པ་ཐམས་ཅད་ལ་ཞལ་མངོན་སུམ་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན་མཛད་དོ། །དེ་ནས་བོད་དུ་བྱོན། ཡང་སླད་ཀྱིས་རྒྱ་གར་དུ་ཕེབས་ཏེ་བླ་མ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཚོགས་འཁོར་ཞུ་བ་དང་། གསེར་གྱི་མཎྜལ་བཟང་པོས་མཉེས་པར་མཛད། དེ་སྐབས་མངའ་བདག་མཻ་ཏྲི་པ་ནི་མི་བཞུགས། ཇོ་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་གངྒ་དྷཱ་རིའི་


PS001_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་གསེར་གྱི་མཎྜལ་ཕུལ་བས་ཀྱང་ཕྱག་ཆེན་དང་མགོན་པོ་ལ་དངོས་གྲུབ་འགྲུབ་པའི་ལྟས་ཁྱད་པར་ཅན་བརྙེས། དེ་རྗེས་སླར་བོད་ཡུལ་དུ་ཕེབས་ཤིང་འགྲོ་དོན་ཡང་རྒྱ་ཆེན་མཛད། བར་བར་དུ་སྒོམ་སྒྲུབ་ཀྱི་ཚུལ་ཡང་མང་དུ་བསྟེན། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་དགོངས་ནས། དགེ་བཤེས་པོ་ཏོ་བ་དང་། གླང་རི་ཐང་བ་ལའང་ཆོས་གསན། འཕན་ཡུལ་འཇོག་པོ་རི་ལ་གཅིག་རི་མཛད། དང་པོ་བླ་མ་མཻ་ཏྲི་པས་གསུང་ནས། འཚོ་བའི་རྩོལ་བ་མི་དགོས་མགོན་པོས་སྐྱེལ་གསུང་པ་དགོངས་ཏེ་འཚོ་བའི་རྩོལ་བ་ཡེ་མ་མཛད་པས། འཚོ་བ་ཆད་དེ། ནུབ་གཅིག་མགོན་པོའི་རྒྱུན་གཏོར་ཡང་མ་བྱུང་བས་ཕུག་པའི་སྒོར་ཐོན་ཏེ། ཀྵེ་ཏཱ་པཱ་ལ་སོགས་སོ་སོའི་ལས་མཁན་རྣམས་ཀྱི་མིང་ནས་བོས་ཏེ། དང་པོ་བླ་མ་མཻ་ཏྲི་པ་དེ་སྐད་གསུང་བ་ཡིན་ཏེ། ད་འདི་ན་ང་ལ་འཚོ་བ་ཙམ་ཡང་མེད་དོ། །མགོན་པོ་རང་གི་རྒྱུན་གཏོར་ཡང་ཆད་ནས་མེད་དོ་ཞེས་གསུངས་སྐད་ཆེན་པོ་བཏང་ནས། དེའི་ནང་པར་རང་འབྲས་ཁུད་ཀྱི་ཚོངས་འདུས་ནས་འབུལ་སྐྱེལ་བ་ཤིན་ཏུ་ཚན་ཆེ་བ་བྱུང་། མར་ནས་དང་ཟས་གོས་སོགས་ཤིན་ཏུ་མང་སྟེ། དེ་ལ་བརྟེན་ནས་སློབ་མ་མང་པོ་བསྡུས་ནས་ཆོས་གསུངས། ཟླ་གཅིག་ཙམ་སོང་ནས་འཚོགས་པ་མར་ཆེས་ཏེ། འཇོག་པོར་མ་ཤོང་བས་ལུང་བའི་མདའ་འཆད་ཀ་ཞེས་བྱ་


PS001_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བར་དགོན་པ་བཏབ། རིམ་གྱིས་འཚོགས་པ་སྟོང་ཕྲག་གསུམ་ཙམ་འདུས། དེ་ནས་ལན་གཅིག་ལན་པའི་ནང་གི་སྤྱིལ་པོ་དགོན་པར་བཞུགས། ཟླ་སྟོད་གྲོ་མཚམས་བྱེད་ཅིང་ཆོས་བཤད། ཟླ་སྨད་ལ་མཚམས་མཛད་ཅིང་ཡོད་པ་ལས། མཚམས་ཀྱི་དུས་ཤིག་ནམ་ལངས་མ་ཐག་གཟིམས་ཁང་སྒོ་བརྡུང་བ་ཞིག་ཡོད་པས། ཉེ་གནས་ཀྱི་བལྟས་དུས་ཨ་ཙཱརྱ་གཅིག་བྱོན་འདུག་ནས་བླ་མ་དང་མཇལ་བར་ཞུ་གསུངས། དེ་ནས་ཡར་ལོན་མར་ལོན་མཛད་དེ་མཚམས་ཡོད་པས་མི་མཇལ་ཞུས་པས། ང་ཐག་རིང་པོ་ནས་འོང་བ་ཡིན་པས་ཅིས་ཀྱང་མཇལ་བ་ཞུ་གསུངས། དེ་ནས་ནང་དུ་གདན་དྲངས་སྨན་པ་བོས་ཏེ་བལྟ་བཅུག་པས། འདི་ཁྲག་ཏུ་འདུག་གཏར་བྱ་དགོས་ཟེར་བ་ལ། རྣལ་འབྱོར་པའི་གཏར་ཁ་དེས་མི་ཡོང་གསུང་སྟེ། རླུང་སྦྱོར་གཅིག་མཛད་པས། ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འུ་རུ་རུ་བཞུགས་ཏེ་བ་སྤུའི་བུ་ག་ཐམས་ཅད་ནས་ནད་ཁྲག་རྣམས་ཕྱིར་བྱུང་། དེར་སེར་མ་ལོངས་གསུང་གིན་འདུག་པས་འབྲུ་མར་གྱི་བྱུགས་པ་འབུལ་བར་བརྩམས་པས། རྣལ་འབྱོར་བས་སྐུ་མཉེ་དེས་མི་ཡོང་གསུངས་ནས། ཡང་རླུང་སྦྱོར་གཞན་ཞིག་མཛད་དེ་སྔར་བཞིན་ནམ་མཁའ་ལ་


PS001_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འུ་རུ་རུ་འདུག་པ་ལ། བ་སྤུའི་བུ་ག་ནས་ཀུན་ད་ཞག་དང་བཅས་ཆིལ་གྱིས་བྱུང་། ཡང་རླུང་སྦྱོར་གཞན་ཞིག་མཛད་དེ། བ་སྤུའི་བུ་གར་སིབ་སིབ་ཐིམ་པས་སྐུ་བཀྲག་མདངས་དང་ལྡན་པར་གྱུར་ཏོ། །དེ་ངོ་མཚར་ཆེ་བར་མཁྱེན་ནས། ད་ནང་ག་ནས་ཕེབ་ཞུས་པས། ངས་རྒྱ་གར་རྡོ་རྗེ་གདན་ནས་ཉི་མ་ཤར་མ་ཐག་ལ་འོངས་པ་ཡིན། བོད་རི་རོང་དོགས་པས་འདིར་སླེབ་དུས་ཉི་མ་ཤར་བ་འདུག་གསུང་། མཚན་གང་ཡིན་དྲིས་པས། རཱ་ཧུ་ལ་གུ་པྟ་བཛྲ་ཡིན་གསུང་སྟེ། གུ་ཎ་ས་ག་ར་དང་ནི། རཏྣ་ཨ་ཀཱ་ར་དང་ཡང་། ཨ་བྷི་ཛུ་ཏ་ཀ་ན་རེ། བོད་དུ་སོང་དང་རྣལ་འབྱོར་པ། གཅིག་ལ་ཕན་ཐོགས་འགྱུར་ཞེས་གསུངས། འོངས་པས་ཁྱེད་དང་ཕྲད་པ་ཡིན། ཞེས་སོགས་བླ་མ་ཉིད་ཀྱི་རྣམ་ཐར་རྒྱས་པར་གསུངས། དེ་ནས་མཁས་གྲུབ་ཁྱུང་པོ་དཔོན་སློབ་རྣམས་ཀྱིས་འབུལ་བ་ཚོགས་འཁོར་སོགས་ཞབས་ཏོག་རྒྱུན་མི་ཆད་པར་མཛད། འཚོགས་ཆོས་ཀྱང་མང་དུ་གསུངས། མཁས་གྲུབ་ཁྱུང་པོ་ཉིད་ཀྱིས་བླ་མ་རཱ་ཧུ་ལ་དེ་ལ་རྒྱུད་མན་ངག་གི་སྤྱི་ལ་གྲགས་པས་མཐའ་ཡས་པ་གསན། ཁྱད་པར་མགོན་པོ་འདིའི་ཆོས་སྐོར་ཤིན་ཏུ་རྒྱས་པར་གསན་ཏེ། སྔར་མངའ་


PS001_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མཻ་ཏྲི་པ་ལ་མི་བཞུགས་པའི་ཁྱད་པར་གྱི་གདམས་པ་ཡང་མང་དུ་བྱུང་། གནས་དེར་ཟླ་བ་བདུན་བཞུགས། དེ་ན་ཀླུང་ཤོད་དང་། རོང་དང་། འདམ་སོགས་ལ་ཡང་ཕེབས། གསུང་ལས། རླུང་ཤིང་རྟ་ཅན་དང་། རྡོ་རྗེ་རྣལ་འབྱོར་མ་རྨི་ལམ་དུ་ཞལ་བལྟ་བ་འདི་དང་། མགོན་པོ་ཤིང་ཕུང་ཅན་གྱི་གདམས་པ་སྟེ། གདམས་པ་གསུམ་པོ་འདི་སྟེར་བའི་ཡུལ། ཆོས་ཀྱི་སྣོད་དུ་གྱུར་པ་གཞན་ཡེ་མ་རྙེད་ནས་ཁྱོད་ལ་སྟེར་བའི་དོན་དུ་འོངས་པ་ཡིན་གསུངས་ནས་ནམ་མཁའ་ལ་འཕུར་ཏེ་བཞུད་ཀྱང་ཟེར། གར་གཤེགས་ཆ་མེད་དོ། །དེ་ལྟར་མཁས་གྲུབ་ཁྱུང་པོ་དེ། རུས་མཚམས་དང་། འཕན་ཡུལ་དང་། དབུ་རུ་སྟོད་སོགས་ཡོངས་བསྡོམ་ལ་ལོ་ཉི་ཤུ་ལྷག་གཅིག་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་གྱིས་ཡང་ཡང་བསྐུལ་ཏེ་གཡས་རུ་ཤངས་ཀྱི་ཕྱོགས་སུ་ཕེབས་ནས། ལོ་སུམ་ཅུའི་བར་དུ་འགྲོ་དོན་རྒྱ་ཆེར་མཛད། སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་གཅིག་ཅར་དུ་སྟོན་པ་དང་། བྲག་རི་ལ་ཐོགས་པ་མེད་པར་བཞུད་པ་དང་། སྤྲུལ་པའི་དམག་ཚོགས་བཀྱེ་བས་གནོད་པ་མེད་པར་ཕ་རོལ་གྱི་གཡུལ་ངོ་བཟློག་པ་དང་། བུམ་པའི་ནང་དུ་ཞག་བདུན་བཞུགས་པ་དང་།


PS001_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་བཞུགས་ནས་ཚོགས་པ་ཁྲི་ཚོ་བརྒྱད་ལ་བྱམས་ཆོས་སྡེ་ལྔ་གསུང་པ་སོགས་རྣམ་པར་ཐར་པ་བློས་དཔག་པར་མི་ནུས་སོ། །ལན་གཅིག་ཁམས་པའི་གྲྭ་པ་འཁྲུགས་པས་དམ་སེལ་གྱིས་སྐུ་གྲིབ་ཕོག་སྟེ་བག་ཙམ་བསྙུང་བ་ལ་མགོན་པོས་གཏོར་ཆེན་གྱིས་ཞེས་ལུང་བསྟན་བྱུང་བས། དཔོན་སློབ་བཞི་བཅུ་ཐམ་པས་གཏོར་ཆེན་སྒྲུབ་པས་ཞག་བཅུ་གསུམ་ན་ནང་རྟགས་བྱུང་སྟེ། གཏོར་མ་བཏང་བར་ཕེབས་པས། གཏོར་སྟེགས་ཀྱི་སྟེང་ན་མགོན་པོ་བར་ཆད་ཀུན་སེལ་ཉིད་སྐུ་མདོག་དཀར་པོ་ཞིག་བཞུགས་པ། དཔོན་སློབ་ཐམས་ཅད་ཀྱིས་གཟིགས། དེ་མ་ཁད་བསྙུང་བ་ཡང་དྭངས། སྔོན་མཻ་ཏྲི་པས་འཁོར་དང་བཅས་པ་ལ་ཞལ་སྟོན་པར་ལུང་སྟོན་པ་དེ་འདི་ཡིན་པར་གྲགས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེས་མགོན་པོ་འདིའི་གདམས་ངག་གནང་བའི་སློབ་མ་སྤྱིར་ནི་ཤིན་ཏུ་མང་བ་ཡོད་པར་སྣང་སྟེ། སློབ་དཔོན་ཆོས་ཀྱི་ཤེས་རབ་ལ་གནང་ངོ་བྱ་བ་གཅིག །ཕྱིས་ཞུ་སྟོན་ཧྲུལ་མའི་བར་གྱི་བརྒྱུད་པའི་ཡིག་ཆ་ཡང་འདུག་པས་མཚོན། འོན་ཀྱང་ད་ལྟའི་བར་དུ་ཆོས་རྒྱུན་མ་ཆད་ཅིང་གྲགས་ཆེ་བ་ནིི་གསུམ་ཡིན་ཏེ། མཁན་ཆེན་ལ་སྟོད་པ། དཀོན་མཆོག་མཁར་དང་། མཁའ་


PS001_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྤྲིན་བཞིན་འདུ་བའི་ཞང་སྒོམ་ཆོས་སེང་དང་། སྒྱུ་ལུས་རྨི་ལམ་གྱི་མངའ་བདག་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་སོ། །དེ་ལ་མཁན་ཆེན་ལ་སྟོད་པ་ནི་མཚན་ཉིད་སློབ་དུས་འབྲེ་ཆེན་པོ་ཤེས་རབ་འབར་གྱི་སློབ་མ་ཡིན་པས་ཉན་སྟོན་སྐྱེགས་གནས་རྙིང་གི་གདན་སར་སྤྱན་འདྲེན་ནན་ཅན་མང་པོ་བྱུང་བ། ང་མི་ཆོས་ཐག་རིང་། མཚན་ཉིད་པའི་སྡེ་ཆེན་པོ་འདི་འཛིན་སྐྱོང་དཀའ། འོན་ཀྱང་བླ་མ་ལ་ཞུ་དགོངས་ཏེ། ཁྱུང་པོ་རྣལ་འབྱོར་པ་ལ་ཞུས་པས། ཁྱོད་རང་ཉམས་ང་མི་དགོས་པ་གཅིག་ངས་བྱིན་གྱིས་བརླབས་པས་དགོས་དོན་ཐམས་ཅད་མགོན་པོ་འདིས་བསྒྲུབ་པར་འདུག །བླ་མའི་གདན་ས་ཟུངས་ཤོག་གསུངས། དེར་ཁོང་གིས་ཞོང་ཞོང་ནས་ཉང་ལ་ཕེབས་པའི་ལམ། ཤངས་མདར་སླེབ་པ་ན། བླ་མའི་ཐུགས་དམ་མགོན་པོའི་བྲིས་སྐུ་གཅིག་ཀྱང་ཕྱི་བཞིན་དུ་འབྲངས་པའི་ཚུལ་གྱིས་བྱོན། དེ་ལ་འཕུར་ཐང་དུ་གྲགས། བླ་མས་དཀའ་མ་གནང་བར་ཁུར་དུ་མི་རུང་སྙམ། སླར་ཡང་ཞོང་ཞོང་དུ་ལོག་སྟེ། བླ་མ་ལ་ཞུས་པས་སྤྱན་དྲོངས་ལ་སོང་། ཁྱོད་ལ་སློབ་དཔོན་ཤེས་རབ་འབར་བ་ལས་ཀྱང་བསོད་ནམས་ཆེ་བར་འོང་གསུང་སྟེ། ཕྱིས་དེ་ཀ་བཞིན་བྱུང་། མཐུ་སྟོབས་ཀྱང་བསམ་གྱིས་མི་ཁྱབ་པ་


PS001_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ལ་སྟོད་གཅུང་ཆོས་སྡིངས་སོགས་ལ་ཉང་གཉིས་སུ་དགོན་གནས་མང་དུ་བཏབ་བོ། །འདི་ནས་བརྒྱུད་པ་ལ་མགོན་པོ་གནས་རྙིང་པའི་ལུགས་སམ། མགོན་པོ་སྟོད་ལུག་པར་གྲགས་སོ། །རྟོགས་ལྡན་ཞང་སྒོམ་ཆོས་སེང་ནི། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ་ཡུན་རིང་དུ་བསྟེན། གསང་སྔགས་ཀྱི་གདམས་ངག་ཆེས་ཟབ་པ་ཕལ་ཆེར་ཐོབ། བླ་མའི་གསུང་གིས་བསྐུལ་ནས། གནམ་མཚོའི་དོ་ལ་ལོ་བདུན། བྱ་དུར་དང་ཐང་ལྷའི་མགུལ་སྒྲགས་པ་ལ་ལོ་ལྔ་བཞུགས། དེ་དུས་གནས་ལུགས་ཀྱི་དོན་མངོན་སུམ་རྟོགས། རླུང་སེམས་དབུ་མར་ཚུད། ཡི་དམ་དཔག་ཏུ་མེད་པ་ཞལ་གཟིགས། རྡོ་རྗེ་རྣལ་འབྱོར་མ་དང་མི་ལབ་པ་བཞིན་དུ་གྱུར། མགོན་པོ་འདི་ཆེད་དུ་མ་སྒྲུབ་པར་ཡང་འགྲུབ། གསང་སྤྱོད་རིགས་པའི་བརྟུལ་ཞུགས་ཀྱི་མཐུན་རྐྱེན་ཐམས་ཅད་མགོན་པོས་སྒྲུབ། ཕྱིས་གནས་རྩེ་ལྡེང་དུ་ལོ་མང་དུ་བཞུགས་ཏེ་གནས་དེ་ནས་མཁའ་སྤྱོད་དུ་གཤེགས། རྨོག་ལྕོག་པ་ཆེན་པོའི་རྣམ་ཐར་ནི་ཉི་མ་ཤར་བ་ལྟར་མཐའ་ཡས་པའི་མཛད་པ་ཅན་ཡིན་ལ། དམ་པ་འདིས་རྨོག་ལྕོག་གི་བྲག་ལ་ལོ་བཅུ་གཉིས་སུ་མི་


PS001_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྤྱན་གྱིས་མི་གཟིགས་པའི་བཀའ་སྤྱད་ཀྱི་སྒོ་ནས་སྒྲུབ་པ་མཛད་དེ། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཡིན་པ་ལས། སྒྲུབ་པ་ལོ་བདུན་བརྒྱད་སོང་བའི་སྐབས་ཤིག་ལྷ་བཞི་དྲིལ་སྒྲུབ་ལ་ཐུགས་སྣ་འགྲོ་བ་ཞིག་བྱུང་ནས། ཐུན་གྱིས་ཉམས་ལེན་མ་ཆགས་པར་མཛད་པས་ནུབ་གཅིག་བྲག་ལོག་ལ་མགོན་པོ་འཁོར་བཅས་མངོན་སུམ་དུ་བྱོན། མེ་དཔུང་དྲག་ཏུ་འབར་ཞིང་ཌཱ་མ་རུ་འཁྲོལ་འཁྲོལ་འདུག །དེ་གཟིགས་པས་ཐུགས་ཉམས་འུར་ཏེ། རྟགས་བསྟོད་དབྱངས་སུ་གྱེར་གྱིན་བསྐོར་བ་མཛད་པས། མགོན་པོ་ཡང་ཤིན་ཏུ་དགྱེས་སོ། །དེ་ཕྱིན་ཆད་ཆོས་སྐྱོང་བྲན་དུ་འཁོར་ཞིང་མི་དང་མི་ལབ་པ་བཞིན་བཞུགས། འོན་ཀྱང་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཤིང་། འགྲོ་དྲུག་སེམས་ཅན་ལ་བྱམས་སྙིང་རྗེ་ཕྱོགས་མེད་དུ་ཤར་བས་དྲག་པོ་མངོན་སྤྱོད་ཀྱི་ལས་ནམ་ཡང་མ་དགོས་ཏེ། དམ་པ་འདི་ཕྲིན་ལས་རྒྱས་པའི་སྐབས་ཤིག་འབུལ་སྐྱེལ་ཚན་ཆེ་བ་གཅིག་ཉེ་འཁོར་ལྷ་ཕུ་ཡུལ་པ་འགས་བཅོམས་པ། དེར་གྲྭ་བ་རྣམས་སེར་དམག་བཤམ་མོ། །མགོན་གཡག་གཅིག་ཡོད་པ་ཡང་མི་ངན་དེ་རྣམས་


PS001_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གྲོང་ལྟག་ཏུ་སོང་ནས་རྭ་བརྡར་རྨིག་པ་བརྡེབ་ངར་སྐད་འབྱིན་པ་ན་མེ་སྒྲ་ལྷབ་ལྷབ་བྱུང་། དེར་དམ་པ་འདིའི་ཞལ་ནས། ལམ་སྣ་བླ་མ་རྗེ་ལ་ཞུས་པས་ལམ་རྒྱུས་མཁས་པའི་ཚད་གཅིག་བྱུང་། །ཅེས་སོགས་མགུར་བཞེས་ཏེ། ང་ལས་སུ་ཆོས་བྱེད་པ་ལ། སྡིག་གཡོས་ཀྱི་དམག་དེ་མི་བྱེད། བསམ་ངན་གྱི་མཐུ་ཡང་མི་བཏང་གསུངས་ནས། བེམ་པོ་གཅིག་གསོལ་ཆོས་ཁུག་དེ་སྐུ་རྒྱབ་ཏུ་བསྣམས་ཏེ། དགོན་གནས་སྐྱུར། རི་ལ་བྲོས་ཏེ་བྱོན་པས། གྲྭ་པ་རྣམས་ཀྱིས་སེར་དམག་ཀྱང་བཤོལ། མགོན་གཡག་དེ་ཡང་ལོག་བྱུང་སྐད། འཕགས་མ་སྒྲོལ་མ་ཞལ་བསྟན་ནས། ཞེ་སྡང་མེ་དཔུང་ཆེན་པོ་དེ། བྱམས་པའི་ཆབ་ཀྱིས་ལེགས་པར་ཞི། ཤིན་ཏུ་དགྱེས་སོ་རྣལ་འབྱོར་པ། ཅེས་ཆེད་དུ་བརྗོད་པ་གསུངས་ཏེ། དེས་འདིས་མཚོན་ནོ། །དམ་པ་འདིའི་དྲུང་དུ་སྐྱེར་སྒང་པ་ཆེན་པོས་སྤྱིར་གདམས་པ་མཐའ་དག་དང་། །ཁྱད་པར་མགོན་པོའི་ཆོས་སྐོར་གསན་ཅིང་། བླ་མས་ཀྱང་མགོན་པོ་བྲན་དུ་འཁོར་བར་ལུང་བསྟན། སྐྱེར་སྒང་གི་གདན་ས་མཛད་ནས་འགྲོ་དོན་ཡང་འཕེལ་བར་མཛད་པའི་སྐབས་ཤིག །


PS001_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་ཞང་སྒོམ་ཆོས་སེང་མཇལ་བར་ཕེབས། མཁའ་འགྲོ་རྣམ་གསུམ་དང་ཨ་ཏ་ཡ་བཛྲ། མཻ་ཏྲི་པ་སོགས་ལས་བརྒྱུད་པའི་རྫོགས་རིམ་གྱི་གདམས་པ་ཟབ་མོ་མང་པོ་དང་། མགོན་པོའི་སྐོར་སྔར་རྗེ་རྨོག་ལྕོག་པ་ལ་མ་གསན་པ་མང་དུ་གསན། དེས་ན་སྐྱེར་སྒང་པ་ལ་ཁྱུང་པོའི་ཐུགས་སྲས་ཕྱི་མ་གཉིས་ཆར་གྱི་གདམས་ངག་རྣམས་གཅིག་ཏུ་འདུས་པ་ཡིན། དམ་པ་འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཡིན་པས་རྦད་བསྐུལ་མཛད་པ་སོགས་ཡེ་མེད་ཀྱང་དགོན་པ་ལ་ལྕགས་རི་བརྩིགས་པ་ཡུལ་པས་བཀག །དེ་རྣམས་རང་ཡུལ་པ་རྣམས་ནང་འཁྲུགས་ཤོར་མགོ་སྡུད་བྱེད་མཁན་དེ་གཉིས་འཐབ་གྲལ་དུ་ཤི་བ་སོགས་ཀྱི་རྟགས་མང་དུ་འབྱུང་བ་ཞིག་ཡིན་པར་སྣང་། དེའི་ཐུགས་སྲས་གཉན་སྟོན་ཆེན་པོ་རི་གོང་པ་ཡིན་ཏེ། སྐྱེར་སྒང་བཞུགས་པའི་སྐབས་ཐོ་རངས་ཁར་གཅིག་བླ་མའི་དྲུང་དུ་ཤོག་གསུང་པ་ལ་བྱོན་པས། སྐྱེར་སྒང་གཟིམ་ཁང་གི་ཐོག་ཁ་ལ་བསྐོར་བ་མཛད་ཅིང་འདུག །ཡ་གའི་ནགས་ཧྲང་ངེ་བ་ཡ་གི་ལ་ལྟོས་དང་གསུངས། གཟིགས་པས་དགོན་པའི་ལྟག་གི་རི་ལོག་ལ་མགོན་པོ་འདི་རྔམས་ཤིང་གཟི་བརྗིད་ཆེ་བར་


PS001_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ། གནོད་སྦྱིན་ཀྵེ་ཏྲ་པ་ལས་མི་སྙིང་དམར་ཙ་རེ་བ་གཉིས་འབུལ་གྱིན་འདུག་པས། འདི་ལྟར་གདའ་ཞུས་པས། དེ་ཙུག་ཡིན། མདང་ཆུ་བསྐོར་ལ་ངན་བྱེད་མཁན་ཞིག་བྱུང་བར་ཡོད་པར་འདུག །དེའི་སྙིང་ཡིན་པར་འདུག་གསུངས། ནམ་ལང་འཕྲལ་ལྟར་ཕྱིན་པས། ཆུ་བསྐོར་འགྱེལ་འདུག །མི་དེ་གཉིས་ཀྱང་འཕྲལ་དུ་ཤི། དེ་ལྟར་མ་སྒྲུབ་པར་ཞལ་གཟིགས་པ་ཡིན། ཕྱིས་ཡོལ་དུ་བཞུགས་དུས། འབྱུང་བ་འཁྲུགས་པའི་ཐོག་མདེལ་བཅུ་གསུམ་པང་དུ་བབས། སྒྱུ་མ་ལྟ་བུར་རྟོགས་པའི་ངང་ནས་སྐུ་ལུས་མེ་དཔུང་ཆེན་པོའི་དབུས་སུ་བཞུགས། ཐོག་ཁོ་རང་ཡང་མ་ཉམས། སྤུ་ཉག་གཅིག་ཀྱང་མ་ཚིག་པ་ལ་ཐོག་མདེལ་རྣམས་ཐུ་བར་བསྣམས་ཏེ་བྲག་གཡང་ལ་བྱོས། དུས་དེར་མགོན་པོ་འདི་ཡང་རོགས་ལ་སླེབ་འདུག་སྟེ། སྣང་བ་སྒྱུ་མ་ལྟ་བུར་ཤར་བའི་སྟོབས་ཀྱིས་བྱ་བ་གང་ཡང་འཆོལ་མ་དགོས་གསུངས། ང་ལ་ནི་དགྲ་དང་གཉན་ལ་ཁྱད་པར་མེད། ཆོས་སྐྱོང་ཁྱེད་རྣམས་ཀྱིས་གཞན་ལ་གནོད་པ་མ་བྱེད་ཅིག །སྒོས་སུ་མི་མ་སོད་ཅིག་ཅེས་གཏན་དུ་ངར་བཅག་པ་ཡིན། དེ་མིན་ཇི་སྙེད་ཅིག་འོང་བ་


PS001_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གསུངས། འོན་ཀྱང་གཟོད་མང་ཚན་གྱི་མཚམས་བསྐྱེལ་བ་དང་། གྲྭ་པ་རྣམས་ལ་མི་མཚམས་པ་ཆེན་པོ་བྱུང་བ་དང་། ཆུ་འཐགས་ཀྱི་ལྟེ་བ་རྐུ་མཁན་དེ་མ་ཐག་ཏུ་ལྟག་པ་ཆག་སྟེ་ཤི་བ་དང་། ལུག་རྫིས་སྐུར་བ་བཏབ་བས་ཁྲག་སྐྱུགས་ཏེ་ཤི་བ་སོགས་བཀའ་ཤིན་ཏུ་གཉན་པའི་རྣམ་གྲངས་ལ་ཟད་པ་མེད། སྐབས་ཤིག་དཔལ་ལྡན་ལྷ་མོ་རེ་མ་ཏིའི་ཞལ་ནས། མགོན་པོའི་སྐུ་ཅིག་བཞེངས་ཤིག །སེམས་ཅན་གྱི་དོན་ཆེན་པོ་ཡོང་གསུང་པ་ལ། ང་བྱ་བཏང་གཅིག་གིས་དེ་འདྲ་བཞེངས་མི་ཐུབ་ལས་ཆེ་གསུངས་པས། ལྷ་མོའི་ཞལ་ནས། ཁྱོད་ཀྱིས་འཇིམ་པ་དམ་བྷེ་ཙམ་ཞིག་མི་འབྱོར་བ་འདུག་གམ་གསུང་། འོ་ན་ངས་སྐུ་བཞེངས་ཀྱི་ཁྱེད་རྣམས་ཀྱིས་མི་མ་སོད་ཅིག་གསུངས། དེ་ནས་ཞག་ཤས་སོང་བའི་ལན་གཅིག་ཉེ་བསྐོར་གྱི་གྲོགས་པོ་གཅིག་ནས་འཇིམ་པའི་ས་བླངས་ཏེ་ཚུར་ཕེབས་ཙ་ན། སྒོ་དྲུང་ན་ཨ་ཙ་ར་བཟོ་ཆ་ཁྱེར་བ་གཅིག་འདུག །དེ་ལ་གཏམ་བྱས་པས། འཇིམ་བཟོ་ལེགས་པོ་ཤེས་ཟེར་བས། རྟེན་འབྲེལ་འགྲིགས། ཡ་མཚན་ཆེ་དགོངས་ཏེ་ནང་དུ་སྤྱན་དྲངས་ཏེ་ཞག་གཉིས་གསུམ་རྒྱུ་ཚོགས་རྣམས་བསགས། ཚོན་རྩི་ཚུན་ཆད་འཛོམ་པར་བྱུང་བས་


PS001_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པར་བརྩམས་པ་ལ། ནུབ་མོ་གྲལ་བཤོམས་བྱས་ནས་བཞག་པས་ནམ་ལངས་མ་ཐག་སྐུ་ཡོངས་རྫོགས་ཚོན་རྩི་དང་བཅས་པ་གྲུབ་འདུག །དེ་ན་རེ། ད་རབ་གནས་ཀྱི་གྲབ་རན་གསུང་པ་ལ། མགོན་པོའི་སྤྲུལ་པ་ཡིན་པར་མཁྱེན་ནས། རབ་གནས་ཀྱང་ཁྱེད་རང་གིས་མཛོད་གསུངས་པས། ཨ་ཙ་ར་ཡང་སྐུ་འདྲ་ལ་ཐིམ། དེ་ལྟར་ན་རང་བྱོན་མགོན་པོར་གྲགས་ཤིང་ཤིན་ཏུ་བྱིན་རླབས་ཆེ་བ། ད་ལྟའི་བར་དུ་ཡང་བཀའ་གཉན་ཅིང་རྟགས་མངོན་གྱུར་དུ་བཞུགས། མགོན་པོའི་སྐུ་བྱིན་རླབས་ཆེ་ཆེ་གཞན་ཀུན་ལྐོག་ཏུ་ཡིབ་པའི་ཚུལ་གྱིས་བཞུགས་ཀྱང་། འདི་ནི་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བ་མཐའ་ཅན་དུ་བྱེད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་པ་ཡིན་གསུངས་ནས་ད་ལྟའི་བར་དུ་སྐྱེ་བོ་ཐམས་ཅད་ཀྱི་ཕྱག་མཆོད་ཀྱི་ཡུལ་དུ་བཞུགས་སོ། །དེ་ལྟ་བུའི་སངས་རྒྱས་གཉན་སྟོན་གྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་ནི། འགྲོ་མགོན་སངས་རྒྱས་སྟོན་པ་ཡིན། དེ་ཡང་བླ་མ་གོང་མ་རྣམས་དང་མཚུངས་པར་ཤེས་བྱ་


PS001_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ནི་མཁྱེན་པ་རྒྱས། མཁས་བཙུན་བཟང་པོའི་ཕུལ་དུ་གྱུར། འཇིག་རྟེན་ཆོས་བརྒྱད་ལ་ནི་ཐུགས་ལོག །འཁོར་འདས་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས། གནས་ལུགས་ཀྱི་དོན་རྟོགས་པ་ལ་ནི་འགྱུར་བ་མེད། བྱམས་སྙིང་རྗེ་ནི་མཁའ་ལྟར་ཁྱབ། ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི་བྲན་བཞིན་དུ་འཁོལ། གཞན་ཕན་འགྲོ་དོན་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ལྟ་བུའི་བླ་མ་དམ་པ་དེ་ལ་ནི་ཚོགས་པ་ཁྲི་ཚོ་མང་པོ་འདུས་པས། ནུབ་ཕྱོགས་ཛ་ལནྡྷ་ར་དང་ཨོ་རྒྱན་ཚུན་ཆད་ནས་ཤར་ཕྱོགས་རྒྱ་ནག་གི་བར་དུ་བུ་སློབ་ཀྱིས་མ་ཁྱབ་པ་མེད་ཀྱང་། ཐུགས་སྲས་ཀྱི་གཙོ་བོ་གདན་ས་པ་སློབ་དཔོན་ཨའི་སེང་གེ་དང་། ཕྱོགས་མཐར་ཕྲིན་ལས་སྐྱོང་བ་འཇག་བསམ་གཉིས་ཀྱིས་རྐང་བཟུང་བའི་སྒྲུབ་བརྒྱུད་དཔལ་ལྡན་ཤངས་པའི་སྲོག་འཛིན་པ་རྣམས་ཀྱིས་མགོན་པོ་འདིའི་ཆོས་སྐོར་རྣམས་མ་ནོར་བ་ཐུགས་ཉམས་སུ་བཞེས་པས། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུའི་གདམས་པ་འཆད་པ་དང་། ཉན་པ་དང་། ཉམས་སུ་ལེན་མཁན་རྣམས་ལ་མ་བསྒྲུབས་ཀྱང་མགོན་པོ་འདི་རང་ཤུགས་ཀྱིས་


PS001_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཡིན། དེ་ལྟར་གཉན་སྟོན་ནས་བརྒྱུད་པའི་མགོན་པོ་རི་གོང་པའི་ལུགས་ལ་སྨད་ལུགས་པ་ཟེར་ཏེ་རི་གོང་གདན་ས་པ་ནས་བརྒྱུད་པ་འདི་ཕག་མོ་གྲུ་པ་སོགས་དབུས་སུ་དར་རྒྱས་ཆེན་པོ་བྱུང་འདུག །འཇག་པ་ལ་སྟོད་བརྒྱུད། སྨད་བརྒྱུད། བར་བརྒྱུད་གསུམ། བསམ་ལྡིང་པའི་ལུགས་ལ་ལྷོ་གཅོད་བརྒྱུད་པ་གཉིས་སོགས་བྱུང་ངོ། མགོན་པོ་སྟོད་ལུགས་པའི་སྲོལ་འཛིན་རྣམས་ལ་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བོར་བྱེད་ཅིང་། མཐུ་བོ་ཆེ་མང་དུ་བྱུང་ཡང་བྱུང་ལ། མཐུ་ཆེན་དུ་རློམ་པའི་རྔམ་བརྗིད་བྱེད་པ་ཡང་མང་དུ་བྱུང་ཞིང་། སྔོན་དུས་ལུགས་འདི་དར་རྒྱས་ཆེ། དེང་སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད་དོ། སྨད་ལུགས་པ་ཤངས་པ་བཀའ་བརྒྱུད་པའི་སྐྱེས་ཆེན་རྣམས་ནི། ཆོས་སྐྱོང་ཚུལ་བཞིན་བསྟེན་པར་མཛད་མོད། ངེས་ཟབ་མོ་ཆོས་ཀྱིས་རྒྱུད་གྲོལ་བས། སྣང་བ་སྒྱུ་མ་ལྟ་བུ་དང་། རང་ཤར་ཕྱག་རྒྱ་ཆེན་པོའི་ཡོ་ལང་ཙམ་མ་ཡིན་པར་ཐུགས་ལ་རིག་པའི་ཕྱིར། ཁུག་ཤོག་བསོད་ཤོག་རྒྱོབ་ཤོག་གི་བཟླས་བརྗོད་དང་། གཞན་ལ་གནོད་སེམས་ཀྱིས་དུས་འདའ་བར་བྱེད་པའི་ཕྱག་སྲོལ་ནི་མེད། སེམས་ཀྱི་མདུད་པ་རང་གྲོལ་ཤིགས་སེ་


PS001_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས་ཕྲིན་ལས་རྣམས་བཞི་འབང་མེད་དུ་འགྲུབ་པ་ཞིག་ནི་ཡིན་པར་སྣང་ངོ་། མགོན་པོ་རི་གོང་པའི་ལུགས་འདི་ཕྱི་དུས་ཤིན་ཏུ་དར་རྒྱས་ཆེ། ཆོས་རྒྱུད་ཀྱི་སྡེ་གཞན་དུ་དར་བ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་འཇག་ཆེན་བྱམས་པ་དཔལ་ལ་གསན། རིག་པའི་དབང་ཕྱུག་དགེ་ལེགས་དཔལ་བས་འཇག་པའི་སློབ་བརྒྱུད་མུས་ཆེན་ནམ་མཁའི་རྣལ་འབྱོར་པ་ལ་ཞུས་པ་ཡིན། དེ་ལ་བརྟེན་ནས་ཀྱང་མགོན་པོ་འདི་ལ་མཆོད་མཁན་ཕྱོགས་ཐམས་ཅད་དུ་ཁྱབ་བོ། རི་གོང་གདན་ས་པ་ནས་བརྒྱུད་པའི་བཀའ་སྲོལ་ལ་མཁས་གྲུབ་ཆོས་བཟང་ཉི་མ་བྱ་བ་བྱོན་པ་ལ་འཕགས་ཆེན་བསོད་ནམས་དར་བ་དང་འཕགས་པ་རི་བ་སོགས་ཀྱིས་ཞུས་ཏེ། འཕགས་པ་སྡེ་བཞིར་དར་བ་སོགས་ཐོར་བུ་ཐོར་བུ་དར་བ་ནི་ཤིན་ཏུ་མང་སྟེ་སྨོས་ཀྱིས་མི་ལོང་ངོ་། བཞི་པ་ནི། མགོན་པོ་འདིའི་ཆོས་སྐོར་ལ་རྣམ་གྲངས་མང་ཡང་། དྲག་པོ་མཐུ་སྒྲུ་དང་། ཞི་བ་ནོར་སྒྲུབ་གཉིས་སུ་འདུས། དང་པོ་ལ་སྒྲུབ་ཐབས་མི་འདྲ་བའི་


PS001_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ནི། མགོན་པོ་སྐུ་མདོག་ནག་པོ་ལ་གཙོ་རྐྱང་དང་། ལྕམ་དྲལ་དང་། ལྷ་གསུམ་དང་། དྲེགས་པ་སྡེ་ལྔས་བསྐོར་བ་དང་། རྒྱན་ཅན་ལྷ་ལྔ་དང་། ལྷ་བཅུ་གསུམ་པ་དང་། ས་ར་ཧའི་ལུགས་དང་། སྟོད་ལུང་པའི་མགོན་པོ་ལྷ་དགུ་ལ་སོགས་པ་ཡོད། གཞན་ཡང་ལྗང་གུ་དྲག་སྒྲུབ་དང་། སེར་པོ་དྲག་སྒྲུབ་དང་། ལྷ་མོའི་སྒོས་སྒྲུབ་དང་། འཁོར་གྱི་སྒོས་སྒྲུབ་དང་། རྟེན་བཞི། གནད་གསུམ་ལ་སོགས་པ་མཆོག་སྒྲུབ་དང་ལས་ཚོགས་ཤིན་ཏུ་མང་བ་ཡོད་དེ། ཁུངས་དང་ལྡན་པ་རྩོད་མེད་ཤ་སྟག་ཡིན། སྟོད་ལུགས་ཀྱི་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང་། དབུ་ཞལ་ཉེར་གཅིག་དང་། རྒྱུད་ལེ་བརྒྱད་མ་དང་། ལེའུ་བཅུ་གཉིས་མ་དང་། མདོས་ཆོག་ལ་སོགས་པ་རྣམས་རྒྱ་གར་ནས་ངེས་པ་དཀའ་ཡང་། བྱིན་རླབས་ཀྱི་སྒོ་ནི་ཆེན་པོ་ཡོད་པར་སྣང་ངོ་། །གཉིས་པ་ནི། མགོན་དཀར་ཡིད་བཞིན་ནོར་བུ་དང་། མགོན་པོ་གཟི་ལྡན་དང་། མགོན་པོ་མཆིན་ཁ་དང་། མགོན་སེར་ཞལ་བརྒྱད་པ་དང་། མགོན་སེར་ནོར་སྒྲུབ་དང་། མགོན་དམར་དབང་གི་རྒྱལ་པོ་དང་།


PS001_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དམར་ཚེ་སྒྲུབ་དང་། མགོན་ལྗང་ཚེ་བདག་ལ་སོགས་པ་མང་པོ་དག་ཡིན་ནོ། །གཉིས་ཀ་ལ་དགོས་པའི་མན་ངག་ནི། གནད་ལ་དབབས་པ་ཕྱི་ནང་དང་། གྲིབ་སེལ་ཕྱི་ནང་དང་། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་ཡིན་ནོ། །གཞན་ཡང་ལྷ་བཞིའི་དྲིལ་སྒྲུབ་དང་། མཁའ་སྤྱོད་སུམ་ཕྲུགས་སོགས་ཀྱང་ཡེ་ཤེས་མགོན་པོ་འདི་དང་འབྲེལ་བའི་ཟབ་ཆོས་ཁྱད་པར་ཅན་ཡིན་ཏོ། །དེ་ལྟར་ན་འདི་ཟུར་ཙམ་སྨོས་ཀྱི། རྒྱས་པར་བླ་མ་དམ་པས་སྟོན་པར་འགྱུར་རོ། །འདིར་སྨྲས་པ། བརྗོད་བྲལ་ཡེ་ཤེས་མཆོག་དེ་སྙིང་རྗེ་ཆེར། རྟག་ཏུ་ཤར་བའི་རང་རྩལ་འགགས་མེད་ལས། དུས་གསུམ་ཆད་པ་མེད་པའི་ཕྲིན་ལས་ཅན། མྱུར་མཛད་སྤྱན་རས་གཟིགས་ཀྱིས་དགེ་ལེགས་སྩོལ།། །།ཅེས་པ་ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་བྱུང་ཚུལ་མདོ་ཙམ་འདི་ཡང་། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་བཀས་བསྐུལ་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའམ་མིང་གཞན་ཀུན་དགའ་སྙིང་པོས་སྨྲས་པའོ། །སརྦ་དཱ་ཀ་ལྱཱ་ཱ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ།

སྤར་བྱང།


PS001_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལས། རྒྱལ་མཚན་ཏོག་ལྟར་མངོན་པར་རབ་མཐོ་བ། དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ཅེས་གྲགས་པས། བརྒྱུད་པ་གསེར་གྱི་ཕྲེང་བ་འཛིན་པ་ཡི། ངོ་མཚར་རྣམ་ཐར་དྲི་ཟའི་རྒྱུད་མང་དང་། ཕྱག་དྲུག་མགོན་པོའི་ལོ་རྒྱུས་འབྱུང་ཁུང་བཅས། དཔེ་ཚན་ཉེར་ལྔའི་འཕྲུལ་གྱི་སྤར་ཆུང་འདི། ཡང་ཁྲོད་འཇམ་མགོན་རྗེ་ཡི་གདན་ས་རུ། རྡོར་སློབ་མིང་འཛིན་ཀརྨ་སྒྲུབ་བརྒྱུད་དང་། ཉེ་གནས་ཀར་ལུ་གཉིས་ཀྱི་ལྷག་བསམ་གྱིས། སྒྲུབ་པའི་དགེ་དེས་འགྲོ་ཀུན་སངས་རྒྱས་ཤིང་། ཤངས་བརྒྱུད་བསྟན་པ་དར་རྒྱས་ཡུན་གནས་ཤོག །སརྦ་དཱ་མངྒ་ལམ་བྷ་ཝ་ཏུ།