cover

དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་གཉིས་པ།

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་དཔེ་ཚོགས།

རྟོགས་ལྡན་ཞང་སྒོམ་ཆོས་སེང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས། ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས། རིག་པ་འཛིན་པ་ལྕང་སྐྱ་རོལ་པའི་རྡོ་རྗེ། བླ་མ་མགོན་པོ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཟབ་ལམ་ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་མྱུ་གུའི་ཕྲེང་བ།


PS002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་མྱུ་གུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། །།


PS002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ལྔ་ལྡན་ངེས་པའི་བདག་ཉིད་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་ཆེན་ཟག་པ་མེད་པའི་དབྱིངས། །ཐུགས་རྗེའི་ཕྲིན་ལས་རྒྱུན་མི་འཆད་རྩོམ་པ། །ཁྱབ་བདག་རྡོ་རྗེ་འཆང་ལ་གུས་ཕྱག་འཚལ། །གང་ལས་མཆོག་བརྙེས་མཁའ་འགྲོ་ནི་གུ་མ། །ཟབ་མོའི་ལམ་གྱི་སྲོལ་འབྱེད་ཁྱུང་པོའི་ཞབས། །ཁྱད་པར་བདག་གི་དཔལ་མགོན་དྲིན་ཅན་རྗེ། །རྩ་བའི་བླ་མ་མཐུ་སྟོབས་བཟང་པོར་འདུད། །


PS002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཐུགས་བཅུད་དབང་གི་ཆུ་འཛིན་ཕྲེང་། །བྱིན་རླབས་བདེ་ཆེན་རབ་བསིལ་ཉམས་བརྒྱའི་གར། །ཡེ་ཤེས་བདུད་རྩིའི་སྨན་ཆར་འདོད་དགུའི་གཏེར། །སྐལ་བཟང་ཡིད་མཁར་མཛེས་པར་ཡོངས་སུ་འཁྲིགས། །ཨ་ཧོ་དོན་གཉེར་སློབ་མས་བསྐུལ་བ་དང་། །ཆོས་འདིའི་བཀའ་སྲོལ་མི་ཉམས་འཕེལ་བའི་ཕྱིར། །བརྒྱུད་པའི་ཕྱག་ལེན་འཛིན་མ་ལས་འཕོས་པའི། །བདེ་ཆེན་མྱུ་གུའི་འཕྲེང་བ་སྤེལ་བར་བྱ། །འདིར་ཡེ་ཤེས་


PS002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོའི་རྣལ་འབྱོར་ལ་དངོས་སུ་སྩལ་བའི་ཟབ་ལམ་ནི་གུ་ཆོས་དྲུག་དང་འབྲེལ་བའི་བཀའ་བཅུ་ལ། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས། བྱིན་རླབས་ཁོག་ཕུབས་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་ཡོད་པ་ལས་དང་པོ་བདེ་མཆོག་ནི་གུ་ལྷ་ལྔའི་དབང་བསྐུར་བ་ཉིད་ཡིན་ལ། དེ་ནི་སྒྲུབ་དཀྱིལ་ལོགས་སུ་ཡོད་པ་ལས་རྟོགས་པར་བྱའོ། །གཉིས་པ་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ལ་གཉིས་ཏེ། སློབ་དཔོན་གྱི་བྱ་བ་དང་སློབ་མ་འཇུག་པའི་ཆོས་སོ། །དང་པོ་གནས་ཡིད་དང་མཐུན་པ་སྣོད་དང་། མི་ལྡན་པའི་སྐྱེ་བོས་དབེན་པ་ཞིག་ཏུ་བྱི་དོར་བྱས། སྟེགས་མཛེས་པའི་སྟེང་དུ་མཎྜལ་པདྨ་འདབ་བཞི་ཤར་སྔོ་བྱང་ལྗང་ནུབ་དམར་ལྷོ་སེར་བ་ལྟེ་བ་སྔོན་པོ་དང་ལྔ་ལ་ཚོམ་བུ་ལྔ་བཀོད། མདུན་དུ་མཆོད་པ་ལྔ་དང་། གཏོར་མ་ལྔའམ། བསྡུ་ན་གཅིག་ཚུན་བྱ། བགེགས་གཏོར་དང་། སྤྲོ་ན་སྔོན་འགྲོ་གཏོར་མ་ཡང་བྱ། ཚོགས་ཀྱི་ཡོ་བྱེད་ཅི་འབྱོར་པ་གཡོན་བསྐོར་དུ་བཤམ། རང་ཉིད་སྟན་བདེ་བ་ལ་འཁོད་དེ་སྐྱབས་འགྲོ་ནས་ཉེར་བསྡུའི་བར་བདག་བསྐྱེད་སྔོན་དུ་བཏང་། མདུན་


PS002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཎྜལ་སུམྦྷས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷྷཿསརྦ་དྷརྨཱ༔སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཛིན་པ་ཡང་རང་བཞིན་མི་དམིགས་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སྟོང་པའི་ངང་ལས་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་འབྱུང་བཞི་རི་རབ་སྣ་ཚོགས་པདྨའི་ལྟེ་བར་ཉི་མ་འཇིགས་དུས་ཀྱི་གདན་ལ་ཡི་གེ་ཧཱུྃ་མྃ་ཏཱྃ་པྃ་ལྃ་རྣམས་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། འོད་ཟེར་ཚུར་འདུས་ས་བོན་རྣམས་ལ་ཐིམ་པ་ལས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ཨིནྜ་ནཱི་ལ་ལྟར་འབར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ། ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས་ཅན་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ།


PS002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་བསྡུས་ཤིང་འཇིགས་སུ་རུང་བ། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པ། རྩེ་མོར་རུས་པའི་འཁོར་ལོ་ལ་གནས་པའི་ནོར་བུ་དང་། རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང་། གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་པ། མི་རུས་ཀྱི་རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུའི་ཚོགས་དང་སྐ་རགས་དང་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། ཐལ་བ་ཆེན་པོས་ཉེ་བར་བྱུགས་ཤིང་། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། དཔའ་བོའི་དར་དཔྱངས་དང་བཅས་པ། མིའི་རྒྱུ་མ་ལ་བརྒྱུས་པའི་ཁྲག་འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམ་པའི་འཇིག་བྱེད་ནག་པོ་དང་། གཡས་བརྐྱང་པས་དུས་མཚན་མ་དམར་མོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་མཚན་དང་


PS002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱི་ཕྱོགས་ཐམས་ཅད་གནོན་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་ཡབ་ལ་འཁྱུད་པ་ཡབ་ཡུམ་གཉིས་ཀ་ཡང་ལང་ཚོ་གསར་དུ་བདོ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་


PS002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། མཆན་ཁུང་དུ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་བཅས་ཤིང་། མི་རོའི་གདན་ལ་ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྡོ་རྗེ་ཕག་མོ་དང་མཚུངས་ཤིང་ཕག་མོའི་རིགས་ལས་བྱུང་བའོ། །རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར། ཕཻཾ། བཛྲ་ས་མཱ་ཛཿཨོཾ་ཨརྒྷཾ་ནས་ཤབྚ་ཨཱཿཧཱུྃ། ཛ་ཧཱུྃ་བྃ་ཧོཿ། མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། ཡང་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་རྣམས་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས་ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་


PS002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཞེས་གསུངས་ཤིང་། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་དང་མཁའ་འགྲོ་མ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་སྣང་། ལཱ་མ་ལ་དོན་གྲུབ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་ཤྲཱི་ཙཀྲ་ས་མ་བྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྟ་ཨཱཿཧཱུྃ་གིས་ཕྱི་མཆོད་དང་། ནང་མཆོད། སུམྦྷས་བསང་། སྭ་བྷཱས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ། དེའི་སྟེང་དུ་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔ་སྐད་ཅིག་གིས་བཞུགས་པར་གྱུར། ཡི་གེ་བདུན་པ་བཟླ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཐོད་པའི་སྟེང་གི་ཧེ་རུ་ཀ་ལྷ་ལྔའི་སྐུ་ལ་ཐིམ། སྦྱོར་མཚམས་དང་གསང་བའི་སྒོ་ནས་བདུད་རྩིའི་རྒྱུན་བབས། གཞིར་གནས་ཀྱི་དམ་རྫས་དང་


PS002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཏེ་ཡེ་ཤེས་ཀྱི་བདུད་རྩིས་ཐོད་པ་གང་བར་གྱུར་པ་ལ། ལྷ་ལྔ་པོ་རྣམས་ཀྱང་བདུད་རྩིར་ཞུ་སྟེ་ཐིམ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་སོགས་ལྷ་ལྔ་སོ་སོའི་སྙིང་པོ་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། སྤྲོ་ན། རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་ལྔའི་མཆོད་པ་བྱ། རིགས་ཀུན་བདག་པོ་བཅོན་ལྡན་ཧེ་རུ་ཀ། གཉིས་མེད་སྦྱོར་མཛད་རྡོ་རྗེ་བཙུན་མོ་ཆེ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །དཔལ་ཆེན་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད། །སྐབས་འདིར་གཏོར་མ་བྱིན་གྱིས་བརླབས་ལ་འབུལ་ཞིང་། འོག་ཏུ་འབྱུང་བ་ལྟར་མཎྜལ་ཕུལ། བདག་འཇུག་གི་ཚུལ་དུ་སློབ་མ་ལ་བྱ་བ་ཕལ་ཆེར་ཏིང་ངེ་འཛིན་གྱི་ཚུལ་དུ་དབང་བླང་། གཉིས་པ་སློབ་མ་འཇུག་པའི་རིམ་པ་ལ་སྔོན་འགྲོ་དང་། དངོས་གཞི་གཉི་ལས་དང་པོ་ནི། སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་བགེགས་ལ་གཏོར་མ་སྦྱིན་ལ་མཚམས་རྔམ་བྱ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་


PS002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་ཟབ་མོའི་ཆོས་གསན་སྙམ་པའི་ཀུན་སློང་དང་། ཀུན་སྤྱོད་སྤྱི་བྱེ་བྲག་རྣམས་གསལ་བཏབ་སྟེ་གསན་པར་ཞུ། གང་གསན་པར་བྱ་བ་ནི་འདིར་ཟབ་ལམ་ནི་གུ་ཆོས་དྲུག་གི་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་བྱིན་རླབས་དབང་བཞི་ལུས་བསྒྲིགས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད་ལ། སློབ་མས་དབྱངས་དང་བཅས་ཏེ། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །ཅེས་སོགས་མཎྜལ་བཀའ་རྒྱ་མ་བྱེད་པ་གཞན་ཀུན་ལ་འགྲེའོ། །དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་


PS002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ཀྱང་འཇུག་པར་འཚལ། །ལན་གསུམ་བྱ། དེ་ནས་ཐུན་མོང་གི་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ། དེ་ནས་རིགས་ལྔའི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་


PS002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གི་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེས་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་


PS002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་སྒྲོལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བྱ། །སློབ་མའི་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱས་ལ། །ཁྱེད་རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་ཁ་རཾ་ཧཱུྃ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད། །ཡང་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་


PS002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་གསལ་བཏབ་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། སློབ་དཔོན་གྱིས་སྙིང་ཁར་རྡོ་རྗེ་མེ་ཏོག་དང་བཅས་པ་བཞག་ནས་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭམ་ཧོཿ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེ་ནས་དམ་ལ་བཞག་པའི་སླད་དུ་རྡོ་རྗེ་མགོ་བོར་གཏད་ནས་ཚིག་འདི་ལ་གསན་པས་ཁྱབ་པར་གདའ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །སངས་རྒྱས་སྐུ་རུ་ཁྱོད་འགྲུབ་ཅིང་། །མི་ཕྱེད་ཡེ་ཤེས་ཐོབ་པར་འགྱུར། །སྙིང་ཁར་རྡོ་རྗེ་གཏུགས་ཏེ་ཡེ་ཤེས་དབབ་པ་གསང་བར་གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་ཏྲལ་དེ་གཤེགས། །བདུད་རྩི་ལྔ་ཡི་ཆུ་བླུད་ནས་དམ་ཚིག་བསྲུང་བར་


PS002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཡང་སྤྱི་བོར་རྡོ་རྗེ་བཞག་ནས་བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ཚིག་བསྲུང་བར་གདམས་པ་འདི་ལ་གསན་པས་ཁྱབ་བོ། །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །གུས་པའི་ཚུལ་གྱི་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །ཞེས་བརྗོད། དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཐམས་ཅད་ཀྱི། །བྱིན་གྱིས་བརླབས་པའི་ཡེ་ཤེས་མཆོག །སེམས་ཅན་ཀུན་གྱི་དོན་གྱིས་ཕྱིར། །གཙོ་


PS002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བོས་བདག་ལ་སྩལ་དུ་གསོལ། །ལན་གསུམ། དེ་ནས་ཁྱེད་རང་རྣམས་ཐུགས་འདུན་དམིགས་པ་འདི་བཞིན་མཛོད། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་བདེ་མཆོག་ལྷ་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། དེ་ལས་དེ་དང་འདྲ་བའི་བདེ་མཆོག་ལྷ་ལྔའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར་པའི་མོས་པ་མཛོད། ཡང་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་། བདེ་མཆོག་ལྷ་ལྔའི་རྣམ་པར་སྤྱན་དྲངས་ཏེ། ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་བྱུང་བ་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཆ་ཐམས་ཅད་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་བྱ། ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བཏགས་པ་གང་མང་བརྗོད་དོ། །སྔོན་འགྲོ་ལྔ་པའོ། །གཉིས་པ་དངོས་གཞི་དབང་


PS002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལུས་བསྒྲིགས་ཀྱི་དབང་བསྐུར་བའི་སླད་དུ་མ་ཡེངས་པར་ཐུགས་འདུན་དྲག་པོས་སྤྱན་དམིགས་འདི་རྣམས་བསྒོམ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་པཾ་ལས་པདྨ་རམ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འཇིགས་བྱེད་དུས་མཚན་གྱི་གདན་ལ་ཡི་གེ་ཧཱུྃ་མཐིང་ག་ཞིག་གསལ་འདེབས་པ་ཞུ། དེ་བཞིན་དུ་མགྲིན་པར་པཾ་ལས་པདྨ་འདབ་མ་བཞི་པའི་དཀྱིལ་དུ་ཨཱཿདམར་པོ་འབུར་སྐྱེས་ཞིག་གསལ་འདེབས་པ་ཞུ། ཡང་སྙིང་ཁར་པད་ཉི་འཇིགས་དུས་ཀྱི་གདན་ལ་ཧཱུྃ་མཐིང་ག་ཞིག་གསལ་འདེབས་པ་ཞུ། དེ་ནས་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་གསུམ་པ་གཅིག་གི་ནང་དུ་བཾ་དམར་པོ་ཞིག་གསལ་འདེབས་པ་ཞུ། དེ་ནས་སྤྱི་བོའི་ཧཱུྃ་མཐིང་ག་དེ་ལས་འོད་ཟེར་ཕར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ནས་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་


PS002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་འཇིགས་དུས་ཀྱི་གདན་སྔར་ཡོད་ཀྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་དང་ལྡན་པ་ལ་ཌཱ་ཀི་མ་བཞིས་གཡོན་བསྐོར་དུ་ཁོ་རོ་རོ་བསྐོར་བ་བྱེད་པ་ལ་དམིགས་པ་དྲག་ཏུ་གཏོད་མཛོད། དེ་ལྟར་བསྒོམས་པས་དྲོད་སྐྱེས། དགའ་བ་ཉམས་སུ་མྱོང་སྟེ་བུམ་དབང་གི་ངོ་སྤྲོད་ཡིན་ནོ། །དེ་ནས་བུམ་དབང་གི་དབང་བཞིའི་སླད་དུ་དམིགས་པ་འདི་བཞིན་མཛོད། དེ་ཡང་སྤྱི་བོར་ངོ་བོ་བླ་མ་ལ་རྣམ་པ་ཡི་དམ་གྱི་སྐུའི་ངོ་བོ་ལྷ་ལྔ་གསལ་བ་དེ་ལ་ཁྱེད་རང་རྣམས་ཀྱིས་ལུས་ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་རྒྱུད་བདེ་བས་གང་ནས་མཉེས་པར་བསམས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་ཡོངས་རྫོགས་སུ་བསྐུར་དུ་གསོལ། དེ་ནས་བླ་མ་དང་ཐ་མི་


PS002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་ཧེ་རུ་ཀའི་ཐུགས་ཀའི་ས་བོན་ཡི་གེ་ཧཱུྃ་ལས་བདུད་རྩིའི་ཆུ་རྒྱུན་བབས། འོད་དཀར་པོ་བྱུང་བས་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འོད་ཀྱིས་ཁྱབ། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་འོད་ཀྱིས་ཁྱབ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པའི་མོས་པ་མཛད་ནས་དར་གཅིག་མཉམ་པར་ཞོག་མཛོད། ཡི་གེ་བདུན་པ་བཟླ་ཞིང་ཌཱ་དྲིལ་དཀྲོལ་ལོ། །དེ་ནས་བུམ་དབང་གི་དབང་བཞི་ཡིན་ནོ། །ཞེས་བརྡ་སྤྲད། དེ་ནས་སྤྱི་བོའི་ལྷ་མོ་བཞི་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཞུ་ནས་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས་ཏེ།


PS002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ཨཱཿདམར་པོ་འབུར་སྐྱེས་དེ་ལ་ཐིམ་པའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་བླ་མ་ཡི་དམ་གྱི་གསུང་གི་ངོ་བོ་ཨཱཿདམར་པོ་དེ་ལ་དར་ཅིག་སེམས་གཏོད་མཛོད། དེ་ལྟར་གཏད་པས་སེམས་ལ་བདེ་བ་སྐྱེས། མཆོག་ཏུ་དགའ་བ་ཉམས་སུ་མྱོང་། དེ་གསང་དབང་གི་ངོ་སྤྲོད་ཡིན། །དེ་ནས་གསང་དབང་དངོས་ཀྱི་སླད་དུ་དམིགས་པ་འདི་བཞིན་མཛོད། མགྲིན་པའི་ནང་གི་བླ་མ་ཡི་དམ་རྣམས་ཀྱི་གསུང་གི་ངོ་བོ་ཨཱཿདམར་པོ་དེ་ལ་སྔར་ལྟར་རང་གི་ལུས་ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས། ཐུགས་རྒྱུད་བདེ་བས་གང་ནས་མཉེས་པར་བསམ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བླ་མ་རིན་པོ་ཆེས་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་


PS002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་ནང་གི་ཨཱཿདམར་པོ་དེ་ལས་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པ་བདེ་ཕྲི་ལི་ལི་བྱུང་ནས་མགྲིན་པའི་རྩ་འཁོར་ཐམས་ཅད་འོད་ཀྱི་ཁྱབ་པས། ངག་གི་སྡིག་སྒྲིབ་དག། གསང་བའི་དབང་ཐོབ་པའི་མོས་པ་མཛད་ནས་དར་ཅིག་མཉམ་པར་ཞོག་མཛོད་སྤོས་རོལ་དང་ཡི་གེ་བདུན་པ་བཟླ་ཞིང་ཌཱ་དྲིལ་བྱ་བ་འགྲེ། དེ་ནི་གསང་བའི་དབང་གི་ངོ་བོ་ཡིན་ནོ། །དེ་ནས་མགྲིན་པའི་པད་འདབ་འོད་དུ་ཞུ་བ་ཨཱཿདམར་པོ་ལ་ཐིམ། ཨཱཿའོད་དུ་ཞུ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་གི་ཧཱུྃ་མཐིང་ཁ་དེ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར། དེ་ཡང་རྩ་བའི་མཁའ་འགྲོ་མ་བཞིས་གཙོ་བོ་ལ་བསྐོར་བ་བྱེད་པ་ལ་དར་ཅིག་སེམས་གཏོད་མཛོད། དེ་ལྟར་བསྒོམས་པས་ལུས་སེམས་ལ་མི་རྟོག་པ་སྐྱེས། དགའ་བྲལ་གྱི་དགའ་བ་ཉམས་སུ་མྱོང་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་སྤྲོད་ཡིན་ནོ། །དེ་ནས་དབང་གསུམ་པ་


PS002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་གི་བླ་མ་ཡི་དམ་གྱི་ཐུགས་ཀྱི་ངོ་བོ་བདེ་མཆོག་ལྷ་ལྔ་དེ་ལ་སྔར་ལྟར་རང་གི་ལུས་ལོངས་སྤྱོད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་རྒྱུད་བདེ་བས་གང་ནས་མཉེས་པར་བསམས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་གཙོ་བོའི་ཐུགས་ཁ་ནས་འོད་སྔོན་པོ་བྱུང་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་འོད་ཀྱིས་ཁྱབ་པས་ཡིད་ཀྱི་སྡིག་སྒྲིབ་དག། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛད་ནས་དར་ཅིག་མཉམ་པར་ཞོག་མཛོད། སྔགས་རོལ་བྱ། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཡིན་ནོ། །དེ་ནས་སྙིང་ཁའི་ལྷ་མོ་བཞི་ཡུམ་ལ་ཐིམ་


PS002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཡང་ཡབ་ལ་ཐིམ། ཡབ་འོད་དུ་ཞུ་བའི་ལྟེ་བའི་ཆོས་འབྱུང་ནང་གི་བམ་དམར་པོ་ལ་ཐིམ། བམ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་ཅང་ཏེའུ་སྒྲ་དང་བཅས་པ། གཡོན་ན་ཐོད་པ་བསྣམས་པ། སྐུ་མདོག་དམར་མོ། རུས་པའི་རྒྱན་ཅན་ཁྲོ་ལ་འཛུམ་པ་སྒེག་པ་གར་བྱེད་པ། དེ་ལ་དར་ཅིག་སེམས་གཏོད་མཛོད། དེ་ལྟར་བསྒོམས་པའི་ལུས་སེམས་ལ་དྲོད་བདེ་བ་མི་རྟོག་པ་གསུམ་སྐྱེས། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་སྟེ་དབང་བཞི་པའི་ངོ་སྤྲོད་ཡིན་ནོ། །དེ་ནས་དབང་བཞི་པ་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ལྟེ་བའི་ཆོས་འབྱུང་ནང་གི་བླ་མ་ཡི་དམ་གྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་རྗེ་བཙུན་རྣལ་འབྱོར་མ་ལ་སྔར་ལྟར་རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་རྒྱུད་བདེ་བས་གང་


PS002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་མཉེས་པར་བསམ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རྣལ་འབྱོར་མའི་ཤངས་བུག་གཡས་ནས་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿཞེས་ཨཱ་ལིའི་ཕྲེང་བ་དང་། གཡོན་པ་ནས་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཞེས་ཀཱ་ལིའི་ཕྲེང་བ་བྱུང་ནས་རྣལ་འབྱོར་མའི་སྨིན་མཚམས་སུ་ཡི་གེ་དེ་རྣམས་གཡུང་དྲུང་རིས་དམར་པོ་གཅིག་ཏུ་གྱུར་ནས་དེ་དྲག་ཏུ་འཁོར་བ་ལ་སེམས་གཏོད་མཛོད། མཐར་རྣལ་འབྱོར་མ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། ཁྱེད་རང་གི་ཕུང་པོ་ཡང་འོད་ཕུང་ལྟ་བུ་ལ་སྟོང་སངས་ཀྱིས་སོང་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ངང་དུ་


PS002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ་མཉམ་པར་ཞོག་མཛོད། །དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག། དབང་བཞི་པ་ཐོབ་པའི་མོས་པ་མཛོད། སྤོས་རོལ་བྱ། དེ་ནས་སླར་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པའི་ཚུལ་དུ་སྟོང་པ་དེའི་ངང་ལས་ཁྱེད་རང་རྣམས་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་སྒྱུ་མ་ལྟ་བུ་སྣང་ལ་ཞེན་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལམ་གྱིས་བཞེངས་པར་བསྒོམ་མཛོད། ཁྱེད་རང་རྣམས་ལྷར་གསལ་བ་ལ་སློབ་དཔོན་གྱིས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམ་པ་ལྔ་ཡང་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱ་རྣམས་བརྗོད་དབང་གི་ཕན་ཡོན་ནི་སྔར་དབང་ཐོབ་པའི་ཉམས་པ་རྣམས་གསོ་བ་དང་། སྡིག་པ་ཐམས་ཅད་ཡོངས་སུ་ཟད་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་འགྱུར་བ་དང་། ཏིང་ངེ་འཛིན་བསྒོམ་པ་ལ་སོགས་ཁྱད་པར་ཅན་ཐོབ་པའི་དགོས་པ་ཡོད་དོ། །དེས་བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་


PS002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིག་གི་ཏིང་ངེ་འཛིན་གྱི་དབང་བསྐུར་གྲུབ། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པའི་ཚོགས་ཐམས་ཅད་ཚུལ་བཞིན་དུ་བསྲུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱ། རྗེས་ཀྱི་ཆོ་ག་ཡིག་བརྒྱ་བརྗོད་ལ་ནོངས་པ་བཟོད་གསོལ་བྱ། མཎྜལ་གྱི་སྟེང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་ཁར་བསྡུའོ། །ཟབ་གནད་མང་པོ་ཐོས་པའི་བློས། །ཏིང་འཛིན་དབང་ཆོག་རབ་བསལ་འདི། །ཤངས་ཆོས་བསྟན་པ་འཛིན་འདོད་ཅན། །ཉམས་ཁྲིད་སྐྱོང་ལ་མཁོ་ཕྱིར་བྲིས། །ཟབ་ལམ་ནི་གུ་ཆོས་དྲུག་དང་འབྲེལ་བའི་སློབ་མ་རྗེས་སུ་འཛིན་ཐབས། བདེ་ཆེན་མྱུ་གུའི་ཕྲེང་བ་ཞེས་བྱ་བ་བློ་གསལ་རི་ཁྲོད་པས་སྦྱར་བ་ལས་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་ཀྱི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།བླ་མ་ཡི་དམ་མཁའ་འགྲོ་ལ། །དངོས་པོ་ཀུན་གྱིས་གུས་བཏུད་ནས། །བྱིན་རླབས་ཁོག་ཕུབ་བཀའ་གཉིས་ལས། །དང་པོ་བདག་གིས་བཤད་པར་བྱ། །འདིར་ཟབ་ལམ་ནི་གུ་ཆོས་དྲུག་གི་ཁོག་ཕུབ་ཀྱི་བཀའ་དང་པོ་སྒྱུ་ལུས་དབང་མོ་ཆེ་བསྐུར་


PS002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་ཞིག་འབྲི་བ་ལས། དང་པོ་རྒྱས་པ་ནི། ས་སྦྱང་བཟུང་སྔོན་དུ་འགྲོ་བས་གཞལ་ཡས་ཁང་སྤྱི་དང་འདྲ་བ་ལ་རྟ་བབས་བཞི་ཡོད་པ་གཅིག་གི་ཐིག་བཏབ། དེའི་ནང་དུ་ཚངས་ཐིག་གིས་བཅད་པའི་ལྟེ་བའི་དང་ཟུར་བཞིར་ཟླུམ་བསྐོར་བཞིའི་རྭ་བ་བསྐོར་ཏེ་ཤར་ལྷོའི་ཟླུམ་བསྐོར་ལ་ཆོས་འབྱུང་ཉིས་བརྩེགས་ཀྱི་ཐིག་བཏབ། ནུབ་བྱང་དང་། བྱང་ཤར་གཉིས་ཀྱི་ཟླུམ་བསྐོར་ལ་ཆོས་འབྱུང་རྐྱང་པ་རེ་དང་། ལྷོ་ནུབ་ཏུ་པདྨ་འདབ་བཞིའི་བཅད་བྱའོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ་རྭ་བ་གསུམ་བསྐོར་ཏེ་ཐིག་གི་རིམ་པའོ། །དེ་ལ་ཚོན་བཀྱེ་བ་ནི་གཞན་སྤྱི་འགྲེ་བཞིན་ལས། གཞལ་ཡས་ཁང་གི་ནང་གི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སུ་ཉི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གཅིག་འབྲི། ཤར་ལྷོའི་ཆོས་འབྱུང་ཉིས་བརྩེགས་དཀར་པོ་ལ་བཅད་མཐིང་ནག །མེ་རི་དམར་པོ། །དབུས་སུ་ཉི་གདན་ལྔ་ཚོམ་ལ། ཚོམ་བུ་མཐིང་ཁ་ལྔ་བཀོད། ལྷོ་ནུབ་ཀྱི་པདྨ་འདབ་


PS002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཕྱོགས་མདོག་གི་ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ་བཀོད། །བྱང་ཤར་གྱི་ཆོས་འབྱུང་དམར་པོ་བཅད་ལྗང་ཁུ། གྲུ་བཅད་དཀར་པོ་ཡོད་པའི་དབུས་སུ་ཉི་གདན་ལྔ་ཚོམ་ལ་དབུས་དཀར། ཤར་ནག། ལྷོ་སེར། ནུབ་དམར། བྱང་ལྗང་ཁུའི་ཚོམ་བུ་ལྔ་བཀོད། ནུབ་བྱང་གི་གྲྭའི་ཆོས་འབྱུང་ནག་པོ། མེ་རི་དམར་པོ། གྲུ་བཅད་ལྗང་ཁུ། ཟླུམ་བསྐོར་གྱི་ཆར་མུ་ཁྱུད་ནག་པོ་ཡོད་པའི་དབུས་སུ་ཉི་གདན་ལ་ཚོམ་བུ་ནག་པོ་བཀོད་དོ། །གཞལ་ཡས་ཁང་གི་ཕྱིར་གསུམ་ལ་མུ་ཁྱུད་ཕྱི་ནས་རིམ་པས་དཀར་པོ་དང་། དམར་པོ་དང་། སྔོན་པོ་གསུམ་གྱི་ཁོར་ཡུག་བྱ་སྟེ་དང་པོ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་། གཉིས་པ་དེའི་ནང་དུ་མེ་རི་དང་། གསུམ་པ་དེའི་ནང་དུ་རྡོ་རྗེའི་རྭ་བ་རྣམས་ཡོད་པ་མཚོན་པ་ཡིན་ལ་སྐུ་གསུང་ཐུགས་གསུམ་མཚོན་པའང་ཡིན་གསུང་ངོ། །གཉིས་པ་འབྲིང་པོ་བྱ་བ་ནི། འདོད་སྣམ། དམར། ཕ་གུ། སེར། དྲྭ་ཕྱེད། ནག་


PS002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བུ། མདའ་ཡབ་རྣམས་དོར་ཏེ། རྩིགས་པ་ལྗང་ཁུ་དང་། སྒོ་ཁྱུད། སྒོ་འགྲམ། སྒོ་ལོག། སྒོ་སྟེང་གི་གདུག་དང་བཅས་པ་སྔོ། དཀར། ཞིག་བྱ་སྟེ་གཞན་སྔ་མ་ལྟར་རོ། །གསུམ་པ་བསྡུས་པ་ནི། རྩིགས་པ་ཕན་ཆད་ཀྱི་གཞལ་ཡས་ཁང་མི་འབྲི་བར་མཎྜལ་གྲུ་བཞི་པ་ཕྱོགས་མདོག་ཅན་ལ་ཟླུམ་སྐོར་བཞི་པའི་ཆོས་འབྱུང་དང་པདྨ་གོང་བཞིན་བྲིས་ལ་ཕྱིའི་མུ་ཁྱུད་གྲུ་བཞི་རེ་ཁ་དཀར་པོ་བྱའོ། །དཀྱིལ་འཁོར་བྱ་ཐབས་བཤད་ཟིན་ཏོ། །ད་ནི་བཤམ་བཀོད་ཚུལ་ལ། མཎྜལ་གྱི་སྟེགས་བུར་མདུན་དུ་ཟླུམ་སྐོར་མཱམ་སས་བརྒྱན་པ་གཉིས། གོ་སྐབས་ཅི་བདེ་བར་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་རྣམས་དང་འོག་ཏུ་དགོས་པའི་དབང་རྫས་དང་ཚོགས་ཀྱི་ཡོ་བྱད་སོགས་བཤམ་མོ། །བུམ་པ་ནི་ལྷོ་ནུབ་ཀྱི་གྲྭའི་པདྨ་འདབ་བཞིའི་དཀྱིལ་འཁོར་དེར་འཇོག་པ་དབང་ཆོག་ལས་གསུངས་པ་ལྟར། དཀྱིལ་འཁོར་རྒྱ་ཁྱོན་ཆེན་པོ་ཡོད་ན་དེར་མཉྫིའི་སྟེང་དུ་བཞུགས་རྒྱུ་


PS002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མོད་ཀྱི། ཕྱག་ལེན་ལ་ནི་དཀྱིལ་འཁོར་ཆེ་ན་ཟླུམ་སྐོར་བཞི་ཚོམ་གྱི་དབུས་སུ་མཉྫི་ལ་འཛོག་གི་ན་འདུག །དེ་མིན་དཀྱིལ་འཁོར་ཆུང་ངུ་ལ་བུམ་པ་ལོགས་སུ་བཤམས་པ་ལེགས་སོ། །བུམ་པ་ནི་མགུལ་ཆིང་ཁ་རྒྱན་དང་བཅས་པ་སོགས་བཤམ་ཚུལ་སྤྱི་དང་འདྲ་ཡང་དུང་ཆོས་གཟུངས་ཐག་ནི་མི་དགོས་སོ། །འདི་ཉིད་ཀྱི་དབང་ཆོག་ལས། པདྨ་འདབ་བཞིའི་དཀྱིལ་འཁོར་ལ་ཚོམ་བུ་ལྔ་པ་འགོད་པར་གསུངས་ཤིང་། དེར་ལྷ་མི་བསྐྱེད་ཀྱང་བུམ་ཆུའི་གདན་ཡིན་པས་བུམ་ནང་གི་ལྷ་རྣམས་མཚོན་པ་འདྲ་བ་དང་། ཆོས་འབྱུང་དམར་པོའི་སྟེང་དུ་བདེ་མཆོག་ལྷ་ལྔ་བསྐྱེད་པ་ལྟར་གསུངས་ཤིང་། དེང་སང་ཡང་ཕལ་ཆེར་ཡི་གེ་ནག་འགྲོས་ལྟར་བྱེད་པ་ལྷན་ཐབས་ཀྱི་ཡི་གེ་འགའ་རེ་ནའང་དེ་དང་འདྲ་མིན་ཙམ་བཤད་ཀྱང་། བླ་མའི་ཞལ་ནས་དེ་རྣམས་མན་ངག་གབ་པ་ཡིན་ཅིང་། ཁྱད་པར་ལྷན་ཐབས་ཀྱི་ཡི་གེ་ན། པདྨ་འདབ་བཞིའི་དབུས་སུ་


PS002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ། མདུན་དུ་ཡི་དམ། གཡས་སུ་འདས་པའི་བླ་མ། ཞེས་སོགས་འཆད་པ་ནི་ཤིན་ཏུ་མ་དག་གསུང་། དེས་ན་རང་ལུགས་ཞལ་ཤེས་ཀྱི་ལག་ལེན་ནི་ཆོས་འབྱུང་ཉིས་བརྩེགས་དང་བུམ་པའི་ནང་དུ་རྒྱུད་སྡེ་ལྔའི་གཙོ་བསྡུས་པདྨ་འདབ་བཞི་ལ་བླ་མ་རྡོ་རྗེ་འཆང་ལ་མཁའ་འགྲོ་སྡེ་ལྔས་བསྐོར་བའམ། བླ་མའི་ངོ་བོ་བདེ་མཆོག་ལྷ་ལྔ། ཆོས་འབྱུང་དམར་པོའི་ནང་དུ་རྡོ་རྗེ་ཕག་མོ་ལྷ་ལྔ་བསྒོམ་པ་ཡིན་ནོ། །སྦྱོར་བའི་རིམ་པའོ། །གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་ཆོ་ག་དང་། སློབ་མ་ལ་བྱ་བའི་རིམ་པ་གཉིས་ཀྱི། དང་པོ་ལ། སྔོན་འགྲོ་གཏོར་མ། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བྱིན་རླབས་བྱ། ཕཻཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲི་ཤྱ་ཧོ་ཅེས་པས་མགྲོན་བཀུག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྴ་རཱཀྵ་ས་བྷུ་ཏ། པྲེ་


PS002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། པི་ཤཱ་ཙ། ཨུད་མནྟ། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིང་གྲྀ་ཧྞན་ཏུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཱཻ་བམ། ཡ་ཐེཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ། སངྶུ་ཁཾ་བི་ཤཱུདྡྷ་ཡེ། ས་ཧཱ་ཡི་ཀཱ་བྷ་ཝནྟ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། ཨརྒྷཾ་ནས། ཤཔྟ་ཨཱཿཧཱུྃ་གིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི༴། འབྱུང་པོའི༴ ཤ་ཟའི༴ སྨྱོ་བྱེད༴ རྗེད་བྱེད༴ མ་མོའི༴


PS002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །དམ་ཅན་ཁྱེད་རྣམས་དཀྱིལ་འཁོར་གྱི། །ལས་ལ་སྲུང་བ་དམ་པ་དང་། །ཡུལ་ཕྱོགས་འདི་དང་སྦྱིན་བདག་དང་། །སློབ་མ་ལ་ཡང་ཤིས་པར་མཛོད། །གསང་སྤྱོད་ལྟ་བར་མི་དབང་བའི། །འབྱུང་པོའི་ཚོགས་རྣམས་གང་ཡིན་པ། །གཏོར་མའི་ལྷག་མ་འདི་ལོངས་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །ཅི་སྟེ་འགྲོ་བར་མི་བྱེད་ན། །རྡོ་རྗེ་འཛིན་ཆེན་ཁྲོས་པའི་བཀས། །མཚོན་ཆ་འབར་བའི་སྤྲིན་སྤྲོས་ནས། །ལུས་སེམས་


PS002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་བརླག་ཏ་རེ། །གཏོར་མ་ཕྱི་རོལ་དུ་དོར་ལ་སུམྦྷ་ནི་དྲག་རོལ་བྱ། དེ་ནས་མཆོད་པ་དང་གནས་ཡོ་བྱིན་རླབས་ནི། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་ཆུད་པའི། བྷྲཱུྃ་ལས་གནས་ཁང་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨོཾ་ཨཱཿཧཱུྃ་རྣམས་ལས་བྱུང་ཞིང་། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བཟང་ཞིང་གྱ་ནོམ་པ། ཡུལ་དུས་ཆད་པ་མེད་པར་ཡོངས་སུ་ཁྱབ་ཅིང་། རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ།


PS002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང་། བྱེད་ལས་རང་གཞན་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམས་པར་བྱེད་པས་ཕྱི་ནང་ཐམས་ཅད་དུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱདྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཾཥྤེ་ཨཱཿཧཱུྃ། དེ་བཞིན་ཏུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱ། ཤབྡ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་རུ། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། །ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷཱཎྚེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་རཱ་མི་ཏ། ནཱ་ད་སམྦྷ་བི་ཏེ། བཛྲ་དྷརྨ་ཧྲྀ་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿཨཱཿ


PS002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ་སྭཱ་ཧཱ་ལན་གསུམ་བརྗོད། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པ་བྱ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཡེ་ཤེས་ལྔའི་བདག་ཉིད་ཅན། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱིས་སྣོད་བཅུད་མ་ལུས་པ་སྦྱངས་ནས། སླར་འདུས་ཏེ་འོད་དུ་ཞུ་བ་ཐིག་ལེར་གྱུར། དེ་ལས་རང་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། ཐུགས་ཀའི་ཧཱུྃ་ལས་རྃ་འོག་ཕྱོགས་སུ་ཆད་ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུྃ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། དེ་ལས་


PS002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པའི་རྭ་གུར་དུ་གྱུར་ཅིང་། ཧཱུྃ་ལས་ཧཱུྃ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་བར་དུ་གྱུར་པས་བར་མཚམས་མེད་པར་གཏམས། ཉི་མ་ལས་འབར་བའི་མེས་རབ་ཏུ་ཞུ་སྟེ་རྭ་གུར་གྱི་ཕྱི་རོལ་དུམ་བུ་གཅིག་ཏུ་འདྲེས་ཤིང་། ཕྱི་ནང་ཀུན་ཏུ་མེ་ལྕེས་གང་བར་གྱུར། སྙིང་ཁའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལན་གསུམ་བྱ། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག་སྟེ། མེ་ལོང་དང་གཟུགས་བརྙན་ལྟར་རང་དང་ཚོགས་ཞིང་དབྱེར་མེད་དུ་


PS002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཚད་མེད་བཞི་སྤྱི་དང་མཐུན་པ་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུནྱ་ཏ་ནས། ཀོ྅་ཧཾ། འཛིན་པ་ཡང་རང་བཞིན་མི་དམིགས་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སྟོང་པའི་ངང་ལས་སྐད་ཅིག་གིས་སྲུང་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་འཇིགས་བྱེད་དུས་མཚན་གྱི་གདན། དེའི་སྟེང་དུ་རང་སེམས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད།


PS002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ། ཧཱུྃ་ཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ཨིནྡྲ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་བདེ་མཆོག་ལྷ་ལྔའི་སྐབས་བཞིན་ནོ། །ཡབ་ཀྱི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་རྡོ་རྗེ་གསུམ་གཅིག་ཏུ་འདུས་པ་ཡོན་ཏན་གྱི་ངོ་བོ་རང་དང་མཚུངས་པའི་འཁོར་ལོ་བདེ་མཆོག་ཡབ་ཡུམ། བདེ་ཆེན་འཁོར་ལོར་སྐུ་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ཡིད་ཙམ་


PS002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བ། རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱི་ཡུམ་ལ་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་། དར་དང་རིན་པོ་ཆེས་བརྒྱན་པའོ། །ལོངས་སྤྱོད་འཁོར་ལོར་གསུང་མ་ཧཱ་མཱ་ཡཱ་མཐིང་ཁ་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་རང་མཚུངས་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་པ། གཡས་བརྐྱང་གིས་པད་ཉི་ལ་མི་རོ་མནན་པའོ། །ཆོས་ཀྱི་འཁོར་ལོར་ཐུགས་དགྱེས་མཛད་རྡོ་རྗེ་མཐིང་ཁ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྗེས་པ་གཡས་བརྐྱང་གི་སྟབས་ཀྱིས་


PS002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉི་ལ་ཚངས་པ་དང་དྲག་པོ་མནན་པའོ། །བདེ་སྐྱོང་འཁོར་ལོར་ཕྲིན་ལས་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ་ཅན། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པས། ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ་སྐྲ་སེར་གྱེན་དུ་བརྫེས་ཤིང་། དུར་ཁྲོད་ཀྱི་ཆས་རྫོགས་པ། གཡོན་བརྐྱང་གི་པད་ཉི་ལ་མ་ཧེ་མནན་པའོ། །རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་


PS002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གསང་མཆོད་དང་དེ་ཁོ་ན་ཉིད་ཀྱིས་མཆོད་པས་མཆོད་དེ་མཉེས་པར་གྱུར། བསྟོད་པ་ནི། ཆོས་


PS002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཅེས་བསྟོད། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་པ་འདི་གཙོ་བོར་བཟླ་ཞིང་། ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧྲཱི་ཧཱུྃ་ཕཊ་སྭཱ་ཧཱ།


PS002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དེ་ཝ་བི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཥྚི་ཝིཥྚི་ཏཱ་ན་ན་ཧཱུྃ་ཕཊ། ཅེས་པ་རྣམས་ཅི་རིགས་པ་བཟླའོ། །མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། སླར་ཡང་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་དུ་གསལ་བའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པའོ། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། དཀྱིལ་འཁོར་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཕྱི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ནང་སྲུང་འཁོར་རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་འབར་བ་དང་བཅས་པས་བསྐོར་བ། དེའི་ནང་དུ་གཞལ་མེད་ཁང་གྲུ་བཞི་སྒོ་བཞི། རྟ་བབས་བཞིས་


PS002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། འདོད་སྣམ་དང་ཕ་གུ་དང་། དྲྭ་ཕྱེད་དང་། མདའ་ཡབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། གཞལ་ཡས་ཁང་གི་ནང་གི་ཕྱོགས་མདོག་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ཁུར་གྱུར་པའི་དཀྱིལ་འཁོར་དང་པོའི་ནང་གི་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་དང་། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལྔ་ཚོམ་དུ་གནས་པ་ལ་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག །ཞེས་པ་ནས། དབུས་ན་བཞུགས་པའོ། །ཤར་དུ་གསང་བ་འདུས་པ་སྐུ་མདོག་


PS002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱན་པའོ། །ལྷོར་དགྱེས་མཛད་རྡོ་རྗེ་མཐིང་ཁ། ནས། དྲག་པོ་མནན་པའོ། །ནུབ་ཏུ་མ་ཧཱ་མཱ་ཡཱ་མཐིང་ག་ནས། མི་རོ་མནན་པའོ། །བྱང་དུ་རྡོ་རྗེ་འཇིགས་བྱེད་མཐིང་ནག་ནས། མ་ཧེ་མནན་པའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ་པདྨའི་ལྟེ་བ་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་ཡང་དབང་ཆོག་གི་དཔེ་མང་པོར། ཤར་དུ་དགྱེས་མཛད། ལྷོར་གསང་འདུས་བཤད་པ་ལྟར་བྱས་ཀྱང་རུང་སྟེ་གདམ་གའོ། །སྔོན་པོ་ཡིད་ཙམ་ཁྲོ་བ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ལ་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་། དར་དང་རིན་པོ་ཆེས་བརྒྱན་པའོ། །འདབ་མ་བཞི་ལ་


PS002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་མཁའ་འགྲོ་མ་ནག་མོ། །བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་གྲི་གུག་དང་། ཐོད་པ་ཁ་ཊྭཱྃ་ག་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དཀྱིལ་འཁོར་གསུམ་པ་ཆོས་འབྱུང་དམར་པོའི་དབུས་སུ་རྡོ་རྗེ་ཕག་མོའི་ངོ་བོ་སངས་རྒྱས་མཁའ་འགྲོ་མ་དམར་མོ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་རྣམས་ཌཱ་མ་རུ་དང་ཐོད་པ་ཁ་ཊྭཱཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔ་དང་མི་མགོའི་ཕྲེང་བས་བརྒྱན་པ་རང་མཚུངས་ཀྱི་འཁོར་དཔག་ཏུ་


PS002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་བཅས་པའོ། །དཀྱིལ་འཁོར་བཞི་པའི་དབུས་སུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་སྐུ་མདོག་ནག་པོ། ཕྱག་གཡས་རྣམས་ན་ཐོད་སྐམ་གྱི་ཕྲེང་བ་དང་། གྲི་གུག་དང་། ཌཱ་མ་རུ། གཡོན་རྣམས་ན་ཐོད་ཁྲག་དང་། རྩེ་གསུམ་དང་ཞགས་པ་བསྣམས་པ། དགྲ་བགེགས་དང་ཡི་དྭགས་ཀྱི་གདན་ལ་བཞུགས་པ། གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། སྤོས་དང་རོལ་མོའི་སྒྲ་ཆེན་པོ་དང་བཅས་ཏེ། ཨོཾ་


PS002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། བཛྲ་ས་མཱ་ཛཿ ཞེས་ལན་གསུམ། དེ་བཞིན་དུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བཛྲ་ས་མཱ་ཛཿཨོཾ་ཨཱཿབཛྲ་དྷྲི་ཀ༴ ཨོཾ་ཨཱཿཧྲཱིཿཧཱུྃ་ཕཊ༴ ཨོཾ་དེ་ཝ་པི་ཙུ༴ ཨོཾ་ཧྲཱིཿཥྚི༴ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ས་མཱ་ཛཿཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྲྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༴བཛྲ་ས་མཱ་ཛཿཀྵིཾ་མང་དུ་བརྗོད་པའི་མཐར། ཛཿཧཱུྃ་བྃ་ཧོཿམང་དུ་བརྗོད་དོ། །གཉིས་སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཡང་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་


PS002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྒྱུད་སྡེ་ལྔའི་གཙོ་བོ་རྣམས་དང་བླ་མ་དང་། ནག་པོ་ཆེན་པོ་ལ་མི་བསྐྱོད་པས་དབུ་བརྒྱན། མཁའ་འགྲོ་ལྔ་པོ་རྣམས་ལ་རིགས་ལྔ་སོ་སོའི་དབུ་བརྒྱན་པར་གྱུར། དེ་ནས་མཆོད་ཕྲེང་རྒྱས་པ་བདེ་མཆོག་ལྷ་ལྔ་ལྟར་བྱ་ཞིང་། བསྡུ་ན།


PS002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ། པ་དྱཾ་དང་། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། གྷཱནྚེ་ར་ཎི་སོགས་རོལ་ཆེན་བྱ། ནང་མཆོད། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཀཱ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནང་ཤ་ལྔ་དང་མྱོས་བྱེད་ཀྱིས་གང་བ། དེའི་སྟེང་དུ་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔ་སྐད་ཅིག་གིས་བཞུགས་པར་གྱུར། ཡི་གེ་བདུན་པ་བཟླ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཐོད་པའི་སྟེང་གི་ཧེ་རུ་ཀ་ལྷ་ལྔའི་སྐུ་ལ་ཐིམ། སྦྱོར་མཚམས་དང་གསང་བའི་སྒོ་ནས་བདུད་རྩིའི་རྒྱུན་བབས། གཞིར་གནས་ཀྱི་བདུད་རྩི་དང་འདྲེས་ཏེ་ཡེ་ཤེས་ཀྱི་བདུད་རྩིས་ཐོད་པ་གང་


PS002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པ་ལ། ལྷ་ལྔ་པོ་རྣམས་ཀྱང་བདུད་རྩིར་ཞུ་སྟེ་ཐིམ། ཨོཾ་ཨཱཿཧཱུྃ་གསུམ། ཁྱབ་བདག་དང་པོའི་སངས་རྒྱས་རྡོ་རྗེ་འཆང་། །སོགས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ནང་ལྟར་རྒྱས་པའམ། བསྡུ་ན། རྡོ་རྗེ་འཆང་དང་དཔལ་གྱི་ནི་གུ་མ། །ཁྱུང་པོ་ཛོ་གི་རཏྣ་བིརྱ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དམ་པ་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། །ཨོཾ་ཨཱཿཧཱུྃ། །ཟབ་གསང་རྒྱུད་སྡེ་ལྔ་ཡི་བཅུད་བསྡུས་པ། །ཚེ་གཅིག་སངས་རྒྱས་སྟེར་བའི་སྨིན་གྲོལ་ལམ། །དངོས་སུ་འདོམས་མཛད་རྩ་བའི་བླ་མ་ལ། །རྣམ་དག་བདུད་རྩིའི༴། འཁོར་ལོ་བདེ་མཆོག་གསང་འདུས་དགེས་མཛད་དང་། །སྒྱུ་མ་ཆེན་པོ་རྡོ་རྗེ་


PS002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་སོགས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག༴། མྱུར་མཛད་སྤྱན་རས་གཟིགས་མགོན་རེ་མ་ཏཱི། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང་། །ཊཱ་ཀི་རཱ་ཛ་བདུད་མགོན་ཏྲག་ཤད་ལ། །རྣམ་དག༴། ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ཡི་དབང་པོ་དང་། །དཔའ་བོ་མཁའ་འགྲོ་དུར་ཁྲོད་གནས་པའི་ཚོགས། །གཉུག་མར་གནས་པའི་གཞི་བདག་མ་ལུས་ལ། །རྣམ་དག༴ ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། འདིར་ནི་ཐོག་མ་དབུས་ཐ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །


PS002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ། བསྟོད་པ་ནི། ཆོས་དབྱིངས་རྣམ་དག་ནས། ཕག་མོ་ལ་འདུད། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །དགྱེས་མཛད་རྡོ་རྗེ་ལ་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །དུར་ཁྲོད་རྒྱན་


PS002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པ། །དུད་ཁ་མུན་ཆེན་ཁྱེད་ལ་འདུད། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་དྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་རྒྱུད་སྡེ་ལྔའི་སྙིང་པོ་དང་ཨོཾ་གསུམ་མ་དང་། མགོན་པོའི་སྙིང་པོ་རྣམས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ། མགོན་པོ་ལ་ཁྱད་པར་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧཱ་རི་ི། ཨེ་ཥོ྅་པཉྩི་མ་ཀཱ་ལོ་ཨ་ཡཾ་ཨི་དམ། རཏྣ་ཏྲ་ཡཱ་ཡ་ཨ་པ་ཀ་རི་ཾ། ཡ་དི་པྲ་ཏི་ཛྙཱ། སྨ་


PS002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ར་སི་ཏཱ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། གིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པའི། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤྭ་ལོ་ཀ་གཅིག་བསྟོད། །ཧཱུྃ། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་


PS002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོའི་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་


PS002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་བཞེས་ལ། །ནས། ཀུན་འགྲུབ་ཤོག་གིས་ཕྲིན་ལས་བཅོལ། མདུན་བསྐྱེད་དང་བུམ་པ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། འོག་ནས་འབྱུང་བའི་དབང་གི་དངོས་གཞི་རྣམས་དམིགས་པས་བདག་འཇུག་གི་ཚུལ་དུ་བླང་། ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་བོ། །སློབ་དཔོན་གྱི་བྱ་བའི་རིམ་པ་བསྟན་ཟིན་ཏོ། །གཉིས་པ་སློབ་མ་ལ་བྱ་བའི་རིམ་པ་ནི། ཁྲུས་ཕྱག་སྔོན་དུ་བཏང་ནས་གྲལ་དུ་འཁོད་པ་ལ་ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་བགེགས་ལ་གཏོར་མ་བྱིན་ལ་བགེགས་བསྐྲད་ལ་སྲུང་འཁོར་གསལ་བཏབ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་གསན་


PS002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་ཀུན་སློང་ཀུན་སྤྱོད་སྤྱི་བྱེ་བྲག་རྣམས་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་གསན་བྱ་དམ་པའི་ཆོས་ནི་ཟབ་ལམ་ནི་གུ་ཆོས་དྲུག་གི་བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས་ཡོད་པ་ལས་ད་ལམ་སྒྱུ་ལུས་དབང་མོ་ཆེ་འབུལ་བ་སྐབས་སུ་བབས་པ་ཡིན། དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་དང་པོ་ལ། བསམ་པ་འཆོས་པ། ༡ སྐྱབས་འགྲོ་སེམས་བསྐྱེད་བྱ་བ། ༢ སྤྲོ་བ་བསྐྱེད་པ། ༣ གསོལ་བ་འདེབས་པ། ༤ གནང་བ་སྦྱིན་པ། ༥ ཉན་པར་གདམས་པ། ༦ ཡན་ལག་ལྔ་པ་བྱ་བ། ༧ སྡོམ་པ་བཟུང་བ། ༨ གསང་བ་བསྒྲག་པ། ༩ ཡེ་ཤེས་དབབ་པ་དང་བཅུ་ཡོད་པ་ལས།


PS002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བསམ་པ་འཆོས་པ་ནི། ད་རེས་རང་ཅག་རྣམས་ཀྱིས་རྙེད་པར་དཀའ་བའི་མི་ལུས་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་སྟན་པ་རིན་པོ་ཆེ་སྤྱི་དང་སྒོས་སུ་གསང་སྔགས་ཀྱི་ཐེག་པ་ཟབ་མོ་དང་མཇལ། སྐབས་འདིར་ཆོས་ལ་འབད་ན་བླ་ན་མེད་པའི་སངས་རྒྱས་ཀྱང་སྒྲུབ་དཀའ་བ་མིན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན། འོན་ཀྱང་ད་རེས་ཆོས་ལ་མ་འབད་ན་ཕྱིས་མི་ལུས་ཐོབ་པ་ཙམ་ཡང་རྙེད་དཀའ། མི་ལུས་མ་ཐོབ་ན་ཆོས་བྱེད་པའི་སྐལ་པ་གཏན་ནས་མེད། ཆོས་མ་བྱས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་མི་སྲིད། མི་ལུས་ལན་ཅིག་ཐོབ་


PS002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕན་པ་ཡང་མ་ཡིན་གྱི། ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་ཕན། ཤི་ནས་ཁུངས་མེད་དུ་སོང་ན་དེ་ཀ་ཡིན་མོད་ཀྱི། དེ་ལྟ་བུ་མ་ཡིན་ཏེ་ད་ལྟའི་དགྲ་གཉན་ལོངས་སྤྱོད་སོགས་ཚེ་འདིའི་སྣང་བ་ཀུན་དང་བྲལ་ཡང་། སེམས་ཁུངས་མེད་དུ་མི་འགྲོ། མི་འདོད་ཀྱང་ལས་ཀྱི་དབང་གིས་རིགས་དྲུག་གང་རུང་དུ་སྐྱེ་བ་ལས་འོས་མེད། གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན། སྡུག་བསྔལ་དེ་ཡང་ཟད་མི་ཤེས་ཤིང་ཐར་བར་དཀའ་བའི་རྒྱ་མཚོ་དང་མཚུངས་པར་འདུག་པ་ལ། དེ་ལས་ངེས་པར་ཐར་དགོས་པ་འདུག །དེ་ཡང་རང་གཅིག་པུ་ཐར་པས་མི་ཕན་གྱི་སེམས་ཅན་ཐམས་ཅད་ཐར་བ་


PS002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱེད་དགོས་པ་འདུག །དེའི་ཆེད་དུ་དབང་གསན་སྙམ་པའི་འདུན་པ་དུང་བ་ཞིག་བསྐྱེད་མཛོད། གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་ཁྲ་ལ་མ་མེ་བཞུགས་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་ནས། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཞི་བ་མྱ་ངན་ལས་འདས་


PS002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ལ༴ ། ཚོགས་རྣམས་ཀྱི་མཆོག །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་འཕགས་པའི་དགེ་འདུན་རྣམས་ལ༴ ། ཞེས་ལན་གསུམ་བྱ། གཉིས་པ་སེམས་བསྐྱེད་ལ་གཉིས་ཀྱི་དང་པོ་སྨོན་པ་སེམས་བསྐྱེད་ཀྱི་སླད་དུ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་ནས། དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།


PS002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་ཐུགས་རིན་པོ་ཆེ་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ཏེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ། གཉིས་པ་འཇུག་པ་སེམས་བསྐྱེད་ཀྱི་སླད་དུ་འདིའི་རྗེས༴། ཕྱོགས་བཅུ་ནས། དགོངས་སུ་


PS002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ཏེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱིས་བསླབ་པ་དང་། མཐར་གྱིས་སྦྱང་བ་དང་། མཐར་གྱིས་བསྒྲུབ་པར་བགྱིའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན༴བརྩོན་འགྲུས་ཀྱི་ཕ་རོལ༴བསམ་གཏན་གྱི་ཕ་རོལ༴ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མཐར་གྱིས་བསླབ་པ་དང་། མཐར་གྱིས་སྦྱངས་པ་དང་། མཐར་གྱིས་བསྒྲུབ་པར་བགྱིའོ། །ལན་གསུམ། གསུམ་པ་སྤྲོ་བ་སྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ། །སྔགས་ཀྱི་དངོས་གྲུབ་དོན་


PS002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །དཀྱིལ་འཁོར་དམ་པར་གཞུག་བྱ་སྟེ། །ཚེ་འདིའི་འབྲས་བུ་གཉེར་མི་བྱ། །བདག་དོན་ཚེ་འདི་གཉེར་བྱེད་ན། །གཞན་དོན་སངས་རྒྱས་ག་ལ་འབྱུང་། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཞེས་བརྗོད་དོ། །བཞི་པ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་ལ་ཐོག་མར་མཎྜལ་འབུལ་བ་ཞུ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས༴


PS002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཅེས་ལན་གསུམ། ལྔ་པ་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་


PS002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །ཡེ་ཤེས་མཉམ་མེད་ཐོབ་པས་ན། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་ནི་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཀས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཅེས་བརྗོད་ལ་དོན་བཤད་དོ། །དྲུག་པ་རྟོག་པ་བསྡུ་བ་ནི། །རྟོག་པ་ཐམས་ཅད་


PS002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོའི་སེམས་ཀྱིས་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་དང་། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་བརྗོད་ལ་དོན་བཤད་དོ། །བདུན་པ་ཡན་ལག་ལྔ་པ་བྱ་བའི་སླད་དུ་འདིའི་རྗེས་ཟློས༴ ། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་གང་། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་བདག་གིས་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམས་དང་བཟླས་བརྗོད་བསོད་ནམས་ཀྱིས། །ཚོགས་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མངོན་པར་སངས་རྒྱས་


PS002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་ནི་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་ལན་གསུམ་བྱ། བརྒྱད་པ་སྡོམ་པ་འཛིན་པའི་སླད་དུ་འདིའི་རྗེས་ཟློས་མཛོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །


PS002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་ལྷ་ལྔའི་སྐབས་བཞིན་ལན་གསུམ་བརྗོད་དུ་གཞུག །དགུ་པ་གཟེངས་བསྟོད་ཅིང་གསང་བ་བསྒྲག་པ་སོགས་ལས། དང་པོ་གཟེངས་བསྟོད་པ་འདི་ལ་གསན་པས་ཁྱབ་བོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦྷ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་ཐམས་ཅད་སངས་རྒྱས་བྱེད། །གང་གིས་བསྐལ་པ་བྱེ་བ་རུ། །སྡིག་པའི་ལས་རྣམས་བྱས་པ་ཡང་། །ཟབ་མོའི་དཀྱིལ་འཁོར་འདི་མཐོང་བས། །དེ་དག་


PS002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོ་ཅི་དགོས། །གང་གིས་བསྐལ་པ་དཔག་མེད་དུ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཀྱང་། །འདི་ནི་རྙེད་པ་ཤིན་ཏུ་དཀའ། །དེས་ཀྱང་དེ་ལ་དགའ་བར་གྱིས། །ཞེས་བརྗོད་ལ་དོན་བཤད་དོ། །དེ་ནས་སྔར་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིངས་པའི་མོས་པ་མཛོད། །ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ། སློབ་མའི་གནས་གསུམ་དུ་དྲི་བཟང་གིས་ཐིག་ལེས་བྱས་ཏེ། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་


PS002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་མོས་པ་མཛོད། །སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་བཏབ་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། སློབ་དཔོན་གྱིས་སྙིང་གར་རྡོ་རྗེ་བཞག་ལ་བརྟན་པར་བྱས་པའི་མོས་པ་མཛོད། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེ་ནས་གསང་བ་བསྒྲག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་


PS002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཧཱུྃ་ཛཿཧཱུྃ། །བཅུ་པ་ནང་དུ་གཞུག་ཅིང་ཡེ་ཤེས་དབབ་པ་ནི། སློབ་དཔོན་གྱི་ཤར་སྒོ་ནས་རྡོ་རྗེས་ཁྲིད་པར་བསམ་ལ་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་གྱི་ཕྱོགས་སུ་དབུ་དུད་པ་རེ་མཛོད། ཛཿཧཱུྃ་བྃ་ཧོཿནང་དུ་འཁོད་པ་ལ་ཡེ་ཤེས་དབབ་པའི་སྔོན་འགྲོ་དམ་བཞག་བྱེད་པ་འདིར་གདའ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་


PS002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བྱའི། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། །ཞེས་སྤྱི་བོར་རྡོ་རྗེ་བཟུང་ནས་དང་། ཡང་སྙིང་གར་རྡོ་རྗེ་གཏུགས་ཏེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་བྱ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་སྤྱི་བོར་རྡོ་རྗེ་བཟུང་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཅེས་པས་ཉེས་དམིགས་དང་། ལས་བུམ་གྱི་བུམ་ཆུ་དང་བདུད་རྩི་བསྲེས་ལ་ཁྱོར་བ་གཡས་པར་བྱིན་ལ་འཐུང་དུ་བཅུག་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་


PS002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་བསྒྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ། ཞེས་པས་ཕན་ཡོན་ཉེས་དམིགས་གཉིས་དང་། ཡང་སྤྱི་བོར་རྡོ་རྗེ་བཟུང་ལ། །དེང་ཕྱིན་ཆད་ཁྱོད་ཀྱི་ཧེ་རུ་ཀ་ང་ཡིན་གྱི། ངས་འདི་གྱིས་ཤིག་བྱས་པ་དེ་ཁྱོད་ཀྱི་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །བྱས་ན་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བ་ཆེན་པོར་འགྱུར་ཏ་རེ། ཞེས་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་གོ །བཅུ་པ་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་


PS002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །ད་ལྟ་ཉིད་དུ་དབབ་ཏུ་གསོལ། །ཅེས་ལན་གསུམ་གྱི་གསོལ་བ་གདབ། ཁྱེད་རང་རྣམས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་རྐང་མཐིལ་གཞིབས་ནས་ལངས་པར་མོས་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན། གཞུ་རྒྱུད་གྱེན་ལ་བསྟན་པའི་སྟེང་དུ་གནས་པའི་རྐང་པའི་མཐིལ་གཉིས་སུ་ཛྷཻཾ་མེའི་རང་བཞིན་རླུང་གིས་བསྐྱོད་པས་མེ་འབར་བ། རྩ་ནང་ནས་ཡར་སོང་། སུམ་མདོའི་མེ་དང་ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དང་འདྲེས། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་བསྲེགས་པས། མགྲིན་པར་བཾ་ལས་ཆུའི་དཀྱིལ་


PS002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཾ་གྱིས་མཚན་པ་ཁོལ། སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུས་ཐུར་དུ་མནན་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་དང་བཅས་པ་རྣམས་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ལྷ་ཚོགས་རྣམས་དང་། བླ་མ་རྡོ་རྗེ་འཆང་ཧེ་རུ་ཀ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་


PS002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ལྷ་ཚོགས་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་བྱ། རྒྱུད་སྡེ་ལྔ་དང་། རྣལ་འབྱོར་མ་དང་། མགོན་པོའི་སྙིང་པོ་དང་ན་མོ་བུདྡྷཱ་ཡའི་སྔགས་རྣམས་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བཏགས་ལ་ཡེ་ཤེས་ཕབ། དེ་ནས་མེ་ཏོག་དོར་བ་ནི། ལྷ་ཐམས་ཅད་དག་པ་ཡེ་ཤེས་གཅིག་གི་སྣང་བ་ཡིན་པས་བཟང་ངན་མེད་མོད་ཀྱི་རང་གི་ལས་འབྲེལ་ཡོད་པའི་ལྷ་ལ་འབབ་པར་ཤོག་ཅིག་སྙམ་པས། ཨོཾ་པྲ་


PS002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་བཛྲ་ཧོཿ གསུང་ཞིང་མེ་ཏོག་དོར་མཛོད། སློབ་དཔོན་གྱིས་གང་ལ་བབས་པའི་ལྷའི་སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་གི་ཕྲེང་བས་སླར་ཁྱེད་རང་ལ་དབང་བསྐུར་བའི་མོས་པ་མཛོད། །ཨོཾ་པྲ་ཏི་གྲྀཧྞ་སྟྭམ། ཨི་མ་མ་ས་ཏྭ་མ་ཧཱ་བ་ལ། ཞེས་སྤྱི་བོར་གཏད། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་པའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལམ་ཧྲི། ཞེས་གདོང་གཡོགས་གསལ། དེའང་ཕྱི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་རིན་པོ་ཆེ་གསེར་ལས་གྲུབ་པའི་རྣམ་པ་ལ། ནང་གཞལ་ཡས་ཁང་གི་


PS002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་རྒྱུད་སྡེ་ལྔ་ལ་སོགས་པའི་ལྷ་ཚོགས་བཞུགས་པ་རྣམས་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ངོ་བོ་ཡིན་ཏེ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། དེ་ནས་ཡང་དག་བཤད་པར་བྱ། །སྐུ་ནི་ཀྱཻ་རྡོ་རྗེ་ལ། །གསུང་ནི་སྒྱུ་འཕྲུལ་རྡོ་རྗེའོ། །ཐུགས་ནི་འཁོར་ལོ་བདེ་མཆོག་ཆེ། །ཕྲིན་ལས་རྡོ་རྗེ་འཇིགས་བྱེད་ཉིད། །བདག་ཉིད་གསང་བ་འདུས་པར་བརྗོད། །མ་འོངས་སེམས་ཅན་དོན་དུ་ནི། །ཐབས་འདི་དག་ནི་བསྟན་པ་ཡིན། །ཐབས་ཀྱི་རིམ་པ་འདི་དག་ནི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །དཀྱིལ་འཁོར་གཅིག་བསྡུས་དབང་བསྐུར་བས། །གསང་སྔགས་


PS002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་རྣལ་འབྱོར་པས། །རྒྱུད་སྡེ་རྣམ་ལྔར་གང་བསྟན་པ། །ཀླ་ཀློའི་སྐད་ཀྱིས་འདིར་སྦས་པས། །ཐུབ་པའི་ཞལ་ཐེམས་གསང་བ་འདི། །སྙིང་པོ་ཀུན་གྱི་དོན་གྱི་རྒྱུད། །དཀའ་ཐུབ་སྤྱོད་བྱེད་ཐུན་མོང་མིན། །ཞེས་སོགས་གསུངས་ཏེ་དེ་ལྟ་བུའི་བདག་ཉིད་ཅན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་པའི་མོས་པ་མཛོད། །ཅེས་བརྡ་སྤྲད། དེ་དག་ནི་རྒྱས་པ་ལ་སྤྲོ་བའི་དོན་དུ་འཇུག་སྒོ་ཡོན་ཏན་ཀུན་འབྱུང་བཞིན་བཀོད་པ་ཡིན་ལ། རྗེ་བཙུན་ཏཱ་ར་ནཱ་ཐའི་བཞེད་པ་ལྟར་ན་མིག་དར་འཆིང་བ་དང་མེ་ཏོག་འདོར་བ་སོགས་མི་མཛད་པར་གསལ། དམ་བཞག་གི་ཚིག་ཕལ་ཆེར་ཡང་ལྷ་ལྔའི་སྐབས་བཞིན་མཛད་པ་ཡོད་དོ། །གཉིས་པ་


PS002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དངོས་གཞི་ལ་གསུམ་སྟེ། བུམ་པའི་དབང་བསྐུར་བ་དང་། ཏིང་ངེ་འཛིན་གྱི་དབང་བསྐུར་བ། མཐར་ཐུག་གསང་བའི་དབང་བསྐུར་བའོ། །དང་པོ་བུམ་དབང་གི་དོན་དུ་མཎྜལ་ཕུལ་མཛོད། །དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་སོགས་ལན་གསུམ། མདུན་དུ་བཞུགས་པའི་སྐུ་གསང་བ་འདུས་པ། གསུང་མ་ཧཱ་མཱ་ཡ། ཐུགས་ཀྱཻ་རྡོ་རྗེ། ཡོན་ཏན་འཁོར་ལོ་བདེ་མཆོག །ཕྲིན་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་དང་། རྩ་བརྒྱུད་ཀྱི་བླ་མ་མཁའ་འགྲོ་སྡེ་ལྔ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་


PS002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའི་དགོངས་པ་མཛད། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་ཤིས་པ་བརྗོད། རྡོ་རྗེ་ཕག་མོ་དང་། མཁའ་འགྲོ་མ་ལ་སོགས་པའི་ཕྱག་ཏུ་བུམ་པ་ཐོགས་ནས་དབང་བསྐུར་བས། ལུས་ཀྱི་སྡིག་སྒྲིབ་དག་པའི་མོས་པ་མཛོད། ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་བས་བུམ་པའི་ཆུ་རྒྱུན་གྱིས་སྤྱི་བོའི་འཁོར་ལོར་སླེབས། དེས་བུམ་པའི་ཆུས་དབང་བསྐུར་བ་ཐོབ་པས་ལུས་ཀྱི་དྲི་མ་དག། འབྲས་བུ་སྤྲུལ་སྐུ་ཐོབ་པའི་


PS002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། གཉིས་པ་གསང་དབང་གི་དོན་དུ་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཡབ་ཡུམ་ཐམས་ཅད་བདེ་བའི་ངོ་བོར་ཞུ། མདུན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་བོ་རྣམས་ཀྱི་ཞལ་དུ་ཞུགས། སྐུའི་ཆ་ཐམས་ཅད་བརྒྱུད། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་གསང་བའི་མཚོ་སྐྱེས་སུ་བྱོན་པའི་བྱང་ཆུབ་ཀྱི་སེམས་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པར་གྱུར་པའི་མོས་པ་མཛོད། ནང་མཆོད་ལ་བུམ་ཆུ་ནས་ཅུང་ཟད་སྤྲོས་ཏེ་བྱིན། ཧཱུྃ། ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱེ་ཨ་བྷི་ཥིཉྩ་མཱཾ། ཞེས་


PS002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། བུམ་ཆུ་དང་བདུད་རྩིའི་རྒྱུན་གྱིས་མགྲིན་པར་སླེབས། དེས་གསང་བའི་དབང་བསྐུར་བ་ཐོབ་པས། ངག་གི་དྲི་མ་དག །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དོན་དུ་བུམ་ཆུ་སྤྱི་བོར་གཏོར་བས་ཁྱེད་རང་རྣམས་ལྷ་སྐུ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པར་གནས་པ་ལ་ཐུགས་རྒྱུད་བདེ་བ་ཆེན་པོས་ཡོངས་སུ་གང་བར་གྱུར་པའི་མོས་པ་མཛོད། ཧཱུྃ། ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་ནས་སྦྱིན། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་བས། བུམ་ཆུའི་རྒྱུན་དང་བདུད་རྩིས་སྙིང་གར་སླེབས། དེས་


PS002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གསུམ་པའི་ཡེ་ཤེས་སྐྱེས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། ཡིད་ཀྱི་དྲི་མ་དག། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བཞི་པ་ཚིག་དབང་རིན་པོ་ཆེའི་དོན་དུ་བུམ་ཆུ་གཏོར་བས་གཟུང་འཛིན་གྱི་རྟོག་པ་དབྱིངས་སུ་དག་པའི་མོས་པ་མཛོད། ཧཱུྃ། ཕྱོགས་དུས་ནས་སྦྱིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུྤ་ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་བས། བུམ་ཆུ་དང་བདུད་རྩིའི་རྒྱུན་ལྟེ་བར་སླེབས། ལུས་ཐམས་ཅད་གང་། དེས་དབང་བཞི་པ་ཐོབ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་དང་བཅས་ཏེ་ཅུང་ཟད་


PS002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ཞོག་མཛོད། དེས་བཏགས་པ་བརྡའི་དབང་བཞིའམ། བུམ་པའི་དབང་བསྐུར་སོང་བ་ཡིན། གཉིས་པ་ཏིང་ངེ་འཛིན་གྱི་དབང་ངམ། ཐོབ་པ་དོན་གྱི་དབང་བཞི་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །དེ་ནས་འདི་ལ་དབང་གདམས་ངག་དང་འབྲེལ་བ་དང་། གདམས་ངག་དབང་དང་འབྲེལ་པ་གཉིས་ཡོད་པ་ལས། དང་པོ་བསྐུར་བར་བྱ་བའི་དོན་དུ་ཁྱེད་རང་རྣམས་ཀྱི་ལུས་དང་ལོངས་སྤྱོད་ཕྱི་ནང་གསང་གསུམ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ། བླ་མ་ཡི་དམ་ཆོས་སྐྱོང་ལ་འབུལ་བར་མོས་ཏེ་འདིའི་རྗེས་ཟློས་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་


PS002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ཀྱིས་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས། བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། ཡེ་ཤེས་ཀྱི་མཁའ་འགྲོ། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས། བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་ཞུ་བ་དང་། ཉམས་སུ་ལེན་པ་ལ་བར་ཆད་ཐམས་ཅད་བསྲུང་བར་མཛད་དུ་གསོལ། །ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་དེ་ལས་འོད་ཟེར་དཀར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོའི་རྣམ་པར་བསྡུས། སྤྱི་བོའི་ཨོཾ་ལ་ཐིམ།


PS002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དེ་ཉིད་འོད་ཟེར་དཀར་པོའི་རྣམ་པར་ལྟེམ་ལྟེམ་ཞུ་སྟེ། སྤྱི་བོ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་དཀར་པོ་གཅིག་ཏུ་སོང་། དེའི་འོད་ཀྱིས་ལུས་གང་བས་རང་ལུས་ཀྱང་འོད་དཀར་པོའི་རྣམ་པར་ལྟེམ་ལྟེམ་ཞུ། ཉོན་མོངས་པ་གཏི་མུག་སངས་ཀྱིས་དག་པའི་མོས་པ་མཛོད། ཡང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཨཱཿདམར་པོ་དེ་ལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ཨཱཿདམར་པོའི་རྣམ་པར་བསྡུས། མགྲིན་པའི་ཨཱཿལ་ཐིམ། ཨཱཿདེ་ཉིད་འོད་ཟེར་དམར་པོའི་རྣམ་པར་ལྟེམ་ལྟེམ་ཞུ་སྟེ། མགྲིན་པ་ནས་ཞུགས།


PS002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་དམར་པོ་གཅིག་ཏུ་སོང་། དེའི་འོད་ཀྱིས་ལུས་གང་བས་རང་ལུས་ཀྱང་འོད་དམར་པོའི་རྣམ་པར་ལྟེམ་ལྟེམ་ཞུ། ཉོན་མོངས་པ་འདོད་ཆགས་སངས་ཀྱིས་དག་པའི་མོས་པ་མཛོད། ཡང་ཁྱེད་རང་རྣམས་ཀྱི་སྙིང་གར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་སྔོན་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཧཱུྃ་སྔོན་པོའི་རྣམ་པར་བསྡུས། སྙིང་ཁའི་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཉིད་འོད་ཟེར་སྔོན་པོའི་རྣམ་པར་ལྟེམ་ལྟེམ་ཞུ་སྟེ། སྙིང་ཁ་ནས་ཞུགས་ཏེ་ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་སྔོན་པོ་གཅིག་ཏུ་སོང་། དེའི་འོད་ཀྱིས་ལུས་གང་བས་རང་ལུས་ཀྱང་འོད་སྔོན་པོའི་རྣམ་པར་ལྟེམ་


PS002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེམ་ཞུ། ཉོན་མོངས་པ་ཞེ་སྡང་སངས་ཀྱིས་དག་པའི་མོས་པ་མཛོད། ཡང་ཁྱེད་རང་རྣམས་ཀྱི་ལྟེ་བར་ཏྲཱྃ་སེར་པོ་དེ་ལས་འོད་ཟེར་སེར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་ཏྲཱྃ་སེར་པོའི་རྣམ་པར་བསྡུས། ལྟེ་བའི་ཏྲཱྃ་ལ་ཐིམ། ཏྲྃ་དེ་ཉིད་འོད་ཟེར་སེར་པོའི་རྣམ་པར་ལྟེམ་ལྟེམ་ཞུ་སྟེ་སྙིང་ཁ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་སེར་པོ་གཅིག་ཏུ་སོང་། དེའི་འོད་ཀྱིས་ལུས་གང་བས་རང་ལུས་ཀྱང་འོད་ཟེར་སེར་པོའི་རྣམ་པར་ལྟེམ་ལྟེམ་ཞུ། ཉོན་མོངས་པ་ང་རྒྱལ་དང་སེར་སྣ་སངས་ཀྱིས་དག་པའི་མོས་པ་མཛོད། ཡང་ཁྱེད་རང་རྣམས་


PS002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱི་བོར་ཨཱཿལྗང་གུ་དེ་ལས་འོད་ཟེར་ལྗང་གུ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་ཨཱཿལྗང་ཁུའི་རྣམ་པར་བསྡུས། སྤྱི་བོའི་ཨཱཿལ་ཐིམ། ཨཱཿདེ་ཉིད་འོད་ཟེར་ལྗང་ཁུའི་རྣམ་པར་ལྟེམ་ལྟེམ་ཞུ་སྟེ་སྤྱི་བོ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་ལྗང་ཁུ་གཅིག་ཏུ་སོང་། དེའི་འོད་ཀྱིས་ལུས་གང་བས་རང་ལུས་ཀྱང་འོད་ལྗང་ཁུའི་རྣམ་པར་ལྟེམ་ལྟེམ་ཞུ། ཉོན་མོངས་པ་ཕྲག་དོག་སངས་ཀྱིས་དག་པའི་མོས་པ་མཛོད། དེ་ལྟར་ན་ཁྱེད་རང་རྣམས་ཀྱི་སེམས་ཉིད་དྭངས་མ་ཡེ་ཤེས་ལྔ་ལྡན་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་གསལ་སིང་ངེར་


PS002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ངང་ལ་མཉམ་པར་ཞོག་མཛོད། །དེས་དབང་གདམས་ངག་དང་འབྲེལ་བའི་རིམ་པ་གྲུབ། གཉིས་པ་གདམས་ངག་དབང་དང་འབྲེལ་བ་ལ། དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་གདན་ལ་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་ཡུམ་རྡོ་རྗེ་ཕག་མོས་འཁྱུད་ཅིང་། འཁོར་མཁའ་འགྲོ་མ་བཞིས་བསྐོར་བ་ལ། མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་ཏེ། རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་བློས་ལིང་གིས་ཕུལ་ནས་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས་སེམས་ཅན་ཐམས་


PS002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དོན་དུ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ལན་གསུམ། དེ་ནས་བླ་མའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་སྐྱ་ནར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྨིན་ཕྲག་ཏུ་ཐིམ། ལུས་ཀྱི་སྡིག་སྒྲིབ་དག། རང་ལུས་ལྷ་སྐུ་གསལ་སྟོང་འཇའ་ཚོན་ལྟ་བུར་གྱུར་པའི་མོས་པ་མཛོད། །ཅེས་བྱས་ལ་སེམས་ཅུང་ཟད་འཛིན་པ་ཕྱི་མ་གཉིས་ལའང་འགྲེ། ཡང་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་འོད་ཟེར་དཀར་དམར་འདྲེས་པ་བྱུང་།


PS002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་ལྕེ་ལ་ཐིམ་པས། ངག་གི་དྲི་མ་དག། རང་ལུས་ལྷ་སྐུ་སྔ་མ་ལས་ཀྱང་གསལ་བར་གྱུར་པའི་མོས་པ་མཛོད། ཡང་འདིའི་རྗེས་ཟློས་མཛོད། དུས་གསུམ་ནས། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་སེམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག །ལྷ་སྐུ་གསལ་བ་རབ་ཀྱི་མཐར་ཐུག་པར་གྱུར་པའི་མོས་པ་མཛོད། དེ་ལྟར་དབང་གསུམ་པོ་རེ་རེའི་མཐར་ལྷ་སྐུ་ལ་ཅུང་ཟད་སེམས་འཛིན་དུ་འཇུག་པར་གསུང་པ་ལགས། དེ་ནས་འདིའི་རྗེས་ཟློས་མཛོད། དུས་


PS002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནས། བདག་ལ་བཞི་པའི་དབང་བསྐུར་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་ཀྱི་ལུས་སེམས་ཁོང་སློད་ལ། གཤིས་ཅིར་ཡང་མ་གྲུབ་ཅིང་། གདངས་གང་ཡང་འགགས་པ་མེད་པ་ཐོལ་སྐྱེས་རང་བྱུང་གི་ཤེས་པ་སོ་མ་འདི་ལ་བཟོ་བཅོས་མེད་པར་ལྷན་ནེར་མཉམ་པར་ཞོག་ཅིག །དེ་ནི་སེམས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ། དབང་བཞི་པའི་ཡེ་ཤེས་ལགས་སོ། །དེས་ཐོབ་པ་དོན་གྱི་དབང་བཞི་སོང་། གསུམ་པ་མཐར་ཐུག་གསང་བའི་དབང་བཞི་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། མཐར་ཐུག་གསང་བའི་དབང་བཞི་བསྐུར་བ་འདི་ལ་ཡང་སྔོན་འགྲོ་གདམས་ངག་དབང་དང་འབྲེལ་བ་དང་དངོས་


PS002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དབང་གདམས་ངག་དང་འབྲེལ་བ་གཉིས་ཡོད་པའི་དང་པོ་ལ་གསུམ་སྟེ། སྟོང་རས་གཞི་བཅའ་བ་དང་། རྩ་ལམ་སྦྱང་བ་དང་། དག་པའི་ལྷ་སྐུར་བསྒོམ་པའོ། །དང་པོ་ནི་ཁྱེད་རང་རྣམས་ལྷ་སྐུར་གསལ་བའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཁ་དོག་དཀར་བ་ཡར་རྩེ་ཚངས་བུག་དང་མར་རྩེ་གསང་གནས་སུ་ཟུག་པ་ཞིག་གསལ་བཏབ་པའི་དབུ་མ་དེའི་ནང་གི་སྙིང་ཁའི་ཐད་དུ་ཨ་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གཅིག་ཡོད་པར་བསམ་ནས་ངག་ཏུ་ཨ་ཨ་ཞེས་ལན་མང་དུ་བརྗོད་ཅིག །ཨ་ཨ། ཞེས་བརྗོད་དུ་གཞུག །དེ་ནས་ཨ་དེ་ལས་འོད་ཟེར་འཕྲོས། ཐོག་མར་དབུ་མ་དང་། དེ་ནས་


PS002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་ལུས་གང་། མཐར་རང་གཞན་སྣོད་བཅུད་ཐམས་ཅད་ཨ་ཡིག་གི་འོད་ཀྱིས་ཁྱབ་པས་ཐམས་ཅད་འོད་དུ་ལྟེམ་ལྟེམ་འདུག་པ་ལ་ཅུང་ཟད་སེམས་གཏད་པས་དེ་རྣམས་ཀྱང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་པའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད། གཉིས་པ་རྩ་ལམ་སྦྱང་བ་ནི། ཡང་ཁྱེད་རང་རྣམས་ལྷ་སྐུར་གསལ་བ་ལ། རྩ་དབུ་མ་ཡང་སྔོན་བཞིན་དུ་གསལ་བཏབ་ནས། དབུ་མའི་སྤྱི་བོའི་ཐད་དུ་ཧཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ་དང་། མགྲིན་པའི་ཐད་དུ་ཨཱཿདམར་པོ་མགོ་བོ་གྱེན་དུ་ལྟ་བ་དང་། སྙིང་ཁའི་ཐད་དུ་ཧཱུྃ་མཐིང་ནག་མགོ་བོ་ཐུར་དུ་ལྟ་བ་དང་། ལྟེ་བའི་ཐད་དུ་ཨཾ་དམར་སེར་


PS002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་གྱེན་དུ་ལྟ་བ་རྣམས་སྒོམས་མཛོད། དེ་ལྟར་དབུ་མའི་ནང་དུ་ཡི་གེ་བཞི་གསལ་བཏབ་ནས་ཐོག་མར་སྤྱི་བོའི་ཧཾ་ལས་འོད་ཟེར་གསལ་སིང་ངེ་བྱུང་། མགྲིན་པའི་ཨཱཿལ་ཕོག །དེ་ལས་འོད་ཟེར་གསལ་སིང་ངེ་བྱུང་། སྙིང་གའི་ཧཱུྃ་ལ་ཕོག །དེ་ལས་འོད་ཟེར་གསལ་སིང་ངེ་བྱུང་། ལྟེ་བའི་ཨཾ་ལ་ཕོག །ལུས་སེམས་ཐམས་ཅད་བདེ་ཆམ་ཆམ་སོང་བར་སྒོམ་མཛོད། ཡང་འོད་ཟེར་ཡར་ལོགས་ཏེ། ལྟེ་བའི་ཨཾ་ལས་འོད་ཟེར་གསལ་སིང་གིས་བྱུང་། སྙིང་གའི་ཧཱུྃ་ལ་ཕོག །དེ་ལས་འོད་ཟེར་གསལ་སིང་གིས་བྱུང་། མགྲིན་པའི་ཨཱཿལ་ཕོག །དེ་ལས་འོད་ཟེར་གསལ་སིང་གིས་བྱུང་། སྤྱི་


PS002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཧཾ་ལ་ཕོག །ལུས་སེམས་ཐམས་ཅད་བདེ་ཆམ་ཆམ་སོང་། དེ་ལྟར་ཡས་རིམ་དང་མས་རིམ་དུ་འཕྲོས་པའི་འོད་ཟེར་དེ་རྣམས་ཀྱིས་རྩ་གནས་ཐམས་ཅད་གང་། འཁོར་ལོ་བཞི་ལ་སོགས་པའི་རྩ་མདུད་ཐམས་ཅད་གྲོལ། རྩ་ནང་འོད་ཟེར་གྱིས་གང་བའི་རྐྱེན་གྱིས་རྩ་རྣམས་ཀྱང་འཇའ་འོད་དུ་ལྟེམ་ལྟེམ་འདུག་པར་བསམ་ལ་ཅུང་ཟད་མཉམ་པར་ཞོག་མཛོད། གསུམ་པ་དག་པའི་ལྷ་སྐུ་སྒོམ་པ་ནི། ཡང་ཁྱེད་རང་རྣམས་ཀྱི་ལུས་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུ་འཇའ་ཚོན་ལྟ་བུར་གསལ་བའི་རྡོ་རྗེ་ནོར་བུའི་ནང་དུ་ཧཱུྃ་སྔོན་པོ་མགོ་བོ་གྱེན་དུ་བསྟན་པའི་ཧཱུྃ་གི་རྩེ་མོ་ལ་ཐིག་ལེ་དམར་པོ་སྲན་མ་ཙམ་གྱིས་མཚན་པ། སྤྱི་


PS002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཧཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། ཧཾ་གི་རྩེ་མོ་ལའང་ཐིག་ལེ་དཀར་པོ་སྲན་མ་ཙམ་གྱིས་མཚན་པ། དེ་ནས་འོག་རླུང་ཅུང་ཟད་འཐེན་པའི་རྐྱེན་གྱིས་ཧཱུྃ་དེ་ཡར་ཡོང་བས་གསང་བའི་དབང་པོ་ཕྱི་ནང་ལྡོག་པ་བཞིན་དུ་ཧཱུྃ་གིས་ཁྲིད་ནས་ཡར་བྱུང་སྟེ། ཧཱུྃ་སྙིང་ཁར་སླེབས། ཉོན་མོངས་པ་འདོད་ཆགས་དག །ཡང་སྟེང་རླུང་ཅུང་ཟད་མནན་པའི་རྐྱེན་གྱིས་སྤྱི་བོའི་ཧཾ་ཡིག་སྙིང་ཁར་སླེབས། ཉོན་མོངས་པ་གཏི་མུག་དག །གཉིས་པོ་སྙིང་ཁར་འཛོམ་པས་ཉོན་མོངས་པ་ཞེ་སྡང་རང་དག་ལ་སོང་བར་སྒོམས་ཤིག །མཐར་ཐུག་གསང་བའི་དབང་གི་སྐབས་འདིར། དེ་ཡན་ཆད་ནི་


PS002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་གདམས་ངག་དབང་དང་འབྲེལ་བ་ཞེས་བྱ་བ་ཡིན་ལ། ད་ནི་དངོས་གཞི་དབང་གདམས་ངག་དང་འབྲེལ་བ་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཧཾ་ཡིག་དེ་ཐིག་ལེ་དཀར་པོ་ལ་ཐིམ། སྙིང་ཁའི་ཧཱུྃ་ཡིག་དེ་ཐིག་ལེ་དམར་པོ་ལ་ཐིམ། ཐིག་ལེ་དཀར་དམར་དེ་གཉིས་སྙིང་ཁར་འབྲོས་འདེད་ཀྱི་ཚུལ་དུ་འཁོར་བ་ལ་སེམས་གཏོད་ལ། འདི་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་འདུན་པ་སྦྱོངས་ཤིག །དེ་བུམ་དབང་ཡིན། ཐིག་ལེ་གཉིས་པོ་དེ་སྙིང་གར་འཁོར་བས་གཅིག་རྗེས་གཅིག་གིས་ཟིན་པའི་ཚུལ་གྱིས་རེག་རེག་འདུག་པ་ལ་སེམས་གཏོད་ལ་སྒྱུ་མའི་འདུན་པ་སྦྱོངས་ཤིག །དེ་གསང་དབང་ཡིན། དེ་ལྟར་ཐིག་


PS002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་གཉིས་རེག་པས་ལུས་སེམས་བདེ་བས་ཁྱབ་པ་ལ་སེམས་གཏོད་ལ་སྒྱུ་མའི་འདུན་པ་སྦྱོངས་ཤིག། དེ་ཤེར་དབང་ཡིན། ཐིག་ལེ་གཉིས་པོ་གཅིག་ལ་གཅིག་ཐིམ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པའི་ངང་དེར། གང་ཡང་བསྒོམ་རྒྱུ་མེད། བསམ་རྒྱུ་མེད་པའི་ཚུལ། རིག་པ་གཏད་མེད་ཀྱི་ངང་དུ་རང་གར་ཞོག་ཅིག། དེ་དབང་བཞི་པ་ཡིན། སྤྲོས་བྲལ་དེ་ཁའི་ངང་ལས་བདག་དང་སྣང་བ་ཐམས་ཅད་ལྷ་སྐུ་འཇའ་ཚོན་ལྟ་བུའི་ཟུང་འཇུག་ཏུ་གསལ་ལེགས་པར་ཐོབ་ལ་མཉམ་པར་ཞོག་མཛོད། དེ་དག་གིས་སྒྱུ་ལུས་དབང་མོ་ཆེའི་རིམ་པ་ཕུལ་གྲུབ་པ་ཡིན། དེའི་དུས་སུ་ཐོབ་པའི་


PS002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་བྱ། གཏང་རག་གི་མཎྜལ་ཕུལ་ཏེ་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་ཏུ། །སོགས་ཀྱིས་ཡོན་འབུལ་བ་རྣམས་བྱ། ཚོགས་ཕུད་འབུལ་བ་ནས་ཚོགས་ལྷག་གི་བར་ཚོགས་འཁོར་གྱི་བྱ་བ་རྣམས་ཀྱང་སྐབས་འདིར་བྱེད། རྗེས་ཆོག་མཆོད་པ་ཁ་གསོས་བྱིན་གྱིས་བརླབ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། སྙིང་པོ་སོ་སོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེས་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ་བཟླ། གང་ཡང་བདག་བློ་གཏི་མུག་པས། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །


PS002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་གཤེགས་གསོལ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས་ཀྱི་སྨོན་ལམ་བཏབ། ལེགས་པའི་ཡོན་ཏན་རབ་རྫོགས་པ། །ཞེས་སོགས་ཀྱིས་བཀྲ་ཤིས་བརྗོད། དགེ་བའི་ཚོགས་རྣམས་བསགས་པ་ཀུན། །སོགས་ཀྱི་བསྔོ་བ་བྱའོ། །བློ་དམན་འགའ་ལ་མཁོ་ཕྱིར་དུ། །གསལ་བྱེད་ཡི་གེ་སྤེལ་བའི་དགེས། །བསྟན་དང་འགྲོ་ལ་ཕན་བདེའི་རྒྱུན། །སྐྱོང་བའི་བདེན་ཚིག་འགྲུབ་པར་སྨོན། །སྒྱུ་ལུས་དབང་མོ་ཆེའི་བཀའ་བྱ་ཚུལ་བརྗོད་ཟིན་ཏོ།། ༈ །།རྒྱུད་སྡེ་ལྔ་ཡི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་བགྱིས་ནས། །བྱིན་རླབས་ཁོག་ཕུབ་བཀའ་གཉིས་ཀྱི། །ཕྱི་མ་བདག་གིས་བཤད་པར་བྱ། །འདིར་རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་བར་འདོད་པས། དེ་ལ་གཉིས། སྦྱོར་བ་དང་དངོས་གཞིའོ། །


PS002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་མཎྜལ་བསྐྱེད་ཆོག་ལྟར་རམ། བསྡུ་ན་པདྨ་འདབ་བརྒྱད་ལ་ལྷའི་སྐུ་མདོག་དང་མཐུན་པའི་ཚོམ་བུ་ལྔ་བཀོད་ལ། མཆོད་གཏོར་ལྷ་ལྔའི་སྐབས་དང་ཕལ་ཆེར་འདྲ་བ་དང་། བགེགས་གཏོར་བཤམ། བུམ་པ་མགུལ་ཆིངས་དང་བཅས་པ་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བཀོད་པར་བྱའོ། །གཉིས་པ་དངོས་གཞི་ལ་རྒྱུད་སྡེ་ལྔའི་བདག་བསྐྱེད་བསྒོམ་པ་དང་། མདུན་བསྐྱེད་བསྒྲུབ་པ་དང་། སློབ་མ་ལ་དབང་བསྐུར་བ་དང་གསུམ་གྱི་དང་པོ་སྔོན་འགྲོ་གཏོར་མ་ནས། རང་ཉིད་ཧེ་རུ་ཀ་ཡབ་རྐྱང་དུ་གསལ་བའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པའོ། །ཞེས་པའི་བར་སྔར་བསྟན་པ་ཉིད་ཉམས་སུ་བླང་ངོ། །གཉིས་པ་མཎྜལ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་གཞལ་ཡས་ཁང་མཚན་ཉིད་


PS002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོངས་སུ་རྫོགས་པ་དུར་ཁྲོད་སྲུང་འཁོར་དང་བཅས་པའི་དབུས་སུ། སེང་ཁྲི་པད་ཟླ་ཉི་མའི་དཀྱིལ་འཁོར་ལ་འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་ནས་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མཐིང་ཁ་ནས་ཕག་མོའི་རིགས་ལས་བྱུང་བའོ། །ཞེས་པའི་བར་བདེ་མཆོག་ལྷ་ལྔ་བཞིན། ཤར་དུ་དགེས་མཛད་རྡོ་རྗེ་མཐིང་ཁ་ནས་དྲག་པོ་མནན་པའོ། །ལྷོར་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ནས་རིན་པོ་ཆེས་བརྒྱན་པའོ། །ནུབ་ཏུ་མ་ཧཱ་མཱ་ཡ་མཐིང་ཁ་ནས་མི་རོ་མནན་པའོ། །བྱང་དུ་འཇིགས་མཛད་རྡོ་རྗེ་མཐིང་ནག་མ་ཧེའི་ཞལ་ཅན་ནས་མ་ཧེ་མནན་


PS002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་མི་བསྐྱོད་པས་དབུ་བརྒྱན་ཞེས་པའི་བར་རྒྱུད་སྡེ་ལྔའི་མངོན་རྟོགས་བཞིན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། དུད་ཁ་མུན་ཆེན་ཁྱོད་ལ་བསྟོད། །ཅེས་པའི་བར་མཆོད་བསྟོད་རྣམས་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བྱ། གཏོར་མ་འབུལ་བ། བཟླས་པ་རྣམས་ཀྱང་ཕལ་ཆེར་དེ་བཞིན་བྱ་སྟེ། འོན་ཀྱང་མགོན་པོ་སོགས་ཀྱི་གསང་སྔགས་བཞག །གསུམ་པ་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་ནས། མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་དམ་པའི་ཆོས་གསན་སྙམ་དུ་ཐུགས་བསྐྱེད་དང་ཀུན་སྤྱོད་གསལ་བཏབ་སྟེ་གསན་པར་ཞུ། དེ་


PS002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདིར་ཟབ་ལམ་ནི་གུ་ཆོས་དྲུག་གི་བྱིན་རླབས་ཁོབ་ཕུབ་ཀྱི་བཀའ་གཉིས་ཀྱི་ནང་ནས་ཤིན་ཏུ་ཟབ་པ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་དབང་བསྐུར་བ་ཟབ་མོ་འབུལ་བ་སྐབས་སུ་བབས་པ་ཡིན། དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་དང་པོ་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ནས། འཇུག་པར་འཚལ། གསུམ། དེ་ནས་ཐུན་མོང་གི་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དེ་ནས་རིགས་ལྔའི་སྡོམ་པ་འཛིན་པ་འདིའི་རྗེས་ཟློས་མཛོད།


PS002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ནས། འདས་ལ་འགོད། །གསུམ། སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱ་ཞིང་། ཁྱེད་རང་གི་དཔྲལ་བར་ཨོཾ་སོགས་ནས། མི་བདེ་མ་སྤང་དུས་བྱས་ནས། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །ཞེས་པའི་དམ་བཞག་བར་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བཞིན་བྱ། དེ་ནས། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་དབབ་ཏུ་གསོལ། །གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས།


PS002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར་བའི་མོས་པ་མཛོད། ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་ཆོས་སྐྱོང་གི་ལྷ་ཚོགས་ཐམས་ཅད་ཀྱང་རྒྱུད་སྡེ་ལྔའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་བྱ་ཞིང་རྒྱུད་སྡེ་ལྔའི་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བཏགས་ལ་ཡེ་ཤེས་ཕབ། དེ་དག་གིས་སྔོན་འགྲོའི་ཆོས་རྣམས་གྲུབ་ཟིན། གཉིས་པ་དངོས་གཞི་དོན་དུ་མཎྜལ་འབུལ་བར་ཞུ།


PS002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཎྜལ་ཕུལ་ནས་འདིའི་རྗེས་ཟློས་མཛོད། བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །དབང་བསྐུར་དམ་པ་སྩལ་དུ་གསོལ། །གསུམ། དེ་ནས་བུམ་དབང་ནི་སྡོམ་པ་རྒྱ་མཚོ་དང་། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་འབྱུང་བ་ལྟར། །སྐྱོབ་པའི་དཀྱིལ་འཁོར་མངོན་གསུམ་དུ། །ཏིལ་གྱི་གང་བུ་བཞིན་གང་བས། །རྒྱལ་བས་བུམ་པ་བཟུང་ནས་ནི། །བདག་ཉིད་ལ་ནི་དབང་བསྐུར་བས། །དཀྱིལ་འཁོར་དེ་ཉིད་རིག་པར་གྱུར། །ཞེས་གསུངས་པས་མདུན་བསྐྱེད་རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་ཏུ་བུམ་པ་བཟུང་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་ནས།


PS002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཾ། ཞེས་གསུངས་ཤིང་། བུམ་ཆུ་མགོ་བོར་གཏོར་ཞིང་ཁར་བྱིན་པས་སྤྱི་བོ་གང་། བུམ་དབང་ཐོབ། ལུས་སྒྲིབ་དག། ཡུལ་སྣང་སྟོང་གི་ལྟ་བ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། གསང་དབང་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྙོམ་པར་ཞུགས་པ་ལས་བྱུང་བའི་བྱང་སེམས་ཁྱེད་རང་རྣམས་ཀྱི་ཞལ་དུ་བྱིན་པའི་མོས་པ་མཛོད། དེ་ཡང་བདེ་མཆོག་བདེ་བ་མྱུ་གུའི་རྒྱུད་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་ཕྱུང་ནས་ཀྱང་། །བདེ་བ་བསྐྱེད་ཕྱིར་རིགས་ཀྱི་ཡུམ། །སྲས་བཅས་གསང་


PS002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་བསྐུར་རོ། །ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་མཱཾ། ཞེས་བུམ་ཆུ་ལ་མངར་གསུམ་སྦྱར་བའི་གསང་རྫས་ཁར་བྱིན་པས། མགྲིན་པ་གང་གསང་དབང་ཐོབ། ངག་སྒྲིབ་དག །སྒྲ་གྲགས་སྟོང་གི་ལྟ་བ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཤེར་དབང་ལ་ཁྱེད་རང་རྣམས་ལྷ་སྐུ་ཡབ་ཡུམ་སྙོམ་པར་ཞུགས་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་མོས་ཤིག། བདེ་མཆོག་བདེ་བ་མྱུ་གུའི་རྒྱུད་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཞེས་སྔགས་ཀྱི་བུམ་


PS002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་དབང་བསྐུར་བས་སྙིང་ཁ་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །རང་རིག་བདེ་སྟོང་བརྗོད་བྲལ་གྱི་ལྟ་བ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དབང་བཞི་པ་ལ་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཨོཾ་བཛྲ་ཙ་ཏུར་ཨ་བྷི་ཥིཉྩ་མཱཾ། ཞེས་སྔགས་ཀྱི་བུམ་ཆུས་དབང་བསྐུར་བས། ལུས་ཐམས་ཅད་གང་། དབང་བཞི་པ་ཚིག་


PS002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །འཛིན་རྟོག་ཐམས་ཅད་དང་བྲལ་བའི་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེ་དག་གིས་རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་བཞི་ཕུལ་གྲུབ་ཟིན། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གསུམ། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་དང་། རྗེས་ཆོག་རྣམས་སྔར་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བྱའོ། །བློ་ཆེན་ཀུན་གྱིས་རྟོགས་དཀའི་ལམ། །ཟབ་དོན་གསལ་བའི་གཙོ་བསྡུས་དབང་། །བསྟན་དོན་སྙིང་པོར་དྲིལ་བ་འདི། །ཆོས་ཚུལ་སྐྱོང་ལ་མཁོ་ཕྱིར་བཀོད། །ཟབ་ལམ་ནི་གུ་ཆོས་དྲུག་དང་འབྲེལ་བའི་སློབ་མ་རྗེས་སུ་འཛིན་པ་བདེ་


PS002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མྱུ་གུའི་ཕྲེང་བ་ཞེས་བྱ་བ་བློ་གསལ་རི་ཁྲོད་པས་སྦྱར་བ་ལས། བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས་ཀྱི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།། ༈ །།དགྱེས་པ་རྡོ་རྗེའི་ལྷ་ཚོགས་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ཏེ། །བྱིན་རླབས་གཞུང་ཤིང་བཀའ་དྲུག་ལས། །གཏུམ་མོའི་སྒོས་བཀའ་བཤད་པར་བྱ། །འདིར་གཏུམ་མོའི་བཀའ་བྱེད་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་བའི་ཆོས་སོ། །དང་པོ་འདིའི་བདག་བསྐྱེད་དང་མདུན་བསྐྱེད་དང་། མདུན་བསྐྱེད་ཀྱི་བཅའ་གཞི་སྒྲུབ་ཚུལ་སྔར་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཚུལ་སྐབས་སུ་བརྗོད་པ་ཉིད་ཡིན་པས་དེ་བཞིན་ཉམས་སུ་བླང་ངོ་། །གཉིས་པ་སློབ་མ་ལ་བྱ་བ་ལ་བགེགས་གཏོར་བཏང་བ་སྔར་བཞིན་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཟུང་འཇུག་རྡོ་


PS002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་ཀྱི་བཀའ་ཟབ་མོ་གསན་སྙམ་དུ། ཀུན་སློང་དང་། ཀུན་སྤྱོད་རྣམ་པར་དག་པའི་སྒོ་ནས་གསན་པར་ཞུ། དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་རྡོ་རྗེ་འཆང་ལས་དངོས་སུ་གསན་པའི་ཟབ་ཆོས་ནི་གུ་ཆོས་དྲུག་ཏུ་གྲགས་པའི་ཁྲིད་ཀྱི་སྐབས་སུ་མེད་དུ་མི་རུང་བའི་བཀའ་དྲུག་ཡོད་པ་ལས། ད་ལམ་གཏུམ་མོའི་སྒོས་བཀའ་བྱེད་པ་ཡིན། དེ་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ཡོད་པའི་དང་པོ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད་ལ་མཎྜལ་འབུལ་དུ་གཞུག་གོ །དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །


PS002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མགོན་པོས་བདག་ནི་འཇུག་པར་འཚལ། །ལན་གསུམ། དེ་ནས་ཐུན་མོང་གི་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རིགས་ལྔའི་སྡོམ་པ་འཛིན་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ནས་སེམས་ཅན་མྱ་ངན་འདས་ལ་འགོད། །གསུམ། སློབ་མའི་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱ་ཞིང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་ཁར་ཧཱུྃ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད། ཡང་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་


PS002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་གསལ་བཏབ་ནས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སློབ་དཔོན་གྱིས་སྙིང་ཁར་རྡོ་རྗེ་མེ་ཏོག་དང་བཅས་བཞག་ནས་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་དམ་ལ་བཞག་པའི་སླད་དུ་རྡོ་རྗེ་མགོ་བོར་བཞག་ནས་ཚིག་འདི་ལ་གསན་པས་ཁྱབ་པར་གདའ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱེད་ཀྱི་སྤྱི་བོར་བཞག་པ་ཡིས། །སངས་རྒྱས་སྐུ་རུ་ཁྱེད་འགྲུབ་ཅིང་། །མི་ཕྱེད་ཡེ་ཤེས་ཐོབ་པར་འགྱུར། །སྙིང་ཁར་རྡོ་རྗེ་གཏུགས་ཏེ་ཡེ་ཤེས་དབབ་པ་གསང་


PS002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བར་གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྔ་ཡིས་ཆུ་བླུད་ནས་དམ་ཚིག་བསྲུང་བར་གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཡང་སྤྱི་བོར་རྡོ་རྗེ་བཞག་ནས་བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ཚིག་གི་གདམས་པ་འདི་ལ་གསན་པས་ཁྱབ་བོ། །དེང་ནས་


PS002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡི་ཇི་ལྟར་བཀའ་སྩལ་པ། །གུས་པའི་ཚུལ་གྱིས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །ཞེས་བརྗོད། དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་ཡེ་ཤེས་མཆོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གཙོ་བོས་བདག་ལ་སྩལ་དུ་གསོལ། །གསུམ། དེ་ནས་སློབ་དཔོན་དང་མདུན་བསྐྱེད་མཎྜལ་གྱི་དཀྱིལ་འཁོར་དབྱེར་མ་མཆིས་པ་འཁོར་ལོ་བདེ་མཆོག་ཡབ་


PS002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དུ་གསལ་བ་དང་། ཕྱོགས་བཞིར་སྙིང་པོའི་རྣལ་འབྱོར་མ་བཞི་དང་བཅས་པ་ལ་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་འཁོར་ལོ་བདེ་མཆོག་ཡབ་རྐྱང་གི་རྣམ་པར་གྱུར་པའི་མོས་པ་མཛོད། །ཡང་སློབ་དཔོན་གྱི་ཐུགས་ཁ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས། ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་བཅས་བདེ་མཆོག་ཡབ་ཡུམ་གྱི་སྙིང་པོའི་


PS002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་ཡེ་ཤེས་ཕབ། གཉིས་པ་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་མཛད་པ་ཞུ། དེ་ནས་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །སོགས་ལན་གསུམ་བྱ། དེ་ནས་སྤྱན་དམིགས་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་བདེ་མཆོག་ཡབ་རྐྱང་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན་པ་ཡར་སྣ་ཚངས་བུག་ཏུ་ཟུག་ཅིང་། མས་སྣ་ལྟེ་འོག་ཏུ་ཟུག་པའི་མས་སྣར་ཡི་གེ་རཾ་དམར་པོ་མེའི་རང་བཞིན་ཅན། ཆེ་ཆུང་རིལ་མ་ཙམ་ཅིག་གསལ་ལེགས་པར་ཐོབ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་སློབ་དཔོན་དང་དབྱེར་མ་མཆིས་པའི་མདུན་བསྐྱེད་འཁོར་ལོ་


PS002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་ལྔའི་ཚོགས་རྣམས་བཞུགས་པ་ཞིག་བསྒོམ་དགོས་པས་འདི་ལྟར་གསལ་འདེབས་པར་ཞུ། དེ་ཡང་སྲུང་བའི་འཁོར་ལོའི་དབུས་སུ་གཞལ་ཡས་ཁང་གི་རང་བཞིན་ཅན་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སླར་ཡང་པདྨ་དང་ཉི་མའི་གདན་ལ་བླ་མ་དང་དབྱེར་མ་མཆིས་པའི་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནས། ཕག་མོའི་རིགས་ལས་བྱུང་བའོ། །ཞེས་པའི་བར་བདེ་མཆོག་ལྷ་ལྔ་བཞིན་གསལ་གདབ། དེ་ལྟར་སྤྱི་བོ་ན་བཞུགས་པའི་བླ་མ་དང་དབྱེར་མ་མཆིས་པའི་འཁོར་ལོ་


PS002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་ལྔ་ལ་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། བཞུགས་ཁྲི། ན་བཟའ་ལ་སོགས་ཕྱིའི་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་ཁྱེད་རང་རྣམས་ཀྱིས་བློས་སྤྲུལ་ཏེ་ཕུལ་བས་མཉེས་པའི་མོས་པ་མཛོད། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཡང་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་གི་རྫས་ཡི་གེ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ་ཕུལ་བས་ནང་གི་མཆོད་པས་མཉེས་པའི་མོས་པ་མཛོད། ཨོཾ་པཉྩ་ཨ་མྲྀ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཡང་ཁྱེད་རང་རྣམས་ཀྱི་སྙིང་ཁ་ནས་རིག་མ་བརྒྱད་དམ་བཅུ་དྲུག་སྤྲུལ་ཏེ་ཕུལ་བས་རྗེས་


PS002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་བདེ་བས་ཐུགས་རྒྱུད་གང་སྟེ་མཆོད་པས་མཉེས་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། དེ་ཐམས་ཅད་སྒྱུ་མ་ལྟ་བུ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་ཤེས་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ་སྙམ་དུ་མོས་པ་མཛོད། དེ་ལྟར་མཆོད་པ་བཞི་རྫོགས་སུ་ཕུལ་ཞིང་མོས་གུས་དྲག་པོ་དུང་བ་བྱས་པས། ལྟེ་འོག་གི་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཆེས་ཕྲ་བ་ཞིག་སྤར་ཏེ། དབུ་མའི་ནང་ནས་ཡར་སོང་། ཚངས་བུག་ནས་ཐོན། སྤྱི་བོའི་འཁོར་ལོ་བདེ་མཆོག་ལྷ་ལྔའི་སྐུ་ལ་ཕོག་པས། བདེ་དྲོད་ཀྱི་མཆོད་པས་མཉེས་པའི་མོས་པ་མཛོད། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས།


PS002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བྱང་ཆུབ་སེམས་ཀྱི་རྣམ་པར་ཞུ་སྟེ། འཁོར་ལོ་བདེ་མཆོག་གི་དབུ་གཙུག་ནས་ཐིམ། བདེ་མཆོག་ཡབ་ཡུམ་གྱི་སྐུ་གང་། དེའི་སྐུ་ལུས་ཀྱི་ཆ་ཐམས་ཅད་ལས་ཀྱང་བྱང་ཆུབ་སེམས་ཀྱི་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་ཅན། དཀར་ཞིང་དྭངས་མའི་རྒྱུན་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག །ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། བུམ་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཡང་སྤྱི་བོའི་འཁོར་ལོ་བདེ་མཆོག་


PS002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ལ་མོས་གུས་དུང་བ་བྱས་པས་ཡབ་ཡུམ་སྙོམས་པར་ཞུགས། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པའི་རྒྱུན་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས། མགྲིན་པའི་ལམ་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་གང་བས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ངག་གི་སྡིག་སྒྲིབ་ཐམས་ཅད་དག །རླུང་ངག་དབྱེར་མེད་རྡོ་རྗེའི་རང་བཞིན་ཅན་དུ་གྱུར། གསང་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཡང་སྤྱི་བོའི་བདེ་མཆོག་ཡབ་ཡུམ་ལ་མོས་གུས་དུང་བ་བྱས་པས། ཡུམ་རྡོ་རྗེ་ཕག་མོ་ལས་རང་འདྲ་བ་གཉིས་པ་ཞིག་ཆད། དེས་


PS002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་འཁོར་ལོ་སྡོམ་པ་ཡབ་རྐྱང་དུ་གསལ་བའི་སྐུ་ལ་འཁྱུད་ཅིང་། རྗེས་སུ་ཆགས་པའི་བདེ་བ་ཆེན་པོས་རྒྱུད་གང་བས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག། ཡིད་བདེ་སྟོང་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་དུ་གྱུར། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཡང་སྤྱི་བོའི་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་མོས་གུས་དུང་བ་བྱས་པས། སྤྱི་བོའི་རྣལ་འབྱོར་མ་བཞི་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ཀྱི་ཚངས་བུག་ཏུ་ཐིམ། ཁྱེད་རང་རྣམས་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ཡུཾ་ཡང་ཡབ་


PS002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། རང་ཉིད་ཡབ་རྐྱང་དུ་གསལ་བ་དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་ཏེ། ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དུ་གྱུར། དབང་བཞི་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། དེ་དག་གིས་གཏུམ་མོའི་སྒོས་བཀའ་གྲུབ། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་མཎྜལ་འབུལ་བ་སྔར་བཞིན་བྱ། རྗེས་ཆོག །མཆོད་བསྟོད། བཟོད་གསོལ།


PS002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་གསོལ། བསྔོ་སྨོན་རྣམས་བྱེད་པ་རིགས་འགྲེའོ། །བློ་ངན་ཚང་ཚིང་སྲེག་པའི་ཐབས། །རབ་གསལ་གཏུམ་མོའི་མེ་དབང་ཡང་། །ནི་གུས་བསྟན་པ་ཇི་བཞིན་དུ། །ཆོས་ཚུལ་སྐྱོང་ལ་མཁོ་ཕྱིར་བྲིས། །གཏུམ་མོའི་དབང་བསྐུར་བརྗོད་ཟིན་ཏོ།། ༈ །།དཔལ་ལྡན་གསང་བ་འདུས་པ་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ནས། །བྱིན་རླབས་གཞུང་ཤིང་བཀའ་དྲུག་ལས། །སྒྱུ་ལུས་སྒོས་བཀའ་བཤད་པར་བྱ། །འདིར་སྒྱུ་ལུས་ཀྱི་བཀའ་བྱེད་པ་ལ་གཉིས། སློབ་དཔོན་གྱི་བྱ་བའི་རིམ་པ་དང་། སློབ་མ་ལ་བྱ་ཚུལ་ལོ། །དང་པོ་ལ་བཅའ་གཞི་དང་། བདག་མདུན་བསྒྲུབ་ཚུལ་གཏུམ་མོའི་སྐབས་བཞིན་ཉམས་སུ་བླངས་པས་དོན་འགྲུབ་པའོ། །གཉིས་པ་ལ་ཁྲུས་ཕྱག་སྔོན་འགྲོས་སློབ་མ་རྣམས་གྲལ་ལ་འཁོད། བགེགས་གཏོར་བཏང་། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་


PS002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱའོ་སྙམ་པའི་ཐུགས་བསམ་ཁྱད་པར་ཅན་དུང་པ་དང་བཅས་མ་ཡེངས་པས་གསན་པར་ཞུ། གསན་བྱ་དམ་པའི་ཆོས་ཟབ་ལམ་ནི་གུ་ཆོས་དྲུག་གི་སྒྱུ་ལུས་ཀྱི་སྒོས་བཀའ་འབུལ་བ་སྐབས་སུ་བབས་པ་ཡིན། དེ་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་སུ་ཡོད་པ་ལས། དང་པོ་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསོལ་བ་འདེབས་པ། ༡ སྡོམ་པ་འཛིན་པ། ༢ ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ། ༣དམ་བཞག་བྱ་བ། ༤ ཡེ་ཤེས་དབབ་པ་སྟེ། བཛྲ་ཨཱ་བེ་ཤ་ཨ་ཨཱཿཞེས་པའི་བར་གྱི་སྔོན་འགྲོ་ལྔ་གཏུམ་མོའི་སྐབས་


PS002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱའོ། །གཉིས་པ་དངོས་གཞིའི་སླད་དུ་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཞེས་སོགས་གསུམ། ཁྱེད་རང་རྣམས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་གྱུར་པའི་མོས་པ་མཛོད། དེ་ལྟ་བུའི་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བ་དེ་ཉིད་སྣང་སྟོང་སྒྱུ་མ་ལྟ་བུའི་རང་བཞིན་དུ་གྱུར་པའི་སྤྱི་བོར་རྡོ་རྗེའི་ས་གཞི་རྭ་བ། དྲྭ་བ་གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་གྱི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སེང་གེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སླར་ཡང་པདྨ་དང་


PS002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་གདན་ལ་བླ་མ་དང་དབྱེར་མ་མཆིས་པའི་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ནས། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གཏུམ་མོའི་སྐབས་བཞིན། འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་མཐིང་ག །བྱང་ཏུ་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་དུ་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག་དང་བཅས་ཤིང་ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །


PS002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ་དེ་རྣམས་ལ་ཁྱེད་རང་རྣམས་ཀྱིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་རྣམས་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བའི་མོས་པ་དང་བཅས་གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་མོས་གུས་དུང་དུང་བ་དང་བཅས་པའི་ཡིད་ཀྱིས་གསོལ་བ་ལན་གསུམ་བཏབ་པའི་རྐྱེན་གྱིས་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོས།


PS002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དབྱིངས་གང་བའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུའི་བྱིན་རླབས་ཀྱི་ངོ་བོ་འོད་ཟེར་ཁ་དོག་སྣ་ལྔ་པའི་ཚོགས་དཔག་ཏུ་མེད་པ་བྱུང་། བླ་མ་འཁོར་ལོ་སྡོམ་པའི་སྐུ་ལ་ཞུགས་པས་དེའི་བྱིན་རླབས་དང་རོ་གཅིག་ཏུ་འདྲེས་པར་གྱུར་ཏེ་བླ་མ་འཁོར་ལོ་སྡོམ་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། ཁྱེད་རང་རྣམས་ཀྱིས་སྨིན་མཚམས་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག། བུམ་


PS002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་ཐོབ། སྐུའི་བྱིན་རླབས་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ནས་སྣང་བ་འདི་ཐམས་ཅད་མེད་བཞིན་དུ་སྣང་བའོ་སྙམ་པའི་སྒྱུ་མ་ལྟ་བུའི་འདུན་པ་སྦྱོངས་ཤིག །གཉིས་པ་ཡང་སྤྱི་བོའི་བླ་མ་འཁོར་ལོ་བདེ་མཆོག་ལ། ཁྱེད་རང་རྣམས་ཀྱི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས༴ བདག་ལ་གསང་བའི་དབང་བསྐུར་བ་སྩལ་དུ་གསོལ། ཞེས་མོས་གུས་དུང་དུང་བ་དང་བཅས༴ དེ་རྣམས་ཀྱི་གསུང་གི་བྱིན་རླབས་ཀྱི་ངོ་བོ༴ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས༴ངག་གི་སྡིག་སྒྲིབ་ཐམས་ཅད་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་བརྟན་པར་གྱུར་པའི་མོས་པ་མཛོད།


PS002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས༴ སྦྱོངས་ཤིག༴ གསུམ་པ་ཡང་༴ སྤྱི་བོའི་བླ་མ་འཁོར་ལོ་བདེ་མཆོག་ལ༴བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྩལ་དུ་གསོལ། ཞེས་མོས་གུས་དུང་དུང་པ་དང་བཅས༴ དེ་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོ༴ ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག །ཤེར་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ནས་སྣང་བ་འདི་ཐམས་ཅད་མེད་བཞིན་དུ་སྣང་བའོ་སྙམ་པའི་སྒྱུ་མ་ལྟ་བུའི་འདུན་པ་སྦྱོངས་ཤིག །བཞི་


PS002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡང་སྤྱི་བོའི་བླ་མ་འཁོར་ལོ་བདེ་མཆོག་ལ་ཁྱེད་རང་རྣམས་ཡིད་ཀྱིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་རྣམས་སྤྲུལ་ཏེ་ཕུལ་བའི་མོས་པ་དང་བཅས་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་བདག་ལ་བཞི་པའི་དབང་བསྐུར་བ་སྩལ་དུ་གསོལ། ཞེས་མོས་གུས་དུང་དུང་བ་དང་བཅས་པའི་ཡིད་ཀྱིས་གསོལ་བ་ལན་གསུམ་བཏབ་པའི་རྐྱེན་གྱིས་སྤྱི་བོའི་བླ་མ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་ཐུགས་བརྒྱུད་བསྐུལ། དེ་རྣམས་


PS002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོ་འོད་ཟེར་ཁ་དོག་སྣ་ལྔ་པའི་ཚོགས་དཔག་ཏུ་མེད་པ་བྱུང་། བླ་མ་འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ལ་ཞུགས་པས་དེའི་བྱིན་རླབས་དང་རོ་གཅིག་ཏུ་འདྲེས་པར་གྱུར་ཏེ་བླ་མ་འཁོར་ལོ་སྡོམ་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། ཁྱེད་རང་རྣམས་ཀྱི་ལྟེ་བ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ནས་སྣང་བ་འདི་ཐམས་ཅད་མེད་བཞིན་དུ་སྣང་བའོ་སྙམ་པའི་སྒྱུ་མ་


PS002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་འདུན་པ་སྦྱོངས་ཤིག །དེ་ནས་མཐའ་བསྐོར་ན་བཞུགས་པའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས་འོད་དུ་ཞུ་ནས་སྤྱི་བོའི་ཧེ་རུ་ཀ་ལྷ་ལྔ་ལ་ཐིམ། དེ་ཉིད་ཀྱང་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་བསམ་ལ་སྤྲོས་བྲལ་ནམ་མཁའི་དབྱིངས་ལྟ་བུའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད། དེ་དག་གིས་སྒྱུ་ལུས་ཀྱི་སྒོས་བཀའ་གྲུབ། དེའི་དུས་སུ་ཐོབ་པའི་དམ་སྡོམ་བསྲུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་མན་ཆད་སྔར་བསྟན་པ་བཞིན་བྱའོ། །མ་དག་བློ་ཡི་འཆར་སྒོ་རུ། །སྣང་བ་སྣ་ཚོགས་གསལ་མོད་ཀྱི། །སྒྱུ་མར་བསྟན་ལ་ཡིད་ཆེས་ནས། །དྲན་འདུན་སྐྱོང་ཕྱིར་འདི་དོན་ལོངས། །སྒྱུ་ལུས་ཀྱི་སྒོས་བཀའ་བརྗོད་ཟིན་ཏོ།། ༈ །།དངོས་ཀུན་གཅིག་ཏུ་སྡོམ་མཛད་


PS002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཧེ་རུ་ཀ་དཔལ་ལ་བཏུད་ནས། །བྱིན་རླབས་གཞུང་ཤིང་བཀའ་དྲུག་ལས། །རྨི་ལམ་སྒོས་བཀའ་བཤད་པར་བྱ། །འདིར་རྨི་ལམ་གྱི་བཀའ་བྱ་བ་ལ་གཉིས་ཏེ་སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་ཚུལ་ལོ། །དང་པོ་བདག་བསྐྱེད་བསྒོམ་པ། མདུན་བསྐྱེད་བསྒྲུབ་པའི་ཆོ་གའི་གོ་རིམ་ཚང་བརྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཏིང་ངེ་འཛིན་གྱི་དབང་བསྐུར་སྐབས་སུ་བཤད་པ་ལྟར་ཉམས་སུ་བླང་ངོ་།། ༈ །།གཉིས་པ་སློབ་མ་ལ་བྱ་བ་ནི། ཁྲུས་ཕྱག་ནས་བརྩམས་ཏེ། གཙོ་བོས་བདག་ལ་སྩལ་དུ་གསོལ། ཞེས་ཡེ་ཤེས་དབབ་པའི་གསོལ་འདེབས་ཡན། སྒྱུ་ལུས་ཀྱི་སྐབས་དང་འདྲ། དེ་ནས་སློབ་དཔོན་དང་མདུན་བསྐྱེད་མཎྜལ་གྱི་དཀྱིལ་འཁོར་དབྱེར་མ་མཆིས་པ་རྒྱུད་སྡེ་ལྔ་ཡི་ལྷ་ཚོགས་སུ་གསལ་བ་དང་བཅས་པ་ལ། མོས་གུས་དུང་བ་བྱས་པའི་


PS002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་འཁོར་ལོ་བདེ་མཆོག་ཡབ་རྐྱང་གི་རྣམ་པར་གྱུར་པའི་མོས་པ་མཛོད། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྒྱུད་སྡེ་ལྔའི་རྣམ་པར་སྤྱན་དྲངས། ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་བཅས་རྒྱུད་སྡེ་ལྔའི་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་ཡེ་ཤེས་ཕབ། གཉིས་པ་དངོས་གཞི་ཞུ་


PS002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །སོགས་གསུམ། དེ་ནས་སྤྱན་དམིགས་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་མཎྜལ་གྱི་དཀྱིལ་འཁོར་དབྱེར་མ་མཆིས་པ། རྒྱུད་སྡེ་ལྔའི་ལྷ་ཚོགས་སུ་གསལ་འདེབས་དགོས་པས། དེ་ཡང་རྡོ་རྗེ་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་མེ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་འཁོར་ལོ་བདེ་མཆོག་ལྷན་སྐྱེས། ཤར་གྱི་འདབ་མ་ལ་གསང་བ་འདུས་པ་ལྷན་སྐྱེས། ལྷོའི་འདབ་མ་ལ་སྒྱུ་མ་ཆེན་མོ་ལྷན་སྐྱེས།


PS002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་འདབ་མ་ལ་དགྱེས་མཛད་ལྷན་སྐྱེས། བྱང་གི་འདབ་མ་ལ་འཇིགས་བྱེད་ལྷན་སྐྱེས་རྣམས་བཞུགས་པར་གསལ་བཏབ་ནས། དེ་རྣམས་ལ་ཁྱེད་རང་རྣམས་ཀྱིས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཐུགས་རྗེས་བཟུང་དུ་གསོལ་སྙམ་པའི་མོས་གུས་དུང་དུང་བ་སྒོམས་མཛོད། དེ་ལྟར་བྱས་པས་མདུན་གྱི་བླ་མ་དང་དབྱེར་མ་མཆིས་པའི་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡེར་གྱིས་བྱོན། ཁྱེད་རང་རྣམས་འཁོར་ལོ་སྡོམ་པ་ཡབ་རྐྱང་དུ་གསལ་བའི་ལུས་ལ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྐད་ཅིག་ཙམ་གྱིས་གསལ་བའི་མོས་པ་མཛོད། སླར་ཡང་སྤྱི་བོའི་


PS002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ལྔ་ལ་མོས་གུས་དུང་བ་བྱས་པས། དེ་རྣམས་འོད་ཟེར་གྱི་རྣམ་པར་ལྟེམ་ལྟེམ་ཞུ་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ། ལུས་ཐམས་ཅད་འོད་ཟེར་གྱིས་ཁྱབ། སྤྱི་བོའི་བདེ་བ་ཆེན་པོའི་འཁོར་ལོའི་ལྟེ་བར་བླ་མའི་སྐུའི་ངོ་བོ་བདེ་མཆོག་ལྷན་སྐྱེས་དང་ཕྱོགས་ཀྱི་འདབ་མ་བཞི་ལ་མཁའ་འགྲོ་མ། ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མ་སྟེ་སྙིང་པོའི་རྣལ་འབྱོར་མ་བཞི་བཞུགས་པར་སྒོམ་མཛོད། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོའི་ལྟེ་བར། བླ་མའི་གསུང་གི་ངོ་བོ་མ་ཧཱ་མཱ་ཡཱ་ལྷན་སྐྱེས་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ་


PS002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་སྣ་ཚོགས་མཁའ་འགྲོ་རྣམས་བཞུགས་པར་སྒོམས་མཛོད། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ལྟེ་བར་བླ་མའི་ཐུགས་ཀྱི་ངོ་བོ་དགེས་མཛད་རྡོ་རྗེ་ལྷན་སྐྱེས། ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་ཤར་དུ་གཽ་རཱི། ལྷོར་ཙཽ་རཱི། ནུབ་ཏུ་བཻ་ཏཱ་ལཱི། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་རི་ཁྲོད་མ། ལྷོ་ནུབ་ཏུ་གདོལ་པ་མོ། ནུབ་བྱང་དུ་ཌོམ་སྦི་ནཱི་རྣམས་སྒོམས་མཛོད། ལྟེ་བ་སྤྲུལ་པའི་འཁོར་ལོའི་ལྟེ་བར་བླ་མའི་ཡོན་ཏན་གསང་བ་འདུས་པ་དང་། ཕྲིན་ལས་རྡོ་རྗེ་འཇིགས་བྱེད་གཉིས་འདུས་སུ་གྱུར་པའི་ངོ་བོ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་རྩ་ཞལ་དང་སྐུ་ལུས་གུར་གུམ་གྱི་མདོག་ལྟར་དམར་སེར། གཡས་


PS002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཡོན་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་འོག་མ་གཉིས་ཀྱི་པུསྟི་དང་གཞུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་ཅན་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་ཤར་དུ་སངས་རྒྱས་སྤྱན་མ་དཀར་མོ། ལྷོར་མ་མཱ་ཀི་སྔོན་མོ། ནུབ་ཏུ་གོས་དཀར་མོ་དམར་མོ། བྱང་དུ་སྒྲོལ་མ་ལྗང་ཁུ་རྣམས་བཞུགས་པར་སྒོམས་མཛོད། དེ་ནས་དབང་བསྐུར་བ་ལ། མཚོན་བྱེད་དཔེའི་སྒོ་ནས་དང་།


PS002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བྱ་དོན་གྱི་སྒོ་ནས་དབང་བསྐུར་བའོ། །དང་པོ་ལ་བཞི་ལས་དང་པོ་བུམ་དབང་གི་དོན་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་ནང་གི་བདེ་མཆོག་ལྷ་ལྔ་ལ་མོས་གུས་དྲག་པོ་དུང་བ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འཁོར་ལོ་བདེ་མཆོག་ལྷ་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་འཁོར་ལོ་སྡོམ་པ་ལྷ་ལྔའི་སྐུ་ལ་ཐིམ། དེ་རྣམས་ཀྱི་སྐུ་ལས་ཀྱང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་རྩ་འདབ་རྣམས་བརྒྱུད་དེ། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ལམ་སྟེ་གང་། བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་


PS002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་མོས་པ་མཛོད། ཡི་གེ་བདུན་པ་བཟླ་ཞིང་སྤོས་རོལ་བྱ། འོག་ཏུ་ཡང་ལྷ་རང་རང་གི་སྔགས་བཟླ་ཞིང་བྱིན་འབེབས་ཀྱི་རོལ་མོ་བྱེད་པ་རིགས་འགྲེའོ། །གཉིས་པ་གསང་བའི་དབང་གི་དོན་དུ་ཁྱེད་རང་རྣམས་ཀྱི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ནང་གི་མ་ཧཱ་མཱ་ཡཱ་ལྷ་ལྔ་ལ་མོས་གུས་དུང་བ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མ་ཧཱ་མཱ་ཡཱ་ལྷ་ལྔའི་སྐུ་ལ་ཐིམ། དེ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པའི་རྩ་འདབ་རྣམས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ལམ་སྟེ་གང་། གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་དག་པའི་མོས་པ་མཛོད།


PS002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་རོལ་སྔགས་བཟླ་བ་འགྲེའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་ཁྱེད་རང་རྣམས་ཀྱི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་གི་དགེས་མཛད་རྡོ་རྗེ་ལྷ་དགུ་ལ་མོས་གུས་དྲག་པོ་དུང་བ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དགེས་མཛད་རྡོ་རྗེ་ལྷ་དགུའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ཁའི་དགེས་མཛད་རྡོ་རྗེ་ལྷ་དགུ་ལ་ཐིམ། དེ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ཁའི་རྩ་འདབ་རྣམས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ལམ་སྟེ་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྡིག་སྒྲིབ་


PS002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་མོས་པ་མཛོད། སྤོས་རོལ་བྱ་བ་གོང་བཞིན། བཞི་པ་ཚིག་དབང་གི་དོན་དུ་ཁྱེད་རང་རྣམས་ཀྱི་ལྟེ་བ་སྤྲུལ་པའི་འཁོར་ལོའི་ནང་གི་གསང་བ་འདུས་པ་ལྷ་ལྔ་ལ་མོས་གུས་དྲག་པོ་དུང་བ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་ལྷ་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལྟེ་བའི་འཇམ་དཔལ་རྡོ་རྗེ་ལྷ་ལྔ་ལ་ཐིམ། དེ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བའི་རྩ་འདབ་རྣམས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ལམ་སྟེ་གང་། དབང་བཞི་པ་ཐོབ། ལུས་ངག་


PS002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་གྱི་སྡིག་སྒྲིབ་དག་པའི་མོས་པ་མཛོད། ཨོཾ་ཨཱཿབཛྲ་ཌྷྲྀཀ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་བཟླ་ཞིང་སྤོས་རོལ་བྱའོ། །གཉིས་པ་མཚོན་བྱ་དོན་གྱི་དབང་བསྐུར་བའི་སླད་དུ་མོས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་འཁོར་ལོ་སྡོམ་པ་ལྷ་ལྔ་ལ་མོས་གུས་དུང་བ་བྱས་པས་དེ་འོད་དུ་ལྟེམ་གྱིས་ཞུ་མགྲིན་པའི་མ་ཧཱ་མཱ་ཡཱ་ལ་ཐིམ་པས་དགའ་བའི་ཡེ་ཤེས་སྐྱེས་ཏེ་བུམ་པའི་དབང་ཐོབ། ཡང་མགྲིན་པའི་སྒྱུ་མ་ཆེན་མོ་ལྷ་ལྔ་ལ་མོས་གུས་དུང་བ་བྱས་པས། དེ་འོད་དུ་ལྟེམ་གྱིས་ཞུ་སྟེ་སྙིང་གའི་དགེས་མཛད་རྡོ་རྗེ་ལྷ་དགུ་ལ་ཐིམ་པས་མཆོག་དགའི་ཡེ་ཤེས་སྐྱེས་ཏེ་གསང་དབང་ཐོབ། ཡང་སྙིང་གའི་དགེས་མཛད་རྡོ་རྗེ་ལྷ་དགུ་ལ་མོས་གུས་དུང་བ་བྱས་པས་དེ་


PS002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་ལྟེམ་གྱིས་ཞུ་སྟེ་ལྟེ་བའི་འཇམ་དཔལ་རྡོ་རྗེ་ལྷ་ལྔ་ལ་ཐིམ་པས་ཁྱད་དགའི་ཡེ་ཤེས་སྐྱེས་ཏེ་ཤེར་དབང་ཐོབ། ཡང་ལྟེ་བའི་འཇམ་དཔལ་རྡོ་རྗེ་ལྷ་ལྔ་ལ་མོས་གུས་དུང་བ་བྱས་པས་དེ་འོད་དུ་ལྟེམ་གྱིས་ཞུ་སྟེ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་ཏེ་དབང་བཞི་པ་ཐོབ། བདེ་སྟོང་ཟུང་དུ་འཇུག་པ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་ཞོག་མཛོད། དེ་ནས་ཁྱེད་རང་རྣམས་ཀྱི་སྨིན་མཚམས་ཀྱི་ཐད་ཀྱི་མདུན་གྱི་ནམ་མཁའ་ལ་འོད་ཀྱི་གའུ་ཁ་སྦྱོར་ནང་དུ་རྒྱུད་སྡེ་ལྔའི་སྙིང་པོ་ཡི་གེ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་འབྲུ་ལྔ་འོད་ཟེར་ཁ་དོག་ལྔ་འགྲོ་བ་དེ་ལ་སེམས་གཏད་ནས། སྣང་བ་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་


PS002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྙམ་པའི་འདུན་པ་ཅུང་ཟད་སྦྱོང་བ་ཞུ། དེ་རྣམས་ཀྱིས་རྨི་ལམ་གྱི་སྒོས་བཀའ་ཕུལ་གྲུབ་ཟིན། དེའི་དུས་སུ་ཐོབ་པའི་དམ་ཚིག་བསྲུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་མན་ཆད་དང་། རྗེས་ཆོག་བྱེད་པ་དཀྱུས་ལྟར་རོ། །ཨ་འཐས་བློ་ཡིས་བཅིངས་པ་ལས། །ཉིང་འཁྲུལ་རྨི་ལམ་གསལ་བས་ན། །གདམས་ངག་འདི་རུ་བསྟན་པ་བཞིན། །ཉམས་མྱོང་སྐྱོང་རྣམས་ཡ་མཚན་ཆེ། །རྨི་ལམ་གྱི་སྒོས་བཀའ་བརྗོད་ཟིན་ཏོ། ༈ །སྒྱུ་མ་ཆེན་མོ་ཞེས་བྱ་བའི། །མཁའ་འགྲོའི་དབང་ཕྱུག་ལ་བཏུད་ནས། །བྱིན་རླབས་གཞུང་ཤིང་བཀའ་དྲུག་ལས། །འོད་གསལ་སྒོས་བཀའ་བཤད་པར་བྱ། །འདིར་འོད་གསལ་གྱི་བཀའ་བྱ་བ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་རྗེས་སུ་བཟུང་ཚུལ་ལོ། །དང་པོ་མཎྜལ་འདབ་མ་བརྒྱད་པའི་ལྟེ་བར་ཚོམ་བུ་སྔོན་པོ། ཤར་


PS002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྔོན་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་རྣམས་བཀོད། མཆོད་གཏོར་སོགས་གོང་དང་འདྲ་བ་བཤམས། བདག་བསྐྱེད་ལྷ་ལྔའི་སྐབས་བཞིན་དང་། མདུན་བསྐྱེད། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་འབྱུང་བཞི་རི་རབ་སྣ་ཚོགས་པདྨའི་ལྟེ་བ་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཡིད་ཙམ་ཁྲོ་བ། རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པས་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་། དར་དང་རིན་པོ་ཆེས་བརྒྱན་པའོ། །འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ནག་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ།


PS002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ་རྣམས་གྲི་གུག་དང་ཐོད་པ་ཁ་ཊྭཱྃ་ག་འཛིན་པ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿན་མོ་བུདྡྷའི་མཐར། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ནས་ཆུ་ལྷག་མ་ཡར་ལུད་པའི་བར་རྒྱུད་སྡེ་ལྔའི་སྐབས་བཞིན་ལ། རིགས་ལྔ་སོ་སོས་དབུ་བརྒྱན་པར་གྱུར། མཆོད་བསྟོད་ལྷ་ལྔའི་སྐབས་བཞིན་བྱ་བའོ། །གཉིས་པ་སློབ་མ་ལ་བྱ་བ་ནི། ཁྲུས་ཕྱག་ནས་བརྩམས་ཏེ། གཙོ་བོས་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་འདེབས་པའི་བར་རྨི་ལམ་གྱི་སྐབས་དང་འདྲའོ། །དེ་ནས་སློབ་དཔོན་ཧེ་རུ་


PS002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་གསལ་བའི་མཐའ་སྐོར་དུ་རྒྱུད་པའི་བླ་མ་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ལ་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་འཁོར་ལོ་བདེ་མཆོག་ཡབ་རྐྱང་གི་རྣམ་པར་གྱུར་པའི་མོས་པ་མཛོད། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་མཁའ་འགྲོའི་ཚོགས་ཐམས་ཅད་སྤྱན་དྲངས། དེ་རྣམས་ཀྱང་བདུད་རྩི་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་


PS002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། ན་མོ་བུདྡྷ་ཡའི་སྔགས་དང་ཡི་གེ་བདུན་པའི་མཐར། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿཞེས་སྤོས་རོལ་དང་བཅས་ཡེ་ཤེས་ཕབ། གཉིས་པ་དངོས་གཞིའི་སླད་དུ་མཎྜལ་ཕུལ་ནས་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སོགས། སྤྱན་དམིགས་འདི་བཞིན་མཛོད། ཁྱེད་རང་རྣམས་འཁོར་ལོ་བདེ་མཆོག་ཡབ་རྐྱང་དུ་གསལ་བའི་སྤྱི་བོར་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་སླར་ཡང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རལ་པའི་ཐོར་


PS002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། ཡུམ་སངས་རྒྱས་མཁའ་འགྲོ་མ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ། ལྷོར་རིན་ཆེན་མཁའ་འགྲོ་མ། ནུབ་ཏུ་པདྨ་མཁའ་འགྲོ་མ། བྱང་དུ་སྣ་ཚོགས་མཁའ་འགྲོ་མ་རྣམས་ཀྱིས་གྲི་གུག་དང་ཐོད་པ་ཁ་ཊྭཱྃ་ག་འཛིན་པ། མཚམས་ཀྱི་འདབ་མ་བཞི་ལ་བུམ་པ་བདུད་རྩིས་གང་བ། དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་སྐོར་དུ་སངས་རྒྱས་བྱང་སེམས་


PS002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་མཁའ་འགྲོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་བཅས་པ་གསལ་བཏབ་སྟེ། དེ་རྣམས་ལ་མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། མཁའ་དབྱིངས་གང་བའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་ན་བཞུགས་པའི་བླ་མ་ཧེ་རུ་ཀ་ལྷ་ལྔའི་ཐད་ཀྱི་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར་པའི་མོས་པ་མཛོད། དེ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་དང་། ཁྱད་པར་དུ་རྒྱལ་སྲིད་སྣ་བདུན་དང་། རིན་པོ་ཆེའི་རིགས་ཀྱི་བྱེ་བྲག་དཔག་ཏུ་མེད་པ་སྤྲུལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕྱུར་


PS002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གང་བས་སྤྱི་བོའི་བླ་མ་ཧེ་རུ་ཀའི་ལྷ་ཚོགས་རྣམས་དང་། དེའི་ཡང་སྟེང་གི་ནམ་མཁའ་ལ་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་ཕུལ་བས་མཆོད་པས་མཉེས་པར་བསམ་ཞིང་བདག་ལ་ཡང་དག་པར་འོད་གསལ་གྱི་དབང་བསྐུར་དུ་གསོལ། ཁྱད་པར་དུ་ཡང་བུམ་པའི་དབང་བསྐུར་བ་སྩལ་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་དུང་དུང་བཏབ་པས་སྤྱི་བོའི་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེའི་སྟེང་གི་ནམ་མཁའ་ལ་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས་ལ་ཕོག་པས་ཐུགས་བརྒྱུད་རང་དབང་མེད་པར་བསྐུལ་


PS002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་རྣམས་ཀྱི་དཔྲལ་བ་ནས་སྐུའི་བྱིན་རླབས་ཀྱི་ངོ་བོ་འོད་ཟེར་དཀར་པོའི་རྣམ་པ་དཔག་ཏུ་མེད་པ་བྱུང་། སྤྱི་བོའི་སྟེང་གི་བླ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་ཀྱང་འོད་ཟེར་དཀར་པོ་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱིས་དཔྲལ་བར་ཞུགས་ཏེ། ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག། བུམ་པའི་དབང་ཐོབ། སྐུའི་དངོས་གྲུབ་བསྩལ་བྱུང་སྙམ་པའི་མོས་པ་མཛོད། ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་ནས་ཁྱད་པར་དུ་ཡང་གསང་བའི་དབང་བསྐུར་བ་སྩལ་དུ་གསོལ། ཞེས་དང་། དེ་རྣམས་ཀྱི་མགྲིན་པ་ནས་གསུང་གི་བྱིན་རླབས་


PS002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་འོད་ཟེར་དམར་པོའི་རྣམ་པ་དཔག་ཏུ་མེད་པ་བྱུང་། སྤྱི་བོའི་སྟེང་གི་བླ་མའི་མགྲིན་པའི་ཨཱཿལ་ཐིམ། དེ་ལས་ཀྱང་འོད་ཟེར་དམར་པོ་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་འདྲེས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ཏེ། མགྲིན་པའི་ནང་ཐམས་ཅད་གང་བས་ངག་གི་སྡིག་སྒྲིབ་ཐམས་ཅད་དག །གསང་བའི་དབང་ཐོབ། གསུང་གི་དངོས་གྲུབ་སྩལ་བྱུང་སྙམ་དུ་མོས་པ་མཛོད། དེ་བཞིན་དུ་རིགས་འགྲེ་ཤེས་པར་བྱས་ཏེ། ཁྱད་པར་དུ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་བ་སྩལ་དུ་གསོལ། ཞེས་དང་། དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོ་འོད་ཟེར་


PS002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའི་རྣམ་པ་ཞེས་པ་དང་། བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་ཀྱང་འོད་ཟེར་སྔོན་པོ་ཞེས་པ་དང་། སྙིང་ག་ནས་ཞུགས་ཏེ། སྙིང་གའི་ནང་ཐམས་ཅད་གང་བས་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། ཡང་ཕྱི་ནང་གསང་བ་ནས་དབང་བཞི་པ་སྩལ་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་དུང་དུང་བཏབ་པས་སྤྱི་བོའི༴ ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་སྟེང་གི་ནམ་མཁའ་ལ་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་འོད་དུ་ཞུ་སྟེ་སྤྱི་བོའི་བླ་མ་འཁོར་དང་བཅས་པ་ལ་ཐིམ། འཁོར་རྣམས་


PS002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིམ་པ་བཞིན་དུ་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་ལ་ཐིམ། དེ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ་སློབ་མའི་ལུས་ལ་ཐིམ་པས་རང་ལུས་དང་སྣང་བ་ཐམས་ཅད་འོད་གསལ་དུ་ཡལ་ནས་སེམས་མ་བཅོས་པ་ལ་ཅུང་ཟད་མཉམ་པར་ཞོག་མཛོད། དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་བྱུང་སྙམ་དུ་མོས་པ་མཛོད། དེ་དག་གིས་འོད་གསལ་གྱི་སྒོས་བཀའ་གྲུབ་ཟིན་པ་ཡིན། དབང་དུས་སུ་ཐོབ་པའི་དམ་ཚིག་རྣམས་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཡན་ཆད་དང་། རྗེས་ཀྱི་ཆོ་ག་དཀྱུས་ལྟར་རོ། །


PS002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་འབྱམས་བློ་ཡི་འཁྲུལ་རྟོག་ཀུན། །འོད་གསལ་ཀློང་དུ་ཐིམ་ཆེད་དུ། །འདི་རུ་བསྟན་པའི་གདམས་ངག་ལ། །ཡིད་ཆེས་སྐྱོངས་ཤིག་ཤེས་ལྡན་རྣམས། །འོད་གསལ་གྱི་སྒོས་བཀའ་བཤད་ཟིན་ཏོ།། ༈ །།དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོའི་དབང་མོ་ལ་བཏུད་དེ། །ཡེ་ཤེས་ཆོས་སྐུའི་ཞིང་ཁམས་སུ། །འཕོ་ཐབས་སྒོས་བཀའ་བཤད་པར་བྱ། །འདིར་འཕོ་བའི་བཀའ་བྱ་བ་ལ་སློབ་དཔོན་གྱི་ལས་དང་སློབ་མ་ལ་བྱ་བའི་རིམ་པའོ། །དང་པོ་ལ་མཎྜལ་གྱི་ཚོམ་བུ་ལྔ་དམར་པོ་བཀོད། མཆོད་གཏོར་སོགས་སྔར་དང་འདྲ་བ་བཤམ། བདག་བསྐྱེད་བདེ་མཆོག་ལྷ་ལྔའམ། རྣལ་འབྱོར་མ་སྒོམ་ཡང་ཤིན་ཏུ་རུང་། མདུན་བསྐྱེད་སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་གྱི་ནང་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བའི་ནང་དུ་སྣ་ཚོགས་པདྨ་འདབ་


PS002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞི་པའི་ལྟེ་བར་མི་རོ་དཀར་པོའི་མགོ་བོ་གཡོན་དུ་བསྟན་པའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་དམར་མོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མཐིང་ཁ། བྱང་གི་འདབ་མ་ལ་ལཱ་མ་ལྗང་གུ། ནུབ་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ། ལྷོའི་འདབ་མ་ལ་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་གཅེར་མོ་སྐྲ་གྲོལ་བ་ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཐུར་དུ་སྡིག་པ། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཉིས་བསྒྲད་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །རང་གི་སྙིང་གའི་


PS002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ལས་འོད་ཟེར་འཕྲོས། རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་ཕཻཾ། བཛྲ་ས་མཱ་ཛཿཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཡང་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་རྣམས་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ནས་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་མོ་ལ་རྣམ་སྣང་། མཁའ་འགྲོ་མ་ལ་མི་


PS002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ། ལཱ་མ་ལ་དོན་གྲུབ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཕྱི་མཆོད་ནང་མཆོད་རྣམས་བདེ་མཆོག་ལྷ་ལྔའི་སྐབས་བཞིན་དང་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱི་བསྟོད་པ་དང་། ཨོཾ་གསུམ་མ་ཅི་འགྲུབ་བཟླ་བ། གཏོར་མ་འབུལ་བ་སོགས་འདོན་པ་བསྒྱུར་བ་ཕྲན་བུ་མ་གཏོགས་ལྷ་ལྔའི་སྐབས་བཞིན་ཉམས་སུ་བླང་ངོ། །གཉིས་པ་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་སོགས་བྱ། སློབ་དཔོན་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་སྔོན་འགྲོའི་ཆོས་བཤད་བསྡུས་པ་ནས་བཟུང་། ཡེ་ཤེས་དབབ་པའི་གསོལ་འདེབས། གཙོ་བོས་བདག་ལ་སྩལ་དུ་གསོལ། །ཞེས་པ་ཡན་ཆད་གཏུམ་མོའི་སྐབས་


PS002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤེས་པར་བྱ་བ་སྔར་བཞིན་ནོ། །དེ་ནས་ཡེ་ཤེས་འབེབས་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་རྗེ་བཙུན་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་དུ་གསལ་བ་ལ་ཁྱེད་རང་རྣམས་ཀྱིས་མོས་གུས་དུང་བ་བྱས་པས། མདུན་བསྐྱེད་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཁའ་དབྱིངས་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་མཉམ་པར་


PS002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག་མཛོད། ཨོཾ་གསུམ་མའི་མཐར། བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿཞེས་གང་མང་བརྗོད་ཅིང་སྤོས་རོལ་བྱའོ། །གཉིས་པ་དངོས་གཞིའི་སླད་དུ་མཎྜལ་ཕུལ་ཏེ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སོགས་གསུམ། དེ་ནས་སྤྱན་དམིགས་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཐད་ཀྱི་ནམ་མཁའ་ལ་སྲུང་འཁོར་གྱི་ནང་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ་བདེ་བར་རྒྱུ་ཞིང་བདེ་བར་འཆར་བའི་འོད་ཀྱི་རང་བཞིན་ཅན་དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར་མི་རོ་དཀར་པོ་མགོ་བོ་གཡོན་དུ་བསྟན་པའི་སྟེང་དུ་བླ་མ་དང་དབྱེར་མ་མཆིས་པའི་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྡིག་མཛུབ་ཐུར་དུ་བརྐྱང་བ།


PS002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཉིས་བསྒྲད་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པ། འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཀྱི་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། ཆོས་འབྱུང་གི་ཟུར་དྲུག་ལ། ཨོཾ་བམ། ཧམ་ཡོམ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཞེས་པའི་སྔགས་རྣམས་གོ་ཆའི་དཔའ་མོ་དྲུག་གི་ངོ་བོར་ཡོད་པ་དང་གཡུང་དྲུང་འཁྱིལ་པ་དྲུག་དང་བཅས་པ་གསལ་བར་སྒོམས་མཛོད། དེ་ནས་ཕྱི་ནང་


PS002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་སྤྲུལ་ཏེ་ཕུལ་ལ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་སྐུ་ལ་ཐིམ་པས་ཐུགས་ཀར་བྱང་ཆུབ་སེམས་སུ་ཞུ་བའི་དྭངས་མ་དཀར་ལ་དམར་བའི་མདངས་ཆགས་པ་གསང་གནས་བྷ་གའི་དཀྱིལ་འཁོར་ནས་ཐོན། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་ཀྱི་སྡིག་སྒྲིབ་དག། བུམ་པའི་


PS002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་བྱུང་སྙམ་དུ་མོས་པ་མཛོད། སྤོས་རོལ་བྱ་བ་འགྲེའོ། །ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས༴ གསང་བའི་དབང་བསྐུར་དུ་གསོལ༴ ཁྱེད་རང་རྣམས་ཀྱི་ལྕེ་སྟེང་ན་ཞུགས། མགྲིན་པ་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་གང་བས་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་བྱུང་སྙམ་དུ་མོས་པ་མཛོད། ཡང་ཕྱི་ནང་གསང་བ༴ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ༴ ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། དེ་ལས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་གང་བས་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་བྱུང་སྙམ་དུ་མོས་པ་མཛོད། ཡང་ཕྱི་ནང་༴ བདག་ལ་དབང་བཞི་པ་བསྐུར་དུ་གསོལ་སྙམ་པའི་ཡིད་


PS002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་དང་དབྱེར་མ་མཆིས་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་འོད་དུ་ལྟེམ་སེ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ། སེམས་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་དུ་ཅུང་ཟད་སྙོམས་པར་ཞོག་མཛོད། དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་པ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། འཕོ་བའི་སྒོས་བཀའ་དངོས་གཞི་དེ་ཡན་ཆད་ཀྱིས་གྲུབ་པ་ཡིན། ད་ཞར་ལ་མན་ངག་བཞིན་འཕོ་བའི་དམིགས་པ་འདི་བཞིན་ལན་གསུམ་ལ་སོགས་པ་བྱ་བར་གསུངས་པས་དེའི་སྒོམ་ཚུལ་ནི་འདི་ལྟར་ཡིན་ཏེ། ཁྱེད་རང་


PS002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ཁ་མཚམས་ཀྱི་དབུས་སུ་ཁྱེད་རང་རྣམས་ཀྱི་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་ཤིན་ཏུ་དཀར་ལ་འོད་འཚེར་བ་ཞིག་གསལ་ཐོབ་ཅིག །ཆོས་འབྱུང་གི་འོག་ཟུར་གྱི་ནང་དུ་རླུང་གི་རང་བཞིན་ཧཱུྃ་སྔོན་པོ་ཞིག་གསལ་ཐོབ་ཅིག །དེ་གཉིས་གསལ་ཐེབས་ནས། ད་སྤྱི་བོའི་སྟེང་གི་ནམ་མཁའ་ལ་བླ་མ་དང་དབྱེར་མ་མཆིས་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་བཞུགས་པར་གསལ་ཐོབ་ཅིག །འོ་དེ་ནས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྟེང་འོག་གཡས་གཡོན་ཐམས་ཅད་ནས་རླུང་རྣམས་རིམ་པས་བསྡུས་ཏེ། ལྟེ་བའི་ཨ་ལ་ཐིམ་པས་


PS002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་ཐམས་ཅད་གཅིག་ཏུ་འདྲེས་པའི་མོས་པ་དང་བཅས་རླུང་ནང་དུ་ཅུང་ཟད་བཟུང་མཛོད། དེ་ནས་ཆོས་འབྱུང་གི་འོག་ཟུར་གྱི་ཧཱུྃ་ལས་ཤུགས་དང་ལྡན་པའི་རླུང་དཔག་ཏུ་མེད་པ་འཕྲོས། ཨ་ཡིག་དེ་ཉིད་ཡེར་གྱིས་བཏེགས་ཏེ་སྐར་མདའ་འཕངས་པ་བཞིན་ཚངས་བུག་ནས་རྒྱང་གིས་ཐོན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་ཐིམ་པར་བསམ་ལ་ཧིཀ་དྲག་པོ་བརྗོད་ཅིག །ཡང་ཕཊ་བརྗོད་པ་དང་མཉམ་དུ་ཨ་ཡིག་ལྟེ་བར་ཕབ། སྔར་བཞིན་ཁྱེད་རང་རྣམས་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི༴ ནས། ཧིཀ་དྲག་པོ་བརྗོད་ཅིག །ཅེས་པའི་བར་ལན་གསུམ་སྐྱར། མཐར་ཁྱེད་རང་རྣམས་ཀྱི་ལུས་སེམས་


PS002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བེམ་པོ་རོ་དང་འདྲ་བ་དེ་འོག་ཏུ་བཞག །སེམས་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པ་དེ་ཉིད་སྒྲ་འོད་དང་བཅས་ཏེ་མཁའ་དབྱིངས་མཐོན་པོར་ཇེ་མཐོ་ཇེ་མཐོར་གཤེགས་ཏེ་ཐག་རིང་པོར་སོང་བ་དང་མཐར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་གྱུར་པར་བསམ་ལ། རིག་པ་བརྗོད་མེད་དུ་མི་རྟོག་པའི་ངང་ལ་ཅི་གནས་མཉམ་པར་ཞོག་མཛོད། དེ་ནས་རང་སེམས་དང་དབྱེར་མ་མཆིས་པའི་རྡོ་རྗེ་རྣལ་འབྱོར་མའི་སྐུ་དེ་ཉིད་དལ་བུས་བྱོན་ཏེ། རང་ལུས་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་བྱོན་པས། དེ་ལས་རང་གི་རླུང་སེམས་ཀྱི་ངོ་བོ་ཨ་དཀར་པོ་ཞུ་བའི་དྭངས་མ་བྱང་སེམས་དཀར་དམར་གྱི་རྣམ་པ་དྲོད་དང་རླན་གཤེར་


PS002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རང་བཞིན་ཅན་ཚ་ཆི་ལི་ལི་བྱུང་ཚངས་བུག་ནས་ཞུགས། ལྟེ་བའི་ཆོས་འབྱུང་དུ་སླེབ་པ་ན་དྲོད་ཚ་ཧུར་གྱིས་ཐོན། རིག་པ་གསལ་སིང་ངེ་བྱུང་ཤེས་པ་བདེ་ཆིལ་ལེ་བ་འབོལ་ལེ་ཤིག་གེ་གྱུར་པའི་མོས་པ་མཛོད། དེ་ལྟར་གྱུར་པའི་མོད་ལ་རྡོ་རྗེ་རྣལ་འབྱོར་མ་ཡང་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་ཞུ་ནས་སྤྱི་བོ་ནས་ཐིམ་པས་ལུས་ཁེངས་པའི་ཚངས་བུག་གི་ཤུལ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་བསམ་མོ། །གཙོ་བོས་ཇི་ལྟར་སོགས་དང་མཎྜལ། རྗེས་ཆོག་རྣམས་སྤྱི་ལྟར་བྱ་བ་ཉིད་དོ། །བློ་འདས་འོད་གསལ་འཕོ་བའི་ལམ། །མཛུབ་ཚུགས་བསྟན་པའི་སྡིག་ཅན་ཡང་། །བསྒོམ་ཚེ་གྲོལ་བ་ཐེ་ཚོམ་མེད། །ཉམས་ཁྲིད་སྐྱོང་བ་སྐལ་ལྡན་ལགས། །འཕོ་བའི་སྒོས་བཀའ་


PS002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་ཏོ།། ༈ །།ཨེ་མ་ཧོ་བདག་མེད་མཁའ་འགྲོ་དང་། །སེམས་ཀྱི་མདུད་གྲོལ་རྗེ་བླ་མ། །ཐ་དད་མེད་ལ་གུས་བཏུད་ནས། །བར་དོའི་དབང་བསྐུར་བཤད་པར་བྱ། །འདིར་བར་དོའི་སྒོས་བཀའ་བྱ་བ་ལ་གཉིས་ཏེ་སློབ་དཔོན་གྱི་བྱ་བ་དང་སློབ་མ་རྗེས་འཛིན་ནོ། །དང་པོ་མཎྜལ་པདྨ་འདབ་བརྒྱད་ལ་ཚོམ་བུ་སྔོན་པོ་དགུ་བཀོད་པའི་མཐར་མཆོད་གཏོར་བཤམ། བདེ་མཆོག་ལྷ་ལྔ་དང་རྒྱུད་སྡེ་ལྔ་གཙོ་བསྡུས་ཅི་ཡང་རུང་བའི་བདག་བསྐྱེད་བསྒོམ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་པདྨའི་སྡོང་པོ་རབ་ཏུ་རྒྱས་པའི་རྩེ་མོར་འདབ་མ་བརྒྱད་དང་བཅས་པའི་ལྟེ་བར་བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་གཡོན་བསྐུམ་གཡས་བརྐྱང་


PS002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟབས་ཀྱིས་ཉི་མའི་གདན་ལ་ཚངས་པ་དང་དྲག་པོ་མནན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གི་རྒྱན་སོགས་མཚན་ཉིད་ཡོངས་སུ་རྫོགས་པ། དེའི་ཐུགས་ཀ་ནས་ཨ་བརྒྱད་སྤྲོས་པ་ལས་འདབ་མ་བརྒྱད་ལ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་བརྒྱད་ཀྱིས་བསྐོར་ནས་བཞུགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿཨོཾ་དེ་ཝ་པི་ཙུ་སོགས་ཀྱི་མཐར། བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པ་གྱུར། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ནས། ཆུ་ལྷག་མ་ཡར་ལུད་པ་ལས་


PS002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ལ་མི་བསྐྱོད་པ་དང་ཡུམ་རྣམས་ལ་གཙོ་བོས་དབུ་བརྒྱན། མཆོད་བསྟོད་བཟླས་པ་སོགས་ལྷ་ལྔའི་སྐབས་བཞིན་ལས། འདོན་བསྒྱུར་ཁ་བྱའོ། །གཉིས་པ་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་དུ་འཁོད་པ་ལ་ཡེ་ཤེས་འབེབས་པའི་གསོལ་འདེབས་ཡན་ཆད་ཀྱི་སྔོན་འགྲོ་ལྔ་པ་དཀྱུས་བཞིན་ཏེ་གཏུམ་མོའི་སྐབས་སོགས་སུ་བཤད་པ་ལྟར་རོ། །དེ་ནས་ཁྱེད་རང་རྣམས་བདེ་མཆོག་ཡབ་རྐྱང་དུ་གསལ་བའི་ངང་ནས་བླ་མ་དང་དབྱེར་མ་མཆིས་པའི་མདུན་བསྐྱེད་དགེས་མཛད་རྡོ་རྗེ་བདག་མེད་མ་ལ་སོགས་པ་ལྷ་དགུའི་ཚོགས་ལ་མོས་གུས་དུང་བ་བྱས་པས། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགྱེས་མཛད་རྡོ་རྗེ་འཁོར་དང་བཅས་པའི་རྣམ་པར་མཁའ་དབྱིངས་ཐམས་


PS002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡོངས་སུ་གང་བ་སྤྱན་དྲངས། དེ་རྣམས་ཐམས་ཅད་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། ཁྱེད་རང་རྣམས་ཀྱིས་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པར་གྱུར་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་མཉམ་པར་ཞོག་མཛོད། ཨོཾ་དེ་ཝ་པི་ཙུའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་གང་མང་བརྗོད་ལ་ཡེ་ཤེས་དབབ། དེ་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །སོགས་ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབྱེར་མ་མཆིས་པ་གསལ་འདེབས་པ་ནི།


PS002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྲུང་འཁོར་གྱི་དབུས་སུ་པདྨའི་སྡོང་པོ་རབ་ཏུ་རྒྱས་པའི་རྩེ་མོ་འདབ་མ་བརྒྱད་དང་བཅས་པའི་པདྨའི་ལྟེ་བར་བཅོམ་ལྡན་འདས་དགེས་མཛད་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞབས་གཡོན་བསྐུམ་ཞིང་གཡས་བརྐྱང་བའི་སྟབས་ཀྱིས་ཉི་མའི་གདན་ལ་ཚངས་པ་དང་དྲག་པོ་མནན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན་རུས་པའི་རྒྱན་དྲུག་གིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་མཐའ་སྐོར་དུ་པད་འདབ་བརྒྱད་ལ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་བརྒྱད་ཀྱིས་བསྐོར་བ་དངོས་སུ་བཞུགས་འདུག་སྙམ་པའི་མོས་པ་དང་བཅས་


PS002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་དཔག་ཏུ་མེད་པ་བློས་སྤྲུལ་ཏེ་ཕུལ་ལ། །བདག་ལ་བར་དོ་རྒྱལ་བ་ལོངས་སྐུའི་དབང་བསྐུར་བ་སྩལ་དུ་གསོལ་ཞེས་ཡིད་ཀྱིས་གསོལ་བ་དུང་བ་བཏབ་པས། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁའ་དབྱིངས་གང་བའི་རྣམ་པར་སྤྱན་དྲངས་ཏེ་དགེས་མཛད་རྡོ་རྗེ་འཁོར་དང་བཅས་པའི་སྐུ་ལ་ཐིམ། ཡང་མོས་གུས་དུང་བ་བྱས་པས། ཁྱེད་རང་རྣམས་ཐ་མལ་པར་གསལ་བའི་སྤྱི་བོའི་སྟེང་གི་ནམ་མཁའ་ལ་ཡེར་གྱིས་བྱོན་ནས་བཞུགས་པར་སྒོམས་མཛོད།


PS002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལ་སླར་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་རྫོགས་སུ་ཕུལ་ཞིང་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་བཏབ་པའི་མོས་པ་མཛོད། དེ་ལྟར་བྱས་པའི་རྐྱེན་གྱིས་སྤྱི་བོའི་སྟེང་གི་ནམ་མཁའ་ལ་བཞུགས་པའི་དགེས་མཛད་རྡོ་རྗེ་འཁོར་དང་བཅས་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་དཀར་ལ་དྭངས་པ་འོད་འཚེར་ཞིང་ཉམས་བདེ་བ་ཆེན་པོ་དང་ལྡན་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་། རྣམ་སྨིན་གྱི་ཤ་ཁྲག་རུས་གསུམ་སོགས་ཐ་མལ་པའི་ལུས་ཡོངས་སུ་དག་སྟེ་དགེས་མཛད་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་


PS002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད། ཡང་བྱང་ཆུབ་སེམས་ཀྱི་ངོ་བོ་བདུད་རྩིའི་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་དེ་ལ་སེམས་གཏད་ནས་ཅུང་ཟད་མཉམ་པར་ཞོག་མཛོད། འོ་དེ་ནི་བུམ་དབང་གི་དོན་ཡིན་ནོ། །གཉིས་པ་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་བཞི་རྫོགས་སུ་ཕུལ། བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་བཏབ་པས་རྡོ་རྗེ་བདག་མེད་མ་བརྒྱད་པོ་རྣམས་གཅིག་ཏུ་འདུས་ཏེ་དགེས་མཛད་རྡོ་རྗེའི་སྐུ་ལ་འཁྱུད་ཅིང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་


PS002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཀར་ལ་དམར་བའི་མདངས་ཆགས་པའི་རྒྱུན་བབས་ཏེ། ཁྱེད་རང་རྣམས་ཀྱི་ལྕེ་རྩེ་ནས་ཞུགས། ལུས་ཐམས་ཅད་གང་། གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེས་པར་མོས་ཏེ་ཅུང་ཟད་མཉམ་པར་ཞོག་མཛོད། འོ་དེ་ནི་གསང་དབང་གི་དོན་ཡིན་ནོ། །གསུམ་པ་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་བཞི་རྫོགས་སུ་ཕུལ། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་བཏབ་པས། སྤྱི་བོའི་བདག་མེད་མ་ལས་སྐུ་གཉིས་པ་ཞིག་ཆད་དེ། ཁྱེད་རང་རྣམས་དགེས་མཛད་རྡོ་རྗེར་གསལ་བ་ལ་འཁྱུད་པས་སྲུབ་དང་སྲུབ་པའི་སྦྱོར་བ་སྤངས་ཏེ།


PS002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཕན་ཚུན་འཁྱུད་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་མོས་ལ་སེམས་ཅུང་ཟད་གཏོང་མཛོད། འོ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དོན་ཡིན་ནོ། །བཞི་པ་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་མཆོད་པ་བཞི་རྫོགས་སུ་ཕུལ། བདག་ལ་དབང་བཞི་པ་བསྐུར་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་བཏབ་པས་སྤྱི་བོའི་བླ་མའི་སྐུ་དང་དབྱེར་མ་མཆིས་པའི་དགེས་མཛད་རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་སྒོ་གསུམ་སྐུ་བཞིའི་ངོ་བོར་གྱུར་པར་མོས་ཏེ་སེམས་མ་བཅོས་པའི་ངང་དུ་ཅུང་ཟད་མཉམ་པར་


PS002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག་མཛོད། འོ་དེ་ནི་དབང་བཞི་པའི་དོན་ཡིན་ནོ། །དེ་ནས་དབང་དོན་དམིགས་རིམ་དུ་འདྲིལ་དགོས་པས། སླར་ཡང་ཁྱེད་རང་རྣམས་དགེས་མཛད་རྡོ་རྗེ་ཡབ་ཡུམ་དུ་གསལ་བ་དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ཏེ། སྟོང་པ་ཉིད་ནམ་མཁའི་དབྱིངས་ལྟ་བུར་སྦྱངས་པའི་མོས་པ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་མདུན་དུ་ཆོས་འབྱུང་གྲུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བ་གཅིག་བྱུང་བའི་མོས་པ་མཛོད། འདི་མ་རྟོགས་པའི་སེམས་ཅན་རྣམས་ལ་མངལ་གྱི་སྐྱེ་གནས་ཡིན། རྟོགས་པ་རྣམས་ལ་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་འདུག་སྙམ་དུ་མོས་པ་མཛོད། དེ་ནས་ཆོས་འབྱུང་གི་ནང་དུ་ཁྱེད་རང་རྣམས་


PS002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པར་བསྒོམ་མཛོད། ཧཱུྃ་དེ་ལས་འོད་ཟེར་འཕྲོས། འདས་མ་འོང་ད་ལྟ་དུས་གསུམ་གྱི་སྐྱེ་གནས་ལ་ཞེན་པའི་དུས་གསུམ་གྱི་བག་ཆགས་ཐམས་ཅད་སྦྱངས། ཧཱུྃ་དེ་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་མོས་པ་མཛོད། སྣང་བ་འདི་ཐམས་ཅད་བར་དོའི་སྣང་བ་ཡིན། འཇིགས་པའི་གཟུགས་སོགས་སྣང་བ་ཐམས་ཅད་ཡི་དམ་གྱི་སྐུ་དང་། སྒྲ་གྲགས་པ་ཐམས་ཅད་ཡི་དམ་གྱི་གསུང་དང་། དྲན་རིག་རྣམ་རྟོག་ཐམས་ཅད་ཡི་དམ་འཁོར་ལོ་སྡོམ་པའི་ཐུགས་ཀྱི་ངོ་བོ་ཡིན་སྙམ་དུ་མོས་པ་མཛོད། མཐར་ཐམས་ཅད་ཀྱང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་མི་དམིགས་པར་གྱུར་པ་ལ་


PS002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མཉམ་པར་ཞོག་མཛོད། དེས་བར་དོའི་སྒོས་བཀའ་གྲུབ་པས། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པའི་ཚོགས་རྣམས་སྲུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གསུམ། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་ནས་རྗེས་ཆོག་བཀྲ་ཤིས་ཀྱི་བར་སྤྱི་དང་མཐུན་པར་བྱའོ། །རྟོག་གེའི་བློ་ཡིས་དཔྱད་དཀའ་བའི། །ཟབ་གསལ་སྙིང་པོ་གསང་སྔགས་ཀྱི། །བསྟན་པའི་བཅུད་གྱུར་ཆོས་དྲུག་ལ། །ཡིད་ཆེས་ཉམས་ཁྲིད་སྐྱོང་བ་རྨད། །བར་དོའི་སྒོས་བཀའ་བརྗོད་ཟིན་ཏོ།། །།ཟབ་ལམ་ནི་གུ་ཆོས་དྲུག་དང་འབྲེལ་བའི་སློབ་མ་རྗེས་སུ་འཛིན་ཐབས་བདེ་ཆེན་མྱུ་གུའི་ཕྲེང་བ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། བྱིན་རླབས་གཞུང་ཤིང་བཀའ་དྲུག་གི་རབ་ཏུ་བྱེད་པ་སྟེ་གསུམ་པའོ། །དེ་ལྟར་བཀའ་བཅུའི་བྱིན་རླབས་


PS002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་རང་གི་ཐོབ་རྒྱུན་ལྟར་རྗེ་བཙུན་ཏཱ་ར་ནཱ་ཐ་རིན་པོ་ཆེས་མཛད་པའི་ཡི་གེ་དང་། རྗེ་བཙུན་གྱི་གསུང་ལ་བླ་ཆེན་ཡེ་ཤེས་རྒྱ་མཚོས་ཟིན་བྲིས་མཛད་པའི་ཡི་གེ་མ་བུ་རྣམས་ལ་གཞི་བྱས། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་གཞུང་དང་། མཁས་བཙུན་རྒྱལ་མཚན་འབུམ་སོགས་བརྒྱུད་པའི་བླ་མ་གོང་མའི་ཡིག་སྣ་མང་པོ་འདུག་པ་རྣམས་ལའང་དཔང་པོའི་ཚུལ་དུ་གཏུགས་ཤིང་དོན་དང་མི་འགལ་བ་རྣམས་མ་གཏོགས་རྗེ་བཙུན་གྱི་གསུང་ཉིད་ཁྱུང་པོའི་བཞེད་སྲོལ་གཙང་མ་ཁོ་ནར་མཐོང་ནས་དེ་ལ་ཡིད་ཆེས་སུ་བྱས་ནས་བཀོད་པའོ། །འདིར་སྨྲས་པ། དཔལ་ལྡན་རྡོ་རྗེ་བཙུན་མོ་ནི་གུ་མས། །ཁྱུང་པོའི་མཚན་ཅན་གྲུབ་ཐོབ་ལོ་ཙཱ་བར། །ཚིག་བརྒྱུད་བཀའ་རྒྱས་གདམས་པའི་གསེར་ཆོས་ལམ། །འདི་འདྲ་ཟབ་ཟབ་ཕལ་གྱི་དཔེར་མི་མཚུངས། །བཀའ་བཅུའི་ཕྱག་ལེན་གསལ་བར་བཀོད་པ་འདི། །བྱིན་རླབས་བརྒྱུད་པ་འཆལ་དུ་གཞུག་ཕྱིར་


PS002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ཚེ་འདིའི་འཁྲི་བ་གཅོད་པའི་སྐལ་ལྡན་ལ། །མཁའ་འགྲོའི་ཞལ་རླངས་མ་ཡལ་འཕྲོ་ཕྱིར་ཡིན། །དེ་སྐད་དམ་ཉམས་འདྲེ་ལ་མི་བསྐུར་ཞིང་། །ཡོན་ངོར་སྟེར་བའི་མུ་སྟེགས་གསང་ཚིག་སྲོལ། །དོར་ནས་ཆོས་འདིའི་བརྒྱུད་པ་སྤེལ་ནུས་ན། །ཁོ་བོ་ཟོལ་མེད་དད་པའི་སྤུ་ལོངས་གཡོ། །འདི་ལ་གང་ནོངས་བདག་གིས་ཉེས་པ་སྟེ། །ལེགས་བཤད་སྲིད་ཚད་དེ་ནི་བླ་མའི་དྲིན། །ཉེས་པའི་རྩ་བ་མ་རིག་དང་བཅས་པ། །བླ་མའི་ཐུགས་རྗེའི་མེ་ཡིས་བསྲེག་ཏུ་གསོལ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་ཡིས། །མ་རྒན་འཁོར་བའི་སེམས་ཅན་ཇི་སྙེད་ཀུན། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །བདེ་ཆེན་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །ཅེས་ཟབ་ལམ་ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བདེ་ཆེན་མྱུ་གུའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྒྱལ་ཁམས་ཀྱི་བྱ་བྲལ་བ་དགེ་སློང་འདུལ་འཛིན་བྱང་ཆུབ་སྨོན་ལམ་གྱིས་དོན་གཉེར་ཆེན་པོས་


PS002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་བསྐུལ་བའི་ངོར། ༄༄༄༄༄༄༄གྲུབ་པའི་དབང་ཕྱུག་ཨ་ཝ་དྷཱུ་ཏི་པ་ཆེན་པོ་མཐུ་སྟོབས་ཞབས་ཀྱི་བཀའ་དྲིན་གྱིས་བསྐྱངས་པ་ཤཱཀྱའི་དགེ་སློང་བློ་གསལ་བསྟན་སྐྱོང་གིས། ཞི་བ་ཞེས་པ་ས་མོ་བྱ་ཡི་ལོ། ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བའོ། །འདིས་ཀྱང་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཆོས་འདི་ཡང་གདུལ་བྱ་དཔག་ཏུ་མེད་པའི་དོན་བྱེད་ནུས་པར་གྱུར་ཅིག །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་ཕྲིན་ལས་མཛོད་ཅིག །བརྒྱུད་པ་ནི་བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་མ་གཏོགས་པ་དེ་བྱིངས་ཚང་མ་ལ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་ཞབས། ཁྱུང་པོ་ལོ་ཙཱ་བ་ཚུལ་འཁྲིམས་མགོན་པོ།


PS002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ། མཁས་གྲུབ་གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། རས་ཆེན་སངས་རྒྱས་སེང་གེ། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། ལྐུགས་ལུང་པ་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་རིན་པོ་ཆེ་ལེགས་པ་རྒྱལ་མཚན། དཔལ་ལྡན་ཀུན་དགའ་གྲོལ་མཆོག །བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་སྒྲོལ་བའི་མགོན་པོ། ཐུ་བཙུན་རིན་པོ་ཆེ་ཀུན་དགའ་བསོད་ནམས། རྨོག་ལྕོག་པ་བྱམས་པ་ལྷུན་གྲུབ། རྗེ་བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། འཚོ་བྱེད་ངག་དབང་བློ་གྲོས། འཁྲུལ་ཞིག་ངག་དབང་འཇམ་དབྱངས། ཆོས་རྗེ་གྲགས་པ་ཆོས་འཕེལ། ཨ་ཝ་


PS002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱུ་ཏི་པ་ཆེན་པོ་མཐུ་སྟོབས་ཞབས། དེས་བདག་བློ་གསལ་བསྟན་སྐྱོང་ལའོ། །བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་དབང་བཞིའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མགོན་ཡན་ཆད་སྔར་བཞིན་ལ། དེ་ནས་རང་གྲོལ་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ། སྤྲོ་མོ་ལུང་པ་བསོད་ནམས་ཆོས་འཕེལ། གནས་གསར་པ་ངག་དབང་ཀུན་དགའ་ལེགས་བྱུང་། མུས་ཆེན་བསོད་ནམས་དཔལ་བཟང་། གྲུབ་དབང་ཆོས་ཉིད་ཡེ་ཤེས། བྱམས་པ་བསོད་ནམས་དབང་ཕྱུག །དགེ་སློང་ཨ་ཝ་དྷཱུ་ཏི་པ་ཆེན་པོ་གྲུབ་དབང་དོན་ཡོད་རྡོ་རྗེ། དེས་བདག་ལའོ། །སྤྱིར་རྗེ་བཙུན་གྲོལ་མཆོག་ལ་ནི་གུ་ཆོས་དྲུག་གི་བརྒྱུད་ཚུལ་ལ་མི་འདྲ་བ་ཉི་ཤུ་རྩ་ལྔ་ཙམ་ཡོད་པར་གྲགས་ཤིང་། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལས་བྱུང་བའི་ཉེ་བརྒྱུད་དང་། རས་ཆེན་དཔལ་འབྱོར་བཟང་པོ་


PS002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཉེ་བརྒྱུད་སོགས་ཀྱང་ཚང་བར་བཞུགས་པས་ཀུན་དགའ་གྲོལ་མཆོག་ལས་བརྒྱུད་པའི་ཤངས་ཆོས་སྐོར་བརྒྱུད་པ་ཕྱོགས་རེ་ལས་འོངས་པ་མ་ཡིན་པར་ཀུན་འདུས་སུ་ཤེས་པར་བྱས་ནས་ཁོ་བོས་འབད་པས་བཙལ་བ་ཡིན་ནོ། །ཡང་བརྒྱུད་ལུགས་གཅིག་ནི། ཤངས་སྟོན་ཆེན་པོ་གཙང་མ་མན་ཆད་སྔར་བཞིན་ལ་དེ་ནས། མཁས་བཙུན་རྒྱལ་ཚན་འབུམ། འཇགས་ཆེན་བྱམས་པ་དཔལ། ཆོས་རྗེ་བློ་གྲོས་དཔལ། མཁས་བཙུན་ཀུན་དགའ་དཔལ། རྗེ་བསོད་ནམས་བཟང་པོ། གྲུབ་དབང་ཆོས་ཀྱི་ཉི་མ། མཁས་དབང་ཆོས་གྲགས་རྒྱལ་མཚན། འདྲེན་མཆོག་ཀུན་དགའ་ཆོས་གྲགས། མཚུངས་མེད་ནམ་མཁའ་ཆོས་དར། བྱམས་པ་ངག་དབང་རྣམ་རྒྱལ། རྗེ་ཀུན་དགའ་དོན་གྲུབ། པ་ཆེན་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་ངག་དབང་བསོད་ནམས། མཁན་ཆེན་རྒྱལ་དབང་ལྷུན་གྲུབ་མན་སྔར་བཞིན་ཡིན་ནོ། ༈ །པ་ཆེན་ངག་ཆོས་ཀྱིས་མཛད་


PS002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་གེའི་སྟེང་ནས་སུ་ཁ་སིདྡྷིའི་བྱིན་རླབས་ལུང་བཅས་དང་། ནི་གུ་ཆོས་དྲུག་གི་ཉམས་ལེན་སྙིང་པོར་དྲིལ་བའི་ཁྲིད་ལུང་གི་བརྒྱུད་པའང་དེ་བཞིན་ཡིན་ཏེ་རྗེ་བླ་མ་དགེ་སློང་ཨ་ཝ་དྷཱུ་ཏི་ཆེན་པོས་བདག་ལ་གནང་བའོ། །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག། །།

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ། སྙོམས་ལས་པ་བློ་གསལ་བསྟན་སྐྱོང་།


PS002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།། །།


PS002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། མཁའ་འགྲོ་བྱེ་བའི་གཙུག་རྒྱན་ནི་གུ་མ། །གདམས་པའི་སྲོལ་བྱེད་ཤངས་པ་གདུ་བུ་བ། །རྟོགས་པའི་མངའ་བདག་གྲུབ་ཐོབ་སླེ་བེར་ཅན། །ཀུན་དགའ་གྲོལ་མཆོག་རྣམས་ལ་ཕྱག་བགྱིའོ། །ཁྱོད་སྐུ་མཛེས་པ་འཇམ་མཉེན་པད་དཀར་བཞིན། །ཁྱོད་གསུང་སྙན་པ་དབྱངས་བདུན་རྫོགས་པའི་གཏམ། །ཁྱོད་ཐུགས་ཟབ་པ་མཁྱེན་བརྩེ་ནུས་པའི་གཏེར། །དབང་གི་རྒྱལ་པོ་བླ་མའི་


PS002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་འདུད། །ཌཱ་ཀིའི་ཞལ་རླངས་དངར་བའི་བདུད་རྩིའི་རོ། །ཁྱུང་པོའི་སྙན་བརྒྱུད་འཛིན་མ་ལས་བལྟམས་པའི། །ལམ་ཟབ་རིན་ཆེན་འབྲུས་མཛེས་བྱིན་རླབས་གཏེར། །བདེ་ཆེན་སྙེ་མ་འབྲི་ལ་གནང་བ་སྩོལ། །འདིར་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པའི་རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་དང་ལྔ་ནི་


PS002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་འདིའི་ལུགས་ཀྱི་སྙིང་པོ་ཡིན་ཞིང་། དེ་ལས་གཞན་དུ་གསང་སྒྲུབ་སྐོར་གསུམ་དང་བཀའ་སྲུང་མགོན་པོའི་སྐོར་སོགས་ཆ་ལག་མང་དུ་ཡོད་པ་ལས་སྡོང་པོ་ཕྱག་རྒྱ་ཆེན་པོའི་སྐོར་ལ་ཐོག་མར་གྭའུ་མའི་དབང་བསྐུར་བར་འདོད་པས། སློབ་དཔོན་གྱི་ལས་དང་། སློབ་མའི་བྱ་བ་གཉིས་ཀྱི་དང་པོ་མཎྜལ་པད་འདབ་བཞི་ཕྱོགས་ཚོན་ལ་ལྟེ་བ་སེར་པོ། །དེའི་མཐར་ཅི་འབྱོར་པའི་མཆོད་གཏོར་གྱིས་བསྐོར། སློབ་དཔོན་གྱིས་བདེ་མཆོག་ལྷན་སྐྱེས་སེར་པོའམ། ནི་གུའི་བྱིན་རླབས་སྒོ་འབྱེད་ཀྱི་སྐབས་བཞིན་སྔོན་པོའི་བདག་བསྐྱེད་ཡི་གེ་བདུན་པའི་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་མཎྜལ་ལ་དམིགས་ནས། སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བདེ་མཆོག་འཁོར་ལོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་


PS002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་མགོ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་བཞུགས་པ། མཁའ་འགྲོ་བཞི་དང་བཅས་པ། དེའི་ཤར་གྱི་འདབ་མའི་སྟེང་དུ་དགེས་པ་རྡོ་རྗེའི་ལྷ་ཚོགས། །ལྷོར་གསང་བ་འདུས་པའི་ལྷ་ཚོགས། ནུབ་ཏུ་མ་ཧཱ་མཱ་ཡཱའི་ལྷ་ཚོགས། བྱང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པའི་རྣམ་པར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་


PS002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། ལྔ་ཀ་ལ་རིགས་བདག་རྒྱལ་བ་རིགས་ལྔས་རྒྱས་གདབ། ཡང་ན་རིགས་བདག་རང་ཆས་ཅན་དུ་བསམ་ཡང་རུང་། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་རེ་རེའི་མགོར་སྦྱར་ནས་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། དྲིལ་བསིལ་དང་དྷརྨ་ར་ཎི་ཏ་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །ཐམས་ཅད་དངོས་པོའི་རང་བཞིན་མཆོག། གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་


PS002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གཉིས་མེད་པའི། །དགེས་མཛད་རྡོ་རྗེ་ལ་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཅེས་རང་རང་གི་བསྟོད་པས་བསྟོད། ཡང་ན་ལྔ་ཆར་ལ། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཚིགས་བཅད་གཅིག་གིས་བསྟོད། གཏོར་མ་སུམྦྷས་བསང་། སྭ་བྷཱ་


PS002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཝས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱིས་བྱིན་རླབས་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཕྱི་མཆོད། ནང་མཆོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པའི། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཅེས་བསྟོད་པ་བྱ། རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། བཟླས་པ་ཅི་གྲུབ་བྱ། མཎྜལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསོལ་བ་གདབ། རྒྱུན་བཤགས་སོགས་དཀྱུས་བཞིན། ཐོད་པའི་


PS002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རང་ལུས་བདུད་རྩིར་བསམ་ཞིང་། ཐོག་མ་མེད་པ་ནས་ཀྱི་ལུས་ལོངས་སྤྱོད་དགེ་རྩ་རྣམས་སྟོང་གསུམ་གསེར་གྱི་རྣམ་པར་བསྒྱུར་ཏེ་ཡིད་ཀྱིས་འབུལ། དབང་བཞི་བསྐུར་བར་གསོལ་བ་བཏབ། དབང་བཞི་བླང་། རྗེས་གཙོ་བོས་སོགས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བདག་འཇུག་བྱེད་དོ། ༈ །གཉིས་པ་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་གྲལ་ལ་འཁོད་དེ་མཎྜལ་ཕུལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ནས་ཉམས་སུ་བཞེས་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། གསན་པར་བྱ་བའི་ཆོས་ནི། རྡོ་རྗེ་འཆང་ལ་དངོས་སུ་ཐུག་པའི་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས། མཁས་གྲུབ་ཆེན་པོ་མཉམ་མེད་ཤངས་པ་གདུ་གུ་པ་ཁྱུང་པོ་རྣལ་འབྱོར་


PS002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་སུ་གདམས་པའི་གསེར་ཆོས་ལྔའི་ནང་ཚན་སྡོང་པོ་ཕྱག་རྒྱ་ཆེན་པོ་གྭའུ་མའི་དབང་འབུལ་བའི་སྐབས་སུ་བབས་པ་ཡིན། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ཀྱང་འཇུག་པར་འཚལ། །གསུམ། དེ་ནས་མདུན་བསྐྱེད་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་དང་བཅས་པའི་


PS002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། སློབ་མ་སྐད་ཅིག་གིས་པད་ཉིའི་སྟེང་དུ་བདེ་མཆོག་འཁོར་ལོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་བདག་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་ལྟར་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་བཛྲ་ཨཱ་


PS002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཤ་ཡ་ཨ་ཨཱ༔ སྤོས་རོལ་བྱ་ཞིང་ཡེ་ཤེས་དབབ། དེ་ནས་དབང་བསྐུར་བྱ་བ་ནི། ཁྱེད་རང་སློབ་མ་རྣམས་རང་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་འབུལ་བའི་མོས་པ་མཛོད། ཡང་སྟོང་གསུམ་འདིའང་གསེར་གྱིས་བཀང་ལ་ཡོན་དུ་འབུལ་བའི་མོས་པ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གནང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མའི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་དཀར་པོའི་རྣམ་པར་བྱོན་ཏེ་བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་


PS002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ཁྱེད་རང་གི་སྨིན་ཕྲག་གི་ཨོཾ་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་མཛོད། བླ་མས་ཀྱང་དེ་བཞིན་དུ་བསམ་ལ་ངག་ཏུ། རྩ་བ་དང་བརྒྱད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག། ཅེས་བརྗོད་ཅིང་ཡི་གེ་བདུན་པ་དང་དྲིལ་བསིལ་བྱ། སྐུའི་བྱིན་རླབས་ལུས་ལ་ཞུགས་ཤིང་བུམ་པའི་དབང་བསྐུར་ཐོབ་བྱུང་སྙམ་དུ་མཛོད། ཡང་ཐོད་པའི་ནང་དུ་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ནས་སྔ་མ་ལྟར་མཆོད། སྟོང་གསུམ་གསེར་གྱིས་བཀང་ལ་ཡོན་དུ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་གསང་བའི་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་


PS002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་དམར་པོའི་རྣམ་པར་བྱོན་ཏེ། བླ་མའི་ཨཱཿལ་ཐིམ། ཨཱཿལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ༴སྔགས་དང་རོལ་མོ་སྔར་བཞིན་བྱེད་པ་འོག་མ་དག་ལ་འགྲེ། གསུང་གི་བྱིན་རླབས་ངག་ལ༴ཡང་ཐོད་པའི་ནང་དུ་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ནས་སྔ་མ་ལྟར་མཆོད། སྟོང་གསུམ་གསེར་གྱིས་བཀང་ལ་ཡོན་དུ་ཕུལ་ནས་གསོལ་བ་འདེབས་


PS002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་སྔོན་པོའི་རྣམ་པར་བྱོན་ཏེ། བླ་མའི་ཧཱུྃ་ལ་ཐིམ། ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་བརྗོད། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་ཤིང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཐོབ་བྱུང་སྙམ་དུ་བསམ་མཛོད། ཡང་ཐོད་པའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་


PS002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་བསམ་ནས་སྔ་མ་ལྟར་མཆོད། སྟོང་གསུམ་གསེར་གྱིས་བཀང་ལ་ཡོན་དུ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་འོད་སྣ་ཚོགས་ཀྱི་རྣམ་པར་བྱོན་ཏེ། བླ་མའི་གནས་གསུམ་གྱི་ཡི་གེ་ལ་ཐིམ། དེ་ལས་འོད་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས། སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་འོད་ཀྱིས་གང་། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག་ནས། ལུས་ལྷའི་སྐུ་སྣང་ལ་རང་བཞིན་


PS002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་དབང་བཞི་པའོ། །སྔགས་དང་དྲིལ་བསིལ། ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པ་མ་ལུས་བགྲོད། །ཅེས་ལན་གསུམ་བརྗོད། དེ་ཕྱིའི་དབང་ངོ། །ཡང་ཤར་གྱི་དགེས་རྡོར་འོད་དུ་ཡལ། དབུས་ཀྱི་བདེ་མཆོག་ལ་ཐིམ། དེ་བཞིན་དུ་རིམ་གྱིས་ཡལ་བས་དབུས་ཀྱི་བདེ་མཆོག་ལ་ཐིམ། བདེ་མཆོག་དེའང་འོད་དུ་ལྟེམ་ལྟེམ་འདུག་པ་དེ་ཁྱེད་རང་གི་སྤྱི་གཙུག་ཏུ་ཐིམ་པས། སྨིན་མཚམས་སུ་སླེབ་པ་ལས་བུམ་དབང་། མགྲིན་པར་སླེབ་པ་ལས་གསང་དབང་། སྙིང་ཁར་སླེབས་པ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་། ལྟེ་བར་སླེབས་འོད་དུ་ཡལ་ནས་ལུས་སྟོང་སངས་སོང་སྟེ། མི་དམིགས་པའི་ངང་


PS002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་མ་བཅོས་པར་བཞག་པ་ནི་བཞི་པ་སྟེ་ནང་གི་དབང་བཞིའོ། །སྔགས་དང་དྲིལ་བསིལ། རྗེས་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་བྱ་བ་ཉིད་དོ། །གའུ་མའི་དབང་བཞི་ཟིན་བྲིས་ཡིན། དགེ་སློང་ངག་དབང་ཆོས་གྲགས་ཀྱིས་རྫོང་དགའ་ལྡན་དུ་ཕྱག་ལེན་བཞིན་བཀོད་པའོ། །ཞེས་པའི་ཡི་གེ་གཞིར་བྱས་ནས་ཡིག་རྙིང་ལ་གཏུགས་ཏེ་བཀླག་ཆོག་ཏུ་བྲིས་པའོ། །གའུ་མའི་ཁྲིད་དང་རྒྱབ་རྟེན་ལུང་གི་སྐོར་མ་ཆད་པ་གལ་ཆེ། འདིར་ཕྱག་ཆེན་བཀའ་ལྔ་ནི། བཤད་མ་ཐག་པའི་གའུ་མའི་དབང་དང་། ལུས་འཆི་མེད་དང་། སེམས་འཆི་མེད་དང་། དུག་ལྔ་ལམ་ཁྱེར་དང་། ལམ་ཁྱེར་རྣམ་གསུམ་མོ། ༈ །ལུས་འཆི་མེད་ཀྱི་བཀའ་བཞུགས་སོ། ༈ །ལུས་འཆི་མེད་ཀྱི་བཀའ་ནི། སྦྱོར་བ་མཎྜལ་པད་མ་འདབ་བཞི། ལྟེ་བ་མཐིང་ཁ། འདབ་མ་བཞི་ཕྱོགས་མདོག་བྲི། དེའི་མཐར་མཆོད་པ་དང་། གཏོར་མ་གཅིག་བཤམ། སློབ་དཔོན་སྟན་ལ་འཁོད་དོ། །དངོས་གཞི་བདག་མདུན་གཉིས་ཀྱི་དང་པོ་བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱང་།


PS002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་དང་ཉི་མ་འཇིགས་བྱེད་དུས་མཚན་མའི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་གསུམ་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་གནས་གསུམ་བྱིན་རླབས་བྱས་ལ། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཡི་གེ་བདུན་པ་ཅི་ནུས་བཟླའོ། །དེ་ནས་གཉིས་པ་མདུན་བསྐྱེད་ལ་དམིགས་ཏེ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སེམས་རང་སྣང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བ། ཕྱི་རོལ་དུ་དུར་ཁྲོད་བརྒྱད། ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པའི་


PS002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་སོགས་ནས་བཞུགས་པ་ཞེས་པའི་བར་བདག་བསྐྱེད་ཀྱི་སྐབས་བཞིན་བསྐྱེད། འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་མཐིང་ཁ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ་བཞི་ཀའང་ཕྱག་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ག་བསྣམས་པ། ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཞེས་ལྷ་ལྔའི་གནས་གསུམ་བྱིན་རླབས་བྱས་ལ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་ལྷ་ལྔ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿམདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་སྤྱན་དྲངས། ཨོཾ་


PS002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན། མདུན་བསྐྱེད་མཆོད་པ་བསང་སྦྱང་བྱིན་རླབས་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙ་ཀྲ་སཾ་བ་ར་མཎྜལ་ས་པཱ་རི་ཝ་ར་སྔོན་དུ་འགྲོ་བས་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད། གོང་གི་ས་པཱ་རི་ཝ་རའི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་ཀྱིས་བསྟོད། མདུན་གྱི་གཏོར་མ་སུམྦྷས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནང་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱི་བྱིན་གྱིས་རླབས་ལ་གོང་གི་ས་


PS002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རི་ཝ་རའི་མཐར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་འབུལ། ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་བྱ། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་རང་གི་ལུས་ལོངས་སྤྱོད་ཐམས་ཅད་བློས་ལིང་གིས་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་ལ་གསོལ་བ་གདབ་པ་སོགས་འོག་ཏུ་སློབ་མ་ལ་ཇི་ལྟ་བ་བཞིན་གྱི་དབང་བཞི་བླང་། གཙོ་བོས་ཇི་ལྟར་སོགས་ཀྱང་བརྗོད། དེ་སློབ་དཔོན་གྱི་བྱ་བའི་རིམ་པའོ། །དེ་ནས་སློབ་མ་ནང་དུ་བོས་ལ་འདིའི་སྔོན་དེ་མ་ཐག་བྱིན་རླབས་གཞན་དང་མ་འབྲེལ་ན་བགེགས་གཏོར་བཏང་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་


PS002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེ་ལ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་ཀྱི་ནང་ནས་ཕྱག་ཆེན་བཀའ་ལྔར་གྲགས་པ་ལས། ད་ལན་འདིར་ལུས་འཆི་མེད་ཀྱི་བཀའ་ཡིན་ཅེས་སོགས་ཅི་དང་ཅི་འདྲ་བ་བརྡ་སྤྲད། སློབ་དཔོན་གྱིས་བགྱི་བར་འོས་པ་སྔོན་དུ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་གདབ་པ་ལན་གསུམ། དེ་ནས་བླ་མ་དང་ཐ་མི་དད་པའི་མདུན་བསྐྱེད་འཁོར་ལོ་བདེ་མཆོག་ལྷ་ལྔའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ཀྱི་རྒྱུན་བཤགས་བྱ། སློབ་མ་


PS002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་མནན་པའི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་གསུམ་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་ནས་བཞུགས་པ། སློབ་དཔོན་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །མདུན་བསྐྱེད་ལྷ་ལྔའི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་ལྟར་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། ཡི་གེ་བདུན་པའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བརྗོད་ལ་ཡེ་ཤེས་པ་དབབ་ཅིང་དྲིལ་བསིལ་བྱ། དེ་ནས་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་


PS002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕུལ་བའི་མོས་པ་མཛོད་ལ་གསོལ་བ་འདེབས་པ་འདི་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། །ཚར་གཅིག། དེ་ནས་བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པའི་བདེ་མཆོག་གི་སྨིན་མཚམས་སུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ཀྱི་མདོག་ཅན། དེའི་སྤྱི་བོའི་ཨོཾ་དཀར་པོ་ལས་བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་སུ་ལིང་ལིང་བྱུང་ནས་ཁྱེད་རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས། སྤྱི་བོའི་བདེ་ཆེན་གྱི་གནས་ཐམས་ཅད་གང་། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་བྱས་ཁ་དྲིལ་བསིལ་ལམ། རོལ་ཆེན་བྱ་ཞིང་། བླ་མ་དམ་པ་


PS002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་བརྗོད། དེ་བཞིན་དུ་སྦྱར་ཏེ། ཡང་ལུས་ལོངས་སྤྱོད་ནས། བླ་མ་རིན་པོ་ཆེ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། བླ་མའི་མགྲིན་པའི་ཨཱཿདམར་པོ་ལས་བདེ་མཆོག་དམར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་། གར་སྟབས་སུ་ལིང་ལིང་བྱུང་ནས་ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་མགྲིན་པ་ལོངས་སྤྱོད་ཀྱི་གནས་ཐམས་ཅད་གང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྗོད་ཅིང་རོལ་ཆེན་བྱ། ཡང་ཤེར་དབང་གི་དོན་དུ་ལུས་ལོངས་སྤྱོད་ཐམས་


PS002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནས། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་བདེ་མཆོག་སྔོན་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྙིང་ཁ་ཆོས་ཀྱི་གནས་ཐམས་ཅད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྗོད། ཡང་དབང་བཞི་པའི་དོན་དུ་ལུས་ལོངས་སྤྱོད་རྣམས་དངོས་སམ་ཡིད་ཀྱིས་མཆོད་པའི་རྣམ་པར་བསྒྱུར་ལ་དེ་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་ལྷན་སྐྱེས་ཐ་མི་དད་པ་ལ་ཕུལ་བའི་མོས་པ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་


PS002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིན་པོ་ཆེ་བདག་ལ་བཞི་པའི་དབང་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ལྟེ་བའི་ཧཱུཾ་སྣ་ཚོགས་མདོག་ཅན་ལས་བདེ་མཆོག་སྣ་ཚོགས་འོད་ཅན་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧཱུྃ་སྣ་ཚོགས་མདོག་ཅན་ལ་ཐིམ། ཡང་སྤྱི་བོའི་བདེ་མཆོག་དཀར་པོ་མགྲིན་པའི་བདེ་མཆོག་དམར་པོ་ལ་ཐིམ། དམར་པོ་སྙིང་གའི་བདེ་མཆོག་སྔོན་པོ་ལ་ཐིམ། མཐིང་ག་ལྟེ་བར་བྱུང་། འོད་དུ་ཡལ་སོང་སྟེ་སྟོང་པའི་ངང་ལ་སེམས་མ་བཅོས་པར་ཞོག་མཛོད། ཟེར་བ་བྱས་ལ་རོལ་མོ་དང་། བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་མཁའ་འགྲོ་མ་


PS002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་སྔར་བཞིན་བརྗོད། དེ་ནས་དབང་བཞི་པ་ཐོབ་པ་ཡིན། ཡང་ཟབ་ལམ་དབང་དུ་བྱས་ནས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་གནས་གསུམ་གྱི་ཡིག་འབྲུ་མཐིང་ཁར་ཡོད་པ་ལས་བདེ་མཆོག་མཐིང་ཁ་དཔག་ཏུ་མེད་པ་ཆད་ནས་ཁྱེད་རང་གི་ལྟེ་བར་ཐིམ་པས་མཐར་སྟོང་སང་གིས་འོད་དུ་ཡལ་སོང་བ་དེ་ཀའི་ངང་ལ་ཅུང་ཞིག་འཇོག་པར་ཞུ། འདི་ཡང་དབང་བཞི་པ་ལུགས་གཅིག་ཡིན་ནོ། །བྱ་བ་བརྗོད། རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་ཡིག་བརྒྱ་སོགས་སྤྱི་དང་འདྲ་བ་བྱ་སྟེ། ལུས་འཆི་མེད་ཀྱི་བཀའ་བསྟན་ཟིན་ཏོ།། ༈ །།སེམས་འཆི་མེད་ཀྱི་བཀའ་བཞུགས། །༅ ། །སེམས་འཆི་མེད་བཀའ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ཤོམ་དང་། གཉིས་པ་བདག་བསྐྱེད་མདུན་བསྐྱེད་རྣམས་བདེ་མཆོག་ལྷ་ལྔ་ཇི་ལྟ་བ་བཞིན་བྱ་བའམ། ཡང་ན་


PS002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་པདྨ་འདབ་མ་བཞི་ཁ་དོག་རྣམས་གོང་གི་འདི་དང་གཅིག་ཡིན། བདག་བསྐྱེད་བདེ་མཆོག་ལྟར་བྱ། མདུན་བསྐྱེད་ནི་ཕྱག་ཆེན་གྱི་སྐབས་བཞིན་རྒྱུད་སྡེ་ལྔའི་ལྷ་ལ་བྱ་བ་གདམ་པའོ། །གསུམ་པ་ལ་གཉིས་ལས། དང་པོ་བདག་འཇུག་ནི། སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་སློབ་དཔོན་རང་གིས་བླང་ངོ། །གཉིས་པ་ནི། མཎྜལ་འབུལ་བ་ནས། སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་རོལ་ཆེན་ཡན་ལུས་འཆི་མེད་ཀྱི་སྐབས་འདྲ། དེ་ནས་སློབ་དཔོན་བདེ་མཆོག་ཏུ་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་ཁ་དོག་ལྔ་ལྡན་རྣམས་གསལ་བཏབ་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་བའི་མོས་པ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་


PS002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་སྨིན་མཚམས་ནས་ཞུགས། ལུས་ཐམས་ཅད་གང་བས་བུམ་པའི་དབང་ཐོབ་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ། བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན༴ དཔའ་བོ་དང་མཁའ༴ ། ཅེས་འོག་མ་རྣམས་ལ་འགྲེ། ཡང་མགྲིན་པའི་ཨཱཿལས་འཁོར་ལོ་བདེ་མཆོག་དམར་པོ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། །ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་གང་བས་གསང་བའི་དབང་ཐོབ་པའི་མོས་


PS002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། བླ་མ་དམ་པ་རྣམས་ཀྱིས༴ ཡང་ཐུགས་ཀའི་ཧཱུྃ་ལས་འཁོར་ལོ་བདེ་མཆོག་སྔོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་སྙིང་ག་ནས་ཞུགས། ལུས་ཐམས་ཅད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད། བླ་མ་དམ་པ་རྣམས་ཀྱིས༴ ཡང་སློབ་དཔོན་གྱི་གནས་གསུམ་གྱི་ཡིག་འབྲུ་རྒྱང་སྟེ་ཆད། ཁྱེད་རང་གི་གནས་གསུམ་དུ་ལམ་མེ་ཞུགས། སློབ་དཔོན་གྱི་ལྟེ་བའི་ཧཱུྃ་ལས་འཁོར་ལོ་བདེ་མཆོག་སྐུ་མདོག་སྣ་ཚོགས་པ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་ལྟེ་བར་ཞུགས། ལུས་ཐམས་ཅད་གང་བས་ཚེ་ཐོག་མ་མེད་པ་ནས་བསགས་


PS002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པ་ཡིན་སྙམ་པ་མཛོད། སླར་ཡང་སློབ་དཔོན་གྱི་ལྟེ་བའི་ཧཱུྃ་ལས་ཧཱུྃ་ཞིག་རྒྱང་སྟེ་ཆད། ཁྱེད་རང་གི་ལྟེ་བར་ཞུགས། ཁྱེད་རང་གི་དཔྲལ་བའི་ཨོཾ་དེ་ཡང་མགྲིན་པའི་ཨཱཿལ་ཐིམ། ཨཱཿཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ལྟེ་བའི་ཧཱུྃ་ལ་ཐིམ། དེའི་རྐྱེན་གྱིས་ཁྱེད་རང་གི་ལུས་གདོས་བཅས་ཤ་ཁྲག་གི་ཕུང་པོས་གཙོར་བྱས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་དུ་ཡལ་ཏེ་སྟོང་ཉིད་དུ་ཐིམ་པས་དབང་བཞི་པ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་དང་ཡི་གེ་བདུན་པ་བཟླ། སྟོང་ཉིད་དེའི་ངང་ནས་ཁྱེད་རང་བདེ་མཆོག་འོད་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་ལམ་གྱིས་གྱུར་པའི་མོས་པ་མཛོད། དེ་དག་གིས་ལུས་སེམས་འཆི་མེད་གཉིས་ཀྱི་བཀའ་ཐོབ་


PS002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་དེའི་དུས་སུ་ཁས་བླངས་པའི་དམ་སྡོམ་སྲུང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་། ཁྲིད་རྒྱབ་ཆོས་དང་བཅས་པ་སྐབས་འདིར་ཡིག་རྙིང་ལྟར་མ་ཆད་པ་གལ་ཆེ། མཇུག་ཆོག་སྔར་བཞིན་ཤེས་པར་བྱའོ། །ཚིག་འཕྲད་བསྒྱུར་བཀོད་མ་གཏོགས་པ་ངག་དབང་ཆོས་གྲགས་ཀྱི་གསུང་གཙང་མ་རྩ་བར་བྱས་ཏེ། ཡིག་རྙིང་ལ་གཏུགས་ནས་བཀླག་ཆོག་ཏུ་བྲིས་སོ།། ༈ །།དུག་ལྔ་ལམ་ཁྱེར་གྱི་བཀའ་བཞུགས། །༅ ། །བླ་མ་དང་ཡེ་ཤེས་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ལོ། །འདིར་དུག་ལྔ་ལམ་ཁྱེར་གྱི་བྱིན་རླབས་ལ། སྦྱོར་དངོས་མཇུག་གསུམ་གྱི་དང་པོ་ནི། མཎྜལ་བདེ་མཆོག་ལྷ་ལྔའི་སྐབས་བཞིན་དང་། བདག་བསྐྱེད་མདུན་བསྐྱེད་གའུ་མའི་སྐབས་བཞིན་བྱ། ཕྱག་ཆེན། འཆི་མེད་འདི་དང་གསུམ་ཀ་སྟབས་གཅིག་ཏུ་བྱེད་ན་བདག་བསྐྱེད་ཐོག་མའི་གཅིག་པུ་དེས་ཆོག །ཕྱི་མ་གཉིས་ལ་མདུན་བསྐྱེད་བདེ་མཆོག་ལྷ་ལྔ་ལྟར་བྱས་ཀྱང་རུང་། གང་ལྟར་གཉིས་པ་བདག་མདུན་བསྒྲུབ་པ། བདག་འཇུག་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་བླང་། སློབ་མས་མཎྜལ་ཕུལ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་


PS002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་དུ་སེམས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། གསན་བྱ་དམ་པའི་ཆོས་ནི་མཁས་གྲུབ་ཆེན་པོ་མཉམ་མེད་ཁྱུང་པོ་རྣལ་འབྱོར་གྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་པའི་ཆོས་སྐོར་རྣམས་ཀྱི་ནང་ནས་ཕྱག་ཆེན་བཀའ་ལྔར་གྲགས་པའི་ནང་ཚན་སྒྱུ་མ་ལམ་ཁྱེར་རམ། དུག་ལྔ་ལམ་ཁྱེར་ཅེས་ཤིན་ཏུ་ཟབ་པའི་བཀའ་འབུལ་བར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་གསོལ་འདེབས། རྒྱུན་བཤགས་བྱས་ནས་སློབ་མ་བདེ་མཆོག་ཏུ་


PS002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ་ཡེ་ཤེས་དབབ་པའི་བར་ལུས་འཆི་མེད་ཀྱི་སྐབས་སུ་དྲངས་པ་བཞིན་བྱ། དེ་ནས་ཁྱེད་རང་རྣམས་འཁོར་ལོ་སྡོམ་པ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་དཀར་གསལ་འོད་ཀྱི་རང་བཞིན་ཅན་རྩ་བ་ཕྲ་བ་ལྟེ་བར་ཟུག་པའི་ནང་དུ་རཾ་དམར་པོ། རྩེ་མོ་རྒྱ་གླིང་གི་གཤམ་ཁ་ལྟར་སྦོམ་དུ་སོང་བ་ཚངས་པའི་བུ་གར་ཧར་རེ་ཡོད་པ་གསལ་བཏབ། ཚངས་བུག་གི་སྟེང་གི་ནམ་མཁར་བླ་མ་བདེ་མཆོག་ལྷ་ལྔ་བཞུགས་པའི་སྐུའི་ཆ་ཤས་ཐམས་ཅད་ལས་བདུད་རྩིའི་རྒྱུན་ཤེལ་དཀར་བཞུ་བའི་ཁུ་བ་ལྟ་བུར་བབས། ཁྱེད་རང་གི་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ་བྱ་བ་འོག་ཏུ་འགྲེ། ཡང་བླ་མའི་མགྲིན་པ་ནས་འོད་ཟེར་དཀར་དམར་ཉི་ཟླ་འདྲེས་པ་ལྟ་བུ་འཕྲོས། ཁྱེད་རང་


PS002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་ཁེངས་པས་གསང་བའི་དབང་ཐོབ་པའི་མོས་པ་མཛོད། ཡང་མདུན་བསྐྱེད་ཀྱི་ཡུམ་ལས་ཡུམ་དེ་འདྲ་བ་ཞིག་ཆད། ཁྱེད་རང་བདེ་མཆོག་གི་སྐུར་གསལ་བའི་ཡུམ་རྡོ་རྗེ་ཕག་མོ་ལ་ཐིམ། དེ་དང་སྙོམས་འཇུག་བྱས་པས་དགའ་བཞིའི་ཡེ་ཤེས་སྐྱེས་ཏེ་དབང་གསུམ་པ་ཐོབ་པའི་མོས་པ་མཛོད། སྤྱི་བོའི་ལྷ་ཚོགས་ཁྱེད་རང་ལ་ཐིམ་པས་ཇེ་གསལ་ཇེ་དྭངས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་བརྗོད་མེད་དུ་མཉམ་པར་བཞག་པས་དབང་བཞི་པ་ཐོབ་པའི་མོས་པ་མཛོད། །ཅེས་སོ་སོའི་མཐར་ཌཱ་དྲིལ་དང་ཡི་གེ་བདུན་པ་བཟླ། གཙོ་བོས་སོགས་རྗེས་ཀྱི་ཆོས་གསུམ་དང་མཇུག་ཆོག་རྣམས་བབས་ཐོབ་ཤེས་པར་བྱའོ།། ༈ །།ལམ་ཁྱེར་རྣམ་གསུམ་ལས་བླ་མ་ལམ་ཁྱེར་གྱི་བཀའ་བཞུགས། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་བླ་མ་ལམ་ཁྱེར་གྱི་


PS002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་གསུམ་སྟེ། སྦྱོར་དངོས་རྗེས་སོ། །དང་པོ་མཎྜལ་ཆང་དང་བདུད་རྩི་ལྔས་བྱུགས་ནས་དེ་ལ་པདྨ་འདབ་བཞི་ལྟེ་བ་སེར། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་། གོང་རས་དེ་ཉིད་ལ་མུ་ཁྱུད་ནག་པོ། ཁྱམས་ཕྱོགས་མདོག །དེ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་གཏོར་དང་ཚོགས་བཤམ་མོ། །དེ་ནས་གཉིས་པ་དངོས་གཞི་ལ། བདག་བསྐྱེད་ལྷ་ལྔའི་སྐབས་བཞིན་སྔོན་དུ་སོང་བས། མདུན་བསྐྱེད་སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་པདྨའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་དབུས་སུ་རྩ་བའི་བླ་མ་དང་འཁོར་ལོ་བདེ་མཆོག་ཐ་དད་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོར་དྲིལ་ཐུགས་ཀར་བསྣོལ་བ། མཁའ་འགྲོ་མ་བཞི་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་བསྣམས་པ་སྐུ་མདོག་དཀར་གསལ་དང་བཅས་པའོ། །དེའི་ཤར་གྱི་འདབ་མ་ལས་དགྱེས་མཛད་རྡོ་རྗེ་སྐུ་མདོག་


PS002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ལྷོར་གསང་བ་འདུས་པ་སེར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། བྱང་དུ་རྡོ་རྗེ་འཇིགས་བྱེད་ལྗང་ཁུ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་དག་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པའི་རྣམ་པར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་


PS002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་བུམ་པ་ཐོག་པ་སྤྲོས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཐམས་ཅད་ལ་རྒྱལ་བ་རིགས་ལྔས་དབུ་བརྒྱན། ཞེས་གནས་གསུམ་བྱིན་རླབས་དང་དབང་བསྐུར་བྱ། དེ་ནས་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་རེ་རེའི་མགོར་སྦྱར་ནས་ཨརྒྷཾ་ནས། ཤབྟ་ཨཱཿཧཱུྃ་གི་བར་གྱིས་ཕྱི་མཆོད་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། རང་གི་སྙིང་ཁ་ནས་སོ་སོའི་ཡུམ་རྣམས་སྤྲོས། དེ་རྣམས་དང་སྙོམས་པར་ཞུགས་པས་བདེ་བས་མཉེས་པར་གྱུར། ཅེས་གསང་བའི་མཆོད་པའོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་ཚིགས་བཅད་གཅིག་དང་། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་


PS002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་བསྟོད། ཡིག་རྙིང་དང་ངག་ཆོས་ཀྱི་ཟིན་བྲིས་གཉིས་ལས་བདག་འཇུག་གི་གསལ་ཁ་མི་སྣང་བས་དཔྱད། ༈ །དེ་ནས་སློབ་མ་རྣམས་ཁྲུས་ཕྱག་གིས་འཁོད་མཎྜལ་ཕུལ་ལ་འདི་སྐད་བརྗོད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་ཟབ་མོ་གསན་ལ་དོན་ཉམས་སུ་བཞེས་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་འཚལ། གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་ལས་ཕྱག་ཆེན་བཀའ་ལྔའི་ནང་ཚན་བླ་མ་ལམ་ཁྱེར་གྱི་བཀའ་འབུལ་བ་ཡིན། དེ་ལ་བླ་མའི་བྱ་བ་རྣམས་གྲུབ་ཟིན། སློབ་མ་ལ་བྱ་རྒྱུའི་ཆོས་དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ་


PS002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་འདི་བཞིན་མཛོད། རང་རེ་རྣམས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ལན་གཅིག་ཐོབ་པའི་སྐབས་འདིར་ལམ་ཟབ་མོ་ལ་འབད་དགོས། དེ་ཡང་ད་ལྟ་ནས་མ་འབད་ན་ཚེ་ལ་ལོང་མེད། ངེས་པར་འཆི། ནམ་འཆི་ལ་ཆ་མེད། འཆི་ཚེ་ནོར་ལོངས་སྤྱོད་སོགས་ཁྱེར་དབང་མེད། སེམས་ཁུང་མེད་དུ་མི་འགྲོ་བར་སྐྱེ་བ་ལེན་དགོས། གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། དེ་ལྟ་བུའི་སྡུག་བསྔལ་རང་ལ་མི་འབྱུང་ལ་གཞན་རྣམས་སྐྱོབ་ཐུབ་པ། རྫོགས་པའི་སངས་རྒྱས་ལས་གཞན་མེད་པས་དེ་ཐོབ་པར་བྱ་དགོས། དེའི་སླད་དུ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསུམ། དེ་ནས་མདུན་གྱི་མཎྜལ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་རྒྱུན་


PS002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གསུམ། ཁྱེད་རང་གི་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ་བྱུང་སྟེ། དེ་རྣམས་ཀྱིས་འོད་ཀྱིས་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད། སྙིང་གར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སློབ་དཔོན་གྱིས་སྙིང་ཁར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་དང་། བདུད་རྩི་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་


PS002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཞེས་དམ་བཞག་བྱ། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཐམས་ཅད་ཀྱི། །བྱིན་གྱིས་བརླབས་པའི་ཡེ་ཤེས་མཆོག། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གཙོ་བོས་བདག་ལ་སྩལ་དུ་གསོལ། །གསུམ། ངག་དབང་ཆོས་གྲགས་ཀྱི་ཡི་གེ་དང་ཡིག་རྙིང་མཐུན་པར། དེ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ། སྨོན་འཇུག་གཉིས་སུ་སེམས་བསྐྱེད་པ། དཀྱིལ་འཁོར་དུ་གཞུག །གསོལ་བ་གདབ་པ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། གསང་སྔགས་འབྱུང་བ་དཀའ་བར་བཤད་པའོ། །དེས་སྔོན་འགྲོ་བཅུ་པ་ལ་ཁ་འཕང་འདུག་ཀྱང་འདི་ཙམ་མཛེས་སོ་སྙམ་ནས་བྲིས་སོ། །གཉིས་པ་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་པཾ་ལས་པདྨ་འདབ་མ་བཞི་པ། དེའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བའི་


PS002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རེ་རེ། དེའི་དབུས་སུ་རྩ་བའི་བླ་མ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཤར་དུ་དགྱེས་པ་རྡོ་རྗེ་དཀར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ལྷོར་གསང་བ་འདུས་པ་སེར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བ། བྱང་དུ་རྡོ་རྗེ་འཇིགས་བྱེད་ལྗང་ཁུ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་བསྐྱེད་པའི་བླ་མའི་སྤྱི་བོ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བླ་མ་ལ་བསྟིམ་པས་ཟག་པ་མེད་པའི་བདེ་བ་རྒྱས་པར་གྱུར་པའི་མོས་པ་མཛོད། ཌཱ་དྲིལ་བྱ། དབང་དངོས་གཞི་


PS002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བའི་དོན་དུ་ཁྱེད་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་ཕུལ་བའི་མོས་པ་མཛོད། ཡང་སྟོང་གསུམ་འདིའང་གསེར་གྱིས་བཀང་བའི་མཎྜལ་ཕུལ་བར་བསམ་ལ་འདིའི་རྗེས་ཟློས་མཛོད། བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་གཞུག་ཏུ་གསོལ། ཞེས་བརྗོད་པ་དང་བླ་མའི་སྐུ་དང་ཟླ་བའི་གདན་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ནས་ཁྱེད་རང་གྱི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག། སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་དང་སྤྲུལ་སྐུ་ཐོབ་བྱུང་སྙམ་དུ་བསམ་མཛོད། ཌཱ་དྲིལ། ཡང་གོང་བཞིན་ཐོད་པར་ལུས་བདུད་རྩིར་གྱུར་པས་མཆོད༴གསེར་གྱི་མཎྜལ་ཕུལ༴འདིའི་རྗེས་ཟློས་མཛོད། གསང་བའི་དབང་༴


PS002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི༴ ཞེས་གསོལ་བ་བཏབ་པས་བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་གི་བདུད་རྩི་སྤྱན་དྲངས་མགྲིན་པར་ཐིམ་པས་དེའི་མགྲིན་པ་ནས་ཀྱང་བདུད་རྩི་དཀར་དམར་བྱུང་ནས་ཁྱེད་རང་གི་ལྕེ་ཐོག་ཏུ་སླེབས་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་དང་ལོངས་སྐུ་ཐོབ་བྱུང་སྙམ་དུ་མཛོད། ཌཱ་དྲིལ། ཡང་ཐོད་པར་ལུས༴ཤེས་རབ་ཡེ་ཤེས་ཀྱི༴ ཐུགས་ཀྱི༴ ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀྱི་བདུད་རྩི་སྤྱན་དྲངས་ཐུགས་ཀར་ཐིམ་པས། དེའི་ཐུགས་ཀ་ནས་ཀྱང་བདུད་རྩི་སྔོན་པོ་བྱུང་སྟེ་ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག། ཐུགས་ཀྱི་བྱིན་རླབས་


PS002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། དབང་གསུམ་པ་དང་ཆོས་སྐུ་ཐོབ་བྱུང་སྙམ་དུ་མཛོད། དེ་ནས་ཡང་ཐོད་པར་ལུས་བདུད་རྩིར་གྱུར་པས། མཆོད་དེ་གསེར་གྱི་མཎྜལ་ཕུལ་ལ་འདིའི་རྗེས་ཟློས་མཛོད། དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཕྱོགས་བཞིའི་ལྷ་ཚོགས་དབུས་ཀྱི་བླ་མ་ལ་ཐིམ། ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་དབྱིངས་ཁྱབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མ་ལ་ཐིམ་པས། བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས་ཁྱེད་རང་གི་སྤྱི་བོ་ནས་ཆེམ་ཆེམ་འུར་འུར་འདུག་པ་ལ་གསོལ་བ་དྲག་པོ་བཏབ་པའི་རྐྱེན་གྱིས་ཁྱེད་རང་གི་སྤྱི་བོར་ཐིམ་ཏེ། ལུས་འོད་ཕུང་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པས། ལུས་ངག་ཡིད་གསུམ་ཐ་དད་དུ་


PS002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་རྟོག་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་བྱུང་སྙམ་དུ་མཛོད། དེ་ཡང་ཡེ་ཤེས་རྒྱ་མཚོ་ལས། །བླ་མའི་སྐུ་ཡི་དཀྱིལ་འཁོར་ལས། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པས་བགྲོད་པར་བྱེད། །ཅེས་གསུངས་པ་ལྟར་གྱི་དགོས་དོན་ཚང་བ་ལགས། གསུམ་པ་ནི། ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་བྱ། རྗེས་བསྔོ་བ་བྱ། བླ་མ་ལམ་ཁྱེར་གྱི་དབང་རྫོགས་སོ།། །།བདེ་ལེགས་སུ་གྱུར་ཅིག། ༈ ན་མཿཙཀྲ་ས་མ་བྷ་ར། ཡི་དམ་ལམ་ཁྱེར་གྱི་དབང་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་པདྨ་འདབ་བཞིའི་ལྟེ་བ་དང་། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་དང་གོང་རས་ལྗང་ཁུ། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་ཚོན། དེ་ལ་མེ་ཏོག་མཆོད་གཏོར་གོང་བཞིན་བྱས་ནས། བདག་བསྐྱེད་སྔོན་དུ་


PS002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས་མདུན་བསྐྱེད་སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། དེའི་པང་ན་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་དཀར་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་གཡས་གྲི་གུག་ཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ག །ཞབས་གཡས་བརྐྱང་པས་རོའི་གདན་མནན་ཅིང་། གཡོན་བསྐུམ་པའི་དཀྱིལ་ཀྲུང་ཕྱེད་པའི་


PS002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གར་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེས་བརྒྱན་པ། མེ་རི་འབར་བའི་དབུས་ན་བཞུགས་པའོ། །དེ་དག་གི་དཔྲལ་བའི་ཨོཾ་དཀར་པོ་ནས་རིགས་ལྔས་དབུ་བརྒྱན། ཞེས་པའི་བར། བླ་མ་ལམ་ཁྱེར་གྱི་སྐབས་བཞིན་དང་། མཆོད་བསྟོད་བདེ་མཆོག་ལྷ་ལྔའི་སྐབས་བཞིན་བྱ། དེ་ནས་སློབ་མ་རྣམས་མདུན་དུ་འཁོད་པ་ལ། ཡེ་ཤེས་དབབ་པའི་གསོལ་བཏབ་ཡན་བླ་མ་ལམ་ཁྱེར་དུ་དྲངས་པ་ལྟར་བྱ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་བདེ་མཆོག་ལྷ་ལྔའི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་


PS002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་ཀྱང་། ལྷ་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཡི་གེ་བདུན་པའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བརྗོད་ལ་སྤོས་དང་ཌཱ་དྲིལ་བྱ། གཉིས་པ་དབང་དངོས་གཞི་ཞུ་བའི་དོན་དུ་ཁྱེད་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་མཆོད་པ་ཕུལ། སྟོང་གསུམ་འདིའང་གསེར་གྱིས་བཀང་བའི་མཎྜལ་དུ་བཀོད་ནས་ཕུལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་སྨིན་མཚམས་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་


PS002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནས་བུམ་དབང་དང་། སྤྲུལ་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ། ཡང་མཆོད་པ་དང་མཎྜལ་སྔར་བཞིན་ཕུལ་ནས་འདིའི་རྗེས་ཟློས་མཛོད། གསང་བའི་དབང་བསྐུར་དུ་གསོལ། གསུང་གི་བྱིན་རླབས་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་མགྲིན་པ་ནས༴ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག་ནས་གསང་དབང་དང་ལོངས་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ། ཡང་མཆོད་པ་སོགས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་སྙིང་ག་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་


PS002_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབང་གསུམ་པ་དང་། ཆོས་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ། ཡང་མཆོད་པ་དང་སོགས་ནས། དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བདེ་མཆོག་གི་གནས་གསུམ་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱུང་ནས་ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག་ནས་དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ། རྗེས་ཡོན་དབུལ། ཚོགས་ལ་ལོངས་སྤྱོད། གསུམ་པ་མཎྜལ་གྱི་རྗེས་བསྡུ་བ་ནི་གོང་བཞིན་ནོ།། །།ཡི་དམ་ལམ་ཁྱེར་གྱི་དབང་རྫོགས་སོ།། ༈ །།ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཀཱ་ལཱ་ཡ། སྣང་སེམས་ལྷ་སྐུ་སྒྱུ་མའི་ལམ་ཁྱེར་གྱི་དབང་ནི། ཆོས་དྲུག་སྤྱིའི་དབང་བསྐུར་བཞིན་བྱའོ། །སྒྱུ་མའི་ལམ་ཁྱེར་གྱི་དབང་བསྐུར་རྫོགས་སོ།། །།ལམ་ཁྱེར་གསུམ་གྱི་ཁྲིད་དང་ལུང་མ་ཆད་པར་བྱའོ། །


PS002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གའུ་མ་འོད་གསལ་གྱི་ཟབ་ཆོས། འཆི་མེད་བར་དོའི་ཟབ་ཆོས། འཆུག་མེད་ལམ་ཁྱེར་སྒྱུ་ལུས་རྨི་ལམ་གྱི་ཟབ་ཆོས། མཁའ་སྤྱོད་དམར་མོ་ལ་སོགས་པ་འཕོ་བའི་ཟབ་ཆོས་ཡིན་གསུང་ངོ། །སྨྲས་པ། བྱིན་རླབས་དབང་གི་སྒོ་གླེགས་མཚམས་ཕྱེ་སྟེ། །ཟབ་ཁྲིད་རིན་ཆེན་དོ་ཤལ་སྤེལ་བའི་སྲོལ། །དཔལ་ལྡན་ཤངས་པའི་ཆོས་ཀྱི་ཟབ་ཁྱད་ཡིན། །དེ་ཕྱིར་འདི་འདྲ་ཉམས་ལེན་སྐལ་པ་བཟང་། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། ཕྱག་ཆེན་བཀའ་ལྔ་རྫོགས་སོ།། ༈ །།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་མཁའ་སྤྱོད་བཀའ་ལྔ་ལ། མཁའ་སྤྱོད་མ་དཀར་མོ། མཁའ་སྤྱོད་མ་དམར་མོ། མཁའ་སྤྱོད་མ་གསུམ་ཕྲུགས། རྗེས་སུ་ཡི་རང་། སྨོན་ལམ་བཀའ་རྒྱ་མ་དང་ལྔའོ།། ༈ །།དེ་ལས་མཁའ་སྤྱོད་དཀར་མོའི་བྱིན་རླབས་བཞུགས་སོ།། །།མ་དང་མཁའ་འགྲོས་རྗེས་བཟུང་དངོས་གྲུབ་བརྙེས། །ཆོས་ཀྱི་རྒྱལ་སྲིད་མཐོན་པོར་དབང་གིས་ཕྱུག །བསྟན་པའི་རྩ་བ་རབ་བརྟན་རྡོ་རྗེའི་སྐུ། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད། །དེ་


PS002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདིར་མེ་ཏོག་མཁའ་སྤྱོད་དཀར་དམར་ལ། དེ་གཉིས་དང་། དཀར་དམར་གསུམ་ཕྲུགས་རྣམས་སུ་ཡོད་པ་ལས། དང་པོ་དཀར་མོའི་བྱིན་རླབས་བྱ་ཚུལ་ནི། མདུན་གྱི་སྟེགས་བུའི་སྟེང་དུ་རྡུལ་ཚོན་དཀར་པོའི་ཆོས་འབྱུང་མཐའ་མེ་རི་དཀར་པོས་བསྐོར་བ། ཆོས་འབྱུང་གི་དབུས་སུ་ཧྲཱིཿཡིག་འབྲི། ཡང་ན་ཚོན་སྤུངས་དཀར་པོ་བྱས་ཀྱང་ཆོག། དེའི་མཐར་མཆོད་པ་དང་གཏོར་མ་བཤམ། དེ་ནས་སློབ་དཔོན་རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། རང་ཉིད་བདེ་མཆོག་ལྷན་སྐྱེས་སྔོན་པོར་སྐད་ཅིག་གིས་ལམ་གྱིས་གསལ་བར་གྱུར་པར་བསྒོམ་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡི་གེ་བདུན་པ་ཅི་རིགས་པ་བཟླ། དེ་ནས་མདུན་གྱི་ཆོས་འབྱུང་ལ་དམིགས་ནས། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ་ཡི་གེ་ཧྲཱིཿདཀར་པོ་གཅིག་ཏུ་གྱུར། ཧྲཱིཿདེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿདེ་འོད་དུ་ཞུ་བ་ལས། ཇོ་མོ་མཁའ་སྤྱོད་མ་དཀར་མོ་སྤྱན་


PS002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་བཞད་པ། སྐུ་མདོག་དཀར་མོ་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་འཕྱར་བ་གཡོན་ཐོད་པ་ཁྲག་གིས་བཀང་བ་ཕྱིར་བསྟན་ནས་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ལ་བཀལ་བ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། གཞོན་ནུ་ལང་ཚོ་དར་ལ་བབས་པ། མེ་རི་དཀར་པོའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་མཁའ་སྤྱོད་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་


PS002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མཱ་ཡ་ཛཿཛཿཧཱུྃ་བྃ་ཧོཿམདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། མཆོད་པ་བྱིན་རླབས་དཀྱུས་བཞིན་མདོར་བསྡུས་བྱས་ལ། ཨོཾ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ་གི་བར་ཕྱི་མཆོད་དང་། ཨོཾ་བཛྲ་ཡོ་གི་ནི་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབ། ཨོཾ་བཛྲ་ཡོ་གི་ནཱི་ས་པཱ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་རྣམས་གོང་བཞིན་བྱ། འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་མཎྜལ། གསོལ་བཏབ་རྒྱུན་བཤགས་ནས་བཟུང་། གཙོ་བོས་ཇི་ལྟར་སོགས་ཀྱི་བར་སློབ་མ་ལ་བྱ་བ་བཞིན་དུ་སློབ་དཔོན་རང་གིས་


PS002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་གི་ཚུལ་དུ་བླངས་ཏེ་བླ་མའི་བྱ་བ་བསྟན་ཟིན་ནོ།། །།གཉིས་པ། དེ་ནས་སློབ་མ་རྣམས་བོས་ལ་ཁྲུས་ཕྱག་སྔོན་འགྲོས་གྲལ་ལ་འཁོད། མཎྜལ་ཕུལ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་གསན་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་ཐེག་པ་ཆེན་པོའི་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་བྱུང་བ་བཞིན་གསལ་བཏབ་ནས་གསན་པར་ཞུ། གསན་པར་བྱ་རྒྱུའི་ཆོས་ནི། འདིར་ནི་གུཔྟ་ཞེས། ངེས་པར་སྦས་པའམ། ངེས་པར་གསང་བ་ཞེས་པ་དེ་ཅུང་ཟད་ཟུར་ཆག་པ། ནི་གུ་མ་ཞེས་ཡོངས་སུ་གྲགས་པའི་མཁའ་ལ་སྤྱོད་པའི་དབང་མོ་འཇའ་ལུས་འཆི་བ་མེད་པའི་སྐུ་ཅན་དེས། གངས་ཅན་གྱི་


PS002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དབང་པོ་ཁྱུང་པོ་ལོ་ཙཱ་བ་དང་། དེ་རྗེས་གྲུབ་པའི་འཁོར་ལོས་སྒྱུར་བ་ཐང་སྟོང་རྒྱལ་པོ་ལ་ཞལ་དངོས་སུ་བསྟན་ནས་གནང་བའི་ཉེ་བརྒྱུད་ཁྱད་པར་ཅན་དང་བཅས་པའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་མཁའ་སྤྱོད་དཀར་མོའི་སྒོས་བཀའ་འབུལ་བའི་སྐབས་སུ་བབས་པ་ཡིན། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་གསུམ། དེ་ནས་མདུན་གྱི་མཎྜལ་གྱི་དབུས་ན་བཞུགས་པའི་རྗེ་བཙུན་མའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་གསུམ། ཁྱེད་རང་གི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པས། དཔྲལ་བར་ཨོཾ། མགྲིན་


PS002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཨཱཿསྙིང་གར་ཧཱུྃ་བྱུང་སྟེ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད། སྙིང་གར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི། དེ་ཉིད་ལ་སློབ་དཔོན་གྱིས་སྙིང་གར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བརྗོད། བདུད་རྩི་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ། ཞེས་དམ་བཞག་བྱ། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་


PS002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །ད་ལྟ་ཉིད་དུ་དབབ་ཏུ་གསོལ། །གསུམ། ཁྱེད་རང་མཁའ་སྤྱོད་མ་དཀར་མོར་གསལ་བའི་ངང་ནས་སློབ་དཔོན་ལ་གུས་འདུད་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་རྗེ་བཙུན་མའི་སྐུ་ལས་རང་དང་འདྲ་བའི་རྗེ་བཙུན་མའི་སྐུ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་འོད་ཀྱིས་གང་། ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་། རྗེ་བཙུན་མའི་སྐུའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཨོཾ་གསུམ་མའི་


PS002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བརྗོད་ཅིང་སྤོས་རོལ་བྱ། དེ་དག་ནི་སྔོན་འགྲོའི་རིམ་པ་ཡིན་ལ། དེ་ནས་དངོས་གཞིའི་དོན་དུ་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་ཆོས་འབྱུང་གི་ནང་དུ་བླ་མ་དང་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་མཁའ་སྤྱོད་མ་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། ཞལ་གཅིག་ཕྱག་གཉིས་མ་ནས། མེ་རི་དཀར་པོའི་དབུས་ན་བཞུགས་པ། དེ་ཡང་ནམ་མཁའ་ལ་བྱ་ལྡིང་བ་ལྟར་ལིང་ལིང་བཞུགས་པ་ལ། དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། བླ་མ་དང་མདུན་བསྐྱེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་


PS002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་སྤྱན་དྲངས། དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང་བཅས་ཨོཾ་གསུམ་མ་བཟླ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། རྗེ་བཙུན་མཁའ་སྤྱོད་དཀར་མོས་རྡོ་རྗེ་སློབ་མ་འདིའི་ལུས་དག་པ་ལྷ་སྐུར་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཡང་མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་གསུང་གི་བྱིན་རླབས་སྤྱན་དྲངས། མགྲིན་པའི་ཨཱཿལ་ཐིམ། དེ་ལས་གསུང་གི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་


PS002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཨོཾ་གསུམ་མ་དང་། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་སོགས་ནས། རྡོ་རྗེའི་སློབ་མ་འདིའི་ངག་དག་པ་སྔགས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས། སྙིང་གའི་ཧཱུྃ་ལ་ཐིམ། དེ་ལས་ཐུགས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔར་བཞིན་གྱི་མཐར། སེམས་དག་པ་ཏིང་ངེ་འཛིན་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཡང་གནས་གསུམ་ཀར་གྱི་ཡི་གེ་གསུམ་


PS002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྤྱན་དྲངས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ལས་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་ཞུགས། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཨོཾ་གསུམ་མ་དང་། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། རྗེ་བཙུན་མཁའ་སྤྱོད་དཀར་མོས་རྡོ་རྗེའི་སློབ་མ་འདིའི་ལུས་ངག་ཡིད་གསུམ་བདེ་སྟོང་ཟུང་འཇུག་ཏུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། གཏོར་དབང་ནི་སྔར་གྱི་འབུལ་གཏོར་དེ་ཀ་ཕྱག་ཏུ་བླངས་ལ་ཨོཾ་གསུམ་མ་ཚར་གཅིག་བརྗོད། དེས་རྐྱེན་བྱས་ནས་གཏོར་མ་མཁའ་


PS002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མ་དཀར་མོར་གསལ་བ་དེ་ཉིད་བྱ་འཕུར་བ་བཞིན་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡེར་གྱིས་བྱོན། སྐུའི་ཆ་ཐམས་ཅད་ནས་བདུད་རྩི་འོད་ཟེར་གྱི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་སིབ་སིབ་ཐིམ་པའི་མོས་པ་གནང་བར་ཞུ། གཏོར་མ་སྤྱི་བོར་བཞག་ཅིང་། ཨོཾ་གསུམ་མའི་ཞབས་སུ་ཛཿཧཱུྃ་བྃ་ཧོཿཞེས་བཏགས་པ་བརྗོད་ལ་མཐར་བསྟིམ་མོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང་། མཎྜལ། དེང་ནས་བརྩམས་ཏེ་རྣམས་དང་མཆོད་བསྟོད་བཟོད་གསོལ་སོགས་དཀྱུས་བཞིན་བྱའོ། །མཁའ་སྤྱོད་དཀར་མོའི་བྱིན་རླབས་བཤད་ཟིན་ཏོ།། ༈ །།གཉིས་པ་མཁའ་སྤྱོད་དམར་མོའི་བྱིན་རླབས་ནི། སྔར་བྱིན་རླབས་གཞུང་ཤིང་བཀའ་དྲུག་གི་ནང་ཚན། འཕོ་བའི་སྒོས་བཀའ་དེ་ཀ་བསྐྱར་བ་ཡིན་པས། སྤྲོས་པ་ལ་དགའ་ན་སྐབས་འདིར་བསྐྱར་ནས་བྱ། བསྡུ་ན། མ་བྱས་ཀྱང་ཆོག་པས་མི་དགོས་གསུངས་པ་ཨྠིྀ། ༈ །གསུམ་པ་མཁའ་སྤྱོད་གསུམ་ཕྲུགས་ཀྱི་བྱིན་རླབས་བྱ་བ་ལ་གཉིས་ཏེ་


PS002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དང་དངོས་སོ། །དང་པོ་མཎྜལ་ཟླུམ་སྐོར། མུ་ཁྱུད་སྔོན་པོ་གཞི་ལྗང་ཁུའི་དབུས་སུ་འཇའ་སྐོར་དོང་དུ་མིག་གསུམ་ལྟ་བུ་ལ་ཚོམ་བུ་རེ་རེ་འགོད། དེའི་མཐར་མཆོད་གཏོར་རྣམས་སྔར་བཞིན་བཤམ། གཉིས་པ་དངོས་གཞི་ལ་སློབ་དཔོན་གྱིས་བྱ་བའི་རིམ་པ་དང་། སློབ་མ་འཇུག་པའི་ཚུལ་གཉིས་ཀྱི་དང་པོ་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་བྱ་ཞིང་ཡིག་བདུན་བཟླ། དེ་ནས་མདུན་གྱི་མཎྜལ་ལ་དམིགས་ཏེ་བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་འཇའ་འོད་རྣམ་ལྔའི་ཟླུམ་སྐོར་ནོར་བུ་མིག་གསུམ་པ་ལྟ་བུའི་གཡས་ཀྱི་ཟླུམ་སྐོར་དུ་བླ་མ་འཁོར་ལོ་བདེ་མཆོག་གསེར་བཙོ་མ་ལྟ་བུ་རྡོ་རྗེ་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་བཞུགས་པའོ། །དབུས་ཀྱི་ཟླུམ་སྐོར་དུ་ཇོ་མོ་མཁའ་སྤྱོད་མ་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ།


PS002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་བཞད་པ་སྐུ་མདོག་དཀར་མོ་རུས་པའི་རྒྱན་ཐམས་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་ཕྱར་བ་གཡོན་ཐོད་པ་ཁྲག་གིས་བཀང་བ་ཕྱིར་བསྟན་ནས་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ལ་བཀལ་བ། གཅེར་བུ་སྐྲ་གྲོལ་བ་ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ་གཞོན་ནུ་ལང་ཚོ་དར་ལ་བབ་པ། མེ་རི་དཀར་པོའི་དབུས་ན་བཞུགས་པའོ། །གཡོན་གྱི་ཟླུམ་སྐོར་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་ནག་པོ། ཕྱག་གཡས་རྣམས་ན་ཐོད་སྐམ་གྱི་ཕྲེང་བ་དང་། གྲི་གུག་དང་། ཌཱ་མ་རུ། གཡོན་རྣམས་ན་ཐོད་ཁྲག་དང་། རྩེ་གསུམ་དང་། ཞགས་པ་བསྣམས་པ། དགྲ་བགེགས་


PS002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡི་དྭགས་ཀྱི་གདན་ལ་བཞུགས་པའོ། །དེ་གསུམ་དང་རྩ་བའི་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པ་དེ་དག་གི་མཐའ་བསྐོར་དང་སྟེང་གི་ནམ་མཁའ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་འཁོར་ལོ་བདེ་མཆོག །མཁའ་སྤྱོད་མ་དཀར་མོ། ཡེ་ཤེས་མགོན་པོ་རྣམས་ཀྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿམདུན་བསྐྱེད་ལ་ཐིམ་པར་གྱུར། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་ནང་མཆོད་འབུལ། ཆོས་དབྱིངས་རྣམ་


PS002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དག་དབྱིངས་ལས་སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་དང་། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཞེས་སོགས་ཀྱིས་སྟོད་པ་ཤྭ་ལོ་ཀ་རེས་བསྟོད། གཏོར་མ་བྱིན་རླབས་བྱས་ལ། སོ་སོའི་མཚན་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་རྣམས་གོང་བཞིན་དང་། མཆོད་སྦྱིན་གཏོར་མ་འདི་སྣམས་ལ། །ཞེས་སོགས་ཀྱིས་ཕྲིན་བཅོལ་བྱ། བཟླས་པ་ཅི་འགྲུབ། དེ་ནས་མཎྜལ་དང་གསོལ་བཏབ་ནས་བཟུང་འོག་ནས་འབྱུང་བ་བཞིན་བདག་འཇུག་བླང་ངོ་། ༈ །གཉིས་པ། དེ་ནས་སློབ་མ་རྣམས་བོས་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་གྱིས་ནམ་མཁའ་དང་མཉམ་པའི་སོགས་སེམས་བསྐྱེད་གསལ་བཏབ། །འདིར་གང་གསན་པར་བྱ་བའི་ཆོས་ནི་མཁའ་སྤྱོད་གསུམ་ཕྲུགས་ཀྱི་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་ངོ་སྐལ་གཉིས་སུ་ཡོད་པ་ལས་ཕྱི་མ་སྐབས་


PS002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བབས༴ དེའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་གསུམ། དེ་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་བཤགས་པ་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་། གནས་གསུམ་བྱིན་རླབས་ཀྱི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་དུང་བ་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་གི་སྐུ་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་གཞི་ལུས་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད། སྟོད་ཉིད་དེའི་ངང་ལས་ཁྱེད་རང་རྣམས་འཁོར་ལོ་བདེ་མཆོག་གསེར་གཙོ་མ་ལྟ་བུ་རྡོ་རྗེ་དང་


PS002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ་གིས་མཚན་པ་ལ་སློབ་དཔོན་གྱི་དྲིའི་ཐིག་ལེ་བྱས་པས། དེ་རྣམས་ཀྱིས་འོད་ཟེར་གྱིས་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར་པའི་མོས་པ་མཛོད། སྙིང་ཁར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ནས། ད་ལྟ་ཉིད་དུ་དབབ་ཏུ་གསོལ། །ཞེས་པའི་བར་མཁའ་སྤྱོད་དཀར་མོའི་སྐབས་བཞིན་བྱ། ཁྱེད་རང་བདེ་མཆོག་སེར་པོར་གསལ་བའི་ངང་ནས་སོགས་འདོན་བསྒྱུར་བྱས་ལ་ཡེ་ཤེས་དབབ། སྔགས་ཡི་གེ་བདུན་པ་འབའ་ཞིག་ལ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿབཏགས་ལ་སྤོས་རོལ་བྱའོ། །དེ་ནས་མདུན་བསྐྱེད་ཀྱི་མཎྜལ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་


PS002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞེས་པ་ནས། སངས་རྒྱས་བྱང་སེམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ཞེས་པའི་བར་བརྗོད་དེ་མདུན་བསྐྱེད་གསལ་བཏབ། དེ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་དུ་གཞུག། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དཔྲལ་བར་སྐུའི་མཁའ་སྤྱོད་མ་དཀར་མོ། །མགྲིན་པར་གསུང་གི་མཁའ་སྤྱོད་མ་དམར་མོ། །ཐུགས་ཀར་ཐུགས་ཀྱི་མཁའ་སྤྱོད་མ་མཐིང་ག་རྣམས་བཞུགས་པའི་མོས་པ་གནང་བར་ཞུ། དེ་ནས་དཔྲལ་བའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་


PS002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་གྱུར། སངས་རྒྱས་བྱང་སེམས་དེ་དག་ལ་ཕུལ་བས་བཟང་ལེན་གྱི་ཚུལ་དུ་སྐུའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས་ཏེ་སྐུའི་ནང་ཐམས་ཅད་སྐྱ་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ལུས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག །སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་སྐུ་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད། ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་གི་སྤྱི་བོར་ཐིམ། བུམ་པའི་དབང་ཐོབ།


PS002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང་བཅས། ཨོཾ་གསུམ་མ་དང་། ན་མོ་བུད་དྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཱི་ཡཻ། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི་ཡཻ། ཛོ་ཀ་ཛོ་ཀི་ནཱི་ཡཻ། སརྦ་བུདྡྷ་བོ་དྷི་ས་ཏྭ་ཡ་ཤྭ་ར་ཾ་གཙྪཱ་མི་ཀྱཻ། ཞེས་གསོལ་གདབ་དང་བཅས་པ་རེ་བྱེད་པ་འོག་ཏུ་ཡང་འགྲེའོ། །ཡང་མགྲིན་པའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དམར་པོ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར། སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བས་བཟང་ལེན་གྱི་ཚུལ་དུ་གསུང་གྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་དམར་མེར་གྱིས་ཁེངས་པས། ཁྱེད་རང་


PS002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ངག་གི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ངག་གི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག །གསུང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་གསུང་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད། སླར་ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་སྔགས་བཅས་གོང་བཞིན། ཡང་ཐུགས་ཀའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་སྔོན་པོ་ནམ་མཁའི་ཁམས་གང་བ་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར། སངས་རྒྱས་བྱང་སེམས་


PS002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕུལ་བས་བཟང་ལེན་གྱི་ཚུལ་དུ་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་སྔོ་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ཡིད་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱིས་དག། ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་ཐུགས་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད། སླར་ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་སྔགས་


PS002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གོང་བཞིན། ཡང་གནས་གསུམ་གྱི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའི་ཁམས་གང་བ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར། སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བས་བཟང་ལེན་གྱི་ཚུལ་དུ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་འོད་དཀར་དམར་མཐིང་གསུམ་གྱིས་མེར་གྱིས་ཁེངས་པས། ཁྱེད་རང་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བླ་མ་མ་མཉེས་ཤིང་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ལུས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་


PS002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་མེད་པར་སངས་ཀྱིས་དག །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཤིང་ཁྱེད་རང་རྣམས་བླ་མ་ཡེ་ཤེས་རྡོ་རྗེའི་ངོ་བོར་གྱུར་པའི་མོས་པ་མཛོད། སླར་ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་སྔགས་བཅས་གོང་བཞིན་བྱ། དེ་བླ་མ་ལ་བརྟེན་པའི་དབང་བཞི་ཡིན། ཡི་དམ་གྱི་དབང་བཞིའི་སླད་དུ་མདུན་གྱི་ཟླུམ་སྐོར་དབུས་མའི་མཁའ་སྤྱོད་མ་དཀར་མོ་ལ་མོས་གུས་བྱས་ནས་ཁྱེད་རང་རྣམས་ལ་ཡིད་ཀྱིས་དབང་བཞི་བསྐུར་དུ་གསོལ། སྙམ་པ་བྱས་པས་མཁའ་སྤྱོད་མ་དེའི་གནས་གསུམ་ནས་འོད་ཟེར་དཔག་ཏུ་


PS002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པར་གྱུར་ནས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་འབུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་མཁའ་སྤྱོད་མའི་གནས་གསུམ་དུ་ཐིམ། དེའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའ་གང་བར་བྱུང་། དཀར་པོ་དེ་ཁྱེད་རང་རྣམས་ཀྱི་དཔྲལ་བ་དང་། དམར་པོ་མགྲིན་པ་དང་། སྔོན་པོ་སྙིང་ཁ་ནས་ཞུགས། ལུས་ངག་ཡིད་གསུམ་དྲི་མ་དག། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་གཅིག་ཅར་དུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ་དང་ཨོཾ་གསུམ་མ་ཚར་གཅིག །ཆོས་སྐྱོང་གི་དབང་བཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། གཡོན་གྱི་ཟླུམ་སྐོར་གྱི་ཡེ་ཤེས་


PS002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསལ་བ་ལ་མོས་གུས་དྲག་པོས་བདག་ལ་དབང་བཞི་བསྐུར་དུ་གསོལ་སྙམ་པ་བྱས་པས། མགོན་པོའི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པར་གྱུར་ནས་མཆོད་ཡུལ་ཐམས་ཅད་ལ་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་མགོན་པོའི་གནས་གསུམ་དུ་ཐིམ། ཡང་མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའི་ཁམས་གང་བ་བྱུང་། དཀར་པོ་ཁྱེད་རང་རྣམས་ཀྱི་དཔྲལ་བར། དམར་པོ་མགྲིན་པར། སྔོན་པོ་སྙིང་ཁ་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། །དབང་


PS002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གཅིག་ཅར་དུ་ཐོབ་པའི་མོས་པ་མཛོད། ཌཱ་དྲིལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྲྷྲྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བརྗོད། དེ་དག་གིས་མཁའ་སྤྱོད་གསུམ་འཕྲུགས་ཀྱི་བཀའ་ཕུལ་གྲུབ་པ་ཡིན་པས། ཁས་བླངས་པའི་དམ་སྡོམ་སྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་། གཏང་རག་གི་མཎྜལ་རྣམས་སྤྱི་དང་འདྲའོ། །རྗེས་ཀྱི་བྱ་བ་མཎྜལ་ལ་མཆོད་བསྟོད་ཡིག་བརྒྱས་ནོངས་པ་བཟོད་གསོལ་སོགས་སྤྱི་དང་འདྲ་བར་བྱ་བ་ཉིད་དོ། །དེ་ལྟར་མཁའ་སྤྱོད་བྱིན་རླབས་ཆོ་ག་འདི། །རང་གི་དྲན་པ་གསོ་དང་རང་ཉིད་དང་། །སྐལ་མཉམ་གཞན་ལ་ཕན་པར་འགྱུར་སྙམ་ནས། །ཡི་གེར་བྲིས་འདི་ལྷག་བསམ་དཀར་བ་ཡིན། །ཞེས་པ་འདི་ནི་དགེ་སློང་ངག་དབང་ཆོས་གྲགས་ཀྱིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་དང་། ཇོ་བོ་རྗེས་མཛད་པའི་མཁའ་སྤྱོད་དཀར་མོའི་མངོན་རྟོགས་ཀྱི་ཡིག་ཆ་ལ་བརྟེན་ནས་མདར་གྲོང་ཆེན་ཆོས་འཁོར་ཡང་རྩེར། ལྕགས་འབྲུག་


PS002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བདུན་པའི་དུས་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། ཞེས་པའི་ཡི་གེ་ཉིད་རྩ་བར་བཀོད། མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་ཏུ་བཀོད་པའོ།། །།གསུམ་ཕྲུགས་ཀྱི་བཀའ་བཤད་ཟིན་ནོ།། ༈ །།བཞི་པ་རྗེས་སུ་ཡི་རང་གི་བཀའ་སྔར་མ་ཐོབ་པས་རྒྱུན་རྙེད་ན་འཆད་ཐབས་འདིར་འབྲིའོ།། ༈ །།ལྔ་པ་སྨོན་ལམ་བཀའ་རྒྱ་མ་ལ་དེང་སང་ལུང་འབོག་པའི་ཚུལ་ཙམ་ཡོད་པ་ལས། བཀའ་འདི་ཡིན་གྱི་ངེས་པ་མི་སྣང་ལ། འོན་ཀྱང་ས་བཅད་མི་ཉམས་པའི་ཆེད་དུ་འདིར་སྨོན་ལམ་བཀའ་རྒྱ་མ་ལ་ལུང་མཛད་པ་ཞུ། སྨྲས་པ། ཟབ་རྒྱས་གདམས་པ་འཕོ་བའི་སྒོ་འབྱེད་དང་། །མཁའ་སྤྱོད་རིལ་བུའི་དངོས་གྲུབ་ཉེ་ལམ་མཆོག། མཁའ་སྤྱོད་བཀའ་ལྔར་གྲགས་པའི་གསེར་ཆོས་འདི། །ཀུན་ལ་མ་གྲགས་ཁྱུང་པོའི་སྙན་བརྒྱུད་ཡིན། ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། མཁའ་སྤྱོད་བཀའ་ལྔ་རྫོགས་སོ།། ༈ །།དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་བྱ་ཚུལ་བཞུགས་


PS002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སོ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། འཁོར་ལོ་སྡོམ་པ་དཔལ་ལྡན་གསང་བའི་བདག །རྡོ་རྗེ་རྣམ་པར་འཇོམས་དང་དབྱེར་མེད་པའི། །ཁྱབ་བདག་བླ་མའི་ཞབས་ལ་གུས་བཏུད་ནས། །སྒྲུབ་ཐབས་བྱིན་རླབས་དང་བཅས་གསལ་བར་བྱ། །དེ་ལ་འདིར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་གསང་སྒྲུབ་སྐོར་ལྔའམ། གསུམ་དུ་གྲགས་པ་ལས་དང་པོ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་མུ་ཁྱུད་སྔོན་པོ་པདྨ་འདབ་མ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ཁུ་རྣམས་ཡོད་པའི་ལྟེ་བར་ཚོམ་བུ་སྔོན་པོ་གཅིག་འགོད། དེའི་མཐར་མཆོད་གཏོར་བཤམ་མོ། །གཉིས་པ་དངོས་གཞི་ལ། སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་བའོ། །དང་པོ་ནི་སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སྔོན་པོ་ལ་བྱ། སྔགས་ཡི་གེ་བདུན་པ་བཟླ། དེ་ནས་མདུན་གྱི་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་


PS002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སུ་པདྨ་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ་བདེ་མཆོག་ལྷན་སྐྱེས་སྔོན་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ་ཞབས་གཡས་བརྐྱངས་གཡོན་བསྐུམ་དུ་བཞུགས་པ། འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ། བཞི་ཀའང་ཕྱག་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་སོགས་ནས་བདེ་མཆོག་ལྷ་ལྔའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿམདུན་བསྐྱེད་


PS002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་སུ་མེད་པར་ཐིམ། མཆོད་པ་བྱིན་བརླབས་ལ། ཨོཾ་ཙཀྲ་སམྦ་ར་མཎྜལ་ས་པཱ་རི་ཝཱ་རའི་མཐར་ཨརྒྷཾ་སོགས་བཏགས་པའི་ཕྱི་མཆོད་མཚན་སྔགས་དེའི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་ཚིག་བཅད་ཀྱིས་མཆོད། གཏོར་མ་བྱིན་རླབས་བྱས་ལ་མཚན་སྔགས་ཀྱི་མཐར་ཨི་དམ་བ་ལིཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་མཆོད། ནང་མཆོད། བསྟོད་པ་རྣམས་སྔར་བཞིན། འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་མདུན་བསྐྱེད་ལ་མཎྜལ། གསོལ་གདབ། རྒྱུན་བཤགས། ཡེ་ཤེས་དབབ་པ། མདུན་བསྐྱེད་དང་བླ་མ་ཐ་མི་དད་པ་དེའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་རེ་རེ་བཞུགས་པ་ལ་དམིགས་ནས་དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ནས་བཟུང་། དབང་བཞི་པའི་བར་འོག་ནས་འབྱུང་བ་བཞིན་དུ་བདག་འཇུག་གི་ཚུལ་དུ་བླང་ངོ། །གཉིས་པ་ནི། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་སེམས་བསྐྱེད་གསལ་བཏབ་ནས། །


PS002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གང་གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་ལ་བཀའ་བབས་པའི་གསང་སྒྲུབ་སྐོར་གསུམ་མམ། ཕྱིས་སྐྱེར་སྒང་པ་ལས་གསར་དུ་ཉེ་བརྒྱུད་དུ་བྱུང་བ་སྤྱན་རས་གཟིགས་གསང་སྒྲུབ་དང་། རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པའི་གསང་སྒྲུབ་སྐོར་ལྔ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། ད་ལམ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་བདག་མདུན་བསྒྲུབ་ཅིང་དེ་ལ་མཆོད་བསྟོད་བདག་འཇུག་བླངས་པ་རྣམས་སོང་ཟིན་ནས། ད་སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་གསལ་བ་ལ་བྱིན་རླབས་ཀྱི་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་


PS002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། དགའ་ཆེན་ཁྱོད་བདག་སོགས་གསུམ། མདུན་བསྐྱེད་བདེ་མཆོག་ལྷ་ལྔ་ལ་བླ་མ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་ཕུང་ཁམས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་སྐད་ཅིག་གི་བདེ་མཆོག་ལྷན་སྐྱེས་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན་སྤྱན་གསུམ་དམར་བ། རྡོ་རྗེ་


PS002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། ཞབས་གཡས་བརྐྱངས་གཡོན་བསྐུམ་པས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་ལྔའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་འཁོར་ལོ་སྡོམ་པའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་


PS002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་ཡི་གེ་བདུན་པའི་མཐར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པའི་སྔགས་བརྗོད། དེ་ཡེ་ཤེས་དབབ་པ་ཡིན། ད་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། མདུན་བསྐྱེད་དང་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པའི་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་གནས་གསུམ་ན་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་མངོན་སུམ་བཞིན་དུ་བཞུགས་པ་ལ་དམིགས་ནས་དངོས་གཞི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་མཛད་པ་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། དེ་ནས་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་ཧཱུྃ་ལས་བྱུང་བའི་འཁོར་ལོ་དཀར་པོ་


PS002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བཞི་པ། རྩིབས་ཀྱི་རྩེ་ལ་རཾ་དམར་པོ་རླུང་གིས་སྐྱོད་བཞིན་པ། འཁོར་ལོའི་ལྟེ་བར་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་དང་བཅས་པ། མགྲིན་པར་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་དམར་པོ་དང་། སྙིང་གར་ཡང་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་སྔོན་པོ། དེ་གཉིས་ཀའང་རྩིབས་བཞི་པ། རྩིབས་ཀྱི་རྩེ་མོ་ལ་རྃ་དམར་པོ། ལྟེ་བར་ཟླ་ཉི་འཇིགས་དུས་ཀྱི་གདན་དང་བཅས་པ་སྔར་བཞིན་གསལ་ཐོབ། མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་སྤྱི་བོའི་བདེ་མཆོག་ལ་ཁྱེད་རང་གིས་མོས་གུས་བྱས་པས། དེ་ལས་སྐུའི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་དཀར་པོ་དང་བཾ་དམར་པོ་ཆད། ཁྱེད་རང་གི་སྤྱི་བོའི་འཁོར་ལོའི་ལྟེ་བར་བྱོན་པས་སྐུའི་བདེ་མཆོག་ཡབ་དཀར། ཡུམ་དམར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ།


PS002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་རྣལ་འབྱོར་མ་བཞི་ཀའང་དཀར་མོའི་རྣམ་པ་ཅན་དུ་གྱུར་པའི་མོས་པ་མཛོད། དེ་ནས་འཁོར་ལོའི་རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པས་རྃ་ལས་མེ་འོད་ལྷག་གེ་བྱུང་། དེ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ། སྤྱི་བོའི་ལྷ་ལྔ་ལ་ཕུལ་བས། དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས། སྤྱི་བོའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས་ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང་ཡབ་ཀྱི་ཁ་ཊྭཱྃ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བྱུང་། ཁྱེད་རང་གི་ལུས་ཐམས་ཅད་གང་། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ། ཡང་མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་མགྲིན་པའི་བདེ་མཆོག་ལ་ཁྱེད་རང་


PS002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མོས་གུས་བྱས་པས། དེ་ལས་གསུང་གི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་དང་བྃ་དམར་པོ་ཆད། ཁྱེད་རང་གི་མགྲིན་པའི་འཁོར་ལོའི་ལྟེ་བར་བྱོན་པས། གསུང་གི་བདེ་མཆོག་ཡབ་ཡུམ་དམར་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྙིང་པོའི་རྣལ་འབྱོར་མ་བཞི་ཀའང་དམར་མོའི་རྣམ་པ་ཅན། རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པའི་རཾ་ལས་མེ་འོད་ལྷག་གེ་བྱུང་། དེ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ་མགྲིན་པའི་ལྷ་ལྔ་ལ་ཕུལ་བས་དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྡུས། མགྲིན་པའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས། ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང་ཡབ་ཀྱི་ཁ་ཊྭཱྃ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དམར་པོ་བྱུང་།


PS002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་གི་ལུས་ཐམས་ཅད་གང་། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་བཞིན་དུ་སྙིང་ཁའི་འཁོར་ལོ་དང་། ཐུགས་ཀྱི་བདེ་མཆོག་གི་ངོ་བོར་གྱུར་པའི་ཡི་གེ་ཧཱུྃ་སྔོན་པོ་ཞེས་སོགས་འདོན་བསྒྱུར་གྱིས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་སོགས་འགྲེ། ཡང་ཁྱེད་རང་གི་གནས་གསུམ་ན་བཞུགས་པའི་བདེ་མཆོག་ལྷ་ལྔའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་། ལུས་ཐམས་ཅད་ཁེངས། མཐར་སྤྱི་བོའི་ལྷ་ལྔ་མགྲིན་པའི་ལྷ་ལྔ་ལ་ཐིམ། དེ་སྙིང་ཁའི་ལྷ་ལྔ་དེ་ལ་ཐིམ། གནས་གསུམ་གྱི་ལྟེ་བའི་གདན་དང་འཁོར་ལོ་རྣམས་འཁོར་གྱི་རྣལ་འབྱོར་མ་བཞི་ལ་ཐིམ། དེ་ཡུམ་ལ་ཐིམ། དེ་ཡབ་


PS002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། དེ་ཇེ་ཕྲ་ཇེ་ཆུང་ལ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བའི་གནས་ལུགས་དེའི་ངང་དུ་ཅུང་ཞིག་འཇོག་པ་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་དབང་བཞི་པ་ཡིན་ནོ། །ཞེས་བརྡ་སྤྲད། དེ་དག་གིས་བདེ་མཆོག་གསང་སྒྲུབ་ཀྱི་བཀའ་གྲུབ་ཟིན་པས། དབང་དུས་སུ་ཐོབ་པའི་དམ་སྡོམ་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་། གཏང་རག་གི་མཎྜལ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། ཡིག་བརྒྱས་ནོངས་པ་བཟོད་གསོལ་བསྡུ་ཆོག་རྣམས་སྤྱི་དང་འདྲའོ། །བདེ་མཆོག་གསང་སྒྲུབ་ཀྱི་སྒོས་བཀའ་བཤད་ཟིན་ཏོ། ༈ །ན་མོ་གུ་རུ་བེ། ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་པདྨ་འདབ་བཞིའི་དབུས་སུ་ཚོམ་བུ་སྔོན་པོ་གཅིག །མཐའ་མཆོད་གཏོར་སོགས་ཀྱིས་བསྐོར་བ་སྔར་དང་འདྲ། གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་ལས་དང་། སློབ་མའི་བྱ་རྒྱུའི་ཆོས་སོ། །དང་པོ་སྐྱབས་སེམས་སྔོན་དུ་བཏང་ནས།


PS002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་རཱ་ཛི་ཏའི་གདན་གྱི་སྟེང་དུ། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེལྔ་པ་འཕྱར་ཞིང་། གཡོན་དང་པོས་སྡིག་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་ནས་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་བགེགས་རིགས་ཐམས་


PS002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཚར་བཅད་པར་གྱུར་ཤར་བསམ་ལ། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ། ཉེར་གཅིག་ལ་སོགས་པ་བཟླ། དེ་ནས་མདུན་གྱི་དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བ་སོགས་ནས། ཛཿཧཱུྃ་བྃ་ཧོཿ། མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཞེས་པའི་བར་བདག་བསྐྱེད་བཞིན་བྱ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱི་བསྟོད། གཏོར་མ་བྱིན་རླབས་བྱས་ལ། བཛྲ་པཱ་ཎི་ས་པཱ་རི་ཝཱ་ར་ཨི་དམ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་གོང་བཞིན་མཐར་འདོད་གསོལ་བྱ། དེ་ནས་མཎྜལ་གསོལ་གདབ་ནས་བཟུང་། ཡེ་ཤེས་དབབ་པ། དབང་བཞི་བླང་བ། ལྷ་བསྒོམ་པ། སྔགས་ཀྱི་བཟླས་ལུང་གི་བར་འོག་ཏུ་སློབ་མ་ལ་བྱ་བ་བཞིན་སློབ་དཔོན་གྱིས་


PS002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདག་འཇུག་གི་ཚུལ་དུ་བྱ་བ་ཡིན་ནོ།། ༈ །།གཉིས་པ་ནི། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཞེས་སོགས་སེམས་བསྐྱེད་བརྡ་སྤྲོད། གང་གསན་པར་བྱ་བའི་ཆོས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་ལྔ་ཞེས་གྲགས་པའི་ནང་ཚན། ད་ལན་འདིར་ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྒྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་


PS002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་སློབ་དཔོན་ཕྱག་རྡོར་དུ་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་ཕུང་ཁམས་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར་པའི་ངང་ནས་སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་རཱ་ཛི་ཏའི་གདན་གྱི་སྟེང་དུ་ཁྱེད་རང་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་དང་པོས་སྡིབ་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་


PS002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་ཕྱག་ན་རྡོ་རྗེའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་ཕྱག་ན་རྡོ་རྗེའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་དུ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པའི་མོས་


PS002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། སྤོས་རོལ་དང་། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ། བཛྲ་ཨཱ་བེ་ཤ་ཡ་ཨཱ་ཨ༔། ཞེས་བརྗོད་ལ་ཡེ་ཤེས་དབབ། དེ་ནས་མདུན་བསྐྱེད་ཀྱི་ཕྱག་རྡོར་དང་བླ་མ་ཐ་མི་དད་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། དེ་ནས་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། བླ་མ་དང་མདུན་བསྐྱེད་ཀྱི་ཕྱག་རྡོར་ཐ་མི་དད་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་བྱིན་རླབས་


PS002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་དང་། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚྃ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད། ཡང་བླ་མ་དང་མདུན་བསྐྱེད་ཀྱི་ཕྱག་རྡོར་ཐ་མི་དད་པའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་མགྲིན་པའི་ཨཱཿལ་ཐིམ། དེ་ལས་གསུང་གི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། གསང་བའི་དབང་


PS002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་གོང་ལྟར། ཡང་བླ་མ་དང་མདུན་བསྐྱེད་ཕྱག་རྡོར་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་གོང་ལྟར། ཡང་བླ་མ་དང་མདུན་བསྐྱེད་ཕྱག་རྡོར་ཐ་མི་དད་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུའི་བླ་མ་


PS002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེད་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལ་ཐིམ། དེ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་ཞུགས། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་གོང་ལྟར་བྱ། དེ་ལྟར་དབང་བཞི་བསྐུར་བ་ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག་པས། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་


PS002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཧཱུྃ་སྔོན་པོ་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་དང་སྔགས་ཕྲེང་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁའི་ཧཱུྃ་ལ་ཐིམ། ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་པར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚྃ་ཧཱུྃ་ཕཊ། སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་གཏད་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་


PS002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདིའི་རྒྱུད་ལ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །ཅེས་བརྗོད། དེ་དག་གིས་ཕྱག་རྡོར་གསང་སྒྲུབ་ཀྱི་བཀའ་ཕུལ་གྲུབ་པ་ཡིན་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱ། གསུམ་པ་རྗེས་བསྡུ་བ་སྤྱི་དང་འདྲའོ། །ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་བཤད་ཟིན་ཏོ། ༈ །ན་མོ་གུ་རུ་ཝེ། འདིར་རྣམ་འཇོམས་གསང་སྒྲུབ་ཀྱི་བྱིན་རླབས་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་མཎྜལ་པདྨ་འདབ་བཞིའི་སྟེང་དུ་མཉྫིའི་ཁར་བུམ་པ་རྒྱན་ལྡན་བཅུད་ཀྱིས་གང་བ་བཀོད། མཐའ་མཆོད་གཏོར་དང་། སྤྲོ་ན་བགེགས་གཏོར་བཤམ། གཉིས་པ་ལ། སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་བའོ། །དང་པོ་སྐྱབས་སེམས་ཚད་མེད་བཞི་བསྒོམས་ནས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རང་ཉིད་རྡོ་རྗེ་


PS002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ཁྲོ་བོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་འཇོམས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ། གཉིས་སུ་མེད་པར་ཐིམ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ། དེའི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། གཟུངས་རིང་ངམ། ཡང་སྙིང་། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་སོགས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླ། མདུན་གྱི་མཎྜལ་ལ་དམིགས་ནས་བསང་སྦྱང་། སྟོང་


PS002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན་དེའི་སྟེང་དུ་ཧཱུྃ། བུམ་པའི་ནང་དུ་ཡང་པད་ཉིའི་སྟེང་དུ་ཧཱུྃ། ཧཱུྃ་གཉིས་ཀ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ཁ་ཞེས་པ་ནས། ཛཿཧཱུྃ་བཾ་ཧོཿ། མདུན་བསྐྱེད་དང་བུམ་ནང་གི་དམ་ཚིག་པ་སོ་སོ་ལ་གཉིས་སུ་མེད་པར་ཐིམ། མཆོད་པ་བྱིན་བརླབ། ཨོཾ་བཛྲ་བི་དཱ་ར་ཎ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་རླབས་བྱས་ལ་མཚན་སྔགས། ཨོཾ་བཛྲ་བི་དཱ་ར་ཎ་ས་པཱ་རི་ཝཱ་ར་ཨི་དཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གིས་མཆོད།


PS002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པས་བསྟོད། དེ་ནས་བུམ་ནང་གི་ལྷའི་སྐུ་ལུས་ཐམས་ཅད་ལས་སྔགས་ཕྲེང་རང་སྒྲ་སྒྲོགས་དཔག་ཏུ་མེད་པ་འུ་རུ་རུ་འཕྲོས། བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར། ན་མཿཙཎྜ་སོགས་ཀྱི་ཡང་སྙིང་བརྒྱ་རྩ་ལ་སོགས་པ་བཟླ། དེ་ནས་འཇུག་པའི་མཎྜལ་ནས་བཟུང་། དབང་བཞི་པའི་བར་བདག་འཇུག་གི་ཚུལ་དུ་བླང་ངོ་། །གཉིས་པ་ནི། སློབ་མ་བོས་ལ། ཕྱག་དང་མཎྜལ་འབུལ་དུ་གཞུག །སློབ་དཔོན་གྱིས་བགེགས་གཏོར་བསྔོས་ནས་གཏོར་མ་ཕྱི་རོལ་དུ་དོར་བ་དང་བགེགས་བསྐྲད། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་གསན་པའི་ཀུན་སློང་དང་ཀུན་སྤྱོད་ཐེག་པ་ཆེན་པོའི་གཞུང་ལུགས་དྲི་མ་མེད་པ་ནས་འབྱུང་བ་ལྟར་གསལ་བཏབ་ནས་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི་དཔལ་ལྡན་ཤངས་པ་བཀའ་


PS002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་གསང་སྒྲུབ་སྐོར་ལྔའི་ནང་ནས་འདིར་རྣམ་འཇོམས་གསང་སྒྲུབ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་གསོལ་བཏབ་ནས་བཟུང་སྟེ། དབང་བཞི་པའི་བར་ཐམས་ཅད་ལ་ལྷ་སྔགས་བརྗེ་བ་མ་གཏོགས་ཕྱག་རྡོར་ཇི་ལྟ་བ་བཞིན་བྱས་པས་དོན་གྲུབ་བོ། །དེ་ནས། ན་མཿཙཎྜ་བཛྲ་སོགས་བརྗོད་ཅིང་བུམ་པ་ཐོགས་ལ། བུམ་ནང་གི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་པ་དེས་ཁྱེད་རང་རྣམས་ཀྱི་ལུས་བཀྲུས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པའི་མོས་པ་མཛོད།


PS002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྙིང་བརྗོད་ཅིང་གདོང་ལ་སོགས་པ་ཁྲུ། ཐར་ཧུབ་གསུམ་རེ་འཐུང་དུ་གཞུག །དེ་དག་གིས་རྣམ་འཇོམས་གསང་སྒྲུབ་ཀྱི་བཀའ་གྲུབ་པ་ཡིན་ཞིང་། ཁས་བླངས་པའི་དམ་ཚིག་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་བཏང་རག་གི་མཎྜལ་ཕུལ། གསུམ་པ་རྗེས་བསྡུ་ཆོག་སྤྱི་དང་འདྲ་བ་བྱའོ།། ༈ །།འདིའི་གསང་སྒྲུབ་བཀའ་རྒྱ་མའི་རྒྱུན་ཁྱེར་ཉམས་སུ་ལེན་ཚུལ་ནི། ཐོ་རངས་གཞན་དང་ངག་མ་འདྲེས་པའི་ལྟོ་སྟོང་མར་སྐྱབས་སེམས་སྔོན་འགྲོས། །རང་ལུས་ཡེ་ནས་བུམ་པ་ནི། །རང་ཆས་གྲུབ་ཏེ་སྐྲ་སྣ་དག །བུམ་པའི་ཁ་རྒྱན་ཤིང་ལོ་ཉིད། །མགུལ་པ་བུམ་པའི་མགྲིན་པའོ། །གསུས་པ་བུམ་པའི་ལྟོ་བ་ལྡིར། །རྡོ་རྗེ་ནོར་བུ་བུམ་པའི་མཆུ། །སྲིན་ཞལ་འོག་སྒོ་བུམ་པའི་ཞབས། །རྐང་པ་བུམ་པའི་ཞབས་སྟེག་གོ །ལྷུན་གྱིས་གྲུབ་པའི་ལྟེ་བའི་ནང་། །པད་ཉིའི་སྟེང་དུ་ཡི་གེ་ཧཱུྃ། །དེ་མཐར་


PS002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་རིང་ཚར་གསུམ་གྱི། །སྔགས་ཕྲེང་ལན་གསུམ་བསྐོར་བར་གྱུར། །ཧཱུྃ་དང་གཟུངས་ལས་འོད་འཕྲོས་པས། །སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །དེ་ཀུན་བྱིན་རླབས་འོད་ཟེར་ཚོགས། །ཚུར་འདུས་སྔགས་ཕྲེང་རྣམས་ལ་ཐིམ། །གཟུངས་རིང་བདུན་ལྔ་གསུམ་གྱི་བར། །རྒྱས་བསྡུས་ལོངས་སྐབས་བསྟུན་ལ་བཟླ། །སྔགས་ཕྲེང་འོད་དུ་ཞུ་བ་ལས། །ཁྲུས་ཆུ་གདོན་ལ་ཁྲོ་ཆུང་དང་། །བར་ཆད་སྲུང་ལ་རྡོ་རྗེའི་རྡུལ། །ཕྲ་མོ་མཚོར་འཁྱིལ་མེ་འོད་འཕྲོ། །ཆུ་ཕུད་ཕར་བཏང་བར་པ་ནས། །ཁྱོར་བ་གསུམ་བཏུང་ཁྲུས་བྱའོ། །དེ་ནས་ནད་རིམས་མཐའ་དག་དང་། །གྲིབ་གདོན་ཀུན་ལས་རྒྱལ་བ་ཡི། །གསང་བའི་ཁྲུས་ཆོག་ཟབ་མོ་འདི། །སྐལ་ལྡན་རེ་རེ་ཙམ་ལའོ། །ཞེས་པའི་དོན་ཉམས་སུ་བླང་ངོ། །འདི་


PS002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇགས་པ་ལུང་ཙམ་ལ་བརྟེན། བྱིན་རླབས་འདི་བསམ་སྡིང་བ་ནས་བརྒྱུད་པ་ཡིན་གསུང་། འདི་རྨི་ལམ་གྱི་ཁྲིད་ཀྱི་སྐབས་སུ་གནང་ན་འབྲེལ་ཆགས་ཏེ་རྨི་ལམ་འདི་གྲིབ་ལ་སྡང་བས་དེ་སེལ་བྱེད་ཀྱི་ཐབས་སུ་འགྲོ། །གསང་སྒྲུབ་བཀའ་ལྔར་བྱེད་པ་ལ། སྤྱན་རས་གཟིགས་གསང་སྒྲུབ་དང་། དབོན་སྟོན་སྐྱེར་སྒང་པ་ནས་བརྒྱུད་པའི་རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པས་ལྔར་འགྲོ་བ་ཡིན་ནོ། །དེ་ལྟར་གསང་སྒྲུབ་སྐོར་གསུམ་གྱི་ལག་ལེན་ཁྲིག་ཆགས་འདི་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་རྒྱུན་ཐོ་ཡིག་ལ་བརྟེན། དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལྕགས་འབྲུག་ཟླ་བ་བརྒྱད་པའི་ཡར་ཚེས་བདུན་གྱི་ཉིན་འདིར་གྲོང་ཆེན་ཆོས་འཁོར་ཡང་རྩེའི་བླ་བྲང་གི་དབང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། །ཞེས་པའི་ཡི་གེ་རྩ་བར་བཀོད། མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་བསྒྲུབས་སོ། །སྨྲས་པ། མཁས་གྲུབ་བརྒྱུད་པའི་ཞལ་གྱི་བུམ་བཟང་ལས། །འཐོན་པའི་གསང་སྒྲུབ་སྐོར་གྱི་བདུད་རྩིའི་རྒྱུན། །དྲི་མེད་བྱིན་རླབས་ཟིལ་དངར་མ་ཉམས་


PS002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར། །བདག་བློའི་ཡོལ་གོར་འཁྱིལ་འདི་ངོ་མཚར་སྨད། །ཤངས་ཆོས་ནི་གུའི་ཁ་སྐོང་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། གསང་སྒྲུབ་སྐོར་གསུམ་རྫོགས་སོ།། ༈ །།མཁའ་འགྲོ་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་བཞུགས་སོ། །བདེ་བའི་དཔལ་རྒྱུན་མི་ནུབ་རྫོགས་ལྡན་དཔྱིད། །གྲུབ་པའི་དབང་ཕྱུག་དཔའ་བོ་མཁའ་འགྲོའི་གཙོ། །དགེ་ལེགས་རབ་ཏུ་སྤེལ་བའི་དབྱངས་བདུན་འཁྲོལ། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད། །འདིར་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ཡོད་པ་ལས། དང་པོ་ཡིད་མཐུན་གྱི་གནས་སུ་བཅའ་གཞི་མཎྜལ་དབུས་དཀར་དམར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་འདབ་མ་བཞི་མཐའ་མེ་རི་འབར་བ། དབུས་སུ་ཚོམ་བུ་དཀར་དམར་གཅིག་འགོད། མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་སོགས་དཀྱུས་བཞིན་བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས་


PS002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སློབ་དཔོན་གྱི་ལས་དང་སློབ་མ་ལ་བྱ་བའོ། །དང་པོ་དེ་ནས་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་བར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱར་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་བསྣམས་ཤིང་། གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ། སྤྱན་གསུམ་ཧྲིག་གེ་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་སུ་ཁ་སིདྡྷི་ཡེ་ཤེས་པ་ལ་འཁོར་མཁའ་འགྲོ་མའི་ཚོགས་བསམ་གྱིས་མི་ཁྱབ་པས་


PS002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ། རང་ཉིད་ལ་གཉིས་སུ་མེད་པར་ཐིམ། ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ཨཱཿསུ་ཁ་སིདྡྷི་ཧཱུྃ་གིས་བསྐོར་བ་ལ་དམིགས་ཏེ་སྔགས་དེ་ཉིད་ཉེར་གཅིག་ལ་སོགས་པ་བཟླ་བ་ནི་བདག་བསྐྱེད་དོ། །མདུན་གྱི་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཆུད་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་ན་པདྨ་དང་ཟླ་བའི་གདན་ལ་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཞེས་པའི་བར་གོང་བཞིན་བརྗོད། མཆོད་པ་བྱིན་རླབས་བྱས་ལ། ཨོཾ་གུ་རུ་ཌཱ་ཀི་ནཱི་སུ་ཁ་སིདྡྷི་ས་པཱ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གང་གི་གསང་གསུམ་ཟླ་བའི་


PS002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས། །བདེ་ཆེན་སྙིང་གི་ཀུ་མུད་བཞད་མཛད་པའི། །བླ་མ་མཆོག་དང་དབྱེར་མེད་རྗེ་བཙུན་མ། །སུ་ཁ་སིདྡྷིའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་གུ་རུ་ཌཱ་ཀི་ནཱི་སུ་ཁ་སིདྡྷིའི་མཐར་ཨི་དཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་གོང་བཞིན་མཐར་འདོད་གསོལ་བྱ། དེ་ནས་འཇུག་པའི་མཎྜལ་ནས་བཟུང་ཡེ་ཤེས་དབབ་པ། དབང་བཞི་བླང་བ། ནམ་མཁའ་དང་རང་སེམས་བསྲེས་ནས་ཅི་གནས་ཀྱི་ངང་དུ་རང་བབས་སུ་འཇོག་པའི་བར་བདག་འཇུག་གི་ཚུལ་དུ་བླང་ངོ་། ༈ །གཉིས་པ་དེ་ནས་སློབ་མ་བོས་ལ། ཁྲུས་ཕྱག་མཎྜལ་འབུལ་བ་རྣམས་བྱར་གཞུག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་དང་། གང་གསན་པར་བྱ་བའི་ཆོས་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་ལ་བླ་མ་མང་དུ་བཞུགས་པའི་ནང་ནས། རྡོ་རྗེ་འཆང་ལ་ཆོས་དངོས་སུ་གསན་


PS002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱི་ཌཱ་ཀི་རྣམ་པ་གཉིས་ཀྱི་ནང་ཚན་སུ་ཁ་སིདྡྷིའམ། བདེ་བ་སྦྱིན་དུ་གྲགས་པའི་བྱིན་རླབས་ཡིན། མཁའ་འགྲོ་མ་འདིའི་ལོ་རྒྱུས་ནི་རྒྱ་གར་ཁ་ཆེན་གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་བྱང་གི་གྲོང་ཁྱེར་དུ་བྱུང་སྟེ། དེ་ཡང་གྲོང་ཁྱེར་དེ་ན་བཟའ་མི་གཉིས་ལ་བུ་གསུམ། བུ་མོ་གསུམ་ཡོད་པ་ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏེ་རྒྱགས་འབྲས་བུམ་པ་གང་ལས་མེད་པ། དེ་ཟ་མ་ནུས་པར་ཁ་བཅད་སྦས་ནས་བཞག་གོ །དེ་ནས་བུ་གསུམ་ལྷོ་ཕྱོགས་སུ་ཟས་ཚོལ་དུ་སོང་། བུ་མོ་གསུམ་ཡང་བྱང་དུ་སོང་། ཕ་དེ་ནུབ་ཕྱོགས་སུ་སོང་། དེ་ན་མ་དེ་ཁྱིམ་དུ་འདུག་པ་ན་ཤིན་ཏུ་བཀྲེས་ཤིང་ཕོངས་པ་གཅིག་ཟས་སློང་དུ་བྱུང་བས། མས་དེ་ལ་འབྲས་ཀྱི་བུམ་པ་ཁ་ཕྱེ་


PS002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཙོས་ཏེ་བྱིན་ནོ། །དེར་ཕ་དང་བུ་མོ་ལ་སོགས་པ་དེ་ཀུན་གྱིས་ཅི་ཡང་མ་རྙེད་པར་ལྟོག་པས། ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟའོ་སྙམ་ནས་དུས་གཅིག་ལ་ལོག་ནས། མ་ལ་འབྲས་བུམ་པ་གང་པོ་བྱིན་ཅིག་སྨྲས་པ་དང་། མ་ན་རེ། ཁྱེར་རང་རྣམས་ཀྱི་ཟས་རྙེད་ནས་འོང་སྙམ་སྟེ་འདིར་སློང་བ་པོ་ཞིག་བྱུང་བ་ལ་བྱིན་ནས་མེད་སྨྲས་པས། ཁྱོད་ཀྱིས་སྔར་ཡང་འདི་བཞིན་བྱས་པས་སྐྱིད་དུ་མ་སྟེར་བ་ཡིན། འདིར་མ་འདུག་ཟེར་ནས་ཁྱིམ་ནས་བསྐྲད་དོ། །དེ་ནས་རྒན་མོ་དེས་ནུབ་ཕྱོགས་ཨོ་རྒྱན་དུ་ཕྱིན་ནས། དེར་སླེབས་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་པར་སོང་། དུས་དེར་འབྲས་ཁལ་གཅིག་རྙེད་པ་རྒྱུར་བྱས་ཏེ་ཆང་ཚོང་བའི་ལས་བྱེད་ཅིང་ཡོད་པ་ན། དེའི་ནགས་ཁྲོད་ཅིག་ན་


PS002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བིར་ཝ་པ་གསང་སྤྱོད་མཛད་པའི་ཕྱག་རྒྱ་མོ་དེ་ཆང་ཉོ་བ་ལ་འོངས་ཏེ། རྒན་མོས་ཆང་འདི་སུ་ལ་འདྲེན་བྱས་པས། ངའི་འདི་ནགས་ཁྲོད་ཡ་གི་ན་རྣལ་འབྱོར་པ་གཅིག་བཞུགས་པ་ལ་འདྲེན་ཟེར། འོ་ན་ཆང་རིན་མི་དགོས་སྣམས་ཤིག་བྱས་ནས་ཆང་བུམ་པ་གང་བསྐུར་རོ། །དེར་སློབ་དཔོན་གྱིས་དྲི་བ་མཛད་པ་ལ་ཕྱག་རྒྱ་མོས་རྒན་མོ་ཞིག་གིས་དད་པས་ཕུལ་བ་ཡིན་ཚུལ་ཞུས་པས། དེ་ཁྲིད་ཤོག་གསུངས་ནས། རྒན་མོ་ལ་བཟླས་པས། ཤིན་ཏུ་དགའ་ནས་ཡང་ཆང་བུམ་པ་གང་དང་། ཕག་ཤ་གཅིག་ཁྱེར་ནས་མཇལ་བར་ཕྱིན་པས། བིར་ཝ་པས་དབང་དང་གདམས་པ་གནང་བ་ལ་བརྟེན་ནས་རྒན་མོ་དེ་རྣམ་སྨིན་གྱི་ལུས་འཇའ་ལུས་སུ་སོང་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ཞེས་


PS002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདི་ཉིད་དུ་གྱུར་པ་ཡིན་ནོ། །མཁའ་འགྲོ་མ་འདིས་ཁྱུང་པོ་རྣལ་འབྱོར་པ་ལ་ཙན་དན་སྨན་གྱི་ནགས་ཚལ་དུ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་བཞུགས་ནས་ཞལ་བསྟན་ཅིང་དབང་དང་གདམས་པ་མ་ལུས་གནང་ཞིང་བརྒྱུད་པ་ཕྱི་མ་ཕལ་ཆེར་ལ་ཡང་ཞལ་དངོས་སུ་བསྟན་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་པོ་ཡོད་ལ། སུ་ཁ་ཆོས་དྲུག་གི་གདམས་པ་རྣམས་སྔར་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ལས། ཕྱིས་སུ་ཞ་ལུ་སྐུ་ཞང་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་ཁྲིད་ཡིག་མཛད་ནས་དར་ཞིང་རྒྱས་པར་མཛད་པ་ཡིན་ཞིང་། དེ་ལྟ་བུའི་གདམས་པ་ཉམས་སུ་ལེན་པ་ལ་བྱིན་རླབས་སྔོན་དུ་འགྲོ་དགོས་པ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་


PS002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སོགས་གསུམ། མདུན་བསྐྱེད་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་གསུམ། དེ་ནས་སློབ་དཔོན་མཁའ་འགྲོ་མ་སུ་ཁ་སིདྡྷིར་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཌཱ་ཀིའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཀར་དམར་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་གི་ལུས་ལ་ཕོགས་པ་ཙམ་གྱིས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་སྦྱངས་ཏེ་འོད་གསལ་


PS002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད། དེའི་ངང་ལས་ཁྱེད་རང་གི་གོ་སར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱང་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ་བསྣམས་ཤིང་གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ། སྤྱན་གསུམ་ཧྲིག་གེ་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མཁའ་འགྲོ་མའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་དང་འདྲ་བའི་མཁའ་


PS002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱང་ཌཱ་ཀི་མ་སུ་ཁ་སིདྡྷིའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་། ཨོཾ་ཨཱཿསུ་ཁ་སིདྡྷི་ཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་མང་དུ་བརྗོད། དེ་ནས་མདུན་གྱི་གཞལ་ཡས་ཁང་གི་དབུས་སུ་བླ་མ་དང་ཐ་མི་དད་པའི་སུ་ཁ་སིདྡྷི་བཞུགས་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ། འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་


PS002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བདག་ལ་དབང་བཞི་བསྐུར་དུ་གསོལ། །ཞེས་ལན་གསུམ། དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་ཀྱི་གནས་གསུམ་དུ་འབྲུ་གསུམ་གསལ་བཏབ་པའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་གི་སྨིན་མཚམས་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཨོཾ་ཨཱཿསུ་ཁ་སིདྡྷི་ཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ། ཞེས་སྔགས་དང་བཅས་པའི་ཌཱ་དྲིལ་བྱ་བ་འོག་ཏུ་ཡང་འགྲེ། དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། ཁྱེད་རང་གི་མགྲིན་པ་ནས་ཞུགས། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། ཁྱེད་རང་གི་སྙིང་ག་ནས་ཞུགས། ཤེས་


PS002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། མདུན་བསྐྱེད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ། མཐར་ཁྱེད་རང་རྣམས་ལུས་གནད་བཅས་ཏེ། མིག་མདུན་གྱི་བར་སྣང་སྟོང་པ་ལ་ཧར་རེ་ལྟོས་མཛོད། སློབ་དཔོན་མཁའ་འགྲོ་མ་སུ་ཁ་སིདྡྷིར་གསལ་བའི་ཕྱག་གཡོན་ཁུ་ཚུར་ལ་མཛུབ་མོ་ནམ་མཁར་བསྒྲེང་བ་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་དེ། ཞལ་ནས་ཚིགས་སུ་བཅད་པ་འདིས་ངོ་སྤྲད་པའི་མོས་པ་མཛོད། རིག་པ་རྟེན་མེད་དུ་ཞོགས་དང་རྣལ་འབྱོར་པ། །ནམ་མཁའ་


PS002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་ཞོག། ཅེས་ལན་གསུམ་བརྗོད་ལ། དེའི་དོན་ནམ་མཁའ་དང་ཁྱེད་རང་གི་སེམས་དབྱེར་མེད་དུ་བསྲེས་ནས་བཞག་པའི་ཚེ། ནམ་མཁའ་ལ་སྐྱེ་འཇིག་མེད་པ་བཞིན་ཏུ་རང་སེམས་ལ་སྐྱེ་འཇིག་མེད། ནམ་མཁའ་ལ་མཐའ་དང་དབུས་ངོས་བཟུང་མེད་པ་བཞིན་རང་སེམས་ཀྱང་དེ་ལྟར་ཤེས་པར་བྱས་ལ་དེ་ཀའི་ངང་དུ་འཛིན་པ་མི་བྱ། བཅས་བཅོས་མི་བྱ་རང་བབས་སུ་ཞོག་མཛོད། ཅེས་བརྗོད། དེས་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ཕུལ་གྲུབ་པ་ཡིན་པས། དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང་གཏོང་རག་གི་མཎྜལ་བྱ། འདི་ལ་ངེས་པར་ཚོགས་འཁོར་ཞིག་མཛད། ༈ །གསུམ་


PS002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེས་ཡིག་བརྒྱས་ནོངས་པ་བཟོད་གསོལ་བྱ་བ་རྣམས་སྤྱི་དང་འདྲ་ཞིང་། མཐར་བསྔོ་བ་དང་སྨོན་ལམ་བཀྲ་ཤིས་ཀྱི་ཕྲེང་བས་མཐའ་བརྟེན་པར་བྱའོ། །འདི་ཡང་ངག་དབང་ཆོས་གྲགས་ཀྱི་གསུང་རྩ་བར་བཀོད་ནས་མི་གསལ་བ་རྣམས་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་བྲིས་པ་ཡིན་ནོ། །བདེ་བའི་དངོས་གྲུབ་མའི་བཀའ་བཤད་ཟིན་ནོ།། ༈ །།ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ་བཞུགས། །ན་མོ་གུ་ར་ཝེ། འདིར་ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ་བྱ་བ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་མཎྜལ་པདྨ་འདབ་བཞི་པའི་ལྟེ་བར་ཉི་ཟླའི་གདན་ལ་ཚོམ་བུ་སྔོན་པོ། ཤར་གྱི་པད་འདབ་ལ་ཉི་གདན་ཚོམ་བུ་ནག་པོ། ལྷོའི་པད་འདབ་ལ་དམར་པོ། ནུབ་ཏུ་དཀར་པོ། བྱང་དུ་ལྗང་ཁུ་སྟེ་ཚོམ་བུ་ལྔ་བསྐོད། མཐར་མཆོད་གཏོར་གྱིས་བསྐོར་རོ། །ཡང་འདིའི་བཅའ་གཞི་བླ་མ་ལམ་ཁྱེར་དང་འདྲ་བ་བྱས་ཀྱང་རུང་ངོ་། ༈ །གཉིས་པ་དངོས་གཞི་ལ་སློབ་དཔོན་གྱི་ལས་དང་སློབ་མ་ལ་བྱ་བའོ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། ཨོཾ་བཛྲ་རཀྵ་


PS002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ཧཱུྃ་ཕཊ། ཕྱི་རོལ་དུ་མེ་རི་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་རྡོ་རྗེའི་རྭ་བ་དང་གུར་རྣམས་སུ་གྱུར། དེའི་ནང་དུ་རང་ཉིད་ཡི་དམ་གྱི་སྐུར་གསལ་བའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བ་འཆར་ཞིང་རྒྱས་པ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་པདྨ་འདབ་མ་བཞི་པ་ལྟེ་བ་ཁྲུ་གང་གིས་མཐོ་བ་ལ་ཉི་ཟླ་བརྩེགས་པའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་། དར་གྱི་ན་བཟས་ཀླུབས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འོད་ཟེར་འཕྲོ་བའོ། །


PS002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་པད་འདབ་ལ་ཉི་མའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ཆར་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་དྲུག་པ། ཞབས་གཉིས་བཞེངས་པའི་སྟབས་སུ་བཞུགས་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག །བར་པས་ཐོད་པའི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་ཁྲག །བར་པས་རྩེ་གསུམ། ཐ་མས་རྡོ་རྗེའི་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་ཨག་ཚོམ་བརྗིད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་


PS002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྟག་གི་པགས་པའི་ཤམ་ཐབས་ལ་དར་ལྗང་ཁུའི་སྐེ་རགས་བཅིངས་པ། ལྟོ་བ་འཕྱང་ཞིང་ཡན་ལག་རྣམས་སྦོམ་ལ་རགས་པ། དཔྲལ་བར་སིན་དྷཱུ་རས་བྱུགས་ཤིང་། ཕྱག་དང་ཞབས་རྣམས་དྲིལ་བུ་གཡེར་ཁས་བརྒྱན་པ། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཚོགས་བདག་དཀར་པོ་གན་རྐྱལ་དུ་འགྱེལ་བའི་གདན་ལ་བཞུགས་པའོ། །གཡས་ཀྱི་པད་འདབ་ལ་ཉི་མའི་གདན་ལ་ཧྲཱིཿདམར་པོ་ལས་གྲི་གུག་ཧྲཱིཿས་མཚན་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཞལ་འཛུམ་ཞིང་མཆེ་བ་ནས་ཙམ་འབུར་བ། སྤྱན་གསུམ་གཡོན་ཕྱོགས་སུ་གཟིགས་པ། ཕྱག་གཡས་


PS002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐུར་དུ་བརྐྱང་ནས་འཛིན་པ། གཡོན་ཐོད་པ་བདུད་རྩིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱྃ་ག་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་། ཞབས་གཡས་བརྐྱང་པས་འཇིགས་བྱེད་དང་དུས་མཚན་མནན་པའོ། །རྒྱབ་ཀྱི་པད་འདབ་ལ་ཟླ་བའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་པས་བུམ་པ་དང་། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའོ། །གཡོན་


PS002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་པད་འདབ་ཀྱི་ཟླ་གདན་ལ་ཏྲཱྃ་ལས་ཨུཏྤལ་ཏཱྃ་གིས་མཚན་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ། ལང་ཚོ་དར་ལ་བབ་ཅིང་། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ཨུཏྤ་ལའི་ཡུ་བ་འཛིན་པ། སྤྱི་བོར་དོན་ཡོད་གྲུབ་པས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ་རྡོ་རྗེ་འཆང་དང་ལྷ་བཞིའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། བླ་མ་ལྷ་བཞིའི་ཚོགས་ལ་ཕྱི་མེ་ཏོག་བདུག་སྤོས།


PS002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་སྙོམ་འཇུག་གི་བདེ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བྱིན་གྱིས་རླབས་ཏུ་གསོལ། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཱི་ཡཻ། ཤྲཱི་ཌཱ་ཀ་ཌ་ཀི་ནཱི་ཡཻ། ཛོ་ཀ་ཛོ་ཀི་ནཱི་ཡཻ། སརྦ་བུདྡྷ་བོ་དྷི་ས་ཏྭ་ཡ་ཤ་ར་ཎ་གཙྪ་མི་ཀྱཻ། ལན་གསུམ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། དེ་བཞིན་དུ་ལྷ་སོ་སོ་ལ་དམིགས་ཏེ་རིམ་བཞིན་སྔགས་བརྗོད་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྲྷྲྷྲྣཱན་བཱི་ན་ཡཱ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། མགོན་པོའི་སྐུ་ལས་


PS002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་རྒྱུན་བབས༴ མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། ཅེས་སོགས་རིགས་འགྲེ། ཨོཾ་བཛྲ་ན་ར་ཀྲེཾ་ཀྲེཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། རྣལ་འབྱོར་མའི་སྐུ་ལས༴ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿས་མནྟ་ཧཱུྃ་ཕཊ། གསུམ། སྤྱན་རས་གཟིགས་ཀྱི་སྐུ་ལས༴ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསུམ། སྒྲོལ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། བླ་མ་རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་བཞི་སྤྱན་དྲངས་བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པར་གྱུར། སྔགས་ཚན་ལྔ་སྤྲེལ་


PS002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལན་གསུམ་བཟླ། རང་གི་གསང་གནས་ནས་རླུང་གཡོས། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར། བླ་མའི་སྐུ་ལ་ཕོག་པས་བདེ་བ་ཆེན་པོས་ལྷ་བཞི་བདུད་རྩིར་ཞུ་ནས་སྐུ་ལུས་གང་། གསང་བའི་ལམ་ནས་རང་གི་སྤྱི་བོར་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། སྙིང་ཁ་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བླ་མ་འོད་དུ་ཞུ། རང་


PS002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པས། རང་ལུས་འོད་དུ་ཡལ། སེམས་མ་བཅོས་པ་ལ་མཉམ་པར་བཞག་གོ། །དེ་ནས་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་འདབ་མ་བཞི་པ་ལྟེ་བ་ཁྲུ་གང་གིས་མཐོ་བ་ཉི་ཟླ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་། ཞེས་པ་ནས། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། ཅེས་པའི་བར་གོང་བཞིན་བརྗོད། མཆོད་པ་བྱིན་རླབས་བྱས་ལ། གུ་རུ་དེ་བ་ཙ་ཏུ་ར་ས་པཱ་རཱི་ཝཱ་ར་ཨརྒྷཾ་ལ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གསང་མཆོད་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིད་ཀྱིས་བྱ། གང་གི་དྲིན་གྱིས་སོགས་ཤོ་ལོ་ཀ་གཅིག་དང་། བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད། །ཅེས་བསྟོད། གཏོར་མ་ཡོད་ན་དབུལ་ལོ། །གཉིས་པ་སློབ་མ་ལ་བྱ་བ་ནི།


PS002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཕྱག་སྔོན་འགྲོས་མཎྜལ་འབུལ་དུ་གཞུག །འོ་ནམ་མཁའ་དང་མཉམ་པའི་སོགས་སེམས་བསྐྱེད་གསལ་བཏབ། གསན་བྱ་དམ་པའི་ཆོས་ནི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བླ་མ་མང་དུ་ཡོད་པའི་ནང་ནས་ལྷོ་ཕྱོགས་ཀྱི་རཱ་ཧུ་ལ་ཞེས་གྲགས་པའི་གྲུབ་ཐོབ་ཆེན་པོ་དེ་ལ་རྡོ་རྗེ་མཁའ་སྤྱོད་མས་གནང་བ། ཇི་སྐད་དུ། མ་ཡེངས་ཟླ་བ་གསུམ་ནས་འགྲུབ། །ཐོ་རངས་ཐུན་རེ་མ་ཆགས་བསྒོམ། །མཆོག་དང་མཐུན་མོང་དངོས་གྲུབ་འགྲུབ། །ཅེས་གསུངས་ཏེ། དེ་ལྟ་བུའི་བྱིན་རླབས་བླ་མ་ལྷ་བཞིའི་བཀའ་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་སྔོན་དུ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་


PS002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། དགའ་ཆེན་ཁྱོད་བདག་སོགས་གསུམ། མདུན་བསྐྱེད་བླ་མ་ལྷ་བཞིའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་རྒྱུན་བཤགས་དང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་གསུམ། དེ་ནས་སློབ་དཔོན་བླ་མ་ལྷ་བཞིའི་ངོ་བོར་བཞུགས་པ་ལ་མོས་གུས་དྲག་པོ་དུང་བ་ཞིག་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་བླ་མ་ལྷ་བཞིའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་སྣང་ཞེན་སྦྱངས་ཏེ་ལུས་ཡི་དམ་གང་བྱེད་ཀྱི་སྐུར་གྱུར་པའི་མོས་པ་མཛོད། དེ་ལྟར་ཁྱེད་རང་རྣམས་ཡི་དམ་གྱི་སྐུར་གསལ་བའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། ཞེས་པ་ནས། ཐུགས་ཀར་ཧཱུྃ་གིས་


PS002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་རྣམས་སུ་གྱུར་པའི་མོས་པ་མཛོད། ཅེས་གོང་བཞིན་བསྐྱེད་མཆོག་གི་ཚིག་བརྗོད་ནས་ལྷ་རྣམས་དམ་ཚིག་པའི་ཚུལ་དུ་བསྐྱེད་ལ། དེ་ནས་མདུན་བསྐྱེད་མཎྜལ་གྱི་དབུས་ན་བཞུགས་པའི་བླ་མ་རྡོ་རྗེ་འཆང་ལ་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་རྡོ་རྗེ་འཆང་ལ་ཐིམ། སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་བྱ་ཞིང་། ན་མོ་བུདྡྷཱ་ཡའི་གསོལ་འདེབས་ཚར་གསུམ་བརྗོད། ཡང་མདུན་བསྐྱེད་ཀྱི་མགོན་པོ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་མགོན་པོ་ལ་ཐིམ། སྐུ་ལས་རང་འདྲ་དཔག་ཏུ་མེད་པ་ཆད། ཁྱེད་རང་གི་སྤྱི་


PS002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞལ་དུ་དམར་ཆེམ་ཆེམ་གསོལ། མགོན་པའི་སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་དུ་འདྲེས་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་མགོན་པོའི་སྔགས་ལན་གསུམ་གྱིས་བྱིན་རླབས་འབེབས་པ་འགྲེའོ། །ཡང་རྣལ་འབྱོར་མ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་རྣལ་འབྱོར་མ་ལ་ཐིམ། གསང་གནས་ནས་བདུད་རྩི་དམར་པོའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྤོས་རོལ་སྔགས་ཚར་གསུམ། ཡང་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་སྤྱན་རས་གཟིགས་དབང་


PS002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ལ་ཐིམ། བུམ་པ་དང་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་བརྗོད་ཅིང་སྤོས་ཌཱ་དྲིལ། ཡང་སྒྲོལ་མ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་འཕགས་མ་སྒྲོལ་མ་ལ་ཐིམ། ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་དང་ཌཱ་དྲིལ་བྱ། དེ་ནས་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ། འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སོགས་གསུམ། བླ་མ་


PS002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་གི་ཐུགས་ཀའི་འོད་ཟེར་གྱིས། ལྷ་བཞི་སྤྱན་དྲངས་ཏེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པ་ལ་མོས་གུས་དང་བཅས་འདིའི་རྗེས་ཟློས་མཛོད། ན་མོ་བུདྡྷཱ་ཡ། སོགས་ནས། ཏུ་རེ་སྭཱ་ཧཱའི་བར། སྔགས་ཚན་ལྔ་སྤྲེལ་བ་ལན་གསུམ། དེ་ནས་ཁྱེད་རང་གི་རྐང་འོག་གི་རླུང་གཡོས། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བའི་འོད་ཟེར་བླ་མའི་སྐུ་ལ་ཕོག །ལྷ་བཞི་འོད་དུ་ཞུ། སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོར་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ། བདུད་རྩིའི་རྒྱུན་གྱིས་


PS002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ། བདུད་རྩིའི་རྒྱུན་གྱིས་ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ། བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ་ནས། ཁྱེད་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ་སེམས་འཛིན་མེད་དུ་ཅི་གནས་མཉམ་པར་ཞོག་མཛོད། ཌཱ་དྲིལ་བག་ཙམ་རེ་བྱས་པ་མ་གཏོགས་


PS002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མི་དགོས། དེས་ལྷ་བཞིའི་བཀའ་གྲུབ་པ་ཡིན། དམ་སྡོམ་སྲུང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་བྱ། གསུམ་པ་རྗེས་ནི། ཡིག་བརྒྱས་བཟོད་པར་གསོལ་ཞིང་། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལྷ་བཞིའི་བཀའ་བཤད་ཟིན་ཏོ། །སྨྲས་པ། བྱིན་རླབས་བྱུང་གནས་སུ་ཁ་སིདྡྷི་དང་། །ལྷོ་ཕྱོགས་བླ་མའི་སྙན་བརྒྱུད་ལྷ་བཞིའི་བཀའ། །དཔལ་ལྡན་ཤངས་པའི་བཞེད་སྲོལ་ཇི་བཞིན་དུ། །མ་སྦས་གསལ་བར་ཕྱེ་ནས་བཀོད་པ་ཡིན། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ། བློ་གསལ་རི་ཁྲོད་པས་སྦྱར་བ་ལས། བྱིན་རླབས་ཟུར་རྒྱན་གྱི་བཀའ་རྫོགས་སོ། ༈ །ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ། འདིར་མགོན་པོའི་བཀའ་ལྔ་ལ། རྗེས་གནང་། བླ་མ་མགོན་པོ་དབྱེར་མེད། གྲིབ་སེལ། གནད་དབབ། གསང་སྒྲུབ་དང་ལྔ་ཡོད་པ་ལས། དང་པོ་རྗེས་གནང་ལ་མི་འདྲ་བ་བཅུ་གསུམ་ཙམ་གྱི་བཀའ་བཞུགས་པར་གྲགས་ཀྱང་། གཙོ་བོར་བར་ཆད་ཀུན་སེལ་གྱི་


PS002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བྱ་བ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་གནས་དབེན་པར་མཎྜལ་ཆོས་འབྱུང་མཐིང་ནག་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་ཡིག་སྔོན་པོ་བྲི། དེའི་སྟེང་དུ་མཉྫིའི་ཁར་ནས་ནག་རྗེན་བཏགས་བྱས་པའི་གཏོར་མ་དཔལ་བཤོས་ཟུར་གསུམ་མཐའ་ཐེབ་ཀྱུས་བསྐོར་བ་རྒྱན་དང་བཅས་པ་ལ་མདའ་དར་ནག་པོ་མེ་ལོང་གིས་བརྒྱན་པ་བཙུགས་པ་བཞག །དེའི་རྒྱབ་ཏུ་མགོན་པོའི་བྲིས་སྐུ་ཡོད་ན་བཀྲམ། མཐའ་མཆོད་པ་དང་གཏོར་མས་སྐོར་རོ། །གཉིས་པ་དངོས་གཞི་ལ་སློབ་དཔོན་གྱིས་བསྒྲུབ་པའི་རིམ་པ་དང་། སློབ་མ་ལ་བྱ་བའི་རིམ་པའོ། །དང་པོ་ལ་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མདུན་གྱི་མཎྜལ་གཏོར་མ་རྣམས་མགོན་པོ་འཁོར་བཅས་སུ་བསྐྱེད་ཅིང་མཆོད་གཏོར་འབུལ་བ་ལ་སོགས་པ་རྣམས་རྗེ་བཙུན་གྱིས་མཛད་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་ཕྲིན་ལས་གཏེར་མཛོད་ཇི་བཞིན་བྱ་བ་ཉིད་དོ། ༈ །གཉིས་པ་སློབ་མ་རྣམས་ཁྲུས་བྱས་མེ་ཏོག་དང་བཅས་ཏེ་གྲལ་ལ་འཁོད་པར་འདི་སྐད་ཅེས་བརྗོད་པར་བྱའོ། །ནམ་མཁའ་དང་མཉམ་པའི་


PS002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་ཁྱད་པར་ཅན་གསལ་བཏབ་ནས་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱིས་རྙེད་པར་དཀའ་བ་མིའི་ལུས་རྟེན་བཟང་པོ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་དུས་འདིར། སྙིང་ཐག་པ་ནས་ཆོས་ལ་འབད་དགོས། ཆོས་སྒྲུབ་པ་ལ་དེང་སངས་སྙིགས་མའི་དུས་འདིར་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བ་ཡིན་ཏེ། ཡུམ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་དེ་ལ་འཚེ་བ་མང་། ཞེས་གསུངས་པས། དེའི་གཉེན་པོར་ཆོས་སྐྱོང་ཁྱད་པར་ཅན་


PS002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བསྟེན་དགོས། དེ་ལ་མཉམ་མེད་ཤངས་པ་བཀའ་བརྒྱུད་པ་འདིའི་ཕྱག་བཞེས་དང་། བོད་ཀྱི་ལྷ་མིན་འདྲེ་མིན་བསྟེན་པའི་ལུགས་མི་གཅིག། གྲུབ་ཐོབ་གཙང་བརྒྱུད་ཀྱི་སྲོལ་སྐྱོང་བ་ཁྱུང་པོ་རྣལ་འབྱོར་གྱི་ཆོས་ལུགས་ཡིན། ཁོང་གིས་མགོན་པོ་ཕྱག་དྲུག་པ་འདི་རྒྱ་གར་ནས་བོད་དུ་སྤྱན་དྲངས་པ་ཡིན་ཏེ། ཁྱུང་པོས་རྒྱ་གར་དུ་བྱོན་ནས། བླ་མ་མཻ་ཏྲི་པ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་ན་བཞུགས་པ་ལ། གསེར་སྲང་བདུན་ཕུལ་ནས། ངེད་བོད་རྣམས་ལོངས་སྤྱོད་ཆུང་བ་ཡིན་པས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བ་ཞིག་ཞུ་བྱས་པས། མཻ་ཏྲི་པའི་ཞལ་ནས་ཡིད་བཞིན་གྱི་ནོར་བུ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙན་དན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་


PS002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ་བ། ཚེ་འདི་དང་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་འདུ་བ། མི་ནོར་རྫས་གསུམ་ཤུགས་ལ་བྱུང་བ། དགྲ་ཐམས་ཅད་རླག་པར་བྱེད་པ། ཟློག་པས་མི་ཚུགས་པ། མཆོག་ཐུན་མོངས་ཐམས་ཅད་ལོ་ཟླས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོངས་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ་གཅིག་ཡོད་པ་དེ་སྦྱིན་གསུང་ངོ་། །དེ་བླ་མས་སུ་ལ་ཞུས་བྱས་པས། ཁོ་བོས་དཔལ་ཤ་ཝ་རི་པ་ལས་ཐོབ། དཔལ་ཤ་ཝ་རི་པ་ཞེས་བྱ་བ་དེ་ནི་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་འབྲས་སྤུངས་དང་ཉེ་བར་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཉིས་ཡོད་པའི་དབུས་ན། ཏྲི་པ་ལ་བྱ་བ་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོའི་


PS002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་མཉེས་པར་བྱས་པ་དེ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་བུ་གཅིག་ན་སྒྲུབ་པ་མཛད་ཅིང་བཞུགས་ཡོད་པའི་ཚེ། ནམ་མཁའ་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང་། ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས་རིགས་ཀྱི་བུ་ངའི་སྒྲུབ་ཐབས་ཟུངས་ཤིག་གསུངས་ནས། ཤ་ཝ་རི་པས་སྒྲུབ་ཐབས་འདི་ཡི་གེར་བཀོད། ཡང་རྗེ་བཙུན་རྣལ་འབྱོར་མ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་གསུམ་བྱོན་ནས་སྒྲུབ་ཐབས་ཀྱི་ལུང་གསུངས་ཏེ་བསྔགས་པར་མཛད་དོ། །དེ་ལྟ་བུའི་བླ་མ་དེ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་དུས་སུ་ཁོ་བོས་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམས་ངག་ཞུས། དེའི་དུས་སུ་ཕྱག་དྲུག་པ་འདི་གནང་ནས་


PS002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས་ཞག་ཉི་ཤུ་རྩ་གཅིག་ནས་ཞལ་མཐོང་བ་ཡིན་ནོ། །ད་ཁྱུང་པོ་རྣལ་འབྱོར་ཁྱོད་ཀྱིས་ཀྱང་། ཕྱག་དྲུག་པ་འདི་ལ་ནས་ནག་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། ཁྱི་ནག་པོ་ལ་རྡོ་མ་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་འགྱུར་རོ། །ཞེས་ལུང་བསྟན་ནས་བཀའ་བསྒོ་ལན་གསུམ་གྱི་བར་མཛད་ནས་གནང་ངོ། །གཞན་ཡང་སྔོན་བྱུང་བ་འདས་པའི་དུས་སུ་དུར་ཁྲོད་ཆེན་པོ་མུན་པ་མི་ཟད་པ་ཞེས་བྱ་བར། སློབ་དཔོན་ཆེན་པོ་དྷ་ན་སང་སྐྲྀ་ཏ་ཞེས་བྱ་བས། ཡེ་ཤེས་ཀྱི་མགོན་པོ་འདི་ཞལ་མངོན་སུམ་དུ་གཟིགས་ཤིང་། འཁོར་ཚོགས་དབང་དུ་བསྡུས་ནས་ལས་ཐམས་ཅད་སྒྲུབ་པར་མཛད་པའི་བླ་མ་དེས།


PS002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཧུ་ལ་གུཔྟ་བཛྲ་ལ་ཞལ་གཟིགས་ཉེ་བརྒྱུད་ཀྱི་ཚུལ་དུ་གནང་། དེས་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་འཇོག་པོའི་རི་ལ་བཞུགས་དུས་རྒྱ་གར་ནས་ནམ་ལངས་པ་ལ་ཕེབས་ཏེ། བོད་དུ་ཉི་མ་ཤར་བ་ལ་གདམས་པ་སྒོ་བསྐྱེལ་མཛད་པ་བྱུང་བ་ཡིན་ནོ། །དེ་ལྟ་བུའི་མགོན་པོ་འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བའི་རྐྱེན་དབང་འབའ་ཞིག་ཏུ་འགྲོ་བ། ཆོས་བྱེད་ཕལ་ཆེར་ཡང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། དེ་དག་གི་གཉེན་པོར་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་སྤྲོས་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདིར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས། སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་ཐམས་ཅད་


PS002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མགྲིན་གཅིག་ཏུ། རིགས་ཀྱི་བུ། སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་མགོན་པོ་འདིའི་ཆེ་བའི་ཡོན་ཏན་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བཀའ་སྩལ་ཏོ། །མདོར་ན་བྱང་ཆུབ་ཀྱི་སྤྱོད་པ་སྒྲུབ་ཅིང་ཆོས་སྙིང་ཐག་པ་ནས་བྱེད་པ་ལ་ཆོས་སྐྱོང་འདི་ལས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་གཞན་མེད་པས་ཡིད་ཆེས་དྲག་པོས་ཉམས་སུ་ལེན་པ་གལ་ཆེ། དེ་ལ་སྒྲུབ་ཐབས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ནའང་། རྩ་བར་གྱུར་པ་ནི། དྲག་པོ་མཐུ་སྒྲུབ་དང་། ཞི་བ་ནོར་སྒྲུབ་གཉིས་ཡིན། དེ་གཉིས་ཀྱི་ཡང་གཙོ་བོ་དྲག་པོ་མཐུ་སྒྲུབ་ཡིན་ཅིང་། འདི་ལའང་བཀའ་རིགས་མི་གཅིག་པ་མང་དུ་ཡོད་མོད་ཀྱི། དེ་རྣམས་ཀྱི་རྩ་བའི་དབང་བཀའ་ནི་བར་ཆད་


PS002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སེལ་གྱི་བཀའ་འདི་ཉིད་ཡིན་པས། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ་ཡང་། མཎྜལ་འབུལ་བ། གསོལ་བ་འདེབས་པ། རྟོག་པ་བསྡུ་བ། ཐུན་མོངས་མ་ཡིན་པའི་སྐྱབས་འགྲོ། སེམས་བསྐྱེད་པ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་སྟེ་དྲུག་ཡོད་པ་ལས། དང་པོ་བླ་མ་མགོན་པོ་དབྱེར་མེད་པའི་སྤྱན་སྔར་ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། གཉིས་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། །ལན་


PS002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གསུམ་པ་རྟོག་པ་བསྡུ་བ་འདི་ལ་གསན་པས་ཁྱབ་བོ། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཞེས་དེ་ལྟར་ན་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་གསན་འཚལ། བཞི་པ་ཁྱད་པར་ཅན་གྱི་སྐྱབས་འགྲོའི་དོན་ནི། བླ་མ་མགོན་པོ་དབྱེར་མེད་ལ་སྐྱབས་སུ་འགྲོ་བ་ཡིན་པས། འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་ཞེས་བགྱི་བ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ལ་སྐྱབས་སུ་མཆི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ༴


PS002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ༴ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ༴ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལན་གསུམ། ལྔ་པ་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དྲུག་པ་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད། བླ་མ་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དབྱེར་མ་མཆིས་པ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་


PS002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། དེ་དག་གིས་དབང་གི་སྦྱོར་བ་གྲུབ་པ་ཡིན། གཉིས་པ་དངོས་གཞི་དབང་དངོས་བསྐུར་བ་ལ་ཡང་། ཡེ་ཤེས་དབབ་པ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ། །སྐུ་དངོས་ཀྱི་བྱིན་གྱིས་བརླབ་པ། སྔགས་གཏད་པའི་རྗེས་གནང་སྟེ་བཞི་ཡོད་པ་ལས། །དང་པོ་ལ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པའི་དོན། དཀྱིལ་འཁོར་གསལ་འདེབས་པ་དང་། ཡེ་ཤེས་ཕབ་པ་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་མགོན་པོ་འཁོར་བཅས་གསལ་འདེབས་པ་ཡིན་ཏེ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སྲུང་བའི་འཁོར་ལོའི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ། པདྨ་དང་ཉི་མའི་སྟེང་དུ་དཔལ་ཚོགས་


PS002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ། ཕྱག་གཡས་ས་ཡི་སྙིང་པོ་ལ་ཕུག་ཁོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་ནག་པ། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་དྲིལ་བ། སྨ་ར་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷཱུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་སྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་དང་པོ་རྡོ་རྗེ་གྲི་གུག་


PS002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུག་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ་དར་ལྗང་ཁུའི་སྐེ་རགས་བཅིངས་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་ཁུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ཧྲགས་པ།


PS002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་ཕྲན་ཅན་དང་། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པ། བདུད་དང་བགེགས་ཐམས་ཅད་རླག་པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་ཤིང་། ཙན་དན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་ནག་མོ་ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་འཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། མེ་རླུང་འཚུབས་མའི་དབུས་ན་བཞུགས་ཤིང་། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ།


PS002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཤ་ཟ་དང་མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་འདོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡང་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས། ལྷ་དང་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནག །གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་ཐོད་ཁྲག་འཛིན་པ། རྒྱབ་ཏུ་གཤིན་རྗེ་ཌཱཀྐི་རཱ་ཛ་སྐུ་མདོག་དམར་ནག །ཕྱག་གཡས་ཞགས་པ་དགྲ་ལ་འཕེན་ཅིང་། གཡོན་སྡིག་མཛུབ་གནོད་བྱེད་ལ་སྡིག་པ། གཡོན་


PS002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་ནག་པོ་ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་གར་བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཡ་སོས་མ་མཆུ་མནན་པ། དར་ནག་གི་འཇོལ་བེར་དང་། སག་ཏིའི་ལྷྭམ་ཡུ་རིང་གསོལ་བ། གསེར་གྱི་སྐ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བཞི་ཀའང་ཁྲོ་བོའི་ལས་མཁན་གྱི་ཆ་བྱད་ཡོངས་སུ་རྫོགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། སྟེང་དུ་ཚངས་པ། འོག་ཏུ་ས་བདག་སྟེ་ཕྱོགས་སྐྱོང་བཅུ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད།


PS002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཆེན་པོ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ་སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་དང་། བདུད་དང་མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ལྟ་བུའི་བླ་མ་མགོན་པོ་དབྱེར་མེད་པ་ལ། མོས་གུས་


PS002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དུང་བ་བྱས་པས་ཐུགས་ཀ་ནས་འོད་ཟེར་བུན་གྱིས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ནས་འོད་ཕུང་དུ་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ། ཞེས་བརྗོད་པས་འོད་གསལ་སྟོང་པ་ཉིད་དུ་གྱུར། སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ། །བཾ་དཀར་པོ་འོད་དུ་ཞུ་བ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་


PS002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ནག་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ནས། ཙན་དན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། །སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་


PS002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ། ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ། འུར་འུར་ཆེམ་ཆེམ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ། རོལ་མོ་སྒྲ་ཆེར་བྱ། དམ་རྫས་སྤོས་ཀྱི་དུད་པ་བཏུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཀྵིཾ་ཀི༚ྵ་ཀྵིཾ་སོགས་ཉེར་གཅིག །ཀྵིཾ་གི་གནས་སུ། ཨེ་ཧྱེ་ཧི་བཅུག་པ་དང་། བཛྲ་ས་མཱ་ཛཿབཅུག་པ་རྣམས་ལན་གསུམ་གསུམ། མྱུར་མཛད་འཁོར་བཅས་སྤྱན་དྲངས། སློབ་མའི་ལུས་ལ་ཛཿཧཱུྃ་བྃ་ཧོཿ། གཉིས་སུ་མེད་པར་ཐིམ་པར་གྱུར། ཞེས་བརྗོད་དེ་ཡེ་ཤེས་དབབ་པའི་རིམ་པའོ། །གཉིས་པ་སྐུ་གསུང་ཐུགས་ཀྱི་བྱིན་


PS002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། བླ་མ་དང་མདུན་བསྐྱེད་མགོན་པོ་དབྱེར་མ་མཆིས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་གསལ་བཏབ་ལ། དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཁྱད་པར་བུམ་པའི་དབང་བསྐུར་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་དུང་དུང་བཏབ་པས། བླ་མ་མགོན་པོ་དབྱེར་མེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་བསྡུས་ཏེ་ཨོཾ་ལ་ཐིམ། ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་དཔྲལ་བའི་ཨོཾ་ལ་ཐིམ་པས་བུམ་དབང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་རོལ་མོ་བྱ། ཡང་གསང་བའི་དབང་བསྐུར་དུ་


PS002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། མགྲིན་པའི་ཨཱཿ༴གསུང་གི་བྱིན་རླབས་༴ མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ༴ ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱ་ལ་ཐིམ་པས་གསང་དབང་ཐོབ་པའི་མོས་པ་མཛོད། ཅེས་འདོན་བསྒྱུར་རིགས་འགྲེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀའི་ཧཱུྃ༴ཐུགས་ཀྱི་བྱིན་རླབས༴ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག༴ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས། ཤེར་དབང་ཐོབ་པའི་མོས་པ་མཛོད། ཡང་དབང་བཞི་པ་བསྐུར་དུ་གསོལ་སྙམ་པ་དང་། བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། གནས་གསུམ་གྱི་ཡི་གེ་འབྲུ་གསུམ་པོ་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་མགྲིན་པའི་ཨཱཿལ་ཐིམ། དེ་ཡང་སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་ཡང་


PS002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དེས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས། དབང་བཞི་པ་ཐོབ་པ་ཡིན་པས། སེམས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལ་ཞོག་མཛོད། རོལ་མོ། གསུམ་པ་སྐུ་དངོས་ཀྱི་བྱིན་གྱིས་བརླབ་པ་ནི་གཏོར་མ་འདི་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སུ་གསལ་བ་ལ་མོས་གུས་དུང་བ་བྱས་པས། འུར་འུར་ཆེམ་ཆེམ་རང་གི་སྤྱི་བོར་བྱོན། བླ་མས་ཁྱེད་རང་རྣམས་ཀྱི་བར་ཆད་སྲུང་བ་དང་། མཐུན་རྐྱེན་སྒྲུབ་པར་བཀའ་བསྒོས་པའི་ཚེ། ཁྱེད་རང་རྣམས་ཀྱི་ནད་གདོན་དགྲ་བགེགས་ཐམས་ཅད་མགོན་པོའི་ཞལ་དུ་ཤ་ཆོམ་རུས་ཆོམ་དུ་གསོལ་ཞིང་། རིགས་ཀྱི་བུ་ཁྱོད་ཀྱི་བར་ཆད་སྲུང་བ་དང་། མཐུན་རྐྱེན་སྒྲུབ་པར་ངས་བྱའོ། །ཞེས་གསུང་ལྷང་ལྷང་


PS002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པར་སྒོམས་མཛོད། ཅེས་གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ་རོལ་མོ་དང་བཅས་པས་བཀའ་བསྒོ་བ་ནི། མགོན་པོ་འཁོར་བཅས་ཀྱི་སྔགས་བརྗོད་པའི་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་ཕྱག་དྲུག་པ། མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། འཁོར་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། དབང་ཕྱུག་ཛི་ན་མི་ཏྲ། གཤིན་རྗེ་ཌཱཀྐི་རཱ་ཛ། བདུད་མགོན་ཏྲཀྴད་ནག་པོ། ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ། དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཤ་ཝ་རི་དབང་ཕྱུག །གྲུབ་ཆེན་མཻ་ཏྲི་པ་ཆེན་པོ། རཱ་ཧུ་ལ་གུཔྟ། མཁས་གྲུབ་ཁྱུང་པོ་ལོ་ཙཱ་བ། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཡེ་ཤེས་སེང་གེ། གཉན་སྟོན་སྦས་


PS002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། ཤངས་སྟོན་རིན་ཆེན་འབུམ། ཁྱུང་པོ་ཚུལ་ཁྲིམས་སྙིང་པོ། གྲུབ་ཆེན་སངས་རྒྱས་སེང་གེ། མཁས་བཙུན་ཤངས་དཀར་བ་རིན་ཆེན་རྒྱལ་མཚན། ལྐུགས་ལུང་པ་སངས་རྒྱས་དཔལ་བཟང་། གྲུབ་དབང་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྣལ་འབྱོར་སེམས་ཀྱི་མདུད་འགྲོལ། ཆོས་སྐུ་ལྷ་དབང་གྲགས་པ། མཉམ་མེད་སྒྲོལ་བའི་མགོན་པོ། །འདྲེན་མཆོག་བྱམས་པ་ཀུན་དགའ། རྭ་པ་ངག་དབང་ཕྲིན་ལས། གནས་བརྟན་རིན་ཆེན་རྒྱ་མཚོ། དགེ་སློང་སྙིང་པོ་མཐའ་ཡས། བྱ་བཏང་ཀུན་བཟང་དབང་པོ། །རིག་འཛིན་འཇམ་དབྱངས་རྒྱ་མཚོ། །དབོན་ཆོས་དབྱིངས་རང་གྲོལ། རྗེ་བཙུན་ཀུན་བཟང་ཆོས་འབྱོར། རྩ་བའི་བླ་མ་ཨ་ཝ་དྷཱུ་ཏི་


PS002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་མཐུ་སྟོབས་མཚན་ཅན་གྱི་བར་དུ་བྱོན་པའི་དཔལ་ལྡན་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེ་སློབ་མ་འདི་དག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། མི་དང་མི་མ་ཡིན་པའི་འགྲོ་བ་ཐམས་ཅད་དབང་དུ་འདུ་བ་དང་། དགྲ་དང་བགེགས་ལ་སོགས་པའི་གནོད་བྱེད་ཐམས་ཅད་ཚར་གཅོད་པ་དང་། མདོར་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་བ་དང་བསྐྱབས་པ་དང་། སྦ་བའི་ཕྲིན་ལས་མཛད་ནས། མི་འདོད་པ་ཐམས་ཅད་སོལ། འདོད་དོན་ཐམས་ཅད་སྒྲུབས། ཇི་ལྟར་བཅོལ་བའི་ལས་ཐམས་ཅད་ལ་ཐོགས་པ་མེད་


PS002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད་ཅིག །བཞི་པ་སྔགས་ལུང་གི་དོན་དུ་སློབ་དཔོན་གྱིས་མདུན་བསྐྱེད་ལ་གསོལ་བ་ལན་གསུམ་འདེབས་དགོས་པ་ཡིན་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་ཀྱང་། བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀར་པད་ཉི་ལ་ཧཱུྃ་གི་མཐར་སྙིང་པོ་དང་། རྩ་སྔགས་ཀྱིས་བསྐོར་བར་སྒོམ་ལ། མོས་གུས་དུང་བ་དང་བཅས་ཏེ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་མེ་འོད་རབ་ཏུ་འབར་བའི་འོད་ཟེར་དམར་ནག་འཕྲོ་བ་དེ་དག་ལས། སྔགས་ཕྲེང་མར་མེ་གཅིག་


PS002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཉིས་ཆད་ཀྱི་ཚུལ་དུ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་ནས་ཞུགས། སྙིང་ཁར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཐམས་ཅད་ཁ་དོག་ནག་པོ་འོད་ཟེར་དམར་ནག་མེ་འོད་དུ་འཕྲོ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲེག་པར་བྱེད་པ་དང་བཅས་པའི་སྔགས་ཕྲེང་སྒོར་གྱིས་བྱུང་བའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧཱ་རི་ི། ཨེ་ཥོ྅་པཤྩི་མ་ཀ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རཱི་ཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏཱ་དཱ། ཨི་དམ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་


PS002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། གསུམ། ཨོཾ་ཤྲཱི་དེ་ཝཱི་ཧཱུྃ་ཕཊ། གསུམ། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཀྐི་རཱ་ཛ་ས་མ་ཡ་བྷྱོཿདུ་ཛ་ཧཱུྃ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཅེས་པ་རྣམས་ཀྱང་ལན་གསུམ་གསུམ་བཟླའོ། །མཐར་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་བླ་མ་མགོན་པོའི་བྱིན་རླབས་མཐའ་དག་གིས་བརྒྱུད་བརླན་པའི་མོས་པ་མཛོད། དེ་ཡན་གྱིས་དངོས་གཞི་གྲུབ་ཟིན། གསུམ་པ་རྗེས་ལ། དམ་ཚིག་བཟུང་བ། ཡོན་དབུལ་བ། སྨོན་ལམ་གདབ་པ་སྟེ་གསུམ་ལས། དང་པོ་ནི་དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཡོངས་སུ་བླངས་པའི་བསླབ་པ་ཐམས་ཅད་རྣམ་པར་དག་པ་དང་། ཁྱད་པར་སེམས་བསྐྱེད་ཀྱི་བསླབ་བྱ་དང་། སྔགས་ཀྱི་དམ་


PS002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་མཐའ་དག་མ་ཉམས་པ་གལ་ཆེ། ཡང་སྒོས་མགོན་པོ་ཉིད་ཀྱི་དམ་ཚིག་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང་། དམ་རྫས་ཀྱི་སྤོས་སྦྱོར་མ་ཆད་པར་གྱིས། བྱ་ནག་དང་ཁྱི་ནག་ལ་རྡོ་མི་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། འབྱུང་པོ་གཞན་ལ་ཟས་ཕུད་མི་འབུལ། སྡིག་ཅན་གཏུམ་པོ་གྲོགས་སུ་མི་བསྟེན། ཁྱད་པར་ཆོས་སྐྱོང་འདི་ཉིད་གསང་བ་དང་། སྔགས་དང་མན་ངག་གསང་བ་དང་། དུས་རྒྱུན་དང་ཁྱད་པར་གྱི་མཆོད་གཏོར་ལ་བརྩོན་པ་གལ་ཆེ་བ་ལགས་སོ། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་བྱ། གཉིས་པ་གཏང་རག་གི་མཎྜལ་ཕུལ་མཛོད། འདིའི་རྗེས་ཟློས་ཀྱང་མཛོད།


PS002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བརྩམས་ཏེ་སོགས་གསུམ་བྱ། གསུམ་པ་ཆོས་གསན་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཞུ། བསོད་ནམས་འདི་ཡིས་སོགས་བྱ། བར་ཆད་ཀུན་སེལ་གྱི་གཏོར་དབང་འདི་ལ་མི་འདྲ་བའི་ཁྱད་པར་བླ་མའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་མགོན་པོ་དཀར་དམར་མཐིང་གསུམ་སྤྲོ་བ་དང་བཅས་དབང་བཞི་བསྐུར་བའི་ལུགས་དང་། རྒྱས་པར་བྱེད་ཚེ་སྐུ་སྤྲོ་བའི་དབང་བཞི། གསུང་ཡིག་འབྲུའི་དབང་བཞི། ཐུགས་འོད་ཟེར་གྱི་དབང་བཞི། ཡོན་ཏན་གཏོར་མའི་དབང་བཞི། ཕྲིན་ལས་ཕྱག་མཚན་གྱི་དབང་བཞི་དང་བཅས་པ་ཏིང་ངེ་འཛིན་གྱི་དབང་ཉི་ཤུ་བསྐུར་བ་ཞང་སྒོམ་ཆེན་པོའི་ཕྱག་བཞེས་ཡིན་ཏེ། དེ་འདྲའི་ཁྱད་པར་མ་ཕྱེད་པའི་ཕྱག་མཚན་གྱི་རྗེས་གནང་ཙམ་མཐའ་རྟེན་དུ་སྦྱར་བའི་རང་བཟོའི་ཡི་གེ་མང་བར་འདུག་ཀྱང་བཀའ་བརྒྱུད་འདིའི་ལུགས་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་སྙིང་པོ་ཆུའི་སྦུ་བ་དང་འདྲའོ། །རྗེས་མཆོད་བསྟོད། བཟོད་གསོལ་བྱ་ཞིང་གཏོར་མའི་ཡེ་ཤེས་པ་བྲིས་སྐུའི་ཐུགས་ཀར་ཐིམ། ཨོཾ་


PS002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མུཿ གཏོར་མགྲོན་སྤྱན་དྲངས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་བསྡུས་ལ་གཏོར་མ་བྱིན་གྱིས་བརླབས་ཏེ་བྲིས་སྐུའི་ལྷ་ལ་ཕུལ། བརྟན་བཞུགས་བསྔོ་སྨོན་དང་བཀྲ་ཤིས་བཀའ་རྒྱ་མ་བརྗོད། ཁྲིད་དོན་གཉེར་ཅན་ཡིན་ན། རྗེ་གྲུབ་ཆེན་གྱི་ཡི་གེ་བཞིན་བླ་མགོན་དབྱེར་མེད་ཀྱི་ཁྲིད་དང་ལུང་མ་ཆད་པར་ཆོས་སྐོར་ཆ་ལག་ཚང་བའི་ཆེད་དུ་བྱེད་པ་གལ་ཆེའོ།། །།སྨྲས་པ། །བར་ཆད་སེལ་ཞིང་མཐུན་རྐྱེན་བསྒྲུབ་པ་ལ། །བྱིན་རླབས་བཀའ་སྲུང་གཞན་དང་ཁྱད་ཞུགས་པའི། །མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་མཛོད་སྒོ། །འབྱེད་པའི་ལྡེ་མིག་ཙམ་འདིས་མཐར་དགེ་བྱས། །ཤངས་ཆོས་ནི་གུའི་སྐོར་གཞུང་བཀའ་ཕྱི་མ་རྣམས་ཀྱི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་ཞེས་བྱ་བ་བློ་གསལ་རི་ཁྲོད་པས་སྦྱར་བ་ལས། བཀའ་སྲུང་མགོན་པོའི་རྩ་བའི་བཀའ་ལྔ་རྫོགས་སོ།། །།ཟབ་གསང་རྒྱུད་སྡེའི་མཐར་ཐུག་སྙིང་པོ་རྣམས་ལྔའི་བཅུད། །ཌཱ་ཀིའི་དེད་དཔོན་


PS002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས་བཟུང་བའི་ནོར་བུ་མཆོག །གྲོལ་ལམ་རེ་རེའང་སྨིན་བྱེད་རྗེས་སུ་འཇུག་པ་ཡིས། །ཡིད་ཆེས་ངོ་མཚར་སྟེར་བ་འདི་ནི་ནི་གུའི་སྲོལ། །དེ་ཕྱིར་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། །མཐའ་ཡས་གདུལ་བྱའི་རྒྱུད་ཀྱི་སྙེ་མ་འབྲས་ལྡན་དུ། །སྨིན་བྱེད་ཚོགས་རྫོགས་པར་སྐྲུན་པའི་ཐབས་ཚུལ་རྣམས། །ཕྱོགས་གཅིག་གོ་སླའི་ངག་གི་སྲད་བུས་ཆུན་པོར་བསྡེབས། །ཨ་ཧོ་ཁྱུང་པོའི་ཕྱག་བཞེས་གཙང་མ་ལྷ་ཡི་ཆུ། །མ་དག་མུ་ཅོར་རྙོགས་མས་བསླད་རྣམས་ཕྲ་ཞིབ་ཀྱི། །རྣམ་དཔྱོད་ནོར་བུ་ཀེ་ཏ་ཀ་ཡིས་དྲུང་ཕྱུང་ནས། །ལེགས་བཤད་དྭངས་བསིལ་བསྟན་འཛིན་ཚོགས་ལ་མཆོད་ཡོན་ནོ། །གང་ལས་ཐོབ་པའི་བསོད་ནམས་དཀར་པོའི་འཛུམ་ཟེར་གྱིས། །འགྲོ་ཀུན་མ་རིག་ཐིབས་པོར་ཞུགས་པའི་མུན་འཕྲོག་ནས། །ཡང་དག་ལམ་ལ་ལྟ་བའི་བློ་མིག་རབ་སྦྱངས་ཏེ། །བདེ་ཆེན་སྐུ་གསུམ་ནོར་བུའི་ཁང་པར་ཕྱིན་གྱུར་ཅིག །ཅེས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ནི། རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྗེ་བླ་མ་འཇམ་པའི་དབྱངས་ཀྱི་


PS002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོའི་མཛེས་རྒྱན་དུ་ཕེབས་པར་བརྟེན། སྙོམས་ལས་པ་བློ་གསལ་བསྟན་སྐྱོང་གིས། ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ། །གྲོ་ཞུན་ཟླ་བའི་དམར་པོའི་ཕྱོགས་ཀྱི་མཁའ་འགྲོ་འདུ་ཆོས་ལ་མདོ་སྔགས་བསྟན་པའི་འབྱུང་གནས་དཔལ་ཞྭ་ལུ་རི་ཕུག་གི་གཟིམ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒ་ལཾ།། །།

དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བྱིན་རླབས་རྗེས་གནང་གི་བཀའ་ཡིག་ཕྱོགས་གཅིག་ཏུ་བསྡེབས་པ་ཙིནྟཱ་མ་ིའི་ཕྲེང་བ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས།


PS002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བྱིན་རླབས་རྗེས་གནང་གི་བཀའ་ཡིག་ཕྱོགས་གཅིག་ཏུ་བསྡེབས་པ་ཙིནྟཱ་མ་ིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། །།


PS002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་བྱམས་པའི་སྙིང་རྗེའི་སྤྱན། །གདུག་པ་ཅན་ངོར་སྡང་མིག་ལྟར་གཟིགས་པ། །རྒྱལ་བ་ཀུན་བསྐྱེད་བླ་མ་ནག་པོ་ཆེས། །འདི་དང་གཏན་གྱི་བར་ཆད་ཀུན་སེལ་མཛོད། །དཔལ་ལྡན་མགོན་པོའི་རྒྱུད་དང་སྒྲུབ་ཐབས་ཚུལ། །ངོ་མཚར་གསང་བ་ཟབ་མོ་ནམ་མཁའི་མཛོད། །


PS002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་རྡོ་རྗེ་བྲམ་ཟེ་ཡབ་སྲས་སོགས། །གྲུབ་མཆོག་དུ་མའི་རིམ་པ་ལས་འོངས་ཕྱིར། །མཁས་ཆེན་རྣམས་ཀྱི་ཐུགས་སུའང་མ་བྱོན་པ། །དུས་གསུམ་འབྱོན་པ་སྒྲོལ་བྱེད་ཕྲེང་བ་ལས། །ཤངས་པའི་རིང་ལུགས་རྒྱུ་སྐར་བདག་པོ་གང་། །སྒོ་འབྱེད་བྱིན་རླབས་བཀའ་རྣམས་བཤད་པར་བྱ། །སྙིང་རྗེ་དྲག་པོའི་སྟོབས་སུ་གྱུར་པའི་གསང་བ་གསུམ་གྱིས་རྩོད་པའི་


PS002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡི་གདུལ་བྱ་རིས་སུ་མ་ཆད་པ་མ་གྲོལ་བ་རྣམས་བཙན་ཐབས་སུ་གྲོལ་བར་བྱེད་ཅིང་འདོད་པའི་དོན་ཡིད་བཞིན་ཏུ་སྩོལ་བ་ལ་ཡེ་ཤེས་དང་། ལས་དང་འཇིག་རྟེན་པའི་ཆོས་སྐྱོང་བ་གང་གིས་ཀྱང་བསྒྲུན་དུ་མེད་ཅིང་སངས་རྒྱས་ཀྱི་གོ་འཕང་མཆོག་སྒྲུབ་པར་བྱེད་པ་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་རྒྱ་གར་གྲུབ་ཐོབ་རྣམ་པ་གཉིས་ཀྱིས་སྩལ་བའི་གདམས་ངག་ཉིད་ཀྱི་ཐུགས་སྲས་གཙོ་བོ་རྣམ་དྲུག་སོགས་ལ་གནང་བ་དང་། ཁྱད་པར་ལ་སྟོད་པ་དཀོན་མཆོག་མཁར་ནས་བརྒྱུད་པའི་སྟོད་ལུགས། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ནས་བརྒྱུད་པའི་སྨད་ལུགས་གཉིས་ཤིན་ཏུ་གྲགས་ཆེ་ཞིང་གྲུབ་མཐའ་ཀུན་གྱིས་ཚད་མར་འཛིན་པ་ལས། མགོན་པོ་སྟོད་ལུགས་ལ་དབང་བསྐུར་རྗེས་གནང་མན་ངག་གི་རྣམ་གྲངས་ཟབ་ལ་རྒྱ་ཆེ་བ་བཞུགས་པར་སྣང་ཡང་དེང་སང་བེ་བུམ་རྩ་བ་ཙམ་གྱི་ལུང་རྒྱུན་དང་། རྗེས་གནང་འགའ་ཞིག་བྱིན་རླབས་ཆུ་བོ་གཅིག་ཏུ་འདྲེས་པ་ཙམ་ལས་རྒྱུན་ཤིན་ཏུ་དཀོན་ཅིང་། སྨད་ལུགས་མུས་ཆེན་ནམ་


PS002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་རྣལ་འབྱོར་ནས་བརྒྱུད་པ་འདི་ཉིད་རྗེ་རིན་པོ་ཆེ་ཡབ་སྲས་ཀྱི་ཕྲིན་ལས་དང་ལྷན་ཅིག་འཛམ་གླིང་ཀུན་ཏུ་ཁྱབ་པས་གངས་ཅན་དུ་བྱོན་པའི་ཆོས་སྐྱོང་ཞིག་ལ་མཆོད་སྒྲུབ་ཀྱི་ཕྲིན་ལས་ཀྱང་མགོན་པོ་འདི་ཉིད་རྒྱ་ཆེ་བར་སྣང་། འདིའི་རྗེས་གནང་གི་བཀའ་སྲོལ་ས་ཀར་སོགས་ལ་རྩ་བ་མཐིང་དཀར་གཉིས་ཙམ་ལས་མི་བཞུགས་ཤིང་། དེའང་གྲུབ་མཐའ་རང་ལུགས་ཀྱི་ལག་ལེན་དང་བསྟུན་པས་རྩ་བའི་གནད་དང་མཐུན་མིན་ཅི་རིགས་འདུག །ཇོ་ནང་རྗེ་བཙུན་ཆེན་པོ་གོང་འོག་ལ་རྣམ་པར་དག་པའི་བཀའ་སྲོལ་འགའ་ཞིག་བཞུགས་པར་འདུག་ཀྱང་དེང་སང་རིན་བྱུང་ནང་གི་བཀའ་ལྔ་པོ་ལས་གཞན་གྱི་རྒྱུན་མི་བཞུགས། མཁས་གྲུབ་དགེ་དཔལ་བས་བཀའ་ཆེན་བཅུ་གསུམ་མཐའ་རྟེན་དང་བཅས་པར་བསྡུས་པ་དང་། གཅིག་བརྒྱུད་ཀྱི་བཀའ་གསུམ། བེ་བུམ་ཁྱད་པར་ཅན་གྱི་ལུང་དང་བཅས་པ་དགེ་ཕྱོགས་སུ་དར་སྲོལ་ཆེ་ཞིང་། མགོན་པོ་འདི་ཉིད་བརྟེན་པ་ལ་མེད་དུ་མི་རུང་བར་མཐོང་ནས། ལྷ་མོ་གཅིག་བརྒྱུད་ཀྱི་བཀའ་མ་གཏོགས་གཞན་ཚང་


PS002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁོ་བོས་ཀྱང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་དྲིན་དུ་ཐོབ་པ་ཡིན་ནོ། །དེའི་ལུགས་ལ་སྐྱི་ཤོད་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས་ཀྱི་ཡིག་ཆ་མཆིས་ནའང་། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཀའ་སྲོལ་རྒྱུན་བཞུགས་པ་རྣམས་འདི་ཉིད་གཙོ་བོར་བྱས། མི་བཞུགས་པ་རྣམས་ཁ་བསྐངས་ཏེ་བཤད་པར་བྱའོ། །འདིའང་སྐྱི་ཤོད་པའི་ཡིག་ཆར། རྩ་བ་རྗེས་གནང་བར་ཆད་ཀུན་སེལ། དེ་ལ་དམིགས་པའི་ཁྱད་པར་བསྒྱུར་བ་གཏོར་དབང་བར་ཆད་ཀུན་སེལ། གྲིབ་སེལ་མགོན་པོ། བླ་མགོན་དབྱེར་མེད། གནད་དབབ་དང་མཁའ་འགྲོ་དབང་སྡུད་ལྷན་ཅིག་པ། མགོན་པོ་མཆིན་ཁ། ས་ར་ཧའི་ལུགས་ཀྱི་ཞལ་གསུམ་ཕྱག་དྲུག །མགོན་པོ་རྒྱན་ཅན་གསང་སྒྲུབ་ཡུམ་ཅན། ལྷ་བཞི་དྲིལ་སྒྲུབ། དབང་གི་རྒྱལ་པོ། ཚེ་བདག་མགོན་པོ། མགོན་པོ་སྙིང་ཞུགས། ཡིད་བཞིན་ནོར་བུ་རྣམས་དང་། སྤྱིའི་མཐའ་རྟེན་བརྟུལ་ཞུགས་ཀྱི་རྗེས་སུ་གནང་བ་


PS002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་གོ་རིམ་དུ་བཞུགས་ནའང་། དེར་མགོན་སེར་བློ་འཕེལ་གྱི་བཀའ་མ་ཚང་བ་དཀྱུས་སུ་བཅུག། མགོན་པོ་སྙིང་ཞུགས་གཅིག་བརྒྱུད་ཡིན་པས་ཟུར་དུ་ཕྱེས་པའི་བཅུ་གསུམ་དང་། གོ་རིམ་ཡང་སྒྲུབ་ཐབས་རིན་འབྱུང་རྩ་བར་བྱས། དེར་མ་བཞུགས་པ་རྣམས་ཁ་བསྐངས་ཏེ་བཤད་པར་བྱའོ། །དེ་ལ་ཀུན་གྱི་རྩ་བར་གྱུར་པ་བཀའ་ཆེན་དང་པོ་རྗེས་གནང་བར་ཆད་ཀུན་སེལ་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་བྱུང་བ་ལ་ཁ་འཕང་ནག་འགྲོས་སུ་བསྡེབས་པ་ནི། ༈ །ཨོཾ་སྭ་སྟི། སྤྱན་རས་གཟིགས་དབང་སྒྲོལ་མ་དང་། །རྡོ་རྗེ་ཕག་མོས་ལེགས་བརྒྱན་པ། །བྱིན་རླབས་མགོན་པོ་ཆེར་བཏུད་ནས། །ཏིང་འཛིན་དབང་བསྐུར་ཆོ་ག་བཤད། །བར་ཆད་ཀུན་སེལ་གྱི་བཀའ་བྱེད་པར་འདོད་པས་གནས་དབེན་པར་ཉེར་དགུ་ལ་སོགས་པའི་དུས་བཟང་པོར་མཎྜལ་ཟླུམ་པོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ཁ་མེ་རི་ཅན་རྩེ་མོ་ཚུར་བསྟན་པ། དབུས་སུ་ཉི་གདན་དྲུག་ལ་


PS002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་སྐུ་མདོག་དང་མཐུན་པར་འགོད། ཕྱི་རོལ་གྲུ་བཅད་དམར་པོ། ཟླུམ་སྐོར་གྱི་ཕྱི་ལའང་རྡོ་རྭ་མེ་རི་བྱ། དེར་མཉྫིའི་སྟེང་དུ། ཐོད་པའི་སྣོད་གང་ཡང་རུང་བའི་ནང་དུ། བདུད་རྩི་ལྔས་སྦགས་པའི་གཏོར་མ་ནོར་གཟུགས་མ་ཆེ་བ་རེ་འགོད་ཅིང་། འཁོར་གྱི་གཏོར་མ་བཞེངས་ན། སྣོད་དེ་ཉིད་དུ་གནོད་སྦྱིན་ལ་རྩེ་མོ་གཡས་སུ་དཀྱུས་པ་གྲུ་གསུམ། ལས་མགོན་ལ་གྲུ་གསུམ་ཕྲ་མོ། གཞན་གསུམ་ལ་ཟླུམ་པོ་ཕྲ་མོ་རེ་བྱ། གཏོར་མ་ཆེན་པོ་ལ་མདའ་དར་དང་། ཙཀ་ལི་བཙུགས། འབུལ་གཏོར་རྒྱས་པ་བཤམས་ན་གཏོར་སྒྲུབ་ཡིན་ལ། བསྡུ་ན་ཟླུམ་གཏོར་ཆེ་བ་ཞིག་མདུན་དུ་བཤམས། ནང་མཆོད་དང་། མཆོད་པ་གཞན་རྣམས་ཅི་བདེ་བར་བགྲིགས། དེ་ནས་སློབ་དཔོན་གྱི་བྱ་བ་ནི། སྔོན་འགྲོ་གཏོར་མ་བཤམས་ལ། སུམྦྷས་བསང་། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཞེས་བྱིན་གྱིས་བརླབས། ཕཻཾ་བཛྲ་ཨཱ་རལླི་ཧོཿ ཛཿ


PS002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། ཌྀ་ཥྱ་ཧོཿས་མགྲོན་རྣམས་བཀུག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙི་ཨུན་མཱ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡཿཨི་དཾ་བ་ལིཾ་གྲིཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐཻནྚཾ་བྷུ་ཛ་ཐ་ཛི་གྷ་ཐ་བི་བ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སངྶུ་ཁཾ་བི་ཤཱུདྡྷ་ཡེ། ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མཆོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །


PS002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས༴ རྗེད་བྱེད་ཚོགས༴ མ་མོའི་ཚོགས༴ དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དམ་ཅན་ཁྱེད་རྣམས་དཀྱིལ་འཁོར་གྱི། །ལས་ལ་སྲུང་བ་དམ་པ་དང་། །ཡུལ་ཕྱོགས་འདི་དང་སྦྱིན་བདག་དང་། །སློབ་མ་ལ་ཡང་ཤིས་པར་མཛོད། །གསང་སྤྱོད་ལྟ་བར་མི་དབང་བའི། །འབྱུང་པོའི་ཚོགས་རྣམས་གང་ཡིན་པ། །གཏོར་མའི་ལྷག་མ་འདི་ལོངས་ལ། །ད་ལྟ་ཉིད་དུ་གཞན་དུ་དེངས། །ཅི་སྟེ་འགྲོ་བར་མི་བྱེད་ན། །རྡོ་རྗེ་འཛིན་


PS002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁྲོས་པའི་བཀས། །མཚོན་ཆ་འབར་བའི་སྤྲིན་སྤྲོས་ནས། །ལུས་སེམས་རྡུལ་དུ་བརླག་ཏ་རེ། །ཞེས་གཏོར་མ་ཕྱིར་དོར་ལ་དྲག་སྔགས་རོལ་མོ་བཅས་མཚམས་བཅད། གནས་ཡོ་བྱིན་རླབས་ནི་གོང་ལྟར་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་ཆུད་པའི་བྷྲཱུྃ་ལས་གནས་ཁང་གཞལ་མེ་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨོཾ་ཨཱཿཧཱུྃ་རྣམས་ལས་བྱུང་ཞིང་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བཟང་ཞིང་གྱ་ནོམ་པ། ཡུལ་དུས་ཆད་པ་མེད་པར་ཡོངས་སུ་ཁྱབ་ཅིང་། རྣམ་འཕྲུལ་བསམ་གྱིས་མི་ཁྱབ་


PS002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང་བྱེད་ལས་རང་གཞན་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམས་པར་བྱེད་པས་ཕྱི་ནང་ཐམས་ཅད་དུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་ཏུ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་ཏུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཨོཾ་སརྦ་བི་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨ་བརྟ་ཡ་ཧོཿཨོཾ་བཛྲ་སྥ་ར་ཎ་ཁཾ། རོལ་མོའི་བྱིན་འབེབས་ནི། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སམྦྷ་ཝ་ཏེ་བཛྲ་དྷརྨ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱཿཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་ནས་བདག་བསྐྱེད་ནི། རྟ་མགྲིན་གསང་སྒྲུབ་བམ་རྒྱུད་སྡེ་གང་ཡང་རུང་བ་ལ་བྱ་ཆོག་ཀྱང་། རྒྱུད་སྡེ་ལྔ་གཙོ་


PS002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཀྱི་ལུས་དཀྱིལ་ཙམ་ལ་བརྟེན་པ་ཆེས་ལེགས་པས་དེའི་ཡིག་ཆ་ཟུར་གསལ་ལྟར། བདུད་རྩི་བྱིན་རླབས། སྐྱབས་སེམས་སྲུང་འཁོར་ནས་ཙམ། བཟླས་པ། བསྡུ་ལྡངས་ཀྱི་བར་དུ་སྒྲུབ་པ་དང་། མདུན་བསྐྱེད་ཨ་མྲྀ་ཏ་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས། མདུན་དུ་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ། པྃ་ལས་པདྨ་དང་། རྃ་ལས་ཉི་མའི་སྟེང་དུ། གཾ་དཀར་པོ་འོད་དུ་ཞུ་བ་ལས། དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུྃ་མཐིང་ནག་


PS002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་དྲིལ་བ། རབ་ཏུ་བཞད་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བ་སིནྡྷུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ་ཕྱག་གཡས་དང་པོས་རྡོ་


PS002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ། དར་ལྗང་གུའི་སྐེ་རགས་བཅིངས་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན། །ཕྱག་


PS002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཐམས་ཅད་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ཧྲག་པ། གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་དང་། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པས། བདུད་དང་བགེགས་ཐམས་ཅད་བརླག་པར་མཛད་པ། བསྐལ་པའི་མེ་ལྟ་བུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་། ཙན་དན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞགས་འཁྲུགས་པའི་རྒྱ་མཚོའི་དབུས་སུ། བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་ནག་མོ་ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་


PS002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། མེ་རླུང་འཚུབས་མའི་དབུས་ན་བཞུགས་ཤིང་། དྲེའུ་རྟ་རྐང་གསུམ་ལ་ཆིབ་པ། འཁོར་ཤ་ཟ་དང་མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་ཧཱུྃ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡང་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བས་ལྷ་དང་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་བྷྱོ་ལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནག །གཡས་ཌཱ་མ་


PS002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཁྲོལ་ཞིང་། གཡོན་ཐོད་ཁྲག་འཛིན་པ། རྒྱབ་ཏུ་ཛཿལས་གཤིན་རྗེ་ཊཀྐི་རཱ་ཛ་སྐུ་མདོག་དམར་ནག། ཕྱག་གཡས་ཞགས་པ་དགྲ་ལ་འཕེན་ཅིང་། གཡོན་སྡིག་མཛུབ་གནོད་བྱེད་ལ་སྡིགས་པ། གཡོན་དུ་དུ་ལས་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་ནག་པོ་ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་གར་བསྣུན་པ། གཡོན་ཐོད་པ་ཁྲག་གི་གང་བ་བསྣམས་པ། ཡ་སོས་མ་མཆུ་མནན་པ། དར་ནག་གི་ཇོལ་བེར་དང་། སག་ཏིའི་ལྷྭམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བཞི་ཀའང་ཁྲོ་བོ་ལས་མཁན་གྱི་ཆ་བྱེད་ཡོངས་སུ་རྫོགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན། ཤར་ལྷོར་མེ་ལྷ།


PS002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། སྟེང་དུ་ཚངས་པ། འོག་ཏུ་ས་བདག་སྟེ་ཕྱོགས་སྐྱོང་བཅུ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམགས་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁ་གདངས་བ། མིག་རྩ་དམར་བ། ལག་ན་གདུག་པའི་མཚོན་ཆ་


PS002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པ་ཐོགས་པ་སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་དང་། བདུད་དང་མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་


PS002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ། དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ། འུར་འུར་ཆཻ་མ་བྱོན་པར་གྱུར། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པ་ལ་ལ་སོགས་པ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །དཀྱིལ་འཁོར་གནས་འདིར་གཤེགས་ནས་ཀྱང་། །


PS002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྟགས་དང་མཚན་མ་སྟོན་པ་དང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཅེས་པའི་རྗེས་སུ་ཀྵིཾ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དེ་ནས་ཀྵིཾ་གི་གནས་སུ་ཨེ་ཧྱེ་ཧི་བཅུག་པ་དང་། བཛྲ་ས་མཱ་ཛཿབཅུག་པ་རྣམས་ལན་གསུམ་གསུམ་བརྗོད་པས། མྱུར་མཛད་འཁོར་བཅས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། ཧཱུྃ། བདུད་འདུལ་དམག་དཔོན་ནག་པོ་ཆེ། །རབ་བརྗིད་འཁོར་གྱི་ཚོགས་དང་བཅས། །དགྲ་བགེགས་མ་ལུས་འདུལ་བའི་ཕྱིར། །ནག་པོ་ཆེན་པོ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་སྟྭཾ། ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཤྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཞེས་སྦྱར་ཏེ།


PS002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་དྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ནས་གསོལ་འདེབས་ནི། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ི། ཤྲཱི་ཌཱ་ཀ་ཌཱ་ཀི་ནི། ཛོ་ག་ཛོ་གི་ནཱི། སརྦ་བུདྡྷ་བོ་དྷི་ས་ཏྭ་ཡ་ཤ་ར་ཾ་གཙྪ་མི། ཀྱེ་ཀྱེ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་དཔའ་མོར་བཅས་པ་རྣམས་ཀྱིས༴སངས་རྒྱས་དང་བྱང་ཆུབ་སེམས་


PS002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཐམས་ཅད་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས༴ ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱི་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསུང་གི་སྒོ་ནས༴ ཐུགས་ཀྱི་སྒོ་ནས༴ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས༴ ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱི། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། །དངོས་གྲུབ་མ་ལུས་


PS002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དུ་གསོལ། །དེ་ནས་བཤགས་པ་བྱ་བ་ནི། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་ཉི་ཤུ་རྩ་གཅིག་ཟླས་པའི་མཐར། རྡོ་རྗེ་འཆང་དང་དཔལ་ལྡན་ཤཱ་བཱ་རི། །རྒྱལ་བ་མི་ཏྲི་གྲུབ་ཆེན་རཱ་ཧུ་ལ། །ཨ་མི་དྷེ་བ་ལོ་ཀི་ཤྭ་ར་དང་། །ཧ་ཡ་གྲཱི་བ་པདྨ་འབྱུང་གནས་དཔལ། །ཁྱུང་པོ་ཛོ་ཀི་རཏྣ་བིརྻ་དང་། །དྷརྨ་སིངྷ་དྷརྨ་པྲ་ཛྙཱ་དང་། །བིརྻ་སིངྷ་མཁས་གྲུབ་ཆོས་རྗེ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །རྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པར། །འཇིག་རྟེན་རྟོག་བཅས་དབང་གྱུར་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་


PS002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་མཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་ཕྲིན་ལས་ཕུན་ཚོགས་ཤིང་། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སོལ། །འདུ་འབྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནག་འདབས་ཆུ་གླིང་བས་མཐའ་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་སྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས། །ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་


PS002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་སྐུ། །ཁྱོད་ལ་ཡིད་ཆེས་མོས་གུས་འབྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་དང་བཅས་ནས་ཀྱང་། །ལྷ་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང་། །ཊཱཀྐི་རཱ་ཛ་ཏྲཀྴད་རེ་མ་ཏཱི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱེད་ཀྱིས་ཁས་བླངས་དམ་བཅས་བཞིན། །བདག་གི་ཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡིད་ཆད་


PS002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏོང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས། །མངོན་ཤེས་མེད་པས་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིགས་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་གཅོད་མ་བགྱིས་པར། །གསང་བ་བསྒྲགས་ཤིང་བྱམས་བགྱིས་མཐོལ་ལོ་བཤགས། །དམ་ཉམས་གཏམ་འདྲེས་གྲིབ་ཕོག་ཟས་ཟོས་དང་། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། །སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི༴ ཐུགས་ཀྱི༴ རྩ་བའི༴ ཡན་ལག༴ ཚོར་ཏེ༴ མ་


PS002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར༴ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །དཔལ་ལྡན་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་བདག་ལ་དུས་འདིར་སྩོལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །གསོལ་འདེབས་དང་བཤགས་པའང་མི་སྤྲོ་ན་བོར་བས་ཀྱང་རུང་ངོ་། །དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་རྣམས་ཁ་དོག་ནག་པོ་འོད་ཟེར་དམར་པོ་འཕྲོ་བ་ཕྲེང་རྡོག་ལྟར་གནས་པ་ལ་འོད་ཟེར་སྣ་ལྔ་ཕྲེང་ཐག་གི་ཚུལ་དུ་བརྒྱུས་


PS002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གི་ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས། མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་བྱུང་། མགོན་པོའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ། དེ་ལྟར་རྟག་ཏུ་འཁོར་ལོ་ལྟར་འཁོར་བར་བསམས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུཾཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་སྙིང་པོ་ཅི་གྲུབ་བཟླས། དྲག་པོའི་བཟླས་པ་དམིགས་པ་གསལ་བཏབ་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ི། ཨེ་ཥོ་པཉྩི་མ། ཀཱ་ལོ་ཉ་ཨ་ཡཾ་ཨི་དམ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏཱ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ།


PS002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་ནི་དྲག་སྔགས་ཏེ་འབོད་རྦད་བསད་གསུམ་ཡང་འདི་ལ་ཚང་བར་བཞེད་དོ། །ཨོཾ་ཤྲཱི་དི་ཝཱི་ཧཱུྃ་ཕཊ། ལྷ་མོའི་མཚན་སྔགས་སོ། །ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྲྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཀྐི་རཱ་ཛཱ་ས་མ་ཡ་བྷྱོཿདུ་ཛ་ཧཱུྃ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ལས་མཁན་བཞིའི་སྙིང་པོའོ། །དེ་ལྟར་བཟླས་པ་ཅི་འགྲུབ་བྱས་ནས། མཐར་མཆོད་གཏོར། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་མཚན་ལྡན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲཱུྃ་ཨཱཾ་ཛིཾ་ཁཾ་ཧཱུྃ་རྣམས་ལས་ཤ་ལྔ། ལཱྃ་མཱྃ་པཱྃ་ཏཱྃ་བྃ་རྣམས་ལས་བདུད་རྩི་ལྔ། སྟེང་གི་ནམ་མཁའ་ལ་ཨོཾ་


PS002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེ་རྣམས་བརྩེགས་པ། རླུང་གཡོས་མེ་སྦར། ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། ཡི་གེ་འབྲུ་གསུམ་ལས་བདུད་རྩིའི་རྒྱུན་བབས། དེ་རྣམས་ཀྱི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་ཏེ་ཐིམ། ཨོཾ་དང་ཟླ་བ་རྡོ་རྗེ་རྣམས་ཀྱང་འོད་དུ་ཞུ་ཞིང་ཐིམ་པས། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་རླབས། མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་ནས་དགྱེས་པར་གྱུར། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་


PS002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཏྲ་ཀ་རཀྨོ་བ་ལིཾ་ཏ་མཾ་ས་རཀྟ་རུ་ཏི་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ་འཁོར་རྣམས་ལ་སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་ལ། ལན་གསུམ་གསུམ་གྱི་ཕུལ། ཨོཾ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་མཆོད། ནང་མཆོད་སྔར་བཞིན་ཕུལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། སྲོག་གཅོད་ཀྱི་ཤན་པ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་སུ་མ་བརྩེགས་བརླག་པར་མཛད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། དམ་ཉམས་ཀྱི་སྲོག་བདུད་ཆེན་པོ་འཁོར་དང་བཅས་པ་རྣམས་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ། སངས་


PS002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་ཆོས་འཁོར་སྐྱོངས། བླ་མའི་སྐུ་ཚེ་སྲིངས། ཁྱད་པར་དུ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། བདག་ཅག་འཁོར་དང་བཅས་པ་ལ་བསམ་སྦྱོར་ངན་པར་བྱེད་པ་ཐམས་ཞི་བར་མཛོད་ཅིག །གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན་བསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། རེངས་པ་དང་། གཟིར་བ་དང་། སྡིགས་ཤིང་དཔའ་སྐོང་བ་ལ་སོགས་པ་དྲག་པོའི་ཕྲིན་ལས་ཀྱིས་ཚར་བཅད་དུ་གསོལ། །བླ་མ་མགོན་པོ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །


PS002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྔོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་ཀུན་ནག་པོ་ཆེན་པོས་སྒྲོལ། །མཱ་ར་ཡ་ཕཊ། ས་མ་ཡ། །བསྟོད་པ་ནི། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་


PS002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷཱུ་ར་ཡི་ཐིག་ལེ་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །བྷྱོཿ ཁྲག་མཚོ་ཆིལ་ཆིལ་ཁོལ་བའི་ཀློང་དཀྱིལ་ན། །ཚོ་ཆེན་དྲེའུའི་སྟེང་ན་གཟི་བརྗིད་འབར། །མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་མ། །བདུད་ཀྱི་ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །སྐུ་ཡི་སྤྲུལ་པས་སངས་རྒྱས་བསྟན་པ་བསྲུང་། །གསུང་གི་སྤྲུལ་པས་ཁམས་གསུམ་གཡོ་བར་བྱེད། །ཐུགས་ནི་མི་འགྱུར་འགྲོ་བའི་དོན་མཛད་


PS002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མ། །མ་གཅིག་རེ་མ་ཏཱི་ལ་ཕྱག་འཚལ་ལོ། །ཧཱུྃ། དཔལ་ལྡན་མགོན་པོའི་ཕྱོགས་བཞིའི་བཀའ་ཉན་པ། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །མ་རུང་ཀུན་འདུལ་སྤྲུལ་པ་སྣ་ཚོགས་འགྱེད། །ལས་བྱེད་ཕོ་ཉ་བཞི་ལ་བདག་ཅག་བསྟོད། །དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང་། །མེ་ལྷ་སྲིན་པོ་རླུང་ལྷ་འབྱུང་པོ་དང་། །སྟེང་གི་ཚངས་པ་ས་ཡི་ལྷ་མོ་སྟེ། །སྤྲུལ་པའི་ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་བསྟོད། །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་དངོས་གྲུབ་


PS002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་འོག་ནས་འབྱུང་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཉིད་དམིགས་པས་བདག་འཇུག་ཏུ་བླངས། སློབ་མའི་རྒྱུད་བྱིན་གྱིས་བརླབ་པའི་དོན་དུ་འདིར་ཡང་བཟླས་པ་ཅུང་ཟད་བྱ། སློབ་མ་རྣམས་ཁྲུས་བྱ། གྲལ་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱས་ཏེ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གནས་སྐབས་སུ་ཕྱི་ནང་གསང་བའི་བར་ཆད་གདོན་བགེགས་ཐམས་ཅད་ཚར་གཅོད་ཅིང་། རྣམ་བཞིའི་ཕྲིན་ལས་ཅི་འདོད་ལྷུན་གྱིས་གྲུབ་པ་དང་། མཐར་ཐུག་མྱུར་མཛད་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱ་བའི་སླད་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བཀའ་གཏད་བྱིན་རླབས་ཀྱི་


PS002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གསན་སྙམ་པས་མ་ཡེངས་པར་ལྷག་པའི་ཐུགས་བསྐྱེད་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཆེན་པོ་འདི་ཉིད། ངེས་པའི་དོན་དུ་རྒྱལ་བ་ཐམས་ཅད་ཀྱི་འཆར་གཞི་སྟེ་རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ཀྱང་། ཐུན་མོང་གི་སྣང་ངོར་རྒྱལ་བའི་སྲས་ཀྱི་ཚུལ་བསྟན་སྐབས། བསྐལ་པ་མང་པོའི་ཚོགས་བསགས་ས་བཅུ་པ་ཁྱད་པར་ཅན་བརྙེས། འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ། རྒྱལ་སྲས་ཐུ་བོའི་གྲལ་དུ་བཞུགས་སྐབས་ཤིག་ཐུགས་བསྐྱེད་ཀྱི་དམ་བཅའ་འདི་ལྟ་བུ་མཛད་དེ། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་འདིར། བདག་གིས་སེམས་ཅན་གྱི་དོན་བྱ། །


PS002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་འཁོར་བ་ལས་བདག་གིས་སྒྲོལ་དགོས་པ་ལས། འཁོར་བའི་གནས་འདིར་སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ཀྱི་ས་ལ་མ་འཁོད་བར་དུ་བདག་སངས་རྒྱས་ཐོབ་པར་མི་བྱ། སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ཀྱི་ས་ལ་བཀོད་ཟིན་པ་ན། དེའི་རྗེས་སུ་བདག་ཉིད་སངས་རྒྱས་ཐོབ་ན་ལེགས་ཀྱི། གཞན་དུ་ན་བདག་འཁོར་བ་ཉིད་དུ་གནས་ཏེ་སེམས་ཅན་གྱི་དོན་བྱའོ། །གལ་ཏེ་བདག་དམ་བཅའ་འདི་ལས་འདས་ན་ལུས་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག་ཅེས་དབུ་བསྙུང་མཛད། དེ་ནས་བཙམས་ཏེ་རི་བོ་པོ་ཏ་ལར་བཞུགས་ནས་སྤྲུལ་པ་མཐའ་ཡས་པས་སྐད་ཅིག་རེ་རེར་སེམས་ཅན་དཔག་ཏུ་མེད་པ་སྨིན་


PS002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དུ་མཛད་ནས་གཞན་ཚད་བཟུང་བར་ག་ལ་ནུས། དེ་ལྟ་བུ་བསྐལ་པ་ཇི་སྙེད་གཅིག་སོང་ནས་དུས་ལན་གཅིག །ད་ནི་སེམས་ཅན་མང་པོ་ཐར་གྲོལ་བྱུང་ཡོད་དགོངས། མངོན་ཤེས་ཀྱིས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད། ཉུང་དུ་མ་སོང་བའི་ཁར་སེམས་ཅན་རྣམས་སྙིགས་མ་ལྔ་བདོ་བས་གདུལ་དཀའ་བར་གཟིགས་ནས་ད་ནི་བདག་གིས་སེམས་ཅན་གྱི་དོན་བྱ་བར་མི་ནུས་དགོངས་སྔར་གྱི་ཐུགས་བསྐྱེད་དམ་བཅའ་བཏང་བའི་ཚུལ་མཛད་པ་ན་སྐུ་ལུས་ཚལ་པ་སྟོང་དུ་གས་སྐད། དེར་འཕགས་པ་ཉིད་ཀྱི་དགེ་བའི་བཤེས་གཉེན་ནི་འོད་དཔག་མེད་པ་ཡིན་པས་མངོན་གསུམ་དུ་བྱོན་ཏེ། རིགས་ཀྱི་


PS002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་ཀྱིས་དེ་ལྟ་བུའི་སེམས་བསྐྱེད་བཏང་བ་དེ་མ་ལེགས། ད་དམ་བཅའ་སླར་གསོ་བ་སོགས་ཀྱི་དོན་དུ་སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ཀྱིས་ཤིག་གསུང་། སྐུ་ལུས་ཚལ་པ་སྟོང་དབུ་བཅུ་གཅིག་དང་ཕྱག་སྟོང་དུ་བྱིན་གྱིས་བརླབས་སོ། །དེ་ནས་དགོངས་པ་སླར་ཡང་རྒྱ་བསྐྱེད་དེ་སྙིགས་མ་ལྔ་བདོ་བའི་སེམས་ཅན་མ་རུངས་པ་རྣམས་དྲག་པོས་འདུལ་བ་དང་། ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས་བར་དོ་ལས་སྐྱོབ་པ་དང་། སྙིགས་དུས་སྐྱེ་བོ་རྣམས་དབུལ་ཕོངས་ཁོ་ན་སྡུག་བསྔལ་ཆེ་བས་དེའི་གཉེན་པོར་བསམ་པ་ཙམ་གྱིས་དགོས་འདོད་འབྱུང་བ་སྟེ། ཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་ཐུགས་བསྐྱེད་སྔ་མ་ལས་ལྷག་པའི་


PS002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་དགོངས། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་ཧཱུྃ་གཅིག་བྱུང་སྟེ། དེ་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པ་ན། ཞིང་ཁམས་ཐམས་ཅད་དུས་རྣམ་པ་དྲུག་ཏུ་གཡོས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྔགས་པ་བརྗོད། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་ཁྲོ་བོ་ཆེན་པོར་དབང་བསྐུར་ཞིང་མངའ་གསོལ་ལོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་བསྟན་པ་བསྲུང་ཞིང་བཞུགས་པ་ལགས། ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་འདི་ཉིད་ཀྱི་སྒྲུབ་སྐོར་འཕགས་


PS002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ཕྱོགས་འདིར་དར་བའི་ཚུལ་དང་། གྲུབ་པའི་སྐྱེས་བུ་རྣམས་ཀྱིས་རྟགས་མངོན་གྱུར་དུ་བསྟན་པའི་ངོ་མཚར་རྣམ་ཐར་བརྗོད་ལས་འདས་ཤིང་། དེ་དག་གི་ལོ་རྒྱུས་རྒྱས་པ་རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་སོགས་སུ་གསལ་བ་ལ། མདོར་བསྡུས་ན། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱར་ཐེབ་ཉེ་བ་ན། གྲུབ་ཐོབ་ཆེན་པོ་ཤ་བ་རི་པ་བྱོན་ཏེ་གྲུབ་པ་བརྙེས། མགོན་པོ་འདི་ཉིད་ཞལ་གཟིགས་ཏེ་སྲོག་སྔགས་སྒྲུབ་སྐོར་དང་བཅས་པ་གནང་། ཕྲིན་ལས་ཐོགས་མེད་དུ་སྒྲུབ། དཔལ་ཤ་བ་རིས། རྗེ་བཙུན་མཻ་ཏྲི་པ་ལ་གནང་། རྗེ་མཻ་ཏྲི་པ་ནི། བི་ཀྲ་མ་ཤྲཱི་ལར་བཞུགས་དུས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་


PS002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གནས་ལུགས་ཀྱི་དེ་ཉིད་མ་རྟོགས་ནས། ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། ལྷོ་ཕྱོགས་དཔལ་གྱི་རིར་སོང་ཞིག །རི་ཁྲོད་མགོན་པོས་རྗེས་སུ་འཛིན་པར་འགྱུར་ཞེས་ལུང་བསྟན་པ་ལྟར་བྱོན། གྲུབ་ཐོབ་ཤ་བ་རིས་ཀྱང་ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་སྩལ་ཞིང་དབང་སྒྲུབ་སྐོར་རྣམས་གནང་། གནས་ལུགས་ཀྱི་གཟིགས་པ་ནམ་མཁའ་དང་མཉམ། ཆོས་སྐྱོང་བྲན་བཞིན་ཁོལ་བར་གྱུར་ཏོ། །མཻ་ཏྲི་པ་ཆེན་པོས། མཁས་གྲུབ་ཆེན་པོ་ཁྱུང་པོ་ལོ་ཙཱ་བ་ལ་གནང་སྟེ། ཁྱུང་པོ་ལོ་ཙཱ་བ་དེ་ནི་རུས་ཁྱུང་པོ། འཁྲུངས་ཡུལ་སྙེ་མོ་ར་མ། དང་པོར་བོན་དང་། དེ་ནས་ཆོས་རྫོགས་པ་ཆེན་པོ་གསན་ཏེ་ཉན་བཤད་སྒོམ་སྒྲུབ་མཛད། དེ་ནས་


PS002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀོར་ནི་རུ་པ་བསྟེན་དགྱེས་རྡོར་དང་ཕྱག་ཆེན་གྱི་སྐོར་མཐའ་དག་གསན། དགུང་ལོ་ལྔ་བཅུ་ང་གཉིས་བཞེས་པ་ལ་བལ་པོ་དང་རྒྱ་གར་དུ་ཕེབས་སྔ་ཕྱིར་རྒྱ་བལ་བོད་གསུམ་དུ་འབྱོན་བཞུགས་མཛད། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་བསྟན་ཏེ་གཙོ་བོ་རྡོ་རྗེ་གདན་པ་བསོད་ནམས་འབྱུང་གནས། མཻ་ཏྲི་པ། སྦས་པའི་རྣལ་འབྱོར་པ། རཱ་ཧུ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་ནི་གུ་མ། སུ་ཁ་སིདྡྷི་སྟེ་དྲུག་པོ་དེ་རྣམས་རྩ་བའི་བླ་མ་མཆོག་ཏུ་མཛད་དེ། བླ་མ་དམ་པ་དེ་རྣམས་ཀྱི་ཐུགས་བཅུད་ལོངས་ཤིང་། མདོ་རྒྱུད་གཞུང་ལུགས་མན་ངག་ཐམས་ཅད་ལ་མཁས་གྲུབ་འགྲན་ཟླ་དང་བྲལ་བར་གྱུར། བོད་དུ་བྱོན་ཁར་རྗེ་མཻ་ཏྲི་པ་ལ་བདག་


PS002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་བྱིན་རླབས་ཆེ་བ་ཞིག་ཞུ་ཞུས་པས། མགོན་པོ་འདིའི་ལོ་རྒྱུས་གསུངས་ཤིང་། གདམས་པ་ཁྱད་པར་ཅན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་གསུངས་ཏེ་དབང་མན་ངག་རྣམས་གནང་ཞིང་ལུང་བསྟན་པ་ཡང་མཛད་དོ། །གྲུབ་ཐོབ་ཆེན་པོ་ཁྱུང་པོ་འདི་ནི་སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་ཅིག་ཅར་སྟོན་པ་དང་། བྲག་རི་ལ་ཐོགས་པ་མེད་པར་བཞུགས་པ། ཡི་དམ་དང་མགོན་པོ་རྟག་ཏུ་ཞལ་གཟིགས། སྤྲུལ་པའི་དམག་བཀྱེ་ནུས་པ་སོགས་རྣམ་ཐར་ངོ་མཚར་དཔག་པར་བཀའ་བ་སྟེ་ཆེས་ཆེ་བའི་གྲུབ་ཐོབ་ཡོངས་སུ་གྲགས་པ་དང་། ཁྱད་པར་མགོན་པོ་འདི་ཉིད་ཞག་བཅུ་གསུམ་སྒྲུབ་པའི་ཚུལ་མཛད་པས་ཞལ་མངོན་གསུམ་དུ་བསྟན་


PS002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དེ་ཕྱིན་ཆད་བྲན་བཞིན་དུ་འཁོལ་བ་དང་། རྡོ་རྗེ་གདན་པའི་དྲུང་དུ་གསེར་སྲང་བརྒྱད་བཅུའི་ཚོགས་འཁོར་ཆེན་པོས་གྲུབ་ཐོབ་རྣམས་ཉིན་ཞག་མང་དུ་མཆོད་དེ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་སྐལ་པ་ཞུས་པའི་སྐབས་སུའང་། ཐམས་ཅད་གཅིག་བསྡུས་མགོན་པོ་འདི་ཉིད་ཁོ་ན་ཆེད་དུ་བསྔགས་ཤིང་། རིགས་ཀྱི་བུ་ཁྱོད་དང་ཁྱོད་ཀྱི་སློབ་མ་བརྒྱུད་འཛིན་དང་བཅས་པ་ལ་དབང་བསྐུར་བྱིན་གྱིས་བརླབ་ཅིང་ཕྲིན་ལས་རྣམ་པ་ལྔ་བསྒྲུབ་པར་བྱའོ་ཞེས་མི་འགྱུར་རྡོ་རྗེའི་ཚིག་གི་ཞལ་ཆེས་པས། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་གཙོ་བོར་གྱུར་པའི་ཡེ་ཤེས་མཁའ་འགྲོ་ནི་གུའི་གདམས་པ་ཉམས་སུ་ལེན་པ་རྣམས་ལ་ཆོས་སྐྱོང་འདིས་མ་བསྒྲུབས་པར་ཡང་


PS002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་བསྒྲུབ་པ། སྒྲུབ་པ་པོ་ལ་ཞལ་སྟོན་པ་སོགས་ཆེས་ཆེར་འགོ་བ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་མགོན་པོའི་ཆོས་སྐོར་ཕྲན་ཚེགས་ཅི་རིགས་མཁས་གྲུབ་ཁྱུང་པོས་སློབ་མ་གཞན་དང་གཞན་ལ་གནང་བ་ཡོད་མོད་ཀྱང་། ལ་སྟོད་པ་དཀོན་མཆོག་མཁར། རྟོགས་ལྡན་ཞང་སྒོམ་ཆོས་སེང་། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་གསུམ་ལ་རྫོགས་པར་གནང་བས་སྔ་མ་ལས་བརྒྱུད་པ་ལ་མགོན་པོ་ལྷ་དགུ། ཕྱག་སྟོང་སྤྱན་སྟོང་རྒྱན་ཅན་གྱི་སྐོར་མང་པོ་ལ་སོགས་པ་བྱིན་རླབས་ཀྱི་སྒོ་ཆེན་པོ་དང་ལྡན་པ་མཐའ་ཡས་པར་བཞུགས་པ་ལ་ནི་མགོན་པོ་སྟོད་ལུགས་སུ་གྲགས་ལ། ཕྱི་མ་གཉིས་ཀྱི་གདམས་


PS002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མཐའ་དག་དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ་འདུས། དེས་སངས་རྒྱས་གཉན་སྟོན། དེས་འགྲོ་མགོན་སངས་རྒྱས་སྟོན་པ་ལ་གནང་། དེ་ནས་གཅིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་བས། མཁས་གྲུབ་གཙང་མ་ཤངས་སྟོན་དང་བསམ་ལྡིངས་པ་གཞོན་ནུ་གྲུབ། རི་གོང་གདན་ས་པ། སློབ་དཔོན་ཨའི་སེང་གེ་ལ་སོགས་པ་སྐལ་ལྡན་རྣམས་ལ་འཆད་འགྱུར་གྱི་བཀའ་ལ་སོགས་པ་རྒྱ་ཆེར་སྩལ་བ་ལ་མགོན་པོ་སྨད་ལུགས་སུ་གྲགས་པ་སྟེ། དེ་ལྟར་བཀའ་སྲོལ་གཙོ་བོར་གཉིས་ལས་འདིར་སྨད་ལུགས་ཡིན། དེ་ལའང་གདན་ས་པ་ནས་ཕག་མོ་གྲུ་པ་དང་ཚོགས་སྡེ་བཞི་སོགས་ལ་བརྒྱུད་དེ་དབུས་སུ་དར་རྒྱས་ཆེན་པོ་བྱུང་བ་དང་། བསམ་སྡིངས་ལུགས་ལ་ལྷོ་


PS002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་གཉིས། ཤངས་སྟོན་སློབ་མ་འཇག་པ་ལ་སྟོད་སྨད་བར་བརྒྱུད་གསུམ་སོགས་བྱུང་། དེ་དག་ལས་འཆད་དེ་མགོན་པོ་དཀར་མཐིང་གི་སྐོར་རྣམས་ས་དཀར་གཉིས་ཀྱིས་མཚོན་པའི་ཆོས་སྡེ་དུ་མར་འཕེལ། རྗེ་བཙུན་ཙོང་ཁ་པ་ཡབ་སྲས་ཀྱིས་འཇག་པའི་སློབ་བརྒྱུད་རྣམས་ལས་གསན་ཏེ་མགོན་པོ་འདིའི་ཕྲིན་ལས་བོད་དང་བོད་ཆེན་པོ། རྒྱ་སོག་གིས་རྒྱལ་ཁམས་ཚུན་ཆད་དུ་ད་ལྟའི་བར་དུ་རྒྱ་ཆེ་ལ་རྒྱུན་ཆགས་པ་དང་། ཁྱད་པར་རིན་ཆེན་རྣམ་བདུན་ཕྱི་མ་ནས་ཇོ་ནང་རྗེ་བཙུན་རིན་པོ་ཆེར་བཀའ་བབས་ཤིང་རྗེ་བཙུན་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་གི་གཙོ་བོར་མཛད། ད་ལྟའི་བར་དུ་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པར་བཞུགས་པ་


PS002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལྟར་མཁས་གྲུབ་ཁྱུང་པོ་ནས་བཟུང་བརྒྱུད་པའི་བླ་མ་རིམ་པར་བྱོན་པ་ཐམས་ཅད་ཀྱང་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས་ཤིང་མཁས་བཙུན་བཟང་པོའི་ཕུལ་དུ་གྱུར། འཇིག་རྟེན་ཆོས་བརྒྱད་ལ་ནི་ཐུགས་ལོག །འཁོར་འདས་ཐམས་ཅད་ནི་སྒྱུ་མ་ལྟ་བུར་གཟིགས། གནས་ལུགས་ཀྱི་རྟོགས་པ་ནམ་མཁའ་དང་མཉམ། བྱམས་སྙིང་རྗེ་ཕྱོགས་མེད་དུ་ཁྱབ། ཡི་དམ་དཔག་ཏུ་མེད་པ་ཞལ་གཟིགས། ཆོས་སྐྱོང་སྲུང་མ་བྲན་བཞིན་འཁོལ། གཞན་ཕན་འགྲོ་དོན་རང་ཤར་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟ་བུའི་སྐྱེས་བུ་དམ་པ་དེ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་འདི་ལ་སྒྲུབ་ཐབས་ཀྱི་རིགས་བསམ་གྱིས་མི་ཁྱབ་


PS002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་བཞུགས་ནའང་། རྩ་བར་གྱུར་པ་ནི། དྲག་པོ་མཐུ་སྒྲུབ་དང་། ཞི་བ་ནོར་སྒྲུབ་གཉིས་ལགས། དེ་གཉིས་ཀྱི་ཡང་གཙོ་བོ་དྲག་པོ་མཐུ་སྒྲུབ་ཡིན་ཅིང་། འདི་ལ་ཡང་བཀའ་རིགས་མི་གཅིག་པ་མང་དུ་ཡོད་ནའང་། དེ་རྣམས་ཀྱི་རྩ་བའི་དབང་བཀའ་ནི་བར་ཆད་ཀུན་སེལ་གྱི་བཀའ་འདི་ཉིད་ཡིན་པས། འདི་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ་ཡང་། མཎྜལ་འབུལ་བ། གསོལ་བ་འདེབས་པ། རྟོག་པ་བསྡུ་བ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་པ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་


PS002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དྲུག་ཡོད་པ་ལས། དང་པོ་བླ་མ་དང་མགོན་པོ་དབྱེར་མེད་པའི་སྤྱན་སྔར་ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་སློབ་མ་རྣམས་ཀྱི་ཤངས་ལུགས་མཎྜལ་བཀའ་རྒྱ་མའམ། མི་ཤེས་ན་སྤྱི་འགྲོ་བཞིན་ཕུལ། གཉིས་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། །ལན་གསུམ། གསུམ་པ་རྟོག་པ་བསྡུ་བ་འདི་གསན་པས་ཁྱབ་བོ། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཞེས་དེ་


PS002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་གསན་འཚལ། བཞི་པ་ཁྱད་པར་ཅན་གྱི་སྐྱབས་འགྲོའི་དོན་ནི། བླ་མ་མགོན་པོ་དབྱེར་མེད་ལ་སྐྱབས་སུ་འགྲོ་བ་ཡིན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་ཞེས་བགྱི་བ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ལ་སྐྱབས་སུ་མཆི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ༴ ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ༴ ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཆོས་སྐྱོང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་


PS002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལན་གསུམ། ལྔ་པ་རྒྱུན་བཤགས་བྱ་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དྲུག་པ་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པར་བསམ་ལ་འདིའི་རྗེས་ཟློས་མཛོད། བླ་མ་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དབྱེར་མ་མཆིས་པ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །


PS002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། དེ་དག་གིས་དབང་གི་སྦྱོར་བ་གྲུབ་པ་ཡིན། གཉིས་པ་དངོས་གཞི་དབང་དངོས་བསྐུར་བ་ལ་ཡང་། ཡེ་ཤེས་དབབ་པ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ། སྐུ་དངོས་ཀྱིས་བྱིན་གྱིས་བརླབ་པ། སྔགས་གཏད་པའི་རྗེས་གནང་སྟེ་བཞི་ཡོད་པ་ལས། དང་པོ་ལ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པའི་དོན་དཀྱིལ་འཁོར་གསལ་འདེབས་པ་དང་། ཡེ་ཤེས་ཕབ་པ་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་མགོན་པོ་འཁོར་བཅས་གསལ་འདེབས་པ་ཡིན་ཏེ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སྲུང་བའི་འཁོར་ལོའི་ནང་མི་བཟད་པའི་དུར་


PS002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོའི་དབུས་སུ། པདྨ་དང་ཉི་མའི་སྟེང་དུ་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ། ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེའི་བརྒྱན་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་


PS002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ་བ། རབ་ཏུ་བཞད་པ། སྨ་ར་དང་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷཱུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་མནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་


PS002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ཐབས་ལ། དར་ལྗང་གུའི་སྐེ་རགས་བཅིངས་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོས་སྙན་ཆ། ཁྲ་བོས་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ཧྲག་པ། གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་དང་། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིག་པའི་ང་རོ་འབྲུག་ལྟར་སྒྲོགས་པ། བདུད་དང་བགེགས་ཐམས་ཅད་བརླག་


PS002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་། ཙན་དན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་ནག་མོ་ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་ཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། མེ་རླུང་འཚུབས་མའི་དབུས་ན་བཞུགས་ཤིང་། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། འཁོར་ཤ་ཟ་དང་མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་


PS002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤངས་ནས་དུས་མཐའི་རླུང་སྡང་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བས་ལྷ་དང་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་ཞལ་དུ་སྟོབ་ཅིང་དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་ཐོད་ཁྲག་འཛིན་པ། རྒྱབ་ཏུ་གཤིན་རྗེ་ཊཱཀྐི་རཱ་ཛ་སྐུ་མདོག་དམར་ནག །ཕྱག་གཡས་ཞགས་པ་དགྲ་ལ་འཕེན་ཅིང་། །གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཡོན་དུ་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་ནག་པོ་ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་གར་


PS002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཡ་སོས་མ་མཆུ་མནན་པ། དར་ནག་གི་འཇོལ་བེར་དང་། སག་ཏིའི་ལྷྭམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བཞི་ཀའང་ཁྲོ་བོའི་ལས་མཁན་གྱི་ཆ་བྱེད་ཡོངས་སུ་རྫོགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་རྒྱ་བྱིན། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། སྟེང་དུ་ཚངས་པ། འོག་ཏུ་ས་བདག་སྟེ་ཕྱོགས་སྐྱོང་བཅུ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་


PS002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། གཟའ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ཆེན་པོ་བཞི་སྡེ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་པ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་ཐོགས་པ་སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་སྲིན་པོ་དང་། གཤིན་རྗེ་དང་། བདུད་དང་མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་


PS002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ལྟ་བུའི་བླ་མ་མགོན་པོ་དབྱེར་མེད་པ་ལ། མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་ཟེར་བུན་གྱིས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ནས་འོད་ཕུང་དུ་གྱུར་པའི་མོས་པ་མཛོད། དེ་ཉིད་ལ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ། ཞེས་བརྗོད་པས་འོད་གསལ་སྟོང་པ་ཉིད་དུ་གྱུར། སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་སྟེང་དུ། གྃ་དཀར་པོ་འོད་དུ་ཞུ་བ་


PS002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ནག་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ནས། ཙན་དན་གྱི་སྡོང་


PS002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་རྒྱབ་བརྟེན་པའོ། །དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ། དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ། ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ།


PS002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འུར་འུར་ཆེམ་ཆེམ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ། རོལ་མོའི་སྒྲ་ཆེར་བྱ། དམ་རྫས་སྤོས་ཀྱི་དུས་པ་བརྟུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵིཾ་ཀྵིཾ་ཀྵིཾ་སོགས་ཉེར་གཅིག །ཀྵིཾ་གྱི་གནས་སུ་ཨེ་ཧྱ་ཧི་བཅུག་པ་དང་། བཛྲ་ས་མཱ་ཛཿབཅུག་པ་རྣམས་ལན་གསུམ་གསུམ། མྱུར་མཛད་འཁོར་བཅས་སྤྱན་དྲངས། སློབ་མའི་ལུས་ལ་ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ་པར་གྱུར། ཞེས་བརྗོད་དེ་ཡེ་ཤེས་དབབ་པའི་རིམ་པའོ། །གཉིས་པ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། བླ་མ་དང་མདུན་བསྐྱེད་མགོན་པོ་དབྱེར་མ་མཆིས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་གསལ་


PS002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ། དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཁྱད་པར་བུམ་པའི་དབང་བསྐུར་དུ་གསོལ། སྙམ་པའི་ཡིད་ཀྱིས་གསོལ་བ་དུང་དུང་བཏབ་པས། བླ་མ་མགོན་པོ་དབྱེར་མེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་ཚུར་བསྡུས་ཏེ་ཨོཾ་ལ་ཐིམ། ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་དཔྲལ་བའི་ཨོཾ་ལ་ཐིམ་པས་བུམ་དབང་ཐོབ་པའི་མོས་པ་མཛོད། བརྗོད་ལ་རོལ་མོ་བྱ། ཡང་གསང་དབང་བསྐུར་དུ་གསོལ། མགྲིན་པའི་ཨཱཿགསུང་གི་བྱིན་རླབས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ།


PS002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་གསང་དབང་ཐོབ་པའི་མོས་པ་མཛོད། ཅེས་འདོན་བསྒྱུར་རིགས་འགྲེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀའི་ཧཱུྃ། ཐུགས་ཀྱི་བྱིན་རླབས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག །ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས། ཤེར་དབང་ཐོབ་པའི་མོས་པ་མཛོད། ཡང་དབང་བཞི་པ་བསྐུར་དུ་གསོལ་སྙམ་པ་དང་། བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། གནས་གསུམ་གྱི་ཡི་གེ་འབྲུ་གསུམ་པོ་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་ཡི་གེ་འབྲུ་གསུམ་ལ་ཐིམ། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་མགྲིན་


PS002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཨཱཿལ་ཐིམ། དེ་ཡང་སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དེས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས། དབང་བཞི་པ་ཐོབ་པ་ཡིན་པས། སེམས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལ་ཞོག་མཛོད། རོལ་མོ། གསུམ་པ་སྐུ་དངོས་ཀྱི་བྱིན་གྱིས་བརླབ་པ་ནི། གཏོར་མ་འདི་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སུ་གསལ་བ་ལ་མོས་གུས་དུང་བ་བྱས་པས། འུར་འུར་ཆེམ་ཆེམ་རང་གི་སྤྱི་བོར་བྱོན། བླ་མས་ཁྱེད་རང་རྣམས་ཀྱི་བར་ཆད་བསྲུང་བ་དང་། མཐུན་རྐྱེན་སྒྲུབ་པར་བཀའ་བསྒོས་པའི་ཚེ། ཁྱེད་རང་རྣམས་ཀྱི་ནད་


PS002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དགྲ་བགེགས་ཐམས་ཅད་མགོན་པོའི་ཞལ་དུ་ཤ་ཆོམ་རུས་ཆོམ་དུ་གསོལ་ཞིང་། རིགས་ཀྱི་བུ་ཁྱོད་ཀྱི་བར་ཆད་བསྲུང་བ་དང་། མཐུན་རྐྱེན་སྒྲུབ་པར་ངས་བྱའོ། །ཞེས་གསུང་ལྷང་ལྷང་བྱོན་པར་བསྒོམ་མཛོད། ཅེས་གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ། རོལ་མོ་དང་བཅས་པའི་བཀའ་བསྒོ་བ་ནི། མགོན་པོ་འཁོར་བཅས་ཀྱི་སྔགས་བརྗོད་པའི་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་ཕྱག་དྲུག་པ། མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། འཁོར་གནོད་སྦྱིན་ཀྵེ་ཏྲ་པ་ལ། དབང་ཕྱུག་ཛི་ན་མི་ཏྲ། གཤིན་རྗེ་ཊཱཀྐི་ར་ཛ། བདུད་མགོན་ཏྲཀྴད་ནག་པོ། ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ། དམ་ཅན་རྒྱ་མཚོའི་


PS002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཚོགས་དང་བཅས་པ། ཁྱེད་རྣམས་ཀྱིས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། དཔལ་ལྡན་ཤ་བ་རི་དབང་ཕྱུག །གྲུབ་ཆེན་མཻ་ཏྲི་པ་ཆེན་པོ། རཱ་ཧུ་ལ་གུབྟ། མཁས་གྲུབ་ཁྱུང་པོ་ལོ་ཙཱ་བ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཡེ་ཤེས་སེང་གེ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། ཤངས་སྟོན་རིན་ཆེན་འབུམ། ཁྱུང་པོ་ཚུལ་ཁྲིམས་སྙིང་པོ། གྲུབ་ཆེན་སངས་རྒྱས་སེང་གེ། མཁས་བཙུན་ཤངས་དཀར་བ་རིན་ཆེན་རྒྱལ་མཚན། ལྐུག་ལུང་པ་སངས་རྒྱས་དཔལ་བཟང་། གྲུབ་དབང་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་


PS002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་རྒྱལ་མཚན། རྣལ་འབྱོར་སེམས་ཀྱི་མདུད་གྲོལ། ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་སྒྲོལ་བའི་མགོན་པོ། ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་ཀུན་དགའ་ལྷུན་གྲུབ། རྭ་པ་ངག་དབང་ཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། རྩ་བའི་བླ་མ་བྱམས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་བར་དུ་བྱོན་པའི་དཔལ་ལྡན་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེ་སློབ་མ་འདི་དག་གི་ལུས་དང་གྲིབ་མ་བཞིན་དུ་གྲོགས་ལ།


PS002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། མི་དང་མི་མ་ཡིན་པའི་འགྲོ་བ་ཐམས་ཅད་དབང་དུ་འདུ་བ་དང་། དགྲ་དང་བགེགས་ལ་སོགས་པའི་གནོད་བྱེད་ཐམས་ཅད་ཚར་གཅོད་པ་དང་། མདོར་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྲིན་ལས་མཛད་ནས། མི་འདོད་པ་ཐམས་ཅད་སེལ། འདོད་དོན་ཐམས་ཅད་སྒྲུབས། ཇི་ལྟར་བཅོལ་བའི་ལས་ཐམས་ཅད་ལ་ཐོགས་པ་མེད་པར་མཛོད་ཅིག། བཞི་པ་ཟླས་ལུང་གི་དོན་དུ་སློབ་དཔོན་གྱིས་


PS002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ལ་གསོལ་བ་ལན་གསུམ་འདེབས་དགོས་པ་ཡིན་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་ཀྱང་། བླ་མ་མགོན་པོ་དབྱེར་མེད་པའི་ཐུགས་ཀར་པད་ཉི་ལ་ཧཱུྃ་གི་མཐར་སྙིང་པོ་དང་རྩ་སྔགས་ཀྱིས་བསྐོར་བར་བསྒོམ་ལ། མོས་གུས་དུང་བ་དང་བཅས་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། བླ་མ་མགོན་པོ་དབྱེར་མེད་པའི་ཐུགས་ཀར་སྔགས་ཕྲེང་མེ་འོད་རབ་ཏུ་འབར་བའི་འོད་ཟེར་དམར་ནག་འཕྲོ་བ་དེ་དག་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་


PS002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་ཚུལ་དུ་ཆད་དེ་ཞལ་ནས་འཐོན། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་ནས་ཞུགས། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཐམས་ཅད་ཁ་དོག་ནག་པོ་འོད་ཟེར་དམར་ནག་མེ་འོད་དུ་འཕྲོ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲེག་པར་བྱེད་པ་དང་བཅས་པའི་སྔགས་ཕྲེང་སྒོར་གྱིས་བྱུང་བའི་མོས་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ། ཨོཾ་ཤྲི་མ་ཧཱ་ཀ་ལ་ཤཱ་ས་ན། ཨུ་པ་ཧ་རི་ི། ཨེ་ཥོ྅་པཉྩི་མ། ཀཱ་ལོ྅་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་ཡ། ཨཱ་པ་ཀཱ་རི་ི། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི།


PS002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ལན་གསུམ། ལན་གསུམ། ཨོཾ་ཤྲཱི་དེ་ཝཱི་ཧཱུྃ་ཕཊ། གསུམ། ཨོཾ་ཀྵེ་ཏྲ་པཱ་ལ་བིབྷྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་པ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཱཀྐི་རཱ་ཛ་ས་མ་ཡ་བྷྱོཿདུ་ཛ་ཧཱུྃ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ཅེས་པ་རྣམས་ཀྱང་ལན་གསུམ་གསུམ་བཟླའོ། །མཐར་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས། བླ་མ་མགོན་པོའི་བྱིན་རླབས་མཐའ་དག་གིས་བརྒྱུད་བརླན་པར་མོས་པ་མཛོད། དེ་ཡན་གྱིས་དངོས་གཞི་གྲུབ་ཟིན། གསུམ་པ་རྗེས་ལ། དམ་ཚིག་


PS002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ། ཡོན་དབུལ་བ། སྨོན་ལམ་གདབ་པ་སྟེ་གསུམ་ལས། དང་པོ་ནི། དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཡོངས་སུ་བླངས་པའི་བསླབ་པ་ཐམས་ཅད་རྣམ་པར་དག་པ་དང་། ཁྱད་པར་སེམས་བསྐྱེད་ཀྱི་བསླབ་བྱ་དང་། སྔགས་ཀྱི་དམ་ཚིག་མཐའ་དག་མ་ཉམས་པ་གལ་ཆེ། ཡང་དགོས་མགོན་པོ་ཉིད་ཀྱི་དམ་ཚིག་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང་། དམ་རྫས་ཀྱི་སྤོས་སྦྱོར་མ་ཆད་པར་གྱིས། བྱ་ནག་དང་། ཁྱི་ནག་ལ་རྡོ་མི་རྡེག་ཡིད་ཆེས་པར་གྱིས་ལ། བླ་མ་དང་དབྱེར་མེད་དུ་ལྟོས། འབྱུང་པོ་གཞན་ལ་ཟས་ཕུད་མི་འབུལ། སྡིག་ཅན་གཏུམ་པོ་གྲོགས་སུ་མི་བསྟེན། ཁྱད་པར་ཆོས་སྐྱོང་འདི་


PS002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསང་བ་དང་། སྔགས་དང་མན་ངག་གསང་བ་དང་། དུས་རྒྱུན་དང་ཁྱད་པར་གྱི་མཆོད་གཏོར་ལ་བརྩོན་པ་གལ་ཆེ་བ་ལགས་སོ། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་བྱ། གཉིས་པ་གཏང་རག་གི་མཎྜལ་ཕུལ། འདིའི་རྗེས་ཟློས་ཀྱང་མཛོད། དེང་ནས་བརྩམས་ཏེ་སོགས་གསུམ་བྱ། གསུམ་པ་ཆོས་གསན་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཞུ། བསོད་ནམས་འདི་ཡིས་སོགས་སམ། བདག་གི་དགེ་བའི་ལས་རྣམས་སོགས་སྨོན་ལམ་ཅི་རིགས་པར་བརྗོད་དོ། །འདིར་བདེ་མཆོག་ལྷ་ལྔ་ལྟར་ཚོགས་བྱིན་རླབས་ནས་ལྷག་མའི་བར་བཏང་། དེ་ནས་རྗེས་ཀྱི་མཆོད་པ་བཤམ། སྤྱི་དང་མཐུན་པར་བྱིན་གྱིས་


PS002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཆོས་དབྱིངས་ངང་ལས་སོགས་ཀྱིས་བསྟོད། ཡིག་བརྒྱ་མང་དུ་བཟླས། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་རིགས། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་


PS002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གཏོར་མའི་ཡེ་ཤེས་པ་བྲིས་སྐུའི་ཐུགས་ཀར་ཐིམ། ཨོཾ་བཛྲ་མུཿགཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། ཅེས་མོས་ལ། སླར་གཏོར་མ་གོང་ལྟར་བྱིན་གྱིས་བརླབས་ཏེ། བྲིས་སྐུའི་ལྷ་ལ་གཏོར་ཆོག་བཞིན་ཕུལ་ནས། བྲིས་སྐུ་ལ་བརྟན་བཞུགས་བྱ། སྨོན་ལམ་བཏབ་ལ། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་


PS002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག། དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་དང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་


PS002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བཀའ་བརྒྱ་མ་བརྗོད། ཡང་འདི་དག་ལ་ལག་ལེན་མི་འདྲ་བའི་ཁྱད་པར་ནི། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་མགོན་པོ་དཀར་དམར་མཐིང་གསུམ་སྤྲོ་བ་དང་། བཞི་པ་ལ་སྐུའི་སྟོད་སྨད་ཐམས་ཅད་ནས་དཔའ་བོ་མཁའ་འགྲོའི་ཚོགས་སྤྲོ་བ་ཡང་ལུགས་གཅིག་ཡིན། ཡང་ཡི་གེ་འབྲུ་གསུམ་སྤྲོ་བས་དབང་གསུམ་བྱེད་པའང་ཡོད་ཅིང་། སྐུ་སྤྲོ་བའི་དབང་བཞི། གསུང་ཡིག་འབྲུའི་དབང་བཞི། ཐུགས་འོད་ཟེར་གྱི་དབང་བཞི། ཡོན་ཏན་


PS002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་དབང་བཞི། ཕྲིན་ལས་ཕྱག་མཚན་གྱི་དབང་བཞི། ཞེས་ཏིང་ངེ་འཛིན་གྱི་དབང་ཉི་ཤུ་བསྐུར་བ་ནི། ཞང་སྒོམ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ལ། ཚུལ་དེ་བཞིན་མ་ཤེས་པར་གཏོར་དབང་དཀྱུས་འགྲོ་ཞིག་གི་གཞུག་ཏུ་ཕྱག་མཚན་དྲུག་གི་རྗེས་གནང་ཙམ་བྱེད་པ་ནི་སྙིང་པོ་མེད་དོ། །མགོན་པོ་སྟོད་ལུགས་ལྷ་དགུ་མ་ལ། གནས་རྙིང་པ་ཕྱི་མ་འགས་གསར་རྙིང་གི་ཆོ་ག་ཅི་རིགས་ལ་བརྟེན་ནས་དབང་ཆོག་རྒྱས་པ་སྦྱར་བ་ནི་རང་བཟོར་བྱས་ལ། དེའི་ཡིག་རྙིང་ཁུང་མ་རྣམས་ཕལ་ཆེར་འདི་ཉིད་དང་མཐུན་པས། ཏིང་ངེ་འཛིན་གྱི་དབང་གི་ཆོ་ག་འདི་ཁོ་ནས་བྱའོ། །རྗེས་ཆོག་གི་སྐབས་འབྲིས་འབུར་སོགས་རྟེན་ཡེ་མེད་ན། གཏོར་མའི་ལྷ་དམ་ཡེ་མ་ཕྱེ་བར་ནམ་མཁར་སྤར་ལ། གཏོར་མ་བྱིན་གྱིས་བརླབས་ཏེ་ཕུལ་ནས། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བ་ཡིན་ནོ། །བསྟན་སྲུང་ཀུན་ལས་ཆེས་ལྷག་པའི། །ཕྱག་དྲུག་མགོན་པོའི་བྱིན་རླབས་


PS002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ལག་ལེན་རབ་ཏུ་དགའ་བའི་ཏོག །སྙིང་པོ་ཙམ་ཞིག་གསལ་བར་བཀོད། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ་གྱི་བྱིན་རླབས་ཀྱི་ལག་ལེན་གསལ་བར་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ། །ཨོཾ་སྭ་སྟི། བཤད་མ་ཐག་པའི་བྱིན་རླབས་ཟབ་མོ་དེ་ནི་བརྒྱུད་འཛིན་ཐུན་མོང་མིན་པ་ལས་གཞན་དུ་བྱ་བ་མ་ཡིན་ལ། ཐུན་མོང་བ་ལ་མི་ཟབ་པའི་ལུགས་ཀྱི་གཏོར་དབང་དཀྱུས་མཐུན་ཙམ་བྱེད་ན། བཤམ་སྔར་དང་འདྲ། གཏོར་མ་ལྷར་བསྐྱེད་ཚུལ་ལ་གཏོར་མའི་སྟེང་དུ་མགོན་པོ་བསྐྱེད་པ་དང་། གཏོར་མ་ཉིད་བསྐྱེད་པ་གཉིས་ཡོད་པ། གཏོར་དབང་གི་ཚེ་ཟབ་མི་ཟབ་ཁྱད་པར་ཆེན་པོ་ཡོད་པ་འདོར་ལེན་གལ་ཆེ་བས་སྐབས་འདིར་སྟེང་དུ་བསྐྱེད། རྗེས་གནང་སྔོན་འགྲོ་སྐབས་ཐུན་མོང་མ་ཡིན་པའི་གསོལ་གདབས་མི་བྱེད། དངོས་གཞིའི་སྐབས་མདུན་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་པ་ཙམ་ལས། སློབ་མ་ལ་མགོན་པོ་བསྐྱེད་བསྟིམ་མི་བྱེད། དབང་བཞི་པའི་སྐབས་སློབ་དཔོན་


PS002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་གསུམ་ནས། ཡིག་འབྲུ་གཉིས་པ་ཆད་དེ་བསྟིམ། སློབ་མའི་ཡིག་འབྲུ་གསུམ་འོད་གསལ་དུ་བསྡུ་བ་མི་བྱེད། གཏོར་མའི་བཀའ་བསྒོའི་ཚེ། ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཞེས་པ་དང་། ཇི་ལྟར་བཅོལ་བའི་ལས་སོགས་མི་སྦྱར། གོང་གི་དམིགས་པའི་ཚེ། རིགས་ཀྱི་བུ་ཁྱོད་ཀྱི་སོགས་ཞལ་བཞེས་དམིགས་པ་མི་སྦྱར། སྔགས་ཀྱི་བཟླས་ལུང་མི་བྱེད་པའམ། བྱེད་ཀྱང་དཀྱུས་མཐུན་ཙམ་བྱེད་པ་ནི། གཏོར་དབང་བར་ཆད་ཀུན་སེལ་བསྡུས་པའམ། ཐུན་མོང་བ་དཀྱུས་མ་ཡིན་ནོ། །ཁྱད་པར་ཆོས་རྒྱུད་སེལ་ཡོད་པ་དང་། ཆོས་སྒོར་མ་ཞུགས་པའི་ཁྱིམ་པ་ལ། གཏོར་དབང་ཟབ་མོའི་ལུགས་སུ་བསྐུར་བ་ནི། ཚེ་འདིར་ཡང་བསྐུར་བར་བྱ་བའི་ཡུལ་ལ་མི་ཕན་ཞིང་། རང་ལ་བཀའ་ཆད་རིན་གྱིས་ཉོ་བ་ཡིན་པས། རྙེད་བཀུར་ལ་སོགས་པའི་དོན་དུ་གཏོར་དབང་ཙམ་བྱེད་ནའང་། མི་ཟབ་པའི་ལུགས་འདི་ཉིད་ལ་ཚིག་ཚོགས་ཀྱི་སྤྲོས་


PS002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་བྱས་ན་འཁུ་ལྡོག་ཆུང་བ་ཡིན། སྤྱིར་གསང་སྒྲོགས་ཀྱི་ཉེས་པ་ལ་ནི་ཁྱད་ཆེར་མེད་དོ། །གཙོ་རྐྱང་འཇམ་ཞིང་འཁོར་ཅན་བཀའ་གཉན་པ་ཡིན་པས། གཙོ་རྐྱང་ལ་བརྟེན་ནས་གཏོར་དབང་བྱེད་ནའང་དེའི་འདོར་ལེན་ཤེས་པར་བྱའོ། །འདི་ལ་རྗེ་བཙུན་རིན་པོ་ཆེས་རྗེས་གནང་ཟབ་པ་དང་མི་ཟབ་པའི་ལུགས་ཞེས་པ་ཙམ་ལས་རྣམ་གྲངས་སོ་སོར་འགྲང་བར་མ་མཛད་ཀྱང་། མཁས་གྲུབ་རྗེས་སྔ་མ་ལ་རྗེས་གནང་བར་ཆད་ཀུན་སེལ་དང་། ཕྱི་མ་ལ་གཏོར་དབང་བར་ཆད་ཀུན་སེལ་ཅེས་ཐ་སྙད་དང་རྣམ་གྲངས་སོ་སོར་མཛད་པ། སྔ་མ་ཐོབ་པ་ལ་ཕྱི་མ་ཟུར་དུ་བསྐུར་མི་དགོས་ཀྱང་བསྐུར་ཡུལ་གྱི་དབྱེ་བ་ཕྱེད་པ་ལ་ཟུར་དུ་བགྲང་ན་གོ་བདེ་བར་སྣང་བ་དང་། བཀའ་ཆེན་བཅུ་གསུམ་དུ་འདྲེན་པའི་སྐབས་རྣམ་གྲངས་སུ་བགྲང་བར་སྣང་བས་ཟུར་དུ་བཀོལ་བའོ།། །།མངྒ་ལཾ། །ཨོཾ་སྭ་སྟི། བླ་མ་མགོན་པོ་དབྱེར་མེད་ནི། །དབང་གི་རྒྱལ་པོ་ཞེས་གྲགས་པ། །མཁའ་འགྲོའི་ཚོགས་བཅས་ལ་བཏུད་དེ། །ཡིད་


PS002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུའི་སྒྲུབ་ཐབས་བྲི། །མགོན་བཀའ་གཉིས་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དང་། རྗེས་གནང་བྱེད་ཚུལ་ཡང་སྙིང་དུ་དྲིལ་བ་ནི། མདུན་དུ་སྟེགས་བུའི་སྟེང་དུ་རྡུལ་ཚོན་གྱིས་མཎྜལ་ཟླུམ་པོ་མུ་ཁྱུད་དཀར་པོ། དབུས་སུ་ཆོས་བྱུང་དཀར་པོ། རེ་ཁཱ་དམར། གྲུ་བཅད་ལྗང་གུ། ཆོས་འབྱུང་གི་དབུས་སུ་ཉི་གདན་ལ་ཚོམ་བུ་དཀར་པོ་ཞིག་བཀོད། དེའི་སྟེང་དུ་མཉྫིལ་རྟེན་གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བཀོད་དེ། དབྱིབས་གྲུ་གསུམ་དུ་བྱེད་པའམ། །ནོར་བུའི་དབྱིབས་སུ་བྱེད་ན། ཟན་ཟླུམ་པོའི་སྟེང་དུ། ཟན་རིལ་གསུམ་འཛོམ། དེའི་སྟེང་དུ་འཛམ་བཤོས་འདྲ་བ་ཞིག་བཀོད་པས། ཕྱོགས་གང་ནས་ལྟས་ཀྱང་ནོར་བུ་མིག་གསུམ་འདྲ་བ་ཞིག་ཡོང་བས་དེ་ལྟར་བྱས་ཀྱང་རུང་། གང་ལྟར་ནའང་རྒྱུ་ཕྱེ་མར་ལ་རིན་པོ་ཆེ་བརྡར་བ་སོགས་ལས་བྱས། མཎྜལ་གྱི་མདུན་དུ་འབུལ་གཏོར་ཟླུམ་པོ་ཟས་བཟང་དགུས་བརྒྱན་པ་དང་། མཆོད་པ་


PS002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྱི་དང་མཐུན་པར་བཤམས། རྟེན་གཏོར་ལ་ཙཀླི་ཡོད་ན་འཛུགས་ཤིང་མེད་ཀྱང་ཆོག། དེ་ནས་མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། དངོས་གཞི་ཉམས་ལེན་ནི། བདག་བསྐྱེད་ཡི་དམ་ལ་བྱ་བའི་ལུགས་ཀྱང་ཡོད་མོད་ཀྱི་འདི་ལ་བདག་མདུན་དབྱེར་མེད་གཙོ་ཆེ་ཞིང་། ཕྱག་ལེན་ཡང་བདག་མདུན་དབྱེར་མེད་ལ་མཛད་དེ། དེ་ལྟར་ན་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བའི་སྒོ་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། པྃ་ལས་པདྨ་དང་། རྃ་ལས་ཉི་མའི་སྟེང་དུ། གྃ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ལ་ཕུག་དང་། ནེའུ་ལེ་འཛིན་པ་ཁ་སྦུབ་ཏུ་བསྒྱེལ་བའི་སྟེང་དུ། རང་སེམས་ཆོས་ཉིད་ཀྱི་ཐིག་ལེ་དཀར་དམར་རྒྱ་སྲན་ཙམ།


PS002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་དང་མདུན་བསྐྱེད་དབྱེར་མ་མཆིས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ཞིང་བརྗིད་པ། ཞལ་ཁྲོ་འཛུམ་གྱི་རྣམ་པ་ཅན་རབ་ཏུ་བཞད་པ། སྤྱན་གསུམ་དང་ལྡན་ཞིང་། སྨ་ར་སྨིན་མ། དབུ་སྐྲ་ཁམ་སེར་བརྫེས་པ། དཔྲལ་བར་སིན་དྷཱུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་


PS002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱར་བ། བར་པས་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་གཏོད་པ། ཐ་མས་སེང་ལྡིང་གི་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་བུམ་པ་ནོར་བུས་གང་བ་ཀ་པཱ་ལ་བདུད་རྩིའི་གང་བའི་ནང་དུ་བཅུག་སྟེ་བརླ་གཡོན་པ་ལ་བརྟེན་པ། གཉིས་པ་ན་རྩེ་གསུམ། ཐ་མ་ན་ཞགས་པ་འཛིན་པ། ཞབས་འགྲོ་འཆམ་གྱི་སྟབས་ཀྱིས་པད་ཉི་ཚོགས་བདག་གི་གདན་ལ་བཞུགས་པ། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གླང་པོ་ཆེའི་པགས་པའི་སྟོད་གཡོག་གསོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེའི་རྒྱན་དང་སིལ་འཁྲོལ་དང་། ཆུན་འཕྱང་སྣ་ཚོགས་པས་མཛེས་པ།


PS002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དབང་སྡུད་ཀྱི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ཏེ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ། དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ། དེའི་དབུས་སུ་ཧཱུྃ་དཀར་པོའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་


PS002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་དགུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད། །སྙིང་གའི་ཐིག་ལེའི་མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བར་གྱུར། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿཅེས་ཅི་ནུས་སུ་བཟླ། གཏོར་མ་བསང་སྦྱངས་ནག་པོའི་མངོན་རྟོགས་སུ་བཤད་པ་ལྟར་བྱིན་གྱིས་བརླབས་ལ། ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བར་གྱུར། སྙིང་པོའི་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་འབུལ་ཞིང་། ཤཱ་ས་ན་ལན་གསུམ་གྱི་དམ་ཅན་སྤྱི་ལ་འབུལ་བ་ཕྱག་ལེན་ལ་མཛད། དེ་ནས་གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་ལ་གསོལ་བ་བཏབ། རང་གི་སྒྲུབ་པ་ཉམས་


PS002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཙམ་ཡིན་ན། སྐབས་འདིར་རྗེས་ཆོག་བྱ། སློབ་མ་རྗེས་བཟུང་ནི། རྗེས་ཆོག་གི་སྔོན་དུ་བྱ་བ་ཡིན་ཏེ། སློབ་མ་རྣམས་ལ་ཆབ་བཏང་། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ། རྒྱས་པར་སྤྲོ་ན་ཆོས་བཤད་མགོན་པོས་ཐུགས་བསྐྱེད་པའི་ལོ་རྒྱུས་སོགས་རྒྱས་པར་བཤད། བསྡུ་ན། ནམ་མཁའ་དང་མཉམ་པའི་མ་གྱུར་སྐྱེ་དགུ་མཐའ་དག་གི་ཆེད་དུ་བླ་མ་མགོན་པོ་དབྱེར་མེད་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་མགོན་དཀར་ཡིད་བཞིན་ནོར་བུའི་བཀའ་ཟབ་མོ་ཞུས་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གསན་བྱའི་གདམས་ངག། གངས་ཅན་གྱི་ལྗོངས་སུ་གྲགས་ཆེ་བའི་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་ལས་ཆེས་ཟབ་ཅིང་ངོ་


PS002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་དུ་གྱུར་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ལ་ཁྱད་པར་ཅན་གྱི་ཆོས་སྐྱོང་གཅིག་ཆོག་ཁོ་ནར་བཞུགས་པ་ནི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཉིད་ཡིན་ཏེ། དེའང་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཐུགས་བསྐྱེད་དང་ཐུགས་དམ་ཁྱད་པར་ཅན་གྱི་དབང་གིས་དྲག་པོར་ཁྲོས་པའི་སྐུར་བཞེངས་ཤིང་། བསྟན་སྲུང་ཀུན་གྱི་དབང་ཕྱུག་ཏུ་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་ཞིང་མངའ་གསོལ། གྲུབ་ཆེན་ཤ་བ་རི། མཻ་ཏྲི་པ། རཱ་ཧུ་ལ་གུབྟ། གྲུབ་ཐོབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་སོགས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་དམ་པ་རིམ་པར་བྱོན་པ་རྣམས་ཀྱིས་ཞལ་གཟིགས་ཤིང་གྲུབ་པར་མཛད། དེ་ལྟ་བུའི་དཔལ་ཡེ་ཤེས་ཀྱི་


PS002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལ་སྒྲུབ་སྐོར་རིམ་པ་མང་པོར་བཞུགས་ནའང་། རྩ་བར་གྱུར་པ། དྲག་པོ་མཐུ་སྒྲུབ་དང་། ཞི་བ་ནོར་སྒྲུབ་གཉིས་སུ་འདུ། དང་པོ་ལའང་གཙོ་རྐྱང་ལྕམ་དྲལ། ལྷ་གསུམ། དྲེགས་པ་སྡེ་ལྔས་བསྐོར་བ་སོགས་དང་། གཞན་ཡང་གཙོ་འཁོར་གྱི་དྲག་སྒྲུབ་མང་པོར་བཤད་པ་དང་། ཞི་བ་ནོར་སྒྲུབ་ལ། མགོན་དཀར། མགོན་སེར། མགོན་དམར། མགོན་ལྗང་ཚེ་བདག་ལ་སོགས་པ་ནང་གསེས་དང་བཅས་པ་བཞུགས་པ་ལས། དྲག་སྒྲུབ་ཀྱི་སྐོར་ནི་གཙོ་བོར་མངའ་བདག་མཻ་ཏྲི་པ་ཆེན་པོ་ལས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་གསན་པར་སྣང་ཞིང་། ཞི་སྒྲུབ་ཀྱི་སྐོར་ནི་གཙོ་བོར་གྲུབ་ཆེན་རཱ་ཧུ་ལ་གུབྟ་བཛྲའི་


PS002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས་གསན་པར་སྣང་སྟེ། དེའང་མཁས་གྲུབ་ཁྱུང་པོ་ཉིད་འཕན་ཡུལ་ཀྱོག་པོར་ཆིག་རིང་མཛད་པའི་སྐབས་ཤིག་ལེན་པའི་སྐྱིལ་པོ་དགོན་པར་སྐུ་མཚམས་མཛད་པའི་ཚེ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་དེ་ཉིད་ཆེད་དུ་ཕེབས་ནས་རྫུ་འཕྲུལ་བཀོད་པ་ངོ་མཚར་བ་བསྟན། རྒྱུད་དང་གདམས་ངག་སྤྱི་དང་ཁྱད་པར་དུ་གྱུར་པའི་སྨིན་གྲོལ་མཐའ་ཡས་པ་རྣམས་དང་། ཁྱད་པར་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་སྔར་གྲགས་པ་དང་མ་གྲགས་པ་མང་དུ་གནང་བའི་ཞི་བ་ནོར་སྒྲུབ་ཀྱི་སྐོར་ལས། མགོན་པོ་ཡིད་བཞིན་ནོར་བུ་འདི་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་ནས་སྐུལ་བའི་མན་ངག། གསོལ་བ་བཏབ་པ་ཙམ་


PS002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཆོག་དང་ཐུན་མོང་གཉིས་ཀ་འབྱུང་བ། དབང་བསྐུར་ཐོབ་པ་ཙམ་གྱིས་ཀྱང་དངོས་གྲུབ་སྣ་རེ་ཐོབ་པ། ཡིག་ཆ་འཆང་བ་ཙམ་གྱིས་ལོངས་སྤྱོད་རང་བཞིན་གྱི་འདུ་བའི་སྒྲུབ་ཐབས་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་རྗེས་གནང་བྱིན་རླབས་ཀྱི་རིམ་པ་བསྒྲུབ་པར་བགྱི་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ཟིན་པ་ལགས་པས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བར་ཞུ། ཅེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག་ཅིང་། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱས་ལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཅེས་སོགས་ལན་གསུམ། རྟོག་པ་བསྡུ་བ། ཐུན་མོངས་མ་ཡིན་པའི་སྐྱབས་འགྲོ། རྒྱུན་བཤགས་ཡན་ལག་ལྔ་པ། ཐུན་མོང་མ་ཡིན་པའི་གསོལ་གདབ་རྣམས་ཕྱག་ལེན་རྒྱས་


PS002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་མཛད་ཅིང་། མདོར་བསྡུས་པ་ལ་དགའ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག །རྗེས་གནང་དངོས་གཞི་ལ་དམིགས་པ་འདི་བཞིན་དུ་མཛོད། ཅེས་བརྡ་སྤྲད་ལ། མདུན་གྱི་གཏོར་མ་དང་སློབ་དཔོན་དབྱེར་མ་མཆིས་པ་མགོན་པོ་ཡིད་བཞིན་ནོར་བུར་གསལ་གདབ་དགོས་པ་ཡིན་པས་སྤྱན་དམིགས་འདི་བཞིན་ཏུ་མཛད་འཚལ་ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། སྟོང་པའི་ངང་ཞེས་པ་ནས་བཞུགས་པའི་བར་གོང་བཞིན། དེ་ལྟ་བུའི་སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་ལ་མོས་གུས་དུང་བ་བྱས་པས། ཨོཾ་ཤཱུ་ནྱ་ནས་ཀོ྅ཧཾ། ཞེས་གསུངས་པའི་རྐྱེན་གྱིས་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་


PS002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཐིག་ལེ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་སྐུར་ཁྲོང་གིས་གྱུར་པར་མོས་མཛོད། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ། ཞེས་པ་ནས། ཧཱུྃ་དཀར་པོའོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ། སྐད་ཅིག་དེ་ཉིད་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁ་སིལ་སིལ། ཁྲོལ་ཁྲོལ། འུར་


PS002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འུར། ཆེམ་ཆེམ་བྱོན་ཏེ། ཁྱེད་རང་ལ་གཉིས་སུ་མེད་པར་ཐིམ། ཞེས་བརྗོད་ལ་རོལ་མོ་དྲག་ཏུ་བྱ། སྙིང་པོའི་མཐར་ཨ་ཝེ་ཤ་ཡ་ཨཿཞེས་དྲག་ཏུ་བཟླ། རོལ་མོ་དང་སྔགས་བཟླས་ནི་འོག་མ་རྣམས་ལ་ཡང་རིགས་འདྲེ། དེ་སྐུའི་རྗེས་གནང་བུམ་དབང་གི་དོད་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀའི་ཆོས་ཉིད་ཀྱི་ཐིག་ལེའི་ནང་ཧཱུྃ་གི་མཐའ་བསྐོར་དུ་སྔགས་ཀྱིས་བསྐོར་བར་མོས། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེའི་ནང་དུ་སྤར་བཏབ་པ་བཞིན་དུ་འཁོད་པར་མོས་ལ། འདིའི་རྗེས་ཟློས་མཛོད།


PS002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལན་བཅུ་གསུམ་བཟླ་བ་ཕྱག་ལེན་ལ་མཛད་དེ། གསུང་གི་རྗེས་གནང་གསང་དབང་ཡིན་ནོ། །ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་མ་ལུས་པ་ཚུར་བསྡུས་ཏེ་ཐུགས་ཀར་ཐིམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་ཀའི་ཧཱུྃ་ལས། གྲི་གུག །ཐོད་པ། བུམ་པ། ནོར་བུ། ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་དཔག་ཏུ་མེད་པ་བྱུང་། ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། རོལ་མོ། དེ་ཐུགས་ཀྱི་རྗེས་གནང་ཤེས་རབ་ཡེ་ཤེས་ཀྱི་དོད་ཡིན། ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས།


PS002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས། མཁའ་འགྲོ་སྡེ་ལྔ་སྐུ་མདོག་དམར་མོ་ཌཱ་མ་རུ་དང་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཤངས་ཀྱི་བུ་ག་གཡོན་པ་ནས་འཐོན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་བཅུད། དྭངས་མ། ཚེ་སྲོག། ལོངས་སྤྱོད། དབང་ཐང་ཐམས་ཅད་བདུད་རྩིའི་རྣམ་པར་ཚུར་འདུས། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས། སྲོག་རྩའི་ལམ་ནས་བརྒྱུད་དེ། སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་ལ་གཉིས་སུ་མེད་པར་ཐིམ། རོལ་མོ། དེ་ཡོན་ཏན་གྱི་རྗེས་གནང་དབང་བཞི་པའི་དོད་ཡིན་ནོ། །ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། བླ་


PS002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་པོ་དབྱེར་མེད་ཀྱི་ཞབས་འོག་གི་ཚོགས་བདག་བསྐུལ་བས་ཚོགས་བདག་ལས་རང་དང་འདྲ་བའི་ཚོགས་དཔག་ཏུ་མེད་པ་སྤྲུལ། འབྱུང་པོ་མི་དང་མི་མ་ཡིན་དྲེགས་ལྡན་ཆེ་དགུ་ཐམས་ཅད་དབང་དུ་བསྡུས། ཁྱེད་རང་རྣམས་ཀྱི་བྲན་དུ་ཕུལ་བའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་རྐང་འོག་གི་ཚོགས་ཀྱི་བདག་པོའི་ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས། ཡིད་བཞིན་གྱི་ནོར་བུའི་ཆར་ཆེན་པོ་བབས་པས། རང་གི་བང་མཛོད་གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཟས་ནོར་ལོངས་སྤྱོད། འདོད་དགུ་སྣ་ཚོགས་པས་ཕྱུར་བུར་གང་བར་གྱུར། རོལ་མོ། དེ་ཕྲིན་ལས་ཀྱི་རྗེས་གནང་དབང་གི་མཐའ་བརྟེན་གྱི་དོད་ཡིན་


PS002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། མོས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་བླ་མ་མགོན་པོ་དབྱེར་མེད། མགོན་དཀར་ཡིད་བཞིན་གྱི་ནོར་བུ་མཁའ་འགྲོ་མའི་ཚོགས་དང་བཅས་པ་གསལ་བཏབ། དེ་རྣམས་ལ་མོས་གུས་དུང་བ་བྱས་པས། འུར་འུར། ཆེམ་ཆེམ་རང་གི་སྤྱི་བོར་བྱོན། རང་གི་ཡིད་ལ་ཇི་ལྟར་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱའོ། །ཞེས་གསུང་ལྷང་ལྷང་བྱོན་པར་བསམ་ཞིང་། བྱིན་གྱིས་རློབ་རློབ་ལྟར་བཞུགས་པར་གྱུར། རོལ་མོའི་སྒྲ་དང་བཅས་ཏེ། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས།


PS002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་འཆང་ཆེན། འཕགས་མཆོག་སྤྱན་རས་གཟིགས་དབང་། གྲུབ་ཆེན་རཱ་ཧུ་ལ་གུབྟ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་རྩ་བའི་བླ་མ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་བར་དུ་བྱོན་པའི་བཀའ་བརྒྱུད་གྲུབ་པའི་དབང་ཕྱུག་རྣམས་ཀྱི་བཀའ་དང་ཐ་ཚིག་གི་རིམ་པ་བསྙེལ་བར་མ་མཛད་པར། དམ་ཚིག་དང་ལྡན་པའི་རྡོ་རྗེ་སློབ་མ་འདི་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཆོག་ཐུན་མོང་གི་དངོས་གྲུབ་རྩོལ་བ་མེད་པར་ཡིད་བཞིན་དུ་འགྲུབ་པ་སོགས་ཅི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་པ་ཐོགས་མེད་དུ་བསྒྲུབ་པར་མཛད་དུ་གསོལ། ཅེས་བཀའ་བསྒོ་དྲག་ཏུ་བྱ། མཐར་


PS002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མགོན་པོ་དབྱེར་མེད་འོད་དུ་ཞུ་ནས། ཁྱེད་རང་རྣམས་ལ་ཐིམ་པར་མོས་པ་མཛོད། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་། ཞེས་པ་ནས། སྤྱད་དུ་གསོལ་ཞེས་པའི་བར་ནག་པོའི་རྗེས་གནང་གི་སྐབས་དང་འདྲ། རྗེས་ཀྱི་ཆོ་ག་རྣམས་ཀྱང་མགོན་པོ་ནག་པོ་དང་འདྲ་ཞིང་། འདི་ཉིད་ཀྱི་རྗེ་ཆོག་གི་སྐབས་གཏོར་མའི་ཡེ་ཤེས་པ་ནམ་མཁར་བཏེགས་ནས། གཏོར་མ་དེ་ཉིད་དབུལ་བའི་ལག་ལེན་ཡང་འདུག་མོད་ཀྱི་མགོན་དཀར་གྱི་ཕྱག་ལེན་དཀྱུས་ལ་མི་མཛད་པར་སྣང་ངོ། །ནོར་སྒྲུབ་ཀུན་ལས་ཆེས་ལྷག་པ། །དགའ་བར་བསྔགས་པའི་གཡེར་པོ་ཆེ། །མཁའ་འགྲོའི་སྙིང་ནས་བསྐུལ་བའི་ཐབས། །གསལ་པོར་བརྗོད་འདི་ཨེ་མ་ཚར། །མགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ན་མོ་གུ་རུ། རྒྱལ་བ་ཀུན་གྱི་བླ་མ་ནི། །རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། །


PS002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མགོན་ལ་རབ་བཏུད་ནས། །མགོན་སེར་སྒྲུབ་ཐབས་བཤད་པར་བྱ། །མགོན་བཀའ་གསུམ་པ་མགོན་སེར་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་དང་རྗེས་གནང་ལག་ཏུ་བླང་བའི་རིམ་པ་ནི། གཏོར་མ་གྲུ་གསུམ་སེར་པོའམ། ནོར་བུ་འབར་བའི་ཟུགས་ཅན་ཞིག་བྱ། ཆོས་འབྱུང་སེར་པོ་གྲུ་གསུམ་གྱི་སྟེང་དུ་མཉྫི་ལ་འགོད་པ་སོགས་བཤམ་གཞན་དང་འདྲ། མཆོད་པ་བྱིན་རླབས་དང་། སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ། ཤཱུ་ནྱ་ཏས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་པད་ཉི་ལ་ཚོགས་བདག་ཕོ་མོ་བསྒྱེལ་བའི་སྟེང་དུ། ཧཱུྃ་སེར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སེར་ལ་ཅུང་ཟད་དམར་བའི་མདངས་ཅན། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་


PS002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་བ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གྲུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྒྱལ་མཚན། གསུམ་པ་ན་ཨུཏྤལ། གཡོན་གྱི་གཉིས་པ་ན་ནེའུ་ལེ་དང་། གསུམ་པ་ན་ཞགས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཚོགས་བདག་ཕོ་མོ་མནན་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པ། ཡུམ་ལྷ་མོ་དྲག་མོ་སྐུ་མདོག་དུད་ཁ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་


PS002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཛ་ཧཱུྃ་བྃ་ཧོཿརང་དང་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་བརྒྱན། གུ་རུ་མ་ཧཱ་


PS002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལ་ཀྵིཾ་ཨུཥྞི་ཥ་ཡ་ཡཀྵ་ཧཱུྃ། རཏྣ་གྲི་སིདྡྷི་ཧཱུྃ། པྲ་ཛྙཱ་ཝརྡྷ་ནི་སྭཱ་ཧཱ། ཞེས་ཅི་གྲུབ་བཟླ། མདུན་བསྐྱེད་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཞེས་པ་ནས་དབུ་བརྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས། རང་སེམས་ཞེས་པ་དང་། རང་ཉིད་ཅེས་པ་འདོར་བ་ནི་ཁྱད་པར་རོ། །ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བྱད་མ་ཟློག་ཅིང་བསྲུང་བ་དང་། །ཚེ་དང་བློ་གྲོས་ཀུན་འཕེལ་ཞིང་། །ཞི་དང་རྒྱས་པའི་ལས་མཛད་པ། །བླ་མ་མགོན་པོ་ཁྱོད་ལ་འདུད། །ཅེས་པའི་བསྟོད་ལ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བྱིན་རླབས་ནག་པོའི་མངོན་རྟོགས་དང་མཚུངས། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱི་ཕུལ། གོང་ལྟར་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་


PS002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། སློབ་དཔོན་གྱི་བྱ་བའོ། །སློབ་མ་རྣམས་ཀྱིས་ཡོན་འབུལ་བ་ལ་སོགས་པའི་སྔོན་འགྲོའི་བྱ་བ་མགོན་པོ་དཀར་ནག་གཉིས་ཀྱི་རྗེས་གནང་དང་འདྲ་བ་ལས། སེམས་བསྐྱེད་གསལ་བཏབ་སྐབས། བཅོམ་ལྡན་འདས་མགོན་སེར་ཞལ་གསུམ་ཕྱག་དྲུག་པའི་བཀའ་ཟབ་མོ་ཞེས་པ་དང་། གསན་བྱའི་ཆོས་གྲུབ་ཆེན་རཱ་ཧུ་ལ་ཆེན་པོས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སྩལ་བའི་མྱུར་མཛད་ཡེ་ཤེས་མགོན་པོ། ཞི་བ་ནོར་སྒྲུབ་ཀྱི་བསྐོར་ལས་ཡོན་ཏན་གྱི་མགོན་པོ་སེར་པོ་འདི་ནི། སྤྱིར་བྱད་ཁ་རྦོད་གཏོང་ཟློག་པ་དང་། ཞི་བ་དང་རྒྱས་པའི་ལས་རབ་འབྱམས་འགྲུབ་པར་བྱེད་ཅིང་། ཁྱད་པར་འཆི་མེད་རྡོ་རྗེའི་ཚེ་དང་། ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྟོབས་


PS002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་ཟབ་ཅིང་མྱུར་བའི་མཐུ་དང་ལྡན་པ་འདི་ཉིད་ཀྱི་རྗེས་གནང་སོགས་སྦྱར་ལ། གསོལ་གདབ་སོགས་གྲུབ་པ་དང་། རྗེས་གནང་དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། ཅེས་བྱས་ལ། བླ་མ་མགོན་སེར་དུ་གསལ་བའི་ཞལ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ ཞེས་གསུང་བའི་རྐྱེན་གྱིས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ནས་དབུ་བརྒྱན་གྱི་བར་སྒྲུབ་ཐབས་དང་འདྲ་བ་ལས། རང་སེམས་ཅེས་པ། ཁྱེད་རང་རྣམས་ཀྱི་ཅེས་པ་དང་། རང་ཉིད་ཅེས་པ་ཁྱེད་རང་རྣམས་ཀྱི་ཅེས་འདོན་པ་སྤོ། ཡེ་ཤེས་པ་སྤྱན་དྲངས་ཏེ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿཞེས་བརྗོད་པའི་མཐར། རོལ་ཆེན་བྱ་ཞིང་། སྙིང་པོའི་མཐར། ཨ་ཝེ་ཤ་ཡ་ཨ། ཞེས་བརྗོད་པ་རྣམས་ནི་ཁྱད་པར་


PS002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བླ་མའི་དཔྲལ་བ་ནས་ཨོཾ་ཡིག་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། མགྲིན་པ་ནས་ཨཱཿཡིག་དམར་པོ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་དབང་ཐོབ། ཐུགས་ཀ་ནས་ཧཱུྃ་ཡིག་སྔོན་པོ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གནས་གསུམ་ཆར་ནས་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ་པར་མོས་པ་མཛོད། འདི་ལ་སྔགས་ཀྱི་བཟླས་ལུང་མི་དགོས། ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་བླ་མ་མགོན་པོ་དབྱེར་མེད་དུ་གསལ་


PS002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐའ་བསྐོར་དུ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་མོས། རང་གི་སྤྱི་བོར་བྱོན། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐུ་ཕྲ་མོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། བྱས་ལ། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སེར་པོ་ཡུམ་ལྷ་མོ་དྲག་མོ་སྤྲུལ་པའི་འཁོར་དང་བཅས་པ་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་ཆེན་སོགས་མགོན་དཀར་ལྟར་ལ། ཐོགས་མེད་དུ་བསྒྲུབ་པ་དང་། ཁྱད་པར་བྱད་ཁ་རྦོད་གཏོང་ཕས་རྒོལ་གྱི་དམོད་ངན་ཐམས་ཅད་ཟློག་ཅིང་སྲུང་བ་དང་། འཆི་བ་མེད་པའི་ཚེ་དང་ཆགས་ཐོགས་མེད་པའི་བློ་གྲོས་ཡར་ཟླ་ལྟར་འཕེལ་བ་དང་། ཆགས་ཆེ་ཉམ་ང་མི་མཐུན་


PS002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ཐམས་ཅད་ཞི་ཞིང་འབྱོར་པ་དྲུག་དང་ཉམས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་རྒྱས་པར་མཛད་དུ་གསོལ། །ཅེས་རོལ་ཆེན་དང་བཅས་ཏེ་བཀའ་བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་དམ་ཚིག་བསྲུང་བར་ཁས་བླང་བ་སོགས་རྗེས་ཆོག་ནི་མགོན་པོ་ནག་པོའི་རྗེས་གནང་གི་ཡི་གེར་བྲིས་ཟིན་པ་འདོན་པ་སྤོས་ལ་སྦྱར་བར་བྱའོ། །མགོན་སེར་འདིའང་། བླ་མ་མགོན་པོ་དབྱེར་མེད་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཉིས་ལ་མགོན་སེར་བཀའ་གཉིས་ཞེས་ཟེར་ནའང་། མགོན་སེར་དངོས་ནི་དེ་ཁོ་ནའོ། །ནོར་འཕེལ་བསྲུང་བ་ཀུན་གྱི་མཆོག། ཤེས་རབ་དགའ་བ་སྐྱེད་བྱེད་པ། །མགོན་སེར་སྒྲུབ་ཐབས་རྨད་བྱུང་བ། །ཤིན་ཏུ་དཀོན་པས་སྙིང་པོར་དྲིལ། །མགོན་སེར་བློ་འཕེལ་གྱི་སྒྲུབ་ཐབས་ཀྱི་ལེ་མཚན་ནོ།། །།མངྒ་ལཾ། །ན་མོ་གུ་རུ། སྤྱན་རས་གཟིགས་དབང་ཁྲོ་བོའི་སྐུ། །


PS002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྡུད་ལྷ་ལ་གུས་ཕྱག་འཚལ། །པདྨ་རཱ་གའི་འོད་འཕྲོ་བ། །མགོན་པོའི་སྒྲུབ་ཐབས་བྲི་བར་བྱ། །མགོན་བཀའ་བཞི་པ་མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་གི་རིམ་པ་ནི། མདུན་དུ་སྟེགས་བུར། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ། པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བ་ལ། རྡོ་རྗེའི་ལྟེ་བར་ཧཱུྃ་དང་། གྲི་གུག་གི་ལྟེ་བར་ཨཱཿས་མཚན་པ། དེ་ཙམ་བྲིས་མ་ཐུབ་ན་ཚོམ་བུ་དམར་པོ་བཀོད། དེའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩི་གང་བའི་སྟེང་དུ། མེ་ལོང་ལ་སིནྡྷུར་བཙག་ལ་བཀྲམ། དེ་ལ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་དབུས་སུ་རྡོ་རྗེ་ཧཱུྃ་དང་། གྲི་གུག་ཨཱཿས་མཚན་པ། ཟུར་དྲུག་པོ་ལ་གཡས་བསྐོར་གྱིས་ཧ་རི་ནི་ས་སྭཱ་ཧཱ། ཞེས་པའི་ཡི་གེ་དྲུག་པོ་རྣམས་བྲི། སྟེང་དུ་དར་དམར་པོའི་གུར་ཕུབ། དེའི་གཡས་སུ་དཔལ་གཏོར་ནོར་གཟུགས་མ་དམར་པོ་ཤ་དང་བུ་རམ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་དང་། འབུལ་


PS002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དང་མཆོད་པ་སྤྱི་དང་མཐུན་པར་བཤམ། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏས་སྟོང་པ་ཉིད་དུ་སྦྱང་། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་མཐིང་གའི་དབུས་སུ། པདྨ་དམར་པོ་དང་། ཉི་མ། བགེགས་ཀྱི་རྒྱལ་པོ་ཁ་བུབ་ཏུ་བསྒྱེལ་བ་རྣམས་བརྩེགས་པའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་དམར་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་ར་ག་ལྟར་དམར་ཞིང་ཞལ་གཅིག་ཕྱག་དྲུག་དང་པོ་གཉིས་གྲི་ཐོད་བཟུང་ནས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཅང་ཏེའུ་རྩེ་གསུམ་འཛིན་པ། ཐ་མ་ལྕགས་


PS002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ཞགས་པ་བསྣམས། སྤྱན་གསུམ་སྐྲ་སེར་གྱེན་དུ་བརྫེས། ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་ལྤགས་གྲོལ་ཞིང་གཡོན་བརྐྱང་སྟབས། མི་རུས་སྦྲུལ་དང་གཡེར་ཁས་བརྒྱན། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། ཡུམ་ཆེན་པདྨ་མཁའ་འགྲོ་མ། ཆགས་པའི་ཉམས་ཅན་སྐུ་མདོག་དམར། གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་མ། གྲི་གུག་ཐོད་བཅས་ཡབ་ལ་འཁྱུད། གཉིས་ཀའང་མེ་དཔུང་ཀློང་ན་བཞུགས། གཙོ་བོ་ཡབ་ཡུམ་གྱི་མདུན་དུ་མ་ཧཱ་ཀ་ལ་སྐུ་མདོག་ནག་པོ་གྲི་གུག་དང་ཐོད་པ་འཛིན་པ། གཡས་སུ་ཀྵེ་ཏྲ་པཱ་ལ་དམར་པོ་ཌཱ་མ་རུ་དང་སྡིགས་མཛུབ་མཛད་པ། རྒྱབ་ཏུ་ཛ་ན་མི་ཏྲ་ནག་པོ་གྲི་ཐོད་འཛིན་པ།


PS002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཊཱཀྐི་རཱ་ཛ་སེར་པོ་རྩེ་གསུམ་དང་སྡིགས་མཛུབ་མཛད་པ། ཕྱི་སྐོར་དུ་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཙོ་བོའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པ། ཡུམ་གྱི་ཐུགས་ཀར་གྲི་གུག་ཨཾ་གིས་མཚན་པ། རང་གི་སྙིང་ག་ནས་འོད་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མགོན་དམར་དབང་གི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿདཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཨརྒྷཾ་ནས། ཤབྡའི་བར་


PS002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ཀ་ལ་འོད་དཔག་མེད་དང་། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། རང་གི་སྙིང་གར་སྔགས་ཀྱི་ཕྲེང་བ་བསྒོམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་མ་གུ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་བཟླའོ། །མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ཞེས་པ་ནས། གཙོ་བོས་དབུ་བརྒྱན་གྱིས་བར་བདག་བསྐྱེད་དང་འདྲ་བ་ལས་བདག་ཉིད་ཅེས་པའི་ཚིག་བོར་བ་ནི་ཁྱད་པར་རོ། །ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝ་རེ་


PS002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱཿ ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་གསུང་། །རྒྱལ་བ་ཀུན་གྱི་རང་བཞིན་འོད་དཔག་མེད། །ཆོས་རྗེ་འགྲོ་བའི་མགོན་མཛད་སྤྱན་རས་གཟིགས། །དབང་གི་སྐུར་སྟོན་ནག་པོ་ཆེ་ལ་བསྟོད། །མདུན་བསྐྱེད་ཀྱི་བཟླས་པའི་དམིགས་པ་གསལ་བཏབ་ལ། བཟླས་པ་ཅི་འགྲུབ་ཏུ་བྱ། གཏོར་མ་བྱིན་རླབས་ནག་པོའི་སྐབས་དང་འདྲ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། ཅེས་ཕུལ། གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། འོག་ནས་འབྱུང་བ་ལྟར་སློབ་མ་བྱིན་རླབས་ཇི་ལྟར་བྱེད་པ་ཐམས་ཅད་རང་གིས་ཀྱང་བདག་འཇུག་གི་ཚུལ་དུ་དམིགས་པས་བླང་བར་བྱའོ། །སློབ་མ་རྣམས་ཀྱི་སྔོན་འགྲོའི་བྱ་


PS002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡན་ཆད་ནག་པོའི་སྐབས་དང་འདྲ་བ་ལས། སེམས་བསྐྱེད་གསལ་གདབ་སྐབས། མགོན་དམར་དབང་གི་རྒྱལ་པོའི་བཀའ་ཟབ་མོ་ཞེས་དང་། གསན་བྱའི་ཆོས། འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་གྲུབ་ཆེན་སྒྲ་གཅན་འཛིན་སྦས་པའི་རྡོ་རྗེས་མཁས་གྲུབ་ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ་སྩལ་བའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞི་བ་ནོར་སྒྲུབ་ཀྱི་སྐོར་ལས། མགོན་དམར་དབང་གི་རྒྱལ་པོ་འདི་ནི། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ངོ་བོ་བྱིན་རླབས་ཤིན་ཏུ་མྱུར་ཞིང་ཚེ་དང་དབང་གི་ལས་སྒྲུབ་པ་ལ་གཞན་ལས་མྱུར་ཞིང་སྟོབས་ཆེ་བ། རྩ་བའི་མགོན་པོ་མཐིང་ག་ནང་ལྟར་དུ་སྒྲུབ་པ་ཡིན་ཅིང་ཞག་བདུན་ཙམ་བསྒྲུབས་པས་ཞལ་སྟོན་པར་གསུང་པ་སོགས་ཡོན་ཏན་ཚད་མེད་པ་དང་ལྡན་པ་འདི་ཉིད་ཀྱི་རྗེས་


PS002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སོགས་སྦྱར་ལ། གསོལ་གདབ་ནས་རྒྱུན་བཤགས་ཡན་གྲུབ་པ་དང་། ཁྱེད་རང་གི་སྙིང་གར་ཟླ་བའི་སྟེང་དུ། རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་བཏབ་ལ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། གསང་སྔགས་འབྱུང་བ་དཀོན་པར་བསྟན་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེ་འགའ་འབྱུང་། །གསང་སྔགས་སྤྱོད་ཚུལ་འབྱུང་བ་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདི། །སེམས་ཅན་སངས་རྒྱས་བྱེད་པའོ། །ཞེས་བརྗོད།


PS002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་གཉིས་སུ་མེད་པར་ཐིམ། རོལ་ཆེན་བྱ། སྙིང་པོའི་མཐར། ཨཱ་ཝེ་ཤ་ཡ་ཨ་ཨ་ཨ། ཞེས་ལན་བདུན་ནམ། ཉི་ཤུ་རྩ་གཅིག་ཙམ་བཟླ། དེའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མགོན་དམར་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ། གྲི་ཐོད་ཌཱ་མ་རུ་རྩེ་གསུམ་ལྕགས་ཀྱུ་ཞགས་པ་རྣམས་འཛིན་པ། ཡུམ་པདྨ་མཁའ་འགྲོ་མ། གྲི་ཐོད་འཛིན་པས་འཁྱུད་པར་གྱུར། ལྷ་ངོ་བསྟན་པ་ནི།


PS002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་བཞུགས་པ་ལགས་ཏེ། ཆོས་འབྱུང་མཐིང་གའི་དབུས་སུ་ནས། བརྩེགས་པའི་སྟེང་དུ་མགོན་དམར་དབང་གི་རྒྱལ་པོ་བཞུགས་པ་ནི་པདྨ་རཱ་ག་ལྟར་དམར་བ་ཞེས་པ་ནས། ཚོགས་ཐམས་ཅད་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མ་དང་དབྱེར་མེད་པར་མོས་མཛོད། དབང་གི་དངོས་གཞི་ནི། བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། དེའི་སྤྱི་བོའི་ཨོཾ་དཀར་པོ་ལས་མགོན་པོ་སྐུ་མདོག་དཀར་པོ། སྐུ་ཆུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་འབྱུང་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ་པར་གྱུར། རོལ་


PS002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྒྲ་བྱ། ཡང་མགྲིན་པའི་ཨཱཿདམར་པོ་ལས་མགོན་པོ་སྐུ་མདོག་དམར་པོ། སྐུ་ཆུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་ཆེད་ནས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསང་དབང་ཐོབ། རོལ་མོ། དེ་བཞིན་དུ་སྦྱར་ནས། ཐུགས་ཀའི་ཧཱུྃ་སྔོན་པོ་ལས། སྔོན་པོ་སྙིང་གར། རོལ་མོ། ཡང་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་དཀར་དམར་མཐིང་གསུམ། གནས་གསུམ་ཀར་དུ། ཚིག་དབང་རིན་པོ་ཆེ། རོལ་མོ། དེ་རྣམས་ཕྱིའི་དབང་བཞི་ལགས། དེ་ནས་ཡང་བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། མགོན་པོ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། བྱང་ཆུབ་སེམས་ཀྱི་ངོ་བོ་འོད་དུ་ཞུ།


PS002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་། གསང་དབང་ཐོབ། སྙིང་ཁ་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ་པར་མོས་མཛོད། དེ་དག་ནི་ནང་སྐུ་དངོས་ཀྱི་དབང་བཞིའོ། །གཏོར་མ་མགོན་པོར་གསལ་བ་སློབ་མའི་སྤྱི་བོར་བཞག་ལ། ཨོཾ། གཟི་བརྗིད་དཔལ་འབར་མགོན་པོ་ཡབ་ཡུམ་སྐུ། །ངོ་མཚར་ལྷུན་གྲུབ་དམ་རྫས་གཏོར་མ་འདི། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་འགྱུར་རྡོ་རྗེའི་སྐུ་ལ་ལོངས་སྤྱོད་ཤོག །སྙིང་པོའི་མཐར། ཀཱ་ཡ་


PS002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨ་བྷི་ཥེཉྩ་ཧཱུྃ། དེས་བུམ་པའི་དབང་བསྐུར་ཐོབ་པ་ཡིན་ནོ། །ཐོད་པ་བདུད་རྩིས་གང་བ་མགྲིན་པར་གཏད། ཨ། ཟབ་མོ་གསང་སྔགས་མགོན་པོ་ཡབ་ཡུམ་གསུང་། །བདེ་ཆེན་སྣོད་བཅུད་ཟག་མེད་བདུད་རྩི་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འགག་མེད་ཚངས་དབྱངས་གསུང་ལ་ལོངས་སྤྱོད་ཤོག། ཀཱ་ཡ་བཛྲིའི་གནས་སུ། ཝཱ་ཀ་བཛྲ༴ དེས་གསང་བའི་དབང་བསྐུར་ཐོབ་པ་ཡིན་ནོ། །སིནྡྷུ་རའི་དཀྱིལ་འཁོར་སྙིང་གར་གཏད་ལ། ཧཱུྃ། གཟུང་འཛིན་ཀུན་བྲལ་མགོན་པོ་ཡབ་ཡུམ་ཐུགས། །དྲི་མེད་སྣང་སྟོང་མེ་ལོང་ཡེ་ཤེས་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་དག་ཡེ་ཤེས་ཐུགས་ལ་ལོངས་སྤྱོད་ཤོག །


PS002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་བཛྲ༴དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ། །འདི་སྐབས་སུ་ཡིག་རྙིང་ལས་མ་བཤད་ཀྱང་། སློབ་མ་ལ་ནང་མཆོད་བླུད་པ་དང་། སྙིང་གར་སིནྡྷུ་རའི་ཐིག་ལེ་རེ་མཛད་པ་ཕྱག་ལེན་ལ་གནང་ངོ་། །དེ་ནས་ཁྱེད་རང་རྣམས་རིག་པ་རྟེན་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཧོ། ཆོས་དབྱིངས་མཐའ་བྲལ་སྤྲོས་པ་རབ་ཞིའི་ངང་། །རང་རིག་ཡེ་ཤེས་ཏིང་འཛིན་ཀློང་ཡངས་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཆོས་དབྱིངས་ཡང་དག་དོན་ལ་ལོངས་སྤྱོད་ཤོག །ཛྙཱ་ནཱ་བཛྲ༴ དེས་ཚིག་དབང་བཞི་པ་ཐོབ་པ་ཡིན་ནོ། །དེ་དག་ནི་གསང་བ་དམ་རྫས་ཀྱི་དབང་བཞི་ཡིན་ནོ། །བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་ཀ་ནས།


PS002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བའི་ཚོགས་རྣམས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ལ་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །སླར་ཡང་མེ་ཏོག་རྣམས་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ལ། ཁྱེད་རང་རྣམས་ལ་གཏོར་བས། སྔགས་ནུས་པ་མཐུ་ཅན་དུ་མོས་མཛོད། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་ཞེས་སོགས། སློབ་མའི་རྗེས་ཀྱི་ཆོ་ག་རྣམས་ནི།


PS002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ནག་གི་སྐབས་སུ་བཤད་པ་ཁོ་ནས་གྲུབ་བོ། །ཆོ་གའི་རྗེས་ཆོག་ཀྱང་དེ་དང་མཚུངས་སོ། །མགོན་དམར་གྱི་སྒྲུབ་ཐབས་རྩ་བ་འདི་ཡིན་ཅིང་། ཚེ་སྒྲུབ་ནི་འདིའི་ལས་ཁ་ཚར་གྱི་ལྷ་ཡིན་པར་ཤེས་པར་བྱའོ། །དབང་སྡུད་ཀུན་ལས་ཆེས་དགའ་བ། །རྨད་བྱུང་སྒྲུབ་ཐབས་སྙིང་པོ་འདི། །ཡིག་རྙིང་མ་གཏོག་ཕྱིས་བྱུང་གི། །ལག་ལེན་དཀོན་ཕྱིར་བྲིས་པ་ཡིན། །མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། །ན་མོ་གུ་རུ། ཚེ་དཔག་མེད་དང་སྤྱན་རས་གཟིགས། །མྱུར་མཛད་མགོན་པོ་ཞེས་བྱ་བ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །འདིར་མགོན་བཀའ་ལྔ་པ་མགོན་ལྗང་ཚེ་བདག་གི་སྒྲུབ་ཐབས་ནི། སྟེགས་བུའི་སྟེང་དུ་ཆོས་འབྱུང་ལྗང་གུ་མེ་རི་ཅན། དབུས་སུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་དཔལ་གཏོར་ནོར་


PS002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མ་རྒྱན་གྱི་བརྒྱན་ལ་བཞག །གཡོན་དུ་མཉྫིའི་སྟེང་དུ། ནང་མཆོད་ཀ་པཱ་ལ་བདུད་རྩིས་གང་བ་དང་། དེའི་སྟེང་དུ་སིནྡྷུ་རའི་དཀྱིལ་འཁོར་མགོན་དམར་གྱི་སྐབས་དང་འདྲ་བར་བྲིས་ལ། དར་ལྗང་གི་གུར་ཕུབ། གཡས་སུ་བུམ་པ་སྤྱི་དང་མཐུན་པར་བཤམས། མཆོད་གཏོར་བཤམ་ཚུལ་སྤྱི་དང་འདྲ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་འགྲོ་ཚད་མེད་བཞི་རྣམས་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། གཞལ་མེད་ཁང་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། ཙན་དན་གྱི་ལྗོན་པའི་དྲུང་དུ། ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ལྗང་གུ། དེའི་དབུས་སུ་པྃ་


PS002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པདྨའི་ལྟེ་བར་ཉི་མ་དང་བགེགས་ཀྱི་རྒྱལ་པོའི་གདན་ལ། རང་སེམས་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་ཅང་ཏེའུ་དང་ཏྲི་ཤུ་ལ་འཛིན་པ། ཐ་མ་གཉིས་ཀྱིས་བགྲང་ཕྲེང་དང་ཞགས་པ་བསྣམས་པ། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་གྱེན་དུ་བརྫེས་པ། མི་མགོའི་དབུ་རྒྱན་དང་དོ་ཤལ། རུས་པའི་རྒྱན་དྲུག་དང་སྟག་ལྤགས་དང་དྲིལ་བུ་གཡེར་ཁའི་ཕྲེང་བ་སོགས་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ།


PS002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པང་དུ་ཡུམ་རྡོ་རྗེ་ཌཱ་ཀི་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན་གྱིས་འཁྱུད་པ། གཙོ་བོའི་མདུན་དུ་བུདྡྷ་ཌཱ་ཀི་དཀར་མོ་འཁོར་ལོ་དང་ཐོད་ཁྲག་འཛིན་པ། ལྷོར་རཏྣ་ཌཱ་ཀི་སེར་མོ་རིན་པོ་ཆེ་དང་ཐོད་ཁྲག་འཛིན་པ། ནུབ་ཏུ་པདྨ་ཌཱ་ཀི་དམར་མོ་པདྨ་དང་ཐོད་ཁྲག་འཛིན་པ། བྱང་དུ་ཀརྨ་ཌཱ་ཀི་ལྗང་གུ་རལ་གྲི་དང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་མི་མགོའི་ཕྲེང་བ་ཅན་སྒེག་ཅིང་ཆགས་པའི་ཉམས་ཅན། གཡོན་བརྐྱང་གི་སྟབས་ཀྱི་བཞུགས་པའོ། །དེའི་ཕྱི་རོལ་དུ་མཁའ་འགྲོ་མ་འབུམ་སྡེ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཁོད་པར་གྱུར། ཐམས་ཅད་ཀྱི་དཔྲལ་


PS002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་སྭཱ། གསང་གནས་སུ་ཧཱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས་ཤིང་། ཁྱད་པར་ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿཀྵིཾ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། དཔྲལ་མགྲིན་ཐུགས་ལྟེ་གསང་གནས་ནས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱའི་ཡིག་འབྲུ་ལས། །དཀར་དམར་མཐིང་སེར་ལྗང་བ་ཡི། །འོད་འཕྲོས་ཕྱོགས་བཅུ་ཀུན་ཁྱབ་པས། །


PS002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །སྐྱབས་གསུམ་ཐུགས་རྗེའི་མངའ་བདག་ཅན། །ཡེ་ཤེས་སྤྱན་དྲངས་མ་ལུས་མཆོད། །ཚེ་བདག་ཕྲིན་ལས་མགོན་པོར་གྱུར། །འཕྲོ་འདུ་འོད་ཟེར་ལྔས་བསྐུལ་ཏེ། །དབུས་འགྱུར་རང་བཞིན་མཆོག་སྒྲུབ་ནས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔལ་ལྡན་འབྱོར་བཅུ་ཚེ་ཡི་བདག །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཚོགས། །དུར་ཁྲོད་བརྒྱད་དང་ཉེར་བཞི་ཡི། །དམ་ཅན་འཁོར་བཅས་འདིར་འདུས་ལ། །རྣལ་འབྱོར་བདག་ལ་མཆོག་སྩོལ་ཅིག །ཅེས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་གའམ་གནས་ལྔ་ནས་


PS002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག། ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། བུདྡྷ་ཌཱ་ཀི་ལ་རྣམ་སྣང་། རཏྣ་ཌཱ་ཀི་ལ་རིན་འབྱུང་། པདྨ་ཌཱ་ཀི་ལ་སྣང་མཐའ། ཀརྨ་ཌཱ་ཀི་ལ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། གཏོར་མ་ནག་པོའི་མངོན་རྟོགས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབ་ལ། ཡེ་ཤེས་ཀྱི་ལྷ་ལ་དམིགས་ཏེ། དཀྱིལ་འཁོར་གྱི་ལྷ་


PS002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། གུ་རུ་མ་ཧཱ་ཀཱ་ལ་བི་ཤྭ་ཌཱ་ཀ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་གྱིས་མཆོད་པ་འབུལ། བླ་མ་མགོན་པོ་དབྱེར་མེད་ཕྲིན་ལས་སྐུ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྱག་མཛད་པ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །ཕྱག་དྲུག་སྣ་ཚོགས་མཁའ་འགྲོ་ལ་ཕྱག་འཚལ། །ཅེས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་བཛྲ་མ་ཧཱ་ཀ་ལ་ཧ་རི་ནི་ས་སརྦ་ཨ་ཡུར་ཛྙ་ན་སིདྡྷི་ཛཿཅེས་ཅི་འགྲུབ་བཟླ། འདི་ལ་བདག་མདུན་དམིགས་པས་ཐ་དད་དུ་སྒོམ་པ་ཡིན་ནའང་། བསྐྱེད་ཆོག་


PS002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་མཛད་པ་ཡིན་པས། དེ་ཉིད་ཀྱིས་བདག་མདུན་གཉིས་ཆར་འགྲུབ་བོ། །བུམ་པའི་ནང་དུ། མྱུར་མཛད་མཁའ་འགྲོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར། རང་གི་སྙིང་ག་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། སྔགས་ཀྱི་འོད་ཟེར་རྣམས་གཟུངས་ཐག་ལ་འཁྲིལ་ཞིང་། བུམ་པའི་ནང་གི་བཅུད་ལ་ཐིམ། མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དྭངས་མ་རྣམས་བདུད་རྩིའི་རྣམ་པས་བཀུག་སྟེ་ཐིམ་པར་གྱུར། བུམ་པ་ལ་དམིགས་ནས་སྙིང་པོ་བརྒྱ་ཙམ་བཟླའོ། །འོག་ཏུ་སློབ་མ་ལ་ཇི་ལྟར་བྱེད་པའི་ཆོ་ག་རྣམས།


PS002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་དམིགས་པའི་སྒོ་ནས་བདག་འཇུག་གི་ཚུལ་དུ་བླངས། སློབ་མའི་སྔོན་འགྲོའི་བྱ་བ། ཕྱག་འཚལ་ཁྲུས། མེ་ཏོག་བཀྱེ་བསྡུ་བྱས་ནས། སེམས་བསྐྱེད་གསལ་གདབ་སྐབས། མགོན་ལྗང་ཚེའི་བདག་པོའི་བཀའ་ཟབ་མོ། །ཞེས་དང་། དངོས་གཞི་ལ། གསན་བྱའི་ཆོས། འཕགས་ཡུལ་གྲུབ་པའི་དབང་ཕྱུག་སྒྲ་གཅན་འཛིན་སྦས་པའི་ཞལ་སྔ་ནས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ཉེ་བརྒྱུད་དུ་སྩལ་བ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ཞི་བ་ནོར་དུ་སྒྲུབ་པའི་བྱེ་བྲག་མགོན་ལྗང་ཚེའི་བདག་པོའམ་ཕྱག་དྲུག་སྣ་ཚོགས་མཁའ་འགྲོ་ཞེས་གྲགས་པ་འདི་ནི་རྒྱ་གཞུང་ལས། བར་མཚམས་མེད་པར་ཞག་བདུན་བསྒྲུབ། །ཞལ་མཐོང་དངོས་གྲུབ་རྣམ་གཉིས་འབྱུང་། །ཚེ་འཕེལ་གཞོན་


PS002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ནུའི་ལང་ཚོ་རྒྱས། །ལུང་བསྟན་འདུ་བ་རྣམ་གསུམ་འབྱུང་། །ཞེས་བསྔགས་པར་མཛད་པ་མགོན་པོ་ཉིད་ཐུན་མོང་མ་ཡིན་པའི་ཚུལ་དུ་སྒྲུབ་པ། །མཆོག་ཐུན་མོང་གི་དངོས་གྲུབ་སྤྱི་དང་ཁྱད་པར་ཚེ་སྤེལ་བ་ལ་མཆོག་ཏུ་བསྔགས་པའི་རྗེས་གནང་སོགས་སྦྱར་ལ་མཎྜལ་འབུལ། གསོལ་བཏབ་རྣམས་མགོན་བཀའ་སྤྱི་དང་འདྲ། རྒྱས་པ་ལ་དགའ་ན། སྐྱབས་འགྲོ་སེམས་བསྐྱེད་གནང་བ་སྦྱིན། རྟོག་པ་བསྡུ་བ། ཡན་ལག་ལྔ་པ། རིགས་ལྔའི་སྡོམ་བཟུང་རྣམས་བྱས་ལ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་ཡན་ལག་བདུན་པ་ཁོ་ནས་འགྲུབ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག། ཅེས་སོགས་མགོན་དམར་གྱི་སྐབས་ནས་འབྱུང་བ་བཞིན་བརྗོད། སློབ་དཔོན་


PS002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དང་མདུན་བསྐྱེད་དབྱེར་མ་མཆིས་པའི་དཀྱིལ་འཁོར་གསལ་འདེབས་པ་ནི། ཨོཾ་སྭ་བྷཱ་ཝ་ནས་འཁོད་པར་གྱུར། ཞེས་པའི་བར་མངོན་རྟོགས་བཞིན་བརྗོད། དེ་ལྷ་ངོ་བསྟན་པའི་དོད་ཡིན་ནོ། །ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མགོན་ལྗང་ཚེ་བདག་ཡབ་ཡུམ་དུ་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ལྟེ་བར་སྭཱ། གསང་བར་ཧཱ། སློབ་དཔོན་གྱི་གནས་ལྔ་ནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ། འུར་འུར། ཆེམ་ཆེམ་བྱོན་པ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། རོལ་ཆེན་དང་བཅས་པས་


PS002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་མཐར། ཨ་ཝེ་ཤ་ཡ་ཨཱཿཨཱཿཨཱཿཞེས་བཏགས་ལ་དྲག་ཏུ་བཟླ། དེ་ཡེ་ཤེས་དབབ་པའི་དོད་ཡིན་ནོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་འབུལ་དུ་བཅུག་ལ། །བླ་མ་མགོན་པོ་དབྱེར་མེད་པས་བདག་ལ་དབང་བཞི་བསྐུར་དུ་གསོལ། ཞེས་གསོལ་བཏབ་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག། བུམ་བསྐྱེད་ཀྱི་ལྷའི་དཔྲལ་བ་ནས་བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས། ཁྱེད་རང་རྣམས་ཀྱི་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས་པར་མོས་མཛོད། བཀྲ་ཤིས་ཚེ་བརྟན་རྣམ་རྒྱལ་བུམ་བཟང་ན། །ཉོན་མོངས་གཏི་མུག་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་འོད་གཟུགས་སྒྲིབ་བྲལ་ལོངས་སྐུ་བཞུགས། །ཕྱག་དྲུག་ཚེ་


PS002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་མགོན་དབང་བསྐུར་བས། །མེ་ལོང་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །མི་ཤིགས་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག །སྔགས་བཟླ་བཞིན་པས། བུམ་པ་དཔྲལ་བར་རེག་ཏེ། བུམ་ཆུ་བླུད། དེ་བཞིན་དུ་འོག་མ་རྣམས་ལའང་རིགས་འགྲེས་ཏེ། ཡང་། བུམ་བསྐྱེད་ཀྱི་མགྲིན་པ་ནས། བདུད་རྩི་དམར་པོ༴ཉོན་མོངས་འདོད་ཆགས་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཞུགས། །རྩ་སྔགས་སྟོང་ཉིད་སྙིང་པོའི་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག །མགྲིན་པར་རེག་ཞིང་། ཐུགས་ཀ་ནས་བདུད་རྩི་སྔོན་པོ༴། ཉོན་མོངས་ཞེ་སྡང་དག་པའི་ཡེ་ཤེས་


PS002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །རྒྱལ་བའི་ཐུགས་མཆོག་དཔལ་གྱི་ཡེ་ཤེས་བཞུགས། །མི་འགྱུར་ལྷན་ཅིག་སྐྱེས་དགའི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས༴ ། རྣམ་ཀུན་ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །སྙིང་གར། ལྟེ་བ་ནས་བདུད་རྩི་སེར་པོ༴ ། ཉོན་མོངས་ང་རྒྱལ་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཡོན་ཏན་ཕན་བདེ་མཆོག་སྩོལ་བཞུགས། །ཆོས་ཀྱི་དབྱིངས་དང་རིག་པ་དབྱེར་མེད་པ། །མཉམ་ཉིད༴ ། མཐོང་ཐོས་དྲན་རེག་མྱུར་དུ་སངས་རྒྱས་ཤོག །ལྟེ་བར། གསང་བ་ནས་བདུད་རྩིའི་རྒྱུན་ལྗང་གུ༴ ། ཉོན་མོངས་ཕྲག་དོག་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཕྲིན་ལས་རྒྱུན་མི་འཆད་པར་


PS002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ལྔ་ལྡན་གསང་རིག་གཟུངས་སྔགས་དབང་བསྒྱུར་ཏེ། །བྱ་གྲུབ་ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །ལྷུན་གྲུབ་རབ་འབྱམས་རྒྱལ་བའི་ཞིང་ཐོབ་ཤོག །སྙིང་པོའི་སྔགས་བཟླ་བཞིན་དུ། །གསང་བའི་ཕྱོགས་སུ་རེག་པ་ལྟར་བྱས། བུམ་ཆུ་བླུད། ཕྱི་མ་རྣམས་ལ་བུམ་ཆུ་འཐོར་བར་མཛད་པའི་ཕྱག་ལེན་ཡང་སྣང་ངོ་། །དེ་དག་ནི་བུམ་པའི་དབང་ངོ་། །སིན་དྷུ་རའི་དཀྱིལ་འཁོར་གྱི་མེ་ལོང་སྤྱི་བོར་གཏུག །ཐོད་པ་བདུད་རྩིའི་གང་བ་སྙིང་གར་རེག་ཞིང་། རྒྱལ་བ་རབ་འབྱམས་རྒྱ་མཚོ་དབྱིངས་བརྒྱུད་པའི། །མཚན་ལྡན་ཐོད་པ་བདུད་རྩིས་གང་བ་དང་། །སྒྲིབ་བྲལ་སྣང་སྟོང་ཟུང་འཇུག་མེ་ལོང་ལ། །སིནྡྷུར་ཆོས་འབྱུང་མཁའ་འགྲོའི་ཞལ་ཡས་ནས། །བདེ་


PS002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ས་བོན་ཕྱག་མཚན་རྩ་སྔགས་ལྷས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྩ་སྔགས་བརྗོད་ཅིང་སིནྡྷུ་རས་དཔྲལ་བར་ཐིག་ལེ་བྱ། ནང་མཆོད་བདུད་རྩི་སྦྱིན་ནོ། །དེ་ནི་གསང་བའི་དབང་ངོ། །དེ་ནས་འདི་སྐད་ཅེས་བརྗོད་དེ། གསང་ཡུམ་རྡོ་རྗེ་མཁའ་འགྲོ་མས། །ལྷ་མོ་སྤྲོས་ཏེ་བུ་ལ་གཏད། །སྙོམས་པར་ཞུགས་པའི་བདེ་བས་གང་། །ཐབས་དང་ཤེས་རབ་དབྱེར་མེད་གྱུར། །གང་འདུལ་ལྷ་སྐུ་མཐའ་ཡས་སུ། །སེམས་ཅན་དོན་དུ་བྱེད་གྱུར་ཅིག །རྩ་སྔགས་བརྗོད་ལ། དེའི་དོན་སྒོམ་དུ་གཞུག་གོ །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཕྱག་རྒྱ་ཆེན་པོའི་དོན་བསྒོམ་དུ་བཅུག་སྟེ། སྤྲོས་པའི་


PS002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བྲལ་གཅེར་མཐོང་རང་རིག་འདི། །ནམ་མཁའ་ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མ་རིག་འཁོར་བའི་སྡུག་བསྔལ་རྒྱུད་དྲུག་དང་། །འཁྲུལ་རྟོག་ཉོན་མོངས་དུག་ལྔ་རྩད་ཆོད་ནས། །སྐྱབས་གསུམ་ཀུན་འདུས་གོ་འཕང་མཆོག་ཐོབ་ཤོག །ཨོཾ་དྷ་རེ་དྷ་རེ་དྷ་ར་ཎ་བྷ་ཏེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། རྒྱས་པ་ལ་སྤྲོ་ན། བཀྲ་ཤིས་བཀའ་བརྒྱ་མ་བརྗོད་ཅིང་། །མདོར་བསྡུ་ན། ཉིན་མོ་བདེ་ལེགས་སོགས་ཤློ་ཀ་གཅིག་བརྗོད། གཏོར་མའི་བཀའ་བསྒོ་བ་ནི། སྤྱི་བོར་བཟུང་ལ། གཏོར་མ་འདི་ཉིད་བླ་མ་མགོན་པོ་དབྱེར་མེད་དུ་གསལ་བའི་མཐའ་བསྐོར་དུ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་


PS002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་བར་མོས། རང་གི་སྤྱི་བོར་བྱོན། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐུ་ཕྲ་མོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལྗང་གུ་ཚེའི་བདག་པོ་སྣ་ཚོགས་མཁའ་འགྲོ་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་སོགས་མགོན་དཀར་ལྟར་ལ། ཐོགས་མེད་དུ་བསྒྲུབ་པ་དང་། ཁྱད་པར་དུ་ཚེ་ལ་གནོད་པའི་བར་དུ་གཅོད་པའི་ཐམས་ཅད་སྲུང་ཞིང་ཟློག་པ་དང་། འཆི་བ་མེད་པ་རྡོ་རྗེ་ཚེའི་དངོས་གྲུབ་སྩལ་བར་མཛད་དུ་གསོལ། ཅེས་རོལ་མོ་དང་བཅས་ཏེ་བཀའ་བསྒོ་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་ནི། བླ་མ་མགོན་པོ་


PS002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཀྱི་ཐུགས་ཀ་ནས། སྔགས་ཀྱི་ཕྲེང་བའི་ཚོགས་བྱུང་། ཁྱེར་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ལ་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །སླར་ཡང་མེ་ཏོག་རྣམས་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབ་ལ། ཁྱེད་རང་རྣམས་ལ་གཏོར་བས། སྔགས་ནུས་པ་མཐུ་ཅན་དུ་མོས་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་།


PS002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས། སློབ་མའི་རྗེས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་རྣམས་ནི་མགོན་ནག་གི་སྐབས་སུ་བརྗོད་ཟིན་པ་ལྟར་རོ། །ཀུན་ལས་ཟབ་མོའི་ཚེ་སྒྲུབ་ནི། །བར་ཆད་བསྲུང་ཐབས་དགའ་བའི་ཏོག། མགོན་ལྗང་སྒྲུབ་ཐབས་སྙིང་པོ་འདི། །གཞན་ལ་ཕན་ཕྱིར་སྦྱར་བ་ཡིན། །མགོན་ལྗང་ཚེ་བདག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། རྩ་བརྒྱུད་བླ་མ་རྡོ་རྗེ་ཅན། །ཡེ་ཤེས་མགོན་པོའི་སྐུར་སྣང་བ། །ཞབས་ཀྱི་པད་མོར་ཕྱག་བྱས་ཏེ། །བླ་མགོན་དབྱེར་མེད་རྗེས་གནང་བཤད། །གནས་དབེན་པར་ས་གཞི་ཆག་ཆག་དང་ཕྱག་དར་ལེགས་པར་བྱས། དཀོན་མཆོག་རྟེན་དང་ཁྱད་པར་མགོན་པོའི་བྲིས་སྐུ་སོགས་ལེགས་པར་བཤམ། ས་གཞི་དྲི་བཟང་གིས་བྱུགས་པར་ཇི་ཙམ་འཚམས་པའི་ཐིག་གྲུ་བཞི་བཏབ། དེ་གཉིས་ཀྱི་བར་ནག་པོ་


PS002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལ་དུར་ཁྲོད་གཅིག་བྲིས། དེའི་ནང་དུ་ཟླུམ་པོ་གཉིས་སྐོར། ཟླུམ་སྐོར་དང་གྲུ་བཞིའི་བར་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ་བྱས་ལ་ཟླུམ་སྐོར་གཅིག་གི་བར་སྔོན་པོ། །ཟླུམ་པོའི་ནང་ལྗང་ཁུར་བྱས་པའི་དབུས་སུ་ཆོས་འབྱུང་མཐིང་ནག་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་ངམ་གྲི་གུག་གི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བྲིས། དེའི་སྟེང་དུ་མཉྫིའི་ཁར་ནས་ནག་རྗེན་བཏགས་ལས་བྱས་པའི་གཏོར་མ་དཔལ་བཤོས་ཟུར་གསུམ་པ་ལ་མཐའ་མ་ཐེབ་ཀྱུས་བསྐོར་བ་རྒྱན་དང་བཅས་པ་ལ་མདའ་དར་མེ་ལོང་མགོན་པོའི་ཙཀླི་བཏགས་པ་བཙུགས་ལ་བཞག །མཐའ་མཆོད་པ་དང་གཏོར་མ་སྤྱན་གཟིགས་སྣ་ཚོགས་པས་བསྐོར། སྔོན་གཏོར་གནས་ཡོ་བྱིན་རླབས། ཡི་དམ་བསྒོམ་བཟླས་སོགས་ནས་བརྩམས། མདུན་བསྐྱེད་སྒྲུབ་ཚུལ་རྩ་བ་བར་ཆེན་ཀུན་སེལ་གྱི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ལ། ཁྱད་པར་གསོལ་འདེབས་གོང་དུ། མགོན་པོའི་དབུ་གཙུག་ཏུ་དྲིན་


PS002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་གཏོད་ཅིང་། གཡོན་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་ནས་བརྩམས་ཏེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མའི་སྐུ་ལས་འོད་འཕྲོས། མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འུར་འུར་སིལ་སིལ་གར་མཛད། མགོན་པོ་ལས་འོད་འཕྲོས། བླ་མའི་སྐུ་ལ་ཐིམ་པས། བླ་མ་འོད་དང་བདེ་བའི་རང་བཞིན་དུ་གྱུར། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ། ཁྲོལ་


PS002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་གར་མཛད། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཞེས་ལན་ཅི་རིགས་དང་། ན་མོ་བུདྡྷའི་གསོལ་འདེབས་ལན་བརྒྱ་རྩ་ལས་མི་ཉུང་བ་དང་། བླ་མགོན་དབྱེར་མེད་གསོལ་འདེབས་ཚིག་རྐང་ལྔ་པོའང་མང་དུ་བརྗོད་ལ། གཞུང་བསྙེན་ཁྱུག་ཙམ་མཐར། གཏོར་འབུལ་ཚིག་ལྷུག་འདོད་གསོལ་མ་སྦྱར་བ་དང་། བསྟོད་པ་ཡན་གྲུབ་པ་དང་། བདག་འཇུག་བླང་། སློབ་མ་རྣམས་ཁྲུས་བྱས། གསེར་གྱི་


PS002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་བཅས་མདུན་དུ་འཁོད་པ་ལ། སློབ་དཔོན་གྱིས། འོ་ན་ནམ་མཁའི་མཐའ་དང་མཉམ་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་མགོན་པོ་དབྱེར་མེད་པའི་བཀའ་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ཁྱད་པར་ཅན་གསལ་བཏབ་ནས་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱིས་རྙེད་པར་བཀའ་བ་མིའི་ལུས་རྟེན་བཟང་པོ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ནི་མཇལ། བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་དུས་འདིར། སྙིང་ཐག་པ་ནས་ཆོས་ལ་


PS002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དགོས། ཆོས་བསྒྲུབ་པ་ལ་དེང་སང་སྙིགས་མའི་དུས་འདིར་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བ་ཡིན་ཏེ། ཡུམ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་དེ་ལ་འཚེ་བ་མང་། །ཞེས་གསུངས་པས། དེའི་གཉན་པོར་ཆོས་སྐྱོང་ཁྱད་པར་ཅན་རེ་བསྟེན་དགོས། དེ་ལ་མཉམ་མེད་ཤངས་པ་བཀའ་བརྒྱུད་པ་འདིའི་ཕྱག་བཞེས་དང་བོད་ཀྱི་ལྷ་མིན་འདྲེ་མིན་བསྟེན་པའི་ལུགས་མི་གཅིག །གྲུབ་ཐོབ་གཙང་བརྒྱུད་ཀྱི་སྲོལ་སྐྱོང་བ་ཁྱུང་པོ་རྣལ་འབྱོར་གྱི་ཆོས་ལུགས་ཡིན། ཁོང་གི་མགོན་པོ་ཕྱག་དྲུག་པ་འདི་རྒྱ་གར་ནས་བོད་དུ་སྤྱན་དྲངས་པ་ཡིན་ཏེ། ཁྱུང་པོས་རྒྱ་གར་དུ་བྱོན་ནས། བླ་མ་མཻ་ཏྲི་པ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་ན་


PS002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ། གསེར་སྲང་བདུན་ཕུལ་ནས། ངེད་བོད་རྣམས་ལོངས་སྤྱོད་ཆུང་བ་ཡིན་པས། ནོར་སྒྲུབ་མཐུ་མྱུར་ལ་རྟགས་མཚན་ཆེ་བ་གཅིག་ཞུ་ཞུས་པས། མཻ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་ནོར་བུ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙན་དན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་ཕྱག་དྲུག་ཅེས་ཀྱང་བྱ་བ། ཚེ་འདི་དང་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་འདུ་བ། མི་ནོར་རྫས་གསུམ་ཤུགས་ལ་འབྱུང་བ། དགྲ་ཐམས་ཅད་བརླག་པར་བྱེད་པ། ཟློག་པས་མི་ཚུགས་པ།


PS002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་མོང་ཐམས་ཅད་ལོ་ཟླས་འགྲུབ་པ། མཆོག་སྒྲུབ་པས་ཐུན་མོང་ཞོར་ལ་འབྱུང་བ། ཐུན་མོང་སྒྲུབ་པས་མཆོག་ཞོར་ལ་འབྱུང་བ། གཅིག་ཡོད་པ་འདི་སྦྱིན་གསུངས་སོ། །དེ་བླ་མས་སུ་ལ་ཞུས་བྱས་པས། ཁོ་བོས་དཔལ་ཤ་བ་རི་པ་ལས་ཐོབ། དཔལ་ཤ་བ་རི་པ་ཞེས་བྱ་བ་འདི་ནི་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་འབྲས་སྤུངས་དང་ཉེ་བར་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཉིས་ཡོད་པའི་དབུས་ན། ཏྲི་པ་ལ་བྱ་བ་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོའི་མཆོད་པས་མཉེས་པར་བྱས་པ་དེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་བུ་གཅིག་ན་སྒྲུབ་པ་མཛད་


PS002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཞུགས་ཡོད་པའི་ཚེ། ནམ་མཁའ་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང་། ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས་རིགས་ཀྱི་བུ་ངའི་སྒྲུབ་ཐབས་ཟུངས་ཤིག་གསུངས་ནས། ཤ་བ་རི་པས་སྒྲུབ་ཐབས་འདི་ཡི་གེར་བཀོད། ཡང་རྗེ་བཙུན་རྣལ་འབྱོར་མ་དང་། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་གསུམ་བྱོན་ནས་སྒྲུབ་ཐབས་ཀྱི་ལུང་གསུངས་ཏེ་བསྔགས་པར་མཛད་དོ། །དེ་ལྟ་བུའི་བླ་མ་དེ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་དུས་སུ་ཁོ་བོས་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམས་ངག་ཞུས། དེའི་དུས་སུ་ཕྱག་དྲུག་པ་འདི་གནང་ནས་བསྒྲུབ་པས་ཞག་ཉི་ཤུ་རྩ་གཅིག་ནས་ཞལ་མཐོང་བ་


PS002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ད་ཁྱུང་པོ་རྣལ་འབྱོར་ཁྱོད་ཀྱིས་ཀྱང་། ཕྱག་དྲུག་པ་འདི་ལ་ནས་ནག་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། ཁྱི་ནག་པོ་ལ་རྡོ་མ་རྡེག། ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་འགྱུར་རོ། །ཞེས་ལུང་བསྟན་ནས་བཀའ་བསྒོ་ལན་གསུམ་གྱི་བར་མཛད་ནས་གནང་ངོ། །གཞན་ཡང་སྔོན་བྱུང་བ་འདས་པའི་དུས་སུ་དུར་ཁྲོད་ཆེན་པོ་མུན་པ་མི་ཟད་པ་ཞེས་བྱ་བར། སློབ་དཔོན་ཆེན་པོ་དྷ་ན་སཾ་སྐྲྀ་ཏ་ཞེས་བྱ་བ་ལ། ཡེ་ཤེས་ཀྱི་མགོན་པོ་འདི་ཞལ་མངོན་སུམ་དུ་གཟིགས་ཤིང་། འཁོར་ཚོགས་དབང་དུ་བསྡུས་ནས་ལས་


PS002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྒྲུབ་པར་མཛད་པའི་བླ་མ་དེས། རཱ་ཧུ་ལ་གུཔྟ་བཛྲ་ལ་ཞལ་གཟིགས་ཉེ་བརྒྱུད་ཀྱི་ཚུལ་དུ་གནང་། དེས་ཁྱུང་པོ་རྣལ་འབྱོར་འཕན་ཡུལ་ཇོག་པོའི་རི་ལ་བཞུགས་དུས་རྒྱ་གར་ནས་ནམ་ལངས་པ་ལ་ཕེབས་ཏེ། བོད་དུ་ཉི་ཤར་ལ་གདམས་པ་སྒོ་སྐྱེལ་དུ་མཛད་པ་སྟེ། གྲུབ་ཐོབ་རྣམ་པ་གཉིས་ལས་བརྒྱུད་པའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གདམས་སྐོར་ལ་རྗེས་གནང་བྱིན་རླབས་ཀྱི་བཀའ་རིགས་མི་གཅིག་པ་མང་དུ་བཞུགས་ནའང་། ཞི་དྲག་གི་སྒྲུབ་ཐབས་ཀུན་གྱི་ཟབ་གནད་དྲག་པོ་སྙིང་ལྟ་བུ་མེད་དུ་མི་རུང་བའི་ཡན་ལག་གི་བཀའ་གསུམ་གྱི་དང་པོ་བླ་མ་མགོན་པོ་དབྱེར་མེད་འདི་ནི། གྲུབ་ཆེན་ཤ་བ་རི་པའི་ཞལ་ནས།


PS002_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་གསོལ་འདེབས་ཕྱེ་མར་བྱས་ཤིང་གཏོར་མ་ཕུལ་ན་ཞལ་མྱུར་དུ་སྟོན་པར་འགྱུར་རོ། །དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་གསོལ་བ་བཏབ་ན་མོས་གུས་ཞུང་ཞུང་བྱེད་པར་བསམ་ན་གཞན་དོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །བླ་མ་དང་མགོན་པོའི་སྐུ་གང་གསལ་བ་ལ་སེམས་བཟུང་ན་ལོངས་སྐུ་དང་སྤྲུལ་སྐུར་འཚང་རྒྱའོ། །རྟོགས་པ་སྐྱེས་ཚད་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཐག་བཅད་ན་དག་པའི་ས་གསུམ་ཐོབ་བོ། །གསོལ་བ་བཏབ་པའི་རྗེས་སམ་འགྲོ་ཆག་གང་གི་དུས་སུ་ཡང་ཅིར་སྣང་ཐམས་ཅད་གསལ་ལ་འཛིན་མེད་གླང་པོའི་ལྟ་ལྟངས་སུ་བཞག་ན་ཆོས་སྐུར་འཚང་རྒྱའོ། །མཎྜལ་དང་གཏོར་མ་


PS002_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནས་ཡིད་ཆེས་ཐེ་ཚོམ་མེད་པར་གསོལ་བ་བཏབ་ན་ཐུན་མོང་གི་དངོས་གྲུབ་སྟེར་བར་བྱེད་དོ། །མ་ཡེངས་པར་ཟླ་བ་བདུན་བསྒོམ་ན་དེ་ཉིད་དུ་འཚང་རྒྱ་བར་བྱེད་དོ། །ཐོ་རེངས་ཐུན་རེ་བསྒོམ་ན་འཆི་ཁར་གཟུགས་སྐུ་དང་ཆོས་སྐུ་ཐོབ་བོ། །དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་ལྔ་བྱས་པ་ཡང་བར་དོར་འཚང་མི་རྒྱ་མི་སྲིད་དོ། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བར་ཤོག །ཅེས་པ་ལན་གཅིག་ཐོས་པ་དང་གསེར་ལ་བྲིས་ནས་བཏགས་ན་ཡང་འཆི་ཁར་ཞལ་མཐོང་བར་འགྱུར་རོ། །ཡེ་ཤེས་


PS002_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་མདུན་བྱོན་ནས། །བདག་འདྲ་ཤ་བ་རི་པ་ལ། །ལན་གསུམ་བར་དུ་གསུངས་ནས་ཀྱང་། །བཀའ་རྒྱས་བཏབ་ནས་མཁའ་ལ་གཤེགས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཆིག་བརྒྱུད་དག་ལས་མ་སྤེལ་ཅིག། ཅེས་ཆེད་དུ་བསྔགས་ཤིང་བཀའ་རྒྱས་བཏབ་པའི་གསེར་ཆོས་ཡིན་ལ། སྤྱིར་ཆོས་སྐྱོང་གཞན་དག་ལའང་བླ་མགོན་དབྱེར་མེད་ཀྱི་ཁ་སྐད་ཙམ་རེ་མཆིས་ཀྱང་དེ་དག་ནི་ཆོས་སྐྱོང་ཡེ་ཤེས་པར་ཡིན་པར་སྒྲུབ་པ་དང་བླ་མ་ཉིད་རྩ་གསུམ་ཀུན་འདུས་སུ་ཤེས་དགོས་པའི་གཏན་ཚིག་ཙམ་ཡིན་ལ། འདི་ནི་རྒྱ་གཞུང་གི་ཁུངས་དང་ལྡན་པའི་སྒྲུབ་ཚུལ་ཁྱད་པར་ཅན་བྱིན་རླབས་ཀྱི་བཀའ་དང་བཅས་པ་དམིགས་བསལ་དུ་


PS002_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པས་འདི་ལྟར་སྒྲུབ་པས་ཉམས་རྟོགས་སྐྱེད་བྱེད་ཀྱི་བླ་སྒྲུབ་ཁྱད་པར་ཅན་དུ་འགྱུར་པ་མ་ཟད། མགོན་པོ་འདི་ལ་རྟེན་བཞི་གནད་གསུམ་ཞེས་བྱ་བ་ཡོད་པས་བླ་མ་མགོན་པོ་དབྱེར་མེད་དུ་བསྒྲུབ་པ་འདི་དེ་ཁོ་ན་ཉིད་ཀྱི་རྟེན་ཞེས་བྱ་བ་མགོན་པོ་འདི་བརྟེན་པ་ལ་མེད་དུ་མི་རུང་བའི་ཡན་ལག་ཀྱང་ཡིན་པས་དེ་ལྟ་བུའི་བཀའ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་ཚལ། ཞེས་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱོད་ཞགས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་པོས། །བདག་


PS002_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བློ་མཆོག་སྩལ་དུ་གསོལ། །ལན་གསུམ། དེ་ནས་ལྷ་ངོ་སྤྲད་པ་ནི། མདུན་གྱི་དཀྱིལ་འཁོར་འདི་ཉིད་སྲུང་བའི་འཁོར་ལོའི་ནང་མི་ཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ་སོགས་རྩ་བ་མགོན་མཐིང་གི་རྗེས་གནང་སྐབས་ལྟར། ཚུལ་བཞིན་དུ་སྐོང་བར་མཛད་པ། དེ་དག་གི་སྟེང་དུ་དྲིན་ཅན་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཁྱད་པར་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ལེགས་


PS002_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གི་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །


PS002_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བཙམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །


PS002_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དེ་དག་གིས་འཇུག་པའི་ཆོས་མདོར་བསྡུས་པ་གྲུབ་


PS002_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དངོས་གཞིའི་བྱིན་རླབས་འབེབས་པའི་སླད་དུ་བླ་མ་མགོན་པོ་དབྱེར་མེད་པ་ལ་མོས་གུས་དུང་བ་སོགས་མགོན་མཐིང་གི་སྐབས་ལྟར་ལ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག །དེ་ནས་མདུན་བསྐྱེད་གཏོར་མ་དང་དབྱེར་མེད་པའི་མགོན་པོའི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་སོགས་དབང་སྒྲུབ་སྐབས་ལྟར་ལ། བླ་མ་དང་མགོན་པོ་དབྱེར་མེད་པའི་བདག་ཉིད་དུ་མོས་པ་དུང་དུང་མཛད་ནས་སྐུའི་བྱིན་རླབས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རི་ི། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ག་ཛོ་གི་ནཱི། སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཾ། གཙྪ་མི་ཀྱཻ། ཞེས་ལན་གསུམ།


PS002_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །ཞེས་ལན་གསུམ་བརྗོད་དུ་གཞུག །དེ་ལྟར་གསོལ་བ་བཏབ་པས། མགོན་པོའི་སྤྱི་བོ་ན་བཞུགས་པའི་བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དང་མགོན་པོའི་སྨིན་མཚམས་ནས་མགོན་པོའི་སྐུ་དཀར་པོ་ཆུང་ལ་ཡན་ལག་རགས་པ་མང་པོ་བྱུང་། ཁྱེད་རང་གི་སྨིན་མཚམས་ན་ཕར་སིབ་སིབ་ཐིམ་པས་བླ་མ་མགོན་པོ་དབྱེར་མེད་པའི་སྐུའི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ། བླ་མས་ན་མོ་བུདྡྷ་དང་བཛྲ་མ་ཧཱ་ཀཱ་ལའི་སྔགས་དྲག་ཏུ་བརྗོད་ཅིང་


PS002_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོའི་སྒྲ་དྲག་ཏུ་བྱ། དེ་ལ་བླ་མ་དང་མགོན་པོའི་སྐུའི་བྱིན་རླབས་ཐོབ། ཁྱེད་རང་གི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །བུམ་པའི་དབང་བསྐུར་ཐོབ་སྙམ་པའི་མོས་པ་མཛོད་ཅིག །གསུང་གི་བྱིན་རླབས་ཞུ་བའི་དོན་དུ་སྔར་ལྟར་གསོལ་བ་གདབ། མགོན་པོའི་སྤྱི་བོ་ན་བཞུགས་པའི་བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་དང་མགོན་པོའི་མགྲིན་པ་ནས་མགོན་པོའི་སྐུ་དམར་པོ་ཆུང་ལ་ཡན་ལག་རགས་པ་མང་པོ་བྱུང་། ཁྱེད་རང་གི་མགྲིན་པ་ནས་ཕར་སིབ་སིབ་ཐིམ་པས་བླ་མ་དང་མགོན་པོ་དབྱེར་མེད་པའི་གསུང་གི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་དང་རོལ་མོ་བྱེད། དེས་བླ་མ་དང་མགོན་པོའི་གསུང་གི་བྱིན་རླབས་ཐོབ། ཁྱེད་


PS002_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །གསང་བའི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཐུགས་ཀྱི་བྱིན་རླབས་ཞུ་བའི་དོན་དུ་སྔར་ལྟར་གསོལ་བ་བཏབ། མགོན་པོའི་སྤྱི་བོ་ན་བཞུགས་པའི་བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་དང་མགོན་པོའི་ཐུགས་ཀ་ནས་མགོན་པོའི་སྐུ་མཐིང་ག་ཆུང་ལ་ཡན་ལག་རགས་པ་མང་པོ་བྱུང་། ཁྱེད་རང་གི་སྙིང་ག་ནས་ཕར་སིབ་སིབ་ཐིམ་པས་བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་དང་རོལ་མོ་བྱེད། དེས་བླ་མ་དང་མགོན་པོའི་ཐུགས་ཀྱི་བྱིན་རླབས་ཐོབ། ཁྱེད་རང་གི་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་


PS002_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དག། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་མཛོད། ཡང་བླ་མ་དང་མགོན་པོ་དབྱེར་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིག། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སོགས་གསོལ་འདེབས་ཉེར་གཅིག་དང་། ན་མོ་བུདྡྷཱ་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མགོན་པོའི་སྤྱི་བོ་ན་བཞུགས་པའི་བླ་མའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་བྱུང་། མགོན་པོའི་སྐུའི་ཆ་ཐམས་ཅད་ལས་ཀྱང་མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་སྣ་ཚོགས་པའི་མདོག་ཅན་ཌཱ་མ་རུ་དང་གཡེར་ཁའི་སྒྲ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་


PS002_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པ་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་གི་ལུས་ཀྱི་སྟོད་སྨད་པར་གསུམ་ནས་ཕར་སིབ་སིབ་ཐིམ་པས་ཁྱེད་རང་གི་ལུས་སེམས་བདེ་བས་གང་། ལུས་ཀྱི་ནང་ན་མགོན་པོ་རྣམས་གར་མཛད་ཅིང་ནད་གདོན་སྡིག་སྒྲིབས་ཐམས་ཅད་ཞལ་དུ་གསོལ། ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་ཅེས་པའི་གསུང་ལྷང་ལྷང་འབྱོན་བཞིན་པ་དང་བཅས་པའི་ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས་བླ་མ་དང་མགོན་པོ་དབྱེར་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་དང་རོལ་མོ་དང་བཅས་པས། ཕྱོགས་བཅུ་དུས་གསུམ་ན་


PS002_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བས། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག།


PS002_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་བརྗོད། དེས་བླ་མ་དང་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐོབ། ཁྱེད་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །དབང་བཞི་པ་ཐོབ་སྙམ་པའི་མོས་པ་མཛོད། མཐའ་རྟེན་བྱིན་རླབས་གཏོར་མའི་དབང་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་


PS002_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། བླ་མ་མགོན་པོ་དབྱེར་མེད་སོགས་ཚིག་རྐང་ལྔ་པོ་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་གཏོར་མ་མགོན་པོར་གསལ་བ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས། མོས་གུས་དུང་བ་བྱས་ཤིང་བླ་མས་བཀའ་བསྒོས་པའི་ཚེ། སྐུའི་གནས་རྣམས་ནས་བདུད་རྩི་འོད་ཟེར་གྱི་རྣམ་པ་དང་ཁྲོ་ཆུང་མེ་མཚོན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་ལུས་ལ་ཞུགས་པས་སྡིག་སྒྲིབ་ནད་གདོན་འགལ་རྐྱེན་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་དུ་བཅོམ། ཚེ་བསོད་ཉམས་རྟོགས་ལ་སོགས་པ་འཕེལ་ཞིང་རྒྱས་པར་བྱས། བླ་མ་མགོན་པོ་འཁོར་དང་བཅས་པའི་གསང་བ་གསུམ་དང་གཉིས་


PS002_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །དཔལ་ཡེ་ཤེས་ཀྱི་མགོན་པོ་མྱུར་མཛད་སྤྱན་རས་གཟིགས་དབང་། རྩ་བརྒྱུད་བླ་མ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། དམ་ཅན་རྒྱ་མཚོ། སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས་ཀྱིས། ཇི་ལྟར་ཞལ་གྱིས་བཞེས་པའི་ཐུགས་བསྐྱེད་དམ་ཚིག་གཉེན་པོ་མ་གཡེལ་བར་རྡོ་རྗེ་སློབ་མ་འདི་ལ་མྱུར་བ་ཉིད་དུ་བྱིན་གྱིས་རློབ་པར་མཛད་དུ་གསོལ། མི་འབྲལ་བར་རྟག་ཏུ་དགོངས་ཤིང་འགྲོགས་ལ་མགོན་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་སེལ་ཞིང་


PS002_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་དང་མཐུན་པའི་འདོད་རྒུའི་དཔལ་འབྱོར་ཡར་ཟླ་ལྟར་འཕེལ་བ་སོགས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་མེད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། མདོར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་མྱུར་བ་ཉིད་དུ་བདེ་བླག་ཏུ་ཐོབ་པར་མཛད་དུ་གསོལ། ཅེས་དང་གཙོ་འཁོར་གྱི་སྔགས་རྣམས་བརྗོད། མཐར། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་སྟེང་གི་ནམ་མཁར་བཞུགས་པའི་རྩ་བརྒྱུད་བླ་མ་རྣམས་འོད་དུ་ཞུ་ནས་གཏོར་མ་མགོན་པོར་གསལ་བ་ལ་ཐིམ། དེ་ལས་རང་འདྲའི་སྐུ་གཉིས་པ་འཕྲོས་ཁྱེད་རང་ལ་ཐིམ་པས་མགོན་པོའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །


PS002_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་གཏོར་མའི་ཆ་ཤས་སྦྱིན་པར་བཤད། བཀྲ་ཤིས་བརྗོད། དེ་ལྟར་དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་ལྔ་བྱས་པའང་བར་དོར་འཚང་མི་རྒྱ་མི་སྲིད་པར་གསུངས་པའི་བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་ཟབ་མོ་ལེགས་པར་གྲུབ་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླངས་མན་ཆད་དང་། དཀྱིལ་འཁོར་རྗེས་ཆོག་རྩ་བའི་མགོན་པོ་ལྟར་རོ། །ཡོན་ཏན་ཀུན་གྱི་འབྱུང་གནས་ནི། །བླ་མགོན་དབྱེར་མེད་གསོལ་འདེབས་ཡིན། །བྱིན་རླབས་རྒྱ་མཚོར་འཇུག་ནུས་ན། །དོན་གཉིས་ནོར་བུ་ལོན་པར་ངེས། །བླ་མ་མགོན་པོ་དབྱེར་མེད་ཀྱི་རྗེས་གནང་གི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། སྙིང་རྗེའི་དབང་ཕྱུག་སེམས་དཔའ་ཆེ། །སྡིག་སྒྲིབ་འཇོམས་ཕྱིར་ཁྲོས་པའི་


PS002_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །གང་དེའི་ཞབས་ཀྱི་པདྨོ་ལ། །བཏུད་ནས་གྲིབ་སེལ་རྗེས་གནང་བཀོད། །མཎྜལ་མཆོད་གཏོར་བཤམ་ཚུལ་བར་ཆད་ཀུན་སེལ་དང་འདྲ། སྒྲུབ་ཐབས་ཀྱི་ཕྲིན་ལས་ཀྱང་དེ་དང་མཚུངས་པ་ལས། སྤྱན་འདྲེན་མཆོད་བསྟོད་རྗེས། མགོན་པོའི་དབུ་གཙུག་ཏུ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་པས་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་གང་བ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། སྟེང་


PS002_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནམ་མཁའ་ལ་འཁོད་པར་གྱུར། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པའི། རྡོ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། བླ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཡིག་བརྒྱ་བདུན། དེས་འགྲེ་སྟེ། བླ་མ་རིན་པོ་ཆེ། མགོན་པོའི་སྐུ་གསུང་ཐུགས་ལ་སོགས་དང་། བླ་མའི་གནས་གསུམ་ནས་


PS002_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བརྒྱ་པ་སོགས་ཀྱི་མཐར་ཡིག་བརྒྱ་བདུན། བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་དང་བདག་གི་སྒོ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། འཁོར་རྣམས་དང་བདག་གི་གནས་གསུམ་དུ་ཐིམ་པས། འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག །བདག་གི་ལུས་ཀྱི་ནང་ཡི་གེ་བརྒྱ་པའི་འོད་ཟེར་གྱིས་གང་བས་སྡིག་


PS002_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར། ཅེས་མོས་ལ་ཡིག་བརྒྱ་བདུན་ནམ་ཉེར་གཅིག་གམ། འགྲུབ་ན་རེ་རེ་ལའང་གྲངས་ཅི་མང་བཟླ། མཐར་བཤགས་པ་དང་གཞུང་བསྙེན་ཁྱུག་ཙམ། གཏོར་འབུལ་བསྟོད་པ་བདག་འཇུག་བཅས་གྲུབ་ནས། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་གོང་ལྟར་ལ། དེའི་ཆེད་དུ་ཡེ་ཤེས་མགོན་པོ་སྡིག་སྒྲིབ་སྦྱོང་མཛད་ཀྱི་བཀའ་ཞེས་བསྒྱུར། དེ་ལ་འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞི་དྲག་གི་སྒྲུབ་ཐབས་སྤྱི་ལ་མེད་དུ་མི་རུང་བའི་ཡན་ལག་གི་བཀའ་གཉིས་པ་གྲིབ་སེལ་མགོན་པོ་འདི་ནི། རྒྱ་གཞུང་ལས། བླ་མ་ཡེ་ཤེས་མགོན་པོ་ལ། །གྲིབ་ཕོག་དམ་ཚིག་འགལ་འགྱུར་ན། །བཤགས་པ་


PS002_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང་དམ་ཚིག་བསྐང་། །དམ་ཚིག་བསྐང་བས་དངོས་གྲུབ་ཐོབ། །ཅེས་གསུངས་པ་སྟེ། དཔེར་ན་རྒྱལ་རིགས་སམ་བྲམ་ཟེ་གཙང་མ་གདོལ་པའི་གནས་མི་གཙང་བ་ལ་འབྱོན་དུ་མི་གཏུབ་པ་ལྟར་རྒྱུད་མ་དག་པའི་སྒྲིབ་པ་ཅན་ལ་བླ་མ་མགོན་པོའི་ཐུགས་རྗེ་དང་བྱིན་རླབས་འཇུག་པར་མི་འགྱུར་ཅིང་། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་འགལ་ཉམས་ཤོར་ན་དངོས་གྲུབ་མི་ཐོབ་པའི་སྟེང་དུ་བར་ཆད་སྣ་ཚོགས་འབྱུང་བར་འགྱུར་ལ། སྒྲིབ་པ་དག་ན་བྱིན་རླབས་སྩོལ་མེད་དུ་འཇུག་པ་དང་། དམ་ཚིག་ཉམས་ཆགས་བསྐང་ན་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་གྱུར་བ་ཡིན་ཅིང་། དེ་དག་གི་ཐབས་ནི་གསར་རྙིང་ཀུན་ལས་རྡོར་


PS002_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་བསྒོམ་བཟླས་ལས་ཟབ་པ་གཅིག་ཀྱང་མ་གསུངས་ཤིང་དེ་ལའང་སྐབས་དོན་ཅི་རིགས་པ་ཡོད་པ་ལས། འདིར་ཉམས་ཆགས་སྒྲིབ་པ་སྦྱོང་བ་ལ་ཤིན་ཏུ་ཟབ་པའི་གྲིབ་སེལ་གྱི་བཀའ་ཟབ་མོ་བསྒྲུབ་པར་སོགས་མཚམས་སྦྱར་ལ་མཎྜལ། གསོལ་གདབ། ལྷ་ངོ་སྤྲད་པ། རྒྱུན་བཤགས། སྡོམ་བཟུང་། སློབ་མ་ལྷར་བསྐྱེད་ཡན་སྔར་ལྟར་ལ། དེ་ནས་མདུན་བསྐྱེད་གཏོར་མ་དང་དབྱེར་མེད་པའི་མགོན་པོའི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་མཉམ་བཞག་གི་སྟེང་ན་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་


PS002_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། གསུང་རྡོ་རྗེ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁའི་ཁམས་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པའི་མོས་པ་མཛད་ནས་དེ་རྣམས་ལ་མོས་གུས་དྲག་པོ་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་གི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ལ་བརྟེན་པའི་དམ་ཚིག་ཉམས་ཆགས་ཐམས་ཅད་


PS002_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་དུ་གཞུག །དེ་ལྟར་གསོལ་བ་བཏབ་པས་སྐུ་རྡོ་རྗེ་རྣམས་ཀྱི་ཐུགས་ཀ་ནས་ཨོཾ་ཡིག་དཀར་པོ་ཡིག་བརྒྱ་འོད་ཟེར་དཀར་པོ་དང་བཅས་པ་བྱུང་སྟེ། གཏོར་མ་དང་དབྱེར་མེད་ཀྱི་མགོན་པོའི་སྤྱི་བོར་བཞུགས་པའི་བླ་མའི་སྨིན་མཚམས་ནས་ཕར་ཐིམ་པས་བླ་མའི་སྨིན་མཚམས་ཀྱི་ནང་ཐམས་ཅད་ཨོཾ་ཡིག་དཀར་པོ་ཡིག་བརྒྱ་འོད་ཟེར་དཀར་པོ་དང་བཅས་པས་གང་། བླ་མའི་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་གོ་སྙམ་པའི་མོས་པ་མཛོད་ལ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པར་ཞུ། ཞེས་ཡིག་བརྒྱ་བཟླར་གཞུག །དེས་འགྲེ་སྟེ། གསུང་རྡོ་རྗེ་རྣམས་ཀྱི་ཐུགས་ཀ་ནས་ཨ་ཡིག་


PS002_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཡིག་བརྒྱ་འོད་ཟེར་དམར་པོ་དང་བཅས་པ་བྱུང་སོགས་གོང་མ་ལྟར་ལ། བླ་མའི་མགྲིན་པའི་ནང་ཐམས་ཅད་གང་། གསུང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པ་དང་། ཡིག་བརྒྱ་ལན་གསུམ་བཟླ། ཐུགས་རྡོ་རྗེ་རྣམས་ཀྱི་ཐུགས་ཀ་ནས་ཧཱུྃ་ཡིག་སྔོན་པོ་ཡིག་བརྒྱ་འོད་ཟེར་སྔོན་པོ་དང་བཅས་པ་བྱུང་། བླ་མའི་ཐུགས་ཀའི་ནང་ཐམས་ཅད་གང་། ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པ་དང་ཡིག་བརྒྱ་ལན་གསུམ་བཟླ། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པའི་སྐུ་གསུང་ཐུགས་ལ་བརྟེན་པའི་


PS002_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་སྤྱི་བོ་ནས་ཨོཾ་ཡིག་དཀར་པོ་ཡིག་བརྒྱ་འོད་ཟེར་དཀར་པོ་དང་བཅས་པ་བྱུང་ནས་གཏོར་མ་དང་དབྱེར་མེད་པའི་མགོན་པོའི་སྨིན་མཚམས་ན་ཕར་ཐིམ་པས་མགོན་པོའི་སྨིན་མཚམས་ཀྱི་མཛོད་སྤུ་ཨོཾ་ཡིག་ཡིག་བརྒྱ་འོད་ཟེར་དང་བཅས་པས་གང་མགོན་པོའི་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་ཡིག་བརྒྱ་ལན་གསུམ་བརྗོད་དུ་གཞུག །དེ་བཞིན་དུ། བླ་མའི་མགྲིན་པ་ནས་ཨཱཿཡིག་དམར་པོ་ཡིག་བརྒྱ་འོད་ཟེར་དམར་མོ་དང་བཅས་པ་བྱུང་། མགོན་པོའི་མགྲིན་པའི་ནང་ཐམས་ཅད་གང་། གསུང་


PS002_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གི་དམ་ཚིག་ཉམས་ཆགས་ཐམས་དག་སྙམ་པ་དང་ཡིག་བརྒྱ་ལན་གསུམ། བླ་མའི་ཐུགས་ཀ་ནས་ཧཱུྃ་ཡིག་སྔོན་པོ་ཡིག་བརྒྱ་འོད་ཟེར་སྔོན་པོ་དང་བཅས་པ་བྱུང་། མགོན་པོའི་ཐུགས་ཀའི་ནང་ཐམས་ཅད་གང་། ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པ་དང་ཡིག་བརྒྱ་ལན་གསུམ། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་མགོན་པོ་དབྱེར་མེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་བརྟེན་པའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། མགོན་པོའི་སྤྱི་བོ་ནས་ཨོཾ་ཡིག་དཀར་པོ་ཡིག་བརྒྱ་འོད་ཟེར་དཀར་པོ་དང་བཅས་པ་


PS002_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས། གནོད་སྦྱིན་བཞི་དང་ལྷ་མོ་ལ་སོགས་འཁོར་རྣམས་ཀྱི་སྨིན་མཚམས་ནས་ཕར་ཐིམ་པས་འཁོར་རྣམས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ཨོཾ་ཡིག་ཡིག་བརྒྱ་འོད་ཟེར་དང་བཅས་པས་གང་། སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་ཡིག་བརྒྱ་ལན་གསུམ་བརྗོད་དུ་གཞུག །དེ་བཞིན་དུ། མགོན་པོའི་མགྲིན་པ་ནས་ཨཱཿཡིག་དམར་པོ་ཡིག་བརྒྱ་འོད་ཟེར་དམར་པོ་དང་བཅས་པ་བྱུང་། མགྲིན་པའི་ནང་ཐམས་ཅད་གང་། གསུང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པ་དང་ཡིག་བརྒྱ་ལན་གསུམ་བརྗོད། མགོན་པོའི་ཐུགས་ཀ་ནས་ཧཱུྃ་ཡིག་སྔོན་པོ་ཡིག་བརྒྱ་འོད་ཟེར་


PS002_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དང་བཅས་པ་བྱུང་། ཐུགས་ཀའི་ནང་ཐམས་ཅད་གང་། ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་སྙམ་པ་དང་ཡིག་བརྒྱ་ལན་གསུམ་བཟླ། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཕྱི་ནང་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་གཏོར་མ་དང་དབྱེར་མེད་པའི་མགོན་པོའི་སྤྱི་བོ་ན་བཞུགས་པའི་བླ་མའི་སྨིན་མཚམས་དང་མགོན་པོའི་སྨིན་མཚམས་ནས་ཨོཾ་ཡིག་དཀར་


PS002_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིག་བརྒྱ་འོད་ཟེར་དཀར་པོ་དང་བཅས་པ་བྱུང་ཁྱེད་རང་གི་སྨིན་མཚམས་ནས་ཕར་ཐིམ་པས་སྨིན་མཚམས་ཀྱི་ནང་ཐམས་ཅད་ཨོཾ་ཡིག་དཀར་པོ་ཡིག་བརྒྱ་འོད་ཟེར་དཀར་པོ་དང་བཅས་པས་གང་། བླ་མ་དང་མགོན་པོ་གཉིས་ཀྱི་སྐུའི་བྱིན་རླབས་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ལ་ཡིག་བརྒྱ་ལན་གསུམ་གྱི་རྗེས་ཟློས་མཛོད་ཅིག །ཅེས་ཡིག་བརྒྱ་ལན་གསུམ་བཟླར་གཞུག །བླ་མས་ཀྱང་ཡིག་བརྒྱ་བརྗོད་ལ་རོལ་མོ་བྱ། དེས་ཁྱེད་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་དག །བླ་མ་དང་མགོན་པོའི་སྐུ་དང་དབྱེར་མེད་དུ་འགྱུར་བ་ཡིན་ནོ། །ཡང་བླ་མ་དང་མགོན་པོའི་


PS002_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་ནས་ཨཱཿཡིག་དམར་པོ་ཡིག་བརྒྱ་འོད་ཟེར་དམར་པོ་དང་བཅས་པ་བྱུང་། ཁྱེད་རང་གི་མགྲིན་པ་ནས་ཕར་ཐིམ་པའི་མགྲིན་པའི་ནང་ཐམས་ཅད་ཨཱཿཡིག་ཡིག་བརྒྱ་འོད་ཟེར་དམར་པོ་དང་བཅས་པས་གང་། བླ་མ་དང་མགོན་པོའི་གསུང་གི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་ཡིག་བརྒྱ་རོལ་མོ་སོགས་བྱེད། དེས་ཁྱེད་རང་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ངག་གི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་དག་བླ་མ་དང་མགོན་པོའི་གསུང་དང་དབྱེར་མེད་དུ་འགྱུར་པ་ཡིན་ནོ། །ཡང་བླ་མ་དང་མགོན་པོའི་ཐུགས་ཀ་ནས་ཧཱུྃ་ཡིག་སྔོན་པོ་ཡིག་བརྒྱ་འོད་ཟེར་སྔོན་པོ་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཕར་


PS002_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་སྙིང་གའི་ནང་ཐམས་ཅད་ཧཱུྃ་ཡིག་ཡིག་བརྒྱ་འོད་ཟེར་སྔོན་པོ་དང་བཅས་པས་གང་། བླ་མ་དང་མགོན་པོའི་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་ཡིག་བརྒྱ་རོལ་མོ་སོགས་བྱེད། དེས་ཁྱེད་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་ཐམས་ཅད་དག །བླ་མ་དང་མགོན་པོའི་ཐུགས་དང་དབྱེར་མེད་དུ་འགྱུར་བ་ཡིན་ནོ། །ཡང་བླ་མ་དང་མགོན་པོའི་གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་གསུམ་ཡིག་བརྒྱ་འོད་ཟེར་དཀར་དམར་མཐིང་གསུམ་དང་བཅས་པ་བྱུང་། ཁྱེད་རང་གི་ལུས་ཀྱི་སྟོད་སྨད་ཐམས་ཅད་ནས་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་


PS002_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་ཡིག་བརྒྱ་འོད་ཟེར་དཀར་དམར་མཐིང་གསུམ་དང་བཅས་པས་གང་། བླ་མ་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་ཡིག་བརྒྱ་དང་རོལ་མོ་བྱེད། དེས་ཁྱེད་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བླ་མ་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དང་དབྱེར་མེད་དུ་འགྱུར་བ་ཡིན་པས་དེ་ལྟ་བུའི་དགའ་སྤྲོ་དང་ངེས་ཤེས་བསྐྱེད་པར་མཛོད་ཅིག། ཅེས་བརྗོད། དེ་ནས་གཏོར་དབང་། བཀྲ་ཤིས་རྗེས་ཀྱི་རིམ་པ་རྣམས་སྔ་མས་འགྲེ་ཤེས་པར་བྱའོ། །བསོད་ནམས་བློ་གྲོས་ལྡན་རྣམས་ཀྱིས། །བསྒྲུབ་བྱའི་སྙིང་པོ་འདི་ཡིན་པས། །


PS002_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་འཇིག་རྟེན་རྣམས་སུ་ཡང་། །བརྩོན་པ་ཆེན་པོས་ཚོལ་བར་རིགས། །གྲིབ་སེལ་མགོན་པོའི་རྗེས་གནང་གི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། དཔའ་བོ་མཁའ་འགྲོ་ཚོགས་ཀྱི་རྗེ། །འཁོར་འདས་དབང་དུ་མཛད་དེ་ལ། །བཏུད་ནས་མཁའ་འགྲོ་དབང་སྡུད་ཀྱི། །ངོ་མཚར་གདམ་པའི་སྒོ་འབྱེད་བྲི། །མཎྜལ་བཅའ་གཞི་སྔར་དང་འདྲ་བ་ལས། །རྟེན་གཏོར་མ་འཛོམ་ན་གསང་རྟེན་དང་ལྡན་པའི་མདའ་དར་མེ་ལོང་དང་ལྷན་ཅིག་བཙུག །མ་འཛོམ་ན་མེ་ལོང་ལ་སིནྡྷུ་རའི་ཧྲཱི་བཅུ་གསུམ་བྲིས་པ་བཏགས། སྒྲུབ་ཐབས་ཕྲིན་ལས་རྩ་བ་བར་ཆད་ཀུན་སེལ་ལྟར་ལ། བཟླས་པའི་གོང་དུ། མགོན་པོའི་དབུ་གཙུག་གིས་དྲིན་ཅན་རྩ་བའི་བླ་མ་དེ་ཉིད། སྐུ་མདོག་དམར་པོ་གཡས་ཐོད་པའི་ཌཱ་མ་རུ་འཁྲོལ་ཞིང་། གཡོན་བདུད་རྩིས་


PS002_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གང་བའི་ཐོད་པ་ཐུགས་ཀར་འཛིན་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། སྒེག་ཅིང་ལང་ཚོ་ལ་བབ་པ། ཆགས་པའི་ཉམས་ཅན། སྤྱན་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་གསུམ་དབང་དུ་སྡུད་པ། སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་དཔྲལ་བའི་སིནྡྷུ་རའི་ཐིག་ལེ་གྲུ་གསུམ་གྱི་སྟེང་ན་ཡི་གེ་ཧྲཱིཿདམར་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ལང་ཚོ་མ། ཞལ་གཅིག་ཕྱག་གཉིས་མ། གཡས་ཅང་ཏེའུ་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་བའི་གར་སྟབས་


PS002_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་གར་མཛད་པ་བཅུ་གསུམ་སྒྲོལ་མའི་ངོ་བོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲེཾ་ཀྲེཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པ་བརྒྱ་རྩ་སོགས་ཅི་འགྲུབ་བཟླ། དེ་ནས་གཞུང་གི་བཟླས་པ། གཏོར་འབུལ། བསྟོད་པ། བདག་འཇུག་བཅས་གྲུབ་པ་དང་། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་སྐབས། དེའི་ཆེད་དུ་ཡེ་ཤེས་མགོན་པོ་མཁའ་འགྲོ་དབང་དུ་སྡུད་པའི་བཀའ་ཞེས་བསྒྱུར་ལ། དེ་ལ་འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞི་དྲག་གི་སྒྲུབ་ཐབས་སྤྱི་ལ་ཤིན་


PS002_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གལ་གནད་ཆེ་བ་ཡན་ལག་གི་བཀའ་གསུམ་པ་མཁའ་འགྲོ་དབང་སྡུད་འདི་ནི། རྒྱ་གཞུང་རྡོ་རྗེའི་གསུང་ལས། བླ་མ་མགོན་པོ་སིནྡྷུ་རའི། །སྔགས་རྣམས་དབང་གི་མདོག་ལྡན་པས། །མགོན་པོ་དཔའ་བོ་མཁའ་འགྲོ་རྣམས། །དབང་དུ་སྡུད་པའི་གནད་མཆོག་འདིས། །འདི་དང་ཕྱི་མའི་དོན་མཆོག་འགྲུབ། །གཅིག་བརྒྱུད་འདི་ནི་སྲོག་ལྟར་ཆོངས། །ཞེས་གསུངས་ཏེ། ཡེ་ཤེས་མགོན་པོ་འདི་ཉིད་ཀྱི་སྤྲུལ་པའི་རང་གཟུགས་དུར་ཁྲོད་བསིལ་བའི་ཚལ་ན་རྟག་ཏུ་བཞུགས་ཤིང་དུར་ཁྲོད་བརྒྱད་དང་ཡུལ་ཆེན་ཉེར་བཞིའི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི་ཚོགས་ཀྱི་གཙོ་བོ་མཛད་ཅིང་དབང་བསྒྱུར་བ་ཡིན་


PS002_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྣལ་འབྱོར་ཟབ་མོ་འདི་ལ་བརྟེན་ནས་གནས་གསུམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་དང་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་བ་ཐམས་ཅད་གནད་ལ་དབབ་ཅིང་དབང་དུ་འདུས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པ་དང་། ཕྲིན་ལས་རྣམ་བཞི་ཐོག་མེད་བསམ་པ་ཙམ་གྱིས་སྒྲུབ་པའི་གནད་ཆིག་བརྒྱུད་ཐུན་མོང་མ་ཡིན་པའི་གདམས་ངག་སྲོག་ལྟར་གཅེས་པ་ཡིན་པས་དེ་ལྟ་བུའི་བྱིན་རླབས་ཀྱི་བཀའ་ཟབ་མོ་བསྒྲུབ་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་གསོལ་གདབ་སོགས་ནས། སློབ་མ་ལྷར་བསྐྱེད་ཡན་གོང་དང་མཚུངས། དེ་ནས་མདུན་བསྐྱེད་གཏོར་མ་དང་དབྱེར་མེད་པའི་མགོན་


PS002_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབུ་གཙུག་གི་དྲིན་ཅན་རྩ་བའི་བླ་མ་སོགས་དང་། བཅུ་གསུམ་སྒྲོལ་མའི་ངོ་བོ་གསལ་ཐོབ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་༣། དེ་ལྟར་གསོལ་བ་བཏབ་པས་མགོན་པོའི་སྤྱི་ན་བཞུགས་པའི་བླ་མའི་སྐུ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་འོད་ཟེར་འབར་བའི་རང་བཞིན་ཅན་གྱི་རྣམ་པར་སྤྱན་དྲངས། བླ་མ་མགོན་པོ་མཁའ་འགྲོ་མ་དང་བཅས་པ་ལ་ཐིམ་པས་བླ་མ་འོད་དང་བདེ་བའི་རང་བཞིན་དུ་འབར། མཁའ་འགྲོ་མ་རྣམས་དམར་སྒོར་སྒོར་གར་མཛད། མགོན་པོ་ཡང་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་འུར་འུར་སིལ་སིལ་འཁྲོལ་བའི་སྐུ་ལས་མཁའ་འགྲོ་མ་དཔག་ཏུ་མེད་པ་བྱུང་། སློབ་མ་མགོན་པོར་གསལ་བའི་ལུས་


PS002_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ཁྱད་པར་དཔྲལ་བའི་སིནྡྷུ་རའི་སྟེང་དུ་སྟོང་གསུམ་གཡོ་བར་བྱེད་པའི་མཁའ་འགྲོ་མ་བཅུ་གསུམ་དུ་གྱུར་ཅིང་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་འདོད་ཐམས་ཅད་བསྡུས་ནས་བྱིན་གྱིས་བརླབ་བྱུང་སྙམ་པའི་མོས་པ་མཛོད། བྱས་ལ་ཌཱ་དྲིལ་དང་བཅས་པས་ན་ར་ཀྲེཾ་ཀྲེཾ་བརྗོད། དེས་མཁའ་འགྲོ་དབང་སྡུད་ཀྱི་བྱིན་རླབས་གྲུབ་ནས་མགོན་པོ་གནད་ལ་འབེབས་པར་བྱེད་པ་ལ་གསོལ་འདེབས་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་མགོན་པོ་འཁོར་བཅས་གནད་ལ་དབབ་པའི་བྱིན་རླབས་མཛད་དུ་གསོལ། ལན་གསུམ་


PS002_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གསོལ་བ་བཏབ་པས། མགོན་པོའི་སྤྱི་བོ་ན་བཞུགས་པའི་བླ་མའི་སྐུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ཁྲོས་པའི་རྣམ་པར་སྤྱན་དྲངས་བླ་མ་ལ་ཐིམ་པས། བླ་མ་དེ་ཉིད་སྐུ་མདོག་སྨུག་ནག་འོད་ཟེར་དམར་པོ་འཕྲོ་བའི་རྣམ་པ་ཅན་ཤིན་ཏུ་ཁྲོས་པའི་རང་བཞིན་གྱིས་མགོན་པོའི་སྤྱི་བོར་ཆེམ་ཆེམ་འུར་འུར་གར་མཛད་ཅིང་འོད་ཟེར་སྨུག་ནག་འཕྲོས་པས། མགོན་པོ་འཁོར་བཅས་དང་ཁྱད་པར་མགོན་པོའི་སྐུ་ལ་དམར་ལམ་ལམ་ཕོག་པས་མགོན་པོ་འཁོར་བཅས་གནད་ལ་ཕབ་སྟེ་མགོན་པོ་དགྲ་བགེགས་ཀྱི་སྟེང་དུ་མེར་མེར་སིལ་སིལ་གར་མཛད་ཅིང་ཁྲོས་འཁྲུགས་ཞབས་


PS002_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་བརྡབ། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་དྲག་པོ་སྒྲོག་སྤྱན་གསུམ་འཁོར་རྣམས་ལ་ཧྲིག་ཧྲིག་གཟིགས་པས་འཁོར་རྣམས་ཀྱང་རང་དབང་མེད་པར་དྲག་ཏུ་ཁྲོས་ཤིང་དམ་པའི་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་བསྟན་དགྲ་སྡིག་ཅན་རྣམས་ཀྱི་སྙིང་ཁ་ནས་ལྕགས་ཀྱུས་བཀུག །མགྲིན་པ་ནས་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས་ནས་བསད་བཅད་གཏུབ། དོན་སྙིང་གཙོ་ལ་སྟོབ། ཤ་རུས་ལྷག་མེད་དུ་འཁོར་རྣམས་ཀྱི་རོལ། གནོད་བྱེད་དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་སྒོ་ནས་བྱིན་གྱིས་བརླབ་པའི་མོས་པ་མཛོད་བྱས་ལ། ཤ་ཆེན་སྤོས་སྦྱོར་སོགས་བསྲེགས་ཤིང་རོལ་མོའི་སྒྲ་དང་བཅས་པས།


PS002_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཏྲ་ར་ཀྨོ་རཀྵ་རུ་དྷི་ར་ཙིཏྟ་ལ་ཨ་དུན་རྦད་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་ཙིཏྟ་ལ་ཨ་དུན་དུན་བི་བི་ནཱ་ཡ་ཧཱུྃ་ཕཊ། ཅེས་སྲོག་སྔགས་བརྗོད་དོ། །དེས་མགོན་པོ་ཉིད་གནད་ལ་དབབ་པའི་བྱིན་རླབས་གྲུབ་ནས་དེ་དག་གི་མཐའ་རྟེན་དུ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། སློབ་མའི་སྤྱི་བོའི་ཨོཾ་ལ་ཕོག་པས་ཨོཾ་ཡིག་དྭངས་གསལ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། དེ་ལས་བདུད་རྩིའི་རྒྱུན་བྱུང་། ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་ཀྱི་སྒྲིབ་པ་


PS002_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དག །མགོན་པོའི་སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། བྱས་ལ་རོལ་མོ་དང་སྤོས་བཏུལ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། སློབ་མའི་མགྲིན་པའི་ཨཱཿལ་ཕོག་པས་ཨཱཿཡིག་དྭངས་གསལ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། དེ་ལས་བདུད་རྩིའི་རྒྱུན་བྱུང་ལུས་ཀྱི་ནང་ཐམས་ཅད་གང་བས་ངག་གི་སྒྲིབ་པ་དག །མགོན་པོའི་གསུང་གི་བྱིན་རླབས་ཞུགས་པར་མོས་མཛོད། སྤོས་རོལ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། སློབ་མའི་སྙིང་གའི་ཧཱུྃ་ལ་ཕོག་པས་ཧཱུྃ་ཡིག་དྭངས་གསལ་འོད་ཀྱི་


PS002_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་གྱུར་ཏེ། དེ་ལས་བདུད་རྩིའི་རྒྱུན་བྱུང་ལུས་ཀྱི་ནང་ཐམས་ཅད་གང་བས་ཡིད་ཀྱི་སྒྲིབ་པ་དག། མགོན་པོའི་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། སྤོས་རོལ་བྱ། དེ་ནས་མགོན་པོའི་གནས་གསུམ་གྱི་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་རྦད་ཀྱིས་ཆད་ནས་ཁྱེད་རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལ་རིམ་གྱིས་ཐིམ། ཨོཾ་དང་ཨཱཿཡང་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་འ་ཆུང་ལ་ཐིམ། འ་ཆུང་ཧ་ཡིག་ལ། ཧ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། དེའང་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་སྟོང་ཉིད་དུ་ཡལ། འོད་གསལ་ཕྱག་རྒྱ་ཆེན་པོའི་རང་ངོ་


PS002_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉམ་པར་འཇོག་པར་ཞུ། ཞེས་ཅུང་ཟད་མཉམ་པར་བཞག། དེ་ནས་གཏོར་དབང་སོགས་རྗེས་ཀྱི་ཆོ་ག་སྔ་མ་ལྟར་རོ། །ཆོས་འདི་ཡོན་ཏན་ཚད་མེད་པའི། །རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ། །གཞན་ལས་བྱིན་རླབས་སྒོ་མྱུར་བས། །དངོས་གྲུབ་འདོད་རྣམས་བརྟེན་པར་འོས། །མཁའ་འགྲོ་དབང་སྡུད་གནད་དབབ་ལྷན་གཅིག་པའི་རྗེས་གནང་གི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། འོད་དཔག་མེད་མགོན་ཐུགས་རྗེའི་སྐུ། །དྲག་པོའི་ཚུལ་སྟོན་ཧེ་རུ་ཀར། །བཏུད་ནས་གསང་སྒྲུབ་མཆིན་ཁ་ཡི། །བྱིན་རླབས་བཀའ་ཡིག་འདི་ལྟར་རོ། །མཎྜལ་ཆོས་འབྱུང་མཐིང་ནག་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་མཚན་པ་བྲི། རྟེན་གཏོར་མཆོད་གཏོར་བཅའ་གཞི་སོགས་བར་ཆད་ཀུན་སེལ་དང་འདྲ། སྒྲུབ་ཚུལ་བདག་བསྐྱེད་


PS002_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དེ་དང་ཁྱད་པར་མེད་པ་ལས། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་མདུན་ཏུ་ཆོས་འབྱུང་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ། དེའི་དབུས་སུ་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་གྃ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། གཡས་པས་སའི་སྙིང་པོ་ལོ་མ་དང་བཅས་པ་ཞལ་དུ་གསོལ་ཞིང་གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། སྤྱན་གསུམ་པ། རིན་པོ་ཆེ་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གན་རྒྱལ་དུ་བསྐྱེལ་བའི་སྟེང་དུ་ཧཱུྃ་དམར་སྨུག་ལས་གྲི་གུག་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས།


PS002_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་བསྐང་བ། སྐུ་མདོག་མཆིན་ཁ་ནག་ལ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། རབ་ཏུ་བཞད་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ།


PS002_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ། དར་ལྗང་གུའི་སྐ་རགས་བཅིངས་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་


PS002_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ཧྲག་པ། གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོའི་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་དང་། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པས་བདུད་དང་བགེགས་ཐམས་ཅད་བརླག་པར་མཛད་པ། བསྐལ་པའི་མེ་ལྟ་བུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་རཀྟའི་རྒྱ་མཚོ་ཆེན་པོ་དམར་ལ་དྭངས་པའི་ནང་དུ་དྲེའུ་རྐྱང་སེར་གྭ་པའི་སྟེང་དུ་བྷྱོཿལས་མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་


PS002_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཆར་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་བཞིའི་གཡས་དང་པོས་རལ་གྲི། གཉིས་པས་གྲི་གུག། གཡོན་དང་པོས་ནལ་བུའི་རྒྱལ་མཚན། གཉིས་པས་སྐྲ་དང་བཅས་པའི་ཐོད་རློན་ཁྲག་གིས་གང་བ་བསྣམས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་ནག་གྱེན་དུ་འབར་བའི་གསེབ་ན་རྨ་བྱའི་མདོངས་དང་ཟླ་ཚེས་ཀྱིས་བརྒྱན་པ། སྙན་གཡས་ལ་སེང་གེ་དང་གཡོན་ན་སྦྲུལ་ནག་འཕྱོ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེ་སེར་པོའི་ཤམ་ཐབས་ལ་སྦྲུལ་གྱི་སྐ་རགས་བཅིངས་པ། ལྟེ་བའི་དབུས་ན་ཉི་མ་


PS002_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ། དྲེའུའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པའི་ཞལ་ཕྱི་ལ་གཟིགས་པ། དེའི་མདུན་དུ་ཆུ་སྲིན་གདོང་ཅན་དང་རྒྱབ་ཏུ་སེང་གེའི་གདོང་ཅན། ཕྱི་རོལ་དུ་མ་མོའི་འཁོར་གྱིས་བསྐོར་བའོ། །ཡབ་ཡུམ་གཉིས་ཀྱི་མདུན་དུ་ཧཱུྃ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ཕྱར་ཞིང་དགྲ་སྲོག་གཅོད་པ། གཡོན་བནྡྷ་ཁྲག་གིས་གང་བ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པའོ། །གཡས་སུ་ཏྲི་ལྗང་གུ་ལས་ཛི་ན་མི་ཏྲ་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་སྡིགས་མཛུབ་ནམ་མཁའ་ལ་


PS002_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་པ་སྟག་ལ་ཆིབས་པའོ། །རྒྱབ་ཏུ་ཛཿལས་གཤིན་རྗེ་ཊཀྐི་ར་ཛ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་སྒྱུ་མའི་ཞགས་པ་གཡོན་སྡིགས་མཛུབ་ནམ་མཁའ་ལ་གདེངས་པ་སྤྱང་ཀི་ལ་ཞོན་པའོ། །ལྷ་མོའི་གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲག་ཤད་ནག་པོ་ཞལ་གཅིག་ཕྱག་བཞི་གཡས་དང་པོས་ཐོད་ཁྲག་གཉིས་པས་རུ་མཚོན་དམར་པོ་ཕྱར་བ། གཡོན་དང་པོས་ལྕགས་ཀྱི་ཐོ་ལུམ་དང་གཉིས་པས་ཙན་དན་གྱི་བིང་ཆེན་བསྣམས་པ། ཟ་འོག་སྔོ་ཁྲའི་བེར་དང་སག་ལྷྭམ་ནག་ཁྲ་གསོལ་ཞིང་རྟ་ནག་རྟིང་དཀར་ལ་ཆིབས་པའོ། །དེ་ཐམས་ཅད་ཀྱང་རྔམས་ཤིང་མཆེ་བ་གཙིགས་པ། སྨ་ར་སྨིན་མ་


PS002_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྤྱན་གསུམ་དམར་ཟླུམ་གཡོ་བས་དགྲ་བགེགས་ལ་གཟིར་བ། མི་མགོ་སྐམ་རློན་གྱི་ཕྲེང་བ་འཕྱང་བའོ། །དེ་དག་གི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན་སོགས་རྩ་བའི་ཕྲིན་ལས་དཀྱུས་ལྟར་བཏང་བ་ལས། གསོལ་འདེབས་དང་ཡིག་བརྒྱ་མ་འགྲུབ་ཀྱང་ཆོག །གོང་གསལ་གནད་དབབ་སྐབས་ཀྱི་དམིགས་བཟླས་དེ་སྦྱར། དངོས་གཞིའི་བཟླས་པའང་ཤཱ་ས་ན་གཙོ་བོར་བྱེད། གཏོར་འབུལ་བསྟོད་པ་བདག་འཇུག་གྲུབ་ནས། སློབ་མ་ལ་ཁྲུས་དང་། སེམས་བསྐྱེད་གསལ་གདབ་སྐབས། དེའི་ཆེད་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གསང་སྒྲུབ་མཆིན་ཁའི་བཀའ་ཞེས་བསྒྱུར། དེ་ལ་འདིར་སངས་རྒྱས་སྣང་བ་མཐའ་ཡས་ཉིད་


PS002_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཆོས་སྐྱོང་བའི་སྐུར་བཞེངས་ཏེ་རྡོ་རྗེ་འཆང་གི་མགོན་པོ་ཞེས་གྲགས་པ་མཆོག་ཐུན་མོང་གཉིས་ཀ་ལོ་ཟླ་ཙམ་གྱིས་འགྲུབ་པར་བྱེད་པ་འདི་ལ། ཕྱི་སྒྲུབ་འཇིག་རྟེན་དབང་ཕྱུག །ནང་སྒྲུབ་ཁྲོ་བོ་རྟ་མགྲིན། གསང་སྒྲུབ་ཡེ་ཤེས་མགོན་པོ་ལྟར་སྒྲུབ་པའི་སྐོར་རྒྱུད་དང་གྲུབ་ཐོབ་སོ་སོའི་གདམས་ངག་གི་བཀའ་སྲོལ་མཐའ་ཡས་པ་བཞུགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་དང་དཔལ་ཤངས་པ་བཀའ་བརྒྱུད་ལ་བཀའ་བབས་པའི་བཀའ་སྲོལ་འདི་ལའང་སྒྲུབ་ཐབས་མི་གཅིག་པ་དུ་མ་བཞུགས་པ་ལས་ད་ལམ་གསང་སྒྲུབ་མཆིན་ཁའི་རྗེས་གནང་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་དང་། གསོལ་གདབ་ལྷ་ངོ་བསྟན་པ་


PS002_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་སོང་ནས། སྤྲིན་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་ཐུན་མོང་གི་སྡོམ་པ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ༴ དགེ་འདུན་ལ༴ བླ་མ་ཡི་དམ་གྱི་ལྷ་ཚོགས་ལ༴ ཡེ་ཤེས་མགོན་པོའི་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་སྐྱབས་སུ་མཆིའོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ། སློབ་མ་ལྷར་བསྐྱེད་ཚུལ་གོང་གིས་འགྲེ་ཞིང་གནས་གསུམ་འབྲུ་གསུམ་བཅས་


PS002_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ། དེ་ནས་ཁྱད་པར་གྱི་གསོལ་འདེབས་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུའི་རྗེས་སུ་གནང་བ་མཛད་དུ་གསོལ། སྐུའི་བྱིན་རླབས་ལུས་ལ་འཇུག་པར་མཛད་དུ་གསོལ། བུམ་པའི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གཏོར་མ་མགོན་པོར་གསལ་བའི་ཐུགས་ཀར་ཕོག་པས་ཐུགས་བརྒྱུད་བསྐུལ་ཏེ་དེའི་སྤྱི་བོའི་ཨོཾ་ཡིག་ལས་ཀྱང་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱང་སྐུའི་བྱིན་རླབས་ཐམས་ཅད་དང་། ཁྱད་པར་དུ་ཡང་མགོན་པོའི་སྐུའི་བྱིན་


PS002_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཨོཾ་ཡིག་ལ་ཐིམ། དེ་ལས་བདུད་རྩི་མཆིན་ཁའི་རྒྱུན་བབས། སློབ་མའི་སྨིན་མཚམས་ནས་ཞུགས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཁྲེག་མེར་གྱིས་གང་བས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག །བུམ་པའི་དབང་ཐོབ། ཡེ་ཤེས་མགོན་པོའི་སྐུའི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་ཌཱ་དྲིལ་དང་བཅས་པས་སྔགས་བརྗོད། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དཔལ་ཡེ་ཤེས་ཀྱི་མགོན་པོའི་གསུང་གི་རྗེས་སུ་གནང་བ་མཛད་དུ་གསོལ། གསུང་གི་བྱིན་རླབས་


PS002_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་འཇུག་པར་མཛད་དུ་གསོལ། གསང་བའི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གཏོར་མ་མགོན་པོར་གསལ་བའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་དེའི་མགྲིན་པའི་ཨཱཿལས་ཀྱང་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་དང་། ཁྱད་པར་དུ་ཡང་མགོན་པོའི་གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཨཱཿལ་ཐིམ། དེ་ལས་བདུད་རྩི་མཆིན་ཁའི་རྒྱུན་བབས། སློབ་མའི་མགྲིན་པ་ནས་ཞུགས། མགྲིན་པ་


PS002_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཀྱི་འཁོར་ལོ་ཁྲེག་མེར་གྱིས་གང་བས་ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག། གསང་བའི་དབང་ཐོབ། ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་ཌཱ་དྲིལ་དང་སྔགས་བརྗོད། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དཔལ་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀྱི་རྗེས་སུ་གནང་བ་མཛད་དུ་གསོལ། ཐུགས་ཀྱི་བྱིན་རླབས་ཡིད་ལ་འཇུག་པར་མཛད་དུ་གསོལ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་


PS002_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། གཏོར་མ་མགོན་པོར་གསལ་བའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་དེའི་ཐུགས་ཀའི་ཧཱུྃ་ལས་ཀྱང་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་དང་། ཁྱད་པར་དུ་ཡང་མགོན་པོའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཧཱུྃ་ལ་ཐིམ་པས། དེ་ལས་བདུད་རྩི་མཆིན་ཁའི་རྒྱུན་བབ། སློབ་མའི་སྙིང་ག་ནས་ཞུགས། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ཁྲེག་མེར་གྱིས་གང་བས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡེ་ཤེས་མགོན་པོའི་


PS002_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་ཌཱ་དྲིལ་དང་བཅས་པས་སྔགས་བརྗོད། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རིན་པོ་ཆེ་བདག་ལ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྗེས་སུ་གནང་བ་མཛད་དུ་གསོལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་བདག་གི་ལུས་ངག་ཡིད་གསུམ་ལ་འཇུག་པར་མཛད་དུ་གསོལ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གཏོར་མ་མགོན་པོར་གསལ་བའི་ཐུགས་


PS002_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། དེའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ལས་བདུད་རྩི་རྒྱུན་བབས། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ཉིད་ལ་སངས་ཀྱིས་དག །ཚིག་དབང་རིན་པོ་ཆེ་ཐོབ། ཡེ་ཤེས་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་


PS002_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་མོས་པ་མཛོད། བྱས་ལ་སྔགས་བརྗོད། དེ་ནས་སྔགས་དབང་ཞུ་བའི་ཕྱིར་དུ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཐོན། སློབ་མའི་ཞལ་དུ་ཞུགས། སྙིང་གར་ཉི་གདན་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། བྱས་ལ་སྙིང་པོ་དང་། རྩ་སྔགས་ཤཱ་ས་ན་ལན་གསུམ། སློབ་དཔོན་གྱི་མེ་ཏོག་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་


PS002_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །ལན་གསུམ། དེ་ནས་གཏོར་དབང་དང་རྗེས་ཀྱི་བྱ་བ་རྣམས་གོང་དང་མཚུངས་སོ། །རྒྱ་ཆེ་རབ་ཟབ་བློ་གྲོས་ཅན། །ཁྱུང་པོའི་གདམས་ངག་མཐའ་ཡས་ལས། །གང་འདི་ཡིད་བཞིན་ནོར་མཚུངས་པས། །བསམ་ཀུན་ལྷུན་གྱིས་གྲུབ་བྱེད་དོ། །གསང་སྒྲུབ་མཆིན་ཁའི་རྗེས་གནང་གི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། བྱིན་རླབས་མགོན་པོ་སྙིང་གི་དབུས། །མི་ཤིགས་ཐིག་ལེ་བཀོད་ནས་འདིར། །འཕགས་ཡུལ་གྲུབ་པ་ཀུན་གྱི་གཙོ། །མདའ་བསྣུན་ཆེན་པོའི་བཀའ་སྲོལ་འཆད། །མཎྜལ་གཏོར་མའི་བཅའ་གཞི་སོགས་རྗེས་གནང་བར་ཆད་ཀུན་སེལ་གྱི་སྐབས་དང་འདྲ་ཞིང་། སློབ་དཔོན་གྱིས་གནས་ཡོ་ནང་མཆོད་བྱིན་རླབས་བདག་བསྐྱེད་སོགས་སྔར་དང་འདྲ། མདུན་གྱི་མཎྜལ་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཆོས་འབྱུང་ཕྱི་དཀར་


PS002_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རྡོ་རྗེའི་བྲག་སྣ་ཚོགས་པའི་མདོག་ཅན་གྱི་སྟེང་དུ། པྃ་ལས་སྣ་ཚོགས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཾ་ལས་ཚོགས་ཀྱི་བདག་པོ། དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཕགས་པའི་ཚོགས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ནད་གདོན་ཐམས་ཅད་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་དྲག་པོ་ཡེ་ཤེས་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པ། ལྷག་མ་གཡས་གཉིས་ཀྱིས་ཐོད་པའི་


PS002_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱྃ་ག་དང་ཞགས་པ་འཛིན་པ། ཞལ་དབུས་མཐིང་གཡས་དཀར་གཡོན་དམར་བ། རབ་ཏུ་ཁྲོས་པའི་ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨ་ར་སྨིན་མ་དམར་སེར་གློག་ལྟར་འཁྱུག་ཅིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྙན་རྒྱན་མགུལ་རྒྱན་གདུ་བུ་སྐ་རགས་སོགས་རིན་པོ་ཆེ་དང་རུས་པ་དང་དྲིལ་བུ་གཡེར་ཁ་དང་བཅས་པ། སྦྲུལ་སྣ་ཚོགས་པས་


PS002_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གླང་པོ་ཆེའི་པགས་པའི་སྟོད་གཡོགས་ཅན། ཡན་ལག་རགས་པ་བཟོད་པར་བཀའ་བའི་གཟི་བརྗིད་ཅན། དཔྲལ་བར་སིནྡྷུ་རའི་གཡུང་དྲུང་འཁྱིལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱོགས་བཞིར་པདྨ་དང་ཉི་མ་དགྲ་བགེགས་ཀྱི་སྟེང་དུ་མདུན་དུ་ཛཱ་ལས་ཛཱ་ལི་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། གཡས་སུ་ཀྵེ་ལས་ཀྵེ་ཏྲ་པཱ་ལ་མ་དུ་བའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡས་ཌཱ་མ་རུ་དང་གཡོན་སྡིགས་


PS002_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་མཛད་པ། རྒྱབ་ཏུ་མ་ལས་མ་ཧཱ་ཀཱ་ལི་མ་དམར་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། གཡོན་དུ་ཊཱ་ལས་ཊཱཀྐི་ར་ཛ་མ་སེར་མོ་གཡས་རྩེ་གསུམ་དང་གཡོན་ཞགས་པ་འཛིན་པ། བཞི་ཀའང་ཤིན་ཏུ་ཁྲོས་ཤིང་སྤྱན་གསུམ་མ། སྨ་ར་དང་སྨིན་མ་དང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། རུས་པ་ལ་སོགས་པའི་འཇིགས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལས་སྐྱེས་པའི་མེ་འབར་བའི་དབུས་ན་བཞུགས་པ། དེ་དག་གི་ཕྱི་རོལ་དུ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་བར་གྱུར་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་


PS002_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོའི་འོད་ཟེར་གྱིས་པོ་ཏ་ལ་དང་བསིལ་བའི་ཚལ་ལ་སོགས་པའི་གནས་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ཁྲིཾ་ཁྲིཾ་ཞེས་སོགས་ཀྱིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་དབང་བསྐུར་དུ་གསོལ། ཞེས་བརྗོད་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་བས་ལུས་གང་དྲི་མ་དག་བདེ་བ་ཆེན་པོ་མྱོང་། ཆུའི་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་


PS002_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་ཡེ་ཤེས་མགོན་པོས་དབུ་བརྒྱན་པར་གྱུར། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱདྱཾ་ནས། ཤཔྟའི་བར་དང་། སྙིང་པོ་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། བསྟོད་པ་ནི། ཁྱོད་སྐུ་ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །ཁྱོད་གསུང་ཧཱུྃ་དང་ཕཊ་ཀྱི་ང་རོ་སྒྲོགས། །ཁྱོད་ཐུགས་མི་བཟད་སྙིང་རྗེ་རབ་འབར་བས། །ཕྱི་ནང་བར་ཆད་ཀུན་འདུལ་ཁྱོད་ལ་བསྟོད། །ཕྱོགས་བཞིའི་ལྷ་མོ་བཞི་པོ་ཁྱེད་རྣམས་ཀྱིས། །དཔལ་ལྡན་ཧེ་རུ་ཀ་ཡི་བཀའ་བཞིན་དུ། །ཞི་རྒྱས་དབང་དྲག་ལ་སོགས་ལས་རྣམས་ནི། །གཡེལ་བ་མེད་


PS002_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པར་ད་ལྟ་བསྒྲུབ་པར་མཛོད། །གཞན་ཡང་མགོན་པོའི་བཀའ་ཉན་འཁོར་བཅས་ཀྱིས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །ཕྱི་ནང་གསང་བའི་མཆོད་ཚོགས་འདི་བཞེས་ལ། །རྣལ་འབྱོར་བདག་གིས་བཅོལ་བའི་ལས་ཀུན་མཛོད། །ཅེས་བསྟོད། བཟླས་པའི་སྐབས་སུ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མགོན་པོ་གཙོ་འཁོར་གྱི་ཐུགས་རྒྱུད་བསྐུལ་ཏེ་ལས་རབ་འབྱམས་བསྒྲུབ་པར་བསམ་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སྭ་སྠི་ཤྛ་ན་མ་མ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་སོགས་ཉེ་སྙིང་དང་ཤཱ་ས་ན་བཟླ། འཁོར་རྣམས་ཀྱི་སྔགས་བཟླ་བར་སྤྲོ་ན། ཨོཾ་མ་ཧཱ་


PS002_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་ཀྵེ་ཏྲ་པ་ལ་ཧཱུྃ་ཕཊ། ཨོཾ་རཱ་ཛ་ཊཀྐི་རཱ་ཛ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་ནི་ཤ་ཏྲཱུཾ་མ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས། སླར་མཆོད་བསྟོད་བྱ་ཞིང་བདག་ཉིད་འཇུག །སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་སྐབས། དེའི་ཆེད་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་ཞེས་བསྒྱུར། དེའང་སྔོན་དགེ་བསྙེན་ཆེན་པོ་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པ་དེ་རི་བོ་པོ་ཏ་ལར་ལན་གསུམ་བྱོན། འཕགས་པ་སྤྱན་རས་གཟིགས་དངོས་སུ་མཇལ། སྔ་ཕྱིར་ཕོ་བྲང་གཞལ་མེད་ཁང་གཞན་ཐམས་ཅད་མཇལ་ཞིང་བསྐོར། རྟེན་ཀུན་ལའང་ཕྱག་མཆོད་གྲུབ་པ་ལ་


PS002_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གཅིག་ན་ཁང་བཟང་ཤིན་ཏུ་ཆེ་བ་ནམ་ཡང་སྒོ་མི་འབྱེད་པ་ཞིག་འདུག་པས། དཔའ་བོ་མཁའ་འགྲོ་མ་རྣམས་ལ་སྒོ་འདི་འབྱེད་པར་ཞུ་ཞུས་པས། འདི་སྒོ་ཕྱེས་ན་འཇིག་རྟེན་གསུམ་པོ་མཐའ་དག་དངས་ཤིང་འཆི་བའམ་འཆི་ལ་ཐུག་པར་འགྱུར་རོ། །ཞེས་གསུངས་པས། སླར་འཕགས་པ་སྤྱན་རས་གཟིགས་ཉིད་ལ་ཞུས་ཤིང་གསོལ་བ་བཏབ་པས་སྤྲུལ་པའི་ཕོ་ཉ་ཞིག་མངགས་ཏེ་འཕགས་པའི་བཀའ་གནང་བའི་སྟོབས་ཀྱིས་སེམས་ཅན་སུ་ལའང་གནོད་པ་མེད་པར་སྒོ་ཕྱེས། དེར་ཡེ་ཤེས་མགོན་པོ་འདི་ཉིད་མཇལ། གསོལ་བ་བཏབ་པས་རྒྱུད་བྱིན་གྱིས་བརླབས། འཛམ་བུའི་


PS002_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ལ་འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པ་ལྟར། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་ཤིང་ནྱ་གྲོ་དྷའི་ཕུག་ན་སྤྲུལ་པའི་སྐུ་ཞིག་རྟག་ཏུ་བཞུགས། དེ་ལ་བརྟེན་ནས་དཔལ་ས་ར་ཧ་སོགས་ཀྱིས་སྒྲུབ་ཐབས་མཛད་པར་གྲགས། གཞན་ཡང་ཡེ་ཤེས་ཀྱི་སྐུ་གཅིག་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་བཞུགས་པ་ལས་སློབ་དཔོན་ཀླུ་སྒྲུབ་དང་བྲམ་ཟེ་མཆོག་སྲེད་ཀྱིས་གདན་དྲངས་པའང་བཤད། དེ་དག་ལ་བརྟེན་པ་འཕགས་པའི་ཡུལ་དུ་གདམས་ངག་གི་བཀའ་སྲོལ་ཅི་རིགས་པ་བྱུང་ཞིང་། བོད་དུའང་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་མགོན་རྐྱང་


PS002_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐོར་བསྒྱུར་བ་དང་། སྟེང་བ་ལོ་ཙྭ་བས་མཁའ་འགྲོ་དྲུག་བསྐོར་གྱི་གདམས་པ་བསྒྱུར་བ་དང་། མགར་ཆོས་བཟང་གིས་ས་ར་ཧ་དང་ཤ་བ་རིའི་གཞུང་སོགས་བསྒྱུར་བ་ལས། ཁྱད་པར་དུ་འཕགས་པ་མཁས་གྲུབ་ཁྱུང་པོའི་བཀའ་སྲོལ་ལས་བྱོན་པའི་མྱུར་མཛད་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། བྲམ་ཟེ་ཆེན་པོ་ས་ར་ཧའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་མཚམས་སྦྱར་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་དབང་ཕྱུག་ཡེ་ཤེས་སྐུ། །དཔལ་ལྡན་མགོན་པོ་འཁོར་


PS002_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །ཞེས་ལན་གསུམ། དེ་ནས་ལྷ་ངོ་བསྟན་པ། ཐུན་མོང་ཐུན་མིན་གྱི་སྡོམ་པ་བཟུང་བ། སློབ་མ་ལྷར་བསྐྱེད་བཅས་བླ་མགོན་དབྱེར་མེད་སྐབས་སུ་སྨོས་པ་ལྟར། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག་ཅེས་པའི་བར་སོང་ནས། དེ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཞུ་བའི་ཕྱིར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡེ་ཤེས་མགོན་པོ་ཡིས། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །དེ་ལྟར་གསོལ་བ་


PS002_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཙན་དན་གྱི་ཤིང་རྐང་གཅིག་པའི་དྲུང་ན་བཞུགས་པའི་མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ལས་མགོན་པོ་འཁོར་བཅས་ཀྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པར་བྱུང་། གཏོར་མ་མགོན་པོར་གསལ་བའི་དཔྲལ་བ་ལས་ཀྱང་མགོན་པོ་འཁོར་བཅས་ཀྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པ། སྐུ་རྔམ་བརྗིད་དང་ལྡན་པ། གསུང་ཧཱུྃ་ཕཊ་དང་ཧ་ཧའི་སྒྲ་དྲག་པོ་སྒྲོགས་ཅིང་རིགས་ཀྱི་བུ་ཁྱེད་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ངས་


PS002_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ། ཞེས་གསུང་ལྷང་ལྷང་བྱོན་བཞིན་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་སློབ་མའི་དཔྲལ་བ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྲེག་མེར་གྱིས་ཁེངས། ལུས་ཀྱི་ནད་གདོན་བར་དུ་གཅོད་པ་ཐམས་ཅད་དགྲ་བགེགས་ཀྱི་ཤ་ཁྲག་གི་རྣམ་པར་ཞལ་དུ་དམར་ཆེམ་ཆེམ་གསོལ་ནས་ཚར་བཅད་པའི་མོས་པ་མཛོད། བྱས་ལ། ཌཱ་དྲིལ་དང་སྤོས་དུད་བཅས་ཏེ་སྙིང་པོ་དང་ཉེ་སྙིང་བརྗོད་པ་འོག་མ་རྣམས་ལའང་འགྲེ། དེས་མགོན་པོ་འཁོར་བཅས་ཀྱི་སྐུའི་བྱིན་རླབས་ལུས་ལ་ཞུགས། ལུས་ཀྱི་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་དག །བུམ་པའི་དབང་ཐོབ། ཁྱེད་རང་རྣམས་ཀྱི་


PS002_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་མགོན་པོའི་སྐུ་དབྱེར་མེད་དུ་གྱུར་སྙམ་པ་མཛོད་ཅིག །སླར་ཡང་བླ་མ་ཡི་དམ་དབྱེར་མེད་པའི་ཐུགས་ཀའི་ཧཱུྃ་ལས་སོགས་སྔར་ལྟར་ལ། གཏོར་མ་མགོན་པོར་གསལ་བའི་མགྲིན་པ༴ ཞེས་དང་། སློབ་མའི་མགྲིན་པ་ནས། ངག་གི་ནད་གདོན༴ གསུང་གི་བྱིན་རླབས་ངག་ལ༴ ངག་གི་སྡིག་སྒྲིབ༴ གསང་བའི་དབང་༴ ངག་དང་མགོན་པོའི་གསུང་དབྱེར་མེད༴ ཅེས་བསྒྱུར། སླར་ཡང་བླ་མ་ཡི་དམ་སོགས་སྔར་ལྟར། གཏོར་མ་མགོན་པོར་གསལ་བའི་ཐུགས་ཀ༴ སློབ་མའི་སྙིང་ཁ་ནས༴ ཡིད་ཀྱི་ནད་གདོན༴ ཐུགས་ཀྱི་བྱིན་རླབས་སེམས་ལ༴ཡིད་ཀྱི་སྡིག་


PS002_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ༴ཤེས་རབ་ཡེ་ཤེས་ཀྱི༴ཡིད་དང་མགོན་པོའི་ཐུགས་དབྱེར་མེད་དུ་ཅེས་བསྒྱུར། སླར་ཡང་བླ་མ་ཡི་དམ་སོགས་སྔར་ལྟར་ལ། གཏོར་མ་མགོན་པོར་གསལ་བའི་གནས་ལྔ༴ སློབ་མའི་གནས་ལྔར༴ སྒོ་གསུམ་ཆ་སྙོམས་ཀྱི་ནད་གདོན༴ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་སྒོ་གསུམ་ལ་གཅིག་ཆར་དུ་ཞུགས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ༴དབང་བཞི་པ་ཐོབ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་མགོན་པོའི་སྐུ་གསུང་ཐུགས་དབྱེར་མེད་ཅེས་བསྒྱུར། དེ་ནས་སྔགས་ཀྱི་བཟླས་ལུང་ཞུ་བའི་ཕྱིར་དུ་གསོལ་བ་འདེབས་པ་འདི་བཞིན་མཛོད།


PS002_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མགོན་པོའི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་ཁ་དོག་ནག་པོ་འོད་ཟེར་མེ་འོད་འཕྲོ་བས་བསྐོར་བ་དེ་ལས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་མགོན་པོའི་ཞལ་ནས་ཐོན། ཁྱེད་རང་རྣམ་པའི་ཞལ་དུ་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གི་མཐའ་གཡས་བསྐོར་དུ་འཁོར། དེ་ལས་དྲག་པོའི་འོད་ཟེར་མེ་འོད་རབ་ཏུ་འབར་བ་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་གཞོབ་


PS002_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་ཐུལ་བསྲེགས་ཤིང་ཚར་བཅད་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་མཛོད། བྱས་ལ་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག །སློབ་མའི་མགོར་མེ་ཏོག་བཞག་ལ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མས་བཀའ་བསྒོ་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་བར་ཆད་ཀུན་སེལ་གྱི་སྐབས་ལྟར་ལས། བླ་མ་བརྒྱུད་པའི་སྐབས། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །བྲམ་ཟེ་ཆེན་པོ་ས་ར་ཧ། །དཔལ་ལྡན་ཤ་བ་རི་དབང་ཕྱུག་སོགས་ནས།


PS002_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་སངས་རྒྱས་སྟོན་པ་ནས། དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་དཔལ་ལྡན་བླ་མ་དམ་པ་དེ་རྣམས་ཀྱི་ཞེས་བསྒྱུར། རྗེས་ཀྱི་བྱ་བ་རྣམས་ཀྱང་དེ་དང་མཚུངས་སོ། །འཕགས་ཡུལ་གྲུབ་བརྙེས་ཀུན་ལས་ཀྱང་། །ཡོན་ཏན་ཁྱད་འཕགས་བྲམ་ཟེའི་ལུགས། །མཁའ་འགྲོ་བཞི་སྐོར་གྲགས་པ་འདི། །སྒྲུབ་ཐབས་རྒྱ་མཚོའི་སྙིང་པོ་ལགས། །བྲམ་ཟེ་ཆེན་པོ་ས་ར་ཧའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་གི་ལེ་མཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། སངས་རྒྱས་ཀུན་གྱི་བསྟན་སྲུང་ཞིང་། །སངས་རྒྱས་ཀུན་དང་དབྱེར་མེད་པ། །མྱུར་མཛད་སྤྱན་རས་གཟིགས་དབང་ལ། །བཏུད་ནས་རྒྱན་ཅན་བཀའ་ཡིག་བྲིས། །མཎྜལ་ཆོས་འབྱུང་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་དང་ཨ་བྲིས། དེའི་དབུས་སུ་རྟེན་གཏོར་མདུན་དུ་མཆོད་གཏོར་


PS002_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔར་ལྟར་ལ། གཡས་སུ་བུམ་པ་བདུད་རྩི་དང་དྲི་བཟང་ཆུས་བཀང་བ། ཁ་རྒྱན་མགུལ་མཆིངས་དང་བཅས་པ། གཡོན་དུ་ཐོད་པའི་བདུད་རྩི་རྣམས་བཤམས། བྱིན་རླབས་རྣམས་དང་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་མཐིང་ནག་མེ་རབ་ཏུ་འབར་བའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་དང་ཚོགས་ཀྱི་བདག་པོའི་སྟེང་དུ། ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་དང་ཨ་ལས་རྡོ་རྗེ་ཨས་མཚན་པ་གཉིས་ལས་འོད་ཟེར་ཕྲོས་དོན་གཉིས་བྱས་འདུས་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ཤིན་ཏུ་གནག་པ་ཞལ་གཅིག་ཕྱག་དྲུག་པ། ཕྱག་དྲུག་གི་གཡས་གཡོན་གྱི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་


PS002_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། གཡས་འོག་མ་གཉིས་ཀྱིས་ཐོད་པའི་ཕྲེང་བ་དང་ཌཱ་མ་རུ། གཡོན་འོག་མ་གཉིས་ཀྱིས་ཁ་ཊྭཱྃ་ག་དང་རྡོ་རྗེའི་ཞགས་པ་འཛིན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་དམར་པོ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་བསྡུས་ཤིང་སྨིན་མ་དང་སྨ་ར་དབུ་སྐྲ་ནག་པོ་རྣམས་གྱེན་དུ་བརྫེས་པ། ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་རས་བྱུགས་པ། སྦྲུལ་དཀར་ཁྲས་དབུ་སྐྲ་བཅིངས་ཤིང་དམར་ཁྲས་སྙན་རྒྱན་བྱས་པ། སེར་པོས་མགུལ་རྒྱན་ལྗང་གུས་ཕྱག་གདུབ་དང་དོ་ཤལ་བྱས་པ། ནག་ཁྲས་ཞབས་གདུབ་དང་སྐ་རགས་བྱས་


PS002_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པ། རུས་པའི་རྒྱན་དྲིལ་བུ་གཡེར་ཁ་དང་བཅས་པས་སྤྲས་པ། སྟག་གི་པགས་པའི་ཤམ་ཐབས་དང་། གླང་པོ་ཆེའི་པགས་པས་སྟོད་གཡོགས་བྱས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་སྐུ་ལས་སྐྱེས་པའི་མེའི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤང་ན་ཡུམ་རྡོ་རྗེ་གཅིག་ཤེས་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་གྱིས་ཐོད་ཁྲག་ཡབ་ལ་སྟོབ་ཅིང་གཡས་པས་གྲི་གུག་བཟུང་ནས་ཡབ་ལ་འཁྱུད་པ། ཐོད་སྐམ་ལྔས་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ཕྱག་རྒྱ་ལྔས་བརྒྱན་པའོ། །ཕྱོགས་བཞིར་མདུན་དུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཛཱ་ལས་ཛཱ་ལི་མ་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་


PS002_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། གཡས་སུ་པདྨ་དང་ཉི་མའི་སྟེང་དུ་ཀྵེ་ལས་ཀྵེ་ཏྲ་པ་ལ་མ་དུ་བའི་མདོག་ཅན་གཡས་ཌཱ་མ་རུ་དང་གཡོན་སྡིགས་མཛུབ་མཛད་པ། རྒྱབ་ཏུ་པདྨ་དང་ཉི་མའི་སྟེང་དུ་མ་ལས་མ་ཧཱ་ཀཱ་ལི་མ་དམར་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། གཡོན་དུ་པདྨ་དང་ཉི་མའི་སྟེང་དུ་ཊཱ་ལ་ཊཱཀྐི་ར་ཛ་མ་སེར་མོ་གཡས་རྩེ་གསུམ་དང་གཡོན་ཞགས་པ་འཛིན་པ། དེ་ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་མ་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་འཁྱུགས་ཅིང་དབུ་སྐྲ་གྱེན་དུ་གཡེངས་པ་རུས་པས་བརྒྱན་ཅིང་དྲག་པོའི་གཟུགས་ཅན་ནོ། །དེའི་ཕྱི་རོལ་དུ་བཀའ་


PS002_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་གྱུར་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསིལ་བའི་ཚལ་ལ་སོགས་པ་ནས་མགོན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཁྲིཾ་ཁྲིཾ་ཞེས་སོགས་བརྗོད་ནས། ཛཿཧཱུྃ་བྃ་ཧོཿས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་དབང་བསྐུར་དུ་གསོལ། ཞེས་བརྗོད་པས་དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་


PS002_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ལུས་གང་ཆུའི་ལྷག་མ་སྤྱི་བོར་ཁྱིལ་བ་ལས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སོགས་སྔགས་ཙམ་གྱིས་མཆོད། ནང་མཆོད་འབུལ། ཆོས་དབྱིངས་ངང་ལས་སོགས་ཀྱིས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ་སྙིང་པོ་དང་། ཡུམ་ལ། ཨོཾ་ཨཱ་སྭཱ་ཧཱ། ཞེས་བཟླ། གཏོར་འབུལ་དང་མཆོད་བསྟོད་མདོར་བསྡུས་བྱ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨེ་ལས་ཆོས་འབྱུང་ཞེས་པ་ནས་བཟླས་པའི་བར་སྔར་བཞིན་བྱ། བཟླས་པའི་སྐབས་སུ་རང་གི་ཐུགས་ཀའི་ཧཱུཾ་ལས་


PS002_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་བསམ་ལ་གོང་གི་སྔགས་གཉིས་པོ་བཟླ། མཆོད་བསྟོད་གོང་ལྟར་བྱ། མགོན་པོ་གཙོ་འཁོར་ཞུ་བ་ལས་བྱུང་བའི་བདུད་རྩིར་གྱུར་པར་བསམ་ལ་བདག་འཇུག་བླང་། དེ་ནས་སློབ་མ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་སྐབས། དེའི་ཆེད་དུ་ཡེ་ཤེས་མགོན་པོ་རྒྱན་ཅན་གསང་སྒྲུབ་ཀྱི་བཀའ་ཟབ་མོ་ཞེས་བསྒྱུར། དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་ཤིང་རྒྱས་པ་གལ་ཆེ། བསྟན་པ་བསྲུང་བ་ལ་ཆོས་སྐྱོང་ཁྱད་པར་ཅན་ཞིག་ངེས་པར་དགོས་པ་ཡིན་ཅིང་། དེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་ཀྱི་


PS002_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཡེ་ཤེས་མགོན་པོ་འདི་ལས་ལྷག་པ་ནམ་དུའང་མེད་པས། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཐམས་ཅད་ཀྱིས་ཆོས་སྐྱོང་འདི་ལ་གཏོར་མ་རེ་ཕུལ་ཞིང་བསྟན་པ་སྲུང་བའི་གཉེར་བཅོལ་ན་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། རང་གཞན་གྱི་བར་ཆད་སེལ་ཞིང་བསམ་པ་ཐམས་ཅད་འགྲུབ་པར་གསུངས་པ་དང་། ཁྱད་པར་ཡེ་ཤེས་མཁའ་འགྲོ་ནི་གུའི་གདམས་ངག་འཆད་པ་དང་། ཉན་པ་དང་། ཉམས་སུ་ལེན་པ་རྣམས་ལ་མགོན་པོ་འདི་ཉིད་མ་བསྒྲུབས་ཀྱང་ཤུགས་ལ་འགོ་ཞིང་ཕྲིན་ལས་སྒྲུབ་པར་མཛད་པ་ཡིན་ལ། འདི་ཉིད་ཀྱི་གདམས་པ་མཁས་གྲུབ་ཁྱུང་


PS002_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཀའ་སྲོལ་མཐའ་ཡས་པ་ཞིག་ཞུགས་པ་ལས། སྐབས་འདིར་གསང་སྒྲུབ་རྒྱན་ཅན་དུ་གྲགས་པ་བཀའ་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སཾ་གྷ་ཡ། ཀུན་མཁྱེན་ཡེ་ཤེས་སྙིང་པོ་ཅན། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། དེ་རིང་བཤད་པའི་རིན་ཆེན་གཏེར། གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། ལྷ་ངོ་བསྟན་པ་དང་ཐུན་མོང་དང་ཐུན་མོང་མིན་པའི་སྡོམ་པ་བཟུང་། སློབ་མ་ལྷར་བསྐྱེད། གནས་གསུམ་བྱིན་རླབས་བར་བླ་མགོན་དབྱེར་མེད་ལྟར་བྱ། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས།


PS002_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་མགོན་པོར་གསལ་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་མགོན་པོ་གཙོ་འཁོར་གྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། སློབ་མའི་སྤྱི་བོ་ནས་ཐིམ་པས་ལུས་ཐམས་ཅད་ལྷ་སྐུ་འོད་ཟེར་དང་བཅས་པས་གང་བ་ལ་བརྟེན་ནས་ལུས་ཀྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་སྦྱངས། མགོན་པོའི་སྐུའི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་རྩ་སྔགས་བརྗོད་ཅིང་སྤོས་རོལ་བྱ་བ་འགྲེ། དེས་སྐུའི་རྗེས་གནང་གྲུབ་པ་ལགས། ཡང་བླ་མའི་ཐུགས་ཀའི་ཧཱུྃ་


PS002_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས། གཏོར་མ་མགོན་པོར་གསལ་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་མགོན་པོ་གཙོ་འཁོར་གྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། སློབ་མའི་མགྲིན་པ་ནས་ཐིམ་པས་ལུས་ཐམས་ཅད་ལྷ་སྐུ་འོད་ཟེར་དང་བཅས་པས་གང་བ་ལ་བརྟེན་ནས་ངག་གི་སྡིག་སྒྲིབ་བར་ཆད་ཐམས་ཅད་སྦྱང་། མགོན་པོའི་གསུང་གི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་རྩ་སྔགས་བརྗོད་ཅིང་སྤོས་རོལ་བྱ། དེས་གསུང་གི་རྗེས་གནང་གྲུབ་པ་ལགས།


PS002_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གཏོར་མ་མགོན་པོར་གསལ་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་མགོན་པོ་གཙོ་འཁོར་གྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། སློབ་མའི་སྙིང་ག་ནས་ཐིམ་པས་ལུས་ཐམས་ཅད་ལྷ་སྐུ་འོད་ཟེར་དང་བཅས་པས་གང་བ་ལ་བརྟེན་ནས་ཡིད་ཀྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་སྦྱང་། མགོན་པོའི་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་རྩ་སྔགས་བརྗོད་


PS002_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྤོས་རོལ་བྱ། དེས་ཐུགས་ཀྱི་རྗེས་གནང་གྲུབ་པ་ལགས། དེ་ནས་དབང་བཞི་པ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡེ་ཤེས་མགོན་པོ་ཡི། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །གསུམ། དེ་ལ་བུམ་དབང་གི་སླད་དུ་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བདུད་རྩིའི་ཆུས་གང་བའི་བུམ་པ་ཐོགས་ནས་དབང་བསྐུར་བའི་མོས་པ་གྱིས་ཤིག། བུམ་པ་མགོར་བཞག་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །


PS002_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ལ་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག། བུམ་པའི་དབང་ཐོབ། ལྷ་སྐུ་བསྒོམ་པ་ལ་དབང་། སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་བཞག་པ་ཡིན་ནོ། །དེ་ནས་གསང་བའི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྤྱན་དྲངས། མདུན་བསྐྱེད་ཀྱི་མགོན་པོའི་ཞལ་དུ་ཞུགས། ཆགས་པ་ཆེན་པོའི་


PS002_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

མེས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བྱོན་ནས་བདེ་བ་སྐྱེས་ཤིང་། དེ་ལྟ་བུའི་བདེ་བའི་རྟེན་བྱང་སེམས་དེ་ཉིད་ཁྱེད་རང་རྣམ་པའི་ལྗགས་ཐོག་ཏུ་བཞག་ནས་གསང་དབང་བསྐུར་བྱུང་སྙམ་པའི་མོས་པ་མཛོད། བྱས་ལ་ནང་མཆོད་དམ་ཐོད་པའི་བདུད་རྩི་སྦྱིན་ལ། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་མི། དེ་ལྟ་བུའི་བྱང་སེམས་མྱོང་བ་ལ་བརྟེན་ནས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས། དེའི་རང་ངོ་ལ་མཉམ་པར་བཞག་པས་


PS002_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། དེ་ལྟར་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། སྔགས་བཟླ་བ་ལ་དབང་། ལོངས་སྐུ་འགྲུབ་པའི་ནུས་པ་བཞག་པ་ཡིན་ནོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། གཏོར་མ་ཡེ་ཤེས་མགོན་པོ་ཡབ་ཡུམ་དངོས་སུ་གསལ་བའི་ཡུམ་ལས་རང་འདྲ་བའི་ཡུམ་གཉིས་པ་སྤྲོས་པ་ཁྱེད་རང་མགོན་པོར་གསལ་བ་དང་སྙོམ་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྤྱན་དྲངས། སློབ་


PS002_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལུས་ལ་ཞུགས། ཆགས་པ་ཆེན་པོའི་མེས་ཞུ་བའི་དགའ་བཞི་རིམ་བཞིན་དྲངས། རྡོ་རྗེ་ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་བརྟེན་ནས་བདེ་བ་ཆེན་པོ་མཐའ་དབུས་མེད་པ་སྐྱེས། དེའི་རང་ངོ་ལ་མཉམ་པར་བཞག་པས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་ཏུ་བྱས་པར་མོས་མཛོད། གསང་ཡུམ་ཡེ་ཤེས་མཁའ་འགྲོ་མས། །མཁའ་འགྲོ་སྤྲོས་ནས་བུ་ལ་གཏད། །སྙོམས་པར་ཞུགས་པས་བདེ་བས་གང་། །ལྷན་སྐྱེས་ཡེ་ཤེས་ཆེན་པོ་ཐོབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེཉྩ་མཱཾ། དེ་ལྟར་དབང་གསུམ་པ་བསྐུར་བ་ལ་བརྟེན་ནས་ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་


PS002_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབང་ཐོབ། དངོས་དང་ཡིད་ཀྱི་རིག་མ་བསྟེན་པ་ལ་དབང་། ཆོས་སྐུ་འགྲུབ་པའི་ནུས་པ་བཞག་པ་ཡིན་ནོ། །དབང་བཞི་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་ཡེ་ཤེས་མགོན་པོ་གཙོ་འཁོར་སྐད་གཅིག་གིས་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ཡེ་ཤེས་མགོན་པོར་གྱུར། དེ་རྣམས་འོད་ཀྱི་རྣམ་པར་བཀུག་སྟེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་བོ་ལ་ཐིམ། སློབ་མ་མགོན་པོར་གསལ་བ་ཡང་སྐུའི་སྟོད་སྨད་ནས་འོད་དུ་ཞུ་


PS002_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ། དེ་ཡང་ཞབས་ཀྱུ་ནས་རིམ་བཞིན་ཇེ་ཕྲ་ཇེ་ཕྲར་གྱུར་ནས་དབྱིངས་སུ་ཡལ་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་བརྗོད་ལ་དར་གཅིག་མཉམ་པར་འཇོག་ཏུ་བཅུག་ལ། ནམ་མཁའ་སྐྱེ་མེད་མཚོན་པའི་ཕྱིར། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །རང་སེམས་སྟོང་པ་ཆོས་ཀྱི་སྐུ། །ཚིག་གི་ངོ་བོར་བསྟན་པར་བྱ། །ཆོས་ཐམས་ཅད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་དབང་བཞི་པའི་ངོ་བོ་ཡིན་ནོ། །ཞེས་ངོ་སྤྲད། དེ་ལྟར་ཚིག་དབང་རིན་པོ་ཆེ་བསྐུར་བས་སྒོ་


PS002_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །དབང་བཞི་པ་ཐོབ། ལམ་ཟུང་འཇུག་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་བཞག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་སྔགས་ཀྱི་བཟླས་ལུང་དང་། གཏོར་དབང་། རྗེས་ཀྱི་བྱ་བ་རྣམས་བྱ་སྟེ་བར་ཆད་ཀུན་སེལ་དུ་བཤད་པ་བཞིན་ནོ། །སྔོན་སྦྱང་བློ་གྲོས་དག་པའི་མཁར། །ཆོས་ཟབ་ཟླ་བའི་གཟུགས་བརྙན་འཆར། །དེས་ཀྱང་སྐྱེ་དགུ་མཐའ་ཡས་པའི། །ཡིད་ཀྱི་གདུང་བ་སེལ་བར་བྱེད། །གསང་སྒྲུབ་རྒྱན་ཅན་དུ་གྲགས་པའི་རྗེས་གནང་གི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། སྤྱན་རས་གཟིགས་དབང་རྣལ་འབྱོར་མ། །སྒྲོལ་མ་མྱུར་མཛད་མགོན་པོ་དང་། །དབྱེར་


PS002_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བླ་མ་རྡོ་རྗེ་འཆང་། །སྤྱི་བོར་བཀོད་ནས་རྗེས་གནང་བྲིས། །མཎྜལ་པདྨ་འདབ་བཞི་པའི་ལྟེ་བར་ཉི་ཟླའི་གདན་ལ་ཚོམ་བུ་སྔོན་པོ། ཤར་གྱི་པད་འདབ་ལ་ཉི་གདན་ཚོམ་བུ་ནག་པོ། ལྷོའི་པད་འདབ་ལ་དམར་པོ། ནུབ་ཏུ་དཀར་པོ། བྱང་དུ་ལྗང་གུ་སྟེ་ཚོམ་བུ་ལྔ་བཀོད། མཐར་མཆོད་གཏོར་གྱིས་བསྐོར་རོ། །དེ་ནས་སྐྱབས་སེམས་སྤྱི་ལྟར་བྱས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཕྱི་རོལ་དུ་མེ་རི་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་རྡོ་རྗེ་རྭ་བ་དང་གུར་རྣམས་སུ་གྱུར། དེའི་ནང་དུ་བདག་ཉིད་ཡི་དམ་གྱི་སྐུར་གསལ་བའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བ་འཆར་ཞིང་རྒྱས་པ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་པདྨ་འདབ་མ་བཞི་པ་ལྟེ་བ་ཁྲུ་གང་གིས་མཐོ་བ་ལ་ཉི་ཟླ་གཙེགས་པའི་


PS002_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་། དར་གྱི་ན་བཟས་ཀླུབས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་འོད་ཟེར་འཕྲོ་བའོ། །མདུན་གྱི་པད་འདབ་ལ་ཉི་མའི་གདན་ལ། ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ། ཞལ་གཅིག་ཕྱག་དྲུག་པ། ཞབས་གཉིས་བཞེངས་པའི་


PS002_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་སུ་བཞུགས་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག །བར་པས་ཐོད་པའི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་ཁྲག །བར་པས་རྩེ་གསུམ། ཐ་མས་རྡོ་རྗེའི་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་ཨག་ཚོམ་བརྗིད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ལ་དར་ལྗང་གུའི་སྐེ་རགས་བཅིངས་པ།


PS002_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་འཕྱང་ཞིང་ཡན་ལག་རྣམས་སྦོམ་ལ་རགས་པ། དཔྲལ་བར་སིནྡྷུ་རས་བྱུགས་ཤིང་། ཕྱག་དང་ཞབས་རྣམས་དྲིལ་བུ་གཡེར་ཁས་བརྒྱན་པ། གླང་པོ་ཆེའི་ལྤགས་པ་རློན་པ་གོས་སུ་གྱོན་པ། ཡེ་ཤེས་མེ་འབར་བའི་དབུས་ན་ཚོགས་བདག་དཀར་པོ་གན་རྒྱལ་དུ་འགྱེལ་བའི་གདན་ལ་བཞུགས་པའོ། །གཡས་ཀྱི་པད་འདབ་ལ་ཉི་མའི་གདན་ལ་ཧྲཱིཿལས་གྲི་གུག་ཧྲཱིས་མཚན་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཞལ་འཛུམ་ཞིང་མཆེ་བ་ནས་ཙམ་འབུར་བ། སྤྱན་གསུམ་གཡོན་


PS002_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་གཟིགས་པ། ཕྱག་གཡས་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་པ། གཡོན་ཐོད་པ་བདུད་རྩིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱྃ་ག་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་། ཞབས་གཡས་བརྐྱངས་པས་འཇིགས་བྱེད་དང་དུས་མཚན་མནན་པའོ། །རྒྱབ་ཀྱི་པད་འདབ་ལ་ཟླ་བའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་པའི་བུམ་པ་དང་། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་


PS002_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནག་སིལ་ལེ་ཡོད་པ་འོད་དཔག་མེད་ཀྱི་དབུ་རྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའོ། །གཡོན་གྱི་པད་འདབ་ཀྱི་ཟླ་གདན་ལ་ཏྃ་ལས་ཨུཏྤལ་ཏྃ་གྱིས་མཚན་པ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ། ལང་ཚོ་དར་ལ་བབ་ཅིང་། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ཨུཏྤ་ལའི་ཡུ་བ་འཛིན་པ། སྤྱི་བོར་དོན་ཡོད་གྲུབ་པས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་


PS002_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ་རྡོ་རྗེ་འཆང་དང་ལྷ་བཞིའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། བླ་མ་ལྷ་བཞིའི་ཚོགས་ལ་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་སྙོམས་འཇུག་གི་བདེ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བྱིན་གྱིས་བརླབ་ཏུ་གསོལ། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ི། ཤྲཱི་ཌཱ་ཀ་


PS002_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་ནི། ཛོ་ཀ་ཛོ་ཀི་ནི། སརྦ་བུདྡྷཱ་བོདྡྷཱི་ས་ཏྭཱ་ཡ། ཤ་ར་ཎ་གཙྪ་མི་ཀྱཻ། ལན་གསུམ། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། དེ་བཞིན་དུ་ལྷ་སོ་སོ་ལ་དམིགས་ཏེ་རིམ་བཞིན་སྔགས་བརྗོད་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསུམ། མགོན་པོའི་སྐུ་ལས་བདུད་རྩིའི་རྒྱུན་བབས་སོགས་ནས། མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། ཅེས་རིགས་འགྲེ། ཨོཾ་བཛྲ་ན་ར་ཀྲེཾ་ཀྲེཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།


PS002_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། རྣལ་འབྱོར་མའི་སྐུ་ལས༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿས་མན་ཏ་ཧཱུྃ་ཕཊ། གསུམ། སྤྱན་རས་གཟིགས་ཀྱི་སྐུ་ལས༴ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསུམ། སྒྲོལ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། བླ་མ་རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་བཞི་སྤྱན་དྲངས་བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པར་གྱུར། སྔགས་ཚན་ལྔ་སྦྲེལ་ནས་ལན་


PS002_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཟླ། རང་གི་གསང་གནས་ནས་རླུང་གཡོས། ལྟེ་བར་རྣལ་འབྱོར་མ་རྣམས་ཞུགས་པར་གྱུར། སྔགས་ཚན་ལྔ་སྦྲེལ་ནས་ལན་གསུམ་བཟླ། རང་གི་གསང་གནས། རླུང་གཡོས། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར། བླ་མའི་སྐུ་ལ་ཕོག་པས་བདེ་བ་ཆེན་པོས་ལྷ་བཞི་བདུད་རྩིར་ཞུ་ནས་སྐུ་ལུས་གང་། གསང་བའི་ལམ་ནས་རང་གི་སྤྱི་བོར་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། སྙིང་ག་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས།


PS002_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག། དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བླ་མ་འོད་དུ་ཞུ། རང་ལ་ཐིམ་པས། རང་ལུས་འོད་དུ་ཡལ། སེམས་མ་བཅོས་པ་ལ་མཉམ་པར་བཞག་གོ །དེ་ནས་མཎྜལ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་འདབ་མ་བཞི་པའི་ལྟེ་བ་ཁྲུ་གང་གི་མཐོ་བ་ལ་ཉི་ཟླ་བརྩེགས་པའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྩ་བའི་བླ་མ་རྡོ་རྗེ་འཆང་ཞེས་པ་ནས། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་


PS002_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཅེས་པའི་བར་གོང་བཞིན་བརྗོད། མཆོད་པ་བྱིན་རླབས་བྱས་ལ། གུ་རུ་དེ་བ་ཙ་ཏུ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གསང་མཆོད་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིད་ཀྱིས་བྱ། གང་གི་དྲིན་གྱིས་སོགས་ཤོ་ལོ་ཀ་གཅིག་དང་། བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད། །ཅེས་བསྟོད། གཏོར་མ་ཡོད་ན་ཡི་དམ་སྤྱི་ལྟར་བྱིན་བརླབས། ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་བཛྲ་དྷ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ།


PS002_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སོགས་ལ་སོ་སོའི་རང་སྔགས་མཐར་གཏོར་སྔགས་བཏགས་པ་ལན་གསུམ་གསུམ་གྱིས་ཕུལ། མཆོད་བསྟོད་དང་། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་ཞུ། དེ་ནས་སློབ་མ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་སྐབས། དེའི་ཆེད་དུ་བླ་མ་དང་ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ་ཟབ་མོ་ཞེས་བསྒྱུར། དེའང་གྲུབ་ཐོབ་ཆེན་པོ་ཤ་བ་རི་པས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སྒྲུབ་པ་ལ་བཞུགས་པའི་སྐབས་སུ་ཐོག་མར་དཔལ་ཡེ་ཤེས་ཀྱི་མགོན་པོ་ཉིད་བྱོན་ནས་རང་གི་སྒྲུབ་ཐབས་ལ་སོགས་པ་གསུངས། དེ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས། སྒྲོལ་མ་རྣམས་ཀྱང་བྱོན་ནས་རང་རང་གི་སྒྲུབ་ཐབས་གསུངས། བྱིན་རླབས་ལྷ་བཞི་འབྲལ་བ་མེད།


PS002_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ཡིན་པས་ལྷ་བཞི་པོ་འདི་ངོ་བོ་དང་ཕྲིན་ལས་གཉིས་ཀའི་སྒོ་ནས་གཅིག་བསྒྲུབས་པས་ཀུན་འགྲུབ་པར་འགྱུར་བའི་ཕྱིར་ནམ་ཡང་ཐ་དད་ཡོད་པ་མ་ཡིན་ཀྱང་། རྣམ་པ་ཙམ་དུའང་བཞི་པོ་ཕྱོགས་གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་ཀྱང་མཛད་ནས་མཻ་ཏྲི་པ་ལ་གནང་། ལྷོ་ཕྱོགས་ཀྱི་གྲུབ་ཆེན་རཱ་ཧུ་ལ་ཡང་ཡུམ་ལས་འཁྲུངས་མ་ཐག་ལྷ་བཞི་ཞལ་གཟིགས། ཕྱིས་རྡོ་རྗེ་མཁའ་སྤྱོད་མས་སྒྲུབ་ཐབས་རྣམས་གནང་བ་སྟེ། མཁས་གྲུབ་ཁྱུང་པོས་བླ་མ་དམ་པ་དེ་གཉིས་དང་། ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷི་ལས་གསན་པ་ཡིན་ཅིང་། ཇི་སྐད་དུ། མ་ཡེངས་ཟླ་བ་གསུམ་


PS002_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲུབ། །ཐོ་རེངས་ཐུན་རེ་མ་ཆགས་བསྒོམ། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །ཅེས་གསུངས་ཏེ། དེ་ལྟ་བུའི་བྱིན་གྱིས་བརླབ་པའི་ལྷ་བཞིའི་བཀའ་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་སྔོན་དུ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་


PS002_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ། མདུན་བསྐྱེད་བླ་མ་ལྷ་བཞིའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་རྒྱུན་བཤགས་དང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་གསུམ། དེ་ནས་སློབ་དཔོན་བླ་མ་ལྷ་བཞིའི་ངོ་བོར་བཞུགས་པ་ལ་མོས་གུས་དྲག་པོ་དུང་བ་གཅིག་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་བླ་མ་ལྷ་བཞིའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་།


PS002_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་གི་ལུས་ལ་ཕོག་པ་ཙམ་གྱིས་མ་དག་པའི་སྣང་ཞེན་སྦྱངས་ཏེ། ལུས་འཁོར་ལོ་བདེ་མཆོག་གི་སྐུར་མོས་པ་མཛོད། དེ་ལྟར་ཁྱེད་རང་རྣམས་ཡི་དམ་གྱི་སྐུར་གསལ་བའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་ཞེས་པ་ནས། ཐུགས་ཀར་ཧཱུྃ་གིས་མཚན་པ་རྣམས་སུ་གྱུར་པའི་མོས་པ་མཛོད། ཅེས་གོང་བཞིན་བསྐྱེད་ཆོག་གི་ཚིག་བརྗོད་ནས་ལྷ་རྣམས་དམ་ཚིག་པའི་ཚུལ་དུ་བསྐྱེད་ལ། དེ་ནས་མདུན་བསྐྱེད་མཎྜལ་གྱི་དབུས་ན་བཞུགས་པའི་བླ་མ་རྡོ་རྗེ་འཆང་ལ་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་དེ་ཉིད་ཡེར་གྱིས་བྱོན་ཁྱེད་རང་གི་སྤྱི་བོར་རྡོ་རྗེ་འཆང་ལ་ཐིམ། སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས།


PS002_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་བྱ་ཞིང་། ན་མོ་བུདྡྷཱ་ཡའི་གསོལ་འདེབས་ཚར་གསུམ་བརྗོད། ཡང་མདུན་བསྐྱེད་ཀྱི་མགོན་པོ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་མགོན་པོ་ལ་ཐིམ། སྐུ་ལས་རང་འདྲ་དཔག་ཏུ་མེད་པ་ཆད། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞལ་དུ་དམར་ཆེམ་ཆེམ་གསོལ། མགོན་པོའི་སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་དུ་འདྲེས་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་མགོན་པོའི་སྔགས་


PS002_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་བྱིན་རླབས་འབེབས་པ་འགྲེའོ། །ཡང་རྣལ་འབྱོར་མ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་རྣལ་འབྱོར་མ་ལ་ཐིམ། གསང་གནས་ནས་བདུད་རྩི་དམར་པོའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྤོས་རོལ་སྔགས་ཚར་གསུམ། ཡང་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་སྤྱན་རས་གཟིགས་དབང་ཕྱུག་ལ་ཐིམ། བུམ་པ་དང་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། ཁྱེད་


PS002_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་བརྗོད་ཅིང་སྤོས་ཌཱ་དྲིལ། ཡང་སྒྲོལ་མ་ལ་གསོལ་བ་བཏབ་པས། དེ་ཉིད་ཡེར་གྱིས་བྱོན། ཁྱེད་རང་གི་སྤྱི་བོའི་འཕགས་མ་སྒྲོལ་མ་ལ་ཐིམ། ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་གང་བས་ནད་གདོན་སྡིག་སྒྲིབ་དག། སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་དང་སྤྲོས་ཌཱ་དྲིལ་བྱ། དེ་ནས་དངོས་གཞི་ཞུ་བའི་ཡོན་དུ་


PS002_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ༴གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སོགས་གསུམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞུགས་པའི་བླ་མ་རྡོ་རྗེ་འཆང་གི་ཐུགས་ཀའི་འོད་ཟེར་གྱི་འཁོར་གྱི་ལྷ་བཞི་སྤྱན་དྲངས་ཏེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྣལ་འབྱོར་མ་རྣམས་བཞུགས་པ་ལ་མོས་གུས་དང་བཅས་འདིའི་རྗེས་ཟློས་མཛོད། ན་མོ་བུདྡྷཱ་ཡ་སོགས་ནས། ཏུ་རེ་སྭཱ་ཧཱའི་བར། སྔགས་ཚན་ལྔ་སྦྲེལ་བ་ལན་གསུམ། དེ་ནས་ཁྱེད་རང་གི་རྐང་འོག་གི་རླུང་གཡོས། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བའི་འོད་ཟེར་བླ་མའི་སྐུ་ལ་ཕོག །ལྷ་བཞི་


PS002_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་ཞུ། སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོར་ཞུགས། མགྲིན་པ་ཡན་ཆད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ། བདུད་རྩིའི་རྒྱུན་གྱིས་སྙིང་ག་ཡན་ཆད་གང་། ངག་གི་སྡིག་སྒྲིབ་དག། གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ། བདུད་རྩིའི་རྒྱུན་གྱིས་ལྟེ་བ་ཡན་ཆད་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་


PS002_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ། བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ་ནས། ཁྱེད་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ་སེམས་འཛིན་མེད་དུ་ཅི་གནས་མཉམ་པར་ཞོག་མཛོད། ཌཱ་དྲིལ་བག་ཙམ་རེ་བྱ་བ་མ་གཏོགས་གཞན་མི་དགོས། དེས་བྱིན་རླབས་ལྷ་བཞིའི་བཀའ་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་བཟུང་ཞིང་དམ་ཚིག་ལས་མི་འདའ་བར་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས།


PS002_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོས་ཇི་ལྟར་སོགས་དབང་རྗེས་སྤྱི་ལྟར་བྱ། ལྷ་བསྟིམས་ཟིན་པས། ཡིག་བརྒྱ་བཟོད་གསོལ་དང་། ཤིས་བརྗོད་ཙམ་ལས་རྗེས་ཆོག་གཞན་མི་དགོས་སོ། །ཡོན་ཏན་སྔགས་པ་མཐའ་ཡས་པས། །དྲིལ་སྒྲུབ་འདི་ནི་སྤྲོལ་མེད་ཀྱི། །རྣལ་འབྱོར་ཅན་རྣམས་སྙིང་གི་དཔྱིད། །གདམས་ངག་རྒྱ་མཚོའི་སྙིང་པོ་ཡིན། །ལྷ་བཞི་དྲིལ་སྒྲུབ་ཀྱི་རྗེས་སུ་གནང་བའི་བཀའ་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ།། །།ཨོཾ་སྭ་སྟི། བདུད་འཇོམས་ཕྲིན་ལས་ཐོགས་མེད་པ། །ཁྲག་འཐུང་ཆེན་པོས་དེ་རིང་འདིར། །སྙིང་པོའི་བསྟན་པ་རྒྱས་པ་དང་། །ལས་ཀུན་འགྲུབ་པའི་ཤིས་པ་སྩོལ། །གང་ཞིག་སྤྲོས་པ་ལ་དགའ་ཞིང་ལག་ལེན་རྒྱས་པར་བྱ་བ་དག་གིས། མགོན་པོའི་བཀའ་ཆེན་བཅུ་གསུམ་རྫོགས་པའི་མཐར་བརྟུལ་ཞུགས་


PS002_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་གནང་བྱེད་པའི་སྲོལ་སྣང་ཞིང་། དེའང་སྤྱི་ཤོད་པའི་ཡིག་ཆར་མགོན་དཀར་ཡིད་བཞིན་ནོར་བུ་རྗེས་སུ་བཞག་པས་དེའི་རྗེས་གནང་གི་མཐར་སྦྲེལ་བར་སྣང་ཡང་། འདིར་གོང་གི་གསང་སྒྲུབ་རྒྱན་ཅན་ལ་སྦྲེལ་ན་འཇུག་པ་བདེ་བས་དེ་ལྟར་ན་གཏོར་དབང་གྲུབ་མ་ཐག་པར། འདིའི་བྱིན་རླབས་ནས་འཇུག་ཅིང་སློབ་མ་ལྷར་བསྐྱེད་སྤྱན་འདྲེན་མི་དགོས། འོན་ཀྱང་རྩ་བ་མགོན་མཐིང་གི་བཀའ་ཙམ་རྫོགས་པ་ལའང་འདིའི་རྗེས་གནང་སྦྱོར་དུ་རུང་བ་ཁོ་ན་ཡིན་ཅིང་། དཀར་དམར་སོགས་ལ་སྦྲེལ་ན། དཀྱུས་སུ་བཤད་པའི་སློབ་མ་ལྷར་བསྐྱེད་དགོས་པ་ནི་ཁྱད་པར་རོ། །དེའང་རྗེས་གནང་གང་དང་སྦྲེལ་བ་དེའི་གཤམ་དང་མཉམ་དུ། གྲི་གུག་སོགས་ཕྱག་མཚན་དྲུག་སོ་སོ་བ། དབུ་རྒྱན་ཐོད་ཕྲེང་སྦྲུལ་རྒྱན་གླང་ལྤགས་སྟག་ལྤགས་རུས་པའི་རྒྱན་དྲུག་སིནྡྷུ་ར་རྣམས་སྟ་གོན་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་


PS002_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ཡོངས་སུ་གྱུར་པ་ལས་ངོ་བོ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདག་ཉིད་ཡིན་པ་ལ་རྣམ་པ་ཕྱག་མཚན་དང་རྒྱན་སོ་སོའི་རྣམ་པར་གྱུར། ཞེས་བརྗོད་ཅིང་སྙིང་པོ་ཚར་གསུམ་རེས་བྱིན་གྱིས་བརླབས། དེ་ནས་སློབ་མ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་ཞེས་སོགས་མངོན་རྟོགས་ལྟར་མགོན་པོ་འཁོར་བཅས་ཡོངས་རྫོགས་སུ་བསྐྱེད་ལ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ཞེས་སོགས་བརྗོད། དེ་ལྟར་ཁྱེད་རང་རྣམས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དངོས་སུ་གསལ་བ་ལ། ཕྱག་རྣམས་སུ་རྡོ་རྗེའི་མཚོན་ཆ་རྣམས་དང་། དབུ་ལ་སོགས་


PS002_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུའི་གནས་རྣམས་སུ་དུར་ཁྲོད་རོལ་པའི་ཆས་ཆེན་རྣམས་ཕུལ་ཏེ་མངའ་གསོལ་བའི་མོས་པ་མཛོད་ཅིག །ཅེས་མཚམས་སྦྱར་ཏེ། སློབ་མའི་ལག་གཡས་སུ་གྲི་གུག་གཏད་ནས། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་མཚན་གྲི་གུག་དབང་བསྐུར་བས། །དགྲ་བགེགས་ལུས་ནི་ཁ་འབྱེད་ཅིང་། །བསད་པའི་ལས་རྣམས་ཐོགས་མེད་ཤོག །ཐོད་པའི་ཕྲེང་བ་གཏད་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །མགོ་ཕྲེང་ཁྲག་འཛག་འདི་བྱིན་པས། །དགྲ་བགེགས་དོན་སྙིང་འབྱིན་པ་ཡི། །ལས་ཀྱིས་སྲུང་མ་ཚིམས་བྱེད་ཤོག། ཅང་ཏིའུ་གཏད་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཐོད་པའི་ཅང་ཏིའུ་འདི་བྱིན་པས། །དཔའ་བོ་མཁའ་


PS002_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དབང་སྡུད་ཅིང་། །དགྲ་བགེགས་མྱོས་པའི་ལས་འགྲུབ་ཤོག །ཐོད་པ་གཏད་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་མཚན་ཐོད་པའི་དབང་བསྐུར་བས། །དགྲ་བགེགས་སྙིང་ཁྲག་རོལ་བྱེད་ཅིང་། །རེངས་པའི་ལས་ལ་ཐོགས་མེད་ཤོག །རྩེ་གསུམ་གཏད་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཁ་ཊྭཱྃ་རྩེ་གསུམ་འདི་བྱིན་པས། །དགྲ་བགེགས་གནས་གསུམ་བསྣུན་བྱེད་ཅིང་། །སྒྲོལ་དང་སྐྲད་པའི་ལས་རྫོགས་ཤོག། རྡོ་རྗེའི་ཞགས་པ་གཏད་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །རྡོ་རྗེའི་ཞགས་པ་འདི་བྱིན་པས། །དགྲ་བགེགས་མ་ལུས་འདྲེན་བྱེད་ཅིང་། །འཆིང་


PS002_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་རྣམས་རྫོགས་པར་ཤོག །ཐོད་སྐམ་ལྔའི་དབུ་རྒྱན་བཀོན་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་དང་ཆ་ལུགས་རབ་འབར་བ། །ཡེ་ཤེས་ལྔ་ལྡན་ཐོད་སྐམ་ལྔ། །སྐལ་ལྡན་བུ་ཡིས་བླང་བར་བགྱི། །མགོ་ཕྲེང་གཏད་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་དང་ཆ་ལུགས་རབ་འབར་བ། །བདུད་རིགས་བསྒྲལ་བའི་མགོ་ཕྲེང་འདི། །སྐལ་ལྡན་བུ་ཡིས་བླང་བར་བགྱི། །སྤྲུལ་རྒྱན་བཀོན་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་དང་ཆ་ལུགས་རབ་འབར་བ། །དུག་ལྔ་དག་པའི་སྦྲུལ་རྒྱན་རྣམས། །སྐལ་ལྡན་བུ་ཡིས་བླང་བར་བགྱི། །གླང་ལྤགས་གཏད་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་དང་ཆ་ལུགས་རབ་འབར་བ། །གཏི་མུག་རྣམ་དག་གླང་ཆེན་ལྤགས། །སྐལ་ལྡན་བུ་ཡིས་བླང་བར་བགྱི། །སྟག་ཤམ་གཏད་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་དང་ཆ་ལུགས་རབ་འབར་བ། །ང་རྒྱལ་རྣམ་དག་སྟག་ལྤགས་གོས། །སྐལ་ལྡན་བུ་ཡིས་བླང་བར་བགྱི། །རྒྱན་དྲུག་གཏད་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་


PS002_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆ་ལུགས་རབ་འབར་བ། །ཕ་རོལ་ཕྱིན་དྲུག་དག་པའི་རྒྱན། །སྐལ་ལྡན་བུ་ཡིས་བླང་བར་བགྱི། །དེ་ནས་དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས་ལ། མྱུར་མཛད་ཡེ་ཤེས་མགོན་པོ་ཡི། །རྒྱན་དང་ཆ་ལུགས་རབ་འབར་བ། །གསང་བའི་རྫས་མཆོག་སིནྡྷུ་རས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དཔའ་བོ་མཁའ་འགྲོ་དབང་སྡུད་ཤོག །དེ་ལྟ་བུའི་སིནྡྷཱུ་རའི་ཐིག་ལེའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེགས་དྲག་དང་བཅས་པ་བཅུ་གསུམ་རེ་གསལ་འདེབས་པར་མཛོད། བྱས་ལ། འགྲོ་དྲུག་འདྲེན་པའི་དཔལ་མགོན་ཆེ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །ཧྲཱིཿཡིག་


PS002_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འདིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཞེས་བརྗོད། དེ་ལྟར་བརྟུལ་ཞུགས་ཀྱི་རྗེས་གནང་བྱིན་པས། ཁྱེད་རང་སྲིད་པ་གསུམ་ན་མཐུ་སྟོབས་གཟི་བརྗིད་འགྲན་ཟླ་ཐམས་ཅད་དང་བྲལ་བ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་རྗེ་བོར་མངའ་ཆེན་གསོལ་བ་ལ། དེ་དག་གིས་མཆོད་པའི་བྱེ་བྲག་སྣ་ཚོགས་པས་མཆོད་ཅིང་། རྡོ་རྗེའི་གླུས་བསྟོད་པ་ཕུལ་བར་མོས་ཤིག །མཆོད་པ་གསར་དུ་བཤམས་པ་བྱིན་བརླབས་ནས། ཚིགས་བཅད་དམ་སྔགས་ཙམ་གྱིས་མཆོད། གཙོ་བསྟོད་རྒྱས་བསྡུས་གང་རུང་གིས་བསྟོད། སླར་ཡང་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། སློབ་དཔོན་


PS002_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཀྱིལ་འཁོར་གྱི་ལྷ་ལྷན་ཅིག་པས་ཤིས་པ་བརྗོད་པས་ཀྱང་ཡེ་ཤེས་འཕེལ་ཞིང་བརྟན་པའི་མངའ་ཆེན་གསོལ་བར་མོས་ཤིག །ཅེས་བྱས་ལ་བཀྲ་ཤིས་བཀའ་བརྒྱ་མ་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་ན་དེ་དག་རྣམས་ཀྱིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བྱིན་རླབས་ཀྱི་བཀའ་རྩ་བ་དང་ཡན་ལག་དེང་སང་རྒྱུན་བཞུགས་ངེས་པ་རྣམས་ལེགས་པར་ཕུལ་གྲུབ་པ་ཡིན་པས། སྤྱིར་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག། སྒོས་སུ་མགོན་པོ་འདི་ཉིད་ཀྱི་ཁྱད་པར་གནད་ཀྱི་དམ་ཚིག་ཇི་སྐད་བཤད་པ་མཐའ་དག་མ་ཉམས་པར་བསྲུང་བ་དང་། བསྙེན་སྒྲུབ་ཕྲིན་ལས་ཀྱི་རིམ་པ་ལ་བརྩོན་ཅིང་། བླ་མ་ཡི་དམ་དང་གཉིས་སུ་མེད་པ་


PS002_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཆོས་སྐུའི་རང་བཞིན་དུ་ཤེས་པས་སྲོག་ལྟར་དུ་བརྟེན་སྙམ་དུ་མོས་ལ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་ལན་གསུམ། སློབ་མས་གཏོང་རགས་གསེར་གྱི་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། དགེ་བ་རྫོགས་བྱང་དུ་བསྔོ། རྗེས་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱས་ཤིང་དཔོན་སློབ་རྣམས་ཀྱི་ལོངས་སྤྱོད། སློབ་དཔོན་གྱིས་གཏོང་རགས་མཆོད་བསྟོད་བཟོད་གསོལ་སོགས་རྒྱས་པར་བྱའོ། །བསྟན་ལ་སེམས་པའི་བློ་མཐུ་ཐོབ། །འདུན་གྲོས་ངེས་པར་ལེགས་ལ་ཕྱོགས། །རང་འདོད་ཙམ་མིན་གཞན་གྱི་དོན། །མཐའ་ཡས་བསྒྲུབ་ཕྱིར་འདི་བྱས་སོ། །མཐའ་རྟེན་བརྟུལ་ཞུགས་རྗེས་གནང་གིས་ལེ་ཚན་ནོ།། །།དེ་ལྟར་ཡེ་ཤེས་མགོན་པོ་འདི་ཉིད་ལྷག་པའི་ཆོས་སྐྱོང་འཛིན་པ་ལ་མེད་དུ་མི་རུང་བའི་རྗེས་གནང་གི་བཀའ་སྲོལ་ཁོ་བོས་ཐོབ་པ་ནི་རེ་ཞིག་དེ་ཙམ་སྟེ། །


PS002_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྩ་བ་མགོན་མཐིང་གི་བཀའ་བར་ཆད་ཀུན་སེལ་འདི་ལའང་ཇོ་ནང་རྗེ་བཙུན་ཆེན་པོ་ནས་བརྒྱུད་པ་ཐ་དད་པ་གསུམ། དཀར་མཐིང་གཉིས་ལ་ཕྱག་ལེན་མི་འདྲ་བའི་ཁྱད་པར་ཡོད་པ་བཀའ་བརྒྱུད་ཀཾ་ཚང་དང་། ས་སྐྱ་བའི་ལུགས་སྲོལ་གཉིས་རྣམས་ནོས་ཤིང་། གཞན་རྣམས་ནི་བརྒྱུད་པའི་སྲོལ་གཉིས་ལ་བྱོན་པ་སྟེ། མཁས་གྲུབ་ཁྱུང་པོ་ནས་ད་ལྟའི་བར་དུ་བཀའ་ཡོད་ངེས་ཤིང་བསླད་མ་ཞུགས་པའི་རྣམ་པར་དག་པའོ།། །།འདི་དང་ཕྱི་མའི་དོན་དུ་བདེ་བླག་ཏུ། །གསོལ་བ་བཏབ་ན་ངེས་པར་སྩོལ་མཛད་པ། །བླ་མ་ནག་པོ་ཆེན་པོའི་བྱིན་རླབས་བཀའ། །གསལ་བར་བཀོད་ལ་སླར་ཡང་རྗེས་བཅོས་མཛོད། །བྱང་ཆུབ་ལམ་གྱི་བར་ཆད་ཞི་བ་དང་། །མཆོག་མཐུན་དཔལ་འབྱོར་དབྱར་གྱི་མཚོ་བཞིན་རྒྱས། །གང་འབྲེལ་ཚོ་འོད་དཔག་མེད་ཞིང་ཁམས་སུ། །


PS002_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོས་ལམ་སྣ་འདྲེན་གྱུར་ཅིག །ཅེས་པ་འདི་ནི་རང་ཉིད་ནས་འདུན་རྩོལ་ཆེན་པོ་བྱས་པའི་སྣོད་དག་པར། བླ་མ་མགོན་པོ་དབྱེར་མེད་པའི་བྱིན་རླབས་ཀྱི་བཅུད་ཅུང་ཟད་ཐོབ་པ། སྐལ་མཉམ་གཞན་དག་ལའང་བགོ་བཤའ་སྦྱིན་པར་བྱ་སླ་བའི་ཆེད་དུ། བླ་མ་ཡེ་ཤེས་མགོན་པོས་རྗེས་སུ་བཟུང་བའི་ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། མྱུར་མཛད་མགོན་པོའི་བྱིན་རླབས་ཀྱི་སྣང་བས་སྲུང་བའི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ། ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །


PS002_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་འཕགས་སྐྱེས་པོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། བྱང་རྣམ་ཐོས་སྲས།

མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་དང་འབྲེལ་བའི་བླ་མའི་རྣལ་འབྱོར། རིག་པ་འཛིན་པ་ལྕང་སྐྱ་རོལ་པའི་རྡོ་རྗེ།


PS002_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །བཀའ་རྒྱ་མའོ། །


PS002_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་གཏེར་ཆེན་བླ་མ་མགོན་པོ་ལ། །བྱང་ཆུབ་སྙིང་པོའི་བར་དུ་གུས་བཏུད་ནས། །དེ་ཡི་རྣལ་འབྱོར་ཐུན་མོང་མ་ཡིན་པས། །སྙན་བརྒྱུད་ཟབ་མོ་མདོར་བསྡུས་བྲི་བར་བྱ། །དེ་ལ་འདིའི་ཐུན་མོང་མ་ཡིན་པའི་རྗེས་གནང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་གང་ཟག་གིས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། རང་གི་ལུས་


PS002_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ། ཡར་སྣ་ཚང་བུག་ཏུ་སླེབས་རང་ཡི་དམ་གང་རུང་ངམ་མགོན་པོར་བསྒོམ་ཀྱང་རུང་གསུང་། མཆན། མཚན་པ་ཤིང་། མར་སྣ་སྙིང་ག་བུད་པ་ཙམ་དུ་ཡོད་པའི་སྙིང་པདྨ་འདབ་བརྒྱད་དམར་པོ་བུམ་སྐུ་ཁ་བསྡུས་པ་ལྟ་བུའི་རྩེ་མོར་རྡོ་རྗེ་སྔོན་པོ་རྩེ་ལྔའི་ཏོག་གིས་མཚན་པ་པདྨའི་དབུས་སུ་ཤིན་ཏུ་ཕྲ་བའི་ཐིག་ལེ་དཀར་དམར་གྱི་ནང་དུ་རང་སེམས་


PS002_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་ཕྱག་ཡོངས་སུ་རྫོགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་རྩེ་མོར་ཡེ་ཤེས་ཀྱི་མེ་འབར་ཞིང་། ཞབས་ཀྱུ་ལས་བྱང་ཆུབ་ཀྱི་སེམས་འཛག་པ། མགོན་པོའི་སྐུ་དང་སྙིང་གའི་པདྨ་བུམ་སྐུ་ལས་མེ་འོད་དྲག་ཏུ་འཕྲོ་བར་གྱུར་པ་བསམ། རང་གི་སྤྱི་བོར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གྃ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ཕྱག་གཡས་ཐོད་པ་དང་གཡོན་ལ་ཕུག་འཛིན་པ། མགོ་བོ་གཡས་སུ་བསྟན་ནས་གན་རྐྱལ་དུ་བསྒྱེལ་བ། དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་གྲི་གུག་ས་བོན་


PS002_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་ཅིག་ཕྱག་དྲུག་པ། ཆེར་འབར་བ་རབ་ཏུ་ཁྲོས་ཤིང་ཤིན་ཏུ་རྔམས་པ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་རྣོན་པོ་བཞི་གཙིགས་པ། སྤྱན་གསུམ་དམར་ཞིང་ཟླུམ་པོ་གློག་ལྟར་འཁྱུག་ཅིང་། ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་འབར་བ། ལྗགས་རྣམ་པར་འདྲིལ་ཞིང་ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོག་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། ཕྱག་གཡོན་གྱི་དང་པོ་ན་ཐོད་


PS002_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་འཛིན་པ། སྦྲུལ་སྔོན་པོའི་དབུ་སྐྲ་བཅིངས་ཤིང་། དམར་པོས་སྙན་རྒྱན། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་གུས་དོ་ཤལ། དཀར་པོས་སྐེད་རགས་དང་རྐང་གདུབ་བྱས་པ། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ། དར་ལྗང་གུས་སྐེད་རགས་བཅིངས་པ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རག་ས་ལ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་རྒྱན་ཅན། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིན་དྷུ་རས་ལེགས་པར་བྱུགས་ཤིང་། སྤྱི་


PS002_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བོར་མི་བསྐྱོད་པས་རྒྱས་བཏབ་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་རབ་ཏུ་བརྒྱན་ཅིང་། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། ཞབས་གཡས་བསྐུམ་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་། ཕྱག་གཡོན་གསེར་གྱི་དྲིལ་བུ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། བླ་མ་དང་མགོན་པོ་གཉིས་ཀའི་


PS002_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དྲིན་ཅན་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བི་རེ་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནི། ཛོ་ཀ་ཛོ་ཀི་ནི། སརྦ་བུདྡྷཱ་ཡ། བོ་དྷི་ས་ཏྭཱ་ཤ་ར་ཾ་གཙྪ་མི། ཀྱེ་ཀྱེ། ལན་གསུམ་བརྗོད། ཛཿཧཱུྃ་བྃ་ཧོཿབླ་མ་དེ་ཉིད་བླ་མ་ཀུན་འདུས་ཀྱི་ངོ་བོར་གྱུར། སྤྱི་བོར་བླ་མ་དང་མགོན་པོ་སྙིང་གའི་མགོན་པོ་གསུམ་ཀའི་ཐུགས་ཀ་ལས་འོད་ཟེར་འཕྲོས་པ་གཅིག་ཏུ་གྱུར་ནས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙན་དན་རྐང་གཅིག་པའི་དྲུང་ནས་ནག་པོ་ཆེན་པོ་སྐད་ཅིག་གིས་སྤྱན་


PS002_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་མ་ཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཧྱི་ཧེ་ཀྵིཾ་ཀྵིཾ་ཉེར་གཅིག་དང་། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་པས་བསིལ་བའི་ཚལ་གྱི་མགོན་པོ་དེ་ཉིད་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་ཏེ། ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་འགལ་རྐྱེན་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་ཅེས་པའི་གསུང་ལྷང་ལྷང་བྱོན་བཞིན་པ་སྤྱི་བོའི་བླ་མ་མགོན་པོ་ལ་ཐིམ་པས། དེ་ཉིད་མགོན་པོ་དངོས་སུ་གྱུར་ཏེ། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་ཅིང་།


PS002_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ནད་གདོན་སྤྱི་དང་ཁྱད་པར་སྟེང་གདོན་གཟའ་དང་རྒྱུ་སྐར། བར་གདོན་བཙན་དང་རྒྱལ་འགོང་། འོག་གདོན་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་བསྲེག། གྲི་གུག་གི་སོས་ཉིལ་ཉིལ་གཏུབ་ཅིང་ཤ་ཁྲག་རུས་གསུམ་གྱི་རྣམ་པར་ཞལ་དུ་དམར་ཆིལ་ཆིལ་གསོལ་བར་བསམ། དེ་ནས་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་པར་བསམས་ལ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཨརྒྷཾ་ནས་ཤབྡའི་བར་དང་། རཱུ་པ་ནས། སྤརྴེ་འི་བར་གྱིས་མཆོད། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། སྤྲོས་པའི་ལྷ་མོ་དང་སྙོམ་པར་ཞུགས་པས་བདེ་བ་ཆེན་པོས་དགྱེས་པར་གྱུར་པར་བསམ། གང་གི་དྲིན་གྱི་བདེ་ཆེན་


PS002_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་པ། །བླ་མ་རིན་ཆེན་ལྟ་བུའི་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །མ་རུང་ཀུན་འདུལ་ཁྲོས་པའི་སྐུ། །བསྟན་པའི་རུ་དྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ས་གཞི་སྤོས་ཀྱིས་བྱུགས་ཤིང་ཞེས་སོགས་ཀྱིས་མཎྜལ་ཕུལ། དེ་ནས་གདུང་ཤུགས་དྲག་པོས། བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །བདག་གི་བླ་མ་དང་མགོན་པོ་དབྱེར་མེད་དུ་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། རྡོ་རྗེ་འཆང་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་


PS002_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་གྱུར་པས་སྐུ་ལས་འོད་ཟེར་འཕྲོས། མགོན་པོ་ལ་ཕོག་པས་མགོན་པོ་སྐུ་མདོག་ལྗང་ནག་ཏུ་གྱུར་པར་བསྒོམ་གསུང་མཆན་འོད་དང་བདེ་བའི་རང་བཞིན་དུ་འབར་འུར་འུར་སིལ་སིལ་གར་མཛད་ཅིང་། མགོན་པོའི་སྐུ་ལས་འོད་ཟེར་འཕྲོས། བླ་མ་ལ་ཕོག་པས་བླ་མ་འོད་ཀྱི་བླ་མ་སྐུ་མདོག་ལྗང་སེར་དུ་གྱུར་པར་བསྒོམ། མཆན། རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོག །བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞིའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །རྒྱལ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་བ་རི་དབང་


PS002_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ལ་གསོལ་བ་འདེབས་སོ། །རྗེ་བཙུན་མི་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་རཱ་ཧཱུ་ལ་ཆེན་པོ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །མཉམ་མེད་རིན་ཆེན་བརྩོན་གྲུས་ལ་གསོལ་བ་འདེབས་སོ། །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་སྟོན་པ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་ཤངས་སྟོན་ཆེན་པོ་ལ་གསོལ་བ་འདེབས་སོ། །མུས་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །སྔགས་འཆང་རྡོ་རྗེ་གཞོན་ནུ་ལ་གསོལ་བ་འདེབས་སོ། །མཉམ་མེད་


PS002_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་རྣལ་འབྱོར་བ་ཆེན་པོ་ལ་གསོལ་བ་འདེབས་སོ། །ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ལ༴ པ་ཆེན་ཆོས་ཀྱི་རྒྱལ་མཚན་ལ༴ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ལ༴ རྒྱལ་བ་བློ་བཟང་དོན་གྲུབ་ལ༴ མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ༴ པ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ༴ རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ༴ སྐྱིད་ཤོད་ངག་དབང་བསྟན་འཛིན་ཕྲིན་ལས་ལ༴ རྗེ་བློ་བཟང་ཆོས་འཕེལ་ལ༴ རྗེ་བློ་བཟང་དར་རྒྱས་ལ༴ རྗེ་བློ་བཟང་སྦྱིན་པ་ལ༴ རྗེ་ངག་དབང་མཆོག་ལྡན་ལ༴ཁ་སྐོང་ནི། ཀུན་མཁྱེན་རོལ་པའི་རྡོ་རྗེ་ལ་


PS002_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ། །རྗེ་བཙུན་དཀོན་མཆོག་བདེ་ཆེན་ལ༴ འཇམ་དབྱངས་ཐུབ་བསྟན་ཉི་མ་ལ༴ འཇམ་མགོན་དོན་གྲུབ་རྒྱལ་མཚན་ལ༴ ཞེས་སོ། །དྲིན་ཅན་རྩ་བའི་བླ་མ་ལ༴ ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་ལ༴ མགོན་པོ་ཡིད་བཞིན་ནོར་བུ་ལ༴ མགོན་པོ་མྱུར་མཛད་ཐུགས་རྗེ་ཅན་ལ༴ བླ་མ་མགོན་པོ་དབྱེར་མེད་ལ༴ མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། མགོན་པོའི་ཞལ་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ་ཞེས་ལྷང་ལྷང་བཞུགས་པར་བསམས་ལ།


PS002_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷཱ་ཡ། བོ་དྷི་ས་ཏྭ་ཤ་ར་ཎ་གཙྪ་མི། ཀྱེ། ཞེས་གང་མང་བརྗོད་པས། སྤྱི་བོའི་བླ་མ་མགོན་པོའི་སྐུ་འདི་སྐབས་སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པ་དང་། མགོན་པའི་གནས་གསུམ་ལས་སྐུ་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང་སྟེ་རང་ལ་ཐིམ་པར་བསྒོམ་གསུང་། མཆན། ལས་བདུད་རྩི་དང་འོད་ཟེར་ཁ་དོག་སྣ་ལྔ་དང་མགོན་པོ་སྐུ་བོང་ཐུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་བྱུང་སྟེ་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་མགོན་པོའི་ཞལ་དུ་གསོལ་བས་དག་པར་གྱུར་ཞིང་། ཚེ་དང་བསོད་


PS002_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་པར་བསམས་ལ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོག་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་


PS002_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་བཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་བརྗོད་པས། མགོན་པོའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དང་། མགོན་པོའི་སྐུ་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱོན། རང་གི་དཔྲལ་བར་ཞུགས། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །བུམ་པའི་དབང་ཐོབ། སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་བཞག །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་མགོན་པོ་སྐུ་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱོན། རང་གི་


PS002_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཞུགས། ངག་གི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །གསང་བའི་དབང་ཐོབ། ལོངས་སྐུ་འགྲུབ་པའི་ནུས་པ་བཞག །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང་མགོན་པོའི་སྐུ་སྔོན་པོ་དཔག་ཏུ་མེད་པ་བྱོན། རང་གི་ཡིད་ལ་ཞུགས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་སྐུ་འགྲུབ་པའི་ནུས་པ་བཞག །སླར་ཡང་གནས་ལྔ་ལས་འོད་ཟེར་ཁ་དོག་སྣ་ལྔ་དང་། མགོན་པོའི་སྐུ་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་བྱོན། རང་གི་གནས་ལྔར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་


PS002_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་བར་ཆད་ཐམས་ཅད་དག །དབང་བཞི་པ་ཐོབ། ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་བཞག་པར་བསམས། དེ་ནས་སླར་ཡང་། ཕྱོགས་བཅུ་དུས་གསུམ་གྱི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴ དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས༴ བླ་མ་དང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོག་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་


PS002_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་བཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཁྱད་པར་བདག་གི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བྱོན་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབྲལ་བ་མེད་པར་བརྟན་པར་བཞུགས་ལ་ཚེ་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། མཆོག་དང་མཐུན་མོང་གི་དངོས་གྲུབ་ཐམས་ཅད་རྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་མགོན་པོའི་ཞབས་འོག་གི་ཚོགས་བདག་མེད་པར་བྱས་ཏེ། ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་


PS002_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ། ཅེས་པའི་གསུང་ལྷང་ལྷང་དང་བཅས་ཏེ་ཚངས་བུག་ནས་ཞུགས་ཏེ་སྔགས་ཀྱི་སྒྲ་སྒྲོགས་བཞིན་པའི་གར་སྟབས་ལིང་ངེ་དབུ་མའི་ནང་ནས་མར་བྱོན་སྙིང་གའི་མགོན་པོ་ལ་ཐིམ་ཞིང་བླ་མ་བུམ་སྐུའི་ཏོག་གི་རྡོ་རྗེའི་ལ་ཐིམ་པས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་སེར་པོས་མཚན་པར་གྱུར་པར་བསམ། དེ་ལས་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་བསྐོར་བ་ལས་འོད་ཟེར་དུས་མཐའི་མེ་འོད་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས། རང་གི་ཤ་རུས་གདོས་བཅས་ཀྱི་ལུས་འདི་ཉིད་


PS002_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུར་ལམ་གྱིས་གྱུར། ཞེས་ང་རྒྱལ་བརྟན་པོར་བྱ། དེ་ནས་ཡེ་ཤེས་ཀྱི་མེ་འོད་སྟོང་གསུམ་ཐམས་ཅད་ཁྱབ་པར་འཕྲོས། སེམས་ཅན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མགོན་པོའི་སྐུར་གྱུར་པས་སྔགས་ཀྱི་སྒྲ་འུར་འུར་སྒྲོག་པར་མོས་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧཱ་རི་ེ། ཨེ་ཥོ་ཨ་པཉྩི། མ་ཀཱ་ལོ་྅་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རཱི་ི། ཡ་ཏི་པྲ་ཏཱི་ཛྙཱ། སྨ་ར་སི་ཏཱ་ད། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཧྞ་གྲིཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་


PS002_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙ། དཱེ་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པ་རྣམས་ཅི་ནུས་སུ་བཟླ། མཇུག་ཏུ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །མགོན་པོ་བླ་མ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །བར་ཆད་མ་ལུས་སེལ་བར་ཤོག །ཅེས་གསུམ་མམ་བདུན་སོགས་བརྗོད། དུས་རྒྱུན་དུ་སྔགས་བཟླ་ཤཱ་ས་ན་དང་བཅས་མཆན། བའི་ཚེ་སྙིང་གའི་མགོན་པོའི་ཐུགས་ཀའི་སྔགས་འཁོར་ལ་དམིགས་པ་གཏད་ནས་བཟླས་ན་ལེགས་མཐར་རྡོ་རྗེ་བཟླས་པ་སྤྱི་ལྟར་བྱ། ཤིང་། གཏོར་མ་དང་མཆོད་པ་སོགས་ཀྱང་སྙིང་གའི་མགོན་པོ་ལ་ཕུལ་བས་ཆོག་


PS002_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་སོ། །དེ་ལྟར་འབད་པས་ཉམས་སུ་བླང་ན་གནས་སྐབས་སུ་ནད་གདོན་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་། ཚེ་བསོད་དཔལ་འབྱོར་དམ་ཆོས་བཤད་སྒྲུབ་སོགས་འཕེལ་བར་འགྱུར་བ་དང་། བླ་མ་མགོན་པོ་དབྱེར་མེད་ཀྱིས་འདི་ཕྱི་བར་དོ་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས། གཞན་ལ་གསང་བས་ཉམས་སུ་ལེན་པ་གལ་ཆེ་ཞིང་། ཞིབ་ཆ་བླ་མའི་ཞལ་ལས་ཤེས་པར་བྱ་དགོས་སོ། །སྨྲས་པ། བླ་མ་ལྷ་དང་རང་སེམས་དབྱེར་མེད་དུ། །ཕལ་ཆེར་མཚན་གསལ་ལྟར་རོ། །རྩེ་གཅིག་བསྒོམ་ཞིང་ཡིད་ཆེས་གསོལ་བཏབ་པས། །དོན་གཉིས་ལྷུན་གྱི་འགྲུབ་བྱེད་ལྷ་མཆོག་དེར། །


PS002_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་བློ་གཏད་གང་དེ་སྐལ་པ་བཟང་། །འདིར་འབད་དགེ་བ་སྤྲིན་བྲལ་ཟླ་ཟེར་ལྟར། །མཆོག་ཏུ་དཀར་བ་ཇི་སྙེད་ཐོབ་པ་དེས། །སྐྱེ་དང་སྐྱེ་བར་བླ་མགོན་དབྱེར་མེད་ཀྱིས། །རྗེས་བཟུང་རྒྱལ་བའི་བསྟན་པ་རྒྱས་བྱེད་ཤོག །ཅེས་པ་བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་པ་འདི་ནི། རང་གི་བླ་མའི་ཞལ་ཤེས་ཇི་ལྟ་བ་བཞིན་དུ། རིག་པ་འཛིན་པ་ལྕང་སྐྱ་རོལ་པའི་རྡོ་རྗེས་གོ་བདེ་བཀླགས་མཆོག་ཏུ་བསྒྲིགས་པ་ཡིན་པས། རྗེས་གནང་མ་ཐོབ་པ་དང་སྣོད་མིན་རྣམས་ལ་གསང་བར་བྱའོ། །འདིས་ཀྱང་བསྟན་པ་རྒྱས་པར་གྱུར་ཅིག། །། མངྒ་ལཾ། །ཡིག་ཆ་འདིའི་སྟེང་ནས་ཁྲིད་རྒྱུན་ལུང་བཅས་


PS002_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཆེན་བློ་བཟང་དགེ་ལེགས་ཀྱི་ཞལ་སྔ་ནས། མཁྱེན་བརྩེའི་དབང་པོའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ནོས་སོ།། །།

མྱུར་མཛད་ཡེ་ཤེས་མགོན་པོའི་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན། ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས།


PS002_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོའི་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་སྲོག་གི་རྒྱ་ཅན་བཞུགས་སོ།། །།


PS002_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་། །དབྱེར་མེད་མྱུར་མཛད་སྤྱན་རས་གཟིགས་དབང་ཕྱུག །མི་འབྲལ་སྙིང་གི་ཐིག་ལེར་བཀོད་ནས་འདི། །ཀུན་དང་ཐུན་མོང་མིན་པའི་ཁྱད་པར་དབྱེ། །སྤྱི་དང་ཁྱད་པར་གྱི་དམ་ཚིག་ལས་ནམ་ཡང་མི་འདའ་ཞིང་། མགོན་པོ་འདི་ཉིད་ཆོས་སྐྱོང་གི་གཙོ་བོར་འཛིན་པས་བསྙེན་སྒྲུབ་མཆོད་གཏོར་ལ་བརྩོན་ནུས་པ་དང་། ཆོས་བརྒྱུད་


PS002_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ངེས་པའི་སློབ་མ་རེ་རེ་ཙམ་ལ་བཀའ་འདི་ཉིད་སྦྱིན་པར་བྱ་བའི་ཚེ། སྦྱོར་བ་མཎྜལ་རྟེན་མཆོད་རྣམས་རྩ་བ་བར་ཆད་ཀུན་སེལ་སྐབས་ལྟར་བྱ། གནས་ཡོ་མཆོད་གཏོར་བྱིན་རླབ་ནས་བཙམ། བདག་བསྐྱེད་བསྒོམ་བཟླས། མདུན་བསྐྱེད་སྒྲུབ་ཚུལ་རྣམས་ཀྱང་དེ་ཁོ་ན་ལྟར་ལ། གཏོར་འབུལ་བསྟོད་པ། བདག་འཇུག་བཅས་གྲུབ་པ་དང་། དངོས་གཞི་སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་སྐབས།


PS002_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཆེད་དུ་མྱུར་མཛད་ཡེ་ཤེས་མགོན་པོ་སྙིང་ཞུགས་ཀྱི་བཀའ་ཟབ་མོ་གསན་ལ་ཞེས་བསྒྱུར། དེའང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཆོས་སྐྱོང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཆོས་ལྔ་དང་ལྡན་པ་ནི་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་འདི་ཉིད་ཡིན་ཏེ། དེའང་འདི་ནི་འཇིག་རྟེན་པའི་སྐྱེ་བརྒྱུད་དང་མི་འབྲལ་བ་སྤྱན་རས་གཟིགས་དབང་ཉིད་ཐུགས་བསྐྱེད་ལྷག་པར་སྟོབས་སུ་གྱུར་པའི་རང་གཟུགས་ཡིན་པ་དང་། མཆོག་བསྒྲུབ་པས་ཐུན་མོང་ཞོར་ལ་འབྱུང་ཞིང་ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ། བྱིན་རླབས་ཀྱི་བཀའ་ཐོབ་པས་ལམ་མ་བསྒྲུབས་པར་ཡང་བྱིན་གྱིས་རློབ་ཅིང་གསོལ་བ་བཏབ་པ་ཙམ་གྱིས་བར་ཆད་སེལ་བར་


PS002_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང་། མཆོད་བསྟོད་བྱས་པ་ཙམ་གྱིས་ཆོས་མཐུན་གྱི་དཔལ་འབྱོར་རྒྱས་ཀྱང་མཆོག་ལ་སྒྲིབ་པའི་རྒྱུར་མི་འགྱུར་བ་དང་། བར་དོའི་འཇིགས་པ་ལས་སྐྱོབ་ཅིང་བདེ་བ་ཅན་གྱི་ཞིང་ཁམས་སུ་ལམ་སྣ་འདྲེན་པ་སྟེ་དེ་ལྟ་བུའི་ཡིད་བཞིན་ནོར་བུ་ལྟ་བུའི་མགོན་པོ་འདི་ལ་བྱིན་རླབས་ཀྱི་བཀའ་རིགས་མི་གཅིག་པ་དུ་མ་ཡོད་པ་རྣམས་ཀྱི་ནང་ནས། ཀུན་དང་ཐུན་མོང་མ་ཡིན་པ་ལུས་དང་གྲིབ་མའི་ཚུལ་ལམ། སྲོག་ལྟར་འབྲལ་མེད་དུ་འགྲོགས་པའི་གནད་སྙིང་ཞུགས་ཀྱི་བཀའ་ཟབ་མོ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་མཚམས་སྦྱར་ནས་ངེས་པར་གསེར་གྱི་མཎྜལ་འབུལ་དུ་བཞུག། སྙེམས་མ་མེ་ཏོག་དང་


PS002_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཤློ་ཀ་གཅིག་དང་ཁྱོད་ཞབས་པད་མོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་པའི་གསོལ་བ་ལན་གསུམ་བཏབ། དེ་ནས་ལྷ་ངོ་བསྟན་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ། སློབ་མ་ལྷར་བསྐྱེད། གནས་གསུམ་བྱིན་རླབས་ཀྱི་བར་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་ཇི་ལྟ་བར་བྱ། དེ་ནས་ཁྱད་པར་གྱི་གསོལ་འདེབས་འདིའི་རྗེས་ཟློས། བླ་མ་མགོན་པོའི་ལྷ་ཚོགས་རྣམས། །བདག་ལ་དབབ་པར་མཛད་དུ་གསོལ། །ཅེས་པའི་གསོལ་བ་ལན་གསུམ་བཏབ།


PS002_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་མགོ་བོར་རྡོ་རྗེ་གཞག་ལ། བུ་ཁྱོད་ལ་ནི་བདག་གིས་ནི། །ནག་པོ་ཆེན་པོའི་དམ་ཚིག་བསྒྲགས། །བསམ་གྱིས་མི་ཁྱབ་དཔེ་བྱད་དང་། །མཚན་བཟང་གར་དགུའི་ཉམས་ལྡན་པ། །བསྒོམ་དང་དམིགས་བཟླས་མཆོད་པར་གྱིས། །སྔགས་རྒྱུན་དྲག་པོའི་ཕྱག་མཚན་སོགས། །རྟག་ཏུ་བཅང་ཞིང་བཟླས་པར་བྱ། །ལས་ཀྱི་སྒྲུབ་པ་ཅི་བྱེད་ཀྱང་། །བླ་མ་མཆོད་ཅིང་གསོལ་བ་བཏབ། །སྒྲུབ་པའི་ཐབས་དང་སྒྲུབ་པ་ལས། །རིང་དུ་གྱུར་ལ་བྱམས་པ་སྒོམས། །བྱང་ཆུབ་སེམས་དང་ལྡན་བྱའོ། །ཞེས་དམ་ལ་བཞག །དངོས་གཞི་ཁྱད་པར་ཅན་གྱི་བྱིན་རླབས་ཀྱི་གཞི་འགོད་པ་ལ་གཞན་ཏུ་


PS002_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་པར་དམིགས་པ་འདི་བཞིན་ཏུ་མཛོད་ཅིག །ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་གསང་གནས་ཀྱི་བར་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྤྱི་བོ་ནས་སྙིང་ཁ་ཡན་ཁ་གཡེལ་ཞིང་སྤྱི་བོའི་ཚངས་བུག་སང་ངེ་ཡོད་པའི་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་ཁྱེད་རང་གི་སྙིང་གྱེན་དུ་ལྡོག་སྟེ་ལོག་པ་པདྨ་འདབ་བརྒྱད་དུ་སོང་བའི་ལྟེ་བར་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ཡིག་སྔོན་པོ་ཞིག་ཏུ་སོང་བའི་མོས་པ་མཛོད། དེ་ལྟ་བུ་སྤྱི་བོ་ཚངས་བུག་གི་སྟེང་དུ་པདྨ་དང་ཉི་མ་ཚོགས་ཀྱི་བདག་པོའི་གདན་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་གཏོར་ཆོག་ལྟར་ལ། མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེ་


PS002_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་གཡོན་གསེར་གྱི་དྲིལ་བུ་བསྣམས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། ཡིད་ལ་དྲན་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ། གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བར་མཛད་པ་ཞིག་བཞུགས་པའི་མོས་པ་མཛད་ནས་དེ་ཉིད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པའི་ལྷ་ཚོགས། ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་རྫུ་འཕྲུལ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་


PS002_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་བསིལ་བ་ཚལ་ན་བཞུགས་པའི་མགོན་པོ་ལ་ཕོག་པས་ཉ་ལ་ལྕགས་ཀྱུས་བཏབ་པ་བཞིན་རང་དབང་མེད་པར་སྤྱན་དྲངས། ཁྱེད་རང་གི་སྤྱི་བོའི་ནམ་མཁར་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་ཅིང་ཁྱོད་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ངེས་སེལ།


PS002_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ་ཞེས་གསུང་ལྷང་ལྷང་བྱོན་ནས་སྤྱི་བོའི་མགོན་པོའི་དམ་ཚིག་པ་ལ་ཐིམ་པས་དེ་ཉིད་བསིལ་བ་ཚལ་གྱི་མགོན་པོ་ཡེ་ཤེས་པ་དངོས་སུ་གྱུར་སྙམ་པ་མཛོད། སླར་ཡང་མོས་གུས་དྲག་ཏུ་བསྐྱེད་པའི་མགོན་པོའི་སྤྱི་བོར་བཞུགས་པའི་བླ་མ་འོད་དུ་ཞུ། མགོན་པོ་ལ་ཐིམ། མགོན་པོ་ཉིད་ཁྱེད་རང་གི་སྤྱི་བོའི་ཚངས་བུག་བརྒྱུད། དབུ་མའི་ནང་དུ་བྱོན་ཏེ་རང་སེམས་ཧཱུྃ་ཡིག་ཏུ་གསལ་བ་དེ་ཉིད་ལ་ཐིམ་པས་དངུལ་ཆུ་ལ་དངུལ་ཆུ་འདྲེས་པ་བཞིན་དུ་དབྱེར་མེད་དུ་གྱུར་ཏེ་ཡེ་ཤེས་མགོན་པོའི་སྐུར་གྱུར་པ་ནི་སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ་ཞེས་པ་ནས། ཀློང་དཀྱིལ་ན་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ།


PS002_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར། ཁྱེད་རང་གི་གཞི་ལུས་ཀྱང་ཡེ་ཤེས་མགོན་པོའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་ལྷག་པར་གསལ་ཐོབ་ལ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བར་མཛད་པ། རྣམ་དག་ཆོས་སྐུའི་རང་བཞིན་ཅན་དེ་བདག་ཉིད་དོ་སྙམ་པའི་ང་རྒྱལ་བཟུང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། ཞེས་མཉམ་པར་འཇོག་ཏུ་གཞུག །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་རྩ་དབུ་མའི་ནང་བརྒྱུད། སྙིང་གི་པདྨ་མགོན་པོ་དང་བཅས་པ་ལ་ཕོག་པས་པདྨ་བུམ་སྐུ་ལྟར་འུབས་སེ་འདུས་པའི་རྩེར་རྡོ་རྗེ་རྩེ་ལྔ་པ་ཁ་དོག་ནག་པོ་ལྟེ་བར་ཧཱུྃ་གིས་མཚན་


PS002_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཏོག་གི་ཚུལ་དུ་སྤྲས་པ་ལ། སླར་ཡང་བླ་མའི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་རྩ་དབུ་མའི་ནང་ནས་མར་ཞུགས། སྙིང་གའི་མགོན་པོ་དང་བཅས་པའི་པདྨ་བུམ་སྐུ་ལྟར་ཁ་ཟུམ་པའི་ཕྱི་རོལ་ནས་སྙིང་པོའི་སྔགས་ཀྱི་ཡིག་འབྲུ་འོད་འཚེར་བ་དྲྭ་བའི་རྣམ་པ་ཅན་གྱི་ཐག་པས་བྲུ་གུ་ལྟར་བསྡམས་པས་རང་ཉིད་བྱང་ཆུབ་མ་ཐོབ་བར་གྱི་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་ཞིང་འབྲལ་མེད་དུ་བཞུགས་ནས་བྱིན་གྱིས་རློབ་པར་གྱུར་པའི་མོས་པ་མཛོད་ཅིག །དེ་བརྟན་པར་བྱ་བའི་ཆེད་དུ་སྙིང་གར་རྡོ་རྗེ་བཞག་སྟེ། བཛྲ་མ་ཧཱ་ཀཱ་ལ་ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་སྙིང་ཞུགས་དངོས་གཞི་སོང་ནས། མཐའ་བརྟེན་གཏོར་མ་ལ་བརྟེན་ནས་སྐུ་གསུང་


PS002_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོངས་རྫོགས་ཀྱིས་བྱིན་གྱིས་བརླབས་པའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་སྤྱི་བོའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་བྱུང་། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པས། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་དང་སྐུའི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས་ལ་སྔགས་བརྗོད་ཅིང་རོལ་མོ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་བྱུང་། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་མགྲིན་པའི་ཨཱཿཡིག་ལ་ཐིམ་པས། ངག་གི་སྒྲིབ་པ་དག །གསང་བའི་


PS002_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་གསུང་གི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་རོལ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོ་བྱུང་། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་སྙིང་གར་ཧཱུྃ་ཡིག་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །ཤེར་དབང་དང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། སྔགས་རོལ་བྱ། ཡང་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་གསུམ་རྦད་ཀྱིས་ཆད་ནས་སློབ་མ་དང་སྙིང་གའི་མགོན་པོའི་གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་ལུས་ངག་ཡིད་གསུམ་བྱེད་ལས་དང་བཅས་པའི་སྒྲིབ་པ་དག །ཚིག་དབང་དང་ཡོན་ཏན་


PS002_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། དེ་ནས་མགོ་ཐོག་ཏུ་འཇོག་པའི་སྐབས་སུ། བླ་མ་མགོན་པོ་དགྱེས་བཞིན་དུ་སྤྱི་བོར་བྱོན་ནས། ཁྱེད་རང་རྣམས་མགོན་པོར་གསལ་བ་དང་། ཁྱད་པར་དུ་ཡང་སྙིང་གའི་རང་སེམས་མགོན་པོར་གསལ་བ་ལ་སིབ་སིབ་ཐིམ་པས་བླ་མ་མགོན་པོའི་བྱིན་རླབས་ཞུགས་ཏེ་བླ་མ་མགོན་པོ་དབྱེར་མེད་དང་ཁྱེད་རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་གསུམ་ངོ་བོ་དབྱེར་མེད་དུ་གྱུར་སོང་སྙམ་པ་མཛོད། བྱས་ལ་གཏོར་མ་མགོ་ཐོག་ཏུ་བཞག་ནས་དྲིལ་བུ་བསིལ་ཞིང་། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཇི་ལྟར་བཀའ་བསྒོས་དམ་བཅའ་དྲན་མཛོད་ལ། །སྐལ་ལྡན་བུ་ཡིས་འགལ་རྐྱེན་ཀུན་སེལ་ཞིང་། །མཐུན་རྐྱེན་


PS002_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་དངོས་གྲུབ་རྩལ་དུ་གསོལ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད། དེ་དག་གིས་མགོན་པོ་སྙིང་ཞུགས་ཀྱི་བཀའ་གསེར་ཆོས་ཚིག་བརྒྱུད་ཐུན་མོང་མ་ཡིན་པ་ལེགས་པར་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་རྣམས་དང་སྐད་ཅིག་ཀྱང་མ་འགལ་བ་དང་། ཕྱི་ནང་གསང་བའི་རྟེན་ཚུལ་བཞིན་ཏུ་འཆང་ཞིང་བསྙེན་སྒྲུབ་དུས་ཀྱི་མཆོད་པ་མ་ཆགས་པར་བརྩོན་པ་དང་། ཁྱད་པར་གསང་བརྟེན་སྲོག་ཏུ་སྦ་བའི་རྣལ་འབྱོར་ཉིན་མཚན་རེ་རེ་བཞིན་མི་བརྗེད་པ་དང་། འདི་ཉིད་ཐོབ་ཕྱིན་ཆད་དུས་རྟག་ཏུ་མགོན་པོར་རང་གི་སྙིང་དབུས་སུ་བསྟིམ་པ་མ་གཏོགས་ཕྱི་རོལ་དུ་མི་བསྟིམ་པ་


PS002_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གནད་ཀྱི་དམ་ཚིག་ཡིན་པར་གསུང་པས། ཇི་སྐད་བཤད་པ་དེ་དག་ལས་མི་འགལ་བར་རྗེས་སུ་བསྒྲུབ་བོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏོང་རག་མཎྜལ་སོགས་དང་། དཀྱིལ་འཁོར་རྗེས་ཀྱི་བྱ་བ་ཚོགས་མཆོད། གཏོང་རག །བཟོད་གསོལ་ནན་གཏན་སོགས་རྩ་བའི་བྱིན་རླབས་ཀྱི་སྐབས་སུ་བཤད་པ་བཞིན་ལེགས་པར་སྒྲུབ་པར་བྱའོ། །བླ་མ་ཡེ་ཤེས་མགོན་པོའི་གསང་བ་གསུམ། །དད་པའི་སྙིང་དབུས་བྱང་ཆུབ་ཐོབ་ཀྱི་བར། །མི་འབྲལ་བཞུགས་ནས་བྱིན་གྱིས་རློབ་པ་དང་། །འགྲོ་ཀུན་གོ་འཕང་མཆོག་འདིར་སྦྱོར་ནུས་ཤོག །ཅེས་པ་འདིའང་ཕྱོགས་འདིར་རྒྱུན་ཤིན་ཏུ་དཀོན་པས་ཡིག་ཆ་རྙིང་པའི་གསལ་བྱེད་ཀྱི་ཚུལ་དུ་བླ་མ་མགོན་པོ་དབྱེར་མེད་མི་འབྲལ་སྙིང་གི་ཐིག་ལེར་འཛིན་


PS002_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་མགོན་པོ་དགྱེས་པའི་གནས་དང་དུས་སུ་བྲིས་པ་དགེ་ལེགས་འཕེལ།། །།

ཞིང་སྐྱོང་ཆེན་པོ་ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི་ཐུན་མོང་མ་ཡིན་པའི་རྗེས་གནང་། བླ་མ་མགོན་པོ།


PS002_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་ཆེན་པོ་ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི་ཐུན་མོང་མ་ཡིན་པའི་རྗེས་གནང་བསྐུར་ཆོག་བཞུགས་སོ།། །།


PS002_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀཱ་ལ་ཡེ། མྱུར་མཛད་ཡེ་ཤེས་མགོན་པོ་ཤིན་ཏུ་དྲག་པོར་སྤྲུལ་པའི་ཞིང་སྐྱོང་ཆེན་པོ་ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་བྱེད་པ་ལ། སྟེགས་ཀྱི་མཁར་ཆོས་འབྱུང་གྲུ་གསུམ་ཕྱི་ནག་ནང་དམར་བའི་ནང་དུ་ཚོམ་བུ་ནག་པོ་གཉིས་བཀོད། དེའི་སྟེང་མནྫིའི་ཁར་གཏོར་མ་ཟུར་གསུམ་གཉིས་ཤ་ཁྲག་གི་སྦགས་པ་དར་ནག་གིས་བརྒྱན་པ། དེའི་མདུན་དུ་འབུལ་གཏོར་ཟུར་གསུམ་གཉིས་དང་མཆོད་རྫས་


PS002_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་ཤ་ཆེན་དང་གུ་གུལ་གྱི་དུད་པས་ཐུལ་བ་བཅས་ལེགས་པར་བཤམ། རང་མགོན་པོ་གཙོ་ཀྱང་དུ་བསྐྱེད་ལ་བཟླས་པ་དང་མཆོད་བསྟོད་བྱས་རྗེས་མདུན་གྱི་མཆོད་གཏོར་རྣམས་བསང་སྦྱངས་བྱིན་གྱིས་བརླབས། གཏོར་མ་གཉིས་བསང་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་གནོད་སྦྱིན་དཔག་ཏུ་མེད་པའི་དབུས་སུ་ཀྵེཾ་ལས་ཀྵེ་ཏྲ་པཱ་ལ་སྐུ་མདོག་ཆར་སྤྲིན་ལྟར་ནག་ཅིང་ཅུང་ཟད་དམར་


PS002_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བ། གཡས་གྲི་གུག་ནམ་མཁའ་ལ་གདེངས་ནས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐྲག་པར་མཛད་པ། གཡོན་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བཟུང་ནས་ཞལ་དུ་གསོལ་བ་ཞབས་གཉིས་བགྲད་པའི་ཚུལ་གྱིས་དོམ་ནག་སྨྱོན་པ་ལ་ཆིབས་པ། དར་ནག་གི་ཨང་རག་གསོལ་བ། དམར་ཞིང་ཟླུམ་པའི་སྤྱན་གསུམ་དགྲ་བགེགས་ལ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་སྨིན་མ་དྲག་ཏུ་བསྒྲིལ་ནས་ཞལ་རབ་ཏུ་གདངས་ནས་ལྗགས་གློག་ལྟར་བསྐྱེད་པ། མཆེ་བ་རྣོན་པོ་བཞི་བཞི་བརྩིགས་ཤིང་ཞལ་ནས་ཁྲག་གི་སྦུ་བ་འཁྱིལ་བ། ཤངས་ནས་དུས་མཐའི་རླུང་ཆེན་པོ་འཚུབས་པ། སྦོམ་ཞིང་ཐུང་ལ་ཡན་


PS002_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རགས་པ། བསུས་ཁྱིམ་ཆེ་བ། རལ་པ་ཁམ་སེར་གྱེན་དུ་མེ་ལྟར་འབར་བ། ཕྱག་གཡོན་གྱིས་སྤྲེའུ་འཇིགས་པའི་གཟུགས་ཅན་ཁྲིད་པ། དེའི་གཡོན་དུ་མ་མོ་མཁའ་འགྲོ་དཔག་ཏུ་མེད་པའི་དབུས་སུ་བྷྱོ་ལས་ལྷ་མོ་དུས་མཚན་མ་ནག་མོ་བྱ་རོག་གི་གདོང་པ་ཅན་སྐུ་ལ་དར་ནག་གི་འཇོལ་རིང་གསོལ་བ། ཕྱག་གཡས་ནད་རྐྱལ་དང་། གཡོན་རུ་མཚོན་ཕྱར་བ། ཟངས་ཀྱི་སྡེར་མོ་ཅན། ཤིན་ཏུ་ཁྲོས་ཤིང་འཇིགས་པའི་གད་མོ་རྒོད་དེ་གཅེར་བུར་རྒྱུ་བ། སྤྱན་རྩ་གློག་ལྟར་འཁྲུགས་པ། སྐད་ཅིག་ཙམ་གྱིས་དགྲ་བགེགས་ཐལ་བར་བྱེད་པ། དེ་གཉིས་ཀྱི་


PS002_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས། ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཨེ་ཧྱེ་ཧི་ཛཿཛཿཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་ཕུལ། སྙིང་པོའི་འཇུག་ཏུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པའི་གཏོར་མ་འབུལ། མགོན་པོའི་བཀའ་ཉན་ཀུན་གྱི་གཙོ་བོ་ཁྱོད། །ཅེས་སོགས་ཀྱིས་བསྟོད། ཡབ་ཡུམ་གཉིས་ཀྱིས་རང་མགོན་པོར་གསལ་བ་ལ་གྱེན་དུ་བལྟས་ཏེ་བཀའ་ཉན་པར་བསམ་ལ་བཟླས་པའི་དམིགས་པ་དང་བཅས་པས། ཨོཾ་ཀྵེ་ཏྲ་པཱ་


PS002_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བིགྷྣཱན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་དགྲ་བགེགས་ཀྱི་ཙིཏྟ་ལ་དུན་དུན་རྦད། ཅེས་དང་། ཡུམ་ལ། རཀྨོ་ནག་མོ་དམ་ཉམས་ཀྱི་ཙིཏྟ་ལ་རྦད་ཁ་ལ་ཕུར་ཡ་སྭཱ་ཧཱ། ཞེས་ཅི་མང་བཟླས་ལ་མཆོད་བསྟོད་བྱ། སློབ་མའི་མདུན་དུ་གསོལ་བ་བཏབ། རྗེས་གནང་དངོས་གཞི་ནི། སློབ་མས་ཕྱག་དང་མཎྜལ་ཕུལ། བླ་མ་ཡེ་ཤེས་མགོན་པོ་ཆེ། །དུས་འདིར་བདག་ལ་དགོངས་སུ་གསོལ། །ཞིང་སྐྱོང་དྲག་པོ་ཡབ་ཡུམ་གྱིས། །བཀའ་གཏད་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། མདུན་གྱི་ནམ་མཁར་བླ་མ་མགོན་པོ་འཁོར་བཅས་གསལ་བཏབ་ལ། རྒྱུན་བཤགས་བྱ། བླ་མ་རིན་པོ་ཆེ་བདག་ལ་སངས་རྒྱས་ཀྱི་བསྟན་པ་


PS002_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་ཆེད་དུ་གནོད་སྦྱིན་ནོར་གྱི་བདག་པོ་ཤན་པ་ཀུན་གྱི་གཙོ་བོ། ཟ་བྱེད་ཀུན་གྱི་དམགས་དཔོན། ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ཁྱད་པར་གྱི་གསོལ་བ་བཏབ་པ་ལན་གསུམ་བྱ། དེ་ནས་སློབ་མ་མགོན་པོ་དང་མདུན་དུ་ཀྵེ་ཏྲ་པཱ་ལ་ཡབ་ཡུམ་བསྐྱེད། བླ་མའི་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། དེའི་ཐུགས་ཀ་ནས་གནོད་སྦྱིན་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་མདུན་གྱི་གནོད་སྦྱིན་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་དེའི་ཐུགས་ཀ་ནས་ཀྱང་སྐུ་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་སྙིང་གར་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ། ཤ་ཆེན་དང་གུ་གུལ་གྱི་དུད་པ་བཏང་། རོལ་མོ་དང་བཅས་པའི་སྙིང་པོའི་མཐར་ཨ་ཝཱེ་


PS002_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡ་ཛཿཧཱུྃ་བྃ་ཧོཿཞེས་ཡང་ཡང་བརྗོད་སྐུའི་རྗེས་གནང་སོང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྔ་མ་དང་འདྲ་བ་ལས། མདུན་གྱི་གནོད་སྦྱིན་ཡབ་ཡུམ་གྱི་ཞལ་ནས་སྔགས་ཕྲེང་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པ་སོགས་སྔ་མ་བཞིན་གསུང་གི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས་པ་སོགས་སྐུ་ཡི་རྗེས་གནང་དང་འདྲ་བ་ལས། གནོད་སྦྱིན་ཡབ་ཡུམ་སློབ་མས་སྤྱི་བོར་བྱོན། སློབ་དཔོན་གྱི་ཐུགས་ཀ་ནས་མགོན་པོའི་སྐུ་ཆེ་བ་གཟི་བརྗིད་དང་ལྡན་པར་བྱོན། སློབ་མ་དང་གནོད་སྦྱིན་ཡབ་ཡུམ་གྱི་སྤྱི་བོར་ཞབས་བཞག་སྟེ་བཞུགས་པ་ལ་མོས་གུས་དུང་དུང་བྱས་པས། སྐུ་ལས་འོད་ཟེར་


PS002_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་བྱུང་ལུས་ཐམས་ཅད་ཁྱབ་པས་བར་ཆད་ཐམས་ཅད་སེལ། ནུས་མཐུ་མ་ལུས་ཐོབ། མཐར་དེ་ཉིད་འོད་དུ་ཞུ་ནས་སློབ་མ་ལ་ཐིམ། སྤོས་རོལ་སོགས་གོང་བཞིན་བྱ། གྲི་གུག་དང་ཐོད་ཁྲག་ནད་རྐྱལ་རུ་མཚོན་རྣམས་སྙིང་པོ་འདོན་ཅིང་ལག་ཏུ་གཏད། ཐུགས་ཀྱི་རྗེས་གནང་ངོ་། །བླ་མ་མགོན་པོར་གསལ་བས་གནོད་སྦྱིན་ཡབ་ཡུམ་གྱི་ཕྱག་གཉིས་ནས་བཟུང་སྟེ་སློབ་མའི་ལག་པར་གཏད་པར་མོས་ལ་གཏོར་མ་གཉིས་སློབ་མའི་ལག་ཏུ་གཏད་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་མཚན་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཁྱི་བཞིན་ཏུ་རྒྱུག་ཅིག །འགལ་རྐྱེན་ཐམས་ཅད་སོལ་ཅིག །ཕྲིན་ལས་ཐམས་ཅད་སྒྲུབས་ཅིག །ཅེས་བཀའ་བསྒོ་ལན་གསུམ་བྱས་ལ་བཀྲ་ཤིས་བརྗོད། གཏོང་རག་གི་མཆོད་བསྟོད་སོགས་


PS002_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་འདྲ། དེ་ལྟར་རྗེས་གནང་འདི་གསུམ་པོ་མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་རྩ་བའི་བླ་མའི་བར་དུ་ཆིག་བརྒྱུད་ཁོ་ནར་བཞུགས་པ་དང་། རྗེས་གནང་གི་ཡིག་གེ་ཐོ་ཙམ་ཞིག་ལས་གསལ་པོ་མི་བཞུགས་པའི་སྟབས་ཀྱིས་བླ་མ་མགོན་པོ་ལ་གསོལ་བ་བཏབ་སྟེ་རང་གི་བླ་མས་ཇི་ལྟར་གནང་བ་དང་གཞན་ནས་ཀྱང་ཅུང་ཟད་ཁ་བསྐང་སྟེ་གསལ་པོར་བཀོད་པ་ལ་བླ་མ་མགོན་པོའི་བཟོད་པར་མཛོད་ཅིག །སརྦ་དཱ་མངྒ་ལཾ།། །།

ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་།


PS002_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །


PS002_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །བླ་མ་ཡི་དམ་སངས་རྒྱས་ལ། །བཏུད་ནས་སྔགས་རིགས་ཐམས་ཅད་ཀྱིས། །ལེགས་པར་སྒྲུབ་ལ་ཉེར་མཁོ་བའི། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །བདག་ཉིད་གསང་སྔགས་ནང་གི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་ལ་གནས་པས། རང་གི་མདུན་གྱི་ནམ་མཁའ་ཧཱུྃ་ལས་བྱུང་བའི་སྲུང་འཁོར་དང་། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་


PS002_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨའི་གདན་ལྔ་ཚོམ། དབུས་སུ་ཟླ་བ་ལ་ཨོཾ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོའི་ཉམས་ལྡན། ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཱྃ་ལས་


PS002_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ལྡན། ནུབ་ཏུ་ཉི་མ་དམར་མོ་ཟེར་དང་བྲལ་བ་ལ་ཧྲཱིཿལས་པདྨ་མཁའ་འགྲོ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཨཱཿལས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་དོན་གྲུབ་ཀྱི་དབུ་རྒྱན་ཅན་ཁྲོ་ཞིང་བཞད་པ་སོགས་ཉམས་སྣ་ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེའུ་འཁྲོལ་ཞིང་། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་སུ་གནས་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་


PS002_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཁ་ཊྭཱྃ་ག་ལ་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་རྣམས་ཀྱིས་མཚན་པ། འོད་ཟེར་སྣ་ལྔ་འབར་བའི་དབུས་ན་བཞུགས་ཤིང་། རང་མཚུངས་ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་བསྐོར་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་བཛྲ་ས་མཱ་ཛ། རྡོ་རྗེ་རྩེ་ལྔ་པས་ཕྱག་རྒྱས་གཡབ་ཅིང་། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀདྷ་ཡ། ཨཱ་ཀཌྷ་ཡ།


PS002_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱཾ། ཧྲྀ་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿལན་ལྔ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨོཾ་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲཱིཿཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲཱིཿཏྲཱྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨཱཿཧྲཱིཿཨཱཿཧཱུྃ་ཕཊ་སྭཱ་ཧཱ། སྤྱི་དྲིལ་གྱི་སྔགས་ནི། ཨོཾ་ཨཱཿཨོཾ་ཧཱུྃ་སྭཱ་ཨཱཿཧཱ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་བཟླས་པར་བྱའོ། །མཆོད་གཏོར་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ནས། ཕུད་ཀྱི་དང་པོའི་གཏོར་མ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་


PS002_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ། དེ་ནས་མཁའ་འགྲོ་ལ་འབུལ་བ་ནི། ཨོཾ་བུདྡྷ་ཌཱ་ཀི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏྲཱཾ་ཕཊཿ ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿཕཊཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧོཿཕཊ། ཅེས་ལན་གསུམ་སོགས་ཀྱིས་ཕུལ། རྒྱས་པར་ན་ཚིག་བཅད་དང་བཅས་པ་དང་། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ནས་སངས་རྒྱས་རིགས་སུ་སྐྱེ། །ཞེས་པའི་བར་བརྗོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ།


PS002_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། བདག་བསྲུང་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གོང་གིས་གཏོར་ཆོག་དེ་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་འབུལ་བ་དང་། ལྔ་ཚན་ལྔ་པའི་གཏོར་མ་ཐུན་བཞིར་འབུལ་བ་གཏོར་མ་བརྒྱ་པ་དང་། བཞི་ཚན་བཅུ་དྲུག་ཏུ་འབུལ་བ་དབྱུག་གུའི་གཏོར་མ་སྟེ། རྒྱས་པ་དང་། ཞི་བ་དང་། དབང་དྲག་གི་ལས་ལ་བསྔགས་སོ། །དེ་དག་གི་ལག་ལེན་དང་། ལས་བྱང་གཞན་དུ་ཤེས་པར་བྱའོ། །འདིའི་གཏོར་དབང་ནི། ཆོས་འབྱུང་གི་དབུས་སུ་ཚོམ་བུ་ལྔ་བཀོད། དེའི་སྟེང་དུ་གཏོར་མ་ལྔ་ལ་མཁའ་འགྲོ་སྡེ་ལྔའི་གཟུགས་སམ། སྔགས་བྱང་འཛུགས། སྟེགས་བུ་མཐོ་བ་ཞིག་ལ་ཕུད་གཏོར་ཆུང་བ་ཞིག་བཤམ། མཆོད་པ་རྣམས་ཅི་བདེར་བསྒྲིགས་ནས་གོང་བཞིན་བདག་མདུན་བཟླས་པ། གཏོར་འབུལ་འདོད་གསོལ་གྱི་བར་བྱས་ནས། སློབ་མ་ལ་ཆབ་བཏང་། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ། དེའང་ལམ་ཟབ་མོ་གསང་


PS002_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཐེག་པ་འདིར་རྒྱུད་སྡེ་བཞིར་བཞུགས་པའི་ནང་ནས་རྒྱུད་སྡེ་གོང་མ་མཆོག་ཏུ་གྱུར་པ་རྣལ་འབྱོར་བླ་མེད། དེ་ལ་ཐབས་ཤེས་ཀྱིས་ཕྱེ་བའམ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བའི། རྣལ་འབྱོར་ཕ་མ་གཉིས་མཐར་ཐུག་དགོངས་པ་གཅིག་ཀྱང་། དངོས་བསྟན་སྟོན་ཚུལ་གྱི་དབང་དུ་བྱས་ན། ཕ་རྒྱུད་ཀྱི་ཁྱད་ཆོས་ཟབ་གནད་ཐམས་ཅད་རྣལ་འབྱོར་མའི་རྒྱུད་ལ་ཚང་ཞིང་། ཕ་རྒྱུད་དུ་མི་གསལ་བའི་ཟབ་གནད་མང་པོ་ཡང་མ་རྒྱུད་ལ་ལྷག་པོར་ཡོད་པས་རྣལ་འབྱོར་མའི་རྒྱུད་ཉིད་མཆོག་ཏུ་ཟབ་ཅིང་མྱུར་བ་ཡིན། དེས་ན་རྣལ་འབྱོར་མ་རྒྱུད་ལ། རྣལ་འབྱོར་


PS002_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐབས་དང་དངོས་གྲུབ་གཙོ་བོར་སྟོན་པའི་ཕྱིར། དངོས་གྲུབ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་གཙོ་བོར་སྩོལ་བའི་ཕྱིར་གང་ཞིག་སྒྲུབ་པ་པོ་སྔགས་ལམ་ཟབ་མོར་འཇུག་པ་རྣམས་ཀྱིས་ཡེ་ཤེས་མཁའ་འགྲོ་མ་རྣམས་རྟག་ཏུ་མཉེས་པའི་ཐབས་ལ་འབད་པ་གལ་ཆེའོ། །དེ་ལྟར་འབད་པས་ནི་རིགས་སྔགས་མྱུར་དུ་འགྲུབ་པ་དང་། ཉམས་ཆགས་སྐོང་ཞིང་། ལས་བཞིའི་དངོས་གྲུབ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཆོག་འགྲུབ་པ་གདོན་མི་ཟ་བས། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྱུང་པོ་ལོ་ཙ་བའི་མན་ངག་ལས་བྱུང་བ་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་བཀའ་གཏད་གཏོར་དབང་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་


PS002_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །ཅེས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་ལྔ་པ་འདིའི་རྗེས་ཟློས། བདག་གིས་སྡིག་པ་བགྱིས་པ་དང་། །སོགས་ལན་གསུམ། དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་སྙིང་གའི་ནང་དུ་པདྨའི་གདན་ལྔ་ཚོམ་སོགས་མངོན་རྟོགས་ལྟར་བསྐྱེད། ཡེ་ཤེས་བཀུག་ཅིང་བསྟིམ། མཆོད་བསྟོད་ཀྱི་བར་སོང་ནས། གཏོར་མ་ཁ་གསོས་བྱིན་རླབས་བྱས་ལ་གཏོར་ཆོག་བསྔོ། འདོད་དོན་གསོལ་བ་བཏབ་པར་བྱ། དེ་ནས་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་


PS002_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྟན་ཐོག་འདི་ཉིད་དུ་སྩོལ་བ་མོས་ཤིག །བཅོམ་ལྡན་འདས་མ་སེང་གེའི་གདོང་པ་ཅན། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ནས་རིམ་པར་བྱོན་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདི་རྣམས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་


PS002_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། བདག་འཛིན་ཉོན་མོངས་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་རེ་བ་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་རླབས་ཅིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་སྦྱིན་པར་བྱ། །


PS002_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་གོང་གི་སྔགས་རྣམས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག །རྗེས་དམ་ཚིག་ཁས་བླང་། གཏོང་རག་མཎྜལ་ལ། ལུས་འབུལ་དགེ་བསྔོ་རྣམས་བྱ། མདུན་བསྐྱེད་མཆོད་པ་ཁ་གསོལ་མཆོད་བསྟོད། འདོད་དོན་གསོལ་གདབ། ནོངས་བཤགས་བཟོད་གསོལ། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། རྟེན་མེད་ན་ལྷ་གཤེགས། དགེ་བསྔོ་ཤིས་བརྗོད་རྒྱས་པར་སྤེལ་ལོ། །ཀུན་ནས་ཉམས་ཆགས་བསྐང་བ་དང་། ལས་སྒྲུབ་གང་ལའང་ཤིས་ཤིང་དགའ། །སྒྲུབ་པོ་ཀུན་ལ་མཁོ་བ་འདི། །སྙིང་ནས་བརྩེ་བས་མྱུར་པོར་བྲིས། །མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །ཞེས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཁོལ་དུ་བྱུངས་ཏེ་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །