cover

དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཞི་པ།

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་དཔེ་ཚོགས།

བཡོན་ཏན་རྒྱ་ཚོ་བློ་གྲོས་མཐས་ཡས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། ཏཱ་ར་ན་ཐ། པདྨ་གར་གྱི་དབང་ཕྱུག །ངག་དབང་ཡོན་ཏན་རྒྱ་མཚོ། ཕུར་བླ་ཀརྨ་མཐུ་སྟོབས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས། ཀརྨ་སྒྲུབ་བརྒྱུད་བསྟན་འཛིན། མཁས་གྲུབ་རཱ་ག་ཨ་སྱ། བླ་མ་ཀ་ལུས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། མཁྱེན་བརྩེའི་དབང་པོ། བློ་གྲོས་མཐའ་ཡས། ཀརྨ་རང་བྱུང་ཀུན་ཁྱབ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ། དོལ་པོ་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ཤཱཀྱ་ཤྲཱི། ཞྭ་དམར་པ། ཀརྨ་རང་བྱུང་ཀུན་ཁྱབ། ཡོན་ཏན་རྒྱ་མཚོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཡོན་ཏན་རྒྱ་མཚོ་འམ་བློ་གྲོས་མཐའ་ཡས།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ནི་གུའི་བརྒྱུད་འདེབས།


PS004_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་བརྒྱུད་འདེབས་བཞུགས་སོ། །ན་མོ་གུ་རུ་བྷྱཿ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ལ༴ །གནས་སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ། །ཡེ་ཤེས་མཁའ་འགྲོ་ནི་གུ་ལ༴ །གནས་ཞང་ཞོང་དཔལ་གྱི་དགོན་པ་རུ། །


PS004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ །ཤངས་ལྷ་ཕུ་རྨོག་ལྕོག་གི་དགོན་པ་རུ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ༴ །དབུས་སྟོད་ལུང་སྐྱེར་སྒང་གི་དགོན་པ་རུ། །དབོན་སྟོན་ཐུགས་རྗེ་ཆེན་པོ་ལ༴ །གནས་ཡོལ་ཕུ་རི་གོང་གི་དགོན་པ་རུ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴ །གནས་ཡོལ་ཕུ་བྲག་རྩའི་དགོན་པ་རུ། །ཆོས་རྗེ་སངས་རྒྱས་སྟོན་པ་ལ༴ །།གནས་འཇག་ཆུང་དཔལ་གྱི་དགོན་པ་རུ། །མཁས་གྲུབ་གཙང་མ་ཤངས་སྟོན་ལ༴ །མུས་མཐའ་གོང་དཔལ་གྱི་ར་བ་རུ། །མུས་ཆེན་རྒྱལ་མཚན་དཔལ་བཟང་ལ༴ །གནས་གཉན་ཁྲོད་བརྒྱ་རྩའི་དབེན་གནས་སུ། །བླ་མ་རྡོ་རྗེ་གཞོན་ནུ་ལ༴ །མུས་རྫི་ལུང་དཔལ་གྱི་དགོན་པ་རུ། །མཚན་ལྡན་ནམ་


PS004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་རྣལ་འབྱོར་ལ༴ །བྱང་རྡོ་རྗེ་གདན་གྱི་དགོན་པ་རུ། །བྱང་སེམས་སྦྱིན་པ་བཟང་པོ་ལ༴ །དཔལ་རི་བོ་ཆེ་ཡི་རྩེ་མོ་རུ། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ༴ །གནས་མང་མཁར་དགོན་གསར་གྱི་དགོན་པ་རུ། །བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་ལ༴ །གནས་པུ་རོང་དབེན་པའི་ནགས་ཁྲོད་དུ། །མཁས་གྲུབ་དཔལ་ལྡན་དར་པོ་ལ༴ །གནས་ཞེ་དགོན་དཔལ་གྱི་དུར་ཁྲོད་དུ། །རྗེ་བཙུན་བསོད་ནམས་རྩེ་མོ་ལ༴ །གནས་གྲུབ་རི་ཨེ་ཝཾ་དགའ་འཁྱིལ་དུ། །བསྐལ་བཟང་འགྱུར་མེད་བདེ་ཆེན་ལ༴ །གནས་བླ་བྲང་རྫོང་གི་བཞུགས་གནས་སུ། །མཁན་ཆེན་ངག་དབང་ཆོས་གྲགས་ལ༴ །གནས་དགེ་འཕེལ་ཆོས་ཀྱི་ཕོ་བྲང་དུ། །འཇམ་


PS004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བསོད་ནམས་རྒྱལ་མཚན་ལ༴ །གནས་གསང་སྔགས་བདེ་ཆེན་དབེན་པ་རུ། །ངག་དབང་བསྟན་པ་རབ་རྒྱས་ལ༴ །གནས་སྤྲོ་མོ་ལུང་གི་དབེན་པ་རུ། །མང་ཐོས་བསོད་ནམས་ཆོས་འཕེལ་ལ༴ །གནས་བཀྲ་ཤིས་ཆོས་ཀྱི་སྡེ་ཆེན་དུ། །ཀུན་དགའ་ལེགས་པའི་འབྱུང་གནས་ལ༴ །མདོག་ཞེ་དགོན་རྡོ་རྗེའི་གནས་མཆོག་ཏུ། །འཇམ་དབྱངས་བསོད་ནམས་དཔལ་བཟང་ལ༴ །གནས་བསམ་རྫོང་ཆོས་སྡེའི་ཕོ་བྲང་དུ། །འཕགས་མཆོག་ཆོས་ཉིད་ཡེ་ཤེས་ལ༴ །མུས་གྲུབ་པ་མཆོག་གི་སྨན་ལྗོངས་སུ། །མཚུངས་མེད་ཡེ་ཤེས་རྒྱལ་མཆོག་ལ༴ །དཔལ་ས་སྐྱའི་ཆོས་གྲ་ཆེན་པོ་རུ། །ཡོངས་འཛིན་མ་ཏིའི་མཚན་ཅན་ལ༴ །


PS004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱ་འགྱུར་རྡོ་རྗེའི་བྲག་རྫོང་དུ། །འཇམ་མགོན་བཛྲ་རཏྣ་ལ༴ །གནས་རིས་མེད་མཁས་གྲུབ་ཚོགས་དབུས་སུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ༴ །གནས་དག་སྣང་ཕྱོགས་མེད་ཀྱི་ཕོ་བྲང་ན། །འཇམ་མགོན་ཡོན་ཏན་རྒྱ་མཚོ་ལ༴ །གནས་བསྐྱེད་རྫོགས་ཟུང་འཇུག་ཕོ་བྲང་ན། །མཁས་གྲུབ་བཀའ་བརྒྱུད་བསྟན་འཛིན་ལ༴ །གནས་བདེ་སྟོང་མཉམ་ཉིད་ཕོ་བྲང་ན། །ནོར་བུ་དོན་ཀུན་གྲུབ་པ་ལ༴ །གནས་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ །གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ལ༴ །ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །


PS004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདག་དཔའ་བོ་མཁའ་འགྲོ་ལ༴ །གནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མྱུར་མཛད་ཡེ་ཤེས་མགོན་པོ་ལ༴ །སེམས་དག་པའི་འདུན་ས་ངེས་མེད་དུ། །མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐབས་ལམ་བདེ་དྲོད་རང་འབར་དུ་བྱིན་གྱིས་རློབས། །སྒྱུ་ལུས་ཆགས་སྡང་རང་གྲོལ་དུ༴ །རྨི་ལམ་ཉིང་འཁྲུལ་རང་དག་ཏུ༴ །འོད་གསལ་གཏི་མུག་རང་སངས་སུ༴ །འཕོ་བ་མ་བསྒོམས་སངས་རྒྱས་སུ་བྱིན་གྱིས་རློབས། །བར་དོ་རྒྱལ་བ་ལོངས་སྐུ་རུ་བྱིན་གྱིས་རློབས། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས།། །།

ཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།


PS004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །ན་མོ་གུ་རུ་གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ༴ གསོལ་བ་འདེབས་སོ་སོགས་ཚིག་རྐང་གཉིས་གོང་གིས་འགྲེའོ། །གནས་སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ། །ཡེ་ཤེས་མཁའ་འགྲོ་ནི་གུ་ལ༴ །ནུབ་བདེ་བ་ཅན་


PS004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ །ཤར་མངོན་པར་དགའ་བའི་ཞིང་ཁམས་སུ། །རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ༴ །ཤར་འོད་འཕྲོ་ཅན་གྱི་ཞིང་ཁམས་སུ། །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ༴ །ཤར་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ། །གཉན་སྟོན་སྦས་པའི་སངས་རྒྱས་ལ༴ །གནས་དག་པ་ཤར་ཕྱོགས་ཀྱི་ཞིང་ཁམས་སུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴ །ཆོས་རྗེ་སྟོན་པའི་ཞབས་དྲུང་དུ། །མཁས་གྲུབ་གཙང་མ་ཤངས་སྟོན་ལ༴ །ནུབ་པདྨོ་ཅན་གྱི་ཞིང་ཁམས་སུ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ༴ །སྟེང་དགའ་ལྡན་ལྷ་ཡི་གཞལ་ཡས་སུ། །བྱ་བྲལ་རི་ཁྲོད་རས་ཆེན་ལ༴ །


PS004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤམྦྷ་ལ་ཡི་ཕོ་བྲང་དུ། །ཤངས་དཀར་བ་རིན་ཆེན་རྒྱལ་མཚན་ལ༴ །ལྷ་མི་འཁྲུགས་མགོན་པོའི་ཞིང་ཁམས་སུ། །མཉམ་མེད་སངས་རྒྱས་དཔལ་བཟང་ལ༴ །རྗེ་བླ་མ་གོང་མའི་དག་ཞིང་དེར། །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ༴ །ཞིང་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ༴ །གནས་ཕྱོགས་མེད་ཡངས་པའི་རྒྱལ་ཁམས་སུ། །གྲོལ་མཆོག་སེམས་ཀྱི་མདུད་གྲོལ་ལ༴ །གནས་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་གྲགས་པ་ལ༴ །གནས་སྨན་པའི་རྒྱལ་པོའི་ཞིང་ཁམས་ན། །རྗེ་བཙུན་ཏཱ་ར་ནཱ་ཐ་ལ༴ །གནས་པདྨ་འོད་ཀྱི་ཕོ་བྲང་ན། །རྗེ་བཙུན་ཡེ་


PS004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱ་མཚོ་ལ༴ །གནས་དག་པ་སྤྲུལ་སྐུའི་ཞིང་ཁམས་ན། །བྱམས་པ་ཡོན་ཏན་མགོན་པོ་ལ༴ །གནས་འོད་གསལ་མཁའ་སྤྱོད་ཞིང་ཁམས་ན། །འཇའ་ལུས་མགོན་པོ་དཔལ་འབྱོར་ལ༴ །གནས་མངོན་པར་དགའ་བའི་ཞིང་ཁམས་ན། །གྲུབ་མཆོག་མགོན་པོ་གྲགས་པ་ལ༴ །གནས་བདུད་རྩི་རྒྱུན་གྱི་ཡང་རྫོང་ན། ཁྱབ་བདག་མགོན་པོ་རྣམ་རྒྱལ་ལ༴ །གནས་འོ་ཡུག་ཕྱི་གོང་རྫ་ར་ན། །རིག་འཛིན་ཚེ་དབང་ནོར་བུ་ལ༴ །གནས་གཅིག་ཆར་མཁའ་འགྲོའི་ཚོགས་ཁང་ན། །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ༴ །གནས་རྨོག་ལྕོགས་གྲུབ་པའི་དགའ་ཆོས་ན། །ཀུན་དགའ་དགེ་ལེགས་དཔལ་


PS004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ལ༴ །གནས་ཁྱད་འཕགས་གོང་མའི་གདན་ས་རུ། །ཀུན་དགའ་ལྷུན་གྲུབ་རྒྱ་མཚོ་ལ༴ །གནས་འཁྲུལ་ཞིག་མངོན་དགའི་ཞིང་ཁམས་ན། །གྲུབ་ཆེན་བཀའ་བརྒྱུད་བསྟན་འཛིན་ལ༴ །གནས་རང་ཤར་ལོངས་སྐུའི་ཕོ་བྲང་ན། །མཆོག་གཟིགས་ཀརྨ་ལྷག་མཐོང་ལ༴ །གནས་འཁོར་འདས་མཉམ་ཉིད་དགོན་པ་ན། །ཀརྨ་གཞན་ཕན་འོད་ཟེར་ལ༴ །གནས་རིས་མེད་མཁས་གྲུབ་ཚོགས་དབུས་ན། །རྒྱལ་སྲས་བློ་གྲོས་མཐའ་ཡས་ལ༴ །གནས་བྱམས་དང་སྙིང་རྗེའི་ཕོ་བྲང་ན། །ཀརྨ་བཀྲ་ཤིས་འོད་ཟེར་ལ༴ །གནས་བདེ་སྟོང་འཛིན་མེད་ཀྱི་ཕོ་བྲང་ན། །གྲུབ་དབང་ནོར་བུ་


PS004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་ལ༴ །གནས་ཀུན་ཁྱབ་བདེ་ཆེན་འཁོར་ལོ་ན། །དྲིན་ཅན་རྩ་བའི་བླ་མ་ལ༴ །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ནས་འདི་བར་གུ་ས་གསར་འཛུད་བགྱིས་པའོ། །སེམས་དག་པའི་འདུན་ས་ངེས་མེད་དུ། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ༴ །གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ལ༴ །གནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མྱུར་མཛད་ཡེ་ཤེས་མགོན་པོ་ལ༴ །ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །ཆོས་བདག་དཔའ་བོ་མཁའ་འགྲོ་ལ༴ །ཐབས་ལམ་བདེ་དྲོད་རང་འབར་དུ་བྱིན་གྱིས་རློབས། །སྒྱུ་ལུས་ཆགས་སྡང་རང་གྲོལ་དུ༴ །རྨི་ལམ་ཉིང་འཁྲུལ་རང་གསལ་དུ༴ །འོད་གསལ་གཏི་མུག་རངས་སང་དུ༴ །


PS004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་མ་སྒོམ་སངས་རྒྱས་སུ༴ །བར་དོ་རྒྱལ་བ་ལོངས་སྐུ་རུ༴ །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཐབས་ལམ་ཕྱིན་གྱི་གསོལ་འདེབས་ཚིག་རྐང་བདུན་པོ་སྔོན་གསུང་རྒྱུན་ཏུ་མི་འབྱུང་ཡང་། ཐང་སྟོང་ལུགས་ཀྱི་གནས་སྦྱར་མ་ལས་གུ་ས་བསབ་པའོ།། །།

ཟབ་ཆོས་ནི་གུ་ཆོས་དྲུག་གི་བརྒྱུད་འདེབས་ཉུང་འདུས་བདེ་ཆེན་འབེབས་པ།


PS004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ནི་གུ་ཆོས་དྲུག་གི་བརྒྱུད་འདེབས་ཉུང་འདུས་བདེ་ཆེན་འབེབས་པ་ཞེས་བྱ་བ་བཞུགས་སོ།། །།ཀུན་ཁྱབ་ཐམས་ཅད་བདག་ཉིད་རྡོ་རྗེ་འཆང་། །གསང་བ་མཆོག་གི་དགྱེས་པ་ནི་གུ་མ། །མཐར་ཐུག་ལྔ་ལྡན་ཁྱུང་པོ་ཛོ་ཀིའི་ཞབས། །མཆོག་དངོས་གྲུབ་པའི་རྒྱལ་པོ་རྨོག་ལྕོག་པ། །རྒྱུན་མཐའི་བྱང་སེམས་དབོན་སྟོན་སྐྱེར་སྒང་པ། །ཟུང་འཇུག་སྒྱུ་མའི་གར་མཁན་གཉན་སྟོན་པ། །ཚེ་གཅིག་སངས་རྒྱས་སར་གཤེགས་སྟོན་པ་རྗེ། །གཙང་མ་ཤངས་སྟོན་ཚུལ་ཁྲིམས་འབུམ་པའི་


PS004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། །ཡེ་ཤེས་ཕྱག་རྒྱས་འདེབས་པ་གཞོན་ནུ་གྲུབ། །མཁས་བཙུན་གྲུབ་པའི་སྤྱི་མེས་རྒྱལ་མཚན་འབུམ། །བསམ་བཞིན་སྲིད་པར་སྐུ་སྤྲུལ་ཚུལ་ཁྲིམས་མགོན། །མཆོག་གི་ཙཎྜིའི་གཟི་འབར་རས་ཆེན་པ། །སྒྱུ་མའི་བདུད་རྩིས་བརླན་པ་རིན་རྒྱལ་བ། །རླུང་སེམས་ལྷ་ཡི་སྐུར་གྲུབ་སངས་རྒྱས་དཔལ། །བདེ་སྟོང་འོད་དུ་གསལ་བ་ནམ་མཁའ་རྒྱལ། །སྣང་སེམས་གཉུག་མར་ཐིམ་པ་ལེགས་རྒྱལ་བ། །རྡོ་རྗེ་བཙུན་མོའི་བདག་པོ་གྲོལ་བའི་མཆོག །ཟག་མེད་བདེས་གང་ཆོས་སྐུ་ལྷ་དབང་གྲགས། །ཧེ་རུ་ཀ་དཔལ་གསང་བདག་སྒྲོལ་བའི་མགོན། །རྒྱལ་ཚབ་ཡེ་ཤེས་སྐུ་ཅན་རྒྱ་མཚོའི་མཚན། །བརྟུལ་ཞུགས་ལམ་དུ་ལོངས་པ་ཡོན་ཏན་མགོན། །འཇའ་ལུས་


PS004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་གཤེགས་མགོན་པོ་དཔལ་འབྱོར་བ། །འཁོར་འདས་མཉམ་པ་ཉིད་གྱུར་མགོན་པོ་གྲགས། །ལྷན་སྐྱེས་དགའ་བས་རབ་མྱོས་རྣམ་རྒྱལ་མཚན། །མཁས་གྲུབ་བྱེ་བའི་ཁྱུ་མཆོག་རིག་པ་འཛིན། །པད་དཀར་འཆང་དངོས་ཕྲིན་ལས་ཤིང་རྟའི་ཞབས། །དགེ་ལེགས་ཉམས་རྟོགས་འོད་བརྒྱའི་དཔལ་འབར་བ། །གནས་ལུགས་གཏེར་འབྱེད་ཀུན་དགའ་ལྷུན་གྱིས་གྲུབ། །མཁའ་སྤྱོད་མཛེས་མས་རྟག་འཁྱུད་བློ་གྲོས་པ། །སྦས་པའི་སངས་རྒྱས་ཀརྨ་ལྷག་མཐོང་རྗེ། །རླུང་སེམས་དབང་ཐོབ་གཞན་ཕན་འོད་ཟེར་ཅན། །རྒྱལ་བའི་ལུང་བསྟན་བློ་གྲོས་མཐའ་ཡས་ཞབས། །བྱམས་པའི་མངའ་བདག་ཞི་བའི་སྙིང་པོ་དང་། །འཇའ་ལུས་སྐུ་བརྙེས་


PS004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དོན་ཀུན་གྲུབ། །གདམས་པའི་མཛོད་འཛིན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། ཁྱོད་སྐུ་གསང་འདུས་ཁྱོད་གསུང་སྒྱུ་འཕྲུལ་ཆེ། ཁྱོད་ཐུགས་དགྱེས་རྡོར་ཡོན་ཏན་འཁོར་ལོ་སྡོམ། །ཕྲིན་ལས་འཇིགས་མཛད་ཉིད་དང་དབྱེར་མེད་པ། །མཁས་གྲུབ་རྒྱལ་པོ་ཁྱུང་པོ་རྣལ་འབྱོར་གྱི། །གདམས་ཟབ་གསེར་གྱི་ཕྲེང་བ་འཛིན་རྣམས་ལ། །གདུང་ཤུགས་དྲག་པོས་གསོལ་བ་སྙིང་ནས་འདེབས། །བྱིན་རླབས་དངོས་གྲུབ་ཐུགས་རྗེའི་གཏིང་ནས་སྩོལ། །གཏུམ་མོའི་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཞེན་མེད་སྒྱུ་མ་རང་ཤར་བྱིན་གྱིས་རློབས། །རྨི་ལམ་ལྷ་སྐུ་འཆར་བར་བྱིན་གྱིས་རློབས། །འོད་གསལ་


PS004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །འཆུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །བར་དོར་སྐུ་གསུམ་ཐོབ་པར་བྱིན་གྱིས་རློབས། །མཚན་ཙམ་ཐོས་ཀྱང་སྲིད་པ་ཧྲུལ་བྱེད་པ། །གྲུབ་ཆེན་ཁྱུང་པོའི་གོ་འཕང་མྱུར་ཐོབ་ནས། །མཁའ་ཁྱབ་འགྲོ་བ་འདྲེན་པར་བྱིན་གྱིས་རློབས། །ཅེས་པ་འདིའང་ནང་གི་ལམ་དུ་ཟབ་མོའི་རྣལ་འབྱོར་གྱི་དཔྱིད་གྲུབ་པ་འཇམ་པའི་དཔལ་གྱིས་བཀའ་སྩལ་དང་། རང་ཉིད་ཀྱང་གུས་པ་ལྷུར་བྱེད་པའི་མོས་པས་དྲངས་ཏེ་གདུང་ཤུགས་ཀྱི་ཁང་པར་བདེ་བའི་རྡོ་རྗེས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།

ཡེ་ཤེས་མཁའ་འགྲོ་ནི་གུ་ལས་བརྒྱུད་པའི་ཟབ་ལམ་གསེར་ཆོས་ལྔའི་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར། ཡོན་ཏན་རྒྱ་ཚོ་བློ་གྲོས་མཐས་ཡས།


PS004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་ནི་གུ་ལས་བརྒྱུད་པའི་ཟབ་ལམ་གསེར་ཆོས་ལྔའི་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་བྱིན་རླབས་འོད་འབར་ཞེས་བྱ་བ་བཞུགས་སོ། །


PS004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་བདག་ཉིད་ཐབས་ཀྱི་མཆོག །ཤེས་རབ་བཙུན་མོ་ནི་གུཔྟ། །ཟུང་འཇུག་རིན་ཆེན་བརྒྱུད་པ་ཡིས། །བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །རྡོ་རྗེའི་གསང་ཚིག་བཻ་ཌཱུརྱ། །བློ་གྲོས་གྱི་ནའི་བཟོ་བཟོས་ཀྱིས། །མ་རེག་བྱིན་རླབས་གཟི་བརྗིད་ཅན། །གསེར་ཆོས་ཀུན་ལ་གཅེས་འདིའོ། །དལ་འབྱོར་ཐོབ་པ་ཆུད་མི་གསན་ཅིང་ཚེ་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་འདོད་པའི་སྐལ་


PS004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་རྣམས་ཚུལ་འདི་ལ་འཇུག་པར་བྱའོ། །དེའང་རྡོ་རྗེའི་ཚིག་རྐང་ལས། །དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་འཚང་རྒྱ་འགྱུར། །ཅེས་གསུངས་པ་ལྟར་དབང་དང་བྱིན་རླབས་རྣམས་ཀྱིས་རྒྱུད་སྨིན་ཅིང་དད་བརྩོན་ལྡན་པ་གཞིར་བཞག །ཉམས་ལེན་དངོས་ལ་འཇུག་པའི་


PS004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཐོག་མར་ཁྲིད་རིམ་སྤྱི་དང་མཐུན་པར་བློ་ལྡོག་རྣམ་བཞིས་རྒྱུད་འཁུལ་བ་ཞིག་ཤིན་ཏུ་གལ་ཆེ་བས་དེ་གསལ་གདབ་པའི་ཚིག་གང་རུང་བརྗོད་ཆོག་ཀྱང་། འདིར་ས་བཅད་ཙམ་དུ། དལ་འབྱོར་རྙེད་དཀའ་བསམ་པ་ནི། །དལ་བརྒྱད་འབྱོར་པ་བཅུ་ལྡན་པ། །ལྷ་ལས་ཆེས་ལྷག་མི་ཡི་ལུས། །དབུལ་པོས་ནོར་བུ་རྙེད་མཚུངས་པ། །རྒྱུ་གྲངས་དཔྲ་སོགས་སྒོ་དུ་མས། །ད་རེས་ཙམ་ལས་རྙེད་པར་དཀའ། །འདི་ཡང་མི་རྟག་ཆུ་བུར་བཞིན། །མྱུར་དུ་འཇིགས་ངེས་དེ་ཡི་ཚེ། །ཆོས་མིན་གཞན་གྱིས་སྤུ་ཙམ་ཡང་། །ཕན་པ་མེད་ཕྱིར་དམ་པའི་ཆོས། །ཀུན་གྱི་ཡང་སྙིང་ཟབ་ལམ་བསྒོམ། །མི་རྟག་པ་བསམ་པ་ནི། །སྣོད་ཀྱི་འཇིག་རྟེན་མེ་ཆུས་འཇིག །ནམ་ཟླ་དུས་བཞི་ཡུད་ཙམ་འགྱུར། །ཐམས་ཅད་མི་རྟག་མཐའ་བཞི་བཅིངས། །སྐྱེས་ནས་


PS004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས་གཅིག་ཀྱང་མེད། །ཚེ་སྲོག་གློག་དང་ཟིལ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་སུ་འོང་ངེས་པ་མེད། །དམ་ཆོས་དྲན་ཚེ་མ་བསྒྲུབས་ན། །ལེ་ལོ་གཡེང་བའི་བདུད་ཀྱིས་ཁྱེར། །གཅེར་བུ་ལག་སྟོང་འགྲོ་དགོས་པས། །དམ་ཆོས་མྱུར་དུ་བསྒྲུབ་པར་བྱ། །ལས་འབྲས་བསམ་པ་ནི། འཆི་ཚེ་འཁོར་ལོས་སྒྱུར་རྒྱལ་གྱི། །མངའ་ཐང་ཡོད་ཀྱང་ཤུལ་དུ་ལུས། །རང་ཉིད་གཅིག་པུར་བར་དོར་འཁྱམས། །དཀར་ནག་ལས་ཀྱི་རྣམ་སྨིན་ནི། །ལུས་དང་གྲིབ་མ་བཞིན་ཏུ་འབྲང་། །བྱས་པའི་ལས་རྣམས་ཆུད་མི་ཟ། །མ་བྱས་ལས་དང་འཕྲད་མི་སྲིད། །ལས་རྣམས་འཕེལ་བ་འགྱུར་དང་བཅས། །དགེ་སྡིག་འབྲས་བུ་བདེ་སྡུག་བསྔལ། །བསླུ་མེད་བྱེད་པ་པོ་


PS004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨིན་འཇིགས་རྟེན་འདི་ནི་ཡུད་ཙམ་སྟེ། །འཁོར་བ་མཐའ་མེད་ཡུན་རིང་བས། །ང་ནི་རང་ཕུང་མི་བསྒྲུབ་པར། །སྤྱི་རུ་ལས་འབྲས་ཡིད་ཆེས་ཤིང་། །ཁྱད་པར་སྡོམ་པ་དམ་ཚིག་བསྲུང་། །རང་རྒྱུད་ཉེས་པས་མ་གོས་བྱ། །འཁོར་བའི་ཉེས་དམིགས་བསམ་པ་ནི། །སྲིད་རྩེ་མནར་མེད་ཡུན་ཆད་ཀྱི། །འཁོར་བའི་གནས་རིས་མཐོ་དམན་ཀུན། །མེ་འོབས་སྤུ་གྲིའི་ཚལ་བཞིན་ཏུ། །བདེ་བའི་གོ་སྐབས་མ་མཆིས་ན། །དེ་སྔ་དེ་ཙམ་འཁོར་བར་འཁྱམས། །མ་རིག་འཁྲུལ་འཁོར་ཟད་པ་མེད། །ད་ནི་བཟོད་མེད་སྐྱོ་ཤས་དང་། །ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །གཏན་བདེ་ཐར་པའི་ལམ་ལ་ཞུགས། །གོང་མའི་རྣམ་ཐར་རྗེས་སུ་སྙེགས། །ཚེ་གཅིག་སངས་རྒྱས་འཐོབ་པར་བྱ། །ཞེས་པ་འདི་རྣམས་ཐུན་མགོ་ཐམས་


PS004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་ཁྲིགས་ཆགས་སུ་འདོན་དགོས་པའི་ངེས་པ་མེད་ཀྱང་སྐབས་སུ་ཚིག་ངག་ཏུ་བརྗོད། །དོན་ཡིད་ལ་བསམས་ནས་རྒྱུད་གཉའ་རེངས་སུ་མི་བཏང་བར་བློ་དམ་པའི་ཆོས་སུ་འགྲོ་ངེས་པར་བྱ་བ་ནི། ཆོས་ཉམས་སུ་ལེན་པའི་རྐང་དང་པོ་ཡིན་པས་གལ་ཆེའི། །སྔོན་འགྲོ་དངོས་ལ་གཉིས། །ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་སྐྱབས་སེམས་གཉིས་ལས་སྐྱབས་སུ་འགྲོ་བ་ནི། བདེ་བའི་སྟན་ལ་ལུས་དྲང་པོར་བསྲང་། སེམས་རྣལ་དུ་ཕབ་སྟེ། ཟབ་ལམ་འདི་ཉིད་ཀྱི་ཁྱད་ཆོས་སྐྱབས་འགྲོ་ཚིག་འདྲིལ་མལ་སྒོམ་དོན་གསལ་བདེབས་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར། མདུན་གྱི་ནམ་མཁར་སེང་ཁྲི་པདྨ་དང་། །ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཉིད། །སྐུ་དངོས་བཀྲག་མདངས་ལྡན་ཅིང་གཟི་བརྗིད་འབར། །སངས་རྒྱས་ཆོས་དང་དགེ་འདུན་ཀུན་འདུས་ཏེ། །བླ་མ་ཡི་དམ་མཁའ་


PS004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་ཚོགས། །ཀུན་བདག་ཀུན་འདུས་བླ་མའི་རིན་པོ་ཆེར། །བདག་དང་བདག་གི་ཚེ་འདིའི་ཕ་མ་དང་། །སྡང་དགྲ་གནོད་བགེགས་གནས་པོ་གཞི་བདག་གིས། །གཙོར་བྱས་མཁའ་མཉམ་འགྲོ་བ་རིགས་དྲུག་ནི། །བཟོད་མེད་སྡུག་བསྔལ་དྲག་པོས་མནར་བ་ཀུན། །ཁྱོད་ལས་སྐྱབས་དང་རེ་ས་གཞན་མེད་པས། །ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བསྐྱུར་གྱིས། །སྒོ་གསུམ་གུས་པ་ཆེན་པོས་ལྷན་ཅིག་ཏུ། །སྐྱབས་སུ་མཆིའོ་ཐུགས་རྗེས་བཟུང་དུ་གསོལ། །ཅེས་རྩེ་གཅིག་ཏུ་མོས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྐྱབས་གནས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིབ་ལགས་སོ། །ཞེས་ཅི་ནུས་བརྗོད། ཐུན་མཐར། མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། །


PS004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཐིམ་བླ་མ་རང་སེམས་དབྱེར་མེད་གྱུར། །ཅེས་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །སྔོན་འགྲོ་སྟན་གཅིག་མ་བྱེད་ན། བླ་མ་སྐབས་འདིར་མི་བསྡུ་བར་འཇོག་ལ་འོག་གི་མཎྜལ་འབུལ་བ་དང་། དག་བྱེད་སྟོང་རའི་གསོལ་གདབ་ཟིན་ནས་བསྡུས་པས་ཆོག་གོ། །སེམས་བསྐྱེད་ནི། ནམ་མཁའ་གར་ཁྱབ་སེམས་ཅན་རྣམས་ཀྱིས་ཁྱབ། །ཀུན་ཀྱང་ཕ་མར་མ་གྱུར་གཅིག་ཀྱང་མེད། །རེ་རེས་སྐྱེ་བ་དཔག་མེད་ཕན་པ་བཏགས། །འདི་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ། །མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །བདག་གིས་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ། །བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མཆོག་ལ་ཅི་ནས་འགོད་པར་བགྱི། །དེ་ཡང་ཐབས་གཞན་ཅིས་ཀྱང་མི་ནུས་པས། །ཚེ་འདིར་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་། །


PS004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཕྱིར་ཟབ་གསང་མཁའ་འགྲོ་སྙན་བརྒྱུད་ཀྱི། །ཉེ་ལམ་བརྩོན་འགྲུས་དྲག་པོས་བསྒོམ་པར་བྱ། །ཞེས་པའི་དོན་ནན་ཏན་ཏུ་དྲན་བཞིན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ། །དེའི་ཕྱིར་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །ཞེས་དང་གསེར་ཆོས་ཕྱི་མ་རྣམས་ཀྱི་སྐབས་སུ། ཟབ་ལམ་ཕྱག་རྒྱ་ཆེན་པོ། ཟབ་ལམ་ལམ་ཁྱེར་རྣམ་གསུམ། ཟབ་ལམ་མཁའ་སྤྱོད་རྣལ་འབྱོར། ཟབ་ལམ་འཆི་མེད་རང་གྲོལ། །ཅེས་སོ་སོར་ཁ་བསྒྱུར་རོ། །ཞར་བྱུང་མཎྜལ་ནི། བཀའ་སྲོལ་འདི་ལ་མཎྜལ་གྱི་དམིགས་ཁྲིད་དཀྱུས་སུ་མི་སྟོན་ཀྱང་། ཡེ་ཤེས་མཁའ་འགྲོའི་གཞུང་རྩ་བ་ཟུར་དུ་ཕྱུང་བ་མ་ཟད། ཚོགས་མྱུར་དུ་རྫོགས་པའི་ཐབས་སུ་ཅི་ནས་གལ་ཆེ་བས་སྐྱབས་སེམས་དང་བླ་མའི་རྣལ་འབྱོར་སོགས་ཀྱི་བར་མཚམས་རྣམས་སུ་ཅི་ནུས་འབུལ་དགོས་པ་གོང་མ་


PS004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གསུང་སྒྲོས་ལས་འབྱུང་བས། མདུན་མཁར་བླ་མ་གཅིག་རྫོགས་སུ་གསལ་གདབ། །ལག་ལེན་དང་འདོན་བྱའི་ཚིག་ལྷུག་སྤྱི་འགྲོ་ལྟར་ཚོམ་བུ་སོ་མདུན་མ་སོགས་གང་བདེ་བྱས་ལ་འབུལ་ཚིག་ཤངས་པའི་མཎྜལ་བཀའ་རྒྱ་མ་ནི། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོངས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བདམ་མི་ཁྱབ། །དགའ་དང་སྤྲོ་བར་བྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་


PS004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་གྲངས་ལ་ངེས་པ་མེད་པས་ཅི་ནུས་སུ་འབུལ་ལོ། །གཉིས་པ་ཐུན་མོངས་མིན་པའི་སྔོན་འགྲོ་ལ་གཉིས། །དག་བྱེད་ཨའི་སྟོང་ར་དང་། བྱིན་རླབས་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། རང་གི་སྤྱི་བོར་བཞི་རྫོགས་གདན་གྱི་སྟེང་། །དཀོན་མཆོག་ཀུན་འདུས་བླ་མ་སྐུ་དངོས་གསལ། །མོས་གུས་གདུང་ཤུགས་དྲག་བསྐྱེད་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ནང་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ་


PS004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་གསོལ་བ་ངོས་དྲག་ལ་ཡུན་རིང་དུ་བཏབ་པའི་མཐའ། བླ་མ་འོད་ཞུ་རང་གི་སྤྱི་བོ་ནས། །ཞུགས་ཐིམ་རྐྱེན་གྱིས་མགོ་བོའི་གདོས་བཅས་སྦྱངས། །དཀར་གསལ་སྲབ་དྭངས་དབུས་སུ་ཆོས་འབྱུང་དཀར། །རྩ་བ་ཕྲ་བ་མགྲིན་པའི་མཚམས་སུ་སླེབ། །གདེངས་ཀ་གྱེན་བསྟན་ཟུར་གཅིག་སྨིན་ཕྲག་དང་། །ཟུར་གཉིས་རྣབ་གཡས་གཡོན་ཐང་དུ་རེག །དྭངས་གསལ་ཤེལ་སྣོད་ལྟ་བུའི་ཁ་མཚམས་དབུས། །བླ་མ་རང་སེམས་དབྱེར་མེད་ཨ་དཀར་འཚེར། །སྐྱེ་མེད་སྤྲོས་བྲལ་དོན་ལ་སེམས་བཟུང་ཞིང་། །བཟླས་པའི་རྐྱེན་གྱིས་བདུད་རྩི་ཤུགས་དྲག་བབས། །ཕྱི་ནང་ཀུན་ཁེངས་སྡིག་


PS004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཉམས་ཆགས་དང་། ནད་གདོན་བར་ཆད་ཤ་ཁྲག་དངོས་པོ་བཅས། །དུང་ཁུ་རྣག་ཁྲག་སྲོག་ཆགས་རྣམ་པར་བཀྲུས། འོད་ལུས་དྭངས་གསལ་བདུད་རྩིས་ཁེངས་པར་གྱུར། །ཞེས་གསལ་བཏབ། ཐོག་མར་ཆོས་འབྱུང་ཨ་ཡི་དང་བཅས་པ་སེམས་འཛིན། དེ་ནས་ཨ་ཐུང་གི་བཟླས་པ་ཉེར་གཅིག་མཐར་བདུད་རྩོ་འབེབས་སྦྱོང་གི་དམིགས་པ་གསལ་ལ་དྲག་པར་བྱས་ཏེ་ལུས་དག་པའི་དམིགས་པ་གྲུབ་རྗེས་ཅུང་ཟད་རེ་ངལ་གསོས་ལ་ཤེས་པ་ཀློད། སླར་དམིགས་པ་བསྒོམ་པ་ལན་གྲངས་བརྒྱ་སྟོང་ཁྲི་འབུམ་བསྐྱར། བླ་མའི་རྣལ་འབྱོར་ཐུན་མགོར་རེ་རེས་ཆོག་གོ། །གཉིས་པ་བླ་མའི་རྣལ་འབྱོར་ཆོས་དྲུག་སོ་སོར་བསྒྱུར་ཁ་ཡོད་པ་ལས། དང་པོ་གཏུམ་མོའི་སྐབས་སུ་སྔོན་འགྲོ་བླ་མའི་དངོས་དང་། རྗེས་སྲིད་པའི་དབང་ཞུ་བ་གཉིས་སུ་ཡོད་པ་ལས། དང་པོ་ནི། རང་གི་སྤྱི་བོར་སེང་ཁྲི་པད་དཀར་དང་། །ཉི་ཟླའི་གདན་ལ་རྣལ་འབྱོར་བླ་མ་སངས་རྒྱས་ནི། །སྟོན་ཟླ་ལྟར་


PS004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཞལ་འཛིན་བདེ་ཉམས་རྒྱས། །རང་ལ་བྱིན་གྱིས་རློབས་བཞིན་བཞུགས་པར་གྱུར། །ཅེས་གསལ་བཏབ་ལ་མོས་གུས་བསྐྱེད་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། བླ་མ་བདུད་རྩིའི་ངོ་བོར་འོད་དུ་ཞུ། །རང་ཐིམ་རྣམ་སྨིན་ཕུང་པོ་འཇའ་ལྟར་ཡལ། །ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར། །ཅེས་མོས་ཏེ་སྟོང་ར་སྒོམ་པ་ལ་འཇུག་གོ། །གཉིས་པ་རྗེས་གཏུམ་མོ་བསྒོམས་པའི་མུག་ཐུན་མཚམས་ལ་འཇུག་ལ་ཐམས་ཅད་བྱ་དགོས་པ་ནི། །སྤྱི་བོར་སེང་


PS004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་པད་དཀར་ཉི་ཟླའི་སྟེང་། །རྩ་བའི་བླ་མ་དཀར་གསལ་འོད་ཟེར་འཕྲོ། །སྐྱབས་གནས་ཀུན་འདུས་ངོ་བོར་བཞུགས་པ་ལ། །ཉེར་སྤྱོད་རྣམ་བདུན་ཁང་བཟང་བཞུགས་ཁྲི་དང་། །ན་བཟའ་དཔག་བསམ་ལྗོན་ཤིང་རིན་ཆེན་གཏེར། །འདོད་འཇོའི་བ་མོ་རྒྱལ་སྲིད་རྣམ་པ་བདུན། །བཀྲ་ཤིས་རྫས་རྟགས་ཐོགས་པའི་ལྷ་མོ་སོགས། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་དང་། །ཤ་ལྔ་བདུད་རྩི་ཡེ་ཤེས་བདུད་རྩིའི་དངོས། །ཟག་མེད་བདེ་ཆེན་སྐྱེད་བྱེད་རིགས་ཀྱི་ཡུམ། །ཀུན་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ། །སྒྱུར་མ་ལྟ་བུར་ཤེས་པས་མཆོད་པར་གྱི། །ཞེས་གསལ་གདབ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། །ཕྱི་མེ་ཏོག་བདུག་སྤོས། །


PS004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཤ་ལྔ་བདུད་རྩི་ལྔ། །གསང་བ་བདེ་སྟོང་གི་ཡེ་ཤེས། །ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ལ། གསོལ་བཏབ་ཐུགས་དམ་རྒྱུད་བསྐུར་བླ་མ་ཡི། །སྐུ་ལས་ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །དཀར་དྭངས་བདེ་བའི་ཉམས་དང་ལྡན་པ་བབས། །སླར་ཡང་བབས་པས་མགྲིན་པ་ཡན་ཆད་གང་། །གསང་བའི་དབང་ཐོབ་གསུང་གི་དངོས་གྲུབ་སྩོལ། སླར་ཡང་བབས་པས་སྙིང་ག་ཡན་ཆད་གང་། །ཤེར་ཡེའི་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་སྩོལ། །བདུད་རྩིའི་


PS004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྒྱུན་ལྟེ་བ་སོགས་ནས་བརྒྱུད། །རྐང་མཐིལ་ཡན་ཆད་ལུས་ཀྱི་ནང་ཀུན་གང་། །བཞི་པའི་དབང་ཐོབ་གསང་གསུམ་དངོས་གྲུབ་སྩོལ། བླ་མ་འོད་ཞུ་རང་ལ་ཐིམ་པ་ཡིས། །བླ་མའི་གསང་གསུམ་རང་གི་སྒོ་གསུམ་པོ། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟ་བུར་གྱུར། །ཅེས་མཉམ་པར་བཞག །གཉིས་པ་སྒྱུ་ལུས་ཕྱིན་ཆད་ཀྱི་བླ་མའི་རྣལ་འབྱོར་དམིགས་པའི་རྐང་གཅིག་ལ་བསྒྱུར་ཁ་ཕྲན་བུ་ཡོད། གསོལ་འདེབས་ཀྱང་རྩུ་བ་གཅིག་པ་ལ་གཤམ་སོ་སོར་བསྒྱུར་བ་ཡིན་ཏེ། དེ་ལ་ཐོག་མར་སྒྱུར་ལུས་སྐབས། མདུན་མཁར་སེང་ཁྲི་སྣ་ཚོགས་པདྨ་དང་། །ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་། །བཀག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་བཞུགས། །ཐུགས་ལས་འོད་འཕྲོས་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་ཕྱོགས་དུས་རྫོགས་སངས་རྒྱས། །


PS004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རྟོགས་དམ་ཆོས་འཕགས་པའི་དགེ་འདུན་ཚོགས། །མཁའ་འགྲོ་ཆོས་སྲུང་ཐམས་ཅད་སྤྱན་དྲངས་ཐིམ། །དཀོན་མཆོག་ཀུན་འདུས་བློ་གཏད་གཅིག་ཆོག་རྒྱུར། །མཚན་ཐོས་འཁོར་བ་ངན་སོང་ལས་སྒྲོལ་ན། །གསོལ་བ་བཏབ་ན་ལྟ་ཡང་ཅི་སྨོས་པས། །བདག་དང་ཕ་མ་དགྲ་བགེགས་གཞི་བདག་གིས། །གཙོར་བྱས་མཁའ་མཉམ་འགྲོ་དྲུག་སེམས་ཅན་ཀུན། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་འདེབས་ཤིང་། །འབྱུང་བཞིའི་རྡུལ་ཕྲན་ལས་ཀྱང་གསོལ་འདེབས་ཀྱི། །རང་སྒྲུ་འུར་འུར་དིར་རིར་སྒྲོག་པར་གྱུར། །ཅེས་དམིགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་


PS004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དར་དྲག་ཡུན་རིང་སྣང་བ་འགྱུར་ངེས་སུ་གསོལ་བ་བཏབ་ལ། མཐར། བླ་མ་འོད་ཞུ་རང་ལ་ཐིམ་པར་གྱུར། །ཐུགས་ཡིད་དབྱེར་མེད་མ་བཅོས་ལྷུག་པར་བཞག །ཅེས་མཉམ་པར་བཞག་ནས་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་བསྒོམ་མོ། །རྨི་ལམ་ལ། དམིགས་པ་སྔར་དང་འདྲ། །གསོལ་འདེབས་ཚིགས་རྐང་དང་པོ་གསུམ་གཞིར་བཞག་ནས། མཐའ་བསྒྱུར་བ་ཕྱིན་ཆད་ཐམས་ཅད་ལ་རིགས་འགྲེ་དགོས་པས། དྲུས་གསུམ་སངས་རྒྱས་སངས་རྒྱས་འདུས་པའི་ངོ་བོ་


PS004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་པོ་ཆེ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་པཱ་མཐར། རྨི་ལམ་ཐོག་མར་བཟུང་བའི་སྐབས། རྨི་ལམ་ཟིན་པར་མཛད་དུ་གསོལ། ཅེས་སྦྱར། ཟིན་ནས་སྦྱོང་སྐབས། རྨི་ལམ་འབྱོངས་པར་མཛད་དུ་གསོལ། །ཅེས་དང་། སྤེལ་སྐབས། རྨི་ལམ་སྤེལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང་། བསྒྱུར་སྐབས། རྨི་ལམ་བསྒྱུར་ནུས་པར་བྱིན་གྱིས་བརླབ་དུ་གསོལ། ཡུལ་སྣང་སྐབས། ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། །ཅེས་བསྒྱུར། འོད་གསལ་བླ་མའི་རྣལ་འབྱོར་ལ་དམིགས་པ་དང་པོའི་ཚིག་རྐང་གཉིས་པ། བླ་མ་རྡོ་རྗེ་འཆང་། ཞེས་པའི་རྗེས་སུ། དབུ་


PS004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་ཐོར་ཚུགས་རུས་པའི་རྒྱན་དྲུག་སྤྲས། །སྟག་ལྤགས་སྨད་དཀྲིས་དུར་ཁྲོད་ཆས་བརྒྱད་རྫོགས། །བཀྲག་མདངས་གཟི་བརྗིད་སོགས་དང་། །གསོལ་འདེབས་ཚིག་རྐང་གསུམ་པའི་གཤམ། འོད་གསལ་ཟིན་པར་མཛད་དུ་གསོལ། ཅེས་སྦྱར། འཕོ་བ་དང་བར་དོ་གཉིས་ལ་དམིགས་པ་སྒྱུ་ལུས་སྐབས་དེ་ཀས་ཆོག །གསོལ་འདེབས་གཤམ། བར་དོར་འཚང་རྒྱ་བར་མཛད་དུ་གསོལ། ཅེས་དང་། བར་དོའི་ལོངས་སྐུའི་སྐབས། བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཅེས་རིམ་བཞིན་བསྒྱུར་རོ། གསེར་ཆོས་ལྷག་མ་གསུམ་ལའང་། གོང་སྨོས་དག་བྱེད་ཨའི་སྟོང་ར་ཡན་ཆད་སྤྱི་མཐུན་ཡིན་པས་སོང་ན་ལེགས། སྐྱབས་སེམས་གཉིས་ནི་ཐམས་ཅད་ལ་མེད་ཐབས་མེད་ཅིང་། དེ་མཚམས་བླ་མའི་རྣལ་འབྱོར་དགོས་པ་གོང་གསལ་སྒྱུ་ལུས་ཀྱི་སྐབས་དང་མཐུན་པ་ལས། གསོལ་འདེབས་གཤམ། ཕྱག་ཆེན་ལ། འོད་གསལ་ཕྱག་


PS004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཅེས་སྦྱར། ལམ་ཁྱེར་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་ལ། ཅི་སྣང་བླ་མར་འཆར་བར་མཛད་དུ་གསོལ། གཉིས་པ་ཡི་དམ་ལམ་ཁྱེར་ལ། ཅི་སྣང་ཡི་དམ་དུ་འཆར་བར་མཛད་དུ་གསོལ། གསུམ་པ་སྒྱུ་མ་ལམ་ཁྱེར་གྱི་སྣང་བ་སྒྱུ་མ་ལམ་ཁྱེར་ལ། སྣང་བ་རང་སེམས་སུ་རྟོགས་པར་མཛད་དུ་གསོལ། རྨི་ལམ་སྒྱུ་མ་ལམ་ཁྱེར་ལ། ཅིར་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་མཛད་དུ་གསོལ། ཅེས་སྦྱར། མཁའ་སྤྱོད་དཀར་དམར་ཡིག་རྙིང་ལས་སྒྱུ་མ་ལམ་ཁྱེར་ལ། ཅིར་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་མཛད་དུ་གསོལ། ཅེས་སྦྱར། མཁའ་སྤྱོད་དཀར་དམར་ཡིག་རླིང་ལས་འབྱུང་བའི་ཁྱད་འཕགས་གསོལ་འདེབས་སོགས་གཞན་དུ་ཤེས་དགོས་ལ། འཆི་མེད་འཆུགས་མེད་ལ། སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། ཅེས་སྦྱར་རོ། སྐབས་སུ་རྩ་བརྒྱུད་བླ་མའི་གསོལ་འདེབས་བརྒྱུད་པ་གོང་མ་རྣམས་ཀྱིས་མཛད་པ་ཅི་རིགས་སྤྲོ་ཞིང་ནུས་ན་བྱ།


PS004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ན་འདིར་བསྟན་པ་རྣམས་ཡེ་ཤེས་མཁའ་འགྲོའི་ཐེམས་ཡིག་གིས་བསྡམས་ཤིང་ཁྱབ་བདག་རྡོ་རྗེ་འཆང་ནས་གྲུབ་ཐོབ་ཆེན་པོ་ཁོ་ནའི་ཞལ་སྒོ་བརྒྱུད་པ། སོ་སྐྱེའི་བློས་བཟོ་བཅོས་དང་སྤྲོས་པའི་བསླེ་བསླད་མེད་པས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཡིན་པ་ཡིད་ཆེས་ཤིང་ཆོག་ཤེས་པར་བྱས་ལ་འདི་ཁོ་ན་ཚིག་ཏུ་བརྗོད་ཅིང་དོན་བསམ། གཙོ་བོའི་ཁ་ཙམ་ཚིག་ཙམ་མ་ཡིན་པའི་མོས་གུས་དྲག་པོས་གསོལ་འདེབས་ཀྱི་སྐད་གདངས་མ་ཆེ་ཆུང་རིང་ཐུང་ཅི་བདེར་རང་གི་ཉམས་དང་སྦྱར་ཏེ་སྣང་བ་གཏད་མེད་དུ་སྒྱུར་ནུས་པ་ཞིག་གལ་ཆེ། རྩ་བའི་ཆོས་བཞི་སྡན་ཐོག་གཅིག་ཏུ་སྒོམ་པའི་སྐབས། བླ་མ་སྒོམ་ཚུལ་དང་གསོལ་འདེབས་ཀྱི་གཞི་ཚིག་རྐང་གསུམ་པོ་སྔར་སྒྱུ་ལུས་སྐབས་དང་འདྲ་བ་ལས་མཐར་སྒྱུར། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གིས་དངོས་གྲུབ་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཅེས་བརྗོད། དེ་ལྟར་བླ་མའི་རྣལ་འབྱོར་འདི་རྣམས་དངོས་གཞིའི་


PS004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་སྐྱེད་བྱེད་ལ་གལ་ཤིན་ཏུ་ཆེ་བས། ཁྲིད་སྲོལ་གཞན་པ་ལྟར་ཡུན་རིང་ཐུང་ཅི་རིགས་པར་གུད་དུ་ཕྱེ་ནས་ཐུན་བཅད་གྲུབ་ན་ཆེས་ལེགས་པས་དེའི་ཚེ་ཐུན་མཐར་ཚར་གསུམ་ཞུག་པའི་དབང་ལེན་དགོས་པ་དང་། སྒྱུ་ལུས་སོགས་དངོས་གཞིའི་སྒོམ་དོན་དང་སྤེལ་ཡང་། དེ་ལྟར་བྱ་བ་གྲུབ་ཆེན་ཐང་རྒྱལ་གྱི་ཁྲིད་ལས་གསུངས་པས་ལྷག་སྐྱོན་མེད་ལ། གང་ལྟར་དབང་ལེན་དགོས་པའི་ཚེ། གསོལ་འདེབས་ཀྱི་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་དུ་གསོལ། ཅེས་གསོལ་བ་ལན་གསུམ་བཏབ། །བླ་མའི་གནས་གསུམ་འབྲུ་གསུམ་གསལ་བ་ཡི། །དཔྲལ་བའི་ཨོ་ལས་ཨོཾ་དང་འོད་དཀར་འཕྲོས། །རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ། །ལུས་སྒྲིབ་དག་ནས་བསྐྱེད་རིམ་


PS004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ལ་དབང་། །སྤྲུལ་སྐུའི་ས་བོན་ཐེབས་ཤིང་རྟོགས་པ་སྐྱེས། །མགྲིན་པའི་ཨཱཿལས་ཨཱཿཡིག་འོད་དམར་འཕྲོས། །རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། །ངག་སྒྲིབ་དག་ནས་རང་བྱིན་བརླབ་ལ་དབང་། །ལོངས་སྐུའི་ས་བོན་ཐེབས་ཤིང་རྟོགས་པ་སྐྱེས། །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དང་འོད་སྔོན་འཕྲོས། །རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། །ཡིད་སྒྲིབ་དག་ནས་ཕོ་ཉའི་ལམ་ལ་དབང་། །ཆོས་སྐུའི་ས་བོན་ཐེབས་ནས་རྟོགས་པ་སྐྱེས། །བླ་མ་འོད་ཞུ་རང་དང་དབྱེར་མེད་འདྲེས། །བཞི་པའི་དབང་ཐོབ་སྙོམས་འཇུག་སྒྲིབ་པ་དག །ཟུང་འཇུག་བསམ་མི་ཁྱབ་པ་བསྒོམ་ལ་དབང་། །སྐུ་བཞིའི་རྟོགས་པ་མངོན་དུ་བྱས་པར་གྱུར། །ཅེས་མོས་ལ་ཡུན་རིང་དུ་


PS004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག །ཐུན་མཚམས་རྣམས་སུའང་། ཕ་བླ་མ། ཕ་བླ་མ། ཕ་བླ་མ་རང་མཁྱེན་ནོ། །དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །ཞེས་མོས་གུས་སྙིང་ལ་འབྲབ་པ་རེ་བྱས་ནས་དེའི་ངང་ལ་ལྷོད་ཀྱིས་གློད་ལ་རང་བབ་བསྐྱང་བ་གལ་ཆེའོ། །ཐམས་ཅད་ཀྱི་རྗེས་ཀྱི་བྱ་བ་ལམ། བཀྲ་ཤིས། བསྔོ་བ་གསུམ་དུ་གསུངས་པའི་གསུམ་ཀའང་ཡེ་ཤེས་མཁའ་འགྲོ་ཉིད་ཀྱི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་གཟི་བརྗིད་དང་ལྡན་པ་བཀའ་རྒྱ་མར་གྲགས་པ་རྣམས་འགྲུབ་ན་མཆོག་ཡིན་ཀྱང་། ཉམས་ལེན་དངོས་ལ་དྲིལ་བའི་སྐབས་འདོན་བྱ་མང་པོ་མི་ལྕོགས་ན་མདོར་བསྡུས་ཙམ་དུ་སྨོན་ལམ་ནི། ཀུན་དུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་བ་འདིས་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་


PS004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡི། །སྤྱོད་པ་གཉིས་ཀའང་བདག་སྤྱོད་ཤོག །བཀྲ་ཤིས་ནི། ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །བསྔོ་བ་ནི། དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིས་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །ཞེས་པ་ཙམ་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་སྐབས་སུ་ཤིན་ཏུ་གལ་ཆེ་བ། །སངས་རྒྱས་གཉན་སྟོན་ཆེན་པོའི་ཞལ་ནས། །གནད་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། །སྙིང་རྗེས་ཀུན་ནས་བསླངས་པའི་སེམས་ཀྱིས་བྱམས་པ་ཕན་སེམས་བསྐྱེད་པ་དང་། འཆི་བ་མི་རྟག་པ་དྲག་པོ་རྒྱུན་ཆད་མེད་པར་བསམས་པས་བློ་སྣ་


PS004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་སྤུད་སོང་སྟེ་ཅིས་ཀྱང་དགོས་མེད་རྒྱུད་ལ་བསྐྱེད་པ་དང་། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། མཆི་མ་རང་དབང་མེད་པའི་མོས་གུས་རྒྱུན་ཆད་མེད་པ་གསུམ་གྱིས་སྒྱུ་མ་རང་ཤར། སྣང་བ་ཐམས་ཅད་བདེན་མེད་དུ་འགྲོ་བ་དང་། རྨི་ལམ་རང་ཟིན་དང་། སྦྱོང་སྤེལ་སྤྲུལ་བསྒྱུར་དང་། ཡུལ་སྣང་གཏན་ལ་ཕེབ་པ་དང་། ཉིན་པར་ཕྱག་རྒྱ་ཆེན་པོ་གསལ་ལ་རྟོག་མེད་དུ་འཆར་བ་དང་། མཚན་མོ་ལྷ་སྐུ་རང་ཤར་དང་། འོད་གསལ་ཕྱོགས་མེད་དུ་འཆར་བ་རྣམས་ཇི་ལྟ་བ་བཞིན་འབྱུང་བར་འགྱུར་རོ། གོང་གི་ཆོས་གསུམ་པོ་དེ་རྒྱུད་ལ་མ་སྐྱེས་ན། བརྩོན་འགྲུས་ཆེན་པོས་ཡུན་རིང་ཉམས་སུ་བླངས་ཀྱང་མཐར་ཐུག་གི་འབྲས་བུ་འབྱུང་བར་དཀའ་བས། ཆོས་གསུམ་པོ་དེ་ལ་ནན་གྱིས་རྩེ་གཅིག་ཏུ་ཉམས་སུ་བླངས་པ་འདི་གལ་ཆེའོ། །ཞེས་སོགས་ཀྱིས་སྙིང་རྗེ། མི་རྟག་པ། མོས་གུས་གསུམ་པོ་རྒྱུད་ལ་འབྲལ་མེད་དུ་སྐྱེ་བ་ཞིག་མ་བྱུང་ཐབས་མེད་པའི་ཚུལ་རྒྱུ་མཚན་བཅས་ནན་ཏན་ཏུ་གདམས་པར་མཛད་པ་དང་།


PS004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་། ཞལ་གདམས་སྤྱི་གནད་འདི་ལྟར་ཉམས་སུ་བླངས། །ཕན་སེམས་སྙིང་རྗེས་གཞན་དོན་ཕྱོགས་མེད་འབྱུང་། །གསོལ་བ་བཏབ་ན་ཉམས་རྟོགས་ཕྱོགས་མེད་འཆར། །འདུན་པ་རྩེ་གཅིག་རྨི་ལམ་མྱུར་དུ་འབྱོངས། །བསྙེན་སྒྲུབ་བྱས་ན་དངོས་གྲུབ་ཕྱོགས་མེད་ཐོབ། །དམ་ཚིག་བསྲུངས་ན་མཁའ་འགྲོ་སྤྲིན་ལྟར་འདུ། །དགོས་མེད་སྐྱེས་ན་ལོངས་སྤྱོད་ཆར་བཞིན་འབབ། །ཕྲག་དོག་སྤངས་ན་མཐོ་དམན་ཀུན་གྱིས་འཁུར། །བདག་འཛིན་སྤངས་ན་གེགས་ཀྱིས་ཚུགས་མི་སྲིད། །རྒྱུན་གཏོར་བརྩོན་ན་བར་ཆད་རང་སར་དག །འཛིན་པ་སྤངས་ན་གོལ་སར་ལྷུང་མི་འགྱུར། །བཤགས་པ་བྱས་ན་སྡིག་པ་ཐམས་ཅད་དག །བསོད་ནམས་བསགས་ན་དགེ་སྦྱོར་ཤུགས་ལ་འཆར། །རྩོལ་བཅས་བྱས་ན་རྩོལ་མེད་ངང་གིས་འཆར། །དུག་ལྔ་སྐྱེས་ཚད་འཛིན་མེད་གྲོལ་བར་འགྱུར། །སྣང་བ་མི་འགག་ལམ་ཁྱེར་སངས་རྒྱས་ཐོབ། །རི་མེད་ཡེངས་མེད་ལོ་ཟླས་བྱང་ཆུབ་འགྲུབ། །མོས་གུས་ཚད་མེད་


PS004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྣང་ཟིལ་གྱིས་གནོན། །དམིགས་མེད་བསྔོ་བས་བསོད་ནམས་དཔག་མེད་འཕེལ། །རེ་དོགས་སྤངས་ན་འབྲས་བུ་མྱུར་དུ་ཐོབ། །ཐུགས་ལ་ཞོག་ལ་ཉམས་སུ་ལོང་མཛོད་དང་། །རིང་པོར་མི་ཐོགས་འབྲས་བུ་འགྲུབ་པར་འགྱུར། །ཅེས་གདམས་པར་མཛད་པ་དང་། །གསུང་སྒྲོས་ཐོར་བུ་ལས། སྐྱེ་བ་འདི་ཕྱི་ཐམས་ཅད་ཀྱི་བསོད་ནམས་ཟད་པར་བྱེད་པ་དང་། སངས་རྒྱས་པའི་གེགས་ལོག་ལྟ་ཡིན་པས་དག་སྣང་སྦྱང་། གདམས་ངག་དང་དངོས་གྲུབ་ཀྱི་གེགས་ཐེ་ཚོམ་ཡིན་པས་ངེས་ཤེས་བསྐྱེད། གྲུབ་པ་མྱུར་དུ་མི་འཐོབ་པའི་གེགས་བླ་མ་ཡི་དམ་དང་། གདམས་ངག་སྣ་ཚོགས་ཡིན་པས་གང་ལ་ངེས་ཤེས་ཐོབ་པ་གཅིག་ལ་ཉམས་ལེན་བྱ། སྒྲིབ་གཉིས་མྱུར་དུ་མི་བྱང་བའི་གེགས་བྱར་མེད་ཡིན་པས། བསོད་ནམས་ཀྱི་ཚོགས་དང་རྩོལ་བཅས་ཀྱི་དགེ་སྦྱོར་ལ་འབད། ཡེ་ཤེས་ཀྱི་ཚོགས་མྱུར་དུ་མི་རྫོགས་པའི་གེགས་བདེན་ཞེན་ཡིན་པས། །


PS004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་རྨི་ལམ་དུ་ཤེས་པར་བྱ། །གཞན་དོན་གྱི་གེགས་རང་དོན་ཡིན་པས་ཕན་སེམས་སྨོན་ལམ་ལ་འབད་པ་གལ་ཆེ་བར་གསུངས་པ་ཉམས་ལེན་མཁན་པོ་རྣམས་ཀྱིས་སྙིང་གི་ཟེའུ་འབྲུར་བཅས་པ་གལ་ཆེ་བར་སྣང་ངོ་། ཡང་ཟབ་སྙིང་པོའི་འདོན་སྒོམ་འདི། །སྔོན་འགྲོར་གྲགས་ཀྱང་དངོས་གཞིའི་མཐིལ། །སྐལ་བཟང་སྐྱེ་བོ་བྱེ་སྙེད་ཀྱིས། །འདིར་འབད་ཟུང་འཇུག་མཆོག་བརྙེས་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་རིང་ནས་གནང་བ་སྩལ་བ་དང་། ཡང་ཁྲོད་འདིར་བཞུགས་སྒྲུབ་བླ་སྔ་རྗེས་རྣམས་དང་། །ཁྱད་པར་གཏེར་ཆེན་བསམ་གཏན་གླིང་པའི་བསྟན་པའི་སྣང་བྱེད་འཕེལ་ཚེ་རིག་འཛིན་བླ་མ་མགོན་པོ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རེག་བཅས་ཆེད་དུ་བསྐུལ་མ་མཛད་ངོར། རིས་མེད་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་པ་ཡོན་ཏན་རྒྱ་ཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ། །

དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད། ཡོན་ཏན་རྒྱ་ཚོ་བློ་གྲོས་མཐའ་ཡས།


PS004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ཞེས་བྱ་བཞུགས་སོ།


PS004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྣམ་བདུན་གསེར་གྱི་ཕྲེང་། །འཛིན་མཛད་བླ་མའི་གསང་བ་གསུམ་མོས་གུས་སྙིང་གི་ཆུ་སྐྱེས་ལ། །བརྟན་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །སྔོན་ཆད་ལུགས་འདིར་སྒོམ་དོན་ངག་ཏུ་བརྗོད་པའི་སྲོལ་མི་འདུག་ཀྱང་། །ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ནཱ་རོའི་ཆོས་དྲུག་ཆེན་མོའི་རྩ་ཚིག་མཛད་པས་བློ་དམན་ལ་གསལ་ཐེབས་སླ་བའི་ཕན་


PS004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་རྒྱུན་སྲོལ་འདུག་པ་ལྟར། ལུགས་འདིའི་ཆོས་དྲུག་ལའང་དེ་ལྟར་མེད་ཀ་མེད་དུ་འདུག་ཅེས་ཉམས་ལེན་མཁན་རྣམས་ནས་སྔ་རྗེས་ནན་གྱིས་བསྐུལ་བ་ལྟར་འབྲི་བ་ལ། རིན་ཆེན་རྣམ་བདུན་བརྒྱུད་པར་བཅས་པ་དང་། ཆོས་བདག་མཁའ་འགྲོ་སྡེ་ལྔ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པས་བཀའི་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་སྔོན་འགྲོའི་


PS004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདོན་རྣམས་གཞན་དུ་བཀོད་ཟིན། །འདིར་གསེར་ཆོས་དང་པོ་རྩ་བ་ནི་གུ་ཆོས་དྲུག་རྗེ་བཙུན་ཆེན་པོའི་ཁྲིད་ཡིག་ཏུ། རྒྱས་པ་དམིགས་སྐོར་དྲུག་ཅུ་རྩ་བདུན། འབྲིང་པོ་བཅུ་བདུན། བསྡུས་པ་སྟན་གཅིག་མར་དྲུག་ཏུ་གསུངས་པ་ལས། འདིར་ཉམས་ཁྲིད་རྒྱས་པ་ལ་འཇུག་པའི་དབང་དུ་བྱས་ཤིང་། དེ་ལས་དངོས་གཞི་སྒོམ་པའི་སྐབས་སུ་མེད་ཀ་མེད་རྣམས་སྡོམ་དུ་བཀོད་པའི་ཐོག་མར་གཏུམ་མོ་བདེ་དྲོད་རང་འབར་གྱི་སྔོན་འགྲོ་ལུས་གནད་མེའི་སྟོང་ར་གསལ་འདེབས་པ་ནི། རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །སྤྱན་གསུམ་སྐྲ་གྲོལ་རུས་པའི་རྒྱན་ཆས་སྤྲས། །རྡོ་རྗེ་ཐོད་ཁྲག་བསྣམས་ཤིང་མེ་དཔུང་དབུས། །པད་ཉི་མི་རོའི་གདན་ལ་གཡས་བརྐྱང་བཞུགས། །དར་དམར་གུར་ཕུབ་ལྟ་བུའི་སྟོང་རའི་ནང་། །འོད་དམར་དྲོད་ཀྱི་རང་བཞིན་ཁྱབ་པའོ། །ཞེས་པས་ལུས་ཀྱིས་སྟོང་ར་ནན་ཏུ་གསལ་འདེབས་པ་ནི་འོག་དངོས་གཞི་ལའང་མཚུངས་སོ། །


PS004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རྒོད་དམིགས་པ་ནི། །རང་གི་ལྟེ་བའི་མདུན་རྒྱབ་མཁལ་ཁུང་གཉིས། །མེ་གོང་ཟླུམ་པོ་དམར་ལ་རེག་བྱ་ཚ། །ལྕགས་བསྲེགས་གོང་བུ་དང་མཚུངས་བཞི་སྒྲོམ་གསལ། །དྲག་རླུང་སྦྱོར་བས་མེ་གོང་བཞི་པོ་འཐབ། །མེ་སྟགས་ཆེམས་ཆེམ་ལུས་ཀྱི་ནང་ཁྱབ་པས། །སྟོད་སྨད་ཚ་དྲོད་འུར་རེ་འབར་བར་གྱུར། །དངོས་གཞི་གཏུམ་མོ་ཟས་ཟ་ལ། །རྩའི་སྟོང་ར་དང་ཐིག་ལེ་གསལ་འདེབས་ནི། །རང་ལུས་ལྷར་གསལ་དབུ་མ་དྲང་ལ་སྲབ། །དམར་གསལ་གཡས་གཡོན་རོ་རྐྱང་དམར་དང་དཀར། །འཁོར་ལོ་བཞི་པོ་གདུགས་རྩིབས་ལྕགས་བསྲེགས་མཚུངས། །བཤང་སྒོར་རླུང་དཀྱིལ་ཟླ་གམ་སྔོན་པོ་གཡོ། །རྩ་གསུམ་འདུས་མདོར་རཾ་དམར་མེའི་རང་བཞིན། །དབུ་མའི་ཡས་སྣར་ཧཾ་དཀར་མགོ་ཐུར་ལྟ། །


PS004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆའི་རང་བཞིན་བསིལ་ཞིང་བདེ་རྒྱས་གསལ། །དེ་གསལ་ཐེབས་ནས་རླུང་སྦྱོར་དང་གཏུམ་མོ་གསལ་འདེབས་ནི། །རྡུབ་དགང་གཞིལ་འཕེན་འོག་རླུང་བསྐུམ་པ་ཡིས། །བུམ་ཅན་སྦྱོར་བས་རླུང་རྣམས་རོ་རྐྱང་བརྒྱུད། །རླུང་དཀྱིལ་ལས་བྱུང་དང་བཅས་ལྟེ་འོག་འདུས། །རཾ་ཡིག་བུས་པས་མེ་ལྕེ་སྤུ་ཤད་ལྟར། །ཕྲ་ཞིང་གསལ་ལ་རྗེ་རིང་འབར་བར་གྱུར། །དེ་ཡིས་ནུས་པ་རྙེད་ནས་འབར་འཛག་ནི། །གཏུམ་མོའི་མེ་ལྕེས་སྤྱི་བོའི་ཧཾ་ལ་རེག །བྱང་སེམས་དཀར་པོའི་རྒྱུན་བབས་རཾ་ལ་ཐིམ། མདུན་ཕྱོགས་མེ་དང་རྒྱབ་ཕྱོགས་བྱང་སེམས་རྒྱུན། །བར་མ་ཆད་པས་བདེ་དྲོད་ཚད་མེད་སྐྱེས། །བོགས་འདོན་གཏུམ་མོ་གོས་གྱོན་གདན་འདིང་ཐུན་མོངས་ནི། །གནས་ཁང་རྡོ་རྗེའི་ས་གཞིར་བ་གུར། །པད་ཉིའི་གདན་བཅས་ལྕགས་བསྲེགས་རང་


PS004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ། །ལྷ་སྐུ་རྒྱན་སོགས་མེ་ལྕེ་ཡལ་ཡལ་འབར། །གཏུམ་མོའི་མེ་ཡིས་ལུས་ནང་གང་བར་གྱུར། །འགྲོ་དུས་རྟར་ཞོན་པ་ནི། །རང་ཉིད་ཡི་དམ་སྣང་སྟོང་ཞེན་བྲལ་གསལ། །རླུང་གི་ལྷ་མོ་དཀར་ལྗང་གཤོག་པ་ཅན། །གཉིས་ཀྱིས་མཆན་ཁུང་གཡས་གཡོན་ནས་བཏེགས་ཏེ། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པར་གྱུར། །ཅེས་གསལ་གདབ་ལ། འཇམ་རླུང་བཟུང་ནས་ཕྱིན་པས་དཀའ་བ་མེད་ཅིང་ལུས་སྦྱོང་དུ་འགྱུར་བར་གསུངས་སོ། ༈ སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་དབང་པོ་རབ་ཀྱི་ལམ་ཁྱེར་ནི། །འདུས་བྱས་མི་རྟག་ནམ་འཆི་ཆ་མེད་པས། །ཅིས་ཀྱང་དགོས་མེད་རང་ཉིད་ཡི་དམ་ལྷ། །སྤྱི་བོའི་བླ་མར་མོས་གུས་གསོལ་བཏབ་པས། །རང་ཐིམ་དུས་གསུམ་སྤྲོས་བཅད་ལྷུག་པར་བཞག །དབང་


PS004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འབྲིང་གི་ལམ་ཁྱེར་ནི། །ལྷ་དང་བླ་མ་མོས་གུས་དྲན་འདུན་གསུམ། །རྟག་དུ་མི་འབྲལ་རང་གཞན་སྣོད་བཅུད་ཀུན། །སྣང་ཡང་བདེན་པར་མ་གྲུབ་སྒྱུ་མ་དང་། །རྨི་ལམ་དངོས་ཡིན་འཛིན་མེད་རང་ངོ་བསྐྱང་། །དབང་པོ་ཐ་མ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་དམིགས་པ་ལ་གནད་བརྒྱད་ཡོད་པའི་དང་པོ་ནི། །རང་ཉིད་ཡི་དམ་ལྟེ་འོག་ཆོས་འབྱུང་དཀར། །ཟུར་གཅིག་མདུན་བསྟན་འོད་ཀྱི་རང་བཞིན་གསལ། །གཉིས་པ་ནི། །དེ་དག་རིགས་དྲུག་སེམས་ཅན་སོ་སོ་ཡི། །ཆ་བྱད་སྤྱོད་ཚུལ་ཅན་གྱིས་ཁྲིགས་མེར་གང་། །གསུམ་པ་ནི། །དེར་སྐྱེའི་བག་ཆགས་ལྟེ་འོག་རྩ་ཡིག་གཟུགས། །མཁའ་མཉམ་འགྲོ་བཅས་བདེན་མེད་སྒྱུ་མའོ། །བཞི་པ་ནི། མ་རྒན་འདི་རྣམས་བདེན་མེད་བདེན་པར་བཟུང་། །རྟག་ཏུ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །ལྔ་པ་ནི། །འདི་


PS004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཁོར་བའི་འཇིགས་ལས་མྱུར་སྒྲོལ་བར། །ཕ་གཅིག་བླ་མ་མཁྱེན་ནོ་ཐུགས་རྗེས་སྐྱོབས། དྲུག་པ་ནི། །དེ་ལ་སེམས་གཏད་གཅིག་ཡལ་གཉིས་ཡལ་ཏེ། །མཐར་ནི་ཀུན་ཡལ་ཆོས་འབྱུང་སྟོང་པར་གྱུར། །བདུན་པ་ནི་སེམས་ཉིད་གཏད་སོ་ཐམས་ཅད་བྲལ་བ་ཡི། །འཛིན་མེད་རང་བབས་ངང་དུ་ཤིགས་སེར་བཞག །བརྒྱད་པ་ནི། །རང་གཞན་སྣོད་བཅུད་སྣང་བཞིན་མ་གྲུབ་ལ། །མེད་སྣང་སྒྱུ་མ་རྨི་ལམ་ལྟ་བུའོ། །ནད་ལམ་ཁྱེར་གྱི་གནད་གསུམ་ནི། །ནད་རྣམས་དགེ་སྦྱོར་སྐུལ་འདེབས་བླ་མ་ཡི། །ཐུགས་རྗེ་དོན་ལ་མེད་སྣང་སྒྱུ་མ་སྟེ། །དེ་ཡང་སེམས་ལས་གཞན་མེད་ལྟེ་འོག་གི །ཆོས་འབྱུང་གཤམ་ནས་ཐོན་ཏེ་ས་འོག་ཡལ། །གདོན་ལམ་ཁྱེར་གྱི་གནད་གསུམ་ལས་སྔ་མ་གཉིས་གོང་དང་འདྲ། དམིགས་པ་ནི། །


PS004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་འོག་ཆོས་འབྱུང་རིགས་དྲུག་སེམས་ཅན་གསལ། །མདུན་དུ་གདོན་བགེགས་སྒྱུ་མར་སྣང་བ་ཉིད། །སྣ་ནས་ཆོས་འབྱུང་ནང་རྡུབས་ཁ་འདུས་པས། །རིགས་དྲུག་གནས་འཁྱམས་ལས་འབྲས་ཡིད་ཆེས་ཏེ། །གནོད་པའི་སེམས་ཞི་བྱང་ཆུབ་སེམས་ལྡན་གྱུར། ༈ རྨི་ལམ་ཉིད་འཁྲུལ་རང་དག་གི་ཁྲིད་རྐང་དང་པོ་རྨི་ལམ་བཟུང་བ་ལ། རྩ་བ་རང་ཟིན་ཐིག་ལེ་དབང་བཞིའི་གནད་ནི། །རང་ལུས་ལྷར་གསལ་དབུ་མ་ཤེལ་སྦུབས་ལྟར། །དཀར་འཚེར་སྣེ་གཉིས་སྤྱི་བོ་གསང་གནས་ཟུག །ཧཾ་དཀར་ཧཱུྃ་དཀར་མགོ་བོ་གྱེན་མཐུར་ལྟ། །ཧཾ་ལས་ཐིག་ལེ་དཀར་པོ་སྲན་ཙམ་ཆད། །སྙིང་གར་སླེབས་པས་ཉོན་མོངས་གཏི་མུག་དག །ཁོག་སྟོང་ཡང་ཕྱོད་ཧཱུྃ་ལས་དམར་པོ་ཆད། །སྙིང་གར་སླེབས་པས་ཉོན་མོངས་འདོད་


PS004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དག །ཁོག་སྨད་ཡང་ཕྱད་གཉིས་འཛོམ་ཞེ་སྡང་དག །སྙིང་ཐད་བདེ་སང་ཐིག་ལེ་དཀར་དམར་གྱིས། །དབུ་མར་འབྲོས་འདེད་ཚུལ་འཁོར་བུམ་དབང་ངོ་། །གཅིག་རྗེས་གཅིག་ཟིན་རེག་པ་གསང་བའི་དབང་། །རེག་པས་ལུས་སེམས་བདེ་ཕྲིལ་ཤེས་རབ་དབང་། །གཅིག་ལ་གཅིག་ཐིམ་ཡལ་བས་བཞི་པའོ། །ཞེས་དང་། ཐམས་ཅད་སྣང་ཡང་བདེན་མེད་སྒྱུ་མ་སྟེ། །མི་རྟག་མོས་གུས་རྨི་ལམ་ལམ་དུ་ཁྱེར། །ཅེས་པ་ནི་བར་མཚམས་ཐམས་ཅད་དུ་དྲན་དགོས། མ་ཟིན་ན་སྦོགས་ཆོག་འཆུག་མེད་གནད་དགུ་ལས་རྟོག་མེད་ལམ་ཁྱེར་དམིགས་པ་རྒྱ་བསྐྱེད་པ་ནི། ཁ་སྦྱོར་རླུང་བཟུང་ཐིག་ལེ་སྙིང་གར་འཁོར། །དཀར་པོ་སྣ་བུག་གཡས་དང་དམར་གཡོན་ནས། །ཐོན་ཏེ་སྨིན་མཚམས་འཁོར་ཞིང་མདུན་ཐད་བབས། །


PS004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ཡབ་ཡུམ་སྐུར་གྱུར་དབྱིངས་སུ་ཡལ། །དམིགས་པའི་གཞི་བསྡུ་བ་ནི། སྙིང་དབུས་བླ་མ་ཐུགས་ཀར་ཧཱུྃ་བཅས་དཀར། །འོད་འཕྲོས་སྣང་བ་ཀུན་ཁྱབ་འོད་དུ་ཞུ། །རང་ཐིམ་རང་ཉིད་སྙིང་གའི་བླ་མར་ཐིམ། །བླ་མ་ཧཱུྃ་ཐིམ་དེ་ཡང་མི་དམིགས་གྱུར། །རྟོག་བཅས་ལམ་ཁྱེར་ནི། མགྲིན་རྩ་པདྨ་དམར་པོ་འདབ་མ་བཞིའི། །ལྟེ་བར་ཨོཾ་ཡིག་དམར་པོའི་འོད་ཟེར་གྱིས། །མགྲིན་པའི་ཕྱོགས་ཁྱབ་རྫུན་སྣང་འདི་དག་རྣམས། །རྨི་ལམ་ཡིན་པར་ཅིས་ཀྱང་ཤེས་པར་བྱ། །ཟིན་ནས་སྦྱོང་བ་ནི། ཡང་ཐོག་བརྫིས་ལུས་ཀྱིས་སེམས་སྦྱོང་ཞིང་། །ཡི་དམ་སྒོ་དགུ་བ་སྤུ་ཧཱུྃ་སྔོན་མགོ། །ནང་བསྟན་འོད་ཀྱིས་ལུས་ཁྱབ་འོད་གོང་ཉིད། །མཐའ་ནས་དབུས་ཡལ་སེམས་ཀྱིས་ལུས་སྦྱང་བྱ། །སྤེལ་བ་ནི། །འབྱུང་བ་བཞི་དང་


PS004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཕྲ་རགས་རྣམས། །གཅིག་ནས་དུ་མར་སྤེལ་ཞིང་བསྡུ་བ་དང་། །སྟག་ལ་སེང་གེ་གདོན་ལ་འཇིགས་བྱེད་སོགས། །ཐུག་ཕྲད་གང་འདུལ་གཉེན་པོས་སྤེལ་སྦྱང་བྱ། །སྤྲུལ་པ་ནི། རྨི་ལམ་སྣང་ཚད་བདེན་པར་མ་གྲུབ་པས། །རང་ཉིད་འབྱུང་བཞི་སེམས་ཅན་ཕྲ་དང་རགས། །འཇིག་རྟེན་འཇིག་རྟེན་འདས་པའི་གཉེན་པོ་ནི། གང་འདུལ་སྤྲུལ་ནས་སེམས་ཀྱིས་རྩལ་སྦྱང་བྱ། །བསྒྱུར་བ་ནི། རྨི་ལམ་བདེན་མེད་གང་བྱས་ཆོག་པས་ན། །མེ་ཉིད་ཆུ་དང་བེམ་པོ་སེམས་ཅན་སོགས། །དངོས་པོ་ཕན་ཚུན་ལྷ་སྐུ་སྣ་ཚོགས་བསྒྱུར། །ལྷར་སྣང་མཚན་ཉིད་སུམ་ལྡན་འཆར་བར་བྱ། །ཡུལ་སྣང་ལྟ་བ་ནི། །ཡིད་ལུས་མཁའ་ལྡིང་ཤུགས་དང་དབུ་མའི་ནང་།


PS004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཨ་དཀར་འོད་ཟེར་སྣ་ནས་ཐོན། །སངས་རྒྱས་ཞིང་དང་འགྲོ་དྲུག་གནས་ཀུན་གསལ། །ཅི་འདོད་ཡུལ་སྣང་གཏན་ལ་འབེབ་པར་བྱ། །འོད་གསལ་གཏི་མུག་རང་སངས་ལ། བདག་མེད་མ་ལ་བརྟེན་ནས་འཛིན་པ་ནི། །མགོ་ནང་པད་ཉིར་བདག་མེད་མ་སྔོན་མོ། །གྲི་ཐོད་ཁ་ཌྭཱྃ་གཡོན་བརྐྱང་སྐུ་ཆུང་ལ། །ཡན་ལག་དོད་པའི་ཐུགས་ཀར་ཨ་དཀར་པོ། །ཤིན་ཏུ་ཕྲ་བའི་འོད་ཀྱིས་ཀླད་པ་ནས། །ལུས་ནང་རིམ་གང་གདོས་བཅས་དངོས་པོ་སྦྱང་། །བདེ་མཆོག་ལྷན་སྐྱེས་སྐུར་གྱུར་ཨ་ཡིག་ལ། །དམིགས་པས་འོད་འཕྲོས་བདག་མེད་སྐུ་དང་ནི། རང་ལུས་ནང་གང་ཕྱིར་འཕྲོས་སྣང་བ་ཀུན། །ཁྲ་གསལ་ཁྱབ་སྟེ་ཤེས་པ་རང་བབས་གློང་། །གནས་དུས་ཐུགས་ཀའི་ཨ་ལ་སེམས་བཟུང་བྱ། །ཨ་ཡིག་ལ་བརྟེན་ནས་


PS004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ནི། །ལུས་ནང་དབུ་མ་དཀར་པོ་སྦ་ལྕག་ཙམ། །ལྟེ་འོག་ཨ་དཀར་འོད་ཀྱིས་དབུ་མ་དང་། །རང་ལུས་ཕྱི་རོལ་རིམ་གྱིས་ཁྲ་གསལ་ཁྱབ། །ཉལ་དུས་ལྟེ་བའི་ཨ་ལ་སེམས་བཟུང་བྱ། །ལུས་ལ་བརྟེན་ནས་འཛིན་པ་ནི། རང་ལྷའི་སྙིང་གར་པད་ནང་བླ་མ་དཀར། །ཞི་འཛུམ་ཐུགས་ཀར་ཐིག་ལེ་དཀར་འོད་འཕྲོས། །སྐུ་དང་རང་ལུས་སྣང་བ་ཁྲ་ལམ་གསལ། །ཉལ་ཚེ་ཐུགས་ཀའི་ཧཱུྃ་ལ་སེམས་གཏད་བྱ། །ཐུན་མཚམས་སྐུ་གསུམ་ལམ་ཁྱེར་ནི། སྤྱོད་ལམ་ཀུན་ཏུ་གང་ཤར་ངོ་བོ་ཡི། །སྟོང་པ་ཆོས་སྐུ་གསལ་བ་སྤྲུལ་པའི་སྐུ། །དབྱེར་མེད་ལོངས་སྐུ་ལམ་ཁྱེར་རྣམ་གསུམ་པོ། །མི་འབྲལ་ཡེངས་མེད་དྲན་ཤེས་བསྟེན་པར་བྱ། །བསྲེ་བ་བཞི་ནི། སྟོང་ན་གསལ་བ་གསལ་ན་སྟོང་པར་བསྲེ།


PS004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་ཉམས་མྱོང་རྗེས་ཐོབ་ཉིད་དུ་བསྲེ། །ཉིན་མོའི་སྒོམ་པ་མཚན་མོའི་གཉིད་དང་བསྲེ། །བདེ་སྟོང་བསྲེས་ནས་རང་བབས་ངང་ལ་བཞག །༈ འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་དང་པོ་ཆོས་སྐུ་འོད་གསལ་གྱི་འཕོ་བ་གསལ་འདེབས་དྲན་འདུན་བཏང་བ་ནི། །རང་བབས་རྣམ་གསུམ་འབྲལ་མེད་སྐྱོང་བ་ཡིས། །ཉིན་མཚན་འོད་གསལ་འདྲེས་ནས་འཆི་བའི་ཚེ། །ཐིམ་རིམ་ངོ་ཤེས་གཉུག་མའི་ངང་དུ་བཞག །འོད་གསལ་མ་བུ་གཅིག་འདྲེས་རང་གྲོལ་བྱ། །གཉིས་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། །རང་ཉིད་ལྷར་གསལ་སྤྱི་བོ་མངའ་གང་ཐད། །ཡི་དམ་དཔལ་ལྡན་འཁོར་ལོ་སྡོམ་པ་བཞུགས། ༈ །ལུས་ནང་དབུ་མ་དཀར་པོ་མཚན་ཉིད་ལྡན། །མས་སྣ་གསང་བར་ཁ་ཟུམ་ཡར་སྣ་ནི། །ཚངས་བུག་ཧད་པོར་ཁ་བྱེ་དེ།


PS004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནང་། །ལྟེ་ཐད་རང་སེམས་ཨ་ཡིག་དཀར་ལ་འཚེར། །མར་སྣར་ཧཱུྃ་སྔོན་རླུང་གི་རང་བཞིན་གསལ། ༈ །རླུང་སྦྱོར་གྱིས་བསྐུལ་ཧཱུྃ་གིས་ཨ་ཡིག་བཏེགས། །ཡི་གེ་གཉིས་བརྩེགས་སྤྱི་བོར་རྒྱངས་ཀྱིས་ཐོན། །ཡི་དམ་ཐུགས་ཀར་སླེབས་པས་དབྱེར་མེད་གྱུར། །ལན་བདུན་བསྐྱར་བའི་མཚམས། །ཡི་དམ་ཐུགས་ལས་ཡི་གེ་གཉིས་བརྩེགས་བྱུང་། །དབུ་མར་སོ་སོའི་གནས་སུ་ལྗིད་ལྡན་ཆགས། །ཐུན་འཇོག་པའི་ཚེ། །ཡི་དམ་འོད་ཞུ་རང་ཐིམ་ཧཱུྃ་ཡིག་ལས། །འོད་སྔོན་འཕྲོས་པས་ཚངས་བུག་བཀག་པར་གྱུར། །གསུམ་པ་བྱིན་རླབས་བླ་མའི་འཕོ་བ་ནི། །རང་ཉི་ལྷར་གསལ་སྤྱི་བོར་བླ་མ་བཞུགས། །ལུས་ནང་དབུ་མ་སོགས་ཚིག་རྐང་གསུམ་གོང་ལྟར་ལ། ལྟེ་ཐད་རང་སེམས་ཐིག་ལེ་དཀར་


PS004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེར། །ཟླུམ་འདྲིལ་སྲན་མ་ཙམ་གསལ་རླུང་སྦྱོར་གྱིས། །སྤྱི་གཙུག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ། ལན་བདུན་མཚམས། །བླ་མའི་ཐུགས་ལས་ཐིག་ལེ་མར་བབས་ཏེ། །དབུ་མའི་ལམ་བརྒྱུད་ལྟེ་བར་ལྗིད་བཅས་གནས། །ཐུན་མཐར། །བླ་མ་འོད་ཞུ་རང་ཐིམ་བདེ་བས་ཁྱབ། །ཚངས་བུག་ཐིག་ལེ་དཀར་པོས་བཀག་པར་གྱུར། །ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་ནི། །རང་ལུས་ལྷ་སྐུ་ཁོང་སྟོང་ནང་དབུས་སུ། །དབུ་མ་དཀར་པོ་སྦ་ལྕག་ཙམ་གྱི་ནང་། །ལྟེ་ཐད་ཆོས་འབྱུང་དཀར་པོ་ཟུར་གཅིག་མདུན། །བསྟན་དབུས་རང་སེམས་ཨ་དཀར་སྲན་ཆུང་ཙམ། ༈ །རླུང་གིས་རིམ་འཕར་ཤུགས་དྲག་བཅེར་བ་ཡིས། །ཆོས་འབྱུང་ཁ་བརྡབ་སྐར་མདའ་འཕངས་བཞིན་སོང་། །ཚངས་བུག་


PS004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོན་མཁའ་དབྱིངས་མཐོན་པོར་ཡལ། །དབྱིངས་རིག་ནམ་མཁའ་གཅིག་འདྲེས་དབྱེར་མེད་གྱུར། །ལན་བདུན་མཐར། །མཁའ་ནས་ཨ་དཀར་ལམ་བྱུང་དབུ་མར་ཞུགས། །ཆོས་འབྱུང་ནང་དབུས་ལྗིད་བཅས་གནས་པར་གྱུར། ༈ །བར་དོ་རྒྱལ་བ་ལོངས་སྐུ་ནི། རབ་འོད་གསལ་ཆོས་སྐུ་ནི་འཕོ་བ་དང་པོ་དང་དོན་གཅིག །འབྲིང་པོ་ལོངས་སྐུར་རང་ཤར་ནི། རང་མདུན་ཆོས་འབྱུང་སྔོན་པོ་རྩ་བ་ཕྲ། །གདེངས་ཀ་གྱེན་གཡེལ་མ་རྟོགས་མ་ཡི་མངལ། །རྟོགས་ན་འོག་མིན་ཆོས་དབྱིངས་ཕོ་བྲང་ངོ་། ༈ །དེ་ནང་རང་ཕྱིན་ཧཱུྃ་ཡིག་སྔོན་པོར་གྱུར། །འོད་འཕྲོས་ཆོས་འབྱུང་ལ་ཕོག་དུས་གསུམ་གྱི། །སྐྱེ་བ་གནས་བཞིའི་ལས་དང་བག་ཆགས་སྦྱངས། །ཕྱིན་ཆད་འགྲོ་བ་དྲུག་གི་སྐྱེ་སྒོ་བཀག ༈ །ཧཱུྃ་ཡིག་འོད་ཞུ་བདེ་མཆོག་


PS004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་གྱུར། །སྤྱི་བོར་བཞི་རྫོགས་གདན་ལ་བླ་མ་བཞུགས། །སྣང་བ་འདི་དག་བར་དོ་དངོས་སུ་འདུག །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཚིག་རྐང་ཕྱི་མ་ལན་ཁ་ཤས་བརྗོད། །ཐ་མ་སྤྲུལ་སྐུ་རང་ཤར་ནི། བར་དོའི་འཁྲུལ་སྣང་འདི་དག་བསྒྱུར་བར་བྱ། །གཟུགས་སུ་སྣང་ཚད་འཁོར་ལོ་སྡོམ་པའི་སྐུ། །སྒྲ་གྲགས་ཡི་གེ་བདུན་པའི་རང་སྒྲ་འུར། །དྲན་རྟོག་ཡུལ་བཅས་འོད་གསལ་སྒྱུ་མའོ། །སྤྱི་གནད་འཆུག་མེད་ནི། སྐྱེ་འགྲོ་ཕོ་དང་ཞེ་སྡང་སྐྱེ་བའི་ཡུལ། །གཡས་ཟུར་འཁོད་ལ་མཆོད་པ་བཞི་རྫོགས་ཕུལ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །གསོལ་བཏབ་འཁོར་ལོ་སྡོམ་པའི་སྐུ་རུ་གྱུར། ༈ །སྐྱེ་འགྲོ་མོ་དང་འདོད་ཆགས་སྐྱེ་བའི་


PS004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། །གཡོན་ཟུར་འཁོད་ལ་མཆོད་པ་བཞི་རྫོགས་ཕུལ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །གསོལ་བཏབ་རྡོ་རྗེ་རྣལ་འབྱོར་མ་རུ་གྱུར། ༈ །རྟག་ཏུ་བླ་མར་མོས་གུས་རང་གཞན་ཀུན། །ལྷར་གསལ་བདེན་མེད་འདུན་པས་རྒྱབ་བརྟེན་བྱ། །དེ་ལྟར་བར་དོའི་དམིགས་པ་གསུམ་པོ་དེ་རྣམས་སྔ་མའི་སྟེང་དུ་ཕྱི་མ་རིམ་གྱིས་བསྣན་དགོས་ཤིང་། །སྤྲུལ་ཤད་ཡོད་པ་རྣམས་སུ་ཅུང་ཟད་མཚམས་བཅད་ནས་གསལ་ཐེབས་ངེས་བྱའོ། །གསེར་ཆོས་གཉིས་པ་སྡོང་པོ་ཕྱག་ཆེན་གའུ་མ་ལ། སྔོན་འགྲོ་རང་བབས་རྣམ་གསུམ་གྱི་དང་པོ་ཞི་གནས་སྐབས། སྒོ་གསུམ་མ་བཅོས་རང་བབས་རྣམ་གསུམ་དང་། །རྣམ་རྟོག་ངོས་བཟུང་འོག་འགྱུ་རྒྱ་འབྱམས་བཅད། །བྱིང་ན་བསིང་ཞིང་རྒོད་ན་ལྷོད་ཀྱིས་ཀློད། །ཧད་དེ་ཆད་དེ་གླང་ཆེན་ལྟ་སྟངས་བྱ། །དེའི་རྩལ་སྦྱོང་ནི།


PS004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་རང་བབས་ངང་དུ་ལྟ་སྟངས་ནི། །མཐོ་དམན་སྣ་ཚོགས་ཆོས་སྤྱོད་རྒྱས་དང་བསྡུས། །སྤྱོད་ལམ་བཟང་ངན་ངེས་མེད་དང་བསྲེས་ནས། ཅི་བྱས་དགེ་སྦྱོར་ངང་དུ་ཚུད་པར་བྱ། །ལྷག་མཐོང་སེམས་ཚོལ་ནི། །སེམས་ཀྱི་ངོ་བོ་གང་ཡིན་སྐྱེ་འགག་ཅི། །ཡུལ་སྣང་གང་བྱུང་རྣམ་རྟོག་སེམས་ཡིན་མིན། །ཡུལ་དང་རྣམ་རྟོག་ཡོད་མེད་རྩད་བཅད་ནས། །མཐར་ཐུག་རིག་སྟོང་རྗེན་པའི་དབྱིངས་སུ་བསྐྱལ། །དངོས་གཞི་སྐྱོན་བཞི་རང་གྲོལ་གྱི་དང་པོ་ངོ་བོ་སྐྱོང་བ་ནི། །གནས་འགྱུ་ཐམས་ཅད་དྲན་པས་ཟིན་བྱས་ཏེ། །ངོ་ཤེས་ཙམ་ལས་བཟོ་བཅོས་མི་བྱ་ཞིང་། །གང་ཤར་དགག་སྒྲུབ་སྤང་བླང་རེ་དོགས་བྲལ། །ཅིར་ཡང་མི་བསྒོམ་སྐད་ཅིག་མ་ཡེངས་བྱ། །ངོ་སྤྲོད་གསལ་འདེབས་ནི། ཉེ་དྲགས་རང་ངོ་མ་ཤེས་ཟབ་དྲགས་པས། །


PS004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་མ་ཟིན་ཅིང་སླ་དྲགས་ཡིད་མ་ཆེས། །བཟང་དྲགས་བློར་མི་ཤོང་བའི་སྐྱོན་བཞི་སྤངས། །རང་བཞིན་གསལ་སྟོང་གཉུག་མ་འདི་ཉིད་ལས། །འཁོར་འདས་ཆོས་ཞེས་རྡུལ་ཙམ་མ་གྲུབ་པོ། །རྗེས་སྐུ་གསུམ་རང་ཤར་ནི། ཐ་མལ་ཤེས་པས་མ་བཅོས་སོ་མ་ཉིད། །གདོད་ནས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །གསལ་བ་སྤྲུལ་སྐུ་ཟུང་འཇུག་ལོངས་སྤྱོད་རྫོགས། །ཡིན་ལ་ཡིན་བཞིན་ཤེས་པས་རྟག་ཏུ་བསྐྱང་། བོགས་འདོན་ནི། །མོས་གུས་དྲག་པོ་སྙིང་རྗེ་ཚད་མེད་བསྐྱེད། །བུམ་ཅན་རླུང་བཟུང་ལྷ་སྐུ་སྣང་སྟོང་བསྒོམ། །བདེ་སྟོང་འོད་གསལ་ཉམས་རྣམས་ཕྱག་རྒྱ་ཆེའི། །ཉམས་དང་བསྲེས་ཏེ་བོགས་ཆེན་བཏོན་པར་བྱ། །གེགས་བསལ་བ་ནི། །ལུས་སེམས་དགའ་བདེ་རིག་པའི་གསལ་ཆ་ནི། །མི་རྟོག་སྟོང་པའི་ཉམས་ལ་མི་ཞེན་ཅིང་། །


PS004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བར་བདེན་འཛིན་སྟོང་ལྟ་ཧད་པོ་སྟེ། །ཕྱོགས་རེར་ཤོར་བའི་གེགས་ལས་གྲོལ་བར་བྱ། །གསེར་ཆོས་གསུམ་པ་ཡལ་ག་ལམ་ཁྱེར་རྣམ་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་གྱི་སྔོན་འགྲོ་ནི། མདུན་གྱི་ནམ་མཁར་པྃ་ལས་པདྨ་ནི། །འདབ་བཞིའི་ལྟེ་བ་དང་ནི་འདབ་མ་བཞིར། །ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་། །དབུས་སུ་བླ་མ་འཁོར་ལོ་སྡོམ་པ་དཀར། །ཤར་དུ་དགྱེས་མཛད་རྡོ་རྗེ་དཀར་པོ་དང་། །ལྷོ་རུ་གསང་བ་འདུས་པ་སྐུ་མདོག་སེར། །ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་སྟེ། །ཐམས་ཅད་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །བྱང་དུ་འཇིགས་བྱེད་ལྗང་གུ་གྲི་ཐོད་འཛིན། །ཀུན་ཀྱང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །གནས་གསུམ་འབྲུ་གསུམ་ལྟེ་བར་ཧཱུྃ་ཀ་ཁྲ་བོ། །འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་རྣམས། །རང་འདྲའི་རྣམ་པར་སྤྱན་དྲངས་གཉིས་མེད་ཐིམ།


PS004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་འོད་འཕྲོས་རིགས་ལྔ་སྤྱན་དྲངས་ཏེ། །དབང་བསྐུར་རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། བླ་མ་རིན་པོ་ཆེས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ལན་གསུམ། གསོལ་བ་བཏབ་པས་བླ་མའི་དཔྲལ་བ་ནས། །ཨོཾ་དཀར་འཕྲོས་པས་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་དབང་སྤྲུལ་སྐུ་མངོན་དུ་བྱས། །མགྲིན་པའི་ཨཱཿལས་ཨཱཿདམར་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་སྒྲིབ་པ་དག །རྫོགས་རིམ་སྒོམ་དབང་ལོངས་སྐུ་མངོན་དུ་བྱས། །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་སྙིང་གར་ཐིམ། །ཤེར་ཡེའི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །ཟུང་འཇུག་སྒོམ་དབང་ཆོས་སྐུ་མངོན་དུ་བྱས། །འཁོར་རྣམས་འོད་ཞུ་གཙོ་བོ་ཉིད་ལ་ཐིམ། །དེ་ཡང་འོད་


PS004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཁྲ་ཆེམ་རང་ལ་ཐིམ། །བཞི་པའི་དབང་ཐོབ་ཆ་མཉམ་སྒྲིབ་པ་དག །སྤྲོས་བྲལ་སྒོམ་དབང་སྐུ་བཞི་མངོན་བྱས་གྱུར། །དངོས་གཞི་ནི། རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོ་རུ། །པད་ཟླའི་གདན་ལ་རྩ་བའི་བླ་མ་ནི། །བཀྲག་མདངས་འོད་འབར་འཛུམ་བཅས་བཞུགས་པ་ལ། །བདག་སོགས་འགྲོ་ཀུན་མགྲིན་གཅིག་གསོལ་འདེབས་གྱུར། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒྱུ་ལུས་རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་གསོལ་འདེབས་ལ་ཐུན་གྱི་དངོས་གཞི་བྱ། །ལམ་ཁྱེར་ནི། གཟུགས་སྣང་ཅི་ཤར་བླ་མ་སངས་རྒྱས་ཡིན། །བླ་མས་བདག་ཅག་འཁོར་བ་ལས་བསྒྲལ་


PS004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སངས་རྒྱས་ས་ལ་བཀོད་པ་བཀའ་དྲིན་ཆེ། །ཞེས་མོས་ལ་ཕྱག་མཆོད་ཡན་ལག་བདུན་པ་སྤྱི་ལྟར་བྱ། །ཅིར་སྣང་བླ་མ་བླ་མ་རང་གི་སེམས། །རང་སེམས་སྤྲོས་བྲལ་སྣང་སྟོང་ཟུང་འཇུག་གོ །ཞེས་ཐག་བཅད། གཉིས་པ་ཡི་དམ་ལམ་ཁྱེར་ནི། ཅིར་སྣང་བླ་མ་པདྨ་འདབ་བཞིའི་ལྟེ་བ་དང་། །འདབ་མ་རྣམས་ལ་ཟླ་དཀྱིལ་རེ་རེའི་སྟེང་། །དབུས་སུ་འཁོར་ལོ་སྡོམ་པ་དཀར་ལ་སྔོ། །རྡོར་དྲིལ་ཡུམ་འཁྱུད་རིན་ཆེན་རུས་པས་བརྒྱན། །ཡུམ་མཆོག་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །གྲི་གུག་ཐོད་ཁྲག་བསྣམས་པས་ཡབ་ལ་འཁྱུད། །ཤར་གྱི་འདབ་མར་མཁའ་འགྲོ་མ་དཀར་མོ། །བྱང་དུ་ལཱ་མ་ལྗང་གུ་ནུབ་ཕྱོགས་སུ། །དུམ་སྐྱེས་དམར་མོ་ལྷོ་རུ་གཟུགས་ཅན་སེར། །གྲི་ཐོད་ཁ་ཊྭཱཾ་བསྣམས་ཤིང་གཡས་བརྐྱང་གི །གར་སྟབས་རོ་གདན་


PS004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་རུས་པ་དང་། །རིན་པོ་ཆེས་བརྒྱན་མེ་འབར་དབུས་ན་བཞུགས། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སླར་ཡང་རིགས་ལྔ་སྤྱན་དྲངས་དབང་བསྐུར་བས། །སོ་སོའི་རིགས་བདག་རིགས་ལྔས་དབུར་བརྒྱན་གྱུར། །ཅེས་གསལ་བཏབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ལན་གསུམ། གསོལ་བ་བཏབ་པས་གཙོ་བོའི་དཔྲལ་བ་ནས། སོགས་ནས། འོད་ཞུ་རང་ལ་བསྟིམ་པའི་བར་གོང་ལྟར་བྱ། དངོས་གཞི་ནི། རང་དང་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་། །འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ། །ཡིད་ཀྱིས་མཆོད་པ་འབུལ། །གསལ་མ་ཐེབས་ན་མཆོད་ཚིག་གང་འོས་བརྗོད་ཆོག །ཡི་དམ་ལྷར་གསལ་


PS004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་སྔགས་བཟླས་འུར། །སྒྲ་གྲགས་ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྟེ། །ཡིད་ཀྱི་རྟོག་ཚོགས་སྒྱུ་མ་རྨི་ལམ་ལྟར། །ལྷ་སྔགས་རང་སེམས་སེམས་ཉིད་སྤྲོས་བྲལ་ལོ། །ཞེས་མོས་ལ་ཡི་གེ་བདུན་པ་བཟླས་པས་ཐུན་གྱི་དངོས་གཞི་བྱ། རྗེས་ནི། སྤྱི་གཙུག་བླ་མ་རང་ལུས་ཡི་དམ་ལྷ། །ངག་ནི་བཟླས་བརྗོད་བཟའ་བཏུང་བདུད་རྩི་ཉིད། དྲན་རྟོག་སྒྱུ་མ་མདུན་དུ་བཀའ་སྲུང་སྟེ། །རྟག་ཏུ་འབྲལ་མེད་དྲུག་གི་ཉམས་ལེན་བྱ། །གསུམ་པ་སྒྱུ་མ་ལམ་ཁྱེར་ནི། སྣང་བ་ཐམས་ཅད་རང་གི་སེམས་ཡིན་ཏེ། །དེ་སེམས་ནི་སྒྱུ་མ་རྨི་ལམ་ཁོ་ན་ཉིད། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཚོགས་དྲུག །དབང་པོ་དྲུག་ལ་བཟང་ངན་ཅི་ཤར་ཡང་། །སྣང་བ་མ་འགགས་འཛིན་པ་མ་ཞུགས་པར། །ངོ་བོར་བལྟས་ལ་གསལ་སྟོང་ངང་དུ་བཞག །གསེར་ཆོས་བཞི་པ་མེ་ཏོག་མཁའ་སྤྱོད་དཀར་


PS004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བསྒོམ་བཟླས་ཟུར་དུ་གསལ། འདིའི་སྡེབས་སུ་འཕོ་བའི་དམིགས་འདོན་སྐབས་སུ་བབ་པས་སྔོན་འགྲོ་སྤྱི་ལྟར་ལ་ཁྱད་པར་དམིགས་པ་དམར་མོ་ལ། རང་ཉིད་འཁོར་ལོ་བདེ་མཆོག་སྐུར་གྱུར་པའི། །ལྟེ་བར་རླུང་སེམས་དབྱེར་མེད་ཨ་དཀར་གསལ། །སྤྱི་བོར་རྡོ་རྗེ་རྣལ་འབྱོར་མ་དམར་མོ། །སྤྱན་གསུམ་དབུ་སྐྲ་གྲོལ་བས་སྐུ་སྟོད་ཁེབས། །གཞོན་ནུ་བརླ་དང་སྐྱེ་གནས་ནུ་འབུར་རྒྱས། །ཕྱག་གཡས་རྡོ་རྗེ་མཐུར་སྡིགས་གཡོན་པ་ཡིས། །ཐོད་ཁྲག་བདེ་རྒྱུན་སྟེང་ནས་ཞལ་དུ་གསོལ། །གྲུ་མོར་ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་ག །ཕྱག་རྒྱ་ལྔ་དང་མགོ་བོའི་ཕྲེང་བ་འཆང་། །འཛུམ་ཁྲོ་ཞབས་གཉིས་རང་གི་དཔུང་པར་བཞག །གསང་གནས་པདྨ་ཚངས་བུག་སྤྲད་པ་ལས། །ཨ་ཡིག་འཕུར་ལ་ཁད་པས་ཡར་བལྟས་པས། །དེ་མཐོང་འགྲོ་འདོད་འདུན་པ་དྲག་སྐྱེས་གྱུར། །


PS004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསལ་བཏབ་ལ་ཁྱད་འཕགས་གསོལ་འདེབས་སམ། སྤྲོ་ན་རྗེ་བཙུན་རིན་པོ་ཆེའི་གསུང་བྱིན་རླབས་ཅན་འདིའང་བྱ་སྟེ། རྗེ་མཚན་ལྡན་གྱི་བླ་མ་རིན་ཆེན་དང་། །དབྱེར་མེད་རྗེ་བཙུན་མཁའ་སྤྱོད་མར། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །དུས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་དྲུག་གི་སྐྱེ་སྒོ་དགག་དུ་གསོལ། །བར་དོའི་འཁྲུལ་འཁོར་བསལ་དུ་གསོལ། །ཐར་པའི་ལམ་སྣ་འདྲེན་དུ་གསོལ། །བྱིན་རླབས་ཀྱི་ཚན་ཀ་འབེབས་སུ་གསོལ། །ཆོས་ཉིད་ཀྱི་དོན་དང་སྤྲད་དུ་གསོལ། །དུས་ལ་བབ་བོ་ཐུགས་རྗེ་ཅན། །ཁྱེད་ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ། །བདག་སོགས་རིག་པ་དྲི་མེད་ཐིམ། །མཉམ་ཉིད་ངང་ལས་མ་གཡོས་པའི། །མོས་གུས་ཀྱིས་ས་ལམ་བགྲོད་པར་ཤོག །ཅེས་དང་། ཁྱད་པར་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་


PS004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་བཏབ། ཐུགས་ལས་འོད་ཟེར་དཀར་པོ་ནར་གྱིས་བྱུང་། །ཨ་ལ་རེག་པས་གྱེན་དུ་ཡེར་གྱིས་འཐེན། །ཚངས་བུག་བྷ་ག་ནས་སོང་ཐུགས་ཀར་སླེབ། །ཏོག་སྒྲ་དང་བཅས་རྣལ་འབྱོར་མ་དཔལ་ཉིད། །མཁའ་ལས་ཇེ་མཐོར་མཁའ་སྤྱོད་ཞིང་དུ་ཕེབ། །དེ་ཡང་འཇའ་ལྟར་ཡལ་ནས་མི་དམིགས་གྱུར། །དེ་འདྲ་ལན་བདུན་བསྐྱར། མཁའ་ལས་སྤྲིན་བརྡོལ་བཞིན་ཏུ་རྣལ་འབྱོར་མ། །ལམ་གྱིས་མར་བབ་དཔུང་སྟེང་ཞབས་བཞག་པའི། །ཐུགས་ནས་རང་སེམས་ཨ་བྱུང་ལྟེ་བར་སླེབ། །ཡང་གསོལ་འདེབས་སོགས་གོང་ལྟར་སྦྱང་། ཐུན་འཇོག་པ་དང་ཨ་ཕབ་རྗེས། རྣལ་འབྱོར་མ་ཡང་འོད་ཞུ་སྤྱི་བོར་ཐིམ། །སྤྱི་བོར་སྲ་མཁྲེགས་རྡོ་རྗེའི་རང་བཞིན་གྱུར། །མཁའ་སྤྱོད་དཀར་མོའི་འཕོ་བ་སྙན་


PS004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དཔེ་གཉིས་མ་ནི་ངག་ཏུ་བརྗོད་པར་བྱ་བ་མ་ཡིན་ཀྱང་། གསོལ་འདེབས་ཀྱི་འགྲོས་སོགས་བཤད་མ་ཐག་པ་ཉིད་ཁ་སྤོས་པས་ཆོག་གོ །གསེར་ཆོས་ལྔ་པ་འཆི་མེད་རང་གྲོལ་ལ། ཐོག་མར་སྔོན་འགྲོ་ཁྱད་པར་བ་ནི། འཆི་བ་ཞེས་བྱ་ལུས་སམ་སེམས་འདི་ཡིན། །རྣམ་སྨིན་ལུས་ནི་བེམ་པོ་ས་རྡོ་འདྲ། །བག་ཆགས་ལུས་ཀྱང་རྨི་ལམ་ཤི་རྨིས་བཞིན། །འཆི་ཞེས་བཏགས་པ་ཙམ་ལས་དོན་མ་གྲུབ། ༈ པད་ཉི་འཇིགས་དུས་གདན་ལ་རང་གི་སེམས། །འཁོར་ལོ་སྡོམ་པ་མཐིང་སྔོན་སྤྱན་གསུམ་པ། །རལ་པའི་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་མཚན། །ཁྲོ་འཛུམ་མགོ་ཕྲེང་རུས་པའི་ཕྱག་རྒྱས་སྤྲས། །རྡོར་དྲིལ་ཡུམ་འཁྱུད་སྟག་སྤགས་ཤམ་ཐབས་གྲོལ། །གར་དགུའི་ཉམས་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །ཕག་མོ་དམར་མོ་སྤྱན་གསུམ་


PS004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་གྲོལ། །ལང་ཚོ་རབ་རྒྱས་ཐོད་སྐམ་ཕྲེང་བ་དང་། །ཕྱག་རྒྱ་ལྔས་བརྒྱན་གྲི་ཐོད་འཛིན་པས་འཁྱུད། །ཡེ་ཤེས་མེ་འབར་དབུས་བཞུགས་སྤྱི་བོ་རུ། །བཞི་རྫོགས་གདན་ལ་རྩ་བའི་བླ་མ་བཞུགས། །ཞེས་གསལ་གདབ་ལ་གསོལ་འདེབས་བྱ། ལྷ་སྣང་ཤིན་ཏུ་གསལ་བའི་ཡབ་ཉིད་ཀྱི། །སྤྱི་བོའི་སྐྲ་མཚམས་ཧཱུཾ་སྔོན་ཆེར་གསལ་བའི། །འོད་ཟེར་རིམ་འབྱུང་སྨིན་མཚམས་མགྲིན་པ་དང་། །སྙིང་ག་ལྟེ་བ་གསང་གནས་རྐང་མཐིལ་ཡན། །ཤེལ་ལ་ཉི་ཟེར་ཕོག་ལྟར་གསལ་སིང་གྱུར། །སླར་ཡང་ཧཱུྃ་གིས་འོད་སྔོན་ཚངས་བུག་ནས། །ཞུགས་ནས་རྐང་མཐིལ་ཡན་ཆད་སྡོ་སིང་ངེ་། །རབ་གསལ་ལྷ་སྐུ་འོད་གོང་བཀྲག་ཅན་གྱུར། །ཅེས་ཡབ་ཀྱིས་ཕྱི་ནང་སྦྱོང་བའོ། །ཡབ་ཀྱི་མལ་དུ་ཡུམ་དང་། ཧཱུྃ་སྔོན་མལ་པཾ་ཡིག །འོད་དམར་དང་དམར་སིང་ཞེས་


PS004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལ་ཡུམ་གྱིས་ཕྱི་ནང་སྦྱང་། དབྱིབས་དང་རྒྱན་བཅས་གསལ་ལ་མ་འདྲེས་རྫོགས། །སྟོང་ལ་རང་བཞིན་མ་གྲུབ་ཟུང་འཇུག་སྐུ། །རང་སེམས་ལྷར་ཤར་རྨི་ལམ་སྣང་བ་བཞིན། །བདེན་པར་མ་གྲུབ་འགྲོ་འོང་གནས་པ་བྲལ། །སེམས་ནི་དུས་གསུམ་རྒྱལ་བས་མ་གཟིགས་སོ། །དངོས་གཞི་ཐག་ཆོད་བཞི་ནི། དེ་ཕྱིར་སེམས་ཉིད་གསལ་སྟོང་ན་བ་མེད། །སྟོང་པ་ཉིད་ལ་འཆི་བ་གཏན་མ་གྲུབ། །སངས་རྒྱས་མིང་ཙམ་གསར་དུ་འཐོབ་བྱར་མེད། །འཁོར་མཁན་མེད་པས་འཁོར་བ་མ་གྲུབ་སྟེ། །ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ཙམ། །ད་ནི་ཐག་ཆོད་འཆི་མེད་བཙན་ས་བཟུང་། །རྗེས་ནི། དེ་ལྟར་ལུས་སེམས་འཆི་མེད་གདིང་ཐོབ་ནས། །འཁོར་བ་མྱང་འདས་གང་དུའང་མི་འཆུག་པར། །ལས་


PS004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་འཁྲུལ་པའི་གཅོང་ནད་ཀུན་བསལ་ནས། །ད་ལྟ་ཉིད་དུ་སྐུ་གསུམ་རང་ཤར་ཤོག །ཅེས་སོ། །འདི་དག་གི་ཁྲིད་རྒྱས་པར་ཐོབ་ནས་ཁྲིད་ཡིག་དཔང་དུ་བཞག །དོན་ཞིབ་མོར་བསམ། བསྒོམ་དོན་མ་ཡེངས་པར་བྱས་ནས་ཚིགས་བཅད་འདི་དག་སྐབས་དང་སྐབས་སུ་ངག་ཏུ་བརྗོད་ནས་གསལ་འདེབས་པར་བྱའོ། །ཟབ་ལམ་འདི་སྤྱོད་སྐལ་བཟང་ཅན། །ས་སྟེང་ཀུན་ཁྱབ་ཐམས་ཅད་ཀྱང་། །ཟུང་འཇུག་ཡེ་ཤེས་མཆོག་གྲུབ་ནས། །མཁའ་སྤྱོད་ཆེན་པོའི་གྲོང་མཛེས་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་རིང་མོ་ནས་གནང་བ་སྩལ་བ་དང་། ཡང་ཁྲོད་འདིར་བཞུགས་ཀྱི་སྒྲུབ་བླ་སྔ་རྗེས་རྣམས་དང་། ཁྱད་པར་གཏེར་ཆེན་བསམ་གཏན་གླིང་པའི་བསྟན་པའི་སྣང་བྱེད་འཕེལ་ཚེ་རིག་འཛིན་བླ་མ་མགོན་པོ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རེག་བཅས་ཆེད་དུ་བསྐུལ་མ་མཛད་ངོར། །རིས་མེད་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ། །

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ།། །།


PS004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། སུ་ཁ་སིདྡྷི་རཱ་ཧུ་ལ། །བརྒྱུད་ནས་བརྒྱུད་པར་བྱིན་བརླབས་པ། །ལྷ་བཞིའི་ཞབས་ལ་བཏུད་ནས་འདིར། །རྒྱུན་གྱི་ཉམས་ལེན་ཁྱེར་བདེ་འཆད། །འདི་ཉིད་ཀྱི་བཀའ་དང་ཁྲིད་རིམ་ཐོབ་པའི་སྐལ་པ་ཅན་དག་གིས་ཉམས་ལེན་སྙིང་པོར་དྲིལ་བ་ནི་འདི་ལྟ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྟེ། མ་ནམ་མཁའ་དང་མཉམ་པའི་


PS004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ལྷ་བཞི་དྲིལ་སྒྲུབ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། གཉིས་པ་དངོས་གཞི་ལ་གཉིས།


PS004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བཟླས་དང་། ཐུན་མོང་མ་ཡིན་པའི་དབང་ལེན་པའོ། །དང་པོ་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། །རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་དབུས། །རང་ཉིད་དཔལ་ལྡན་འཁོར་ལོ་སྡོམ་པའི་སྐུ། །གསལ་བའི་སྤྱི་བོར་ཆོས་འབྱུང་བདེ་བ་ཆེ། །ཕྱི་དཀར་ནང་དམར་འོད་ཀྱི་རང་བཞིན་དབུས། །པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་སྟེང་། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་མཚན་ཡོངས་སུ་གྱུར། །བླ་མ་རྡོ་རྗེ་འཆང་ཆེན་ནམ་མཁའི་མདངས། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རང་འོད་དབྱིངས་ཕྱུག་གྲི་ཐོད་འཛིན་མར་འཁྱུད། །དར་དང་རུས་པ་རིན་པོ་ཆེ་ཡིས་བརྒྱན། །བྱིན་རླབས་ཡེ་ཤེས་འོད་ཟེར་མུ་མེད་ཀློང་། །རྡོ་རྗེའི་སྐྱིལ་


PS004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཀྲུང་གིས་བཞུགས་པའོ། །དེ་མདུན་ཉི་མར་ཚོགས་བདག་བསྒྱེལ་བའི་གདན། །ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས། །ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ། །ཆར་སྤྲིན་མདོག་ཅན་སྤྱན་གསུམ་མཆེ་བཞི་གཙིགས། །སྨར་སྨིན་དབུ་སྐྲ་དམར་སེར་གྱེན་ཏུ་འབར། །གཡས་གསུམ་གྲི་གུག་ཐོད་ཕྲེང་ཌཱ་མ་རུ། །གཡོན་གསུམ་ཐོད་ཁྲག་རྩེ་གསུམ་ཞགས་པ་བསྣམས། །ཐོད་པ་སྐམ་རློན་རུས་པ་སྦྲུལ་རིགས་དང་། །ལི་ཁྲིའི་ཐིག་ལེ་དྲིལ་བུ་གཡེར་ཁས་བརྒྱན། །སྤྱི་བོར་མི་བསྐྱོད་རྒྱལ་པོའི་ཅོད་པན་མཛེས། །གླང་ཀོའི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་ཅན། །མེ་


PS004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་དབུས་ན་བཞེངས་པའི་སྟབས་ཀྱིས་རོལ། །གཡས་སུ་ཉི་སྟེང་ཧྲཱིཿདམར་གྲི་གུག་ཧྲཱིཿས། །མཚན་པ་ཡོངས་གྱུར་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གཞོན་ཚུལ་ཞལ་འཛུམ་བཞད་པའི་ཉམས། །སྤྱན་གསུམ་གཡོན་གཟིགས་ལྕང་ལོ་སིལ་བུར་འཕྱངས། །ཕྱག་གཡས་གྲི་གུག་ཐུར་སྡིགས་གཡོན་པ་ཡིས། །བདུད་རྩིས་གང་བའི་ཐོད་པ་སྟེང་ནས་གསོལ། ཁ་ཊྭཱཾ་ག་འཆང་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་བརྐྱང་སྟབས་ཀྱིས་འཇིགས་དུས་མནན་པའོ། །རྒྱབ་ཏུ་ཟླ་བའི་གདན་ལ་ཧྲཱིཿཡིག་ལས། །པད་དཀར་ཧྲཱིཿས་མཚན་ཡོངས་གྱུར་སྤྱན་རས་གཟིགས། །དཀར་གསལ་ཕྱག་གཡས་སྐྱབས་སྦྱིན་བུམ་


PS004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚན། །གཡོན་པས་པད་དཀར་སྡོང་བུ་ཐུགས་ཀར་བསྣམས། །དབུ་སྐྲ་སིལ་བུ་འོད་དཔག་མེད་པས་མཚན། །ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །གཡོན་ཕྱོགས་ཟླ་སྟེང་ཏཱྃ་ལས་ཨུཏྤལ་ལ། །ཏཱྃ་མཚན་ཡོངས་གྱུར་ཨཱརྻཱ་ཏཱ་རེ་ལྗང་། །བཅུ་དྲུག་སྒེག་ཉམས་དོན་གྲུབ་དབུ་རྒྱན་ཅན། །གཡས་གཡོན་སྐྱབས་སྦྱིན་ཨུཏྤལ་རབ་རྒྱས་འཛིན། །རྒྱན་ལྡན་གཡས་བརྐྱང་གཡོན་བསྐུམ་རོལ་པས་འགྱིང་། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་རྩ་གསུམ་དཀོན་མཆོག་གསུམ། །བླ་མ་ལྷ་བཞིའི་རྣམ་པར་སྤྱན་དྲངས་ཐིམ། །


PS004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བཾ་ཧོཿ སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། བླ་མ་རིན་པོ་ཆེ་ལྷ་བཞིའི་ཚོགས་ལ་བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད། །དམ་པ་ཁ་གཅིག་གིས་མཆོད་བསྟོད་འདིའི་ཚབ་ཏུ་ཡན་ལག་བདུན་པ་དང་མཎྜལ་འབུལ་བའང་བཞེད། དེ་ནས་དབུས་ཀྱི་བླ་མ་ལ་


PS004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་མོས་གུས་བཅས། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རི་ཱི། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཎི་གཙྪ་མི་ཀྱཻ། ཞེས་བཟླས། བླ་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །མདུན་གྱི་མགོན་པོ་ལ་དམིགས་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཾ་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས། མགོན་པོའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་


PS004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་བར་ཆད་དག །མགོན་པོའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །གཡས་ཀྱི་རྣལ་འབྱོར་མ་ལ་དམིགས་ཏེ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །ཞེས་བཟླ་བ་ནི་ཡིག་རྙིང་གི་དངོས་བསྟན་ཡིན་ལ། ཕྱིས་ཀྱི་ཕྱག་ལེན་ཁ་ཅིག་ཏུ་འདི་ལ་ཨོཾ་གསུམ་མ་བཟླ་བར་གསུངས། རྣལ་འབྱོར་མ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །ཕག་མོའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །རྒྱབ་ཀྱི་སྤྱན་རས་གཟིགས་ལ་དམིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿ ས་མནྟ་ཧཱུྃ་ཕཊ། ཞེས་བཟླ། འཕགས་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་


PS004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །འཕགས་པའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །གཡོན་གྱི་སྒྲོལ་མ་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ། སྒྲོལ་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །སྒྲོལ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར། །འདིའི་བསྙེན་པ་ཆེད་དུ་བྱེད་ན། ན་མོ་བུདྡྷ་ཅུང་ཟད་མང་བ་དང་། གཞན་བཞི་པོ་ཆ་སྙོམས་ནས་བཟླ། མགོན་པོའི་བསྙེན་པའི་ཐོག་མར་འདི་ཉིད་བཏང་སྐབས་མགོན་བསྙེན་ཉིད་བུངས་བསྐྱེད་པར་གསུངས་པ་དང་། ཁྲིད་རྒྱུན་ཏུ་རྣལ་འབྱོར་མའི་ཨོཾ་གསུམ་མ་


PS004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་བཟླ་བར་གསུངས་པ་དེ་དག་གི་རྣལ་འབྱོར་གཙོར་བཏོན་པ་ལ་དགོངས་པར་མངོན་ཞིང་། འདིར་རྒྱུན་གྱི་བཟླས་པར་བརྒྱའམ་བདུན་ལ་སོགས་པ་ཆ་སྙོམས་པ་ཁོ་ན་བཟླ་བ་དང་། སྤྲོས་པས་མི་ལྕོགས་པའི་སྐབས་སུ་སོ་སོའི་དམིགས་པའི་ཚིག་བཅད་རྣམས་དོར་ཏེ་བསྟོད་པའི་རྗེས་ཁོ་ནར་སྔགས་རྣམས་ཚར་གསུམ་གསུམ་བཟླ་བའི་ཚེ། བླ་མ་ལྷ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མ་ལྷ་བཞིའི་གསང་གསུམ་བྱིན་ཐོབ་གྱུར། །ཞེས་སོ། །གཉིས་པ་ནི། རྒྱས་བསྡུས་གང་ལྟར་བཟླས་བསྒོམ་གྲུབ་པའི་ཐུན་མཐར་སྔགས་ཚན་ལྔ་སྤེལ་བའམ། ན་མོ་བུདྡྷཱ་ལན་གསུམ་གྱིས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །ལྷ་བཞི་ཚུར་བསྡུས་


PS004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་སྤྱན་རས་གཟིགས། །མགྲིན་པར་སྒྲོལ་མ་ཐུགས་ཀར་ནག་པོ་ཆེ། །ལྟེ་བར་རྣལ་འབྱོར་མ་བཞུགས་སླར་ཡང་འོད། །འཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། །བླ་མའི་སྐུ་ལུས་ཡོངས་སུ་གཏམས་པར་གྱུར། །འོག་རླུང་བསྐུམ། རླུང་བུམ་ཅན་ནམ་བར་རླུང་བཟུང་ལ། །གསང་གནས་རླུང་གཡོས་ལྟེ་བའི་གཏུམ་མོ་འབར། །ཚངས་བུག་ནས་ཐོན་ཆོས་འབྱུང་དྲོས་པ་ཡིས། །བླ་མའི་སྐུར་ཕོག་ལྷ་རྣམས་བདེ་བར་ཞུ། །བདུད་རྩིའི་རྒྱུན་བྱུང་རང་གི་སྤྱི་བོ་ནས། །མགྲིན་པ་ཡན་གང་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །སྙིང་ག་ཡན་གང་ངག་


PS004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །ལྟེ་བ་ཡན་གང་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་དབང་ཐོབ་ཐུགས་ཀྱི་བྱིན་རླབས་ཞུགས། །ལུས་ཀུན་གང་བས་སྒོ་གསུམ་སྡིག་སྒྲིབ་དག །བཞི་པའི་དབང་ཐོབ་བྱིན་རླབས་ཡོངས་སུ་རྫོགས། །ཆོས་འབྱུང་འོད་ཡལ་བླ་མ་རང་ལ་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །གསུམ་པ་རྗེས་ལ་གཉིས། མཉམ་པར་བཞག་པ་དང་། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི། བླ་མ་རང་སེམས་དབྱེར་མེད་དུ་འདྲེས་པ་དེ་ཀའི་རང་ངོ་ལ་བཟོ་བཅོས་དགག་སྒྲུབ་མེད་པར་རང་ངོ་ཤེས་ཙམ་གྱི་ངང་ཅི་གནས་སུ་བསྐྱང་ངོ་། །གཉིས་པ་ནི། དེ་ལས་ལྡངས་པ་ན་ཤེས་བཞིན་གྱི་དྲན་པའི་རང་སོ་མ་ཉམས་པར། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱིས།


PS004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་བ་འདིས་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡིས། །སྤྱོད་པ་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་སོགས་བསྔོ་སྨོན་གྱི་རྒྱས་གདབ་སྟེ་སྤྱོད་ལམ་ལ་འཇུག་གོ །གེགས་སེལ་བོགས་འདོན་མཆོག་དངོས་ཀྱི། །གྲུབ་པ་ལོ་ཟླས་སྟེར་བྱེད་པ། །ཆོས་ཟབ་རྣལ་འབྱོར་འདི་བསྒོམས་ནས། །ཞིང་རྡུལ་སྙེད་ཀྱི་འགྲོ་སྒྲོལ་ཤོག །ཅེས་པའང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་བཞེས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བླ་མའི་གསུང་རྒྱུན་བཞིན་བྲིས་པ་དགེ་ལེགས་འཕེལ།། །།

རིག་འཛིན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་རབ་གནས་བཀའ་རྒྱ་མ།


PS004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་རབ་གནས་བཀའ་རྒྱ་མ་བཞུགས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ༴ ཕྱིར་མི་འོང་བ་རྣམས་ལ༴ ལན་གཅིག་ཕྱིར་འོང་བ་རྣམས་ལ༴ རྒྱུན་དུ་ཞུགས་པ་རྣམས་ལ༴


PS004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བྱམས་པ་ལ་སོགས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ༴ བརྟུལ་ཞུགས་གྲུབ་པ་རྣམས་ལ༴ མཐུ་སྟོབས་ཀྱི་བདག་པོ་རྣམས་ལ༴ སེམས་ཅན་གྱི་དོན་དུ་སྨན་པ་རྣམས་ལ༴ དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས་དང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེས་དབང་གིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་འདི་ཁང་པ་ལྟ་བུ་ལ་གནས་ཁང་འདི་ཉིད་དུ་སོགས་དང་། གཞན་ཡང་སྲུང་བའི་འཁོར་ལོ་འདི་ཉིད་ལ་ཅེས་སོགས་ཇི་ལྟར་རིགས་པར་ཁ་བསྒྱུར་བར་བྱའོ། །རྣམས་ལ་འབྱོན་པ་དང་། རབ་ཏུ་


PS004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་མཛད་དུ་གསོལ། ཅེས་ལན་གསུམ་དང་རྟེན་འབྲེལ་སྙིང་པོ་བརྗོད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། །ཐུགས་ཟག་པ་མེད་པའི་བདེ་བ་དང་ལྡན་པ། བདེ་བ་ཆེན་པོ་བདེ་བ་བླ་ན་མེད་པ། བྱང་ཆུབ་ཆེན་པོ་ཆོས་ཀྱི་སྐུ་ཆོས་ཐམས་ཅད་མི་གནས་པའི་ངོ་བོ་རབ་ཏུ་གནས་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ལ་སླར་ཡང་རྟེན་འབྲེལ་སྙིང་པོ་བརྗོད། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་པ་དང་། །ཇི་ལྟར་ནམམཁའ་གནས་ཀྱི་བར། །སྟོན་པ་ཁྱོད་ནི་བཞུགས་སུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།


PS004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ལྷུན་པོ་སོགས་ཤིས་བརྗོད་ཀྱི་ཚིག་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། །སརྦ་དཱ་སུ་པྲ་མངྒ་ལཾ་བྷ་ཝནྟུ།། །།རབ་གནས་བཀའ་རྒྱ་མ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཏཱ་རཱ་ཡ། རབ་གནས་བཀའ་རྒྱ་མའི་ཞལ་གདམས་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ལ་དར་སེར་ལ་སོགས་པས་བཀབ་སྟེ་བཞག །དེ་ཡང་རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། རྗེ་བཙུན་སྒྲོལ་མར་བསྒོམ་ཞིང་། མདུན་དུ་མཁར་གཞོང་ལ་སོགས་པའི་སྣོད་གཙང་མར་འབྲས་སམ། ནས་དཀར་མོ་བཟང་པོས་བཀང་བ་ལ། ཡེ་དྷརྨཱ་བརྒྱའམ་སྟོང་ལ་སོགས་ཅི་རིགས་བཟླས་པས་མེ་ཏོག་དེ་རྣམས་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དཔག་ཏུ་མེད་པར་བསམ་ཞིང་། བྱིན་གྱིས་བརླབས་ཏེ་སྟ་གོན་དུ་གནས་པར་བྱའོ། །དངོས་གཞི་ནམ་ཕྱེད་དུ་


PS004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དང་། རྟེན་གྱི་དྲུང་དུ་ཕྱིན་ལ། རྟེན་གྱི་ཁེབས་གསལ་ཏེ། རྟེན་དེ་ཉིད་རྗེ་བཙུན་མ་སྒྲོལ་མར་སྐད་ཅིག་གིས་བསྐྱེད་ལ། སྔར་གྱི་བྱིན་གྱིས་བརླབས་པའི་མེ་ཏོག །སངས་རྒྱས་ལ་ཕྱག་འཚལ་ལོ་སོགས། བཏོན་གཏོར་བས། རྗེ་བཙུན་མ་སྒྲོལ་མའི་ཚོགས་དཔག་ཏུ་མེད་པ་རྟེན་ལ་སིབ་སིབ་ཐིམ་པས། དེ་རྗེ་བཙུན་མའི་སྐུ་ཤིན་ཏུ་གསལ་ཞིང་། བ་སྤུའི་བུ་ག་ཐམས་ཅད་ཀྱང་རྗེ་བཙུན་མ་སྒྲོལ་མའི་སྐུ་ཆུང་ལ་ཡན་ལག་དོད་པས་དཀྲིགས་ཐམས་ལ་བསྟམས་པར་བསམ་ཞིང་མེ་ཏོག་གཏོར། རྗེས་ལ་བཀྲ་ཤིས་སྨོན་ལམ་དང་བཀྲ་ཤིས་བཀའ་རྒྱ་མ་ལ་སོགས་པ་བྱ། དགེ་བའི་རྩ་བ་བསྔོ་བར་བྱའོ། །རབ་གནས་བཀའ་རྒྱ་མ་ཤིན་ཏུ་ཟབ་པས་གསང་བར་བྱའོ། །ཨྠིྀ། ནམ་ཕྱེད་བྱེད་པ་དུས་གནད་ཡིན། དགེའོ།། །།

རྒྱུད་སྡེ་ལྔའི་ལྷ་ལྔ་གཙོ་བོར་བསྡུས་པའི་མན་ངག་བླ་མ་གོང་མའི་ཕྱག་ལེན། ཏཱ་ར་ན་ཐ།


PS004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ལྔའི་ལྷ་ལྔ་གཙོ་བོར་བསྡུས་པའི་མན་ངག་བླ་མ་གོང་མའི་ཕྱག་ལེན་བཞུགས་སོ། །


PS004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཀྱིལ་འཁོར་མ་ལུས་ཀུན་འདུས་པ། །ཡེ་ཤེས་རྣམ་ལྔའི་ངོ་བོ་ཉིད། །དེ་ལ་གུས་པས་ཕྱག་བཙལ་ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བཤད། །དེ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་མན་ངག་རྣམས་ནས། གཞི་ལུས་བདེ་མཆོག་ལྷན་སྐྱེས་དང་། དགྱེས་མཛད་ལྷན་སྐྱེས་ལ་སྦྱར་བ་ཅི་རིགས་པ་ཡོད་


PS004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡང་ཅི་རིགས་སུ་མཛད་པ་གཉིས་ཀ་ལྟར་རུང་ཞིང་ཡིད་ཆེས་ཅན་ཡིན་ནོ། །དེ་ན་འདིར་བདེ་མཆོག་ལྷན་སྐྱེས་ལ་བརྟེན་ནས་རྣལ་འབྱོར་བཤད་པར་བྱ་སྟེ། དེ་ལ་ཡིད་དང་མཐུན་པའི་གནས་སུ། ནང་མཆོད་མཆོད་གཏོར་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སྐྱབས་འགྲོ་སེམས་སྐྱེད་སྤྱི་དང་མཐུན་པར་བྱས་ནས། ནང་མཆོད་གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ།


PS004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཡེ་ཤེས་ལྔའི་བདག་ཉིད་ཅན། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱིས་སྣོད་བཅུད་མ་ལུས་པ་སྦྱངས་ནས། སླར་འདུས་ཏེ་འོད་དུ་ཞུ་བ་ཐིག་ལེར་གྱུར། དེ་ལས་རང་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུྃ་ཕཊ། ལན་གསུམ། ཐུགས་ཀའི་ཧཱུྃ་ལས་རཾ་འོག་ཕྱོགས་སུ་ཆད་ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུྃ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། དེ་ལས་འཕྲོས་པའི་རྭ་གུར་དུ་གྱུར་ཅིང་ཧཱུྃ་ལས་ཧཱུྃ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་བར་དུ་གྱུར་པས་བར་མཚམས་མེད་པར་བཏམས། ཉི་མ་ལས་འབར་བའི་མེས་རབ་ཏུ་ཞུ་སྟེ། ར་གུར་གྱི་ཕྱི་རོལ་དུམ་བུ་གཅིག་ཏུ་


PS004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཤིང་ཕྱི་ནང་ཀུན་ཏུ་མེ་ལྕེས་གང་བར་གྱུར། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་བྱ། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག་སྟེ། མེ་ལོང་དང་གཟུགས་བརྙན་ལྟར་རང་དང་ཚོགས་ཞིང་དབྱེར་མེད་དུ་གྱུར། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱང་། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུནྱ་ཏཱ་སོགས། འཛིན་པ་ཡང་རང་བཞིན་མི་དམིགས་ཏེ་ཆོས་རྣམས་ཅད་སྟོང་པ་ཉིད་དོ། །ཞེས་མཉམ་པར་བཞག །སྟོང་པའི་ངང་ལས་སྐད་ཅིག་


PS004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྲུང་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་འཇིགས་བྱེད་དུས་མཚན་གྱི་གདན། དེའི་སྟེང་དུ་བྱང་སེམས་ཟླ་བ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། དེ་རྣམས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ། ཧཱུྃ་ཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ་པས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ་ཁྲོ་ཞིང་


PS004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་ལ་ཆགས་པའི་ཉམས་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རུས་པའི་འཁོར་ལོ་ལ་གནས་པའི་ནོར་བུ་དང་། རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང་། གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་པ། མི་རུས་ཀྱི་རྣ་ཆ་དང་། མགུལ་རྒྱན་དང་། གདུབ་བུའི་ཚོགས་དང་། སྐ་རགས་དང་། མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ་ཐལ་བ་ཆེན་པོས་ཉེ་བར་བྱུགས་ཤིང་། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། དཔའ་བོའི་དར་དཔྱངས་དང་བཅས་པ། མིའི་རྒྱུ་མ་ལ་བརྒྱུས་པའི་ཁྲག་འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་


PS004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པའི་ཤམ་ཐབས་གྲོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་དང་། གཡས་བརྐྱངས་པས་དུས་མཚན་མ་དམར་མོ་གནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིག་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམ་


PS004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱངས་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀའང་ལང་ཚོག་སར་དུ་བོད་བ། མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་སྤྲུལ་པའི་འཁོར་ལོ་རྩ་བཞིའི་ལྟེ་བར་རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ཡོན་ཏན་གྱི་ངོ་བོ་རང་དང་མཚུངས་པའི་འཁོར་ལོ་བདེ་མཆོག་ཡབ་ཡུམ། བདེ་ཆེན་འཁོར་ལོར་སྐུ་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ཡིད་ཙམ་ཁྲོས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱི་ཡུམ་ལ་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པའོ། །ལོངས་སྤྱོད་འཁོར་ལོར་གསུངས་མ་ཧཱ་མཱ་ཡཱ་


PS004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ག་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་རང་མཚུངས་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་པ་གཡོན་བརྐྱང་གིས་པད་ཉི་ལ་མི་རོ་མནན་པའོ། །ཆོས་ཀྱི་འཁོར་ལོར་ཐུགས་དགྱེས་མཛད་རྡོ་རྗེ་མཐིང་ག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་པ་གཡས་བརྐྱང་གིས་པད་ཉི་ལ་ཚངས་པ་དང་དྲག་པོ་མནན་པའོ། །བདེ་སྐྱོང་འཁོར་ལོར་ཕྲིན་ལས་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ་ཅན་ཕྱག་གཉིས་ཀྱི་གྲི་གུག་ཐོད་ཁྲག་འཛིན་པས་ཡུམ་ཕག་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ། གཡོན་བརྐྱང་གིས་པད་


PS004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ལ་མ་ཧེ་མནན་པའོ། །ཡང་ན་ཐམས་ཅད་ཧཱུྃ་ལས་བསྐྱེད་ཀྱང་རུང་བར་བཤད་དོ། །རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་གཙོ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་སྤྲོས།


PS004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས། ཤབྡའི་བར་བརྗོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གསང་མཆོད་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིད་ཀྱིས་དྲན་ཙམ་བྱ། དེ་ཉིད་ལྔ་པས་བསྟོད་པའམ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེ་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་


PS004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་བསྟོད། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཅེས་པ་གཙོ་བོ་བཟླ་ཞིང་། ཨོཾ་ཨཱཿབཛྲ་དྷྲིཀྲ་ཧཱུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་ཧྲཱི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཥྚིཿབིཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པ་རྣམས་ཀྱང་ཅི་རིགས་བཟླའོ། །རྫོགས་པའི་རིམ་པ་ནི། འཁོར་ལོ་ལྔའི་ལྷ་རྣམས་ཐིག་ལེར་ཞུ་བ་དང་། དེ་ཡི་འོད་ཟེར་གྱིས་ལུས་གང་བ་སོགས་སྤྲོ་བསྡུ་ལ་སེམས་འཛིན་པ་བཤད་ཅིང་། གཙོ་བོར་ཆོས་དྲུག་ཉིད་བསྒོམ་པ་ཡིན་ནོ། །མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། ཞེས་བརྗོད་ཅིང་ཅུང་ཟད་མི་རྟོག་པ་ལ་མཉམ་པར་བཞག །སླར་ཡང་རང་


PS004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཧེ་རུ་ཀ་ཡབ་རྐྱང་གི་ང་རྒྱལ་ལ་གནས་པས། གནས་གསུམ་བྱིན་གྱིས་བརླབས་ནས་ཐུན་མཚམས་ལ་འཇུག་གོ །གཏོར་མ། ཨོཾ་ཨ་མྲྀ་ཏས་བསང་། ཨོཾ་སྭཱ་བྷཱ་ཝས་སྦྱང་། ཡཾ་ལས་རླུང་རཾ་ལས་མེའི་སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨཱཾཿཛྲིཾ་ཁཾ་རྣམས་ཀྱིས་མཚན་པ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་བསྟིམ་པས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། གོང་དུ་བཤད་


PS004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་པོ་རྣམས་ཀྱི་མཐར། ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ནས། ཀུན་གྲུབ་ཤོག །གི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གལ་ཏེ་དགྱེས་མཛད་ལྷན་སྐྱེས་ལ་བརྟེན་ནས་བསྒོམ་པར་འདོད་ན། གཞི་ལུས་དགྱེས་མཛད་ལྷན་སྐྱེས་ཉིད་དུ་བྱེད་པ་དང་། སྐུ་གསུང་ཐུགས་བྱིན་བརླབས་ཀྱི་རྗེས་སུ་སྐྱེ་མཆེད་དྲུག་བྱིན་རླབས་བྱ། བཟླས་པ་ཡང་དེ་ཝ་པི་ཙུ་བཛྲ་གཙོ་བོར་བྱེད་པ་ཁྱད་པར་རོ། །ཕྱིའི་དཀྱིལ་འཁོར་ལྷ་ལྔའི་ཚུལ་བསྒོམ་པར་འདོད་ན། པདྨ་འདབ་བརྒྱད་ཀྱི་ཤར་དུ་གསང་འདུས། ལྷོ་རུ་དགྱེས་མཛད། ནུབ་ཏུ་མཱ་ཡཱ། བྱང་དུ་འཇིགས་བྱེད། མཚམས་ཀྱི་འདབ་མ་རྣམས་ལ་བུམ་ཐོད་བཞི་གསལ་འདེབས། ཕྱི་དཀྱིལ་དུ་


PS004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཡིག་རྙིང་ཕལ་ཆེ་བ་ན། གཙོ་བོར་གསང་བ་འདུས་པ་ལ་བྱས་པ་ཉིད་མང་བ་ཡོད་ནའང་། རང་གང་ལ་མོས་པ་ཉིད་གཙོ་བོར་བྱས་པས་ཆོག །དེ་བཞིན་དུ་ཡིག་རྙིང་འགའ་ན་ཕྱི་དཀྱིལ་འཁོར་ལོ་བདེ་མཆོག་ལྷ་ལྔ་ལ་བརྟེན་པའང་ཡོད་དོ།། །།ཤིན་ཏུ་ཟབ་པའི་སྒྲུབ་ཐབས་འདི། ཁྱུང་པོ་རྣལ་འབྱོར་ལ་སོགས་པ། །དེ་ཉིད་མཁྱེན་པའི་ལུང་གི་དོན། །ངག་དོན་ཙམ་དུ་བསྒྲིལ་བ་ཡིན། །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ན་ཐས་སྨྲས་པའོ།། །།སརྦ་ཛ་ག་ཏཾ།། ༈ །།ཡེ་ཤེས་ཌཱ་ཀིའི་ཞལ་གྱི་ལུང་། །ལོ་གསུམ་བར་མ་ཆད་བསྒོམ་ན། །ངེས་པར་མཁའ་སྤྱོད་འགྲུབ་བྱེད་པ། །མཁས་གྲུབ་ཁྱུང་པོའི་ཁྱད་ཆོས་འདི། །ཤངས་པའི་བསྟན་པ་ཕན་པའི་བློས། །བླ་མ་དགེ་ལེགས་དད་པས་བྲིས། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱི་བསྔོ།། །།མངྒཾ་ལཾ།། །།

དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་ལས་བྱང་དྲེགས་པ་ཀུན་འདུལ། ཏཱ་ར་ན་ཐ།


PS004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་ལས་བྱང་དྲེགས་པ་ཀུན་འདུལ་ཞེས་བྱ་བ་བཞུགས་སོ།། །།


PS004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། །ཉིན་བྱེད་འབུམ་གྱི་སྣང་བ་ལས་ལྷག་ཅིང་། །དུས་མཐའི་འབར་བྱེད་ཀྱིས་ཀྱང་མི་དཔོག་པའི། །རབ་དམར་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པའི། །རྟ་མགྲིན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །དེ་ཉིད་མཆོད་པའི་ཆོ་ག་ཡན་ལག་བཅས། །མ་ཚང་མེད་པ་གསལ་བར་བརྗོད་འདོད་ཀྱིས། །ཡི་དམ་སྲུང་མ་གནས་གསུམ་


PS004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཚོགས། །རྗེ་བཙུན་བླ་མ་མགོན་བཅས་འདིར་བྱིན་རློབས། །ཕྲིན་ལས་ཀུན་གྱི་འདོད་འཇོ་ཞིང་། །དྲེགས་ལྡན་མ་ལུས་འདུལ་བ་དང་། ཁམས་གསུམ་དབང་ཕྱུག་ཆེར་འགྱུར་ཞིང་། །བདུད་རྣམས་ཉམས་པར་བྱེད་པའོ། །འདིར་དབེན་པའི་གནས་སུ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ། བླ་བྲེལ་སོགས་པས་མཛེས་པར་བྱས། བྲིས་སྐུའི་མདུན་དུ་སྟེགས་བུ་ལ་རྟེན་


PS004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྩ་བ་ཟླུམ་པོ། རྩེ་མོ་གྲུ་གསུམ་སྨུག་རྩིས་ཁ་བསྒྱུར་ལ། རྩེ་མོར་རྟ་མགོས་མཚོན་པ་དང་། སྟེགས་བུ་གཞན་ལ་གཏོར་མ། མཆོད་པ། སྨན་རཀ་ཕུད་སོགས་ལེགས་པར་བཤམས་ལ། གཉིས་པ་ཆོ་ག་ལ་སྡོམ་ནི། སྐྱབས་སེམས་སྔོན་འགྲོ་གཏོར་མ་དང་། །མཚམས་གཅོད་རྒྱལ་ཆེན་གཏོར་མ་དང་། །ཚོགས་གསོག་ཚད་མེད་ཐུགས་བསྐུལ་དང་། །བདག་བསྐྱེད་བཟླས་པ་རྫས་བྱིན་བརླབ། །རྟེན་བསྐྱེད་སྤྱན་འདྲེན་ཕྱག་འཚལ་དང་། །བཞུགས་གསོལ་མཆོད་ཚོགས་སྨན་རཀ་དང་། །སྐོང་གསོ་བསྟོད་པ་བཤགས་པ་དང་། །གཏོར་མ་ཚོགས་འཁོར་རྗེས་ཆོག་གོ །ངག་འདོན་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་སྐྱབས་སུ་མཆི། །ཞི་བ་ཆོས་དབྱིངས་བསམ་མི་ཁྱབ། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཐེག་གསུམ་འཕགས་པ་ཕྱིར་མི་ལྡོག །དགེ་འདུན་ལ་ཡང་སྐྱབས་སུ་མཆི། །ལན་གསུམ།


PS004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །བྱང་ཆུབ་སྤྱོད་པ་ཐམས་ཅད་རབ་སྤྱོད་ལ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མཆོག་ཐོབ་ཤོག །ལན་གསུམ། སྙིང་པོ་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རཾ་ཡཾ་ཁཾ། །རྃ་གྱི་མེས་བསྲེགས་ཡྃ་གྱིས་གཏོར། ཁྃ་གྱིས་བཀྲུས་ཤིང་དག་པར་གྱུར། །ཨོཾ་ལས་རིན་ཆེན་འབར་བའི་སྣོད། །ཟབ་ཅིང་རྒྱ་ཆེ་ཧཱུྃ་ཡིག་ལས། །གཏོར་མ་འདོད་དགུའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བྷཱུ་ཏེ་བྷྱོ་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞ་དཾ་བ་ལྱཱིཾ་དི་སྭཱ་ཧཱ། ལན་


PS004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་བསྔོས་ལ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་ཞིག །གཏོར་མ་རྒྱ་ཆེན་འདི་ལོངས་ལ། །མ་འཚེ་བར་ནི་གཞན་དུ་དེངས། །དེ་ནས་བདེན་བརྡར་ཅི་རིགས་པ་བརྗོད་ལ། དྲག་སྔགས་དང་བཅས་པས་བགེགས་བསྐྲད་པར་བྱའོ། །རང་གི་སྙིང་ག་ནས་རྡོ་རྗེ་འཁོར་ལོ་བེ་ཅོན་རལ་གྲི་རྒྱ་གྲམ་ལ་སོགས་པ་མཚོན་ཆ་མེ་དཔུང་འབར་བའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས། གཡས་སྐོར་དུ་ལན་གསུམ་དུ་བསྐོར་བས། གནོད་བྱེད་ཐམས་ཅད་ཐལ་བར་བརླག་པར་བྱས་ནས་རིམ་པ་བཞིན་དུ། རྡོ་རྗེ་འཁོར་ལོ་བེ་ཅོན་རལ་གྲི་རྒྱ་གྲམ་རྣམས་ཀྱིས་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་མེ་དཔུང་འབར་བ་དང་བཅས་པར་གྱུར། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། འོག་ཀྱང་རྡོ་རྗེའི་ས་


PS004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སྟེ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྟེང་ཡང་འཁོར་ལོའི་བླ་བྲེ༴ འོག་ཀྱང་འཁོར་ལོའི༴ ཕྱོགས་མཚམས་འཁོར་ལོའི༴ འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨོཾ་ཙཀྲ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྟེང་ཡང་བེ་ཅོན༴ འོག་ཀྱང་བེ་ཅོན༴ ཕྱོགས་མཚམས་བེ་ཅོན༴ བེ་ཅོན་མཚམས་ལས་མ་འདའ་ཞིག །ཨོཾ་དཎྜ་རཀྵ་ཧཱུྃ་ཧཱུྃ༴ སྟེང་ཡང་རལ་གྲིའི་གུར་ཁང་ལ། །འོག་ཀྱང་རལ་གྲིའི་ས་གཞི་སྟེ། །ཕྱོགས་མཚམས་རལ་གྲིའི༴ རལ་གྲིའི་མཚམས་ལས༴ ཨོཾ་ཁད་ག་རཀྵ་༴ སྟེང་ཡང་རྒྱ་གྲམ༴ འོག་ཀྱང་རྒྱ་གྲམ༴


PS004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཚམས་རྒྱ་གྲམ༴ རྒྱ་གྲམ་མཚམས་ལས༴ ཨོཾ་ན་ན་བཛྲ་རཀྵ༴ ཧཱུྃ་དཔལ་ཆེན་མི་ཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློབ། །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་རྔམ། །སྲིད་པའི་ཡེ་ཤེས་ཁྲོ་བོ་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཨོཾ་རྃ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཀྵ་རཀྵ་ཛྭ་ལ་རྃ་ཧཱུྃ། རྒྱལ་ཆེན་བཞིའི་གཏོར་མ། ཨོཾ་བཛྲ་ཡཀྵས་བསང་། ཨོཾ་


PS004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཛྭ་ལ་སོགས། རྡོ་རྗེ་མེའི་སྔགས་རྒྱས་བསྲེག །རྡོ་རྗེ་བསྡམས་པའི་ཕྱག་རྒྱ། ཨ་ཀཱ་རོའི་སྔགས་དང་བཅས་པས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་དྷྲྀཥྚ་རཥྚཱ་ཡ། བྷེ་རུ་ཌྷ་ཀཱ་ཡ། བྷེ་རུ་པཀྵཱ་ཡ། བཻ་ཤྲ་མ་ཱ་ཡ། ་ས་པ་རི་ཝཱ་ར་ཨརྒྷཾ་པདྱཾ། ཨོཾ་དྷྲྀཥྚ་རཥྚ་སོགས་སྔོན་དུ་འགྲོ་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཕུལ། ཨོཾ་དྷྲྀཥྚ་སོགས་སྔོན་དུ་འགྲོ་བས། པུཥྤེ་ནས། ཤབྡའི་བར་གྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་མཚུངས་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་


PS004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ༴ །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག༴ །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་སྤྱན་མི་བཟང་། །བྱང་ཕྱོགས་ན་ནི་རྣམ་ཐོས་སྲས། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། ཁ་དོག་ལྡན་ཞིང་གཟི་བརྗིད་ཆེ། །


PS004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཡི་གཏོར་མ་འདི་ལོངས་ལ། །དཀྱིལ་འཁོར་སྒྲུབ་པའི་གྲོགས་མཛད་དེ། །བར་ཆད་ཐམས་ཅད་བསྲུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། །བླ་མ་དང་དཔལ་པདྨ་དབང་ཆེན་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ། །ཆགས་མེད་སྐུ་ནི་ནུབ་ཀའི་དམར་མཐའ་ལྟར། །འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་བུབ་གནོན་པའི་ལྷ། །པདྨ་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུལ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ།


PS004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བྃ་ཧོཿ རྙིང་མ་སྤྱི་ལ་བདག་མདུན་དབྱེར་མེད་དུ་བྱེད་པ་མང་ན་ཡང་། འདི་ལ་ངེས་པར་སོ་སོར་མཛད་པ་ལ་བར་འདིར་བདག་བསྐྱེད་མངོན་རྟོག་ཇི་ལྟ་བ་བཞིན་བསྒོམས་ལ། བཟླས་པ་ཅི་འགྲུབ་བྱའོ། །ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབས། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ༴ །དངོས་གྲུབ་སྩོལ་བའི་དུས༴ །དགྲ་བགེགས་སྒྲོལ་བའི་དུས༴ །དམ་ཚིག་བསྲུང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྟོབས་སྩོལ་ཅིག་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་སྩོལ་ཅིག༴ །


PS004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཆེན་བྱིན་རླབས་ཕོབ་ཅིག༴ དངོས་གྲུབ་མཆོག་རྣམས་སྩོལ་ཅིག་བཅོམ་ལྡན་འདས། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཨོཾ་བཛྲ་ཨཾ་གུ་ཤ་ཛཿཛཿ མཆོད་རྫས་ཀྱི་དྲི་མ་རྣམས་རྃ་གྱི་མེས་བསྲེགས། ཡཾ་གྱི་རླུང་གིས་གཏོར། ཁྃ་གྱི་ཆུས་བཀྲུས། ཨོམ་གྱིས་དག་པར་བྱས། ཨཱཿཡིས་སྤེལ། ཧཱུྃ་ཡིག་རྣམས་ལས་བྱུང་བའི་མཆོད་ཡོན་མ་དཀར་མོ། མེ་ཏོག་མ་སེར་མོ། བདུག་སྤོས་མ་དཀར་མོ། མར་མེ་མ་དམར་སྐྱ། དྲི་ཆབ་མ་ལྗང་ཁུ། ཞལ་ཟས་མ་སེར་མོ། རོལ་མོ་མ་ཁ་དོག་སྣ་ཚོགས་པ་རྣམས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་མ་རྣམས་དཀར་སྔོ་སེར་དམར་ལྗང་མོ་མཆོད་རྫས་དཔག་ཏུ་མེད་པ་ཐོགས་


PS004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ས་དང་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཤབྡའི་བར་རོལ་མོའི་སྒྲ་བྱ། ཨོཾ་ཨ་རཱུ་པ་བཛྲི་ཎི་ཧཱུྃ། ཤབྡ་གནྡྷེ་ར་སཱ་སྤར་ཤེ་བཛྲི་ཎི་ཧཱུྃ། ནང་མཆོད་གཏོར་མ་སྨན་རཀ་རྣམས་སྟོང་པའི་ངང་ལས། རྃ་ཡྃ་ཁྃ་གི་དྲི་མ་སྦྱང་། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ། ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་བསྐོལ། རླངས་པ་ཧཱུྃ་ཨོཾ་སྭཱ་ཧཱ་ཨཱ་རྣམས་སུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀ་རིགས་ལྔ་ཡུམ་དང་བཅས་པར་གྱུར། ས་མ་ཡ་སྟྭཾ། རྗེས་ཆགས་ཀྱི་མེས་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །བདུད་རྩིའི་རྒྱ་


PS004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱི་ཋ། ཨ་ལས་ཐོད་པའི་ནང་དུ་རྃ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋ། མདུན་བསྐྱེད་ཀྱི་བརྟེན་རྣམས་སྙིང་པོས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་སྔོ། །ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་། །རྃ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར། ཁྃ་ལས་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །སུྃ་ལས་མཾ་སའི་ས་གཞི་རྒྱ་ཆེ་བ། །ཀེཾ་ལས་ཀེང་རུས་བརྩེགས་པའི་རི་རབ་སྟེང་། །བྃ་ལས་


PS004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་འབར་བའི་གཞལ་ཡས་ཁང་། །དམར་ནག་གྲུ་གསུམ་ཐོད་རུས་འབར་ལས་གྲུབ། །ཕྱི་རོལ་དུར་ཁྲོད་རིན་ཆེན་གཞལ་ཡས་ཁང་། །དབུས་སུ་པད་ཟླ་ཉི་མ་བརྩེགས་པའི་གདན། །ཡེ་ཤེས་ལས་གྲུབ་དཀྱིལ་འཁོར་འཁོར་ལོར་གྱུར། །དེ་དབུས་ཧྲཱིཿདམར་སོགས་མངོན་རྟོགས་བདག་བསྐྱེད་ལྟར་བསྐྱེད་ལ། ཡང་རང་སྙིང་ག་ནས་འོད་ཟེར་འཕྲོས། འོག་མིན་ནས་པདྨ་དབང་ཆེན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། ཆོས་ཀྱི་དབྱིངས་ལས་འཁོར་བཅས་སྐུ་བཞེངས་ཤིག །དབང་ཆེན་ཁྲོས་པའི་རྒྱལ་པོ་སྐུ་བཞེངས་ཤིག །མ་ཆགས་པདྨ་འབར་བའི་གཞལ་ཡས་ནས། །རྟ་མཆོག་རོལ་པའི་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་རྣམ་དག་


PS004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མའི་དཀྱིལ་འཁོར་ནས། ཁྲོ་རྒྱལ་ཡབ་ཡུམ་མཁའ་འགྲོའི་ཚོགས་བཅས་གཤེགས། །སྣ་ཚོགས་ཕྲིན་ལས་བྱ་བའི་དཀྱིལ་འཁོར་ནས། །བྲན་དང་ཕོ་ཉའི་ཚོགས་རྣམས་གཤེགས་སུ་གསོལ། །མ་ཧཱ་ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང་། །རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་དང་། །ཕོ་ཉ་བྲན་དང་ཕྲ་མན་སྔགས་པའི་ཚོགས། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། །པྲ་ཏི་ཛ་ཧོ། །ཧཱུྃ།


PS004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དབང་གིས་དཀྱིལ་འཁོར་ཆེན་པོ་འདིར། །ཡེ་ཤེས་དབང་ཆེན་འབར་བའི་དཀྱིལ་འཁོར་མཆོག །ཕོ་བྲང་གསང་བའི་དམ་ཚིག་ཆེན་པོ་འདིར། །མི་གཡོ་དགེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ། མེ་ཏོག་བདུག་སྤོས་སྣང་གསལ་སྒྲ། །ཞལ་ཟས་དྲི་ཆབ་གཙང་མ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་པདྨེ་ཤྭ་ར་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཤབྡའི་བར་དུ་བྱའོ། །ཧཱུྃ། གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་མཛེས་སྡུག་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་


PS004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་མཛེས་སྡུག་སྒྲ་སྙན་འཛིན། །དབང་ཆེན་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་མཆོད་པ་དམ་པ་འདི། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །དྲི་ཡི་ལྷ་མོ་སྐུ་མདོག་སེར། །ཕྱག་ན་དྲི་ཡི་དུང་ཆོས༴ །དབང་ཆེན་ལྷ་ཡི་ཤངས་ལ༴ །དྲི་མཆོག་མཆོད་པ༴ །ཨ་ལ་ལ་སྟེ༴ །རོ་ཡི་ལྷ་མོ་སྐུ་མདོག་དམར། །ཕྱག་ན་ཞལ་ཟས་རོ་མཆོག༴ །དབང་ཆེན་ལྷ་ཡི་ལྗགས༴ །རོ་ཡི་མཆོད་པ་དམ༴ །ཨ་ལ་ལ་སྟེ༴ །རེག་བྱའི་ལྷ་མོ་སྐུ་མདོག་ལྗང་། །ཕྱག་ན་ན་བཟའ་སྣ་ཚོགས༴ །དབང་ཆེན་ལྷ་ཡི་སྐུ་ལ༴ །རེག་བྱའི་མཆོད་པ༴ །ཨ་ལ་ལ་


PS004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཞེས་སུ་གསོལ། །ཨོཾ་རཱུ་པ༴ །ཤབྡ༴ གནྡྷེ༴ ར་སཱ༴ སྤརྴེ་དི་བཱི་པཱུ་ཛཿཨཱཿཧཱུྃ། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སྒྲིབ་པ་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་ལ། །བདག་ཅག་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བླ་མེད་འཕྲུལ་གྱིས་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁ་རཾ་ཁཱ་ཧི། སྔ་རབས་


PS004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་རྡོ་རྗེ་སློབ་དཔོན་དང་། །ད་ལྟར་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །རྒྱལ་བ་དགོངས་པ་བརྒྱུད་པའི་བླ་མ་དང་། །རིག་འཛིན་བརྡ་ལས་བརྒྱུད་པའི་བླ་མ་དང་། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་དང་། །ཨ་མི་དྷེ་ཝ་ལོ་ཀེ་ཤྭ་ར་དང་། །རྟ་མགྲིན་པདྨ་འབྱུང་གནས་དབོན་སྟོན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཐུགས་རྗེས་དགོངས་ལ་དབང་དང་དངོས་གྲུབ་སྩལ་དུ་གསོལ། །འཆི་མེད་བདུད་རྩི་ར་སཱ་ཡ་ན་ཡི། །དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འདི། །པདྨ་དབང་ཆེན་འཁོར་བཅས་ལ། །བདག་ཉིད་དད་པས་འབུལ་ལགས་ཀྱི། །བཞེས་ནས་ཀུན་ཏུ་དགྱེས་པར་མཛོད། །འཕྲུལ་གྱི་དངོས་གྲུབ་སྩལ་


PS004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧི། སླར་ཡང་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་མཐར། འདི་ཞེས་བྱ་བའི་བླ་མའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། གཏེག་ལ་ཐེབ་སྲིན་གྱིས་སྤྱི་བོའི་ཐད་ནས་ནང་མཆོད་འབུལ། །སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་སྙིང་གི་ཐད་ནས་ནང་མཆོད་འབུལ། ཆོས་སྐྱོང་སྔགས་ལ་འབྲུ་གསུམ་བཏགས་ལ་ལྟེ་བའི་ཐད་ནས་ནང་མཆོད་འབུལ། ཧཱུྃ། ཡེ་ཤེས་ཁྲོ་བོ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པར་བྱ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླང་། རྣམ་དག་རང་བྱུང་ལྷུན་གྲུབ་སྨན་མཆོག་འདི། །རྟ་མཆོག་རོལ་པའི་དཀྱིལ་འཁོར་འཁོར་བཅས་ལ། །གུས་པས་


PS004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ་ལོ་ཁ་རཾ་ཁཱ་ཧི། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨ་ལ་ནི་རྡོ་རྗེ་ཞུགས། །གསང་བའི་མཆོད་པས་མཆོད་པར་བགྱི། །པདྨ་སུ་ཁ་བོ་དྷི་ཙིཏྟ་སྭཱ་ཧཱ། །རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་མ་ལུས་པ་བཀུག་ཚར་བཅད་དེ་གཏོར་མ་དང་རཀྟ་ལ་ཐིམ། སྤྲུལ་པའི་ཁྲོ་ཚོགས་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བ་ཉོན་མོངས་རྒྱ་དྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱ། །སརྦ་ཤ་ཏྲཱུྃ་ན་མཱ་ར་ཡ་ཕཊ། །ཞིང་གྱུར་ཐམས་ཅད་དབྱིངས་


PS004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྒྲོལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེང་རུས་རྒྱ་མཚོ་ཡིས། །གཏོར་མའི་མཆོད་པ་དམ་པ་འདུས། །རྟ་མགྲིན་འཁོར་བཅས་མཉེས་གྱུར་ཅིག །མ་ཧཱ་མཾ་ས་ཁཱ་ཧི། །མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། ཀི་ནི་རི་ཏི་ཧཱུྃ། རཀྟ་གཏོར་མའི་ཁར་བསྒྲེང་། སླར་ཡང་མཆོད་པ་དང་གཏོར་མ་ཁ་གསོ། སྙིང་པོས་བསང་། སྭ་བྷཱ་ཝས་སྦྱང་། ཧཱུྃ་ཡིག་ལས་བྱུང་བའི་མཆོད་རྫས་དང་མཐུན་རྫས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བས། ཁྲོ་རྒྱལ་རྟ་མགྲིན་འཁོར་བཅས་ཀྱི་སྤྱན་ལམ་དུ་བྱུང་བར་གྱུར་ཅིག །


PS004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་བརྗོད། ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་ཀྱིས། །རྟ་མགྲིན་འཁོར་བཅས་ཐུགས་དམ་བསྐང་། །ཡིད་སྤྲུལ་མཆོད་པ་དཔག་མེད་དང་། །མངོན་བཤམས་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་མཆོག་གིས་བྱིན་བརླབས་ནས། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །སངས་རྒྱས་དམ་ཚིག་ལྕགས་ཀྱུ་ལྔ། །རིག་མའི་དམ་ཚིག་བདུད་རྩི་ལྔ། །ནང་གི་མཆོད་པས་ཐུགས་དམ་བསྐང་། །ཡེ་ཤེས་བསྐྱེད་ཕྱིར་བཞེས་སུ་གསོལ། །ཐབས་ཤེས་དབྱེར་མེད་རིག་མའི་ཚོགས། །ཕྱོགས་ཀུན་ཁྱབ་པར་རྣམ་སྤྲུལ་


PS004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །གསང་སྔགས་ལྷ་ལ་མཆོད་པར་འབུལ། །དགྱེས་པ་ཆེན་པོས་ཐུགས་དམ༴ །རང་བྱུང་མངོན་ཤེས་བསྒྲུབ་པའི་ཕྱིར། །དབང་ལྔའི་པུཥྤེས༴ །མཁའ་འགྲོ་སྤྲིན་ལྟར་སྡུད་པའི་ཕྱིར། །ཚིལ་ཆེན་དྷཱུ་པོས༴ །མ་རིག་མུན་པ་གསལ་བའི་ཕྱིར། །ཞུན་ཆེན་དཱི་པས༴ །ཤུགས་འགྲོའི་ཚོགས་རྣམས་སྡུད་པའི་ཕྱིར། །མཁྲིས་ཆེན་གནྡྷས༴ །གསང་སྔགས་ལྷ་རྣམས་མཐུ་བསྐྱེད་ཕྱིར། །མཾ་ས་གཏོར་མས༴ །དགྲ་བགེགས་མ་ལུས་བསྒྲལ་བ་ཡི། །གཡང་གཞི་བླ་རེ་འཕན་གདུགས་དང་། །རྒྱུ་རློན་ལྔ་ལྡི་བར་སྣང་བརྒྱན། །དམ་ཉམས་སྐྲ་ཡིས་རྔ་ཡབ་གཡོབ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །མ་ཧཱ་རཀྟའི་ཨརྒྷཾ་བསྒྲེངས། །ཀེང་རུས་


PS004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་པའི་གཞལ་ཡས་ཁང་། ཁྲག་ཞག་རྒྱ་མཚོའི་ཀློང་དཀྱིལ་དུ། །མི་བཟད་དུར་ཁྲོད་བརྒྱད་ཀྱིས་བསྐོར། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །སྣ་ཚོགས་མཆོད་པས་ཐུགས་དམ༴ །བྲིས་སྐུ་ལ་སོགས་ཕྱི་ཡི་རྟེན། །བསྐྱེད་རིམ་རྣལ་འབྱོར་ནང་གི་རྟེན། །ཐིག་ལེ་ཉག་གཅིག་གསང་བའི་རྟེན། །རྟ་མགྲིན་རྒྱལ་པོས་ཐུགས་དམ༴ །འཁོར་བཅས་དགྱེས་ཤིང་ཚིམས་མཛོད་ལ། །ཉམས་ཆགས་བསྐང་ཞིང་དངོས་གྲུབ་སྩོལ། །ཕྱི་ནང་བར་ཆད་ཀུན་སེལ་ཞིང་། །འདོད་དོན་ཐམས་ཅད་འགྲུབ་པར་མཛོད། །ཧཱུྃ། གཞན་ཡང་དམ་རྫས་འབུལ་བ་ནི། ཁང་བཟང་རྣམ་པ་སྣ་ཚོགས་དང་། །འབྲས་བུ་གསུམ་རོ་བཅུད་དང་


PS004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྨན། །དཀར་གསུམ་ལ་སོགས་བདུད་རྩིའི་ཟས། །སྦྲང་རྩི་ལ་སོགས་རོ་ཞིམ་མཆོག །ལྷ་རྫས་ན་བཟའ་རྣམ་མང་པོ། །རིན་ཆེན་ཅོད་པན་དོ་ཤལ་སོགས། །སྣ་ཚོགས་བརྒྱན་དང་བཅས་བཀོད་བཅས། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བསྒྲུབ་བྱ་དབང་དུ་སྡུད་པའི་ཕྱིར། །ལྕགས་ཀྱུའི་ཞགས་པས༴ །དགྲ་བགེགས་རྡུལ་བཞིན་བརླག་པའི་ཕྱིར། །གྲི་གུག་རལ་གྲི་རྩེ་གསུམ་དང་། །ཐོ་བ་དགྲ་སྟྭ་མདུང་ཐུང་སོགས། །སྣ་ཚོགས་མཚོན་ཆས༴ །གནོད་བྱེད་དུག་གིས་མྱོས་པའི་ཕྱར། །སྦྲུལ་ཆེན་བརྒྱད་ཀྱིས༴ །ཐབས་ཤེས་ཟུང་དུ་འཇུག་པའི་ཕྱིར། །རྡོ་རྗེ་ཅང་ཏེའུ་ཐོད་པ་དང་། །སྒྲ་


PS004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དྲིལ་བུའི༴ །ཆོས་ཀྱི་དབྱིངས་ལས་བསྐུལ་བའི་ཕྱིར། །རིག་སྔགས་གསུང་གིས་བཟླས་བརྗོད་དང་། །སིལ་སྙན་རྔ་ཟླུམ་རྔ་བོ་ཆེ། །པི་ཝང་གླིང་བུ་ལ་སོགས་དང་། །རོལ་མོ་གླུ་དབྱངས་བསྟོད་པར་བཅས། །འབུལ་གྱིས་ཀུན་ཏུ་དགྱེས་པར་མཛོད། །དྲག་པོའི་ལས་ལ་བསྐུལ་བའི་ཕྱིར། །དོན་སྙིང་སྣ་ལྔས༴ །འཕྲིན་ལས་ཐམས་ཅད་བསྒྲུབ་པའི་ཕྱིར། །སྣ་ཚོགས་སྲོག་ཆགས་སྤྱན་སྔར་འབུལ། །ནོར་བུའི་གཞལ་མེད་ཁང་པ་དང་། །དར་གྱི་བླ་བྲེ་འཕན་གདུགས་དང་། །རིན་ཆེན་གདན་ཁྲི་པད་ཉི་ཟླ། །སྒེག་མོ་ལ་སོགས་ལྷ་མོ་བརྒྱད། །དཔལ་བེ་ལ་སོགས་བཀྲ་ཤིས་བརྒྱད། །མེ་ལོང་ལ་སོགས་རྫས་མཆོག་བརྒྱད། །


PS004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ལ་སོགས་དངོས་གྲུབ་བརྒྱད། །མདོར་ན་ལོངས་སྤྱོད་ཐམས་ཅད་དང་། །གླིང་བཞི་རི་རབ་འཇིག་རྟེན་གསུམ། །ནམ་མཁའ་གང་བར་རྣམ་སྤྲུལ་ཏེ། །པདྨ་དབང་གི་ཐུགས༴ །རྟ་མགྲིན་རྒྱལ་པོའི༴ ཁྲོ་ཆེན་ཡབ་ཡུམ༴ །ཕོ་ཉ་བྲན་གྱི༴ །སྤྲུལ་པ་ཡང་སྤྲུལ༴ །ལས་བྱེད་དྲེགས་པའི༴ །དགེ་ལེགས་སྤེལ་ཕྱིར་བཞེས་སུ་གསོལ། །མགྱོགས་འགྲོའི་དམ་ཚིག་ཡིན་པའི་ཕྱིར། །བདུད་རྩི་སྨན་གྱིས༴ ཁྲོ་བོ་ཕོ་ཉར་འགྱེད་པའི་ཕྱིར། །དམར་ཆེན་གཏོར་མས༴ །སྤྲུལ་པ་ལས་ལ་བསྐུལ་བའི་ཕྱིར། །ཤ་ཆང་ཕུད་ཀྱིས༴ །དམ་ཚིག་གཉན་པོ་གསོ་བའི་ཕྱིར། །ཚོགས་ཀྱི་འཁོར་ལོས༴ །མ་ཧཱ་རཀྟའི་མཆོད་ཡོན་


PS004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །དབང་ཕྱུག་ཉེར་བརྒྱད༴ །སྲོག་ཆགས་ནོར་སྣ་སྣ་ཚོགས་འདི། །སྐྱེས་བུ་གིང་གི༴ །གོ་མཚོན་སྣ་ཚོགས་བརྡལ་བའི་འདིས། །སྲོག་བདག་དམར་པོའི༴ །བདུད་བཤོས་གོས་ནག་ལ་སོགས་པ། །བདུད་རྒྱལ་ནག་པོའི་ཐུགས༴ །གསང་རྟེན་རྣམ་པ་སྣ་ཚོགས་པས། །རྡོ་རྗེ་མ་མོའི་ཐུགས་དམ་བསྐང་། །འཁོར་བཅས་ཐུགས་དམ་བསྐོང་གྱུར་ནས། །བར་ཆད་སེལ་ཞིང་འདོད་དོན་སྒྲུབ། །ཧཱུྃ། ཧ་ཡ་གྲཱི་ཝའི་དུས་ལ་བབ། ཁྲོ་རྒྱལ་ཡབ་ཡུམ་དུས་ལ་བབ། །བདག་ནི་རྣལ་འབྱོར་དམ་ཚིག་ལྡན། །རྟ་མཆོག་རོལ་པའི་བཀའ་རྟགས་འཆང་། །དཀྱིལ་འཁོར་ལྷ་ནི་ཡེ་ཤེས་སྐུ། །སྲུང་མ་ལས་མཁན་མཐུ་རྩལ་


PS004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །དོ་ནུབ་ཁྱོད་ལ་མཆོད་པ་འབུལ། །དམ་ཚིག་འཕྲིན་ལས་བསྒྲུབ་ཏུ་གསོལ། །བདག་ཅག་རྒྱུ་སྦྱོར་ལ་སོགས་པའི། །ནད་གདོན་བར་ཆད་ཞི་བ་དང་། །བསྲུང་ཞིང་བཟློག་པར་མཛད་དུ་གསོལ། །ཚེ་རིང་ལོངས་སྤྱོད་འཕེལ་བ་དང་། །དབང་ཐང་ཕྲིན་ལས་ཀུན་རྒྱལ་ཤིང་། །མི་ནོར་རྫས་སོགས་འཕེལ་བར་མཛོད། །རྒྱལ་པོ་རྒྱལ་ཕྲན་བློན་པོ་དང་། །ཡུལ་མི་གཙོ་བོ་དབང་དུ་སྡུས། །སྡེ་བརྒྱད་དྲེགས་ཅན་བྲན་དུ་འཁོར། །བསྒྲུབ་བྱ་དབང་བྱས་འགུགས་པར་མཛོད། །སྡང་བའི་དགྲ་བགེགས་མ་ལུས་པ། །སྐད་ཅིག་ཙམ་གྱིས་ཐལ་བར་རློག །མ་དད་སྨྲ་བའི་དུག་ཅན་རྣམས། །རྣམ་ཤེས་ཡེ་ཤེས་ཁ་སྦྱོར་གྱིས། །ཡེ་ཤེས་ཆེན་པོ་


PS004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པས། །ལུས་ངན་འདི་དག་བོར་དུ་ཆུག །ཡེ་ཤེས་དག་ལ་ས་མཱ་ཛཿ དྲག་པོའི་ཕོ་ཉ་ད་སྤྲོས་ཤིག །མཁའ་དབྱིངས་མི་བཟད་ཁྲོ་བོས་ཁྱབ། །དུག་གི་ན་བུན་སྤྲིན་ལྟར་གཏིབས། །མཚོན་ཆ་འཁྲུལ་འཁོར་ཆར་ལྟར་ཕོབ། །རྡོ་རྗེ་ཐོ་བས་མགོ་བོ་ཆོམས། །རྡོ་རྗེ་དབྱུག་པས་རྐང་ལག་ཆོག །རྡོ་རྗེ་མདའ་གཞུའི་སྙིང་ལ་ཕུག །རྡོ་རྗེ་རལ་གྲིས་ལུས་ཀུན་གཏུབས། །སྤྲུལ་པའི་ཕོ་ཉ་ཐམས་ཅད་ཀྱིས། །དམ་ཉམས་དགྲ་བོ་ཆེ་གེ་མོའི། །གནམ་གྱི་འཇུ་ཐག་སྐྱ་བོ་ཆོད། །ས་ཡི་རྟེན་ཕུར་ནག་པོ་ཕྱུང་། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་སུས། ཁོང་པའི་ནང་ནས་སྙིང་ཐོན་ཅིག །


PS004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔ་དང་དོན་སྙིང་ལྔ། །ད་ལྟ་ཐོན་ལ་ལུས་སེམས་ཕྲོལ། །སྡེ་བརྒྱད་དམག་དཔུང་སྤྲིན་ལྟར་གཏིབས། །ཕྱོགས་ཀུན་སྲིན་པོ་ཁྲོས་པ་དང་། །མ་མོ་གཤིན་རྗེ་ཁྲོས་པས་ཁྱབ། །ཝ་དང་བྱ་རོག་བྱ་རྒོད་དང་། །བྱ་གཅན་གདུག་པས་གང་བ་རྣམས། ཁ་ཅིག་ཤ་ཟ་ཁྲག་འཐུང་ཞིང་། །ལ་ལ་རུས་པ་ལྷ་བ་འཇིབས། །རྒྱུ་མ་ནང་ཁྲོལ་འདེད་པ་དང་། །ལྷུ་ཚིགས་རུས་པ་འཐོར་བར་མཛོད། །རྣམ་ཤེས་མར་མེ་ལྟར་བསད་ནས། །མཚོན་ཆར་ས་མུན་སྲོལ་བྱེད་པས། །ལུས་ངག་ཐལ་བ་རྡུལ་དུ་རློག །རྣམ་ཤེས་དབྱིངས་སུ་སྤོར་དུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་ཁ་ཁྲམ་ཁ་དགྲ་ལ་བསྒྱུར། །ཆགས་ཆེ་ཉམ་ང་དགྲ་ལ་སྒྱུར། །གནོད་བྱེད་བར་ཆད་མི་མཐུན་


PS004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་སྐྱིད་འཕེལ་བར་མཛོད། །བར་འདིར་བསྟོད་པ་ཆེ་ཆུང་གསར་སྙིང་རྣམས་ཅི་རིགས་པས་བསྟོད་ཅིང་དབྱངས་སུ་གྱེར་བར་བྱའོ། །ཧཱུྃ། པདྨ་དབང་ཆེན་དཀྱིལ་འཁོར་དམ་པ་ན། །འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་ཚོགས་བཅས། །མཉམ་ཉིད་བཟང་ངན་རྟོག་དང་བྲལ་ན་ཡང་། །ཡུད་ཙམ་བདག་གི་ཚིག་ལ་དགོངས་སུ་གསོལ། །བདག་ནི་མི་ཤེས་རྨོངས་ཤིང་ལེ་ལོ་ཆེ། །སྒོམ་སྒྲུབ་མི་བརྩོན་བསྙེན་སྒྲུབ་གཡེལ་བ་དང་། །དམ་རྫས་མ་ཚང་མཆོད་གཏོར་གཡེལ་བ་དང་། །རྒྱུ་ཆུང་ཕུད་ཉམས་མཆོད་རྫས་


PS004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འབགས་པ་དང་། །ཆོ་ག་འཁྲུལ་དང་གསང་བ་གཡེལ་བ་སོགས། །དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། །ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ། །ཆོས་དབྱིངས་མཉམ་པ་ཉིད་དུ་དག་གྱུར་བས། །བདག་ཅག་བླ་མེད་བདེ་ཆེན་ཐོབ་པར་ཤོག །དེ་ནས་གཏོར་ཆོག་ལྟར་གཏོར་མ་ཕུལ་ལ། བར་འདིར་མྱུར་མཛད་མགོན་པོ་ལ་སོགས་པའི་ཆོས་སྐྱོང་གང་བྱེད་ཀྱི་གཏོར་མའང་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་བྱ་སྟེ། སྔ་འགྱུར་རང་སྐད་ལ་གྲགས་པའི་ཆོ་ག་རིམ་པ་གསུམ་ལ་སོགས་པ་ནི་འདིར་ངེས་པར་དགོས་པ་མ་ཡིན་པས། མདོ་ཙམ་གཞན་དང་མཐུན་པས་འདི་ལྟར་སྤེལ་བར་བྱ་སྟེ། ཚོགས་རྫས་རྣམས་སྨན་ཕུད་བྱིན་རླབས་ཀྱི་སྐབས་ལྟར་བྱིན་གྱིས་བརླབ་ལ། ཧཱུྃ། ཨེ་ཡིག་བདེ་ཆེན་ཀློང་ཡངས་སུ། །ཝཾ་ཡིག་རྡོ་རྗེ་


PS004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་འཆར་བ། །གསུང་མཆོག་རྡོ་རྗེ་འོད་དཔག་མེད། །མཐའ་ཡས་སེམས་དཔའི་ཚོགས་དང་བཅས། ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འགྲོ་ལ་ཐུགས་རྗེ་ཆེན་པོ་ཡིས། །རང་སྣང་རི་བོ་ཏ་ལ་ནས། །འཕགས་པ་སྤྱན་རས་གཟིགས་དབང་ལ། །ལྷ་ཀླུ་གནོད་སྦྱིན་ཚོགས་ཀྱིས་བསྐོར། ཁྱེད་ཀྱི་རྗེས་སུ༴ །བྱིན་གྱིས༴ །གནས་ཁང་༴ །ཚོགས་རྫས་འདི་ལ༴ །འདིར་འདུས་རྣལ་འབྱིར༴ །མཆོག་


PS004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དང་༴ །ལྷོ་ནུབ་རྔ་ཡབ་སྲིན་པའི་གླིང་། །པདྨ་འོད་ཀྱི་གཞལ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ལ། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི༴ །བྱིན་གྱིས༴ །གནས་ཁང་༴ །ཚོགས་རྫས༴ །འདིར་འདུས༴ །མཆོག་དང་༴ །གངས་ཅན་ས་ཡི་ཐིག་ལེ་མཆོག །སྐྱེར་སྒང་སྙིང་རྗེའི་ཕོ་བྲང་ནས། །དབོན་སྟོན་དྷརྨ་སིང་ཧ་ནི། །སྐལ་ལྡན་དག་པའི་འཁོར་གྱིས་བསྐོར། ཁྱེད་ཀྱི༴ །བྱིན་གྱིས༴ །གནས་ཁང་༴ །ཚོགས་རྫས༴ །འདིར་འདུས༴ །མཆོག་དང་༴ །ཕྱོགས་བཅུ་དག་པའི་ཞིང་ཁམས་ནས། །བྱིན་རླབས་ཐུགས་རྗེར་ལྡན་པ་ཡི། །དྲིན་ཅན་བརྒྱུད་པའི་བླ་མ་རྣམས། །རིག་འཛིན་དུ་མའི་


PS004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས། ཁྱེད་ཀྱི༴ །བྱིན་གྱིས༴ གནས་ཁང་༴ ཚོགས་རྫས༴ འདིར་འདུས༴ མཆོག་དང་༴ །རང་སྣང་དག་པའི་གཞལ་ཡས་ཁང་། །གར་བཞུགས་འོག་མིན་གནས་མཆོག་ནས། །ཀུན་བཟང་རྩ་བའི་བླ་མ་ལ། །བརྒྱུད་ལྡན་བླ་མའི་ཚོགས་དང་བཅས། ཁྱེད་ཀྱི༴ །བྱིན་གྱིས༴ །གནས་ཁང་༴ །ཚོགས་རྫས༴ །འདིར་འདུས༴ །མཆོག་དང་༴ །སྡེ་བརྒྱད་བྲན་དུ་འཁོལ་བའི་ཞིང་། །དམར་ནག་འབར་བའི་ཀློང་དཀྱིལ་ནས། ཁྲོ་རྒྱལ་རྟ་མཆོག་རོལ་པ་ཡང་། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར། ཁྱེད་ཀྱི༴ །བྱིན་གྱིས༴ །གནས་ཁང་༴ །ཚོགས་རྫས༴ །འདིར་འདུས༴ །མཆོག་


PS004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དང་༴ །ཧེ་རུ་ཀ་ཡིས་བྱིན་བརླབས་པ། །སུམ་ཅུ་རྩ་གཉིས་གནས་མཆོག་ནས། །བགྲང་ཡས་དཔའ་བོ་མཁའ་འགྲོ་ལ། །སྤྲུལ་པ་ཉིད་སྤྲུལ་ཚོགས་དང་བཅས། ཁྱེད་ཀྱི༴ །བྱིན་གྱིས༴ །གནས་ཁང་༴ ཚོགས་རྫས༴ །འདིར་འདུས༴ །མཆོག་དང་༴ །གདུག་ཅན་དགྲ་བགེགས་སྒྲོལ་བའི་ཞིང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་ནི། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། ཁྱེད་ཀྱི་རྗེས༴ །བྱིན་གྱིས༴ །གནས་ཁང་༴ །ཚོགས་རྫས༴ །འདིར་འདུས༴ །མཆོག་དང་༴ །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་


PS004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོར་ཁྲི་ལི་ལི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །ཚོགས་ཀྱི་སྤྱི་ཕུད་ཕུལ་ལ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་


PS004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་ཨཱ་ལི་ལཱ་ལི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙ་ཀྲ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་སྙིང་པོའི་མཐར་གཏོར་སྔགས་བཏགས་པ་ཡི་དམ་ལ་ལན་གསུམ་ཕུལ། ཆོས་སྐྱོང་གི་གཏོར་སྔགས་ལ་ཁ་ཁ་བཏགས་ལ་ཕུལ། མཁའ་འགྲོ་སྤྱི་གཏོར་ཡང་འབུལ། ལས་ཀྱིས་རྡོ་རྗེས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །


PS004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཅིག་ཏུ་ལྷན་ཅིག་རོལ། །ཞེས་སོ་སོར་དྲངས་སོ། །སོ་སོས་ཀྱང་། རིན་ཐང་མེད་ཆོས་ལེགས་པར་འོངས། །འདོད་ཆགས་ཀྱི་ནི་དྲི་མ་སྤངས། །བླང་དང་བླང་མིན་ལས་གྲོལ་བ། །འདི་ཉིད་ཕུལ་བ་ངོ་མཚར་ཆེ། །ཞེས་བླང་། ཐམས་ཅད་ཀྱི་ཕུད་སྤྱི་འབུངས་སུ་འབུལ་ནས། ཨོཾ། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པ་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང་། །རྟོག་པ་ཀུན་ལས་རྣམ་གྲོལ་ལ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱའི་ཁྱད་པར་མཆིས་པ་རྣམས། །རྩ་


PS004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་རྣམས་ལ་འབུལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །གཟུགས་དང་༴ །རེག་བྱའི་ཁྱད་པར༴ །ཡི་དམ་ལྷ་ཚོགས༴ །མཆོག་དང་༴ །གཟུགས་དང་༴ །རེག་བྱའི་ཁྱད་པར༴ །བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གཟུགས་དང་སྒྲ་དང་༴ །རེག་བྱའི༴ །གནས་གསུམ་མཁའ་འགྲོའི་ཚོགས་ལ་འབུལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །གཟུགས་དང་༴ །རེག་བྱའི་ཁྱད་པར༴ །དཀར་ཕྱོགས་སྐྱོང་བ་རྣམས་ལ་འབུལ། །བསམ་པ་འགྲུབ་པའི་སྟོང་གྲོགས་མཛོད། །ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། །ལྷ་ཡི་རྣལ་འབྱོར་གྱི་སྒོ་ནས་ཚིམས་པར་བྱའོ། །ཧཱུྃ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །འོད་ཟེར་སྣ་


PS004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་དྲྭ་བས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །ཐུགས་བརྩེར་མཛོད་ཅིག་ཏེ་ན་ཧཱུྃ། །ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། །ཞེས་གླུ་བླང་། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་བདེ་བ་བསྒོམ། དེ་ནས་ཚོགས་ལྷག་བསྡུས་ལ། བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མ་མོ་ནག་མོ་དུད་པའི་སོལ་བ་མོ་ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་ཐམས་ཅད་ལྷག་མའི་དམ་ཚིག་གི་གནས་སུ་བཛྲ་ས་མཱ་ཛཿ ཨོཾ་ག་མ་རི་ཡེ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཧཱུྃ་མ་ག་རི་ཡེ་ས་པ་རི་ཝཱ་རེ་བྷྱ། ཨ་ཀཱ་རོ་སོགས། ལན་གསུམ་གྱིས་ཕུལ། མ་མོ་


PS004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་དུད་པའི་སོལ་བ་མོ། ལྷག་སྡུད་ཀྱི་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་བཅས་པ་རྣམས། ལྷག་མའི་གཏོར་མ་འདིས་ཚིམ་པར་གྱིས་ལ་བདག་ཅག་རྣམས་ཀྱིས་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས་ཤིག །ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཚོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལ་བལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་སྒོར་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུཙྪིཥྚ་བྷཀྵ་སི་སྭཱ་ཧཱ། སྙིང་པོ་བཟླས་ཤིང་ལྷག་གཏོར་ཕྱི་རོལ་དུ་དོར། དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་དང་། ཡི་དམ་གྱི་བསྟོད་པ་མདོར་བསྡུས་ཙམ་གྱིས་བསྟོད་ནས། སློབ་དཔོན་དང་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པའི་ལྷ་ཚོགས། མཁའ་འགྲོ་ཆོས་


PS004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྲུང་མའི་ལྷ་ཚོགས་དང་བཅས་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། མགྲིན་པ་ནས་དམར་པོ་དང་། ཐུགས་ཀ་ནས་སྔོན་པོ་དང་། གནས་གསུམ་ཅར་ནས་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ། དབང་བཞི་ཐོབ་པར་བསམ་ཤིང་། སྔ་འགྱུར་གྱི་ཆོ་ག་གཞན་དང་འབྲེལ་བ་སློབ་དཔོན་པདྨའི་བཀའ་བསྲུང་དམ་ཅན་སྤྱི་སྒོས་རྣམས་ཀྱི་གཏོར་མ་དང་། ཁྱད་པར་བསྟན་སྐྱོང་བྱ་བར་འདོད་ན་སྐབས་འདིར་བྱའོ། །ཡི་གེ་བརྒྱ་པ་མང་དུ་བཟླ། དེ་ནས། མ་འབྱོར་བ་དང་ཉམས་པ་དང་། །


PS004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱིས་བཟོད་པར་གསོལ། བྲིས་སྐུ་ལ་བརྟན་བཞུགས་སྤྱི་དང་མཐུན་པར་བྱ། ཁྱེད་ཀྱི་སེམས་དོན་ཀུན་མཛད། སོགས་ཀྱིས་གཏོར་མགྲོན་རྣམས་སྤྱི་དང་མཐུན་པར་གཤེགས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་ཀྱིས་སྨོན་ལམ་བཏབ། བཀྲ་ཤིས་བཀའ་རྒྱ་མས་ཐོག་དྲངས་ཏེ། ཤིས་བརྗོད་ཅི་འགྲུབ་བྱའོ། །གྲུབ་པ་ཀུན་གྱིས་ཉེར་བརྟེན་པ། །དབང་ཆེན་གསང་བའི་སྒྲུབ་ཐབས་ཀྱི། །འཕྲིན་ལས་ཆོ་ག་འདིར་གསལ་བྱས། །དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །དཔལ་ཁྲོ་བོའི་རྒྱལ་པོའི་རྟ་མཆོག་རོལ་པའི་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་ཞེས་བྱ་བ་འདི་ཉིད་ལ་མཆོག་ཏུ་གུས་པ་དང་ལྡམ་པ། འཕྲིན་ལས་རྣམ་རྒྱལ་ཞེས་བྱ་བའི། ལུགས་འདི་ལ་ཡི་གེ་འཐོར་ཐབས་སུ་གནས་པ་ལས། ཆོག་སྒྲིགས་གསལ་བ་ཆེས་དཀོན་པར་འདུག་པས། ལས་བྱང་གསལ་བ་ཞིག་བསྒྲིག་པར་འོས་སོ་ཞེས་


PS004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་རིགས་སུ་སྐྱེས་པ་རྒྱལ་ཁམས་པ་ཏཱ་ར་ན་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་ལྡིངས་སུ་བཀོད་པའོ།། །།

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཟུར་འདེབས་པདྨ་རཱ་གའི་ཕྲེང་བ། པདྨ་གར་གྱི་དབང་ཕྱུག


PS004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཟུར་འདེབས་པདྨ་རཱ་གའི་ཕྲེང་བ་བཞུགས་སོ།། །།


PS004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་བགེགས་གཏོར་གྱི་རྗེས་སུ་བདེན་སྟོབས་དང་འབྲེལ་བཀའ་བསྒོ་བ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི༴ །སངས་རྒྱས་


PS004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི༴ །ཆོས་ཀྱི༴ །དགེ་འདུན་གྱི༴ །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི༴ །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་


PS004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་དག་དེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས། སའི་ཕྱོགས་འདིར་མ་གནས་པར་མྱུར་བ་ཉིད་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་དང་རྡོ་རྗེ་ཁ་ཊྭཱྃ་ག་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་དང་། སུམྦྷ་ནི་དྲག་ཏུ་བརྗོད་ལ་གུ་གུལ་དུད་པས་བདུག་ཅིང་། ཡུངས་དཀར་ཐུན་གྱིས་བྲབ་བོ། །བདག་བསྐྱེད་ནི། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་རང་སེམས་ཧྲཱིཿདམར་པོ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག །རྩ་བའི་ཞལ་དམར་པོ། གཡས་ལྗང་


PS004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བ། གཡོན་དཀར་བ། དབུ་གསུམ་གྱི་སྟེང་ན་རྟ་མགོ་ལྗང་ནག་གསུམ་མངོན་པར་འཕགས་ཏེ་རྟ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས། ཚངས་པའི་འཇིག་རྟེན་ནས་དམྱལ་བ་ཡན་ཆད་མེའི་དྲྭ་གུར་གྱིས་ཁེབས་པར་མཛད་པ། སྤྱན་གསུམ་པ། ཞལ་གདངས་པ། མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རལ་གྲི། གཡོན་གྱི་དང་པོ་ན་སྡིགས་མཛུབ། བར་པ་ན་མདུང་ཐུང་། ཐ་མ་ན་རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བརྒྱད་ཀྱིས་པད་ཉིའི་སྟེང་དུ་སྦྲུལ་བརྒྱད་མནན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་།


PS004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རློན་པ་ལྔ་བཅུའི་དོ་ཤལ་ཅན་སྟག་ལྤགས་ཀྱི་ཤམ་ཐབས། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། རུས་པའི་རྒྱན་དྲུག །ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་ནག་གི་ཆུན་པོ་རྣམས་ཀྱིས་བརྒྱན་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་ཚ་བ་རྩུབ་པའི་ཀློང་དཀྱིལ་ན་བཞུགས་པ། མགྲིན་པ་མན་ཆད་ནས་བྱིན་པ་ཡན་ཆད་དུ་རང་དང་འདྲ་བའི་སྤྲུལ་པའི་ཁྲོ་བོ་གདུག་པ་ཅན་མ་རུངས་པ་ཚར་གཅོད་པའི་རྣམ་པ་ཅན་དཔག་ཏུ་མེད་པ་ཁྲབ་ཀྱི་བྱང་བུ་ལྟར་གཏམས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་སྟོང་དུ་ཉི་མ་ལ་ཧྲཱིཿཕྱི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་སྤྲུལ་པའི་ཕོ་ཉ་དང་


PS004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་ཁྱབ་པར་བསམ་ལ། ཨོཾ་ཧྲཱིཿཔདྨནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་མང་བཟླ། མཇུག་ཏུ་སྙིང་པོའི་མཐར། ཁཾ་རཀྵ་ས་མ་ཡ་ཛཿ ཁཾ་རཀྵ་ས་མ་ཡ་བྷྱོ། ཁཾ་རཀྵ་ས་མ་ཡ་ཟློག །ཁཾ་རཀྵ་ས་མ་ཡ་གཏུབས། ཁཾ་རཀྵ་ས་མ་ཡ་བྱེར། ཁཾ་རཀྵ་ས་མ་ཡ་རྦད། ཁཾ་རཀྵ་ས་མ་ཡ་རྦུད། ཁཾ་རཀྵ་ས་མ་ཡ་རྦད་རྦུད་ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛ་ཛཿ ཞེས་པ་བཏགས་པ་དང་། ཨོཾ་བཛྲ་དུན་བྷྱོཿ ཏིག་ནན་ཛཿཛཿ ས་མ་ཡ་སྟྭཾ་ཞེས་པའང་བཏགས་པ་ལན་ལྔ་ཙམ་བཟླའོ། །ལྷའི་སྐུ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། ཞེས་བསྡུ། སླར་དབང་ཆེན་རོལ་པའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཞེས་ཐུན་


PS004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ལྷར་ལྡང་ངོ་། །མདུན་བསྐྱེད་དཀྱིལ་འཁོར་བསྐྱེད་པའི་རྗེས་སུ། དེ་དབུས་ཧྲཱིཿདམར་མེ་ཡི་མདངས་ཅན་ལས། །དབང་ཆེན་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ ། སྐུ་མདོག་དམར་གསལ་ཞལ་གསུམ་ཕྱག་དྲུག་པ། །གཡས་ལྗང་གཡོན་དཀར་རྩ་ཞལ་ཉི་མའི་མདངས། །སྤྱན་གསུམ་རབ་བགྲད་ཞལ་གདངས་མཆེ་བ་གཙིགས། །ལྗགས་འདྲིལ་ཨཱ་རལླི་ཡི་སྒྲ་ཆེན་སྒྲོགས། །དབུ་གཙུག་རྟ་ཞལ་ལྗང་གུ་གསུམ་གྱིས་མཚན། །རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར། །རྔོག་མའི་གསེབ་ནས་མེ་སྟག་ཚྭ་ཚྭ་འཕྲོ། །སྲིད་གསུམ་འཇིག་རྟེན་མེ་གུར་དྲྭ་བས་གཏམས། །གཡས་གསུམ་རྡོ་རྗེ་རྩེ་གསུམ་རལ་གྲི་ཕྱར། །གཡོན་གསུམ་སྡིགས་མཛུབ་མདུང་ཐུང་རྒྱུ་


PS004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་བསྣམས། །ཞབས་བརྒྱད་དྲག་ཤུལ་སྟབས་ཀྱིས་སྦྲུལ་བརྒྱད་མནན། །ཐོད་སྐམ་དབུ་རྒྱན་ཐོད་རློམ་དོ་ཤལ་འཕྱངས། །མི་ལྤགས་གླང་ཀོ་སྟག་ལྤགས་ཤམ་ཐབས་གསོལ། ཁྲག་ཞགས་ཐལ་ཆེན་ཚོམ་བུས་འཇིགས་པར་སྤྲས། །རུས་པའི་རྒྱན་དྲུག་སྦྲུལ་ནག་ཆུན་པོས་བརྒྱན། །བསྐལ་མེ་རབ་འབར་ཀློང་དུ་གར་དགུས་རོལ། །མགྲིན་པ་མན་ཆད་བྱིན་པ་ཡན་ཆད་དུ། །གདུག་པ་ཚར་གཅོད་རང་འདྲའི་ཁྲོ་བོའི་ཚོགས ། བར་མཚམས་མེད་པའི་གོ་ཆས་གཏམས་པར་གྱུར། །ཡེ་ཤེས་ཁྲོ་བོ་ཡབ་ཡུམ་མཁའ་འགྲོ་གིང་། །སྤྲུལ་པ་བཀའ་སྡོད་ཕྱག་བརྙན་དང་བཅས་པ། །རང་སྣང་དབང་ཆེན་རོལ་པའི་དཀྱིལ་འཁོར་ལྷ། །


PS004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་དང་འོད་བཞིན་ཀུན་ཏུ་ཁྱབ་པ་ཡི། །གནས་གསུམ་འབྲུ་གསུམ་ཐུགས་སྟོད་ཉི་མའི་སྟེང་། །དམར་གསལ་ཧྲཱིཿཡིག་འབར་བས་མཚན་པའོ། །སྨན་མཆོད་ལ། གཞུང་གིས་འཐུས་ཀྱང་བརྒྱུད་པའི་བླ་མ་རེ་རེ་ནས་བསྐྱར་ཏེ་འབུལ་བར་གསུངས་པ་ལྟར་རྒྱས་པར་གྲུབ་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། དབོན་སྟོན་ཆོས་ཀྱི་སེང་གེ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་ཆོས་རྗེ་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། ཤངས་དཀར་རིན་ཆེན་རྒྱལ་མཚན། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་


PS004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། འཇམ་མགོན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཆོས་རྗེ་ངག་དབང་ཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། རིག་འཛིན་ཐུགས་ཀྱི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། འཇམ་མགོན་པདྨ་གར་དབང་། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། ཞེས་སྦྱར། སྐོང་བའི་རྗེས་སུ་བསྟོད་རྙིང་དཔེ་ལུང་མ་འཛོམ་ན་འདི་བཞིན་བྱའོ། །ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་


PS004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་སྐུ། །གསུང་མཆོག་རྡོ་རྗེ་ཁམས་གསུམ་ཟིལ་གྱིས་གནོན། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རིག་པའི་རྒྱལ་པོ་དཔལ་ཆེན་ཚོགས་ཀྱི་རྗེ། །རོལ་པའི་ཕྱག་རྒྱས་འཁོར་འདས་དབང་དུ་མཛད། །མ་ཆགས་པདྨ་འབར་བའི་དཀྱིལ་འཁོར་གཙོ། །རྟ་མཆོག་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཉི་མ་འབུམ་གྱི་གཟི་བརྗིད་འབར། །མ་རིག་མུན་ཁམས་ཆོས་ཀྱི་དབྱིངས་སུ་སྲེགས། །སྙིང་རྗེའི་རོལ་པས་སྲིད་གསུམ་སྟེང་ནས་སྤྲུགས། །གར་གྱི་དབང་ཕྱུག་དཔལ་ལ་ཕྱག༴ །སོ་སོར་རྟོག་པའི་ཡེ་ཤེས་བཅུད་ཀྱིས་རྒྱས། །འདོད་ཆགས་དུག་ཆེན་རྩད་ནས་འཇོམས་པའི་ལྷ། །ཆགས་མེད་གར་གྱིས་བརྟན་


PS004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཀུན་ལ་རོལ། །གསུང་མཆོག་རིག་སྔགས་རྒྱལ་ལ༴ །དྲག་ཤུལ་འཇིགས་གཟུགས་བསྐལ་པའི་མེ་ལྟར་འབར། །དགྱེས་པའི་རྟ་སྐད་ས་གསུམ་ཀུན་ཏུ་བཞད། །དྲེགས་པ་ཚར་གཅོད་མ་མོ་དབང་དུ་སྡུད། །དབང་ཆེན་རོལ་པའི་སྐུ་ལ༴ །སྐུ་གསུམ་རྔམས་ཞལ་འབར་བའི་ཉམས་དང་ལྡན། །ཕར་ཕྱིན་ཕྱག་དྲུག་ཐུགས་རྗེའི་རོལ་པས་བརྐྱངས། །གང་འདུལ་མཚོན་ཆས་གདུལ་དཀའ་དབྱིངས་སུ་སྒྲོལ། །མ་རུངས་གདུག་པ་འདུལ་ལ༴ །རྣམ་ཐར་ཞབས་བརྒྱད་ཉོན་མོངས་གདུག་པ་གནོན། །དཔལ་དང་དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས། །ཡེ་ཤེས་བསྐལ་པའི་མེ་ཡི་ཀློང་ན་འགྱིངས། །ཆེ་བཙན་འགྲན་ཟླ་བྲལ་ལ༴


PS004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རིགས་ཀྱི་ཁྲོ་བོ་ཡབ་དང་ཡུམ། །སྤྲུལ་པ་ཆེ་གཤོག་གིང་དང་མཁའ་འགྲོ་མ། །ཕོ་ཉ་ལས་བྱེད་བཀའ་ཡི་ཕྱག་བརྙན་བཅས། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ལ་བསྟོད། །གཏོར་འབུལ་ནི། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་ཐམས་ཅད་བཀུག །རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་ཚར་བཅད་པའི་ཤ་ཁྲག་གི་ཕུང་པོ་གཏོར་མ་དང་གཅིག་ཏུ་འདྲེས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ སྙིང་པོའི་མཐའ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ། རཀྟ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ། ཞེས་གསུམ་མམ་བདུན་ལ་སོགས་པས་ཕུལ། ཨོཾ་


PS004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཧྱ་གྲཱི་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ། བརྒྱུད་པའི་གསོལ་འདེབས་ནི། བཅོམ་ལྡན་གཟི་བརྗིད་རྒྱལ་པོ་འོད་དཔག་མེད། །འཇིག་རྟེན་དབང་ཕྱུག་པདྨ་སཾ་བྷ་ཝ། །བདེ་ཆེན་རྒྱལ་མོ་སངས་རྒྱས་དབང་ཆེན་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །སྤྱན་རས་གཟིགས་དངོས་དབོན་སྟོན་ཆོས་ཀྱི་རྗེ། །སངས་རྒྱས་


PS004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སྟོན་འགྲོ་མགོན་སྟོན་པ་མཆོག །གཙང་མ་ཤངས་སྟོན་ཁྱུང་པོ་ཚུལ་མགོན་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །རི་ཁྲོད་རས་ཆེན་ཤངས་དཀར་རིན་རྒྱལ་བ། །སངས་རྒྱས་དཔལ་བཟང་ནམ་མཁའ་རྒྱལ་མཚན་ཞབས། །རྒྱ་སྒོམ་ལེགས་རྒྱལ་རྗེ་བཙུན་གྲོལ་མཆོག་ལ། །གསོལ་བ་འདེབས་སོ༴ །ལུང་རིག་རྒྱ་མཚོ་ཏ་ར་ན་ཐའི་ཞབས། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུ་ལ། །གསོལ་བ་འདེབས་སོ༴ །ཕྲིན་ལས་ཤིང་རྟ་བསྟན་འཛིན་ཆོས་ཀྱི་ཉི། །རྡོ་རྗེ་དྲག་པོ་པདྨ་ཉིན་མོར་བྱེད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ །ཧེ་རུ་ཀ་དཔལ་


PS004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་རྟ་མཆོག་རྒྱལ། །ཡེ་ཤེས་ཁྲོ་བོ་གིང་དང་མཁའ་འགྲོ་མ། །སྤྲུལ་པ་ཕྱག་བརྙན་བཀའ་སྡོད་བཅས་པ་ལ། །གསོལ་བ་འདེབས་སོ༴ །འབར་བའི་སྐུ་ལ་གསལ་བརྟན་གྱད་དུ་གྱུར། །རིག་སྔགས་ནུས་པ་དུས་མཐའི་མེ་ལྟར་འབར། །བདེ་སྟོང་ཏིང་འཛིན་རོལ་པའི་སྤྲོ་བསྡུ་ཡིས། །སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཡོངས་གྲུབ་ཤོག །མ་རུངས་འཁྲུལ་ཏོག་དམ་སྲི་དཔུང་དང་བཅས། །ཡེ་ཤེས་མེ་ལྕེས་ཐལ་བར་བསྲེགས་ནས་ཀྱང་། །བདེ་ཆེན་འཁོར་ལོའི་མགོན་པོ་དགྱེས་པ་ཆེ། །འབར་བའི་གར་གྱིས་བརྟན་གཡོ་དབང་སྒྱུར་ཤོག །ཆགས་རྟོག་མདུད་པ་རང་རིག་དབྱིངས་སུ་གྲོལ། །ཕྱག་རྒྱ་གཉན་པོས་


PS004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་ཟིལ་གྱིས་མནན། །དབང་ཆེན་ཧེ་རུ་ཀ་དཔལ་གསང་གསུམ་དང་། །དབྱེར་མེད་དོན་གཉིས་ལྷུན་གྱི་གྲུབ་པར་ཤོག །རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །དབང་ཆེན་ཀུན་འདུལ་དབང་གིས་རྒྱལ་པོ་སྟེ། །དབང་གི་མདོག་དམར་སྐལ་པའི་མེ་འདྲ་ལ། །དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་གཟི། །དབང་མཛད་དབང་གི་སྐུ་ལ་ཕྱག༴ །ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང་། །ལས་ངན་སྡིག་པས་སེམས་ཅན་སྒྲོལ་མཛད་པ། །ཞེ་སྡང་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར། །རྔམ་བརྗིད་འགྱིང་བའི་སྐུ་ལ་ཕྱག་འཚལ་བསྟོད། །བརྟན་སྐྱོང་ནི།


PS004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཱྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཱྃ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅད་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྦྱོན་དམ་དགོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་པོ་རྣམས། །བྲན་གཡོག་མང་པོའི་འཁོར་


PS004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སི་སྙན་མང་པོའི་སྒྲ་དང་བཅས། །འདིར་སྦྱོན་དམ་སྐོང་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱོད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།


PS004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ། ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་པ་དང་། མ་ཧཱ་པཉྩ་སོགས་ཀྱིས་སྨན་གཏོར་རཀྟས་ཀྱང་མཆོད་ཅིང་། སྨན་རཀ་སྒྲེང་། བོད་སྐྱོང་བརྟན་མ་ཆེན་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་


PS004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ཏེ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་བསྐྱལ་ལོ། །ཅེས་རྟ་མཆོག་རོལ་པའི་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཁ་སྐོང་དུ་པདྨ་གར་གྱི་དབང་ཕྱུག་གིས་བགྱིས་པ་དགེ་ལེགས་འཕེལ།། །།

གསོལ་འདེབས། ཏཱ་ར་ན་ཐ།


PS004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཟབ་གསལ་འགྱུར་བ་མེད་པའི་སྐུ། །ཡན་ལག་དྲུག་ཅུ་འགགས་མེད་ཆོས་ཀྱི་གསུང་། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་པའི་ཐུགས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །འགྲོ་ཀུན་དགའ་བའི་འོད་བརྒྱ་འགྱེད་མཁས་པ། །སྙིང་པོའི་དོན་སྟོན་རྗེ་བཙུན་བླ་མ་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཀུན་གྱི་གཞི། །


PS004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་མི་ནུབ་རྒྱལ་མཚན་འཛིན་པའི་བདག །བྱང་ཆུབ་སེམས་ཀྱིས་བདག་གཞན་མཉམ་ཉིད་དགོངས། །ཡིད་བཞིན་ནོར་འདྲའི་བླ་མར་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །གང་སྣང་ཀུན་ཁྱབ་བདེ་བ་ཆེན་པོར་གཟིགས། །ལྷུན་གྲུབ་ཕྲིན་ལས་བཟང་པོ་འགྲོ་བའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པ་ཤེས་བྱའི་གནས་ཀུན་གསལ་བར་གཟིགས། །བརྩེ་བས་ཕན་བདེའི་དགའ་སྟོན་རྒྱ་ཆེར་འགྱེད། །ནུས་པའི་སྙིང་པོའི་བསྟན་པ་གསལ་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །མཚན་ཙམ་དྲན་པས་བར་ཆད་ཐམས་ཅད་སོལ། །གསོལ་བ་


PS004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ན་དགོས་འདོད་ཐམས་ཅད་འབྱུང་། །གུས་པས་བསྟན་ན་དངོས་གྲུབ་ཐམས་ཅད་སྩོལ། །བསམ་འཕེལ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །རང་བཞིན་འོད་གསལ་མ་བཅོས་གཉུག་མའི་མདྭངས། །གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན། །བླ་མ་མཆོག་གི་ཞལ་ལུང་མངོན་བརྙེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཅིང་། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་པར། ཁྱོད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཏཱ་ར་ན་ཐས་རང་ཉིད་ཀྱི་བསྟོད་པ་སྣ་ཚོགས་པ་དག་མི་འཐོར་བར་བྱ་བའི་ཕྱིར་དང་། སློབ་མ་རྣམས་ཀྱིས་


PS004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཁྱབ་ཀྱི་ཁ་རྟོན་དུ་དམིགས་ནས་ལེགས་པར་བསྒྲིགས་པའོ།། །།གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས། །མཚན་འཛིན་འཁྲུལ་པའི་སྦུབས་ལས་ཡོངས་གྲོལ་བ། །འགྱུར་མེད་བདེན་དོན་གནས་ལུགས་མངོན་སུམ་དུ། །ཡོངས་གཟིགས་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཞེས་གཏེར་ཆེན་ཉིད་ཀྱི་ཞལ་གསུང་མའོ།། །།དུས་གསུམ་རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་། །ཡེ་ཤེས་རྣམ་པར་རོལ་པ་ཉིན་བྱེད་དབང་། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བྱིན་རླབས་མཆོག་དངོས་སྩོལ། །འདི་ནི་སྐྱབས་མགོན་དེ་ཉིད་ཀྱི་ཞལ་གསུང་བྱིན་རླབས་ཅན་ནོ། །འཇམ་དཔལ་བྱིན་རླབས་བི་མའི་རྣམ་པར་འཕྲུལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་


PS004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །གུ་ས་གསོལ་བ་བཏབ་པའོ།། །།བཀའ་གཏེར་ལུང་ཟིན་བཻ་རོའི་རྣམ་པར་འཕྲུལ། །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་འགྱེད། །རིས་མེད་བསྟན་འཛིན་ཡོན་ཏན་རྒྱ་མཚོའི་གཏེར། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །འདི་ནི་རྗེ་ཡི་ཞལ་གསུང་མའོ།། །།བློ་གྲོས་རྨོང་པ་དག་གིས་འདོན་འགྲིག་ཕྲན་བུ་ཡོད་ན་ཡང་ལྷག་ཆད་མང་པོ་ཤོར་འདུག་པ་ལས་རྒྱུན་འདོན་བདེ་ཆེད་ཕྱག་དྲུག་སྒྲུབ་ཐབས་དང་ཁ་སྐོང་གི་ལྷ་བསྐྱེད་རྒྱས་བསྡུས་གཉིས་གོ་རྗེས་ཁ་སྐོང་གི་སྐོང་བ་སྒྲུབ་ཐབས་ནང་གཙུད་རྒྱུ་བྱུང་བ་བཟོད་པར་གསོལ་ཞིང་། ཕྱིན་ཆད་ཇོ་ནང་རྗེ་བཙུན་སྐུ་གོང་འོག་གསུང་སོ་སོར་སྒྲིག་ན་དེ་ལྟར་ཐུགས་ལ་མངའ་བར་ཞུ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་ཕྲིན་ལས་གཏེར་མཛོད། ཏཱ་ར་ན་ཐ།


PS004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


PS004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྤྱན་རས་གཟིགས་དབང་ཐུགས་རྗེས་ཁྲོས་པའི་སྐུ། །མ་རུང་བདུད་དཔུང་ཕྱེ་མར་འཐག་མཛད་པ། །བླ་མ་མགོན་པོ་དབྱེར་མེད་ཞབས་པད་ལ། །གུས་པས་བཏུད་ནས་སྒྲུབ་ཐབས་མདོ་ཙམ་བྲི། །རྣལ་འབྱོར་པ་དམ་ཚིག་དང་


PS004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་འདི་ཉིད་ཀྱི་བྱིན་རླབས་ཀྱི་རིམ་པ་མཐའ་དག་ལེགས་པར་མ་ནོས་པ་ཞིག་གིས། བྲིས་སྐུ་མཆོད་གཏོར་སོགས་མཚན་ཉིད་ཚང་བར་བཤམས་ལ། བདག་ཉིད་ཡི་དམ་གྱི་རྣལ་འབྱོར་ལ་གནས་པས། ནང་མཆོད་བྱིན་རླབས་ཡི་དམ་གྱི་མངོན་རྟོགས་ལྟར་རམ། འོག་ནས་འབྱུང་བའི་གཏོར་མ་བྱིན་རླབས་ལྟར་བྱས་ལ། གནས་ཁང་མཆོད་རྫས་གཏོར་མ་རྣམས་ལ་གཏོར། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་


PS004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་གནས་ཁང་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤྲོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ནམ་མཁའི་ཁམས་ཐམས་ཅད་གར་བར་གྱུར། མཆོད་པ་བྱིན་རླབས་ཀྱི་སྔགས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པདྱཾ། པུཥྤེ་ཨ་ཧཱུྃ་སོགས་ནས། ཤབྡའི་བར་དང་། རོལ་མོ་བྱིན་དབབ་སྤྱི་དང་མཐུན་པ་བྱ། གཏོར་མ་བསང་སྦྱང་། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ། ཨ་ལས་ཀ་པཱ་ལ་དུམ་བུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། དབུས་སུ་ན་ལས་མིའི་ཤ ། ཤར་དུ་གོ་ལས་བ་ལང་གི་ཤ ། ལྷོར་ཀུ་ལས་


PS004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིའི་ཤ ། ནུབ་ཏུ་ད་ལས་རྟའི་ཤ ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་རྣམས་ཧཱུྃ་བྷྲཱུྃ་ཨཾ་ཛྲིཾ་ཁཾ་རྣམས་ཀྱིས་མཚན་པ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོ་རུ་ར་ལ་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ་རྣམས། བཱཾ་མཱཾ་ལཱཾ་པཱཾ་ཏཱཾ་གྱིས་མཚན་པ་དེ་རྣམས་ཀྱི་སྟེང་དུ་ཨོཾ་དཀར་པོ་མགོ་བོ་མཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེའམ་གྲི་གུག་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་གྱེན་ལ་སོང་བ། ཨོཾ་དང་ཧཱུྃ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛག །ཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་


PS004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ། ཨོཾ་ཡིག་ཟླ་བ་རྡོ་རྗེའམ་གྲི་གུག་དང་བཅས་པ་ལྷུང་སྟེ། རྡོ་རྗེའམ་གྲི་གུག་གིས་ལན་གསུམ་དུ་དཀྲུགས་ནས། ཐམས་ཅད་ཞུ་བ་གཏོར་མ་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾཿཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཐོག་མར་རྒྱུན་འདོན་ལྟ་བུར་མངོན་རྟོགས་རྒྱས་པས་མ་ལྕོགས་ན་འདི་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །རྡོ་རྗེའི་སྲུང་འཁོར་དུར་ཁྲོད་ཆེན་པོའི་དབུས། །པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་། །གཾ་ལས་ཚོགས་བདག་དཀར་པོ་གླང་ཆེན་དབུ། །ལ་ཕུག་ནེའུ་ལེ་འཛིན་པ་ཉལ་སྟབས་གནས། །དེ་སྟེང་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན། །འོད་འཕྲོས་དགྲ་བགེགས་ཚར་བཅད་འཕགས་པ་མཆོད། །


PS004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་བྱས་སླར་འདུས་ཡོངས་གྱུར་ལས། །མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་ནག་འབར། །ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་ལྗགས་འདྲིལ་འཇིགས་པའི་ང་རོ་བཞད། །སྨར་སྨིན་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །ལི་ཁྲིའི་ཐིག་ལེ་མི་བསྐྱོད་རྒྱལ་པོས་བརྒྱན། །དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་བསྣམས། །བར་པས་ཐོད་ཕྲེང་བགྲང་ཞིང་རྩེ་གསུམ་གསོར། །འོག་མས་ཌཱ་རུ་འཁྲོལ་ཞིང་ཞགས་པ་འཕེན། །མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་བརྫིས། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་མཛད། །སྟག་ལྤགས་ཤམ་ཐབས་དར་དང་རིན་པོ་ཆེ། །ཀླུ་ཆེན་བརྒྱད་དང་རུས་པའི་རྒྱན་དྲུག་མཛེས། །ཕྱག་ཞབས་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ། །སྦོམ་ཐུང་


PS004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་རྒྱས་ཤིང་ཡན་ལག་ཧྲག །བཟོད་དཀའི་གཟི་ལྡན་བསྐལ་མེ་འབར་བའི་ཀློང་། །ཙནྡན་སྡོང་པོར་སྐུ་རྒྱབ་བསྟེན་པའོ། །གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་ཀློང་། །བྷྱོ་ལས་ལྷ་མོ་འདོད་ཁམས་དབང་ཕྱུག་ནག །དྲག་ཤུལ་ཉམས་ལྡན་སྤྲུལ་པའི་མཚོན་ལྔ་འཆང་། །དབུ་སྐྲ་གྱེན་བརྫེས་རྨ་བྱའི་མདོངས་ཀྱིས་བརྒྱན། །ལྟེ་བར་ཉི་མ་སྤྱི་གཙུག་ཟླ་བ་འཆར། །སྙན་ཆ་གཡས་གཡོན་དུག་སྦྲུལ་སེང་གེ་འཕྱོ། །གླང་ཆེན་བ་ལང་ཀོ་བས་སྟོད་སྨད་གཡོགས། །རེ་ལྡེའི་ཤམ་ཐབས་གསོལ་ཞིང་གོས་ནག་གྱོན། །རུས་པའི་རྒྱན་དང་མི་མགོའི་དོ་ཤལ་འཕྱང་། །མེ་རླུང་དབུས་བཞུགས་དྲེའུ་རྟ་རྐང་གསུམ་ཆིབས། །མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར། །མདུན་དུ་ཀྵིཾ་ལས་ཀྵེ་ཏྲ་པཱ་ལ་མཐིང་། །གྲི་ཐོད་འཛིན་ཅིང་དོམ་ནག་སྨྱོན་པ་


PS004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས། །གནོད་སྦྱིན་གདུག་པ་ཅན་གྱི་ཚོགས་ཀྱིས་བསྐོར། །གཡས་སུ་ཧཱུྃ་ལས་ཛི་ན་མི་ཏྲ་དམར། །ཅང་ཏེའུ་འཁྲོལ་ཞིང་སྡིགས་མཛུབ་མེ་ལྕེ་འབར། །གཟའ་དང་སྲིན་པོ་འཇིགས་པའི་འཁོར་གྱིས་བསྐོར། །རྒྱབ་ཏུ་ཊཱཾ་ལས་ཌཱཀྐི་རཱ་ཛ་ནག །གཡས་པས་རྒྱུ་ཞགས་གཡོན་པས་སྡིགས་མཛུབ་སྒྲེང་། །འཁོར་དུ་གསོད་བྱེད་གཤིན་རྗེ་ཁྲོས་པས་བསྐོར། །གསུམ་ཀ་རུས་པའི་རྒྱན་དང་སྟག་ཤམ་གསོལ། །གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲཀྴད་ནག །རུ་མཚོན་ཐོད་འཛིན་རྟ་ནག་རྟིང་དཀར་ཆིབས། །བདུད་ཀྱི་ཆས་ལྡན་ལྷ་དང་བདུད་དམག་བསྐོར། །ཀུན་ཀྱང་ཁྲོ་གཏུམ་ཐོད་པའི་རྒྱན་ཆ་ཅན། །མེ་རླུང་དྲག་ཏུ་འཚུབས་པའི་དབུས་ན་རོལ། །དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་ཆེན་པོ་བཅུ། །རང་རང་


PS004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཐུན་འབུམ་གྱིས་ཡོངས་སུ་བསྐོར། །གཞན་ཡང་ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད། །འཇིགས་བྱེད་དགུ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་བཞི་རྣམས་རང་འཁོར་བྱེ་བ་བཅས། །དེ་ཡི་ཕྱི་རོལ་དམ་ཅན་སྡེ་བརྒྱད་དམག །གནོད་སྦྱིན་སྲིན་པོ་ཤ་ཟ་གཤིན་རྗེ་བདུད། །མ་མོའི་ཆ་ལུགས་ཁྲོ་གཏུམ་མཚོན་ཆ་ཐོགས། །གནམ་ས་བར་སྣང་ཀུན་གང་ཐམས་ཅད་ཀྱང་། །སྒྲུབ་པོའི་རེ་བ་ཚུལ་བཞིན་སྐོང་བའོ། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་བསིལ་བའི་ཚལ། །ཙནྡན་སྡོང་པོའི་དྲུང་ནས་ནག་པོ་ཆེ། །སྟེང་ན་བླ་མ་གཡས་ན་དཔའ་བོ་དང་། །གཡོན་ན་དཔའ་མོ་མདུན་ན་བཀའ་སྡོད་བཅས། །སྐད་ཅིག་ཉིད་ལ་ཌཱ་རུ་གཡེར་


PS004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་སྒྲ། །སིལ་སིལ་ཁྲོལ་ཁྲོལ་འུར་འུར་བྱོན་པར་གྱུར། ཞེས་པ་ནི་མངོན་རྟོགས་འཛིན་བརྗོད་བདེ་བར་བསྡུས་པ་སྟེ། ཕྲིན་ལས་རྒྱས་པ་འདི་བཏང་ཕྱིན་སྐབས་རེར་མངོན་རྟོགས་ཀྱི་ཚིག་ཚོགས་བསྡུས་པ་དེ་ཙམ་བྱེད་ན་མ་གཏོགས་གཞན་བསྡུས་ཡོད་པ་མ་ཡིན་ནོ། །སྤྱན་འདྲེན་གྱི་ཐོག་མར་གྲུབ་ཆེན་ཁྱུང་པོས་མཛད་པ་འདི་ཉིད་བྱ་སྟེ། ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ། །ལྷ་ཆེན་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །རིག་འཛིན་སྲུང་མ་གཤེགས་སུ་གསོལ། །ཞིང་སྐྱོང་ནག་པོ་


PS004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །འཁོར་གྱི་དམག་ཚོགས་གཤེགས་སུ་གསོལ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམ་སེར་རལ་པ་ཅན། །རལ་པའི་ཐོར་ཅོག་གྱེན་དུ་བསྒྲེངས། །རལ་པའི་གསེབ་ནས་མེ་སྟགས་འཕྲོ། །མེ་སྟགས་འཕྲོས་པས་བགེགས་རྣམས་བསྲེག །སྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དམ་ཉམས་དགྲ་བོའི་གདན་སྟེང་ན། །བརྐྱང་བརྐུམ་ཚུལ་དུ་བཞུགས་པ་སྟེ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས། །རྣོ་གདུག་མཆེ་བ་བགེགས་ལ་གཙིགས། །


PS004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཐོད་རློན་འབར་བའི་དོ་ཤལ་འཕྱང་། །ཡན་ལག་ལྷུ་ཚིག་སྦྲུལ་གྱིས་བརྒྱན། །ནག་པོ་ཀླུ་བདུལ་ཆེན་པོ་ཁྱོད། །བ་སྤུའི་བུ་ག་ཐམས་ཅད་ནས། །སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །དམ་ཉམས་དགྲ་ལ་སྤྲུལ་པ་འགྱེད། །རལ་པ་སྤྲུགས་པས་ཁམས་གསུམ་འགེངས། །སྟོང་གསུམ་བྱུང་པོ་རྡུལ་དུ་རློག །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གནམ་ལྕགས་འབར་བའི་གྲི་གུག་གིས། །དགྲ་བགེགས་འབྱུང་པོའི་སྲོག་རྩ་གཅོད། །ཕྱག་དྲུག་གཡོན་གྱི་དང་པོ་ན། །བྷནྡྷ་ཁྲག་གིས་གང་བ་བསྣམས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ། །ཕྱག་དྲུག


PS004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་བར་པ་ན། །ཐོད་སྐམ་འབར་བའི་ཕྲེང་བ་འདྲེན། །འགྲོ་དྲུག་སེམས་ཅན་འདྲེན་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། ཁ་ཊྭཱྃ་རྩེ་གསུམ་བསྣམས་པ་ནི། །འབྲས་བུ་སྐུ་གསུམ་བརྙེས་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །མ་མོ་མཁའ་འགྲོ་གཤེགས་སུ་གསོལ། །འདིར་བྱོན་ཤ་ཁྲག་གཏོར་མ་བཞེས། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བདུད་ཞགས་ནག་པོ་བསྣམས་པ་ནི། །བསྟན་པ་བཤིགས་པའི་རྐེ་ལ་ཐོབ། ཁྱོད་ཀྱི་འཁོར་གྱི་ཕོ་ཉའི་ཚོགས། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །གནོད་སྦྱིན་


PS004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་དང་གནོད་སྦྱིན་མོ། །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པ། །དམ་བཅའ་བཞིན་དུ་འདིར་གཤེགས་ཤིག །འབྲུ་བཅུད་ཆང་དང་རཀྟ་ཁྲག །མཱཾ་ས་ཤ་དང་རུས་པའི་ཚོགས། །དམ་རྫས་གཏོར་མ་འདི་མཆིས་ཀྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བ་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ན། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྡེ་བརྒྱད་མ་མོ་མཁའ་འགྲོས་བསྐོར། །ནག་པོ་མི་བཟད་བསམ་ལས་འདས། །ལྷ་མོ་དཀར་ནག་བགྲང་དུ་མེད། །སྣང་སྲིད་ཐམས་ཅད་ཁྱོད་ཀྱི་བྲན། །སྲིད་གསུམ་ཐམས་ཅད་ཁྱོད་ཀྱི་འཁོར། །


PS004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཅན་རྣམས་ལས་མཁན་ཏེ། །སྟོང་གསུམ་སྐད་ཅིག་གློག་ལྟར་མྱུར། །སྡང་དགྲ་གནོད་བགེགས་ཐལ་བར་རློག །བདག་ཅག་དམ་ཚིག་སྒྲུབ་པ་པོ། །འདས་དང་བཞུགས་པའི་སངས་རྒྱས་ཀྱི། །སྤྱན་སྔར་ཞལ་བཞེས་དྲན་དགོངས་ལ། །གཏོར་མ་རི་ལ་རཀྟའི་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་རྟེན་རྣམས་ཚང་། །དམ་ཚིག་ལྡན་པའི་གནས་འདིར་གཤེགས། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །


PS004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །དཀྱིལ་འཁོར་གནས་འདིར་གཤེགས་ནས་ཀྱང་། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྟགས་དང་མཚན་མ་བསྟན་པ་དང་། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཀྵིཾ། ཀྵིཾ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དེ་ནས་ཀྵིཾ་གི་གནས་སུ་ཨེ་ཧྱི་ཧེ་བཅུག་པ་དང་། བཛྲ་ས་མཱ་ཛཿབཅུག་པ་ལན་གསུམ་གསུམ་བརྗོད་པས། མྱུར་མཛད་འཁོར་བཅས་སྤྱན་དྲངས། ཧཱུྃ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབ་པའི་གནས་འདི་རུ། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། །པདྨ་ཀ་མ་ལཱ་ཡ་སྟྭཾ།


PS004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ༴ པཱདྱཾ༴ མེ་ཏོག༴ པུཥྤེ༴ བདུག་སྤོས༴ དྷཱུ་པེ༴ སྣང་གསལ༴ ཨཱ་ལོ་ཀེ༴ དྲི་ཆབ༴ གནྡྷེ༴ ཞལ་ཟས༴ ནཻ་ཝི་དྱ༴ རོལ་མོ༴ ཤབྡ༴ མཆོད་པ་འབུལ་བ་ཤིན་ཏུ་བསྡུ་ན། མཆོད་ཡོན་སོགས་སོ་སོར་མི་བྲལ་བར་ལྷ་རྫས་བཟང་པོའི་ཕྱི་མཆོད་འདི། ཞེས་དང་། སྔགས་ཀྱང་ཨརྒྷཾ་པཱདྱཾ་སོགས་ཆབ་གཅིག་སྤྲེལ་ན་རུང་། འབྲིང་དུ་བྱེད་ན་གཞུང་ལྟར་དང་། རྒྱས་པར་བྱེད་ན་དེ་སྟེང་ལྷ་རྫས་བཟན་པོའི་གཟུགས་མཆོག་འདི།


PS004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ་པ་ཞེས་དང་། དེ་བཞིན། སྒྲ་སྙན༴ ཤབྡ༴ དྲི་མཆོག༴ གནྡྷེ༴ རོ་མཆོག༴ ར་ས༴ རེག་བྱ༴ སྤརྴེ༴ ཞེས་འདོད་ཡོན་ལྔ་མཆོད་ཀྱང་འབུལ། གང་ལྟར་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པ། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ནས་རྒྱུན་གྱི་ཉམས་ལེན་གཏོར་ཆོག་ཙམ་བྱ་བར་འདོད་ན། འོག་གི་གཏོར་མ་འབུལ་བ་མན་ཆད་བྱས་ཀྱང་རུང་ལ། ཡང་བླ་མ་མགོན་པོ་དབྱེར་མེད་དང་། གྲིབ་སེལ་དང་གནད་དབབ་ཀྱི་བཀའ་ལེགས་པར་ཐོབ་ཅིང་། དེ་དག་གི་དོན་ཉམས་སུ་ལེན་པར་འདོད་ན། དམིགས་པ་དང་གནད་རྒྱས་པ་རྣམས་མན་ངག་ལྟར་ཤེས་པར་བྱས་ལ། དང་པོ་བླ་མ་མགོན་པོའི་གསོལ་འདེབས་ནི།


PS004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་དབུ་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་གཏོད་ཅིང་། གཡོན་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་ནས་བརྩམས་ཏེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མའི་སྐུ་ལས་འོད་འཕྲོས། མགོན་པོ་ལ་ཕོག །མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འུར་འུར། སིལ་སིལ་གར་མཛད། མགོན་པོ་ལས་འོད་འཕྲོས། བླ་མའི་སྐུ་ལ་ཐིམ། བླ་མ་འོད་དང་བདེ་བའི་རང་བཞིན་དུ་གྱུར། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ། ཁྲོལ་


PS004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་གར་མཛད། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ༴ དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ་གསོལ་བ༴ །མངའ་བདག་མེ་ཏྲི་པ་ཆེན་པོ་ལ༴ །གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་ལ༴ །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ༴ །རྟོགས་ལྡན་ཞང་


PS004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆོས་སེང་ལ༴ །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ༴ །གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴ །འགྲོ་མགོན་སངས་རྒྱས་སྟོན་པ་ལ༴ །མཁས་གྲུབ་ཤངས་སྟོན་ཆོས་རྗེ་ལ༴ ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ༴ །བྱ་བྲལ་རི་ཁྲོད་རས་ཆེན་ལ༴ །མཁྱེན་ལྡན་ཤངས་པ་དཀར་པོ་ལ༴ །མཉམ་མེད་སངས་རྒྱས་དཔལ་བཟང་ལ༴ །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ༴ །རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ༴ །རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ༴ །ཆོས་སྐུ་ལྷ་དབང་གྲགས་པ་ལ༴ །རྗེ་བཙུན་ཏཱ་ར་ནཱ་ཐ་ལ༴ །རྒྱལ་ཚབ་རིན་ཆེན་རྒྱ་མཚོ་ལ༴ །རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ་ལ༴ །མཁས་གྲུབ་བློ་གྲོས་རྣམ་རྒྱལ་ལ༴ །ཆོས་རྗེ་ངག་དབང་ཕྲིན་ལས་ལ༴ །ཆོས་


PS004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཀུན་བཟང་དབང་པོ་ལ༴ །རིག་འཛིན་ཚེ་དབང་ནོར་བུ་ལ༴ །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ༴ །བསྟན་འཛིན་ཆོས་ཀྱི་ཉི་མ་ལ༴ །བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་ལ༴ །པདྨ་ཉིན་བྱེད་དབང་པོ་ལ༴ །རྒྱལ་སྲས་བློ་གྲོས་མཐའ་ཡས་ལ༴ །མཁན་ཆེན་བཀྲ་ཤིས་འོད་ཟེར་ལ་གསོལ་བ་འདེབས་སོ། །ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རི་ེ། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ག་ཛོ་གི་ནཱི། སརྦ་བུདྡྷཱ་བོ་དྷཱི་ས་ཏྭ་ཡ་ཤ་རཱ་ཱི། གཙྪ་མི། ཀྱཻ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་


PS004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤོག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་


PS004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བྱིན་གྱིས་རློབས་ཤིག །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ། གཉིས་པ་གྲིབ་སེལ་ནི། མགོན་པོའི་དབུ་གཙུག་ཏུ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་པས་མཉམ་གཞག་གི་སྟེང་དུ་ཐོད་པ་བདུད་རྩིས་གང་བ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་


PS004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། སྟེང་གི་ནམ་མཁའ་ལ་འཁོད་པར་གྱུར། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་ཉི་ཤུ་རྩ་གཅིག་བཟླས་པའི་མཐར། རྡོ་རྗེ་འཆང་དང་དཔལ་ལྡན་ཤ་ཝ་རི། །རྒྱལ་བ་མཻ་ཏྲི་གྲུབ་ཆེན་རཱ་ཧུ་ལ། །ཨ་མི་དེ་བ་ལོ་ཀི་ཤྭ་ར་དང་། །ཧ་ཡ་གྲཱི་བ་པདྨ་འབྱུང་གནས་དཔལ། ཁྱུང་པོ་ཛོ་ཀི་རཏྣ་བཱིརྱ་དང་། །དྷརྨ་སིཾ་ཧ་དྷརྨ་པྲཛྙཱ་དང་། །བཱིརྱ་སིཾ་ཧ་ཤངས་སྟོན་ཆོས་རྗེ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པ། །འཇིག་རྟེན་རྟོག་བཅས་དབང་གྱུར་མཐོལ་ལོ་བཤགས། །སྐུ་


PS004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་མཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་ཕྲིན་ལས་ཕུན་ཚོགས་ཤིང་། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སེལ། །འདུ་འབྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནགས་མཐའ་ཆུ་གླིང་བས་མཐའ་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་སྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས།


PS004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་སྐུ། ཁྱོད་ལ་ཡིད་ཆེས་མོས་གུས་འབྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་དང་བཅས་ནས་ཀྱང་། །ལྷ་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པ་ལ་ཛི་ན་མི་ཏྲ་དང་། །ཌཱཀྐི་རཱ་ཛ་ཏྲཀྴད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱེད་ཀྱིས་ཁས་


PS004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དམ་བཅས་བཞིན། །བདག་གི་ཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡི་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏོང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས། །མངོན་ཤེས་མེད་པས་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིགས་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་གཅོད་མ་བགྱིས་པར། །གསང་བ་བསྒྲགས་ཤིང་བྱམས་བགྱིས་མཐོལ་ལོ་བཤགས། །དམ་ཉམས་གྲིབ་ཕོག་གཏམ་འདྲེས་ཟས་ཟོས་དང་། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ༴ །སྐུ་ཡི་དམ་ཚིག་ཉམས་པ་


PS004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ༴ །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ༴ །ཐུགས་ཀྱི་དམ་ཚིག་ཉམས་པ༴ །རྩ་བའི་དམ་ཚིག་ཉམས་པ༴ །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ༴ །ཚོར་ཏེ་དམ་ཚིག་ཉམས་པ༴ །མ་ཚོར་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དུས་འདིར་སྩལ་དུ་གསོལ། །བཤགས་དང་བཤགས་པར་བྱ་བ་མ་དམིགས་ཀྱང་། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །དེ་ལྟར་གདུང་


PS004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་དྲག་པོ་དང་ལྡན་པས་བཤགས་པ་བྱས་ལ། སྐང་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས། བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་བཀོད་པ་འཇིགས་སུ་རུང་བ་དང་ལྡན་པའི་དབུས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་རྫས་ལ་སོགས་པ་དགྱེས་ཤིང་མཐུན་པའི་རྫས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ། ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་དགྱེས་པ་སྐོང་བའི་བྱེད་ལས་དང་ལྡན་པའི་དམ་ཚིག་གི་མཆོད་སྤྲིན་ཚད་མེད་པས་ནམ་མཁའི་ཁམས་རྒྱས་པར་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་


PS004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ཁཾ་ཨངྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཧཱུྃ། སྤྱན་རས་གཟིགས་དབང་ཐུགས་རྗེས་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཐུགས་དམ་བསྐང་ཕྱིར་དད་པས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་འདིར་གཤེགས་བརྟན་པར་བཞུགས། །མཆོག་གསུམ་རྩ་གསུམ་སྔགས་རྒྱ་ཏིང་ངེ་འཛིན། །ཆོས་ཉིད་རྟེན་འབྲེལ་བསླུ་མེད་བདེན་པ་ཡིས། །མཆོད་པས་དམ་རྫས་ཞིང་ཁམས་ཀུན་ཁྱབ་པས། །མགོན་འཁོར་བཅས་དགྱེས་པ་སྐོང་གྱུར་ཅིག །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོའི་སྒྲ། །གདུགས་


PS004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་མཚན་བ་དན་ལྷབ་ལྷུབ་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་སྐང་། །རི་རབ་གླིང་བཞི་ཉི་ཟླ་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་བརྒྱད་དང་དཔག་བསམ་ཤིང་། །ཡིད་བཞིན་ནོར་སོགས་སྲིད་གསུམ་དཔལ་འབྱོར་གྱིས། །ཡེ་ཤེས་མགོན་པོ་འཁོར་བཅས༴ །འཇའ་འོད་མེ་ཏོག་ཆར་དང་ནོར་བུའི་སྤྲིན། །རིན་ཆེན་རི་བོ་མ་རྨོས་ལོ་ཏོག་འབྲུ། ཁྲུས་རྫིང་སྐྱེད་ཚལ་འདོད་འཇོའི་བ་མོ་ཡིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ །སྣ་ཚོགས་གཟུགས་དང་སྣ་ཚོགས་སྒྲ་དབྱངས་དང་། །སྣ་ཚོགས་དྲི་དང་སྦྱར་བའི་བདེ་བསྐྱེད་ཆབ། །བཅུད་ལྡན་བཟའ་བཏུང་རེག་འཇམ་གོས་མཆོག་


PS004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །ཡེ་ཤེས་མགོན་པོ༴ །འཇིགས་རུང་དུར་ཁྲོད་དྲག་པོའི་ཕོ་བྲང་བཀོད། །གཡང་གཞིའི་བླ་བྲེ་རྒྱུ་རློན་ལྔ་ལྡིང་འཕྱར། །ཞིང་ཆེན་རྒྱལ་མཚན་རོ་སྐྲའི་རྔ་ཡབ་ཀྱིས། །ཡེ་ཤེས་མགོན་པོ༴ །སྙིང་ཁྲག་ཨརྒྷཾ་དུག་ཆུའི་ཞབས་བསིལ་དང་། །དབང་པོའི་མེ་ཏོག་བམ་ཆེན་བསྲེགས་པའི་གསུར། །ཞུན་ཆེན་སྣང་གསལ་ཁྲག་མཁྲིས་ཞག་གི་ཆབ། །ཡེ་ཤེས་མགོན་པོ༴ །ཤ་རུས་དོན་སྙིང་བ་ལིཾ་རི་ལྟར་སྤུངས། །འབྲུ་བཅུད་དང་སྦྱར་བདུད་རྩིའི་རྒྱ་མཚོ་བསྐྱིལ། །བསད་ཁྲག་རྦ་རླབས་དགུང་དུ་འཁྱིལ་བ་ཡིས། །ཡེ་ཤེས་མགོན་པོ་འཁོར༴ །ཐོད་རྔ་རྐང་གླིང་རྔ་རོལ་སྙན་བརྗིད་དབྱངས། །གུ་གུལ་ཤ་ཆེན་དུག་ཡུངས་བསྲེགས་པའི་


PS004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས། །དར་ནག་བ་དན་མི་ལྤགས་གཡབ་མོ་ཡིས། །ཡེ་ཤེས་མགོན་པོ་འཁོར༴ །བྱ་ནག་རྟ་ནག་དྲེལ་ནག་དོམ་ནག་དང་། །གཡག་ནག་ལུག་ནག་ཁྱི་ནག་བཅུ་གསུམ་སོགས། །སྣ་ཚོགས་རྒྱན་སྤྲས་ཕྱི་ཡི་རྟེན་རྣམས་ཀྱིས། །ཡེ་ཤེས་མགོན་པོ༴ །མེ་ལོང་དར་ནག་སྔགས་བྱུང་བརྟགས་པའི་མདའ། །བྱ་རྒོད་སྒྲོ་དང་གྲི་ལྕགས་མདེའུས་སྤྲས། །ནལ་བུའི་རྒྱལ་མཚན་ལ་སོགས་ནང་རྟེན་གྱིས། །ཡེ་ཤེས་མགོན་པོ༴ །སྲོག་སྔགས་སྨན་འབྲུ་རིན་ཆེན་དར་ཟབ་ཀྱིས། །ལེགས་པར་བཀང་བའི་གྲི་རྒོད་ཙིཏྟ་དང་། །ནལ་བུ་དོམ་ནག་སྙིང་སོགས་གསང་རྟེན་གྱིས། །ཡེ་ཤེས་མགོན་པོ༴ །མཁའ་སྤྱོད་དགའ་མའི་ཆོས་འཁོར་ཐབས་ཤེས་ཀྱི། །


PS004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་གར་རང་སེམས་བླ་མ་དབྱེར་མེད་པ། །སྣང་སྟོང་སྐུ་ལ་མི་ཕྱེད་གདུང་ཤུགས་ཀྱིས། །ཡེ་ཤེས་མགོན་པོ༴ །བསྐྱེད་རིམ་ལྷ་བསྒོམ་བྲིས་འབུར་སྐུ་ཡི་རྟེན། །རླུང་སྔགས་བཟླས་པ་སྲོག་འཁོར་གསུང་གི་རྟེན། །ཕྱག་རྒྱ་ཏིང་འཛིན་ཕྱག་མཚན་ཐུགས་ཀྱི་རྟེན། །ཡེ་ཤེས་མགོན་པོ༴ །བྷནྡྷ་ཞྭ་ནག་བེར་ཕོད་ཡོན་ཏན་རྟེན། །ཞི་རྒྱས་དབང་དྲག་ལས་སྦྱོར་ཕྲིན་ལས་རྟེན། །དྲག་པོའི་རུ་མཚོན་ཆས་ཞུགས་གར་འཆམས་ཀྱིས། །ཡེ་ཤེས་མགོན་པོ༴ །གླང་ཀོ་སྟག་ལྤགས་ཞིང་ཆེན་གཡང་གཞི་དང་། །ཐོད་ཕྲེང་དོ་ཤལ་ཕྱག་རྒྱ་རྣམ་པ་དྲུག །སྦྲུལ་ཆུན་སིནྡྷུ་ར་ཡི་བྱུགས་པ་ཡིས། །ཡེ་ཤེས་མགོན་པོ༴ །གོ་མཚོན་སྣ་ཚོགས་རྒྱན་གྱི་བྱེ་བྲག་དང་། །སྤྱན་


PS004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དཀོར་ཆས་བསམ་གྱིས་མི་ཁྱབ་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ཡེ་ཤེས་མགོན་པོ༴ །བླ་མེད་བྱང་ཆུབ་བསྙེན་ཅིང་སྒྲུབ་པ་དང་། །ལས་བཞིའི་འཁྲུལ་འཁོར་སྲུང་ཟློག་དྲག་ཤུལ་གྱིས། །མངོན་སྤྱོད་རིག་སྔགས་དམོད་པའི་སྦྱོར་བ་ཡིས། །ཡེ་ཤེས་མགོན་པོ༴ །བཅུ་དྲུག་རིག་མའི་དགའ་བཞིའི་རོལ་རྩེད་དང་། །དུག་གསུམ་ཁམས་གསུམ་རྩད་ནས་བཅད་པ་ཡི། །སྦྱོར་སྒྲོལ་ག་ཎ་ཙ་ཀྲཱི་གསང་བ་ཡིས། །ཡེ་ཤེས་མགོན༴ །འབར་འཛག་བདེ་ཆེན་འཁོར་འདས་སྒྱུ་མའི་ངང་། །སྤྲོས་བྲལ་འོད་གསལ་རང་ཤར་ལྷ་ཡི་སྐུ། །མཆོག་གི་ཕྱག་ཆེན་ཐུན་མོང་གྲུབ་བརྒྱད་ཀྱིས། །ཡེ་ཤེས་མགོན་པོ་འཁོར༴ །


PS004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྒྲུབ་མཆོད་སྐོང་ཁྱད་པར་དམ་ཚིག་དང་། །སྲིད་ཞིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ནི། །ཆོས་དབྱིངས་ནམ་མཁའི་མཐར་ཐུག་ཡོངས་སུ་གང་། །ཡིད་ཆེས་མོས་གུས་རྩེ་གཅིག་གདུང་ཤུགས་ཀྱིས། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །བློ་འཕེལ་དབང་གི་རྒྱལ་པོའི༴ །ཚེ་བདག་སྣ་ཚོགས་མཁའ་འགྲོའི༴ །མ་གཅིག་དཔལ་ལྡན་ལྷ་མོའི༴ །གནོད་སྦྱིན་ཀྵེ་ཏྲ་པཱ་ལའི༴ །དབང་ཕྱུག་ཛི་ན་མི་ཏྲའི༴ །གཤིན་རྗེ་ཌཱ་ཀི་རཱ་ཛའི༴ །བདུད་མགོན་ཏྲཀྴད་ནག་པོའི༴ །གཙང་རིས་དཔལ་མགོན་བདུན་བཅུའི༴ །བཀའ་སྡོད་དམ་ཅན་རྒྱ་མཚོའི༴ །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི༴ །


PS004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་ལས་བྱེད་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་དབྱིངས་སུ་བསྐངས་ནས་ཀྱང་། སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །ཆགས་ཉམས་འགལ་འཁྲུལ་བྱང་ཞིང་སོར་ཆུད་ནས། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །ཆོས་འཁོར་དབེན་གནས་རྣལ་འབྱོར་འཁོར་བཅས་སྐྱོངས། །ཕྱི་ནང་གསང་བའི་འགལ་རྐྱེན་ཐམས་ཅད་སོལ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཟློག །འདི་ཕྱི་བར་དོའི་འཇིགས་པ་ཀུན་ལས་སྐྱོབས། །མི་ནོར་ཟས་གསུམ་བཤད་སྒྲུབ་འདུ་བ་སྤེལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །བསྟན་པ་ཡར་ངོའི་ཟླ་བཞིན་རྒྱས་མཛད་གསོལ། །ཐུགས་


PS004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཐུགས་དམ་གཉན་པོ་མ་གཡེལ་བར། །མོས་པའི་བུ་ལ་རྟག་ཏུ་ཐུགས་རྗེས་གཟིགས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་དང་། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཡང་ཚར་གྲངས་གསོག་བདེར་ལྟ་བུར་དེ་ལས་བསྡུས་པར་འདོད་ན་ཆགས་མེད་རིན་པོ་ཆེས་མཛད་པ་འདི་ལྟར་བྱ་སྟེ། ཧཱུྃ། མྱུར་མཛད་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆགས་བསྐང་ལ་ཞིག་རལ་གསོ། །གནོང་འགྱོད་སེམས་མཁོན་ཐམས་ཅད་སྦྱང་། །གནམ་ལྕགས་རྭ་དང་གློག་གི་ལྕེ། །སྤྲིན་ནག་འཁྲུགས་འདྲའི་སྤུ་ཞོལ་ཅན། །གཡག་ལུག་དར་སྣས་བརྒྱན་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །


PS004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུག་ལྡེམས་བྱ་རྒོད་སྒྲོ་ཡིས་བརྒྱན། །གནམ་ལྕགས་ངར་མའི་མདེལ་གྱིས་མཐུད། །དར་ནག་གཅོད་པན་གཡོ་བ་འདིས། །མགོན་པོ་འཁོར་བཅས་ཐུགས༴ །བསྟན་ལ་སྡང་བའི་དགྲ་བོ་ཡིས། །དོན་སྙིང་ལག་གིས་དམར་འབྱིན་བྱས། །རིན་ཆེན་འབྲུ་སྨན་སྙིང་པོས་བཀང་། །མགོན་པོ་འཁོར་བཅས༴ །དཀོན་མཆོག་གསུམ་དངོས་བླ་མ་དང་། །དབྱེར་མེད་མྱུར་མཛད་མགོན་པོ་ལ། །ཡིད་ཆེས་དྲག་པོའི་ངེས་ཤེས་འདིས། །མགོན་པོ་འཁོར་བཅས༴ །དམར་ཆེན་གཏོར་མ་རི་ལྟར་སྤུངས། །ཆང་དང་རཀྟ་མཚོ་ལྟར་བསྐྱིལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་འདིས། །མགོན་པོ་འཁོར་བཅས༴ ཁྱོད་ཀྱི་ཐུགས་དམ་ངས་བསྐང་གིས། །


PS004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ལས་རྣམས་ཁྱོད་ཀྱིས་སྒྲུབ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །འབོད་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །གཡབ་པའི་ཚེ་ན་སྤྱན་མ་རྡུལ། །མངགས་པའི་ཚེ་ན་བང་མ་འབུལ། །ཇོ་བོར་བསྟེན་ན་དབང་མ་ཆེ། །གྲོགས་པོར་བསྟེན་ན་གཞུང་མ་ངན། །ཤག་ལྟར་བསྟེན་ན་ཁྲེལ་མ་ཆུང་། །མ་ལྟར་བསྟེན་ན་སྙིང་མ་སྲ། །སྲིང་ལྟར་བསྟེན་ན་ཞེ་མ་ངན། །བྲན་ལྟར་བསྟེན་ན་སྙིང་མ་རིང་། །སྔར་བྱས་ལས་ཀྱི་བཏང་རགས་གཏོང་། །ད་ལྟ་ལས་ཀྱི་གཉེར་ཟས་འདྲེན། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་བཤགས་པ་ནི། ཧཱུྃ།


PS004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འཁོར་བཅས་སྤྱན་སྔ་རུ། །བདག་གིས་བག་མེད་དབང་གྱུར་པས། །རྟེན་རྫས་མ་ཚང་མཆོད་ཚོགས་ཆུང་། །བསྐྱེད་རིམ་མ་གསལ་སྔགས་མ་དག །རྗེན་འཐག་སྤོས་སྦྱོར་མ་འཛོམ་དང་། །བྱ་ཁྱི་ནག་པོར་འཚེ་བ་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །མི་བསྒྲིབས་ཚངས་པའི་དངོས་གྲུབ་སྩོལ། །འདིའི་ལུགས་སུ་མན་ངག་གི་ཡིག་བརྒྱའང་བཟླ་བར་གསུངས། སངས་རྒྱས་གཉན་སྟོན་གྱིས་མཛད་པར་གྲགས་པའི་སྐོང་བ་འདི་ནི་གཉན་སྟོན་གྱི་གསུང་དུ་མི་སྣང་ལ་གྲོང་སྔགས་པ་མི་མཁས་པ་རྙིང་མའི་ཚིག་རྣ་བར་ཐོས་པ་ཞིག་གི་ལས་སུ་དོགས། མཁས་གྲུབ་རྗེའི་གཏོར་ཆོག་ཏུ་བཀོད་པ་འདིའང་རྗེ་ཡབ་སྲས་གང་རུང་གི་གསུང་ལས་ཤངས་ལུགས་ཀྱི་ཡིག་རྙིང་ནི་མ་ཡིན་ཅིང་ཚིག་ཚོགས་ཅུང་མང་བས་འདིར་ཁྱེར་བདེར་བྱས་པའོ། །གསུམ་པ་གནད་དབབ་ནི།


PS004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་དབུ་གཙུག་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད། སྐུ་མདོག་དམར་པོ་གཡས་ཐོད་པའི་ཌཱ་མ་རུ་ཁྲོལ་ཞིང་། གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། སྒེག་ཅིང་ལང་ཚོ་ལ་བབ་པ། ཆགས་པའི་ཉམས་ཅན། སྤྱན་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་གསུམ་དབང་དུ་སྡུད་པ། སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་དཔྲལ་བར་སིནྡྷུ་རའི་ཐིག་ལེ་གྲུ་གསུམ་གྱི་སྟེང་ན་ཡི་གེ་ཧྲཱིཿདམར་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ལང་ཚོ་མ། ཞལ་གཅིག་ཕྱག་གཉིས་མ། གཡས་ཅང་ཏེའུ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ།


PS004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་གར་སྟབས་ཅན། སྤྱན་གསུམ་ནམ་མཁའ་ལ་ཧྲཱིག་ཧྲཱིག་གཟིགས་ཤིང་གར་མཛད་པ་བཅུ་གསུམ་སྒྲོལ་མའི་ངོ་བོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པ་བརྒྱ་རྩལ་སོགས་པ་བཟླ། རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་རྣམས་ཁ་དོག་ནག་པོ་འོད་ཟེར་དམར་པོ་འཕྲོ་བ། ཕྲེང་རྡོག་ལྟར་གནས་པ་ལ། འོད་ཟེར་སྣ་ལྔ་ཕྲེང་ཐག་གི་ཚུལ་དུ་བརྒྱུས་པས། རང་གི་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་པ་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་བྱུང་། མགོན་པོའི་ལྟེ་བ་ནས་


PS004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། བདག་གི་ལྟེ་བར་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པར་གྱུར། དེ་ལྟར་རྟག་ཏུ་འཁོར་ལོ་ལྟར་འཁོར་བར་བསམས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་དང་། ཕཊ་གཉིས་དང་། སྭཱ་ཧཱ་བསྣན་པ་ཡི་གེ་ཉེར་གཉིས་པ་ཡང་རུང་སྟེ། སྙིང་པོ་ཅི་འགྲུབ་བཟླས། དྲག་པོའི་བཟླས་པའི་དམིགས་པ་གསལ་བཏབ་སྟེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧཱ་རི་ཱེ། ཨེ་ཥེ྅་པཉྩི་མ་ཀཱ་ལོ྅་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི་ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲིཧྞ་གྲིཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་ནི་དྲག་སྔགས་ཏེ། འབོད་རྦད་བསད་གསུམ་ཡང་འདི་ལ་ཚང་བར་བཞེད་དོ། །ཨོཾ་ཤྲཱི་དེ་བཱི་ཧཱུྃ་ཕཊ། ལྷ་མོའི་མཚན་སྔགས་སོ། །བྷྱོ་


PS004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་ནག་མོ་བཻ་ཏཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོའོ། །ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཏཱཀྐི་རཱ་ཛ་ས་མ་ཡཱ་བྷྱོཿདུ་ཛ་ཧཱུཾ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ལས་མཁན་བཞིའི་སྙིང་པོའོ། །དེ་ལྟར་བཟླས་པ་ཅི་འགྲུབ་བྱས་ནས། མཐར་མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་ནས་དགེས་པར་གྱུར། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པའམ། ཨོཾ་བཛྲ་མ་ཧཱ་ཀཱ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཏྲ་ཀ་རག་མོ་བ་ལིཾ་ཏ་མཾ་ས་རཀྟ་རུ་དྷི་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ་འཁོར་རྣམས་ལ་སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་


PS004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏགས་ལ་ལན་གསུམ་གསུམ་གྱིས་ཕུལ། མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། གོང་ལྟར་ནང་མཆོད་ཕུལ་ལ། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟེན།


PS004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །ལང་ཀ་པུ་རི་གསུམ་བསྲེགས་ཤིང་། །སངས་རྒྱས་བསྟན་སྐྱོང་བདུད་དཔུང་འཇོམས། །ཞལ་གཅིག་ཕྱག་དྲུག་ནག་པོ་ཆེ། །འཇིགས་པའི་གཟུགས་ཅན་ཁྱོད་ལ་བསྟོད། །བྷྱོ། ཁྲག་མཚོ་ཚིལ་ཆིལ་ཁོལ་བའི་ཀློང་


PS004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ན། །ཚོ་ཆེན་དྲེའུའི་སྟེང་ན་གཟི་བརྗིད་འབར། །མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་མ། །བདུད་ཀྱི་ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །སྐུ་ཡི་སྤྲུལ་པས་སངས་རྒྱས་བསྟན་པ་སྲུང་། །གསུང་གི་སྤྲུལ་པས་ཁམས་གསུམ་གཡོ་བར་བྱེད། །ཐུགས་ནི་མི་འགྱུར་འགྲོ་བའི་དོན་མཛད་མ། །མ་གཅིག་རེ་མ་ཏི་ལ་ཕྱག་འཚལ་ལོ། །ཧཱུྃ། དཔལ་ལྡན་མགོན་པོའི་ཕྱོགས་བཞིའི་བཀའ་ཉན་པ། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །མ་རུང་ཀུན་འདུལ་སྤྲུལ་པ་སྣ་ཚོགས་འགྱེད། །ལས་བྱེད་ཕོ་ཉ་བཞི་ལ་བདག་ཅག་བསྟོད། །དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང་། །མེ་ལྷ་སྲིན་པོ་རླུང་ལྷ་འབྱུང་པོ་དང་། །སྟེང་གི་ཚངས་པ་ས་ཡིས་ལྷ་མོ་


PS004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྤྲུལ་པའི་ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་བསྟོད། །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་གྲུབ་པར་འཛོད། །ཐུན་གཏོར་ཡོད་ན་སྒྲོན་མེ་གཙུགས་ཏེ་ཁང་སྟེང་ལ་སོགས་པར་འབུལ་ཞིང་། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང་། །ཌཀྐི་རཱ་ཛ་བདུད་མགོན་ཏྲཀྴད་སོགས། །དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་


PS004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་དྭཱི་པའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏོང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམས་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་རྒྱས་པའི་ལས་ནི་མྱུར་དུ་སྒྲུབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐུན་གཏོར་མེད་ན་རྒྱུན་གྱི་བསྙེན་པའི་སྐབས་སྤྱི་བསྟབ་འདི་བྱ་མི་དགོས། ཡིག་བརྒྱ་མང་


PS004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཟླས། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་དང་། མ་རྙེད་ཡོངས་སུ་མ་ཚངས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་མིན་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱི་བཟོད་མཛད་རིགས། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་གསལ་བར་ཤོག །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་


PS004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གི་སྙིང་གར་ཐིམ་པར་གྱུར། རྟེན་ཡོད་ན་བརྟན་བཞུགས་བྱ། སྨོན་ལམ་བཏབ། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་བཟང་ཚིམས་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡིས་རྗེས་འབྲངས་ཤིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་


PS004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་


PS004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་དོ། །ཡང་དཔལ་ལྡན་ལྷ་མོ་ཕྱག་བཞི་པ་ལ་མོས་ན། ཕྱག་གཡས་ན་རལ་གྲི་སྡིག་པའི་ཡུ་བ་ཅན་དང་གྲི་གུག །གཡོན་ནལ་བུའི་རྒྱལ་མཚན་དང་ཐོད་རློན་འཛིན་པ། ཡང་ན་ཕྱག་གཉིས་མ་གཡས་རལ་གྲི་འབར་བ་དང་། གཡོན་ཐོད་ཁྲག་འཛིན་པ། གཉིས་ཀ་ལ་ཡང་སྲིན་པོའི་ཡ་མགལ་སྒའི་སྔ་རུ་བྱས་པ་ཁྲྃ་བྃ་དང་། མ་མགལ་ཕྱི་རུར་བྱེད་པ་ལ་ནད་རྐྱལ་བཏགས་པ། སྔགས་ཀྱང་ཕྱག་བཞི་མ་ལ། ཨོཾ་མ་མ་སརྦ་ཙ་དྷུར་བྷཀྵ་ཛཿ རེ་མ་ཏི་འུར་བ་འུར་བ། ས་མ་ཏྲིར་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཕྱག་གཉིས་མ་དེ་ལ་ཡང་གོང་དཀྱུས་ལྟར་གྱི་སྔགས་དང་། ཨོཾ་ཏྲག་རག་མོ་རཀྟ་རུ་དྷིར་ཧཱུྃ་ཕཊ། ཅེས་པ་དང་། བསྟོད་པའི་སྐབས་སུ་ཡང་ཕྱག་གཉིས་མ་ལ། །རལ་གྲི་འབར་བ་དང་ནི་ཐོད་


PS004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛིན། །ཅེས་པ་དང་། ཕྱག་བཞི་མ་ལ་ནི། མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་བཞི་མ། །རལ་གྲི་གྲི་གུག་རྒྱལ་མཚན་ཐོད་རློན་འཛིན། །ཞེས་འདོན་པ་སྤོ། ལས་མཁན་རྣམས་ཀྱང་། ཀྵེ་ཏྲ་པཱ་ལ་སྨུག་ནག་དང་། ཛི་ན་མི་ཏྲ་ཅང་ཏེའུ་དང་ཐོད་ཁྲག་འཛིན་པ། ཌཱཀྐི་རཱ་ཛ་ཅང་ཏེའུ་དང་སྡིགས་མཛུབ་མཛད་པ་དང་། བདུད་མགོན་ཕྱག་བཞི་པ། མདུང་དམར་བེང་ཆེན་ཐོ་བ་ཐོད་ཁྲག་རྣམས་འཛིན་པ་ལྟར་བྱས་ཀྱང་རུང་། ཡང་ཛི་ན་མི་ཏྲ་གཡས་རྫས་ཀྱི་རྡོ་རྗེ་ཕ་ལམ་དང་། གཡོན་གཅོད་པའི་འཁོར་ལོ་འཕེན་པའམ་ཌཱ་མ་རུ་དང་འཁོར་ལོ་འཛིན་པ། ཌཀྐི་རཱ་ཛ་སྥུ་གྲི་དང་ཐོད་སྙིང་འཛིན་པ་ལྟར་རམ། གཤིན་རྗེ་གྲི་ཐོད་འཛིན་པ་ལྟར་ཡང་རུང་། ཡང་ཕྱག་མཚན་དཀྱུས་ལྟར་ལས། ཛི་ན་མི་ཏྲ་ལྗང་གུ་དང་། ཌཱཀྐི་རཱ་ཛ་དམར་པོ་བྱེད་པ་ཡང་ཡོད་དེ། དེ་དག་ཐམས་ཅད་གང་ལྟར་བྱས་ཀྱང་རུང་བའོ། །ལས་སྦྱོར་གྱི་ཚེ་ཞོན་པ་ཅན་དུ་བྱ་


PS004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ངེས་པར་ལྷ་མོ་དང་བདུད་མགོན་ཕྱག་བཞི་པར་བྱ། ཛི་ན་མི་ཏྲ་སེང་གེ་དང་། ཌཱཀྐི་རཱ་ཛ་སྟག་ལ་ཞོན་པ། ཕྱག་མཚན་སྔ་མ་ལྟར་རམ། སྤྱང་ཀི་ལ་ཆིབས་པ། ལྕགས་ཀྱུ་དང་ཞགས་པ་འཛིན་པར་བསྒོམས་ལ། གཏོར་མ་འབུལ་བ་ཡིན་ནོ། །འཁོར་རྣམས་རྒྱས་པར་བསྐྱེད་མ་ནུས་ན། གཙོ་བོའི་མངོན་རྟོགས་ཀྱི་རྗེས་སུ་འཁོར་རྣམས་ཀྱི་མཚན་ཙམ་བརྗོད་པའམ། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དཔྲལ་བར་ཨོཾ་ཞེས་པ་མན་ཆད་བྱ། གཏོར་ཆོག་འབྲིང་པོ་ནི། འཁོར་མི་བསྐྱེད་པར་གཙོ་རྐྱང་བསྐྱེད་ནས་སྤྱན་འདྲེན་པ་མན་ཆད་བྱ། མཆོད་པའི་ཚིག་བཅད་རྣམས་ཀྱང་དོར་བས་འགྲུབ་ཅིང་། བསྡུས་པ་ནི། དམ་ཚིག་པ་མི་བསྐྱེད་པར་ཡེ་ཤེས་པ་སྤྱན་འདྲེན་པ་ཡིན་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་སོགས་མན་ཆད་བྱ་སྟེ། འབྲིང་བསྡུས་གཉིས་ལ་གནས་གསུམ་གྱི་དམིགས་པ་བོར་ཏེ་གཏོར་མ་འབུལ་བ་སོགས་བྱའོ། །བསྙེན་པའི་དུས་མ་ཡིན་


PS004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུན་གྱི་བཟླས་པའི་སྐབས་ཀྱང་ཕལ་ཆེར་ཕྱི་མ་འདི་ཉིད་གཙོ་བོར་བཟུང་ངོ་། །བདག་བསྐྱེད་ནི། སྤྱིར་ཡི་དམ་གང་ལ་བརྟེན་ཀྱང་རུང་མོད་ཀྱི། གཙོ་བོར་ནི་བདེ་ཀྱེ་འཇིགས་བྱེད་རྟ་མགྲིན་རྣམས་གང་རུང་གཅིག་ལ་བརྟེན་ནས་མཛད་པར་སྣང་ངོ་། །བདག་མདུན་དབྱེར་མེད་དུ་བྱེད་པ་དང་ཐ་དད་དུ་བྱེད་ཀྱང་མགོན་པོ་གཙོ་རྐྱང་གི་མངོན་རྟོགས་དེ་ཉིད་དམ། གསང་སྒྲུབ་རྒྱན་ཅན་ལ་བརྟེན་པ་སོགས་ཀྱང་མན་ངག་ཁུངས་མ་ལས་ཀྱང་འབྱུང་ཞིང་། ལུང་རིག་དང་འགལ་བ་མེད་པའི་ཕྱིར་ཤིན་ཏུ་རུང་མོད་ཀྱི། འོན་ཀྱང་ལས་དང་པོ་པ་རྣམས་ཀྱིས་དཀྱུས་ལྟར་ཉམས་སུ་བླངས་ན་ཆོག་གོ །འདིར་སྨྲས་པ། དེ་ལྟར་བླ་མ་མགོན་པོ་དབྱེར་མེད་ཀྱི། །སྒྲུབ་ཐམས་མདོར་བསྡུས་ཙམ་ཞིག་བརྗོད་པ་འདི། །དམ་པ་སྔ་མ་རྣམས་ཀྱིས་ཡང་ནས་ཡང་། །གསལ་བར་མཛད་མོད་གཞན་གྱིས་བསྐུལ་བའི་ངོར། །ཤིན་ཏུ་གསལ་ཞིང་རྒྱས་བསྡུས་སྐྱོན་བྲལ་བར། །གོ་བདེའི་ཚིག་གིས་བརྗོད་ན་བློ་དམན་ལ། །ཕན་པར་


PS004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་མོས་པ་སྣ་ཚོགས་དང་། །མཚུངས་པའི་རིམ་པ་སོ་སོར་ཕྱེ་བ་ཡིན། །དགེ་དེས་བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །བར་ཆད་ཀུན་ཞི་མཐུན་རྐྱེན་ཀུན་འགྲུབ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོབ་པའི་རྒྱུར་གྱུར་ཅིག །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སྐད་ཅིག་ཙམ་གྱིས་ཚར་བཅད་དེ། །ཞི་རྒྱས་དབང་དང་དྲག་པོ་ཡི། །ཕྲིན་ལས་ཕྱོགས་བཅུར་སྤེལ་བར་ཤོག །ཅེས་པའང་མཆོག་ཏུ་གྱུར་པའི་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་རཱ་ན་ཐས་རང་ལོ་ཉེར་བདུན་པ་ནག་པ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་ལེགས་པར་སྦྱར་བའོ།། །།

དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ། ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་གསལ་བར་བཀོད་པ་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །


PS004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་ཡ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ནི། །བདུད་འདུལ་ནག་པོ་ཆེན་པོའི་སྐུར་སྟོན་པ། །བླ་མ་མགོན་པོ་དབྱེར་མེད་དེར་བཏུད་ནས། གཏོར་ཆོག་རྒྱས་པའི་ཁ་སྐོང་ཁྲིགས་སུ་དགོད། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་མགོན་པོའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་དགུང་གྲངས་ཉེར་བདུན་པར་མཛད་པ་འདི་ནི་ཉམས་སུ་ལེན་བྱ་ཐམས་ཅད་ཚང་ཞིང་གསལ་ལ་རྒྱས་པས་མགོན་པོ་འདིའི་རྣལ་བྱོར་


PS004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་མེད་དུ་མི་རུང་བའི་ཡིག་ཆ་ཡིན་ལ། དེ་ལས་བསྡུས་པ་ད་ལྟའི་སྒྲུབ་ཐབས་རིན་འབྱུང་གི་སྡེབས་སུ་བཞུགས་པ་འདིར་ནི་གྲིབ་སེལ་གནད་དབབ་རྒྱས་པར་འཛུད་པར་མ་གནང་བས་དེ་དག་གི་བཀའ་ཐོབ་ཅིང་བསྙེན་སྒྲུབ་བྱེད་པ་སོགས་ལ་ཅུང་ཟད་མི་བདེ་བར་མངོན་ཞིང་གཏོར་ཆོག་ཙམ་ལ་ཁྱེར་བདེ་བར་མཐོང་། ཡང་དེ་དག་ཚང་ཞིང་ཚིག་ཚོགས་ཤིན་ཏུ་བསྡུས་པ་དགུང་ལོ་ཉེར་གསུམ་པར་མཛད་པ་ཞིག་ཀྱང་འདུག་ལ། གང་དཀར་སྐུ་གཉེར་ཉི་མ་རྣམ་རྒྱལ་ལ་གནང་བའི་ཆེས་བསྡུས་པ་འདི་


PS004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་རྒྱུན་གྱི་རྣལ་འབྱོར་ལྟ་བུར་སྤྲོས་པ་མི་ལྕོགས་པ་རྣམས་ལ་ཉེ་བར་མཁོ་བ་ཡིན་ནོ། །འདི་དག་ཐམས་ཅད་ལའང་བཀའ་སྤྱི་དང་ཁྱད་པར་སྙིང་ཞུགས་བླ་མགོན་དབྱེར་མེད་ཀྱི་བྱིན་རླབས་དང་ཁྲིད་ནོས་ཤིང་བསྙེན་སྒྲུབ་ཉམས་ལེན་སྔོན་དུ་སོང་བདག་གིས་བདག་མདུན་གཉིས་ཀ་མགོན་པོ་གཙོ་འཁོར་དུ་བསྐྱེད་ཆོག་ལ། བཀའ་ཐུན་མོངས་པ་ཙམ་ལས་མ་ཐོབ་ཅིང་བསྙེན་སྒྲུབ་སྔོན་དུ་མ་སོང་བདག་གིས་ནི་བདག་ཉིད་ཡི་དམ་དང་། མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་པ་ཉིད་ལེགས་པ་ཡིན། བདག་བསྐྱེད་ཡི་དམ་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་བཀའ་གདམས་གསར་མ་བདག་གིས་བདག་བསྐྱེད་རྟ་མགྲིན་གསང་བསྒྲུབ་ལ་མཛད་པས་མཚོན་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཀྱང་། རང་རེ་རྣམས་ཀྱི་རྒྱུན་གྱི་ལག་ལེན་ཏུ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ལུས་དཀྱིལ་རྗེ་བཙུན་རིན་པོ་ཆེས་མཛད་པ་འདིས་བྱེད་དགོས་པ་ཡིན། གཏོར་སྒྲུབ་སྐབས་ལྟ་བུར་རྗེ་བཙུན་ཉིད་ཀྱིས་མཛད་པའི་སྐྱེར་སྒང་རྟ་མགྲིན་གྱི་ལས་བྱང་དྲེགས་པ་ཀུན་འདུལ་ཉིད་བཏང་ན་འབྲེལ་ཆགས་ཤིང་ཆེས་ལེགས་


PS004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བ་དང་འཕྲོས་སུ་སྨོས་པའོ། །འདིར་ཕྲིན་ལས་རྒྱས་པ་ཉིད་གཞིར་བཞག་རྒྱུན་ཏུ་དེ་ལས་ཅུང་ཟད་བསྡུ་བར་འོས་པ་དང་། གཏོར་སྒྲུབ་གཏོར་ཆེན་ཉེར་དགུའི་དུས་མཆོད། གཞན་ཡང་འབར་མ་ལྟ་བུའི་སྐབས་ཁ་སྐོང་བར་འོས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ་འབྲི་བར་བྱ་བ་ལ། ཐོག་མར་མངོན་རྟོགས་རྒྱས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷཱརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་། མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ་གཾ་དཀར་པོ་འོད་དུ་ཞུ་བ་ལས། དཔལ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ། ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ནེའུ་ལེ་


PS004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྐྱུག་པ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཁ་གཤང་བ་སྤུའི་ཁུང་བུ་རྣམས་ནས་ནོར་བུའི་ཆར་འབེབས་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་གྲི་གུག་འབར་བ་ཧཱུྃ་མཐིང་ནག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུགས་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་ནག་པ། ཞལ་གཅིག་ཕྱག་དྲུག་པ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་


PS004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྗགས་འདྲིལ་བ། ཁོང་ནས་འཁྲུགས་ཤིང་རྔམ་པའི་ཞལ་དྲག་ཏུ་བཞད་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷཱུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེའི་ཞགས་པ་ནག་པོ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་གནོན་ཅིང་བརྫིས་


PS004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པ། གླང་པོ་ཆེའི་ལྤགས་པའི་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ལ་དར་ལྗང་གུའི་སྐེ་རགས་བཅིངས་པ། ཀླུ་ཆེན་པོའི་རྒྱན་གྱིས་བརྒྱན་པ་སྟེ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་རྒྱན། སེར་པོའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐེ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲགས་པ། བཟོད་པར་བཀའ་བའི་གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ།


PS004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་དབུ་རྒྱན་ཅན། ཧ་ཧ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་པ་འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པས་བདུད་དང་དགྲ་བགེགས་ཐམས་ཅད་རླག་པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་ནག་མོ་རྔམ་ཞིང་ཁྲོས་པ། ཕྱག་གཡས་ཀྱིས་བདུད་ཀྱི་ཁྲམ་ཤིང་ནག་པོ་ཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། ཆིབས་ཀྱི་སྔ་ལོང་ལ་ཤོ་རྡེའུ་དཀར་ནག་དང་། བྱང་དམར་ཁྲེས་པོ། ཕྱི་ལོང་ལ་མཚོན་གྱི་གྲུ་གུ་སྟེ་སྤྲུལ་པའི་མཚོ་ཆ་ལྔ་དང་བཅས་


PS004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་བསྡུས་པ། དབུ་སྐྲ་གྱེན་དུ་འཁྱིལ་ཞིང་སྤྱི་བོར་རྨ་བྱའི་མདོངས་ཀྱིས་བརྒྱན་པ། ལྟེ་བ་ནས་ཉི་མ་དང་སྤྱི་གཙུག་ནས་ཟླ་བ་འཆར་བ། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། སྲིན་པོའི་ཡ་མགལ་ལ་སྒའི་སྔ་རུ་བྱས་ཤིང་མ་མགལ་ལ་ཕྱི་རུ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་དང་གོས་ནག་གསོལ་བ། རུས་པའི་རྒྱན་དང་མི་མགོའི་དབུ་རྒྱན་དང་དོ་ཤལ། སྙན་གཡས་པ་ལ་དུག་སྦྲུལ། གཡོན་པ་ལ་སེང་གེས་བརྒྱན་པ། མེ་དཔུང་དང་རླུང་ནག་འཚུབས་མར་འཚུབས་པའི་དབུས་ན་བཞུགས་ཤིང་། འཁོར་ཤ་ཟ་དང་། མ་མོ་མཁའ་འགྲོ་འབུམ་


PS004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་ཀྵིཾ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྐུ་མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡངས་པ། ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་ཕྱར་བས་ལྷ་དང་ལྷ་མིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། འཁོར་གནོད་སྦྱིན་གདུག་པའི་ཚོགས་ཀྱིས་བསྐོར་བ། གཡས་སུ་ཧཱུྃ་ལས་དབང་ཕྱུག་ཛཱི་ན་མི་ཏྲ། སྐུ་མདོག་དམར་ནག་སྲིན་པོ་ཁྲོས་པའི་གཟུགས་ཅན། ཞལ་ནས་དུག་དང་ཁྲག་གི་ཆར་འབེབས་པ། ཕྱག་གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་


PS004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། འཁོར་གཟའ་དང་སྲིན་པོའི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཊཾ་ལས་གཤིན་རྗེ་ཌཀྐི་རཱ་ཛ་སྐུ་མདོག་ནག་པོ་མིའི་ཤ་ཁྲག་ལ་ཆེས་རྔམ་པ། ཕྱག་གཡས་རྒྱུ་མའི་ཞགས་པ་དགྲ་ལ་འཕེན་ཅིང་། གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཤིན་རྗེའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གསུམ་ཀའང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། སྟག་ལྤགས་ཀྱི་ཤམས་ཐབས་ཅན། གཡོན་དུ་ཧཱུྃ་ལས་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་ཁར་བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་ཞལ་དུ་གསོལ་བ། ཡ་


PS004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སོས་མ་མཆུ་མནན་ཅིང་མཆེ་བ་གཙིགས་པ། དར་ནག་གི་འཇོལ་བེར་མུན་པའི་གཡུང་དྲུང་རིས་དང་། སག་ཏིའི་ལྷྭམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། འཁོར་ལྷ་དང་བདུད་དམག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །བཞི་ཀའང་དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་བགེགས་ལ་སྡང་མིག་ཏུ་ལྟ་བ། མི་བཟད་པའི་མཆེ་བ་རྣམ་པ་བཞི་གཙིགས་པ། གཏུམ་ཞིང་ཁྲོས་ལ་ཆེར་འཁྲུགས་པ། འཇིགས་རུང་མི་སྡུག་པའི་རྣམ་པ་ཅན་སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཐོད་སྐམ་གྱི་དབུ་རྒྱན་དང་། མི་མགོ་ཁྲག་འཛག་པའི་དོ་ཤལ་ཅན།


PS004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རླུང་དྲག་ཏུ་འཚུབས་པའི་ཀློང་དཀྱིལ་དུ་བཞུགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོར་སྐྱེས་ལ་ཞོན་པ་བགྲང་ཕྲེང་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་ཐོ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་ནོར་བུས་མཚན་པའི་བེ་ཅོན་འཛིན་པ། བྱང་ཤར་དུ་འབྱུང་པོ་དཀར་པོ་གླང་ལ་གཞོན་པ་རྩེ་གསུམ་འཛིན་པ་ལྷ་མོ་གཽང་ལ་འཁྱུད་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་


PS004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཛིན་པ། འོག་ཏུ་ས་བདག་ནག་པོ་ཕག་པ་ལ་ཞོན་པ་རིན་པོ་ཆེ་འབར་བ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་རིགས་མཚུངས་འབུམ་འབུམ་གྱིས་ཡོངས་སུ་བསྐོར་བ་ཕྱག་གཡོན་པས་གཙོ་བོ་ལ་འདུད་པའོ། །གཞན་ཡང་མ་ཧཱ་དེ་བ་ལ་སོགས་པ་ལྷ་ཆེན་པོ་བརྒྱད། ནོར་རྒྱས་ལ་སོགས་པ་ཀླུ་ཆེན་པོ་བརྒྱད། ཉི་མ་ལ་སོགས་པ་གཟའ་ཆེན་པོ་བརྒྱད། དྲག་པོ་ལ་སོགས་པ་འཇིགས་བྱེད་ཆེན་པོ་དགུ། སྨིན་དྲུག་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཡུལ་འཁོར་སྲུང་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་དམ་ཅན་རྒྱ་


PS004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་དམག་ཚོགས་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཤ་ལ་དགའ་བ་ཁྲག་ལ་རོལ་པ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། མཆེ་བ་གཙིགས་པ། གཞིན་བསྡུས་པ། གཏུམ་ཞིང་འཇིགས་ལ་མི་སྡུག་པའི་རྣམ་པ་ཅན། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ། སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གཤིན་རྗེ་དང་། བདུད་དང་། མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་


PS004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙནྡམ་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི་ཁྲོ་ལོ་ལོ་འུར་འུར་ཆེམ་ཆེམ་དུ་བྱོན་པར་གྱུར། དེ་ནས་སྤྱན་འདྲེན་ལ་འཇུག །མཐར་མཆོད་ཕྲེང་ཚིག་


PS004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྒྱས་པར་སྤྲོ་ན། ཧཱུྃ། བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི། །རྡོ་རྗེའི་དབང་པོ་རྣམ་པ་ཐམས་ཅད་པ། །མཉེས་བྱེད་ཕྱི་ནང་གསང་མཆོད་རྡོ་རྗེའི་སྤྲིན། །དངོས་འབྱོར་ཡིད་བྱུང་ཏིང་འཛིན་རོལ་པས་མཆོད། །དྲི་མེད་ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེང་། །དམར་ཆེན་ཁྲག་གི་རྦ་རླབས་དགུང་དུ་འཕྱོ། །ཡིད་བྱེད་མཚན་རྟོག་དྭངས་པའི་ཕྱག་རྒྱ་ཆེ། །ཡེ་ཤེས་མགོན་པོ་འཁོར་བཅས་མདུན་སར་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། །རྙོགས་མེད་རེག་འཇམ་བསིལ་ཞིང་དྭངས་པའི་ཆུ། །གསོད་བྱེད་ནག་པོ་བརྩེགས་པས་སྤགས་པའི་མཚོ། །ཉེས་པ་ཀུན་འཁྲུད་དག་


PS004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཨ་ཡི་ཆབ། །ཡེ་ཤེས་མགོན་པོ་འཁོར་བཅས་ཞབས་ལ་འབུལ། །སྔགས་ཐོག་མཐའ་སྔར་ལྟར་ལ། བཛྲ་པཱདྱཾ༴ ཨུཏྤལ་ཆུ་སྐྱེས་སྣ་ཚོགས་འདབ་བརྒྱའི་ཕྲེང་། །དབང་པོ་རྣམ་ལྔ་དུག་གི་མེ་ཏོག་བཀྲ། །འབར་འཛག་བདེ་སྟོང་པདྨོ་རབ་བཞད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་དབུ་ལ་འབུལ། །པུཥྤེ༴ །སྦྱར་དང་ལྷན་སྐྱེས་དྲི་བཟང་ཞིང་ཀུན་ཁྱབ། །ཚིལ་ཆེན་དུད་པའི་སྤྲིན་ཕུང་ནམ་མཁའ་གང་། །ཆོས་ཀུན་བདེན་མེད་སྒྱུ་མར་རང་ཤར་སྤོས། །ཡེ་ཤེས་མགོན་པོ་འཁོར་བཅས་ཤངས་ལ་འབུལ། །དྷཱུ་པེ༴ །ཉི་ཟླ་ནོར་བུ་མར་མེའི་སྣང་བ་བརྡལ། །ཞུན་ཆེན་མར་ནག་ཡི་དྭགས་མེ་ཡིས་


PS004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྤར། །ཀུན་རྟོག་དབུ་མར་ཐིམ་པའི་འོད་གསལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །དི་པེ༴ །ག་བུར་ཙནྡན་གུར་གུམ་སྦྱར་བའི་ཆུ། ཁྲག་ཆེན་ཞག་གི་སྦྲས་ཆགས་སྒྲོན་མེ་ལྔ། །ཉིད་འཁྲུལ་ལྷ་སྐུ་རང་ཤར་བྱུགས་པའི་མཆོག །ཡེ་ཤེས་མགོན་པོ་འཁོར་བཅས་སྐུ་ལ་འབུལ། །གནྡྷེ༴ །རོ་བརྒྱ་ནུས་པ་སྟོང་ལྡན་བཟའ་བཅའི་རིགས། །དགྲ་བགེགས་ཤ་རུས་ཁྱད་པར་ལྕགས་ཀྱུ་ལྔ། །མ་བསྒོམས་འཚང་རྒྱ་ཡེ་ཤེས་ཟང་ཐལ་བཅུད། །ཡེ་ཤེས་མགོན་པོ་འཁོར་བཅས་ལྗགས་ལ་འབུལ། །ནཻ་བི་དྱ༴ །སིལ་ཆོལ་དུང་དང་གླིང་བུ་རྔ་བོ་ཆེ། །དུར་ཁྲོད་རྫས་ཆེན་འབྱུང་བ་འཁྲུགས་པའི་སྒྲ། །ལུས་


PS004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྦྱངས་པའི་སྐུ་གསུང་རང་ཤར་དབྱངས། །ཡེ་ཤེས་མགོན་པོ་འཁོར་བཅས་སྙན་ལ་འབུལ། །ཤབྡ༴ དེ་ཙམ་མམ། འདོད་ཡོན་ལྔའང་སྤྲོ་ན། སྣོད་བཅུད་སྣང་བ་ཐོགས་བཅས་ཐོགས་མེད་ཚོགས། །ཡུལ་ཤེས་རྣམ་དག་གཟུགས་ཀྱི་རྡོ་རྗེ་མ། །རང་ཤར་ལྷ་སྐུ་ཕྱག་རྒྱའི་འདུ་འཕྲོ་ཡིས། །ཡེ་ཤེས་མགོན་པོ་སྤྱན་མཆོག་ཚིམས་གྱུར་ཅིག །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཱ་པྲ་ཏཱིཙྪ་སྭཱ་ཧཱ། །ཟིན་དང་མ་ཟིན་ཕྱི་ནང་བརྗོད་པའི་ཚོགས། །ཡུལ་ཤེས་རྣམ་དག་སྒྲ་ཡི་རྡོ་རྗེ་མ། །གཞོན་མེད་རང་འབྱུང་སྔགས་ཀྱི་སྒྲ་དབྱངས་ཀྱིས། །ཡེ་ཤེས་མགོན་པོའི་སྙན་མཆོག་ཚིམས་གྱུར་ཅིག །ཤབྡ༴ །རང་བྱུང་ཡོངས་སུ་སྦྱར་ལས་སྐྱེས་པའི་


PS004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །ཡུལ་ཤེས་རྣམ་དག་དྲི་ཡི་རྡོ་རྗེ་མ། །འོད་གསལ་ཕྱག་རྒྱ་ཆེན་པོར་འཁྱུད་པའི་དྲིས། །ཡེ་ཤེས་མགོན་པོའི་ཤངས་མཆོག༴ །གནྡྷེ༴ རོ་མཆོག་བརྒྱ་ལྡན་བཟའ་བཅའ་བཏུང་བའི་ཚོགས། །ཡུལ་ཤེས་རྣམ་དག་རོ་ཡི་རྡོ་རྗེ་མ། །འཕོ་མེད་བདེ་ཆེན་རྟག་པའི་སེམས་བྱེད་ཀྱིས། །ཡེ་ཤེས་མགོན་པོའི་ལྗགས་མཆོག༴ །ར་ས༴ །ལྷབ་ལྷུབ་གོས་དང་གཡང་གཞིའི་ན་བཟའི་ཚོགས། །ཡུལ་ཤེས་རྣམ་དག་རེག་བྱའི་རྡོ་རྗེ་མ། །དགའ་བ་བཅུ་དྲུག་ལྷན་སྐྱེས་འཁྲིལ་ཆགས་ཀྱིས། །ཡེ་ཤེས་མགོན་པོའི་སྐུ་མཆོག་ཚིམས་གྱུར་ཅིག །སྤརྴེ༴ དེ་ནས་ནང་མཆོད་ཅུང་ཟད་རྒྱས་པར་སྤྲོ་ན། བྱིན་རླབས་གོང་དུ་མ་སོང་ན་འདིར་བྱ། སོང་ན་གསར་དུ་མི་དགོས། མཐེབ་སྲིན་གྱིས་ཐིགས་གཏོར་སྤྱི་


PS004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སྙིང་ག་སྟེ་གསང་གི་ཐད་ནས་རིམ་པར་ཕུལ་བཞིན་ཏུ། རྡོ་རྗེ་འཆང་དང་དབང་ཆེན་པདྨ་འབྱུང་། །ཤ་བ་རི་པ་མཻ་ཏྲི་རཱ་ཧུ་ལ། ཁྱུང་པོ་རྨོག་ལྕོགས་ཞང་སྒོམ་ཆོས་སེང་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །འཁོར་ལོ་བདེ་མཆོག་དཔལ་ལྡན་གསང་བ་འདུས། །སྒྱུ་འཕྲུལ་ཆེན་མོ་དགྱེས་པ་རྡོ་རྗེ་དང་། །རྡོ་རྗེ་འཇིགས་བྱེད་ཧ་ཡ་གྲཱི་ཝ་སོགས། །ཡི་དམ་ལྷ་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །སྤྲོ་ན་གཙོ་འཁོར་གྱི་སྔགས་རྣམས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ། མྱུར་མཛད་མ་ཧཱ་ཀཱ་ལ་རེ་མ་ཏི། །བཀའ་སྡོད་གནོད་སྦྱིན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །དམ་ཅན་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གནས་གསུམ་དཔའ་


PS004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣལ་འབྱོར་མ་རྣམས་དང་། །དཀར་ཕྱོགས་སྐྱོང་བ་གནས་དང་གཞི་ཡི་བདག །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་འགྲོ་བ་རྣམས། །ཡེ་ཤེས་ལྷར་གསལ་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞེས་འབུལ་ལ་འབྲུ་གསུམ་བརྗོད་ཅིང་ལྷག་མ་རང་གིས་མྱོང་ངོ་། །དེ་ནས་ཐུན་མོང་མ་ཡིན་པའི་གནད་གསུམ་གྱི་ཐོག་མར་བླ་མ་མགོན་པོ་དབྱེར་མེད་ཀྱི་སྐབས་སུ། བདག་དང་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། ན་མོ་བུདྡྷ་ཡའི་སྔགས་བདུན་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་གིས་ཕྱི་མེ་ཏོག་བདུག་སྤོས། །ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །ཞེས་དང་དམིགས་པ་ཆོས་དྲུག་དཀྱུས་ལྟར་བྱས་པའི་རྗེས་སུ་


PS004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལུས་ལ་སྐུའི་བྱིན་རླབས་འཇུག་པར་མཛད་དུ་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་མ་ཞུགས་པ་ཞུགས་པར་གསོལ། བདག་གི་ལུས་ལ་སྐུའི་བྱིན་རླབས་ཞུགས་པར་གྱུར་ཏོ། །བདག་གི་ངག་ལ་གསུང་གི་བྱིན་རླབས་སོགས་དང་། བདག་གི་ཡིད་ལ་ཐུགས་ཀྱི་བྱིན་རླབས་སོགས་དང་། བདག་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞེས་འདོན་པ་སྤྲོས་ཏེ་གོང་གི་རིགས་འགྲེས་སྦྱར། སྐུའི་སྐབས་སུ་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་མགོན་པོའི་དཔྲལ་བ་ལས་མགོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་མེད་བྱོན་ཏེ་རང་གི་དཔྲལ་བར་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། མགོན་པོའི་སྐུ་དང་དབྱེར་མེད་དུ་གྱུར།


PS004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འགྲེས་ཏེ། གསུང་ལས་འོད་ཟེར་དང་སྐུ་དམར་པོ་བྱོན། རང་གི་མགྲིན་པར་ཐིམ། ངག་གི་ནད་གདོན་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། མགོན་པོའི་གསུང་དང་དབྱེར་མེད་དུ་གྱུར། ཐུགས་ལས་འོད་ཟེར་དང་སྐུ་མཐིང་ཁ་བྱོན། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཤེར་དབང་ཐོབ། མགོན་པོའི་ཐུགས་དང་དབྱེར་མེད་དུ་གྱུར། གནས་གསུམ་ཀ་ནས་འོད་ཟེར་དང་སྐུ་སྣ་ཚོགས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་སྙོམ་གྱི་ནད་གདོན་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། མགོན་པོའི་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་དུ་གྱུར་པར་མོས་ལ། ཀྱཻ། ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་བ་བཏབ་གདུང་ཤུགས་བསྐྱེད་པས་མགོན་པོའི་ཞལ་ནས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་ལྷང་བཞུགས་པར་མོས། སླར་མགོན་པོའི་སྐུ་ལུས་ཐམས་ཅད་ལས་འོད་ཟེར་དམར་ནག་མང་པོ་ཆད་པ་


PS004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔར་གྱི་འོད་ཟེར་དང་མགོན་པོ་དེ་རྣམས་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས། ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ་ལ་བདེ་སྟོང་རྣམ་པར་མི་རྟོག་པའི་རང་ངོ་ལ་མཉམ་པར་བཞག །ཡང་ལུས་ཀྱི་ནང་ན་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་ཐམས་ཅད་དམར་ཆིར་ཆིར་ཞལ་དུ་གསོལ་བར་བསྒོམ་ལ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་པའི་སྐབས་སུ་རོལ་མོའི་སྒྲ་དྲག་པོ་བྱ། དེ་ནས་གསོལ་འདེབས་ཚིགས་བཅད་མ་ཅི་འགྲུབ་བརྗོད་ཅིང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་བྱེད་ན་སྐབས་འདིར། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་སིདྡྷི་ཧཱུྃ། ཞེས་བཟླས་བྱའི་སྙིང་པོ་སྟེ་འདིའི་བཀའ་ཐོབ་ན་སྐོང་གསོའི་སྐབས་སུའང་བཟླས་པ་བརྒྱ་རྩ་ཙམ་བྱེད་པ་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་འདིའི་དམིགས་པ་ནི་གོང་གསལ་དེ་ཉིད་བསྐྱར་བ་ཁོ་ནའོ། །གཞུང་རྐྱང་ལས་སབ་ཁ་འདི་མི་བྱེད་པའི་སྐབས་སུའང་དམིགས་པ་ནི་གསོལ་འདེབས་


PS004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་སུ་འགྲོ་དགོས་སོ། །གནད་གཉིས་པ་གྲིབ་སེལ་གྱི་སྐབས་སུ་རྒྱས་པ་དང་། བསྡུས་པ་གཉིས་ཡོད། རྒྱས་པ་ནི་གྲིབ་སེལ་སྒེར་དུ་སྒྲུབ་པ་སོགས་དེ་ཉིད་གཙོ་བོར་སྟོན་པའི་སྐབས་སུ་བྱ་རྒྱུ་ཡིན་ཏེ། དེའང་བླ་མ་རྡོར་སེམས་བསྐྱེད་ཆོག་གྲུབ་པའི་སྐབས། སྟེང་གི་ནམ་མཁའ་ལ་རྩ་བ་གསུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ་གསུང་རྡོ་རྗེ་འོད་དཔག་མེད་དམར་པོ་ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོའི་རྣམ་པར་བྱོན་ཏེ་སྟེང་འོག་རིམ་པ་གསུམ་སྤྲིན་གཏིབས་པ་ལྟར་འཁོད་པར་མོས་ལ་མོས་གུས་བསྐྱེད་དེ། སྐུ་རྡོ་རྗེ་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་ལས་ཡི་གེ་བརྒྱ་པ་དཀར་པོའི་ཚོགས་འཕྲོས། བླ་མའི་དཔྲལ་


PS004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཕོག་པས་བླ་མའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། དེ་བཞིན་ཏུ་གསུང་དང་ཐུགས་ལ་སྦྱར་ཏེ་སོ་སོར་ཡིག་བརྒྱ་བཟླ། དེ་ནས་བླ་མ་རིན་པོ་ཆེ་མགོན་པོའི་སྐུ་ལ་གྲིབ་ཀྱིས་ཕོག་པ་དང་སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བརྒྱ་པ་དཀར་པོའི་ཚོགས་འཕྲོས། མགོན་པོའི་དཔྲལ་བར་ཐིམ་པས་སོགས་ཡིག་བརྒྱ་དང་། གསུང་ཐུགས་ཁ་བསྒྱུར་གོང་གིས་རིགས་འགྲེ། བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་ཀྱི་སྐུ་ལ་སོགས་གསོལ་བ་བཏབ། བླ་མ་དང་མགོན་པོ་གཉིས་ཀའི་དཔྲལ་བ་ནས་ཡི་གེ་བརྒྱ་


PS004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀར་པོའི་ཚོགས་སོགས། གསུང་ཐུགས་ཡིག་བརྒྱ་བཅས་གོང་བཞིན། བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་མགོན་པོ་དབྱེར་མེད་འཁོར་དང་བཅས་པ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། བདག་སོགས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བཟླ། ཕྱི་མ་འདིའི་སྐབས་སུ་ཡིག་རྙིང་ནས་བླ་མགོན་དབྱེར་མེད་ཀྱི་སྐབས་སུ་བཤད་པ་


PS004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དབང་བཞིའི་དམིགས་པ་དང་སྒྲགས་ཏེ་དམིགས་བཟླས་སོ་སོར་ཕྱེ་བའང་བཤད་པས་ནུས་ན་དེ་ལྟར་ཡང་བྱའོ། །བསྡུས་པ་ནི་དགུ་གཏོར་སོགས་ཀྱིས་དཀྱུས་ལ་སྦྱར་བར་བྱ་ཞིང་། དེའང་གོང་མ་ཉིད་ཅུང་ཟད་བསྡུ་བ་ཡིན་ཏེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བླ་མའི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། བླ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར།


PS004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ་བདུན། དེས་འགྲེ་སྟེ། བླ་མ་རིན་པོ་ཆེ། མགོན་པོའི་སྐུ་གསུང་ཐུགས་ལ་སོགས་དང་། བླ་མའི་གནས་གསུམ་ནས་ཡི་གེ་བརྒྱ་པ་སོགས་ཀྱི་མཐར་ཡིག་བརྒྱ་བདུན། བླ་མ་མགོན་པོ་དབྱེར་མེད། འཁོར་རྣམས་དང་བདག་གི་སྒོ་གསུམ་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། འཁོར་རྣམས་དང་བདག་གི་གནས་གསུམ་དུ་ཐིམ་པས། འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག །བདག་


PS004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུས་ཀྱི་ནང་ཡི་གེ་བརྒྱ་པའི་འོད་ཟེར་གྱིས་གང་བས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར། ཞེས་མོས་ལ་ཡིག་བརྒྱ་བདུན་བཟླའོ། །ཆོ་ག་དཀྱུས་ལྟར་ལ་འདིའི་སབ་ཁ་མི་བྱེད་པའི་ཚེ་ནའང་ཡིག་བརྒྱ་ཉེར་གཅིག་ལ་དམིགས་གནད་འདི་བཞིན་སོ་སོ་སྦྱར་དགོས་སོ། །དེ་ནས་སྐོང་བའི་མཐར་དམིགས་གསལ་དགོས་པ་དང་འབྲེལ་ན་བསྟོད་བསྐུལ་ཟློག་པ་དང་འབྲེལ་བ་འདིའང་བྱ་སྟེ། ཧཱུྃ། ས་བཅུའི་དབང་ཕྱུག་མགོན་པོ་ནི། །གནས་ལ་ངེས་པ་མ་མཆིས་ཀྱང་། །སེམས་ཅན་སོ་སོའི་སྣང་ངོ་ལ། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ངོས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་གནས་མཆོག་ན། །གཤིན་རྗེའི་ངར་སྐད་དི་རི་རི། །མ་མོའི་བཤུགས་གླུ་ཀྱུ་རུ་རུ། །རཀྟའི་རྒྱ་མཚོ་


PS004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཆི་ལི་ལི། །ཚིལ་ཆེན་ཞུན་མར་ལྷབས་སེ་ལྷབ། །གསུར་ཆེན་དུད་པ་ཆི་ལི་ལི། །ཕོ་བདུད་བྲོ་བརྡུང་ཆེམས་སེ་ཆེམ། །མོ་བདུད་ཤོན་སྐོར་སྒོ་རོ་རོ། །མི་རྐང་གླིང་བུ་ཀྱུ་རུ་རུ། །གཅན་གཟན་ངར་སྐད་འུ་རུ་རུ། །གློག་ཆེན་འབར་བ་ཁྱུགས་སེ་ཁྱུག །འབྲུག་སྒྲ་དྲག་པོ་ཆེམས་སེ་ཆེམ། །གནམ་ལྕགས་སེར་ཆེན་ཤ་ར་ར། །བདུད་དང་སྲིན་པོའི་ཚོགས་རྣམས་ཀྱི། །འཇིགས་པའི་གད་མོས་ས་གཞི་གཡོ། །དེ་ལྟའི་གནས་མཆོག་དམ་པ་ན། །ཞལ་གཅིག་ཕྱག་དྲུག་འཇིགས་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་རྐེན་རྡེབ་ཅིང་། །སྤྱན་གསུམ་དུས་མཐའི་མེ་ལྟར་འབར། །རྔམས་ཤིང་བརྗིད་ལ་ཡན་ལག་རགས། །


PS004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག །ལྷུན་པོ་ལྟར་བརྗིད་མི་སྨན་མདོག །ཀྵེཾ་ཀྵེཾ་འཇིགས་པའི་བཞད་སྒྲ་ཅན། །གྲི་གུག་ཐོད་ཕྲེང་ཅང་ཏེའུ་འཁྲོལ། །ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །གར་མཛད་དྲིལ་བུའི་སྒྲ་སྒྲོག་པ། །ཡུམ་གཅིག་མ་མོ་ཀུན་གྱི་བདག །སྲོག་གཅོད་ཤན་པ་གནོད་སྦྱིན་བཞི། །ཕྱོགས་སྐྱོང་དཔལ་མགོན་བདུན་བཅུའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་དང་བཅས། །འདིར་སྦྱོར་མཐུན་པའི་དམ་རྫས་བཞེས། །ཧཱུཾ་འཇམ་པའི་དབྱངས་ཀྱིས་མཚན་བཏགས་པ། །མཐུ་ཆེན་ལོག་འདྲེན་རྣམས་ཀྱི་གཤེད། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །ནག་པོ་ཀླུ་འདུལ་ཆེན་པོ་སྟེ། །གཤིན་རྗེའི་གཤེད་པོས་མཚན་བཏགས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གསང་བའི་མཚན་ནས་འབོད་ཀྱིས་སྦྱོན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབ་


PS004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ན་སྤྱན་མ་བརྟུལ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐང་བའི་ཚེ་ན་ཐུགས་མ་གཡེལ། །གསོལ་བཏབ་ཚེ་ན་སྙིང་མ་རིང་། །གཙང་ཞིང་ཚང་ལ་མ་ཉམས་པ། །དགྱེས་པའི་དམ་རྫས་རྒྱ་མཚོ་འདིས། །དོ་ནུབ་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆགས་ཅི་མཆིས་བཤགས་པར་གྱི། །སྔར་བཅོལ་ལེགས་པའི་གཏོང་རག་གཏོང་། །ད་བཅོལ་ལས་ཀྱི་རྟེན་དུ་འབུལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །བླ་མ་དམ་པ་སྐུ་ཡི་དགྲ། །བསྟན་བཤིག་དམ་ཉམས་དགྲ་བོ་དང་། །བདུད་ཀྱི་རིགས་གྱུར་ནག་པོའི་ཕྱོགས། །བར་དུ་གཅོད་པའི་བགེགས་རྣམས་ཀྱིས། །དཀྱིལ་འཁོར་གཉེན་པོ་


PS004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དྲལ་བ་སྟེ། །ཐུབ་པའི་བསྟན་པ་བཤིག་པ་སྟེ། །རྣལ་འབྱོར་བཤད་སྒྲུབ་བགེགས་བྱེད་ཅིང་། །ཆོས་འཁོར་གཉན་པོ་བཤིག་པ་སྟེ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །མི་ནོར་དགེ་འདུན་བཅས་པ་རྣམས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིང་། །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ཧཱུྃ། དམ་ཉམས་དགྲ་དང་བགེགས་རྣམས་ཀྱི། །མཐུ་དང་རྫུ་འཕྲུལ་ཉམས་པར་གྱིས། །རྒྱབ་རྟེན་ལྷ་དང་མྱུར་དུ་ཁྲོལ། །མཛའ་བོ་ཀུན་དང་རྣམ་པར་ཕྱེས། ཁོང་ནས་སྙིང་བྱུང་སྲོག་རྩ་ཆོད། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག །ཉེས་ཅན་ལྟོས་ལ་ཤོར་ར་རེ། །


PS004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །གདུག་ཅིང་སྡང་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་དགྲ་བྱས། །རྡོ་རྗེ་ཐེག་པ་སུན་འབྱིན་ཅིང་། །དགེ་འདུན་སྡེ་རྣམས་དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཀུན་ལ་བརྙས་ཤིང་སྨོད། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྷ་ཁྱོད་མཐུ་མེད་ཟེར་ནས་སྨོད། །བསྟན་པའི་དགྲ་བོར་གྱུར་པ་འདི། །ལོ་དང་ཟླ་བར་མ་བཞག་པར། །ཡ་མ་རཱ་དའི་ཞལ་དུ་ཐོབ། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱི་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཕུག །ལས་ཀྱི་རླུང་གིས་རྒྱབ་ནས་བདད། །མུན་པ་ནག་པོས་མདུན་ནས་བསུས། །ཌཱཀྐི་རཱ་ཛས་གཡས་ནས་ཆུམས། །ཚོགས་


PS004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གླང་སྣས་གཡོན་ནས་ཆུམས། །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་ལྟེ་ཕུར་ཐོན་ལ་ཤོག །དོན་སྙིང་ལྔ་པོ་ཕྱུང་ལ་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །ལྟས་ངན་བརྒྱད་བཅུ་རྩ་བཞི་ཐོང་། །བདུད་ཀྱི་སྒོ་བྲོ་བརྡུང་དུ་ཆུག །བཙན་གྱི་ཞགས་པ་འདེབས་སུ་ཆུག །མ་མོའི་དལ་ཡམ་དགྲ་ལ་ཐོང་། །བསྟན་པའི་དགྲ་བོར་གྱུར་པ་འདི། ཁྲམ་ལ་བབས་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱིས་ཤོ་ཁྱེར་ཞིག །དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །རྟགས་དང་མཚན་མ་མྱུར་དུ་སྟོན། །བཅོལ་བའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བཅག །ཕྱི་རབས་སྔགས་འཆང་


PS004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཡང་ཕྱུང་། །རིག་འཛིན་བདག་གི་རེ་བ་བཅད། །སྔོན་གྱི་ཐུགས་དམ་གཉན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ལས་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་དང་། །འཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོས་ཐོད་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ཁ་


PS004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ༴ །མ་མོས་ཁྲག་ཟོར༴ །ཞང་ཞུང་ཛོ་དམར༴ །སུམ་པས་གླང་ཟོར༴ །བནྡེས་སྔགས་ཟོར༴ །བོན་པོས་བརྡ་ཟོར༴ །སྔགས་པས་ཀོང་ཟོར༴ །སྐྱེས་པས་མདའ་ཟོར༴ །བུད་མེད་དམོད་ཟོར༴ །མུ་སྟེགས་བར་ཆད་བྱེད་པ༴ །ངན་སྔགས་གདུག་པའི་རྦོད་གཏོང་༴ །ཀླུ་ཡིས་བྱེད་དུ་བཅུག་པ༴ །ཐེའུ་རང་སྲི་ལ་རྐུ་བ༴ །རྒྱལ་པོས་སྨྱོ་འབོག་གཏོང་བ༴ །དྲང་སྲོང་གཟའ་ཡི་ཀིང་ཀང་༴ །ལྟས་ངན་བརྒྱད་བཅུ་རྩ་བཞི༴ །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ༴ །རྨི་ལམ་ངན་དང་མཚན་མ་ངན། །ལོ་ཀེགས་ཟླ་ཀེགས་ཞག་ཀེགས་དང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །མཁའ་འགྲོ་མ་དང་རོ་ལངས་དང་། །


PS004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསེན་བར་ཆད་བྱེད་པ་ཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཞེས་སོ། །དེ་ནས་གནད་གསུམ་པ་མཁའ་འགྲོ་དབང་སྡུད་ནི་གཞུང་གསལ་ལྟར་ལ། གནད་དབབ་ནི་རྒྱུན་ཏུ་མི་བྱུ་ཞིང་དགོས་པ་བྱུང་ན་འདི་དང་གོང་གི་གནད་གཉིས་པོའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཀྱང་གུད་དུ་ཤེས་པར་བྱའོ། །སྙིང་པོའི་བཟླས་དམིགས་གཞུངས་གསལ་ལྟར་ལ། རྩ་སྔགས་བཟླ་བའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ཏེ་མགོན་པོའི་ཐུགས་ཀར་ཧཱུྃ་ལ་ཕོག་པས། མགོན་པོ་ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་རྡེབས་ཅིང་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག །ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་


PS004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པས། འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་ཏེ་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུསྨེད་པ་ཕྱོགས་བཅུར་སོང་བའི་བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ལ་ཤཱ་ས་ན་བཟླ། འཁོར་རྣམས་རང་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས། དེ་དང་དེའི་ཐུགས་རྒྱུད་བསྐུལ་བར་བསམ་ལ་སོ་སོའི་སྔགས་བཟླ། བཟླས་པ་གྲུབ་ནས་གཏོར་མ་འབུལ་བའི་ཐོག་མར་སྔར་བྱིན་རླབས་མ་ཟིན་ན་ཆང་དང་། ཆུ་དང་། བྱིན་གྱིས་བརླབ་པའི་ནང་མཆོད་ཀྱིས་རིམ་པར་བྲན་ནས་བྱིན་རླབས་བྱས་ལ། ན་མོ། མྱུར་


PS004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་མ་གཡེལ་ཞིག །མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་མ་གཡེལ་ཞིག །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མ༴ །དབང་ཕྱུག་ཛི་ན་མི་ཏྲ་མ༴ །གཤིན་རྗེ་ཌཱཀྐི་རཱ་ཛ་མ༴ །བདུད་མགོན་ཏྲཀྴད་ནག་པ་མ༴ །གཙང་རིས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ་མ༴ །བཀའ་སྡོད་དམ་ཅན་རྒྱ་མཚོ་མ༴ །བསྒྲུབས་བསྒྲུབས་བསྟེན་བསྟེན་པ་རྣམས་མ༴ །སློབ་དཔོན་བརྒྱུད་པའི་སྲུང་མ༴ །བར་ཆད་བསྲུང་བའི་དུས་ལ་བབ་ཀྱིས་མ༴ །དགྲ་བགེགས་སྒྲོལ་བའི་དུས་ལ་བབ་ཀྱི་མ༴ །དངོས་གྲུབ་སྩོལ་བའི་དུས་ལ་བབ་ཀྱིས་མ་གཡེལ་ཞིག །མགོན་པོ་འཁོར་དང་བཅས་པའི་ལྗགས་སོགས་གཞུང་ལྟར་ལ་དམིགས་པ་དང་བཅས་པས་ཧཱུྃ་རིང་པོ་དྲུག་བརྗོད་ལ་སོ་སོའི་གཏོར་སྔགས་ཀྱིས་འབུལ།


PS004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་སོགས་དང་། སོ་སོའི་སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ། གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བླ་མའི་བཀའ་སྲུང་། བསྟན་པའི་བྱ་ར་མཁན། ལེགས་ཉེས་ཀྱི་སྟངས་འཛིན། ཁྲོ་བོའི་གཟུགས་ཅན། ཟ་བྱེད་ཀྱི་


PS004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་འཁོར་གྱིས་བསྐོར་བ། ཤ་ཟ་བྱེ་བའི་བའི་འཁོར་གྱིས་བསྐོར་བ། གཡས་ན་ཕོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། གཡོན་ནས་མོ་རྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ༴ །དབང་ཕྱུག་ཛི་ན་མི་ཏྲ༴ །གཤིན་རྗེ་ཌཱཀྐི་རཱ་ཛ༴ །བདུད་མགོན་ཏྲཀྴད་ནག་པོ༴ །གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ༴ །བཀའ་སྡོད་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་རྫས་རྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ།


PS004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་བསྲུངས་ཤིག །དཀོན་མཆོག་གི་དབུ་འཕང་སྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་མྱུར་དུ་ཞི་ཞིང་མི་འབྱུང་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ཆོས་བརྒྱུད་ཉམས་རྟོག་ལ་སོགས་པ་དར་ཞིང་རྒྱས་པ་དང་། འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབས་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་ཅིག །ཅེས་ཕྲིན་ལས་བཅོལ། ཡང་གཏོར་ཆེན་སོགས་ཀྱི་སྐབས་སུ། དཔལ་


PS004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་དམ་པའི་སྐུ་ལ་བསྔོ་བ། རྡོ་རྗེ་ཐེག་པའི་གསང་བ་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། དགེ་འདུན་གྱིས་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟ་ན། བསད་པ་དང་། གཟིར་བ་


PS004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་སྤ་བཀང་བ་ལ་སོགས་པ་དྲག་པོའི་ལས་ཀྱིས་ཚར་བཅད་དེ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །བླ་མ་མགོན་པོ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕངས་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྔོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མུ་ཀ་མཱ་ར་ཡ་ཕཊ། །ཅེས་ཐལ་མོ་བརྡབ་བོ། །དེ་ནས་གཞུང་གི་བསྟོད་པ་མྱུར་མཛད་སྤྱན་རས་གཟིགས་ཀྱི་འཕྲོས་སུ་རྒྱས་པར་བྱ་བའམ། རེ་མོས་


PS004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྤྲོ་ན། ཨོཾ་འགྲུབ་པར་གྱུར་ཅིག །དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། །ཚང་ཚིང་འཁྲིགས་པ་ཙནྡན་ཆེན་པོའི་ཚལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞེངས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོའི་གྲི་གུག་ནི། །


PS004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་རྩད་ན་གཅོད་ཅིང་དགྲ་ལ་འཕྱར། །ཕྲེང་བ་འཛིན་པས་སྐྱེ་འགྲོ་རྩིས་ལ་འདེབས། །ཌཱ་མ་རུ་ཡིས་མཁའ་འགྲོ་དབང་དུ་སྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་ལོ། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་ཀླད་ཁྲག་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་སྡུད། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་པོ། །སྟག་གི་པགས་པ་སྦྲུལ་གྱི་


PS004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་བསྣོལ་བའི་གདན་སྟེང་ན། །ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཆེན་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །མཐུ་ཆེན་བགེགས་ཀྱི་གཤེད་ལ་ཕྱག་འཚལ་ལོ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ཡིན། ཁམས་གསུམ་དབང་དུ་སྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུཾ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་


PS004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡིས། །བསྟོད་པ་འདི་ཡིས་ལན་ཅིག་བསྟོད་བྱེད་ན། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་གྲོགས་མཛོད་ཅིག །ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པའི་སྒྲ་སྒྲོགས་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་མཆོག་སྲིད་ཀྱིས་མཛད་པའོ། །བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །མ་གཅིག་


PS004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་བརྒྱན་སྙན་གཡས་སེང་གེ་འཕྱོ། །གཡོན་པ་སྦྲུལ་འཁྱིལ་སྦྲུལ་ཡི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་ཞལ་གདངས་མཆེ་བ་གཙིགས། །འཇིག་བྱེད་ལྷ་མོ་ཁྱེད་ལ་བདག་བསྟོད་དོ། །གཡས་པ་རལ་གྲི་འབར་བས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་དགྲ་བགེགས་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་བཅིངས། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྟིས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེད་སྦྲུལ་ནག་ནད་རྐྱལ་དགྲ་ལ་འཕྱོ། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་


PS004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །བྷྱོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ཕོ་བྲང་ན། །རྟ་ཁྲག་མི་ཁྲག་རྒྱ་མཚོའི་རྦ་ཀློང་འཁྲུགས། །དམ་ཉམས་དགྲ་བོ་བསྣོལ་བའི་གདན་སྟེང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་ལ། །དབུ་སྐྲ་ཁམ་སེར་རྨ་བྱའི་མདོངས་ཀྱིས་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཐོད་པས་དབུ་རྒྱན་སྙན་གཡས་སེང་གེ་འཕྱོ། །སྙན་གཡོན་དྲིལ་འཁྲོལ་སྦྲུལ་ནག་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུགས་གློག་ལྟར་འཁྱུག་བྱེད་ཅིང་། །ཞལ་ནས་འཇིག་པའི་འབྲུག་


PS004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཆེམས་ཆེམས་སྒྲོག །དཔྲལ་བའི་དཀྱིལ་ནས་གནམ་ལྕགས་ཐོག་སེར་འབེབས། །ཤངས་ནས་ནད་ཀྱི་རླུང་ནག་སྤྲིན་ལྟར་འཚུབས། །འཇིགས་པའི་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །ཨ་ལ་ལ་ཡི་གད་རྒྱངས་འབྲུག་ལྟར་སྒྲོག །སྟོང་གསུམ་འབྱུང་པོའི་ཚོགས་རྣམས་གཡོ་བར་བྱེད། །འཇིགས་བྱེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་རལ་གྲི་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་རྒྱལ་མཚན་ཐོད་རློན་སྙིང་ཁྲག་གསོལ། །སྐུ་སྟོད་ཞིང་ལྤགས་སྦྲུལ་ནག་སྐ་རགས་ཅན། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བགྲོད་ཕྱིར་དྲེའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་མགལ་སྔ་རུ་ཁྲམ་བམ་བཏགས། །


PS004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཐམས་ཅད་ཁྲམ་ལ་འདེབས་པར་བྱེད། །ནད་ངན་སྣ་ཚོགས་རྐྱལ་པ་ཕྱི་ཤད་བཏགས། །དམ་ཉམས་དགྲ་བོ་གཏན་ནས་བརླག་པར་བྱེད། །སྦྲུལ་ནག་སྟོང་གི་ཆུན་པོས་གོང་སྨེད་བྱས། །བསྟན་པ་སྲུང་མཛད་བདུད་མོ་འབུམ་གྱིས་བསྐོར། །སྲོག་བདུད་ཆེན་མོས་དགྲ་བགེགས་སྒྲོལ་ལ་ཤོག །མཻ་ཏྲི་པས་ཞལ་གཟིགས་དུས་བསྟོད་པའོ། །བྷྱོ་རྣམ་དག་དབྱིངས་ལ་རང་བྱུང་དཔལ་འབར་མ། །བདུད་རྣམས་སྐྲག་མཛད་རབ་འཇིགས་གཟུགས་ཅན་མ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་བརྒྱན་མ། །ཚད་མེད་ཕྱག་བཞིས་ཐོད་ཁྲག་མཐོན་འཛིན་མ། །ཐུགས་རྗེ་མྱུར་མཛད་དྲེའུ་ཆིབས་མཛད་མ། །བསྟན་པ་སྲུང་


PS004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྣལ་འབྱོར་སྐྱོང་མཛད་མ། །ལས་རྣམས་སྒྲུབ་ཅིང་བསྟན་དགྲ་ཚར་གཅོད་མ། །བསྟོད་ཅིང་གསོལ་འདེབས་བཅོལ་བའི་ཕྲིན་ལས་མཛོད། །བླ་མ་རཱ་ཧུ་ལས་རྒྱུད་འབུམ་ནས་ཕྱུང་བའོ། །བྷྱོ་དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབན་དུ་བཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་འཁྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་འབུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་པའི་ཚེ་ན་མ་གཅིག་མཐུ་མ་ཆུང་། ཁྱོད་ཀྱི་གཡོག་ནི་མི་སྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་


PS004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཻ་ཏྲི་པས་མཛད་པའོ། །དེ་ནས་འཁོར་གྱི་བསྟོད་པ་གཞུང་ལྟར་རམ། །ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ་མགོན་པོའི་བཀའ་ཉན་ཕྱོགས་བཞིའི་ལས་བྱེད་པ། །མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་བསམ་མི་ཁྱབ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཏེ། །བཀའ་སྡོད་ཆེན་པོ་འཁོར་དང་བས་ལ་བསྟོད། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་མུན་པའི་མདོག །གྲི་གུག་ཕྱར་ཞིང་


PS004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་གཙོ་ལ་སྟོབས། །དོམ་ནག་སྨྱོན་པ་ཆིབས་ནས་སྟོང་གསུམ་བསྐོར། །དྲག་གཏུམ་བཟོད་པར་དཀའ་བ་ཁྱོད་ལ་བསྟོད། །དབང་ཕྱུག་ཛི་ན་མི་ཏྲ་མེ་ལྟར་འབར། །ཞལ་ནས་དུག་ཐུན་ཁྲག་གི་སེར་བ་འབེབས། །ཅང་ཏེའུ་འཁྲོལ་ཞིང་འཁོར་ལོའི་མཚོན་ཆ་འཕེན། །འཇིགས་བྱེད་སྲིན་པོའི་གཟུགས་ཅན་ཁྱོད་ལ་བསྟོད། །གཤིན་རྗེ་ཌཱ་ཀི་རཱ་ཛ་རྒྱུ་ཞབས་བསྡོགས། །ཧ་ལའི་མདོག་ཅན་སྡིག་མཛུབ་བགེགས་ལ་རྔམས། །བལྟས་པ་ཙམ་གྱིས་དགྲ་བགེགས་སྲོག་སྙིང་འཕྲོག །མི་བཟད་གདུག་པ་ཀུན་འདུལ་ཁྱོད་ལ་བསྟོད། །བདུད་མགོན་ཏྲཀྴད་དུས་ཀྱི་མུན་པའི་མདངས། །རྩེ་གསུམ་སྣུན་ཅིང་ཐོད་སྙིང་ཞལ་དུ་གསོལ། །བེར་ནག་ཆས་ལྡན་རྟ་


PS004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རྟིང་དཀར་ཆིབས། ཁྲོ་རྔམས་ས་གསུམ་གཡོ་བ་ཁྱོད་ལ་བསྟོད། །གནོད་སྦྱིན་ལྷ་དང་གཤིན་རྗེ་བདུད་ཀྱི་དམགས། །མ་རུངས་འཇིགས་གཟུགས་མཚོན་ཆའི་ཆར་པ་འབེབས། །དམ་ལྡན་སྐྱོང་ཞིང་དམ་ཚིག་ཉམས་པའི་གཤེད། །རང་རང་རིག་མཐུན་འབུམ་གྱིས་བསྐོར་ལ་བསྟོད། །དཔལ་ལྡན་མགོན་པོའི་ཕྱི་འཁོར་ལས་བྱེད་གཙོ། །ཚངས་པ་འཁོར་ལོ་ཐོགས་ཤིང་ངང་པ་ཞོན། །བརྒྱ་བྱིན་གླང་ཆེན་སྟེང་གནས་རྡོ་རྗེ་བསྣམས། །མེ་ལྷ་ར་ཞོན་བགྲང་ཕྲེང་རིལ་པ་འཆང་། །གཤིན་རྗེ་མ་ཧེ་ཆིབས་ཤིང་ཞིང་དབྱུག་ཐོགས། །སྲིན་པོ་རལ་གྲི་ཕྱར་ཞིང་རོ་ལངས་ཞོན། །ཆུ་ལྷ་ཆུ་སྲིན་སྟེང་དུ་སྦྲུལ་ཞབས་བསྡོགས། །རླུང་ལྷ་ཤ་བ་ལ་ཞོན་


PS004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་ཕྱར། །གནོད་སྦྱིན་རྟ་ཞོན་རིན་ཆེན་ནེའུ་ལེ་བཙིར། །དབང་ལྡན་རྩེ་གསུམ་ཐོགས་ཤིང་གླང་ལ་གནས། །ས་བདག་ཕག་ཞོན་གསེར་གྱི་བུམ་པ་འཛིན། །རང་འདྲའི་འཁོར་གཡོག་འབུམ་དང་བཅས་ལ་བསྟོད། །ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་སྡེ་བཞི་འཇིགས་བྱེད་ཆེན་པོ་དགུ། །སྲིད་གསུམ་འབྱུང་པོ་དམ་ཅན་རྒྱ་མཚོའི་ཚོགས། །བསྟན་པ་སྲུང་ཞིང་སྒྲུབ་མཆོག་སྐྱོང་ལ་བསྟོད། །མཆོད་བསྟོད་གཏོར་མ་ཕུལ་བ་དགྱེས་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་བ་དང་། །རྣལ་འབྱོར་ཉམས་རྟོགས་ཡེ་ཤེས་འཕེལ་བར་མཛོད། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་


PS004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས། །ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བར་མཛོད། །ཅེས་བསྟོད། སྐབས་འདིར་ཁྱད་པར་གྱི་དུས་ལ་སོགས་པར་མངའ་གསོལ་བར་བྱ་སྟེ། དེའི་འདོན་བྱ་རྒྱས་པ་ཁོ་བོས་ལོགས་སུ་བཀོད་པ་ལྟར་དང་། བསྡུ་ན་རྒྱལ་ལྷ་ཁང་པ་བློ་གྲོས་སེང་གེས་མཛད་པ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་བླ་མ་དང་། །སོགས། དེ་ལྟར་མངའ་གསོལ་རྒྱས་བསྡུས་གང་བྱེད་ཀྱང་སྐུ་གཟི་མདངས་བསྐྱེད་པའི་དམིགས་པ་ནི། མགོན་པོའི་སྤྱི་བོར་ཧཱུྃ་མཐིང་ནག་ཁྲུ་གང་བ་གཟི་འོད་འབར་བ་ཞིག་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་


PS004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དང་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པས་བསྡུས་ཏེ་ཧཱུྃ་དེ་ལ་ཐིམ་པས་ཧཱུྃ་སྔོན་བས་ཆེ་ཞིང་གཟི་བརྗིད་འབར་བར་གྱུར་ཏེ་མགོན་པོའི་སྤྱི་བོ་ནས་ཐིམ། ཐུགས་ཀར་སླེབ་པ་དང་། ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ནག་པོ་ཞལ་གསུམ་ཕྱག་དྲུག་པ་མ་ཧེ་དང་གཤིན་རྗེ་ཕོ་མོ་བརྫིས་པ་གཅིག་ཏུ་གྱུར་ཏེ་སྐུ་དེ་ཉིད་ཇེ་ཆེར་སོང་བ་དང་མགོན་པོ་ཡང་སྐུ་ཇེ་ཆེ་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་གྱུར་ཏེ་མདུན་གྱི་ནམ་མཁའ་གང་བ་ཙམ་དང་། སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གང་བ་ཙམ་བློས་འཁྱུད་ཚད་དུ་བསྒོམ་ཞིང་། མགོན་པོའི་འོད་ཟེར་འཁོར་རྣམས་ལ་ཕོག་པས་སོ་སོ་ནས་བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་བསམ་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ཡེ་ཤེས་ཀྱི་མགོན་པོ་འདི་བས་ནུས་མཐུ་ཆེ་བ་མེད་ཨང་སྙམ་དུ་བསམ། འདི་ནི་གཙོ་བོར་མགོན་པོ་བདག་བསྐྱེད་ལ་


PS004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་རྒྱུ་ཡིན་ཀྱང་། མདུན་བསྐྱེད་ལའང་ཁ་སྤོབ་གོང་མ་རྣམས་ཀྱིས་བཞེད་ཅིང་། སྤྱིར་དཔྲལ་བའི་སིནྡྷཱུ་ར་ལ་རྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བ་སྤྱི་བོའི་མི་བསྐྱོད་རྒྱལ་པོ་ལ་བརྟེན་ནས་བརྒྱུད་འཇམ་དུ་བཏང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་གཟི་མདངས་བསྐྱེད་པ་གསུམ་པོ་ནི་མགོན་པོ་འདི་སྒྲུབ་ཕྱིན་མ་ཤེས་ཐབས་མེད་པ་ཡིན་ནོ། །དེ་ནས་རྗེས་ཀྱི་ལས་རིམ་རྣམས་ནི་གཞུང་ཉིད་དུ་གསལ་ཞིང་ཚང་བར་ཡོད་དོ། །ཕྲིན་ལས་ཀྱི་ཁ་སྐོང་དཀྱུས་གཅིག་ཏུ་བསྡེབས་པ་དེ་ནི་གཙོ་བོར་གཏོར་སྒྲུབ་དང་། དུས་ཀྱི་མཆོད་པ་རྒྱས་པ་ལ་ཉེ་བར་མཁོ་ཞིང་དེ་དག་གི་དམིགས་པའི་གནད་ཕལ་ཆེའང་གསལ་བར་བཀོད་པ་ལ་ནོངས་པ་མཆིས་ན་བླ་མ་མགོན་པོ་ཐུགས་རྗེའི་དབང་ཕྱུག་འཁོར་དང་བཅས་པ་ལ་སྙིང་ནས་བཟོད་པར་གསོལ་ན་ཚངས་པའི་དངོས་གྲུབ་སྩལ་བ་དང་ཡིག་ཆ་འདི་དག་གིའང་བཀའི་གཉེར་མཛད་དུ་གསོལ། གསང་སྒྲུབ་དང་བླ་མགོན་དབྱེར་མེད་སྙིང་ཞུགས་གཙོ་བོར་གྱུར་པའི་ཐབས་


PS004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་བྱེ་བྲག་གི་གནད་གདམས་ཐུན་མོང་མ་ཡིན་པ་རྣམས་ནི་དེ་དག་སོ་སོར་ལྟོས་པ་ལས་འདི་དག་གི་གཅིག་དཔེ་ཀུན་འགེབས་འོང་བ་མ་ཡིན་ལ། གཏོར་སྒྲུབ་དང་གཏོར་ཆེན་གྱི་གནད་དང་དམིགས་པ་རྣམས་ཀྱང་དེ་དག་སོ་སོའི་ཞལ་གདམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དེ་བཞིན་གཏོར་ཆེན་སོགས་དྲག་པོའི་ལས་ལ་ཉེ་བར་མཁོ་བའི་དྲག་བསྐུལ་སོགས་ཀྱང་ཕྲིན་ལས་འདི་དང་འབྲེལ་བ་ཡིན་མོད་ཀྱི་རྒྱུན་དུ་མི་མཁོ་བས་འདིར་མ་བྲིས་པ་དགོས་པ་བྱུང་ན་བེ་བུམ་དང་ཡིག་རྙིང་ལས་ལེན་པར་བྱའོ། །ཕྲིན་ལས་ལྷན་ཐབས་དད་པས་བྲིས་འདི་ཡང་། །སྒྲུབ་བརྒྱུད་རིན་ཆེན་རྒྱ་མཚོའི་མཐར་ཁྱབ་པའི། །ཆ་རྐྱེན་མཆོག་གྱུར་དེས་ཀྱང་སྐྱེ་འདི་ལ། །བླ་མ་མགོན་པོ་དབྱེར་མེད་ཉིད་འགྲུབ་ཤོག །ཅེས་པ་འདིའང་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་ཡེ་ཤེས་མགོན་པོའི་བསྟི་གནས་བསིལ་བའི་ཚལ་དུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། རྒྱལ་བ་ལྷ་ལས་བབས་


PS004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ཚེས་བཟང་པོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཐིང་དཀར་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཐིང་དཀར་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། །།


PS004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ཡེ་ཤེས་མགོན་པོ་རྡོ་རྗེ་ཕྱག་དྲུག་པ་ལ་མངའ་གསོལ་དབུལ་བར་འདོད་པས་རྒྱན་གྱིས་སྤྲས་པའི་གཏོར་ཆེན་དང་སྨན་ཕུད་སོགས་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམས་ལ་བྱིན་གྱིས་བརླབ་པ་ནི། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་མཚན་


PS004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྲུཾ་ཨཱཾཿཛིཾ་ཁཾ་ཧཱུྃ་རྣམས་ལས་ཤ་ལྔ། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་རྣམས་ལས་བདུད་རྩི་ལྔ། སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ། ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེ་རྣམས་བརྩེགས་པ། རླུང་གཡོས་མེ་སྦར་ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། ཡི་གེ་འབྲུ་གསུམ་ལས་བདུད་རྩིའི་རྒྱུན་བབས། དེ་རྣམས་ཀྱི་འོད་


PS004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་ཏེ་ཐིམ། ཨོཾ་དང་ཟླ་བ་རྡོ་རྗེ་རྣམས་ཀྱང་འོད་དུ་ཞུ་ཞིང་ཐིམ་པས། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོར་གྱུར་པ་དང་། རྟེན་སྐོང་སྒྲུབ་ཅིང་མཆོད་པའི་དམ་རྫས་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། དབྱངས་རོལ་བཅས། ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །མྱུར་མཛད་མགོན་པོ་འདིར་གཤེགས་མཆོད་གསོལ་བཞེས། །ཡེ་ཤེས་


PS004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་ཡི་ཀློང་དཀྱིལ་ན། །ཐབས་ལ་མཁས་པས་རབ་ཁྲོས་སྐུར་སྟོན་པ། །མི་བསྲུན་བདུད་སྡེ་འཇོམས་པའི་དཔའ་བོ་ཆེ། །མྱུར་མཛད་སྤྱན་རས་གཟིགས་དབང་མངའ་གསོལ་ལོ། །རྟག་ཏུ་འགྲོ་ལ་ཁྱབ་པའི་ཐུགས་རྗེ་ཡིས། །རབ་ཏུ་ཞི་ཡང་མཆོག་ཏུ་གཏུམ་པའི་སྐུ། །དུས་མཐའི་སྤྲིན་དང་མིག་སྨན་ལྟར་གནག་པ། །འཇིགས་བྱེད་ཁྲག་འཐུང་གཙོ་བོ་མངའ་གསོལ་ལོ། །རབ་བཞད་རྡོ་རྗེའི་གད་མོ་ཆེན་པོ་ཡིས། །བདུད་དང་གཤིན་རྗེའི་སྙིང་འགས་ཀླད་པ་འགེམས། །ལྷ་དང་ལྷ་མིན་མ་རུང་སྡེར་བཅས་ལྟུང་། །དྲག་ཤུལ་བཟོད་དཀའི་གཙོ་བོར་མངའ་གསོལ་ལོ། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་རྒྱལ་


PS004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི། །བརྩེ་ཆེན་གཅིག་ཏུ་བསྡུས་པ་སྤྱན་རས་གཟིགས། །དངོས་གྲུབ་ཀུན་སྩོལ་བྱིན་རླབས་མགོན་པོ་མཆོག །ཕྲིན་ལས་མྱུར་དུ་སྒྲུབ་མཛད་མངའ་གསོལ་ལོ། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་མེ་ལྟར་འབར། །སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས། །ཀླུ་ཆེན་བརྒྱད་དང་གཡེར་ཁའི་ཕྲེང་བས་བརྒྱན། །ཕྱག་དྲུག་ཡེ་ཤེས་མགོན་པོ་མངའ་གསོ་ལོ། །རིན་ཆེན་ཅོད་པན་ཁྲག་འཛག་མགོ་ཕྲེང་ཅན། །ཕྱག་གཡས་གྲི་གུག་ཐོད་ཕྲེང་ཅང་ཏེ་འཁྲོལ། །ཕྱག་གཡོན་ཐོད་པ་རྩེ་གསུམ་ཞགས་པ་བསྣམས། །སྟག་ལྤགས་ན་བཟས་མཛེས་པ་མངའ་གསོལ་ལོ། །མཉམ་དང་གཡོན་བརྐྱང་གྱད་ཀྱི་དོར་སྟབས་སོགས། །སྣ་ཚོགས་གར་གྱིས་ལོག་འདྲེན་


PS004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་རོལ། །པད་ཉིའི་གདན་བཞུགས་ཙནྡན་ལྗོན་པའི་དྲུང་། །བརྟེན་མཛད་མ་ཧཱ་ཀཱ་ལར་མངའ་གསོལ་ལོ། །ཞབས་སེན་ཅུང་ཟད་བརྡབས་པས་ས་གཞི་གཡོ། །ཧཱུྃ་སྒྲས་རི་བོ་རལ་ཞིང་ཆུ་གཏེར་འཁྲུགས། །སྤྱན་ཙམ་བསྐྱོད་པས་བར་ཆད་ཐམས་ཅད་སེལ། །ཐོགས་མེད་མཐུ་སྟོབས་མངའ་བ་མངའ་གསོལ་ལོ། །སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །བར་ཆད་སྲུང་ཕྱིར་ཆོས་སྐྱོང་བཀའ་སྡོད་སྐུ། །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་པའི། །བླ་མ་མགོན་པོ་དབྱེར་མེད་མངའ་གསོལ་ལོ། །རྡོ་རྗེ་སེམས་དཔའི་ངོ་བོ་སྒྲིབ་ཀུན་སྦྱོང་། །ཉིད་ཀྱི་དཔྲལ་བར་བརྟེན་པའི་ཆོས་འབྱུང་དབྱིབས། །སིནྡྷུའི་ཐིག་ལེར་ཡུམ་གཅིག་


PS004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ། །འཁོར་བཅས་ཆོས་ཀུན་སྐྱེ་དམར་མངའ་གསོལ་ལོ། །དེ་དབུས་ཧྲཱིཿཡིག་དཔལ་ལྡན་འཇིག་རྟེན་མགོན། ཁམས་གསུམ་དབང་སྒྱུར་མཁའ་འགྲོ་མ་རྣམས་སྤྲོ། །འགུགས་བྱེད་བཅུ་གསུམ་ཡིག་འབྲུའི་གསང་སྔགས་མཆོག །འཕགས་མ་སྒྲོལ་མའི་ངོ་བོར་མངའ་གསོལ་ལོ། །མི་བསྐྱོད་དབང་ཕྱུག་རིགས་ཀྱི་བདག་པོར་བཞུགས། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱིས་མཐུ་སྟོབས་སྦྱིན། ཁྱོད་ལ་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །རྟག་ཏུ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་བའི་རྟེན་སྐོང་སྒྲུབ་པའི་རྫས། །སྨན་རཀ་གཏོར་ཚོགས་མཆོད་པའི་ཡོ་བྱད་ནི། །དངོས་འབྱོར་ཡིད་སྤྲུལ་འཇིག་རྟེན་ཁམས་


PS004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གང་བས། །ཡེ་ཤེས་མགོན་པོ་འཁོར་བཅས་མངའ་གསོལ་ལོ། །སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །ཆོས་ཀུན་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རྨི་ལམ་རང་གྲོལ་འཆར་བར་བྱིན་གྱིས་རློབས། །གཏུམ་མོའི་བདེ་ཆེན་འབར་བར༴ །འོད་གསལ་ཕྱག་ཆེན་རྟོགས་པར༴ །ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱིས༴ །བར་དོའི་འཇིགས་པ་གསལ་བར༴ །བར་དོར་ལོངས་སྐུ་ཐོབ་པར༴ །འགལ་རྐྱེན་ཐམས་ཅད་ཞི་བར༴ །མཐུན་རྐྱེན་ཐམས་ཅད་འགྲུབ་པར༴ །ཐུགས་ཡིད་གཉིས་སུ་མེད་པར༴ །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཧཱུྃ། རྡོ་རྗེ་འཆང་དངོས་བླ་མ་དང་། །དབྱེར་མེད་


PS004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོར་མངའ་གསོལ་ལོ། །སྤྱན་རས་གཟིགས་དབང་ངོ་བོའི་ཕྱིར། །ཡི་དམ་མཆོག་ཏུ་མངའ༴ །སྐུ་བཞི་མངོན་དུ་མཛད་པའི་ཕྱིར། །རྫོགས་སངས་རྒྱས་སུ་མངའ༴ །ཐེག་ཆེན་དམ་ཆོས་ཐམས་ཅད་ཀྱི། །མངའ་བདག་ཆེན་པོར་མངའ༴ །འཕགས་ཚོགས་དགེ་འདུན་ཐམས་ཅད་ཀྱི། །གཙོ་བོ་ཆེན་པོར་མངའ༴ །ཐུབ་དབང་བསྟན་པ་བསྲུང་བའི་ཕྱིར། །ཆོས་སྐྱོང་ཆེན་པོར་མངའ༴ །ལྷ་ཆེན་རྣམས་ཀྱི་གཙོ་བོའི་ཕྱིར། །ལེགས་ལྡན་ཆེན་པོར༴ །དྲག་པོའི་ལས་ལ་དབང་མཛད་ཕྱིར། །ནག་པོ་ཆེན་པོར༴ །གསང་སྔགས་རིག་འཛིན་ཐམས་ཅད་ཀྱི། །སྲུང་མ་ཆེན་པོར༴ །རྣལ་འབྱོར་དམ་ཚིག་ལྡན་རྣམས་ཀྱི། །དགྲ་ལྷ་ཆེན་པོར༴ །


PS004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །མགོན་དང་སྐྱབས་སུ་མངའ་གསོལ་ལོ། །ཐུབ་པའི་དབང་པོའི་བསྟན་པ་སྲུངས། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །འགལ་རྐྱེན་ཟློག་ཅིང་མཐུན་རྐྱེན་སྒྲུབས། །མངའ་གསོལ་དོན་དང་ལྡན་པར་མཛོད། །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལ་གསོལ་ལོ་མཆོད་དོ། །རྡོ་རྗེ་ནག་པོ་ཆེན་པོ་དཔལ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་ཀྱི་ངང་དུ་གཅིག་ཅིང་ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཕྱོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡོངས་རྗེ། ཞིང་སྐྱོང་


PS004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་བཀའ་ཉན་གྱི་སྡེ་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་གྱི་དབང་ཕྱུག་བུ་བཞིན་དུ་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོས་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་རྩལ་འབྱིན་པ། མཐུ་སྟོབས་ཀྱི་དབང་ཕྱུག་ཞིང་སྐྱོང་རྡོ་རྗེ་ནག་པོ་ཕྱག་དྲུག་པ། དཔལ་ལྡན་ལྷ་མོ་རེ་མ་ཏི། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ། གཤིན་རྗེ་ཌཱ་ཀི་རཱ་ཛ། དབང་ཕྱུག་ཛི་ན་མི་ཏྲ། བདུད་མགོན་ཏྲཀྴད་ནག་པོ། ཕྱོགས་སྐྱོང་ཆེན་པོ་བཅུ། །གཙང་རིས་ཀྱི་མགོན་པོ་བདུ་བཅུ་རྩ་ལྔ། བཀའ་


PS004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །མཆོད་དོ། །མངའ་གསོལ་ལོ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་དང་བདེ་བ་ཆེན་པོའི་ཞིང་ཁམས་སུ་བགྲོད་པའི་ལམ་གྱི་བར་ཆད་དང་། བདུད་བཞིའི་འཇིགས་པ་ཐམས་ཅད་ལས་བསྒྲལ་བའི་ལམ་གྱི་སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་དང་འཕྲད་པའི་ཏིང་ངེ་འཛིན་གྱི་སུན་མ་དང་སྤྲད་པར་མཛོད་ཅིག །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་དུ་མི་འགྲོ་ཞིང་། ཐར་པ་བྱང་ཆུབ་ཀྱི་ལམ་དུ་བློ་འགྲོ་བར་མཛད་དུ་གསོལ། མཆོག་ཐུན་མོངས་ཀྱི་དངོས་གྲུབ་


PS004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཕྲིན་ལས་བཞིའི་བྱ་བ་ཐམས་ཅད་ལ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་དེ་ཁོ་ན་ཉིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདག་གི་ནད་གདོན་སྡིག་སྒྲིབ་འཇིགས་པ་བརྒྱད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་སྙན་གྲགས་ལོངས་སྤྱོད་སོགས་འབྱོར་པ་དྲུག་སྤེལ་བར་མཛད་དུ་གསོལ། ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་མོས་བཞིས་དབང་དུ་འདུ་བར་མཛད་དུ་གསོལ། དགྲ་གདོན་བགེགས་ཚོགས་བྱད་ཕུར་རྦོད་གཏོང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་སྐྱེ་བ་ཀུན་


PS004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཐུགས་རྗེས་ཡུད་ཙམ་ཡང་མི་འདོར་བར་དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།མགོན་དཀར་ཡིད་བཞིན་ནོར་བུའི་མངའ་གསོལ་འབུལ་བར་སྤྲོ་ན། གཏོར་མ་ཕུད་མཆོད་གཙང་ཞིང་དག་ལ་རྒྱ་ཆེ་བ་འདུ་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེའི་སྟེང་དུ་ཨཱཿ ལས་ཀ་པཱ་ལ་ཤ་ལྔ་བདུད་རྩིས་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨཾ་ཛིཾ་ཁཾ་རྣམས་ཀྱིས་མཚན་པ། རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། མགོན་


PS004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་དགུའི་མཆོག་སྩོལ་འདིར་གཤེགས་མཆོད་གསོལ་བཞེས། །ལྷུན་སྟུག་ཀཻ་ལཱ་ཤ་ཡི་རི་བོ་ལྟར། །འོད་ཟེར་བྱེ་བས་འཁྱུད་པའི་དཔལ་ཕྲེང་ཅན། །དབང་སྡུད་མཁའ་འགྲོ་སྟོང་གི་བདག་པོ་ནི། །མྱུར་མཛད་སྤྱན་རས་གཟིགས་དབང་མངའ་གསོལ་ལོ། །འཛུམ་བག་བརྗིད་པའི་ཞལ་རས་ཡིད་ཙམ་ཁྲོ། །འདོད་དགུའི་ཆར་འབེབས་དབང་གི་རྒྱལ་པོ་ཁྱོད། །ཆོས་ཉིད་ཐིག་ལེའི་སྒོ་ངར་གདོད་མའི་སེམས། །མངོན་གྱུར་ཡེ་ཤེས་སྐུ་ཅན་མངའ་གསོལ་ལོ། །དངུལ་ཆུའི་མདངས་གསལ་ཧཱུཾ་ཡིག་ལས་འཁྲུངས་པ། །སྐྱེ་


PS004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་རེ་སྐོང་དབུལ་བའི་སྡུག་བསྔལ་སེལ། །དབུ་སྐྲ་གྱེན་བརྫེས་སྤྱི་བོར་མི་འཁྲུགས་རྒྱལ། །རྒྱས་གདབ་དབང་བསྐུར་ཆེ་བརྙེས་མངའ་གསོལ་ལོ། ཁ་བའི་རི་ལ་འཆར་ཀ་གསར་པ་ལྟར། ཁྱོད་ཞལ་སྨིན་མཚམས་སིནྡྷུའི་ཐིག་ལེ་མཛེས། །རིན་ཆེན་གདུ་བུ་འཁྲོལ་བའི་ཕྱག་དྲུག་པོ། །བླ་མེད་ཕར་ཕྱིན་ངོ་བོར་མངའ་གསོལ་ལོ། །གྲི་གུག་ཡིད་བཞིན་ནོར་བུ་ཌཱ་མ་རུ། །ནོར་བུས་གཏམས་པའི་ཐོད་པ་བུམ་པར་བཅས། །རྩེ་གསུམ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་བསྣམས། །ཕྱག་དྲུག་ཡེ་ཤེས་མགོན་པོར་མངའ་གསོལ་ལོ། །ལྷབ་ལྷུབ་དར་དང་སྟག་ལྤགས་ན་བཟའ་ཅན། །འོད་འབར་རིན་ཆེན་རྒྱན་གྱི་སིལ་


PS004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་དང་། །ནོར་བུའི་ཆུན་འཕྱངས་དུ་མས་རབ་ཏུ་མཛེས། །གཟི་བྱིན་ལྷང་ངེར་འབར་བ་མངའ་གསོལ་ལོ། །འདོད་པའི་ལོངས་སྤྱོད་ཆར་ཆེན་འབེབས་བྱེད་པ། །བི་ན་ཡ་ཀའི་སྟེང་ན་རོལ་པས་བཞུགས། །རབ་སྔོ་ཙནྡན་ལྗོན་པའི་ཚལ་ན་དགྱེས། །གནས་གསུམ་མཁའ་འགྲོའི་བདག་པོ་མངའ་གསོལ་ལོ། །ཐུགས་ཀར་དབང་གི་ལྷ་མོ་ལང་ཚོ་མ། །འཆར་ཀའི་འོད་རིས་གསར་པ་གློག་ཕྲེང་ལྟར། །མཛེས་ཤིང་གཡོ་བའི་དངོས་གྲུབ་ལྕགས་ཀྱུ་འཛིན། །སྲིད་གསུམ་དབང་དུ་སྡུད་མཛད་མངའ་གསོལ་ལོ། །མངའ་གསོལ་བསྟོད་ཅིང་གསོལ་བ་འདེབས་པ་དང་། །སྙིང་ནས་ལྷ་མཆོག་ཁྱོད་ལ་གདུང་བ་ཡིས། །མངའ་


PS004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འབུལ་གྱིས་བདག་ལ་མཆོག་སྩོལ་ནས། །དཔལ་དང་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཐུགས་རྗེའི་སྤྲིན་ལས་དགེ་ལེགས་ཆར་ཕབ་སྟེ། །འདོད་དགུའི་རྦ་རླབས་ཕྲེང་བ་ཆིལ་ཆིལ་གཡོ། །ཟས་ནོར་ལོངས་སྤྱོད་དགེ་ལེགས་ཡར་འཕེལ་གྱི། །དཔལ་འབྱོར་རྒྱ་མཚོ་གོང་ནས་གོང་འཕེལ་ཤོག །གསོལ་ལོ་མཆོད་དོ། །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ། དྲན་པ་ཙམ་གྱིས་འདི་ཕྱི་བར་དོའི་སྡུག་བསྔལ་ལས་སྐྱོབ་པ། གསོལ་བ་བཏབ་པ་ཙམ་གྱིས་འདོད་དགུའི་དངོས་གྲུབ་ཆར་བཞིན་ཏུ་འབེབས་པ། གནས་གསུམ་གྱི་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་རྣམས་ལ་གསོལ་


PS004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མཆོད་དོ་མངའ་གསོལ་ལོ། །དངོས་འབྱོར་ཡིད་སྤྲུལ་གྱི་སྤྱན་གཟིགས་མཆོད་པའི་བྱེ་བྲག་ས་དང་བར་སྣང་ནམ་མཁའ་གང་བ་བླ་མ་མགོན་པོ་དབྱེར་མེད་ཆོས་ཉིད་བདེ་བ་ཆེན་པོ་ལ་ཡིད་ཆེས་མོས་གུས་རྩེ་གཅིག་ཏུ་བསྒོམ་པའི་མཆོད་སྤྲིན་བླ་ན་མེད་པས་དགྱེས་ཤིང་མཉེས་ནས། བདག་སྒྲུབ་པ་པོ་ལ་བུ་གཅིག་པའི་མ་བཞིན་དུ་བརྩེ་བ་ཆེན་པོས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྟག་ཏུ་མི་འབྲལ་བར་གཟིགས་ལ། གནས་སྐབས་སུ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་དབང་ཕྱུག་ཟས་ནོར་ལོངས་སྤྱོད་སྙན་གྲགས་མངའ་ཐང་ལ་སོགས་པ་རབ་ཏུ་འཕེལ་ཞིང་རྒྱས་ལ་ཉམས་པ་མེད་པ་དང་། ཁམས་གསུམ་སྲིད་གསུམ་བརྟན་གཡོའི་དངས་བཅུད་ཐམས་


PS004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐོགས་པ་མེད་པར་དབང་དུ་འདུ་བའི་མཆོག་སྦྱིན་པར་མཛད་དུ་གསོལ། མཐར་ཐུགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལམ་སྣ་འདྲེན་པའི་དེད་དཔོན་དང་འཁོར་བ་ལས་སྒྲོལ་བའི་སྐྱེལ་མ་མཛད་ཅིང་འཇིག་རྟེན་མགོན་པོའི་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་བདེ་བླག་ཏུ་འཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་རོལ་མོའི་སྒྲ་དང་བཅས་གཏོར་མཆོད་ན་མཁར་འབུལ་བར་བྱའོ། །ཞེས་པ་འདི་ནི་སྒར་བསང་ཆེན་མོ་སོགས་དུས་ཀྱི་མཆོད་པའི་སྐབས་སུ་འཇུག་འོས་པར་མཐོང་ནས། ཇོ་ནང་རྗེ་བཙུན་ཆེན་པོ་སོགས་བྱིན་རླབས་དང་ལྡན་པའི་གསུང་རྣམས་གུང་སྤྲོས་ཏེ་མངའ་གསོལ་བའི་ཚིག་མཐའ་བསྒྱུར་ཞིང་འདོན་པ་བདེ་བར་བསྡེབས་པ་སྟེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་


PS004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀོ་ཊཱི་ཡེ་ཤེས་མགོན་པོ་ཉིད་དགྱེས་རྒུར་རོལ་པའི་དགའ་བའི་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ་བྷ་ཝནྟུ།། །།

བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ། ཀརྨ་རང་བྱུང་ཀུན་ཁྱབ།


PS004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་བརྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཕྱྭ་གཡང་རྨུ་ཞགས་སྐོར་གསུམ་ཞེས་བྱ་བ་བཞུགས་སོ། །


PS004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་འབྱུང་གནས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཡི་དམ་ལྷ། །ཕྲིན་ལས་ཀུན་སྒྲུབ་ཡེ་ཤེས་མགོན་པོ་ཡིས། །བསོད་ནམས་ཡེ་ཤེས་རྒྱས་པའི་དགེ་ལེགས་སྩོལ། །དེའང་བླ་མ་ཡེ་ཤེས་མགོན་པོ་ལ་བརྟེན་ནས་ཚོགས་གཉིས་ཀྱི་དཔལ་ལ་སྤྱོད་པར་འདོད་པས། མདུན་བསྐྱེད་དང་འབྲེལ་ན་ལེགས་ཤིང་མིན་ཀྱང་བདག་


PS004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གདོད་ནས་ཡོངས་གྲུབ་ལྷ་ཡི་དཀྱིལ་འཁོར་གསལ་བའི་ངང་ནས། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས་འཁོར་འདས་བརྟན་གཡོ་སྣོད་བཅུད་ཀུན་ལ་ཕོག །དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཚེ་བསོད་དཔལ་འབྱོར་སྤངས་རྟོགས་ཀྱི་ཡོན་ཏན། སྟོབས་རྩལ་གཟི་བརྗིད། བརྟན་


PS004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡོ་བའི་དྭངས་བཅུད་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་དང་། འཇའ་ཟེར་ཐིག་ལེ་འོད་དང་འོད་ཟེར་ཨཱ་ནིྲ་ཧཱུྃ་གསུམ་དང་བཀྲ་ཤིས་རྫས་རྟགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་བདག་མདུན་རྟེན་རྫས་རྣམས་ལ་སིབ་སིབ་ཐིམ་པས། ཉམས་པ་མེད་པའི་ཚེ་དང་། བགྲེས་རྒུད་མེད་པའི་ལང་ཚོ། གསལ་སྒྲིབ་མེད་པའི་ཉམས་རྟོགས། འཛད་པ་མེད་པའི་ལོངས་སྤྱོད་དང་ལྡན་ཞིང་། ཟིལ་ཆེན་ཟིལ་དུ་འབར། བཀྲ་ཆེན་བཀྲག་ཏུ་འཚེར། མདངས་ཆེན་མདངས་སུ་ངམ་སྟེ། གནས་ཁང་བང་མཛོད་ར་བ་ཡུལ་ཞིང་དང་བཅས་པ། རིན་པོ་ཆེ་དང་འབྲུ་རིགས་དར་ཟབ། ཟས་ནོར་ལོངས་སྤྱོད་ལ་སོགས་པ་མཛད་པ་མེད་


PS004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདོད་རྒུའི་དཔལ་གྱིས་ཕྱུར་བུར་གཏམས་ཤིང་ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་བོ་ལྟར་རྒྱས་ཤིང་། བསོད་ནམས་དང་ཡེ་ཤེས་རྒྱ་མཚོའི་གང་བུར་གྱུར་ཏེ། སྐྱེ་འགྲོ་མ་ལུས་བདེ་སྐྱིད་ཆོས་གསུམ་ལ་བཀོད་པའི་ནུས་མཐུ་ལ་མངའ་དབང་འབྱོར་བར་གྱུར་ཅིག །ཅེས་མོས་ལ་མདའ་དར་དབྱངས་རོལ་དང་བཅས་པས། ཧཱུྃ། དབུས་ཕྱོགས་དེ་བཞིན་རིགས་ཀྱི་ཞིང་ཁམས་དང་། །གནས་ཡུལ་འཇིགས་རུང་དུར་ཁྲོད་ཆེན་པོ་ནས། །བར་ཆད་ཀུན་སེལ་ཡེ་ཤེས་མགོན་པོ་དང་། །རིགས་ཀྱི་ཅོད་པན་བླ་མ་མི་བསྐྱོད་པ། །མཆོག་མཐུན་དངོས་གྲུབ་རྩོལ་མཛད་ཌཱ་ཀི་འབུམ། །དཔའ་བོ་དཔའ་


PS004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དམ་ཅན་རྒྱ་མཚོ་བཅས། །ཐུགས་བསྐྱེད་ཐུགས་དམ་གཉེན་པོ་དབྱིངས་ནས་བསྐུལ། །རྣལ་འབྱོར་བདག་གི་ཕྲིན་ལས་དུས་ལ་བབས། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་པ་བསྐྱེད། །འོད་དང་འོད་ཟེར་སྤྲུལ་དང་ཡང་སྤྲུལ་གྱིས། །འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་བསྡུས། །རྩ་གསུམ་མཆོག་གསུམ་བྱིན་རླབས་དངོས་གྲུབ་རྣམས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམ་པ་རུ། །བདག་མདུན་རྟེན་རྫས་རྣམས་ལ་སིབ་སིབ་ཐིམ། །སྣང་གྲགས་ལྷ་སྔགས་བདེ་སྟོང་ཆེན་པོའི་ངང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྒྱས་གྱུར་ཏེ། །དོན་གཉིས་མཐར་ཕྱིན་རྡོ་རྗེའི་སྐུ་རུ་གྱུར། །སླར་ཡང་འོད་འཕྲོས་བརྟན་གཡོའི་དྭངས་


PS004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀུན། །འཇའ་ཟེར་ཐིག་ལེ་འབྲུ་གསུམ་རྣམ་པར་བསྡུས། །རྣལ་འབྱོར་དཔོན་སློབ་ལུས་ངག་ཡིད་ལ་ཐིམ། །འཆི་མེད་ཚེ་དང་འགྲིབ་མེད་ལང་ཚོ་ལྡན། །ནད་གདོན་འཇིགས་བརྒྱད་མི་མཐུན་རྒུད་པ་ཞི། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །རླུང་སེམས་སྣང་སྲིད་མ་ལུས་དབང་དུ་སྡུས། །བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ་བར་མཛོད། །ཆོས་རྣམས་བདེན་མེད་སྒྱུ་མ་ལྟ་བུའི་ངང་། །སྟོང་ཉིད་རྟེན་འབྲེལ་འཆར་བའི་རོལ་གར་ལས། །སྣ་ཚོགས་དར་གྱི་གཡབ་མོས་རྒྱུད་བསྐུལ་ཞིང་། །གྲགས་སྟོང་སྙན་འཇེབས་དབྱངས་ཀྱིས་སྤྱན་དྲངས་ཏེ། །འདིར་སྣང་ལེགས་རྒུའི་དཔལ་གྱིས་རབ་བརྒྱན་


PS004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཤར་ཕྱོགས་རྒྱ་ཡི་ཇ་དར་འདིར་ཁུག་ཅིག །ལྷོ་ཕྱོགས་རྒྱ་གར་ཆོས་གཡང་འདིར་ཁུག་ཅིག །ནུབ་ཕྱོགས་གུ་གེའི་གསེར་གཡུ་འདིར༴ །བྱང་ཕྱོགས་ཧོར་གྱི་རྩལ་གཡང་༴ །སྟེང་ཕྱོགས་ལྷ་ཡི་བདེ་སྐྱིད༴ །འོག་ཕྱོགས་ཀླུ་ཡི་དཔལ་འབྱོར༴ །ཅང་ཤེས་རྟ་ཡི་རྟ་གཡང་༴ །ཟ་ལེ་འབྲི་ཡི་འབྲི་གཡང་༴ །གཡང་སྐར་ལུག་གི་ལུག་གཡང་འདིར༴ །ཚེ་ཚེ་ར་ཡི་ར་གཡང་༴ །འབྲས་དྲུག་འབྲུ་ཡི་འབྲུ་གཡང་༴ །བཅུད་ཆེན་ཟས་ཀྱི་ཟས་གཡང་༴ །ལྗིད་ཅན་གོས་ཀྱི་གོས་གཡང་༴ །གཡང་ཅན་ནོར་གྱི་ནོར་གཡང་༴ །བཙན་པོའི་བཙན་གཡང་ཕྱུག་པོའི་ཕྱུག་གཡང་དང་། །དར་པོའི་དར་གཡང་ཐམས་ཅད་འདིར༴ །མཁས་པའི་


PS004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་གྲུབ་པའི་ཉམས་རྟོགས་སོགས། །ལེགས་རྒུའི་དཔལ་འབྱོར་ཐམས་ཅད་འདིར༴ །ལོངས་སྤྱོད་ཆུ་ཆེན་བཞིན་དུ་འབྲུབས་ཤིང་བྱོན། །ཟས་ནོར་ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན། །བསོད་ནམས་རི་བོ་བཞིན་དུ་བརྟན་ཅིང་བྱོན། །སྙན་གྲགས་གཡུ་འབྲུག་བཞིན་དུ་སྒྲོག་ཅིང་བྱོན། །བདེ་སྐྱིད་ཉི་ཟླ་བཞིན་དུ་ཤར་ཞིང་། །དམ་ཆོས་དབྱར་མཚོ་ལྟ་བུ་རྒྱས་ཤིང་བྱོན། །འདོད་རྒུ་སྦྲང་ཆར་བཞིན་དུ་འབབས་ཤིང་བྱོན། །རྒྱུད་འཛིན་སྐར་ཚོགས་ལྟ་བུར་བཀྲ་ཞིང་བྱོན། །བསྟན་པ་ནམ་མཁའ་ལྟ་བུ་ཁྱབ་ཅིང་བྱོན། །དམ་ཆོས་ས་གཞི་ལྟ་བུ་བརྟན་ཅིང་བྱོན། །དོན་གཉིས་རྩི་ཐོག་ལྟ་བུ་སྨིན་ཅིང་བྱོན། །གནས་ཁང་བང་མཛོད་


PS004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ར་བ་ཡུལ་ཞིང་རྣམས། །འདོད་རྒུའི་དཔལ་གྱིས་ཕྱུར་བུར་གཏམས་གྱུར་ཏེ། །ཟིལ་ཆེན་ཟིལ་འབར་བཀྲག་ཆེན་བཀྲག་ཏུ་འཚེར། །བཀྲག་མདངས་སྣུམ་བག་གཟི་བརྗིད་རབ་འབར་ཞིང་། །ཡིད་བཞིན་ནོར་དང་དཔག་བསམས་ཤིང་བཞིན་དུ། །ཟད་མེད་འདོད་རྒུའི་དཔལ་ལ་སྤྱོད་གྱུར་ཏེ། །རབ་འབྱམས་རྒྱལ་དང་རྒྱལ་སྲས་མཉེས་པ་ཡི། །འདོད་ཡོན་བཀོད་པའི་མཆོད་སྤྲིན་རྒྱ་མཚོ་འབུལ། །མ་ལུས་འགྲོ་ཀུན་བསྡུ་བ་རྣམ་བཞི་དང་། །སྦྱིན་པ་རྣམ་བཞི་བདུད་རྩིའི་ཆུ་རྒྱུན་གྱིས། །མི་ཟད་ནམ་མཁའ་མཛོད་ལ་ལོངས་སྤྱོད་དེ། །འགྲོ་ཀུན་ཐར་པའི་ས་ལ་དབུགས་དབྱུང་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །


PS004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་རབ་རྫོགས་ལོངས་སྐུའི་ཞིང་ཁམས་སུ། །བྲལ་སྨིན་ཡོན་ཏན་བྱེ་བའི་བདག་ཉིད་ཅན། ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་དབང་གི། །གོ་འཕང་དཀྱིལ་འཁོར་གཅིག་ཏུ་འཚང་རྒྱ་ཤོག །ཧཱུྃ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་དང་། །ཤར་ལྷོ་ཙནྡན་ལྗོན་པའི་དུར་ཁྲོད་ནས། །མགོན་དཀར་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །རིགས་ཀྱི་ཅོད་པ་བླ་མ་རྡོ་རྗེ་སེམས། །ནད་གདོན་བར་ཆད་ཞི་མཛད་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་གནོད་སྦྱིན་ནོར་ལྷ་བཅས། །ཐུགས་བསྐྱེད་ཐུགས་དམ་གཉེན་པོ་དབྱིངས་ནས་བསྐུལ། །རྣལ་འབྱོར་བདག་གི་ཕྲིན་ལས་དུས་ལ་བབས། །ཧཱུྃ། ལྷོ་ཕྱོགས་


PS004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་ལྡན་པའི་ཞིང་ཁམས་དང་། །ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས། །ཡོན་ཏན་མགོན་པོ་བློ་འཕེལ་གསེར་གྱི་མདོག །རིགས་ཀྱི་ཅོད་པ་བླ་མ་ཡིད་བཞིན་ནོར། །ཚེ་བསོད་ཉམས་རྟོགས་རྒྱས་བྱེད་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་ཌཱ་ཀི་སྲུང་མའི་ཚོགས། །ཐུགས་བསྐྱེད་ཐུགས་དམ་སོགས་གོང་ལྟར་འགྲེ། ཧཱུྃ། །ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་དང་། །ནུབ་བྱང་མེ་རི་འབར་བའི་དུར་ཁྲོད་ནས། །གསུང་མགོན་དམར་པོ་དབང་གི་རྒྱལ་པོའི་སྐུ། །རིགས་ཀྱི་ཅོད་པ་བླ་མ་དབང་གི་རྒྱལ། ཁམས་གསུམ་སྣང་སྲིད་དབང་བསྡུས་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་མཁའ་འགྲོ་དམ་ཅན་ཚོགས། །


PS004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ཐུགས་དམ་སོགས་གོང་ལྟར་འགྲེ། ཧཱུྃ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་དང་། །བྱང་ཤར་མེ་རླུང་འཚུབས་པའི་དུར་ཁྲོད་ནས། །ཕྲིན་ལས་མགོན་པོ་ལྗང་ནག་ཚེ་ཡི་བདག །རིགས་ཀྱི་ཅོད་པ་བླ་མ་གཤིན་རྗེ་གཤེད། །བར་ཆད་དགྲ་བགེགས་འདུལ་མཛད་ཌཱ་ཀི་འབུམ། །དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོ་བཅས། །ཐུགས་བསྐྱེད་ཐུགས་དམ་སོགས་ནས། གོ་འཕང་དཀྱིལ་འཁོར་གཅིག་ཏུ་འཚང་རྒྱ་ཤོག །བར་བརྗོད། ཅེས་པའང་བྱིན་རླབས་དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་ཡེ་ཤེས་མགོན་པོ་ཡིན་པ་མ་ཟད། དམིགས་པ་གསལ་ངར་དང་ལྡན་པའི་དབྱངས་ཀྱིས་བསྐུལ་ན་འདོད་རྒུ་མ་ལུས་འབྱུང་བར་ངེས་ཤིང་། ལོངས་སྤྱོད་ཐམས་ཅད་ཆོས་ཀྱི་ཕྱོགས་སུ་བཏང་ནས་འདི་ཕྱིའི་


PS004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་མ་ལུས་འབྱུང་བར་འགྱུར་རོ། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་གཏེར་གྱུར་ཅིང་། །ས་ལམ་མ་ལུས་བསྒྲོད་པའི་ཤིང་རྟ་ཆེ། །ཟབ་གསང་འདོད་རྒུ་འཕེལ་བའི་བུམ་པ་བཟང་། །སྐལ་ལྡན་ལས་ཅན་དཔྱིད་ཀྱི་དཔལ་གྱུར་ཅིག །ཞེས་བླ་མ་མགོན་པོའི་གསང་བ་གསུམ་ལ་མི་ཕྱེད་པའི་འདུན་པ་ཅན། ཀརྨ་རང་འབྱུང་ཀུན་ཁྱབ་ཀྱིས་ཕན་པའི་སེམས་ཀྱིས་བྲིས་པའོ།། །།

མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བསྡུས་པ་དབུ་ཕྱོགས། ཏཱ་ར་ན་ཐ།


PS004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བསྡུས་པ་དབུ་ཕྱོགས་ལགས་སོ།། །།


PS004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བླ་མ་མངོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། །ནང་མཆོད་གཏོར་མ་བྱིན་རླབས་ཡི་དམ་ལྟར་བྱ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཡཾ་ལས་རླུང་རཾ་ལས་མེའི་སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨྃཿཛིཾ་ཁཾ་རྣམས་ཀྱིས་མཚན་པ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་བསྟིམས་


PS004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ཨོཾ་སྭ་བྷཱ་སོགས། རང་གི་མདུན་དུ་པད་ཉི་ལ་ཧཱུྃ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་པ་གཉིས་མི་མགོའི་ཕྲེང་བ་དང་རྩེ་གསུམ། མཐའ་མ་གཉིས་ཌཱ་མ་རུ་དང་ཞག་པ། སྟག་ལྤགས་དང་མགོ་ཕྲེང་རུས་པ་དང་སྦྲུལ་དང་ཕྱག་ཞབས་ལ་དྲིལ་བུ་གཡེར་ཁའི་ཕྲེང་


PS004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པས་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྗེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིནྡྷུ་རའི་ཐིག་ལེ་དཔྲལ་བར་བྱུག་པ། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་ནག་པོ་ཏྲིའུ་ལ་ཞོན་པ་ཁྲམ་ཤིང་དང་ནད་རྐྱལ་ཐོག་པ། མདུན་དུ་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྨུག་ནག་གྲི་ཐོད་འཛིན་པ། དོམ་ནག་སྨྱོན་པ་ལ་ཞོན་པ། གཡས་སུ་ཛི་ན་མི་ཏྲ་དམར་ནག་ཅང་ཏེའུ་དང་འཁོར་ལོ་འཛིན་པ། རྒྱབ་ཏུ་ཊཱ་ཀི་རཱ་ཛ་ནག་པོ་


PS004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་ཏྲཀྴད་རུ་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་བ། དར་ནག་གི་འཇོལ་བེར་དང་སྭ་ག་ལྷྭཾ་གསོལ་བ། དེའི་ཕྱི་རོལ་དུ་དཔལ་མགོན་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་གཡོན་ན་དཔའ་མོ་འཛུམ་དང་བཅས་པ་བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་


PS004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཀྵིཾ་ཉེར་གཅིག །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཧཱུཾ། རྟེན་ཅིང་འབྲེལ་བ་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ཕྱི་མཆོད་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཛོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །བསྐང་བ་ནི། བསྐང་རྫས་ཀུན་ཏུ་


PS004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཧཱུྃ། ཐུགས་རྗེ་མྱུར་མཛད་སྤྱན་རས་གཟིགས། །ནག་པོ་ཆེན་པོ་ཕྱག་དྲུག་པ། །བྱིན་རླབས་མགོན་པོ་འཁོར་དང་བཅས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ཕྱི་སྣོད་ནང་བཅུད་དཔལ་འབྱོར་ཀུན། །ངོ་མཚར་མཆོད་སྤྲིན་ལྷུན་གྱིས་གྲུབ། །གདུག་པའི་རུ་ཏྲ་བསྒྲལ་བ་ལས། །དུར་ཁྲོད་དྲག་པོའི་རྒྱན་མཆོག་བཀོད། །གསང་ཆེན་རོལ་པའི་དམ་ཚིག་རྫས། །རྣལ་འབྱོར་མོས་པའི་སྟོབས་ཀྱིས་སྤེལ། ཁྱུང་ལྟར་ལྡིང་བའི་བྱ་རོག་དང་། །མགྱོགས་འགྲོའི་རྟ་དང་བརྗིད་ལྡན་གཡག །མཛེས་པའི་ལུག་


PS004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏུམ་པོའི་ཁྱི། །ནག་པོ་བཅུ་གསུམ་རྒྱན་གྱིས་སྤྲས། །རྟེན་མདའ་མེ་ལོང་དར་སྣས་སྤྲས། །གྲི་སྙིང་བླ་རྡོ་ཙཀྲས་བཏུམས། །བདུད་རྩི་སྨན་དང་རཀྟའི་མཚོ། །བ་ལིཾ་ཚོགས་མཆོད་རི་ལྟར་སྤུངས། ཁྱད་པར་སེམས་ཉིད་སྤྲོས་བྲལ་དང་། །བླ་མ་མགོན་པོ་དབྱེར་མེད་པར། །ཡིད་ཆེས་མོས་གུས་རྩེ་གཅིག་པས། །ཡེ་ཤེས་མགོན་པོ་ཡིད་བཞིན་ནོར། །རིགས་ཀྱི་རྣམ་འགྱུར་སྣ་ཚོགས་དང་། །ལྕམ་གཅིག་དཔལ་ལྡན་རེ་མ་ཏི། །གནོད་སྦྱིན་དབང་ཕྱུག་གཤིན་རྗེ་བདུད། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །སྲིད་གསུམ་དབང་བྱེད་དྲེག་པའི་འཁོར། །བསམ་མི་ཁྱབ་པའི་ཐུགས་དམ་བསྐང་། །


PS004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕྱི་བར་དོའི་འཇིགས་ལས་སྐྱོབས། །ཟས་ནོར་ཆོས་ཀྱི་འདུ་བ་སྤེལ། །བཤད་སྒྲུབ་བསྟན་པ་དར་བ་དང་། །འགྲོ་ཀུན་སངས་རྒྱས་སར་སྒྲོལ་ཤོག །བསྙེན་པ་བཟླས། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཐར་སྔགས་དེ་ཀའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ། དེ་བཞིན་དུ། བྷྱོ་མ་མོ་ནག་མོ་བེ་ཏཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་ཧཱུྃ་ཕཊ། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཱ་ཀི་ར་ཛ་ས་མ་ཡ་བྷྱོ་དུ་ཛཿཧཱུྃ་ཕཊ། ཨོཾ་དུ་ཡོ་ག་ཛཿམ་ཧཱ་ཀཱ་ལ་ཏྲ་རཀྵ་ཧཱུྃ་ཕཊ། ཞེས་འཁོར་རེ་རེ་ལ་ཨི་དཾ་སོགས་བཏགས་པ་ལན་གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་


PS004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཱཾ། ཡ་ཏི་པྲ་ཏིཛྙཱན། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་སོགས་ལན་གསུམ་གྱི་དམ་ཅན་སྤྱི་ལ་འབུལ། ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་འབུལ། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་


PS004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་ཁྲོལ། །གཡོན་པའི་ཐོད་པ་དང་ནི་དུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟེན། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་པ་མཛོད། །


PS004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་


PS004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདོད་དོན་གསོལ་བ་བཏབ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ལན་གསུམ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་བཟོད་གསོལ་སྨོན་ལམ་དང་བཀྲ་ཤིས་བརྗོད། ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་བ་འདི་ནི། གངས་དཀར་རྡོ་རྗེ་གདན་གྱི་སྐུ་ཉེར་བ་ཉི་མ་རྣམ་རྒྱལ་གྱིས་བསྐུལ་ངོར། ཏཱ་ར་ན་ཐས་ཕོ་བྲང་གངས་དཀར་དུ་སྦྱར་བའོ།། །།

མགོན་དཀར་ཡིད་བཞིན་ནོར་བུའི་བསྐང་གསོལ་འདོད་རྒུའི་ཆར་འབེབས།


PS004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དཀར་ཡིད་བཞིན་ནོར་བུའི་བསྐང་གསོལ་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


PS004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་བཀའ་བསྲུང་ཐུན་མོང་མ་ཡིན་པ་མགོན་དཀར་ཡིད་བཞིན་ནོར་བུའི་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་དང་བསྐང་གསོལ་རྒྱས་པས་རིམ་པར་བྱ་བ་ནི། ཕུན་སུམ་ཚོགས་པའི་གནས་སུ་བྲིས་སྐུ་སོགས་ཁྱད་པར་རྟེན་དང་། མཆོད་གཏོར་ཅི་འབྱོར་བཤམས་ལ། སྐྱབས་སེམས་ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། ཡི་དམ་ལྟར་བདུད་རྩི་བྱིན་གྱིས་རློབ། མཆོད་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་།


PS004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན་ནམ་མཁའི་ཁམས་ཐམས་ཅད་གང་བ།


PS004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་མགོན་པོ་འཁོར་བཅས་ཐུགས་མཉེས་པར་བྱེད་ཅིང་ཚིམ་པར་བྱེད་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨ་ཧཱུྃ་ནས། ཤབྟ་ཨ་ཧཱུྃ་བར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པ་རྣམས་ཀྱིས་བྱིན་བརླབ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་ཡང་ཤིང་རྒྱ་ཆེ་བའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་མེ་རི་དམར་པོས་མཚན་པ། དེའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གྃ་ལས་ཚོགས་ཀྱི་བདག་པོ་གཉིས་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུྃ་དངུལ་ཆུའི་


PS004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་མགོན་པོ་ཡིད་བཞིན་ནོར་བུ་སྐུ་མདོག་གང་རི་ལྟར་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་དྲུག་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་ཞིང་ཆགས་པའི་ཉམས་ཅན། ཞལ་འཛུམ་ཁྲོ་ལྡན་ཞིང་མཆེ་བའི་མྱུ་གུ་ཅུང་ཟད་བརྩིགས་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་དྲུག་


PS004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གྱི་རྒྱལ་པོ་ཐུགས་ཀར་འཛིན་པ། གསུམ་པས་སེང་ལྡེང་གི་ཌ་མ་རུ་འཁྲོལ་བས་མཁའ་འགྲོ་དབང་དུ་སྡུད་པ། གཡོན་གྱི་དང་པོས་བདུད་རྩིས་གང་བས་ཐོད་པས་ནང་དུ། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་བུམ་པ་བཅུག་སྟེ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པས། འདོད་རྒུའི་དངོས་གྲུབ་སྩོལ་བ། གཉིས་པས་དུག་གསུམ་འཇོམས་པའི་རྩེ་གསུམ། གསུམ་པས་ཁམས་གསུམ་འགུགས་པའི་རིན་པོ་ཆེའི་ལྕགས་ཀྱུ་འབར་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་


PS004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གདུབ། ཞབས་གདུབ། སོར་གདུབ། འོག་པག་སྟེ་ནོར་བུའི་རྒྱན་བརྒྱད་ཀྱིས་མཛེས་པ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བས་གཡོགས་ཤིང་། སྐུ་སྨད་ལ་སྟག་ལྤགས་གསར་པའི་ཤམས་ཐབས་བཀྲིས་པ། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་པའི་སྣེ་ལ་གསེར་དངུལ་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། ལྷ་རྫས་ཀྱི་ན་བཟའ་དང་དར་སྣ་ཚོགས་ཀྱི་འཕྱང་འཁྲུལ་ཅན། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་འབྱོན་འཕྲོ་ལ་ཚོམ་སྟེ་བཞུགས་པ་འདྲ་བའི་ཞབས་འོག་ན། དཔལ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་ས་ཡི་སྙིང་པོ་ལ་ཕུག་ལོ་མ་


PS004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཞལ་དུ་གསོལ་ཞིང་གཡོན་གྱི་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ། ཁ་བཤང་བ་སྤུའི་ཁུང་བུ་རྣམས་ནས་ནོར་བུའི་ཆར་འབེབ་པ་རེ་རེ་མནན་ཅིང་། ཡེ་ཤེས་ཀྱི་མེ་འོད་འབར་བའི་དབུས་ན་བཞུགས་པ་ལ། འཁོར་དབང་སྡུད་ཀྱི་ཌ་ཀི་བྱེ་བ་འབུམ་སྡེ་དང་། ནོར་བདག་གནོད་སྦྱིན་ཕོ་མོ་དཔག་ཏུ་མེད་པར་བསྐོར་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དགོས་འདོད་ཐམས་ཅད་འབྱུང་བ། ཞལ་འཛུམ་པའི་མདངས་ཅན། གཡས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་དེས་ཡུ་བ་བྱས་པས་དྲིལ་བུ་དཀུར་བརྟེན་ཅིང་།


PS004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་། བཅུ་དྲུག་ལོན་པའི་ལང་ཚོ་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་དང་། གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིང་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཁམས་གསུམ་དབང་དུ་བསྡུད་ཅིང་། སྟོང་གསུམ་གཡོ་བར་བྱེད་པ་འོད་ཟེར་རབ་ཏུ་འབར་བའི་དབུས་ན་བཞུགས་པ། མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་


PS004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོའི་མཚན་པ། ཐུགས་ཀའི་དབུས་སུ་མཁའ་འགྲོ་མའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དཀར་དམར་རྒྱ་སྲན་ཙམ། དེའི་དབུས་སུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ་དེ་ལས་འོད་ཟེར་འཕྲོས་པའི་སྣེ་ལ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་གནད་ནས་བསྐུལ་བར་བྱེད་པའི་དཔའ་བོ་སྔོ་སྐྱ་མཚན་མ་བསྒྲེང་བ་རུས་པའི་རྒྱན་ཅན། དཔའ་མོ་དམར་མོ་བྷ་ག་རྒྱས་ཤིང་ནུ་མ་འཕྱང་བ་ན་ག་གེ་སར་གྱི་མེ་ཏོག་གི་ཕྲེང་བ་བརྒྱན་པ། གཉིས་ཀའང་བདེ་བའི་མྱོས་ཤིང་ཆགས་པའི་གར་མཛད་པ། ཌཱ་མ་རུ་དང་དྲིལ་བུ་འཁྲོལ་བཞིན་པ་རེ་རྒྱང་གིས་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པས་དྲུང་ན་


PS004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་མགོན་པོའི་ཤངས་བུག་ནས་ཐོག་མེད་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་གཡས་སྐོར་ཆི་ལི་ལི་བྱས་པ་ཙམ་གྱིས་ཐུགས་དམ་གྱི་རྒྱུད་རང་དབང་མེད་པར་བསྐུལ་ཏེ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་ཀྱིས་བསྐོར་བ་ཌཱ་མ་རུ་དང་དྲིལ་བུའི་སྒྲ་སྒྲོགས་ཤིང་དགྱེས་པའི་གར་སྟབས་དང་བཅས་ཏེ་སྐད་ཅིག་གིས་བྱོན་པར་གྱུར། ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ཤིང་གདུང་བའི་དབྱངས་ཀྱིས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཡིད་བཞིན་མགོན་པོ་ཆེ། །འོད་དཔག་མེད་པས་སྤྱན་སྔ་རུ། །འཕགས་པ་ལོ་ཀེ་ཤྭ་ར་


PS004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །འགྲོ་ལ་བྱམས་པས་ཉེར་དགོངས་ནས། །དབུལ་བའི་སྡུག་བསྔལ་སེལ་བ་དང་། །རྣལ་འབྱོར་བསོད་ནམས་བསྐྱེད་བྱེད་དུ། །སྤྲུལ་པས་དམ་ཚིག་བཞིན་དུ་བྱོན། ཁྱེད་ནི་འཕགས་པའི་སྤྲུལ་པ་སྟེ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔག་བསམ་ཤིང་གཅིག་རྩ་བ་གནས། །མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །དེ་རིང་ཡིད་བཞིན་ནོར་བུ་བཞེངས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀ་ལ་ཐུགས་རྗེའི་གཏེར། །མཐུ་ཆེན་རྒྱལ་པོ་ཡིད་བཞིན་མགོན། །དགོས་འདོད་ཀུན་འབྱུང་དཔའ་བོ་ཆེ། །དཀར་སེར་དམར་ལྗང་ཡིད་འོང་མ། །


PS004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་ཕྲིན་ལས་སྒྲུབ་མཛད་མ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །བསྟན་སྲུང་ནོར་ལྷ་གནོད་སྦྱིན་རྣམས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཆ་སི་ལི་ལི། །གསང་བའི་རྔ་ཆུང་དི་རི་རི། །དཔའ་བོའི་ངར་སྐད་ཙེ་རེ་རེ། །དཔའ་མོའི་བརྡ་གླུ་ལྷངས་སེ་ལྷང་། །བླ་མ་ཡི་དམ་ཐིབས་སེ་ཐིབ། །ནོར་ལྷ་གནོད་སྦྱིན་སྤུངས་སེ་སྤུང་། །སྙིང་རྗེའི་རང་ཉམས་ལྷངས་སེ་ལྷང་། །སྒྱུ་མའི་རང་སེམས་རྗེ་ནེ་ནེ། །སྤྲོས་མེད་རིག་པ་ས་ལ་ལ། །


PS004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མེད་ངང་དུ་ཡ་ལ་ལ། །བདེ་ཆེན་གོང་བུར་ཕྲི་ལི་ལི། །བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །རིན་ཆེན་ནོར་གྱི་ཆར་པ་ཕོབ། །སྒྲུབ་མཆོག་བདག་ལ་བྱིན་རློབས་ལ། ཁམས་གསུམ་མ་ལུས་དབང་དུ་བསྡུས། །གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནི་སརྦ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ གུ་རུ་མ་ཧཱ་ཀཱ་ལ་ཧཱ་རི་ནི་ས་སིདྡྷི་ཛཿ ཛཿཉེར་གཅིག་བརྗོད། ཧཱུྃ། དུར་ཁྲོད་མཻ་རིའི་ཡོངས་སྐོར་བའི། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཕྱི་ནང་རྔམ་བརྗིད་རབ་མཛེས་པའི། །མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་གང་། །གནམ་ལྕགས་ཆོས་འབྱུང་འབར་བ་དང་། །ཡིད་འོང་སྣ་ཚོགས་པད་ཉིའི་གདན། །བགེགས་རྒྱལ་ནོར་


PS004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འགྱིངས་པའི་སྟེང་། །ཡེ་ཤེས་མགོན་པོ་བཞུགས་སུ་གསོལ། །ཡིད་བཞིན་ནོར་བུ་བཞུགས་སུ་གསོལ། །དཔལ་ལྡན་ལྷ་མོ་བཞུགས་སུ༴ །གནོད་སྦྱིན་ནོར་ལྷ་བཞུགས་སུ༴ །དཔལ་མགོན་བདུན་བཅུ་བཞུགས་སུ༴ །མ་ལུས་འཁོར་བཅས་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བར་མཛད། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་འབྱུང་དཀར་ལ་མེ་རི་དམར་པོའི་དབུས། །པད་


PS004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང་། །གང་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། ཁྱོད་ལ་རྣམ་དཀར་དྲངས་བས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ་ཞིང་། མཆོད་པ་རྒྱས་པར་སྤྲོ་ན། ཧཱུྃ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་རྩོལ་ཕྱིར་བཞེས་སུ་གསོལ། །གུ་རུ་མ་ཧཱ་ཀཱ་ལ་ཧཱ་རི་ནི་ས་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ནས་སིལ་སྙན། དང་པདྱཾ་ནས་ཤབྡ་བར་འགྲེ་བ་ཕྱི་མཆོད་དང་ཉེར་སྤྱོད་རྣམས་ལྔ་ཡང་། གཟུགས་མཆོག་ནས་རེག་བྱ་བར་དང་། རུ་པཱ་ཀ་མ་གུ་ཎ་པྲ་ཏིཙྪ་སྭཱ་ཧཱ། སྤརྴེ་བར་ཚིག་བཅད་དང་སྔགས་རྣམས་


PS004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཏེ་མཆོད། རྒྱུན་དུ། ཧཱུྃ་རྒྱུ་དང་འབྲས་བུའི་ཁྱད་པར་བཞིན། །བསྐྱེད་ཅིང་བསྟིམ་པས་རང་བཞིན་གྱིས། །མ་ཧཱ་ཀཱ་ལ་འདིར་བཞུགས་ལ། །བདག་གི་མཆོད་བསྟོད་བཞེས་སུ་གསོལ། །དཔལ་ལྡན་ཡེ་ཤེས་མགོན་པོ་ལ། །བདག་གི་གནས་མཆོག་དམ་པ་ནས། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མི་ཁྱི་གླང་ཆེན་རྟ་ཡི་ཤ ། བ་གླང་ཁྱུ་མཆོག་ལ་སོགས་ཤ ། དྲི་ཆེན་རྣམས་དང་བྱང་ཆུབ་སེམས། །རཀྟ་དྲི་ཆུར་སྦྱར་བ་རྣམས། །མི་ཟད་འབུལ་ལོ་བཞེས་སུ་གསོལ། །ཤ་ཡི་བྱེ་བྲག་སྣ་ཚོགས་པ། །བཙོས་བསྲེགས་སྐམ་རློན་ཁུ་བ་དང་། །གཡོས་སུ་སྦྱར་དང་གཏུས་པའི་ཚོགས། །


PS004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རོ་བཅུད་ལྡན་པ་ཐམས་ཅད་འབུལ། །མཛེས་སྡུག་སྙན་ཅིང་དྲི་ཞིམ་པ། །རོ་ལྡན་རེག་ན་འཇམ་པ་ཡི། །བཟའ་གཏུང་བདུད་རྩིར་བྱིན་རླབས་པས། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །རྒུན་འབྲུམ་ལ་སོགས་ཆང་གི་ཚོགས། །གུར་གུམ་ལ་སོགས་སྨན་སྣ་དང་། །ཉ་ཤ་ལ་སོགས་ཤ་ཡི་ཚོགས། །སོ་བ་ལ་སོགས་འབྲུ་སྣ་དང་། །ལ་དུ་ལ་སོགས་སྦྱར་བའི་ཚོགས། །ལ་ཕུག་ཁུར་བ་ཞོའོ་སོགས། །སྣ་ཚོགས་རྫས་ཀྱི་མཆོད་པ་འབུལ། །པ་ཌ་ཧ་དང་གླིང་བུ་དང་། །རྫ་རྔ་པི་ཝཾ་ཅང་ཏེའུ། །རྔ་རིང་ཀུན་ཛ་ཏི་མ་དང་། །ཆ་ལང་ཕེག་དང་ཧོར་པ་དུང་། །གྲགས་སྟོང་


PS004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བཞེས་སུ་གསོལ། །གཞན་ཡང་མཆོད་པའི་བྱེ་བྲག་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །ལྷན་གཅིག་སྐྱེས་དང་སྦྱར་བའི་སྤོས། །རང་གཞན་རྐྱེན་ལས་སྐྱེས་པའི་འོད། །འདོད་ཡོན་ལྔ་དང་ལྡན་པའི་ཟས། །མི་ཟད་འབུལ་ལོ་བཞེས་སུ་གསོལ། །ནད་གདོན་བར་ཆད་དགྲ་བགེགས་ཞི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས། །རླུང་སེམས་སྣང་བ་དབང་དུ་བསྡུས། །འགལ་རྐྱེན་དགྲ་བགེགས་ཚར་ཆོད་ལ། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །ནང་མཆོད་རྒྱས་ན་བླ་མ་བརྒྱུད་འི་མཚན་ནས་བརྗོད། བསྡུ་ན། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་


PS004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཞལ་དུ༴ །རྩ་སྔགས་མཐར། མགོན་པོ་ཡིད་བཞིན་ནོར་བུའི་ཞལ་དུ༴ །གཞན་ཡང་འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཞལ་དུ༴ །གཞི་བདག་རིགས་དྲུག་རྣམས་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འབྲུ་གསུམ་གྱིས་བདུད་རྩི་མྱང་། དེ་ནས་བསྟོད་པ་ནི། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་བསྡུས་རྗེ་བཙུན་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱག་དྲུག་མགོན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་དྲུག་ཞབས་གཉིས་ནོར་བདག་མནན། །


PS004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དབུལ་བ་སེལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་དང་པོའི་རྡོ་རྗེ་གྲི་གུག་བསྣམས། །བར་པས་ཡིད་བཞིན་ནོར་བུའི་དགོས་འདོད་སྟེར། །ཐ་མ་ཌཱ་རུའི་མཁའ་འགྲོ་དབང་དུ་བསྡུས། ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །གཡོན་པས་རིན་ཆེན་བུམ་པ་སྐུ་ལ་བརྟེན། །བར་པས་རྩེ་གསུམ་ཁམས་གསུམ་མ་ལུས་སྒྲོལ། །ཐ་མ་ཞགས་པས་སེམས་ཅན་བཅིང་བ་གྲོལ། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག༴ །སྐུ་སྟོད་རིན་ཆེན་བརྒྱན་གྱིས་རྣམ་པར་བརྒྱན། །སྐུ་སྨད་རིན་ཆེན་ཟར་བུའི་རྣམ་པར་མཛེས། །ཕྱག་ཞབས་ཐམས་ཅད་རིན་ཆེན་ནོར་བུའི་བརྒྱན། །འགྲོ་བའི་རེ་འདོད་སྐོང་ལ་ཕྱག༴


PS004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་དབུལ་ཕོངས་སྡུག་བསྔལ་སེལ། །འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ཡིས། །འགྲོ་བའི་རེ་འདོད་སྐོང་ལ་བདག་བསྟོད་དོ། ཁྱོད་ལ་མཆོད་ཅིང་གུས་པས་བསྟོད་བྱས་ན། །ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཡང་། །མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བདག་བཟུང་ནས། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་བསྒྲུབ་པར་མཛོད། །དེ་ཡི་དགེ་བའི་བདག་ཀྱང་ཁྱེད་བཞིན་དུ། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་དང་། །སེམས་ཅན་སངས་རྒྱས་ས་ལ་བཀོད་པ་ཡི། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛད། །མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་


PS004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་རྒུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད། །མགོན་པོ་ཡིད་བཞིན་ནོར་བུ་ལ་བསྟོད་པ་དགོས་འདོད་ཀུན་འབྱུང་ཁྱུང་པོ་རྣལ་འབྱོར་པས་སྦྱར་བའོ། །དེ་ནས་བླ་མགོན་དབྱེར་མེད་ནི། མགོན་པོའི་དབུ་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་གཏོད་ཅིང་། གཡོན་གསེར་གྱི་དྲིལ་བུ་བཀུར་རྟེན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་ནས་རྩམ་སྟེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མའི་སྐུ་ལས་འོད་འཕྲོས་མགོན་པོ་འོད་


PS004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེ་བའི་རང་བཞིན་དུ་འུར་འུར་སིལ་སིལ་གར་མཛད། མགོན་པོ་ལས་འོད་འཕྲོས་བླ་མ་འོད་དང་བདེ་བའི་རང་བཞིན་དུ་གྱུར། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་གར་མཛད། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ༴ །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ༴ །བྱིན་རླབས་མྱུར་མཛད་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་སོ། །ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧྱ། བཛྲ་བི་ར་བི་རི་ི། ཤྲཱི་ཌཱ་ཀ་ཌཱ་


PS004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ནི། ཛྭ་ག་ཛྭ་གི་ནི། སརྦ་བུདྡྷ་བྷོ་དྷི་ས་ཏྭ་ཡ་ཤ་ར་ཾ་གཙྪ་མི་ཀྱཻ། ལན་བདུན། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། །དངོས་གྲུབ་མ་ལུས་རྩལ་དུ་གསོལ། །ལན་བདུན་བརྗོད། གྲིབ་སེལ་ནི། མགོན་པོའི་དབུ་གཙུག་ཏུ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་པས་མཉམ་བཞག་གི་སྟེང་ན་ཐོད་པ་བདུད་རྩིའི་གང་བ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཐུགས་ཀ་ནས་


PS004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཡི་གེ་བརྒྱ་པ་ཚར་ཉེར་གཅིག་བརྗོད། མཐར། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ༴ །ཡན་ལག་དམ་ཚིག་ཉམས་པ༴ །ཚོར་ཏེ་དམ་ཚིག་ཉམས་པ༴ །མ་ཚོར་དམ་ཚིག་ཉམས་པ༴ །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་


PS004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེངས་འདིར་སྩལ་དུ་གསོལ། །ཞེས་བླ་མགོན་དབྱེར་མེད་དང་གྲིབ་སེལ་རྣམས་མགོན་མཐིང་ལྟར་རྒྱས་བསྡུས་སྐབས་བསྟུན་བྱ། དེ་ནས་སྐོང་རྫས་རྣམས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཧཱུྃ་ཡིག་དཔག་ཏུ་མེད་པ་ལས་བྱུང་བའི་ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་བསྐང་རྫས་ལ་སོགས་པ་དགྱེས་ཤིང་མཐུན་པའི་རྫས་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པའི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་དགྱེས་པ་བསྐང་བའི་བྱེད་ལས་དང་ལྡན་པ། དམ་ཚིག་གི་མཆོད་སྤྲིན་ཚད་མེད་པས་


PS004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། གིས་སྤེལ་རྔ་རོལ་དབྱངས་དན་བཅས། རྒྱས་ན། ཧཱུྃ། དད་པ་དང་ནི་དམ་ཚིག་གི །སོགས་ནས། ཤ་ཡ་ཨ་ཨཱཿ བསྡུ་ན། ཧཱུྃ། ལྷ་ཆེན་མགོན་པོ་ཐུགས་རྗེའི་གཏེར། །དཔའ་བོ་ཆེན་པོ་ནོར་གྱི་བདག །ཡིད་བཞིན་མགོན་པོ་ཌཱ་ཀིའི་གཙོ། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །ནོར་ལྷ་གནོད་སྦྱིན་འཁོར་བཅས་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི། །རིན་ཆེན་ཤེལ་གྱི་གཞལ་ཡས་ཁང་། །འོད་དཀར་དྲི་མེད་རྣམ་པར་འཕྲོ། །གཡུ་ཡི་རྒྱ་ཕིབས་ཆུ་ཤེལ་ཏོག །མུ་ཏིག་དྲྭ་བ་ནོར་བུའི་


PS004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས། །གསེར་གྱི་གདུགས་དང་རྒྱལ་མཚན་གཙུག །དངུལ་གྱི་བ་དན་ཕྱོགས་བཅུར་གཡོ། །རིན་ཆེན་སྣ་ལྔ་གཅལ་དུ་བཀྲམ། །མོས་པའི་ཕོ་བྲང་བརྗིད་ལྡན་འདི། །བླ་མ་ཡིད་བཞིན་མགོན་པོ་དང་། །གྲངས་མེད་ཌཱ་ཀའི་འཁོར་ཚོགས་བཅས། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང་། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། ཁང་བཟང་དཔལ་ལ་སྤྱོད་པ་དང་། །ཡུལ་རྣམས་དབང་དུ་འདུ་བར་མཛོད། ཧཱུྃ། །རྒྱལ་མཚན་ཡིད་བཞིན་ནོར་བུའི་ཏོག །གསེར་གྱི་ཡུ་བ་རིན་ཆེན་ཕྲེང་། །སྣ་ཚོགས་དར་གྱི་ཤམ་བུ་བཀྲིས། །ལྷབ་ལྷུབ་དར་གྱི་ལྔ་ལྡི་བཅས། །གནམ་ས་གང་བའི་མཆོད་རྫས་དང་། །བ་དན་ཤེལ་གྱི་ཡུ་བ་ཅན། །


PS004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་གཡོ་ཞིང་ཕྱོགས་བཅུར་འགེངས། །འཕེན་དཀར་མུ་ཏིག་དྲྭ་བས་གཡོག །མཛེས་པའི་ཕྱེ་མ་ཕུར་མ་ནི། །བར་སྣང་འགེངས་ཤིང་རྣམ་པར་མཛེས། །གཞན་ཡང་སྣ་ཚོགས་ལས་གྲུབ་པའི། །བླ་བྲེ་ཕུན་ཚོགས་རྣམ་པར་བཀྲ། །སྣ་ཚོགས་དར་གྱི་ཅོད་པན་འཕུར། །ནོར་བུའི་དོ་ཤལ་ས་གཞི་གང་། །མུ་ཏིག་དྲྭ་བས་སྟོང་གསུམ་ཁེངས། །རིན་ཆེན་ཕྲེང་བས་བར་སྣང་གཡོགས། །པདྨའི་ཆུན་འཕྱང་དུ་མས་མཛེས། །རིན་ཆེན་རྒྱན་དང་ཟ་འོག་གོས། །གསེར་གྱི་གཡེར་ཁ་དངུལ་གྱི་དྲིལ། །སྟག་ཤམས་ལི་ཁྲིའི་ཐིག་ལེ་དང་། དུར་ཁྲོད་རྒྱན་བཀོད་ལ་སོགས་པས། །མགོན་པོ་ཡིད་བཞིན་ནོར་བུ་ནི། །མཁའ་


PS004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །བདུད་བཞི་ཟིལ་གྱིས་གནོན་པ་དང་། །གླིང་བཞི་དབང་དུ་འདུ་བ་དང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཡིད་བཞིན་ནོར་བུ་བསམ་འཕེལ་དང་། །ཨིནྡྲ་ནཱི་ལ་ཀེ་ཀེ་རུ། །མེ་ཤེལ་ཆུ་ཤེལ་བེ་དྲུརྻ། །དབང་སྔོན་མར་གད་དུང་དང་དབྱིག །བྱེ་རུ་མུ་ཏིག་མུ་མེན་གཡུ། །གཡང་ཊིའུ་ལ་སོགས་རིན་ཆེན་རིགས། །རི་ལྟར་སྤུངས་ཤིང་ས་ལྟར་བཀྲམ། །ནམ་མཁའ་ཁྱབ་པར་རྣམ་སྤྲུལ་ཏེ། །ལྷ་ཆེན་མགོན་པོའི་ཐུགས་དམ་བསྐང་། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང་། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ནས། །ཆུ་བོ་ཆུ་ཕྲན་གངྒ་དང་། །པཀྵུ་སི་ཏ་བདུད་རྩིའི་ཆུ། །


PS004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་ལྡན་འབབ་ཆུ་དང་། །ལྷ་ཡི་ཆུ་དང་མི་ཡི་ཆུ། །སྣ་ཚོགས་དང་ཤིང་ཡིད་འོང་བའི། །ཡོན་ཆབ་སྣ་ཚོགས་མཛེས་པ་དང་། །པདྨ་ཀུ་མུད་ཨུཏྤ་ལ། །མན་དཱ་ར་བ་ལ་སོགས་པ། ཁ་དོག་དྲི་བསུང་ཕུན་ཚོགས་པའི། །མེ་ཏོག་ཇི་སྙེད་ཡོད་པ་དང་། །ཙནྡན་དཀར་དམར་ཨ་ག་རུ། །ཛ་ཏི་ལི་ཤི་ལ་སོགས་པའི། །དྲི་ཞིམ་སྤོས་ཀྱི་ནམ་མཁའ་གང་། །ཉི་ཟླ་ཡིད་བཞིན་ནོར་བུའི་འོད། །ལྷ་ཡི་འོད་དང་མར་མེའི་རིགས། །གླིང་བཞི་གསལ་བྱེད་ཐམས་ཅད་དང་། །ག་བུར་ཆུ་དང་གུར་གུམ་ཆུ། །བསིལ་བྱེད་དགེ་བའི་དྲི་མཆོག་དང་། །པུཥྤེ་ཀ་དང་ཤིང་འབྲས་དང་། །ནས་འབྲས་གྲོ་ཏིལ་སོ་སྲན་སོགས། །


PS004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ལྡན་ལྷ་ཡི་ཞལ་ཟས་ཚོགས། །རི་རབ་ལས་ལྷག་ཕུན་ཚོགས་དང་། །ལྷ་ཡི་རྔ་ཆེན་བརྗིད་པའི་སྒྲ། །གསང་བའི་རྔ་ཆུང་སྙན་པའི་དབྱངས། །དུང་ཆེན་གླིང་བུ་པི་ཝང་འཛིན། །དུང་དཀར་ཕེབ་རྡོབ་སིལ་སྙན་དང་། །སྙན་པའི་རོལ་མོ་ཇི་སྙེད་ཀུན། །འུར་འུར་ཆེམ་ཆེམ་སྒྲ་སྒྲོག་པ། །སྲིད་གསུམ་གང་ཞིང་གཡོ་བ་འདི། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །བསམ་དོན་མ་ལུས་འགྲུབ་པ་དང་། །ཕྲིན་ལས་རྒྱ་ཆེར་འཕེལ་བར་མཛོད། །གཞན་ཡང་དྲག་པོའི་ཉེར་སྤྱོད་ལྔ། །དྲག་པོའི་ཆས་བརྒྱད་མཚོན་ཆ་དང་། །དཔལ་གྱི་ཆས་བརྒྱད་ལ་སོགས་


PS004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །བར་ཆད་མ་ལུས་ཞི་བ་དང་། །དགྲ་དང་འབྱུང་པོ་མེད་པར་མཛོད། །མཛེས་པའི་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་ཡོན་ལྔ་དང་རྫས་མཆོག་བརྒྱད། །སྟོང་གསུམ་མ་ལུས་བཀང་བྱས་ནས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །རབ་མཛེས་རི་རྒྱལ་ལྷུན་པོ་དང་། །ལྷ་ཡི་ཁང་བཟང་སྐྱེ་མོས་ཚལ། །མེ་ཏོག་ཚལ་དང་ནོར་བུའི་ཚོགས། །དཔག་བསམ་ཤིང་དང་འདོད་རྒུའི་དཔལ། །རིན་ཆེན་རི་དང་བདུད་རྩིའི་མཚོ། །གླིང་བཞི་གླིན་ཕྲན་ཉི་ཟླ་དང་། །དེ་ལ་གནས་པའི་ལོངས་སྤྱོད་


PS004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །ཕུན་ཚོགས་ཡིད་བཞིན་ནོར་བུ་དང་། །སྟོང་གསུམ་དབང་སྡུད་འཁོར་ལོའི་བསྒྱུར། །རྩིབ་སྟོང་བཀྲ་བའི་གསེར་འཁོར་ལོ། །གཟུགས་མཛེས་ཡིད་འོང་བཙུན་མོ་དང་། །རྣམ་དཔྱོད་རྩལ་ལྡན་བློན་པོ་མཆོག །ཐེག་ཆེན་སྟོབས་ལྡན་གླང་པོ་ཆེ། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ། །འཇིགས་མེད་བདུད་འདུལ་དམགས་དཔོན་དང་། །དགོས་འདོད་ཆར་འབེབས་ཡིད་བཞིན་ནོར། །འཛད་མེད་གཏེར་ཆེན་བུམ་པ་སོགས། །ནམ་མཁའ་ཁྱབ་པ་རྣམ་སྤྲུལ་ཏེ། །བླ་མ་ཡིད་བཞིན་ནོར་བུ་དང་། །མཁའ་འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །རིག་མ་དཀར་སེར་དམར་དང་ལྗང་། །སྣ་ཚོགས་


PS004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་ཡིད་འོང་མ། །སྣ་ཚོགས་རྒྱན་དང་སྣ་ཚོགས་གོས། །རྣམ་འགྱུར་སྣ་ཚོགས་ཀུན་ཏུ་སྟོན། །པི་ཝང་གླིང་བུའི་སྒྲ་སྙན་སྒྲོག །རྫ་རྔ་རྔ་ཟླུམ་སྙན་ཅིང་བརྗིད། །བགད་བཞད་མཛུམ་པའི་མདངས་ཀྱིས་བསྲུ། །སྙན་པའི་གླུ་དང་མཛེས་པའི་གར། །འཕྲུལ་ལྡེམ་སྒེག་པའི་རྣམ་འགྱུར་བཅས། །མེ་ཏོག་དཀར་དམར་ཆར་འབེབས་ཤིང་། །དྲི་མཆོག་སྤོས་ཀྱི་དུད་པ་ཐུལ། །དྲི་ཆབ་འཐོར་ཤིང་ཞལ་ཟས་འདྲེན། །སྣ་ཚོགས་གཟུགས་འཆང་མེ་ལོང་བསྣམས། །ལྷ་རྫས་གོས་ཀྱི་ན་བཟའ་འབུལ། །རེག་དང་འཁྱུད་པའི་སྦྱོར་བ་ཡིས། །ཟག་མེད་དགའ་བཞིའི་བདེ་བ་གཏེར། །བདེ་སྟོང་ཡེ་ཤེས་ཆེན་པོ་


PS004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །སྣང་སྟོང་མ་འགག་སྒྱུ་འཕྲུལ་ཤར། །ཟག་མེད་མཆོད་སྤྲིན་རྒྱ་མཚོ་འདིས། །ཡེ་ཤེས་མགོན་པོའི་ཐུགས་དམ༴ །ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །དཔའ་བོ་ཌཱ་ཀིའི་ཐུགས་དམ༴ །ནོར་ལྷ་གནོད་སྦྱིན་ཐུགས་དམ༴ །བདུད་བཞི་ཟིལ་གྱིས་གནོན་པ་དང་། །གླིང་བཞི་དབང་དུ་འདུ་བ་དང་། །སྲིད་བཞིའི་དགེ་ལེགས་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས། །སྐུ་བཞི་མངོན་དུ་འགྲུབ་པར་མཛོད། ཧཱུྃ། །མཚན་ལྡན་ཡེ་ཤེས་ཀཱ་པཱ་ལ། །སྨན་ལྔ་བཅུད་ལྔ་སྙིང་པོ་ལྔ། །འབྲུ་ལྔ་བདུད་རྩི་རྣམ་ལྔ་དང་། །ཕྱག་རྒྱའི་རྒྱན་ལྡན་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་རླབས་ནས། །ལྷ་ཆེན་


PS004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དགྱེས་ཕྱིར་འབུལ། །བཞེས་ཤིག་རོལ་ཅིག་དགྱེས་པར་རོལ། །མཚན་ལྡན་བྷནྡྷ་བདུད་རྩིའི་བཀང་། །བདེ་ཆེན་གཏེར་བའི་རྫས་མཆོག་འདི། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །རིན་ཆེན་གཞོང་པ་རིན་ཆེན་དང་། །ཟས་དང་བཅུད་དང་འབྲས་བུ་བཀང་། །སྟོང་གསུམ་གང་བའི་གཏེར་གྱི་བུམ། །སྣ་ཚོགས་ནོར་གྱིས་གཏམ་པ་འདིས། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །བདུད་བཞི་ཚར་གཅོད་གྲི་གུག་ནི། །གནམ་ལྕགས་ལས་གྲུབ་རྣོ་ངར་ལྡན། །རལ་གྲི་གསེར་གྱི་ཡུ་བ་བཅས། །ཉི་ཁྱིམ་ཆུ་སྲིན་ཁ་ནས་འཐོན། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །གསང་


PS004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྔ་ཆུང་ཅང་ཏེའུ། །མཚན་ལྡན་ཀ་ལི་བདུད་རྩིའི་བཀང་། །གཏེར་ཆེན་བུམ་པ་ནོར་གྱིས་བཀང་། །ནོར་བུ་དབང་གི་རྒྱལ་པོ་འདིས། །ལྷ་ཆེན་མགོན་པོ་དགྱེས༴ །རྩེ་གསུམ་བ་དན་དར་སྣས་རྒྱན། །དབང་གི་ལྕགས་ཀྱུ་ར་གའི་མདངས། །ནོར་བུའི་དོ་ཤལ་རིན་ཆེན་ཕྲེང་། །པདྨས་ཆུན་འཕྱང་གཡེར་ཁས་སྦྲེལ། །སྟག་ཤམ་སྣ་ཚོགས་དར་དང་བཅས། །ལྷ་ཆེན་མགོན་པོ་དགྱེས༴ །མདོར་ན་ཕྱི་ཡི་སྣང་བ་རུ། །མཛེས་དང་དགའ་དང་བདེ་བ་དང་། །རིན་ཐང་མེད་པའི་མཆོད་རྫས་ཀུན། །དམིགས་མེད་སྒྱུ་མའི་ངང་དུ་འབུལ། །སྒྱུ་མ་ལྟ་བུ་དགྱེས་པར་མཛོད། །ཚོགས་དང་


PS004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སྤྱན་གཟིགས་དང་། །འབྲུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །འགྲོ་བའི་སྡུག་བསྔལ་སེལ་བ་དང་། །ལོངས་སྤྱོད་རྒྱ་ཆེན་འཕེལ་བའི་ཕྱིར། །ལྷ་ཆེན་མགོན་པོ་ཁྱེད་ལ་འབུལ། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཡིད་བཞིན་ནོར་བུའི་ཐུགས་དམ༴ །ཐུགས་རྗེའི་གཏེར་ཆེན་ཐུགས༴ །དཔའ་བོ་ཌཱ་ཀའི་ཐུགས༴ །དམ་ཅན་རྒྱ་མཚོའི་ཐུགས༴ །གནོད་སྦྱིན་ནོར་ལྷའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་


PS004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་དཔལ་འབྱོར་རྒྱས་པར་མཛོད། ཁམས་གསུམ་སྲིད་གསུམ་དབང་བསྡུས་ཤིང་། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །འཁོར་དང་ལོངས་སྤྱོད་ཕུན་ཚོགས་ཤིང་། །དཔལ་འབྱོར་སྙན་གྲགས་རྒྱས་པར་མཛོད། །མདོར་ན་བསམ་པའི་དོན་རྣམས་ཀུན། །འབད་མེད་ཡིད་བཞིན་འགྲུབ་པར་མཛོད། །ཅེས་དང་མན་ངག་ཡིག་བརྒྱ་བརྗོད། མཁའ་འགྲོ་དབང་སྡུད་མགོན་མཐིང་ལྟར། མགོན་པོའི་དབུ་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དམར་པོ་གཡས་ཐོད་པས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་བདུད་རྩིའི་གང་བའི་ཐོད་པ་ཐུགས་ཀར་འཛིན་པ་གཟོད་པར་དཀའ་བའི་གཟི་བརྗིད་ཅན། སྒེག་


PS004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ལང་ཚོ་ལ་བབས་པ་ཆགས་པའི་ཉམས་ཅན། སྤྱན་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་གསུམ་དབང་དུ་སྡུད་པ། དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེ་གྲུ་གསུམ་གྱི་སྟེང་ན་ཡི་གེ་ཧྲཱིཿདམར་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་བཅུ་གསུམ་ཡོངས་ཐོད་སུ་གྱུར་པ་ལས་གསང་བའི་མཁའ་འགྲོ་མ་དམར་མོ་ལང་ཚོ་མ་ཞལ་གཅིག་ཕྱག་གཉིས་མ་གཡས་ཅང་ཏེའུ་དང་གཡོན་པ་བདུད་རྩིའི་གང་བ་འཛིན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་གར་སྟབས་ཅན་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་གར་མཛད་པ་བཅུ་གསུམ་སྒྲོལ་མའི་ངོ་བོ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་


PS004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བཟླ། བདག་མདུན་གྱི་སྙིང་གར་མཁའ་འགྲོའི་ཐུགས་ཀར་པད་ཉིའི་སྟེང་དུ་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་ཧཱུྃ་ཡིག་དཀར་པོའི་མཚན་པ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་རྩ་སྔགས། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛ༔ ཅི་ནུས་སུ་བཟླ། དེ་ནས་གཏོར་མ་ཆུ་ཆང་ནང་མཆོད་ཀྱིས་བྲན། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། །རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་ལས་


PS004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ། མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་གྱིས་སྦུ་གུས་གཏོར་མའི་བཅུད་དྲངས་ནས་གསོལ་བར་གྱུར། རྩ་སྔགས་འཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་དང་། ཤ་ས་ནའི་སྔགས་ཀྱིས་འཁོར་རྣམས་ལ་འབུལ། གུ་རུ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ། དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ། འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། མགོན་པོ་ཡིད་བཞིན་ནོར་བུ་ལ་རིགས་བཞིའི་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཕྲིན་ལས་ཞུ་


PS004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གསོལ་བ་ནི། །བླ་མ་དམ་པའི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པས་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་དཔལ་འབྱོར་གཟི་བརྗིད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ཞི་ཞིང་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གང་རི་ལྟར་དཀར་འོད་ཟེར་


PS004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་རྒུའི་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། །ལྷུན་སྡུག་ཀེ་ལཱ་ཤ་ཡི་རི་བོ་ལྟར། །འོད་ཟེར་བྱེ་བའི་འཁྱུད་པའི་དཔལ་ཕྲེང་ཅན། །དབང་སྡུད་མཁའ་འགྲོ་སྟོང་གི་བདག་པོ་ནི། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འཛུམ་བག་བརྗིད་པས་ཞལ་རས་ཡིད་ཙམ་ཁྲོ། །འདོད་རྒུའི་ཆར་འབེབས་དབང་གི་རྒྱལ་པོ་ཁྱོད། །ཆོས་ཉིད་ཐིག་ལེའི་སྒོ་ངར་གདོད་མའི་སེམས། །མངོན་གྱུར་ཡེ་ཤེས་སྐུ་ཅན་ཁྱོད་ལ་བསྟོད། །དངུལ་ཆུའི་མདངས་གསལ་ཧཱུྃ་ཡིག་ལས་འཁྲུངས་པ། །སྐྱེ་འགྲོའི་རེ་སྐོང་དབུལ་བའི་སྡུག་བསྔལ་སེལ། །དབུ་སྐྲ་གྱེན་


PS004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བརྫེས་སྤྱི་བོར་མི་འཁྲུགས་རྒྱལ། །རྒྱས་གདབ་དབང་བསྐུར་ཆེ་བརྙེས་ཁྱོད་ལ་བསྟོད། ཁ་བའི་རི་ལ་འཆར་ཀ་གསར་པ་ལྟར། ཁྱོད་ཞལ་སྨིན་མཚམས་སིནྡྷུའི་ཐིག་ལེ་མཛེས། །རིན་ཆེན་གདུ་བུ་འཁྲོལ་བའི་ཕྱག་དྲུག་པོ། །བླ་མེད་ཕར་ཕྱིན་ངོ་བོ་ཁྱོད་ལ༴ །གྲི་གུག་ཡིད་བཞིན་ནོར་བུ་ཌཱ་མ་རུ། །ནོར་བུས་གཏམ་པས་ཐོད་པ་བུམ་པ་བཅས། །རྩེ་གསུམ་དངོས་གྲུབ་འགྲུགས་པའི་ལྕགས་ཀྱུ་བསྣམས། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །ལྷབ་ལྷུབས་དར་དང་སྟག་ལྤགས་ན་བཟའ་ཅན། །འོད་འབར་རིན་ཆེན་རྒྱན་གྱི་སིལ་ཁྲོལ་དང་། །ནོར་བུའི་ཆུན་འཕྱང་དུ་མས་རབ་ཏུ་མཛེས། །གཟི་བྱིན་ལྷང་ངེ་


PS004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཁྱོད་ལ༴ །འདོད་པའི་ལོངས་སྤྱོད་ཆར་ཆེན་འབེབས་བྱེད་པ། །བི་ནཱ་ཡུ་ཀའི་སྟེང་ན་རོལ་པས་བཞུགས། །རབ་བསྔོ་ཙནྡན་ལྗོན་པའི་ཚ་ན་དགྱེས། །གནས་གསུམ་མཁའ་འགྲོའི་བདག་པོ་ཁྱོད་ལ༴ །ཐུགས་ཀར་དབང་གི་ལྷ་མོ་ལང་ཚོ་མ། །འཆར་ཀའི་འོད་ཕྲེང་གསར་པ་གློག་ཕྲེང་ལྟར། །མཛེས་ཤིང་གཡོ་བའི་དངོས་གྲུབ་ལྕགས་ཀྱུ་འཛིན། །སྲིད་གསུམ་དབང་དུ་སྡུད་མཛད་ཁྱོད་ལ༴ །སྙིང་ནས་ལྷ་མཆོག་ཁྱོད་ལ་གདུང་བ་ཡིས། །གུས་པས་བསྟོད་ཅིང་གསོལ་བ་འདེབས་བྱས་ན། །དཔལ་དང་འདོད་པའི་དོན་ཀུན་མྱུར་འགྲུབ་སྟེ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གཏོར་གཏབ་ནི། ལྷ་ཆེན་མགོན་


PS004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ཧཱ་ཀཱ་ལ་དང་། །ཡིད་བཞིན་མགོན་པོ་ཌཱ་ཀིའི་འཁོར་གྱིས་བསྐོར། །བསྟན་སྲུང་རྒྱ་མཚོ་ནོར་ལྷ་གནོད་སྦྱིན་བཅས། །དཀར་ཕྱོགས་དགའ་བའི་གཞི་བདག་འཁོར་བཅས་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །བཅུད་ལྡན་ཟས་ཀྱི་མཆོད་པ་འདི་བཞེས་ཤིག །རིན་ཆེན་རྣམ་ལྔའི་གསེར་སྐྱེམས་འདི༴ །བཏུང་བ་སྣ་ཚོགས་ཕུད་གཏོར་འདི༴ །འབྲུ་དང་སྨན་གྱི་མཆོད་པ་འདི་བཞེས་ཤིག །ནད་གདོན་བར་ཆད་མ་ལུས་ཞི་བ་དང་། །བསམ་དོན་མཐའ་དག་མྱུར་དུ་འགྲུབ་གྱུར་ནས། །ལོངས་སྤྱོད་འདོད་རྒུའི་དཔལ་ལ་སྤྱོད་པར་ཤོག །ཡིག་བརྒྱ་དང་བཟོད་གསོལ་བྱ། རྟེན་གཞུག་དང་།


PS004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མགོན་པོ་དབྱེར་མེད་ལ། །སོགས་གསོལ་བ་ལན་མང་དུ་བཏབ། བཀྲ་ཤིས་སྨོན་ལམ་གྱིས་མཐའ་རྒྱན་པར་བྱའོ།། །།

རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་གཏོར་འབུལ་གྱི་རིམ་པ་ཁྱེར་བདེ་རིག་འཛིན་དགའ་སྟོན། ཕུར་བླ་ཀརྨ་མཐུ་སྟོབས།


PS004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་གཏོར་འབུལ་གྱི་རིམ་པ་ཁྱེར་བདེ་རིག་འཛིན་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


PS004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཾ། གཏོར་མ་ལ་རྣམ་བཞག་མང་བ་ལས། སྐབས་འདིར་རྟགས་གཏོར་ཡོད་ན་ཁ་གསོ་མེད་དམ་ཡོད་ཀྱང་རུང་དུས་གཏོར་དང་རྒྱུན་གཏོར་གང་ཡིན་སྨན་རག་ཕུད་མཆོད་དང་བཅས་པ་བཤམ། དེ་དག་གང་ཡང་མི་འབྱོར་བའི་སྐབས་སུའང་ཕྱེ་མར་ཕུད་མཆོད་ཙམ་ལ་བརྟེན་ཏེ། བྱིན་གྱིས་བརླབ་པ་ནི། ཧཱུྃ། བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་ཡེ་ཤེས་


PS004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རླུང་ཆུས། །གཏོར་མའི་འབགས་བཙོགས་དྲི་མ་བསྲེགས་གཏོར་བཀྲུས། །རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེར་ཤ་ལྔ་བདུད་རྩི་ལྔ། །རིགས་ལྔ་ཡབ་ཡུམ་ས་བོན་འབྲུ་བཅུས་མཚན། །མེ་རླུང་སྦྱོར་བས་བྷནྡའི་དམ་རྫས་ཁོལ། །ཡེ་ཤེས་བདུད་རྩི་འབྲུ་གསུམ་རྣམ་པར་བཀུག །འོད་ཞུ་རྣམ་པར་


PS004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཉེས་སྐྱོན་སྦྱངས། །རོ་བཅུད་ནུས་ལྡན་བདུད་རྩི་ཆེན་པོར་རྟོགས། །འདོད་ཡོན་མཆོད་སྤྲིན་མཁའ་ཁྱབ་སྦར་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཐུགས་སྲོག་འོད་ཀྱི་ཕོ་ཉས་རྩ་གསུམ་དང་། །ཆོས་སྐྱོང་གཏེར་སྲུང་དཀར་ཕྱོགས་སྐྱོང་བ་རྣམས། །མདུན་མཁར་སྤྱན་དྲངས་བརྫ་ས་མཱ་ཛཿ རང་མཐུན་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །རྗེ་བཙུན་བླ་མ་རྣམས་ཀྱི་ཡེ་ཤེས་ལྗགས། །རྡོ་རྗེ་བུ་གུས་དྲངས་ཏེ་བཞེས་སུ་གསོལ། །ན་མོ་སརྦ་རཏྣ་གུ་རུ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཅིག་གམ་གསུམ་སྐབས་དང་སྦྱར། ན་མོ། རྒྱལ་བ་


PS004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་གྱི་བརྒྱུད། །མངོན་གསུམ་གོང་འཕེལ་ཚད་ཕེབ་ཟད་སར་ཕྱིན། །འདུན་པ་སེམས་དང་རིགས་ཆེན་འབྱེད་པ་དང་། །དབུགས་འབྱིན་ལུང་ཆེན་ཐོབ་དང་རྩལ་ཆེན་རྫོགས། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཀྱི། །ས་ལ་གནས་པའི་རིག་འཛིན་རྒྱ་མཚོ་དང་། ཁྱད་པར་དཀོན་མཆོག་སྤྱི་འདུས་གུ་རུ་རྗེ། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྗེ་འབངས་ཚོགས། །གཏེར་ཆེན་གཏེར་ཕྲན་ལས་ཅན་ཆོས་བདག་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །རྡོ་རྗེ་འཆང་ཆེན་གདོད་གནས་གྲུབ་ཆེན་བརྒྱད། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །རྒྱུད་


PS004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཞི་ཡིས་མཆོག་ཐུན་གྲུབ་རྣམས་དང་། ཁྱད་པར་ཏེ་ལོ་ནཱ་རོ་མར་མི་དྭགས། །ཆེ་བཞི་ཆུང་བརྒྱད་ཤངས་པ་བཀའ་བརྒྱུད་དང་། །བཀའ་གདམས་ལམ་འབྲས་སྦྱོར་དྲུག་ཞི་བྱེད་གཅོད། །བསྙེན་སྒྲུབ་ལ་སོགས་བཤད་སྒྲུབ་སྲོལ་འཛིན་པའི། །རྩ་རྒྱུད་དཔལ་ལྡན་བླ་མ་ཐམས་ཅད་ལ། །དམ་རྫས༴ །བྱང་ཆུབ་བར་དུ་ཐུགས་རྗེས་མི་འདོར་བར། །ཡེ་ཤེས་མཆོག་གི་བདག་རྒྱུད་བྱིན་གྱིས་རློབས། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ལྗགས། །ཕྱག་མཚན་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་དེ་བ་ག་ཎ་ཤཱནྟ་ཀྲོ་དྷ་ས་པ་རི་བཱ་ར་ཨི་དམ༴ །སོགས། བདེ་གཤེགས་ཞི་བ་བཞི་བཅུ་རྩ་


PS004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། །འབར་བ་ཁྲག་འཐུང་ཁྲོ་བོ་ལྔ་བཅུ་བརྒྱད། །ཚོགས་ཆེན་འདུས་པ་ཐེག་དགུའི་དཀྱིལ་འཁོར་ལྷ། ་། སྒྱུ་འཕྲུལ་མཉམ་སྦྱོར་ལ་སོགས་ཏནྟྲ་སྡེ། །བཅོ་བརྒྱད་ནས་གསུངས་ཡི་དམ་ལྷ་ཚོགས་དང་། །བླ་མ་དགོངས་འདུས་དཀྱིལ་འཁོར་ཚོམ་བུ་དགུ། །རྟ་མཆོག་རོལ་པ་ཡི་དམ་དགོངས་འདུས་ལྷ། །དམར་ནག་མེ་འཕྲེང་གུ་རུ་དྲག་ཏུ་ཁྲོས། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་བ། །སྐུ་མཆོག་འཇམ་དཔལ་གསུང་མཆོག་པདྨ་དབང་། །ཐུགས་མཆོག་ཡང་དག་ཡོན་ཏན་བདུད་རྩིའི་རིགས། །ཕྲིན་ལས་ཕུར་པ་རྦོད་གཏོང་མ་མོ་དང་། །དམོད་པ་དྲག་སྔགས་འཇིག་རྟེན་མཆོད་བསྟོད་ལྷ། །སྒྲུབ་ཆེན་


PS004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཞི་དང་ཁྲོ་བོ་ལ། །དམ་རྫས༴ །དུས་ཀྱི་འཁོར་ལོ་མཁའ་འགྲོ་དྲྭ་བ་སྡོམ། །དགྱེས་རྡོར་མཱ་ཡཱ་སངས་རྒྱས་ཐོད་པ་དང་། །གདན་བཞི་རྒྱལ་བ་རྒྱ་མཚོ་དམ་ཚིག་སྒྲོལ། །གསང་འདུས་འཇིགས་བྱེད་དགྲ་ནག་གཤེད་དམར་པོ། །སྒྱུ་འཕྲུལ་དྲྭ་བ་མི་གཡོ་ཕྱག་རྡོར་སོགས། །ཕ་རྒྱུད་མ་རྒྱུད་གཉིས་མེད་ལྷ་རྣམས་དང་། །དཔལ་རྩེ་རྡོར་དབྱིངས་ལ་སོགས་རྣལ་འབྱོར་རྒྱུད། །རྣམ་སྣང་མངོན་བྱང་ལ་སོགས་སྤྱོད་པའི་རྒྱུད། །བདེ་གཤེགས་པདྨ་རྡོ་རྗེ་རྒྱས་པའི་རིགས། །ལྔས་རྩེན་ནོར་བུ་ཅན་ཏེ་བྱ་རྒྱུད་ཀྱི། །ལྷ་ཚོགས་ཡབ་ཡུམ་སྤྲུལ་པར་བཅས་པ་ལ། །དམ་རྫས༴ །ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། །ཕྱག་རྒྱ་ཆེན་པོ་


PS004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་སྩོལ། །སྨན་གཏོར༴ །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཡེ་ཤེས་ལྗགས། །འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཌཱ་ཀ་ཌ་ཀི་ནཱི་ས་པ་རི་བཱ་ར་ཨི་དམ༴ །སོགས། ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས། །དུར་ཁྲོད་བརྒྱད་ཀྱི་དཔའ་བོ་ཌ་ཀི་དང་། ཁྱད་པར་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གསང་བ་ཡེ་ཤེས་མཁའ་སྤྱོད་དཀར་དམར་རིགས། །དབྱིངས་ཕྱུག་རྣམ་དགུ་མཁའ་འགྲོ་དགོངས་པ་འདུས། ཁྲོས་མ་ནག་མོ་སེང་གེའི་གདོང་པ་ཅན། །ཀུ་རུ་ཀུལླེ་རྗེ་བཙུན་སྒྲོལ་མ་ཡུམ། །གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་


PS004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སོགས། །སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། །སྣ་ཚོགས་འཇིག་རྟེན་དམ་ཚིག་ཤ་ཟའི་རིགས། །དྲུག་ཅུ་རྩ་བཞི་རིགས་བརྒྱའི་རྣལ་འབྱོར་མ། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་ཚོགས་རྣམས་ལ། །དམ་རྫས༴ །ཐིག་རླུང་དབང་འདུས་རྟེན་འབྲེལ་ཕྱོགས་མེད་འཆར། །འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གྲོགས་མཛོད་ཅིག །སྨན་གཏོར༴ །དམ་ཅན་ཆོས་སྐྱོང་རྣམས་ཀྱི་རྡོ་རྗེའི་ལྗགས། །མཚོན་ཆའི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་དྷརྨ་པ་ལ་ས་པཱ་རི་བཱ་ར་ཨི་དམ༴ སོགས། ཁྲག་འཐུང་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་ལྗང་སྔོན་དྲག་པོ་དང་། །བྱ་རོག་མཚན་ཅན་མྱུར་


PS004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཡེ་ཤེས་མགོན། །དཔལ་མགོན་མ་ནིང་རྡོ་རྗེ་གུར་མགོན་དང་། །སྟོབས་འཕྲོག་དབང་པོ་ཞང་བློན་ཨ་གྷོ་ར། །སྟག་ཞོན་བིང་མ་གྲི་གུག་སེང་ཞོན་དང་། །ལས་མཛད་བདུད་མགོན་ཆེན་པོ་ཏྲཀྴད་སོགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོའི་རིགས། །དུར་བདག་ཡབ་ཡུམ་རྟ་ནག་དྲེགས་པ་ལ། །དམ་རྫས༴ །སྨུག་ནག་ཁྲོས་མ་སྔགས་ཀྱི་བདག་མོ་ཆེ། །ཤན་པ་ནག་མོ་འབར་མ་མེ་ཡི་གདོང་། །ཡུལ་ཆེན་དཔལ་འབར་རེ་ཏི་མཆེད་དེ་བཞི། ཁྲག་འཐུང་དུལ་སོལ་མ་དང་དམག་ཟོར་རྒྱལ། །འདོད་ཁམས་དབང་ཕྱུག་མ་ཅིག་དཔལ་ལྷ་མོ། །རབ་བརྟན་མ་དང་རྡོ་རྗེ་གཤོག་རྒོད་


PS004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ། །བདེ་ཆེན་རྒྱལ་མོ་ཞི་ཆགས་ཁྲོས་པའི་གར། །སྤྱང་ཞོན་མ་དང་ཤ་ཟ་ཁ་མོ་ཆེ། །ཞིང་སྐྱོང་དུར་ཁྲོད་མ་མོ་འཁོར་བཅས་ལ། །དམ་རྫས༴ །རྡོ་རྗེ་བེར་ཅན་ལྷ་མོ་རང་བྱུང་མ། །དབུགས་ལེན་བཅུ་དྲུག་ཕྱོགས་བཅུ་སྐྱོང་བའི་མགོན། །དྲེགས་པ་དོན་གཉིས་མ་སྲིང་འབར་མ་དགུ། །དུས་བཞིའི་ལྷ་མོ་དམག་རྒྱལ་མཆེད་བཞི་ལ། །དམ་རྫས༴ །སྲིན་མགོན་ཐོད་ཕྲེང་དབང་ཕྱུག་ཡབ་དང་ཡུམ། །དམར་པོ་གྱད་ཆེན་འཆི་བདག་གཤིན་རྗེའི་རྒྱལ། །ཤན་པ་དམར་ནག་གཟའ་མཆོག་རཱ་ཧུ་ལ། །མགར་བ་དམར་ནག་ཞིང་སྐྱོང་སེང་གེའི་གདོང་། །རྒྱལ་ཆེན་སྐུ་ལྔ་གནོད་སྦྱིན་ཙིཏྟ་དམར། །རོལ་པ་སྐྱ་བདུན་


PS004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བྲག་བཙན་ལ། །དམ་རྫས༴ །ཅེ་སྤྱང་མ་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད། །གིང་བདུད་རྩིས་པ་འཆི་བདག་བྱེ་བ་འབུམ། ཁམས་བརྒྱད་དམུས་ལོང་ཁྱི་སྤྱང་འབྲུག་མོ་བརྒྱད། །ཤྭ་ན་བདག་ཉིད་ས་བདག་སྐྱེས་བུ་གིང་། །རྗེ་མོ་བཅུ་བཞི་སྨན་མོ་ལ་བཅུ་བརྒྱད། །སྡེ་དཔོན་སུམ་ཅུ་སྔགས་བཅོ་བརྒྱད་དང་། །ཕྱི་ནང་གསང་བ་ཡང་གསང་བཏགས་ཤིང་ཆགས། །གབ་སྦས་ལས་མྱུར་མཆོག་གི་སྡེ་བརྒྱད་རིགས། །དྲེགས་པ་རྐྱ་གསུམ་དྲེགས་པ་སྡེ་ལྔ་སོགས། །གནས་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་ལ། །དམ་རྫས༴ །ཕྱི་ནང་གསང་བའི་བར་ཆད་སྲུང་ཞིང་ཟློག །དགྲ་བགེགས་བྱེད་


PS004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐལ་བའི་རྡུལ་བཞིན་ཟློག །བྷྲཱུྃ་ལས་རིན་ཆེན་སྣོད་དུ་དཀར་མངར་བཅུད། །འདོ་རྒུ་ཀུན་འབྱུང་ཟག་མེད་བདུད་རྩིའི་མཚོ། །ནོར་ལྷ་གཏེར་བདག་རྣམས་ཀྱི་རྫུ་འཕྲུལ་ལྗགས། །རིན་ཆེན་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཡཀྵ་ཛཾ་བྷ་ལ་བ་སུ་པ་ཏི་ས་པ་རི་བཱ་ར་ཨི་དམ༴ །སོགས། རྒྱལ་ཆེན་རྣམ་མང་ཐོས་སྲས་རིགས་ཆེན་བརྒྱད། །དཔལ་གྱི་ལྷ་མོ་ནོར་བདག་གྲོགས་མོ་བརྒྱད། །ཛམ་ལྷ་དཀར་སེར་དམར་ལྗང་ནག་པོ་དང་། །ཀུ་བེ་ར་སོགས་རྟ་བདག་ཆེན་པོ་བརྒྱད། །འབྲོག་གནས་མཆེད་ལྔ་ཨཱརྱ་རེ་མནྟ། །ཨ་པར་ཙིཏྟ་ཚོགས་བདག་དཀར་སེར་དམར། །གང་མཛེས་ནོར་དབང་ཀུན་འཁྱིལ་


PS004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དེ་གསུམ། །ཇོ་བོ་སྔགས་ཀྱི་བདག་པོ་མི་མགོན་དཀར། །དོན་གྲུབ་སེར་མོ་དགེ་བསྙེན་ཡེ་ཤེས་གྲགས། །ཕག་གདོང་མཆེད་ལྔ་འཕྲོག་མ་བུར་བཅས་ལ། །དམ་རྫས༴ །སྣོད་བཅུད་རྒུད་པ་ཞི་ཞིང་དཔལ་འབྱོར་རྒྱས། །ཚེ་བསོད་དབང་ཐང་ཡར་ངོའི་ཟླ་ལྟར་སྤེལ། །གཏོར་མ་དཀར་མངར་འདོད་རྒུ་འབྱུང་བའི་བཅུད། །དཔལ་མགོན་གཞི་བདག་དཀར་ཕྱོགས་སྐྱོང་བའི་ལྗགས། །འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པ་རི་བཱ་ར་ཨི་དམ༴ །སོགས། ལྷ་ཀླུ་གཟའ་ཆེན་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱོགས་སྐྱོང་འཇིགས་བྱེད་རྒྱལ་པོ་ཆེན་པོ་བཞི། །དབང་ཆེན་


PS004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ་འབྱུང་ལྔ་སྤར་སྨེ་དང་། །ལོ་ཟླ་ཞག་དུས་ཕྱོགས་མཚམས་ས་ཡི་བདག །དཀར་པོ་བརྒྱད་ཅུ་ཨ་ཕྱི་མཆེད་ལྔ་ལ། །དམ་རྫས་ཡེ་ཤེས༴ །སྨན་བཙུན་ཚེ་རིང་མཆེད་ལྔ་སྤྲུལ་འཁོར་བཅས། །བརྟན་སྐྱོང་ཡ་མ་བཅུ་གཉིས་མཐུ་ཆེན་བཞི། །མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་ཆེན་དགུ། །གཉན་ཆེན་ཐང་ལྷ་སྨྱོ་ཁ་མཁའ་རི་དང་། །མཁར་ནག་རྡོ་རྗེ་རྒྱལ་སོགས་སྤྲུལ་བསྒྱུར་བརྒྱད། །རྨ་རྒྱལ་སྤོམ་ར་སྐུ་རྗེ་སེང་ཆེན་རྒྱལ། །དགེ་བསྙེན་ཉེར་གཅིག་ཡུལ་འདིའི་གཞི་བདག་ལ། །དམ་རྫས་ཡེ་ཤེས༴ །སྐྱོབས་པའི་ལྷ་ལྔ་བརྟན་པའི་ལྷ་དགུ་དང་། །མིའུ་གདུང་དྲུག་ཕ་མཚན་དགྲ་བླའི་ཚོགས། །ལུང་ལྔ་ལྗོངས་གསུམ་གླིང་


PS004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྒྲུབ་གནས་བརྒྱད། །གངས་ར་ཉེར་གཅིག་གནས་ཆེན་ཉེར་ལྔ་སོགས། །གནས་ཆེན་གནས་ཕྲན་སྲུང་ཞིང་སྐྱོང་རྣམས་དང་། །མདོར་ན་སྟོང་གསུམ་འཛམ་གླིང་བོད་ཡུལ་གྱི། །གནས་ཡུལ་གཞི་བདག་རིགས་ཆོས་རྒྱུད་སྲུང་ལ། །དམ་རྫས་ཡེ་ཤེས༴ །འཇིག་རྟེན་བདེ་ཞིང་བསྟན་འགྲོའི་དགེ་ལེགས་འཕེལ། །རྣལ་འབྱོར་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །མགྲོན་རིགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །འཕྲིན་ལས་བཅས་ལ་གུས་པས་བསྟོད་པར་བགྱི། །ནོངས་པ་ཅི་མཆིས་ཆོས་དབྱིངས་ཀློང་དུ་བཤགས། །ཡེ་ཤེས་བརྩེ་བ་ཆེན་པོས་བཟོད་མཛོད་ལ། །ལས་དང་དངོས་


PS004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོགས་པ་མེད་པར་སྩོལ། །རྟག་ཏུ་དགྱེས་པས་དགོངས་ཏེ་ཕྲིན་ལས་མཛོད། །རྩ་གསུམ་ནོར་ལྷ་རྟེན་ལ་རྟག་ཏུ་བཞུགས། །འཇིག་རྟེན་པ་རྣམས་སོ་སོའི་གནས་སུ་གཤེགས། །འདི་ཕྱི་ཀུན་ཏུ་དགེ་བའི་སྣང་བ་ཡིས། །བརྟན་གཡོ་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་འདིའང་སྒྲུབ་བརྩོན་སྡེ་སྣོད་འཛིན་པ་ཕུར་བླ་ཀརྨ་མཐུ་སྟོབས་ནས་བསྐུལ་ངོར། དུས་མཐའི་གཏོར་མའི་སློབ་དཔོན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙ་འདྲ་རིན་ཆེན་བྲག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་ཐུགས་དམ་སྐོང་བའི་ཚུལ་མཉེས་པ་སུམ་ལྡན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས།


PS004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་ཐུགས་དམ་སྐོང་བའི་ཚུལ་མཉེས་པ་སུམ་ལྡན་ཅེས་བྱ་བ་བཞུགས་སོ།། །།


PS004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ། བདུད་འདུལ་སྟོབས་བཅུའི་ཕྲིན་ལས་ཀུན། །གཅིག་བསྡུས་རྡོ་རྗེ་ནག་པོ་ཆེ། །པདྨ་དབང་ཆེན་སྐུར་སྣང་བས། །འབྲལ་མེད་བྱང་ཆུབ་བར་དུ་སྐྱོངས། །ཉམས་ཆགས་སྐོང་ཞིང་ཕྲིན་ལས་བཅོལ། །འདོད་པའི་དོན་ཀུན་སྒྲུབ་པ་ལ། །སྐོང་བ་ཡིད་བཞིན་ནོར་མཚུངས་ཏེ། །རྒྱུད་ལུང་མན་ངག་ཀུན་ཏུ་བསྔགས། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གཙོ་བོར་བརྟེན་པའི་ཡེ་ཤེས་དང་འཇིག་རྟེན་གྱི་


PS004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མའི་དབང་པོ་ཁྱད་པར་ཅན་དག་ལྷན་ཅིག་ཏུ་ཐུགས་དམ་སྐོང་བའི་རིམ་པ་བྱ་བར་འདོད་པས། རིན་པོ་ཆེའི་སྣོད་དུ་སྐོང་བའི་གཏོར་མ་སྙིང་ལ་ཟུར་གཏོད་པ་ལྟ་བུ་མཐེབ་ཀྱུས་བསྐོར་བ་ལ་དར་ཟབས་ཀྱི་འཕན་དང་ཤ་ཁྲག་སོགས་ཁ་ཟས་བཟང་དགུས་བརྒྱན། རྒྱས་པར་སྤྲོ་ན་གླིང་བཞི་རི་རབ་ཀྱི་སྟེང་དུ་དཔལ་གཏོར་གྲུ་གསུམ་བརྗིད་ལྡན། མདུན་ནས་བརྩམས་ཏེ་རང་བྱུང་མ། ཕྱག་བཞི་པ། དུད་སོལ་མ། ཕྱག་དྲུག་པ། དུར་


PS004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྣམས་ལ་རང་མཐུན་བཤོས་བུ། བང་རིམ་རྣམས་སུ་འཁོར་ལྔ་སོགས་ལ་བཤོས་སུ་དཀར་དམར་གྲངས་ཇི་ལྟར་རིགས་པ་དང་། སྐོང་རྫས་སྣ་ཚོགས་སྤར་དུ་བཏབ་པ་བཀོད། དར་ཟབ། རིན་ཆེན། འབྲུ་སྨན། ཁ་ས་སྣ་ཚོགས། འབྱོར་ན་ཁྱད་པར་གྱི་སྐོང་རྫས་རྣམས་དངོས་སམ་རི་མོར་བྲིས་པས་བརྒྱན་ལ། ནག་པོ་ཆེན་པོའི་ཕྲིན་ལས་ཀྱི་སྐོང་བའི་སྐབས་སུ་བབས་པའམ། ཡི་དམ་གཞན་དང་སྤྲེལ་ཡང་རུང་སྟེ། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱོགས་ཀུན་ཏུ་ཧཱུྃ་ཡིག་འབར་བ་ཉི་ཟེར་གྱི་རྡུལ་ལྟ་བུ་འོད་དུ་ཞུ་བ་ལས་བྱུང་བའི་རྟེན་སྒྲུབ་སྐོང་མཆོད་མཐུན་པའི་ཡོ་བྱད་ལ་སོགས་པ་རོལ་པ་ཆེན་པོའི་དམ་ཚིག་གི་རྫས།


PS004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པ། རྒྱ་ནམ་མཁའི་མཐར་ཁྱབ་ཅིང་དུས་འཁོར་བ་ཇི་སྲིད་རྒྱུན་མི་ཆད་འབྱུང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པའམ། ཡང་ན་དེ་དག་གི་ཚབ་ཏུ་ཕྲིན་ལས་རྒྱ་མཚོའི་རྒྱུད་ལས་གསུངས་པ། ཨོཾ་སརྦ་དྷརྨཱ་པཱུ་ཛ་པཉྩ་རཏྣཱ་ཀཱ་ཡ་ཀོ་ཏི་བྷི་གྷཱ་བ་ཀ་སྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་པས་སྤེལ། ཨོཾ་སརྦ་དྷརྨཱ་ཨ་བྷི་ག་ཏེ་ཧི་ཀོ་ཧཾ་ཡ་ན་གྷཱ་མི་སྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་པས་བྱིན་རླབས། ཨོཾ་སརྦ་དུཥྚ་གྲྀཧྣ་གརྫ་ཧཱུྃ་ཕཊ། ཅེས་པས་ནུས་པ་བསམ་གྱིས་མི་ཁྱབ་པར་བྱས་ལ་འདི་སྐད་དོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་རྩ་གསུམ་ཆོས་སྐྱོང་དང་། །བཀའ་སྡོད་དམ་ཅན་རྒྱ་མཚོ་རྣམས། །


PS004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །མཚན་ཉིད་ལྡན་པའི་གནས་མཆོག་འདིར། །དམ་ཚིག་ལྡན་པའི་སྒྲུབ་པ་པོས། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་ལ། །དགྱེས་པས་དགོངས་ཏེ་བཞུགས་སུ་གསོལ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི། །ཆོས་དབྱིངས་ཀུན་ཏུ་ཁྱབ་པ་ཡི། །རྡོ་རྗེ་འཆང་ཆེན་ཨརྞ་པ། །པད་འབྱུང་ཏེ་ལོ་ནཱ་རོ་དང་། །མར་མི་དྭགས་པོ་དུས་གསུམ་མཁྱེན། །གྲུབ་ཆེན་ཆོས་ཀྱི་བླ་མ་སོགས། །བཀའ་གཏེར་དག་སྣང་སྲོལ་འཛིན་པའི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་རྣམས། །དད་གུས་མོས་པའི་


PS004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཤུགས་དང་། །ལྟ་སྒོམ་སྤྱོད་པའི་དམ་ཚིག་གིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ལུས་ངག་ཡིད་ལ་བྱིན་གྱིས་རློབས། །བདེ་དགྱེས་མཱ་ཡཱ་གདན་བཞི་པ། །དུས་འཁོར་གསང་འདུས་འཇིགས་བྱེད་སོགས། །བླ་མེད་རྡོ་རྗེའི་དཀྱིལ་འཁོར་དང་། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་ཡི། །ཡི་དམ་ལྷ་ཚོགས་རབ་འབྱམས་ཀུན། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །རིམ་གཉིས་རྣལ་འབྱོར་ཟབ་མོ་ཡིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རིགས་ལྔའི་མཁའ་འགྲོ་ལ་སོགས་པ། །ཡུལ་ཆེན་ཉེར་བཞི་དུར་ཁྲོད་བརྒྱད། །


PS004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་སོ་གཉིས་ལ་བཞུགས་པའི། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས། །སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་དང་། །རྨད་བྱུང་རིག་པའི་བརྟུལ་ཞུགས་ཀྱིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད། ཧཱུྃ། །རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོའི་སྐུར་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་ཆེན་སྐུ། །བསྟན་པ་བསྲུང་ཕྱིར་ཐུགས་བརྩེ་བ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །གར་དགུའི་ཉམས་ལྡན་གཏུམ་པའི་སྐུ། །གསལ་ཞིང་བརྟན་པར་སྒོམ་པ་དང་། །ཆོ་ག་བཞིན་ཏུ་བསྒྲུབས་པ་ཡི། །དམ་ཚིག་བྲིས་སྐུ་འབུར་སྐུའི་རིགས། །


PS004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐམ་དབུ་རྒྱན་མགོ་བོའི་ཕྲེང་། །རིན་ཆེན་རུས་པ་སྦྲུལ་གྱི་རྒྱན། ཁྲག་ཞག་ཐལ་བ་བྱུག་པའི་རྫས། །དར་ནག་བེར་ཆེན་སྟག་ཤམ་གྱིས། །མགོན་པོའི་སྐུ་ཡི་ཐུགས་དམ་བསྐང་། །བདུད་སྡེ་ཟིལ་གནོན་གསུང་གི་སྒྲ། །བསྙེན་སྒྲུབ་བཟླས་པ་ཚད་དུ་སྐྱོལ། །གསུང་རབ་མདོ་རྒྱུད་འབྲི་དང་ཀློག །སྙན་བརྗིད་བསྟོད་དབྱངས་དུ་མ་དང་། །རྔ་ཆེན་དུང་གླིང་ཆ་ལང་དྲིལ། །པི་ཝཾ་ཅང་ཏེའུ་རྐང་གླིང་སོགས། །སྣ་ཚོགས་རོལ་མོའི་བྱེ་བྲག་གིས། །མགོན་པོའི་གསུང་གི༴ །སྙིང་རྗེ་རབ་ཁྲོས་རྣམ་གྲོལ་ཐུགས། །ཟུང་འཇུག་ཏིང་འཛིན་སྒོམ་པ་དང་། །དམ་ཚིག་རྡོ་རྗེ་རྩེ་དགུ་པ། །གནམ་ལྕགས་གྲི་ཁུག་ཙནྡན་བིང་། །ཐོད་


PS004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྲག་བཀང་འཆིང་བའི་རྒྱ། །ལས་སོགས་ཕྱག་རྒྱ་རྣམ་པ་བཞིས། །མགོན་པོའི་ཐུགས་ཀྱི༴ །སྤངས་དང་རྟོགས་པའི་ཡོན་ཏན་ནི། །བསམ་མི་ཁྱབ་ལ་ཡིད་ཆེས་ཤིང་། །རྡོ་རྗེ་དབང་སྔོན་པད་རཱཀ་ཤེལ། །གསེར་གཡུ་དངུལ་སོགས་རིན་ཆེན་རིགས། །དར་ཆེན་ཁ་དོག་སྣ་ཚོགས་པ། །ཟ་འོག་ཡུགས་ཆེན་རི་མོ་བཀྲ། །ལྔ་ཕྲག་ལྔ་ཡི་རྫས་མཆོག་དང་། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔས། །མགོན་པོའི་ཡོན་ཏན༴ །གདུག་པ་འདུལ་ཞིང་སངས་རྒྱས་ཀྱི། །བསྟན་སྲུང་ཕྲིན་ལས་སྤེལ་བ་དང་། ཁྲབ་རྨོག་ཕུབ་སོགས་སྲ་བའི་གོ །རལ་གྲི་མདའ་གཞུ་ཐོ་བ་མདུང་། །དགྲ་སྟྭ་གཏུན་ཤིང་ཞགས་པ་སོགས། །རྣོ་གཅོད་མཚོན་ཆའི་རིགས་


PS004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། །ཆས་ཞུགས་དྲག་པོའི་ཟློས་གར་སྒྱུར། །སྲུང་ཟློག་བསད་པའི་འཕྲུལ་འཁོར་གྱིས། །མགོན་པོའི་ཕྲིན་ལས༴ །རྟ་ནག་རླུང་གི་ཤུགས་ལྡན་དང་། །གཡག་ནག་རི་ལྟར་འགྱིང་བ་དང་། །ལུག་ནག་ཆར་སྤྲིན་འཐིབ་འདྲ་སོགས། །ཕྱི་ཡི་རྟེན་གྱིས་ཐུགས་དམ་བསྐང་། །བྱ་རྒོད་མདའ་ལ་དར་སྣས་སྤྲས། །མགུལ་དུ་གྲི་རྒོད་ཙིཏྟའི་སྦུབས། །དམ་རྫས་སྲོག་གི་སྙིང་པོས་བཀང་། །ནང་གི་རྟེན་གྱིས་ཐུགས༴ །ལུག་ནག་དོམ་ནག་ཁྱི་ནག་སྙིང་། །མ་ཉམ་སྔགས་དང་རྫས་ཀྱིས་གཏམས། །ཙན་དན་བླ་ཡི་ཕུར་བུ་བཅས། །གསང་བའི་རྟེན་གྱིས༴ །དར་ནག་གཡབ་མོ་སྦྱར་བའི་སྤོས། །མ་རལ་རུས་རྒྱན་


PS004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆས། །ཞྭ་ནག་གོས་ནག་ཐོད་པའི་ཕྲེང་། །མི་འབྲལ་བླ་རྡོ་སྲོག་འཁོར་སོགས། །སྒྲུབ་པའི་རྫས་ཀྱིས༴ །གཅེས་པའི་གནས་མཆོག་བཅུ་གཉིས་ཀྱིས། །ལེགས་བསྒྲུབས་བརྟེན་པའི་གཏོར་མ་དང་། །མཆོད་གཏོར་སྐོང་གཏོར་ཐུན་གཏོར་སོགས། །དམ་རྫས་གཏོར་མས༴ །ལྷ་མིའི་བདེ་བའི་དཔལ་འབྱོར་གྱིས། །འཇིག་རྟེན་ཁམས་ཀུན་གཏམས་པ་དང་། །ཉེར་སྤྱོད་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ། །འབྲུ་སྣ་སྨན་སྣ་མེ་ཏོག་སོགས། །ཕྱི་ཡི་མཆོད་པས༴ །དུར་ཁྲོད་རོལ་པའི་ཉེར་སྤྱོད་དང་། །རོ་ལྡན་སྤོད་དང་སྦྱར་བ་ཡི། །འབྲས་ཆན་ཤིང་ཏོག་ཁུར་བ་དང་། །དུར་གི་ལ་དུ་ལ་ཕུག་སོགས། །


PS004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་ཟས་སྣས་གཏམས་པ་ཡི། །ལྕགས་ཀྱི་ལྷུང་བཟེད་བརྗིད་པ་དང་། །སྙིང་སྣ་ཤ་སྣ་སྒོག་རིགས་བདུན། །ནང་གྲོལ་རྣམ་པ་སྣ་ཚོགས་པ། །བཙོས་བསྲེགས་ཤས་བཀང་བནྡྷ་དང་། །སྨན་མཆོག་སྦྱར་བའི་རིལ་བུ་དང་། །ཛམྦུ་དྭཱི་པའི་ཞལ་ཟས་སོགས། །ནང་གི་མཆོད་པས༴ །དམ་ཡེ་གཉིས་མེད་བདུད་རྩིའི་མཚོ། །སྙིང་ཁྲག་བཅུད་བསྡུས་རཀྟའི་རྒྱུན། །ཕྱི་ནང་གསང་བའི་དཀར་མངར་བཅུད། །དགའ་བཞི་སྐྱེད་བྱེད་དྲག་པོའི་ཡུམ། །གདུག་པ་བསྒྲལ་བའི་ཚོགས་འཁོར་སོགས། །གསང་བའི་མཆོད་པས༴ །སྲོག་ཆགས་སྣ་ཚོགས་ཉམས་རྩལ་ལྡན། །དཀོར་ནོར་ཁ་ཟས་རི་ལྟར་སྤུངས། །ཞིང་དང་


PS004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་ལྤགས་པའི་རིགས། །འཕན་གདུགས་རྒྱལ་མཚན་བ་དན་སོགས། །སྤྱན་གཟིགས་རྣམས་ཀྱིས༴ །རྨད་བྱུང་དགྱེས་པ་སྐོང་བའི་རྫས། །མ་དག་འཁྲུལ་པའི་དྲི་མ་སྦྱངས། །ཡེ་ཤེས་ཆེན་པོའི་རོལ་པར་རྟོགས། །མཁའ་མཉམ་ཁྱབ་པར་སྤར་བ་འདིས། །ཡབ་ཅིག་ལེགས་ལྡན་ནག་པོ་སོགས། །ཡེ་ཤེས་མགོན་པོའི༴ །སྲས་མཆོག་རྡོ་རྗེ་བེར་ཅན་སོགས། །ལས་ཀྱི་མགོན་པོའི༴ །བདུད་པོ་གཟི་བརྗིད་ཆེན་པོ་སོགས། །འཇིག་རྟེན་མགོན་པོའི༴ །ནག་པོ་འགུགས་བྱེད་ཆེན་པོ་སོགས། །དབུགས་ལེན་ཡབ་ཡུམ༴ །དཔལ་འབར་འཆང་དང་རྣམ་སྲས་སོགས། །ཕྱོགས་བཅུའི་མགོན་པོའི༴ །དབང་ཕྱུག་ཡ་མ་རཱ་ཛ་སོགས། །


PS004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་དོན་གཉིས༴ །བདུད་བཙན་ཀླུ་ཡི་མགོན་པོ་སྟེ། །དྲེགས་པ་རྐྱ་གསུམ༴ །མཐུ་སྟོབས་དྲག་རྩལ་ཆེ་ལྡན་པའི། །བཀའ་ཉན་ཕོ་ཉའི༴ །རྣམ་འགྱུར་བསམ་གྱིས་མི་ཁྱབ་པོའི། །ལས་བྱེད་དམ་ཅན༴ །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ། །སྒྲུབ་བརྒྱུད་བསྟན་པ་རྒྱས་པར་མཛོད། །བྷྱོ། མཁའ་བཞིའི་བདེ་ཀློང་འཁྱིལ་བ་ནས། །རྟག་པའི་རྒྱལ་མོ་རང་བྱུང་མ། །སྣང་སྲིད་མ་མོའི་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །གཡབ་དར་གསུར་དུད་འབོད་པའི་རྫས། །ལུག་དྲེལ་བྱ་


PS004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མདའ་དར་དང་། །གསང་བའི་སྐུ་འབག་བནྡྷ་དང་། །རྐང་འཐུང་འདབ་མ་རླུང་བསྐྱོད་དང་། །མི་དབང་ཤ་དང་མཚལ་གྱི་འབྲས། །ཕྱི་ནང་གསང་བའི་རྟེན་རྫས་དང་། །རྨ་བྱ་སེང་གེའི་རྒྱལ་མཚན་དང་། །གཡང་གཞི་རེ་ལྡེ་ཤ་ཁྲག་སོགས། །སྨན་སྣ་ཆང་ཕུད་ཨ་མྲྀ་ཏ། །བ་ལིཾ་བརྒྱན་པའི་གཏོར་མ་སོགས། །མཆོད་པའི་རྫས་གྱུར་ཐམས་ཅད་དང་། །བདུད་རྩི་དམ་ཚིག་བསྲེ་བའི་རྫས། །བདུག་སྤོས་དྲི་ལྡན་སྐུལ་བའི་རྫས། །ན་ཆུང་དྲི་མེད་གསུང་དབྱངས་སོགས། །དགྱེས་རྫས་མ་ཚང་མེད་པ་འདིས། །རྟག་པའི་རྒྱལ་མོ་རིགས་ལྔ་སོགས། །ཡེ་ཤེས་མ་མོའི༴ །རང་བྱུང་སྲིད་པའི་རྒྱལ་མོ་སོགས། །


PS004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མ་མོའི༴ །རེ་ཏི་མཆེད་བཞི་ལ་སོགས་པ། །འཇིག་རྟེན་མ་མོའི༴ །མ་མོ་བདུན་དང་སྲིང་མོ་བཞི། །འབར་མ་དགུ་ཡི༴ །དུས་བཞི་ལྷ་མོ་དམག་གི་རྒྱལ། །དབང་ཕྱུག་ཉེར་བརྒྱད༴ །བརྟན་སྐྱོང་ཡ་མ་བཅུ་གཉིས་སོགས། །སྣང་སྲིད་མོ་རྒྱུད་ཐུགས་དམ་བསྐང་། །མ་མོའི་འཁྲུག་པ་ཀུན་ཞི་ཞིང་། །སྣོད་བཅུད་དགེ་ལེགས་དཔལ་འབྱོར་རྒྱས། །རྣམ་བཞིའི་ཕྲིན་ལས་ཀུན་འགྲུབ་མཛོད། ཧཱུྃ། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །ཕྲིན་ལས་དྲག་པོའི་ཚུལ་སྟོན་པ། ཁྲག་འཐུང་རྒྱལ་པོ་ཕྱག་བཞི་པ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཀུན་བཟང་རྣམ་ཐར་ལས་


PS004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །མཆོད་པའི་བྱེ་བྲག་དཔག་ཏུ་མེད། །རྡོ་རྗེ་དབང་པོ་ཚིམ་བྱེད་པའི། །ཡུལ་སྣང་འདོད་ཡོན་རོལ་པའི་རྒྱན། །བཅུ་དྲུག་དགའ་བའི་མཆོག་སྟེར་མ། །རིགས་ལྔའི་ཕོ་ཉ་སྒྱུ་རྩལ་ལྡན། ཁྲག་གི་རྒྱ་མཚོ་དུག་ཆུའི་རྒྱུན། །དབང་ལྔའི་གསུར་དུད་ཞུན་ཆེན་མེ། །མཁྲིས་ཆེན་དྲི་དང་ཤ་རུས་ཟས། །དུར་ཁྲོད་དྲག་པོའི་སྒྲ་ཆེན་དང་། །སྨན་གཏོར་རཀྟ་ཚོགས་ཀྱི་རྫས། །སྐུ་རྟེན་ཞྭ་གོས་ནག་པོ་དང་། །ཕྱག་མཚན་གོ་ཆ་རྣོ་བའི་མཚོན། །རྟ་ལུག་གཡག་རྒོད་ཁྱི་ནག་སོགས། །རྟེན་མདའ་གྲི་སྙིང་བླ་ཡི་རྡོ། །བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་བརྩོན། །མངོན་སྤྱོད་ལས་ཀྱི་སྦྱོར་བ་སོགས། །བརྟེན་སྒྲུབ་


PS004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་རྫས་རྣམས་ཀྱིས། །སྐུ་ལྔའི་མགོན་པོ་ཡབ་དང་ཡུམ། །ལས་མགོན་བྱ་རོག་མཆེད་གསུམ་དང་། །ལེགས་ལྡན་ནག་པོ་རྩ་འཇིབས་དམར། །སེང་གདོང་མཁའ་འགྲོ་བརྒྱད་དྲུག་ཚོགས། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །སྤྲུལ་པ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་འཚེ་བའི་འབྱུང་པོ་སོགས། །ཕྱི་ནང་བར་གཅོད་ཀུན་ཞི་ཞིང་། །ལས་དང་དངོས་གྲུབ་ཐོགས་མེད་འགྲུབ། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛོད། བྷྱོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་བའི་མཐུ་སྟོབས་ཅན། །དཔལ་ལྡན་ལྷ་མོ་དུད་སོལ་མ། །


PS004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཐུགས་དམ་གཉན་པོ་བསྐང་། །བདུད་རྩི་སྨན་དང་བ་ལིཾ་ཏ། །ནལ་བུའི་ཤ་སོགས་མཱཾ་སའི་རིགས། །ར་ནག་བྱ་ནག་དགྲ་བགེགས་ཀྱི། །སྙིང་ཁྲག་ལ་སོགས་རཀྟའི་མཚོ། །ཉེར་སྤྱོད་འདོད་ཡོན་ཚོགས་ཀྱི་རྫས། །དར་ནག་བནྡྷ་མ་རལ་དང་། །བོང་བུ་གྭ་དམར་ཆས་ཀྱིས་བརྒྱན། །རྨ་བྱ་ནལ་བུའི་རྒྱལ་མཚན་བསྒྲེང་། །གྲི་རྒོད་ནལ་བུ་སྲོག་ཆགས་ཀྱི། །ཙིཏྟ་སྣ་ཚོགས་རི་ལྟར་སྤུངས། །སྐུ་རྟེན་རོལ་མོ་གདུང་བའི་དབྱངས། །གསང་བའི་རྡེའུ་ཆུང་ལ་སོགས་པ། །རྟེན་སྐོང་མཆོད་པའི་རྫས་རྣམས་ཀྱིས། །འདོད་ཁམས་དབང་ཕྱུག་དུད་སོལ་མ། །སྙིང་འཕྲོག་མ་གསུམ་རིགས་བཞིའི་ལྷ། །དུར་ཁྲོད་མ་བརྒྱད་


PS004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མེན་བརྒྱད། །སྒོ་མ་རྣམ་བཞི་སྤྲུལ་པའི་འཁོར། །དཀར་སེར་དམར་ལྗང་ནག་སྨུག་ཚོགས། །ཤ་ཟ་ནམ་གྲུ་གནོད་སྦྱིན་ཁྲི། །མ་མོ་འབུམ་སྡེའི་ཐུགས་དམ་བསྐང་། །དལ་ཡམས་རིམས་ནད་དབྱིངས་སུ་སྒྱུར། །བཀའ་ཆད་རྩུབ་འཁྲུགས་དགྲ་ལ་ཕོབ། །བདག་འཁོར་ཡོན་བདག་བུ་བཞིན་སྐྱོངས། །འདོད་པའི་དོན་ཀུན་བསྒྲུབ་པར་མཛོད། ཧཱུཾ། །ཐུགས་རྗེ་མྱུར་མཛད་སྤྱན་རས་གཟིགས། །ནག་པོ་ཆེན་པོ་ཕྱག་དྲུག་པ། །བྱིན་རླབས་མགོན་པོ་འཁོར་དང་བཅས། །ཐུགས་དམ་གཉེན་པོ་དབྱིངས་སུ་བསྐང་། །ཕྱི་སྣོད་ནང་བཅུད་དཔལ་འབྱོར་ཀུན། །ངོ་མཚར་མཆོད་སྤྲིན་ལྷུན་གྱིས་གྲུབ། །གདུག་པའི་རུ་དྲ་བསྒྲལ་


PS004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །དུར་ཁྲོད་དྲག་པོའི་རྒྱན་མཆོག་བཀོད། །གསང་ཆེན་རོལ་པའི་དམ་ཚིག་རྫས། །རྣལ་འབྱོར་མོས་པའི་སྟོབས་ཀྱིས་སྤེལ། ཁྱུང་ལྟར་ལྡིང་བའི་བྱ་རོག་དང་། །མགྱོགས་འགྲོའི་རྟ་དང་བརྗིད་ལྡན་གཡག །མཛེས་པའི་ལུག་དང་གཏུམ་པོའི་ཁྱི། །ནག་པོ་བཅུ་གསུམ་རྒྱན་གྱིས་སྤྲས། །རྟེན་མདའ་མེ་ལོང་དར་སྣས་སྤྲས། །གྲི་སྙིང་བླ་རྡོ་ཙ་ཀྲས་བཏུམས། །བདུད་རྩི་སྨན་དང་རཀྟའི་མཚོ། །བ་ལིཾ་ཚོགས་མཆོད་རི་ལྟར་སྤུངས། ཁྱད་པར་སེམས་ཉིད་སྤྲོས་བྲལ་ངང་། །བླ་མ་མགོན་པོ་དབྱེར་མེད་པར། །ཡིད་ཆེས་མོས་གུས་རྩེ་གཅིག་པས། །ཡེ་ཤེས་མགོན་པོ་ཡིད་བཞིན་ནོར། །རིགས་ཀྱི་རྣམས་འགྱུར་སྣ་ཚོགས་


PS004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྕམ་གཅིག་དཔལ་ལྡན་རེ་མ་ཏི། །གནོད་སྦྱིན་དབང་ཕྱུག་གཤིན་རྗེ་བདུད། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །སྲིད་གསུམ་དབང་བྱེད་དྲེགས་པའི་འཁོར། །བསམ་མི་ཁྱབ་པའི་ཐུགས་དམ་བསྐང་། །འདི་ཕྱིའི་བར་དོའི་འཇིགས་ལས་སྐྱོབས། །ཟས་ནོར་ཆོས་ཀྱི་འདུ་བ་སྤེལ། །བཤད་སྒྲུབ་བསྟན་པ་རྒྱས་པ་དང་། །འགྲོ་ཀུན་སངས་རྒྱས་སར་སྒྲོལ་ཅིག། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །སོ་ས་གླིང་གི་ཞིང་སྐྱོང་བ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་རོ་གདན་བཞུགས་པའི་གནས། །ཕྱི་ནང་གསང་བ་ཆགས་


PS004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན། །རོ་ལྡན་བཟའ་བཏུང་ཚིམ་པའི་བཅུད། །གཏོར་ཚོགས་རཀྟ་དམ་ཚིག་རྫས། །རིན་ཆེན་སྣ་ལྔ་འབྲུ་སྨན་དང་། །གཅན་གཟན་སྣ་ཚོགས་བཞེད་པའི་དཀོར། །དཀར་དམར་ཤ་ཁྲག་རྐང་ཚིལ་དང་། ཁུར་བ་ཆང་སོགས་སྤྱན་གཟིགས་རྟེན། །དགྱེས་པའི་མཆོད་རྫས་རྒྱ་ཆེན་པོས། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ཤ་ཟ་ཁྲག་འཐུང་དབུགས་ལེན་ཚོགས། །སྤྲུལ་པ་འབུམ་སྡེའི་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །སྟོང་ཕྲག་བརྒྱད་བཅུ་ཡང་འཁོར་བཅས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །སྲུང་བའི་འཁོར་ལོ་སྐྱབས་མ་ཆུང་། །དགྲ་ཇག་ཆོམ་ཀུན་གཟིར་ཞིང་ཆིངས། །


PS004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བཞིན་ཏུ་ཕྲིན་ལས་མཛོད། བཻ། །ས་བརྒྱད་དབང་ཕྱུག་ངལ་བསོས་པོ། །འཁོར་བཅས་དགྱེས་པ་སྐོང་བའི་རྫས། །ལྷ་མིའི་དཔལ་འབྱོར་རྒྱལ་སྲིད་བདུན། །གཏེར་བུམ་དཔག་བསམ་འདོད་འཇོའི་བ། །མ་རྨོས་ལོ་རྟོག་རིན་ཆེན་རི། །ཅང་ཤེས་རྟ་དང་དཀོན་ཆ་མཆོག །ནོར་བུ་བླ་རྟེན་གོ་དང་མཚོན། །གོས་སྔོན་ལུང་དང་ཕྲེང་བ་སོགས། །རྫོགས་ལྡན་སྤྲིན་གྱི་བླ་བྲེ་བཞིན། །འདོད་དགུ་ནམ་མཁའི་མཛོད་ཆར་གྱིས། །རྣམ་མང་ཐོས་སྲས་རིགས་ཆེན་བརྒྱད། །བཙུན་མོ་སྲས་བཞི་རྟ་བདག་བརྒྱད། །ཛམ་ལྷ་རིགས་ལྔ་མཛོད་འཛིན་དང་། །སྡེ་དཔོན་ཡུལ་ལྗོངས་གནས་ཡུལ་སྐྱོངས། །


PS004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ཞིང་། །འཛད་མེད་དཔལ་འབྱོར་རྒྱས་པར་མཛོད། ཧཱུྃ། །རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །སྐྱེས་བུ་འཁོར་བཅས་སྐོང་བའི་རྫས། །ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་བདུན། །མཁར་ཐབས་བཤོས་སུ་སྨན་རཀ་སྐྱེམས། །རུ་མཚོན་དར་དམར་ར་ཡི་གསུར། །ར་ཤ་ར་ཁྲག་དབང་པོ་ལྔ། །སྐུ་གཟུགས་སྲོག་འཁོར་ཕ་ཝཾ་རྡོ། །ར་ལྤགས་རྒྱལ་མཚན་རིན་ཆེན་དབྱིག །ར་སྐྱེས་སེང་གེ་རྒྱན་དང་ལྡན། །གོ་མཚོན་གཡང་གཞི་དམར་ནག་བེར། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་། །སྟག་རས་གཟིག་རས་དར་སྣ་སོགས། །འབོད་བརྟེན་སྒྲུབ་མཆོད་


PS004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཀྱིས། །དམ་ཚིག་ལྡན་པའི་དགེ་བསྙེན་ཆེ། །མགར་བ་དཀར་སེར་དམར་ནག་དང་། །མཆེད་འཁོར་སུམ་བརྒྱ་དྲུག་བཅུའི་ཚོགས། །འཛིན་གིང་བཞི་བཅུ་གིང་ཆེན་བཞི། །དགྱེས་སྡེ་བརྟན་མ་ཕོ་ཉའི་ཚོགས། །ལྷ་བཙན་གཤིན་རྗེ་བདུད་དང་ཀླུ། །གནོད་སྦྱིན་འཁོར་ཚོགས་ཐུགས་དམ་བསྐང་། །སྲུང་མ་མཛོད་ལ་བུ་བཞིན་སྐྱོངས། །མཐུན་པའི་ལས་ཀུན་མྱུར་འགྲུབ་མཛོད། བྷྱོ། །གདུག་པ་འདུལ་བའི་མཐུ་སྟོབས་ཅན། །ནག་པོ་ཐོད་ཕྲེང་སྐོང་བའི་རྫས། །ཐུགས་ལ་བཞེད་དགུ་སྣ་ཚོགས་དང་། ཁྱད་པར་མྱོས་བྱེད་དཔའ་བོའི་སྐྱེམས། །གདུག་པའི་སྙིང་ཁྲག་མཚོ་ལྟར་


PS004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱིལ། །ཤ་རུས་བ་ལིཾ་ལྟར་བརྩེགས། །གཡང་གཞི་ལྷབ་ལྷུབ་རུ་མཚོན་གཡོབ། །རེག་གཅོད་མཚོན་ཆའི་ནགས་ཚལ་འཁྲིགས། །རྟེན་དང་མཆོད་པའི་སྤྲིན་ཆེན་གཏིབས། །སྤྱན་གཟིགས་དཀོར་ཆས་ས་གཞི་གང་། །དྲག་པོའི་རོལ་མོས་གནམ་ས་གཡོ། །ཟློག་མེད་མངོན་སྤྱོད་ཕྲིན་ལས་ཀྱིས། །སྲིན་བགོན་ཐོད་ཕྲེང་ཡབ་དང་ཡུམ། །ཞལ་བཞི་ཤ་ཟ་ནག་པོ་ཆེ། །སྲིན་པོ་བྱེ་བའི་འཁོར་ཚོགས་བཅས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བར་ཆད་དགྲ་བགེགས་ཐལ་བར་རློག །དཀོན་མཆོག་དབུ་འཕང་བསྟོད་པར་མཛོད། ཧཱུྃ། །དཔལ་ལྡན་ཞིང་སྐྱོང་དབང་པོ་ནི། །ཡབ་ཡུམ་


PS004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་བསྐང་བའི་རྫས། །གསང་བ་སྲོག་གི་འཁོར་ལོ་དང་། །དོམ་ནག་ཙིཏྟ་སྙིང་པོར་བཅས། །ཛ་གད་རཀྟ་མ་ཉམས་ཕུད། །བཙོས་པའི་ཤ་དང་བསྲེག་པའི་གསུར། །འབྲས་ཆན་དབང་པོ་ནང་གྲོལ་སོགས། །དམར་ཆེན་བརྒྱན་པའི་གཏོར་མ་དང་། །རིན་ཆེན་འབྲུ་སྨན་སྦྱར་བའི་སྤོད། །སྤྱན་གཟིགས་བཟའ་བཅའ་འདོད་ཡོན་ལྔ། །མྱུར་འགྲོ་དམར་ནག་གཡག་ལུག་ཁྱི། །གོ་མཚོན་བཤོས་བུ་དཀར་དམར་སོགས། །སོ་སོའི་བཞེད་དགུར་འཆར་བ་ཡིས། །ཀུན་དགའ་གཞོན་ནུ་ཡབ་དང་ཡུམ། །བམ་རོ་ཕོ་མོ་དྲེགས་ཆེན་བརྒྱད། །སྲས་ཡུམ་ཀེང་རུས་སྲིན་པོའི་ཚོགས། །ཡང་


PS004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བདུད་དམག་སྟོང་སྡེ་སོགས། །འཁོར་བཅས་ཐུགས་དམ་གཉན་པོ་བསྐང་། །ལས་དང་དངོས་གྲུབ་ཐོགས་མེད་སྒྲུབས། །གསང་ཆེན་བསྟན་པ་རྒྱས་པར་མཛོད། ཧཱུྃ། །ཀླུ་རྒྱལ་སོག་མ་མེད་པ་དང་། །དགེ་བསྙེན་ཆེན་པོ་སྐོང་བའི་རྫས། །ཡན་ལག་བརྒྱད་ལྡན་རྒྱ་མཚོ་འཁྱིལ། །རིན་ཆེན་ཁང་བཟང་ནོར་བུར་གཏམས། །གསེར་བྱེ་གཡུ་ཡི་ནེའུ་གསེང་བཀོད། །རྟ་ལུག་འབྲི་གླང་ཉ་སྦལ་དུང་། །དཀོར་ནོར་སྣ་ཚོགས་གྲམ་བུར་བརྡལ། །རིན་ཆེན་བཟང་མཛོད་ཟད་མི་ཤེས། །དཀར་གསུམ་མངར་གསུམ་བདུད་རྩིའི་བཅུད། །འབྲུ་གཙང་ཤིང་ཐོག་ཕུང་པོར་སྤུངས། །རྩི་སྨན་སྣ་ཚོགས་ཆར་དུ་འབེབས། །ཐུགས་


PS004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགྱེས་རྒུའི་མཆོད་ཚོགས་ཀྱིས། །ཇོ་བོ་སྔགས་བདག་ཀླུ་ཆེན་བརྒྱད། །རིགས་བཞི་ཀླུ་ཡི་འཁོར་ཚོགས་དང་། །དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ། །ཀླུ་ཡུམ་ན་ར་སྲིང་སྔོན་དང་། །ཀླུ་བཙན་མིང་སྲིང་བར་བློན་ཆེ། །ས་བདག་གནས་བདག་ཐུགས་དམ་བསྐང་། །སྣོད་བཅུད་དཔལ་འབྱོར་རྒྱས་པ་དང་། །ཅི་བཅོལ་ཕྲིན་ལས་བསྒྲུབ་པར་མཛོད། ཧྲཱིཿ ། དབྱིངས་ཕྱུག་ཨ་ཕྱི་ཆོས་ཀྱི་སྒྲོན། །མཆེད་ལྔ་འཁོར་བཅས་སྐོང་བའི་རྫས། །ཕྱི་མཆོད་ལྷ་མིའི་དཔལ་འབྱོར་དང་། །ནང་མཆོད་སྨན་རཀ་བ་ལིཾ་ཏ། །ཚོགས་གཏོར་ཤ་ལྔ་བདུད་རྩི་ལྔ། །རྟེན་གཏོར་མདའ་དར་རྒྱན་གྱིས་སྤྲས། །ཕུན་ཚོགས་ལོངས་


PS004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ནོར་གྱི་དབྱིབས། །ཟ་ལེ་ཤེལ་སྐྲང་ཅང་ཤེས་འབྲང་། ཁྲུང་ཁྲུང་རྒྱལ་མཚན་མཚན་ལྡན་སྣོད། །སྐུ་འབག་སྦ་ལྕག་རྡོ་རྗེའི་ཀླུ། །ཛཔྲ་དབྱངས་དངུལ་དཀར་མེ་ལོང་དང་། །སྨན་སྤོས་སྣ་ཚོགས་རོལ་མོའི་སྒྲ། །ཤེལ་སྣོད་གསེར་སྐྱེམས་ཕུད་ཀྱིས་གཏམས། །ཟག་མེད་བགྱེས་པ་སྐྱེད་རྣམས་ཀྱིས། །ཆོས་དང་ཡེ་ཤེས་དམ་ཚིག་ལྷ། །དབང་དང་ལས་ཀྱི་མཁའ་འགྲོ་ཆེ། །ཕྱག་བརྙན་ཤན་པ་ཤ་ཟ་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །ཞིང་སྔགས་ལྷན་ཅིག་སྐྱེས་རྣམས་ཀྱི། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །བཀའ་བརྒྱུད་བསྟན་པ་རྒྱས་པར་མཛོད།


PS004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ ། བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །མཆེད་ལྔ་འཁོར་བཅས་སྐོང་བའི་རྫས། །གངས་རིའི་གཟུགས་དང་དར་དཀར་མགུར། །མདའ་དར་རཏྣའི་ཟ་མ་ཏོག །དམ་རྫས་གཏོར་མ་འབྲང་རྒྱས་སྨན། །གསེར་སྐྱེམས་ཉེར་སྤྱོད་འདོད་ཡོན་ལྔ། །ལྷ་སྔགས་ཏིང་འཛིན་དགའ་བཞིའི་འགྲོས། །མཆོད་བསྟོད་ཛཔྲ་ཀྱི་འཁྲུལ་འཁོར་དང་། །ལས་ཆོས་དམ་ཚིག་ཕྱག་རྒྱ་རྣམས། །འོད་གསལ་ཕྱག་རྒྱ་ཆེར་སྦྱོར་སོགས། །བསྟེན་མཆོད་དམ་ཚིག་ཕྲིན་ལས་དང་། །མི་འབྲལ་འགྲོགས་པའི་རྫས་རྣམས་ནི། །ཐུགས་ལ་དགྱེས་རྒུར་འཆར་བ་ཡིས། །མཁའ་དབྱིངས་རྒྱས་པར་གང་བ་འདིས། །སངས་རྒྱས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་


PS004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་མཆོག་ལྔ། །ཡབ་ཡུམ་མིང་པོ་མཆེད་བདུན་དང་། །སྨན་མོ་འབུམ་སྡེ་ཡང་འཁོར་བཅས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྱོར། །ཕྱི་ནང་གསང་བའི་དངོས་གྲུབ་སྩོལ། ཧཱུྃ། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །འཁོར་བཅས་དགྱེས་པ་སྐོང་བའི་རྫས། །གཙང་མའི་ཁྲུས་ཆབ་མེ་ཏོག་ཕྲེང་། །སྤོས་དཀར་བསང་དུད་དཀར་མངར་རྫས། །སིལ་སྙན་གླིང་བུ་དུང་གི་སྒྲ། །རཏྣའི་སྐུ་འབག་རྒྱན་དང་ལྡན། །དམ་རྫས་གཏོར་མ་ཤེལ་མཁར་དབྱིབས། །མེན་ཤེལ་འོད་འཕྲོ་སྦ་ལྕག་དང་། །དར་དཀར་བ་དན་ཤེལ་དཀར་ཕྲེང་། །དུང་རྟ་ལྷ་གཡག་གཙང་ལུག་འབྲས། །དུང་ཁྲབ་གོ་མཚོན་


PS004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ལྔ། །སྲོག་སྔགས་སྨྱུག་རྒོད་དར་སྣས་བརྒྱན། །ཤེལ་ཕོར་ཛ་གད་སྦྱར་བ་སོགས། །དགྱེས་སྐྱེད་མ་ཚང་མེད་རྣམས་ཀྱིས། །ཐང་ལྷ་གཉན་པོ་ཡབ་ཡུམ་སྲས། །མཆེད་ཟླ་ལྕམ་དང་སྤྲུལ་པའི་ཚོགས། །རུ་འདྲེན་བཞི་དང་ཕྱི་ནང་བློན། །ཕྱག་བརྙན་སྒོ་སྲུང་འཁོར་དང་གཡོག །ཐུགས་དམ་གཉན་པོ་དགྱེས་བསྐངས་ཏེ། །རྒྱལ་འགོང་དམ་སྲིའི་འཚེ་བ་ཟློག །དགེ་ལེགས་བཀྲ་ཤིས་འཕེལ་བར་མཛོད། ཧཱུྃ། །གཉན་ཆེན་གཡུང་དྲུང་གཟི་འབར་རྩལ། །འཁོར་བཅས་དགྱེས་པ་སྐོང་བའི་རྫས། །གསེར་སྐྱེམས་གཡུ་སྔོན་གཙང་མའི་ཆབ། །བཟང་ཤིང་སྤྲོས་དཀར་དུད་སྤྲིན་འཁྲིགས། །


PS004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་བཟང་མེ་ཏོག་འབྲས་བུས་བརྒྱན། །རོ་ལྡན་བཟའ་བཏུང་བཅུད་ལྡན་འབྲུ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །སྨན་སྣ་རིན་ཆེན་དར་ཟབ་སོགས། །རིན་ཆེན་སྒྲོམ་བུ་དཀོར་ཆས་གཏམས། །དཔལ་བཤོས་ནམ་རྒྱང་སྐུ་རྟེན་བཅས། །སྦ་ལྕག་མདུང་དར་གཏེར་གྱི་བུམ། །གླིང་བུ་སྨྱུག་རྒོད་དར་སྣས་བརྒྱན། །མདའ་དར་མེ་ལོང་སྟག་གཟིགས་རས། །ལྷ་རྟ་འབྲི་གཡག་ལུག་དང་ར། །མཁའ་ལྡིང་གཅན་གཟན་རི་དྭགས་རིགས། །སྲོག་ཆགས་སྣ་ཚོགས་ཉམས་རྩལ་ལྡན། །སྲ་བརྟན་གོ་ཆ་རྣོ་གཅོད་མཚོན། །མཛེས་བྱེད་རྒྱན་གྱི་ཁྱད་པར་སོགས། །དགྱེས་རྒུ་སྤྲིན་ལྟར་གཏིབས་པ་འདིས། །རྨ་


PS004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྤོམ་ར་ཡབ་དང་ཡུམ། །རྩེ་བླ་བཅུ་གསུམ་ལྕལ་དྲལ་དགུ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །ལྕམ་སྲིང་བཞི་བཅུ་རྩ་ལྔ་སོགས། །རྨ་རིགས་སུམ་སྟོང་དྲུག་བརྒྱ་ཡི། །ལྷ་འཁོར་གཉན་པོའི་ཐུགས་དམ་བསྐང་། །རྒྱ་འདྲ་འབྱུང་པོའི་ལམ་འཕྲང་ཆོད། །རྨ་གཡང་དངོས་གྲུབ་ཆར་ལྟར་ཕོབ། ཧཱུྃ། །རྩ་གསུམ་དམ་ཅན་ཆོས་སྐྱོང་རྣམས། །ཐུགས་དམ་གཉན་པོ་བསྐངས་གྱུར་ཏེ། །ཇི་ལྟར་གསོལ་བའི་ཕྲིན་ལས་དང་། །དངོས་གྲུབ་ཐོགས་པ་མེད་པར་སྩོལ། །རྒྱལ་བསྟན་སྤྱི་དང་སྒྲུབ་བརྒྱུད་མཆོག །དར་རྒྱས་ཡུན་རིང་གནས་པར་མཛོད། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་


PS004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །བཞེད་དོན་ལྷུན་གྱིས་གྲུབ་པར་མཛོད། །དཀོན་མཆོག་དབུ་འཕང་དགུང་དུ་བསྟོད། །ཆོས་མིན་སྤྱོད་རྣམས་ཕམ་པར་མཛོད། །ནད་མཚོན་མུ་གེའི་བསྐལ་ངན་ཞི། །རྒྱལ་ཁམས་བདེ་ཞིང་ཆོས་འཕེལ་མཛོད། །བསྟན་ལ་གནོད་པའི་དགྲ་དང་བགེགས། །མིང་ཙམ་མེད་པར་ཚར་བཅད་མཛོད། །མཐའ་དམག་དམ་སྲི་རྒྱབ་བརྟེན་བཅས། །དྲག་པོའི་སྟོབས་ཀྱིས་གཞོམ་པར་མཛོད། །བདག་དང་རྒྱུ་སྦྱོར་སྦྱིན་བདག་གི །མི་ནོར་རྟ་ཕྱུགས་བྲན་འཁོར་བཅས། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང་། །འཇིགས་བརྒྱད་ཉེར་འཚེ་མི་མཐུན་ཕྱོགས། །ལོ་ཟླ་ཞག་ཀག་བྱད་ཕུར་སོགས། །ཆགས་ཆེ་ཉམས་ང་


PS004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་མཛོད། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས། །འདོད་རྒུ་དབང་དུ་འདུ་བར་མཛོད། །ཆོས་འཁོར་དབེན་གནས་རྟག་ཏུ་སྐྱོངས། །བཤད་སྒྲུབ་དབྱར་མཚོ་ལྟར་རྒྱས་མཛོད། ཁྱད་པར་སྒྲུབ་པའི་བར་ཆད་ཞི། །མཐུན་རྐྱེན་འབད་མེད་ཚོགས་པར་མཛོད། །ཐུགས་དམ་གཉན་པོ་མ་གཡེལ་བར། །དད་ཅིང་ལྷག་པའི་བསམ་པ་ཡིས། །ཇི་ལྟར་གསོལ་བའི་ཕྲིན་ལས་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་བཤགས་པ་བྱ་བར་སྤྲོ་ན། ཧོཿ ཐུགས་རྗེ་ཚད་མེད་དཀོན་མཆོག་རྩ་བ་གསུམ། །བསྟན་སྲུང་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །བདག་ཅག་ཐོག་མེད་དུས་ནས་ད་


PS004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་བར། །མ་རིག་སྒྲིབ་པས་མི་ཤེས་མ་གུས་དང་། །ཉོན་མོངས་བག་མེད་དབང་གྱུར་སྒོ་གསུམ་གྱིས། །མི་དགེའི་ལས་ལམ་བཅུ་དང་མཚམས་མེད་ལྔ། །ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད། །སོ་སོ་ཐར་པ་རིས་བརྒྱད་སྡོམ་པ་དང་། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་པ་དང་། །གསང་སྔགས་དམ་ཚིག་རྩ་བ་ཡན་ལག་ལ། །ཉམས་ཆགས་ཉེས་ལྟུང་འགལ་འཁྲུལ་གྱུར་པ་སོགས། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ལས། །བགྱིས་དང་བགྱིད་སྩལ་རྗེས་སུ་ཡི་རང་བ། །ཚོར་དང་མ་ཚོར་ཐར་པའི་བགེགས་གྱུར་རྣམས། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །བླ་མ་མ་བརྙེས་


PS004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཆེད་དང་འགལ། །ངེས་འབྱུང་མ་སྐྱེས་བྱང་སེམས་རྒྱུད་མ་བསྟེན། །བསྟན་དང་འགྲོ་དོན་མ་བསམ་རང་དོན་བསྒྲུབས། །ཕྱི་རུ་ཉན་ཐོས་སྤྱོད་པ་མ་བསྐྱངས་ཤིང་། །ནང་དུ་རྡོ་རྗེ་ཐེག་ལ་ཡི་དམ་དད། །འོག་མར་ཡིད་བརྟོན་གོང་མར་ཐེ་ཚོམ་ཟོས། །གོང་མར་ཞུགས་ནས་འོག་མ་ཁྱད་དུ་བསད། །ལྟ་བའི་གདིང་མེད་སྤྱོད་པ་འཆོལ་བར་སྤྱད། །སྒོམ་པའི་དྲོད་མེད་གསང་སྔགས་ཁྲོམ་དུ་བསྒྲགས། །བསྙེན་སྒྲུབ་ཚད་དུ་མ་འཁྱོལ་ལས་ལ་སྦྱར། །མཚན་ཉིད་མི་ལྡན་སློབ་དཔོན་གོ་ས་བཟུང་། །སྣོད་མེད་རྣམས་ལ་ནོར་ཕྱིར་དམ་ཆོས་བཙོང་། །སེམས་རྒྱུད་ཆོས་དང་མ་འདྲེས་ཆོས་


PS004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བསྒྲུབས། །དཀོན་མཆོག་དཀོར་དང་ལོག་འཚོས་རང་རྒྱུད་བསྲེགས། །ལས་ངན་སྨིན་ཚེ་ལྷ་ལ་ཡི་ཆད་བསྒོམས། །རྐྱེན་ངན་བྱུང་ཚེ་མགོན་སྐྱབས་འདྲེ་ལ་བཅོལ། །ལྟས་རྒྱུད་དཀྲུགས་བསྟན་པ་རིས་སུ་བཅད། །སངས་རྒྱས་མི་བརྙེས་རྒྱལ་བའི་དགོངས་པ་དང་། །འགལ་བ་གང་བགྱིས་སྙིང་ནས་འགྱོད་པས་བཤགས། ཁྱད་པར་དམ་ཅན་ལྕམ་དྲལ་འཁོར་བཅས་དང་། །དམ་ཚིག་བསྲེས་ནས་བརྟེན་པར་ཁས་བླངས་ཀྱང་། །ཕྱི་ནང་གསང་རྟེན་གཞུང་བཞིན་མ་ཚོགས་ཤིང་། །སྒྲུབ་པའི་དམ་ཚིག་བསྙེན་སྒྲུབ་མཐར་མ་ཕྱིན། །བསྲུང་བའི་དམ་ཉམས་སྤྱད་པའི་དམ་ཚིག་འབྲལ། །མཆོད་རྫས་


PS004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས། །འབྱོར་བརྩོན་དམན་པས་ཐུགས་དམ་གནས་མ་བསྐོངས། །དམ་རྫས་མ་སྦས་རྟགས་མཚན་གཞན་ལ་བསྒྲགས། །དམ་ཉམས་ཟས་ནོར་བླངས་ཤིང་སྔགས་བཟློག་བྱས། །ལོ་ཟླ་དུས་ཀྱི་བསྙེན་སྒྲུབ་མཆོད་པ་ཆག །ཕྱག་རྒྱ་མ་གསལ་བཟླས་བརྗོད་ལྷག་ཆད་འཁྲུལ། །ཏིང་འཛིན་མ་བསྒོམ་རང་འདོད་ཕྲིན་ལས་བཅོལ། །བརྟེན་རྒྱུན་དུས་གཏོར་ཚུལ་བཞིན་མ་བཤམས་ཤིང་། །སེམས་བསྐྱེད་མི་ལྡན་མངོན་སྤྱོད་དྲག་ལས་བརྩམས། །ཕྲིན་ལས་གྲུབ་ཀྱང་གཏད་རག་མ་བགྱིས་སོགས། །མདོར་ན་ཡེ་ཤེས་ལས་དང་འཇིག་རྟེན་པའི། །དམ་ཅན་སྲུང་མའི་


PS004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་འགལ་བའི་ལས། །གང་བྱས་གནོང་ཞིང་འགྱོད་པས་མཐོལ་བཤགས་ཤིང་། །ཕྱིན་ཆད་མི་བགྱིད་བསྡམ་པར་འཚལ་ལགས་ན། །འདི་ཕྱི་ཀུན་ཏུ་སྒྲིབ་པར་མི་འགྱུར་བར། །དམ་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཅེས་དང་ཡི་གེ་བརྒྱ་པ་མང་དུ་བརྗོད་པར་བྱའོ། །མཆོད་ཕྲེང་མཎྜལ་སྐོང་བ་རྣམས། །དོན་གཅིག་ཕན་ཡོན་ཁྱད་མེད་ཅེས། །གྲུབ་ཆེན་ཆོས་ཀྱི་བླ་མས་གསུངས། ཁྱད་པར་ཆོས་སྐྱོང་མཉེས་པའི་ཐབས། །སྐོང་བ་ཟབ་པར་ལུང་གིས་བསྔགས། །མོས་དང་ཏིང་འཛིན་སྟོབས་མཆིས་ན། །རྡོ་རྗེའི་ཚིག་ཕྲེང་མ་ཡིན་ཀྱང་། །གང་འདོད་འགྲུབ་ཕྱིར་མོས་པའི་བློ། །སྙིང་པོར་བཟུང་སྟེ་སྦྱར་བ་འདིས། །དུས་ཞབས་གསང་བ་སྤྱོད་རྣམས་ཀྱིས། །དམ་བསྐངས་དངོས་གྲུབ་མཆོག་ཐོབ་ཅིང་། །སྙིང་པོའི་བསྟན་པ་རྒྱས་བྱེད་ཤོག །ཅེས་པ་འདིའང་སྒྲུབ་


PS004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་བླ་མ་ཀརྨ་རབ་འཕེལ་གྱིས་རིང་མོ་ནས་བསྐུལ་བ་དང་། རྡོར་སློབ་ཀརྨ་ཤེས་རབ་ནས་གསལ་འདེབས་བྱུང་བར་རྟེན། བླ་མ་ཡེ་ཤེས་ཀྱི་མགོན་པོ་པདྨ་དབང་ཆེན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཚོགས་མཆོད།


PS004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་སོང་ནས། བགེགས་གཏོར་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི་ལན་གསུམ་བྱིན་རླབས། ཨོཾ་སརྦ་བིགྷྣཱན་ཨ་ཀར་ཥ་ཡ་ཛ། མགྲོན་བཀུག །ཨོཾ་སརྦ་བིགྷྣན་ན་མཿ སརྦ་སོགས་ཀྱིས་བསྔོ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་ཞིག །གཏོར་མ་རྒྱ་ཆེན་འདི་ལོང་ལ། །མ་འཚེ་བ་ནི་གཞན་དུ་དེངས། །ཨོཾ་སརྦ་བིགྷྣཱན་གཙྪ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། མཆོད་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་ཚུད་པའི་བྷྲཱུྃ་ལས་གནས་ཁང་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨོཾ་ཨཱཿཧཱུྃ་རྣམས་ལས་བྱུང་ཞིང་ལྷ་


PS004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བཟང་ཞིང་གྱ་ནོམ་པ། ཡུལ་དུས་ཆད་པ་མེད་པར་ཡོངས་སུ་ཁྱབ་ཅིང་། རྣམ་འཁྲུལ་བསམ་གྱིས་མི་ཁྱབ་པ་རང་བཞིན་བདེ་སྟོང་གི་ཡེ་ཤེས་རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང་བྱེད་ལས་རང་གཞན་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པས་མཁའ་དབྱིངས་ཐམས་ཅད་དུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ནས་ཤབྡ་སྭཱ་ཧཱ་བར་མཆོད།། །།

དགའ་སྟོན་ཚོགས་ཀྱི་མཆོད་པ་དངོས་གྲུབ་ཀུན་འབྱུང་། ཀརྨ་སྒྲུབ་བརྒྱུད་བསྟན་འཛིན།


PS004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་ཚོགས་ཀྱི་མཆོད་པ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །


PS004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རིམ་གཉིས་གདེང་ལྡན་རྣལ་འབྱོར་པས། །བླ་མ་རྩ་གསུམ་རྒྱ་མཚོ་ལ། །རྟེན་ནས་ཚོགས་ཀྱི་མཆོད་པ་ཡི། །ཐུགས་དམ་སྐང་བའི་རིམ་པ་སྤེལ། །དེ་ཡང་། བླ་མ་དམ་པའི་བྱིན་གྱིས་བརླབ་པའི་གནས། གང་རུང་ཡིད་སྣང་སྤྲོ་བའི་གནས་སུ། ཚོགས་ཀྱི་འཁོར་ལོ་ཐབས་ཤེས་ཀྱི་རྫས་ཅི་འབྱོར་བཤམས་ཤིང་བདེ་བའི་བསྟན་ལ་བསྐྱེད་རྫོགས་ཀྱི་གདེང་དང་མ་བྲལ་བར། ཨོཾ་བཛྲ་ཨ་མྲྀ་ཏས་སང་། སྭ་བྷཱ་ཝས་སྦྱང་།


PS004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ། ཨ་ལས་ཀ་པཱ་ལ་དུམ་བུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། དབུས་སུ་ན་ལས་མིའི་ཤ ། ཤར་དུ་གོ་ལས་བ་ལང་གི་ཤ ། ལྷོར་ཀུ་ལས་ཁྱི་ཡི་ཤ ། ནུབ་ཏུ་ད་ལས་རྟ་ཡི་ཤ ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་རྣམས་ཧཱུྃ་བྷྲཱུྃ་ཨཾ་ཛིཾ་ཁཾ་རྣམས་ཀྱི་


PS004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ་རྣམས། བྃ་མྃ་ལྃ་པྃ་ཏྃ་གྱིས་མཚན་པ། དེ་རྣམས་ཀྱི་སྟེང་དུ་ཨོཾ་དཀར་པོ་མགོ་བོ་མཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་རླང་པ་གྱེན་ལ་སོང་བས་ཨོཾ་དང་ཧཱུྃ་ལ་ཕོག་པའི་བདུད་རྩིའི་རྒྱུན་འཛག །ཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས། ཨོཾ་ཡིག་ཟླ་བ་རྡོ་རྗེ་གྲི་གུག་དང་བཅས་པ་ལྷུང་


PS004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྡོ་རྗེ་གྲི་གུག་གིས་ལན་གསུམ་དུ་དཀྲུགས་པས་ཐམས་ཅད་ཞུ་བ་ཚོགས་ཀྱི་འཁོར་ལོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ་དང་། ཟེག་མ་ལས་འདོད་རྒུར་བསྒྱུར་བའི་ལྷ་དང་ལྷ་མོ་དཔག་ཏུ་མེད་པ། རླངས་པ་ལས་གཞལ་ཡས་ཁང་རྒྱན་དང་བཅས་པ། འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་ཚོགས་ཀྱི་འཁོར་ལོ་སོགས་སྲིད་གཞིའི་མཆོད་རྫས་བཟང་དགུ་ཆོས་དབྱིངས་རྒྱས་པར་གང་ཞིང་ཟད་མི་ཤེས་པའི་མཆོད་སྤྲིན་སྣང་སྟོང་རབ་འབྱམས་སུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཟག་མེད་ཚོགས་ཀྱི་འཁོར་ལོ་མཁའ་དབྱིངས་ཁྱབ་པར་གསལ་བར་བཏབ་ལ་དབྱངས་དང་བཅས་པས། རང་ཡི་དམ་ལྷ་ཡི་ཐུགས་ཀ་ནས།


PS004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

། འོད་དཀར་དམར་མཐིང་སེར་ཕྱོགས་བཅུར་འཕྲོས། །རྗེ་རྩ་བརྒྱུད་བླ་མ་གྲུབ་ཐོབ་དང་། །ལྷ་ཡི་དམ་ཞི་ཁྲོ་རྒྱལ་བ་རྣམས། །སྲས་སངས་རྒྱས་བྱང་སེམས་ཉན་རང་ཚོགས། །གྲོགས་དཔའ་བོ་དཔའ་མོ་དམ་ཅན་ཚོགས། །མཁའ་འཇའ་འོད་འཁྲིགས་པའི་ཀློང་དཀྱིལ་ན། །དུས་སྐད་ཅིག་བཛྲ་ས་མ་ཛཿ གནས་རང་སྣང་རྣམ་དག་གཞལ་ཡས་ནས། །དྲིན་འཁོར་མེད་རྩ་བརྒྱུད་བླ་མ་དང་། །རྗེ་འཕགས་བོད་རིག་འཛིན་གྲུབ་ཐོབ་ཚོགས། །སྐུ་མི་ཤིག་ལྟང་སྟབས་ལམས་སེ་ལམ། །གསུང་གྲགས་སྟོང་མགུར་མ་འུ་རུ་རུ། །ཐུགས་བདེ་ཆེན་ཏིང་འཛིན་ཡ་ལ་ལ། །ཡུལ་སྣང་སྟོང་གཞལ་ཡས་འབར་བ་འདིར། །དེང་ཚོགས་ཀྱི་འདུ་བར་


PS004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །གནས་མཁའ་སྤྱོད་དག་པའི་གྲོང་ཁྱེར་ན། །དཔལ་ཧེ་རུ་ཀ་དཔལ་སྡེ་ལྔ་སོགས། །ཞི་ཁྲོ་བོའི་ལྷ་ཚོགས་དཔག་མེད་རྣམས། །སྐུ་སྒྱུ་འཕྲུལ་རོལ་གར་ཤིགས་སེ་ཤིག །གསུང་གཞད་པའི་ང་རོ་ལྷངས་སེ་ལྷང་། །ཐུགས་མཉམ་ཉིད་རིག་མདངས་ཡ་ལ་ལ། །ཡུལ་དག་པ་མཁའ་སྤྱོད་གྲོང་ཁྱེར་འདིར། །དེང་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ། །གནས་གར་བཞུགས་དག་པའི་ཞིང་ཁམས་ན། །རྗེ་ཕྱོགས་བཅུའི་སངས་རྒྱས་མ་ལུས་རྣམས། །སྲས་བྱང་སེམས་ཉན་རང་དགྲ་བཅོམ་ཚོགས། །སྐུ་མཚན་པའི་གཟི་བརྗིད་ལམས་སེ་ལམ། །གསུང་གྲགས་སྟོང་ཚངས་དབྱངས་ཀྱུ་རུ་རུ། །ཐུགས་སྤྲོས་


PS004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསལ་སྟོང་ཡ་ལ་ལ། །ཡུལ་རྣམ་དག་འོག་མིན་གཞལ་ལས་འདིར། །དེང་ཚོགས་ཀྱི༴ །གནས་ཁྲག་འཐུང་རོལ་པའི་དུར་ཁྲོད་ནས། །དཔལ་བྱིན་རླབས་མྱུར་མཛད་མགོན་པོ་དང་། །བསྟན་སྐྱོངས་མཛད་དམ་ཅན་རྒྱ་མཚོའི་ཚོགས། །སྐུ་ཁྲོ་གཏུམ་འབར་བ་ལམས་སེ་ལམ། །གསུང་ཧཱུྃ་ཕཊ་འབྲུག་སྒྲ་དི་རི་རི། །ཐུགས་རིག་རྩལ་ཐོག་མེད་ཡ་ལ་ཡ། །ཡུལ་འཇིགས་རུང་དུར་ཁྲོད་འབར་བ་འདིར། །དེང་ཚོགས་ཀྱི༴ །ཞིང་གནས་ཡུལ་དུར་ཁྲོད་དཔག་ཡས་ནས། །ལྷ་དཔའ་བོ་ཌཱ་ཀི་ཞིང་སྐྱོང་ཚོགས། །འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །སྐུ་སྒེགས་པའི་གར་སྟབས་ཤིགས་སེ་ཤིག །གསུང་སྙན་བརྗིད་གླུ་དབྱངས་ཀྱུ་


PS004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རུ། །ཐུགས་བཟོད་མེད་བདེ་ཆེན་ཡ་ལ་ལ། །ཡུལ་ཨུ་རྒྱན་མཁའ་འགྲི་གྲོང་ཁྱེར་འདིར། །དེང་ཚོགས་ཀྱི༴ །ཕ་བླ་མ་རྩ་གསུམ་རྒྱ་མཚོའི་ཚོགས། །དབུ་རལ་པའི་ཐོར་ཚུགས་ཤིགས་སེ་ཤིག །སྐུ་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རྒྱན་དར་འཕྱང་ཅོད་པན་པུ་རུ་རུ། །ཕྱག་ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ། །རྫས་རྔ་སྒྲ་དུང་སྒྲ་འུ་རུ་རུ། །མཁའ་འཇའ་འོད་སྤྲིན་ཕུང་ལམས་སེ་ལམ། །བྱིན་རླབས་ཀྱི་ན་བུན་ཐི་ལི་ལི། །དངོས་གྲུབ་ཀྱི་ཆར་རྒྱུན་སི་ལི་ལི། །བུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཡུལ་ཀུན་འབྱུང་འདོད་དགུའི་གཞལ་ཡས་འདིར། །དེང་ཚོགས་ཀྱི༴ །གནས་ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྣོད་


PS004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བྷཉྫ་ཡངས་པའི་ནང་། །ཚོགས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །གྲོག་དཔའ་བོ་དཔའ་མོ་ཌཱ་ཀའི་ཚོགས། །དབྱིངས་ནམ་མཁའ་གང་བའི་མཆོད་རྫས་སུ། །ལྷ་རྩ་གསུམ་དགྱེས་པའི་བྱིན་ཕོབ་ཅིག །ལུས་སྣང་སྟོང་ལྷ་སྐུར་ལམས་སེ་ལམ། །ངག་གྲགས་སྟོང་བརྗོད་མེད་ཤ་ར་ར། །ཡིད་རྟོགས་ཚོགས་རང་གྲོལ་ཡ་ལ་ལ། །ཟག་མེད་ཀྱི་བདེ་སྟོང་བརྗོད་བྲལ་ངང་། །བློ་འདས་ཀྱི་རིག་པའི་རང་རྩལ་དུ། །འཁོར་འདས་ཀུན་མཉམ་ཉིད་བྱིན་ཕོབ་ཅིག །འདིར་ཚོགས་ཀྱི་མཆེད་ལྕམ་ཕོ་མོ་ལ། །མཆོག་ཐུན་མོངས་དངོས་གྲུབ་དེངས་འདིར་སྩོལ། །སྟེང་ལྷ་ཚོགས་སྐུ་ལས་འོད་ཟེར་འཕྲོས། །ཡིད་དངོས་འཛིན་


PS004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་གནས་ཀུན་སྦྱངས། །ཕྱི་ཡུལ་འདི་ཨོ་རྒྱན་མཁའ་སྤྱོད་ཞིང་། །གནས་ཚོགས་ཁང་གཞལ་ཡས་འབར་བར་གྱུར། །ནང་འགྲོ་ཀུན་དཔའ་བོ་དཔའ་མོ་དང་། །ཚོགས་དམ་རྫས་ཟག་མེད་བདུད་རྩིར་གྱུར། །དབྱིངས་ནམ་མཁའ་གང་བའི་མཆོད་རྫས་ཀུན། །ལྷ་རྩ་གསུམ་དགྱེས་པའི་རྒྱན་དུ་རོལ། །ཡིད་རིག་སྟོང་སྒྱུ་འཕྲུལ་རོལ་གར་ལས། །རྩལ་མ་འགགས་དངོས་སྣང་ཅི་ཤར་ཀུན། །དབྱིངས་སྣང་སྟོང་ངང་དུ་རོ་གཅིག་སྟེ། །དོན་བཟོད་མེད་བདེ་ཆེན་འབར་བར་གྱུར། །གུ་རུ་དཱེ་ཝ་ཌཱ་ཀི་ནི་ཛྙཱན་ཨ་བེ་ཤ་ཡ་ཨ་ཨཱ༔ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་


PS004_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ༴ །ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོངས་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི༴ །དམ་ཚིག་གི་རྩ་བ་མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་རྣམས༴ །ཅེས་ཚོགས་ཕུད་འབུལ། བར་པ་བསྐང་རྫས་ཀུན་ཏུ་བཟང་པོའི་མཆོད་རྫས་སུ་དམིགས་ཏེ། ན་མ་སརྦ་ཏ་ཐཱ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱ། ཚོགས་མཚོད་དག་པ་བདུད་རྩིའི་རྒྱ་


PS004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི། །ཕྱི་ནང་གསང་བ་ཡང་གསང་མཆོད་པའི་སྤྲིན་རབས་འབྱམས་མཁའ་དབྱིངས་ཁྱབ་པ་རྣམ་སྤྲུལ་ཏེ། །བླ་མ་རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ། །རྟག་ཁྱབ་ལྷུན་གྲུབ་ཆེན་པོ་བཞེས་ནས་ཀྱང་། །བདེ་ཆེན་མཉམ་ཉིད་ངང་དུ་ཐུགས་དམ་བསྐང་། །མཆོག་དང་ཐུན་མོངས་དངོས་གྲུབ་དུས་འདིར་སྩོལ། ཧོ། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་དང་། ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས། །འགལ་ཞིང་ཉམས་པ་གྱུར་པ་ཐམས་ཅད་ཀུན། །འདོད་ཡོན་ཚོགས་ཀྱི་མཆོད་པ་བསྐང་ཞིང་བཤགས། །ཡི་བརྒྱ་བརྗོད། ཚོགས་ཐ་མ་དགྲ་བགེགས་མངོན་གསུམ་གསལ་


PS004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཧཱུྃ། །དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་བདེན་པས་མཐུས། །བཟུང་འཛིན་འཁྲུལ་རྟོགས་དགྲ་བགེགས་བདུད། །དམིགས་པའི་རྟེན་ལ་མྱུར་དུ་ཁུག །སརྦ་ཤ་ཏྲུན་བིགྷྣཱན་ཛཿཧཱུྃ་བྃ་ཧོ། མཱ་ར་ཡ་ཕཊ། རིག་པ་ཡེ་ཤེས་ཕུར་པ་ཡིས། །མ་རིག་འཁྲུལ་རྟོགས་དབྱིངས་སུ་བསྒྲལ། །ཤ་ཁྲག་བདུད་རྩི་རྒྱ་མཚོ་འདི། །ལྷ་ཚོགས་དགྱེས་པའི་ཞལ་དུ་བཏབ། །རོལ་ཅིག་བཞེས་ཤིག་ཁ་རྃ་ཁཱ་ཧི། །ཕྱི་ནང་གསང་བའི་འདོད་ཡོན་གྱི་སྣང་བ་སྒྱུ་མ་ལྟ་བུ་མཐའ་དག་བདེ་བ་ཆེན་པོ་རོ་གཅིག་ཏུ་ཚིམ་པར་ལྟའོ། །དེ་ནས་བརྡ་དང་བརྡའི་འབུལ་ལེན་གྱི་ཞེན་པ་མེད་པར་ཚོགས་པ་རོལ། མཐར། ལྟེ་བར་གཏུམ་


PS004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འབར་བ་ཡི། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེག་པས་རི་བོང་ཅན་ཧཾ་འཛག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ལྷག་མ་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། ལྷག་གཏོར་བདུད་རྩིའི་རྒྱ་མཚོ་གྱུར་པ་འདི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པའི། །ཌཱ་ཀིའི་བདེ་ཆེན་སྲུང་མའི་ཚོགས་ལ་འབུལ། །བར་ཆད་ཀུན་གསོལ་མཐུན་རྐྱེན་ཡིད་བཞིན་སྒྲུབ། །ཨུཙྪིཥྚ་བ་ལིཾ་


PS004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཁཱ་ཧི། སྲུང་མའི་གཏོར་མ་འབྲུ་གསུམ་གྱིས་བྱིན་རླབས། ཧཱུྃ། །སྔོན་ཚེ་དམ་པའི་སྤྱན་སྔར་ཞལ་བཞེས་པའི། །བསྟན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱིས། །གཏོར་མ་འདི་བཞེས་ཞི་རྒྱས་དབང་དྲག་སོགས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟན་མའི་གཏོར་མ་བཤལ་ཆུ་དང་སྨན་ཕུད་ཀྱི་བྲན་ལ་འབྲུ་གསུམ་གྱི་བྱིན་རླབས། བྷྱོ། བོད་ཁམས་འཇིག་རྟེན་སྐྱོང་བའི་གཡར་དམ་ཅན། །བདུད་དང་གནོད་སྦྱིན་སྨན་མོའི་ཚོགས་བཅས་ཀྱིས། །དམ་རྫས་གཏོར་མའི་གཤལ་ཆུ་འདི་བཞེས་ལ། །གངས་ཅན་མཐའ་དབུས་བདེ་བའི་ཕྲིན་ལས་མཛོད། །གཏོར་གཞོང་ཁ་སྦུབས་ལ། ཧཱུྃ་ཧྲཱི༔ རྩ་གསུམ་དབང་དྲག་རོལ་པའི་དཀྱིལ་


PS004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ། །བར་ཆད་དམ་སྲིའི་དཔུང་ཚོགས་སྡེ་དང་བཅས། །རྡོ་རྗེ་ལྷུན་པོ་འབར་བའི་འོག་ཏུ་གནན། །ཡེ་ཤེས་རོལ་པའི་བྲོ་ཡིས་རྒྱས་གདབ་བོ། །སརྦ་ཤ་ཏྲུན་བིགྷྣཱན་སྟྭཾ་བྷཱ་ཡ་ཧཱུྃ་ཧཱུྃ། མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་སྤྱི་མཐུན་བྱ། བཀྲ་ཤིས་བསྔོ་སྨོན་ཟབ་མོས་རྒྱས་བཏབ་སྟེ། བླ་མ་རྩ་གསུམ་དཀྱིལ་འཁོར་དུ། །ཚོགས་ཀྱི་སོགས། འགྲུབ་པར་ཤོག །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་སྙིང་ལ་ཤར། །ཐ་མལ་སྣང་ཞེན་ལྷ་ཡི་འཁོར་ལོ་རྫོགས། །རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་ཐིམ། །སྤྱོད་དང་ཉེ་རྒྱུའི་བརྟུལ་ཞུགས་མཐར་ཕྱིན་ཤོག །གཞན་ཡང་འཇིག་པ་བརྒྱད་དང་བཅུ་དྲུག་སོགས། །


PS004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་ཕྱོགས་ཀུན་ཉེ་བར་ཞི་བ་དང་། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་དཔལ། །ཆོས་མཐུན་བསམ་དོན་འབད་མེད་འགྲུབ་གྱུར་ཅིག །ཅེས་པའང་གསར་རྙིང་རྩ་བ་གསུམ་གྱི་ལྷ་ཚོགས་གང་ལའང་སྦྱར་དུ་རུང་བ་བསམ་ཤིང་། ལྷག་པར་རང་ཉིད་ཕྱོགས་མེད་ཀྱི་རི་སུལ་འགྲིམ་པའི་ཚེ། ཐབས་ཤེས་མཆོད་པའི་ཆ་རྐྱེན་བློ་བུར་དུ་འཛོམས་པའི་དུས། ལྷ་ཡི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས། དཀར་བགེགས་གང་རུང་སྲུང་འཁོར་ཙམ་སྔོན་དུ་གཏོང་ནས་ཕྲལ་དུ་ཚོགས་ཀྱི་མཆོད་པ་རེ་བྱ་བའི་མདུན་པས་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་པས་བྲིས་པ་འདིས་ཀྱང་རྡོ་རྗེ་འཛིན་པ་རྣམས་ཀྱི་ལྟ་སྒོམ་སྤྱོད་པའི་བོགས་འདོན་དུ་འགྱུར་བར་ཤོག་ཅིག། །།

བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས། བླ་མ་ཀ་ལུས།


PS004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །ན་མོ་གུ་རུ་བྷྱ། རྟེན་འབྲེལ་མ་འགག་གཟུགས་སྣང་སྣ་ཚོགས་ཀྱི། །སྣང་བ་བརྡ་ཡི་བླ་མ་ཕྱི་ནང་ཤར། །སྒྱུ་འཕྲུལ་བཀོད་པའི་རོལ་པ་བརྗོད་ལས་འདས། །སྣང་སྟོང་རང་གྲོལ་ངང་ནས་གསོལ་བ་འདེབས། །རྩལ་སྣང་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །རྒྱུ་རྐྱེན་མ་འགག་སྒྲ་སྐད་སྣ་ཚོགས་ཀྱི། །གྲགས་པ་སྔགས་ཀྱི་བླ་མ་བར་ནས་ཤར། །སྙན་འཇེབས་གླུ་ཡི་ཟློས་གར་བསམ་མི་ཁྱབ། །


PS004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྟོང་རང་གྲོལ་ངང་ནས༴ །མ་འགགས་ལོངས་སྐུར་རྟོགས་པར་བྱིན༴ །རིག་སྟོང་བརྗོད་བྲལ་དྲན་རྟོག་སྣ་ཚོགས་ཀྱི། །རང་རིག་དོན་གྱི་བླ་མ་ནང་ནས་འཆར། །དྲན་རྟོག་ཡིད་ཀྱི་བཀོད་པ་འབྱམས་སུ་ཀླས། །གསལ་སྟོང་བདེ་ཆེན་ངང་ནས་གསོལ་བ༴ །སྐྱེ་མེད་ཆོས་སྐུར་རྟོགས་པར་བྱིན༴ །འདི་ལྟར་སྣང་གྲགས་རྟོག་ཚོགས་ཆོས་རྣམས་ཀུན། །བདག་སོགས་གནས་ལུགས་རྟོགས་པའི་བརྡ་ཐབས་སུ། །དཔལ་ལྡན་བླ་མའི་རོལ་པ་གཅིག་པུ་ཉིད། །བཀའ་དྲིན་རྗེས་དྲན་ངང་ནས་གསོལ་བ་འདེབས། །ཆོས་ཀུན་གནས་ལུགས་རྟོགས་པར་བྱིན་གྱིས༴ །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀུན། །གང་འདུལ་མོས་ངོར་ཆུ་ཟླའི་


PS004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གར་སུ། །རྗེ་བཙུན་བླ་མ་ཉིད་ལས་མ་འདས་པས། །ཡོན་ཏན་ཀུན་རྫོགས་ངང་ནས་གསོལ་བ༴ །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས༴ །བདག་འཛིན་བློ་ཡིས་ཐོང་བར༴ །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས༴ །བྱམས་དང་སྙིང་རྗེ་འབྱོངས་པར༴ །བཅོས་མིན་མོས་གུས་སྐྱེ་བར༴ །ཆོས་མིན་རྣམ་རྟོག་འགག་པར༴ །འཁྲུལ་པ་རང་སར་ཞི་བར༴ །ཕྱག་ཆེན་གནས་ལུགས་རྟོགས་པར༴ །ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཚུལ་ཁྲིམས་རྣམ་པར་དག་པའི་རྒྱན་སྤྲས་ཤིང་། །མཉམ་ཉིད་བྱང་ཆུབ་སེམས་ལ་དབང་འབྱོར་ནས། །བསྐྱེད་


PS004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྫོགས་པའི་རིམ་པ་མཐར་ཕྱིན་ཏེ། །སྟོན་འཁོར་དགོངས་པ་དབྱེར་མེད་འཚང་རྒྱ་ཤོག །ཅེས་པའང་སྒྲུབ་བརྩོན་བླ་མ་ཀརྨ་ཤེས་རབ་ནས་བསྐུལ་བའི་ངོར། སྣང་སྲིད་བླ་མར་འཆར་བའི་གདུང་དབྱངས་ཐལ་བྱུང་དུ་ཀརྨ་རང་བྱུང་ཀུན་ཁྱབ་ནས་སྨྲས་པ་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག། ༈ །།དུས་གསུམ་རྒྱལ་བ་སྲས་བཅས་འདུས་པའི་སྐུ། །བདག་སོགས་འགྲོ་བ་མ་ལུས་འདྲེན་པའི་དཔལ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །སྙིང་ཁོང་རུས་པའི་སྟེང་ནས་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །གནས་ལུགས་རང་ཞལ་མཐོང་བར་བྱིན་གྱིས་རློབས། །ཅེས་སློབ་བུ་བརྩོན་འགྲུས་ངོར། བླ་མ་ཀ་ལུས་སྨྲས་སོ།། །།

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ། རཱ་ག་ཨ་སྱ།


PS004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྨོང་པ་མུན་སེལ་བླ་མ་པདྨ་ཕྲིན་ལས་ལས་ལ་སྩལ་བ་བཞུགས་སོ།། །།


PS004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་འདུས་བླ་མ་འཇམ་དབྱངས་ལ། །དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆིའོ། །འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །སྟོང་པའི་ངང་ལས་པདྨ་ཟླ་བ་དང་། །སེང་གེ་སྔོན་པའི་སྟེང་དུ་དྷཱིཿཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ། །


PS004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་འཇམ་དཔལ་དམར་པོ་ཞལ་གཅིག་པ། །རལ་གྲི་པུ་སྟི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར། །དེ་སྟེང་རལ་གྲི་སོར་བཞི་སྔགས་ཀྱིས་བསྐོར། །མདུན་དུ་ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོ། །བཞེངས་སྟབས་རལ་གྲི་པུ་སྟི་ཕྱག་ན་འཛིན། །གཉིས་ཀ་དར་དང་


PS004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དུ་མས་བརྒྱན། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །རལ་གྲི་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར་བའོ། །རང་འདྲའི་ཡེ་ཤེས་སྤྱན་དྲངས་རང་ལ་ཐིམ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང་། །ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་ནི། །འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་རྣམས་བསྡུས་ནས་རང་གི་མགྲིན་པར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །བསྡུས་ནས་རང་གི་སྙིང་གར་ཐིམ་པར་གྱུར། །ཨོཾ་ཧྲཱིཿདྷཱིཿམ་མེ་དི་པཾ་སྭ་ར་སྭ་ཏི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནི།


PS004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡི་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །སེང་གེ་པདྨའི་གདན་སྟེང་དུ། །རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །མདོག་དམར་རལ་གྲི་པུ་སྟི་འཛིན། །སྨྲ་བའི་སེང་གེ་ལ་ཕྱག་འཚལ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེས་པའི་ཡུམ། །མདོག་སྔོན་རལ་གྲི་པུ་སྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་


PS004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དེ་ཡན་རྒྱུན་དུ་འདོན་རྒྱུ་དང་། །སྔགས་དེ་བརྒྱ་ཕྲག་རེ་ཟུང་ཙམ། །རྒྱུན་དུ་ཐུགས་དམ་བྱེད་པར་གཅེས། །དེ་ཡི་ཕན་ཡོན་རྒྱུད་གཞུང་ལས། །སྔགས་ཀྱི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུང་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། ཁྲི་ཡིས་ཉིན་རེ་ཤྭ་ལོ་ཀ ། ལྔ་སྟོང་རེ་རེ་འཛིན་པར་ནུས། །ཡི་གེ་ཐམས་ཅད་ཐོག་མེད་ཤེས། །བཀའ་འགྲེལ་བསྟན་བཅོས་རྩོམ་པར་ནུས། །མངོན་པར་ཤེས་པ་འཆར་བ་དང་། །ཕྱིས་ནས་ས་ཡི་དབང་ཕྱུག་ཐོབ། །གལ་ཏེ་ལས་འཕྲོ་ཡོད་པས་ནི། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །འབྲིང་གིས་གཉིས་ཀྱིས་རྟོགས་པར་འགྱུར། །ཉི་མ་གསུམ་གྱིས་བསྒྲུབ་པས་ནི། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །ཉི་ཟླ་ཤར་དང་མེ་ཏོག་འཐུ། །ཞིང་རྨོ་སྣག་ཚ་འཐུང་བ་དང་། །ཉམས་དགའ་ཡི་གེ་འབྲི་ཀློགས་དང་། །མཚོན་ཆ་པུསྟི་རྙེད་རྨིས་ན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དེ་སྐད་རྒྱ་གར་པཎྜི་ཏ། །ཀརྨ་ཤྲཱི་ལས་གསུངས་པ་ཡིན། །


PS004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་ཅུ་གོ་དགུ་པ། །ཡི་གེ་སང་ནི་མི་ཤེས་པས། །ཞག་གཅིག་སྒྲུབ་པས་འཇམ་དབྱངས་མཇལ། །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཙམ། །རིག་པའི་གནས་ལྔ་ཐོག་མེད་ཤེས། །པཎྜི་ཏ་ནི་མཁས་པར་འགྱུར། །དེ་ལ་ཕ་གཅིག་དམ་པས་ཞུས། །རིམ་གྱི་བརྒྱུད་དེ་ཀརྨ་པ། །དབང་ཕྱུག་རྡོ་རྗེའི་མཛད་པ་ཡིས། །གཅིག་ཤེས་ཀུན་གྲོལ་ནང་ན་བཞུགས། །འཇམ་དབྱངས་སྒྲུབ་ཐབས་ཐམས་ཅད་ལས། །འདི་ལས་འགྲུབ་ཐག་ཉེ་བ་མེད། །འདི་ཡི་ལས་ཚོགས་ཤེས་རབ་ཀྱི། །རིལ་བུ་སྔར་དུས་བདག་གིས་སྒྲུབས། །སུས་ཟོས་ཕལ་ཆེར་མཁས་པར་གྱུར། །དེ་ཕྱིར་ད་ལམ་སྙིང་གི་བུ། །པདྨ་ཕྲིན་ལས་ཐུགས་དམ་ཡིན། །སྔགས་འདི་བརྙེན་པ་ཅི་སོགས་ཀྱིས། །ཡོན་ཏན་ཤུགས་ལ་མཁས་པར་འགྱུར། །བསྟན་འཛིན་འགྲོ་དོན་ནུས་པ་ཡི། །གེ་མོ་བླ་མ་ཞེས་བྱ་བ། །མཁས་པ་ཆེན་པོ་འབྱུང་བར་ཤོག། །། སརྦ་མངྒ་ལཾ།། །།

རྒྱལ་བ་བཀའ་དྲིན་ཅན་གྱིས་མདོ་རྒྱུད་དུ་མ་ནས་གསུངས་པའི་གཟུངས་སྔགས་ཁྱད་པར་ཅན་རྣམས་ཕན་ཡོན་མདོར་བསྡུས་དང་བཅས་ཕྱོགས་གཅིག་ཏུ་བཀོད་པ་མཐོང་ཐོས་བཀླག་པས་གྲོལ་བ་བདེ་ཆེན་ཐར་པའི་ལམ་བཟང་།


PS004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བཀའ་དྲིན་ཅན་གྱིས་མདོ་རྒྱུད་དུ་མ་ནས་གསུངས་པའི་གཟུངས་སྔགས་ཁྱད་པར་ཅན་རྣམས་ཕན་ཡོན་མདོར་བསྡུས་དང་བཅས་ཕྱོགས་གཅིག་ཏུ་བཀོད་པ་མཐོང་ཐོས་བཀླག་པས་གྲོལ་བ་བདེ་ཆེན་ཐར་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །


PS004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཀྱ་མུ་ན་ཡེ། །རྒྱལ་ཀུན་ཐུགས་རྗེའི་ཉིན་བྱེད་འོད་སྣང་ལས། །འགྲོ་བའི་སྒྲིབ་ཚོགས་མུན་པ་ཀུན་འཇོམས་པའི། །གྲོལ་བ་བཞི་ལྡན་གསང་སྔགས་ནོར་བུའི་ཕྲེང་། །སྐལ་བཟང་དད་པའི་སྙིང་ནོར་བཅང་བར་བྱ། །དེ་ཡང་སྔ་དྲོའི་ཆ་ལྟ་བུར་ཤ་ཆང་ཁོང་དུ་མ་སོང་བའི་གོང་དུ་བཟླས་ན་ཆེས་ལེགས་པར་མངོན་ཞིང་དེ་ལྟར་གྱིས་ཐོག་མར་ཡིད་གཞན་དུ་མ་ཡེངས་པར་བློ་རྩེ་གཅིག་པས། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ལན་གསུམ་བརྗོད་ནས།


PS004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་མཚན་དཔེ་ཡོངས་སུ་རྫོགས་པ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་དུ་གསལ་བའི་གཙུག་ཏོར་དང་ཞལ་གྱི་སྒོ་ནས་གཟུངས་སྔགས་ཀྱི་སྒྲ་དབྱངས་གྲགས་སྟོང་མཁའ་ཁྱབ་ཏུ་སྒྲོགས་པས་རང་གཞན་སེམས་ཅན་ཀུན་གྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དམིགས་མེད་དུ་སྦྱང་ཞིང་དག་པར་


PS004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། དེ་ནས་ཆོས་ཉིད་ཀྱི་དོན་ལ་བློ་འཇོག་པའམ་དད་མོས་དྲག་པོས་བཀླག་པར་བྱ་སྟེ། གཙུག་ཏོར་དྲི་མེད་གཟུངས། ན་མཿ སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་མ་ཧཱ་ཙིནྟ་མ་ཎི་ཛྭ་ལ་ན། སཱ་ག་ར་གམྦྷི་རེ། ཨཱ་ཀཥ་ཡ་ཨཱ་ཀཥ་ཡ། ཨཱ་ཡུནྡྷ་ར། ཨཱ་ཡུནྡྷ་ར། སནྡྷ་ར་སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵེ་ཎི་ཀྵེ་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏཱ་ཐཱ་ག་ཏ་མ་ཧཱ་ས་མ་ཡ། ཏིཥྛ་ཏིཥྛ། མ་ཧཱ་བྷཱུ་བ་ན། སཱ་ག་ར། སཾ་ཤོ་དྷ་ཡ། མཱཾ་སརྦ་ས་ཏྭཾ་ཤྩ། བྷ་ག་བ་ཏི། སརྦ་པཱ་པཾ་བི་མ་ལ། ཛ་ཡ་ཛ་ཡ། ཛ་ཡ་ལབྡྷེ། སྥེ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏ་ཨཱ་བ་ར་ི། བྷ་ཡ་ཧ་ར་ཎི་ཧཱུྃ་ཧཱུྃ་ཧཱུྃ་མྲྀཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞཱེ་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་ཏ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མ་ཡི། མ་ཧཱ་པ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨ་


PS004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀཥ་ཡ་ཨཱ་ཀཥ་ཡ། ཨཱ་ཀཌྜྷ་ཡ། ཨཱཌྜྷ་ཡ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ཨིནྡྲི་ཡ་བི་ཤོ་དྷ་ནི་བྷཱུ་ཥི་ཏ་བྷུ་ཛེ། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། བུདྡྷ་བུདྡྷ། བོ་དྷ་ནི་བོ་དྷ་ནི། སཾ་བྷོ་དྷ་ནི་སཾ་བོ་དྷ་ནི། ཤོ་དྷ་ནི་ཤོ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛེ། པྲ་ས་ར་ཏུ་མ་མ་པུཎྱེ། བི་ན་ཤྱནྟུ་པཱ་པཾ། སརྦ་ཀིལྤི་ཥ་ཧ་རེ། མ་ཎི་བུ་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ་བི་ཀཱ་སི་ཏ་པདྨེ། ཀ་བ་ཙི་ཏ་བྷུ་ཛེ། ཥཌྤཱ་ར་མི་ཏཱ་པ་རི་པུ་ར་ི། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུཧྱ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨ་ཡུརྡ་དེ་སྭཱ་ཧཱ། པུཎྱ་ད་དེ་སྭཱ་ཧཱ།


PS004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྱེ་བི་ལོ་ཀི་ཏེ་སྭཱ་ཧཱ། པུཎྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀཏྱུ་དཎྜེ་སྭཱ་ཧཱ། ཡ་མ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་བ་ཏི་སྭཱ་ཧཱ། ཏཻ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། རྩ་སྔགས་སོ། །ཨོཾ་ན་མོ་སྟྲཻ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གྷེ་སཾ་བྷ་ར་མ་མ་ཨཱ་ཡུཿསཾ་ཤོ་དྷ་ཡ། སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པཾ་སརྦ་ཏ་ཐཱ་ག་ཏེ་ས་མནྟོ་ཥྞི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བྃ་སཾ་ཛཿསྭཱ་ཧཱ། སྙིང་པོའོ། །དད་གཙང་ལྡན་པས་བཟླས་གྱུར་ན། །མཚམས་མེད་ལྔ་སོགས་སྡིག་ཀུན་འབྱངས། །ཚེ་འཐུང་བ་ཡང་ཚེ་རིང་ཞིང་། །ཉོན་མོངས་ཀུན་བྲལ་གཏམ་བྱས་པའི། །སྐྱེ་བོ་ཀུན་གྲོལ་སྔགས་ཀྱི་སྒྲ། །གང་ཐོས་འགྲོ་བ་


PS004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་དང་། །ཉེར་གཅིག་བརྗོད་པས་བྱེ་མར་སྔགས། །དུར་ཁྲོད་དང་ནི་རུས་པ་ལ། །གཏོར་བས་ངན་སོང་ལས་ཐར་ཞིང་། །མཐོ་རིས་བདེ་མྱོང་ཆོས་དང་མཇལ། །འདི་འབྲེལ་བདེ་ཆེན་ཞིང་སྐྱེ་སོགས། །ཕན་ཡོན་དཔག་མེད་གཟུངས་མདོར་བཤད། །འོད་ཟེར་དྲི་མེད་ཀྱི་གཟུངས་ནི། ན་མཿ སཔྟ་ནཱན། སམྱཀ་སཾ་བུདྡྷ་ཀོ་ཊཱི་ནཱན། པ་རི་ཤུདྡྷེ་མ་ཎ་སི། ཨ་བྷྱ་རྩི་ཏ་པྲ་ཏིཥྛ་ཏུ་ནཱན། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏཱ་ཨཱ་ཡུཥ་སྱ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷི། ཨཱ་ཡུར་བི་ཤོ་དྷ་ནི། སཾ་ཧ་ར། སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ། ས་མ་ཡ། བྷོ་དྷི་བྷོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ། བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་བ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚར་སུ་བུདྡྷ་བུདྡྷེ་


PS004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་རུ་ཧུ་རུ་སྭཱ་ཧཱ། རྩ་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾ་སྐཱ་རེ། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨཥྛི་ཏེ་སྭཱ་ཧཱ། སྙིང་པོའོ། །དད་དང་གཙང་སྒྲ་ལྡན་པ་ཡིས། །ཉིན་བཞིན་ལན་རེ་བཟླས་བྱས་ན། །གང་སྐྱེས་བདེ་བ་ཟད་མི་འགྱུར། །རྣམ་དག་ཞིང་སྐྱེས་ཚེ་རབས་དྲན། །དུས་མིན་འཆི་ཟློག་སྒྲིབ་ཀུན་བྱང་། །ཤི་བའི་རྗེས་དམིགས་བདུན་ཅུ་ནི། །རྩ་བདུན་བཟླས་ན་ཤི་བ་དེ། །ངན་སོང་ལས་ཐར་མཐོ་རིས་སྐྱེ། །ནམ་ཡང་ངན་སོང་ལྟུང་མི་འགྱུར། །བསམ་པ་ཀུན་འགྲུབ་ནམ་འཆིའི་ཚེ། །རྒྱལ་བ་དཔག་མེད་ཞལ་མཐོང་ཞིང་། །མཐར་ཐུགས་རྫོགས་སངས་རྒྱ་ཞེས་གསུངས། །ན་མཿ ན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གཾ་གཱ་ནཾ། དཱི་པཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཱཾ། ཨོཾ་བོ་བོ་རི། ཙ་རི་ཎི་ཙ་རི།


PS004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། གང་ཞིག་ཡི་གེ་བྲིས་ལ་རྟག་ཏུ་བཏོན། །མཆོད་ཅིང་ལུས་ལ་ཐོག་ན་བསྲུང་བ་དང་། བསྐྱབ་མཛད་ཕས་རྒོལ་ཐམས་ཅད་འཇིགས་སྐྲག་བྱེར། །གང་ཞིག་འདི་འདོན་པ་དང་གཏམ་བྱས་ཀྱང་། །མཚམས་མེད་སྒྲིབ་བྱང་རྒྱལ་བ་རྣམས་ཀྱིས་གསུངས། །བསྐྱབ་དང་སྤྱན་རས་གཟིགས་ཀྱི་མཚོ་བར་མཛད། །ལྷ་དང་དམ་ཚིག་ཅན་གྱིས་སྡོང་གྲོགས་བྱེད། །དེ་སོགས་ཕན་ཡོན་དཔག་མེད་མདོ་ལས་གསུངས། །བྱང་ཆུབ་རྒྱན་འབུམ་གཟུང་ནི། ཨོཾ་ན་མོ་བྷ་ག་བ་ཏེ་བི་པུ་ལ་བད་ན་ཀཉྩ་ནོཏ་ཀྵིཔྟ། པྲ་བྷཱ་ས་ཀེ་ཏུ་མཱུརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱ་ཀྶཾ་བུདྡྷ་ཡ། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷི། བོ་དྷ་ནི་བོ་དྷ་ནི། སརྦ་ཏ་ཐཱ་ག་ཏཱ་གོ་ཙ་རི། དྷ་ར་དྷ་ར། ཧ་


PS004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཧ་ར། ་པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏྟ་དྷ་རེ། ཙུ་ལུ་ཙུ་ལུ། ཤ་ཏ་རསྨི་སཉྩོ་དི་ཏི། སརྦ་ཏ་ཐཱ་ག་ཏཱ་བི་ཥིཀྟེ། གུ་ཎི་གུ་ཎ་པ་ཏེ། སརྦ་བུདྡྷ་གུ་ཱ་བ་བྷཱ་སེ། མི་ལི་མི་ལི། ག་ག་ན་ཏ་ལེ། སརྦ་ཏ་ཐཱ་ག་ཏཱ་ཏིཥྛི་ཏེ། ན་བྷ་པྟ་ལེ། ཤ་མེ་ཤ་མེ། པྲ་ཤ་མེ་པྲ་ཤ་མེ། སརྦ་པཱ་པཾ་པྲ་ཤ་མ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཧུ་ལུ་ཧུ་ལུ། མ་ཧཱ་བོ་དྷི་མཱརྒ་སྃ་པྲ་ཏིཥྛི་ཏེ་སརྦ་ཏ་ཐཱ་ག་ཏཱ་སུ་པྲ་ཏིཥྛི་ཏེ་ཤུདྡྷེ་སྭཱ་ཧཱ། རྩ་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྱཱ་བ་ལོ་ཀི་ཏེ་ཛ་ཡ་ཛ་ཡ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧུ་ལུ་ཧུ་ལུ་ཛ་ཡ་མུ་ཁེ་སྭཱ་ཧཱ། ཉེ་སྙིང་ངོ་། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འདི་བཟླས་ཚེ་རིང་འདོད་པའི་དོན་ཀུན་འགྲུབ། །ཉེར་གཅིག་བཟླས་ན་དམྱལ་བ་ལྟུང་ངེས་ཀྱང་། །ལས་ཀྱི་སྒྲིབ་བྱང་འཇིགས་བརྒྱད་ཉེར་འཚེ་ཞི། །ཉིན་བཞིན་ལན་


PS004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རེས་བསོད་ནམས་ཚད་མེད་བསྐྱེད། །སངས་རྒྱས་ཆོས་ཀུན་དེ་ཡི་ལུས་ལ་རྫོགས། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་སྐྱེ་གསུངས། །གང་བ་རིང་བསྲེལ་གཟུངས། ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་བྷུ་བི་བྷ་བཱ་ན་བ་རེ་བ་ཙི་ཏཽ། ཙུ་ལུ་ཙུ་ལུ། དྷ་ར་དྷ་ར། སྦ་ཏ་ཐཱ་ག་ཏཱ། དྷཱ་ཏུ་དྷ་རེ། པདྨ་གྷེ། ཛ་ཡ་བ་ཏེ། ཨ་ཙ་ལེ། སྨ་ར་ཏ་ཐཱ་ག་ཏཱ། དྷརྨྨ་ཙཀྲ་པྲ་བརྟ་ན། བཛྲ་བྷོ་དྷི་མཎྜ་ཨ་ལཾ་ཀཱ་ར། ཨ་ལཾ་ཀྲི་ཏེ། སྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ནི་བོ་དྷ་ནི། བུདྡྷྱེ་བུདྡྷྱ། སྃ་བྷོ་དྷ་ནི། སྃ་བྷོ་དྷ་ཡ། ཙ་ལ་ཙ་ལ། ཙ་ལནྟུ་སྦ་ཨཱ་བ་ར་ཱ་ནི། སརྦ་པཱ་པྃ་བི་ག་ཏེ་ཧུ་རུ་ཧུ་རུ་སརྦ་ཤོ་ཀ་བི་ག་ཏེ། སརྦ་


PS004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏ་ཧྲི་ད་ཡ་བཛྲཱི་ི། སམྦྷ་བ་སམྦྷ་བ། སརྦ་ཏ་ཐཱ་ག་ཏ་གུ་ཧྱེ། དྷཱ་ར་ཎི་མུ་དྲེ། བུ་དྷེ་སུ་བུད་དྷེ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་དྷཱ་ཏུ་གྷེ་སྭཱ་ཧཱ། ས་མ་ཡ་ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། དྷཱ་ཏུ་མུ་དྲེ་སྭཱ་ཧཱ། སུ་པྲ་ཏིཥྛི་ཏ་སྟཱུ་བེ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་ཧཱུྃ་ཧཱུྃ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་དྷཱ་ཏུ་མུ་དྲཱ་ནི་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་བི་བྷུ་ཥི་ཏ་ཨ་དྷིཥྛ་ཏེ་ཧུ་རུ་ཧུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ། འདི་བཟླས་སྲིད་པའི་ལས་དང་སྡུག་བསྔལ་ཟད། །སྲིད་ཞིའི་ཡོན་ཏན་མ་ལུས་ཐོབ་པར་འགྱུར། །རིའམ་མཆོད་རྟེན་རྒྱལ་མཚན་ནང་བཞུག་ན། །དེ་དག་མཐོང་ཐོས་དྲན་རོག་འགྲོ་ཀུན་གྲོལ། རྣམ་རྒྱལ་མའི་གཟུངས། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མ། ཏདྱ་


PS004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏེ། ག་ག་ན་སྭཱ་བྷ་བ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཿསུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཁེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻ༔ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨ་ཡུརྶཾ་དྷ་ར་ི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱེ་བ་བི་ཤུདྡྷེ། ཨུཥྞི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ནི། ཥཌྤ་ར་མི་ཏཱ་པ་རི་པཱུ་ར་ི། སརྦ་ཏ་ཐཱ་ག་ཏ་མ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨ་


PS004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ། བྷུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ། བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥཱ་ར་སྥཱ་ར། སྥཱ་ར་ཡ་སྥ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲ་གྷེ་ཛ་ཡ་གྷེ། བི་ཛ་ཡ་གྷེ། བཛྲ་ཛྭཱ་ལཱ་གྷེ། བཛྲོ་དྦྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛི་ི། བཛྲ་མྦྷ་བནྟུ་མ་མ་ཤ་རཱི་རཾ། སརྦ་ཏ་ཏྭ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷི་ར་བྷ་བནྟུ། མེ་ས་དཱ་སརྦ་ག་ཏཱི་


PS004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པ་རི་ཤུདྡྷི་ཤྩ། སརྦ་ཏ་ཐཱ་ག་ཏ་ཤྩ། མཱཾ་ས་མཱ་ཤྭ་ས་མནྟུ། བུདྡྷྱ་བུདྡྷྱ། སིདྷྱ་སིདྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿ སྭཱ་ཧཱ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དཻ་སྭཱ་ཧཱ། སངས་རྒྱས་གངྒའི་ཀླུང་འབུམ་བྱེ་བ་ཕྲག །བརྒྱད་ཅུ་རྩ་བརྒྱད་བྱེ་མ་བརྒྱད་ཀྱིས་གསུངས། །ཐོས་དང་བཟླས་པས་བསྐལ་སྟོང་ལས་སྒྲིབ་བྱང་། །བྱང་ཆུབ་བར་དུ་ངན་སོང་གནས་ཀུན་སྤངས། །སཱ་ལ་ལྟ་བུའི་རིགས་མཐོ་དག་ཏུ་སྐྱེ། །མཆོད་


PS004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནམ་ནི་རྒྱལ་མཚན་རྩེ་མོར་བཏགས། །མཐོང་ཐོས་གྲིབ་མ་རླུང་རྫིས་གང་ཕོག་གྲོལ། །མཐར་ཐུག་བྱང་ཆུབ་ཐོབ་པར་ལུང་ཡང་བསྟན། །གནས་སྐབས་ཚེ་རིང་ནད་མེད་འཇིགས་ཀུན་ཞི། །རྣ་ལམ་གང་བརྗོད་ངན་སོང་དག་ལས་གྲོལ། །འདི་འབྲེལ་ཤི་འཕྲོས་བདེ་བ་ཅན་དུ་སྐྱེ། །ཡུང་དཀར་ལ་ནི་ཉི་ཤུ་རྩ་གཅིག་བརྗོད། །རུས་པ་གང་གཏོར་ངན་སོང་གནས་ལས་ཐར། །གང་སྐྱེས་ཚེ་རབས་དྲན་ཞིང་མཆོད་འོས་འགྱུར། །སངས་རྒྱས་ཞལ་མཐོང་ལུང་ཡང་བསྟན་འགྱུར་གསུངས། །ཀུན་རིགས་གཟུངས་ནི། ན་མོ་བྷ་ག་བ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ར་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བུ་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། གཟུངས་འདི་དྲན་པས་ངན་སོང་གནས་ལས་ཐར། །བཀླག་གམ་བཏགས་ན་


PS004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མིན་འཆི་བ་ཞི། །འདི་དང་འབྲེལ་ཀུན་ངན་སོང་གནས་ལས་ཐར། །གང་ཐོས་པ་ཀུན་རིམ་གྱིས་སངས་རྒྱས་ཐོབ། །མི་འཁྲུགས་པའི་གཟུངས་ནི། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། དུས་གསུམ་བཟླས་པས་མཚམས་མེད་ལྔ་ཡང་ཞི། །ལན་གཅིག་བཟླས་པས་རྨི་ལམ་མཚན་ངན་འཇོམས། །ལུས་ལ་བཏགས་ན་འཆི་བ་རྣམ་བརྒྱད་ཞི། །རྣ་ལམ་གང་བརྗོད་ངན་སོང་འགྲོ་མི་འགྱུར། །ཤི་བའི་རྗེས་དམིགས་བརྒྱ་སྟོང་བཟླས་པ་དང་། །སྔགས་ཆུ་བྱེ་མ་རོ་གཏབ་ངན་སོང་གསུམ། །གང་སྐྱེས་གནས་ལས་ཐར་ཏེ་མཐོ་རིས་སྐྱེ། །


PS004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་ལྔ་བྱང་དམ་ཆོས་སྤང་བ་དང་། །འཕགས་ལ་བསྐུར་བཏབ་རྣམས་ཀྱང་འཆི་ཀ་མར། །གཟུངས་སྔགས་བྲིས་མཐོང་ལས་སྒྲིབ་ཐམས་ཅད་ཟད། །འདོན་དང་བཟླས་བརྗོད་བྱས་རྣམས་སྨོས་ཅི་དགོས། །མི་བསླུ་རྫོགས་སངས་རྒྱས་ཀྱི་ཞལ་ནས་གསུངས། །ཤཱཀ་ཐུབ་གཟུངས། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ལན་གཅིག་བཟླས་པས་བསྐལ་པ་ནི། །བརྒྱད་ཁྲིའི་སྡིག་པ་དག་ཞེས་གསུངས། །ཐུབ་པའི་མཚན་བརྒྱའི་སྔགས། །ཨོཾ་བྷོ་ཧཱུཾ་ཧཱུྃ་ཧཱུྃ། ཨཱ་ཨཱ། ཧཱི་ཧཱི། ཤི་བ་ཤི་བ། ཤཱནྟི་ཤཱནྟི། ཤ་མ་ཤ་མ། ཤ་མཱ་པ་ཡ། ཏ་ཐཱ་ག་ཏཱ་ནུ་ག་ཏ། སྭ་བྷ་བ། ཨ་བྷཱ་བ། ས་མུཏྟཱ་ཡ། ཨ་ས་མ་བ་ལ། ཨ་བཱི་ར་ལ་བ་ལ། ཨ་མི་ཏཱ་བ་ལ།


PS004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་བ་ལ། ཧཱུྃ་གྷུཾ་གྷུཾ། དྷྲོ་དྷྲོ། བྷྲཽ་བྷྲཽ། བྷྲེ་དུ་བྷྲེ་དུ། ཧཱི་ཧཱི། བྷ་ག་བཱན། བྷ་བཱནྟ་ཀ་སུ་ར་ཏ་བྷོ་ག་མ་ཧཱ་ཤ་ནི་ཀ་ར། པཱ་པ་ཀིལྤི་ཥ་ནཱ་ཤ་ཀ་སྭཱ་ཧཱ། ལན་གཅིག་བཟླས་པས་རིང་པོར་ནི། །མི་ཐོགས་སངས་རྒྱས་འགྱུར་བ་དང་། །ནང་པར་བརྗོད་ན་དོན་ཀུན་འགྲུབ། །གནོད་པ་ཀུན་དང་འཕྲད་མི་འགྱུར། །ཚེ་རབས་བྱེ་བ་ཕྲག་བརྒྱར་ཡང་། །སྡིག་དང་མི་དགེ་གང་བྱས་དག །བསྐལ་པ་བྱེ་བ་སྟོང་དུ་ཡང་། །མཐའ་མི་རྟོག་པའི་ཡོན་ཏན་ཐོབ། །ཐར་མདོའི་གཟུངས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨ་ཡ། ན་མཿསང་གྷཱ་ཡ། ཨ་དན་ཏི་དྷཱ་ར་ི། ཏདྱ་ཐཱ་ཨཱ་ཀཱ་ཤ་ནི་བ་བཱི་ནི། སརྦ་དྷརྨ་ནི་བ་ནི། ཨི་ཤ་མ་ད། པི་པ་ཤ་ན། བི་མ་ལ་སུ་པ་རི། དྷརྨཱ་ནི་ཁ་ན། བ་ར་རུ་ནི་ཙ་ཡ་ཏ་མ་ལེ། ཙ་


PS004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལེ། ཧུ་ལུ་ཧུ་ལུ། ཤི་བི་ཏེ། མནྟྲ་མནྟྲ། མནྟྲཿསྭཱ་ཧཱ། སངས་རྒྱས་ཁྲི་ཕྲག་བརྒྱད་བརྒྱས་གསུངས། །སྨད་ན་དེ་ཀུན་སྨད་འགྱུར་ཞིང་། །བྱང་ཆུབ་སྒྲུབ་ཀྱང་འགྲུབ་མི་འགྱུར། །དད་པས་སེམས་ཀྱིས་འདི་ཐོས་ནས། །ཉིན་རེ་ཚར་རེ་གཏོན་བགྱིད་ན། །བྱང་ཆུབ་བར་དུ་ངན་སོང་གསུམ། །མི་སྐྱེ་རིམ་གྱིས་སངས་རྒྱས་ཐོབ། །བསླུ་མེད་རྒྱལ་བ་བདེན་པའི་བཀའ། །འོད་དཔག་མེད་གཟུངས། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏེ་ཨ་མི་ཏོདྦྷ་བེ། ཨ་མི་ཏེ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་ག་མི་ནི་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀྶེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཨ་མི་དྷེ་བ་ཧྲཱིཿ ཨོཾ་པདྨ་དྷ་


PS004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཧཱུྃ། གཟུངས་རིང་ལན་གསུམ་བཟླས་པ་ཡིས། །བསྐལ་སྟོང་བསགས་པའི་སྡིག་སྒྲིབ་བྱང་། །ཉེར་གཅིག་བཟླས་པས་རྩ་བ་བཞིའི། །ལྟུང་བ་དག་པར་མདོ་ལས་གསུངས། །ཚེ་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཡ་ཏེ། ཨ་པ་རི་མི་ཏ་ཨ་ཡུཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨཱ་པ་རི་མི་ཏ་པུཎྱེ། ཨ་ཡུར་པུཎྱེ། མ་ཧཱ་པུཎྱེ། ཨ་ཡུཛྙཱ་ན། སརྦ་རོ་སཾ་བྷ་རོ་པ་ཙི་ཏ་ཨ་ཡུཛྙཱ་ན་ཥེ་ཚེ་བྲུཾ་ཨོཾ་བྲུཾ་ཨ་བྲུཾ་སྭཱ་བྲུཾ་ཧཱ་བྲུཾ་ཚེ་བྲུཾ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུརྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། རིན་ཆེན་ལས་གཞེངས་སྐུ་གཟུགས་ནི། །སྟོང་ཁམས་གང་ལས་སྔགས་གཅིག་ལྷག །


PS004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་སྟོང་སྐུ་གཟུགས་རིང་བསྲེལ་ཅན། །བཞེངས་ལས་སྔགས་འདི་ཚར་ཅིག་མཆོག །སྡེ་སྣོད་ཆོས་རྣམས་བཀླག་པ་དང་། །འདུས་བྱས་དགེ་བ་མཐའ་དག་ལས། །སྔགས་འདི་ཚར་གཅིག་སྟོང་གི་མཆོག །སྡུག་བསྔལ་ལྟས་ངན་ཐམས་ཅད་ཟློག །བདེ་གཤེགས་སྐུ་ཐོབ་འཆི་བ་བསླུ། །བཅུ་མི་ཐུབ་པ་བརྒྱ་རུ་འཚོ། །ས་ཕྱོགས་དགེ་སོགས་ཕན་ཡོན་རྣམས། །རྒྱལ་བ་སྲས་བཅས་བརྗོད་མི་ནུས། །ཚེ་མདོའི་གཟུངས་ནི། ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨ་ཡུཛྙཱ་ན་སུ་བི་ནི་ཥྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷོ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭཱ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཚེ་དཔག་


PS004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་མཚན་བརྒྱ་བརྒྱད་པའི་གཟུངས། །སངས་རྒྱས་བྱེ་བ་དཔག་མེད་དབྱངས་གཅིག་གསུངས། །ཡི་གེ་འབྲིའམ་ཀློག་ཅིང་འཆང་བ་རྣམས། །ལོ་བརྒྱ་ཐུབ་ཅིང་ཚེ་ཡང་འཕེལ་བ་དང་། །མི་ཁོམ་གནས་དང་ངན་སོང་གསུམ་མི་སྐྱེ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྲི་དང་མཚུངས། །མཚམས་མེད་ལྔ་སོགས་སྡིག་ཕུང་རི་ཙམ་འབྱང་། །བདུད་རིགས་ལྷ་སྲིན་ཀུན་གྱིས་གླགས་མི་རྙེད། །རྒྱལ་ཆེན་བཞི་སོགས་འཇིག་རྟེན་སྐྱོངས་བས་སྲུང་། །སངས་རྒྱས་བྱེ་བ་རྩ་དགུས་ལུང་ཡང་བསྟན། །བདེ་ཆེན་ཞིང་སྐྱེ་སངས་རྒྱས་ཞིང་ཀུན་འགྲོ། །བུད་མེད་མི་སྐྱེ་བྱ་དང་རི་དྭགས་སོགས། །རྣལ་མ་གང་ཐོས་རྫོགས་པའི་བྱང་ཆུབ་འགྱུར། །སྟོང་ཁམས་རིན་ཆེན་གྱིས་བཀང་སྦྱིན་པ་བས། །གཟུངས་འདིའི་ཕྱིར་དུ་པ་ཎ་གཅིག་སྦྱིན་མཉམ། །རིན་ཆེན་སྣ་བདུན་རི་རབ་དང་མཉམ་གྱིས། །དཔག་མེད་རྒྱལ་མཆོད་འགྲོ་ཀུན་སྦྱིན་པ་


PS004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱ་མཚོའི་ཆུ་ཐིག་བགྲང་བར་ནུས་ན་ཡང་། །གཟུངས་འདི་བརྗོད་པས་ཕན་ཡོན་བརྗོད་མི་ནུས། །རྒྱལ་བ་ཀུན་མཆོད་གཟུངས་འདི་མཆོད་མཉམ་པ། །ཐེ་ཚོམ་ཡིད་གཉིས་མེད་ན་ངེས་པར་གསུངས། །སྨན་བླའི་གཟུངས་ནི། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་བ་ཏེ་བྷཻ་ཥ་ཛེྱ་གུ་རུ་བཻ་ཌཱུརྻ་པྲ་བྷ་ར་ཛཱ་ཡ། ཏ་ཐཱ་ག་ཏཱ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛེྱ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་ར་ཛ་ས་མུངྒ་ཏེ་སྭཱ་ཧཱ། སྨན་བླ་མཆེད་བདུན་གཟུངས་ནི། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏི་མ་ཏེ་པཱ་ལེ་པཱ་པཾ་ཤོདྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ། ཀུ་མེ། བུདྡྷ་ཀྵེ་ཏྲ་པ་


PS004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ་མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་བཱ་ར་ི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷིཥྛ་ན། ཨ་དྷིཥྛཱི་ཏེ་ན། རཀྵནྟུ་མེ། སརྦ་དེ་བཱ། ས་མེ་ཨ་ས་མེ་ས་མ་ནཱ་ཧཱ་རནྟུ་མེ། སརྦ་བུདྡྷ། བོ་དྷི་ས་ཏྭཱ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ི། པཱུ་ར་ཡ་མེ། སརྦ་ཨཱ་ཤ་ཡ་བཻ་ཌཱུརྱ་པ་ཏི་བྷ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། འདི་གཉིས་བརྗོད་པས་རྒྱལ་བ་སྲས་བཅས་དགོངས། །རྡོ་རྗེ་འཛིན་དང་འཇིག་རྟེན་སྐྱོངས་པས་བསྲུང་། །མཚམས་མེད་ལྔ་སོགས་ལས་སྒྲིབ་མ་ལུས་འབྱང་། །ནད་གདོན་དགྲ་དང་འཆི་བ་ལ་སོགས་ཞི། །ལུས་སེམས་བདེ་ཞིང་བསམ་ཀུན་འགྲུབ་པར་གསུངས། །བདེ་གཤེགས་སྤྱིའི་སྙིང་པོ་ནི། བཅོམ་ལྡན་


PS004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཧྲཱི་ཧ་ཡ། ཨ་ནུ་ག་ཏེ་ཨོཾ་ཀུ་རུ་གི་ནི་སྭཱ་ཧཱ། ལན་གཅིག་བཟླས་པས་བསྐལ་པ་ནི། །འབུམ་ཕྲག་བརྒྱད་ཁྲིའི་སྡིག་རྣམས་བྱང་། །དེ་བཞིན་གཤེགས་པའི་ཡིག་བརྒྱ་ནི། ཨོཾ་ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བབྟི་དྷརྨ་ཏ་བཱ་ལཱི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོ་ཨ་ནནྟ། བཱབྟི་ཤཱ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎ་བི་ག་ཏཱ་རཱ་ག་བུདྡྷ་དྷརྨ་ཏེ་ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ནི་ཛྭ་ལ་ཛྭ་ལ་ན་ས་ག་རེ་སྭཱ་ཧཱ། དམ་ཚིག་གསུམ་བཀོད་གཟུངས་འདི་ཡིས། །ལས་ངན་སྡིག་སྒྲིབ་ཀུན་བྱང་ཞིང་། །དམ་ཚིག་ཉམས་པ་སོར་ཆུད་ཏེ། །རྒྱལ་བའི་སྲས་སུ་འགྱུར་བ་གསུངས། །རིག་པ་ཆེན་


PS004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བི་མ་ལ་ཨུཥྞཱི་ཥཱི་གཟུང་ནི། ཨོཾ་ཏྲཻ་ཨ་དྷཱེ་སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ་གྷེ། ཛྭ་ལ་དྷརྨ་དྷ་ཏུ་གྷེ། སཾ་ཧ་ར་ཎ་ཨཱ་ཡུཿ སྃ་ཤོ་དྷ་ཡ། པཱ་པྃ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་སྭཱ་ཧཱ། གཟུངས་འདི་བཟླས་པའི་མཆོད་རྟེན་གཅིག །བཏབ་ན་བྱེ་བ་གདབ་དང་མཉམ། །འདིས་བཟླས་འབྱུང་བཞི་གང་རེག་ཀྱང་། །མཆོད་རྟེན་ཉིད་འགྱུར་མཐོང་རེག་གྲོལ། །མཚམས་མེད་སྡིག་འབྱང་རིགས་མཆོག་སྐྱེ། །ཚེ་རིང་ནོར་ལྡན་ཚེ་རབས་དྲན། །གནོད་པ་ཀུན་བསྲུང་མངོན་སངས་རྒྱ། །འགྲོ་འདྲེན་རྒྱལ་བ་མཆོག་དེས་གསུངས། །བཅོམ་ལྡན་འདས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲི་ཡེ་ཀུ་མཱ་ར་བྷུ་ཏ་ཡ། བོ་དྷི་ས་ཏྭ་ཡ།


PS004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ནི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལཾ་བྷེ་ནི་རཱ་བྷཱ་སེ། ཛ་ཡ་ཛ་ཡ་ལབྦྷེ། མ་ཧཱ་མ་ཏེ། དཀྵི་དཀྵི་ཎི་མེ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། གཟུངས་འདི་ཚར་གསུམ་བརྗོད་པས་ན། །དཀོར་ཟས་རི་བོ་ཙམ་ཡང་ཞི། །སྡིག་པ་ཀུན་བྱང་བར་ཆད་སེལ། །བསོད་ནམས་ཡེ་ཤེས་འཕེལ་བར་གསུང་། །ཨོཾ་ཨི་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཧི་རཾ་བི་ན་རཾ་ཤུདྡྷེ་རཾ་ཨ་ཨ་ཨཱཿསྭཱ་ཧཱ། ཨོཾ་བི་ར་སྟི་བི་ར་སྟི་སྭཱ་ཧཱ། ལན་བདུན་བཟླས་པས་སྐུ་གླུད་ཟོས། །ཚུལ་ཁྲིམས་འཚལ་དང་དམ་ཚིག་ཉམས། །མཚམས་མེད་ལ་སོགས་ལས་སྒྲིབ་བྱང་། །ཡངས་པའི་གྲོང་ཁྱེར་འཇུག་གཟུངས་སོ། །བཅུ་གཅིག་ཞལ་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྻ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ་ན་མཿསརྦ་


PS004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏེ་བྷྱཿ སརྷ་དྦྷྱཿ སམྱ་ཀྶཾ་བུདྡྷེ་བྷྱཿ ན་མཿ ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་ར་དྷུ་རུ། ཨིྚེ་བིྚ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱ་ཧཱ། སངས་རྒྱས་བྱེ་ཕྲག་བཅུ་གཅིག་ཞལ་ནས་གསུངས། །ནད་མེད་བདེ་གཤེགས་ཐུགས་རྗེས་བཟུང་བ་དང་། །ནོར་རྙེད་དགྲ་ཞི་རྒྱལ་པོའི་ཡིད་དུ་འོང་། །རིམས་མཚོན་དབྱིག་དུག་སྦྱར་དུག་གིས་མི་ཚུགས། །ཆབ་ཞུགས་ལ་སོགས་དུས་མིན་མི་འགུམ་ཞིང་། །ཤི་དུས་བདེ་གཤེགས་ཞལ་མཐོང་འཇིགས་སྐྲག་མེད། །ངན་སོང་མི་ལྟུང་བདེ་ཆེན་ཞིང་དུ་སྐྱེ། །ལན་གཅིག་བརྗོད་པས་རྩ་བ་བཞི་པོ་དང་། །མཚམས་མེད་ལྔ་པོ་དག་ཀྱང་


PS004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འབྱང་བར་འགྱུར། །བདུན་བརྗོད་སྔགས་པས་རིམས་ནད་ཞི་བར་གསུངས། །ཡིད་བཞིན་འཁོར་ལོའི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་བརྟྟི་ཙིནྟཱ་མ་ཎི་མ་ཧཱ་པདྨེ་རུ་རུ་ཏིཥྛ་ཛྭ་ལ་ཨ་ཀཥ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་བྷ་ར་ཏ་པདྨེ་ཧཱུྃ། ཨོཾ་མ་ཎི་བཛྲ་ཎི་ཧཱུྃ། སྙིང་པོ་ནི། ཨོཾ་པདྨ་ཙིནྟཱ་མ་ཎི་མ་ཧཱ་བཛྲ་བྷ་ར་ཧཱུྃ། བརྒྱ་སྟོང་བཟླས་ན་དོན་ཀུན་འགྲུབ། །མནར་མེད་སྐྱེ་བའི་ལས་ཀྱང་འབྱང་། །ངན་འགྲོ་ལས་ཐར་སངས་རྒྱས་མཐོང་། །ཉིན་རེ་ལན་རེ་བཟླས་པ་ན། །ནད་ཀུན་ཞི་ཞིང་དོན་ཀུན་འཇོམས། །དགྲ་རྐུན་རྒྱལ་པོའི་འཇིགས་ལས་ཐར། །བདེ་ཆེན་ཞིང་སྐྱེ་ཐེ་ཚོམ་མེད། །རྒྱལ་བ་བཀའ་དྲིན་ཅན་དེས་གསུངས། །ཨོཾ་ཨ་མོ་གྷ་ཤཱི་ལ། སྃ་བྷ་ར་སྃ་བྷ་


PS004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ་པདྨ་བི་བྷུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཚུལ་ཁྲིམས་འཆལ་བའི་སྡིག་འབྱང་ཞིང་། །སྡོམ་པ་སླར་ཡང་སོར་ཆུད་ཏེ། །ཚུལ་ཁྲིམས་ཕ་རོལ་ཕྱིན་འགྱུར་གསུངས། །ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། དོན་ཞགས་སྙིང་པོ་འདི་བཟླས་པས། །རྨིས་ལྟས་མཚན་ངན་ཐམས་ཅད་ཞི། །མཚམས་མེད་ལྔ་སོགས་ལས་སྒྲིབ་བྱང་། །བསམ་པ་ཀུན་འགྲུབ་སངས་རྒྱས་མཇལ། །དེ་སོགས་ཕན་ཡོན་གཟུང་མདོར་བཤད། །པདྨ་གཙུག་གཏོར་སྙིང་པོ་ནི། །ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། སྔགས་འདི་བརྗོད་དང་མཐོང་རེག་དྲན་པས་ཀྱང་། །མཚམས་མེད་ལྔ་སོགས་མནར་མེད་སྐྱེ་བའི་ལས། །བྱང་ཞིང་ནམ་ཡང་ངན་འགྲོར་ལྟུང་མི་འགྱུར། །བསྐལ་པ་འབུམ་དུ་འཁོར་ལོས་སྒྱུར་རྒྱལ་ཐོབ། །འགྲོ་ལ་དམིགས་


PS004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཉིན་རེ་བདུན་བདུན་ལྔ། །བཟླས་ན་བདེ་བ་ཅན་དང་མངོན་དགར་སྐྱེ། །སྔགས་པའི་བྱེ་མ་རོ་རུས་དུར་ཁྲོད་གཏོར། །སྡོམ་རལ་ངན་སོང་སྐྱེས་པ་དག་ཀྱང་ཐར། །མཆོད་རྟེན་ནང་བཅུག་གྲིབ་མ་གང་ཕོག་དང་། །སྔགས་གཏབ་དུང་བུས་གང་ཐོས་སེམས་ཅན་གྲོལ། །ཙནྡམ་ལ་སོགས་སྔགས་ཏེ་བདུག་པ་ན། །ཡམས་ནད་ཆད་ཅིང་དགྲ་རྐུན་གཅན་གཟན་བཅིངས། །གོས་ལ་གདུག་ན་སྡིག་དང་སྒྲིབ་པ་ཟད། །འབུམ་བཟླས་ཕྱིར་མི་ལྡོག་པས་ས་ཐོབ་གསུངས། །འཁོར་བ་དོངས་སྤྲུགས་གཟུངས་ནི། ཨོཾ་བི་པུ་ལ་གྷེ། མ་ཎི་པྲ་བྷེ། ཏ་ཐཱ་ག་ཏཱ་ནིརྡི་ཤ་ནི། མ་ཎི་མ་ཎི་སུ་པྲ་བྷེ། བི་མ་ལེ། སཱ་ག་ར་གམྦྷི་རེ། ཧཱུྃ་ཧཱུྃ། ཛྭ་ལཱ་ཛྭ་ལཱ། བུདྡྷ་བི་ལོ་ཀི་ཏེ། གུ་ཧྱ་ཨ་དྷིཥྛི་ཏེ་གྷེ་སྭཱ་ཧཱ། པདྨ་དྷཱ་ར་ཨ་མོ་གྷཱ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ། རྩ་སྔགས། ཨོཾ་མ་ཎི་བཛྲ་ཧཱུྃ། སྙིང་པོའོ། །ཨོཾ་ན་ཎི་


PS004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་རི་ཧཱུཾ་ཕཊ། ཉེ་སྙིང་གོ །ཨོཾ་མ་ཎི་པདྨེ་ཧཱུྃ་ཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡ་སྭཱ་ཧཱ། འདི་དག་བཟླས་ན་ཚེ་འདིར་ཡང་། །མེ་ཆུ་གཡང་ཐོག་རླུང་དུག་གཟའ། །སྦྱར་དུག་དགྲ་རིམས་དུས་མིན་འཆི། །རྒྱལ་པོའི་ཆད་སོགས་བཅུ་གསུམ་ཞི། །གཟུགས་བཟང་སྐད་སྙན་ཏིང་འཛིན་སྐྱེ། །ཚེ་རིང་འགྲོ་དོན་ཕྲིན་ལས་འགྲུབ། །འཁོར་དང་ལོངས་སྤྱོད་ཤེས་རབ་ལྡན། །རེ་བ་ཀུན་རྫོགས་བདེ་གཤེགས་མཆོད། །རྒྱལ་སྲས་གྱུར་ཏེ་བཅུ་གསུམ་ཐོབ། །འདི་བཟླས་མིག་གི་གང་མཐོང་དང་། །དྲི་དང་སྐད་ཐོས་གཟུགས་མཐོང་སོགས། །གང་འབྲེལ་གྲོལ་ཞིང་འཆི་ཀ་མའི། །རྣ་ལམ་ལན་བདུན་བཟླས་པ་དང་། །རོ་རུས་སྔགས་བཏབ་ཐམས་ཅད་ཀུན། །ངན་སོང་ལས་གྲོལ་མཐོ་རིས་འགྲོ། །ཕྱི་མ་བདེ་ཆེན་ཞིང་སྐྱེ་སོགས། །མ་བྱུང་བདག་གིས་བསླུའོ་ཞེས། །རྒྱལ་བ་དྲང་སྲོང་ཆེན་པོའི་བཀའ། །སྒྲོལ་མའི་གཟུངས། ན་མོ་རཏྣ་


PS004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཡཱ་ཡ། ན་མོ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་པྲ་དུཥྚཾ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བྷན་དྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟྭཾ་བྷ་ནི་ཏ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་བརྗོད་འཇིག་པ་བརྒྱད་དང་བཅུ་དྲུག་ཞི། །བསམ་དོན་ཀུན་འགྲུབ་ཚེ་བསོད་ཉམས་རྟོགས་རྒྱས། །སྐྱེ་ཀུན་འཕགས་མས་རྗེས་སུ་བཟུང་བར་གསུང་། །དཔལ་ཆེན་མོའི་གཟུངས། སྱད་ཡ་ཐེ་དཾ། ཛི་ནི། གྷྲི་ནི། སརྦ་ཨརྠ་ས་དྷ་ནི། ཤ་ཤི་ནི། ཨ་ལ་ཀྵི་ནི། མ་ནཱ་ཤ་ཡ། སིདྡྷྱན་ཏུ་མེ་མནྟྲ་པ་དཿསྭཱ་ཧཱ། ཨོཾ་བྷྲཱུཾ་ཀུ་ཊཱི་པ་ར་མ་སུ་བྷ་གེ་སྭཱ་ཧཱ། དུས་གསུམ་ལན་གསུམ་བཟླས་བྱས་ན། །མི་མཐུན་


PS004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་མཐུན་རྐྱེན་འགྲུབ། །འབྱོར་པ་ཟད་མི་ཤེས་པ་འབྱུང་། །སུ་འཕྲད་དགའ་དང་སངས་རྒྱས་མཆོད། །དེས་སྐད་རྒྱལ་བ་མཆོག་དེས་སོ། །བཅོམ་ལྡན་འདས་གཙུག་ཏོར་འབར་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ་ཏིཥྛ་ཏིཥྛ་ཕཊ་ཕཊ། སརྦ་དུར་ཎི་མི་ཏི་དུཿ སྭ་པ་ནི་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ལན་གཅིག་བཟླས་པས་མི་མཐུན་གྱི། །ཕྱོགས་རིས་ངན་པ་ཀུན་ཟློག་གསུངས། །ཨཱ་ལི་ཀ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ནས་གསུང་པ་ནི། ཨཱི་ན་ར་སི་པ་ཧཱ་ཏ་ལ་སྭཱ་ཧཱ། ཚེ་འདི་ལ་ཡིད་དབྱུང་བའི་སྔགས། ཨི་སུ་མེ་པ་ར་ཏི་ནེ་ལ་སྭཱ་ཧཱ། འཁོར་བ་ལ་བློ་ལོག་པའི་སྔགས། ཨུ་མེ་སུ་ར་ཧྲི་པ་ཏི་ལེ་སྭཱ་ཧཱ། བྱམས་སྙིང་རྗེ་སྐྱེ་བའི་སྔགས། །ཨུ་ཧུ་ཏ་མ་ཀུ་ལུ་ཛི་ཡ་


PS004_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། མོས་གུས་སྐྱེ་བའི་སྔགས། ཨ་ཏི་ཀནྟི་མ་ཧཱ་ཀནྟི་སྭཱ་ཧཱ། ཆོས་བརྒྱད་ཞི་བའི་སྔགས། ཨི་མ་དྷི་རུ་ས་པ་ནི་རི་སྭཱ་ཧཱ། ཉམས་རྟོགས་འཕེལ་བའི་སྔགས། ཤ་རི་བྷ་ར་ཏི་ན་ཧྲི་ཏ་སྭཱ་ཧཱ། བསྐྱེད་རིམ་གསལ་བའི་སྔགས། ད་པ་ཧ་རི་ནི་ས་ཧྲི་ཏ་སྭཱ་ཧཱ། མཁའ་འགྲོའི་བཀའ་ཆད་མི་འབྱུང་བའི་སྔགས། ག་རུ་ཙནྡྷ་མ་ནུ་ཧྲི་ཏི་སྭཱ་ཧཱ། ཡི་དམ་ཞལ་མཐོང་བའི་སྔགས། ཋ་ན་སིངྒ་གྷ་རུ་ཧྲི་ཏ་སྭཱ་ཧཱ། རླུང་དབུ་མར་ཚུད་པའི་སྔགས། ན་ར་ཧ་རི་ཡ་མ་བྷ་བྷ་སྭཱ་ཧཱ། བྱིང་འཐིམ་མི་འབྱུང་བའི་སྔགས། ཨེ་ཝཾ་མ་ཡ་དྷ་ན་ཧྲི་ཏ་སྭཱ་ཧཱ། རྟོགས་པ་འབྲལ་མེད་འཆར་བའི་སྔགས། ཨ་ར་པ་ཙ་མི་ཏ་ཧྲི་ཏ་སྭཱ་ཧཱ། མ་བསྒྲུབས་པར་སངས་རྒྱ་བའི་སྔགས་སོ། །འཇམ་དཔལ་རྩ་རྒྱུད་ལས། ཨོཾ་ཁེ་ཙ་ར་གྷཾ་ཧཱུྃ་ཧྲཱིཿཋ། ལན་བདུན་བཟླས་ཏེ་རྐང་འོག་ཕུས་གཏབ་ན། །རྐང་འོག་སྲོག་ཆ་གང་ཤི་


PS004_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ཡུལ། །སུམ་ཅུ་རྩ་གསུམ་གནས་སུ་སྐྱེ་བར་གསུངས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡངས་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲང་དང་མཉམ་པ་ལ་ཕྱག་འཚལ་ལོ། །བཀའ་འགྱུར་ཀློག་པའི་དགེ་བ་དང་། །མཉམ་ཞེས་པདྨ་འབྱུང་གནས་གསུངས། །ཨོཾ་དྷུ་རུ་དྷུ་རུ་ཛ་ཡེ་མུ་ཁེ་སྭཱ་ཧཱ། བདུན་བརྗོད་དགེ་སྦྱོར་བྱེ་བར་འགྱུར་ཞེས་གསུངས། འདི་ལྟར་བསྒོམ་བཟླས་བགྱིས་པའི་དགེ་བའི་རྩ་བ་འདིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང་། ལས་ངན་པའི་རྣམ་པར་སྨིན་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་བ་དང་།


PS004_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆག་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །འདི་ལྟར་བསྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོག་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བ་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་ཐོབ་ནས། །སྤྲུལ་པས་ཕྱོགས་བཅུར་འགྲོ་དོན་བྱེད་པར་ཤོག །ཅེས་སོགས་ཀྱིས་བསྔོ་སྨོན་བྱའོ། །དེ་ལྟར་རྒྱལ་བའི་གསུང་པའི་གཟུངས་འདི་རྣམས་ལ་ཐེ་ཚོམ་མེད་པར་བཟླས་བརྗོད་བྱས་ན་ཕན་ཡོན་གཞུང་ནས་གསུང་པ་བཞིན་འབྱུང་བའི་དལ་འབྱོར་དོན་ཡོད་པར་འགྱུར་རོ།། །།

གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ཟབ་མོའི་ཡང་ཞུན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ཟབ་མོའི་ཡང་ཞུན་ཅེས་བྱ་བ་བཞུགས་སོ།། །།


PS004_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འཁྲུལ་རྟོག་ཆོས་སྐུ་དག་པ་ཆེར། །གཅོད་པའི་ཐབས་མང་སྟོན་མཛད་པ། །བླ་མ་ཡུམ་ཆེན་མཆོག་ཞབས་ལ། །བཏུད་ནས་སྙིང་པོའི་རྣལ་འབྱོར་འཆད། །དེའང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་


PS004_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཅེས་ཁྱད་པར་ཅན་གྱི་དོན་བཞིའི་གདམས་ངག་ལག་ལེན་ཏུ་བསྟར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་སྙིང་པོ་དམ་ཆོས་བདུད་ཀྱི་གཅོད་ཡུལ་དུ་གྲགས་པའི་གདམས་ངག་རྒྱ་མཚོ་ལྟ་བུའང་ཏིང་ངེ་འཛིན་གསུམ་དང་མཐུན་པའི་ལྟ་སྒོམ་སྤྱོད་གསུམ་གྱིས་ལམ་གྱི་ཡོན་ཏན་གོང་དུ་སྤེལ་བ་ཡིན་པས་ན་ལུས་སྦྱིན་ཐུན་གཅིག་ལའང་དེ་དག་ཡ་བྲལ་དུ་མ་སོང་བ་དགོས་སོ། །དེ་ལ་གཅོད་ཅེས་བྱ་བའི་དོན་ནི་རང་རྒྱུད་ཀྱི་བདག་དང་བདག་གིར་འཛིན་པ་ལིང་ངེར་སྤངས་ནས། གཞན་སྣང་གང་ལའང་མཚན་འཛིན་གྱི་འདུ་ཤེས་མི་འཇུག་པར་སྒྱུ་མ་ལྟ་བུའི་སྤྱོད་པ་སྤྱད་པ་ཡིན་པས་དེ་གཞིར་བཞག་ནས། ཉམས་ལེན་དངོས་ལ་གསུམ། བདེ་གཤེགས་ཀྱི་བྱིན་


PS004_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་རང་ལ་འཇུག་པར་བྱེད་པ་སྔོན་འགྲོའི་ཆོས། ཤེས་རབ་དང་སྙིང་རྗེའི་སྟོབས་ཀྱིས་སྟོང་པར་གནས་ཤིང་སེམས་ཅན་གྱི་དོན་སྒྲུབ་པ་དངོས་གཞིའི་ཉམས་ལེན། ཇི་སྐད་དམ་བཅས་པ་ལས་མི་འགལ་བར་སྤྱོད་པ་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། ཐེག་ཆེན་གྱི་སྒོར་འཇུག་པ་ནི་བློ་ལྡོག་རྣམ་བཞི་དྲན་པར་བྱས་ལ་སྐྱབས་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཉིའི་སྟེང་། །མ་གཅིག་བླ་མ་ཤེས་རབ་ཕར་ཕྱིན་ལ། །དཀོན་མཆོག་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོས་བསྐོར། །མཁའ་ཁྱབ་འགྲོ་ལ་ཐུགས་རྗེས་གཟིགས་པར་གྱུར། །སྐྱབས་འགྲོ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་གུས་


PS004_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱབས་སུ་མཆི། སེམས་བསྐྱེད་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །མོས་གུས་ཀྱིས་བྱིན་འབེབས་པ་ལ་ཐོག་མར་སྐྱབས་ཡུལ་དེ་ཉིད་ཚོགས་ཞིང་དུ་བྱས་ཏེ། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་གསོལ་བ་གདབ་པ་ནི། ན་མོ་གུ་རུ།


PS004_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕ་རོལ་ཕྱིན་མངའ་རྒྱལ་ཡུམ་དང་། །གཉིས་མེད་མ་གཅིག་ཡུམ་ཆེན་མཁའ་འགྲོའི་གཙོ། །ཟབ་དོན་གཅོད་ཡུལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་འབུལ་ལོ་བཞེས་ནས་ཀྱང་། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོང་ཞིང་། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་གཅིག་ཆོད་རྟོགས་པ་དང་། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། ཁམས་གསུམ་སྲིད་དུ་ཆོད་པར་བྱིན་གྱིས་རློབས། །འགྲོ་དྲུག་གཉེན་དུ་འདུ་བར༴ །འཁོར་འདས་དབྱིངས་སུ་དག་པར༴ །གསུང་འཛིན་འཁྲི་བ་ཆོད་པར༴ །བདག་མེད་


PS004_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཞེས་མོས་གུས་རྩེ་གཅིག་པས་གསོལ་བ་བཏབ་ལ། འཁོར་རྣམས་བླ་མ་ལ་ཐིམ་གནས་གསུམ་གྱི། །འབྲུ་གསུམ་འོད་ཟེར་བདག་གི་གནས་གསུམ་ཞུགས། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། །བླ་མ་འོད་ཞུ་རང་དང་གཉིས་མེད་གྱུར། །གཉིས་པ་དངོས་གཞི་ལ་གསུམ། དང་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྟ་བས་ཐག་བཅད་པ་ལ་དབྱིངས་རིག་བསྲེ་བ་ནི་རླུང་ཁ་སྦྱོར་བྱས་ལ། ལུས་ཀུན་ཁྱབ་པའི་རྣམ་ཤེས་འུབ་ཀྱིས་འདུས། །རྐང་མཐིལ་གཉིས་སུ་ཐིག་ལེ་དཀར་མཚེར་གྱུར། །ཕཊ། རྐང་པའི་སྦུབས་བརྒྱུད་སུམ་མདོར་གཅིག་ཏུ་འདྲེས། །སྤྱི་བོ་ནས་ཐོན་མཁའ་དང་དབྱེར་མེད་གྱུར། །ཕཊ། ཅེས་ནམ་མཁས་གར་ཁྱབ་རིག་པས་ཁྱབ་པར་


PS004_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་བཞག་གོ །ཡུམ་དོན་ངོས་བཟུང་བ་ནི། རང་རིག་རྟག་ཆད་སྐྱེ་འགག་འགྲོ་འོང་བྲལ། །ཡོད་མེད་ལ་སོགས་གང་གི་ཕྱོགས་མ་ལྷུང་། །བྱ་བྱེད་ཕན་གནོད་མ་གྲུབ་ངོས་བཟུང་མེད། །གཞི་རྩ་ཀུན་བྲལ་ནམ་མཁའ་ལྟ་བུའོ། །ཕཊ། ཞེས་གང་ཡང་ཡིད་ལ་མི་བྱེད་པར་ཅི་གནས་སུ་མཉམ་པར་བཞག་གོ །བདུད་བཞི་དབྱིངས་སུ་གཅོད་པ་ནི། །ཡུལ་ལ་གཟུང་འཛིན་སྐྱེས་པ་ཐོགས་བཅས་བདུད། །ཤུགས་འབྱུང་སེམས་ཀྱི་འཆར་སྒོ་ཐོགས་མེད་བདུད། །མཐུན་རྐྱེན་འདོད་རྒུས་གཡེང་བ་དགའ་བྲོད་བདུད། །ཀུན་གྱི་རྩ་བ་འཛིན་རྟོག་སྙེམས་བྱེད་བདུད། །གང་ཤར་སྐྱེ་མེད་དབྱིངས་སུ་བཅད་པར་བྱ། །ཕཊ། ཅེས་རྣམ་རྟོག་ཐོལ་སྐྱེས་རྦད་ཆོད་དུ་གཏང་ངོ་། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པས་ཉམས་


PS004_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བླང་བ་ནི། དབྱིངས་རིག་བསྲེས་པས་སྤྲོས་པ་ཀུན་དང་བྲལ་བའི་རང་རིག་འོད་གསལ་བ་དེ་ཉིད་བསྒོམ་བྱའི་དངོས་གཞི་ཡིན་ལ། དེ་རྟོགས་བྱེད་ཀྱི་རྩལ་སྦྱོང་དུ་ཞི་ལྷག་གི་དམིགས་པའི་རྣམ་འགྱུར་མང་དུ་འབྱུང་ཡང་སྐབས་འདིར་ཕུང་པོ་གཟན་ཏུ་བསྐྱུར་བ་ལ་གཉིས་ལས་ཐོག་མར་དཀར་འགྱེད་ནི། ཕཊ། སྟོང་ཉིད་རྩལ་མདངས་རང་ལུས་ཚེ་བརྗིད་ཚོ། །གཞོན་མཛེས་ཡིད་དུ་འོང་བའི་སྙིང་ག་ནས། །རང་སེམས་གྲི་ཐོད་ཐོགས་པའི་རྣལ་འབྱོར་མ། །བདེ་བའི་ཉམས་ལྡན་མདུན་མཁར་རྒྱངས་ཀྱིས་ཐོན། །རང་བྱུང་སྒྱེད་བུར་བྷཉྫ་ལིང་གིས་ཕོག །བེམ་པོ་ཏིལ་འབྲུ་ཙམ་དུ་བསིལ་ཏེ་བླུགས། །ཨོཾ་ཨཱ༔ཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ་པར་གྱུར། །ཕཊ། རང་རིག་རྩལ་ལས་ཤར་བའི་


PS004_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཀྱི། །མགྲོན་རིགས་རྣམ་པ་བཞི་རུ་གཏོགས་སོ་ཅོག །འདིར་གཤེགས་འདིར་འདུས་སྤྲིན་ཕུང་འཁྲིགས་ལྟར་བཞུགས། །སྤྲུལ་པའི་ལྷ་མོས་ཐོད་པའི་བདུད་རྩིས་མཆོད། །ཕཊ། །རྩ་བརྒྱུད་བླ་མ་དཀོན་མཆོག་རིན་ཆེན་གསུམ། །ཕྱོགས་དུས་རྒྱལ་བ་བྱང་སེམས་ཉན་རང་ཚོགས། །ཐེག་དགུ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷ། །གནས་ཡུལ་མཁའ་འགྲོ་རྒྱུད་གསུམ་དམ་ཅན་ལ། །བླ་མེད་ཀུན་བཟང་མཆོད་པའི་སྤྲིན་ཏུ་འབུལ། །ཟག་མེད་བདེ་བ་ཆེན་པོས་ཐུགས་ཚིམས་ནས། །བདག་སོགས་འགལ་རྐྱེན་ལམ་དུ་ལོངས་པ་དང་། །གཅོད་ཡུལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཕཊ། གཙང་རིགས་དཔལ་མགོན་


PS004_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཅུ་རྩ་སོགས། །ཡོན་ཏན་མགྲོན་རིགས་ཐུགས་ལ་དགྱེས་རྒུར་འབུལ། །འཇིག་རྟེན་མཐའ་དག་བདེ་བས་འཚོ་བ་དང་། །བསམ་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །ཕཊ། དུས་གསུམ་ཕ་མ་ཁམས་གསུམ་སྐྱེ་གནས་བཞི། །རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཐམས་ཅད་ལ། །འདོད་རྒུ་ནམ་མཁའ་མཛོད་ཀྱི་ཆར་བབས་ནས། །སྡུག་བསྔལ་ཀུན་བྲལ་རྟག་ཏུ་བདེ་ཐོབ་ཤོག །ཕཊ། ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །གནོད་འཚོའི་ལན་ཆགས་བདག་པོ་གང་མཆིས་ལ། །ལུས་སྲོག་ལོངས་སྤྱོད་གླུད་དང་བུ་ལོན་འཇལ། །ཤ་འཁོན་ཆོད་ཅིང་བྱང་ཆུབ་སེམས་ལྡན་ཤོག །ཕཊ། སྤྲོ་ན།


PS004_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད། གཉིས་པ་དམར་འགྱེད་ནི། ཕཊ། སྟོང་ཁམས་ཁྱབ་པའི་རང་ལུས་ལས། །རང་སེམས་ཁྲོས་མ་དབྱིངས་སུ་ཐོན། །པགས་པ་བཤུས་ནས་ཕྱལ་གྱིས་བཏིང་། །ཡན་ལག་ལྷུ་གཟུགས་དུམ་བུར་གཏུབས། །དབང་པོ་ནང་ཁྲོལ་སིལ་བུར་སྤུངས། །ཤ་རི་ཁྲག་མཚོ་ཀླད་ཞག་འདམ། །རུས་པའི་གྲམ་ཁྲོད་འཇིག་


PS004_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གང་། །སྦྲེ་སྣུམ་རླངས་པ་མ་ཡལ་བ། །ནུས་བཅུད་ཕུན་ཚོགས་སྐྱེ་བདུན་བཞིན། །མྱོང་གྲོལ་ཟད་མི་ཤེས་པར་གྱུར། །ཕཊ། །སྲིད་པ་གསུམ་ན་གནས་ཤིང་རྒྱུ། །ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན། །འཆི་བདག་གཤིན་རྗེ་གནས་ལུས་གདོན། ཁྱད་པར་བདག་སོགས་སེམས་ཅན་ལ། །གནོད་འཚེའི་བསམ་སྦྱོར་འཆང་བ་རྣམས། །འཁོར་གཡོག་སྡེ་དང་དཔུང་བཅས་པ། །སྐད་ཅིག་མྱུར་དུ་འདིར་འདུས་ཤིག །ཕཊ། །མ་རིག་དབང་གིས་ཐོག་མེད་ནས། །སྡུག་བསྔལ་རྟེན་གཞི་ལུས་འདི་གྲུབ། །སྔོན་ཆད་བདག་ཏུ་བཟུང་བས་ཕུང་། ཁྱེད་རྣམས་དྲིན་ཅན་ཕ་མ་སྟེ། །དེ་སྔ་འདྲེ་རུ་འཛིན་པས་འཁྲུལ། །ད་ནི་བདག་


PS004_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལིང་གིས་བོར། །ཅི་སྣང་བདེན་མེད་སྒྱུ་མའི་ངང་། །ཆགས་ཞེན་མེད་པར་ཅི་འདོད་སྟེར། །ཤ་ཁྲག་རུས་པ་དབང་པོ་ལྔ། །ནང་ཁྲོལ་པགས་པ་རྩ་རྒྱུས་སོགས། །བཙོ་བསྲེགས་རློན་པ་གང་བདེར་ཟོ། །དོགས་མེད་དགའ་བའི་ཡིད་ཀྱིས་སྤྱོད། །ཐུབ་ཚད་ཟོ་ལ་ཁྱག་ཚད་ཁུར། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །དགའ་མགུ་ཡི་རང་བྱང་སེམས་ལྡན། །ཉོན་མོངས་སྡིག་སྒྲིབ་ཀུན་ཞི་ནས། །ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཕཊ། གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པས་བོག་དབྱུང་བ་ནི། ལྟ་སྒོམ་དེ་དག་ཉམས་སུ་བླངས་པས་ནང་གི་སྙེམས་རྟོག་སྟན་ཐོག་ཏུ་ཆོད་པ་ན། བརྟན་ཅིང་བོགས་དབྱུངས་པའི་ཆེད་དུ་གདམས་ངག་ཁྱད་པར་བ་དང་ལྡན་པས་གཉན་ཁྲོད་འགྲིམས་ཞིང་བསླངས་ཚད་ཚར་ཚད་གཏན་ལ་དབབ་པ་ཡིན་ཀྱང་།


PS004_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་ལྟ་སྒོམ་དེ་དག་ཉམས་སུ་ལེན་པའི་ཚེ་སྙེམས་བྱེད་ཀྱི་རྟོག་པ་ལྷོངས་ན་འབུར་འཇོམས་སུ་གཅོད་དེ། སེམས་ནི་སྟོང་ཉིད་ནམ་མཁའ་འདྲ། །འདྲེ་བས་སངས་རྒྱས་ཀྱིས་མ་གཟིགས། །ལུས་ནི་སྦྱིན་པ་བཏང་ཟིན་པས། །ཆགས་དང་ཞེན་ཡུལ་སྤུ་ཙམ་མེད། ཁྱེད་རྣམས་ཇི་ལྟར་དགའ་བ་གྱིས། །བདག་འཛིན་བརླག་པར་མཛད་དུ་གསོལ། །ཕཊ། ཅེས་ནང་དང་གསང་བའི་སློང་གང་བྱུང་སྟོང་ཉིད་ཀྱི་དབྱིངས་སུ་བཅད་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ་སྟེ། བྱམས་པ་དང་ཆོས་ཀྱི་སྦྱིན་པ་བྱ་བ་ནི། གནོད་བྱེད་གཙོར་གྱུར་ཕ་མ་སེམས་ཅན་གྱི། །སྡིག་སྒྲིབ་སྡུག་བསྔལ་མ་ལུས་བདག་ལ་སྨིན། །བདག་གི་བདེ་དགེ་དེ་དག་ལ་སྨིན་ནས། །འགྲོ་ཀུན་སྡུག་བསྔལ་དང་བྲལ་བདེ་ལྡན་ཤོག །ཕཊ། །ཆོས་རྣམས་


PS004_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློགས་དང་སྤྲིན་ལྟ་བུར། །འདུ་བྱས་ཆོས་རྣམས་དེ་ལྟར་བལྟ། །བཅད་བྱ་གཅོད་བྱེད་དབྱིངས་སུ་བསྐྱལ་བ་ནི། །ལྷ་ཡང་སེམས་ལ་འདྲེ་ཡང་རང་གི་སེམས། །རང་སེམས་གདོད་ནས་མ་སྐྱེས་སྤྲོས་པ་བྲལ། །རྟེན་ཅིང་འབྲེལ་འབྱུང་སྣང་ལ་མ་འགག་པར། །ཞེན་མེད་སྒྱུ་མའི་འཁྲུལ་འཁོར་


PS004_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་ཐིམ། །ཕཊ། ཅེས་རང་ངོ་ལ་ཆེར་གྱིས་བལྟས་ཏེ་སེམས་སྣང་སྟོང་ཉིད་དུ་བསྟིམ། རྗེས་ཐོབ་བསྔོ་སྨོན་གྱི་རྒྱས་གདབ་པ་ནི། །དགེ་བ་འདི་ཡིས་མཁའ་མཉམ་འགྲོ་བ་ཀུན། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས། །བདག་འཛིན་བློས་ཐོང་རྐྱེན་ངན་གྲོགས་སུ་འཆར། །ཆོས་སྐུ་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་གཞན་ཡང་ཐེག་པ་ཆེན་པོའི་བསྔོ་སྨོན་ཅི་ལྟར་རིགས་པ་བྱའོ། །འདི་ནི་གཅོད་ཡུལ་གྱི་ལམ་ཟབ་དྲིལ་བའི་དབང་དུ་བྱས་པས་རྒྱུན་ཏུ་ཉམས་ལེན་ནུས་ན་མཆོག་ཡིན་ལ། བསྡུ་ན་དམར་འགྱེད་རྗེས་འབྲེལ་བཅས་བོར། ཤིན་ཏུ་བསྡུ་ན། ན་མོ་གུ་རུ་སོགས་གསོལ་འདེབས་ཤློ་ཀ་ཕྱེད་གསུམ་འཕྲོས། དཀར་འགྱེད་ཚང་བ་བྱས་མཐར། བྱམས་པ་དང་ཆོས་སྦྱིན་ཕྱིན་ཆད་ཀྱིས་མཐར་དབྱུང་ངོ་། །ཇི་ལྟར་དྭགས་བརྒྱུད་


PS004_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་བཞིན། །མདོ་སྔགས་ཀུན་ཁྱབ་ལྟ་སྤྱོད་ལ། །ཐབས་ལ་མཁས་པའི་གདམས་པས་བརྒྱན། །དབང་པོ་ཀུན་དང་འཚམས་པའི་ཆོས། ཁྱེར་བདེ་ཙམ་ལ་ལུང་ཁུངས་དང་། །ས་བཅད་མཛེས་ཁྲིགས་མི་དགོས་ཀྱང་། །དེང་སང་ལྟོ་རྒྱབ་ཙམ་གྱི་ཕྱིར། །གཅོད་ལོག་དོན་གཉེར་ཆས་མང་བས། །འདིས་ཀྱང་རང་འདྲའི་སྐལ་མཉམ་པ། །ཕན་འདོད་ལྷག་པའི་བསམ་པས་སྦྱར། །དགེ་བས་རྣམ་དག་གཅོད་ཡུལ་གྱིས། །འགྲོ་ཀུན་བདག་འཛིན་གཅོད་པར་ཤོག །ཅེས་པའང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་པོ་རྣམས་ཀྱི་ཉམས་ལེན་ལ་གཙོ་བོར་དམིགས་ཏེ། རྒྱལ་ཐང་པ་བསམ་གཏན་འོད་ཟེར་དང་ཆོས་རྗེ་འཇམ་དབྱངས་མགོན་པོའི་ཉེ་བརྒྱུད་ཀྱི་བཀའ་སྲོལ་ཇོ་ནང་རྗེ་བཙུན་ཆེན་པོ་དང་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསུང་རབ་དག་གི་བཅུད་བསྡུས་ཏེ་གཅོད་ཡུལ་གྱི་གདམས་པའི་ཆུ་རྒྱུན་མང་དུ་འཐུང་བའི་སྐལ་པ་དགེ་བ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙཱ་འདྲ་རིན་ཆེན་བྲག་གི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།

མཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས་ཞེས་བྱ་བ་བཞུགས་སོ།། །།


PS004_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་དཔལ་ལ་བཏུང་ནས། །གྲུབ་ཆེན་ཁྱུང་པོས་སྦྱོར་ལམ་པ། །རྒྱལ་གནང་བའི་གདམས་ཟབ་འདི། །བྱ་སླ་བསོད་ནམས་ཚད་མེད་གསུངས། །དེ་ཉིད་ཉམས་སུ་བླང་བར་འདོད་པས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། སངས་རྒྱས་ཆོས་ཚོགས་སོགས་ཀྱིས་སྐྱབས་སེམས་ལན་གསུམ་བྱ། རང་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་གྱུར། ཞེས་འཇམ་དཔལ་ཡིད་ལ་གང་བདེ་བ་ཞིག་བསྐྱེད་ལ་ཡང་སྙིང་ཡིག་དྲུག་ཅུང་ཟད་བཟླ།


PS004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་དཀར་པོར་བསྐྱེད་ན་ཨོཾ་བཱ་ཀྱཻ་དཾ་ན་མཿདང་དམར་པོར་བསྐྱེད་ན་ཨོཾ་ཝཱ་གཱི་ཤྭ་རི་མུཾ་བཟླ་ཆོག །དེ་ནས། བྱ་རྒོད་སྤུངས་རིའི་སྟེང་དུ་རིན་ཆེན་ཁྲི། །ལོགས་བཞི་གྱད་ཆེན་ཟུར་བཞི་སེང་གེས་བཏེགས། །དབུས་རྐང་གསེར་གྱི་རྡོ་རྗེ་རྩེ་ལྔས་མཚན། །བད་འཕྱངས་ཟར་ཚགས་རཏྣའི་ཕ་གུ་བརྩེགས། །དྲྭ་བ་དྲྭ་ཕྱེད་རྔ་ཡབ་མེ་ལོང་ཉི། །ཟླ་བ་ཟླ་


PS004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གདུགས་དང་པ་ཏྲས་བརྒྱན། །དྲིལ་བུ་གཡེར་ཁ་རླུང་གི་བསྐྱོད་པ་ལས། །སྣ་ཚོགས་ཆོས་ཀྱི་སྒྲ་སྙན་ཡིད་འོང་སྒྲོག །དེ་སྟེང་པྃ་དང་ཨ་ལས་པད་ཟླའི་སྟེང་། །ཧཱུྃ་ཡིག་སེར་པོའི་འོད་ཀྱིས་དོན་གཉིས་བྱས། །ཚུར་འདུས་རང་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །གསེར་མདོག་འོད་འབར་ཞི་འཛུམ་མཚན་དཔེས་བརྒྱན། །ས་གནོན་མཉམ་བཞག་ཆོས་གོས་རྣམ་གསུམ་གསོལ། །མདུན་དུ་པྃ་ལས་པད་སྟེང་ཧྲཱིཿསེར་པོའི། །འོད་ཀྱིས་དོན་གཉིས་བྱས་ནས་ཡོངས་གྱུར་ལས། །ཡུམ་ཆེན་ཤེར་ཕྱིན་ཕྱོགས་བཅུའི་རྒྱལ་བས་བསྐོར། །དེ་རྒྱབ་འཇམ་དཔལ་གསེར་མདོག་ཕྱག་བཞི་ཡིས། །རལ་པོད་མདའ་གཞུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ལྷོ་རུ་པྃ་དང་རྃ་


PS004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པད་ཉིའི་སྟེང་། །ཧཱུྃ་ལས་ཕྱག་རྡོར་སྔོན་པོ་ཁྲོ་བོས་བསྐོར། །ནུབ་ཏུ་པྃ་ལས་ཨ་ལས་པད་ཟླའི་སྟེང་། །ཨཱཾ་ཡིག་ཡོངས་གྱུར་འཕགས་པ་ཤཱ་རིའི་བུས། །གསེར་གྱི་མདོག་ཅན་ཉན་ཐོས་འཕགས་པས་བསྐོར། །བྱང་དུ་པྃ་དང་ཨ་ལས་པད་ཟླའི་སྟེང་། །ཧྲཱིཿལས་སྤྱན་རས་གཟིགས་དབང་བྱང་སེམས་ཚོགས། །བྱང་ཤར་ལྷ་དང་ཤར་ལྷོར་ལྷ་མ་ཡིན། །ལྷོ་ནུབ་མི་དང་ནུབ་བྱང་ངན་སོང་གསུམ། །གཞན་ཡང་འགྲོ་བ་དཔག་ཏུ་མེད་པ་རྣམས། །དད་ཅིང་གུས་པས་ཆོས་ཉན་ཚུལ་དུ་གནས། །རང་གི་ཡ་རྐན་པྃ་ལས་པདྨ་དང་། །རཾ་ལས་ཉི་མར་ཨྃ་ཡིག་དམར་པོའི་མཐར། །ཨཱ་ལི་ཀཱ་ལི་ཉིས་འགྱུར་ཕྲེང་བ་རྣམས། །


PS004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱགས་པའི་ཟར་བུ་བཞིན་ཏུ་རམ་མེར་བསྐོར། །མ་རྐན་པྃ་དང་ཨ་ལས་པད་ཟླའི་སྟེང་། །ཨ་དཀར་མཐའ་རུ་དབྱངས་གསལ་ཉིས་འགྱུར་གྱིས། །ཕྲེང་བ་བྱ་དཀར་གདངས་ལ་བསྒྲིགས་བཞིན་འཁོད། །ལྕེ་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། །རྩེ་མོར་མུྃ་ཡིག་སེར་པོས་མཚན་པར་གྱུར། །བླ་མེད་ཆོས་ཀྱི་སྦྱིན་པ་རླབས་པོ་ཆེས། །ནམ་མཁའི་མཐའ་ཁྱབ་འགྲོ་རྣམས་དགྲོལ་བར་བྱ། །ཞེས་མོས་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་ནས་རྒྱ་སྐད་ནས་བརྩམ། ཨ་ཨཱ་ཨི་ཨཱི་སོགས་སྔགས་གོང་མར་སླེབ་པ་དང་དེ་ཉིད་ལན་གསུམ་འདོན། གཞུག་གི་སྔགས། ཨོཾ་སརྦ་དྷརྨཱ་སོགས་ཀྱང་ཡར་བླངས་ལན་གསུམ་བརྗོད། དེ་ནས། འདི་ལྟར་སངས་རྒྱས་སོགས་མཐར་ཆགས་སུ་བཀླགས། གཤམ་གྱི་སྔགས་ལ་སླེབ་


PS004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལན་གསུམ་བརྗོད། ཡང་གོང་གི་སྔགས་དེ་ཡང་ཕྱིར་བླངས་ལ་ལན་གསུམ་བརྗོད་ཅིང་། དེ་ནས་དཔལ་ལྡན་སོགས་མཐར་དབྱུང་ལ། ཀུ་རུ་ཀུལླེའི་སྔགས་ལན་གསུམ། འཇམ་དཔལ་ཡང་སྙིང་ཡིག་དྲུག་ཁ་ཤས་བཟླ། ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་སཱ་ར་མ་ཧཱ་ཛ་བ་ཧཱུྃ། ཞེས་བདུན་ནམ་ཉེར་གཅིག་བརྗོད་པས་དགེ་སྦྱོར་དེ་བྱེ་བ་ཕྲག་གཅིག་ཏུ་འགྱུར་རོ། །མཐར་བསྔོ་སྨོན་རྣམ་དག་གང་ཤེས་ཀྱིས་རྒྱས་གདབ་པར་བྱའོ། །བཀླགས་པས་གྲོལ་བ་རྒྱུད་ཀུན་གྱི། །བདག་པོ་འདི་ལྟར་གཅིག་བཀླགས་པས། །རང་བཞིན་ཀློག་པ་བརྒྱ་རྩ་དང་། །མཉམ་ཞེས་མཁས་གྲུབ་ཆེ་དེས་གདམས། །སྐལ་ལྡན་ཀུན་གྱི་འདི་ལྟར་དུ། །བཀླགས་ཤིང་འཇམ་དཔལ་དཔའ་བོ་དང་། །ཡོན་ཏན་ཕྲིན་ལས་མཉམ་གྱུར་པའི། །གོ་འཕང་མྱུར་བ་ཉིད་ཐོབ་ཤོག །ཅེས་པའང་བསླབ་པ་གསུམ་ལ་གཞོལ་བ་ཀརྨ་ལྷ་དཔལ་ནས་གཞན་ཕན་ལྷག་པའི་བསམ་པས་རྒྱུད་ཀྱི་རྒྱལ་པོའི་སྤར་ཆུང་དཔལ་


PS004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་ས་ཆེན་པོར་ལག་བསྟར་དུ་བཞེངས་པའི་དགེ་བའི་མཐུན་རྐྱེན་ཏུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཁྱེར་བདེར་བྲིས་པ་དགེ་ལེགས་འཕེལ།། །།

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།


PS004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བཞུགས་སོ། །


PS004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་


PS004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། ཁྲོ་གཉེར་རིམ་པ་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་


PS004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་


PS004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མཚན་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་


PS004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགྱེས་པ་ཡིས། །རབ་གསུངས་གང་ལགས་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་འདི། །བདག་གི་བསམ་པ་བསྟན་པོས་གཟུང་། །ཉོན་མོངས་མ་ལུས་གསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡི། ཁྱད་པར་ཇི་བཞིན་རབ་བཤད་བགྱི། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་བཏབ་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་


PS004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི་སྤྱན་སྔར་འདུག །གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་


PS004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་མཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། ཁྱོད་ལ་ལེགས་པར་བསྟན་པར་བྱ། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ལན་གྱི་གསུངས་ཚིགས་སུ་བཅད་པ་དྲུག་གོ །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་


PS004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཙུག་ཏོར་ཆེར་གཟིགས་ནས། །རིགས་དྲུག་ལ་གཟིགས་པའི་ཚིགས་སུ་བཅད་པ་གཉིས་སོ། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ སྙིང་ལ་གནས། སྠི་ཏོ་ཧྲྀ་དི་ཛྙཱ་ན་མུརྟྟི་ར་ཧཾ་བུདྡྷོ་བུདྡྷཱ་ནཱན་ཏྲྱ་དྷྭ་བརྟྟཱི་ནཱན། ཡེ་ཤེས་སྐུ་བདག་སངས་རྒྱས་ཏེ། །སངས་རྒྱས་དུས་གསུམ་བཞུགས་རྣམས་ཀྱིའོ། །ཨོཾ་བཛྲ་ཏིཀྵྞ་དུཿཁཙྪ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ འདི་ལྟར་སངས་ཨོཾ་རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་སྐུ་ཅན་ཏེ། །ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག །འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བས་མངོན་པར་


PS004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱང་ཆུབ་པའི་རིམ་པ་ཚིགས་སུ་བཅད་པ་གསུམ་མོ། །རྒྱས་བཅོམ་ལྡན་འདས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་


PS004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །


PS004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །


PS004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚིགས་སུ་བཅད་པ་བཅུ་བཞིའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་


PS004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་


PS004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ངེས་འབྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བ་དབང་པོ་ཐུལ། །བདེ་བ་རྙེད་པ་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པ་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་


PS004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་འགྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་བདག །སོ་སོ་


PS004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པ་མཆོག །ཤེས་པ་སྲིད་བྱུང་སྐྱེ་གནས་ཏེ། །ཆོས་ལས་བྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་པ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །


PS004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཆོག་སྔགས་བདག་རིག་པའི་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་སྐུ་ཡི་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་འོས་རྗེད་འོས་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་ལྡན། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཤིན་ཏུ་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ཚིགས་བཅད་རྐང་པས་དམན་པ་ཉི་ཤུ་རྩ་ལྔའོ། །


PS004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལཱ་ཧ་ལཱ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །དྲག་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་


PS004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་ལྤགས་པ་མཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་


PS004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །མེ་ལོང་ཡེ་ཤེས་ཀྱི་ཚིག་སུ་བཅད་པ་རྐང་པ་དང་བཅས་པ་བཅུའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །


PS004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་པ་མེད་ཅིང་ཆེ་བར་གྲགས། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་


PS004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་


PS004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་པ། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་


PS004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་པ་སྐྱབས་སུ་འོས། །འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་སྟེ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིར་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོ་འུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་


PS004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །


PS004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ཉོན་མོངས་ནད་ཀྱི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་


PS004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར་བའི་


PS004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འོད། །རྡོ་རྗེའི་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་རྒྱལ་བས་རྒྱལ། །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་


PS004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་ཡང་དག་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་


PS004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྕེ་འོད་རབ་གསལ། །སོ་སོར་གཟིགས་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་སོ། །འདོད་པའི་དོན་སྒྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །དཔའ་བོ་མི་སྡུག་གཟུགས་འཆང་བ། །ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་བ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །


PS004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ཏེ་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་མཆོག་གི་བློ། །སྲིད་པའི་འདོད་ཆགས་ལ་སོགས་འདས། །སྲིད་གསུམ་དགའ་བ་ཆེན་པོ་པ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་


PS004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་


PS004_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་


PS004_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེ་དང་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགོགས་པ་འཆང་། །སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡིད་ནང་གནས། །དེ་དག་སེམས་དང་མཐུན་པར་འཇུག །


PS004_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་མཐའ་འཁྲུལ་པ་ལྡན་པ་མིན། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློས། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་པ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་རྟོག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚིགས་བཅད་ཉི་ཤུ་རྩ་བཞིའོ།། །།སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་


PS004_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཡན་ལག་མེད་པ་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་


PS004_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགྲོ་བའི་དོན་བྱེད་པ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷའི་བླ་མ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིགས་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེན་བ་པོ། །བྱམས་པའི་གོ་ཆས་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་


PS004_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོའི་འཇིགས་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པ་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་


PS004_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བསྐུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཅོ་ལྔའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །


PS004_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞེད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུས། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་བཅད་ལྔའོ། །འཁོར་ལོ་དྲུག་པའི་རྗེས་སུ་བསྔགས་བརྐང་པ་ཚད་མེད་པ་རྣམས་སོ། །ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨ། པྲ་ཀྲྀ་ཏི་པ་རི་ཤུདྡྷ། སརྦ་དྷརྨཱ་ཨོཾ་ཆོས་ཐམས་ཅད་དངོས་པོ་མེད་པར་རང་བཞིན་


PS004_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་རྡོ་རྗེ། ཨ་ཨཱ་ཨཾ་ཨཿ རང་བཞིན་ཡོངས་སུ་དག་པའི་ཆོས་ཐམས་ཅད་འདི་ལྟ་སྟེ། ཡ་དུ་ཏ་སརྦ་ཏ་ཐ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་ད་ཡེ་ཏ། ཨ་ཨཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཧ་ར་ཧ་ར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་གཟུང་བར་བྱའོ་ཞེས། ཨ་ཨཿ ཨོཾ་ཧཱུྃ་ཧྲཱིཿ ཨོཾ་ཧཱུྃ་ཧྲཱིཿ བྷ་ག་བཱཾ་ཛྙཱ་ན་མཱུ་རྟི། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། བཱ་གཱི་ཤྭ་ར་མ་ཧཱ་བཱ་ཙ་སརྦ་དྷརྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གྷ་ཨཿ དེ་ནས་དཔལ་ལྡན་རྡོ་རྗེ་གསུང་གི་དབང་ཕྱུག་སྨྲ་བ་ཆེ། ཆོས་ཀུན་ནམ་མཁའ་དྲི་མ་མེད། །ཤིན་ཏུ་ཡོངས་སུ་དག་པ་ཡི། །ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཨཱཿ སྔགས་དགོད་པའོ། །འཆང་། དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་


PS004_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཏེ། །རྣམ་མང་མགོན་པོ་གཞན་རྣམས་དང་། །གསང་དབང་ལག་ན་རྡོ་རྗེ་དེ། ཁྲོ་བོའི་རྒྱལ་པོར་བཅས་རྣམས་ཀྱིས། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་རྗེས་ཡི་རང་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །འགྲོ་བ་མགོན་མེད་རྣམས་དང་ནི། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །རྣམ་དག་ལེགས་པའི་ལམ་འདི་ནི། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་སོ། །


PS004_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བསྡུས་པའོ། །འཕགས་པ་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བདག་པོ་ཏིང་ངེ་འཛིན་དྲ་བའི་ལེའུ་ལས་ཕྱུང་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་པར་བརྗོད་པ་རྫོགས་སོ།། །།འདི་ལོ་ཆེན་རིན་ཆེན་བཟང་པོ་དང་། ཤོང་བློ་གྲོས་བརྟན་པའི་འགྱུར་ལ། རྒྱ་གར་གྱི་དཔེ་དང་རྒྱ་འགྲེལ་ཆེན་མོ་རྣམས་དང་མཐུན་པར་ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་ཞུས་ཆེན་ལེགས་པར་བགྱིས་པའོ། །སརྦ་མངྒ་ལཾ།། །།ཉཿ རྒྱ་གར་སྐད་ད༔ ཨཱརྱ་མཉྫུ་ཤྲཱི་ཏནྟྲ་ཙིཏྟ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་༔ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་


PS004_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ནཱ་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ རྫོགས་པའི་སངས་རྣམས་ཀྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ༔ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་

སྨོན་ལམ། མཁྱེན་བརྩེའི་དབང་པོ།


PS004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། གཞི་རྒྱུད་ཟབ་གསལ་དབྱེར་མེད་འཇམ་པའི་དཔལ། །ལམ་རྒྱུད་ཐབས་ཤེས་ཟུང་འཇུག་འཇམ་པའི་དབྱངས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་ལྷན་ཅིག་སྐྱེས། །བླ་མ་འཇམ་པའི་རྡོ་རྗེར་ཕྱག་འཚལ་ལོ། །གསང་བའི་བདག་པོས་རྫོགས་པའི་སངས་རྒྱས་ལ། །གསོལ་བཏབ་ཞལ་བཞེས་རིགས་དྲུག་སྒྱུ་འཕྲུལ་ཆེ། །རྡོ་རྗེ་དབྱིངས་དང་ཡེ་ཤེས་རྣམ་པ་ལྔའི། །ཚིགས་བཅད་བསྟོད་དང་གསང་བའི་སྔགས་དགོད་པ། །


PS004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་གསུངས་རྗེས་སུ་ཡི་རང་དང་བཅས་པའི། །རྒྱུད་ཀུན་བདག་པོ་འཇམ་དཔལ་ཡེ་ཤེས་སེམས། །དོན་དམ་མཚན་ནི་ཡང་དག་བརྗོད་པའི་མཆོག །གསུང་གཅིག་ཉིད་ལས་མཐའ་ཡས་དམ་ཆོས་ཆར། །འདོད་རྒུར་འཆར་བའི་རྫོགས་ལྡན་སྤྲིན་ཆེན་པོ། །གང་འདིར་མི་ཕྱེད་དད་པས་ཀུན་བསླངས་ཏེ། །བསོད་ནམས་བྱས་པའི་དངོས་པོ་ཇི་སྙེད་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །དགེ་བ་དེ་ཡིས་བདག་གཞན་ཡིད་ཅན་ཀུན། །དལ་འབྱོར་མཆོག་ཐོབ་ཐུབ་པའི་བསྟན་ལ་ཞུགས། །བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་སྟེ། །ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་ཤོག །བརྩེ་དང་བྱང་སེམས་གཉིས་སུ་མེད་བློ་


PS004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །རྡོ་རྗེའི་རྣལ་འབྱོར་ཟབ་མོ་མངོན་གྱུར་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་མཐའ་ཡས་པ། །འཇམ་དཔལ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་བསྟན་འཛིན་མཆོག་རྣམས་ཞབས་པད་བསྟན། །བཤད་སྒྲུབ་བསྟན་པ་རིན་ཆེན་ཕྱོགས་བཅུར་འཕེལ། །སྣོད་བཅུད་རྫོགས་ལྡན་དུས་ཀྱི་འབྱོར་པ་རྒྱས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བསླབ་གསུམ་དང་ལྡན་ཞིང་སྒྲུབ་ལ་མཆོག་ཏུ་གཞོལ་བའི་དགེ་སྦྱོང་ཀརྨ་ལྷ་དཔལ་གྱི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་དད་བརྩོན་གྱིས་སྤར་དུ་སྒྲུབ་པའི་སྐབས། རྒྱུད་ཀྱི་དགོངས་དོན་དང་བསྟུན་པའི་སྨོན་ལམ་ཁ་ཏོན་དུ་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བའི་ངོར། རྒྱུད་དོན་གྱི་ས་བཅད་མདོར་བསྡུས་པ་བཅས་གཞིར་བཀོད་དེ། རིག་འཛིན་གྱི་བཙུན་པ་འཇམ་དབྱངས་བླ་མ་


PS004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་གསུམ་པ་ཙ་འདྲ་རིན་ཆེན་བྲག་གི་མགུལ། བཤད་སྒྲུབ་བྱེ་བའི་འབྱུང་གནས་འཇམ་མགོན་དགྱེས་པའི་གཞལ་མེད་ཁང་ཆེན་པོར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །། སརྦ་མངྒ་ལམ།། །།

ཚོགས་གསོག་གི་རིམ་པ་དང་རྗེས་སུ་འབྲེལ་བའི་སྡོམ་པ་གསུམ་གྱི་གསོ་སྦྱོང་ཐར་པའི་ཐེམ་སྐས་ལས་རྒྱུན་གྱི་ཉམས་ལེན་བསྡུས་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


PS004_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གསོག་གི་རིམ་པ་དང་རྗེས་སུ་འབྲེལ་བའི་སྡོམ་པ་གསུམ་གྱི་གསོ་སྦྱོང་ཐར་པའི་ཐེམ་སྐས་ལས་རྒྱུན་གྱི་ཉམས་ལེན་བསྡུས་པ་བཞུགས་སོ།། །།


PS004_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། དུས་ཆེན་བཞིའམ་རྒྱུན་དུའང་སྤྲོས་པས་ལྕོག་ན། རྗེས་དྲན་དྲུག་དང་ཕྱག་རྒྱ་ལྔའི་མདོ་རྣམས་ཚང་བའི་རྒྱས་པ་ཉིད་ངོ་མཚར་ཤིན་ཏུ་ཆེ་བས་དེ་ལྟར་བྱ་དགོས་ཤིང་། རྒྱུན་གྱི་ཉམས་ལེན་ལྟ་བུར་སྤྲོས་པ་བསྡུ་བར་འདོད་ན། རྟེན་དང་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་བ་དང་། མཎྜལ་འདུ་བྱས་ཏེ། ཐོག་མར། ན་མོ་གུ་རུ། དོན་དམ་དབྱིངས་ལ་འགྲོ་འོང་གནས་པ་བྲལ། །རྣམ་པའི་ཚུལ་ལས་ཕྱོགས་དུས་ཀུན་ཏུ་ཁྱབ། །


PS004_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀུན་གྱི་གདོད་མའི་གནས་ལུགས་མཆོག །སངས་རྒྱས་བླ་མ་ཆོས་སྐུར་སྐྱབས་སུ་མཆི། །ནམ་མཁའི་མཐས་གཏུགས་སེམས་ཅན་སྒྱུ་མ་འདྲ། །འཁྲུལ་པའི་སྣང་བ་ཙམ་འདི་རང་སངས་ནས། །ཡེ་ཤེས་རོ་མཉམ་གཅིག་ལ་འགོད་པའི་ཕྱིར། །བླ་མ་སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་


PS004_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། རྒྱལ་མཆོག་འདྲེན་པ་ཤཱཀྱ་ཐུབ། །སངས་རྒྱས་བཅོམ་ལྡན་འདས་འདི་ཉིད་དོ། །ཅེས་དལ་བུས་བརྗོད་ལ་དོན་བསམ་སྟེ། དེ་ཡང་། བདུད་བཞི་བཅོམ་ཞིང་སྐལ་པ་དྲུག་དང་ལྡན། །གནས་ལུགས་ཇི་བཞིན་གཟིགས་པ་མ་ནོར་བ། །ཉོན་མོངས་བག་ཆགས་བཅས་པ་མ་ལུས་བཅོམ། །ཉེས་སྐྱོན་ཀུན་སངས་ཤེས་བྱ་ཐམས་ཅད་ལ། །མཁྱེན་སོགས་རབ་རྒྱས་དུས་གསུམ་མ་ལུས་མཁྱེན། །རྫུ་འཕྲུལ་བགྲོད་པ་ནམ་མཁའི་མཐས་གཏུགས་ཁྱབ། །རྒྱུ་མཆོག་བསྒྲུབས་པས་


PS004_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་བླ་མེད་བརྙེས། །ལས་ཉོན་སྡུག་བསྔལ་འཁོར་བ་མཐའ་དག་རིག །སྐྱེ་འགྲོ་སེམས་ཅན་མ་ལུས་ཐབས་ཀྱིས་འདུལ། ཁྱོད་ལས་ལྷག་དང་ཁྱོད་མཚུངས་གང་ནའང་མེད། །ཀུན་ལ་ཐར་ལམ་སྟོན་པའི་ཕྲིན་ལས་ཅན། །ཅེས་པ་ཚིག་རེ་རེའི་དོན་བསམ། དེ་ལྟར་སངས་རྒྱས་ཀུན་གྱི་ཆོས་ཀྱི་སྐུ། །རྟག་ཅིང་མི་འགྱུར་ཡོན་ཏན་ཀུན་དང་ལྡན། །གདོད་ནས་ཉེས་པ་ཀུན་ལས་གྲོལ་གྲོལ་བ། །འཁོར་འདས་ཀུན་ལ་རྟག་ཏུ་ཁྱབ་པར་བཞུགས། །སྤྲོས་པའི་མཐའ་རྣམས་ཀུན་གྱིས་རྟག་ཏུ་དབེན། །བདག་ལ་རྒྱལ་བའི་ཆོས་སྐུ་འདི་ཉིད་བཞུགས། །མེ་ཏོག་གར་ཡོད་མེ་ཏོག་དྲི་ཡོད་ལྟར། །གཟུགས་སྐུ་གཉིས་ཀྱང་བདག་དང་


PS004_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་མེད། །ཅེས་བརྗོད་ཅིང་དོན་བསམ། འདི་ལྟར་ནས་བཟུང་དེ་ཉིད་ལན་མང་དུ་བསམ་མོ། །རང་གི་མདུན་ནམ་སྤྱི་བོའམ་སྙིང་གར་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་གྱུར། འདི་ཉིད་རྩ་བའི་བ་མ་དམ་པ་ཡིན། །དཔལ་ལྡན་བླ་མ་སངས་རྒྱས་བཅོམ་ལྡན་འདས། །ཆོས་སྐུ་ཉག་གཅིག་ནམ་མཁའི་མཐའ་དང་མཉམ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་ལོབས། །ཆོས་ཀུན་རང་བཞིན་གདོད་མའི་ཡེ་ཤེས་འདི། །དཔལ་ལྡན་བླ་མའི་ཐུགས་མཆོག་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་དང་རོ་མཉམ་གཉིས་སུ་མེད། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྣམ་རྟོག་འབད་རྩོལ་སྤྲོས་པ་མི་


PS004_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཡང་། །གང་འདུལ་སྐུ་ཡི་སྣང་བ་མཐའ་ཡས་སྟོན། །གཟུགས་སྐུ་བཤེས་གཉེན་དམ་པའི་རྣམ་པར་ཤར། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བ་རིགས་ལྔ་གདོད་ནས་ལྷུན་གྲུབ་སྟེ། །གཞན་སྣང་ཕུང་ལྔའི་ཚུལ་གྱིས་འགྲོ་དོན་མཛད། །ཕུང་པོའི་རྣམ་པས་འདུལ་བའི་འགྲོ་ཀུན་སྒྲོལ། །ཕུང་པོ་གཞན་མཆོག་ཁྱོད་ལ་གསོལ་བ་འདེབས། །ཆོས་ཉིད་གདོད་མའི་དེ་བཞིན་གཤེགས་པ་གང་། །སེམས་དཔའ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་མ། །འབྱུང་བཞི་དབང་པོ་སོགས་ཀྱིས་འདུལ་བ་ལ། །དེ་དེའི་རྣམ་པར་སྟོན་ལ་གསོལ་བ་འདེབས། །ཀུན་གྱི་རང་བཞིན་ཡེ་ཤེས་སྤྲོས་བྲལ་ལས། །ཆོས་


PS004_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མཁའ་ཁྱབ་ཞེས་བྱ་གཞན་ཡོད་མིན། །དེ་ཉིད་དྲིན་ཆེན་ཆོས་རྗེ་ཁྱོད་ཀྱི་ཐུགས། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ་བ་འདེབས། །དོན་དམ་སྲིད་གསུམ་གདོད་ནས་རང་ཤར་ཏེ། །གདུལ་བྱའི་སྣང་ངོར་སྲིད་གསུམ་ཀུན་ཏུ་སྣང་། །དོན་མེད་མ་ཡིན་རྟག་ཏུ་ཕན་བདེ་མཛད། །ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་གསོལ་བ་འདེབས། །བརྟན་གཡོ་ཀུན་གྱི་རང་བཞིན་བླ་མ་ཁྱེད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་དངོས་ལགས། །འགྲོ་བ་ཀུན་གྱི་སྙིང་པོར་བཞུགས་པ་དེ། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཞེས་བླ་མ་རྗེས་དྲན་འདོན་བསྒོམ་བྱ། དེ་ནས་སྔར་བྱས་ཀྱི་ཉེས་ལྟུང་སྦྱང་བའི་སླད་དུ་བྱང་ཆུབ་ལྟུང་བཤགས་ཚང་བ་དང་། སྤྱི་བཤགས་ནི། བླ་མ་རྡོ་རྗེ་འཛིན་


PS004_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་པའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་


PS004_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་བགེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།


PS004_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །སོ་ཐར་གྱི་སྡོམ་པ་གསོ་བ་ནི། སྐར་མ་རབ་རིམ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུ་བྱས་ཆོས་རྣམས་འདི་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་


PS004_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཞེས་ཞི་གནས་གསོ་སྦྱོང་མཐར། སྤྲོ་ན་དོན་ཞགས་ཀྱི་གཟུངས་མདོ་ལས་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར་སཾ་བྷ་ར་བྷ་ར་བྷ་ར་མ་ཧཱ་ཤུདྡྷ་ས་


PS004_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཏྭ་པདྨ་བི་བྷུ་ཥི་ཏེ་བྷུ་ཛ་དྷ་ར་དྷ་ར་ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ལན་བདུན་དང་། ཨོཾ་ཧྲཱིཿ ཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ད་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། ཉེར་གཅིག་བཟླ། གང་ཞིག་ཉི་མ་རེ་རེ་བཞིན་གཟུངས་དེ་དྲན་ན་ཚུལ་ཁྲིམས་ཀྱི་ཉེས་ལྟུང་ཐམས་ཅད་དག་ཅིང་ཕྱིན་ཆད་བྱང་ཆུབ་ཀྱི་བར་དུ་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྨོན་ལམ་གདབ་པ་ནི། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པས་


PS004_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བརྗོད་དོ། །དེ་ནས་བྱང་སེམས་སྨོན་འཇུག་གི་སྡོམ་པ་བཟུང་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་


PS004_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་གྱིས་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ། །ཇི་སྙེད་སུ་དག་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ་འི་བར་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་


PS004_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བརྗོད་དེ་ཐབས་ཁྱད་པར་ཅན་གྱི་ཚོགས་བསགས། དེ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་སླད་དུ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཡང་། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕོངས་པ་མེད་པ་བཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་རྒྱུར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་


PS004_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འཚོའི་རྒྱུར་ཡང་ཤོག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བྱ། །


PS004_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད་བླངས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་འགྱུར། །ད་ནི་བདག་གི་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་དེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དག་བར་གྱིས། །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱིས་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོང་བསྐལ་པ་ཀུན་ཏུ་


PS004_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཞེས་དང་། ཨོཾ་ན་མ་སྟྲཻ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཔྟི་དྷརྨ་ཏཱ་པ་ལཱི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོ་ཨ་ནནྟ། པཱཔྟི་ཤ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎ་བི་ག་ཏཱ་རཱ་ག །བུདྷ་དྷརྨ་ཏེ་ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ལན་ཅི་ནུས་བཟླ། དེ་ནས་རྡོ་རྗེ་ཐེག་པ་ལ་ཐུན་མོང་མ་ཡིན་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལུགས་ཀྱི་བསགས་སྦྱོང་སྔོན་དུ་འགྲོ་བའི་སྡོམ་པ་དང་དམ་ཚིག་བཟུང་བ་ནི། ཧོ། ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །ཀུན་བཟང་རིགས་ལྔ་སྐྱབས་གནས་


PS004_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཅན་གཏེར་བདག་རྣམས། །གནས་འདིར་བྱོན་ལ་བདག་སོགས་བྱིན་གྱིས་རློབས། །ཨོཾ་བཛྲ་ས་མཱ་ཡ་ཛཿ ས་མ་ཡ་སྟྭཾ། རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས། །ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང་། །ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བས། །འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཨོཾ་ཧཱུྃ་ཏྲྃ་ཧྲཱི་ཨཱཿ ཀ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ།


PS004_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ། མངོན་པར་བྱང་ཆུབ་ཆོས་སྐུ་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་མཆོག་གསུམ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ། །རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི། །འགལ་འཁྲུལ་ཉམས་ཆགས་དུས་འདིར་བསྐང་གྱུར་ཅིག །


PS004_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ་བ་དང་། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཨོཾ་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། འདིར་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་བཀོད་ཅིང་འབུལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་དགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །འགོ་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་


PS004_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་སྐུ་གསུམ་མཎྜལ་ཡང་ཕུལ། དེ་ནས་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བའི་སྡོམ་བཟུང་དངོས་ནི། ཨོཾ། གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས། །འཁོར་འདས་ཀུན་གྱི་ཐོག་མའི་མགོན་པོ་མཆོག །ཀུན་བཟང་རིགས་ལྔ་ཞི་ཁྲོ་བླ་མར་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཡོན་ཏན་འབར་བའི་དབྱིངས་སུ་ལྷུན་རྫོགས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་


PS004_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་དུས་ནས་ད་ལྟའི་བར་ཉིད་དུ། །སྲིད་མཚོར་ཉམ་ངར་ཡུན་རིང་འཁོར་བ་ན། །ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་པ། །འགལ་འཁྲུལ་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང་། །འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིས་དང་བགྱིད་སྩལ་དང་། །བགྱིས་པར་གྱུར་པ་ཀུན་ལ་ཡི་རང་ངོ་། །གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། ཁམས་དེའི་རང་བཞིན་དག་པར་མཐོང་བྱའི་ཕྱིར། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །


PS004_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །སྡིག་པའི་མུན་ནག་འཐིབས་པོ་གསལ་སླད་དུ། །འཁོར་བ་ཇི་སྲིད་སྒྲོན་མེར་མཛད་པར་གསོལ། །ཡོན་ཏན་དགེ་འོས་རྒྱལ་བའི་བྱང་ཆུབ་མཆོག །སྐྱེ་དགུ་ཀུན་གྱི་ཐོབ་པར་བྱ་བའི་ཕྱིར། །བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པས། །འགྲོ་ཀུན་ཐར་པའི་ལམ་དུ་ཕྱིན་པར་ཤོག །ཧོ། རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་དང་། །རྟོགས་པའི་དྲི་མ་རབ་བྲལ་དམ་པའི་ཆོས། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལ་གུས་ཕྱག་འཚལ། །དེང་ནས་བདག་ནི་འགྲོ་ཀུན་ཉེར་འཚོའི་


PS004_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །མགོན་རྣམས་འབངས་སུ་བདག་ཉིད་འབུལ་ལགས་ཀྱིས། །བརྩེ་བའི་ཐུགས་རྗེས་བཞེས་པར་མཛད་དུ་གསོལ། །བྱམས་པའི་ཞལ་བཟང་དུས་འདིར་གཟིགས་ནས་ཀྱང་། །འགལ་འཁྲུལ་ཉམས་ཆགས་ཐམས་ཅད་བསྐང་དུ་གསོལ། །ཡིག་བརྒྱ་ལན་གསུམ། ཨོཾ། རྣལ་འབྱོར་དབང་ཕྱུག་ཡེ་ཤེས་མཐར་ཕྱིན་ནས། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེར་གྱུར་གཅིག་པུ་བ། །ལྷའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་


PS004_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བསྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པས། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་ཏུ་འཚལ། །འདི་ལ་ཀུན་མཁྱེན་ཁྱོད་ཉིད་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བའི། ཁྱོད་ཀྱིས་བདག་གི་ལྷག་པའི་བསམ་པ་མཁྱེན། །འཕགས་པའི་སྤྱན་སྔར་བདག་གིས་དམ་བཅས་པ། །ཉམས་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །དེང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤང་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་


PS004_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་བརྩམ། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་བྱ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་འདུས་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་བཏང་། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་


PS004_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །གདོད་ནས་མ་སྐྱེས་མཁའ་ལྟར་རྣམ་དག་ཅིང་། །མི་འགྱུར་ལྷུན་གྲུབ་རང་བྱུང་འོད་གསལ་བ། །ཇི་བཞིན་མ་བཅོས་ཆོས་ཉིད་དོན་བསྒོམས་ཏེ། །ཆོས་སྐུ་ཡངས་པ་ཆེན་པོའི་མཁའ་དབྱིངས་སུ། །ཀུན་བཟང་དོན་གྱི་དམ་ཚིག་བཟུང་བར་བགྱི། །བདེ་བར་གཤེགས་པ་རིགས་ཀྱི་དམ་ཚིག་ཏུ། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་ཅིང་། །བྱང་ཆུབ་སྙིང་པོ་རང་ལ་མཚོན་པའི་ཕྱིར། །ཆོས་ཀྱི་འཁོར་ལོའི་རྫས་ཀྱང་གཟུང་བར་བགྱི། །མི་འགྱུར་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རང་བཞིན་


PS004_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་དོན་ལ་མི་འདའ་ཞིང་། །རྡོ་རྗེ་སློབ་དཔོན་མཆོག་ཏུ་བཀུར་བ་དང་། །ཐབས་དང་ཤེས་རབ་རང་ལ་མཚོན་པའི་ཕྱིར། །རྡོ་རྗེ་དྲིལ་བུའི་རྫས་ཀྱང་གཟུང་བར་བགྱི། །བསམ་འཕེལ་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིས་འགྲོ་དོན་སྐྱོང་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་བྱེད་ཅིང་། །ཡོན་ཏན་ལྷུན་གྲུབ་རང་ལ་མཚོན་པའི་ཕྱིར། །ནོར་བུ་རིན་ཆེན་རྫས་ཀྱང་གཟུང་བར་བགྱི། །མ་ཆགས་པདྨ་རིགས་ཀྱི་དམ་ཚིག་ཏུ། །ཕྱི་ནང་གསང་བའི་ཆོས་རྣམས་ཡོངས་བཟུང་ཞིང་། །འགྲོ་ལ་ཚད་མེད་སྙིང་རྗེས་ཆགས་པ་དང་། །སྐྱོན་བྲལ་ཆོས་ཉིད་རང་ལ་མཚོན་པའི་ཕྱིར། །ཡིད་འོང་པདྨ་མཆོག་ཀྱང་བཟུང་


PS004_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱི། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །ཐེག་གསུམ་སྡོམ་པ་མཐའ་ཡས་གཟུང་བ་དང་། །དེ་ཉིད་ལྷུན་འགྲུབ་རང་ལ་མཚོན་པའི་ཕྱིར། །རྒྱ་གྲམ་རལ་གྲི་མཆོག་ཀྱང་གཟུང་བར་བགྱི། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ཏུ། །ཟུང་འཇུག་ལམ་དུ་ཐམས་ཅད་བླང་བ་དང་། །སྤང་བླང་མེད་པའི་རོལ་པ་མཚོན་པའི་ཕྱིར། ཁ་ཊཱྃ་ཐོད་པ་ཅང་ཏེའུ་བཟུང་བར་བགྱི། །མདོར་ན་གང་གིས་འཁོར་བ་རྣམས་སྦྱངས་པ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དག་བྱེད་ཅིང་། །དབང་པོ་ཡུལ་དང་ཉོན་མོངས་རྣམས་སྦྱངས་པ། །སྐུ་ལྔ་ཡེ་ཤེས་ལྔ་དང་གསུམ་ལྔ་དང་། །ཡོན་ཏན་ཕྲིན་ལས་རིགས་ལྔ་བསྒྲུབ་


PS004_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས། །ནང་གི་དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་དང་། །ཕྱི་རོལ་དམ་རྫས་འདོད་ཡོན་ཐབས་ཆེན་ལྔ། །ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང་། །རྩ་བ་ཡན་ལག་དམ་ཚིག་རྣམ་ལྔ་རྣམས། །རྡོ་རྗེ་མཆོག་བསྒྲུབ་སྐུ་གསུང་ཐུགས་གསུམ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །བསྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་ལྔ་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །དེང་ནས་བརྩམས་ཏེ་བདག་གིས་གཟུང་བར་བགྱི། །གང་ལ་བརྟེན་ནས་སྲིད་པ་རྣམ་སྦྱོང་ཞིང་། །ཞི་བར་ཐར་པ་དམ་པའི་ལྷ་ཆོས་ཀུན། །འགྲོ་བའི་དོན་དུ་བདག་གིས་ཡོངས་སུ་བཟུང་། །སྲིད་ཞིར་མི་གནས་བྱང་ཆུབ་མཆོག་ཞུགས་


PS004_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་དང་། །དཔའ་བོ་རྣལ་འབྱོར་མ་ཀུན་མཆོད་པ་དང་། །ཚོགས་གཉིས་བརྩོན་པ་མཐའ་ཡས་རྒྱ་མཚོ་བསྒྲུབ། །འགྲོ་ལ་སྙིང་བརྩེས་ཕན་པ་མཆོག་ཏུ་བྱ། །གནོད་པར་མི་བྱ་བརྙེས་པར་ཡོངས་མི་བྱ། །གཅིག་པུར་ཞི་བར་དོན་དུ་མི་གཉེར་ཞིང་། །གཞན་དོན་ཡང་དག་སྒྲུབ་ལ་བརྩོན་པ་ཡིས། །རང་གཞན་ཐར་པའི་སྒོ་ནི་དབྱེ་བར་བགྱིད། །དེ་ནས་ཐུན་མོང་མ་ཡིན་པའི་སྨོན་ལམ་གདབ་པ་ནི། ཧོཿ མཐའ་ཡས་ཐེག་པ་ཆེན་པོའི་ལམ་ཆེན་དུ། །མ་ལུས་འགྲོ་ཀུན་བདག་གིས་ཡོངས་དྲངས་ཏེ། །ཐམས་ཅད་བྱང་ཆུབ་མཆོག་ལ་རབ་བཀོད་ནས། །ཀུན་བཟང་ཆོས་རྗེ་བླ་མེད་ས་ཐོབ་ཤོག །


PS004_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལམ་བྱང་ཆུབ་སྙིང་པོར་བདག་ཞུགས་ནས། །ཇི་སྲིད་བླ་མེད་གོ་འཕང་མཆིས་ཀྱི་བར། །ཚེ་རབས་གང་དང་གར་སྐྱེས་དེ་དང་དེར། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང་། །སྙིང་བརྩེ་མཆོག་གྱུར་བླ་མ་ལ་གུས་ཤིང་། །འགྲོ་བའི་དོན་རྣམས་སྒྲུབ་ལ་མཁས་པ་དང་། །དཔལ་མགོན་བླ་མ་རབ་ཏུ་མཉེས་བྱེད་ཤོག །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བཅོམ་ལྡན་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། །ཡི་དམ་དཀྱིལ་འཁོར་སྲུང་མ་དམ་ཚིག་ཅན། །བཀའ་གསང་རྨད་བྱུང་བླ་ན་མེད་པ་དང་། །རྡོ་རྗེ་མཆེད་ལྕམ་རྣམས་དང་མི་འབྲལ་ཞིང་། །གཡར་དམ་གཅིག་པས་གཏན་དུ་མི་འབྲལ་ཤོག །སྒྲུབ་མཆོག་བདག་ལ་བར་ཆད་མི་འབྱུང་ཞིང་། །ཉིན་


PS004_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྩོན་པས་ཐར་ལམ་མཐར་ཕྱིན་ནས། །བསྐྱེད་རྫོགས་གྲུབ་པའི་རིག་འཛིན་གྲལ་འཁོད་དེ། །མཆོག་དང་ཐུན་མོངས་དངོས་གྲུབ་ཐོབ་པར་ཤོག །བཅོམ་ལྡན་ཀུན་བཟང་ཡི་དམ་དཀྱིལ་འཁོར་ལྷ། །ས་ལེར་མཐོང་བར་བྱིན་གྱིས་བརླབ་པ་དང་། །བལྟ་བར་འདོད་དང་འདྲི་བར་འདོད་ན་ཡང་། །སྒྲིབ་མེད་མགོན་པོ་མངོན་སུམ་མཐོང་བར་ཤོག །གང་ཚེ་བསྐྱེད་རྫོགས་བསྙེན་སྒྲུབ་སྤྱོད་པ་ན། །དགོངས་སྤྱོད་ཏིང་འཛིན་རྒྱ་མཚོ་མཐར་ཕྱིན་ཏེ། །རྡོ་རྗེ་མཆོག་གསུམ་གྲུབ་པའི་ཕྲིན་ལས་བཞི། །བརྩམས་པ་ཙམ་གྱིས་མངོན་དུ་འགྱུར་བར་ཤོག །ཕྱོགས་བཅུའི་ནམ་མཁའི་མཐའ་མཉམ་ཞིང་རྣམས་ཀྱི། །སེམས་ཅན་མ་ལུས་བྱང་ཆུབ་


PS004_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱའི་ཕྱིར། །ཀུན་བཟང་སྤྱོད་པ་ཅི་འདྲར་བདག་གྱུར་ཏེ། །རྒྱལ་སྲས་བྱང་ཆུབ་སྤྱོད་པ་མཐའ་ཡས་ཤོག །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་དགེ་སེམས་ཅན་རྣམས་ལ་ཡོངས་སྨིན་ཏེ། །འགྲོ་ཀུན་བདེ་གཤེགས་བྱང་ཆུབ་མཆོག་ཐོབ་ནས། །གཞན་དོན་སྤྱོད་པ་རྒྱ་མཚོ་མཐའ་ཡས་ཤོག །བདག་གི་བརྩོན་པས་མཁའ་མཉམ་སེམས་ཅན་ཀུན། །སྲིད་ལས་རྣམ་གྲོལ་འཁོར་བ་སྟོང་པ་ན། །བདག་ཅག་བྱང་ཆུབ་དམ་པ་གཉིས་ཐོབ་ནས། །ཆོས་སྐུ་ཀུན་ཏུ་བཟང་དང་དབྱེར་མེད་ཤོག །ཚེ་རབས་ཀུན་ཏུ་འགྲོ་བའི་གཉེན་གྱུར་ནས། །སྐྱབས་དང་སྐྱོབས་པ་བླ་ན་མེད་པ་ཡིས། །འགྲོ་བའི་དོན་དུ་འདོད་དགུའི་ཆར་འབེབས་པ། །


PS004_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་རིན་ཆེན་མཆོག་དང་མཚུངས་པར་ཤོག །དབང་བཅུ་མངོན་ཤེས་རྫུ་འཕྲུལ་སྟོབས་རྣམས་དང་། །གཟུངས་དང་རྣམ་ཐར་ཡོན་ཏན་མཆོག་གྲུབ་ནས། །གཞན་གྱི་མ་ཐུལ་འགྲོ་རྣམས་འདུལ་བྱེད་ཅིང་། །ཐམས་ཅད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ནམ་མཁའི་མཐའ་མཉམ་གྱུར་བའི་འགྲོ་བ་ལ། །དམ་ཆོས་རིན་ཆེན་བདུད་རྩིའི་ཆར་ཕབས་ནས། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པ་ཡིས། །སྐྱེ་དགུ་ཐམས་ཅད་བདེ་ལ་འགོད་པར་ཤོག །གསང་སྔགས་རྒྱལ་པོ་བླ་མེད་མཆོག་གྲུབ་ནས། །མཐའ་ཡས་ཞིང་དུ་རྣམ་འཕྲུལ་རྒྱ་མཚོ་དང་། །མཁའ་འགྲོ་མི་བསད་འབར་བའི་སྤྲིན་འཕྲོ་བས། །གསང་སྔགས་སྤྱོད་པ་


PS004_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་མཐའ་ཡས་ཤོག །གནས་དང་ཉེ་བའི་གནས་རྣམས་བགྲོད་པ་དང་། །ཞིང་དང་ཉེ་བའི་ཞིང་རྣམས་ལྟ་བ་དང་། །དུར་ཁྲོད་བརྒྱད་དང་ཚནྡྷོ་ལ་སོགས་པ། །མཁའ་འགྲོ་རྣམས་དང་སྐལ་བ་མཉམ་པར་ཤོག །མངོན་ཤེས་མང་པོས་གདུལ་བྱའི་རྒྱུད་མཁྱེན་ཅིང་། །ཏིང་འཛིན་མང་པོས་ཡེ་ཤེས་ལུས་གྲུབ་སྟེ། །རིག་འཛིན་མང་པོས་གསང་སྔགས་དངོས་གྲུབ་བརྙེས། །ས་མཆོག་མང་པོས་དཀྱིལ་འཁོར་འགྲུབ་པར་ཤོག །འགྲོ་བློའི་རིམ་པ་ཇི་བཞིན་དབང་པོའི་ཆོས། །སྣ་ཚོགས་ཐེག་པའི་ཆོས་ཀྱི་ཆར་བསིལ་བས། །གནས་སྐབས་སོ་སོའི་རེ་བ་ཡོངས་བསྐངས་ཏེ། །མཐར་ཐུག་ཐེག་པའི་རྒྱལ་པོར་འཇུག་པར་ཤོག །མཁའ་ཁྱབ་ཡོན་


PS004_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡིད་བཞིན་སྤྲིན་ཚོགས་ལས། །དངོས་གྲུབ་རྣམ་པ་མང་པོའི་ཆར་དབབ་ཅིང་། །གང་ལ་ཅི་འདུལ་དེ་ལ་དེར་སྣང་བ། །མཁའ་ཁྱབ་སེམས་ཅན་སྨིན་པའི་མཐུ་ལྡན་ཤོག །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །དཔའ་བོ་རྣལ་འབྱོར་མ་ཚོགས་དཔག་མེད་ཀྱིས། །མཆོད་པའི་སྤྲིན་ཕུང་ཐོགས་པས་མདུན་བསུས་ནས། །འོག་མིན་མཁའ་སྤྱོད་གནས་སུ་ཕྱིན་པར་ཤོག །སྐད་ཅིག་དེ་ལ་ཆོས་སྐུ་མཐར་ཕྱིན་ནས། །གདོད་ནས་རྣམ་པར་དག་པའི་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་པོ་རུ། །རྡོ་རྗེ་བདེ་བ་ཆེན་པོའི་ས་ཐོབ་ཤོག །གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་སུ། །


PS004_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྦུབས་ལ་བརྟན་པ་མཐར་ཕྱིན་ནས། །གཟུགས་སྐུའི་རོལ་པས་གདུལ་བྱའི་འཇིག་རྟེན་དུ། །པ་མང་པོ་འགྱེད་པར་ཤོག །ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་ཅིང་། །ཐོག་མ་དང་ནི་ཐ་མ་མེད་པའི་བདག །རང་བཞིན་རྫོགས་པ་ཆེན་པོའི་མཁ་དབྱིངས་སུ། །མ་འབད་བཞིན་དུ་རང་གིས་ཕྱིན་པར་ཤོག །རིན་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་དུ། །རང་རིག་རྡོ་རྗེ་སེམས་དཔའི་དོན་མཐོང་ནས། །རྩལ་ཆེན་རྫོགས་པའི་ཕྲིན་ལས་རླབས་ཆེན་གྱིས། །འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཤོག །གསེར་གྱི་ཉི་མ་རྣམས། འབར་བའི་འོད་ཟེར་ཉེ་བར་ཞི་བ་ན། །རྒྱལ་བའི་


PS004_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དྲི་མེད་མཆོག་གི་ཡུམ། །རྣམ་དག་ཡངས་པ་ཆེན་པོའི་དོན་མཐོང་ཤོག །དབང་བཞིའི་སྨིན་པའི་རིག་པ་བྱང་ཆུབ་སེམས། །འོད་གསལ་སྣང་བ་བཞི་པོ་མངོན་གྱུར་ནས། །གདོས་བཅས་ཕུང་པོ་འོད་ཀྱི་སྐུར་གྲོལ་ཏེ། །འཕོ་བ་ཆེན་པོའི་གཞན་དོན་འགྲུབ་པར་ཤོག །འཆིངས་བྱེད་ལུས་ཀྱི་རྒྱ་ལས་མ་གྲོལ་བར། །གང་ཞིག་འཆི་འཕོ་ནད་ཀྱི་སྡུག་བསྔལ་མེད། །བར་དོའི་འོད་གསལ་དམ་པ་མངོན་གྱུར་ནས། །ལྷུན་གྲུབ་ས་ལ་གཏན་སྲིད་འཛིན་པར་ཤོག །གལ་ཏེ་སྲིད་པ་བར་དོ་མཐོང་གྱུར་ན། །སྐད་ཅིག་དེ་ལ་རང་སྣང་འཇིགས་བྲལ་ཏེ། །མངོན་དགའ་ལ་སོགས་དག་པའི་ཞིང་བགྲོད་ནས། །མངོན་པར་བྱང་ཆུབ་མཛད་པ་མཐའ་


PS004_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཤོག །ས་མཆོག་འོད་གསལ་རྡོ་རྗེའི་རྩེ་མོ་རུ། །བདག་ཅག་རྡོ་རྗེ་རྣལ་འབྱོར་བཞུགས་སོ་འཚལ། །བར་ཆད་མེད་ལམ་བརྟན་པ་མཐར་ཕྱིན་ནས། །ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཐོབ་ཤོག །ཆོས་དབྱིངས་རྣམ་དག་རྣམ་སྣང་བཅོམ་ལྡན་འདས། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་པ། །སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །བདེ་གཤེགས་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མེ་ལོང་རྣམ་དག་མི་བསྐྱོད་བཅོམ་ལྡན་འདས། །གྲགས་པ་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །མངོན་དགའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཀུན་རྟོག་རྣམ་དག་དཔག་མེད་བཅོམ་ལྡན་འདས། །བདེ་ཆེན་དབང་ཕྱུག་ལྷ་ཡི་


PS004_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་གྱུར་པ། །བདེ་ལྡན་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་ཐོབ་པར་ཤོག །མཉམ་ཉིད་རྣམ་དག་རིན་ཆེན་བཅོམ་ལྡན་འདས། །ཡོན་ཏན་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །དཔལ་ལྡན་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །བྱ་གྲུབ་རྣམ་དག་དོན་ཡོད་བཅོམ་ལྡན་འདས། །ཕྲིན་ལས་མཐར་ཕྱིན་ལྷ་ཡི་ལྷར་གྱུར་བ། །ལས་རབ་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །རང་རིག་རྣམ་དག་ཀུན་བཟང་བཅོམ་ལྡན་འདས། །འཁོར་འདས་ཀུན་གྱི་ལྷ་ཡི་ལྷར་གྱུར་པ། །གདོད་མའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །ཐམས་ཅད་ལྷུན་གྲུབ་


PS004_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པར་ཤོག །བསྔོ་བ་ནི། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་ཐོབ་པར་ཤོག །ཅེས་དང་། ཤིས་བརྗོད་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའམ། དཀྱུས་སུ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན།


PS004_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོགས་བརྗོད་པས་ལེགས་པར་གྲུབ་བོ། །ཞེས་པའང་དབུ་མཇེད་བླ་མ་ཀརྨ་རཏྣའི་གཞན་ཕན་ཆེད་དུ་བར་ཆུང་ཟུར་དུ་བསྒྲུབ་པའི་ཐུགས་སྩོལ་མཛད་པའི་ཚེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྒྱས་པའི་གཤམ་ལས་འབྱུང་བའི་རྩ་ཐོ་ལྟར་ཁོལ་བྱུང་དུ་བསྡེབས་པ་དགེ་ལེགས་འཕེལ། །

བློ་སྦྱོང་བརྒྱུད་པའི་གསོལ་འདེབས་དད་པའི་གདུང་སེལ། བློ་གྲོས་མཐའ་ཡས།


PS004_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སྦྱོང་བརྒྱུད་པའི་གསོལ་འདེབས་དད་པའི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །ཐུབ་པའི་དབང་པོ་རྒྱལ་ཚབ་བྱམས་པ་དང་། །འཕགས་པ་ཐོགས་མེད་མཁས་མཆོག་དབྱིག་གི་གཉེན། །གྲོལ་སྡེ་རྣམ་གཉིས་གུ་ཎ་མི་ཏྲ་དང་། །སེངྒེ་བཟང་པོའི་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །གང་སྤེལ་ཀུ་སཱ་ལི་པ་ཆེ་ཆུང་དང་། །གསེར་གླིང་པ་དང་མགོན་པོ་ཨ་ཏི་ཤ །


PS004_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོམ་སྟོན་པོ་ཏོ་བ་དང་ཤ་ར་བ། །རྣལ་འབྱོར་འཆད་ཁ་བ་ལ༴ །བྱམས་དང་༴ །བློས་བཏང་༴ །སྤྱིལ་བུ་པ་དང་འོད་ཟེར་བླ་མ་དང་། །ལྷ་སྡིངས་བྱང་ཆུབ་འབུམ་པ་ཀུན་རྒྱལ་མཚན། །ཡོན་ཏན་དཔལ་བ་མཁན་ཆེན་བདེ་བ་དཔལ། །བཀའ་བཞི་གྲགས་པ་གཞོན་ནུར་གསོལ་བ༴ །བྱམས་དང་༴ །བློས་བཏང་༴ །བྱང་སེམས་བསོད་གྲགས་ཐོགས་མེད་བཟང་པོ་དཔལ། །ཡོན་ཏན་བློ་གྲོས་གཞོན་ནུ་བློ་གྲོས་དང་། །པ་ཆེན་ཤཱཀ་མཆོག་ཀུན་དགའ་མཆོག་གྲུབ་མཚན། །རྗེ་བཙུན་གྲོལ་མཆོག་ཞབས་ལ༴ །བྱམས་དང་༴ །བློས་བཏང་༴ །ལུང་རིག་རྒྱ་མཚོ་ཀུན་མཁྱེན་སྒྲོལ་བའི་མགོན། །རྒྱལ་ཚབ་རྣམ་གཉིས་རྣལ་འབྱོར་ཡོན་ཏན་མགོན། །མགོན་པོ་


PS004_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་མགོན་པོ་གྲགས་པའི་མཚན། །མགོན་པོ་རྣམ་པར་རྒྱལ་ལ༴ །བྱམས་དང་༴ །བློས་བཏང་༴ །ཚེ་དབང་ནོར་བུ་ཕྲིན་ལས་ཤིང་རྟའི་ཞབས། །བསྟན་པའི་ཉིན་བྱེད་གྲུབ་བརྙེས་བློ་གྲོས་མཚན། །ཀརྨ་ལྷག་མཐོང་གཞན་ཕན་འོད་ཟེར་རྗེ། །བློ་གྲོས་མཐའ་ཡས་ཞབས་ལ༴ །བྱམས་དང་༴ །བློས་བཏང་༴ །མཁའ་ཁྱབ་རྡོ་རྗེ་ཞི་བའི་སྙིང་པོའི་ཞབས། །པདྨ་དབང་མཆོག་མཁྱེན་རྩེའི་འོད་ཟེར་སྡེ། །ཉམས་རྟོགས་མཐར་ཕྱིན་ནོར་བུ་དོན་ཀུན་གྲུབ། །རྩ་བརྒྱུད་བླ་མ་རྣམས་ལ༴ །བྱམས་དང་༴ །བློས་བཏང་༴ །སྲས་བཅས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་སྐུ། །འབྲེལ་ཚད་དོན་ལྡན་མཚུངས་མེད་ཆོས་ཀྱི་རྗེ། །བརྒྱུད་སྲོལ་ཀུན་འདུས་རྩ་


PS004_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་ལ། །སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས། །བྱམས་དང་༴ །བློས་བཏང་༴ །ཞེན་ལོག་ངེས་འབྱུང་གཉིས་པོས་གཞི་བཟུང་ནས། །ཐེག་ཆེན་ལམ་ལས་ཕྱིར་མི་ལྡོག་པའི་གསང་། །ཡང་དག་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས། །སྐྱེས་བརྟན་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཆོས་བརྒྱད་རྨངས་སྒྱེལ་བདག་འཛིན་རྩད་ནས་བཅད། །གཞན་གཅེས་གཏིང་ནས་འབྱོངས་ཏེ་ཅི་སྣང་ཀུན། །བྱང་ཆུབ་ལམ་གྱི་གྲོགས་སུ་ཁྱེར་ནུས་པའི། །བློ་སྦྱོང་མཐའ་རུ་ཕྱིན་པར་བྱིན་གྱི་རློབས། །དོན་དམ་སྐྱེ་འགགས་གནས་བྲལ་སྟོང་ཉིད་དང་། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཚུལ་རྟོགས་ནས། །སྲིད་པ་ཇི་སྲིད་མཁའ་ཁྱབ་


PS004_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན། །ལྷུན་གྲུབ་ཐམས་ཅད་གཟིགས་པར་བདག་གྱུར་ཅིག །ཅེས་པ་འདིའང་བློ་སྦྱོང་ཁྲིད་ཡིག་གི་ཡན་ལག་ཏུ་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་ཤུ་བྷཾ།། །།

སྡིག་པ་བཤགས་པའི་ཡན་ལག་ནི་མཚམས་མེད་སྤྱད་པའི་སྡིག་པའང་སྦྱང་ནུས་པར་གསུངས་པས་གཙོ་བོར་ཕུང་པོ་གསུམ་པའི་མདོ་འདོན་པ།


PS004_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་བཤགས་པའི་ཡན་ལག་ནི་མཚམས་མེད་སྤྱད་པའི་སྡིག་པའང་སྦྱང་ནུས་པར་གསུངས་པས་གཙོ་བོར་ཕུང་པོ་གསུམ་པའི་མདོ་འདོན་པ་འདི་ཉིད་གལ་ཆེ་སྟེ། ཐོག་མར་མདུན་དུ་སངས་རྒྱས་སུམ་ཅུ་རྩ་ལྔ་གསལ་བར་དམིགས་པའི་དྲུང་དུ་སྙིང་ཐག་པ་ནས་སྡིག་པ་བཤགས་པའི་བློས། སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


PS004_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔས་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །


PS004_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ་ལོ། །དབང་པོའི་རྟོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །


PS004_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དང་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་


PS004_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོགས་པ་དང་། འཕྲོག་ཏུ་སྩལ་བ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། །མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་


PS004_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་བླང་བ་ལ་ཞུགས་པ་དང་། འཇུག་ཏུ་སྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་ཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པ་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ།


PS004_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མར་གྱུར་པ། མཁྱེན་པ། གཟིགས་པ། དེ་དག་གི་སྤྱན་སྔར་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསུལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། །འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་


PS004_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ། བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་


PS004_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་སྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་སྔོ་བར་མཛད་པ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་


PS004_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཞེས་དང་། ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་


PS004_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ལྟུང་བ་བཤགས་པ་འདི་བཏོན་པས། །དེ་དག་མ་ལུས་ཡོངས་སུ་བྱང་བར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །ཕྱག་འཚལ་བ་དང་སོགས།། །།


PS004_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཤོང་སྟོང་།

དཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས། ཀརྨ་རང་བྱུང་ཀུན་ཁྱབ།


PS004_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པ་བཀའ་རྒྱུད་ཀྱི་གདམ་ཟབ། བཟང་སྤྱོད་སོགས་སྨོན་ལམ་གདབ་པའི་ཐབས་གཞན་ཕན་ཕྲིན་ལས་རབ་རྒྱས་ཅེས་བྱ་བ་བཞུགས་སོ། །


PS004_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྡོ་རྗེ་འཆང་དབང་བླ་མའི་ཞབས་ལ་འདུད། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་མན་ངག་གཞན་དོན་མི་འགྲུབ་མི་སྲིད་པའི་རྟེན་འབྲེལ་བླ་མ་གོང་མའི་གསུང་གཞིར་བཞག་སྟེ་བློ་སྦྱོང་དང་འབྲེལ་བའི་དམིགས་གསལ་ངག་འདོན་བྱ་བའི་རིམ་པ་ལ་ཐོག་མར། བླ་མ་སྤྱན་རས་གཟིགས་ལ་སྐྱབས་ཡུལ་རྒྱ་མཚོས་བསྐོར་བར་དམིགས་ཏེ། རང་མདུན་ནམ་མཁར་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ལ། །


PS004_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཞེས་གསལ་གདབ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་


PS004_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ལན་གསུམ། མཐར་སྐྱབས་ཡུལ་མི་དམིགས་པར་བཞག །སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཀར་པོ་དགེ་བའི་ལས་རིམ་ལ་འཇུག་པར་བགྱིའོ། །ལན་གསུམ། ད་ནས། རང་ཉིད་ལྷར་གསལ་སྤྱི་བོར་པད་ཟླའི་སྟེང་། །རྩ་བའི་བླ་མ་དཀར་གསལ་འོད་ཟེར་འཕྲོ། །བརྩེ་བའི་ཉམས་ལྡན་དར་དང་རིན་ཆེན་བརྒྱན། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྤྱན་དྲངས་ཐིམ་པས་ཀུན་


PS004_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བདག་ཉིད་གྱུར། །ཅེས་གསལ་གདབ་ལ་ཡིད་གདུང་ཤུགས་དྲག་པོའི་སྣང་བ་འགྱུར་ངེས་སུ། བླ་མ་སངས་རྒྱས་རིན་པོ་ཆེ་བདག་གི་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་གཞན་དོན་འབའ་ཞིག་འགྲུབ་པར་མཛད་དུ་གསོལ། ཅེས་ལན་གསུམ། ཡང་། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ནས་སྙིང་རྗེ་མཁའ་ཁྱབ་སྒོམ་པར་བྱ་སྟེ། །ནམ་མཁས་གར་ཁྱབ་སེམས་ཅན་རྣམས་ཀྱིས་ཁྱབ། །ཀུན་ཀྱང་ཕ་མ་མ་གྱུར་གཅིག་ཀྱང་མེད། །རེ་རེས་སྐྱེ་བ་དཔག་མེད་ཕན་པ་བརྟག །འདི་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ། །


PS004_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་ལྟར་མོས་གུས་སྙིང་རྗེའི་གདུངས་ཤུགས་ཀྱིས། །བླ་མ་རང་ཐིམ་རང་ཉིད་སྐད་ཅིག་གིས། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྐུ་རུ་གསལ། །བརྩེ་བའི་ཐུགས་ཀྱིས་འགྲོ་ལ་དགོངས་པར་གྱུར། །ཅེས་པར་བསམ་ལ་རང་ལུས་ལྷ་སྐུར་གསལ་བའི་ངང་ནས་སྙིང་རྗེ་ལྷག་པར་བསྐྱེད་དེ་བཏང་ལེན་དང་ཡིག་དྲུག་ཅི་འགྲུབ་མཐར། ཀྱེ་ཧོ། འགྲོ་དྲུག་ཕ་མ་དྲིན་པོ་ཆེ། །ཐོག་མཐའ་མེད་པའི་འཁོར་བ་རུ། །མི་བཟོད་སྡུག་བསྔལ་ཆེན་པོའི་ཉམས། །སྡུག་བསྔལ་སྲིད་པའི་རྒྱ་མཚོ་འདིར། །རྟག་ཏུ་འཁྱམས་པའི་སེམས་ཅན་རྣམས། །ཀྱེ་མ་ཀྱི་ཧུད་སྙིང་རེ་རྗེ། །དེ་འདྲར་གྱུར་པའི་ཕ་མ་རྣམས། །བདག་གི་ཡལ་བར་འདོར་ཕོད་དམ། །ད་


PS004_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདག་གི་དུས་ཀུན་ཏུ། །སེམས་ཅན་དོན་དུ་བརྩོན་པར་བྱ། །ཞེས་བརྗོད་ཅིང་སྨོན་ལམ་གདབ་པར་བྱ་སྟེ། །བདག་གི་དགེ་བའི་རྩ་བ་འདིས། །སྐྱེ་བ་འདི་དང་སྐྱེ་བ་གཞན་བདག་ཏུ། །གཞན་དོན་འབའ་ཞིག་འགྲུབ་པར་གྱུར་ཅིག །བདག་གི་ལུས་ཀྱི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ངག་གི་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ཡིད་ཀྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ལུས་ངག་ཡིད་གསུམ་གྱིས་འཁོར་བའི་རྒྱ་མཚོ་འདི་སྟོང་པར་མ་གྱུར་གྱི་བར་དུ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་ཤོག་ཅིག །ཅེས་ལན་གསུམ་བརྗོད། ཡང་། བདག་ནི་


PS004_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་གྱུར་ནས་ཀྱང་། །སེམས་ཅན་ཀུན་གྱི་རེ་འདོད་ཀུན། །ཚུལ་བཞིན་དུ་ནི་སྐོང་གྱུར་ཅིག །ལན་གསུམ་མམ་ལྔ་བརྗོད་དེ་ནས་ཚོགས་ཞིང་གསལ་གདབ་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དེ་འདུན་ཚོགས། །ཆོས་སྐྱོངས་ནོར་ལྷ་ལ་སོགས་པའི། །ཡེ་ཤེས་སྤྱན་ཅན་མ་ལུས་ཀུན། །སྤྱན་དྲངས་ནམ་མཁར་བཞུགས་པར་གྱུར། །བདག་གཞན་ཚོགས་རྫོགས་སྒྲིབ་སྦྱང་ཞིང་། །གནས་སྐབས་མཐར་ཐུག་བདེ་བའི་ཕྱིར། །ཕྱག་མཆོད་དམ་པ་རབ་བཞེས་ལ། །སྨོན་ལམ་འགྲུབ་པའི་དབང་པོ་


PS004_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཅེས་པས་མདུན་མཁར་བཀྲ་ལམ་མེ་མངོན་སུམ་བཞུགས་པར་བསམ་ལ་ཡན་ལག་བདུན་པ་བྱ་བ་ནི། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། ཚོགས་གཉིས་རྒྱ་མཚོའི་ཕ་མཐར་སོན། །མཁྱེན་བརྩེ་ནུས་པའི་མངའ་དབང་ཕྱུག །རབ་འབྱམས་རྒྱལ་བ་སྲས་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་དང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མཿཨུདྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་ཕྱག་ལན་གསུམ་འཚལ། མཆོད་པ་ནི། དངོས་འབྱོར་ཡིད་སྤྲུལ་གདོད་ནས་གྲུབ་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་ཅི་མཆིས་པ། །བདེན་མེད་སྒྱུ་མ་ལྟ་བུའི་བློས་བླངས་ཏེ། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །


PS004_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ན་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛྭ་བཛྲེ་མ་ཧཱ་བིདྱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟ་བཛྲེ་མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ན་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ལན་གསུམ་མཎྜལ་སོ་བདུན་མ་ཡང་འབུལ། དེ་ནས། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་སྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོའི་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་


PS004_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བ་བསྐྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པ་འདོད་པའི་རྣལ་འབྱོར་པས། །བརྩོན་པས་སྟོབས་ཀྱིས་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་


PS004_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་མ་ལུས་ལ། །གླིང་བཞི་རི་བར་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། ཨོཾ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་གྲོལ་བར་ཤོག །རིན་ཆེན་སེམས་འདི་བཟུང་བར་བྱ་བའི་ཕྱིར། །


PS004_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་བར། །ལྗོན་ཤིང་མེ་ཏོག་རྒྱན་འབྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་


PS004_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པད་མས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐས་གཏུགས་པར། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླང་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་ཏན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱི་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་


PS004_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ནི། །བདག་གིས་ལུས་ཀུན་གཏན་དུ་འབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། ཁྲུས་གསོལ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་མཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེས་བྲེས་པ་དེར། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་


PS004_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་རྙེད་བཞུགས་པ་ཡིས། །བླ་མེད་འཕགས་པའི་ཚོགས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞིར། །སྟོན་པ་ཉིད་ཀྱིས་གང་གསུང་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་


PS004_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང་། །སྤྱོད་པ་སྤྱོད་ཚེ་ན་ཡང་གཅིག་གྱུར་ཅིང་། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པས། །རྫོགས་པའི་སངས་རྒྱས་སྟོང་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་


PS004_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །བསྟན་པས་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་མཁར་བསིལ་པོ་ཏི་འཛིན། །བསླབ་སྦྱང་ཡོན་ཏན་ཀུན་ལྡན་པས། །ཉན་ཐོས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པར་མཛད་པས་གང་ཟག་ལ། །བུ་བཞིན་སྐྱོངས་བར་ཞལ་བཞེས་པས། །ཆོས་སྐྱོང་སྲུང་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །


PS004_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨ་ཀ་ཡ་བི་ཤྭོ་དྷ་ནེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ཨོཾ་བཛྲ་ཝསྚ་ཡེ་ཨ་ཧཱུྃ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྚ་ཡེ་ཨ་ཧཱུྃ། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་


PS004_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པས་གོས་ཀྱིས་བརྒྱན་པར་བགྱི། །ཨོཾ་བཛྲ་ཝསྚ་ཡེ་ཨ་ཧཱུྃ། ལྷག་བསམ་དག་པའི་ན་བཟའ་འདི་ཕུལ་བས། །ལུས་ལ་དུར་སྨིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་བགོས་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །ཨོཾ་བཛྲ༴ །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱང་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་


PS004_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་དང་། །ཨུཏྤལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱི་མཆོག །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་དང་། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་ལྟར་བ་སྤོས་ཆུས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་


PS004_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་བརྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་བསིལ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་


PS004_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པ་ཀུན་ཏུ་འབྱུང་གྱུར་ཅིག །བཤགས་པ་ནི། བདག་སོགས་སེམས་ཅན་ཀུན་གྱི་ཐོག་མེད་ནས། །ད་ལྟ་ཡན་ཆད་ལུས་ངག་ཡིད་གསུམ་གྱི། །སྡིག་པ་ཅི་མཆིས་གནོང་འགྱོད་དྲག་པོ་ཡིས། །སྙིང་ནས་བཤགས་ཤིང་སླན་ཆད་མི་བགྱིད་དོ། །ཅེས་དང་། གནོང་འགྱོད་དྲག་པོས་ཡིག་བརྒྱ་ཅི་ནུས་བརྗོད། སྤྲོ་ན་ལྟུང་བཤགས་དང་སྤྱི་བཤགས། བླ་མ་རྡོ་རྗེ་


PS004_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་སོགས་སེམས་ཅན་ཐམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་


PS004_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་པའི་ཆོས་སྤང་བ་དང་། འཕགས་པའི་དགེ་འདུན་ལ་བསྐུར་པ་བཏབ་བ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པ་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། །འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ་མི་འཆབ་བོ་མི་སྦེད་དོ་སླན་ཆད་ཀྱང་གཅོད་


PS004_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྡོམ་པ་བགྱིད་ལགས་སོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པ་གནས་པ་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཡང་སྤྱི་བཤགས། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླང་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླ་འགྱང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལེན་ལན་གྱིས་མ་ལེན་


PS004_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོ་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །མི་འཆབ་མི་སྦེད་ཕྱིན་ཆད་སྡོམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོངས་དངོས་གྲུབ་རྩལ་དུ་གསོལ། །ཅེས་པས་


PS004_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ལྟུང་བཤགས། ཡན་ལག་ལྷག་མ་ནི། བླ་མའི་ཕྲིན་ལས་རྨད་བྱུང་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང་། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟགས་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་སྡོམ་བཟུང་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང་། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་སྐྱབས་སུ་མཆི། །ལན་


PS004_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སྤྱོད་པའང་སྤྱོད་པར་བགྱི། །ལན་གསུམ། བསྔོ་བ་ནི། དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་སྡོམ་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །འཇམ་དཔལ་དཔའ་བོས་སོགས། དུས་གསུམ་གཤེགས་པ་སོགས། །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཡང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕོངས་པ་མེད་པ་བཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །


PS004_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམས་མང་ཉེར་མཚོའི་རྒྱུར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་མཚོའི་རྒྱུར་ཡང་ཤོག །སྤྲོ་ན་བྱང་ཆུབ་སེམས་ཀྱི་སྡོམ་བཟུངས་རྒྱས་པར་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་ལན་གསུམ། དེ་ནས། ཕྱོགས་བཅུ་ཞིང་རབས་འབྱམས་མཐའ་ཡས་མུ་མེད་པ་དག་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་སྟོབས་བཅུ་མངའ་བ་སྲས་དང་སློབ་མར་གྱུར་པས་བྱང་སེམས་ཉན་རང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་


PS004_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ། མདོར་ན་ཡེ་ཤེས་ཀྱི་སྤྱན་དང་ཐུགས་རྗེའི་གཟིགས་པས་སྒྲིབ་པ་མི་མངའ་བའི་སྐྱབས་གནས་སུ་གྱུར་པ་ཐམས་ཅད་བདག་ཅག་སེམས་ཅན་རྣམས་ལ་དགོངས་སུ་གསོལ། དཔལ་མགོན་དམ་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་གི་སྨོན་ལམ་ཅི་ལྟར་བཏབ་པ་ཐམས་ཅད་ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བླ་མ་རྒྱལ་བ་སྲས་དང་བཅས་པའི་མདུན་དུ་ཡིད་རྩེ་ཅིག་གདུངས་ཤུགས་དྲག་པོས་དྭགས་ཤངས་ཀྱི་སྨོན་ལམ་རྣམ་ལྔ་རྣམ་བདུན་སོགས་སྨོན་ལམ་གང་འདོད་གསལ་དག་སྙན་གསུམ་གྱིས་བརྗོད་པར་བྱའོ། །སྨོན་ལམ་གྲངས་བསོགས་སྐབས་


PS004_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ཐུན་གྲོལ་དུས། དེ་ལྟར་འགྲུབ་པ་ཡང་སོགས་ནས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ཡར་འཚོགས་ནས། ཕྱོགས་བཅུ་རབས་འབྱམས་ཞིང་ན་བཞུགས་པའི་མཆོག་གསུམ་རྩ་གསུམ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདག་སོགས་སེམས་ཅན་ཀུན་གྱི་ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་ཏེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ་མེ་ཏོག་དང་གདུག་སྤོས་མར་མེ་དང་ཞལ་ཟས་རོལ་མོ་དང་སིལ་སྙན་གདུག་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོའི་ཡོངས་སུ་མ་བཟུང་བའི་ལྷ་དང་མི་ཡིས་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། བཟུང་དང་


PS004_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པས་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱི་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ་མཆོད་དོ། །བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ། སྡིག་པ་མི་དགེ་བའི་ལས་མདོག་ན་མི་བགྱི་བར་རིག་པའི་ལས་ནི་བགྱིས་བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ་དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་


PS004_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་བཞེད་པ་དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་མཚལ་ལོ། །ཅེས་བརྗོད་ནས་སྨོན་ལམ་བཀླག་མཐར་ཚོགས་ཞིང་རྟེན་ལ་བསྟིམ་པའམ་དམིགས་མེད་དུ་འཇོག །ཅེས་པས་རྟེན་ལ་བསྟིམ་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞུགས་ཀྱི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་དེ་སྲིད་དུ་རྟེན་འདི་དག་ལ་རྟེན་པར་བཞུགས་སུ་


PS004_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། རྟེན་པར་བཞུགས་ནས་ཀྱང་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་བཟང་ཚིམས་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲངས་ཤིང་། །ཞི་དང་རྒྱས་དང་


PS004_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་


PS004_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་ཏུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཞེས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་ཅིང་མེ་ཏོག་གི་ཆར་དུ་བསྙིལ་ལོ། །ཅེས་པའང་ཡིག་རྙིང་ལས་བསྡུས་ཏེ་ཟོར་ཡང་བྱས་པ་ཀརྨ་རང་བྱུང་ཀུན་ཁྱབ་པས་བྲིས་པ་མངྒ་ལཾ།། །།

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ། མཁས་གྲུབ་རཱ་ག་ཨ་སྱ།


PS004_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ།། །།


PS004_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ འདི་ཉིད་ཆག་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམས། །དཔེ་གཅོད་འདོད་མི་འདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་ལས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་བསྐྱུར་ཉམས་ལེན་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། །ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །


PS004_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡུལ་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་


PS004_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་


PS004_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨུ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་


PS004_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱི་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་གྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་


PS004_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་


PS004_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས། ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་ཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་པའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་


PS004_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡི་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱིས། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་བཅད་མ་སྦྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་


PS004_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་


PS004_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམས་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་པ་མཐོལ་ལོ་བཤགས། །ནག་པོ་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་


PS004_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་


PS004_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བའི་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་བསྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །


PS004_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱི་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །


PS004_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་མཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་


PS004_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་


PS004_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །


PS004_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་བྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་


PS004_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །


PS004_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོངས་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨུ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲ་སློབ་སོགས། །ལྷ་ཡི་མིག་གི་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རླབས་བྱེད་ཅིང་། །


PS004_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་པའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་


PS004_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་


PS004_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་


PS004_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ངག་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཚད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གི་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །


PS004_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་


PS004_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དྲུག་ཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་


PS004_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེ་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་


PS004_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་


PS004_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་ནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མོཿསུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་ནས་རབ་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ།
རབ་འདི་མ་ཆག་པ། འབྲིང་ལོ་ཟླ་ཙམ་མ་ཆག་པ། ཐ་ན་ནམ་སྐབས་སུ་ཁ་ནུབ་ཏུ་གྱུ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དེ། །འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག།

ཕྱོགས་དུས་རྒྱལ་བ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ།


PS004_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་
རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་བྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ། །

སྨོན་ལམ་བསྡུས་པ། མི་འགྱུར་རྡོ་རྗེ།


PS004_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་བསྡུས་པ་ནི། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ་


PS004_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩ་ནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ༔ ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཀྱིས་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ།། །།

བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་སྨོན་ལམ། དོལ་པོ་པ་ཤེས་རབ་རྒྱལ་མཚན།


PS004_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་སྨོན་ལམ་བཞུགས།། །།


PS004_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་རཱ་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་མེད། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སྐྱེ་རྒ་ན་འཆིས་ཉམ་ཐག་འགྲོ་བ་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མཛད་པ། །སངས་རྒྱས་ཚེ་དཔག་མེད་


PS004_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལུང་བསྟན་པ། །ངས་ནི་སྔོན་ཚེ་སྨོན་ལམ་འདི་བཏབ་བོ། །སེམས་ཅན་གང་གིས་ང་ཡི་མིང་ཐོས་པའི། །འཇིག་རྟེན་ཁམས་ན་གནས་པའི་སེམས་ཅན་རྣམས། །དེ་དག་ང་ཡི་ཞིང་དུ་ལྷག་ནས་ཀྱང་། །སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག་པར་འགྱུར། །འདྲེན་པ་ཁྱོད་ཀྱི་མཐུ་དང་སྨོན་ལམ་མཆོག །བདེ་ལྡན་ཞིང་བཀོད་མདོ་ནས་གསུངས་པ་བཞིན། །བདག་ཀྱང་ཚེ་དཔག་མེད་ལ་སྐྱབས་སུ་མཆི། །ལུས་འདི་བོར་ནས་སྐྱེ་བ་ལེན་པར་ཤོག །སྨོན་


PS004_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐའ་ཡས་ཡོངས་སུ་རྫོགས་པའི་མཐུས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །ཡོན་ཏན་བསྔགས་པའི་ཕྲེང་བ་བརྗོད་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །རྐང་གཉིས་གཙོ་བོ་འོད་དཔག་མེད་པ་དང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་དཔག་མེད་བཞུགས་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ལག་མཐིལ་ལྟར་མཉམ་རིན་ཆེན་ས་གཞི་ནི། །ཐམས་ཅད་གསེར་གྱི་དྲྭ་བས་ཁྱབ་གྱུར་ཅིང་། །ངོ་མཚར་པདྨ་མང་པོས་གང་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །པདྨ་རེ་རེའི་རྩེ་མོ་ཐམས་ཅད་ལས། །དཔག་མེད་འོད་འཕོ་འོད་ཟེར་ཐམས་ཅད་ཀྱིས། །


PS004_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ལྗོན་ཤིང་སྣ་ཚོགས་རིན་ཆེན་བདུན་ལས་གྲུབ། ཁ་དོག་དབྱིབས་ལེགས་མཛེས་ཤིང་བལྟ་ན་སྡུག །སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །བྱ་ཚོགས་རྣམ་མང་བདེ་གཤེགས་སྤྲུལ་པའི་བྱ། །སྣ་ཚོགས་སྐད་སྙན་སྙན་པར་སྒྲོག་བྱེད་ཅིང་། །ཀུན་གྱི་མགོན་པོ་རྗེས་སུ་དྲན་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ཆུ་ཀླུང་ཉམས་དགའ་དྲི་མཆོག་རྣམས་དང་ལྡན། །རྒྱལ་བའི་ཡོན་ཏན་དཔག་མེད་སྒྲ་ཚོགས་ཀུན། །རྟག་པར་རྒྱུན་མི་འཆད་པར་སྒྲོགས་པའི་ཞིང་། །བདེ་བ་ཅན་དུ་


PS004_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རྫུས་ཏེ་སྐྱེ་བར་ཤོག །གསེར་གྱི་མདོག་ཅན་ལྷ་མི་ཐམས་ཅད་ཀྱང་། །སྣ་ཚོགས་གོས་གྱོན་རིན་ཆེན་རྒྱན་གྱིས་སྤྲས། །དམ་ཆོས་དགའ་བདེ་དཔག་མེད་སྤྱོད་པའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ཟས་དང་གོས་དང་མལ་ཆ་སྨན་རྣམས་དང་། །ཆོས་གོས་ལྷུང་བཟེད་རིན་ཆེན་ཁང་པ་སོགས། །ཡིད་ལ་བསམ་མ་ཐག་ཏུ་འབྱུང་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །གདུགས་དང་རྒྱལ་མཚན་ལ་སོགས་མཆོད་པའི་རྫས། །ཡིད་ལ་བསམ་མ་ཐག་ཏུ་ཅི་འདོད་ཀུན། །མགོན་པོའི་སྨོན་ལམ་སྟོབས་ལས་འབྱུང་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་སོགས། །ཚེ་རབས་དྲན་དང་བློ་


PS004_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་མཁས་མཆོག་སོགས། །རྫུ་འཕྲུལ་སྟོབས་རྣམས་ཐོབ་པར་འགྱུར་བའི་ཞིང་། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །འཆི་བའི་ཚེ་ན་སངས་རྒྱས་བྱེ་བ་ཕྲག །དགུ་བཅུ་རྩ་དགུས་མངོན་སུམ་ལུང་སྟོན་ཅིང་། །སངས་རྒྱས་སྟོང་གིས་དགྱེས་པའི་ཕྱག་རྐྱོང་ནས། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །བདག་དང་སེམས་ཅན་འཆི་བའི་དུས་ཀྱི་ཚེ། །འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་འོད་དཔག་མེད། །དགེ་སློང་བརྒྱ་ཕྲག་ཚོགས་ཀྱིས་ཡོངས་བསྐོར་ནས། །བརྩེ་བས་བདག་གི་མདུན་དུ་འབྱོན་གྱུར་ཅིག །མགོན་པོ་འཁོར་བཅས་བདག་གིས་མཐོང་ནས་ཀྱང་། །སེམས་ལ་དགའ་བདེ་དཔག་མེད་སྐྱེ་བ་དང་། །དྲན་པ་མ་ཉམས་


PS004_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་དེ་ཉིད་ལ། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །འཇིག་རྟེན་དབང་ཕྱུག་རྒྱལ་པོའི་བྱིན་རླབས་དང་། །ཆོས་ཀྱི་འབྱུང་གནས་སྨོན་ལམ་མཐུ་སྟོབས་དང་། །འོད་དཔག་མེད་པའི་བྱིན་རླབས་ཆེན་པོའི་མཐུ། །དགེ་བ་གང་བསགས་ཀུན་གྱི་ནུས་མཐུ་དང་། །འོད་གསལ་ཕྱག་རྒྱ་ཆེན་པོའི་བྱིན་རླབས་དང་། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་པར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ཏེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་པ་འདི་ཡང་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །།

བསྔོ་བ་ཁྱུང་པོས་མཛད་པའི་བཀའ་རྒྱ་མར་གྲགས་པ།


PS004_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་ཁྱུང་པོས་མཛད་པའི་བཀའ་རྒྱ་མར་གྲགས་པ་ནི། སྐུ་གསུམ་མཁྱེན་བཅུ་ཆོས་ཀྱི་རྗེ། །བླ་མ་རྣམས་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་ཀུན། །བརྩེ་བས་བསྔོ་བའི་དཔང་དུ་བཞུགས། །སྐྱེ་བ་འདི་དང་སྐྱེ་བ་གཞན། །བདག་གིས་ལུས་ངག་ཡིད་གསུམ་གྱིས། །དཀར་པོའི་དགེ་བ་ཅི་བགྱིས་པ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཉོན་མོངས་ལམ་དུ་སློང་གྱུར་ཅིག །སྣང་བ་དབང་དུ་བསྡུས་གྱུར་ཅིག །སྐུ་གསུམ་རང་ལ་


PS004_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་གྱུར་ཅིག །རང་དོན་ཆོས་སྐུ་འགྲུབ་གྱུར་ཅིག །གཞན་དོན་གཟུགས་སྐུ་རྣམ་གཉིས་ཀྱིས། །ཇི་སྲིད་འཁོར་བ་མ་སྟོངས་བར། །འགྲོ་དོན་ཕྲིན་ལས་རབ་རྒྱས་པའི། །གང་ལ་གང་འདུལ་དེར་སྟོན་ནས། །གཞན་དོན་རླབས་ཆེན་འགྲུབ་གྱུར་ཅིག །གདུལ་བྱ་དུས་ལ་ཐེབས་གྱུར་ཅིག །རྟེན་འབྲེལ་ཐབས་ལ་མཁས་གྱུར་ཅིག །འབྲེལ་ཚད་དོན་དང་ལྡན་གྱུར་ཅིག །འཁོར་བའི་རྒྱ་མཚོ་སྟོངས་གྱུར་ཅིག །འོད་གསལ་ཆོས་སྐུ་ཐོབ་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྔོ་བར་མཛད་པ་ཇི་བཞིན་ཏུ། །བདག་གིས་བསྔོ་བ་འགྲུབ་གྱུར་ཅིག །ཇི་སྲིད་སངས་རྒྱས་མ་ཐོབ་བར། །རིགས་


PS004_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ནད་མེད་དབང་པོ་གསལ། ཁྲིམས་ལྡན་ཤེས་བཞིན་ཆོས་སྤྱོད་ཅིང་། །ཀུན་གྱིས་བཀུར་བར་བདག་གྱུར་ཅིག །རེ་འདོད་ཐམས་ཅད་བསྐང་བར་ཤོག །བྱང་ཆུབ་མངོན་དུ་མ་གྱུར་ཚེ། །ནད་དང་གདོན་དང་བགེགས་རྣམས་དང་། །མི་དང་གཅན་གཟན་སྲིན་པོ་དང་། །འབྱུང་བ་བཞི་ཡི་གནོད་པ་སོགས། །ཐམས་ཅད་ཞི་བ་ཉིད་གྱུར་ཅིག །ཚེ་དང་བསོད་ནམས་དར་བ་དང་། །དཔལ་དང་འབྱོར་པ་རྒྱས་གྱུར་ནས། །སྙན་གྲགས་ནམ་མཁའ་མཉམ་གྱུར་ཅིག །ལུས་ངག་ཡིད་ཀྱི་མཛད་སྤྱོད་ཀུན། །ཅི་བྱས་སེམས་ཅན་དོན་གྱུར་ནས། །འཁོར་བའི་རྒྱ་མཚོ་སྟོངས་པ་དང་། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། །།

རྒྱལ་བ་ཐུབ་པ་ཆེན་པོའི་སྐྱེས་རབ་དང་འབྲེལ་བའི་སྨོན་ལམ་དོན་གཉིས་ལྷུན་གྲུབ། ཀརྨ་སྒྲུབ་བརྒྱུད་བསྟན་འཛིན།


PS004_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐུབ་པ་ཆེན་པོའི་སྐྱེས་རབ་དང་འབྲེལ་བའི་སྨོན་ལམ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཐུབ་དབང་ཐུགས་བསྐྱེད་བདེན་པ་ཆེན་པོའི་མཐུས། །འགྲོ་བའི་དོན་དུ་སྨོན་ལམ་བཏབ་པ་ཀུན། །མྱུར་བ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། །རྣམ་འདྲེན་དམ་པ་ཟས་གཙང་སྲས་པོ་ཉིད། །འོད་ལྡན་དྲི་མེད་ཁྱེའུ་པཀྴི་ཏ། །དགའ་མཐོང་ཟླ་དགའ་རྫ་མཁན་བློ་གྲོས་བཟང་། །རྒྱ་མཚོའི་རྡུལ་གྱུར་བྱང་ཆུབ་ཐུགས་བསྐྱེད་


PS004_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྨོན་ལམ་ཆེན་པོ་ལྔ་བརྒྱ་ཕྲག་གཅིག་བཏབ། །མི་འཁྲུག་ལ་སོགས་ཕྱོགས་བཅུའི་རྡུལ་རྙེད་རྒྱལ། །དང་པོར་བྱང་ཆུབ་ཕྱོགས་ལ་སྤྱོན་པ་ལྟར། །མ་འོང་འགྲོ་ཀུན་བྱང་ཆུབ་ལ་འགོད་ཤོག །དགེ་དོན་སྦྱིན་པ་ཆེ་དང་ཤིན་ཏུ་དགས། །བརྩེ་དང་བརྩོན་འགྲུས་དྲག་པོ་རྒྱ་མཚོར་འཇུག །གནོད་ལེན་ཕན་བརྩོན་འཛམ་གླིང་བདེ་བ་བཀོད། །ཐམས་ཅད་སྒྲོལ་དང་དོན་གྲུབ་གཙུག་ནོར་གྱིས། །ཕ་མས་ཡིད་སྲུང་དངོས་པོ་ཡོངས་སུ་བཏང་། །ནོར་བཟང་བསོད་སྟོབ་ལྷན་ནེ་ང་ལས་ནུས། །བསོད་ནམས་མཐུ་ཡི་འགྲོ་མང་དཔལ་ལ་བཀོད། །དཔག་མེད་དེ་འདྲས་འགྲོ་བའི་དོན་བྱེད་ཤོག །གསེར་མདོག་ཤི་བི་ཚངས་པས་བྱིན་སོགས་ཀྱིས། །ལུགས་བཞིན་སྲིད་སྐྱོང་མུ་གེའི་


PS004_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ལས་སྐྱོབ། །ཤུད་དེ་ལག་གར་བརྒྱ་བྱིན་པདྨ་ཡིས། །ཉ་དང་དེས་པས་ལུས་བླང་ཤ་ཁྲག་གིས། །འགྲོ་ཀུན་ནད་མུག་ལས་སྐྱོབ་ཆོས་ལ་བཀོད། །རྒྱལ་པོ་བཞི་དང་གཟུགས་ལྡན་ཟླ་འོད་གསུམ། །སྙིང་རྗེ་ཆེན་པོའི་དབུ་དང་སྐུ་ལུས་བཏང་། །དཔག་མེད་དེ་འདྲས་འགྲོ་བའི༴ །སྤྲིན་གཞོན་ཕན་འདོད་བྱམས་སྟོབས་རྡོ་རྗེའི་དཔུང་། །གདོལ་པ་ཤི་བི་ཚངས་དཔོན་སྡེ་གཉིས་གཉིས། །སེམས་ཅན་དོན་དུ་སྐུ་ལུས་ཡོངས་སུ་གཏང་། །དགེ་དོན་ཆོས་སྐྱོང་གཟོད་པ་ལྗང་གུ་ཡིས། །ཕ་མ་ཤ་ཁྲག་གིས་གསོས་དྲིན་གྱིས་རློན། །ལེགས་རྙེད་མི་དམན་སེམས་ཅན་གཅིག་སྲོག་ཕྱིར། །བདག་ལུས་ནོར་དང་ལོངས་སྤྱོད་ཡོངས་སུ་གཏང་། །དཔག་མེད་


PS004_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲས་འགྲོ་བའི༴ །སྨན་གཉིས་ཆུ་འབེབས་མཐོང་ཐོས་དྲན་རེག་ཀུན། །རྒྱུ་འབྲས་ནད་སེལ་སྐྱེ་རྒུའི་གསོས་སྦྱིན་མཛད། །ས་ག་དོམ་གཉིས་སྤྲེའུ་གཉིས་གྱུར་ཚེ། །བཟང་བྱས་ལན་དུ་སྲོག་འཇོམས་ནའང་བྱམས། །རུས་རྦལ་ཀུ་ཏར་སྦྱིན་གོར་ཀླུ་སོགས་ཀྱིས། །སྲིན་བུ་དང་ནི་གྲོག་མ་བརྒྱད་ཁྲི་སོགས། །ཤ་ཁྲག་གིས་གསོས་བྱང་ཆུབ་སྨོན་ལམ་བཏབ། །དཔག་མེད་དེ་འདྲས་འགྲོ་བའི༴ །སེངྒེ་གླང་ཆེན་རི་བོང་གཉིས་གཉིས་རྟ། །ལུས་སྲོག་ལྟོས་མེད་དོར་ནས་གཞན་ཕན་བཙོན། །དབྱིག་དགའ་ཁྱུ་དཔོན་སྤྲེའུ་རྒྱལ་ཚོང་དཔོན་གཉིས། །ས་རྨད་བརྒྱ་བྱིན་ནོར་གྱི་ཤིང་རྟའི་ཚེ། །མངོན་སུམ་བདག་དོར་གཞན་དག་འཇིགས་ལས་སྐྱོབ། །རུ་རུ་ཤ་ར་བྷ་


PS004_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རང་ཉིད་ནི། །གསོད་པའི་དགྲ་ཡང་འཇིགས་པ་ཆེ་ལས་བསྒྲལ། །དཔག་མེད་དེ་འདྲས་འགྲོ་བའི༴ །སེངྒེ་ས་སྲུང་ཤང་ཤང་ཟླ་བ་གཉིས། །གཤེད་མ་ལ་ཡང་དགའ་དང་གུས་པས་ལྟས། །བཀའ་ཐུབ་ཉ་རྒྱལ་སྲེག་ཕྲུག་ལེགས་ཕྱིན་གྱིས། །སྲོག་གིས་ཉེན་ལ་བདེན་པས་ཚིག་གིས་སྐྱབས། །རབ་འབྱམས་བསྐལ་པ་གྲངས་མེད་བཅོ་བརྒྱད་དུ། །འཁོར་བ་གནས་ཤིང་འཁོར་བའི་དོན་ཆེན་མཛད། །རྒྱན་ཚང་འཛའ་བོས་ལས་ཀྱི་འབྲས་བུ་བསྟན། །དཔག་མེད་དེ་འདྲས་འགྲོ་བའི༴ །ནོར་ངན་གྱུར་ཚེ་ཕྱོགས་བཅུའི་རྡུལ་རྙེད་ཞིང་། །དེ་རྙེད་ལུས་ཀྱིས་ཤ་ཁྲག་དག་གིས་གསོས། །སྒྲོན་སྣང་གྱུར་ཚེ་ཕྱོགས་བཅུའི་གངྒའི་ཞིང་། །ལན་བདུན་རིན་ཆེན་ཆར་


PS004_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཚིམ་པར་མཛད། །ཉི་ཕྲེང་སྤོས་གྱུར་ཕྱོགས་བཅུ་བྱེ་རྙེད་ཞིང་། །སྙིགས་མ་ལྔ་ལྡན་དག་ལ་ཆོས་ནོར་སྨན། །སྦྱིན་ཞིང་གཞལ་མེད་འགྲོ་རྣམས་བྱང་ཆུབ་བཀོད། །དཔག་མེད་དེ་འདྲས་འགྲོ་བའི༴ །ནམ་མཁར་གྱུར་ཚེ་ལོ་སྟོང་སྐུ་ལུས་སྦྱིན། །གྲངས་མེད་ལོ་རུ་དཔག་མེད་ཞིང་རྣམས་སུ། །ཚད་མེད་འགྲོ་ཀུན་སྦྱིན་པས་བྱང་ཆུབ་བཀོད། །བརྒྱ་བྱིན་གྱུར་ནས་ཕྱོགས་བཅུར་དཔག་མེད་ཞིང་། །གྲངས་མེད་ལོ་རུ་གནོད་སྦྱིན་གཟུགས་དག་གིས། །འགྲོ་རྣམས་དགེ་བ་བཅུ་པོ་དག་ལ་བཀོད། །བྱམས་པའི་སྟོབས་ཀྱིས་དུད་འགྲོ་རིག་བཞི་སྐྱབས། །དཔག་མེད་དེ་འདྲས་འགྲོ་བའི༴ །བསོད་ནམས་འོད་ཟེར་སྲིད་སྤང་སངས་རྒྱས་ནི། །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་མཆོད། །དམ་


PS004_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཛིན་ཤིང་འགྲོ་ལ་ཆོས་ཀྱང་སྟོན། ཁྱད་པར་སེམས་ཀྱིས་བདེ་གཤེགས་གངྒའི་ཀླུང་། །བྱེ་མ་རྙེད་ལས་ཁྲིམས་ནོས་བྱེ་བ་ཁྲག །བཅུར་བཅུར་ལོ་ནི་ཚངས་སྤྱོད་མཐར་ཕྱིན་མཛད། །ཤེས་རབ་འོད་ཀྱིས་དགེ་བཅུའི་སྲིད་སྐྱོང་མཛད། །དཔག་མེད་དེ་འདྲས་འགྲོ་བའི༴ །བཟོད་སྨྲ་བཟོད་སྟོབས་བརྒྱད་ཁྲིར་བཞི་སྟོང་ལོར། །ཆིག་སྟོང་མི་ཡི་སྤྱོས་སྡིག་ཡན་ལག་རྣམས། །གཅོད་ཀྱང་སྡང་སེམས་ཏིལ་ཙམ་མ་སྐྱེས་བཟོད། །དྲང་སྲོང་བདེ་སྦྱིན་གྱུར་ཚེ་ལག་པ་གཡས། །ཞུན་མར་སྒྲོན་ཏེ་མཆོད་སྦྱིན་སྨོན་ལམ་གཏབ། །བདེ་གཤེགས་དོན་ཡོད་མདུན་དུ་གྲང་འོད་ཀྱིས། །སྐུ་ལུས་རས་ཀྱིས་བཀྲིས་ཏེ་མར་མེ་ཕུལ། །དཔག་མེད་དེ་འདྲས་འགྲོ་བའི༴ །ལེགས་


PS004_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཆོས་འདོད་གཟུགས་བཟང་ཨུད་པ་ལ། །ཟས་གཙང་ཡེ་ཤེས་ལྡན་དང་ཤི་བི་གཉིས། །བྱི་ལིང་གར་ལི་ཀན་ཤི་ནི་པི་ལི། །བྱང་ཆུབ་སེམས་དཔའ་སོགས་ཀྱིས་ཆོས་ཕྱིར་དུ། །བུ་ནོར་ལོངས་སྤྱོད་སྐུ་ལུས་ཡོངས་སུ་བཏང་། །བརྩོན་འགྲུས་འབར་གྱིས་སེམས་ཅན་གཅིག་པུའི་ཕྱིར། །ལོ་གྲངས་བྱེ་བ་བརྒྱད་དུ་བརྩོན་འགྲུས་བརྩམ། །དཔག་མེད་དེ་འདྲས་འགྲོ་བའི༴ །ལྐུག་ཕྱེ་དྲང་སྲོང་གཉིས་གཉིས་ལྕག་ཁྱིམ་རྒྱལ། །འཆི་ཡང་མ་ཟློག་བརྩོན་པས་བསམ་གཏན་སྒོམ། ཁྲ་ཅན་དྲང་སྲོང་གསུམ་དང་ཀུན་ཏུ་རྒྱུ། །བརྒྱ་བྱིན་ལེགས་འགྲོ་གར་གཉིས་ཀེ་ཤ་པས། །ཤེས་རབ་ཆེན་པོའི་འགྲོ་མང་བྱང་ཆུབ་བཀོད། །སྨན་ཆེན་རྒྱལ་པོ་མེ་ལོང་བྱ་གསུམ་ཚེ། །ཐབས་མཁས་དགེ་བཅུའི་


PS004_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྐྱོང་ཕན་བདེར་བཀོད། །དཔག་མེད་དེ་འདྲས་འགྲོ་བའི༴ །སྐར་མ་འོད་ཕྲེང་བྲམ་ཟེ་སྙིང་རྗེ་ཆེས། །སྙིང་རྗེ་ཆེན་པོའི་གཞན་ཕན་ཁོ་ན་བརྩོན། །རྨ་བྱ་གོང་བུ་སྡོང་དུམ་སིངྒ་ལའི། །སྟོབ་ཀྱི་སྤ་བཀང་འགྲོ་མང་ཕན་བདེར་བཀོད། །མཐའ་ཡས་ཤུགས་འཆང་སོགས་ཀྱིས་དེ་བཞིན་གཤེགས། །གཞལ་མེད་མཆོད་ཅིང་ཆོས་འཛིན་སྨོན་ལམ་བརྩོན། །རྫོགས་སྨིན་སྦྱང་སོགས་འགྲོ་ཕན་ཁོ་ན་མཛད། །དཔག་མེད་དེ་འདྲས་འགྲོ་བའི༴ །མདོར་ན་བཅོམ་ལྡན་ཐུབ་པའི་དབང་པོ་ཡིས། །རྨད་བྱུང་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་དེ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །ཤེས་རབ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་


PS004_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །རྒྱལ་བ་མཆོད་དང་སེམས་ཅན་དོན་མཛད་སོགས། །རྣམ་ཐར་སྨོན་ལམ་མཛད་སྟོབས་ཅི་འདྲ་བ། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །འགྲོ་བའི་དོན་ལ་དེ་ལྟར་འགྱུར་བར་ཤོག། །། ཅེས་པའང་རྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་རྗེས་སུ་སྙིང་ནས་སྨོན་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་པས་སྨྲས་པ་འདིས་ཀྱང་འགྲོ་ཕན་རྒྱ་ཆེན་འབྱུང་བར་གྱུར་ཅིག། །། བཀྲ་ཤིས་ཤོག། །།

ཆོ་འཕྲུལ་གྱི་བསྟོད་པ། པཎ་ཆེན་ཤཱཀྱ་ཤྲཱི།


PS004_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་གྱི་བསྟོད་པ་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ལོ། །རྩོད་པའི་དུས་མཛད་ཐུབ་པའི་དབང་པོ་ཡིས། །རྒྱལ་པོའི་ཁབ་ནས་ཡངས་ཅན་ཀཽ་ཤཱམ་བཱི། །ཝར་ཁྱིམ་དང་ནི་ཐེག་ཆེན་ཤྲཱི་རི་དང་། །མཉན་ཡོད་གནས་སུ་རིམ་པར་གཤེགས་ལ་འདུད། །གཉན་


PS004_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་གནས་སུ་སྟོན་པར་མུ་སྟེགས་ཀྱི། །སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པའི་ཚེ། །སྐྱེ་བོ་དུ་མ་ཚོགས་པའི་མངོན་སུམ་དུ། །རྨད་བྱུང་ཆོ་འཕྲུལ་སྟོན་ལ་ཕྱག་འཚལ་ལོ། །ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ། །ཚེམས་ཤིང་ས་ལ་གཙུག་པས་ལྗོན་ཤིང་སྐྱེས། །དཔག་ཚད་ལྔ་བརྒྱར་ཁྱབ་པའི་ལོ་འདབ་རྒྱས། །དྲི་རོས་སྐྱེ་བོ་ཚིམ་ལ༴ །ཚེས་གཉིས་ཨུ་དྲ་ཡ་ས་མཆོད་པའི་ཚེ། །ཞབས་བསིལ་ཆུ་ལས་རིན་ཆེན་རྫིང་བུར་སྤྲུལ། ཁ་དོག་སྣ་ཚོགས་པདྨའི་འོད་ཟེར་གྱིས། །དྲི་ཡི་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །ཚེས་གསུམ་ཤུན་ཙ་དྷ་ནས་མཆོད་པའི་ཚེ། །གཡས་གཡོན་གཉིས་སུ་རིན་ཆེན་རི་གཉིས་སྤྲུལ། །རི་རྩེ་


PS004_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་འབྲས་དང་རྩྭ་ལ་སོགས། །མི་དང་དུད་འགྲོ་ཚིམ་ལ་ཕྱག་འཚལ་ལོ། །ཚེས་བཞི་ཨིནྡྲ་བྷྲ་མས་མཆོད་པའི་ཚེ། །ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རྫིང་བུར་སྤྲུལ། །ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས། །ཆོས་ཀྱི་སྒྲ་སྙན་བྱུང་ལ་ཕྱག་འཚལ་ལོ། །ཚེས་ལྔ་ཚངས་སྦྱིན་གྱིས་ནི་མཆོད་པའི་ཚེ། །ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་ཀྱི། །འོད་དེས་རེག་པའི་སེམས་ཅན་ཐམས་ཅད་ཀྱི། །ལུས་སེམས་བདེ་བས་ཁྱབ་ལ་ཕྱག་འཚལ་ལོ། །ཚེས་དྲུག་ལིད་ཙ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས། །རབ་ཏུ་དགྱེས་ཤིང་སོ་སོར་སྨོན་ལམ་འདེབས། །སྟོན་


PS004_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་བརྗོད་ལ་ཕྱག་འཚལ་ལོ། །ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས། །རྒྱལ་པོར་གྱུར་ཅིང་རིན་ཆེན་སྣ་བདུན་ལྡན། །ཀུན་ཀྱང་སྤྲོ་བ་སྐྱེད་ལ་ཕྱག་འཚལ་ལོ། །ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ། །སེང་གེའི་ཁྲི་ལ་གླང་ཆེན་སྒྲ་སྐད་བཏོན། །སྲིན་པོ་ལྔ་དང་ཕྱག་ན་རྡོ་རྗེར་སྤྲུལ། །མུ་སྟེགས་སྐྲག་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སླར་སྐུ་ཆེ་བའི་ཆོ་འཕྲུལ་བསྟན་པ་ནི། །ཚེས་དགུ་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ། །ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །སྐུ་ལས་འོད་ཟེར་ཆེན་པོ་བྱུང་གྱུར་པ། །ཀུན་གྱིས་མཐོང་བར་མཛད་ལ་ཕྱག་འཚལ་ལོ། །ཚེས་བཅུ་རྒྱལ་


PS004_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞི་ཡིས་མཆོད་པའི་ཚེ། །སྲིད་རྩེའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །སྐུ་ལས་འོད་ཟེར་སྣ་ཚོགས་བྱུང་གྱུར་པ། །ཀུན་གྱིས་མཐོང་ཞིང་གསུང་ཐོས་ཕྱག་འཚལ་ལོ། །བཅུ་གཅིག་མགོན་མེད་ཟས་སྦྱིན་གྱིས་མཆོད་ཚེ། །སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ། །སྐུ་ནི་མི་སྣང་འོད་ཀྱི་ཕུང་པོར་གྱུར། །གསུང་གི་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཁྱིམ་བདག་ཙེ་རས་མཆོད་པའི་ཚེ། །སྐུ་ཡི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ། །པདྨའི་གདན་ལ་སངས་རྒྱས་བཞུགས་པར་སྤྲུལ། །ཀུན་ཀྱང་དེ་འདྲར་སྤྲུལ་ལ་ཕྱག་འཚལ་ལོ། །བཅུ་གསུམ་རྒྱལ་པོ་ཤུན་ཙེས་མཆོད་པའི་ཚེ། །ལྟེ་བའི་འོད་ཀྱིས་སྟོང་


PS004_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བར་དུ་ཁྱབ། །འོད་དེས་རེག་ཚད་སྒྲིབ་པ་རྣམས་དང་བྲལ། །རྩི་སོགས་འབྲས་བུ་ཐོབ་ལ་ཕྱག་འཚལ་ལོ། །བཅུ་བཞི་རྒྱལ་པོ་ཨིན་དྲས་མཆོད་པའི་ཚེ། །རྒྱལ་པོས་གཏོར་བའི་མེ་ཏོག་ཐམས་ཅད་ཀྱང་། །རིན་ཆེན་ཤིང་རྟའི་ཚོགས་ཀྱིས་སྟོང་གསུམ་ཁྱབ། །ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ། །བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། །རོ་བརྒྱ་ལྡན་པས་ཟས་ཀྱིས་སྣོད་བཀང་ནས། །ཕྱག་མཐིལ་ས་ལ་བརྡབས་པས་དམྱལ་བ་ཡི། །སེམས་ཅན་ཚད་མེད་བསྒྲལ་ལ་ཕྱག་འཚལ་ལོ། །མཚུངས་མེད་སྟོན་པའི་ཆོ་འཕྲུལ་སྣ་ཚོགས་ལ། །ཅུང་ཟད་ཙམ་ཞིག་བདག་གིས་བསྟོད་པ་ཡི། །དགེ་བས་འགྲོ་བ་


PS004_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱིས། །ཆོ་འཕྲུལ་ཆེ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །པ་ཆེན་ཤཱཀྱ་ཤྲཱི་སོ།། །།

གནས་བརྟན་ཕྱག་མཆོད། པཎ་ཆེན་ཤཱཀྱ་ཤྲཱི།


PS004_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཕྱག་མཆོད་ནི། ལག་མཐིལ་ལྟར་མཉམ་རིན་ཆེན་བརྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེའི་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །


PS004_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སུ་འཚལ། །ཡོན་སྦྱོང་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་གྱིས་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞུགས། །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བསྟན་ཆེན་པོ་བཞུགས་སུ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེས་སུ་གསོལ། །ཐུབ་པའི་བཀའ་བསྒོས་


PS004_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་


PS004_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གི་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །མཚུངས་མེད་བལྟ་བའི་མི་ངོམས་པ། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །


PS004_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་ཀུན་ལ་འགྲེའོ། །གངས་རི་ཆེན་པོ་ཏི་སེ་ན། །འཕགས་པའི་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །དྲང་སྲོང་རི་ཡི་ཤེལ་ནགས་ན། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིག་འཛུབ་རྔ་ཡབ་འཛིན་ཕྱག་འཚལ། །


PS004_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི༴ །བསྟན་པ༴ །འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ཏེ། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་སྣ་སྐོར་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་སྐོར། །སྡིག་འཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་


PS004_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་དྷྭ་ཛ་གསེར་ཆེན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་


PS004_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །བྱ་རྒོད་ཕུང་པོའི་རི་བོ་ན། །འཕགས་པ་གནས་བརྟན་ལམ་ཕྲན་བརྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པའི་གནས་བརྟན་ལམ་བརྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །


PS004_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །རི་ཡི་རྒྱལ་པོ་ངོས་ཡང་ལ། །འཕགས་པའི་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་མཁར་གསིལ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །རི་ཡི་རྒྱལ་པོ་བྷི་ཧུ་ལ། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །བླ་


PS004_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

མའི༴ །བསྟན་པ༴ །འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ བརྩོན་པས་གོ་བགོས་མཐུ་སྟོབས་ཅན། །སངས་རྒྱས་བསྟན་པ་ལེགས་སྐྱོངས་བའི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པའི། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་


PS004_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གི། །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་རྫོགས་ནས། །འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཞེས་པན་ཆེན་ཤཱཀྱ་ཤྲཱིས་སོ།། །།

སོ་ཐར་སྡོམ་རྒྱུན་གསོལ་འདེབས། ཞྭ་དམར་པ།


PS004_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་སྡོམ་རྒྱུན་གསོལ་འདེབས་ནི། ཟླ་བྲལ་ཐུབ་དབང་གནས་བརྟན་ཤ་རིའི་བུ། །སྒྲ་གཅན་ཟིན་གཉིས་འཕགས་མཆོག་ཀླུ་སྒྲུབ་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །སྡོམ་པའི་ཚུལ་ཁྲིམས་ཉམས་མེད་དངོས་གྲུབ་སྩོལ། །ཡོན་ཏན་བློ་གྲོས་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས༴ །སྡོམ་པའི་ཚུལ་ཁྲིམས་ཉམས་མེད༴ །


PS004_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །ས་སྟེང་མགྲན་ཟླ་བྲལ་བ་ཤཱཀྱ་ཤྲཱི། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས་ཉམས་མེད༴ །བྱང་ཆུབ་དཔལ་བ་བྱང་ཆུབ་གྲགས་པ་དང་། །གཞོན་ནུ་བྱང་ཆུབ་གནས་བརྟན་ཡོན་རྒྱལ་ཞབས། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །ཡོན་ཏན་བློ་གྲོས་འདུལ་འཛིན་སེངྒེ་དཔལ། །རབ་འབྱོར་སེངྒེ་ཆོས་གྲུབ་སེངྒེའི་ཞབས། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས་ཉམས་མེད༴ །མི་བསྐྱོད་རྒྱལ་བ་མཚུངས་མེད་དཀོན་མཆོག་འབངས། །རྗེ་བཙུན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཞབས། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །དཔལ་ལྡན་གར་དབང་དྷརྨ་ཤྭ་ར་དང་། །


PS004_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དབང་བདུད་རྩི་ཀརྨ་རྣམ་རོལ་ཞབས། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །སྐྱབས་གནས་མཚུངས་མེད་ཐུགས་རྗེའི་གཏེར་གཅིག་པུ་། །ཆོས་ཀྱི་དོན་གྲུབ་བསྟན་པའི་ཉིན་བྱེད་ལ། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །བརླབས་ཆེན་ཕྲིན་ལས་ཟབ་མོས་འགྲོ་སྒྲོལ་བ། །བདུད་ལས་རྣམ་རྒྱལ་བསྟན་འཛིན་ཉིན་བྱེད་ཞབས། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །མཁྱེན་བརྩེ་རྨད་བྱུང་ལྷར་བཅས་འགྲོ་བའི་མགོན། །རྒྱལ་དབང་ཐེག་པ་མཆོག་གི་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །ངེས་དོན་བསྟན་པ་རབ་ཏུ་རྒྱས་པའི་སྡེ། །བསླབ་གསུམ་


PS004_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལྡན་བཟོད་པ་རབ་བརྟན་ཞབས། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ །དགེ་སྦྱོང་ཚུལ་བཟུང་རྣམ་འདྲེན་འགྲོ་བའི་མགོན། །བསླབ་གསུམ་མཛོད་འཛིན་པདྨ་དབང་མཆོག་ལ། །གསོལ་བ་འདེབས་སོ༴ །སྡོམ་པའི་ཚུལ་ཁྲིམས༴ དམ་ཆོས་འདུལ་བའི་སྡེ་ལ་རྣམ་འདྲེན་པའི། །རྒྱལ་ཚབ་གཉིས་པ་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཁྲིམས་ཀྱི་གཞི། །འཇུག་པའི་ཚུལ་ཁྲིམས་དང་བཅས་སོ་སོར་ཐར། །ཉམས་མེད་ཉེ་བར་འཁོར་ལྟར་བག་ཡོད་ཤོག །ཅེས་ཞྭ་དམར་པས་མཛད་པའོ།། །།

གཞི་གསུམ་གསོ་སྦྱོང་ལག་ལེན་ཐར་པའི་ཐེམ་སྐས། ཀརྨ་རང་བྱུང་ཀུན་ཁྱབ།


PS004_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གསུམ་གསོ་སྦྱོང་ལག་ལེན་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །


PS004_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཐོས་ཙམ་གྱིས་བསྐལ་ཆེན་བརྒྱད་ཁྲིའི་སྡིག །བྱང་ནས་ཕྱིར་མི་ལྡོག་མཛད་ཐུགས་རྗེ་ཅན། །མཉམ་མེད་ཤཀྱའི་རྒྱལ་པོའི་ཞབས་པད་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་། །དེ་ཡང་དགེ་ལེགས་ཀུན་གྱི་འབྱུང་གནས་མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་བསླབ་པ་ཡོངས་སུ་སྦྱང་བ་གཞི་གསུམ་གྱི་ཆོ་ག་ལ་རྩོན་དགོས་ཏེ། དེ་ཡང་དུས་


PS004_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཅན་མཐུན་པའི་གསོ་སྦྱོང་ནི། ཉ་སྟོང་གཉིས་སུ། གཙུག་ལག་ཁང་སོགས་སུ་གོང་དུ་སྟོན་པའི་སྐུ་གཟུགས་དང་མཆོད་པ་ལེགས་པར་བཤམ། གཞི་བདག་དཀར་གཏོར་ཡང་མདུན་དུ་བཤམས། ཐོག་མར་གཎྜི་བརྡུངས་པའི་གནས་སུ་སོང་ཕྱག་གསུམ་འཚལ། རྒྱས་ན་ཤད་གསུམ་རྒྱུད་གསུམ་ཏོག་གསུམ་དང་། བསྡུ་ན་རྒྱུད་གཅིག་ཏོག་གསུམ་རྡུང་། དགེ་འདུན་རྣམས་ཅིའི་ཕྱིར་བརྡུང་ཞེས་རེ་རེ་ནས་བྲི། གསོ་སྦྱོང་གི་


PS004_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཞེས་ལན་བཏབ། དེ་ནས་སྒོ་ཁྱམ་ལྟ་བུ་ཞིག་ཏུ། བསླབ་པ་རྒན་པ་རྣམས་གདིང་ཆོས་བཅས་བཞུགས། གཞོན་པ་རྣམས་གཡོན་གྲལ་ནས་གདིང་ཆོས་བཅས་ཕྱག་གསུམ་འཚལ། འགྲེང་འདུད་བཅས། སྟོན་པ་རིན་པོ་ཆེ་གསལ་བྱེད་དམ་པ་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་ཞུ། བརྗོད། མཁན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བ་ཞུ། བརྗོད། སླར་པུས་གཙུག་ཐལ་སྦྱར་གྱིས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་ཉིད་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཕམ་ལྷག་གི་


PS004_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེགས་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། མཁན་པོས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། ཞེས་དྲི། འཆགས་སོ། །མཐོང་ལགས། ལེན་པོས། ཕྱིན་ཆད་ལེགས་པ་སྡོམ་ལགས་སམ། འཆགས་པོས། སྡོམ་ལགས།


PS004_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལན་གསུམ། ལེན་པོས། ཐབས་ཡིན་ནོ། །བརྗོད། འཆགས་པོས། ལེགས་སོ། །བརྗོད། སླར་ཕྱག་གསུམ། འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་སོགས་གོང་ལྟར་ལ། ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞུ། ལེན་པོས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ་། །བརྗོད། ཡང་ཕྱག་གསུམ། འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་སོགས་ནས། ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། བརྗོད། ལེན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། བརྗོད། སླར་པུས་གཙུག་ཐལ་སྦྱར་གྱིས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་སློང་མིང་འདི། ཞེས་བགྱི་བ་བྱིས་པ་ཉིད་དང་། མི་


PS004_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་བའི་ལྟུང་བ་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབ་ཏེ་དགེ་འདུན་གྱི་གསོ་སྦྱོང་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། སླར་ཕྱག་གསུམ་འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་སོགས་ནས། ལྟུང་བ་བྱིན་བརླབ་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞུ་སྟེ་གྲལ་དུ་བཞུགས། སླར་རྒན་གྲལ་གྱི་བསླབ་ཕྱག་གྱིས་གོང་ལྟར་བཤགས་


PS004_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བྱིན་རླབས་བྱ། དེ་ནས་ཐམས་ཅད་གྲལ་དུ་བཞུགས། ཐུབ་བསྟོད་གང་རུང་དང་། གནས་བརྟན་ཕྱག་མཆོད་སྡོམ་རྒྱུན་གསོལ་འདེབས་བཅས་མཐར་དགེ་སྐོས་ཀྱིས་ཕྱག་དང་འགྲེང་འདུད་བཅས་ཏེ། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པ་མཁན་པོའམ། སློབ་དཔོན་ནམ་འདུལ་བ་འཛིན་པ་ཆྒཻ་གཙོར་མཛད་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེས་ཟླ་བ་ཡར་གྱི་ངོའི་གྲ་ཚེས་བཅོ་ལྔའམ། མར་གྱི་ངོའི་གྲ་ཚེས་བཅུ་བཞི་པ་མངོན་དུ་གྱུར་པ་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་དོན་དུ་ཞལ་ནས་གསུང་པའི་ཚིགས་སུ་བཅད་པ་རེ་ཀླག་ཏུ་གསོལ། ཞེས་བསྐུལ་བས་དགེ་འདུན་པ་རྣམས་བཞེངས། སྣམ་སྦྱར་གྱོན་ནས་རྒྱུད་ཆགས་གསུམ་པ་འདོན་པར་བྱ་སྟེ། དེ་ལ་


PS004_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྣགས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་


PS004_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷ་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ༴ །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱེད་ལ༴ །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ༴ །དག་པའི་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ༴ །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་


PS004_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་༴ །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲང་སྙེད་ཀྱི། །ལུས་གཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་དང་། སྤྲོ་ན། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པའང་བྱའོ། །དེ་ནས་མདོ་འདོན་པའི་རྒྱུད་ནི། ཤེས་རབ་སྙིང་པོའམ། ཡང་ན། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་


PS004_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་དག་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པ་དག་གི་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱེད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པ་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་


PS004_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བའི་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ་སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་


PS004_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོགས་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་


PS004_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་སྟོན་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་། འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་བཞུགས་པ། རིགས་


PS004_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས་པ། དྲང་པོར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོངས་སུ་སྦྱོང་བ་ཆེན་པོ་སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུ་བྱས་ཆོས་རྣམས་དེ་ལྟར་ལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པའི་གསུང་། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །


PS004_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཕུན་སུམ་ཚོགས་པར་སྤྱོད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ནས་བསྔོ་བའི་རྒྱུད་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབ་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་སྙེད་དང་བསྐུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །གཞན་ཡང་གྲོང་མཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་


PS004_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་བརྗོད། དེ་ནས་གཏོར་མ་བཏང་བ་ནི། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་གཟའ་གཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ཨོཾ་ཨ་ཀཱ་རོ་ནས་ཕཊ་སྭཱ་ཧཱ་བར་ལན་གསུམ་གྱིས་བྱིན་གྱིས་རླབས་ནས། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང་། གཞན་ཡང་ནགས་ཚལ་དང་། རི་བོ་དང་། ཆུ་ཀླུང་དང་། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་རྣམས་ཀྱི་ཞལ་དུ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་


PS004_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་དགེ་སྐོས་ཀྱིས་སྤྱོད་ལམ་སྔར་ལྟར་འགྲེང་སྟེ། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་པ་མཁན་པོའམ་སློབ་དཔོན་ནམ་གནས་བསྟན་མིང་འདི་ཞེས་བགྱི་བ་གསན་དུ་གསོལ། དེངས་དུས་བཟང་པོ་ལ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་སྟོན་པའི་བཀའ་ཡིས་ཆོས་ཉན་པ་རེ་སྦྱིན་དུ་གསོལ། ཅེས་བསྐུལ་ནས་ཐམས་ཅད་སྤྱོད་ལམ་བསྟུན། ཐལ་མོ་བསྣོལ། མདོ་འདོན་པ་པོ་ཁྲིར་འཛེགས་ཏེ་འདི་སྐད་ཅེས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས། མནྡ་ར་དང་ལྷར་བཅས་གནོད་སྦྱིན་དང་། གདེངས་ཀ་ནོར་བུའི་འོད་ཀྱི་


PS004_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། གང་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མ་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་


PS004_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་དགེ་སློང་རྣམས་ལ་བཀའ་རྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པ་འཇིག་པར་འགྱུར་བས་ན། ཅིའི་ཕྱིར་བརྩོན་


PS004_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་དང་རྡུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་ཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་ཞིང་ཞིག་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཤིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིག་དང་བྲལ་ཞིང་བདེ་བ་སྤང་སྟེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་སྔགས་


PS004_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་ངད་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་སེལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་པས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་


PS004_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་པས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པ་གྱུར་པ་དེ། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་རྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་གོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། །བསྟན་སྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །


PS004_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །སྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་རྩལ་ནས་ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱི་གསུང་པ་ལ་མངོན་པར་བསྟོད་དོ། །ཞེས་གཏོན་ནས། ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱི། །བདེ་གཤེགས་ཤེས་


PS004_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཐོབ་པར་ཤོག །དེ་ནས་དགེ་ཚུལ་གྱི་གསོ་སྦྱོང་མཛད་པ་ནི། དགེ་སློང་གང་ཡང་རུང་བའི་མདུན་དུ་ཕྱག་བྱས་ཙོག་པུར་འདུག་སྟེ། མཁན་པོའམ། ཚེ་དང་ལྡན་པ། ཡང་ན། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། མཁན་པོའམ། ཚེ་དང་ལྡན་པ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་


PS004_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་དང་། དགེ་སློང་གི། ཉེས་པ་ལ་ཉེ་པ་མཐོང་ངམ། དགེ་ཚུལ་གྱིས། མཐོང་ལགས། ལན་གསུམ། ཕྱིན་ཆད་ལེགས་པར་བསྡམས་མམ། བསྡམས་ལགས། ཞེས་ལན་གསུམ། ཐབས་ཡིན་ནོ། །ལེགས་སོ། །དེ་ནས་དངོས་གཞི་སླར་ཡང་ཕྱག་དང་མདུད་རྒྱ་བཅས། སྔར་ལྟར་དགོངས་གསོལ་དང་། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གོང་ལྟར་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ །བདག་མཆི་ན་བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོ་སོགས་ཀྱིས་གཟུང་དུ་གསོལ། ལན་


PS004_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ཐབས་ལེགས་བྱ་སྟེ་ཐོས་པའི་ཉེ་སྐོར་ལས་ལོགས་སུ་བཀར་རོ། །དེ་ནས་དགེ་སློང་གི་ལྟུང་བ་ཕྱིར་བཅོས་མ་ཚར་ན་འདིར་བྱ། གལ་ཏེ་ལྟུང་བ་ནང་མཐུན་པས་བཤགས་ཡུལ་མ་རྙེད་པ་རྣམས་ཀྱི་ཐུན་མོང་གི་བྱིན་རླབས་བྱ་སྟེ། ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་པ་རྣམས་ཀྱིས་ལས་ལ་མི་སྒྲིབ་པར་བྱ་བའི་ཕྱིར་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བའི་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་


PS004_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱི་གནང་བ་མཛོད་ཅིག་དང་། དགེ་འདུན་གྱི་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ་མ་བྱས་པ་ཡིན་ན་འདི་ལྟར་བྱ་སྟེ། གནས་ལ་བློ་མཐུན་བགྱི་བས། ལས་མཛད་པའི་གནས་འདི་ཉེ་འཁོར་དང་


PS004_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཚུན་ཆད་གསོ་སྦྱོང་གི་གནས་སུ་བློ་མཐུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བ་མཛད་ཅིང་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་བགྱིད་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་


PS004_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་བགྱིས་པ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིགས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པ་བགྱིས་པ་


PS004_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏེ། ཞེས་བརྗོད། གྲུབ་པ་ནི་སྐྱེ་བུའི་མ་བྱས་པས་བྲག་ཕུག་ལྟ་བུ། བགྱིས་པ་ནི་སྐྱེས་བུའི་བྱེད་པའི་འཕྲོ། ལགས་པ་ནི་བྱས་ནས་ཟིན་པ་ལགས་ན་གང་བབས་བརྗོད། དངོས་གཞི་ནི། སོ་སོར་ཐར་པ་ལ་སྟོན་པའི་འདུ་ཤེས། རང་ཉིད་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཀྱང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་གསུམ་ཐུགས་ལ་བཞག་ནས་གསན་པར་ཞུ། ཐམས་ཅད་ཀྱི་ཐལ་མོ་སྦྱར་ཏེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་


PS004_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེངྒེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་རྣམས་ཀྱི་ནི་འདྲེན་པ་མཆོག །འདི་


PS004_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགེ་སློང་ཚང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བ་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ནོ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལེན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་པ། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱི་གུས་བཅས་པར། །ནན་


PS004_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བའང་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་བྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པས། །སྡོམ་བརྩོན་རྣམས་


PS004_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རང་བྱུང་བ། །ངེས་པ་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་བསྲུང་། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོར་ཐར་པ་ཐོས་པ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པ་དཀའ། །སངས་རྒྱས་རྣམས་ནི་བྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་


PS004_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམ་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་བ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཚེ་དང་ལྡན་པ་དག་དུས་ཚིགས་ལ་དགུན་དང་གུན་སྨད་དཔྱིད་དང་སོས་ཀ་དབྱར་དང་སྟོན་ཀ་དྲུག་ཏུ་ཡོད་པ་ལས་སང་གི་སྐྱ་རིངས་ཤར་བ་


PS004_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ན། འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པ་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་ན། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པར་དྲིས་ཤིག །དྲིས་


PS004_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་བརྗོད་པར་བྱའོ། །ལས་ཀྱི་གནས་སུ་འདུ་བར་མ་ནུས་པ་རྣམས་ལས་མདུན་པ་དང་ཡངས་དག་ལེན་པ་ནི། འདུན་པ་ལེན་པོ་དེས་འབུལ་བ་པོ་ལ། དེང་དགེ་འདུན་གསོ་སྦྱོང་སོགས་ནས་ཚོགས་སུ་ཕྱག་གསུམ་འཚལ་བའི་བར་བྱ། དེ་ནས་མདོ་འདོན་པོས། ཤཱཀྱ་སེངྒེ་དེ་ལ་ནི། སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོར་ཐར་པ་འདོན་པར་བྱ། །འདུལ་བའི་དོན་དུ་ང་ལས་ཉན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་། ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འདའ་བ་ཡིས། །སེམས་རྟ་ཁ་བསླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བཏབ་པ་ཡིས། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་


PS004_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇིག་བྲལ་རྣམ་པར་འཁྱམས་པར་གྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བ་མཛོད་ཅིག་དང་། དེང་དགེ་འདུན་གྱི་གསོ་སྦྱང་མཛད་དེ་སོ་སོར་ཐར་པའི་མདོ་འདོན་པར་གདོན་ནོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་


PS004_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདག་ཅག་གསོ་སྦྱོང་བྱ་སྟེ་སོ་སོར་ཐར་པའི་མདོ་མདོན་པ་གདོན་གྱིས། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིག་ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གི་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གི་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན། ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་


PS004_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཅིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག །བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླིང་གཞི་གཏོན་ཟིན་ཏོ། །དེ་ལ་བདག་གི་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ། ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ། ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །སླད་མ་ཕམ་པར་འགྱུར་བའི་ཆོས་བཞི་དང་།


PS004_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། འབའ་ཞིག་པ་དགུ་ཅུ་དང་། སོ་སོར་བཤགས་པའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་། སོ་སོར་ཐར་པའི་མདོ་འདོན་པ་ལས་བྱུང་བས་སྔར་གསན་པའམ། ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་བརྗོད་ཅིང་དགེ་ཚུལ་རྣམས་ནང་དུ་འཇུག་ཐམས་ཅད་མགྲིན་གཅིག་ཏུ། སོ་སོར་ཐར་པ་སྟོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་དང་། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པར་བྱ་


PS004_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་སྟོན་པས། །དགེ་འདུན་གྱི་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བསྟོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་དང་། གཞན་ཡང་བསྔོ་སྨོན་བཀྲ་ཤིས་ཅི་རིག་


PS004_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཙུག་ལག་བསྐོར་བ་བཅས་འཚོགས་གྲོལ། དེ་དག་ནི་དུས་ངེས་ཅན་གསོ་སྦྱོང་དང་། གཞན་དུ་ངེས་མེད་བཀྲ་ཤིས་པའི། གནོད་པ་བཟློག་པའི་དང་། རྩོད་པ་ཟློག་པའི་གསོ་སྦྱོང་གསུམ་པ་ནི། སྦྱོར་དངོས་འཇུག་གསུམ་གྱི་ཆོ་ག་ཐམས་ཅད་སྔར་དང་འདྲ་བ་ལས། གསོལ་བའི་ལས་ཀྱི་ཚེ་གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་ཞེས་པའི་དོད་ལ། བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ་ཞེས་པ་ལྟ་བུ་དང་། དུས་ཧོར་ཟླ་བཅུ་པའི་བཅོ་བརྒྱད་ལྟ་བུ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་དང་པོའི་ཞག་གསུམ་འདི་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་བདུན་ནི་ལུས་སོ་ཞེས་བརྗོད་པ་ཙམ་ཁྱད་པར་རོ། །དབྱར་གནས་དང་དགག་དབྱེའི་གཞི་གཉིས་ཀྱི་ལག་ལེན་བཞིན་སྔར་ལོ་ཆེན་དང་འཇམ་མགོན་རིན་པོ་ཆེའི་ཡིག་ཆ་ལས་རྟོགས་པར་བྱའོ། །ཞེས་པའང་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་


PS004_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཆོས་འཁོར་གླིང་གི་ཕྱག་བཞེས་དང་ཡིག་ཆ་ཇི་བལྟ་བ་བཞིན་ཆད་ལྷག་ནོར་འཁྲུལ་མེད་པར་ཡི་གེར་བཀོད་པ་པོ་རྒྱལ་བ་ཡབ་སྲས་ཟུང་གི་ཞབས་རྡུལ་སྤྱི་བོར་རེག་ཅིང་བཀའ་བརྒྱུད་ཀྱི་གྲལ་མཐར་འཁོད་པ་ཀརྨ་རང་བྱུང་ཀུན་ཁྱབ་པས་བྲིས་པ་ལགས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

གསུར་མཆོད་འདོད་ཡོན་སྤྲིན་དཔུང་། ཡོན་ཏན་རྒྱ་མཚོ།


PS004_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

གསུར་མཆོད་འདོད་ཡོན་སྤྲིན་དཔུང་བཞུགས་སོ། །


PS004_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་འཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཚིག་ལན་གསུམ་གྱིས་སྐྱབས་སེམས་བྱ། །རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ། །ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས། །བ་སྤུའི་བུ་ག་ཐམས་ཅད་ནས། །གཏན་པ་མེད་


PS004_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་སྤྲིན་འཕྲོ། །རཾ་ཡཾ་ཁཾ། མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །བྷྲཱུྃ་ལས་རང་མཐུན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་གསུར་མཆོད་ནི། །འདོད་ཡོན་ནམ་མཁའི་མཐའ་མཉམ་གྱུར། །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བཱི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་


PS004_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

རང་སོགས། །དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ལ། །རྡོ་རྗེ་དྲི་ཡི་མཆོད་སྤྲིན་འབུལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །རང་བྱུང་ཡེ་ཤེས་མངོན་འགྱུར་ཤོག །མ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་བདུན་བཅུ་ལྔ། །དགྲ་བླ་ཝེར་མ་ཟོ་དོར་གཉན། །དྲི་ཟའི་རྒྱལ་པོ་རབ་དགའ་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །དགྱེས་མཆོད་སྒྱུ་འཕྲུལ་དྲྭ་བར་འབུལ། །ས་དང་ལམ་གྱི་བར་ཆད་ཞི། །ཆོས་མཐུན་འབྱོར་པ་རྒྱས་པར་ཤོག །སྡེ་བརྒྱད་འབྱུང་པོའི་མཐུ་བོ་ཆེ། །ཚེ་བརྐུ་སྲོག་འཕྲོགས་ནད་མུག་དལ། །དུས་འཁྲུགས་བློ་བུར་ཡེ་འབྲོགས་དང་། །


PS004_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལོན་ཤ་འཁོན་བདག་པོ་སོགས། །གདོན་བགེགས་ལན་ཆགས་མགྲོན་རྣམས་ལ། །ཚེ་སྲོག་ནོར་གྱི་གླད་དུ་བསྔོ། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །བྱང་ཆུབ་སེམས་དང་ལྡན་པར་ཤོག །སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། ཁྱེད་པར་གཏད་མེད་ཡིད་ཀྱི་ལུས། །སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོག་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་བར་དོའི་འགྲོ་བ་སོགས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །འདོད་ཡོན་ནམ་མཁའི་མཛོད་དུ་བསྔོ། །འཁྲུལ་སྣང་སང་ཤིང་ཡེ་ཤེས་རྒྱས། ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག


PS004_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། གསུར་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། ཨོཾ་ན་ཎི་པདྨེ་ཧཱུཾ་ཧྲཱིཿ ལན་གྲངས་གང་མང་མཐར། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡིས། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་པྲ་ཏི་སུ་རུ་ཕུ་པ་ཡེ་སྭཱ་ཧཱ། ལན་གསུམ། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡ་ཡ། ཨོཾ་ཀཾ་ཀ་ནི༴ སོགས། དཀོན་


PS004_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཆོད་པའི་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིག་དྲུག་འདོད་པ་ཚིམ་གྱུར་ཅིག །ལེན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའ༴ སོགས། ཁ་ཟས་བཏབས་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིག་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །སོགས། བདག་གིས་བསམ་


PS004_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གཏགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོག་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གིས་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་


PS004_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །མི་གཙང་ལུས་འདི་བོར་བ་གྱུར་མ་ཐག །བདེ་བ་ཅན་དུ་རྫུས་ཏེ་སྐྱེས་བར་ཤོག །སྐྱེ་མ་ཐག་ཏུ་ས་བཅུ་རབ་བསྒྲོད་ནས། །སྤྲུལ་པའི་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བསོད་ནམས་འདི་ཡིས་ཐམས་


PS004_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པས་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབས་ཅིང་། །དགེ་བ་དེ་དག་ཐམས་ཅད་རབ་ཏུ་བསྔོ། །སངས་རྒྱས་སྐུ་གསུང་སོགས་ནས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་ནྜི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། དེའང་ཕྱེ་མར་ལ་སྨན་སྤོས་འབྲུ་སྣ་རིན་ཆེན་དར་ཟབ་ཇ་ཆང་འོ་ཕུད་གང་འཛོམ་གཙང་མ་བསྲེས་པའི་དཀར་གསུར་སྔ་དགོང་ནམ་འདོད་བཏང་བས་ཚོགས་རྫོགས་ཤིང་འཕྲལ་དུ་ཅི་འདོད་ཀྱི་དངོས་གྲུབ་ཐོབ་པ་དང་། ཤ་ཁྲག་ཚིལ་བུ་སྲེས་པའི་དམར་གསུར་འབྱུང་


PS004_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཆེད་དུ་དམིགས་ཏེ་དགོང་མོ་བསྔོས་ན་རང་གཞན་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཞིང་། བར་དོ་ཁོ་ན་ལ་དམིགས་ན་དམ་རྫས་མྱོང་གྲོལ་གྱི་རིགས་བསྲེས་ཏེ་བཏང་བས་ཕན་ཡོན་དཔག་མེད་འབྱུང་བར་གསུངས་སོ། །ཞེས་པའང་གཡུ་ཐོག་རྣམ་རྒྱལ་དགོང་གི་བླ་གྲ་དམ་པ་འགའ་ཡི་ཐུགས་བཞེད་ལྟར་ཡོན་ཏན་རྒྱ་མཚོས་བྲིས་པ་འགྲོ་ཕན་འབྱུང་བར་གྱུར་ཅིག །མངྒ་ལཾ།། །།

ཐང་རྒྱལ་སྨོན་ལམ། གྲུབ་ཆེན་ཐང་སྟོང་རྒྱལ་པོ།


PS004_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྣར་ཐང་ཕེབ་དུས་ཆོས་སྡེ་ནས་བཀའ་གདམས་པའི་ཀུན་སྤྱོད་གཙང་མའི་དགེ་བཤེས་བརྒྱས་གྲུབ་ཐོབ་ཆེན་པོ་མཇལ་དུ་བྱུང་བ་རྣམས་ཀྱིས་ཞུས་པ་ཁྱེད་རྒྱ་བོད་དུ་གྲུབ་ཐོབ་དང་ལོ་པན་མང་པོ་འབྱོན་གདའ་སྟེ། རྒྱ་དཀར་ནག་མཐའ་འཁོབ་ཀླ་ཀློ་མོན་ཀོང་པོ་སོགས་ཕྱོགས་རིས་མེད་པར་འགྲོ་དོན་དང་དགེ་ལས་མཛད་པའི་ཕྱག་རྗེས་གྲུབ་ཐོབ་ཐམས་ཅད་ལས་རྒྱ་ཆེ་བ་དང་རྒྱུན་བསྟན་པ་མ་འབྱུང་འདུག །སྔོན་མའི་སྨོན་ལམ་ཡིད་ནུས་པར་མཆིས་བས། སྐྱེས་བུ་དེང་སང་ཁྱེད་ཀྱི་སྨོན་ལམ་ཇི་ལྟ་བ་གཏབ་པ་བཞིན། བདག་ཅག་བདག་རྣམས་ཀྱང་འདེབས་པས་སྨོན་ལམ་ཞིག་གནང་བ་མཁྱེན་ཞུ་བ་ལ་འདི་གནང་ངོ་། །ཕྱོགས་བཅུའི་རྒྱལ་བ་


PS004_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དང་བཅས། །བླ་མ་ཡི་དམ་མཁའ་འགྲོ་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །འགྲོ་དོན་ནུས་པར་བྱིན་གྱིས་རློབས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡིས། །མཆོད་པ་རྒྱ་ཆེན་བཞེས་ནས་ཀྱང་། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །བདག་ནི་མ་རིག་རྨོངས་པ་ཡིས། །སྡིག་པའི་ལས་ནི་ཅི་བགྱིས་པ། །རྒྱལ་བ་སྲས་དང་བཅས་ལ་བཤགས། །ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཉན་ཐོས་རང་རྒྱལ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རབ་དང་བའི། །བདག་ནི་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་མགོན་ལ་འགྲོ་དོན་དུ། །དམ་ཆོས་


PS004_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བསྐོར་བ་བསྐུལ། །ཇི་སྲིད་འཁོར་བ་མ་སྟོང་བར། །མྱ་ངན་མི་འདའ་གཞུགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །བདག་ནི་སྐྱབས་སུ་ཉེ་བར་མཆི། །སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི། །ཇི་ལྟར་བྱང་ཆུབ་སེམས་བསྐྱེད་ཅིང་། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །དེ་དག་རིམ་བཞིན་བགྱིད་པ་ལྟར། །དེ་བཞིན་བདག་གིས་འགྲོ་དོན་དུ། །བྱང་ཆུབ་སེམས་ཉིད་བསྐྱེད་པར་བགྱི། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །རིམ་པ་བཞིན་དུ་བསླབ་པ་བགྱི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །དུས་གསུམ་


PS004_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་དགེ་བ་ཡིས། །བླ་མེད་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་ཀུན་སྲིད་མཚོ་སྒྲོལ་བར་ཤོག །བདག་ནི་བྱང་ཆུབ་མ་ཐོབ་བར། །ལམ་ལ་བར་ཆད་མེད་པ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་གྱུར་ཏེ། །ས་རབ་དགའ་བ་མ་ཐོབ་བར། །རབ་ཏུ་བྱུང་བ་ཐོབ་པར་ཤོག །དགེ་སྦྱོང་ཆོས་དང་ལྡན་གྱུར་ཏེ། །རྟག་ཏུ་འཕགས་པའི་རིག་ལྡན་ནས། །ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཤོག །བཤེས་གཉེན་དམ་པ་བསྟེན་བྱེད་ཅིང་། །འཕགས་པའི་ནོར་བདུན་ལྡན་པ་ཡིས། །རྟག་ཏུ་དམ་པའི་ཆོས་འཛིན་ཤོག །བསྡོམས་པ་གསུམ་ལ་རབ་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །རྟག་ཏུ་དཀོན་མཆོག་མཆོད་བྱེད་ཅིང་། །རྟག་


PS004_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བླ་མ་མཉེས་བྱེད་ཤོག །ལེན་དང་རྣམ་སྨིན་མི་རེ་བའི། །ཕྱོག་མེད་སྦྱིན་པ་གཏོང་བར་ཤོག །ཞེ་འདོད་ཚུལ་མཆོས་མེད་པ་ཡིས། །དྲི་མེད་ཚུལ་ཁྲིམས་སྲུང་བར་ཤོག །མི་མཐུན་ཡུལ་ལ་སྲན་ཚུག་པའི། །རྟག་ཏུ་བཟོད་པ་གནས་པར་ཤོག །སེམས་ཅན་དོན་ལ་རབ་སྤྲོ་བའི། །གོ་ཆ་བརྩོན་འགྲུས་བསྟན་པར་ཤོག །ཕྱི་ནང་འདུ་འཛིའི་མི་གནོད་པའི། །རྩེ་གཅིག་སེམས་ལ་དབང་ཐོབ་ཤོག །ཆོས་རྣམས་སྟོང་ཞིང་བདག་མེད་པའི། །ལྷག་པར་ཤེས་རབ་མཆོག་ཐོབ་ཤོག །རང་སེམས་སྐྱེ་བ་མེད་པའི་དོན། །གཅིག་ཆར་རྟོག་པ་འཆར་བར་ཤོག །སེམས་ལ་བརྟེན་པ་མ་ཐོབ་བར། །རི་དྭགས་


PS004_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཇིགས་མེད་པར། །གཅིག་པུར་རི་ཁྲོད་གནས་བཅས་ཤིང་། །སྣང་སེམས་ཀུན་ལ་དབང་ཐོབ་ཤོག །སྣང་སེམས་ཀུན་ལ་དབང་ཐོབ་ནས། །ལུས་ངག་སེམས་ལ་མི་གནས་ཅིང་། །མཚན་མའི་སྤྲོས་པས་མ་གོས་པའི། །དམིགས་པ་མེད་པའི་ཡེ་ཤེས་ཀྱིས། །འགྲོ་བ་གང་ལ་གང་འདུལ་གྱིས། །གཞན་དོན་ཕུན་སུམ་ཚོགས་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །མི་དགེ་སྡིག་སྤྱོད་ཇི་སྙེད་པ། །དགེ་བའི་བསོད་ནམས་ལྡན་པར་ཤོག །ལས་ངན་རྣམ་པར་སྨིན་པ་ཡིས། །ངན་སོང་སྡུག་བསྔལ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །མཐོ་རིས་བདེ་བ་ཐོབ་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །སེམས་ཅན་ནད་པ་ཇི་སྙེད་པ། །དེ་


PS004_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདག་གིས་བསོད་ནམས་ཀྱིས། །ནད་མེད་དགའ་བ་ཐོབ་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་། །འོན་པ་རྣམས་ཀྱིས་སྒྲ་ཐོས་ཏེ། །སྨྱོན་པ་རྣམས་ཀྱིས་དྲན་རྙེད་ཤོག །བཀྲེས་སྐོམ་ཅན་རྣམས་ཟས་སྐོམ་རྙེད། །གོས་མེད་རྣམས་ཀྱིས་གོས་རྙེད་ཅིང་། །ཕོངས་པ་རྣམས་ཀྱིས་ནོར་ཐོབ་ཤོག །འཇིགས་སྐྲག་ཅན་རྣམས་འཇིགས་མེད་ཅིང་། །བཅིངས་པ་རྣམས་ནི་གྲོལ་བར་ཤོག །གང་དག་འཆི་འཕོས་སེམས་ཅན་རྣམས། །གནད་གཅོད་སྡུག་བསྔལ་མེད་པར་ཤོག །སྲིད་པ་བར་དོའི་སེམས་ཅན་རྣམས། །འཇིགས་མེད་རང་དབང་ཐོབ་པར་ཤོག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི།


PS004_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བའི་སེམས་ནི་དུལ་གྱུར་ཅིག །ཕ་མ་བུ་ཚའི་སེམས་ཅན་པའི། །ཕན་ཚུན་བཙོད་པ་མེད་པར་ཤོག །གང་དག་བདག་ལ་དད་གུས་དང་། །ཟས་སྐོམ་སྦྱིན་དང་མཆོད་བསྟོད་པ། །དེ་དག་དགེ་བ་ཉིད་གྱུར་ཅིག །བྱང་ཆུབ་དམ་པར་ཐོབ་པར་ཤོག །གང་ཞིག་དག་ལ་གདུང་བ་ཡི། །གསོལ་འདེབས་བྱིན་རླབས་ཐོགས་མེད་ཤོག །གང་ཞིག་བདག་ལ་གཤེ་བ་དང་། ཁྲོ་དང་བརྡེག་དང་སྲོག་གཅོད་སོགས། །མྱུར་དུ་འགྱོད་པའི་སེམས་སྐྱེས་ནས། །བདག་གི་འཁོར་གྱི་ཐོག་མར་ཤོག །སེམས་ཅན་ལུས་དང་ལོངས་སྤྱོད་ལ། །བདག་གི་སྤྱོད་པ་གང་ཡིན་དང་། །བདག་གི་ལུས་དང་ལོངས་སྤྱོད་ལ། །གཞན་གྱི་སྤྱོད་པ་གང་ཡིན་པ། །སེམས་ཅན་དེ་


PS004_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཀུན། །བདེ་བ་རྒྱ་ཆེན་ཐོབ་གྱུར་ཅིག །བདག་གིས་སེམས་ཅན་གང་དག་ལ། །ཆོས་དང་ཟང་ཟིང་སྦྱིན་པ་དང་། །གང་གིས་བདག་གིས་ལུས་དང་ངག །མཐོང་ཐོས་རེག་པའི་སེམས་ཅན་གང་། །ལུས་ངག་སྒྲིབ་པར་བྱང་བར་ཤོག །གང་གིས་བདག་གིས་མི་ཐོས་པ། །དེ་དག་ཀུན་གྱི་ལུས་སེམས་ཀྱི། །ནད་དང་སྡུག་བསྔལ་རབ་ཞི་ནས། །བདེ་བ་དམ་པ་ཐོབ་པར་ཤོག །ཇི་སྲིད་ནམ་མཁས་གར་ཁྱབ་པ། །བདག་གི་ལུས་ཀྱིས་ཁྱབ་གྱུར་ཏེ། །འགྲོ་ཀུན་རང་རང་འདོད་པ་ཡི། །གཟུགས་སུ་སྣང་བ་དོན་བྱེད་ཤོག །དེ་སྙེད་བདག་གི་ངག་གི་སྨྲས། ཁྱབ་ཅིང་ཆོས་སྒྲ་སྒྲོགས་པར་ཤོག །ནམ་མཁའ་མཐའ་


PS004_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སེམས་ཅན་གྱི། །ཡིད་ལ་བདག་གི་སེམས་ཞུགས་ཏེ། །སྟོང་པ་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་དང་ལྡན་པར་ཤོག །བདག་ནི་ས་སོགས་འབྱུང་ཆེན་དང་། །ལེགས་སྦྱིན་ནོར་བུ་རིན་ཆེན་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་། །མ་གཏབ་ལོ་ཏོག་འདོད་འཇོའི་བ། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །ཉི་མ་ཟླ་བ་ལ་སོགས་པ། །སེམས་ཅན་ཉེར་འཚེའི་རྒྱུར་ཡང་ཤོག །བདག་གི་སྨོན་ལམ་སྟོབས་དག་དང་། །རྒྱལ་བ་སྲས་བཅས་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ཇི་སྲིད་འཁོར་བ་མ་སྟོང་བར། །འགྲོ་དོན་ཇི་ལྟར་སྨོན་པ་བཞིན། །འབད་མེད་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསུངས་སོ། །འདི་ནི་ལྕགས་


PS004_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཟམ་པའི་རྣམ་ཐར་ལས་ཞལ་བཤུས་བྱས་པའོ།། །།གྲུབ་ཐོབ་ཆེན་པོའི་མ་ཕམ་གཡུ་མཚོའི་ཉ་རྣམས་ལ་སངས་རྒྱས་ཀྱི་མཚན་དང་ལྗགས་ཆབ་གནང་ནས་སྨོན་ལམ་འདི་གསུངས་སོ། །བླ་མ་དཀོན་མཆོག་གསུམ་དང་ལྷག་པའི་ལྷ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་གི། ཉམས་ཐག་འགྲོ་ལ་སྙིང་རྗེས་རྩེར་དགོངས་ནས། །རྒྱ་ཆེན་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །སྔོན་ཚེ་ཐུབ་ཆེན་ཆུ་འབེབས་གྱུར་པའི་ཚེ། །བདེ་གཤེགས་མཚན་བརྗོད་ཉ་རྣམས་སྒྲོལ་བ་ལྟར། །བཟོད་མེད་སྡུག་བསྔལ་མྱོང་བའི་དུད་འགྲོ་རྣམས། །བདག་གིས་ཆོས་ཀྱི་ཆར་གྱིས་ཚིམ་བྱེད་ཤོག །ལུས་འདི་བོར་ཚེ་ངན་སོང་གནས་སྤོང་ཞིང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །དམ་ཆོས་ཉན་ཅིང་ཉམས་སུ་ལེན་པ་དང་། །བླ་མེད་བྱང་ཆུབ་སྒྲུབ་


PS004_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྩོན་པར་ཤོག། །། ཅེས་གསུངས་སོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་ལས་གསུམ་སྐོང་གསོལ་བཅས་པའི་ཕྲིན་ལས་རཏྣའི་བང་མཛོད། ཡོན་ཏན་རྒྱ་མཚོ་འམ་བློ་གྲོས་མཐའ་ཡས།


PS004_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་ལས་གསུམ་སྐོང་གསོལ་བཅས་པའི་ཕྲིན་ལས་རཏྣའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །རིན་ཆེན་འབར་བའི་རྒྱ་ཅན།


PS004_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཙྪིནྡ་མ་ཎི་ནཱ་ཐ་ཡ། མཆོག་ཐུན་ནོར་བུའི་གྲུ་ཆར་འབེབས་པ་ཡི། །རྣམ་ཐར་ཕྲིན་ལས་རྫོགས་ལྡན་སྤྲིན་གྱི་གདུགས། །འགྲོ་ཁམས་ནམ་མཁའི་མཐའ་ཀླས་རབ་བཀོད་པ། ཁྱབ་བདག་བླ་མ་མྱུར་མཛད་མགོན་པོས་སྐྱོངས། །གསོལ་བཏབ་ཙམ་གྱིས་འདོད་རྒུའི་དབྱིག་མཆོག་གིས། །རེ་བའི་ཤིང་རྟ་བཀང་ལ་ཟླ་མེད་པ། །ཡིད་བཞིན་ནོར་བུའི་ཕྲིན་ལས་ནོར་གྱི་མཆོག །མོས་ལྡན་སྙིང་གི་བཅུད་འདི་བྱི་དོར་བྱ། །


PS004_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཡོངས་ཀྱི་སྤྱི་རྗེ་ཁྱུང་པོ་རྣལ་འབྱོར་ཞལ་སྔ་ནས་བྱོན་པའི་གསེར་ཆོས་སྐོར་ལྔའི་ཡ་གྱལ་བཀའ་སྲུང་མགོན་པོའི་སྐོར་ལ་ཞི་བ་ནོར་སྒྲུབ་དང་དྲག་པོ་མཐུ་སྒྲུབ་གཉིས་རྩ་བར་གྱུར་པ་ལས། དང་པོ་ལའང་ཞི་རྒྱས་དབང་དང་ཚེའི་སྒྲུབ་པ་སོགས་མང་དུ་བཞུགས་བའི་ནང་ནས་གཙོ་བོར་གྱུར་པ་མགོན་དཀར་ཡིད་བཞིན་ནོར་བུའི་གཞུང་དང་ཞལ་གྱི་གདམས་པའི་ཡིག་ཆ་དུ་མའི་ཉམས་ལེན་སྙིང་པོར་དྲིལ་བ་འདི་ལ་སྤྱི་དོན་ལྔ། སྒྲུབ་པ་པོ་གང་ཟག་བསྙེན་སྒྲུབ་ཀྱི་ཉམས་ལེན། གཏོར་ཆོག་སྐོང་གསོའི་ཕྲིན་ལས། གལ་པོ་ཆེའི་ལས་སྦྱོར། སྲེག་བླུགས་ཀྱི་ཆོག་བྱ་བའི་ཚུལ་ལོ། །དང་པོ་ནི།


PS004_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་འཁོར་བ་ལ་ངེས་འབྱུང་དང་ལྡན་པས་ཚེ་འདིའི་དཔལ་འབྱོར་དོན་གཉེར་གཙོ་བོར་གྱུར་པ་མ་ཡིན་པ། ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཤིང་རྡོ་རྗེ་ཐེག་པའི་ལམ་ལ་མོས་པ། ཁྱད་པར་མགོན་པོ་འདི་ཉིད་ལ་མི་འཕྲོག་པའི་དད་མོས་དང་ལྡན་པ། རབ་ཤངས་ལུགས་རྒྱུད་སྡེ་ལྔ་ལྟ་བུ། མ་བྱུང་ཡང་བླ་མེད་བདེ་དགྱེས་ལྟ་བུའི་དབང་བཞི་རྫོགས་པར་ཐོབ་ཅིང་། བྱེ་བྲག་མྱུར་མཛད་མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་སོགས་སྤྱི་དང་བྱེ་བྲག་གི་བཀའ་རྣམས་དང་། འདི་ཉིད་ཀྱི་བྱིན་རླབས་ལེགས་པར་ཐོབ་ཅིང་དམ་ཚིག་ལ་གནས་པ་ཞིག་གལ་ཆེ། སྔོན་དུ་རྩ་བའི་མགོན་མཐིང་གི་བསྙེན་པ་རྫོགས་ནས་གསོལ་བ་ཡུན་རིང་གདབ། གདོད་འདི་ལ་འཇུག་པར་གསུངས་པ་བཞིན་མགོན་མཐིང་བསྙེན་པ་རྒྱས་བསྡུས་གང་རུང་ཞིག་སྔོན་དུ་སོང་ནའང་གལ་ཆེའོ། །གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདི་ཉིད་ཆེད་དུ་སྒྲུབ་ན་དམ་ཚིག་གི་བྲིས་སྐུ་ཤིན་ཏུ་གལ་ཆེ་བས། ལྷ་བཟོ་དབང་པོ་ཚང་ཞིང་ཕྱུག་ལ་སྡོམ་ལྡན་ཞིག་གིས་ཚེས་བཟང་པོ་སྐར་མ་རྒྱལ་དང་ལྡན་པའི་སྔ་དྲོའི་ཆ་ལ་བྲི། རབ་གནས་


PS004_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཉིན་རྫོགས་ཐོན་ན་མཆོག་ཡིན་ཀྱང་མ་གྲུབ་ནའང་སྐྱོན་མེད། གྲི་ཁྲག །སིནྡྷུ་ར། བླ་མ་བྱིན་རླབས་ཅན་གྱི་གདུང་། རིན་པོ་ཆེའི་ཕྱེ་མ་རྣམས་ལ་རྩ་སྔགས་བཅུ་གསུམ་མ་སྟོང་ཕྲག་བཟླས་པ་སྐྱ་ཞལ་གྱི་གསེབ་ཏུ་བྱུགས། དེ་ནས་སྐུའི་ཚད་གཞལ་ལ་སྐུའི་ཁྱོན་ཇི་ཙམ་ཡོད་པའི་ས་ལ་རྩ་སྔགས་བཅུ་གསུམ་མ་ཤོང་ཚད་བྲི། དེའང་གསེར་གྱིས་བྲིས་ན་ཚོན་ལ་མི་གནོད་པས་ལེགས། དེ་སྟེང་མགོན་པོ་ཡིད་བཞིན་ནོར་བུ་མངོན་རྟོགས་ལྟར་བྲི། རྟེན་འབྲེལ་གྱི་གནད་གཅིག་ཡིག་རྙིང་ལྟར་བྱ། རབ་གནས་སྤྱི་དང་མཐུན་པ་ལས་ཡེ་ཤེས་པ་འགུགས་བསྟིམ་བརྒྱ་རྩ་ཡན་བྱ་ཞིང་། ཡིད་ལ་འདོད་རྒུ་འབྱུང་བའི་གསོལ་བ་ཡུན་རིང་དུ་གདབ་པ་གནད་ཆེ། སྐུ་རྟེན་ཆེ་ཆུང་ལ་ཁྱད་པར་མེད་ཅིང་ཐ་ན་ཙཀླི་ཙམ་ཡིན་ཀྱང་ཆོ་ག་དེ་ལྟར་གྲུབ་ན་མཆོག་ཡིན་ཅིང་། རབ་གནས་གྲུབ་ནས་གཞན་གྱིས་མི་མཐོང་བའི་ཞལ་ཁེབས་བྱའོ། །དེ་ནས་ཡར་ངོ་འགྲུབ་སྦྱོར་དང་ལྡན་པ་ལྟ་བུའི་དུས་བཟང་པོ་ལ། གནས་དབེན་ཅིང་བྱིན་རླབས་དང་ལྡན་པ་བྱི་དོར་བྱས་བླ་བྲེ་འཕན་གདུགས་སོགས་ཀྱིས་བརྒྱན། དཀོན་མཆོག་གི་རྟེན་སྤྱི་དང་བྱེ་བྲག་དམ་ཚིག་གི་བྲིས་


PS004_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཀྲམས་པའི་མདུན་དུ་སྟེགས་གཙང་མ་ལ། རྡུལ་ཚོན་ནམ་རས་བྲིས་ཀྱི་མཎྜལ་ཟླུམ་པོ་མུ་ཁྱུད་དཀར་པོས་བསྐོར་བའི་དབུས་སུ་ཆོས་འབྱུང་དཀར་པོ། རེ་ཁཱ་དམར་པོ། གྲུ་ཆད་ལྗང་གུ། ཆོས་འབྱུང་དབུས་སུ་ཉི་གདན་ལ་ཚོམ་བུ་དཀར་པོ་བཀོད་པ་བཞག །དེའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་འབྲུག་ཙང་གི་ཕྱེ་ལ་མར་དང་མངར་གསུམ་སྨན་སྣ་རིན་ཆེན་ཕྱེ་མ་སོགས་བསྲེས་པ་ལ་རྟེན་གཏོར་རྩེ་གྲུ་གསུམ་ཧ་ཅང་མི་རྣོ་བ། སྨད་ཟླུམ་པོའི་དབྱིབས་ཅན་ཐེབས་ཀྱུས་བསྐོར་བ། མདོག་དཀར་པོ་ཅན་བྱེད་པ་གཞུང་གི་དགོངས་པ་ཡིན་ཅིང་མཆོག་སྒྲུབ་གཙོར་བཏོན་ལ་དེ་ལྟར་བྱ། དེང་སང་ནོར་སྒྲུབ་གཙོར་བྱེད་པ་ལ་དགོངས་ནས་གོང་མའི་ཕྱག་རྒྱུན་དུ་ཟན་ཟླུམ་པོའི་སྟེང་དུ་ཟན་རིལ་སུམ་ཚོམ། དེའི་སྟེང་དུ་ཟླུམ་པོ་རྩེ་མོ་ཅན་ཛ་བཤོས་འདྲ་བ་ཞིག་བཀོད་པས་ཕྱོགས་གང་ནས་བལྟས་ཀྱང་ནོར་བུ་མིག་གསུམ་དུ་འོང་བ་ཞིག་བྱེད། གང་ལྟར་ཡང་ནོར་བུའི་རྒྱན་སོགས་ཀྱིས་ལེགས་པར་བརྒྱན་ཅིང་འཛོམ་ན་མདའ་དར་སྐུ་རྟེན་བཅས་བཙུག་ལ་མཉྫི་ལ་བཀོད། དེའི་མདུན་དུ་འབུལ་གཏོར་ཟླུམ་པོ་དཀར་མངར་ཟས་སྣ་བཟང་དགུས་བརྒྱན་པ་དང་ཉེར་སྤྱོད་སྨན་བུད་རྣམས་ཀྱང་ལེགས་པར་


PS004_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས། འདོན་བྱ་དང་། དམིགས་གནད་ལག་ལེན་ནོ། །དང་པོ་ནི། སྟན་བདེ་བར་མདུན་རྟེན་དང་ཞལ་སྤྲོད་དུ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ནང་མཆོད་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོ་྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་སྟེང་དུ་ཨཱཿལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲཱུྃ་ཨོཾ་ཛྲིཾ་ཁཾ་རྣམས་ཀྱིས་མཚན་པ། རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་པས། གནས་ཁང་མཆོད་རྫས་གཏོར་མ་རྣམས་ལ་གཏོར། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་


PS004_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། མཆོད་པ་བྱིན་རླབས་ཀྱི་སྔགས་དང་། རོལ་མོ་བྱིན་དབབ་སྤྱི་དང་མཐུན་པར་བྱའོ། །སྐྱབས་འགྲོ་ནི། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་


PS004_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་སུ་མཆིའོ། །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གསུམ་བདུན་ཉེར་གཅིག་སྐབས་བསྟུན་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སྐྱབས་སེམས་བསྡུ་ན་འདི་ཁོ་ནས་ཀྱང་འཐུས། སེམས་བསྐྱེད་ཁྱད་པར་བ་ནི། སེམས་ཅན་ཐམས་ཅད་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་མགོན་དཀར་ཡིད་བཞིན་ནོར་བུའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ཞེ་ཐག་པ་ནས་བསམ་ཞིང་ལན་གསུམ་བརྗོད་ལ། སེམས་ཅན་ཐམས་ཅད་བདེ་བ་དང་༴ ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ་མོ། །དངོས་གཞི་བསྐྱེད་བཟླས་ནི། བདག་བསྐྱེད་ཡི་དམ་ལ་བྱ་བའི་ལུགས་ཀྱང་ཡོད་མོད་ཀྱི་འདི་


PS004_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་མདུན་དབྱེར་མེད་གཙོ་ཆེ་ཞིང་། ཕྱག་ལེན་ཀྱང་བདག་མདུན་དབྱེར་མེད་ལ་མཛད་དེ། དེ་ལྟར་ན། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་སྟེང་དུ། གཾ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ལ་ཕུག་དང་ནེའུ་ལེ་འཛིན་པ་གཉིས་ཁ་བུབ་ཏུ་བསྒྱེལ་བའི་སྟེང་དུ། རང་སེམས་ཆོས་ཉིད་ཀྱི་ཐིག་ལེ་དཀར་དམར་རྒྱ་སྲན་ཙམ། དེའི་དབུས་སུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་དང་མདུན་བསྐྱེད་དབྱེར་མ་མཆིས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ཞིང་བརྗིད་པ། ཞལ་ཁྲོ་འཛུམ་གྱི་རྣམ་པ་ཅན་རབ་ཏུ་བཞད་པ། སྤྱན་གསུམ་དང་ལྡན་ཞིང་།


PS004_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

སྨར་སྨིན་མ། དབུ་སྐྲ་ཁམ་སེར་བརྫེས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་ཕྱར་བ། བར་པས་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་གཏོད་པ། ཐ་མས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་བུམ་པ་ནོར་བུས་གང་བ་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་བཅུག་སྟེ་བརླ་གཡོན་པ་ལ་བསྟེན་པ། གཉིས་པ་ན་རྩེ་གསུམ། ཐ་མ་ན་ཞགས་པ་འཛིན་པ། ཞབས་འགྲོ་འཆམས་ཀྱི་སྟབས་ཀྱིས་པད་ཉི་ཚོགས་བདག་གི་གདན་ལ་བཞུགས་པ། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གླང་པོ་ཆེའི་ལྤགས་པའི་སྟོད་གཡོག་གསོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེའི་རྒྱན་དང་སིལ་ཁྲོལ་དང་ཆུན་འཕྱང་སྣ་ཚོགས་པས་མཛེས་པ། འཁོར་


PS004_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྡུད་ཀྱི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ཏེ་མེ་དཔུང་འབར་བའི་དབུས་ན་བཞུགས་པ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དམར་པོ་ཞལ་འཛུམ་བག་ཅན་དགོས་འདོད་ཐམས་ཅད་འབྱུང་བ། གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་དྲིལ་བུ་འཛིན་ཅིང་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་བདུད་རྩིའི་ཐོད་པ་བསྣམས་པ། ཞབས་གར་སྟབས། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པས་ཁམས་གསུམ་དབང་དུ་སྡུད་པའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་འོད་ཟེར་དམར་པོ་འཕྲོ་བ། དེའི་དབུས་སུ་ཧཱུྃ་དཀར་པོའོ། །རང་གི་སྙིང་གནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་


PS004_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཛྲ་ས་མཱ་ཛཿ སྤོས་སྦྱོར་ཡོད་ན་བསྲེགས། རོལ་མོའི་སྒྲ་དང་བཅས་ཏེ་སྤྱན་འདྲེན་པ་ནི། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཡ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་གནས་འདིར་གཤེགས་ནས་ཀྱང་། །དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་དང་། ཛཿཉེར་གཅིག་བརྗོད། ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། པདྨ་ཀ་མ་ལཱ་ཡ་སྟྭྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། ཐལ་མོ་སྦྱར་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བར་མཛད། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་


PS004_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་འབྱུང་དཀར་ལ་མེ་རི་དམར་པོའི་དབུས། །དཔད་དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང་། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། ཁྱོད་ལ་རྣམ་དཀར་དད་པས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། མཆོད་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་ཉེར་སྤྱོད་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བྱི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་འདོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །སྔགས་གོང་ལྟར་ལ། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱས་པར་སྤྲོ་ན། ལྷ་རྫས་དམ་པའི་མཆོད་ཡོན༴ །ཅེས་སོགས་དང་། གཟུགས་མཆོག་


PS004_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྙན་སོགས་ཚིགས་བཅད་སྔགས་སོ་སོར་ཕྲལ་ཏེ་འབུལ། ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་བླང་སྟེ་སྤྱི་བོར་གཏོར་ནས། རྒྱས་པར་འདིའི་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ་འབུལ། བསྡུ་ན། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་ག་ནས་གཏོར་ལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལྟེ་བའི་ཐད་ནས་གཏོར་ཏེ། མགོན་པོའི་སྔགས་མཇུག་ཏུ། ཨོཾ་ཨཱཿཧཱུྃ། གཞན་ཡང་འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞི་བདག་རིགས་དྲུག་རྣམས་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རང་གིས་ཀྱང་མྱང་ལ་འབྲུ་གསུམ་བརྗོད། བསྟོད་པ་ཁྱུང་པོས་མཛད་པ་ནི། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་བསྡུས་རྗེ་བཙུན་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱག་དྲུག་མགོན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །


PS004_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་དྲུག་ཞབས་གཉིས་ནོར་བདག་མནན། །འགྲོ་བའི་དབུལ་བ་སེལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་དང་པོས་རྡོ་རྗེ་གྲི་གུག་བསྣམས། །བར་པས་ཡིད་བཞིན་ནོར་བུས་དགོས་འདོད་སྟེར། །ཐ་མ་ཌཱ་རུས་མཁའ་འགྲོ་དབང་དུ་སྡུད། ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །གཡོན་པས་རིན་ཆེན་བུམ་པ་དཀུ་ལ་བརྟེན། །བར་པས་རྩེ་གསུམ་ཁམས་གསུམ་མ་ལུས་སྒྲོལ། །ཐ་མ་ཞགས་པས་སེམས་ཅན་བཅིངས་པ་འགྲོལ། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སྐུ་སྟོང་རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །སྐུ་སྨད་རིན་ཆེན་ཟར་བུས་རྣམ་པར་མཛེས། །ཕྱག་ཞབས་ཐམས་ཅད་རིན་ཆེན་ནོར་བུས་བརྒྱན། །འགྲོ་བའི་རེ་འདོད་སྐོང་ལ་ཕྱག་འཚལ་ལོ། ཁྱོད་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །དོ་ཡི་མོད་ལ་དབུལ་འཕོངས་སྡུག་


PS004_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་སེལ། །འགྲོ་བའི་རེ་འདོད་ཚུལ་བཞིན་སྐོང་མཛད་པ། །ཡིད་བཞིན་ནོར་བུ་ཁྱེད་ལ་བདག་བསྟོད་དོ། ཁྱེད་ལ་མཆོད་ཅིང་གུས་པས་བསྟོད་བྱས་ན། །ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཡང་། །མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བདག་བཟུང་ནས། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་སྒྲུབས་པར་མཛོད། །དེ་ཡི་དགེ་བས་བདག་ཀྱང་ཁྱོད་བཞིན་དུ། །འགྲོ་བའི་རེ་འདོད་ཚུལ་བཞིན་སྐོང་བ་དང་། །སེམས་ཅན་སངས་རྒྱས་ས་ལ་འགོད་པ་ཡི། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་སམ། བསྡུ་ན། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་རྒུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད་དོ། །དེ་ནས་བཟླས་པ་ནི། ཐུགས་ཀའི་ཆོས་ཉིད་ཀྱི་ཐིག་ལེ་ཧཱུྃ་དང་བཅས་པའི་མཐར་སྔགས་


PS004_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲེང་བ་དཀར་པོ་འོད་ཟེར་དམར་པོ་འཕྲོ་བ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་འཁོད་པར་བསམ་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་རྩ་སྔགས་བཅུ་གསུམ་འདི་ཉིད་དུས་གྲངས་རྟགས་གསུམ་གང་རུང་མ་ཐེབ་བར་དུ་བཟླའོ། །བཟླས་པ་གྲུབ་པའི་ཐུན་མཐར་སྔགས་ཙམ་གྱིས་མཆོད། མགོན་པོ་ཡིད་བཞིན་ནོར་བུ་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། དེ་ནས་གཏོར་འབུལ་ནི། ཐུན་ཐམས་ཅད་ལ་གྲུབ་ན་ལེགས། ཐུན་ཐ་མ་ལ་ཅིས་ཀྱང་དགོས་པས་འབུལ་གཏོར་ནང་མཆོད་དང་ཆབ་ཀྱིས་བྲན་ལ་གོང་བཞིན་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དང་། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་བརྗོད་པས་བྱིན་བརླབ། བདག་མདུན་


PS004_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཡེ་ཤེས་པ་ལ་འབུལ་བས་ཆོག་ཀྱང་ལས་དང་པོ་པ་ལ་རྟོགས་པས་མ་ཆུན་ན། མདུན་དུ་རྟེན་གཏོར་དང་དབྱེར་མེད་པར་ཡེ་ཤེས་མགོན་པོ་འཁོར་བཅས་སྐད་ཅིག་གིས་གསལ་བར་མོས་ལ། མགོན་པོ་ཡེ་ཤེས་སེམས་དཔའ་མཁའ་འགྲོའི་འཁོར་དང་བཅས་པ་རྣམས་ཀྱིས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བར་གྱུར། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་འབུལ་ཞིང་། ཤཱ་ས་ན་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ་བ་ཕྱག་ལེན་མཛད། དེ་ནས་གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་སམ། བསྡུ་ན། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་སྲུངས་རྣལ་འབྱོར་གྱི། །ཚེ་རིང་ལོངས་སྤྱོད་རྒྱས་པར་མཛོད། ཁམས་གསུམ་འགྲོ་བ་དབང་དུ་བསྡུས། །ཞེས་བརྗོད། གཞན་ཡང་ཐལ་མོ་སྦྱར་ཏེ། མོས་པ་རྩེ་གཅིག་པས། བཅོམ་ལྡན་


PS004_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡིད་བཞིན་ནོར་བུ་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །བླ་མའི་སྐུ་ཚེ་སྲིངས་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པ་དང་། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང་། མི་ནོར་ཟས་གསུམ་འདུ་ཞིང་། ཐོས་བསམ་སྒོམ་གསུམ་གྱི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་ལན་བདུན་ལ་སོགས་པས་གསོལ་བ་བཏབ། བཟླས་པའི་མཇུག་ལ་སོགས་པའི་མཆོད་བསྟོད་ཀྱི་གཤམ་ཐམས་ཅད་དུ་ཡང་འདིའི་གསོལ་བ་འདེབས་པ་གནད་ཡིན་ཅེས་གསུངས་སོ། །ཡིག་བརྒྱ་བརྗོད། མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་མེད་ན་མདུན་བསྐྱེད་གཤེགས་གསོལ་བྱ་བར་བཤད་ཀྱང་། རྟེན་ལ་དམིགས་ནས་ཡེ་ཤེས་པ་བརྟན་བཞུགས་བྱ།


PS004_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་བའི་འཁོར་ལོ་ལ་ཐིམ། དེ་ཞུ་བ་རང་ལ་ཐིམ། བདག་བསྐྱེད་གདན་དང་བཅས་པ་སྙིང་གའི་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་སྔགས་ཕྲེང་ལ་ཐིམ། དེ་འོད་དུ་ཞུ་ནས་ཐིག་ལེ་ལ་ཐིམ། དེ་ཧཱུྃ་ལ་ཐིམ། ཧཱུྃ་གིས་ཞབས་ཀྱུ། ཁོག་པ། མགོ་བོ། ཟླ་ཚེས། ཐིག་ལེ། ནཱ་དའི་བར་དུ་འདུས། ནཱ་ད་ཡང་མ་དམིགས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར། ཞེས་བརྗོད་ཅིང་བསམ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་མཉམ་པར་འཇོག །སླར། སྐད་ཅིག་གིས་སྟོང་པའི་ངང་ལས་རང་ཉིད་དཔལ་ཡིད་བཞིན་ནོར་བུའི་སྐུར་གྱུར། ཅེས་བརྗོད་ཅིང་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་གསལ་བཏབ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་བསྲུང་བར་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་ནོར་བུ་འགྲུབ་གྱུར་


PS004_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སོགས་ཀྱིས་བསྔོ་སྨོན་དང་། བཀྲ་ཤིས་བཀའ་རྒྱ་མའམ་གང་རུང་བརྗོད་དོ། །གཉིས་པ་དམིགས་རིམ་དང་ལག་ལེན་ནི། འདི་བསྙེན་སྒྲུབ་བྱེད་པ་ཐོག་མ་ནས་མི་གཞན་གྱིས་མ་ཚོར་བ་དང་རྟེན་རྣམས་གཞན་གྱིས་མ་མཐོང་ན་ལེགས། ནོར་སྒྲུབ་གཙོ་བོར་གྱུར་པ་ཡིན་པས་རྣམ་ཀུན་ལྷ་གཤེགས་གསོལ་གཏོར་མ་ཕྱི་ལ་གཏོང་བ་སོགས་མི་རུང་། ནོར་ལྷ་དང་ཆོས་སྐྱོང་གཞན་བསྒྲུབ་པ་ལ་ཐོག་མར་སྒབ་འདྲེ་གནོན་དགོས་ཀྱང་། སྤྱན་རས་གཟིགས་ཞི་དྲག་གང་ལའང་སྒབ་འདྲེ་གནོན་མི་དགོས་པས་ཕྱག་དྲུག་པའི་རིགས་གང་ལའང་སྒབ་འདྲེ་མེད་ཅིང་འགྲུབ་ཐག་ཉེ། རིན་ཆེན་བརྒྱུད་པའི་རྣམ་ཐར་དང་མགོན་པོ་དཀར་མཐིང་གི་ལོ་རྒྱུས་བརྒྱུད་པའི་རྣམ་ཐར་སོགས་མཇལ་ལ་རྒྱུ་མཚན་ཤེས་པའི་དད་པ་ངེས་ཤེས་ཡིད་ཆེས་རྩེ་གཅིག་པས་ཕུར་ཚུགས་སུ་སྒྲུབ་ནུས་ཤིང་གཞན་ལ་མི་ལྟོས་པ་ཞིག་ཐོག་མ་ནས་དགོས། དེའང་ཚེ་འདིའི་དཔལ་འབྱོར་ནོར་ལོངས་སྤྱོད་སྙན་གྲགས་སོགས་ཞར་བྱུང་འོང་ན་མ་བཀག་པ་ལས་ཚེ་འདིའི་སྣང་བ་ལ་ཞེན་འཁྲིས་བཅད་ནས་མཆོག་དངོས་ཁོ་ན་དོན་ཏུ་གཉེར་ནས་ལྷ་འདི་སྒྲུབ་པ་ཞིག་དགོས། གཙོ་བོར་ཤངས་པའི་བརྒྱུད་པ་འཛིན་ཅིང་གསེར་ཆོས་ཉམས་ལེན་མཁན་ཡིན་ན་ཚད་དུ་མ་བསྒྲུབས་ཀྱང་རང་བཞིན་


PS004_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཁོར་ནས་དངོས་གྲུབ་སྟེར་བ་ཡིན། མཐུ་དང་ནོར་ཙམ་ལ་དམིགས་ནས་མགོན་པོ་མཐིང་དཀར་གང་བསྒྲུབས་ཀྱང་མཆོག་ལ་སྒྲིབ་ཅིང་འདོད་པའང་ཇི་བཞིན་མི་འབྱུང་། དེས་ན་གཙོ་བོར་བླ་མའི་མོས་གུས་དང་། ངེས་འབྱུང་སྙིང་རྗེ་ལ་ཕུར་ཚུགས་བྱེད་པ་ནི་མགོན་པོ་འདི་སྒྲུབ་པའི་གནད་ཀྱི་དམ་ཚིག་ཡིན། བསྙེན་སྒྲུབ་སྐབས་ཀྱི་སྤང་བླང་སྤྱི་དང་འདྲ་ཞིང་། ཐུན་གསུམ་མམ་བཞི་གང་བྱེད་ཀྱང་མི་ཚིག་གིས་བར་མ་ཆོད་པ་དང་། སྔགས་གཞན་དང་མ་འདྲེས་པ་གདན་ཐོག་གཅིག་ཏུ་བསྙེན་པ་ཡོངས་རྫོགས་འགྲོ་དགོས་ཐུན་མཚམས་སུ་འཐོར་བསྙེན་གྱི་ཚུལ་དུ་བཟླས་པ་གྲངས་ལ་མི་རྩི་ཡང་ཁ་སྐོང་དུ་འགྱུར། བཟླས་པའི་ཐོག་མར་ཕྲེང་བ་བྱིན་རླབས་དང་ཐུན་བསྡུ་སྐབས་བཟླས་པ་ལྷ་ལ་འབུལ་ཞིང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ཁ་སྐོང་བ་སོགས་ཀྱང་སྤྱི་འགྲོ་ལྟར་བྱ་ཆོག །བཟླ་བྱའི་སྔགས་དང་གྲངས་ཚད་ནི། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་ཡི་གེ་འབྲུ་བཅུ་གསུམ། གི་གུ་བཞི། ཞབས་ཀྱུ་གཉིས་ཏེ། ཁམས་གསུམ་དབང་སྡུད་ཀྱི་སྙིང་པོ་འདི་ཚིག་གཞན་གྱིས་བར་མ་ཆོད་པར་འབུམ་ཕྲག་བཅུ་གསུམ་ཆུ་བོའི་གཞུང་


PS004_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བཟླས་པར་བྱའོ། །ཞེས་ཁྱུང་པོས་གསུངས་ལ། མཁས་གྲུབ་ཆོས་རྗེའི་གསུངས་རྒྱུན་ལས། ས་ཡ་རྭ་ཅན་བཟླ་གསུངས་ཏེ། གོང་ལྟར་འབུམ་ཕྲག་བཅུ་གསུམ། ཁ་སྐོང་ཁྲི་ཚོ་བཅུ་གསུམ་དང་བཅས་པ་བཟླས་ན་ལེགས་ཏེ་དེས་ནི་གྲངས་བསྙེན་ཐེམས་པ་ཡིན། མཚན་མའི་བསྙེན་པ་ནི། རྟགས་གཅིག་མ་བྱུང་གི་བར་དུ་བྱེད་དེ། རྟགས་ནི་རབ་དངོས་ས་མ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་མགོན་པོ་དང་མཁའ་འགྲོ་དངོས་སུ་མཐོང་བ་དང་། བླ་མ་དུར་ཁྲོད་ནས་བྱོན་པ་དང་། རིག་མ་མཚན་ལྡན་གྱིས་དངོས་གྲུབ་སྟེར་བ་དང་། ཁམས་གསུམ་སེམས་ཅན་ལ་དབང་བསྒྱུར་བ་དང་། ཉི་ཟླ་ཤར་བ་དང་། གོས་དཀར་པོ་གྱོན་པ་དང་། བུམ་པ་ཐོགས་པ་དང་། ནོར་བུ་རྙེད་པ་ལ་སོགས་པའི་རྟགས་འབྱུང་ངོ་། དེ་ལྟར་རྟགས་བྱུང་ནས་འགྲུབ་པ་ཡིན་པས། ཚེ་རིང་ནད་མེད་ཁམས་གསུམ་དབང་དུ་འདུས། ལྷ་སྲིན་བྲན་དུ་ཁོལ་ནས་རྨི་ལམ་ཟིན། །བར་དོ་མེད་པར་སངས་རྒྱས་སོ། །ཞེས་གཟུང་ལས་གསུངས་སོ། ༈ །དམིགས་རིམ་ནི། སྐྱབས་འགྲོའི་སྐབས་སུའང་བླ་མ་མགོན་པོ་དབྱེར་མེད་དཀོན་མཆོག་ཀུན་འདུས་སུ་མོས་པས་དེང་ནས་བྱང་ཆུབ་བར་དུ་བློ་ལིངས་


PS004_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀལ་ཏེ་ཅི་མཛད་ཁྱེད་ཤེས་བྱ་བ་དང་། སེམས་ཅན་ཐམས་ཅད་གནས་སྐབས་མཐར་ཐུག་མཆོག་དང་ཐུན་མོང་གི་དབུལ་བ་སེལ་བའི་ཆེད་དུ་བསྒྲུབ་བར་སེམས་བསྐྱེད་པས་མཚོན། མགོན་པོའི་སྐུའི་གསལ་སྣང་དང་ང་རྒྱལ་ལ་བློ་རྩེ་གཅིག་ཏུ་གཏོད་པ་སོགས་སྤྱི་དང་ཁྱད་པར་གྱི་དམིགས་པའི་རྣམ་པ་ལ་ཡིད་རྩི་གཅིག་པ་གལ་ཆེ་ཞིང་། བྱེ་བྲག་བཟླས་པའི་དམིགས་པ་ལ་ཐོག་མར་བསྙེན་པའི་སྐབས། མཁའ་འགྲོའི་ཐུགས་ཀའི་ཐིག་ལེ་ཧཱུྃ་ཡིག་སྔགས་ཕྲེང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ལ་གསལ་སྣང་སྐྱེས་པ་ན། དེ་དག་ལས་འོད་ཟེར་ནམ་མཁའི་ཁམས་གང་བར་འཕྲོས། ཕྱོགས་དུས་དཀོན་མཆོག་རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཐིག་ལེ་ནོར་བུ་གྲི་གུག་བུམ་པ་ཀ་པཱ་ལ་བཅུད་ལྡན་ལ་སོགས་པའི་རྣམ་པ་ཅན་ཆར་བབས་པ་ལྟར་བྱོན་ནས་རང་ལ་ཐིམ་པས་དེ་དག་དང་དབྱེར་མེད་དུ་གྱུར་པར་མོས། ཡང་འོད་ཟེར་དམར་ཞིང་རྣོ་བ་དཔག་ཏུ་མེད་པ་འཕྲོས་པས། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པས་བསྡུས་པའི་བརྟན་གཡོ་སྣོད་བཅུད་ཀྱི་བདེ་ལེགས་ཕུན་


PS004_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པས་རྣལ་འབྱོར་པ་ལ་ཚེ་དང་བསོད་ནམས་དང་དཔལ་དང་དབང་ཕྱུག །བདེ་ལེགས་ཆར་བཞིན་འབབ་པར་མོས་ལ་རིག་པ་གྲུབ་བཏོན། ཤེས་པ་ཧུར་བཏོན་ལ་བཟླས། སྐབས་འགར་སེམས་གནས་ལུགས་ཀྱི་སྟེང་དུ་འཛིན་ཅིང་། ལྷའི་སྤྱན་དབུས་མ་ནས་བཟུང་སྟེ་རྟེན་དང་བརྟེན་པའི་གསལ་སྣང་ལ་སེམས་གཏད་ཅིང་། རེས་འགའ་སྙིང་གའི་སྔགས་ཀློག་པའི་ཚུལ་དང་། རེས་འགའ་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླས། སྐབས་རེར་མོས་གུས་དང་སྙིང་རྗེ་དྲག་ཏུ་བསྐྱེད་ལ་བཟླ། མདོར་ན་སེམས་མ་ཡེངས་པར་བཟླ་སྟེ། གཞན་དུ་ཡེངས་པས་བཟླས་ན་ནི། །བསྐལ་པར་བསྒྲུབས་ཀྱང་མི་འགྲུབ་བོ། །ཞེས་གསུངས་པས་དྲན་པ་བྱའོ། །གྲངས་རྟག་ཐེབས་ནས་ལས་སྦྱོར་གྱི་སྐབས་སུ། ཐུགས་ཀ་ནས་འོད་ཟེར་དམར་པོ་ཆེ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་དང་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་དག་གི་ཐུགས་རྒྱུད་དབང་མེད་དུ་བསྐུལ་ནས། སྲིད་པ་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས་ནས། རང་གི་མདུན་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་ཤིང་སྟེར་བར་མོས་ལ་བཟླ་བ་དང་། ཡང་འོད་ཟེར་


PS004_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་རྒྱལ་པོ་ཕྱུག་པོ་དྲག་དགུ་ཆེ་དགུ་སྐྱེས་པ་བུད་མེད་ལ་སོགས་ཏེ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་གྱུར་ནས་བདག་གི་དབང་དུ་འུབ་ཀྱིས་བསྡུས་པར་མོས་ལ་བཟླ་བ་དང་། ཁྱད་པར་རང་གིས་དབང་དུ་བསྡུ་བར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནྀྲ་ལྗང་གུ་ཉ་མིག་ཙམ་ཞིག་ཡོད་པ་དེ། མཁའ་འགྲོ་དང་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བསྡུས་པར་མོས་པ་རྣམས་ནི་མཁའ་འགྲོ་དང་གནོད་སྦྱིན་རྣམས་ལ་བརྟེན་པའི་ཟབ་ཁྱད་དོ། །ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང་། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ་ཚོགས་བདག་ལ་བསྟིབས་པས། དེ་དག་ཐམས་ཅད་ཀྱིས་རྣལ་འབྱོར་པའི་བཀའ་བཞིན་དུ་ཉན་ཅིང་བྲན་བཞིན་དུ་ལས་སྒྲུབ་པར་མོས་ཏེ་བཟླ་བ་ནི་ཚོགས་བདག་ལ་བརྟེན་པའི་ཟབ་ཁྱད་དེ། དེ་དག་ནི་རྗེ་བཙུན་གྲོལ་མཆོག་ཞབས་སོགས་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་མན་ངག་ལས་བྱུང་བའོ། །ཡང་ཐུན་མོང་མ་ཡིན་


PS004_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་རིམ་གནད་ནི། ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་ཌཱ་ཀི་དམར་མོ་ཅང་ཏེའུ་དང་གཡོན་ཀ་པཱ་ལ་ཐོགས་པ་དུ་མ་སྣ་བུག་གཡོན་ནས་ཐོན། འཇིག་རྟེན་གྱི་ཁམས་གང་། བརྟན་དང་གཡོ་བའི་ཆོས་བཅུ་བཞིའི་དྭངས་མ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བསྡུས་ཏེ་འཕྲོས་པའི་ལམ་ནས་ཚུར་ཞུགས། སྲོག་རྩ་བརྒྱུད། ཆོས་ཉིད་ཀྱི་ཐིག་ལེ་ལ་ཐིམ་པར་མོས་པ་ནི་ཟབ་ཁྱད་དང་པོ་དང་ཞབས་ཀྱིས་གཟིར་བས་ཞབས་འོག་ཚོགས་བདག་བསྐུལ། དེ་ལས་རང་འདྲ་བ་དཔག་མེད་འཕྲོས། མི་དང་མི་མ་ཡིན་ཐམས་ཅད་དང་ཁྱད་པར་དམིགས་བྱ་རྣམས་རང་དབང་མེད་པར་བཀུག་སྟེ་རང་གི་བྲན་དུ་ཕུལ་བས་དེ་དག་དད་གུས་རྩེ་གཅིག་པས་བསྒོ་བའི་བཀའ་ཉན་པ་དང་། ཚོགས་བདག་གི་ཁ་གཤང་བ་བ་སྤུའི་བུ་ག་ལ་སོགས་པ་ནས་ཡིད་བཞིན་ནོར་བུའི་ཆར་རྒྱུན་ཟད་མེད་དུ་བབས་པས་གནས་ཁང་འདོད་རྒུས་ཕྱུར་བུར་གཏམས་པར་བསམ་པ་ནི་ཟབ་ཁྱད་ཕྱི་མ་སྟེ། དེ་དག་གི་སྐབས་སུ་རྩ་སྔགས་སིདྡྷི་མའི་གཤམ་དུ། རྒྱས་པ་ལ། སརྦ་པུཥྚི་ཀུ་རུ་བྷྲཱུྃ། ཞེས་དང་། དབང་ལ། སརྦ་ལོ་ཀ་པ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་པའང་ཅུང་ཟད་བཟླས་སོ། །བསྡུ་རིམ་གྱི་སྐབས་སུ།


PS004_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངག་གི་རླུང་རྒྱུ་བ་རང་སོར་བཞག་སེམས་ཀྱི་དུས་གསུམ་གྱི་སྤྲོས་པ་བཅད། ཐིག་ལེ་འོད་དུ་ཡལ་སོང་བའི་ངང་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་སྙམ་དུ་བཞག་གོ །དེ་ཡང་དང་པོ་ཐིག་ལེ་ལ་སེམས་ཡུན་རིང་དུ་འཛིན། དེ་ནས་རིམ་གྱིས་སྤྲོས་བྲལ་དུ་འཇོག །མཐར་དེ་ལྟར་བཞག་པའི་ངང་ནས། རིག་པ་དེ་རིག་སྟོང་། འགྱུར་དེ་འགྱུ་སྟོང་། གསལ་བ་དེ་གསལ་སྟོང་། ཡིན་མིན་གྱི་མཐའ་དང་བྲལ་བས་རྨི་ལམ་གྱི་སྣང་བ་སྒྱུ་མའི་རང་བཞིན་ཞེས་བྱ་བ་ངོ་ཤེས་པར་བྱ་བ་མཁས་གྲུབ་ཁྱུང་པོའི་བཞེད་པ་སྟེ། བླ་མ་གོང་མ་དག་འདི་ཡིད་བཞིན་ནོར་བུ་ཞེས་བྱ་བའི་རྫོགས་རིམ་གྱི་ཐ་སྙད་མཛད། འགྲོ་འཆག་ཉལ་འདུག་གི་སྣང་བ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྷ་སྐུར་ཤེས་པའི་ངང་ནས་བྱ། སྒྲུབ་བ་འདི་ལ་གསོལ་འདེབས་ཁོ་ན་གལ་ཆེ་བར་གསུངས་པས་བཀའ་ཐོབ་ན་བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་སྦྱར། བཀའ་མ་ཐོབ་ཀྱང་ཐུན་མཚམས་ཀུན་ཏུ། ན་མོ་བུདྡྷ་སོགས་ཀྱི་གསོལ་འདེབས་དང་། ཚོགས་གཏོར་ལ་བརྩོན་པ་གལ་ཆེ། དགོངས་མོ་ལྟ་བུར་མགོན་མཐིང་གི་གཏོར་ཆོག་རེའང་གྲུབ་ན་


PS004_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་ཞིང་བསྙེན་སྒྲུབ་ཟིན་ནས་རྒྱུན་དུ་འདི་ཉིད་ཀྱི་གཏོར་འབུལ་རེའང་ཆག་ཏུ་མི་རུང་། བསྙེན་པ་གྲུབ་པའི་ཁ་སྐོང་དང་ལས་ལ་སྦྱོར་བའི་ཚེ་སྦྱིན་སྲེག་ཀྱང་གལ་ཆེ། གནད་ཀྱི་ཁྱད་པར་རགས་བསྡུས་སུ་བཀོད་པ་ཡིན་ལ་ཞིབ་པར་ཡིག་རྙིང་རྣམས་ལས་ཤེས་དགོས། གདམས་ངག་འདི་ནི་གཞན་གང་དང་ཡང་མི་འདྲ་བས་ཚེ་འདི་དང་འཆི་ཁ་བར་དོ་རུ་ངེས་པར་སླེབས་པ་ཡིན་གསུངས་སོ། །གསུམ་པ་གཏོར་ཆོག་སྐོང་གསོའི་ཕྲིན་ལས་བྱ་བར་འདོད་པས། རྟེན་མཆོད་བསྙེན་སྒྲུབ་ཀྱི་སྐབས་ལྟར་འཛོམས་ན་ལེགས། མ་འཛོམས་ན་མཆོད་གཏོར་ཉེར་སྤྱོད་སྨན་ཕུད་སོགས་ཇི་ཙམ་འབྱོར་བ་འདུ་བྱས་ཏེ། ཡི་དམ་མམ་མགོན་པོའི་བསྐྱེད་བཟླས་སོགས་སྔོན་དུ་བཏང་། གོང་དུ་སྨོས་པ་ལྟར་བདུད་རྩི་དང་གནས་ཡོ་བྱིན་རླབས་བྱ། དེ་ནས་གཏོར་མ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་མཚན་ལྡན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྲུྃ་ཨྃ་ཛྲཱིཾ་ཁྃ་ཧཱུྃ་རྣམས་ལས་ཤ་ལྔ། ལཱྃ་མཱྃ་པཱྃ་ཏཱྃ་བཱྃ་རྣམས་ལས་བདུད་རྩི་ལྔ། སྟེང་


PS004_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནམ་མཁའ་ལ་ཨོཾ་དཀར་པོ། ཨཱཿལས་ཟླ་བ། ཧཱུྃ་ལས་རྡོ་རྗེ་རྣམས་བརྩེགས་པ། རླུང་གཡོས་མེ་སྦར་ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ། ཡི་གེ་འབྲུ་གསུམ་ལས་བདུད་རྩིའི་རྒྱུན་བབས། དེ་རྣམས་ཀྱི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ། ཨོཾ་དང་ཟླ་བ་རྡོ་རྗེ་རྣམས་ཀྱང་འོད་དུ་ཞུ་ཞིང་ཐིམ་པས། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ་ཆོས་འབྱུང་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པྃ་ལས་པདྨ། རྃ་ལས་ཉི་མ། གཾ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ལ་ཕུག་དང་ནེའུ་ལེ་འཛིན་པ་གཉིས་ཁ་སྦུབ་ཏུ་འགྱེལ་བའི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་དབུལ་


PS004_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་ཀྱི་སྒྲིབ་པ་སྦྱངས་ནས་དཔལ་འབྱོར་རྒྱས་པར་བྱས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་ཚུར་འདུས་ཡི་གེ་ཧཱུྃ་དང་བཅས་པ་ལ་ཐིམ་ཞིང་རོ་གཅིག་ཏུ་འདྲེས་པ་ལས། མགོན་པོ་ཡིད་བཞིན་ནོར་བུ་གངས་རི་ལྟར་བརྗིད་ཅིང་། ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། དམར་ཞིང་འཁྲུགས་པའི་སྤྱན་གསུམ་དང་ལྡན་ཅིང་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་ནས་འཛུམ་ཞིང་བཞད་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་འཁྱུགས་པ། ཕྱག་དྲུག་གི་གཡས་དང་པོས་གྲི་གུག་འཕྱར་ཞིང་། གཉིས་པས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། ཐ་མས་ཌཱ་མ་རུ་འཁྲོལ་བ། གཡོན་དང་པོས་ཐོད་པའི་ནང་དུ་བུམ་པ་རིན་པོ་ཆེ་དུ་མས་གང་བ་དང་བཅས་པ་བརླ་གཡོན་པ་ལ་བརྟེན་ནས་འཛིན་ཅིང་། བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་འཛིན་པ། སྦོམ་ཞིང་གསུས་ཁྱིམ་འཕྱང་བ། རུས་པ་


PS004_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེ་དང་སྦྲུལ་གྱི་རྒྱན་དུ་མས་སྤྲས་ཤིང་། དར་སྣ་ཚོགས་པའི་ཤམ་ཐབས་གསོལ་བ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་འབྱོན་འཕྲོ་ལས་འཆམས་པ་འདྲ་བའི་སྟབས་ཀྱིས་ནོར་བུའི་ཆར་འབེབས་པའི་བགེགས་ཀྱི་རྒྱལ་པོ་ཟུང་གི་སྤྱི་བོར་བརྫིས་ཏེ་པདྨ་ཉི་མའི་གདན་ལ་བརྗིད་ཆགས་པར་འགྱིང་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འཁོར་དུ་དཔའ་བོ་མཁའ་འགྲོ་གནོད་སྦྱིན་བྱེ་བ་འབུམ་སྡེ་དཔག་ཏུ་མེད་པས་བསྐོར་བ། མགོན་པོའི་སྤྱི་བོར་བླ་མ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་སྐུ་མདོག་པདྨ་རཱ་གའི་མདོག་ཅན། ཡིད་བཞིན་ནོར་བུ་དང་དྲིལ་བུ་འཛིན་པ། མཚན་དཔེའི་དཔལ་འབར་ཞིང་འོད་ཀྱི་དྭ་བ་འཁྲིགས་པ། ཐུགས་ཀར་འགུགས་བྱེད་ཀྱི་ཌཱ་ཀི་མ་སིནྡྷུ་ར་གསར་བའི་མདོག་ཅན་སྒེག་ཅིང་ཆགས་ལ་ལང་ཚོས་སྒེག་པ། ཕྱག་གཡས་ལྕགས་ཀྱུ་དང་།


PS004_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་རྒྱན་དུ་མས་སྤྲས་པ། སྤྱན་གསུམ་བར་སྣང་ལ་ཧྲིག་གེ་གཟིགས་བཞིན་དུ་གར་སྟབས་སུ་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ མཁའ་འགྲོའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ། དེའི་དབུས་སུ་ཧཱུྃ་དཀར་པོས་མཚན་པའོ། །རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པའི་སྣ་ལ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་གནད་ནས་བསྐུལ་བར་བྱེད་པའི་དཔའ་བོ་སྔོ་སྐྱ་མཚན་མ་སྒྲེང་བ་རུས་པའི་རྒྱན་ཅན། དཔའ་མོ་དམར་མོ་བྷ་ག་རྒྱས་ཤིང་ནུ་མ་འཕྱང་བ། ནཱ་ག་གེ་སར་གྱི་མེ་ཏོག་གི་ཕྲེང་བས་བརྒྱན་པ་གཉིས་ཀའང་བདེ་བས་མྱོས་ཤིང་ཆགས་པའི་གར་མཛད་པ། ཌཱ་མ་རུ་དང་དྲིལ་བུ་འཁྲོལ་བཞིན་པ་རེ་རྒྱང་གིས་འཕྲོས། དུར་ཁྲོད་བསིལ་བའི་ཚལ་ན་བཞུགས་པའི་མགོན་པོའི་ཤངས་བུག་ནས་ཐོགས་མེད་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་གཡས་སྐོར་དུ་བསྐོར་བ་ཆི་ལི་ལི་


PS004_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཙམ་གྱིས་ཐུགས་དམ་གྱི་རྒྱུད་རང་དབང་མེད་པར་བསྐུལ་ཏེ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་ནོར་བུ་འཁོར་མཁའ་འགྲོ་གནོད་སྦྱིན་བྱེ་བ་དང་བཅས་པ་ཕྱག་གི་ཌཱ་མ་རུ་ཁྲོལ་ཁྲོལ་ཕྱག་ཞབས་ཀྱི་དྲིལ་བུ་སིལ་སིལ་འུར་འུར། ཆེམ་ཆེམ་ནམ་མཁའ་གང་བར་བྱོན་པར་གྱུར། སྤོས་སྦྱོར་བསྲེགས། རོལ་མོ་དབྱངས་དང་བཅས་ཏེ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཡིད་བཞིན་མགོན་པོ་ཆེ། །འོད་དཔག་མེད་པའི་སྤྱན་སྔ་རུ། །འཕགས་པ་ལོ་ཀི་ཤྭ་ར་ཡིས། །འགྲོ་ལ་བྱམས་པས་ཉེར་དགོངས་ནས། །དབུལ་བའི་སྡུག་བསྔལ་སེལ་བ་དང་། །རྣལ་འབྱོར་བསོད་ནམས་སྐྱེད་བྱེད་དུ། །སྤྲུལ་པའི་དམ་ཚིག་བཞིན་དུ་བྱོན། ཁྱེད་ནི་འཕགས་པའི་སྤྲུལ་པ་སྟེ། །བསེལ་བ་ཚལ་གྱི་དུར་ཁྲོད་དུ། །དཔག་བསམ་ཤིང་གཅིག་རྩ་བར་གནས། །མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཆོས་ཉིད་ངང་ལས་མ་གཡོས་


PS004_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །དེ་རིང་ཡིད་བཞིན་ནོར་བུ་བཞེངས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་ཐུགས་རྗེའི་གཏེར། །མཐུ་ཆེན་རྒྱལ་པོ་ཡིད་བཞིན་མགོན། །དགོས་འདོད་ཀུན་འབྱུང་དཔའ་བོ་ཆེ། །དཀར་སེར་དམར་ལྗང་ཡིད་འོང་མ། །ལས་བཞིའི་ཕྲིན་ལས་སྒྲུབ་མཛད་མ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཌཱ་ཀི་འཁོར་ཚོགས་དཔག་མེད་དང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །བསྟན་སྲུང་ནོར་ལྷ་གནོད་སྦྱིན་རྣམས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཆ་སི་ལི་ལི། །གསང་བའི་རྔ་ཆུང་དི་རི་རི། །དཔའ་བོའི་ངར་སྐད་ཙེ་རེ་རེ། །དཔའ་མོའི་བརྡ་གླུ་ལྷངས་སེ་ལྷང་། །བླ་མ་ཡི་དམ་ཐིབས་སེ་ཐིབ། །ནོར་ལྷ་གནོད་སྦྱིན་སྤུངས་སེ་སྤུང་། །སྙིང་རྗེའི་རང་ཉམས་ལྷངས་སེ་ལྷང་། །སྒྱུ་མའི་རང་སེམས་རྗེན་ནེ་ནེ། །སྤྲོས་མེད་རིག་པ་ས་ལ་ལ། །


PS004_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མེད་ངང་དུ་ཡ་ལ་ལ། །བདེ་ཆེན་གོང་བུར་ཁྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབས་ལ། །རིན་ཆེན་ནོར་གྱི་ཆར་པ་ཕོབས། །སྒྲུབ་མཆོག་བདག་ལ་བྱིན་རློབས་ལ། ཁམས་གསུམ་མ་ལུས་དབང་དུ་སྡུས། །གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནཱི་སརྦ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧཱུྃ། ཙན་དན་ལྗོན་ཤིང་འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོའི་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷ་ཆེན་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་མྱུར་སྩོལ་བའི། །ནོར་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱིས། །རྣམ་པར་གཡོ་བའི་སྲིད་ཞིའི་དཔལ་འབྱོར་ནི། །


PS004_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མེད་མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་དཔལ་འབྱོར་རྒྱས་པར་མཛོད། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་དང་། ཛཿཉེར་གཅིག་བརྗོད་ལ་སྤྱན་དྲངས། ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། ཛཿཧཱུྃ་བྃ་ཧོཿ དམ་ཡེ་གཉིས་མེད་དུ་གྱུར་པར་མོས་ལ། ཧཱུྃ། དུར་ཁྲོད་མེ་རིས་ཡོངས་བསྐོར་བའི། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཕྱི་ནང་རྔམས་བརྗིད་རབ་མཛེས་པའི། །མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་གང་། །གནམ་ལྕགས་ཆོས་འབྱུང་འབར་བ་དང་། །ཡིད་འོང་སྣ་ཚོགས་པད་ཉིའི་སྟེང་། །བགེགས་རྒྱལ་ནོར་བདག་འགྱིངས་པའི་གདན། །ཡེ་ཤེས་ལས་གྲུབ་ཕོ་བྲང་དབུས། །སྤྱན་རས་གཟིགས་མགོན་བཞུགས་སུ་གསོལ། །ཡེ་ཤེས་མགོན་པོ་བཞུགས་སུ་གསོལ། །ཡིད་བཞིན་ནོར་བུ་


PS004_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ། །འཁོར་ཚོགས་བཅས་པ་བཞུགས་སུ་གསོལ། པདྨ་ཀ་མ་ལཱ་ཡ་སྟྭཾ། མཆོད་པ་ནི། འགྱུས་སུ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོ་མཆོད་ཡོན་སོགས་ཀྱི་མཆོད་སྔགས་བཅས། ལྷ་རྫས་བཟང་པོའི་གཟུགས་མཆོག་སོགས་འདོད་ཡོན་ལྔ་སྔགས་བཅས་རེ་རེ་བཞིན་འགྲེས་སྦྱར་ཏེ་མཆོད། སྤྲོ་ན་ཡིག་རྙིང་ལས་བྱུང་བ་ནི། ཧཱུྃ། རྒྱུ་དང་འབྲས་བུའི་ཁྱད་པར་བཞིན། །བསྐྱེད་ཅིང་བསྟིམས་པའི་རང་བཞིན་གྱིས། །ཡེ་ཤེས་མགོན་པོ་འདིར་བཞུགས་ལ། །བདག་གི་མཆོད་བསྟོད་བཞེས་སུ་གསོལ། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། །ཆུ་བོ་ཆུ་བྲན་གང་གཱ་དང་། །པཀྵུ་སི་ཏཱ་བདུད་རྩིའི་ཆུ། །ཡན་ལག་བརྒྱད་ལྡན་འབབ་ཆུ་དང་། །ལྷ་ཡི་ཆུ་དང་མི་ཡི་ཆུ། །སྣ་ཚོགས་དྭངས་ཤིང་ཡིད་འོང་བའི། །ཡོན་ཆབ་སྣ་ཚོགས་མཛེས་པ་དང་། །པདྨ་ཀུ་མུ་ཏ་ཨུཏྤ་ལ། །མནྡྷཱ་ར་བ་ལ་སོགས་པ། ཁ་དོག་དྲི་བསུང་ཕུན་ཚོགས་པའི། །མེ་ཏོག་ཇི་སྙེད་ཡོད་པ་


PS004_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཙནྡན་དཀར་དམར་ཨ་ག་རུ། །ཛཱ་ཏི་ལི་ཤི་ལ་སོགས་པའི། །དྲི་ཞིམ་སྤོས་ཀྱིས་ནམ་མཁའ་ཁེངས། །ཉི་ཟླ་ཡིད་བཞིན་ནོར་བུའི་འོད། །ལྷ་ཡི་འོད་དང་མར་མེའི་རིགས། །གླིང་བཞིགས་ལོ་བྱེད་ཐམས་ཅད་དང་། །ག་བུར་ཆུ་དང་གུར་གུམ་ཆུ། །བསིལ་བྱེད་བདེ་བའི་དྲི་མཆོག་དང་། །སུཀྨེ་ཀ་སོགས་ཤིང་འབྲས་དང་། །ནས་འབྲས་གྲོ་ཏིལ་སོ་སྲན་དང་། །བཅུད་དང་ལྷ་ཡི་ཞལ་ཟས་སོགས། །རི་རབ་ལས་ལྷག་ཕུན་ཚོགས་དང་། །ལྷ་ཡི་རྔ་ཆེན་བརྗིད་པའི་སྒྲ། །གསང་བའི་རྔ་ཆུང་སྙན་པའི་སྒྲ། །དུང་ཆེན་གླིང་བུ་ཕི་ཝཾ་འཛིན། །དུང་དཀར་ཕེག་རྡོབ་སིལ་སྙན་དང་། །སྙན་པའི་རོལ་མོ་ཇི་སྙེད་ཀུན། །འུར་འུར་ཆེམས་ཆེམ་སྒྲ་སྒྲོགས་པ། །སྲིད་གསུམ་གང་ཞིང་གཡོ་བ་འདི། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །བསམ་དོན་མ་ལུས་འགྲུབ་པ་དང་། །


PS004_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྒྱ་ཆེར་འཕེལ་བར་མཛོད། །གཞན་ཡང་དྲག་པོའི་ཉེར་སྤྱོད་ལྔ། །དྲག་པོའི་རྒྱན་དང་མཚོན་ཆ་དང་། །དཔལ་གྱི་ཆས་བརྒྱད་ལ་སོགས་པ། །འབུལ་གྱིས་ཡང་༴ བར་ཆད་མ་ལུས་ཞི་བ་དང་། །དགྲ་དང་འབྱུང་པོ་མེད་པར་མཛོད། །མཛེས་པའི་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་ཡོན་ལྔ་དང་རྫས་མཆོག་བརྒྱད། །སྟོང་གསུམ་མ་ལུས་བཀང་བྱས་ནས། །འབུལ་གྱིས་ཡང་༴ །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །རབ་མཛེས་རི་རྒྱལ་ལྷུན་པོ་དང་། །ལྷ་ཡི་ཁང་བཟང་སྐྱེད་མོས་ཚལ། །མེ་ཏོག་ཚལ་དང་ནོར་བུའི་མཚོ། །དཔག་བསམ་ཤིང་དང་འདོད་འཇོའི་བ། །རིན་ཆེན་རི་དང་བདུད་རྩིའི་མཚོ། །གླིང་བཞི་གླིང་ཕྲན་ཉི་ཟླ་དང་། །དེ་ལ་གནས་པའི་ལོངས་སྤྱོད་ཚོགས། །ཅི་མཆིས་མ་ཚང་མེད་པ་དང་། །ཟག་མེད་དགའ་བཞིའི་བདེ་བ་དང་། །རིན་ཆེན་གདུགས་མཆོག་རིན་ཆེན་ཏོག །སྟོང་གསུམ་ཁྱབ་པའི་རྒྱལ་མཚན་མཆོག །ལྷ་ཡི་ཡོ་བྱད་ཕུན་ཚོགས་རྣམས། །དངོས་བཤམས་ཡིད་སྤྲུལ་བློས་བླངས་ནས། །བླ་མ་མགོན་པོ་དབྱེར་མེད་པ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ། །མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །བདུད་བཞི་ཟིལ་གྱིས་


PS004_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ་དང་། །གླིང་བཞི་དབང་དུ་འདུ་བ་དང་། །སྲིད་ཞིའི་དགེ་ལེགས་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས། །སྐུ་བཞི་མངོན་དུ་འགྲུབ་པར་མཛོད། །གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །སྨན་ལྔ་བཅུད་ལྔ་སྙིང་པོ་ལྔ། །འབྲུ་ལྔའི་བདུད་རྩི་རྣམ་ལྔ་དང་། །ཕྱག་རྒྱའི་རྒྱན་ལྡན་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་བརླབས་ནས། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །བཞེས་ཤིག་རོལ་ཅིག་དགྱེས་པར་རོལ། སྔགས་སྔ་མའི་མཇུག་ཏུ། སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འབུལ། ནང་མཆོད་སྒྲོ་ན་བསྙེན་པའི་སྐབས་ལྟར་བྱ། ཆོས་འབྱུང་དཀར་ལ་མེ་རི་དམར་པོའི་དབུས། །པད་དཀར་མདངས་ལྡན་འོད་སྟོང་ཕྱོགས་བཅུར་འཕྲོ། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། ཁྱེད་ལ་རྣམ་དཀར་དང་བས་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་བཀའ་ཐོབ་པའམ་རྒྱས་པར་


PS004_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན། བླ་མ་མགོན་པོ་དབྱེར་མེད། གྲིབ་སེལ། མཁའ་འགྲོ་དབང་སྡུད་བཅས་རྒྱས་པར་མགོན་མཐིང་གི་གཞུང་ལྟར་སྦྱར། ཅུང་ཟད་བསྡུ་ན། མགོན་པོའི་སྤྱི་བོར་རྩ་བའི་བླ་མ་སྐུ་མདོག་སེར་པོ་ནོར་བུ་དང་དྲིལ་བུ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་དར་དང་རིན་པོ་ཆེས་བརྒྱན་པ། བླ་མའི་སྐུ་ལས་འོད་འཕྲོས། མགོན་པོ་ལ་ཕོག་འོད་དང་བདེ་བའི་རང་བཞིན་དུ་ལྟེམ་ལྟེམ་གྱུར། འུར་འུར་སིལ་སིལ་གར་མཛད། མགོན་པོ་ལས་འོད་འཕྲོས་བླ་མ་ལ་ཕོག །འོད་དང་བདེ་བའི་རང་བཞིན་དུ་ལྟེམ་ལྟེམ་གྱུར། འུར་འུར་སིལ་སིལ་གར་མཛད། མགོན་པོ་ཉིད་བླ་མ། བླ་མ་ཉིད་མགོན་པོ། བླ་མ་དང་མགོན་པོ་དབྱེར་མེད་དུ་གྱུར། བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །གསུམ་མམ་བདུན་ཙམ། སྤྲོ་ན་བར་འདིར་བརྒྱུད་པའི་བླ་མའི་གསོལ་འདེབས་བྱ། དེ་ནས། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་གཱི་རི་ི། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛ་ག་ཛོ་གི་ནི། སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཤཱ་རཱ་ཱཾ། གཙྪ་མཱི། བླ་མ་མགོན་པོ་


PS004_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཅེས་གསུམ་སོགས་བརྗོད། ཡང་། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་ཤེལ་གྱི་རྡོ་རྗེ། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་བླ་མའི་གནས་གསུམ་དུ་ཐིམ། བླ་མའི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱུང་། མགོན་པོའི་གནས་གསུམ་དུ་ཐིམ། སྐུ་གསུང་ཐུགས་ཀྱི་ཉམས་ཆག་ཐམས་ཅད་དག་པར་གྱུར། ཡིག་བརྒྱ་ཉེར་གཅིག་སོགས་བཟླས་ལ། ལོངས་སྐབས་ཡོད་ན། རྡོ་རྗེ་འཆང་ཆེན་དཔལ་ལྡན་ཤ་བ་རི། སོགས་རྒྱས་པར་བྱ། བསྡུ་ན། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་


PS004_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམ་ཚིག༴ ཡན་ལག་དམ་ཚིག༴ ཚོར་ཏེ་དམ་ཚིག༴ མཆོར་དམ་ཚིག༴ ཉམས་ཆག་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དུས་འདིར་སྩལ་དུ་གསོལ། །སྐོང་བ་སྤྲོ་ན་སྐབས་འདིར་བྱ་སྟེ། སྐོང་རྫས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་ཧཱུྃ་ལས་ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་སྐོང་རྫས་མཆོད་པའི་ཡོ་བྱེད་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་རྒྱུན་འཁོར་བ་ཇི་སྲིད་ཀྱི་བར་དུ་འབྱུང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་སྤེལ་བ། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཡ། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །ལྷ་ཆེན་མགོན་པོ་ཐུགས་རྗེའི་གཏེར། །


PS004_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཆེན་པོ་ནོར་གྱི་བདག །ཡིད་བཞིན་མགོན་པོ་ཌཱ་ཀིའི་གཙོ། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །ནོར་ལྷ་གནོད་སྦྱིན་འཁོར་དང་བཅས། །དགྱེས་མཆོད་ཐུགས་དམ་བསྐང་བ་ནི། །ཆུ་ཤེལ་ཕོ་བྲང་འོད་དཀར་འཕྲོ། །མུ་ཏིག་དྲྭ་བ་ནོར་བུས་སྤྲས། །རབ་མཛེས་པདྨའི་ཆུན་འཕྱང་གཡོ། །རིན་ཆེན་ཕྲེང་བས་བར་སྣང་ཁེངས། །གདུགས་མཆོག་དར་གྱི་ཤམ་བུ་གཡོ། །རྒྱལ་མཚན་ནོར་བུའི་ཏོག་འོད་མཛེས། །བ་དན་ཤེལ་གྱི་ཡུ་བས་བཏེག །འཕན་བཟང་གསེར་གྱི་ཟར་ཚགས་སྦྲེང་། །བཻ་ཌཱུརྻ་དང་དབང་སྔོན་སོགས། །རིན་ཆེན་སྣ་བདུན་གྲམ་བུར་བརྡལ། །དཔག་བསམ་ལྗོན་ཤིང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་གཏེར་གྱི་བུམ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས། །ལྷ་མིའི་དཔལ་འབྱོར་ཐམས་ཅད་ཀྱིས། །མགོན་པོ་ཡིད་བཞིན་ནོར་བུ་ནི། །མཁའ་འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །མཆོད་ཡོན་ཞབས་བསིལ་མེ་ཏོག་


PS004_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས། །སྣང་གསལ་དྲི་ཆབ་བཟའ་བཏུང་བཅུད། །སྙན་འཇེབས་དབྱངས་དང་རོལ་མོའི་སྒྲ། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོག །བརྟན་གཡོའི་ཕུན་ཚོགས་ཐམས་ཅད་ཀྱིས། །མགོན་པོ་ཡིད་བཞིན་ནོར་བུ་ནི། །མཁའ་འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །གནམ་ལྕགས་འབར་བའི་གྲི་གུག་དང་། །འདོད་རྒུའི་ཆར་འབེབས་ཡིད་བཞིན་ནོར། །སྣང་སྲིད་དབང་སྡུད་ཅང་ཏེའུ། །སྨན་ཐོད་ནོར་གྱི་བུམ་པས་གཏམས། །རྩེ་གསུམ་བ་དན་ཕྱོགས་བཅུར་གཡོ། །དབང་གི་ལྕགས་ཀྱུས་ཁམས་གསུམ་འགུགས། །ནོར་བུའི་རྒྱན་དང་ཟ་འོག་གོས། །གསེར་གྱི་གཡེར་ཁ་དངུལ་གྱི་དྲིལ། །སྟག་ཤམ་ལི་ཁྲིའི་ཐིག་ལེ་དང་། །དུར་ཁྲོད་རྒྱན་བཀོད་ལ་སོགས་པས། །མགོན་པོ་ཡིད་བཞིན་ནོར་བུ་ནི། །མཁའ་འགྲོའི་ཚོགས་བཅས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱི་རྒྱ་མཚོ་བསྐྱིལ། །ཚོགས་གཏོར་སྤྱན་གཟིགས་རི་ལྟར་སྤུངས། །ཡིད་འཕྲོག་རིག་མས་དགའ་བཞི་


PS004_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །ཆོས་ཀྱི་དབྱིངས་དང་མཉམ་པར་སྤེལ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དམིགས་མེད་ངང་དུ་འབུལ་ལགས་ན། །བླ་མ་མགོན་པོ་དབྱེར་མེད་ཀྱི། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །མྱུར་མཛད་མགོན་པོའི་ཐུགས་དམ་བསྐང་། །ཡིད་བཞིན་ནོར་བུའི་ཐུགས༴ དབང་གི་རྒྱལ་པོའི་ཐུགས༴ ཐུགས་རྗེའི་གཏེར་གྱི༴ དཔའ་བོ་མཁའ་འགྲོའི༴ གནོད་སྦྱིན་ནོར་ལྷའི༴ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །འདི་ཕྱི་བར་དོའི་འཇིགས་ལས་སྐྱོབས། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས། །ཟས་ནོར་ལོངས་སྤྱོད་རྒྱས་པར་མཛོད། །སྒྲུབ་ལ་མྱུར་དུ་བྱིན་གྱིས་རློབས། །དགྱེས་པའི་ཞལ་རས་དངོས་སུ་སྟོན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅི་བསམ་ཡིད་བཞིན་འགྲུབ་བར་མཛོད། །ཅེས་བསྐང་ཞིང་ཡིག་བརྒྱ་


PS004_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ་ཉམས་ཆགས་བགགས་པར་བྱའོ། །དེ་ནས། མགོན་པོའི་སྤྱི་བོར་བླ་མ་དམར་པོ་ཌཱ་མ་རུ་དང་ཐོད་པ་འཛིན་པ་ལྟ་བས་མི་ངོམས་ཤིང་། བཟོད་པར་དཀའ་བའི་གཟི་བརྗིད་ཅན། གཟིགས་པ་ཙམ་གྱིས་ཅི་འདོད་དབང་དུ་སྡུད་པ། དཔྲལ་བའི་སིནྡྷུ་རའི་ཐིག་ལེའི་ནང་དུ། ཧྲཱིཿདམར་པོ་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ཌཱ་མ་རུ་དང་ཐོད་ཁྲག་འཛིན་པ་བཅུ་གསུམ་དུ་གྱུར། བླ་མའི་སྐུ་ལས་བྱུང་བའི་འོད་ཟེར་དམར་པོ་མཁའ་འགྲོ་མ་ལ་ཕོག་པས་དེ་རྣམས་ཌཱ་མ་རུ་དང་གཡེར་ཁའི་སྒྲ་ཁྲོལ་ཁྲོལ། ཞབས་གཉིས་གར་སྟབས་ལིང་ལིང་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། མགོན་པོ་དང་མཁའ་འགྲོ་མའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས། དགོས་འདོད་ཆར་ལྟར་བབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས། བཟླས་པ་ནི། ཐུགས་ཀའི་ཆོས་


PS004_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཐིག་ལེའི་མཐའ་སྐོར་དུ་སྔགས་ཕྲེང་གཡས་སུ་བསྐོར་བ་ལ་དམིགས་པ་གཏད། སྤྲོ་བསྡུའི་དམིགས་པ་བྱེད་ནའང་སྐབས་བསྟུན་སྦྱར་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་བཏགས་པ་ལན་བདུན་གྱིས་འབུལ་ཞིང་། ཤཱ་ས་ན་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ། གོང་ལྟར་སྔགས་ཀྱིས་མཆོད། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ་ལ། སྒྲུབ་ཐབས་སུ་སྨོས་པའི་བསྟོད་པ་ཁྱུར་པོས་མཛད་པའམ། ཡང་ན། ཧཱུྃ། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་པ། །འདོད་དགུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད། །ལྷུན་སྟུག་ཀོ་ལཱ་ཤ་ཡི་རི་བོ་ལྟར། །འོད་ཟེར་བྱེ་བས་འཁྱུད་པའི་དཔལ་ཕྲེང་ཅན། །དབང་སྡུད་མཁའ་འགྲོ་སྟོང་གི་བདག་པོ་ནི། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འཛུམ་བག་བརྗིད་པའི་ཞལ་རས་ཡིད་ཙམ་ཁྲོ། །འདོད་རྒུའི་ཆར་འབེབས་དབང་གི་རྒྱལ་པོ་


PS004_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད། །ཆོས་ཉིད་ཐིག་ལེའི་སྒོ་ངར་གདོད་མའི་སེམས། །མངོན་གྱུར་ཡེ་ཤེས་སྐུ་ཅན་ཁྱོད་ལ་བསྟོད། །དངུལ་ཆུའི་མདངས་གསལ་ཧཱུྃ་ཡིག་ལས་འཁྲུངས་པ། །སྐྱེ་འགྲོའི་རེ་སྐོང་དབུལ་བའི་སྡུག་བསྔལ་སེལ། །དབུ་སྐྲ་གྱེན་བརྗེས་སྤྱི་བོར་མི་འཁྲུགས་རྒྱལ། །རྒྱས་གདབ་དབང་བསྐུར་ཆེ་བརྙེས་ཁྱོད་ལ་བསྟོད། ཁ་བའི་རི་ལ་འཆར་ཀ་གསར་པ་ལྟར། ཁྱོད་ཞལ་སྨིན་མཚམས་སིནྡྷུའི་ཐིག་ལེ་མཛེས། །རིན་ཆེན་གདུ་བུ་འཁྲོལ་བའི་ཕྱག་དྲུག་པོ། །བླ་མེད་ཕ་རོལ་ཕྱིན་དྲུག་རྫོགས་ལ་བསྟོད། །གྲི་གུག་ཡིད་བཞིན་ནོར་བུ་ཌཱ་མ་རུ། །ནོར་བུས་གཏམས་པའི་ཐོད་པ་བུམ་པར་བཅས། །རྩེ་གསུམ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་བསྣམས། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །ལྷབ་ལྷུབ་དར་དང་སྟག་ལྤགས་ན་བཟའ་ཅན། །འོད་འབར་རིན་ཆེན་རྒྱན་གྱི་སིལ་ཁྲོལ་དང་། །ནོར་བུའི་ཆུན་


PS004_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱངས་དུ་མས་རབ་ཏུ་མཛེས། །གཟི་བྱིན་ལྷང་ངེར་འབར་བ་ཁྱོད་ལ་བསྟོད། །འདོད་པའི་ལོངས་སྤྱོད་ཆར་ཆེན་འབེབས་བྱེད་པ། །བི་ནཱ་ཡ་ཀའི་སྟེང་ན་རོལ་པས་བཞུགས། །རབ་སྔོ་ཙན་དན་ལྗོན་པའི་ཚལ་ན་དགྱེས། །གནས་གསུམ་མཁའ་འགྲོའི་བདག་པོ་ཁྱོད་ལ་བསྟོད། །ཐུགས་ཀར་དབང་གི་ལྷ་མོ་ལང་ཚོ་མ། །འཆར་ཀའི་འོད་རིས་གསར་པ་གློག་ཕྲེང་ལྟར། །མཛེས་ཤིང་གཡོ་བའི་དངོས་གྲུབ་ལྕགས་ཀྱུ་འཛིན། །སྲིད་གསུམ་དབང་དུ་སྡུད་མཛད་ཁྱོད་ལ་བསྟོད། །གུས་པས་བསྟོད་ཅིང་གསོལ་བ་འདེབས་པ་དང་། །སྙིང་ནས་ལྷ་མཆོག་ཁྱོད་ལ་གདུང་བ་ཡིས། །མཆོད་བསྟོད་འབུལ་གྱིས་བདག་ལ་མཆོག་སྩལ་ནས། །དཔལ་དང་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཐུགས་རྗེའི་སྤྲིན་ལས་དགེ་ལེགས་ཆར་ཕབ་སྟེ། །འདོད་རྒུའི་རྦ་རླབས་ཕྲེང་བ་ཆིལ་ཆིལ་གཡོ། །ཟས་ནོར་ལོངས་སྤྱོད་དགེ་ལེགས་ཡང་འཕེལ་གྱི། །དཔལ་འབྱོར་རྒྱ་མཚོ་གོང་ནས་


PS004_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འཕེལ་ཤོག །ཅེས་བསྟོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི་མགོན་པོ་ཡིད་བཞིན་གྱི་ནོར་བུ། རིགས་བཞིའི་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཕྲིན་ལས་ཞུ་ཞིང་གསོལ་བ་ནི། བླ་མ་དམ་པའི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་ཡང་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་དཔལ་འབྱོར་གཟི་བརྗིད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ཞི་ཞིང་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་དང་གཞན་ཡང་གསོལ་བ་དྲག་ཏུ་བཏབ། ཐུན་གཏོར་སྤྱི་བསྟབ་ནི། ལྷ་ཆེན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །ཡིད་བཞིན་


PS004_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ཌཱ་ཀིའི་འཁོར་གྱིས་བསྐོར། །བསྟན་སྲུང་རྒྱ་མཚོ་ནོར་ལྷ་གནོད་སྦྱིན་བཅས། །དཀར་ཕྱོགས་དགའ་བའི་གཞི་བདག་འཁོར་བཅས་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །བཅུད་ལྡན་ཟས་ཀྱི་མཆོད་པ་འདི་བཞེས་ཤིག །རིན་ཆེན་རྣམ་ལྔའི་གསེར་སྐྱེམས་འདི་བཞེས་ཤིག །བཏུང་བ་སྣ་ཚོགས་ཕུད་གཏོར་འདི༴ འབྲུ་དང་སྨན་གྱི་མཆོད་པ་འདི་བཞེས་ཤིག །ནད་གདོན་བར་ཆད་མ་ལུས་ཞི་བ་དང་། །བསམ་དོན་མ་ལུས་མྱུར་དུ་འགྲུབ་གྱུར་ནས། །ལོངས་སྤྱོད་འདོད་རྒུའི་དཔལ་ལ་སྤྱོད་པར་ཤོག །གཏོར་མ་ནང་དུ་རྟེན་གཏོར་དྲུང་སོགས་སུ་འབུལ་བ་ལས་ཕྱི་རོལ་དུ་མི་འབུལ་ལོ། །དེ་ནས་ཡིག་བརྒྱ་བཟླས་ལ། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་


PS004_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་གསོལ་འདེབས་གང་འགྲུབ་བྱ། མདུན་བསྐྱེད། འདིར་ནི་གཟུགས་དང་སོགས་ཀྱིས་རྟན་ལ་བཞུགས་གསོལ་བྱ་ཞིང་སྨོན་ལམ་གང་འོས་དང་། བཀྲ་ཤིས་བཀའ་རྒྱ་མ་བརྗོད་དོ། །བཞི་བ་གལ་པོ་ཆེའི་ལས་སྦྱོར་བཤད་པ་ལ་གཉིས། གཟི་ལྡན་གྱི་གཏོར་སྒྲུབ་དང་གཏེར་བུམ་གྱི་ཆོ་གའོ། །དང་པོ་ནི། རྩ་བའི་མགོན་མཐིང་དང་། གོང་དུ་བཤད་པའི་བསྙེན་སྒྲུབ་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པས་ལས་སྦྱོར་གྱི་གཙོ་བོར་འདི་ཡིན་ཏེ། གོང་དུ་སྨོས་པ་ལྟ་བུའི་དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཆེ་ཆོད་ཁ་ཡངས་ཤིང་མཆུ་དང་ལྡན་པ། ཆག་གས་ལྷན་པ་མེད་པ་གཙང་ཞིང་དག་པའི་ནང་དུ། ནས་སམ་འབྲས་དཀར་སད་སེར་གྱིས་མ་གོས་ཤིང་རྡུལ་མེད་པ། རིན་པོ་ཆེ་དང་དར་གོས་ཨ་རུ་གསེར་མདོག་སོགས་སྨན་བཟང་པོའི་རིགས། དཀར་གསུམ་མངར་གསུམ་ཇ་མར་ཤིང་ཏོག་སོགས་ཟས་སྣ། དེ་རྣམས་བྱུག་པོའི་བང་མཛོད་ནས་བྱུང་བ་ལྟ་བུ་བྱུང་ན་ཤིན་ཏུ་ལེགས་པས་ཇི་ལྟར་ཚོགས་པས་བཀང་། ལྟོ་བའི་མཚམས་མགྲིན་པའི་ནང་ཙམ་དུ་མགོན་པོ་གཟི་ལྡན་གྱི་སྐུ་མངོན་རྟོགས་ལྟར་བྲིས་འབུར་གང་རུང་རབ་གནས་དམིགས་བསལ་བྱས་པའི་ཞལ་མཆུ་ལ་བསྟན་ནས་


PS004_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ་ཞིང་ཁ་བུམ་རྫས་རྣམས་ཀྱིས་ཕྱུར་བུར་བཀང་། དར་དཀར་གྱིས་བཀབ་ལ་བུམ་པའི་མདུན་རང་ལ་བསྟན་ཏེ་བཞག །དེའི་མདུན་དུ་གཏོར་སྣོད་ཟངས་ཀྱི་ཀ་ཊོར་ལྟ་བུ་གས་ཆག་བུག་རྡོལ་མེད་པ་ཆེ་ཞིང་ཡངས་པ་ལ། དྲི་བཟང་དང་གི་ཝཾ་བསྲེས་པས་པདྨ་འདབ་བརྒྱད་བྲིས་པ་ལ། གཏོར་ཆེན་ནས་དཀར་རྗེན་འཐག་གི་ཕྱེ་ལ་སྨན་དང་རིན་ཆེན་དཀར་མངར་བསྲེས་ནས་ཆང་བུད་མ་ཉམས་པ་དང་མར་ཁུས་སྦུས་པའི་དཔལ་བཤོས་ཟུར་གསུམ་ནོར་བུའི་དབྱིབས་ཅན་ལྡིར་བ་ཁྲུ་གང་ལས་མི་ཆུང་བ་ལ། མཐེབ་ཀྱུ་བཅད་ཁ་ནང་དུ་བསྟན་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་གཏོར་སྣོད་ལས་ཕྱིར་མ་ཐལ་བའི་རྩེར་མར་ཚོན་གྱིས་ནོར་བུ་འབར་བ་དང་། མདུན་ལོགས་སུ་ཧཱུྃ་དཀར་པོ་ཆེན་པོས་བརྒྱན་པ་ལ། མདའ་རྒོད་སྒྲོ་མ་མིས་མ་རེག་པ་ལ་དར་དཀར་དམར་མཐིང་གསུམ་དང་མེ་ལོང་སྐུ་རྟེན་གྱིས་བརྒྱན་པ་བཙུག་སྟེ། རྫས་སྣ་ཚོགས་ཀྱིས་སྣོད་ཁེངས་པར་བསྐོར། གཡས་སུ་མཁའ་འགྲོའི་གཏོར་མ། གཡོན་དུ་གཞི་བདག་གི་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་ལྔ་དང་ནང་མཆོད་སོགས་བཤམས། དབང་སྡུད་ཀྱི་འཁོར་ལོ་སྒྲུབ་ན་གཞུང་བཞིན་བྲིས་ལ་རབ་གནས་བྱས། སྐུད་པ་དམར་པོས་དཀྲིས་ལ་བུམ་པའི་མགུལ་པའམ། འཛིན་གཏོར་གྱི་མདའ་དང་ལ་བཏགས། སྒྲུབ་རྫས་རྣམས་


PS004_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནས་དམ་ཉམས་དང་གྲིབ་ཅན་གྱིས་མ་འབགས་པ་དང་། གཞན་གྱི་གཏོར་ཕྱེ་དང་ཆང་ཕུད་མ་འདྲེས་ཤིང་མ་ཉམས་པ་སོགས་མགོན་མཐིང་གི་གཏོར་སྒྲུབ་དང་གནད་ཐམས་ཅད་མཚུངས་ལ། བུམ་རྫས་བུམ་པར་བཅུག་པའི་སྔ་རོལ་དུ་ཁུས་དང་གུ་གུལ་ཕྱིས་བདུག་པས་མཚོན་ཐམས་ཅད་དུ་གཙང་སྦྲ་དང་མི་གཙང་བའི་ངག་ཟོན་གལ་ཆེ། བྲིས་སྐུ་མཚན་ལྡན་ཡོད་ན་དཀྱིལ་འཁོར་གྱི་རྒྱབ་ཕྱོགས་སུ་བཤམས་ལ་དེ་དང་བུམ་པ་གཏོར་ཆེན་བཅས་གཟུངས་ཐག་གིས་སྦྲེལ་ལ་སྣེ་མོ་རང་གི་ལག་ཏུ་སླེབ་པར་བྱའོ། །སྒྲུབ་པའི་དུས་ནི་ཡར་ངོའི་ཚེས་བརྒྱད་ནས་གནམ་སྟོང་གི་བར་ལ་བྱ་བར་གསུངས་ཤིང་སྐར་མ་རྒྱལ་འཛོམ་པ་ཞིག་ལ་གཏད་དགོས་སོ། །དེ་ནས་བསྙེན་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་ནང་མཆོད་དང་། གནས་ཡོ་བྱིན་རླབས་ནས་བརྩམས། བདག་བསྐྱེད་བཟླས་པའི་བར་དུ་གྲུབ་པར་བྱས་ལ་ཚར་དང་པོའི་སྐབས་གཏོར་ཆེན་སྐོང་གསོའི་ཕྲིན་ལས་ལྟར་བྱིན་རླབས་བྱ། རྗེས་མ་རྣམས་ལ་མི་དགོས། མདུན་རྟེན་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་བྷྲཱུྃ་ལས་བྱུང་བའི་བུམ་པ་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་


PS004_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་དབུས་དང་། གཏོར་ཆེན་མི་དམིགས་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། འོད་ཟེར་ཚུར་འདུས་ཧྲིཿ ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་མགོན་པོ་གཟི་ལྡན་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་བརྗིད་པ། ཞལ་གཅིག་ཁྲོ་འཛུམ་གྱི་རྣམ་པ་ཅན་རབ་ཏུ་བཞད་པ་སྤྱན་གསུམ་དང་ལྡན་ཞིང་། སྨ་ར་སྨིན་མ། དབུ་སྐྲ་ཁམ་སེར་བརྫེས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། ཕྱག་དྲུག་གི་དང་པོ་ན་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་བསྣམས་པ། བར་པས་ནེའུ་ལེ། ཐ་མས་བུམ་པ་བཅུད་ཀྱིས་བཀང་བ་བསྣམས་པ། གཡོན་དང་པོས་གཅོད་པའི་འཁོར་ལོ་བསྐོར་བ། གཉིས་པ་ན་ནེའུ་ལེ། གསུམ་པ་མཐེ་བོང་དང་སྲིན་ལག་སྤྲད་པར་འགུགས་པའི་ཕྱག་རྒྱ་མཛད་པ། ཞབས་འགྲོ་འཆམས་ཀྱི་སྟབས་


PS004_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་དང་། སྟག་ལྤགས་དང་སིལ་ཁྲོལ་དང་ཆུན་འཕྱང་སྣ་ཚོགས་པས་མཛེས་པ། འཁོར་དབང་སྡུད་ཀྱི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ཏེ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་ནས། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་གཟི་ལྡན་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ནས་སྤྱན་འདྲེན་སོགས་བསྙེན་པའི་སྐབས་ལྟར་ལ། དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་ལྷ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་


PS004_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བདག་དང་སེམས་ཅན་སོགས་ཕྱག་དང་། ཕྱི་ནང་མཆོད་པ་རྣམས་ཀྱང་དེ་ལྟར་ལ། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། དེ་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སོགས་ཤློ་ཀ་གསུམ་གྱིས་ཐུན་མོང་མིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་བླང་། མྱུར་མཛད་སྤྱན་རས་གསིགས་དབང་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་སོགས་ཀྱིས་ཡན་ལག་བདུན་པ་ཕུལ། གཟུངས་ཐག་བླངས་ལ། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གྷ་ཡིག་གདན་ཐབས་སུ་གནས་པའི་སྟེང་དུ་ཧྲཱིཿཡིག་དཀར་པོ་ལ་སྔགས་ཕྲེང་གཡས་སུ་བསྐོར་བ། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་ཐུགས་ཀའི་ས་བོན་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་


PS004_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་དང་བཅས་པ་རྣམས་དང་ཁྱད་པར་ཡེ་ཤེས་མགོན་པོའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་མགོན་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་ཐིམ་པས་བྱིན་རླབས་དང་གཟི་བརྗིད་རབ་ཏུ་འབར་བའི་འོད་ཟེར་བུམ་པའི་རྫས་ལ་ཕོག་པས། འདོད་རྒུ་འབྱུང་བའི་རིན་པོ་ཆེ་དང་འཆི་མེད་བདུད་རྩིའི་རྒྱ་མཚོར་གྱུར། ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཁམས་རབ་འབྱམས་རྒྱ་མཚོ་ནས་དགོས་འདོད་དཔལ་འབྱོར་ཕུན་ཚོགས་མ་ལུས་པ་ཐམས་ཅད་བསྡུས་ཏེ་ནོར་བུའི་ཆར་ཆེན་པོ་བབས་པས་གནས་ཁང་བང་མཛོད་བུམ་པའི་ནང་ཐམས་ཅད་ཁེངས་པར་བསམ་ལ། ཨོཾ་མ་ཧཱ་ཀཱ་ལ་གྷ་ཎ་པ་ཏ་ཡེ་སྭཱ་ཧཱ། ཞེས་པའི་སྙིང་པོ་སྨྲ་བ་བཅད་ལ་བསྒྲང་། ཉིན་རེར་ཐུན་གསུམ་གསུམ་བཅད་ལ། ཐུན་རེ་རེའི་མཇུག་ཏུ་གཏོར་འབུལ་ལན་བདུན་རེ་བྱས་པས་ཉེར་གཅིག་ཏུ་འགྱུར་རོ། །དེའང་བཟླས་པའི་ཐུན་མཐར་གཏོར་མ་ཟླུམ་པོའམ་མཐེབ་ཀྱུ་གང་རུང་བདུན་རེ་སྣོད་སོ་སོར་བཤམས། འབྲུ་སྣ་སོགས་


PS004_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ནའང་བཏབ། ཆུ་དང་ནང་མཆོད་ཀྱིས་བྲན་ལ་བསྙེན་པའི་ཕྲིན་ལས་གཏོར་འབུལ་སྐབས་སུ་སྨོས་པ་ལྟར་བྱིན་རླབས་བྱ། གཏོར་ཆེན་མགོན་པོ་དངོས་སུ་གསལ། གཏོར་ཆུད་རེ་རེ་བཞིན་རང་ངམ་མཆོད་གཡོག་པའི་ལག་པ་གཡས་པས་བཏེག་ལ། མགོན་པོའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་ཤིང་གཟི་བརྗིད་དང་ལྡན་པར་བསྒོམས་ལམ་ཡེངས་པར། རྩ་སྔགས་སིདྡྷི་མ་དང་བཟླས་སྔགས་གཉིས་ཀའི་ཤམ་དུ། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་བདུན་མ་རྫོགས་པ་རེ་རེ་བཞིན་འབུལ་བས་གཏོར་ཆུང་རྣམས་གཏོར་ཆེན་ནང་དུ་འབུལ། ཤཱ་ས་ནའི་སྔགས་ཀྱིས་དམ་ཅན་སྤྱི་ལ་འབུལ་ཞིང་། མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་དང་། བཟླས་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། བསྟོད་པ་ཤོ་ལོ་ཀ་གཅིག་པུ་རེའམ། སྤྲོ་ན། བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས། །ཐུགས་རྗེ་ཁྲོས་པའི་སྐུར་བཞེངས་པ། །འགྲོ་བ་ཉམ་ཐག་རྣམས་ཀྱི་མགོན། །འདོད་རྒུའི་ཆར་འབེབས་ཁྱོད་ལ་བསྟོད། །གངས་རིའི་མདོག་ཅན་བརྗིད་ཅིང་སྒེག །ཁྲོ་འཛུམ་ཞལ་གྱིས་སྒྲུབ་ལ་


PS004_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །ཕྱིན་དྲུག་ཕྱག་གིས་གདུལ་བྱ་འདུལ། །ཇོ་བོ་གཟི་ལྡན་སྐུ་ལ་བསྟོད། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །གསོལ་བཏབ་ཙམ་གྱིས་རེ་བ་སྐོང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །བུམ་པ་བཟང་པོ་མཚུངས་ལ་བསྟོད། །སྔོན་གྱི་ཐུགས་དམ་དགྱེས་དགོངས་ཏེ། །མཆོད་བསྟོད་གསོལ་བ་འདེབས་པ་ལ། །དངོས་གྲུབ་ནམ་མཁའ་མཛོད་ཀྱི་སྒོ། །ཐོགས་མེད་མྱུར་དུ་བྱ་བར་མཛོད། །ཅེས་བསྟོད། ཐལ་མོ་སྦྱར་ཏེ་མོས་པ་རྩེ་གཅིག་པས། །བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་གཟི་ལྡན་ཐུགས་རྗེ་ཅན་སོགས་ཚིག་ལྷུག་པའི་གསོལ་གདབ་གོང་དུ་སྨོས་པ་དང་། ཇོ་བོ་གཟི་ལྡན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །སྦྱིན་པ་ཡོངས་སུ་རྫོགས་བྱའི་ཕྱིར། །འབྱོར་པ་ཆེན་པོའི་དངོས་གྲུབ་སྩོལ། །ཞེས་པས་གསོལ་བ་ལན་བདུན་བཏབ། །ཡིག་བརྒྱ་བརྗོད་པ་སོགས་ཀྱིས་ནོངས་པ་བཟོད་གསོལ་བྱ། ཐུན་ཕྱི་མ་རྣམས་ལ། གཏོར་


PS004_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སོགས་འབྲུ་བྲན་གྱིས་གསོ། གཏོར་ཆུང་ངམ་མཐེབ་ཀྱུ་གསར་དུ་བཤམས། མཆོད་པ་ཁ་གསོ་དང་བྱིན་རླབས་བྱ། བདག་བསྐྱེད་བསྙེན་བཟླས་སོགས་གྲུབ་ན་ལེགས། མ་གྲུབ་ན་གསོལ་འདེབས་ཙམ་བྱ། མདུན་བསྐྱེད་མན་ཆད་བསྐྱར། དགོངས་མོར་ཚོགས་མཆོད་སྤྱི་འགྲོ་གྲུབ་ན་ལེགས་ཤིང་། ནོངས་བཤགས་ཡན་གྲུབ་པ་དང་། མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟར་རྟགས་ཐོན་ནས་ཞག་ཐངས་བདུན་ནམ་ཉེར་གཅིག་སོགས་གྲུབ་པའི་ནམ་ལངས་ལྟ་བུར་ཐུན་ཐ་མར་བྱས་ནས། བཟླས་པ་གྲུབ་པ་དང་། གཏོར་ཆེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པར་མོས་ལ། ཁ་གསོ་བྱིན་རླབས་རྒྱས་པར་བྱ། ནམ་མཁར་བཞུགས་པ་དང་བུམ་པར་བསྐྱེད་པའི་མགོན་པོ་གཉིས་ཀར་དམིགས་ཏེ་འབུལ་ལ་མཆོད་བསྟོད་དང་སྤྲོ་ན་སྤྱི་བསྟབ་ཀྱང་བྱས་ལ་འཁོར་རྣམས་ཀྱི་གཏོར་མའི་རྩེ་ནས་ཅུང་ཟད་རེ་ནམ་མཁར་མཆོད། གསོལ་གདབ་ནོངས་བཤགས་མཐར་ནམ་མཁའི་མགོན་པོ་བུམ་སྐུ་འཁོར་ལོ་སྐུ་རྟེན་རྣམས་ལ་བསྟིམས་ནས་བརྟན་བཞུགས་དང་། བསྔོ་སྨོན་ཤིས་བརྗོད་བྱས། སྒྲུབ་པའི་ཚེ་མཚམས་


PS004_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དུ་བཅད་གཞན་ལ་གསང་། ངག་བཅད། སྒྲུབ་རྫས་ཕྱིར་མི་འདོན། སྟན་མི་སྦྲུགས། ཕྱག་དར་མི་བྱ། མི་གཙང་བ་དང་དམ་ཉམས་ཀྱི་རྫས་ནང་དུ་མི་ཁྱེར་བ་སོགས་སྤྱོད་ལམ་གཟབ། སྒྲུབ་པ་ཚར་ནས་འཁོར་ལོ་ལུས་ལ་བཅངས་པས་གང་འདོད་རྣམས་དབང་དུ་འགྱུར་བར་གསུངས། བུམ་པའི་རྫས་རྣམས་ཐོད་པ་མཚན་ལྡན་དུ་བླུགས། དེ་ནང་སྐུ་བརྙན་གྱི་ཞལ་དཔྲལ་བར་བསྟན་ལ་བཅུག །གཏེར་སྒྲོམ་སོགས་སུ་གཞན་གྱིས་མི་མཐོང་བར་བཞུགས་པའི་མདུན་དུ་འཛིན་གཏོར་བཅས་ནུབ་རེ་བཞིན་འབུལ། བུམ་རྫས་ལྷག་མ་འབྲུ་སོགས་དང་སྒྲུབ་པའི་གཏོར་མ་གཞན་ལ་མི་སྦྱིན་པར་རང་ཁོ་ནས་དངོས་གྲུབ་ཏུ་བླང་། སྒོ་ནོར་དང་ནང་མི་རྩིས་ཆེན་ལ་སྦྱིན་རུར་བར་བཤད། སྒྲུབ་པ་བྱེད་པའི་དུས་སུ་ནོར་ཟས་འབུལ་བ་བྱུང་ན་བཟང་། རྟགས་ནི་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་བ་དང་། མེ་ཏོག་གི་ཚལ་མཐོང་བ་དང་ཐུ་བ། གཞན་གྱིས་ཟས་ནོར་གོས་གསར་སྦྱིན་པ། ཆུའི་ལོངས་སྤྱོད་བྱེད་པ། གོ་ཆ་དམག་མི་རྨི་བ་སོགས་བཟང་། གཞན་བཟང་ངན་གྱི་རྟགས་སྤྱི་དང་འདྲ། མ་འགྲུབ་ན་ལན་གསུམ་བསྐྱར་ན་ངེས་པར་འགྲུབ་པར་བཤད། གྲུབ་རྟགས་


PS004_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་མི་བཤད། ཟས་ནོར་ཅི་བྱུང་ཡང་དཀོན་མཆོག་མཆོད་པ་དང་དབུལ་པོ་རས་ལ་སྦྱིན། རང་ལ་ཆགས་ཞེན་གཏན་ནས་མེད་པར་བྱ། འདིའི་ཡིག་ཆ་ཡོད་པ་ཙམ་གྱིས་བང་མཛོད་འཕེལ། ལོ་གྱུགས་ལེགས། བསམ་པ་འགྲུབ་པར་གསུངས་སོ། །གཏོར་སྒྲུབ་འདི་ཉིད་མགོན་པོ་ཡིད་བཞིན་ནོར་བུ་ལ་སྦྱར་ཡང་ཆོག་ཅིང་། དེའི་ཚེ་ནི་བུམ་པའི་བཅས་མི་བྱ་བར་གཏོར་མ་ཁོ་ན་ལ་བརྟེན་ཅིང་། མདུན་བསྐྱེད་ཡིད་བཞིན་ནོར་བུའི་སྒྲུབ་བྲིན་གོང་གི་སྐོང་གསོའི་ཕྲིན་ལས་ལྟར་བཏང་ཞིང་རྩ་སྔགས་སིདྡྷི་མ་ལ་བྱ། གཉིས་ཀ་ལའང་ཐུན་དང་བསྙེན་རྒྱུན་བྱུང་ན་མཆོག་ཏུ་འགྱུར་རོ། ༈ །ཞར་བྱུང་དབང་སྡུད་ཀྱི་འཁོར་ལོ་བྲི་ཐབས་ནི། ཡར་ངོའི་ཚེས་བརྒྱད་དམ་བཅུ་བཞི་སྐར་མ་རྒྱལ་འཛོམས་པའི་སྔ་དྲོར་ཁ་ནུབ་ཏུ་བལྟས་ཏེ་འདི་ཉིད་ཀྱི་བདག་བསྐྱེད་བཟླས་པ་བཅས་བྱས་ཏེ་དེའི་ང་རྒྱལ་ལ་གནས་པས། དར་རས་གྲོ་ཤོག་གང་འཛོམ་དམར་པོའི་རོས་ལ། གུར་གུམ། གི་ཝཾ། སིནྡྷུ་ར། པདྨ་རཀྟ། རྒྱ་སྐྱེགས། ཙན་དན་དམར་པོ་རྣམས་མཚལ་ལ་བསྲེས་པའི་ཁུ་བས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཧྲཱིཿ


PS004_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་སྙིང་པོ་བཅུ་གསུམ་མའི་ཤམ་དུ། དམིགས་བསལ་ཡོད་ན་དང་། སྤྱིར་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་པ་བྲི། རྩིབས་བརྒྱད་ལ་སྔགས་དེ་ཉིད་ཞལ་ནང་དུ་བསྟན་པ་ཚར་རེ་དང་། དེ་རྒྱབ་མུ་ཁྱུད་ལ་ཨཱ་ལི་ཀ་ལི་གཡས་བསྐོར་དུ་བྲིས་པ་སྟེགས་བུའི་ཁར་བཞག་མདུན་དུ་མཆོད་གཏོར་བཤམས། མགོན་པོ་བསྐྱེད་བསྟིམས་མཆོད་བསྟོད་གཏོར་འབུལ་བྱ། ཐུགས་ཀའི་མཁའ་འགྲོ་མ་ཤངས་བུག་གཡོན་ནས་ཐོན་ཏེ་འཁོར་ལོ་དང་འདྲེས་པར་མོས་ལ་རྩ་སྔགས་བཅུ་གསུམ་མ་སྟོང་ངམ་བརྒྱ་རྩ་བརྒྱད་བཟླས་པའི་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དབང་གི་ལས་དམིགས་བསལ་ལ་བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་ལན་མང་དུ་ཙཀྲ་ལ་བསྟིམ། འཁོར་ལོ་བལྟེབས་ལ་གཞོན་ནུམ་མ་ཉམས་པས་བཀལ་པའི་སྐུད་པ་དམར་པོས་འཁོར་ལོ་མི་མཐོང་བར་དཀྲི། ལུས་ལ་བཅངས་ན་ཞག་རེ་བཞིན་སྤེལ་ཚིགས་དང་བཅས་པའི་བཟླས་པ་ཆག་མེད་དུ་བྱ་གསུངས་སོ།། ༈ །།གཉིས་པ་གཏེར་བུམ་སྒྲུབ་པའི་ཚུལ་ནི། འདིའི་བསྙེན་པ་སྔོན་དུ་སོང་ནས་བསྟན་དགོན་སོགས་ལ་ཕན་པའི་ཆེད་


PS004_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བུམ་གཏེར་འཛུག་ན། བུམ་པ་གཅིག་གམ་མང་པོའང་རུང་། ཡུལ་གྱི་བྲེ་ཚད་དོ་ཤོང་བ་ལས་མི་ཆུང་བ་ཆག་གས་མེད་པ་ལ་རྩི་དཀར་པོས་བྱུགས། བཀྲ་ཤིས་རྟགས་རྫས་ཀྱི་རི་མོ་བྲི། མདུན་རྟགས་དང་བཅས་པའི་ནང་དུ་ནས་དཀར་མོ་སད་སེར་འབུ་སྲིན་གྱིས་ཟོས་པའི་སྐྱོན་མེད་པ་དང་། བྲ་སྲན་ས་རྡོ་མ་འདྲེས་པའི་འབྲས་གྲོ་རྣམས་ཕྱུག་པོའི་བར་མཛོད་ནས་བྱུང་བའམ། མ་འབྱོར་ན་གཞན་ཡང་རུང་ཞིང་། གཞན་ཡང་བུམ་རྫས་རིན་ཆེན་སྣ་ཚོགས། ཨ་རུ་གསེར་མདོག་དང་བཟང་དྲུག་དང་བུམ་རྫས་ཉེར་ལྔ་སོགས་སྨན་སྣ་ཚོགས། གོས་དར་དང་རས་སྣ་ཚོགས་ཀྱི་རས་མ། རྒྱ་ངའི་རིགས། ཤ་མར། མངར་གསུམ། ཤིང་ཐོག་གི་རིགས། བཀྲ་ཤིས་པའི་ས་སྣ་ཆུ་སྣ། རྟ་ཕྱུགས་ཀྱི་སྤུ་ལ་སོགས་པ་འབྱོར་ཚད་ཀྱིས་ཁེངས་པར་བཀང་། དེའི་ནང་ལྟོ་བའི་སྟོད་ཙམ་དུ་མགོན་དཀར་གྱི་སྐུ་གཟུགས་རབ་གནས་ཅན་ཞལ་མདུན་དུ་བསྟན་པ་དང་རྩ་སྔགས་བཅུ་གསུམ་པའི་མཇུག་ཏུ། མགོན་པོ་ཡིད་བཞིན་ནོར་བུ་འཁོར་དང་བཅས་པ་རྟེན་འདི་ལ་གནས་པར་མཛད་དུ་གསོལ། གནས་འདིར་སྲིད་པ་


PS004_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྐྱེ་བོ་ཐམས་ཅད་གུས་པས་འདུ་ཞིང་འབྱོར་པ་ཐམས་ཅད་ཆུ་བོའི་རྒྱུན་བཞིན་དུ་འདུ་བར་མཛད་དུ་གསོལ། ཅེས་འདོད་གསོལ་ཤོག་བུ་ལ་གསེར་དངུལ་མཚལ་གང་འབྱོར་གྱིས་དབུ་ཅན་དུ་བྲིས་པར་ག་བུར། གུར་གུམ། ཙན་དན་དམར་པོ། རང་བྱུང་། གི་ཝཾ་སོགས་ཀྱིས་བྱུགས་པ་སྐུ་གཟུགས་ཀྱི་ཕྱོགས་བཞིར་ཞལ་ནང་བསྟན་དུ་གཞུག་པར་གསུངས་ཀྱང་མི་བདེན་དབུ་ནས་བསྒྲིལ་ལ། མགོ་མཇུག་མི་ལོག་པར་བྱས་ཏེ་སྐུ་གཟུགས་ཀྱི་ཕྱོགས་བཞིའམ་གང་བདེར་བཞུགས་སུ་གསོལ། སྔར་གྱི་འབྲུ་སྣ་ལ་སོགས་པས་མི་འཁྲུལ་བར་འཐས་པར་བརྫངས་ལ། ལུག་དང་མའི་སོག་པ་གཡས་པའི་བལ་རྩི་མེད་པར་ཁ་ནས་བཀབ། དེའི་སྟེང་དུ་མཐིང་ཤོག་ལ་གསེར་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པ་དང་ཁ་འགེགས་ཀྱིས་ཁ་བཀབ། ཚོན་སྣ་ལྔའི་སྐུད་པས་མགྲིན་པ་བཅིངས་པའི་ལྷག་མས་ཁ་འགེབས་ཀྱི་སྟེང་ནས་རྒྱ་གྲམ་དུ་གཏམ། དེ་དང་མཉམ་དུ་དབང་གི་འཁོར་ལོ་སྒྲུབ་ནའང་རུང་བས། སྒྲུབ་པའི་ཚེ་བུམ་པའི་མགུལ་བར་བཏགས་ལ་བཞག་གོ །དེ་ལྟ་བུའི་བུམ་པ་མང་པོ་ཡོད་ན་ལྷན་ཅིག་ཏུ་བསྒྲུབ་སྟེ། བུམ་པ་


PS004_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མེ་ཏོག་གིས་བཀྲམ་པའི་སྟེགས་ཀྱི་ཁར་བཞག་ལ་གཟུངས་ཐག་གིས་སྦྲེལ། དེའི་མདུན་དུ་སྣོད་ཡངས་ཤིང་གས་ཆག་མེད་པར་མགོན་པོའི་འབུལ་གཏོར་རྩོག་ཟླུམ་ཆེ་བ། མཐེབ་ཀྱུས་བསྐོར་བ་ལ་མར་རྒྱན་ཉི་ཟླ་ནོར་བུས་མཚན་པ། དེའི་གཡས་སུ་མཁའ་འགྲོ་སྤྱི་གཏོར། རྒྱབ་ཏུ་གནོད་སྦྱིན། གཡོན་དུ་གཞི་བདག་གཏོར་མ་རྣམས་བུ་ངམ་སོགས་ཟས་སྣས་བརྒྱན་པ། མཐར་ཆུ་གཉིས་ཉེར་སྤྱོད་བཤམས། སྒྲུབ་པ་པོའི་མདུན་དུ་ནང་མཆོད་ཌཱ་དྲིལ་མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཐོག་མར་བུམ་པ་ལ་སྦྱོང་ཁྲུས་རྒྱས་པར་བྱ། དེ་ནས་བསྡུ་ན་བསྙན་སྒྲུབ་ཀྱི་ཕྲིན་ལས་དང་། རྒྱས་པར་སྤྲོ་ན་སྐོང་གསོའི་ཕྲིན་ལས་དང་སྦྲེལ་ཡང་ཆོག །གོང་ལྟར་ནང་མཆོད། གནས་ཡོ་བྱིན་རླབས་ནས་བརྩམས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་རྟེན་རྣམས་ནང་མཆོད་ཀྱིས་བྲན་ལ། བསང་སྦྱང་། སྟོང་པའི་ངང་ལས་བུམ་པའི་གྲངས་དང་མཉམ་པའི་པྃ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིན་པོ་ཆེ་དང་། འབྲུ་བཅུད་དང་། ཟས་ནོར་ལོངས་


PS004_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་གྱུར་པར་བསམ་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱ། འདི་ཚར་དང་པོའི་སྐབས་ལས་རྗེས་མ་རྣམས་ལ་མི་དགོས། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པྃ་ལས་པདྨ་སོགས་ཀྱིས་མདུན་རྟེན་ལྷར་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་བར་གྲུབ་ནས། བཟླས་པ་བྱ་བ་ནི། བུམ་པར་གཟུངས་ཐག་བཏགས་ལ་བཟུང་ནས། རང་དང་མདུན་བསྐྱེད་ཀྱི་མགོན་པོ་རྣམས་ཀྱི་ཐུགས་ཀའི་མཁའ་འགྲོ་མ་རྣམས་ལས་དེ་འདྲ་བའི་དབང་སྡུད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། ལྷ་མི་ཀླུ་དང་བཅས་པའི་ཚེ་དང་བསོད་ནམས། སྟོབས་དང་དཔལ་འབྱོར། ལོངས་སྤྱོད་དབང་ཕྱུག །སྙན་གྲགས་རིགས་རྒྱུད། རིན་པོ་ཆེ་དང་འབྲུ་རིགས་དང་། རྟ་ཕྱུགས་འཕེལ་བ་ལ་སོགས་པ་འབྱོར་བའི་


PS004_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡིད་ལ་ཇི་ལྟར་འདོད་པ་ཐམས་ཅད་བཀུག་སྟེ། བུམ་པའི་ནང་གི་རྫས་རྣམས་ལ་གཉིས་སུ་མེད་པར་བསྟིམས་པས་འདོད་དགུའི་དཔལ་འབྱོར་ཟད་མི་ཤེས་པའི་གཏེར་གྱི་བུམ་པ་བཟང་པོར་གྱུར། བུམ་པའི་ནང་གི་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་རྒྱས་ཤིང་ཁ་ནས་ལུད། མགོན་པོའི་ཕྱག་གི་བུམ་པ་དང་ཐོད་པ་ནས་ཀྱང་ལུད། ཚོགས་བདག་གི་ཁ་དང་བཤང་ལམ་དང་ནེའུ་ལེ་རྣམས་ལས་ཀྱང་རིན་པོ་ཆེ་སྣ་ཚོགས་པ་ལྷུག་ལྷུག་བབ་པས་གནས་ཁང་དང་། གཙུག་ལག་ཁང་དང་། ཕོ་བྲང་བང་མཛོད་ལ་སོགས་པའི་ནང་ཐམས་ཅད་ཕྱུར་བུར་ཁེངས་པས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཚོན་པའི་སེམས་ཅན་ཐམས་ཅད་འདོད་དགུའི་དཔལ་འབྱོར་འཛད་པ་མེད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་པར་བསམ་ལ་རྩ་སྔགས་བཅུ་གསུམ་པ་ཅི་ནུས་སུ་བཟླའོ། །ཐུན་བསྡུ་བའི་ཚེ། གཏོར་འགུལ། མཆོད་བསྟོད། ནོངས་པ་བཟོད་གསོལ་བྱས་ལ། ཐལ་མོ་མེ་ཏོག་དང་བཅས་ཏེ།


PS004_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡིད་བཞིན་ནོར་བུ་འཁོར་བཅས་ཁྱེད་རྣམས་རྟེན་འདི་དག་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་གནས་འདིར་མཁྱེན་ལྡན་དང་སྟོབས་ལྡན་འབྱོར་ལྡན་གྱིས་མཚོན་པའི་སྐྱེ་འགྲོ་ཐམས་ཅད་འདུ་ཞིང་སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོའི་རྒྱུན་བཞིན་དུ་འདུ་བར་མཛད་དུ་གསོལ། ཞེས་དང་། སུ་པྲ་ཏིཥྛ་སོགས་ཀྱིས་མེ་ཏོག་འཐོར། དེ་ལྟ་བུའི་བརྟན་བཞུགས་འདི་ཉེར་གཅིག་གམ་ལྔ་བཅུའམ་བརྒྱ་རྩ་བརྒྱད་ཀྱི་བར་ཅི་ནུས་སུ་བྱ་བར་བཤད་དོ། །དེ་ནས་དགེ་བསྔོ་བཀྲ་ཤིས་བྱ། དེ་ལྟ་བུས་རབ་རྟགས་མཐོང་བ་དང་། ཐ་མ་ཞག་གྲངས་འདུན་ལ་སོགས་པ་ཅི་ནུས་སུ་བསྒྲུབ། སྒྲུབ་པ་ཟིན་ནས་འཁོར་ལོ་ཡོད་ན་དགེ་འདུན་གྱི་གཙུག་ལག་ཁང་ངམ་རྟེན་བཞེངས་གི་ནང་ངམ། བུམ་པ་དང་མཉམ་དུ་འཇོག་པའམ། རང་གི་ལུས་ལ་བཅད་པ་གང་རུང་བྱ་བ་དང་། བུམ་པ་ནི་གང་དུ་འཇོག་པའི་ས་དེར་སྒྲུབ་པ་ཡིན་ན་དེར་གཞན་གྱིས་མི་མཐོང་བར་བྱས་ནས་སྦས་པས་ཆོག །གཞན་རྟེན་གྱི་ནང་ངམ་གཙུག་ལག་ཁང་དང་རང་གི་


PS004_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་གི་མཛོད་ཀྱི་ཕུག་སོགས་ལ་གདན་དྲང་དགོས་ན་གྱང་ལོགས་ལྟ་བུ་ལ་གྲུ་བཞིར་བརྐོས་པའམ་སྒམ་ནང་ལྟ་བུར་འཛོམ་ན་མཚལ་གྱིས་ཕྱུགས་པའི་ལོགས་བཞིར་སིནྡྷུ་རའི་གཡུང་དྲུང་རིས་བྲིས་པའི་བཞུགས་གནས་སུ། བུམ་པ་སྤོས་དུད་རོལ་མོ་དང་བཅས་པས་སྤྱན་དྲངས་ལ། འོག་ཏུ་རས་ལ་པདྨ་བྲིས་པའི་སྟེང་། བུམ་པའི་མདུན་མཛོད་སྒོ་དང་མི་འཕྲོད་པར་བཞག །སྟེང་དུ་དར་གྱི་གུར་དང་མདུན་དུ་མར་ཁུས་སྦྲུས་པའི་གཏོར་མ་ནོར་བུས་བརྒྱན་པ་སྔར་བཞིན་བཤམས། སླར་ཡང་ཕྲིན་ལ་བསྡུས་པའི་སྒོ་ནས་བསྐྱེད་བསྟིམས་མཆོད་བསྟོད་བཟླས་དམིགས་གཏོར་འབུལ་བརྟན་བཞུགས་ཤེས་བརྗོད་རྣམས་ཚང་བར་བྱས་ལ། རྡོའམ་འདགས་ལ་གཡུང་དྲུང་རིས་བྲིས་པས་བཀབ། གྱང་ལོགས་ཡིན་ན་ཕྱི་ནས་ཞལ་ཞལ་བྱས་ཏེ་མི་མངོན་པར་བྱས། གཏེར་བུམ་འདི་ནི་དགེ་འདུན་གྱི་གཙུག་ལག་ཁང་། རྟེན་ཁྱད་པར་ཅན། སྒྲུབ་པ་པོའི་བསྟི་གནས། རྒྱལ་པོའི་ཕོ་བྲང་སོགས་ལ་བསྔགས་ཀྱི། ཆོས་སྐྱོང་གི་རྟེན་ཐུན་མོང་མ་ཡིན་པའི་ཕྱིར། སྐྱེ་བོ་ཕལ་པའི་གནས་དང་ར་བ་སོགས་སུ་བཞག་པར་བྱ་བ་མ་ཡིན་ཅིང་། ཅིས་ཀྱང་བཞག་ན་ཤིས་བརྗོད་ཙམ་ལས་བསྐྱེད་བསྟིམས་དང་དམིགས་བཟླས་རྣམས་ནི་མི་བྱའོ། །འདི་ཉིད་གང་དུ་བཞུགས་པའི་ཕྱོགས་


PS004_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འབྱོར་པ་ཟད་མི་ཤེས་པར་འབྱུང་བར་གསུངས་སོ། ༈ །ལྔ་པ་སྲེག་བླུགས་ཀྱི་ཆོ་ག་ནི། འདི་ཉིད་གཙོ་བོར་རྒྱས་པ་དང་། དབང་གི་ཕྲིན་ལས་ལ་བསྔགས་པས་དེའི་ལག་ལེན་བཤད་པ་ལ་གཉིས། རྒྱས་པ་དང་། དབང་གི་སྦྱིན་སྲེག་གོ །དང་པོ་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། བསྙེན་པ་དང་སྒྲུབ་པའི་རྗེས་སམ་གཞན་ཏུའང་རུང་། ཡར་ངོའི་སྔ་དྲོ་ལྟ་བུར་མེ་ཐབ་པདྨ་འདབ་བརྒྱད་ལྟེ་བར་ཉི་གདན། ཁ་ཁྱེར་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། གཞི་སེར་པོ་ལ་བཅད་ཚོན་དམར་སེར་གྱིས་བྲི། ཉི་གདན་ལ་འབྲས་སམ་རྡུལ་ཚོན་གྱིས་ཚོམ་བུ་དཀར་པོ་གཅིག་བཀོད། བུད་ཤིང་ཚེར་མ་ཅན་མ་ཡིན་པའི་འབྲས་བུ་ཅན་གྱི་ཤིང་། སེར་ཞིང་དྲི་ཞིམ་པོའི་དབུས་ཀྱི་ཆ་ལས་བྱུང་བའམ། དེ་མེད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་དཔང་ས་ཁྲུ་གང་ཙམ་གྲུ་བཞིར་བརྩེགས་པའི་ནང་གི་འཇིག་རྟེན་པའི་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་ཞིག་བཞག་པ་ཁ་བྱང་ནས་ལྷོར་བསྟན། སྒྲུབ་པ་པོ་ཁ་ལྷོ་ནས་བྱང་དུ་བསྟན་ནས་གདན་སེར་པོའི་སྟེང་དུ་ཆས་གོས་སེར་པོ་བཅས་རྒྱས་པའི་སེམས་དང་བཟང་པོའི་སྟབས་ཀྱིས་འདུག་པའི་


PS004_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གངས་རི་བྲིས་པའི་མེ་ཡོལ་བཞག །རང་གི་མདུན་དུ་བསང་ཆུའི་སྣོད་དུང་ཕོར་སོགས་དང་། ཀུ་ཤའི་འཐོར་གཡབ། རྡོར་དྲིལ་ནང་མཆོད་རྣམས་བཤམས། རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་ལ་བཞག །ཀུ་ཤའི་ཆུན་པོ་བརྒྱད། དཔལ་འབར་ཞིག་ཀྱང་སྟ་གོན་བྱ། རང་གི་གཡོན་ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ནས་བསྲེག་རྫས་ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་སྦོམ་ཕྲ་གུང་མོ་ཙམ་སེར་ཞིང་དྲི་ཞིམ་པ། ཁྲུ་གང་པ། རྩ་རྩེ་མར་དང་སྦྲང་རྩི་བྱུགས་པ། མར་ཁུ། ཟས་མཆོབ། ཏིལ་དཀར། ཡུངས་ཀར། སོ་བ། འབྲས། ནས། གྲོ། སྲན་མ། དཱུརྦ། ཀུ་ཤ་རྣམས་གོ་རིམ་བཞིན་བཤམ། རྫས་རྣམས་ལ་ཁ་དོག་སེར་པོ་བྱས། བདུད་རྩི་ལས་བྲན་ལ་བཞག་གོ །དེ་ནས་བདག་བསྐྱེད་བཟླས་པ་ནས་བསྡུ་ལྡང་གི་བར་དུ་གྲུབ་པར་བྱ། དེ་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་ཀྱི་བར་ལ་ལག་པ་གཉིས་པུས་མོ་ལས་མི་འདའ་བ་ལ་བསླབ་བོ། །གཉིས་པ་དངོས་གཞི་ལ་ཐབ་དང་ཡོ་བྱད་བསང་བ་ནི། བསང་ཆུ་ལ།


PS004_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨ་མྲྀ་ཏ་སོགས་དང་། ཧཱུྃ་རིང་པོ་མང་དུ་བརྗོད་པས། རྫས་རྣམས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམ་ལ། སྔགས་དེ་གཉིས་གང་རུང་བརྗོད་ཅིང་ཀུ་ཤའི་འཐོར་གཡབ་ཀྱིས་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱས་ཏེ་བགེགས་བསལ་ལ། བསྲེག་རྫས་དང་མཆོད་རྫས་རྣམས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེག་རྫས་དང་། མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ། ལྷ་མཉེས་པ་དང་། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང་། ཨོཾ་ཤྲཱིཾ་སྭཱ་ཧཱས་མར། ཨོཾ་ཛྲིཾ་སྭཱ་ཧཱས་འབྲུ། ཨོཾ་སྭཱ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ཤབྡ་ཨཱཿཧཱུྃ། སོ་


PS004_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། དེ་ནས་དཔལ་འབར་ལ་འཛོམ་ན་དགེ་འདུན་གྱི་བསྲོ་ཁང་ངམ། རྒྱལ་པོའི་ཐབ་ལས་བྱུང་བའི་མེ་སྦར་ཏེ། ལག་པ་གཉིས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང་། རྩ་སྔགས་བཅུ་གསུམ་མ་ལན་གསུམ་དང་། ཨོཾ་ཛྭ་ལ་ཛྭ་ལ་རྃ། ཞེས་བརྗོད་ཅིང་ཐབ་ཀྱི་ནང་གི་ཏིང་ལོ་སྦར་ཞིང་རྩ་སྐམ་སོགས་ཀྱིས་མེ་གསོ། ཁུ་ཚུར་གཉིས་བརྐྱངས་པའི་མཐེབ་མཛུབ་གཉིས་བརྒྱངས་པའམ། རྩེ་སྦྱར་བའི་རིན་པོ་ཆེ་ཁུ་ཚུར་གྱི་ཕྱག་རྒྱས་དགང་གཟར་བླུགས་གཟར་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་། བླུགས་གཟར་གྱིས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རཾ། ཞེས་བརྗོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་རྩེ་མོ་མ་ཉམས་པ། དྭངས་ཤིང་ཐོགས་པ་མེད་པ། ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་ལྡན་པར་གྱུར་བར་བསམ་སྟེ། ཨོཾ། ཀུ་ཤ་འདི་ནི་བཟང་


PS004_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། དེས་བདག་ལ་བགེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་བརྗོད་དེ། ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་བཀྲམ་མོ། །མེ་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་སེར་པོ་རྒྱར་ཁྲུ་གཉིས་པ། ཟབས་སུ་ཁྲུ་གང་པ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། ཁ་ཁྱེར་དང་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ། བྲིས་པ་དང་གཉིས་སུ་མེད་པར་གྱུར། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷར་སྐྱེས་ལ་ཞོན་པ།


PS004_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་དབྱུག་གུ་དང་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་སེར་པོ་ལས་འོད་ཟེར་སེར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཆང་བ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག །མཛུབ་མོ་གུང་མའི་རྒྱབ་ནས་བཀབ་པ་དབྱུག་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་


PS004_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿ སརྦ་ཀརྨ་པྲ་སཱ་བྷ་ཀ ། མ་ཧཱ་བྷུ་ཏ་དེ་ཝ་རི་ཥི་དིྭ་ཛ་ས་ཏྭ་མ་གྲཾ་ཧི་ཏྭ་ཨཱ་ཧུ་ཏིཾ་ཨཱ་ཧ་ར་ཨ་སྨིན་སན་ནི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་པས་ཐབ་ནང་དུ་མེ་ཏོག་གཅིག་ཕུལ་ཏེ། ཐབ་ཀྱི་ཤར་ལྷོར་པདྨའི་གདན་ལ་བཞུགས་པར་གྱུར། ཞེས་བརྗོད་ཅིང་བསམ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་ཕུལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་པའོ། །སྤོས་དང་བཅས་པའི་དྲིལ་བུ་བཟུང་ལ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ། སརྦ་བྷ་སྨིཾ་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་ལ། ཛཿཧཱུྃ་བྃ་ཧོཿ ཞེས་པས་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་


PS004_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པའི་མཚན་སྔགས་རེ་རེ་མགོར་སྦྱར་བའི་ཉེར་སྤྱོད་ལྔ། གཎྜེར་ཎི་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ། ཞེས་པས་ནང་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོར་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད་ལ་བུད་ཤིང་ཁ་གསོ། དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། འཇིག་རྟེན་པའི་མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་གྱི་དབུས་སུ་པྃ་ལས་པདྨ།


PS004_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

རྃ་ལས་ཉི་མ་སོགས་མངོན་རྟོགས་རྒྱས་བསྡུས་གང་ཡང་རུང་བ་དང་སྦྱར་ཏེ་ལྷ་བསྐྱེད་པ་ནས། ཡེ་ཤེས་པ་གཞུག་བསྟིམ་གྱི་བར་བྱ། དེའི་མཐའ་སྐོར་དང་བར་སྣང་རྣམས་སུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པ། ལྷ་ཐམས་ཅད་འཛུམ་ཞིང་ཚིམ་པ་འོད་ཟེར་སེར་པོ་འཕྲོ་བ་གཟི་བརྗིད་དང་ལྡན་པའི་སྒོ་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་མཛད་པར་གྱུར། ཅེས་བརྗོད་ཅིང་བསམ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུ་གཏོར་ཏེ་མི་གཙང་བ་དང་ཉམས་པ་ཐམས་ཅད་དག་པར་བསམ། དེ་ནས་རིན་ཆེན་ཁུ་ཚུར་གྱིས་གཟར་བུ་གཉིས་བཟུང་སྟེ། ལྷ་རྣམས་ཀྱི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་


PS004_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཧཱུྃ་གིས་མཚན་པ། དགང་བླུགས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པར་གྱུར། རྩ་སྔགས་བཅུ་གསུམ་མ་ལན་བདུན་དང་སྦྲགས་ཏེ་བླུགས་གཟར་གྱིས་མར་ཁུ་བླུགས་པས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨ་དི་བྱ་དི་བྱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ། ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམ་ལ། བདག་སྒྲུབ་པ་པོའི་འཁོར་དང་ལོངས་སྤྱོད་དང་ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་ཕུལ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་འབུལ། མགོན་པོ་ཡིད་བཞིན་ནོར་བུ་སོགས་ཀྱིས་བསྟོད། དེ་ནས་ཡམས་ཤིང་ནས་བརྩམ་སྟེ་སྲེག་རྫས་རྣམས་སྡེ་ཚན་རེ་རེའི་ཐོག་མར་རང་རང་རྫས་སྔགས་ཚར་གསུམ་མམ་ལྔ་ལ་སོགས་པ་དང་། འབུལ་


PS004_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞག་གིས་འབུལ། མཇུག་ཏུ་སྤེལ་ཚིག་གོང་ལྟར་བརྗོད་ཅིང་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ཙམ་འབྱོར་པ་ཕུལ། ལོགས་ནས་སྒྲུབ་གཡོག་གཅིག་གིས་གྲངས་བཟུང་སྟེ། ཡམ་ཤིང་ལ་སོགས་པ་རྣམས་རིམ་པ་བཞིན་ལག་པ་གཡོན་དུ་བཟུང་ལ། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླང་ཞིང་ཅུང་ཟད་བསྐོར་ཏེ། མཆོད་སྦྱིན་ཕྱག་རྒྱས་འབུལ། དེ་ལ་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། གསུམ་མམ་ལྔ་སོགས་དང་། གུ་རུ་མ་ཧཱ་སོགས་ཀྱིས་བརྒྱ་རྩ་བརྒྱད་འབུལ། མཇུག་ཏུ། བདག་སྒྲུབ་པ་པོ་སོགས་ཀྱིས་སྤེལ་ཚིག་གོང་ལྟར་བརྗོད། འོག་མ་རྣམས་ལའང་འདི་རིགས་འགྲེ་སྦྱར་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ས་མར། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་དང་སྦྱར་བའི་ཟས་མཆོག །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱས་ཏིལ་ལམ་ཡུངས་ཀར། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་བ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱས་ནས། ཨོཾ་བཛྲ་གྷསྨ་ར་ཡ་སྭཱ་ཧཱས་གྲོ། ཨོཾ་མ་ཧཱ་བ་ལཱ་ཡ་


PS004_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ས་དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་རོ། །དེ་ནས་སྐབས་འདིར་ཁྱད་པར་གྱི་རྫས་ཟས་མཆོག་ལ་གྲངས་བཟུང་སྟེ་རྩ་སྔགས་ཀྱིས་སྟོང་ཕྲག་ལྔའམ། ཁྲི་ལ་སོགས་པས་ཇི་ཙམ་ནུས་པ་འབུལ་ཞིང་། སྐབས་སྐབས་སུ་ཡམ་ཤིང་དང་མར་ཅི་འབྱོར་པ་ཕུལ། སྒྲུབ་གཡོག་གཅིག་གིས་མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་འཇུག་གོ །དེ་ཡང་ཡམ་ཤིང་འབར་བའི་མེ་འོད་ལ། འདི་ནི་ཆོ་ག་ཚར་རེའི་སྔགས་བསྔོ་ཚུལ་ཡིན་ལ་དེ་ལྟར་ཞག་གྲངས་དུ་མར་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་ཁ་སྐོང་ལ་འགྲིག་པར་བྱའོ། །མཆན། ཁུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །སྲེག་རྫས་རྣམས་རྫོགས་པ་དང་། གོང་གི་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་ཕུལ། མཆོད་པ་ཁག་སོས་བྱིན་གྱིས་བརླབས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། སོགས་ཚིགས་བཅད་སྔགས་ཕྱག་རྒྱ་དང་བཅས་པས་མཆོད། ནང་མཆོད་ཀྱི་ཕུད་བླ་མ་ཡི་དམ། དེ་འོག་ཆོས་


PS004_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་། ལྷག་མ་འབྱུང་པོ་རིགས་དྲུག་རྣམས་ལ་འབུལ་བའི་ཚིགས་བཅད་མགོན་མཐིང་སྐབས་ལྟར་རམ། བྱིན་རླབས་ཀྱི་རྩ་བ་སོགས་ཀྱིས་ཕུལ། རང་གི་སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོ་ལ་མཆོད་པར་བསམ་སྟེ་བདུད་རྩི་ཅུང་ཟད་ལྕེ་ལ་མྱོང་། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། འདས་པའི་གཏོང་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གུ་རུ་མ་ཧཱ་སོགས་རྩ་སྔགས་ཀྱི་མཇུག་ཏུ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་མམ་ལྔ་ལ་སོགས་ཕྱག་རྒྱ་དང་བཅས་པས་འབུལ། མཆོད་པ་ཕྱི་ནང་དང་། བསྟོད་པ་བྱ། བདག་གི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་ལ་གསོལ་བ་བཏབ་ལ། སྐབས་འདིར་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་བ་དང་ཉམས་པ་དང་། ཞེས་སོགས་དང་། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པའི་དབང་གིས། ཏིང་འཛིན་མི་གསལ་བ་དང་། བྱིང་བ་དང་རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་རྗེས་


PS004_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

སུ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་དང་། མཐེབ་སྲིན་གྱིས་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབས་ཀྱི་རྡུལ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ། དམ་ཚིག་པ་རང་ལ་ཐིམ་པར་བསམ། གསུམ་པ་རྗེས་ཀྱི་ཆོ་ག་ལ། འཇིག་རྟེན་པའི་མེ་ལྷ་ལ་སྲེག་རྫས་ལྷག་མ་རྣམས་ཡམ་ཤིང་ནས་ཀུ་ཤའི་བར། བདུན་ནམ་བཅུ་གཅིག་སོགས་ཅི་འབྱོར་ཕུལ། སྤེལ་ཚིག་ཀྱང་འདྲ། མར་དགང་བླུགས་གསུམ་གྱིས་སྦྱིན་སྲེག་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་ན། དེའི་ལག་པ་གཡས་པའི་མཐེ་བོར་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ། བདག་གམ་ཡོན་བདག་སོགས་སྤེལ་ཚིག་གོང་ལྟར་བརྗོད། མེ་ལྷའི་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབས། ལག་པ་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་ཞེས་གསུམ་མམ་ལྔས་ཕུལ། མཚན་སྔགས་


PS004_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ནས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་ནང་མཆོད། འཇིག་རྟེན་དབང་ཕྱུག་སོགས་བསྟོད་པ་རྒྱས་བསྡུས་གང་རིགས་བྱས། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། བདག་མིང་འདི་ཞེས་བགྱི་བའི་འཁོར་དང་། ལོངས་སྤྱོད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཞེས་དང་། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། ཨོཾ་པྲོཀྵ་ཾ་པྲ་ཏཱིཙྪ་སྭཱ་ཧཱ་ས་བསང་གཏོར་དང་། ཨོཾ་སརྦ་སཾ་ཤོདྷ་ནི་སྭཱ་ཧཱས་འཐོར་འཐུང་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪཿཞེས་དང་། དབྱུག་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཐིམ་པར་བསམ་ལ། རང་གི་དཔྲལ་བར་ཨོཾ་


PS004_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། ཞེས་སོགས་ཀྱིས་སྲུང་བ་བྱ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། སོགས་ཀྱིས་བསྔོ་བ་སྨོན་ལམ་ཅི་ཤེས། འབད་དང་སྩོལ་བས་སོགས་བཀྲ་ཤིས་གང་ཤེས། མཆོག་གི་དངོས་གྲུབ་སྒྲུབ་པ་ཡིན་ན། མེ་མ་ཤིའི་བར་དུ་མི་བསྒུལ། ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ་མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་བྱ་བར་བཤད་དོ། །གཉིས་པ་དབང་གི་སྦྱིན་སྲེག་ནི། མེ་ཐབ་དམར་པོ་དབུས་སུ་པདྨ་འདབ་བརྒྱད་ལ་ལྕགས་ཀྱུས་མཚན་ཅིང་ཁ་ཁྱེར་མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར། བུད་ཤིང་རྒྱ་ཤུག་སོགས་ཤིང་དམར་ལ་རོ་མངར་ཞིང་སྐྱུར་བ་འབྲས་བུ་ཡོད་པ་དང་མ་འབྱོར་ན་ལྕི་བ་སོགས་ཀྱིས་ཀྱང་རུང་། སྒྲུབ་པ་པོ་སྟན་དང་ཆས་གོས་དམར་པོ་ཆགས་པའི་སེམས་ཀྱིས་ཁ་ནུབ་ཏུ་ཕྱོགས་པར་པདྨའི་སྐྱིལ་ཀྲུང་གིས་འདུག་ཐབ་དང་ཁ་སྤྲོད་དུ་བྱ། དུས་དགོང་མོ་ལ་བསྔགས། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་སོར་ལྔའམ་དྲུག་པ་བྱ། མཆོད་སྲེག་གི་རྫས་སོགས་གོང་བཤད་རྒྱས་པའི་སྦྱིན་སྲེག་ལྟར་ལ་ཐམས་ཅད་


PS004_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དམར་པོ་བྱ། བསྲེག་རྫས་གཙོ་བོར་མེ་ཏོག་དང་འབྲུ་དམར་པོ། མྱོས་བྱེད་དང་མངར་གསུམ་བསྲེས་པའི་ཟས་མཆོག་ལན་ཚྭ་རྣམས་ལ་བྱ། འདོན་ཆ་རྒྱས་པའི་སྦྱིན་སྲེག་ཉིད་ཅུང་ཟད་ཁ་བསྒྱུར་བས་ཆོག་སྟེ། ཐབས་སྐྱེད་སྐབས། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་གྱི་དབྱིབས་ཅན། རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ། མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར་བ། ཡངས་ཤིང་རྒྱ་ཆེ་ལ་དྭངས་ཤིང་ཐོགས་པ་མེད་པ་བྲིས་པ་དང་གཉིས་སུ་མེད་པར་གྱུར། ཅེས་པ་དང་། མེ་ལྷའི་སྐབས། ཞལ་གྱི་དཀྱིལ་འཁོར་དམར་པོ་ལས་འོད་ཟེར་དམར་པོ་འཕྲོ་བ། ཞེས་དང་། དབང་བསྐུར་རྒྱས་གདབ་སྐབས། འོད་དཔག་མེད་ཀྱིས་དབུ་བརྒྱན། ཅེས་བསྒྱུར། འདས་པའི་མེ་ལྷ་མཆོད་སྐབས། ལྷ་ཐམས་ཅད་ཆགས་པའི་ཉམས་ཅན་ཞལ་གྱི་དཀྱིལ་འཁོར་ལས་འོད་ཟེར་དམར་པོ་འཕྲོ་བས་འཁོར་འདས་བརྟན་གཡོ་ཐམས་ཅད་དང་། སྣོད་བཅུད་ཀྱི་དཔལ་འབྱོར་ཐམས་ཅད་བདག་གིས་དབང་དུ་སྡུད་པའི་ཕྲིན་ལས་


PS004_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་གྱུར། ཞེས་དང་། དགང་བླུགས་པདྨའི་ཕྱག་རྒྱས་བཟུང་། སྤེལ་ཚིག་ནི། འཁོར་འདས་བརྟན་གཡོ་ལྷ་འདྲེ་མི་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་དང་སྣོད་བཅུད་ཀྱི་དགེ་ལེགས་དཔལ་འབྱོར་ཐམས་ཅད་མ་མ་ཝ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། བསྲེག་རྫས་གྲངས་གསོག་གོང་སྨོས་ཟས་མཆོག་མེ་ཏོག་དམར་པོ་སོགས་ལ་བྱ། ཁྱད་པར་གྱི་དམིགས་གནད་ནི། ཐུགས་ཀའི་མཁའ་འགྲོ་མ་ལས་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱའི་སྙིང་ངམ་སྐྱེ་གནས་ནས་ལྕགས་ཀྱུས་བཏབ། ཌཱ་མ་རུའི་སྒྲས་སེམས་མྱོས་པར་བྱས་ཏེ་རང་དབང་མེད་པར་བཀུག །བདག་གི་རྐང་པའི་དྲུང་དུ་མྱོས་ཤིང་ཆགས་པ་དང་གུས་པའི་སེམས་ཀྱིས་འགྱེལ་བར་མོས། གཏོར་འབུལ་མཇུག་གི་འདོད་གསོལ་ཡང་དབང་གི་ཕྲིན་ལས་ཡིད་ལ་ཇི་འདོད་རྒྱས་པའམ། གོང་སྨོས་ལྟར་གདགས། མེ་ཙན་དན་དམར་པོའི་ཆབ་བམ། དྲི་ཞིམ་པོའི་སྤོས་ཆུས་བདལ་བ་སོགས་བྱའོ། །ཐུགས་རྗེ་ཕྲིན་ལས་གཞན་ལས་སྟོབས་ཆེ་ཞིང་། །མཆོག་ལ་མི་སྒྲིབ་འཕྲལ་ཡུན་འདོད་རྒུ་འཇོ། །དྲི་མེད་


PS004_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུརྻས་ཀྱང་མི་བསྒྲུན་པ། །ཡིད་བཞིན་ནོར་བུའི་མཆོག་འདི་བྱི་དོར་འཚལ། །དཀོན་མཆོག་བསྟན་པའི་མངའ་ཐར་དགུང་དུ་རེག །དེར་འཛིན་སྦྱིན་བདག་འཁོར་བཅས་དཔལ་འབྱོར་རྒྱས། །བདག་གཞན་སྐྱེ་ཀུན་ཕོངས་པའི་འཇིགས་ལས་སྒྲོལ། །ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །འཆི་མེད་གྲུབ་པ་རཱ་ཧུ་ལས་མཁས་ཁྱུང་པོ་རྣལ་འབྱོར་ལ་སྒོ་སྐྱེལ་དུ་མཛད་པའི་ཟབ་ཆོས་མགོན་པོ་བཀའ་རྒྱ་མའི་སྐོར་དུ་གྲགས་པའི་གདམས་ངག་གི་སྙིང་པོའི་བཅུད་བྱུང་སྟེ་ཁྱེར་བདེ་བ་བལྟས་ཆོག་ཏུ་བཀོད་པ་འདི་ནི། ཤངས་པའི་བརྒྱུད་འཛིན་འདྲ་བྱུང་ན་ཕན་པའི་ལྷག་བསམ་གྱིས་འབྲི་བར་འདུན་པའི་ཐོག །སྒྲུབ་གྲྭ་འདིར་བཞུགས་པའི་བླ་མ་སྔ་རྗེས་འགའ་ཞིག་ནས་ཀྱང་དོན་དུ་གཉེར་བ་ལྟར། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གདམས་སྲོལ་འཛིན་པ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ། གསར་བ་ཕྱུང་བའི་ནོངས་པ་རྩ་བ་གསུམ་ལ་སྙིང་ནས་བཤགས་ཤིང་། དགེ་བས་སྙིང་པོའི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དབྱར་གྱི་ཆུ་བོ་ལྟར་རྒྱས་པར་གྱུར་ཅིག །ཆོས་བརྒྱུད་མི་འཛིན་པ་ལ་མི་སྤེལ་ཞིང་མི་སྟོན་པའི་བཀའ་རྒྱ་གསང་བའི་ལས་


PS004_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཕོ་མོ་ལ་གཉེར་དུ་གཏད་དོ། །བཛྲ་ས་མ་ཡ་ཧཱུྃ། ཨོཾ་སྭ་སྟི། ཕུན་ཚོགས་དངོས་པོ་ཀུན་གྱི་འདོད་འཇོ་ཞིང་། །སྲིད་དང་ཞི་བའི་དཔུལ་བ་མ་ལུས་འཕྲོག །སྙིང་གི་མུན་སིལ་རྗེ་བཙུན་བླ་མ་དང་། །དབྱེར་མེད་མགོན་པོ་ཡིད་བཞིན་ནོར་བུར་འདུད། །བོད་ཡུལ་མཁས་དང་གྲུབ་པའི་རྒྱུ་སྐ་དབུས། །ངོ་མཚར་རྣམ་ཐར་སྣང་བ་ཆེར་འབར་བ། ཁྱུང་པོ་རྣལ་འབྱོར་ཉི་མས་ཕྱེས་པ་ལས། །ཟབ་ཆོས་པདྨའི་དགའ་ཚལ་ཅི་ཡང་དར། །དེ་ལས་ཁྱད་འཕགས་བསྟན་སྲུང་ཞི་བ་ནི། །ནོར་སྒྲུབ་གཞུང་བཟང་རིན་ཆེན་ཇི་སྙེད་པའི། །སྙིང་པོས་གཏམས་པའི་བང་མཛོད་ཕྱེས་པ་འདི། །འཇམ་མགོན་འགྲོ་བའི་དེད་དཔོན་ཆེན་པོའི་དྲིན། །ནོར་བུ་བྱེ་བ་སྟོང་གིས་མི་བསྒྲུན་ཞིང་། །དཔག་བསམ་བུམ་པ་བཟང་པོས་འགྲན་མེད་པ། །མཆོག་ཐུན་ཡིད་ལ་འདོད་པའི་དོན་དེ་ཀུན། །མྱུར་དུ་གདམས་ངག་འདི་ཡིས་སྟེར་བར་བྱེད། །རྒྱུ་མཚན་ཤེས་པའི་དད་དང་ལྷག་བློ་ཅན། །ཡང་ཁྲོད་རྡོར་སློབ་བླ་མ་ཀར་ལུ་དང་། །ཉེར་གནས་དགེ་སློང་ཀར་བློ་དཔོན་སློབ་ཀྱིས། །ཡོན་གྱི་དངོས་པོས་ཆོས་སྦྱིན་སྤར་དུ་བསྒྲུབས། །ཆ་རྫོགས་དགེ་བའི་སྣང་བ་དཀར་པོ་འདིས། །འགྲོ་ཀུན་སྒྲིབ་གཉིས་མཚན་མོའི་མུན་པ་སངས། །མཁྱེན་གཉིས་ཡེ་ཤེས་ཀུ་མུ་ཏ་རྒྱས་པ་ལས།


PS004_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའི་དགའ་སྟོན་གསར་པ་དར་གྱུར་ཅིག །དེ་ལྟར་མགོན་དཀར་ཡིད་བཞིན་ནོར་བུའི་གཞུང་རཏྣའི་བང་མཛོད་ཅེས་པ་ཡིག་ཆ་གསར་རྙིང་ཀུན་གྱི་བཅུད་འདུས་པའི་ཕྲིན་ལས་རྨད་དུ་བྱུང་བ་འདི་ཉིད་སྔར་ཕན་བཀའ་རྒྱས་བཏབ་པ་ལྟ་བུས་སྤར་དུ་འཁོད་པ་མི་འདུག་ཀྱང་གལ་ཆུང་ཆོས་ལ་བྱེད་པའི་སྙིགས་དུས་འདི་ལྟ་བུར་དཔེ་ལུང་གི་རྒྱུན་ཙམ་ཡང་ཆད་དུ་དོགས་ཤིང་། བསྟན་དང་འགྲོ་ལ་སྨན་པའི་ཐུགས་བཞེད་ཁོ་ནས་ཤར་དཔལ་སྤུངས་ཀྱི་ཡང་ཁྲོད་དུ་སྤར་དུ་བསྒྲུབས་སྐབས་རྗེས་སུ་ཡི་རང་གི་བསམ་པ་དང་འབྲེལ་སྤར་བྱང་སྨོན་ཚིག་ཏུ་མ་ཏིའི་མིང་གིས་གུས་པ་བྲིས་པ་དར་རྒྱས་འཕེལ།། །།

དཔལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་སྙིང་པོའི་རྣམ་པར་བཤད་པ། ཏཱ་ར་ནཱ་ཐ།


PS004_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་སྙིང་པོའི་རྣམ་པར་བཤད་པ་བཞུགས་སོ། །


PS004_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དང་པོའི་ལས་ཅན་བློ་དམན་ལ། །སྙིང་པོའི་དོན་རྟོགས་བླ་མ་ཡི། །གསུང་གི་བདུད་རྩི་འདིར་བརྗོད་བྱ། །དམིགས་པའི་རིམ་པ་ཅུང་ཟད་བྲི། །དང་པོ་ལ་རང་གི་མདུན་དུ་པདྨའི་སྡོང་པོ་རྒྱས་པའི་དབུས་སུ། རྩ་བའི་བླ་མའི་ཞལ་རང་ལ་ལྟ་བར་དམིགས། དེའི་མཐའ་བརྒྱུད་པའི་བླ་མས་བསྐོར། དེའི་མདུན་དུ་ཡི་དམ་གྱི་ལྷ། གཡས་སུ་སངས་རྒྱས་ཀྱི་རྣམ་པ། རྒྱབ་ཏུ་དམ་པའི་ཆོས། གཡོན་དུ་འཕགས་པའི་དགེ་འདུན། དེའི་དམའ་ཙམ་དུ་ཆོས་སྐྱོང་གི་རྣམ་པར་ཁྲ་ཆེམ་མེར་བཞུགས་པར་དམིགས། ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་ཡང་རང་གི་བཀའ་བཞིན་བྱེད་པར་བློས་དམིགས་ལ། རང་གིས་གཙོར་བྱས་པའི་ཕ་མ་དྲིན་ཅན་ནམ་མཁའ་ཁྱབ་ཚད་ཀྱི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་སུ་འགྲོ་བ་གཅིག་བྱེད་དགོས་པར་དམིགས་པའི་ངང་ནས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཅེས་པ་ནས། དཔལ་ལྡན་བླ་མ༴ ཡི་དམ་དཀྱིལ་འཁོར༴ རྫོགས་པའི་སངས་རྒྱས༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན༴ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ལ། རང་སེམས་མ་ཡེངས་པར་བརྒྱ་སྟོང་ཁྲི་ལ་སོགས་པར་བཟླས་པའོ། །སྐྱབས་འགྲོ་ལ་ཡང་བཞི་སྐོར་


PS004_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲུག་སྐོར་གཉིས་ཡོད་པ་ལས་འདི་ནི་དྲུག་སྐོར་ཡིན་ནོ། །སངས་རྒྱས་ཆོས་དང་༴ སོགས་ནས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་ནས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ། དེ་རྗེས་སྐྱབས་ཡུལ་རྣམས་རིམ་པ་བཞིན་དུ་བསྡུས་ནས་སྟོང་ཉིད་ལ་ཅུང་ཟད་མཉམ་པར་གཞག་གོ །ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་ལྷ་མིར་སྐྱེ་བར་འདོད་པའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྣམས་སྤྱི་ཁྱབ་ཏུ་བློ་དམན་རྣམས་ལ་ཁོ་བོས་བྱས་པའོ། །གཉིས་པ་དངོས་གཞི་ལ་སྭ་བྷཱ་ཝས་སྟོང་བར་སྦྱང་བ་ནི། སྟོང་པའི་ངང་ལས་ཞེས་པའི་སྟོང་པ་ནི། ས་རྡོ་རི་བྲག་སོགས་དངོས་པོ་གང་ཡང་མེད་པ་ནམ་མཁའ་ལྟ་བུ། པདྨ་དང་ཉི་མའི་གདན་ལ་ཞེས་པ་ནི་པདྨ་འདབ་མ་སྣ་ཚོགས་པ་ནམ་མཁའ་ལ་མེ་ཏོག་རླུང་གིས་བཏེག་པ་འདྲ་བའི་ཟེའུ་འབྲུའི་སྟེང་དུ། ཉི་མའི་དཀྱིལ་འཁོར་མཎྜལ་ཁ་སྦུབས་པ་ལྟ་བུ་ལ། ཁོང་སྟོང་མ་ཡིན་པ་ཁ་དོག་དམར་པོ་ཚ་ཟེར་འབར་བ་དཔེར་ན་མགར་གྱི་སོལ་མལ་ནས་དྲང་བའི་ལྕགས་གོང་ལ་མེ་འབར་བ་འདྲ་བ་དེ་ཉིད་ཀྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་རིང་ཆ་ཚེག་དྲག་ཅན་མེ་ལོང་གི་སྟེང་དུ་ནས་འབྲུ་ལང་བ་ལྟར་ཡར་ལངས་ཏེ་ཡོད་པ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་


PS004_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་སྦྱངས། དགྲ་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་ཐལ་བར་བྱས། སངས་རྒྱས་བྱང་སེམས་ཀྱི་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་རང་དང་ལྷན་ཅིག་ཏུ་ཚུར་འདུས་ཧྲཱིཿལ་ཐིམ་པས་རྐྱེན་བྱས་ཏེ། རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་ཕྱག་ཡོངས་རྫོགས་གཞུང་བཞིན་ལེགས་པར་བསྐྱེད། ཕྱག་ཐམས་ཅད་ཕྱིར་བརྐྱང་སྟེ་བགེགས་ཀྱི་རྒྱལ་པོ་གནོད་བྱེད་ཐམས་ཅད་ལ་སྡིགས་པའི་ཚུལ་བྱེད། མདུང་རྩེ་གསུམ་ནི་མདུང་ལྕགས་གསུམ་རྩ་བ་གཅིག་ཏུ་འདུས་པ་ལྟ་བུའོ། །གཞན་རྣམས་གཞུང་ལྟར་རོ། །མི་ལྤགས་ཀྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན་གཉིས་མི་མགོ་གཡས་དང་གླང་མགོ་གཡོན་བསྟན་པ་གཉིས་ཀ་བརྩེགས་ཏེ་རྐང་ལག་གཉིས་གཉིས་མཉམ་པར་མགྲིན་པར་དཀྲིས་པ། བསྐལ་པའི་དུས་ཀྱི་མེ་ལྟ་བུ་འཇིག་རྟེན་གསུམ་པོ་དུས་གཅིག་ལ་སྲེག་པར་བྱེད་པའི་མེ་དཔུང་དྲག་ཏུ་འབར་ཞིང་འཁྲུགས་པའི་དབུས་ན་བཞུགས་པ། མགྲིན་པ་དང་བྱིན་པ་གཉིས་ཀྱི་བར་དུ་རང་འདྲ་བའི་ཁྲོ་བོ་གདུག་པ་ཅན་གནོད་བྱེད་ཐམས་ཅད་སྐད་ཅིག་ཕྱེ་མར་བརླག་ནས་བ་དཔག་ཏུ་མེད་པ་གོ་མཚམས་མེད་པར་ཁྲབ་གྱོན་པ་ལྟ་བུར་གསལ་བཏབ། དེ་ལྟར་སྣང་ལ་རང་བཞིན་མེད་པ་རྔམ་འཇིགས་ཆེན་པོར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་དང་ཧཱུྃ་གི་


PS004_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དུ་ཉི་མའི་དཀྱིལ་འཁོར་སྔར་དང་འདྲ་བའི་སྟེང་དུ་ཧྲཱིཿཡིག་གི་མཐའ་བསྐོར་དུ་མདུན་ནས་སྙིང་པོ་རྩ་སྔགས་རྣམས་རིམ་པ་བཞིན་དུ་གཡས་བསྐོར་དུ་བཀོད་པ་དེ་ཡང་ཡིག་འབྲུ་རྣམས་མགོ་གྱེན་དུ་བསྟན་པ་ཁ་ནང་དུ་བལྟ་བ། ཡིག་འབྲུ་དམར་པོའི་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོ་བ་དེ་ལ་སེམས་གཏད་དེ་བཟླས་པ་བྱ་དགོས་ལ། ལས་དང་པོ་པ་ལ་དམིགས་པ་གཅིག་ལ་སུན་འགྲོ་བ་ལྟ་བུ་འབྱུང་བ་ཡིན་པས། དང་པོ་ལྷ་སྐུ་ལ་སེམས་གཏད་ལ་སྔགས་བརྒྱ་རྩ་རེ་བཟླ། གཉིས་པ་སྔགས་ཕྲེང་དམར་པོ་ལས་སྔགས་ཕྲེང་གཉིས་པ་ཆད་ནས་བྱུང་བར་སེམས་གཏད་ལ་དེ་ཙམ་རེ་བཟླ། གསུམ་པ་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་པས་མཉེས་པར་སེམས་གཏད་ལ་དེ་ཙམ་རེ་བཟླ། བཞི་པ་རང་གི་བ་སྤུའི་བུ་ག་ནས་ཁྲོ་ཆུང་དཔག་ཏུ་མེད་པ་ཕར་འཕྲོས་ནས་རང་ལ་གནོད་པའི་གནོད་བྱེད་ཐམས་ཅད་ཚར་བཅད་ནས། སླར་ཡང་ཁྲོ་ཆུང་རྣམས་ཚུར་ཐིམ་པ་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། ལྔ་པ་ཞལ་གསུམ་ཀའི་སྔགས་བཟླ་བ་དང་སྣང་སྲིད་ཐམས་ཅད་ལ་སྔགས་ཀྱི་རང་སྒྲ་སྒྲོགས་པ་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། དྲུག་པ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་རང་ལ་བཟླ་གྲོགས་བྱེད་ཚུལ་བྱས་པ་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། བདུན་པ་རང་ལྷ་


PS004_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་གསལ་བཏབ་པའི་སྐུ་མདོག་རྒྱན་ཆ་ཕྱག་མཚན་ཕྱི་སྣོད་ནང་བཅུད་ཐམས་ཅད་ལ་སེམས་གཏད་ལ་དེ་ཙམ་རེ་བཟླ། དམིགས་སྐོར་བདུན་པའོ། །དེ་ཐམས་ཅད་ལ་སེམས་རྩེ་གཅིག་ཏུ་བསྒྲིམ་པ་ལ་ནན་ཏན་ཆེར་བྱས་ན་ལྷ་སྲིན་སྡེ་བརྒྱད་ཀྱི་སྙིང་ཁྲག་ཐང་ལ་ལྷུང་བར་ཐེ་ཚོམ་མེད། ཕྱི་སྣོད་ནང་བཅུད་ཐམས་ཅད་འོད་གསལ་དུ་བཅུག་ལ་ཞལ་ཕྱག་ཡིག་འབྲུ་གདན་དང་བཅས་པ་བསྡུ་ཚུལ་སྟོང་ཉིད་དུ་བཞག་པ་ནི་བླ་མའི་ཞལ་རྒྱུན་ལ་བྱེད་པའམ། སླར་ཡང་རང་ལྷ་སྐུར་ལངས་ལ་དགེ་བ་བསྔོ་ཞིང་ཐུན་མཚམས་ལ་འཇུག་ཅིང་མི་དམིགས་པས་རྒྱས་གདབ་པར་བྱའོ། །པདྨ་དབང་གི་དམིགས་སྐོར་བདུན་པོ་འདི་ཏཱ་ར་ནཱ་ཐས་སྨྲས་པའོ། །སརྦ་མངྒ་ལཾ།