cover

དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་དཔེ་ཚོགས།

མཉྫུ་གྷོ་ཥ། སངས་རྒྱས་ཡེ་ཤེས། གྲུབ་ཐོབ་སྐྱེར་སྒང་པ། ཏཱ་ར་ནཱ་ཐ། ངག་དབང་ཆོས་གྲགས། ཏཱ་ར་ནཱ་ཐ། ཀུན་དགའ་ལྷུན་གྲུབ། ཚེ་དབང་ནོར་བུ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཡེ་ཤེས་མཁའ་འགྲོ་ནི་གུ་མ་དང་སུ་ཁ་སིདྡྷི་ལ་བརྟེན་པའི་ཉེ་བརྒྱུད་ཚེ་སྒྲུབ་ཟབ་མོ་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་མྱུར་ལམ།


PS010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་ནི་གུ་མ་དང་སུ་ཁ་སིདྡྷི་ལ་བརྟེན་པའི་ཉེ་བརྒྱུད་ཚེ་སྒྲུབ་ཟབ་མོ་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །


PS010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བེ། འདིར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་དང་། བདེ་མཆོག་སོགས་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས་ཀྱིས་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་རྡོ་རྗེའི་ར་བ་མེ་རི་ཟླུམ་སྐོར་གྱི་ནང་དུ། སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཀུན་ནས་འཁྱིལ་ཞིང་ནོར་བུ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་ཡར། དཔག་


PS010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་ཁྲི་པདྨ་ཟླ་ཉི་ཀྲྀཥྞ་སཱ་རའི་ལྤགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མཁའ་འགྲོ་རུས་པའི་རྒྱན་ཅན་ནི་གུ་མ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྩེ་གསུམ་གྱི་ཕྱག་རྒྱ་དང་། གཡོན་བདུད་རྩི་གང་བའི་ཀ་པཱ་ལ་སྐུ་གཡོན་དུ་འཛིན་པ། དར་དང་རིན་ཆེན་རུས་པའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་


PS010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་ཞིང་། ཞབས་གཉིས་ཙོག་པུར་བཞུགས་པའི་སྐུ་ལ་འཇའ་འོད་ཀྱིས་བསྐོར་བར་བསམ་ལ། གནས་གསུམ་བྱིན་གྱིས་རླབས་ཡེ་ཤེས་པ་གཞུག །དབང་བསྐུར། བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱིས་དབུ་རྒྱན། ཕྱི་ནང་གིས་མཆོད། བདེ་གཤེགས་ཀུན་གྱི་ཡུམ་གྱུར་མ། །འཇའ་ལུས་མཆོག་བརྙེས་མཁའ་ལ་གཤེགས། །སྣང་སྟོང་སྒྱུ་མའི་རོལ་རྩེ་མཁན། །ནི་གུ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུྃ་སྨུག་ནག་གི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སུ་འཁོར་བར་གྱུར། །ཨོཾ་ཨཱཿགུ་རུ་ཊཱ་ཀི་ནཱི་ཡེ་ནི་གུ་མ་ཨཱ་ཡུཛྙཱ་ན་སིདྡྷི་མེ་པྲ་ཡཙྪ། །ཅི་ནུས་བཟླས་པས། སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་དང་། ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས། རོ་བཅུད་དྭངས་མ་ཐམས་


PS010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤྱན་དྲངས། ཡེ་ཤེས་ཀྱི་ཊཱ་ཀི་ནི་གུ་མའི་སྐུ་ལ་ཐིམ། དེ་ལས་འོད་ཟེར་འཆི་བ་མེད་པའི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུ། ལུས་ཐམས་ཅད་མེར་ཁེངས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སངས་དག །འཆི་མེད་དྭངས་མ་གསུམ་ལྡན་མཆོག་གི་སྤྲུལ་སྐུ་བླ་མ་འགྲུབ་པར་བྱིན་གྱིས་རླབས་པར་བསམ། མཐར། ཨོཾ་ཛྙཱ་ན་ཊཱ་ཀི་ནཱི་ནི་གུ་མ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། ལུས་མེད་ལུས་མཆོག་བདེ་བའི་སྐུ། །སྐུ་བཞི་མངོན་གྱུར་མཁའ་ལ་གཤེགས། །དངོས་གྲུབ་མཆོག་སྩོལ་ནི་གུ་མ། །རུས་པའི་རྒྱན་ཅན་ཁྱེད་རང་མཁྱེན། །ཞེས་གསོལ་བ་བཏབ་པས། །མདུན་བསྐྱེད་ཀྱི་བླ་མ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམ་ཞུ། རང་ཡི་དམ་དུ་གསལ་


PS010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུས་ངག་ཡིད་གསུམ་ལ། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཐིམ་པས་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། གནས་སྐབས་བཞིའི་སྒྲིབ་པ་དག་ཅིང་། མཐར་ཐུགས་སྐུ་བཞིའི་གོ་འཕང་ཐོབ་པར་བསམ་ཞིང་། རིག་པ་ཆོས་ཉིད་བྱ་རྩོལ་བྲལ་བའི་ངང་དུ་ཅི་གནས་སུ་བཞག །བསྔོ་སྨོན་བྱའོ། །འདིའི་སྒོ་ནས་སློབ་མ་རྗེས་སུ་འཛིན་ན། སྦྱོར་བ་དཀྱིལ་འཁོར་གྱི་དབུས་སུ་ཚེ་བུམ། མདུན་དུ་མཆོད་གཏོར། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར་རྣམས་བཤམས། སྔོན་འགྲོ་གཏོར་མ་དང་། གནས་དང་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། ཕྱག་ལེན་ལ་མདུན་དུ་རྣམ་བུམ་ཀྱང་བཤམས། བདག་མདུན་སྒྲུབ་མཆོད་དབང་བླང་བ། ཕྱག་ལེན་ལ་འོ་མ་དང་མངར་གསུམ་སྦྱར་བས་མཛད། བཅས་གྲུབ་ནས། སླར་ཡང་མདུན་བསྐྱེད་སྔར་བཞིན་གསལ་བར་གྱུར་པར་བསམ་ལ་བཟླས་པ་ཅུང་ཟད་བྱའོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱས། བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། མཎྜལ་འབུལ་དུ་བཅུག་ལ། མཚམས་སྦྱོར་གྱི་ཁྱད་པར། ད་ལམ་འདིར་སྐབས་སུ་བབ་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་


PS010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་བསྒྱུར་བ། ཀུན་མཁྱེན་བོ་དོང་པ་ཆེན་པོ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་དགུང་གྲངས་བཅུ་དྲུག་བཞེས་པའི་དུས་སུ། འོད་གསལ་དག་པའི་སྣང་ངོར་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིདྡྷི་དང་། གྲུབ་པའི་རྒྱལ་མོ་སོགས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་བྱིན་གྱི་རླབས་པ་ལས་བྱུང་བའི་ཉེ་བརྒྱུད་ཚེ་སྒྲུབ་ཀྱི་གདམས་པ་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་ཇི་སྙེད་ཅིག་མཆིས་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་བྱིན་རླབས་ཚེ་དབང་ཟབ་མོ་གསན་པའི་སླད་དུ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་ཐུན་མོང་དང་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་གནས་འདི་ཉིད་དུ། བླ་མ་དང་གཉིས་


PS010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སྐྱབས་གནས་རྒྱ་མཚོས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས། ཡིད་ཀྱིས་བཟུང་། དངོས་བཞིར་ལྷ་བསྐྱེད་པའི་སླད་དུ་སྤྱན་དམིགས་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རྡོ་རྗེའི་ར་བ་ནས། གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་རུས་པའི་རྒྱན་ཅན་ནས། འཇའ་འོད་ཀྱིས་བསྐོར་བའི་སྐུ་ཅན་རེ་རེར་ལམ་ཏེ་གྱུར་པའི་མོས་པ་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་གྱི་ཚེ་རྫས་རྣམས་ལ་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོར་གསལ་བ་དང་། ཁྱེད་རང་རྣམས་


PS010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུགས་ཀར་ཧྲཱིཿཡིག་དམར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་རང་གི་བླ་ཚེ་གདོན་བགེགས་འབྱུང་པོས་འཕྲོག་པ། བརྐུས་པ། ཡར་བ། ཉམས་པ་ཐམས་ཅད་བསྡུས་ཏེ་མདུན་བསྐྱེད་ཀྱི་སྐུ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་སྲོག་ཉམས་པ་སོར་ཆུད་ཅིང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ཅིང་རྩ་སྔགས་བརྗོད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། སོགས་ཤིས་བརྗོད་བྱ། ཡང་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་ཐོག་མའི་འདི་ལ་རྣམ་བུམ་དང་། འོག་མ་གཉིས་ལ་ཚེ་བུམ་བཞག་པ་ཕྱག་ལེན། བོན་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་


PS010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིའི་བཀྲག་དང་གཟི་མདངས་རོ་བཅུད་ནུས་པ་ཐམས་ཅད་དང་ནང་ཁམས་གསུམ་གྱི་སྐྱེ་འགྲོ་ཚངས་དབང་དྲག་པོ་འཁོར་ལོས་བསྒྱུར་བ་སོགས་འཇིག་རྟེན་ན་མངོན་པར་མཐོ་བ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་བསྡུས། མདུན་བསྐྱེད་ཀྱི་སྐུ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་བྱུང་། སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། བདུད་རྩིའི་དྭངས་མས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་ཅིང་། འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། རྩ་སྔགས་དང་། བསོད་ནམས་རི་བོ་སོགས་བརྗོད། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་སྤྱན་དྲངས། མདུན་


PS010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་སྐུ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་། སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། རྩ་སྔགས་དང་། མི་འགྱུར་ལྷུན་པོ་སོགས་བརྗོད། དེ་ནས་ཕྱག་གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་བདུད་རྩིའི་བཅུད་ལེན་གྱི་རིལ་བུ་འདི་ཉིད་བྱིན་ཅིང་མྱོང་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སྔགས་བརྗོད། ཕྱག་གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་བདུད་རྩིའི་བཏུང་བ་


PS010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་བྱིན་ཅིང་མྱོང་བ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སྔགས་བརྗོད། མཐར་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་ཕྱོགས་པའི་ནང་དུ་ཐིག་ལེ་དམར་པོ་ཧྲཱིཿཡིག་གིས་མཚན་པ་ལ་ཕོག །དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། རང་རང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་བཀག་ཅིང་། སྤྱི་བོར་སྣ་ཚོགས་རྡོ་རྗེས་རྒྱས་བཏབ་པའི་མོས་པ་མཛོད། སྔགས་མཐར། ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་རཀྵ་རཀྵཿཞེས་བརྗོད་ཅིང་ཚེ་མདའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཀོད། ཤིས་བརྗོད་རྒྱས་པར་བྱ། རྗེས་ཁས་བླང་བ་སོགས་སྤྱི་ལྟར་སྦྱར། མདུན་བསྐྱེད་ལ་མཆོད་བསྟོད་དང་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས། མེད་ན་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་བྱའོ།། ༈ ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་སྟེ་བདེ་བའི་དངོས་གྲུབ་ལ་བརྟེན་པའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་བླང་བར་འདོད་པས།


PS010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་དང་བདག་བསྐྱེད་དགྱེས་རྡོར་ལྷན་སྐྱེས་ལྟ་བུ་གང་རིགས་བསྒོམ། མདུན་བསྐྱེད་སྐབས། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་བའི་དངོས་གྲུབ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་དཔྱི་ཟུར་གཡས་པའི་ཐད་ནས་གདན་ལ་བཙུགས་ཤིང་། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་ཐུགས་ཀར་གཏོད་པ། དར་དང་རིན་པོ་ཆེ་དང་རུས་པའི་ཕྲེང་བས་ཀུན་ནས་མཛེས་པ། ཞབས་གཉིས་ཙོག་པུར་བསྣོལ་བའི་ཚུལ་གྱིས་འཇའ་འོད་འཁྱིལ་བའི་གུར་ཁང་ན་བཞུགས་པ། ཞེས་བསྒྱུར་བ། རིགས་བདག་དགྱེས་རྡོར་ཡབ་ཡུམ། བསྟོད་པ། བཅུ་དྲུག་ལང་ཚོས་མཛེས་ཤིང་སྒེག །བདེ་སྟོང་མཁའ་དབྱིངས་དྭངས་མའི་སྐུ། །བརྗོད་བྲལ་སྐྱེ་མེད་ངང་ལ་བཞུགས། །བདེ་བའི་དངོས་གྲུབ་མ་ལ་བསྟོད། །ས་བོན་ཧཱུྃ་དཀར་ལ་དམར་མདངས་ཆགས་པ། །སྔགས། ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་ཡེ་སུ་ཁ་སིདྡྷི་ཨཱཿ


PS010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡུཛྙཱ་ན་སིདྡྷི་མེ་པྲ་ཡཙྪ། གསོལ་འདེབས། འཇའ་ལུས་སྐུ་བརྙེས་མི་ཤིག་པའི། །དྭངས་མ་ལྷན་སྐྱེས་སྒྱུ་མའི་སྐུ། །འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས། །སུ་ཁ་སིདྡྷི་ཁྱེད་རང་མཁྱེན། །ཞེས་སྦྱར་བ་མ་གཏོགས་གོང་འོག་གི་ཆིངས་གཞན་འདྲ། སློབ་མ་རྗེས་སུ་འཛིན་ནའང་ལྷ་སྔགས་ཀྱི་ཁྱད་པར་བརྗེ་བ་མ་གཏོགས་གོང་བཞིན་ནོ། །འདི་དག་གི་བསྙེན་པ་བྱེད་ན་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཡར་ངོའི་ཚེས་དགེ་བའི་ཉི་ཤར་ནས་མདུན་བསྐྱེད་ཀྱི་རྟེན་རྗེས་གནང་གི་སྐབས་ལྟར་བཤམས་ལ། ཐུན་བཞིའི་རིམ་པས་བདག་མདུན་གོང་བཞིན་ལ། མདུན་བསྐྱེད་ཀྱི་བཟླས་པ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་བྱ། གྲོལ་ཉིན་སྔ་འགྲོའི་ཐུན་གྱི་མཐར་བདག་འཇུག་བྱ་ཞིང་། ཚེ་བུམ་སྤྱི་བོར་འཇོག །ཚེ་རྫས་ལོངས་སྤྱོད། མདུན་བསྐྱེད་རྟེན་བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་དང་། ཡང་ན་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱས་ལ་གྲོལ། ཐུན་གཉིས་སམ། ཕྱི་ཐུན་གྱི་མཐར་གཏོར་མ་འབུལ་ན། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ནས། མཚན་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ།


PS010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད། བླ་མ་ཡེ་ཤེས་ཀྱི་མཁའ་འགྲོས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཞན་མཚམས་ཀྱི་སྤང་བླང་སོགས་བསྙེན་ཡིག་སྤྱི་ལྟར་ཤེས་པར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་མང་ཐོས་ཀུན་ཏུ་དགའ་བའི་དཔྱིད་མཉྫུ་གྷོ་ཥས་ཀུན་མཁྱེན་དོང་པའི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོ་བསམ་གྲུབ་ཆོས་སྡིང་དུ་གདམས་ཟབ་འདི་ཉིད་བཀའ་དྲིན་དུ་ནོས་སྐབས་ཟིན་བྲིས་སུ་བགྱིས་པ་ལས། སླར་ཡང་ཅུང་ཟད་གསལ་བར་ཕྱེ་བའི་དགེ་བས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མི་ཤིག་དྭངས་མ་གསུམ་ལྡན་གྱི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག།སརྦ་མངྒ་ལཾ། །

ཆོས་དྲུག་དགོས་བཀའ་དྲུག་སྤྱི་བཀའ་གཉིས་རྣམས།


PS010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་དགོས་བཀའ་དྲུག་སྤྱི་བཀའ་གཉིས་རྣམས་བཞུགས་སོ།། །།


PS010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་ལ། །གུས་བཏུད་ཐབས་ལམ་དབང་བསྐུར་བྲི། །གང་ཞིག་རྩ་མདུད་འགྲོལ་བའི་ཕྱིར་གཏུམ་མོའི་དབང་བསྐུར་བར་འདོད་ན། །གང་ཟག་མཚན་ཉིད་ལྔ་དང་ལྡན་རྟེན་གྱི་གང་ཟག་ཉོན་མོངས་པའི་པས། གནས་དབེན་པར་བླ་རེ་དང་། ཡོལ་དད་པ་ཆེ་བ་བླ་མ་ལ་གུས་པ། ཤེས་རབ་ཆེ་བ་བརྩོན་འགྲུས་ཆེ་བ་དམིགས་པ་རྩེ་གཅིག་པའི། བ་བྲེས་ནས། དེར་པད་འདབ་བཞི་ལ་ལྷ་ལྔ་བཀོད་ལ། བདག་མདུན་ལྷ་ལྔ་བསྐྱེད་བསྟིམ་མཎྜལ་ལ་ལྟེ་བ་སེར་ཤར་མཐིང་ལྷོ་སེར་ནུབ་དམར་བྱང་ལྗང་། མཆོད་


PS010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་གཏོར་ཚོགས་ཀྱིས་བསྐོར་རོ། །དེ་ནས་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། དེ་ནས་སློབ་དཔོན་གྱིས། དལ་འབྱོར་རྙེད་པར་དཀའ་བ། མ་ལྔ་དང་ཡོ་བྱད་ཀྱི་འཆི་བ་མི་རྟག་སློབ་མ་རྣམས་པ་པ། འཁོར་བའི་ཉེས་དམིགས། སྐྱབས་སུ་འགྲོ་བ། སེམས་གཉིས་བསྐྱེད་པ། ཕྱི་མ་ལ་དམིགས་པ། གསོལ་བ་གདབ་པ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། སྡིག་པ་བཤགས་པ།


PS010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཆེ་བ། བདེ་སྟོང་གི་སེམས་བསྐྱེད་པ། དམ་བསྒྲག་པ་ལ་སོགས་པ་ནི་སྔོན་འགྲོའི་ཆོས་བསྟན་ནོ། །དེ་ནས་སྤྱི་བོའི་པད་ཟླའི་སྟེང་དུ་ཧེ་རུ་ཀ་དང་བླ་མ་དབྱེར་མེད་དུ་བལྟ་སྟེ། ཡེ་ཤེས་དབབ་པ་དེའི་ཐུགས་ཀའི་འོད་ཟེར་གྱིས་སངས་སློབ་མའི་སྟེང་དུ་རྒྱས་དང་ངོ་བོ་བྱང་ཆུབ་རྣམ་པ་དང་སེམས་དཔའ་ཐམས་ཅད་ཀྱི་འོད་ཟེར་བསྟིམ་ནས་འཕྲོས་པ། དཔག་ཏུ་མེད་པ་ནས་དེ་ལ་མཆོད་དེ་གསོལ་བ་བཏབ་པས། བླ་མ་ལས་འོད་ཟེར་རམ་བདུད་རྩི་བྱུང་སྟེ། བཀུག་ནས་བླ་མ་ལ་སྤྱི་བོར་ཐིམ་པས། ཕྱི་ནང་གསང་གསུམ་གྱི་ལུས་ཀྱི་སྡིག་སྒྲིབ་བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། འི་ཆུ་རྒྱུན་དཀར་པོ་དག་པ་ནི་བུམ་སློབ་མའི་དབང་ངོ་། །མགྲིན་པ་པར་ནི་པ་དང་པ་ཐམས་ཅད་གསང་དབང་ངོ་། །སློབ་མའི་ངག་གི་དག་པ་ཆུ་རྒྱུན་སྙིང་གར་ནི་ཤེས་རབ་ཡེ་ཤེས་སོ། །སློབ་མའི་ཡིད་ཀྱི་དག་པ་ཆུ་རྒྱུན་


PS010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བས་ནི་ཀུན་གཞིའི་བག་ཆགས་ཕྲ་བ་དང་བཅས་པ་དག་པ་ནི་བཞི་པའོ། །དེས་ནི་སྤྱི་དང་བྱེ་བྲག་གི་དམ་ཚིག་ཐམས་ཅད་བསྐོངས་བདུད་རྩིར་སླེབས་པ་ནས། ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་མཐར་ཕྱིན་པར་འགྱུར་རོ། །རྗེས་གསུམ་པ་ནི་ཚོགས་ལ་ལོངས་སྤྱོད། བཤགས་པ་བྱ། སྨོན་ལམ་གདབ། གཏོར་མ་བཏང་། བསྔོ་བ་བརྟན་ནས་བྱའོ། །གཏུམ་མོའི་ཏིང་ངེ་འཛིན་གྱི་དབང་བསྐུར་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །གཅེས་པའི་སྲོག་ལ་མ་བལྟས་པར། །རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། །སངས་རྒྱས་དངོས་མཇལ་ཌཱ་ཀི་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨྀིྠཿ།། ༈ བླ་མ་ཡི་དམ་ཞབས་པད་ལ། །གུས་བཏུད་དང་བའི་ཡེ་ཤེས་ཀྱི་སྒྱུ་ལུས་དབང་བསྐུར་བྲི། །གང་ཞིག་ཉིན་པར་གྱི་


PS010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་བཟློག་པའི་ཕྱིར། །སྒྱུ་ལུས་ཀྱི་དབང་བསྐུར་བར་འདོད་ན། །གང་ཟག་མཚན་ཉིད་བཞི་དང་ལྡན་པས། གནས་དབེན་པར་ཡོལ་བ་དང་བླ་རེ་བྲིས་ནས། དེར་པད་འདབ་དད་པ་སྐྱོ་ཤས་སྙིང་རྗེ་རྣམས་ཆེ་བ་བླ་མར་གུས་པའི་བཞིའམ། བརྒྱད་ལ་ལྷ་ལྔའམ་དགུ་བསྐྱེད་དེ། མཆོད་པ་ལྔ་མཎྜལ་བྱས་པ་གཏོར་ཚོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་ལྟེ་བ་དང་ཤར་མཐིང་དམར་པོའི་མཛེས་མཚོན་སྐྱེ་ལྷ་བདག་མདུན་མཆོད་བསྟོད་ནས་ཁྲུས་བྱས་སྟན་མ་ལྔ་དང་བདེ་བ་ལ་འདུག་སྟེ། སློབ་མ་རྣམས་དལ་འབྱོར་ནས་བཟུང་སྟེ། སྔོན་འགྲོ་རྣམས་བྱའོ། དེ་ནས་རང་ཡི་དམ་གྱི་དབུ་མའི་སྟེང་གི་སྤྱི་བོར་པད་འདབ་བཞིའམ། རྙེད་པར་དཀའ་བ་བརྒྱད་པད་ཉི་དང་བཅས་པའི་སྟེང་ཇི་ལྟ་བ་བཞིན་དུ་སློབ་མ་བདེ་དགྱེས་གང་རུང་གྱི་ལྷ་བསྒོམ་པའི་དུ་བདེ་མཆོག་མཎྜལ་བཞིན་དུ་ལྷ་ལྔའམ། ཧེ་བཛྲ་པཾ་ལས་རཾ་ལས་ལྷ་


PS010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་འོད་ཟེར་གྱི་རང་བཞིན་དུ་བལྟའོ། །དབུ་མའི་མར་སྣར་རཾ་དམར་པོ་བསམ་མོ། །དེ་ནས་མཆོད་དེ་གསོལ་བ་བཏབ་པས། གང་མོས་གཅིག་རཾ་ལས་གཏུམ་མོ་ཡེ་ཤེས་རྩ་ཀྱི་མེ་འབར་དམར་སེར་ཟེར། སྤྱིའི་ལྷ་ཚོགས་རྣམས། ཕྱི་ནང་གསང་གསུམ་གྱི་དབང་བསྐུར་བར་ནས། སྤྱི་བོའི་ལྷ་ཚོགས་གསང་གནས་ཀྱི་ལ་རེག་པས་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ལྷའི་སྤྱན་དྲངས་པ་ལྷའི་ཐུགས་ཀར་མདུན་གྱི་ཞུགས་པ་དང་། རང་གི་སྤྱི་བོའི་དབུ་མར་བདུད་རྩི་དཀར་པོ་བབ་པས་བདེ་བ་སྐྱེས་ཏེ། ལུས་ཀྱི་སྤྱི་བོའི་སྡིག་སྒྲིབ་དག་པ་ནི་བུམ་དབང་ངོ་། །ཡང་ལྷ་ལ་མཆོད་པས། པ་ཕུལ་གསོལ་བ་བཏབ་སྐྱ་ན་རར་ཡབ་ལུས་ལ་ཡུམ་སྙོམས་འཇུག་བྱས་པའི་སྦྱོར་ཐམས་ཅད་སངས་པའི་མཚམས་སྤྱི་བོའི་


PS010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱང་སེམས་དཀར་དམར་བབ་པས། མགྲིན་པའི་དབུ་མ་ཁེངས་ཏེ་བདེ་བ་སྐྱེས་པ་ནི་གསང་དབང་ངོ་། །ཡང་ལྷ་ལ་མཆོད་པས། ཡབ་ཡུམ་གཉིས་གྱི་རང་གི་ཐུགས་ཀ་ནས་ངག་གི་སྡིག་སྒྲིབ་དག་ནས་ཡུམ་བའི་གཅིག་སྤྱི་བོའི་བྱུང་སྟེ། དེ་གསོལ་བ་བཏབ། བདག་དང་སྙོམས་འཇུག་བྱས་པ་དང་། ཡུམ་དང་རང་བདེ་བས་རྒྱས་ཤིང་། ལོ་བཅུ་དྲུག་མ་ལྟ་བུ་འོད་ཀྱི་རྣམ་པར་གྱུར་པས། ཟག་མེད་ཀྱི་བདེ་བ་སྐྱེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །གཉིས་དེ་ནས་ཡུམ་རང་ལ་ཐིམ་པས་བདག་ཉིད་འོད་དུ་ཡལ་ཏེ། ཡིད་ཀྱི་སྡིག་སྒྲིབ་དག་ནས་སེམས་མ་བཅོས་པ་ཐ་མལ་གྱི་ཤེས་པ་ལ་བཞག་པ་ནི་དབང་བཞི་པའོ། །རྗེས་ལ་སྤྱི་བོའི་ལྷ་ཚོགས་མི་རང་ལ་མར་ཐིམ་པའོ། དམིགས་པར་བྱས་ནས། ཚོགས་ལ་ལོངས་སྤྱོད་བཤགས་པ་བྱ། བཟོད་པར་གསོལ།


PS010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གདབ། གཏོར་མ་བཏང་། ལྷ་གཏོར། བསྔོ་བ་བྱའོ། །སྒྱུ་ལུས་ཀྱི་ཏིང་ངེ་འཛིན་གྱི་དབང་བསྐུར་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །གཅེས་པའི་སྲོག་ལ་མ་བལྟས་པར། །རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། །སངས་རྒྱས་དངོས་མཇལ་ཌཱ་ཀི་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨྀིྠ།། ༈ བླ་མ་ཡི་དམ་ཞབས་བཏུད་ནས། །རྨི་ལམ་དབང་བསྐུར་བྲི་བར་བྱ། །གང་ཞིག་ཉིད་ཀྱི་འཁྲུལ་པ་ཟློག་པའི་ཕྱིར་རྨི་ལམ་གྱིས་དབང་བསྐུར་བར་འདོད་ན། གང་ཟག་མཚན་ཉིད་ལྔ་དང་ལྡན་པས། གནས་དབེན་པར་བླ་རེས་དང་ཡོལ་བ་བྲེས་ནས། དེར་པདྨ་འདབ་བཞི་ལ་ལྷ་ལྔ་བསྐྱེད་ལ། བདེ་མཆོག་དད་པ་ཤེས་རབ་སྙིང་རྗེ་སྐྱོ་ཤས་ཆེ་བ་བླ་མ་ལ་གུས་པ། མཆོད་པ་དང་གཏོར་ལྔ་མ་ལྔ་དང་ལྟེ་བ་ཤར་གཉིས་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་གུའོ། ཧཱུྃ་ཧྲཱི༔ཧཱུཾ་མཾ་ས་བོན་ལས་


PS010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་ཁྲུས་བྱས་སྟན་བདེ་བ་ལ་འདུག་ནས་སྔོན་འགྲོ་རྣམས་རིམ་པས་བྱའོ། །དེ་ནས་རང་དང་སློབ་ཡོ་བྱད་མའི་གནས་སློབ་མ་བཞིར་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ཧྲཱིཿཧཱུཾ་བཾ་བསམས་ཏེ། སྤྱི་བོའི་སྟེང་གི་ཧཱུཾ་སྔོན་པོའི་སྤྲོ་བསྡུས་ཧཱུཾ་འོད་དུ་ཞུ་བ་ལས་བདེ་མཆོག་ལྷ་ལྔའོ། །དེ་བཞིན་དུ་མགྲིན་པའི་ཧྲཱིཿསྔོན་པོ་ཞུ་བ་ལས་མ་ཧཱ་མཱ་ཡཱ་ལྷ་ལྔའོ། །ཡང་སྙིང་གའི་ཧཱུཾ་སྔོན་པོ་ཞུ་བ་ལས་ཧེ་བཛྲ་ལྷ་དགུའོ། །ལྟེ་བའི་མཾ་དམར་སེར་ཞུ་བ་ལས། འཇམ་དཔལ་དབྱངས་ལྷ་གཙོ་བོ་རྣམས་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ལྔའམ་བཅུ་དགུའོ། །ཡང་ན་ཧྲཱིཿལས་འཇིག་རྟེན་དབང་གསང་འདུས་མི་བསྐྱོད་པ་ཡིན་གསུང་ངོ་། །ཕྱུག་གཙོ་འཁོར་གསུམ་དམར་འཁོར་རྣམས་ལྷག་མོས་སུ་བསམ། སེར་རོ། །དེ་ནས་སྤྱི་བོའི་ལྷ་ཚོགས་ལ་མཆོད་དེ། ཕྱི་ནང་གསང་བས་


PS010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་བཟླས་པས་སྤྱི་བོའི་ལྷའི་འོད་ཟེར་གྱིས། བདེ་ཆེན་གྱི་འཁོར་ལོ་འོད་ཀྱིས་ཁྱབ་པས། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ནི་བུམ་པའི་དབང་ངོ་། །ཚོགས་ཀྱི་དེ་བཞིན་སྤྱི་བོ་དུ་མགྲིན་པའི་ལ། ཨོཾ་ཨཱཿཧྲཱིཿཧཱུཾ་སྭཱ་ཧཱ། །ཅེས་བཟླས་པས། སངས་མགྲིན་པའི་འོད་ཟེར་གྱིས་ལོངས་སྤྱོད་ཀྱི་ཙཀྲ་འོད་ཀྱིས་ལྷ་ལ་མཆོད་དེ་ཁྱབ་པས་ངག་གི་དག་པ་ནི་གསང་དབང་ངོ་། །ཡང་སྙིང་ཁའི་ལ། ལྷ་ཚོགས་ཀྱི་མགྲིན་པ་ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །བཟླས་སྡིག་སྒྲིབ་སངས་པས་བའི་ལྷའི་འོད་ཟེར་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཝ་ཛ་ར་ཁྱབ། ཡིད་ཀྱི་དྲི་མ་དག་པ་ནི་ཤེས་སྙིང་གའི་རབ་ཡེ་ཤེས་ཀྱི་དབང་ངོ་། བསྐུར་། ཚོགས་ཀྱི་ཡང་ལྟེ་བའི་ལ། ཚོགས་ལ་ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཞེས་བཟླས་པས། ལྷའི་ཐམས་ཅད་སངས་


PS010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་ལྟེ་བ་སྤྲུལ་པའི་ཙཀྲ་འོད་ཀྱིས་ཁྱབ་པས་ལུས་ངག་ཡིད་ཐ་དད་དུ་འཛིན་པའི་དག་པ་ནི་དབང་བཞི་པའོ། །དེ་ནས་ཞུ་བདེའི་དབང་ནི། སྤྱི་བོའི་ལྷ་ཚོགས་ཞུ་ནས་འོད་དམ་བདུད་རྩིས་མགོ་བོའི་ནང་ཐམས་ཅད་རྟོག་པ་སངས་ཁེངས་པ་ནི་བུམ་དབང་ངོ་། །སྤྱི་བོའི་བཞི་བསྐུར་བ་འོད་དམ་བདུད་རྩི་དེ་མགྲིན་པའི་ལྷ་གྱུར་ན་ལ་ཐིམ་པས། མགྲིན་པ་གང་བས་གསང་དབང་ངོ་། འོད་དམ་བདུད་རྩིས་། དེ་ནས་པ་ནི་མགྲིན་པའི་ལྷ་ཚོགས་ཞུ་ནས་སྙིང་གའི་ལྷ་ལ་ཐིམ་པས་འོད་དུ་གྱུར། ཡང་ལྟེ་བའི་ལྷ་ཚོགས་འོད་དུ་ཞུ་ནས་ངག་གི་སྡིག་སྒྲིབ་སངས་དག་ལྟེ་བ་མན་ཆད་འོད་ཀྱི་གང་ནས་སྙིང་གའི་མས་ཡར་ལྷ་ལ་ཐིམ་པ་དང་། དེས་སྙིང་གའི་ལྷ་ཚོགས་འོད་དུ་ཞུ་ཞིང་འདྲེས་པས་ཟག་མེད་ཀྱི་བདེ་བ་སྐྱེས་ཏེ། སྡིག་སྒྲིབ་ཡིད་ཀྱི་དག་པ་ནི་ཤེས་རབ་ཡེ་ཤེས་སོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་འཛིན་པ་དང་བྲལ་བ་དབང་གསུམ་


PS010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་སེམས་མ་བཅོས་པ་དེ་ནི་དབང་བཞི་པའོ། །དེ་ཡང་རང་ངམ་གཞན་གྱི་དེ་ལྟར་ཉམས་སུ་བླངས་ནས། ནམ་གཉིད་དུ་འགྲོ་བའི་ཚེ་རང་ཡི་དམ་གྱི་སྨིན་ཐ་མལ་ཤེས་པ་ཕྲག་ཐད་ཀའི་ནང་དུ་ཐིག་ལེ་དཀར་པོའི་གའུ་སྲན་མ་ཙམ་གཅིག་བསམས་ཏེ། དེའི་ནང་ཡི་དམ་གྱི་སྙིང་པོས་གང་བར་བསམས་ལ། འདུན་ཐོད་པའི་པ་དང་ལྡན་པས་རྨི་ལམ་བཟུང་དཀར་བ་འཚོར་བ་ངོ་། །ཡང་ན་དེ་ཉིད་སྙིང་གར་བསམས་ལ་རྨི་ལམ་བཟུང་ངོ་། །དེས་རྨི་ལམ་སྒྱུ་མའི་རྨི་ལམ་ཟིན་པ་དང་། སྦྱོང་ཤེས་པ་མཉམ་དུ་འབྱུང་། ཐིག་ལེ་ཡང་ཡི་དམ་མཐོང་བ་དང་། ཡུལ་སྣང་ཇི་ལྟ་བ་བཞིན་གཏན་ལ་ཕེབས་པར་འགྱུར་རོ། །རྗེས་ཚོགས་ལ་ལོངས་སྤྱོད། བཤགས་པ་བྱ། བཟོད་པར་གསོལ། སྨོན་ལམ་གདབ། གཏོར་མ་བཏང་། བསྔོ་བ་བྱའོ། །རྨི་ལམ་གྱི་ཏིང་ངེ་འཛིན་


PS010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་བསྐུར་རྫོགས་སོ། །རྨི་ལམ་རྒྱུད་བཞི་མ། ནི་རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཤ་བ་རི། མེ་ཏྲི་པ། དེས་ཤངས་པའོ། །ཡང་རྡོ་རྗེ་འཆང་། ནཻ་གུ་མ། ཌཱ་ཀི་དྲ་བའི་དངོས་གྲུབ། དེས་ཤངས་པའོ། །ཡང་རྡོ་རྗེ་འཆང་། གུ་་སཱ་ག་ར། རཏྣ་ཨཱ་ཀ་ར། རཱ་ཧུ་ལ། དེས་ཤངས་པའོ། །ཡང་རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། ཇོ་བོ་རྗེ། རོང་པ་འགར་དགེ། འུག་བྲག་པ། སྐྱེར་སྒང་པ། གཉན་སྟོན། སངས་རྒྱས་སྟོན་པ། ཤངས་སྟོན། ཚུལ་ཁྲིམས་མགོན་པོ། རི་ཁྲོད་པ། ཤངས་དཀར། སངས་རྒྱས་དཔལ། ཤཱཀྱ་རིན་ཆེན། སྤྲུལ་སྐུ། དེས་བདག་བྱམས་རིན་ཆེན། ཡང་ཤངས་སྟོན་གྱིས་མཁས་བཙུན་པ། བྱམས་པ་དཔལ། སངས་རྒྱས་དར། སངས་རྒྱས་དཔལ་སོགས་སོ། །ཡང་སངས་རྒྱས་དཔལ་གྱིས་ནམ་མཁའ་རྒྱལ་མཚན། དེས་བདག་བྱམས་པ་རིན་པོ་ཆེ་ལའོ། །ཡང་ནམ་མཁའ་རྒྱལ་མཚན་ལ་སྤྲུལ་སྐུས་སོ། །བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །གཅེས་པའི་སྲོག་ལ་མ་བལྟས་པར། །རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། །སངས་རྒྱས་དངོས་མཇལ་ཌཱ་ཀི་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨིྀྠ། །བླ་མ་སངས་རྒྱས་ཞབས་བཏུད་ནས། །འོད་གསལ་དབང་བསྐུར་བྲི་བར་བྱ། །གང་ཞི་གཏི་མུག་གི་མུན་པ་བསལ་བའི་ཕྱིར་འོད་གསལ་བདེ་


PS010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་དབང་བསྐུར་བར་འདོད་ན། གང་ཟག་མཚན་ཉིད་གསུམ་དང་ལྡན་པས་དབེན་པར་བླ་རེས་དང་ཡོལ་བ་བྲེས་ནས། དེར་པདྨ་འདབ་བཞི་ལ་བླ་མ་དང་ལྷ་ལྔ་བསྐྱེད་ལ། སྐྱོ་ཤས་དང་མོས་གུས་དང་ཐིག་ལེ་མ་ཉམས་པ་དང་། མཆོད་པ་དང་གཏོར་ཚོགས་ཀྱིས་བསྐོར་ལྟེ་བ་དང་ལྷོ་སེར་གཞན་གོང་བཞིན་བདེ་མཆོག་དབྱེར་མེད་བར་བྱའོ། །དེ་ནས་ཁྲུས་བྱས་སྟན་བདེ་བ་ལ་འདུག་ལྔ་ནས་མ་ལྔ་དང་ཡོ་བྱད་སྔོན་འགྲོ་རྣམས་བྱའོ། །དེ་ནས་ཐ་མལ་གྱི་སྤྱི་བོར་པདྨ་སློབ་མ་འདབ་བཞིའི་ལྟེ་བར་བླ་མ་དང་། པདྨའི་འདབ་མ་ལ་ལྷ་བཞི་དང་། བླ་མ་གོང་བཞིན་དུ། རྣམས་དང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་ནས་འོད་ཀྱི་རང་བཞིན་དུ་བལྟའོ། མདུན་གྱི་། ནམ་མཁའ་ལ་ཡང་དེ་བཞིན་དུ་བསམ། དེ་ནས་རིན་ཆེན་སྣ་བདུན་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་།


PS010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལས་འོད་ཟེར་འཕྲོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་སྨིན་འཚམས་ནས་འི་ཐུགས་ཀ་དཔག་ཏུ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བྱུང་སྟེ། བླ་མའི་སྤྱི་བོར་ཐིམ་པས། བླ་མ་ལ་བདུད་རྩི་བབས་ཏེ། བདག་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས་པ་ནི་བུམ་པའི་དབང་ངོ་། ཟག་མེད་དཀར་པོ་། ཡང་མཆོད་པས་བླ་བདེ་བ་རྒྱས་མའི་ལྗགས་སྟེང་ནས་འོད་ཟེར་རམ། བདུད་རྩི་པདྨ་རཱ་ག་ལྟ་བུ་བྱུང་སྟེ་རང་གི་ལྕེ་ཐོག་ཏུ་ཐིམ་པས་ངག་གི་སྡིག་སྒྲིབ་དག་ནས་བདེ་བ་སྐྱེས་པ་ནི་གསང་དབང་ངོ་། །ཡང་མཆོད་པས་བླ་མའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་རམ། བདུད་རྩི་བཻ་ཌཱུརྱའི་མདོག་ལྟ་བུ་བྱུང་སྟེ། བདག་གི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་ཟག་མེད་ཀྱི་བདེ་བ་སྐྱེས་


PS010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་བླ་མ་རང་ལ་ཐིམ་པ་དང་། སེམས་འོད་གསལ་ཕྱག་རྒྱ་ཆེན་པོ་ཅིར་ཡང་མི་རྟོག་པ་ལ་བཞག་པར་བྱའོ། །དེ་ནི་དབང་བཞི་པའོ། །རྗེས་ལ་མདུན་གྱི་བླ་སྣང་བ་དང་རང་ལུས་འོད་དུ་ཡལ་ཏེ། མ་ལ་མཆོད་དེ། ཚོགས་ལ་ལོངས་སྤྱོད། བཤགས་པ་བྱ། བཟོད་པར་གསོལ། སྨོན་བསྐྱེད་ལམ་གདབ། གཏོར་མ་བཏང་། བསྔོ་བ་བྱའོ། །འོད་གསལ་གྱི་ཏིང་ངེ་འཛིན་གྱི་དབང་བསྐུར་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་ལྷ་གཏོར་སོ། །གཅེས་པའི་སྲོག་ལ་མ་བལྟས་པར། །རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། །སངས་རྒྱས་དངོས་མཇལ་ཌཱ་ཀི་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨིྀྠ།། ༈ བླ་མ་མཁའ་སྤྱོད་ཞབས་བཏུད་ནས། །འཕོ་བའི་དབང་བསྐུར་བྲི་བར་བྱ། །


PS010_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བཙན་ཐབས་སུ་སངས་རྒྱ་བར་བྱ་བའི་ཕྱིར། །འཕོ་བའི་དབང་བསྐུར་བར་འདོད་ན། གང་ཟག་མཚན་ཉིད་བཞི་དང་ལྡན་པས། གནས་དབེན་པར་བླ་རེས་དང་ཡོལ་བ་བྲེས་ནས། དེར་མཎྜལ་གྱི་ཟླུམ་བསྐོར་ལ་ཆོས་འབྱུང་དམར་པོ་གཉིས་རྩེགས་ཀྱི་གོང་རས་ལྗང་གུ། མུ་ཁྱུད་ནག་པོར་བྱ། དེའི་དབུས་སུ་རྡོ་རྗེ་བྲིས་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་དོ། །དེ་ནས་མེ་ལོང་གི་སིན་དྷུ་ར་ལ་ལག་པ་གཡོན་གྱི་ཆོས་འབྱུང་ཉིས་རྩེགས་ཡང་ན་རྡོ་རྗེ་གཅིག་བཞག་དེའི་མཐར་བྲིས་པའི་དབུས་སུ་བཾ་ལ་ཨོཾ་ཨཱཿཧཱུཾ་ཚར་གསུམ་གྱིས་བསྐོར། དེའི་ཕྱི་ལ་ཨཱ་དགུ་བྲིས། ཟུར་དྲུག་ལ་གོ་ཆའི་སྔགས་དགོད། གོང་རས་ལ་གཡུང་དྲུང་འཁྱིལ་བ་དྲུག་བྲིས་ཏེ། མཎྜལ་གྱི་མཉྫིའི་ཁར་བཞུགས་པ་ལ་ལྷ་ལྔར་བསྐྱེད་ཨོཾ་བཾ། ཧཾ་ཡོཾ་ཧྲཱིཾ་མྃ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དོ། །དབུས་སུ་མཁའ་སྤྱོད་མ་འཁོར་ལོ་བདེ་མཆོག་ལྟར་


PS010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མཆོད་པ་རྣམས་ཆོས་འབྱུང་གི་ཚུལ་དུ་བསྐོར། གཡས་སུ་ཚོགས་ཀྱི་ཡོ་བྱད་དོ། །གཡོན་དུ་གཏོར་མའོ། །དེའི་རྗེས་ལ་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ་སྔོན་འགྲོ་རྣམས་བྱའོ། །དེ་ནས་རང་གི་སྤྱི་བོར་ཆོས་འབྱུང་གཉིས་རྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་བ་རྒྱུ་ཞིང་བདེ་བར་འཆར་བ། འོད་ཀྱི་རང་བཞིན་དུ་བལྟའོ། །དེའི་ནང་དུ་མི་རོ་དཀར་པོ་མགོ་གཡོན་དུ་བསྟན་པའི་སྟེང་ན། རྗེ་བཙུན་མ་མཁའ་སྤྱོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ། གཡོན་ཐོད་པ་ཁ་ཊཱཾྭ་ག་དང་བཅས་པ། ཞབས་གཉིས་བསྒྲད་པ། ཌཱ་ཀི་མས་བསྐོར་བའོ། །དེ་ལ་མཆོད་དེ་གསོལ་བ་གདབ་པས། གསང་གནས་ནས་བྱང་སེམས་དམར་བ་ལ་དཀར་བའི་མདངས་ཆགས་པ་བྱུང་ནས་སྤྱི་བོར་ཐིམ་པས། ཁོང་པའི་ནང་ཐམས་


PS010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གང་སྟེ། ལུས་ཀྱི་སྡིག་སྒྲིབ་སངས་དག་པ་ནི་བུམ་དབང་ངོ་། །ཡང་མཆོད་པས། དཀར་དམར་ལྕེ་ཐོག་ཏུ་བབ་ནས་མགྲིན་པ་གང་སྟེ་ངག་གི་དག་པ་ནི་གསང་དབང་ངོ་། །ཡང་མཆོད་པས་སྙིང་གར་ཐིམ་ཞིང་གང་སྟེ་ཡིད་ཀྱིས་དག་ནས། ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡང་མཆོད་པས་རྗེ་བཙུན་མ་སྤྱི་བོར་ཐིམ་ནས་ལྟེ་བར་སླེབ་པ་དང་། བདེ་བ་ལ་སྟོང་པས་ཁྱབ་སྟེ་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་གོ། དེ་ནི་དབང་བཞི་པའོ། །དབང་དང་དག་བྱ་ལ་སོགས་པ་ཤེས་པ་བྱས་ནས། མན་ངག་བཞིན་དུ་འཕོ་བ་གསུམ་མམ། ལྔའམ། བདུན་བྱའོ། །རྗེས་ཚོགས་ལ་ལོངས་སྤྱོད། བཤགས་པ་བྱ། བཟོད་པར་གསོལ། སྨོན་ལམ་གདབ། གཏོར་མ་


PS010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། བསྔོ་བ་བྱའོ། །མཁའ་སྤྱོད་འཕོ་བའི་ཏིང་ངེ་འཛིན་གྱིས་དབང་བསྐུར་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་གྱི་ལུགས་སོ། །གཅེས་པའི་སྲོག་ལ་མ་བལྟས་པར། །རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། །སངས་རྒྱས་དངོས་མཇལ་ཌཱ་ཀི་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨྀིྠ།། ༈ བླ་མ་དགྱེས་མཛད་ཞབས་བཏུད་ནས། །བར་དོའི་དབང་བསྐུར་བྲི་བར་བྱ། །གང་ཞིག་སྲིད་པ་བར་དོ་དག་པའི་ཕྱིར། །བར་དོའི་དབང་བསྐུར་བར་འདོད་ན། །གང་ཟག་མཚན་ཉིད་གསུམ་དང་ལྡན་པས། གནས་དབེན་པར་བླ་རེ་དང་ཡོལ་བ་བྲེས་ནས། དེར་པད་འདབ་བརྒྱད་ལ་ལྷ་དགུ་བསྐྱེད་ནས་མཆོད་པ་དང་གཏོར་ཚོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་ཁྲུས་ཕྱོགས་བཞི་ཕྱོགས་མདོག་མེ་རླུང་སེར་བདེན་བྲལ་སྔོ་དབང་ལྡན་ལྗང་


PS010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སྟན་བདེ་བ་ལ་འདུག་སྟེ། སྔོན་དུ་འགྲོ་བ་རྣམས་བྱའོ། །དེ་ནས་རང་ཐ་མལ་པའི་སྤྱི་བོའི་སྟེང་དུ་པཾ་དམར་སེར་ལས་པདྨའི་སྡོང་པོའོ། །དེའི་དབུས་ཀྱི་པདྨ་ཁ་བྱེ་བའི་ལྟེ་བ་ལ། ཧེ་བཛྲ་རྡོ་རྗེ་དྲིལ་བུ་བསྣམས་པའི་ཡབ་རྐྱང་ངོ་། །འདབ་བརྒྱད་ལ་བདག་མེད་མ་གྲི་ཐོད་ཅན་གཞོན་ཞིང་སྒེག་པ་བདེ་བ་རྒྱས་པ་བརྒྱད་བསམ་མོ། །དེ་ནས་མཆོད་དེ་གསོལ་བ་བཏབ་པས། ལྷ་ཚོགས་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་ནས་རང་གི་ལུས་ཐམས་ཅད་འོད་ཀྱིས་ཁྱབ་པས། ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་དག་སྟེ། ལུས་སྣང་ལ་རང་བཞིན་མེད་པའི་འོད་ཀྱི་རང་བཞིན་དུ་བལྟའོ། །དེ་ལས་རང་ཧེ་བཛྲ་དཔའ་བོ་གཅིག་པར་གྱུར་པ་ནི་བུམ་དབང་ངོ། །ཡང་མཆོད་པས་ལྷ་མོ་བརྒྱད་གཅིག་ཏུ་གྱུར་པ་ཡབ་ལ་འཁྱུད་པས་


PS010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་བདེ་བ་རྒྱས་ཏེ། སྦྱོར་འཚམས་ནས་བྱང་སེམས་དཀར་དམར་བདེ་ཕྲི་ལི་ལི་བྱུང་ནས། རང་གི་ལྕེ་ཐོག་ཏུ་བབ་པས་ངག་གི་སྒྲིབ་པ་དག་ནས་བདེ་བ་སྐྱེས་པ་ནི་གསང་དབང་ངོ་། །ཡང་མཆོད་པས་ཡུམ་དེ་ལས་བདག་མེད་མ་བདེ་བས་རྒྱས་པ་གཅིག་ཆད་ནས་བྱུང་སྟེ། བདག་ཉིད་ཡབ་དུ་གསལ་བ་ལ་འཁྱུད་ནས་སྦྱོར་བ་བྱས་པས་ལུས་ཟག་མེད་ཀྱི་བདེ་བ་སྐྱེས་ཏེ། སེམས་ཀྱི་སྡིག་སྒྲིབ་དག་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡང་མཆོད་པས་སྤྱི་བོའི་ལྷ་ཚོགས་གདན་དང་བཅས་པ་སྤྱི་གཙུག་ཏུ་ཐིམ་པ་དང་། བདག་ཉིད་ལྷ་སྐུ་སྔར་བས་ཀྱང་གསལ་བར་གྱུར་ཏེ། ལུས་ལྷ་སྐུ་གསལ་ལ་རྟོག་པ་མེད་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་བཞག་པ་ནི་དབང་བཞི་པའོ། །དེ་ནས་
དབང་དང་དག་བྱ་ལ་སོགས་པ་ནི་ཤེས་པར་བྱས་ནས་མདུན་དུ་ཆོས་འབྱུང་སྔོན་པོའི་ནང་དུ་ཧཱུཾ་ངམ་ཐིག་ལེའི་འོད་ཟེར་གྱི་མངལ་སྒོ་སྦྱངས་ཞིང་བཀག་ནས། རང་དང་སྣང་བ་ཐམས་ཅད་ཡི་དམ་ཡབ་ཡུམ་དུ་གྱུར་པར་བལྟའོ། །རྗེས་ཚོགས་ལ་ལོངས་སྤྱོད། བཤགས་པ་བྱ། བཟོད་པར་གསོལ། སྨོན་ལམ་གདབ། གཏོར་མ་བཏང་། བསྔོ་བ་བྱའོ། །བར་དོ་དག་བྱེད་ཏིང་ངེ་འཛིན་གྱི་དབང་བསྐུར་རྫོགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །གཅེས་པའི་སྲོག་ལ་མ་བལྟས་པར། །རྒྱ་གར་ཡུལ་དུ་ལན་བདུན་ཕྱིན། །སངས་རྒྱས་དངོས་མཇལ་ཌཱ་ཀི་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨྀིྠ། །

སྒྱུ་ལུས་དབང་མོ་ཆེ།


PS010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་དབང་མོ་ཆེ་བཞུགས་སོ། །ན་མོ་གུ་རུ། ཕྱག་འཚལ་ལོ་བླ་མ་ལ། ཙཀྲ་


PS010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་བྷ་ར། མ་ཧཱ་མ་ཡ། ཧེ་བཛྲ། གུ་ཧྱ་ས་མ་ཛ། བཛྲ་བྷཻ་ར་ལྦ། ཌཱ་ཀི་ནཱི། མ་ཧཱ་ཀཱ་ལ། བླ་མ་ཡི་དམ་མཁའ་འཁོར་ལོ་བདེ་མཆོག་སྒྱུ་མ་ཆེན་པོ་ཀྱཻ་རྡོ་རྗེ། གསང་བ་འདུས་པ་རྡོ་རྗེ་འཇིགས་བྱེད་མཁའ་འགྲོ་མ་ནག་པོ་ཆེན་པོ། འགྲོ་ཆོས་སྐྱོང་ལ། །ལུས་ངག་ཡིད་གསུམ་གུས་པས་བཏུད་བྱས་ནས། །ཁྱད་འཕགས་སྒྱུ་ལུས་རྨི་ལམ་འོད་གསལ་གྱི། །དབང་བསྐུར་མཁའ་འགྲོའི་གསུང་བཞིན་བྲི་བར་བྱ། །དེ་ལ་ཚེ་འདིར་སངས་རྒྱས་ཐོབ་པར་འདོད་པས། ཐོག་མར་དབང་མ་བསྐུར་ན་མཆོག་གི་དངོས་གྲུབ་མི་འགྲུབ་པས། དབང་བསྐུར་བར་བྱ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་པ་དང་། སངས་


PS010_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་པི་ཝཾ་འབྱོར་ཚོགས་ཀུན། །རྒྱུད་དང་བྲལ་ན་བརྡུང་མི་ནུས། དེ་བཞིན་དབང་བསྐུར་མེད་པ་ལ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སོ། །དེང་ཡང་དབང་བསྐུར་ལ་དབང་པོའི་བྱེ་བྲག་གིས། རབ་ཏིང་ངེ་འཛིན། འབྲིང་མེ་ཏོག་ཚོམ་བུ། ཐ་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། དབང་བསྐུར་དབང་པོའི་བྱེ་བྲག་གིས། །ཏིང་འཛིན་མེ་ཏོག་རྡུལ་ཚོན་ནོ། །ཞེས་པ་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དཀྱིལ་འཁོར་སློབ་མ་རབ་འབྲིང་མཐའ། ཏིང་འཛིན་མེ་ཏོག་རྡུལ་ཚོན་རམ། །ཞེས་སོ། །དེ་ལ་སྨིན་བྱེད་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། སྦྱོར་བ།


PS010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དབེན་པར་ཡོལ་བ་དང་བླ་རེས་བྲེས་ལ། རྟེན་དགྲམ་མཎྜལ་བའི་རྣམ་ལྔ་དང་། བདུད་རྩི་བྱུགས་ལ། ཐིག་བཏབ་ནས་ཕོ་བྲང་གསུམ་མམ། བཞི་བྱས་ཏེ། དང་པོ་ནི་བ་དམར་མོའམ་དམར་ཟལ་གྱི་ཁ་ཆུ་འོ་མ་ཞོ་ཆུ་ལྕིའོ། ལ་ཆོས་འབྱུང་གཉིས་རྩེགས་དཀར་པོ། རེ་ཁ་མཐིང་ནག །རྩིབས་མཆན་དམར་པོའོ། །དེའི་འོག་མ་ལ་པདྨ་འདབ་བཞི། ཤར་བཞི་གླིང་དུ་ཡོད་པའི་རང་ངོས་ནས་གཡས་བསྐོར་གྱིས། མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་ཕྱོགས་མཚོན་ནོ། །ཡང་དང་དང་དབུས་གཉིས་པོ་ལ་ཆོས་འབྱུང་དམར་པོ། མེ་རི་ལྗང་གུ། ཟླ་གམ་མཐིང་ལྗང་དཀར་པོའོ། །དེའི་འོག་མ་ལ་མཐིང་འོག་མའི་ནག་གྲུ་གསུམ་མེ་རི་དམར་པོ། ཟླ་ཁམ་ལྗང་གུའོ། །དེ་རྣམས་ཀྱི་མུ་ཁྱུད་ནག་པོ། གྲུ་ཆད་ལྗང་གུ། པདྨའི་ཁྱམས་ཕྱོགས་མཚོན། གྲུ་བཞི།


PS010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རི་ནག་པོ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ནས་མཎྜལ་རྣམས་ལ་མཆོད་གཏོར་དང་། ཚོགས་ཀྱི་ཡོ་བྱད་ཀྱིས་བསྐོར་ནས། སློབ་དཔོན་གྱིས་བདག་བསྐྱེད་སྔོན་དུ་སོང་བས། དཀྱིལ་འཁོར་པ་དང་མ་བསྒྲུབ་པར་བྱ་ཚོགས་ཚད་སྟེ། བདུད་རྩི་གཏོར་ཤུ་ནྱཏའི་སྔགས་ཀྱི་བསངས་སྦྱངས་བྱས་ཏེ། བདེ་མཆོག་གི་གནས་ལྔར་རྒྱུད་སྡེ་ལྔའི་གཙོ་བོ། དེ་ཡང་ཕོ་བྲང་དང་པོ་དེ་ཤེལ་ལས་གྲུབ་པའི་ཆོས་འབྱུང་དབུས་སུ་བླ་མ་དང་བདེ་མཆོག་དབྱེར་མེད་དོ། །ཤར་དུ་དགྱེས་མཛད། ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་རྡོ་རྗེ་འཇིགས་བྱེད་དོ། །དེ་རྣམས་ཀྱང་སྐད་ཅིག་གམ་ལྷ་དགུའམ་གཙོ་བོ། ཆོ་ག་བཅུ་དགུའམ་གཙོ་བོ། གསུམ་གྱིས་ལྷ་ལྔ་བསྐྱེད་པར་བྱའོ། །དེའི་བཅུ་གསུམ་འོག་གི་པདྨ་ལ་མེ་ཏོག་གི་ཚོམ་བུ་ལྔ་ལ་ལྷ་ལྔ་བསྐྱེད། ལྟེ་བར་བུམ་པ་གྱི་བུམ་རྫས་མགུལ་ཆིངས་ཁ་རྒྱན་དང་བཅས་པ་


PS010_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ནས། ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་ཕོ་བྲང་དུ་ལྷ་ལྔ་བསྐྱེད་ནས། ཡེ་ཤེས་པ་གུག་གཞུག་དང་། མཆོད་བསྟོད་བཟླས་པ་བྱས་པས། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བྱུང་སྟེ། བུམ་པ་གང་བ་དང་། ཡབ་ཡུམ་ཀྱང་བདེ་བའི་རང་བཞིན་དུ་ཞུ་བར་བསམ་མོ། །དེ་ནས་འོག་མའི་ཆོས་འབྱུང་དམར་པོའི་དབུས་སུ་མེ་ཏོག་གི་ཚོམ་བུ་ལས་བདེ་མཆོག་ལྷ་ལྔ་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་ལ་སོགས་པ་རྣམས་བྱའོ། །དེ་རྣམས་ཀྱིས་གྲུ་ཆད་ལ་མཆོད་པའི་ལྷ་མོ། ཁྱམས་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད། ཞལ་སྦྱོར་བདེ་བ་ཆེན་པོའི་རྣམ་པས་ཏིལ་གྱི་གང་བུ་ཁ་བྱེ་བབ་ཞིན་དུ་བལྟ་བར་བྱའོ། །དེའི་འོག་མའི་གྲུ་གསུམ་མཐིང་ནག་གི་དབུས་སུ་ཡེ་ཤེས་ཀྱི་མགོན་པོ་བསྐྱེད། ལྷ་མོ་འཁོར་བཞི་དང་བཅས་པ་དབུས་སུ།


PS010_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱམས་ལ་ཕྱོགས་སྐྱོང་བཅུ་དང་། གཙང་རིས་ཀྱི་མགོན་པོ་དང་། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་བལྟའོ། །དེ་ལྟར་ཕོ་བྲང་དེ་རྣམས་ཀྱང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་གུ། པ་རེག་འདོད་ཡོན་དམར། ཕ་གུ་སེར། དྲྭ་ཕྱེད་སྔོ་བ། མདའ་ཡབ་སྣ་ཚོགས་པ། སྟེང་མཆོད་རྟེན་མགོ་ལྔ་པ་ལ། འོག་རྟ་བབས་སུ་ཡོད་པ། རྡོ་རྗེའི་རྭ་བ་དུར་ཁྲོད་བརྒྱད་མེ་རི་དང་བཅས་པའི་གཞལ་ཡས་ཁང་། སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །དེ་ནས་སློབ་མ་རྣམས་གྲལ་ལ་བཀོད་ལ། བགེགས་གཏོར་བཏང་ནས། སློབ་དཔོན་བདག་འཇུག་སྔོན་དུ་སོང་བས། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། སློབ་མ་ལ་བསྐུར་བའི་རིམ་པ་ལྟར།


PS010_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ། གསོལ་བ་གདབ་པ། གནང་བ་སྦྱིན་པ། བློ་དགུག་པ། ཡན་ལག་ལྔ་བྱ་བ། ཐུན་མོང་དང་ཁྱད་པར་གྱི། སྨོན་འཇུག་གི་སྡོམ་པ་བཟུང་བ། སྔགས་ཀྱི་ཆེ་བ་བསྟན་པ། བདེ་སྟོང་དུ་སེམས་བསྐྱེད་པ། དམ་ཚིག་རྡོ་རྗེ་བྱིན་པ། ཧེ་རུ་ཀའི་དམ་བསྒྲག་པ། མནའ་ཆུ་བླུད་པ། རྡོ་རྗེ་སློབ་དཔོན་གྱི་དམ་བསྒྲག་པ། ཡེ་ཤེས་དབབ་པར་གསོལ་བ་གདབ་པ་རྣམས་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། བུམ་པའི་དབང་བཞི་དང་། ཏིང་ངེ་འཛིན་གྱི་དབང་བཞིའོ། །དང་པོ་ནི། སློབ་མ་རྣམས་ཀྱི་ལུས་གནད་གང་ཡང་རུང་བའི་མིག་བཀབ་ལ། སྤྱི་བོར་ཐལ་མོ་སྦྱར་ནས་འདུག་པ་ལ། རྫས་བུ་པའི་དབང་བཞི་གསུམ་གུ་གུལ་ཚིལ་ཆེན་བྱི་ལ་ནག་པོའི་ཐུན་ཁངས་པའམ་ཙོག་པུ་དར་གྱིས་


PS010_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུད་པ་དང་། རོལ་མོ་སྣ་ཚོགས་བསྒྲག་ཅིང་། སློབ་དཔོན་བདག་ཉིད་ཧེ་རུ་ཀར་ལངས་ཏེ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། བཛྲ་ཟླ་མཚན་མ་ཉམས་པའི་འདོམས་ནས་ཨ་བེ་མི་འཆི་ཁའི་ཁར་བཅུག་པའི་གུ་གུལ་བྱི་ལ་ནག་པོའི་ཐུན་ཡིན་གསུང་ཤ་ཡ་ཨ་ཨ། ཞེས་བཟླས་ཤིང་། སློབ་མའི་སྤྱི་བོར་ཡེ་ཤེས་པ་ཆར་བཞིན་དབབ་པར་བྱའོ། །དེ་ལུས་ངག་ཡིད་གསུམ་ལ་འཕར་བ་དང་། འདར་བ། མཁའ་ལ་འགྲོ་བ། རྒྱུད་སྡེ་ལྔའི་རྡོ་རྗེའི་གླུ་དང་། སཾ་ཀྲྀ་ཏའི་སྐད་དང་། ལུས་ལ་བབས་ན། མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་རོ། །དེ་ནས་སློབ་མའི་སྤྱི་ངག་ལ་བོར་བུམ་པ་བཞག་ནས། ཕྱོགས་བཅུ་རྒྱལ་བ་ཐམས་སེམས་ལ་ཅད་དང་། མིག་དར་གསལ་དཀྱིལ་འཁོར་བསྟན། ལྷ་ལྔས་བུམ་པ་ཐོགས་ནས། དབང་བསྐུར་བར་བསམ་ཏེ། སྡོམ་པ་རྒྱ་མཚོ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱིས་རྒྱུད་ལས། སྐྱོབ་པའི་


PS010_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མངོན་སུམ་དུ། །ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ཀྱང་། །དེ་ཉིད་ལ་ནི་དབང་བསྐུར་བར། །དཀྱིལ་འཁོར་དེ་ཉིད་རིག་པར་བསམ། །ཞེས་པས་ལུས་ཀྱི་སྡིག་སྒྲིབ་དག་པར་བསམ་ལ། ཧཱུཾ་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མམ། །ཞེས་པས་ཁྲུས་བྱའོ། །དེ་ནས་གསང་དབང་ནི། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད། ཡབ་ཡུམ་བདེ་བའི་བུམ་པ་སྤྱི་བོར་བཞག་ངོ་བོར་བུམ་པའི་དབང་གིས། མངར་གསུམ་དང་བདུད་རྩི་བསྲེས་པ་བྱིན་ལ་ཞུ་བའི་བདུད་རྩི་དཀར་དམར་ལྕེ་ཐོག་ཏུ་བབས་པར་བསམས་ཏེ། བདེ་མཆོག་བདེ་བའི་མྱུ་གུ་ལས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་


PS010_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་རབ་བསྡུས་ནས། །བདེ་བ་བསྐྱེད་ཕྱིར་རིགས་ཀྱི་ཡུམ། །སྲས་བཅས་གསང་བའི་དབང་བསྐུར་བྱ། །ཞེས་པས་ངག་གི་སྡིག་སྒྲིབ་དག་པར་བསམས་ནས། །ཧཱུཾ་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་མཾ། །ཞེས་བརྗོད་ནས། བུམ་ཆུ་བདུད་རྩི་དཀར་དམར་གྱི་རང་བཞིན་ལྕེ་ཐོག་ཏུ་སྦྱིན་ནོ། །དེ་ནས་བུམ་པ་མགྲིན་པར་བཞག་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། །བུམ་ཆུ་བདུད་རྩི་དཀར་དམར་གྱིས་སྙིང་ག་ཁེངས་པས་དབང་གསུམ་པའི་ཡེ་ཤེས་སྐྱེས་པར་བསམ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། བུམ་པ་སྙིང་ཁར་བཞག །ཞེས་བརྗོད་པས་བདེ་སྟོང་གཉིས་སུ་མེད་པར་བསམ་མོ། འི་དོན་རྒྱུད་ལ་སྐྱེས་


PS010_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དབང་བཞི་པ་ནི། བུམ་པའི་ཆུའི་བདུད་རྩིས་ལྟེ་བ་དང་ལུས་ཐམས་ཅད་ཁྱབ་པས། ལུས་ངག་ཡིད་གསུམ་ཐ་དད་དུ། །འཛིན་རྟོག་ཐམས་ཅད་དག་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུར་བ་ཨ་བྷི་ཥིཉྩ་མཾ། །ཞེས་པས་བརྗོད་བྲལ་ལྷན་ཅིག་པའི་པ་སྐྱེས་པ་དེ་ཁོ་ན་ཉིད་ཡེ་ཤེས་སྐྱེས་པར་བསམ་མོ། །གཉིས་པ་ཏིང་ངེ་འཛིན་གྱི་དབང་ལ་གཉིས་ཏེ། གདམས་ངག་དབང་དང་འབྲེལ་བ་དང་། དབང་གདམས་ངག་དང་འབྲེལ་པའོ། །དང་པོ་ནི། རང་གི་ལུས་ལོངས་སྤྱོད་ཕྱི་ནང་གསང་གསུམ་གྱི་གདམས་ངག་བསྒོམ་པས་དབང་དོན་སྐྱེ་བ་ལ་ཟེར་མཆོད་པ་དབང་དོན་བསྒོམས་པས་རྟོགས་པ་སྐྱེ་བ་ལ་ཟེར། དང་བཅས་པ་རྣམས། བླ་མ་ཡི་དམ་ཆོས་སྐྱོང་ལ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་


PS010_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱི་བདག་ལ་དག་པ་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། ཡེ་ཤེས་ཀྱི་ཆོས་སྐྱོང་བའི་བསྲུངས་མ་རྣམས་ཀྱི་བདག་ཡང་དག་པ་སྒྱུ་ལུས་ཀྱི་དབང་ཞུ་བ་དང་། ཉམས་སུ་ལེན་པ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ་བརྗོད་དོ། །དེ་ནས་རང་གི་སྤྱི་བོར་ཨོཾ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་དཀར་པོ་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་ཐམས་ཅད་བསྡུས་ནས་བྱུང་སྟེ། ཨོཾ་ལ་ཐིམ། ཨོཾ་ལྟེ་བར་བྱོན་པས་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་བཞིན་དུ་སྤྱི་བོར་ཨཾ་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གྱི་ཡོན་ཏན་ཐམས་ཅད་བསྡུས་ནས་ཨཾ་ལ་ཐིམ། ཨཾ་ལྟེ་བར་བྱོན་པས་ཐིག་


PS010_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་དམར་པོ་གཅིག་ཏུ་གྱུར། །ཡང་སྤྱི་བོའི་ཧཱུཾ་སྔོན་པོ་ལས་འོད་ཟེར་སྔོན་པོ་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་ཧཱུཾ་ལ་ཐིམ། ཧཱུཾ་ལྟེ་བར་བྱོན་པས་ཐིག་ལེ་སྔོན་པོ་གཅིག་ཏུ་གྱུར་པར་བསམ། ཡང་སྤྱི་བོར་ཏྲཾ་སེར་པོ་ལས་འོད་ཟེར་སེར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་ཏྲཾ་ལ་ཐིམ། ཏྲཾ་ལྟེ་བར་བྱོན་པས་ཐིག་ལེ་སེར་པོ་གཅིག་ཏུ་གྱུར། ཡང་སྤྱི་བོར་ཨཱ་ལྗང་གུ་ལས་འོད་ཟེར་ལྗང་གུ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྲིས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་ཨཱ་ལ་ཐིམ། ཨ་ལྟེ་བར་བྱོན་པས་ཐིག་ལེ་ལྗང་གུ་གཅིག་ཏུ་གྱུར་པར་བསམ་མོ། །དེ་དག་གིས་ཡེ་ཤེས་ཀྱི་རླུང་གི་


PS010_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྙིགས་མ་ཐམས་ཅད་ཕྱིར་སྦྱངས་ནས། དྭངས་མ་ལས་ལྷན་སྐྱེས་ལམ་གྱིས་བསྒོམ་པར་བྱའོ། །གཉིས་པ་ནི། མཎྜལ་གྱི་སྟེང་གི་ནམ་མཁའ་ལ་རིན་པོ་ཆེའི་ཁྲིའི་སྟེང་དུ། རང་གི་རྩ་བའི་བླ་མ་ཡུམ་དང་བཅས་པར་བསམ་ནས། དེ་ལ་རང་གི་རང་གི་ཐུགས་ཀ་ནས་ལྷ་མོ་དཔག་མེད་འཕྲོས་པར་དམིགས་ནས་ཕྱི་མེ་ཏོག་བདུག་སྤོས་ནང་ཤ་ལྔ་བདུད་རྩི་ལྔ་གསང་བ་བདེ་སྟོང་གཉིས་སུ་མེད་པ་བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་འབུལ་ལོ་བཞེས་སུ་གསོལ། ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་ཕུལ་ལོ། །དད་གུས་བྱ་ཞིང་། བླ་མས་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། བླ་མའི་སྨིན་ཕྲག་ནས་འོད་ཟེར་དཀར་པོ་གཅིག་བྱུང་ནས། རང་གི་སྨིན་ཕྲག་ཏུ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །ལྷ་སྐུ་སྔ་མ་བས་ཀྱང་གསལ་བར་གྱུར་པར་བསམ་མོ། །ཡང་མཆོད་པ་ཕུལ་ལ་གསང་བའི་


PS010_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དུ་གསོལ་ཞེས་པས། བླ་མ་ཡབ་ཡུམ་གྱི་སྦྱོར་འཚམས་ནས་བྱང་སེམས་དཀར་དམར་བྱུང་སྟེ། རང་གི་ལྕེ་ལ་ཐིམ་པས་ངག་གི་དྲི་མ་དག །ལྷ་སྐུ་གསལ་བར་བསམ་མོ། །ཡང་མཆོད་དེ། ཤེས་རབ་ཡེ་ཤེས་ཀྱི་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་བྱུང་ནས། རང་གི་ཐུགས་ཀར་ཐིམ་པས་སེམས་ཀྱི་དྲི་མ་དག་ནས་ལྷ་སྐུ་གསལ་བར་བལྟའོ། །དེའི་ངང་དུ་ལུས་སེམས་ཁོང་གློད་ལ་སེམས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ངང་དུ་ལྷན་གྱིས་བཞག་གོ། དེ་ལ་སེམས་གནས་པ་དེ་སྲིད་དུ་བསྒོམ། དེ་ནི་དབང་བཞི་པའོ། །དེ་གདམས་ངག་དབང་དང་འབྲེལ། དབང་གདམས་ངག་དང་འབྲེལ་པ་ནི། དེ་ནས་ཡང་སྟོང་པས་གཉིས་པ་གདམས་ངག་དབང་དང་འབྲེལ་བ་ལ་གསུམ་སྟེ། གཞི་བྱས་


PS010_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་སྣ་ཚོགས་སུ་འཆར་བ་དང་། རྩས་ལམ་སྦྱངས་རིག་པ་སྣ་ཚོགས་སུ་འཆར་བ་དང་། ལུས་དག་པ་ལྷའི་སྐུ་རུ་བསྒོམ་པའོ། སྟོན་དང་པོ་ནི་རང་གི་ལུས་ལ་རྩ་དབུ་མ་གསལ་བཏབ་ལ། སྙིང་གའི་ཐད་ཀའི་རྩའི་ནང་དུ་ཨ་དཀར་པོ་གཅིག་བསམ་ནས། སྟོང་པས་གཞི་བྱས་རིག་པ་སྣ་ཚོགས་སུ་འཆར་བ། ཕྱི་དཀར་ནང་དམར་ཡར་རྩེ་ཚང་བུག་མར་སྣ་གསང་གནས། རྩས་ལམ་སྦྱངས་རིག་པ་སྣ་ཚོགས་སུ་འཆར་བ། ངག་ཏུ་ཨ་བརྗོད་པས་རྩ་དབུ་མ་ཇེ་གསལ་ཇེ་གསལ་ལ་མཐར་སྟོང་པ་ཉིད་ཀྱི་ངང་དུ་སིང་གིས་བཞག་གོ། གཉིས་པ་ནི་རང་གི་སྤྱི་བོར་ཧཾ། མགྲིན་པར་ཨཱཿསྙིང་གར་ཧཱུཾ། ལྟེ་བར་ཨ་བསམ་མོ། དེ་ནས་སྤྱི་བོའི་ཧཾ་ལས་འོད་ཟེར་གསལ་སིང་གིས་བྱུང་བས་མགྲིན་པའི་ཨཱ་གསོལ། ཨ་ལས་འོད་བྱུང་སྙིང་གའི་ཧཱུཾ་གསོས། ཧཱུཾ་ལས་འོད་བྱུང་ལྟེ་བའི་ཨ་གསོས་པ་དང་། བདེ་


PS010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སིང་པ་ལ་སེམས་གཏད་དོ། །དེའི་ངང་ལས་ལྷན་སྐྱེས་སུ་ལམ་གྱིས་བསྒོམ་མོ། །གསུམ་པ་ནི། ཡི་དམ་དུ་བསྒོམས་པའི་ནོར་བུའི་རྩེ་ལ་ཧཱུཾ་སྔོན་པོ་གྱེན་ལ་བསྟན་པའི་མགོ་ལ་ཐིག་ལེ་དམར་པོ་གཅིག་བསམ། སྤྱི་བོའི་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་མགོ་ལ། ཐིག་ལེ་དཀར་པོ་གཅིག་བསམ་མོ། །དེ་ནས་ནོར་བུའི་ཧཱུཾ་དེས་ནོར་བུ་སྒྱུ་མ་བཟློག་པ་བཞིན་དུ་བྱུང་སྟེ་སྙིང་གར་སླེབ་པ་དང་། སྨད་ཀྱི་འདོད་ཆགས་དག་པར་བསམ། སྤྱི་བོའི་ཧཾ་མར་བྱུང་སྟེ་སྙིང་གར་སླེབ་པས་གཏི་མུག་དག་པར་བསམ། ཞེ་སྡང་རང་དག་ཡིན་གསུང་ངོ་། །དེ་ནས་ལྷ་ཡང་གསལ་བཏབ་པ་དང་། ཐིག་ལེ་འཁོར་བ་བུམ་དབང་ངོ། །ཧཾ་དང་ཧཱུཾ་གི་ཐིག་ལེ་ཕྲད་པ་གསང་དབང་ངོ་། །ཐིག་དབང་གདམས་ངག་དང་འབྲེལ་བ་ནི་སྟོད་སྨད་དུ། ལེ་གཉིས་པོ་རེག་པས་


PS010_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སིང་བྱུང་བ་ཤེས་རབ་ཡེ་ཤེས་སོ། །གཅིག་ལ་གཅིག་ཐིམ་ནས་སྟོང་ཉིད་དུ་སོང་བ་ནི་དབང་བཞི་པའོ། །གསུམ་པ་རྗེས་ལ་ཚོགས་དང་གཏོར་མ་དབུལ། ཚོགས་ལ་ལོངས་སྤྱོད། བཤགས་པ་བྱ། ལྷག་གཏོར་བཏང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། སྨོན་ལམ་གདབ། བཀྲ་ཤིས་བརྗོད། བསྔོ་བ་བྱའོ། །སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་བའི་ཆོ་ག་ཡེ་ཤེས་ཀྱི་ཌཱ་ཀི་མའི་ཕྱག་ལེན་ལྟར་བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ཡང་དག་པའི་དབང་བསྐུར་འདི་ཉིད། སེང་ལྡེང་ནགས་ཚང་ཚིང་འཁྲིགས་པའི་གནས་སུ། སྤྲུལ་པའི་དཀྱིལ་འཁོར་དུ་ཡེ་ཤེས་ཀྱི་ཌཱ་ཀི་མ་ནཻ་གུ་མས་དབང་བསྐུར་བའི་ཚེ། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །བརྒྱུད་པ་ནི། རྡོ་རྗེ་འཆང་།
ནཻ་གུ་མ། ཁྱུང་པོ། རྨོག་ལྕོག་པ། སྐྱེར་སྒང་པ། གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན་པ། རྒྱལ་མཚན་འབུམ། ཚུལ་ཁྲིམས་མགོན་པོ། རི་ཁྲོད་པ། ཤངས་དཀར། སངས་རྒྱས་དཔལ། དེས་གྲུབ་ཆེན་དང་། ཀུན་སྤངས་པ་ལ། དེ་གཉིས་ཀ་ལ་སྤྲུལ་སྐུ་ངག་གི་དབང་པོ། དེས་བདག་བྱམས་པ་རིན་ཆེན་བཟང་པོ་ལ་གནང་། ཡང་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་ཡང་བདག་གི་ཐོབས་སོ། །ཤུ་བྷཾ། །

འཕོ་བ་བར་དོ་སྤྱིའི་བཀའ།


PS010_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་བར་དོ་སྤྱིའི་བཀའ་བཞུགས་སོ། ན་མོ་གུ་རུ། བར་དོའི་དབང་བསྐུར་བར་འདོད་པས། གནས་དབེན་པར་སྟར་བར་བྱ། བླ་རེ་དང་ཡོལ་བ་བྲེས་ནས། མཎྜལ་གོང་འོག་གཉིས་བཤམས་ལ། གཏོར་མ་དང་ཚོགས་ཀྱིས་བསྐོར། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ། སྟན་ལ་འདུག་པ་ལ། སློབ་དཔོན་གྱིས་


PS010_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། གསོལ་བ་གདབ་པ། གནང་བ་སྦྱིན་པ། བློ་དགུག་པ། ལམ་ཡན་ལག་ལྔ་ཡན་ཆད་བྱའོ། །དངོས་གཞི་ནི། སྤྱི་བོར་ཆོས་འབྱུང་གཉིས་རྩེགས་བསྣོལ་མའི་ནང་མི་རོ་རློན་པའི་སྟེང་དུ། མཁའ་སྤྱོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། གཅེར་བུ་རུས་པ་དང་མི་མགོས་བརྒྱན་པ་ལ། རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ལྟོས་པ་མེད་པར་བློ་ལིངས་ཀྱི་ཕུལ་ནས། བདག་ལ་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། མཁའ་སྤྱོད་མའི་གསང་གནས། བདུད་རྩིའི་རྒྱུན་དམར་བ་ལ་དཀར་


PS010_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མདངས་ཆགས་པ་བྱུང་ནས་རང་གི་ལུས་ལ་ཐིམ་པས་སྤྱི་བོར་སླེབ། བུམ་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །མགྲིན་པས་གསང་བ་ངག་གི་དག །སྙིང་ག་ཤེས་རབ་ཡེ་ཤེས། ཡིད་ཀྱི་དག །ལྟེ་བས་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་འཛིན་པ་དག །ཤེས་བྱའི་སྒྲིབ་པ་ཐམས་ཅད་སངས་ཀྱི་དག་པར་བསྒོམ། དེ་ནས་རང་གི་མདུན་དུ་ཆོས་འབྱུང་སྔོན་པོའི་ནང་དུ་ཧཱུཾ་མཐིང་ནག་ལས་འོད་ཟེར་འཕྲོས་པ་ལས། འདས་པའི་མངལ་གྱི་ལན་ཆགས་སྦྱངས། ད་ལྟར་གྱི་དྲི་མ་དག །ཕྱིས་སྐྱེ་བའི་མངལ་སྒོ་བཀག་པར་བསམ་མོ། །དེ་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས། རང་ཡི་དམ་དུ་བསྐྱེད་པའི་སྙིང་གར་ཧཱུཾ། ལྟེ་བར་ཨ་བསམ། ཧཱུཾ་ལས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་འོད་དུ་ཞུ་བས་ནང་བཅུད་ཀྱི་སེམས་ཅན་ལ་


PS010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། སེམས་ཅན་འོད་དུ་ཞུ་རང་གི་ལུས་ལ་ཐིམ། ལུས་ཀྱང་ཡས་ཐིམ། མས་ཐིམ། སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ་ནས། མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་དུ་གསོལ། །ཞེས་གསོལ་བ་བཏབ་པ་དང་། ལྟེ་བའི་ཨ་མས་ཡར་ཆད། ནང་གི་བྱུང་། སྙིང་གའི་ཧཱུཾ་དང་བཅས་ནས། རྗེ་བཙུན་མའི་ཐུགས་ཀར་བསྟིམ་གྱིས་ཐིམ་པ་དང་། ཏོག་ཟེར་ཙ་ན་ནམ་མཁའ་ལ་འོད་དུ་ཡལ་སོང་བ་དང་། ལུས་རྙིང་པ་རྫ་གོག་བཞིན་བོར་ནས། སེམས་མཁའ་སྤྱོད་དུ་སངས་རྒྱས་པ་ཡིན་སྙམ་དུ་སྒོམ། དེ་ལྟ་བུ་ལན་གསུམ་དུ་བྱའོ། །དེ་ནས་རྗེས་ཀྱི་ཆོས་རྣམས་བྱའོ། །འདིའི་ལག་ལེན་གྱི་ཟིན་བྲིས་ཡིན་ནོ། ན་མོ་གུ་རུ། སྔོན་འགྲོའི་རིམ་པ་སྔོན་དུ་སོང་པས། འདི་ལྟར་བྱ་སྟེ། མཎྜལ་ཆོས་འབྱུང་གཉིས་


PS010_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྩེགས་ཀྱི་དབུས་སུ་མི་རོ་དཀར་པོ་མགོ་གཡོན་དུ་བསྟན་པའི་སྟེང་དུ། རྗེ་བཙུན་མ་མཁའ་སྤྱོད་མ་བསྐྱེད། རང་གི་སྤྱི་བོར་ཡང་མཁའ་སྤྱོད་མ་ཆོས་འབྱུང་དང་བཅས་པ་བསྐྱེད། སྟེང་གི་ནམ་མཁའ་ལ་རྩ་བ་དང་རྒྱུད་པའི་བླ་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དང་བཅས་པ་བསམ། དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་བ་ལ་དམར་བའི་མདངས་ཆགས་པ་བྱུང་། རྗེ་བཙུན་མའི་སྤྱི་བོར་ཐིམ། དེ་ནས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་པས། རྗེ་བཙུན་མའི་གསང་གནས་ནས་བྱང་སེམས་དམར་ལ་དཀར་བའི་མདངས་ཆགས་པ་བྱུང་། རང་གི་སྤྱི་བོར་ཐིམ་པས། ལུས་ཀྱི་


PS010_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། སྐུ་ཡི་བྱིན་རླབས་ཞུགས་པ་ཡིན་སྙམ་དུ་བསམ། དེ་ནས་བྱང་སེམས་དམར་བ་ལ་དཀར་བའི་མདངས་ཆགས་པ་མགྲིན་པར་སླེབ་པས། ངག་གི་བསགས་པའི་སྡིག་སྒྲིབ་དག །གསང་དབང་ཐོབ། གསུང་གི་བྱིན་རླབས་ཞུགས་པར་བསམ། སྙིང་གར་སླེབ་པས་ཡིད་ཀྱིས་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས་པ་ཡིན་སྙམ་དུ་བསམ། ལྟེ་བར་སླེབ་པས། ལུས་ངག་ཡིད་གསུམ་གྱི་དག །དབང་བཞི་པ་ཐོབ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་མོ། །ཡང་རང་གི་མདུན་དུ་ཆོས་འབྱུང་སྔོན་པོ་གཅིག་བསམ། དེ་མ་རྟོགས་པ་རྣམས་ལ་མའི་མངལ་རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན་སྙམ་དུ་བསམ། དེའི་ནང་དུ་རང་གི་སེམས་ཉིད་ཧཱུཾ་དུ་གྱུར་པ་ལས་འོད་འཕྲོས་


PS010_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་མངལ་གྱི་ལན་ཆགས་སྦྱངས། ད་ལྟར་གྱི་དྲི་མ་བསལ། མ་འོངས་པའི་མངལ་སྒོ་བཀག །དེ་གཅིག་པུས་ཆོག་གསུངས། དེ་ལས་རང་ཉིད་ཡི་དམ་དུ་བསྒོམས་པའི་སྤྱི་བོར་མཁའ་སྤྱོད་མ་བསྒོམ། ལྟེ་བར་ཨ་དཀར་པོ་གཅིག་བསྒོམ། སྙིང་གར་ཧཱུཾ་མཐིང་ག་གཅིག་བསམ། དེ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་གྱུར་ཏེ། ཕྱི་སྣོད་ཐམས་ཅད་དང་ནང་བཅུད་ཐམས་ཅད་ལ་ཐིམ། དེ་རང་ལ་ཐིམ། དེ་འབྱུང་བ་རིམ་གྱིས་ཐིམ་སྟེ། ལྟེ་བའི་ཨ་ལ་ཐིམ། ཨ་དབུ་མ་ནས་ཡར་རྒྱངས་ཀྱིས་སོང་ནས་རྗེ་བཙུན་མའི་ཐུགས་ཀར་སོང་། དེ་རྟོག་ཟེར་ནས་ནམ་མཁའ་ལ་འོད་དུ་ཡལ་གྱིས་སོང་སྟེ། ལུས་རྙིང་པ་བོར་ནས་སེམས་མཁའ་སྤྱོད་དུ་སངས་རྒྱས་པ་ཡིན་སྙམ་དུ་བསམ། དེ་འདྲ་བ་ལན་བདུན་དུ་བྱའོ། །


PS010_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་བསྲིང་བར་བྱ་བའི་ཕྱིར། མཁའ་སྤྱོད་ནས་མཁའ་སྤྱོད་མ་སྤྱི་བོར་བྱོན་ནས། མཁའ་གསང་ནས་བྱང་སེམས་ཕབ། སྤྱི་བོར་ན་མར་སོང་། ལུས་ཐམས་ཅད་གང་། མཁའ་སྤྱོད་མ་ཡང་སྤྱི་བོར་ཐིམ་པར་བསམ། རྗེས་ཀྱི་ཆོས་རྣམས་ནི་གཞན་དུ་གསལ་ལོ། །དགེའོ། །འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་དངོས་གཞི་འདི་ཀ་ཡིན་ནོ། །སྔོན་བསགས་ལས་འཕྲོ་སྐལ་བ་མི་དམན་ཞིང་། །བསླབ་གསུམ་རྣམ་དཀར་དག་པའི་དགེ་བའི་མཐུས། །ཐེག་པ་ཆེན་པོའི་ལམ་མཆོག་འདིར་ཞུགས་ནས། །འཁོར་བའི་རྒྱ་མཚོ་ཆེ་ལས་རབ་རྒལ་ཤོག །མངྒ་ལཾ། །

འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ།


PS010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ་བཞུགས་སོ། །


PS010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་ཆེན་དང་། །ནུས་པ་མཐར་ཕྱིན་རྟོགས་པ་མཆོག་འགྱུར་པའི། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིར་ཝ་པ། །དངོས་གྲུབ་ཀུན་བརྙེས་ལུས་སེམས་འཆི་མེད་གྱུར། །ཀུན་གྱིས་མཆོད་བསྟོད་བྲམ་ཟེ་ནག་པོ་དང་། །ཡི་དམ་མཁའ་འགྲོས་བར་དོར་སངས་


PS010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བར། །དངོས་སུ་ལུང་བསྟན་དུར་ཁྲོད་ནག་པོ་དང་། །བདེ་ཆེན་ཕྱག་རྒྱས་ཉོན་མོངས་རྩ་མདུད་བཀྲོལ། །ཟག་མེད་རབ་རྒྱས་ལ་སྟོད་མགོན་པོ་དང་། །གང་ལ་ཐོགས་མེད་གནམ་ལྕགས་འབར་བ་ཡང་། །མེ་ཏོག་རྒྱན་གྱུར་སངས་རྒྱས་གཉན་སྟོན་དང་། །དུས་གསུམ་སངས་རྒྱས་བླ་མའི་ཞབས་པད་ལ། །ལུས་ངག་ཡིད་གསུམ་དང་ཞིང་གུས་བཏུད་ནས། །བརྗོད་བྱའི་སྙིང་པོ་ལུས་


PS010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཆི་མེད་ཀྱི། །སངས་རྒྱས་ཚེ་འདིར་ངེས་པར་འགྲུབ་བྱེད་ཅིང་། །ཉེས་སྐྱོན་ཀུན་སེལ་ཡོན་ཏན་རབ་རྫོགས་པའི། །འཆི་མེད་གྲུབ་པའི་འཁྲུལ་འཁོར་བདུད་རྩི་འདི། །སློབ་མ་མཆོག་གིས་གསོལ་བ་བཏབ་པའི་ངོར། །དབྲི་བསྣན་མེད་པར་བླ་མའི་གསུང་བཞིན་བྲི། །དེ་ལ་རྗེ་ལུས་སེམས་གཉིས་ནད་དང་ཉོན་མོངས་རྣམས་ཞི་བར་བྱེད་པའི། བཙུན་བིར་ཝ་པའི། །ཐུན་མོང་མ་ཡིན་གདམས་པའི་མཆོག །ཕྱག་རྒྱ་ཆེན་པོ་རྣམ་བཤད་པ། །རྒྱུད་རྣམས་ཀུན་ཏུ་སྦས་པའི་དོན། །མི་ནི་གང་གིས་ཐོབ་པ་ཡི། །ལྷ་རྣམས་ཀུན་གྱིས་མཆོད་འཆི་མེད་རྩ་བ་ལས། པར་འགྱུར། །སྡེ་བཞི་སྐྱེ་བ་བྱེ་བ་སྟོང་དག་ཏུ། །དབང་ཐོབ་པ། ལེགས་འཆི་མེད་འདི། ཀླུ་གནོད་སྦྱིན་ལས་རྒྱ་བསོད་ནམས་ཅིང་བསྟོད་ཆེན་རྣམས་བྱས་པས། །འཆི་མེད་དེ་ཐོས་འཁོར་བའི་རྒྱ་མཚོ་ལས། །ཕ་རོལ་དུ་ནི་རྣལ་འབྱོར་འགྲོ། །མྱ་ངན་འདས་ཀྱི་སྙམ་པ་ནི་


PS010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་ཆེན་ཚེ་འདིར་ཐོབ་པར་གྱུར། །གང་ཞིག་དད་དང་བརྩོན་འགྲུས་ལྡན། །བློ་ལྡན་དབང་རྫོགས་ལེགས་ཐོབ་ཅིང་། །སྐུ་གསུམ་དབྱེར་མེད་ཁྱད་པར་འདིར་ནི་གང་ཟག་དབང་ཐོབ་པས། །ལམ་འདི་ལ་ཆེན་དང་ནི་བཞི་འབད་པར་པར་བྱ། །འཆི་མེད་གྲུབ་པའི་འཁྲུལ་འཁོར་ལ། །སྔོན་འགྲོ་རྩ་བཅུ་གཉིས་འཆི་མེད་ཀྱི་བ་ཡན་ལག་གོ། གསང་སྔགས་ཀྱི་ཉིང་ཁུ་འཆི་མེད་འཁྲུལ་འཁོར་བརྩོན་པས་ཀུན་གྱི་སྔོན་འགྲོ་བའི། །རླུང་རེངས་གསུམ་སྟེ། རླུང་རིངས་འདུལ་བ་གཅིག་འདུལ་བཅུ་དགུ་བ་འདི་བཞིན་བྱ། །སོ་གཉིས་པོ་ཀུན་གྱི་དང་པོ། ཕྱི་ནང་བདུད་རྩི་ཁྲུས་བྱས་ལ། །སྟན་ལ་གར་སྟབས་ལངས་བྱས་ནས། རྐང་པ་གཡོན་པའི་བརླ་ལ་གཡས་པ་ཡི། །རྐང་པའི་མཐིལ་གི་ཁྲུས་དང་ནི་མི་བསྐྱོད་པ་སྦྱར་བྱས་ཏེ། །དེ་བཞིན་གཡས་ལའང་ཤེས་


PS010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཞུ་ཆེན་འབྲུ་མར་ལ་སོགས་པ། །ལག་པའི་མཐིལ་དུ་བླུག་བྱས་ནས། །རླུང་གི་སྦྱོར་བ་ལེགས་ལྡན་པ། །སྤྱི་བོའི་དེ་ནས་དང་གཙུག་ནས་རྐང་མཐིལ་རང་གི་བར། །གཡས་གཡོན་ལུས་ཀུན་ལ་ནི་ཁྱབ་གཉིས་ཁ་སྦྱོར་པར་བྱུག།རྩ་རྣམས་འདུས་པར་ནན་ཏན་བསྐྱེད། །ཤུགས་དང་གཉིས་ཀྱི་ལྡན་པ་ཤིན་ཏུ་གཅེས། །རང་གི་ལུས་ཀུན་མ་ཁྱབ་ན། །ཕྱག་རྒྱ་ཁྱད་པར་དུ་ལ་སོགས་བྱུགས་པར་ལ་བྱུག་གོ་དེ་ཡང་རླུང་གཉིས་སྦྱར་བས། བྱ། །དེས་ནི་རླུང་རེངས་གཞིལ་ལག་པས་བ་སྟེ། །ལུས་མཉེན་མ་ཤིང་བལ་ལས་ཁྱད་པར་ལྟ་བུར་ཡང་། །ཅི་ཟོས་ཟོས་རྣམས་འཇུ་འཁྲུལ་འཁོར་ཞིང་དྭངས་རྙིགས་འབྱེད། །ལུས་ཕན་ཡོན་ནི། ཀྱི་མདངས་གསལ་བ་དང་ཐིག་ལེ་འཕེལ་བ་དང་། །བ་དང་། རྩ་རླུང་ཐིག་ལེའི་ཟུག་རྣམས་སེལ། །ཟས་དང་ཁམས་མདོར་ན་བགེགས་རྣམས་ཐམས་ཅད་མེ་ཏོག་ལྟར་


PS010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རང་དག་འགྱུར། །སྟོབས་ཀྱི་འཁྲུལ་འཁོར་འདི་ཡི་ནི། །སྟེང་དུ་ལྷའི་འཇིག་རྟེན་བསྐྲག །རྐང་པ་འོག་ཏུ་བརྐྱང་པ་ཡི། །ཀླུ་རྣམས་ཏུ་འགྲོ་བར་ཀུན་རླུང་རེངས་གཞིལ་བའི་ཀྱང་བསྐྲག་པར་བྱེད། །ལག་པ་བརྐྱང་ཐམས་ཅད་པར་བྱེད་བསྐུམ་འདི་ཡིས་ནི། །ཕྱོགས་དང་ས་བདག་ལ་སོགས་བཞི་དག་ཀྱང་གཡོ་བར་བྱེད། །དི་ནི་རྫ་ཧི་ཏའི་སྐར་མའོ། །དེ་ནས་རྩ་བའི་འཁྲུལ་འཁོར་བཤད། །ཨང་གྲོལ་ལས་ཀྱི་ཕྱག་རྒྱ་དང་། །བེ་ཏ་ས་དང་གནོད་བྱེད་ཐམས་ཅད་བསྐྲད་ཅིང་བསྲུང་བར་འགྱུར་རོ། །གཉིས་པ། །ཆོས་ཀྱི་ཕྱག་རྒྱ་སྟེ། །བྷན་དྷ་དམ་ཚིག་ཕྱག་རྒྱ་དང་། གཅིག །ཕྱག་རྒྱ་ཆེ་དང་རྣམ་བཞིའོ། །དེ་ལ་ཕྱི་ནང་གསང་གསུམ་སྟེ། །རེ་རེ་ལའང་དང་གཉིས་བཞི་བཞིར་འདོད། །གསུམ། དྲིལ་བས་བཅུ་གཉིས་སུ། དང་པོ་པ་ཕྱིའི་འཁྲུལ་དང་དང་དང་ཕྱག་རྒྱ་ཆེ་དང་བཞི་


PS010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས། །ཨང་གྲོལ་ལས་ཀྱི་ཕྱག་རྒྱ་ནི། །བདེ་བའི་སྟན་ལ་སྒལ་ཚིགས་བསྲང་། །གཡོན་པའི་རྟིང་པས་གཤང་ལམ་དགག །རྩ་བ་དང་པོ་དམ་དུ་མནན་པར་བྱ། །རྩ་སྒོ་གཉིས་ནི་དམ་དུ་བསྡམ། །རྐང་ནས་རྐང་པ་གཡས་ཅུང་ཟད་བརྐྱང་བྱས་ཅིང་རྡོ་རྗེའི་པའི། །མཐེབ་ཆེན་ལག་པ་ས་པའི་གཡས་ཀྱིས་རྟིང་པས། ཞིང་གནོན་རེམ་གཟུང་། །ཅུང་ཟད་བསྟན་ལ་གྱེན་དུ་རྐེན་པར་བྱ། །ལག་པ་གཡོན་པས་བོལ་གོང་ནས། །བཟུང་ཀྱི་མཐེབ་མཛུབ་གུང་གསུམ་ལ་རླུང་རོ་དྲག་ནས་རྐང་གཡས་ཏུ་འབུད། །ཁམས་འདུས་མི་འབྱུང་དེ་ནས་དགོས་པ་རྐང་གཡས་ཡོད། །གཡས་གཡོན་གཉིས་ནས་རླུང་ལན་གསུམ་རྔུབས་ནས། །དེ་ལྟར་བྱས་པས་དབུ་མའི་སྒོ་རུ་བཙུད་བྱས་པས། །ཞེན་པ་ཉོན་མོངས་པའི། དང་ནི་གདུང་རོ་བརྐྱང་བ་སྤོང་། །གང་ཞེ་ན་དགོས་པ་བར་དུ་རྩ་གསུམ་དབང་དུ་སྡུད། །གསུམ་


PS010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་ཏུ་གྱུར་པ་ཡི། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར། །དེ་ལྟར་འཁྲུལ་འཁོར་ཐམས་ཅད་ལ། །མཁས་པས་དབང་དབུ་མར་གིས་ཤེས་པར་བགྱི། །དེ་ནས་མགྲིན་པ་དགུག་རོ་བྱས་ལ། །སྟེང་འོག་རླུང་གཉིས་ཁ་སྦྱར་ནས། །རླུང་རོ་ཕྱིར་འབུད་ནང་དུ་རྔུབ་གཉིས་ལ་ཡར་ལ་ཐེན་པ་དྲག་ཏུ་བསྡིག །ཇི་སྲིད་ཐུབ་ཚད་བར་དུའོ། །ཉི་ཟླ་གཉིས་ནི་བཅག་པར་བྱ། །སྒོ་དགུ་དག་པའི་སྦྱོར་བའོ། །བེ་ཏ་ཆོས་ཀྱི་ཕྱག་རྒྱ་ནི། །ལུས་རླུང་བསྒྱུར་རྐང་གཉིས་གཤིབས་པའི་བར། །སོར་ལྔ་དག་གི་ཚད་ཙམ་བཞག །ཞེས་ཀྱང་བྱ། ཕྱིའི་རྐང་པའི་བྲང་པ་སོར་མོ་རྣམས། །ས་ལ་སྙོམས་སྟན་ལ་ཤིང་བརྟན་དུ་རང་གི་པར་གཟུང་། །ཐབས་དེ་ནས་ལ་གཡས་ནས་དང་ལ་གཡོན་ཤེས་རབ་ཚུལ་གྱི་ནི། །ལག་གཉིས་དང་པའི་ལིང་ག་བསྡམ་པར་བྱ། །སྟེ་ཚུལ་ཇི་ལྟར་ན། གཡོན་པས་ལག་པ་


PS010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་མཐེབ་ཆེན་མནན། །རྐང་ལག་བར་དུ་མཐོ་གསུམ་མོ། །དེ་ནས་མགོ་བོ་དགུག་བྱ་སྟེ། །ཡར་ལ་དལ་བུས་ཐེན་ནས་ནི། །འཕོངས་དང་ནས་བརླ་གཉིས་བྱིན་གཉིས་ཀྱི་བར་དུ་རང་གི་རྟིང་པ་ལག་གཉིས་བར་དུ་ལ། །བརྟན་འཕོངས་པར་དྲག་ཏུ་བརྡབ་པར་བྱ། །ཇི་སྲིད་ཐུབ་ཚད་ཤ་བར་དུ་པ་དང་སྤྲུག །རླུང་གི་རླུང་པ་ནི་བཤིག་པར་བྱེད། །རྐང་པ་ས་ལ་རླུང་གིས་འཕོངས་བྱིན་རྟིང་ལ་རླུང་ལ་བསྣུན་པར་བྱེད། །རླུང་གིས་རླུང་ནི་གསད་པར་བྱེད། །རྩ་བ་ལས་རླུང་གིས་ཡོངས་ལ་ཁྱབ་པ་ཡི། །རླུང་གིས་དངོས་གྲུབ་ཐམས་ཅད་འབྱིན། །རླུང་གིས་འཆི་བ་མེད་པར་འགྱུར། །དེས་ན་འཆི་མེད་གྲུབ་པ་ཞེས། །བིར་ཝ་པ་ཡིས་གསུངས་པ་ཡིན། །བྷན་དྷ་དམ་ཚིག་ཕྱག་རྒྱ་ལུས་སེམས་གཉིས་ཡི། །རྐང་པའི་གཉིས་ཀྱི་བར་དུ་ཁྲུ་གང་གཞལ། །ལག་གཉིས་རྐང་པའི་ནང་ནས་ཕྱིར། །འཁྱུད་


PS010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྐང་པའི་མཐེབ་ཆེན་གཉིས། །ལག་པའི་གུང་མཛུབ་མཐེ་བོས་བཟུང་། །ལངས་ནས་མགོ་བོ་དགུག་བྱ་སྟེ། །ལུས་པོ་དྲག་ཏུ་བཅུད་ལ་བོར། །བཤང་ལམ་འཁོར་ལོ་གྱེན་ལ་བཟློག །རྩ་གསུམ་གྱིས་ནས་དང་ཐིག་ལེ་གྱེན་ལ་ལངས་ནས་ཐད་ཀར་ཕྱོགས། །ནད་གཡས་གཡོན་དུ་རྣམས་འོག་རླུང་དྲག་ཏུ་བསྐུམ་པས་ཐམས་ཅད་བཅོམ་ནས་ནི། །དེ་ནས་ཕྱག་རྒྱ་ཆེན་ཤུགས་ཀྱི་པོའི་དོན་ཡང་ནས་སྟེང་དུ་འགྲོ། རླུང་ལོགས་རྫོགས། ཇི་ལྟར་བར་སྣང་ནམ་མཁའ་ལ། །སྤྲིན་ཚོགས་འབར་བ་འཁྲིགས་པ་དེ། །མཐར་ཐུག་རླུང་གི་ཤུགས་ཀྱིས་གཏོར་བ་ལྟར། པར་འགྱུར་རོ། །དཔེར་ན་། དེ་ལྟར་ལུས་འདི་དག་ཀྱང་ནི། །ནད་ཀྱིས་ཡོངས་སུ་གོས་གྱུར་ཀྱང་། །འཁྲུལ་འཁོར་ཐབས་ཀྱི་རླུང་རང་བཞིན་མེད་པར་གིས་ནད་གདོན་ཐམས་ཅད་གཞོམ་པར་བྱ། །དེ་ལྟར་འབྱུང་བཞི་བསྡུས་པའི་ཕྱིའི་ཕྱག་སྤྲིན་འདུ་བའི། རྒྱ་ཆེན་པོ་བསྟན་པ་


PS010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྐང་པ་ཅུང་ཟད་བསྣོལ་བྱས་ནས། །སྒལ་ཚིགས་བསྲངས་ལ་ཙོག་པུ་བྱ། །ལག་གཉིས་པུས་མོའི་སྟེང་དུ་བསྣོལ། །མཐེབ་ཆེན་སྦེ་ཤ་གཡས་གཡོན་མནན། །རླུང་གི་བག་ཙམ་བཟུང་བའི་བར། །དབང་པོ་ངལ་ཞིང་དུབ་པའི་ཚེ། །རྩེ་གཅིག་བའི་སེམས་གཉིས་ཀྱི་འི་རྩ་ཀྱི་ངང་དུ་གཉིས་ནས་བཞག །ཡིད་ལ་མི་བྱེད་ཕྱག་རྒྱ་འཁྲུལ་འཁོར། ཆེ། །འདི་ཡི་སྟོབས་ཡེངས་མེད་དུ་ཀྱིས་བསྒོམ་མེད་འབྱུང་བར་འགྱུར། །ཨཾ་གྲོལ་དགུ་ལ་བེ་ཏ་གསུམ། །བྷན་དྷ་གཅིག་ཏུ་ཤེས་པར་ན་པོ་དེ་ནི་འཁྲུལ་འཁོར་བྱ། །དེ་ལྟར་རྩེ་གཅིག་ཉམས་ལོངས་པས། །གསུམ་གསུམ་སྟེ་རགས་རེ་རེ་ཏེ་པ་ཉོན་མོངས་སྟེང་རླུང་ཐེབས་བཅུ་གསུམ་གསད་པ་ཉིད། རླུང་ཐུལ་ཏེ། །ལས་ཀྱི་རླུང་རྣམས་གསོད་པ་ཡིས། །ཕྱིས་ནད་གདོན་གྱིས་མི་ཚུགས་པར་འབྱུང་པ་ཐམས་ཅད་འཇོམས་པར་བྱེད། །ལུས་ཤིང་བལ་ལྟར་རྣམས་ཡང་ཡེ་ཤེས་ཀྱི་རླུང་གིས་


PS010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་གསལ་ཟོ་མདོག་བདེ། །ཐིག་ལེ་འཕེལ་བས་ལུས་སྟོབས་རྒྱས། །ཕྲ་རླུང་རང་གནས་སུ་དག་པ་ཡིས། །ཡེ་ཤེས་རླུང་རྒྱས་མེ་ཏོག་ལྟར་ཟག་མེད་ཀྱི། །ཤིནྟུ་བདེ་བ་ཕྱོགས་མེད་རྒྱས་པར་འགྱུར། །ལུས་ནི་ཐམས་ཅད་འཆི་མེད་ཉི་ཟླ་བཞིན། །སེམས་ནི་འཆི་པས་མེད་ཕྱག་རྒྱ་ཆེ། །འདི་ལས་འབྱུང་གི་གཞན་གྱིས་མིན། །རོ། ལོ་ཟླས་བོགས་འཐོན་སངས་རྒྱ་བ། །དུ་འགྱུར་མཚན་ལྡན་རྩ་ལས་རྟོགས་པར་བློས་མ་བྱས་པའི་རང་ཤར་དེ་བྱ། །ཐབས་གང་ཀྱང་ནོ། ཡང་ན། ཞག་དང་འོག་རླུང་ནས་བར་བྱེད་པ། གནད་ཀྱིས་ཆགས་ལཾ་ས་མུ་དྲ། བརྟེན་ན་མྱུར་དུ་སོ། །འཆི་མེད་ལག་ལེན་འོ། བཅུད་བསྡུས་པ། །རླུང་གྲོལ་ལམ་ས་ཐེབས་བཅུ་གསུམ་གསད་པ་འདི། །ན་ཡིན་ནོ། དེ་བླ་མ་བྲམ་ཟེ་ནག་པོའི་ཁྱད་འཁྲུལ་འཁོར་དང་ཐམས་ཅད་ཆོས་ཏེ། །བླ་མ་དེ་ཉིད་མཚན་ལྡན་ལྔ་བཅུར་བཅས། །ནས་


PS010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་འཆི་མེད་གྱུར་ནས་ཀྱང་། །མཐར་ཐུག་བདེ་སྟོང་དབྱེར་མེད་མཆོག །དག་པ་མཁའ་སྤྱོད་གནས་སུ་གཤེགས། །དེ་རྣམས་ཕྱི་དང་ཡི་གཉིས་འཁྲུལ་འཁོར་རོ། །དེ་ནས་ནང་གི་འཁྲུལ་འཁོར་བཤད། །རྟོགས་ནས་ཀྱང་ཨང་གྲོལ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་། །ལག་གཉིས་བསྣོལ་ལ་ངར་བཞི་ཡིན་ནོ། གདོང་ངམ། །ཡང་ན་བོལ་གོང་དག་ནས་བཟུང་། །ལས་ཀྱི་ཕྱག་རྒྱ་ལ་གོང་བཞིན་དྲག་ཏུ་བརྡིག་པར་བྱ། །བེ་ཏ་རྐང་པའི་ཆོས་ཀྱི་ཕྱག་རྒྱ་ནི། །རྐང་མཐིལ་གཉིས་གཤིབས་ས་ལ་བཞག །པུས་མོ་ཕྱིའི་ཨང་གྲོལ་ཙོག་པུ་ཅུང་ཟད་བྱ། །རྐང་པའི་བར་དུ་ལག་གཉིས་བརྐྱང་། །མཐེབ་འཛུབ་རྐང་འཐེབ་རྟིང་པ་གཉིས་གཉིས་བཟུང་ནས། །རྟིང་པ་སྤྲད་ནས་མ་བྲལ་བར། །རྐེད་པ་གཉིས་ལ། འཕོངས་དང་རྟིང་བརྐྱང་ནས་ལག་པའི་གུང་གསུམ་གྱི་པ་གཉིས་པོ་རེ་མོས་ཀྱིས། །ས་ནས་བཏེག་གཉིས་པོ་ལ་ས་ལ་


PS010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརྡབ་པར་བྱ། །སྔགས་དང་ཕ་རོལ་ཕྱིན་པ་ཡི། །ལམ་མཆོག་ཆིག་རྫོགས་དག་ཏུ་འདོད། །དུར་ཁྲོད་ནག་པོའི་མུ་དྲ་ཡིས། །དེ་ཉིད་གཅིག་འོ་པུ་ཉམས་བླངས་པས། །ལུས་སེམས་འཆི་ཐམས་ཅད་མེད་གྱུར་གྲུབ་པར་ནས་བླ་མ་ཀྱང་། །སློབ་མའི་ཚོགས་ལམ་མཆོག་ཆིག་རྫོགས་བཅས་མཁའ་ལ་གཤེགས། །གཉིས་དུད་དེར་བཅུ་གསུམ་ས་ཐོབ་གྱུར། །བྷན་དྷ་དམ་ཚིག་ཕྱག་རྒྱ་ནི། །ལངས་ལ་རྐང་གཡོན་གཡས་པས་མནན། །ཅུང་པར་གྱུར་རོ། ཟད་བསྣོལ་ལ་རྐང་མཐིལ་གཉིས་པར་གྱུར་རོ། །ས་ལ་མཉམ་ཞག་བརྟན་བྱས་སྟན་ལས་ནས། པ་གཉིས། རོ་སྟོད་གླང་ཆེན་ནས། སྣ་ལྟར་དགུག །ལག་གཉིས་བསྣོལ་ལ་རྐང་པོ་པ་ཡི། །མཐེབ་ཆེན་གཉིས་པོ་བཟུང་བྱས་ནས། །འོག་རླུང་དྲག་ཏུ་བསྐུམ་ལ་གདོན། གྱེན་དུ་ནོ། །ཕྱག་རྒྱ་འཐུར་དུ་ཆེ་ལ་སྒལ་ཚིགས་བསྲང་། །རྡོ་རྗེ་སྐྱིལ་ཀྲུང་ལྟེ་འོག་


PS010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་་ལག་པ། མཉམ་བཞག་གི། །ཕྱག་རྒྱ་ངང་པའི་གཤོག་པ་ལྟར། །དཔུང་པ་གཉིས་ནི་བརྐྱང་བྱས་ནས། །རླུང་ནི་བག་ཙམ་བཟུང་བྱས་ཏེ། །ཡིད་ལ་མི་བྱེད་ངང་ལ་བཞག །ནང་གི་ཕྱག་རྒྱ་རྣམ་བཞིའོ། །དེ་ནས་གསང་བ་བཤད་པར་བྱ། །ཨང་གྲོལ་སྐྱིལ་ཀྲུང་ལུས་བསྲངས་ནས། །ཕྱག་རྒྱ་ཆེན་པོའི་ལག་དེ་རྣམས་གཉིས་བརྐྱང་ལ་རྒྱབ་ཏུ་བསྣོལ། །འི་ཕྱག་རྒྱ་གཡོན་པའི་ལས་ཀྱི་ཕྱག་རྒྱ་ལ་སྟེང་དུ་གཡས་བཞག་སྟེ། །གོང་བཞིན་དྲག་ཏུ་བརྡིགས་པར་བྱ། །བེ་ཏ་ཆོས་ཀྱི་ཕྱག་རྒྱ་ཏེ་ལག་མཐིལ་ནི། །ཕྱི་དང་ལུས་གནད་འདྲ་བ་ལས། །ཅུང་ཟད་ཐེན་ཞིང་ཕྱི་ནང་གི་ཨང་གྲོལ་ཆུང་དུ་བརྡབ། །འོ་དེ་ཡང་དལ་ཞིང་བརྟན་པར་བྱ། །བྷན་དྷ་དཾ་འི་བྷེ་ཏ་ཚིག་ཕྱག་རྒྱ་ནི། །སྐྱིལ་ཀྲུང་ས་གྱེན་དུ་གནོན་མར་ལ་ཕྱག་རྒྱ་བྱ། །རོ་སྟོད་གཡས་གཡོན་དྲག་ཏུ་བཅུད། །བྱ་བ་ཡིན་ནོ། ཨོག་མས་བྲང་རུས་ནོན་པ་གཅེས། འོ་། རྐང་གཉིས་ལག་གཉིས་


PS010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྗེས་ཕྱག་རྒྱ་ཆེན་པོ་ནི། །ལུས་བསྲང་རྡོ་རྗེའི་སྐྱིལ་ཀྲུང་བྱ། །པུས་མོའི་སྟེང་དུ་ལག་པ་གཉིས། །མཆོག་སྦྱིན་ཕྱག་རྒྱ་ཅུང་ཟད་བཀན། །དམིགས་མེད་རང་ཤར་ཕྱག་རྒྱ་ཆེ། །ཡིད་ལ་མི་བྱེད་ས་པ་ལ་དོན་རྟོགས་འགྱུར། །གསང་བའི་ཕྱག་རྒྱ་རྣམ་བཞིར་འདོད། །ལ་བློ་མ་བྱས་པའི་ཕྱི་ནང་གཞན་ལ་མ་ལྟོས་པའི་གསང་གསུམ་འཁྲུལ་འཁོར་ལ། །རླུང་རོ་དྲག་ཏུ་དེ་རྣམས་འབུད་པར་བྱ། །རླུང་གསུམ་རྡུབ་ནས་འོག་རླུང་བསྡམ། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཁྱད་པར་ཨང་གྲོལ་རྣམ་གསུམ་ལ། །སྒལ་ཚིགས་དྲང་དེ་ནས་པོར་ནང་དུ་བསྲངས་བྱས་ནས། །པ་ནི་འཁྲུལ་འཁོར་རྒྱ་མཚོ་རི་རབ་ངོས་ལ་ཕྱི་ནང་གསང་བའི་སྦྱར། །ཨོག་མས་བྲང་རུས་ནོན་བྱས་ནས། །སོས་དལ་དལ་ལ་དྲག་ཏུ་བརྡིག་པར་བྱ། །ཚངས་པའི་གནས་སྤྱི་གཙུག་ནི་གཡོ་བར་འགྱུར། །དེ་ནས་ཡན་ལག་གསུམ་པ་


PS010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་རྣམས། །ལེགས་པར་བཤད་ཀྱིས་གུས་པས་བཟུང་། །ཁ་སྦྱོར་སེམས་དཔའི་སྐྱིལ་ཀྲུང་ལ། །ཨང་གྲོལ་བཞིན་དུ་དྲག་ཏུ་བརྡིག །དེས་ནི་ཀུན་ད་རྒྱས་པར་འགྱུར། །བཤང་ལམ་འཁོར་ལོ་གྱེན་དུ་བཟློག །ཐིག་ལེ་སྒྲ་གཅན་ཕྱིའི་གྱེན་དུ་བསླང་། །རྩ་རྣམས་ཐམས་ཅད་རབ་ཏུ་གཡོ། །མཆོག་འོག་རླུང་གྱེན་དུ་དྲངས་ཏེ་བསུས་པ་སྒལ་པ་ལ་སྦྱར་ལྕེ་མིག་གྱེན་ལ་བཟློག་གི་རྩ་ནི་གྱེན་༢དེ་ནས་རླུང་སྒྲ་དང་བཅས་པའི་ཐིག་ལེ་ན་ར་ར་དྲངས་པས་ཐིག་ལེ་རང་བཞིན་གྱིས་གྱེན་དུ་འདྲོངས། དུའོ། །དེས་སྨད་ཀྱི་རྩ་རྣམས་སྟོངས་ནས་བསྟོད་ཀྱི་རྩ་རྣམས་ཐིག་ལེས་ཁྱབ་པའོ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡི། །སྐུ་གསུང་ཐུགས་ནི། རྩ་ཨ་ཝ་དྷཱུ་ཏི་ཐིག་ལེས་རྒྱས་པས་བདེ་བ་གྱེན་དུ་འཕེལ་བའོ། གོམ་པ་རང་དང་མུ་ཏྲ་བརྟན་གྱི་བརྩོན་འགྲུས་དྲག་པོ་ཡི་པར་གྱུར་པ་ཐིག་ལེ་གྱེན་དུ་འདྲོངས་པས་བདེ་བ་རྒྱས་ནས་མཆོག་ཐུན་མོང་གི་སིདྷི། ཕྱག་རྒྱ་ལམ་དུ་བསློངས་པ་དེ་ལ་ཡིས། །


PS010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མེ་ནི་གསལ་བའོ། །ཕྱག་རྒྱ་འདི་ཡིས་ཐམས་ཅད་དུ། །རྣལ་འབྱོར་པ་ནི་ངེས་པར་འགྲོ། །འདི་ནི་ཁ་སྦྱོར་སྦྱོར་བ་སྟེ། །ཡེ་ཤེས་ཀྱི་བདེ་བ་ཐིག་ལེ་ར་བྱས་པ་ལས་ཀྱི་འི་བདེ་བ་མཁའ་སྤྱོད་ཀྱི་གནས་རྩ་བའི་སྡོམ་པར་འདོད་པའོ། །བར་འགྱུར་རོ། །ཐབས་ཤེས་གཉིས་གྱི་ས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས། འདི་ནི་རླུང་གི་སྦྱོར་བ་ཡིན། །མཁས་པ་རྣམས་ཀྱི་༢ཉན་ཐོས་ཀྱི་དབང་དུ་བྱས་ན་ཐིག་ལེ་མ་ཤོར་བས་སོ་ཐར་བྱང་སེམས་ཀྱི་འདི་ལ་བརྟེན་ནས་གཞན་དོན་སངས་རྒྱས་འདོད་པས་སེམས་བསྐྱེད་སྔགས་ཀྱི་ཐིག་ལེ་འཕེལ་བས་བདེ་བ་རྒྱས་དེའི་རང་བཞིན་སྟོང་པར་ཤེས་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་བྱེད་པས་ན་ནང་གི་དམ་ཚིག་གོ་འདི་བསྒྲུབས་སོ། །ཐིག་ལེ་དཀར་བ་དགྲམ་པ་ནི། །རྡོ་རྗེ་སྐྱིལ་ཀྲུང་སྒལ་ཚིག་བསྲང་། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །ལག་པ་གཉིས་ཀྱིས་བསྲུབ་རྟག་ཏུ་ལྡོག་ནས་རྩ་ལ་ཅིང་མཉེ། །དེའི་རྗེས་ལ་རོ་


PS010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དྲག་ཏུ་སྤྲུག །རྩ་རྣམས་ཐིག་ལེས་ཁྱབ་པར་འགྱུར། །རླུང་སྦྱོར་ལྡན་པས་རླུང་དང་བསྲེ། །ཡེ་ཤེས་ཆེན་པོར་བསྐྱལ་བར་བྱ། །ཐིག་ལེ་དམར་བ་དགྲམ་པ་ནི། །སྐྱིལ་ཀྲུང་གང་བདེ་སྒལ་ཚིག་བསྲང་། །ལག་གཉིས་ཁུ་ཚུར་སྐེད་པ་བརྡུང་། །མདུན་དུ་ལག་གཉིས་དྲག་དང་སྣ་ཁྲག་བཅད་ཅིང་ལུས་ལ་རྡོར་སྐྱིལ་སེམས་སྐྱིལ་གཉིས་ཏུ་སྤྲུག །བརྡུང་དང་། སྤྲུག་རྒྱབ་ནས་པ། རེ་མོས་བྱ། །རྗེས་ལ་རོ་སྟོད་དྲག་ཏུ་སྤྲུག །རྣག་ཁྲག་ཆོད་དང་ཁྲེམས་སོར་མོ་བརྐྱང་བ་དཔེར་ན་གཡས་ཀྱི་ཁུ་ཚུར་གྱིས་རྒྱབ་ནས་རྙེད་པ། ༢དུས་གཅིག་ཏུ་གཡོན་མོ་བརྐྱང་བ་མདུན་དུ། བྱེད་པ་དེ་བཞིན་དུ་གཡས་གཡོན་གཉིས། པ་དུས་གཅིག་འབྱུང་། །དཀར་དམར་ཆ་སྙོམས་ལུས་ལ་ཁྲེམས། །བཅུ་གསུམ་ས་མཆོག་ཐོབ་པར་འགྱུར། རྡོ་རྗེ་འཛིན་པའི་། མགོ་བོའི་འཁྲུལ་འཁོར་ཐིག་ལེ་དམར་བ་ལུས་ལ་དེས་རྣམ་བཞི་ནི། །རྡོ་རྗེ་རྐང་པ། པ་དང་


PS010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་ས་གནོན་མཐུན། །དང་པོ་ལག་གཉིས་མགོ་བོ་དང་། །བྱད་དང་ལྟག་པ་བསྲུབ་ཅིང་མཉེ། །མགོ་ནད་སྐྲ་དཀར་སྙེར་མ་སེལ། །ལ་གཉིས་བྱ་བར་ཐམས་ཅད་མགོ་བོའི་པ་རྩ་མདུད་འགྲོལ་བར་བྱེད། །གཉིས་ཁུང་པ་མིག་གི་འཁྲུལ་དེས་འཁོར་ནི། །སྡང་མིག་བལྟ་ཞིང་དྲག་ཏུ་དགྲད། །གཡས་གཡོན་སྟེང་འོག་ཀུན་ཏུ་བལྟ། །དྲག་ཏུ་བསྐོར་ཞིང་ལག་མཐིལ་བསུབ། །མིག་ནད་སེལ་ཞིང་རྩ་མདུད་འགྲོལ། །ཆུ་བུར་རབ་རིབ་དག་ནས་ནི། །ཡེ་ཤེས་སྤྱན་དང་ལྡན་པར་འགྱུར། །ལྟོ་སྟོང་གཉིས་ལ་ཧས་བཏབ་ནས་མིག་གཉིས་དང་ཁྱད་པར་སྐྱ་རིན་ལ་སོགས་པ། ཐམས་ཅད་གསུམ་པ་ལག་གཉིས་ས་གནོན་བྱ། །ཕྱོགས་བཞིར་གཡོ་ཞིང་དྲག་ཏུ་བསྐོར་ནས། ནས་། རྗེས་ལ་ལག་མཐིལ་མིག་བསྡམས་ནས། གཉིས་ཀྱི་གཉིས་། སྟེང་རླུང་དྲག་ཏུ་བསྡམས་བྱས་པས། །མགོ་དང་སོར་མགོ་རླུང་རྗེས་ལ།


PS010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཟི་དང་འཐོམ་པ་དང་། །མགྲིན་པའི་ནད་སེལ་རྩ་མདུད་གྲོལ། །གསུང་དབྱངས་དྲུག་ཅུ་ཐོབ་པར་འགྱུར། །བཞི་པ་ས་གནོན་ཕྱག་རྒྱ་བ་ལ། །མདུན་དང་གཡས་གཡོན་རྩངས་པ་ཡིས། །རླུང་རྔུབ་མགོ་ལྟར་གསུམ་གསུམ་བྱ། །རྒྱབ་ཏུ་སྐྱེད་སྐྱེད་ལན་གསུམ་མོ། །སྐེ་ཡི་ནད་སེལ་རྩ་མདུད་དང་དུ་འགྲོལ། །རོ་སྟོད་འཁྲུལ་པའི་ཁུག་ཁུག་པར་ཡོན་ཡོན་པ། འཁོར་རྣམ་ཡང་གསུམ་པ་ནི། །སེམས་དཔའི་སྐྱིལ་ཀྲུང་བྱ་བར་མཐུན། །དང་པོ་ས་གནོན་ཕྱག་རྒྱ་བྱ། །གཡས་ནས་གཡོན་དུ་དྲག་ཏུ་འཐེན། །གཡོན་ནས་གཡས་སུའང་དེ་བཞིན་ནོ། །གཡས་གཡོན་གསུམ་གསུམ་སྐྱེད་ཅིང་གདེང་། །གཉིས་པ་སྟོད་ཀྱི་སྡེར་འཛིངས་ནི། །གུང་མོ་གཉིས་བརྐྱང་གཞན་རྣམས་བསྣོལ། །ལག་པ་མདུན་དུ་དྲག་ཏུ་བརྐྱང་བྱས་ནས། །ནུ་མ་ཚུར་བསྐུམ་པ་གཡས་གཡོན་གཉིས་དང་དེ་ཡི་དབུས། །ལག་སོར་རྣམས་སུ། །སོར་མོ་གསུམ་གསུམ་ལ་


PS010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དགུ་བརྡེག་པར་བྱ། །གསུམ་པ་སྨད་ཀྱི་སྡེར་འཛིངས་ནི། །ལག་པ་བསྐུམ་ལ་དྲག་ཏུ་བརྐྱང་། པུས་མོ་གཡས་གཡོན་དེ་ཡི་དབུས། །གསུམ་གསུམ་ལན་དགུ་བཅུ་ཞིང་བརྡེག །དེ་གསུམ་སྟོད་ཀྱི་རྩ་མདུད་ཕྱག་རྒྱ་གོང་མ་ཚུར་ནས་འགྲོལ། །རོ་སྟོད་ནད་རྣམས་གསུམ་དུ་སེལ་བར་བྱེད། །ཁྱད་པར་བརྡེག་པ་རེ་རེ་ལ་ཡང་ཕྱི་ནང་དུ་སྙིང་རླུང་ལ་སོགས་པའི། །ཁམས་འདུས་ཐམས་ཅད་འདི་ཡིས་སེལ། །རླུང་ནི་དྲག་ཏུ་འབུད་པ་གཅེས། །ལག་པའི་འཁྲུལ་འཁོར་རྣམ་བཞི་ནི། །རྡོ་རྗེ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་། །དང་པོ་དཔུང་པ་གཡས་གཡོན་གཉིས། །རེ་མོས་ཕྱི་དང་ནང་དུ་བསྐོར། །དེ་ནས་གཡས་གཡོན་ཕྱི་ནང་དུ། །དུས་བ་འཐུན་གཅིག་དྲག་ཏུ་བསྐོར་བར་བྱ། །སོག་པའི་ནད་སེལ་རྩ་མདུད་དབྱུག་པ་བཞིན་དུ་འགྲོལ། །གཉིས་གཉིས་པ་


PS010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཉིས་རེ་མོས་ཀྱིས། །རྡོ་རྗེ་ཁུ་ཚུར་བཅངས་བྱས་ནས། །ཚུར་བསྐུམ་ཕར་ལ་དྲག་ཏུ་བརྐྱང་། །གསུམ་པ་ལག་གཉིས་སོར་མོ་རྣམས། །ཚུར་བསྐུམ་ཕར་ལ་བརྐྱང་ནས་ནས། །དུས་གཅིག་དྲག་ཏུ་སྤྲུག་སོར་མོ་ཡང་པར་ནས་བྱ། །བཞི་པ་ལག་གཡས་བརྐྱང་ནས་ནི། །མགོ་བོ་དཔུང་པ་དག་ལ་སྦྱར། །སོར་ལྔ་དྲག་ཏུ་བརྐྱང་ལག་གཉིས་བྱས་ནས། །མིག་གཉིས་དྲག་ཏུ་གཏད་པ་གཅེས། །དེ་བཞིན་གཡོན་གཡོན་ལའང་ཤེས་གཡས་པའི་པར་བྱ། །ལག་པའི་ནད་དེ་ལ་སེལ་རྩ་མདུད་འགྲོལ། །དྲ་བས་འབྲེལ་ཞིང་འཁོར་ལོ་འབྱུང་། །ཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི། །དང་པོ་སུ་ར་དགང་པ་ཡི། །ཡན་ལག་འདི་ལྟར་ཤེས་པར་བྱ། །རྐང་གཉིས་གཤིབས་ནས་དྲང་པོར་ལངས། །ལག་མཐིལ་གཉིས་ཀྱིས་ཕོ་བ་དང་། །སོར་མོ་ཕན་ཚུན་བསྣོལ་བའི། བསུས་


PS010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག་ཏུ་བསུག་ཅིང་མཉེ། །གཉིས་པ་ཕོ་བའི་འཁྲུལ་འཁོར་ནི། །སྐྱིལ་ཀྲུང་ས་གནོན་སྒལ་ཚིགས་བསྲང་། །རྒྱ་མཚོ་རི་རབ་ངོས་ལ་སྦྱར། །གཡས་གཡོན་བསྐོར་ཞིང་དྲག་ཏུ་སྤྲུག །གསུམ་པ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་། །ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། །སྤྱི་བོར་བསུས་པ་དུ་རྒྱུ་ཞབས་གཡས་གཡོན་དབུས་གསུམ་དུ། བཏེག་ནས་ཕོ་བ་ལ། །ལག་མཐིལ་གཉིས་པོ་དྲག་ཏུ་བརྡེག །རླུང་གིས་དགང་པ་ཤིན་ཏུ་གཅེས། །འཁྲུལ་འཁོར་དེ་གསུམ་ཕོ་བ་ཡི། །རྩ་མདུད་འགྲོལ་ཞིང་ནད་རྣམས་སེལ། །ཁྱད་པར་ཕོ་གླང་ལ་སོགས་པའི། །མ་ཞུའི་ནད་རྣམས་སེལ་བར་འགྱུར། །རྐང་པའི་འཁྲུལ་འཁོར་རྣམ་གཉིས་ལ། །དང་པོ་ལངས་ལ་རྐང་པ་གཉིས། །རེ་མོས་དྲག་ཏུ་སྤྲུག་པར་བྱ། །གཉིས་པ་སྟན་ལ་འདུག་བྱས་ནས། །རྐང་གཉིས་རེ་མོས་དྲག་ཏུ་བརྐྱང་།


PS010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་བསྐུམ་པ་ཤིན་ཏུ་གཅེས། །རྐང་པའི་ནད་སེལ་རྩ་མདུད་འགྲོལ། །འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཆུ་དང་མཁའ་ལ་བྱ་བཞིན་འགྱུར། །དེ་ལྟར་སྔོན་འགྲོ་རྩ་བ་དང་། །ཡན་ལག་བཅས་པའི་འཁྲུལ་འཁོར་ལ། །དང་པོ་སེམས་བསྐྱེད་གསོལ་བཏབ་ནས། །རླུང་རོ་དྲག་ཏུ་ཕྱིར་ཕུད་དེ། །འཁྲུལ་འཁོར་བཅས་ལ་སྲོག་རྩོལ་གཉིས་སེམས་མ་བསྐྱེད་པར་གསོལ་བ་མི་གདབ། གསོལ་བ་མ་བཏབ་པར་རླུང་མི་འབུད། རླུང་མ་འབུད་པར་འཁྲུལ་འཁོར་མི་བཅའ་འཁྲུལ་འཁོར་མ་བཅས་པར་རླུང་མི་བཟུང་རླུང་མ་བཟུང་བར་འཁྲུལ་འཁོར་མི་བྱ། གསུང་ངོ་། དང་། །དབུ་མར་དྲག་རྔུབས་འོག་རླུང་བསྡམ། །སྟེང་འོག་རླུང་གཉིས་ཁ་སྦྱར་ནས། །དལ་ལ་སྙོམས་ཤིང་དྲག་པ་གཅེས། །ཀུན་གྱི་གནད་དུ་ཤེས་པར་བྱ། །དེ་རྣམས་རྗེ་བཙུན་བིར་ཝ་པའི། །ཀུན་ལས་ཁྱད་འཕགས་གདམས་པའོ། །གང་གིས་དད་གུས་བརྩོན་ལྡན།


PS010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འཁྲུལ་འཁོར་འདི། །བརྩོན་འགྲུས་དྲག་པོས་ཉམས་བླངས་ན། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །ལས་ངན་འབྱུང་པོའི་གདོན་ཚོགས་འཇོམས། །རྒ་ཤིས་ཟིལ་གྱི་མི་ནོན་ཅིང་། །སྐྲ་དཀར་སྙེར་རླུང་སོགས། མ་མི་འབྱུང་སྟེ། །ཤ་སྡིག་སྒྲིབ་དང་འཁྲེགས་ལུས་ཡང་དབང་པོ་རྣོ། །ལྟ་བས་མི་ངོམས་གཟི་བརྗིད་ཆེ། བཞིན་། མཚན་ལྡན་ལྔ་བརྒྱ་བསྟེན་གྱུར་ཀྱང་། །རྐང་ལྟར་འདོད་པའི་ཞགས་ཤིང་བལ་ལྟར་མིག་གི་པས་མི་འཆིང་ལུས་ཞིང་། །བཅུ་དྲུག་ལོན་པ་མུ་དྲ་ནུབ་རེ་ལ་ལྟ་བུར་གྱུར། །སེང་གེའི་ཐ་མལ་གྱི་རྩལ་དང་གླང་ཆེན་སྟོབས། །འཛག་བདེ་རྟ་མཆོག་བང་དང་མཉམ་ལང་ཚོ་པ་དང་། །ས་དང་མཁའ་ལ་བྱ་བཞིན་འགྲོ། །ཉོན་མོངས་རྩ་མདུད་གྲོལ་གྱུར་ནས། །རྩ་རྣམས་དབུ་མར་ཐིམ་པར་གྱུར། །ལས་ཀྱི་རླུང་བྲག་དང་ཆུ་དང་རྣམས་


PS010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནས་ནི། །ཡེ་ཤེས་ཆེན་པོའི་རླུང་དུ་འགྱུར། །ཟག་བཅས་ཐིག་ལེ་དག་གྱུར་ནས། །ཟག་མེད་ཡེ་ཤེས་རྒྱས་པར་འགྱུར། །ལུས་ནི་འོད་ལུས་འཆི་བ་མེད། །སེམས་ནི་འཆི་མེད་ཕྱག་རྒྱ་ཆེ། །འདི་ལས་འབྱུང་བས་བིར་ཝ་པས། །འཆི་མེད་འཁྲུལ་འཁོར་མདོར་ན་ཞེས་སུ་གསུངས། །མཐར་ཐུག་རྣལ་འབྱོར་བླ་མེད་ཀྱི། །དགོངས་པ་མཆོག་རྗེ་བཙུན་གྱུར་མངོན་ལུས་སེམས་གཉིས་སུམ་ལམ། །རྡོ་རྗེའི་ལུས་ལ་གནད་ཐེག་པའི་བསྣུན་པས། །རྩ་རླུང་ཐིག་ལེ་དབང་འདུས་ནས། །སངས་གསང་སྔགས་རྒྱས་བྱང་ཆུབ་སེམས་པ་དེ། དཔའ་རྣམས། །བུ་ལྟར་དགོངས་ཤིང་བྱིན་གྱིས་རློབས། །སྐུ་དང་ཞིང་ཁམས་ཐམས་དེ་ལ་ཅད་མཐོང་། །དག་སྣང་ཕྱོགས་མེད་འཆར་བར་འགྱུར། །ཁྱད་པར་དུ་དཔའ་བོ་མཁའ་འགྲོ་པ་དང་སངས་རྒྱས་ཀྱི་ཆོས་སྐྱོང་རྣམས། །པ་དང་མ་དག་པ་རང་སར་དག་ནས།


PS010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུ་ཇི་བཞིན་ནོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །རྒྱལ་པོ་བཙུན་མོ་དཔེར་ན་རྒྱལ་སྲིད་རྒྱས་ཤིང་དང་། །བ་དེ་སྟག་དང་སེང་གེ་རང་བཞིན་གྱི་དུག་སྦྲུལ་སོགས། །སྲོག་ཆགས་གཏུམ་པོ་ཐམས་ཅད་དང་། །ཁམས་གསུམ་དབང་བསྒྱུར་མཆོད་བསྟོད་བྱེད། །བདུད་དང་མུ་སྟེགས་ཀུན་བཏུལ་ནས། །བཅུ་གསུམ་ས་རྣམས་མ་རུངས་པ་རྫོགས་པར་མདོར་ན། ཐམས་ཅད་ལ་ཞིང་དེ་རྣམས་ཀྱི། པར་གྱུར་འགྱུར། །གང་འདུལ་རང་ཤར་རྡོ་རྗེ་འཛིན་པའི་གཟུགས་སྐུ་ཡི། །གཞན་དོན་ལྷུན་གྲུབ་རྒྱུན་ཆད་མེད། །འདི་ཡི་སྟོབས་ཀྱིས་འབྱུང་བར་འགྱུར། །དེས་འཁོར་བ་མ་སྟོངས་བར་དུ་དེ་སྐད་རྗེ་བཙུན་གཉིས་པོ་ཆེན་པོས་གསུང་། །བིར་ཝ་པ། དེས་བྲམ་པ་དེ་འཆི་མེད་འཁྲུལ་འཁོར། ཟེ་ནག་པོ། དུར་ཁྲོད་ནག་པོ། ལ་སྟོད་མགོན་པོ།


PS010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སྟོན། སངས་རྒྱས་སྟོན་པ། དེ་ནས་མང་དུ་འཕེལ་ལོ། ཁྱད་འཕགས་འཆི་མེད་འཁྲུལ་འཁོར་འདི། །སྣོད་ལྡན་སློབ་མ་རྣམ་གཉིས་ཀྱིས། །པཱུ་ཛ་བརྒྱ་རྩ་མཎྜལ་ཕུལ། །ཉམས་ལེན་ལོ་གསུམ་དམ་བཅས་ནས། །ལུས་སྲོག་ཕུལ་ནས་གསོལ་ཨ་དང་མོ་བཏབ་ངོར། ལྷག་ཆད་མེད་པར་བརྒྱད་དང་གསེར་གྱི། ཡི་གེར་བཀོད། །དེ་ལ་མཁའ་འགྲོས་བཟོད་པར་གཏོས་མེད་དུ་མཛོད། །དགེ་དེས་རྡོ་རྗེ་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་བླ་མའི་ཕྱག་ལེན་ལྟར་འཛིན་ཐོབ་དཔའ་བོ་ཤོག །མ་རྣམས་རྗེ་བཙུན་བིར་ཝ་པས་མཛད་པའི་འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ་ཞེས་བྱ་བ། བླ་མའི་ཕྱག་ལེན་ལྟར་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ། བརྩོན་འགྲུས་སེང་གེ་བིརྱ་སིང་ཧས་ལྷག་ཆད་མེད་པར་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །མངྒ་ལཾ།། །།

ནཱ་རོ་དྲུག་བསྐོར་འཁྲུལ་འཁོར།


PS010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་དྲུག་བསྐོར་འཁྲུལ་འཁོར་ནི། །སྐེད་པ་གཡས་བསྐོར་གཡོན་བསྐོར་གྱི། །ལྟེ་བའི་རྩ་མདུད་གྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་སྒུ་བྱ། །སྤྱི་བོ་མགྲིན་པའི་རྩ་མདུད་འགྲོལ། །རྐང་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཡན་ལག་རྩ་མདུད་རང་སར་གྲོལ། །རོ་སྟོད་གཡས་གཡོན་གཅུས་པ་ཡི། །སྟོད་ཀྱི་རྩ་མདུད་གྲོལ་བར་བྱེད། །གྱེན་དུ་འཕང་ཞིང་འོག་ཏུ་སྡེབ། །ཚིགས་རྣམས་ཀུན་གྱི་རྩ་མདུད་གྲོལ། །ལུས་སྤྲུག་ཕུར་སུབ་བྱས་པ་ཡི། །རྩ་རྣམས་ཐམས་ཅད་འགྲོལ་བའོ། །ཞེས་པ་ལྟར་འཁྲུལ་འཁོར་གྱི་གནད་འདི་འཆུན་ཆེ་བར་གསུངས་སོ། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཱཾ། །

སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ།


PS010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་བཞུགས་སོ། །མཉམ་མེད་ཆེན་པོ་སངས་རྒྱས་དཔལ་བཟང་པོའི་ཞལ་མངའ་ནས་མཛད་པ་ལགས་སོ། །


PS010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཡེ་ཤེས་ཆེན་པོའི་ཁྲིད་ཡིག་ཟུང་འཇུག་གསལ་བ་ཞེས་བྱ་བ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྐྱེ་དང་འཆི་བའི་རྒུད་པ་ལས་སྒྲོལ་ཞིང་། །ཡེ་ཤེས་སྒྱུ་མ་རྟག་པའི་སྐུ་བརྙེས་པ། །ཁྱབ་བདག་བླ་མའི་ཞབས་ལ་གུས་བཏུད་ནས། །འཆི་མེད་ཁྲིད་ཀྱི་རིམ་པ་འདིར་བཤད་བྱ། །འདིར་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་མ་ལ་གསུངས་པའི་འཆི་མེད་


PS010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་སྒྱིད་པུ་གསུམ་བྱུང་བར་བསམ། རང་གི་ལག་པ་གཡས་སུ། ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་གི་མགོ་བཅད་དེ། མདུན་གྱིས་བསྒྱེད་པོ་ལ་སྐལ་བར་བསམ་ཞིང་། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལུས་ཀྱི་རོ་སྟོད་ཐོད་པའི་ནང་དུ་བརྒྱང་སྟེ་བསྐྱུར་བར་མོས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་ལུས་ཀྱི་རོ་སྨད་ཐོད་པའི་ནང་དུ་རྒྱངས་ཏེ་སྐྱུར་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་རང་སེམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གནས་པར་མོས། བླ་མའི་དཔྲལ་མགྲིན་སྙིང་ག་གསུམ་ནས་


PS010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས་ཏེ། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་པོ་གསུམ་དང་། བླ་མའི་གནས་གསུམ་བཅར་ནས། འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་སངས་རྒྱས་བྱང་སེམས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པ་རྣམས། བླ་མ་ལ་ཐིམ། དུས་བཞིའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སེམས་དང་བླ་མའི་ཐུགས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་མོས་ལ། དེའི་ངང་ལ་ཅུང་ཟད་ཙམ་མཉམ་པར་བཞག་གོ ༈ སྒྱུ་མ་ལམ་ཁྱེར་གྱི་བཀའ་ནི། སྔོན་འགྲོ་རྣམས་སྤྱི་དང་འདྲ། དངོས་


PS010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནི། སློབ་མ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་མདུན་གྱིས་ནམ་མཁའ་ལ། དབུས་སུ་བླ་མ་དང་དབྱེར་མེད་ཀྱི་བདེ་མཆོག་ལྷན་སྐྱེས། ཤར་དུ་དགྱེས་མཛད། ལྷོར་མ་ཧཱ་མ་ཡ། ནུབ་ཏུ་གསང་འདུས། བྱང་དུ་འཇིགས་བྱེད་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོས་བསྐོར་བར་དམིགས་ལ། དེ་རྣམས་ལ་མཆོད་པ་ཕུལ་ཞིང་མོས་གུས་གདུང་པ་བྱས་པས། འཁོར་ལོ་སྡོམ་པའི་ཐུགས་ཀ་ནས། ཨོཾ་ཡིག་དཀར་པོ་ཞིག་རྒྱངས་ཏེ་ཐོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས། ཞེས་པ་ནས། ཁྱེད་རང་གི་སེམས་ཉིད་དྭངས་མ་ཡེ་ཤེས་ལྔ་ལྡན་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་གསལ་སིང་གི་ཞོག་ཞེས་པའི་བར། སྒྱུ་ལུས་དབང་མོ་ཆེའི་སྐབས་དང་འདྲ་བ་ལས།


PS010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་སོགས་པའི་ཡི་གེ་རྣམས་ཀྱང་། བླ་མ་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་སྤྲོ་བ་ནི་ཁྱད་པར་རོ། །དེ་ནས་སློབ་མའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཁ་དོག་དཀར་པོ། དེའི་ནང་སྤྱི་བོར་ཧཾ་དཀར་པོ་མགོ་མཐུར་བསྟན། མགྲིན་པར་ཨོཾ་དམར་པོ་མགོ་གྱེན་བསྟན། སྙིང་གར་ཧཱུཾ་སྔོན་པོ་མགོ་བོ་མཐུར་བསྟན། ལྟེ་བར་ཨཾ་དམར་སེར་མགོ་བོ་གྱེན་བསྟན་རྣམས་གསལ་བཏབ། དེ་ནས་སྤྱི་བོའི་ཧཾ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ལུས་ཀྱི་ནང་ཐམས་ཅད་གང་། སླར་འདུས་ཏེ་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ། དེ་བཞིན་དུ་མགྲིན་པའི་ཨོཾ་གྱི་འོད་ཟེར་སྙིང་གའི་ཧཱུཾ་ལ་ཐིམ་པ་དང་། སྙིང་གའི་ཧཱུཾ་གི་འོད་ཟེར་ལྟེ་བའི་ཨཾ་ལ་ཐིམ་པ་དང་། སླར་ཡང་ལྟེ་བའི་ཨཾ་གྱི་འོད་ཟེར་སྙིང་གའི་ཧཱུཾ་ལ་ཕོག་པ་སོགས་སྤྱི་བོའི་ཧཾ་གྱི་བར་མས་རིམ་གྱིས་བྱ། དེ་ནས་


PS010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི། ཨོཾ་དང་། སྙིང་གའི་ཧཱུཾ་མི་དམིགས་པར་གྱུར། སྤྱི་བོའི་ཧཾ་ཞུ་སྟེ་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར་ཏེ། སྙིང་གར་སླེབ། ལྟེ་བའི་ཨཾ་ཞུ་བ་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་ཏེ་སྙིང་གར་སླེབ། ཐིག་ལེ་གཉིས་པོ་འགྲོས་འདེད་ཀྱི་ཚུལ་གྱིས་འཁོར་བ་བུམ་དབང་། རེག་པ་གསང་དབང་། རེག་པས་བདེ་བ་སྐྱེས་པ། ཤེར་དབང་། གཅིག་ལ་གཅིག་ཐིམ་པ་དབང་བཞི་པའོ། །རྗེས་རྣམས་སྤྱི་དང་འདྲ། ༈ ན་མོ་གུ་རུ། ཐབས་ལམ་སྒོམ་པའི་རྣལ་འབྱོར་ལ། །རྒྱུད་ལ་དུག་གསུམ་སྐྱེས་པ་ཡི། །དེ་ཡི་འབྲས་བུ་ནད་གསོ་ན། །ལུས་སྦྱོངས་འཁྲུལ་འཁོར་དག་གི་བཅོས། །གཏི་མུག་སྟོབས་ཀྱིས་བྱུང་གྱུར་ན། །རྣམ་པར་སྣང་མཛད་འདུག་སྟངས་དང་། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །གཏི་མུག་མུན་པ་བསལ་


PS010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །ཉོན་མོངས་གཏི་མུག་ཞི་བར་བསམ། །རྒོད་པའི་སྟོབས་ཀྱི་འགྲོ་འདོད་ན། །རང་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་། །སྲིན་ལག་ནས་བཟུང་ལྟག་པ་ནས། །བཀུག་ནས་གཡས་གཡོན་དག་ཏུ་ནི། །དྲག་པོ་གསུམ་གསུམ་གཅུ་བར་བྱ། །སྤྱི་བོར་ཐལ་རྒྱབ་ཐིམ་པར་བསམ། །ཡི་དྭགས་སྟོབས་ཀྱི་ཁྲོ་ཚིག་ན། །དོན་ཡོད་གྲུབ་པའི་འདུག་སྟངས་ཀྱི། །རང་ལ་གནོད་པའི་ཡི་དྭགས་ནི། །བདུད་རྩིའི་རྒྱུན་གྱི་ཚིམ་པར་བྱ། །དེ་རྗེས་རྡོ་རྗེའི་སྐྱིལ་ཀྲུང་དང་། །འབར་བའི་ཕྱག་རྒྱ་ཐུགས་ཀར་བཅས། །ཁྲོ་བོའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །ཕྱོགས་བཅུ་ས་བོན་མེ་འཁོར་གྱིས། །རང་ལ་གནོད་བྱེད་བསྐྲད་པར་བསམ། །ཁྲོ་བོའི་བཟླས་པ་བག་ཙམ་བྱ། །རྒྱུད་ལ་ཞེ་སྡང་སྐྱེས་གྱུར་པས། །འབྲས་བུ་སྟོད་དུ་གཟེར་བྱུང་ན། །རྡོ་རྗེའི་སྐྱིལ་ཀྲུང་བྲང་ཁ་རུ། །གཡས་གཡོན་དུ་ནི་གསུམ་


PS010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅུས། །ཁྲོ་བོའི་སྤྱན་གྱིས་གཡས་གཡོན་བལྟ། །དེ་རྗེས་མཉམ་བཞག་ཕྱག་རྒྱ་ཡི། །ཕོ་བར་སྡོམས་ཏེ་ལན་གསུམ་བསྲང་། །རྒྱུད་ལ་འདོད་ཆགས་སྐྱེས་པ་ཡིས། །འབྲས་བུ་སྨད་དུ་ནད་བྱུང་ན། །ལུས་པོ་རྐྱང་སྟེ་རྐང་པ་གཡོན། །ལག་པ་གར་ཟན་འབྲུའི་ཕྱག་རྒྱ་བྱ། །དེ་གཉིས་དམིགས་པ་གཅིག་ཡིན་ཏེ། །སྙིང་གར་ཡི་གེ་མ་དང་ནི། །ཐིག་ལེ་དཀར་དམར་སྦྱོར་བ་ཡིས། །རྒྱུད་ལ་བདེ་སྟོང་སྐྱེས་པར་བསམ། །ཕྱིར་ཤོར་ནང་དུ་དྲོད་མེད་ན། །ལུས་སེམས་འཕྲལ་དེ་བསྡུ་བར་བྱ། །གཏུམ་མོ་དག་གི་མེ་ལ་ཡིན། །མེ་དེ་ཕྲ་བ་སྐུད་པ་ཙམ། །དབུ་མ་དབུ་ཞབས་སླེབ་བསམ་ལ། །དེ་ལས་མེ་གཏད་གསལ་བར་བསྒོམ། །དྲོད་སྐྱེས་བདེ་བ་མེད་གྱུར་ན། །ཐིག་ལེ་དབབ་པའི་མན་ངག་ནི། །སྡོམ་གསུམ་ཆོད་པའི་གདན་ལ་ནི། །ལྐོག་གི་ལངས་ལ་སྡིག་


PS010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཛུབ་བརྐྱངས། །གཅུ་ཞིང་གཅུ་ཞིང་མདུན་མཐའ་དང་། །དེ་ནི་རྒྱབ་མཐའ་དེ་འོག་ཏུ། །སེམས་དཔའི་སྐྱིལ་ཀྲུང་སྲིན་ལག་བཟུང་། དྲག་ཏུ་གཅུ་ཞིང་ལག་ངར་ཤུད། །དེ་འོག་ལན་གསུམ་སྤྲུག་པར་བྱ། །དེ་ཡི་བདེ་བ་འབེབས་པ་ཡིན། །ལུས་སྦྱོངས་དེ་དག་གང་བྱེད་ཀྱང་། །རླུང་བཟུང་བ་ནི་ཤིན་ཏུ་གཅེས། །མཁའ་འགྲོ་ནེ་གུ་མའི་གདམས་པ་ཡང་དག་པའོ། ཟབ། ཨྀིྠ།། ༈ ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བ་ལས། རང་གི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་གཅིག་བསྒོམ། དེའི་ལྟེ་བ་ལ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཀྱིས་སྔགས་ཀྱི་གཡོན་སྐོར་དུ་འཁོར་བ་ལ་དམིགས་པ་གཏད་པས། དེ་ལས་འོད་ཟེར་སྔོན་པོ་འཕྲོས་པས་ལུས་ལ་ཁྱབ་པས། ལུས་ཀྱི་སྡིག་པ་དང་སྒྲིབ་པ་དག་པར་བསྒོམ། །མགྲིན་པའི་འཁོར་ལོ་རྩིབས་བཞི་པ་དམར་


PS010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་གཅིག་ལྟེ་བ་ལ། ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱི་གཡས་སུ་བསྐོར་བ་ལ་སེམས་གཏད་པས། དེ་ལས་འོད་ཟེར་འཕྲོས་པས། མགྲིན་པ་འོད་ཀྱི་ཁྱབ་པས། ངག་གི་བྱས་པའི་སྒྲིབ་པ་དག་པར་བསྒོམ། །སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་གཅིག་གི་ལྟེ་བ་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱི་གཡས་བསྐོར་དུ་འཁོར་བ་ལ་ཤེས་པ་གཏད། འོད་ཟེར་སྔོན་པོ་འཕྲོས། རོ་སྟོད་ཐམས་ཅད་འོད་ཀྱི་ཁྱབ་པས། སེམས་ཀྱི་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས། ལུས་ཤེལ་གོང་དག་པའི་རྣམ་པ་ལྟ་བུ་ཕྱི་ནང་ཐམས་ཅད་གསལ་སིང་སིང་བར་བསམ་མོ། །དེ་ལ་ཨེན་ཙམ་ཅིག་བསྒོམ། དེ་ནས་སྙིང་གའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་དེ་སྔོ་འུབ་འུབ་པར་འདུས། །


PS010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། མགྲིན་པའི་འཁོར་ལོ་སྤྱི་བོ་ལ་ཐིམ་པ་དང་། ལུས་སྟོང་སང་སོང་བར་བསྒོམ། དེ་ནས་འོག་རླུང་དྲངས་ཏེ། ལྟེ་བ་རྒལ་པ་ལ་བཅར་ཏེ་མནན། རླུང་བཟུང་མིག་ཧྲིག་སྟོན། ཤེས་པ་རྟེན་མི་བཅའ་བ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ ། བདེ་མཆོག་དགྱེས་རྡོར་མ་ཧཱ་མ་ཡ་དང་། རྒྱུད་གསུམ་དྲིལ་བའི་གསང་བའི་མན་ངག་འདི། །ཐོ་རངས་ཀྱི་ཆ་ལ་མ་ཆག་པར་བསྒོམ་ན། དགེ་སྦྱོར་བོགས་ཆེ་བ་འོང་། ཚུལ་ཁྲིམས་འཆལ་པ་དང་དམ་ཚིག་ཉམས་པའི་སྒྲིབ་པས་མི་ཚུགས། རྡོ་རྗེའི་ཁྲུས་སུ་འགྱུར་རོ། །ནད་གདོན་གྱིས་མི་ཚུགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དོ། །མཁའ་འགྲོ་ནེ་གུའི་ཞལ་གདམས་སོ། །ཨྀིྠ། ༈ ཨོཾ་སྭ་སྟི། སྒྱུ་ལུས་སྦས་དོན་གྱིས་འཁྲུལ་འཁོར་ནི། །འབེབས་པའི་


PS010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་རྣམ་གསུམ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལན་གསུམ་རྡེག།རྡོ་རྗེ་ཁུ་ཚུར་ཐུར་དུ་རྡིག།བྱ་ཉོང་བྱ་ཞིང་ཐུར་དུ་རྡིག།འཛིན་པའི་འཁྲུལ་འཁོར་རྣམ་གསུམ་ཁུ་ཚུར་སྤྱི་ཕྱིར་གཙུག་རྡེག།ཁུ་ཚུར་སྤྱི་མཚམས་ཟླ་རྒྱུད་སྤུས་ཚུར་གན་རྐྱལ་སྤྱི་ནི། །ལུས་གནད་ཁུ་ཚུར་སྤྱི་མགོའི་སྟེང་ནུ་སྟེང་སྤུས་རྡེག།ས་གནོན་མཉམ་བཞག་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས། །འདྲེན་སྔོན་མ་འདི་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་རུས་སྦལ་ཁ་བུག་ལ། །ཧཱུཾ་རིངས་ཧཱུཾ་ཐུང་ཤང་ལམ་བཟློག།དགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །གཅན་གཟན་རྒྱལ་པོའི་འདུག་སྟངས་དང་། །གཡང་མོའི་ལྡིང་སྤྲུག་རྒོད་ལྡིང་བྱ། །འཁྲུགས་སྡེབས་བླ་མའི་ཞལ་ལས་ཤེས། ༈ གཏུམ་མོ་གཏན་ཐོག་གྲུ་མོ་སྤུས་མོ་གྲངས་གཅིག་མ་ནི་སྐྱབས་སེམས་ལྷར་བསྒོམ།


PS010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་གསོལ་འདེབས་རྣམས། གཏུམ་པོ་རྒྱས་པ་བཞིན། རོ་རྐྱང་སྤངས་པའི་དབུ་མ། ཡས་སྣ་ཧར་ཐོན་སྣར། ཧཾ་དཀར། སྤྱི་བོ་སྟེང་བླ་མ། ཡུམ་བཅས་མ་གང་རུང་དབུ་མའི་མས་སྣར་རཾ་དང་། ལྟེ་བར་ཉི་གདན་ལ་ཨ་ཤད་བླ་མའི་ངོ་བོར་སྒོམ། རླུང་རོ་བུས། སྟེང་འོག་རླུང་ཁ་སྦྱར། དབུ་མ་ནས་རཾ་ལ་ཕོག་མེ་འབར། ཨ་ཤད་བསྲེགས། མེ་འབར་བའི་རྩེ་ལ་མཆོད་པ་དང་བཅས། བླ་མ་སངས་རྒྱས་བྱང་སེམས་མཆོད། སངས་རྒྱས་བྱང་སེམས་བླ་མར་ཐིམ། བླ་མ་དགྱེས་བཞིན་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ་ཞིང་། ཧཾ་ལས་བདུད་རྩི་བབས། སྤྱི། མགྲིན། སྙིང་། ལྟེ། རྣམས་སུ་སླེབ། རིམས་ཀྱིས། བུམ། གསང་། ཤེར་དབང་། བཞི་པ་རྣམས་ཐོབ། འབར་འཛག་ལ་ཡིད་གཏད། བུམ་ཅན་བསྒོམས་


PS010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། འདི་ལ་གཏུམ་མོ་དངོས་གཞི་དོན་རྣམས་ཚང་བས། སྟན་ཐོག་གཅིག་མར་གྲགས། ཏཱ་ར་ནཱ་ཐའི་གསུང་ལས། བྱ་བཏང་བྱམས་པས་ཟིན་བྲིས་བགྱིས་པའོ། ༈ འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བར་གྲགས་པ། འཕོ་བ་སྤེ་གཉིས་མ་ཟེར་བ་ནི། སྐྱབས་སེམས་གསོལ་འདེབས། འཕོ་བ་ཀྱུས་བཞིན། རང་ལུས་ཐ་མལ་གྱི་ལུས་དབུས་སུ། རྩ་དབུ་མ་སྲ་ཞིང་བརྟན་པ། སྤྱི་བོ་ནས། ལྟེ་འོག་ཟུག་པའི་ལྟེ་བར་ཨ་དཀར་པོ་མཁའ་སྤྱོད་མ་སྤྱི་བོར་བསྒྲད་བཞུགས། གསང་བ། ཚང་བུག་ལ་སྦྱར་བ། རང་གི་ལག་གཡས་སུ་རལ་གྲིས་ཐོད་པ་མདུན་དུ་ཕོག་པའི་ནང་དུ། ལུས་གསང་བ་ཡན། ཐོད་པར་སྐུར་བ། བདུད་རྩིར་གྱུར་ནས། མཁའ་སྤྱོད་མ་མཆོད་པ་བྱས་ཤིང་། ཧིག་ཞེས། ཨ་ལྟེ་བ་ནས་འཕར། དབུ་མ་


PS010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མཁའ་སྤྱོད་མའི་གསང་བར་ཞུགས། ཐུགས་ཀར་སླེབས། ཀ་ཞེས་ལྟེ་བར་ཕབ། མཁའ་སྤྱོད་མ་ཡར་འབུར། སླར་ཡང་བྱོན་ནས། སྤྱི་བོ་ནས་ཨ་བདུད་རྩིའི་རྣམ་པར་དབུ་མར་ཞུགས། ཨའི་ངོ་བོར་གྱུར། མཁའ་སྤྱོད་མ་འཕུར་ཏེ་གཤེགས། བསྔོ་བ་སྨོན་ལམ་བྱ། ༈ ཚང་དང་ཟུར་ཐིག་ལེགས་བཏབ་ནས། ཆ་ཆེན་བཅུ་དྲུག་སྒོ་བར་བྱ། དང་དྲུག་ཕྱེད་ཕྱེད་ཕྱི་མ་གདབ། །གཉིས་བདུན་བཞི་ཆ་བཞི་རུ་སྒོ། །གསུམ་པ་བཞི་པ་རང་སར་བཞག།ལྔ་བརྒྱད་དབུས་དོར་ཐ་གཉིས་གདབ། །དགུ་པ་རྩ་བའི་ཐིག་ཡིན་ཏེ། །བཅོ་ལྔ་པ་ནི་མདའ་ཡབ་ཐིག།དེ་གཉིས་ཟུར་ནས་ཟུར་དུའོ། །བཅུ་པ་ལ་སོགས་ཐིག་ལྔ་ནི། །ཟུར་ཐིག་ནས་བརྩམས་ཚང་ཐིག་ངོས། །གཉིས་པར་རེག་པ་དང་པོ་གཉིས། །བདུན་པར་ཐེག་པ་ཕྱི་མ་གསུམ།


PS010_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཐིག་ནས་བརྩམས་གཉིས་པ་ནི། །བཅུ་ནས་བཅུ་གཅིག་བར་དུའོ། །ཚང་ཐིག་ནས་བརྩམས་དང་པོ་ནི། །དགུ་ནས་བཅུ་གཉིས་ལ་རེག་པའོ། །དེ་ནས་ངོ་བོས་གསུམ་པའི་བར། །སྟེང་དུ་བཅུ་བཞི་པ་ལ་རེག།དེ་གཉིས་རྩེ་སྦྲེལ་བཞི་ནི། །བཅུ་བཞི་པ་ནས་བཅུ་བཞི་པ། །རྩེ་ནས་རྩེ་རུ་བཅུ་བཞི་པ། །ཚང་ཐིག་ནས་བརྩམས་ལྔ་པ་དང་། །དྲུག་པ་བདུན་རྣམས་བཅུ་གཅིག་ནས། །བཅོ་ལྔ་ཐིག་ལ་རེག་པར་གདབ། །མདའ་ཕྱིར་གཅིག་ནས་ཚང་ཐིག་སྟེངས། །ཆ་ཆུང་གཉིས་ཀྱི་སྟེང་དུ་བསྐོར། །གཡས་གཡོན་སྣེ་ལ་ཐུད་ནས་ནི། །ཆ་ཆུང་རེ་རེ་གཡས་གཡོན་བསྐོར། །དེ་ནང་ཆ་ཆུང་ཕྱེད་ཀྱི་བསྐོར། །ནང་གི་བསྐོར་ཐིག་ལ་རེག་པར། །བཅུ་དྲུག་ལ་སོགས་ཐིག་བཞི་ནི། །ཚང་ཐིག་ནས་བརྩམས་བདུན་པ་དང་། །དྲུག་ལྔ་བཞི་ལ་


PS010_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་གདབ། །དེ་དག་རྣམས་ཀྱི་རྩེ་མོའང་སྦྲེལ། །ཉི་ཤུ་ལ་སོགས་ཐིག་བཞི་ནི། །ཚང་ཐིག་ནས་བརྩམས་དང་པོ་ལ། །རེག་པ་ཙམ་དུ་གདབ་པར་བྱ། །ཡང་ན་རྩ་བ་ཆ་ཆུང་གཉིས། །རྩེ་མོ་ཆ་ཆུང་གཅིག་དབུས་རྭ། །ཚང་ཕྱིར་གཉིས་དང་མདའ་ཕྱིར་གཅིག།ཀ་རྒྱན་རྩེ་ནང་རྭ་བས་བསྐོར། །དེ་ནས་ངོས་གཉིས་སྟེང་དུ་གཅིག།ཕྱི་ནས་སྔ་མའི་ཚད་དུ། །དབུས་ཀྱི་ཆ་གསུམ་བཞི་བཞི་བསྐོར། །བཅུ་གཉིས་བཅུ་གཅིག་བཅུ་སྟེངས་བསྐོར། །གསུམ་པ་བཞི་པ་སྣོལ་བར་གདབ། །ལིང་ཚེ་དགུ་པར་འགྱུར་བ་ཡིན། །ཕྱི་རོལ་རིམ་པ་བསྐོར་ཐིག་རྣམས། །གཅིག་ཕྱེད་གཅིག་གི་ཚད་ཀྱི་བསྐོར། ༈ ཨོཾ་སྭ་སྟི། ལག་མཆོད་ནི། སྒྲུབ་དཀྱིལ་དང་འབྲེལ་བའམ། མ་འབྲེལ་ཡང་རུང་། ནང་མཆོད་བྱིན་རླབས་བྱས། ལག་གཡོན་གྱིས་མཐིལ་


PS010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དུ། པདྨ་འདབ་ལྔ་བསམ་པའི། ནང་མཆོད་ཐིག་ལེ་བཀོད། དབུས་ནས་བརྩམས་གཡོན་བསྐོར། ཨོཾ། བཾ། ཧཾ། ཡོཾ། ཧྲིཾ། མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ། རྣམས་དཔའ་མོར་བསྐྱེད། སོར་མོ་རྣམས་ཀྱི། མཐེ་བོང་ནས་བརྩམས་ཏེ། གཡོན་བསྐོར་དུ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ། ཧཱུཾ། བོ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། །སོར་རྩེ་རྣམས་སྡོམས་པའི་སྟེངས། །ཕཊཿཧཾ་རྣམས། དཔའ་བོ་དྲུག་ཏུ་བསྐྱེད། །སྔགས་དང་། འབྲུ་གསུམ་པའི་ནང་མཆོད་ཕུལ། ལག་པའི་འབྱུང་བ་ལྔ་རིགས་ལྔར་བསམ། ཐམས་ཅད་འོད་དུ་ཞུ། ལག་པར་ཐིམ། མཆོད་པ་སོགས་བྱིན་རླབས། ལག་པའི་མགུལ། ལྷག་པའི་ལྷའི་དལ་བསྐྱེད། མཆོད་པ་ཅི་འབྱོར་གྱིས་མཆོད། རྐང་བརྒྱད་ཀྱི་བསྟོད། འདོད་དོན་ཡིག་བརྒྱ། བཟོད་གསོལ། འཁྱུད་རྒྱ་དཔྲལ་མཚམས།


PS010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡོ་ག་སོགས། ལྷ་རང་ལ་ཐིམ་པར་བསམ། བསྔོ་བ་སོགས་བྱ། ཕག་མོ་ལ་དཔའ་བོ་དྲུག་དོར་ཞིང་། ལྷག་པའི་ལྷར་ཕག་མོ་བསྐྱེད་པ་གོ་རྗེས། དེ་བཞིན་མཆོད་པ་སོགས་བྱ་བ་རིགས་འགྲེའོ། མངྒ་ལཾ། །


PS010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ལེན་ཉི་མའི་དཀྱིལ་འཁོར་བཞུགས། །


PS010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །རང་བཞིན་སྐྱེ་བ་མེད་པའི་དོན་རྟོགས་པའི། །གནམ་ལྕགས་མི་རྫི་སྣང་སྟོང་ལྷ་ཡི་སྐུ། །རྒྱུན་ཆད་མེད་པར་མཁྱེན་གཉིས་འགྲོ་དོན་མཛད། །རྟོགས་པའི་ཉི་ཟེར་འགྲོ་བའི་མུན་སེལ་བའི། །མཚུངས་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །འགྲོ་མགོན་དཔལ་ལྡན་བླ་མའི་ཞལ་སྔ་ནས། །བླ་མའི་དྲིན་གྱིས་གདམས་


PS010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། ཅེས་དང་། མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཅེས་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། །སོར་མོའི་ཕྲེང་བས། བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་དང་ནི་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་མཉེས་པ། །ཆོས་དེས་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །ཞེས་པའི་དོན་དྲིས་པ་ལས། །བདག་མེད་ཅིང་ཅི་ཡང་མི་དམིགས་པ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ལན་བཏབ་པའི་མཐར། །སོར་མོའི་ཕྲེང་བས། དེ་ལྟར་ཡང་མ་ཡིན་ཞིང་། སངས་རྒྱས་རྣམས་ཀྱིས་མ་


PS010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་བྱ་བ་དེ་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་ལ་མཐའ་ཡས་པའི་མཚན་ཉིད་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །ཞེས་སོགས་གསུངས་པས་སོ། །བཞི་པ་དེ་ལ་ན་རྒྱུ་འཆི་རྒྱུ་མེད་པར་བསྟན་པ་ནི། དེ་ལ་ན་དང་འཆི་རྒྱུ་མེད། །ཞེས་གསུངས་ཏེ། །ན་བ་ནི་རླུང་མཁྲིས་བད་ཀན་འདུས་པའི་ལུས་འབྱུང་བཞི་ཆ་མ་སྙོམས་པས་ཟུག་རྔུ་འབྱུང་བ་ལ་ན་བ་ཞེས་བརྗོད་པ་ཡིན་ནོ། །འདིར་ནི་


PS010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དངས་འོད་ཀྱི་སྐུ་ཡིན་པས། །འབྱུང་བའི་ཁམས་ལས་འདས་པས་ན་བ་མེད་ལ། འཆི་བ་ཞེས་བྱ་བ་ནི། དབང་པོ་སྐད་ཅིག་མ་སྔ་མ་རྣམས་འགག་པ་ཡིན་ལ། སྐྱེ་བ་ནི་གསར་པ་རྣམས་ཐོབ་པའི་སྐད་ཅིག་ཡིན་ན། འདིར་ནི་འདུས་བྱས་ཀྱི་སྐད་ཅིག་ཐམས་ཅད་འགག་ཤིང་། འདུས་མ་བྱས་པའི་སྐུ་ཡིན་པས། སྐྱེ་བ་དང་འཆི་བ་མེད་པ་ཡིན་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་བྱིན་པར་བྱ། །ང་ནི་ཞི་བའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ། །ཞེས་དང་། རྐང་པ་གཞན་རྣམས་འདྲ་བ་ལ། །འཆི་བ་མེད་པའི་མཐའ་ལ་ང་གནས་ཏེ། ཞེས་གསུངས་སོ། །ལྔ་པ་འཁོར་འདས་གཉིས་སུ་མེད་པར་བསྟན་པ་ནི།


PS010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་མྱང་འདས་མ་གྲུབ་ཅིང་། །ཞེས་བྱ་བ་གསུངས་ཏེ། འཁོར་བ་ནི་ཆོས་ཐམས་ཅད་ཀྱི་འཁྲུལ་ལུགས་ཡིན་ལ། མྱ་ངན་ལས་འདས་པ་ནི་གནས་ལུགས་ཡིན་པས། དང་པོ་ཀུན་རྫོབ་དང་། ཕྱི་མ་དོན་དམ་པ་ཡིན་ལ། འདིར་ཡེ་ཤེས་ཀྱི་སྐུ་ནི་དོན་དམ་གྱི་སྐུ་ཡིན་པས། བདེན་གཉིས་ཟུང་དུ་ཆུད་པ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྙེད་མི་འགྱུར། །ཞེས་གསུངས་པས། རྣམ་པ་འཁོར་བ་དང་། །མྱ་ངན་ལས་འདས་པ་གཉིས་དབྱེར་མེད་པའོ། །དྲུག་པ་དེ་ལ་འཕོ་བྱ་འཕོ་བྱེད་མེད་པར་བསྟན་པ་ནི། འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །ཅེས་གསུངས་ཏེ། དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དེ་ལ། །འཕོ་བྱ་དང་འཕོ་བྱེད་དང་། འཕོ་ཡུལ་ལ་


PS010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐ་དད་མེད་པས། དེའི་ཕྱིར་འཆི་མེད་རང་གྲོལ་དུ་བསྟན་པ་ཡིན་ནོ། །དེས་ན་འཆི་བའི་ཚེའང་གོང་གི་ཉམས་ལེན་ལས་གཞན་པ་འཕོ་བའི་གདམས་པ་ཟབ་མོ་བསྟན་རྒྱུ་མེད་དོ། །གསུམ་པ་འབྲས་བུ་བསྟན་པ་ལ་གཉིས། དེ་ལ་ཟུང་འཇུག་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ན་འབྲས་བུ་ཉམས་པའི་ཚུལ་དང་། ཟུང་འཇུག་རྟོགས་ན་གྲུབ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་མ་རྟོགས་རྣལ་འབྱོར་པས། །བསྐལ་པར་བསྒྲུབས་ཀྱང་དོན་མེད་འགྱུར། །ལོག་པའི་ལམ་ཞུགས་ཁོ་ནར་ཟད། ཅེས་གསུངས་ཏེ། དེ་ལྟར་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མ་གཏོགས་པར་བེམ་པོ་རྣམ་པར་དཔྱད་པའི་སྟོ་ཉིད་དང་། ཆད་པའི་སྟོང་ཉིད་ལ་མཆོག་ཏུ་འཛིན་པའི། བཏགས་པའི་བསྐྱེད་རིམ་ལ་ཞེན་པ་རྣལ་འབྱོར་པ་ལྟར་སྣང་བས་བསྐལ་པ་མང་པོར་བསྒྲུབས་ཀྱང་


PS010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་པར་འགྱུར་ཞིང་། ལོག་པའི་ལམ་དུ་ཞུགས་པས་ངལ་བ་ཁོ་ནར་ཟད་དེ། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། བེམ་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཅེས་དང་། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་འཕུང་བར་འགྱུར། །ཞེས་དང་། །སྤྱན་རས་གཟིགས་ཀྱིས་ཀྱང་། །རྣམ་པར་རྟོག་པ་བསྒོམ་པ་གོམས་པ་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱིས། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་པས་སོ། །གཉིས་པ་ཟུང་འཇུག་རྟོགས་ན་འགྲུབ་པའི་ཚུལ་ལ་གཉིས། འགྲུབ་པའི་ཚུལ་དང་། འབྲས་བུ་དེ་གཏན་ལ་དབབ་པའོ། །དང་པོ་ལ་བཞིའི་དང་པོ། མཚམས་མེད་ལྔ་རྫོགས་པས་ཀྱང་


PS010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཚུལ་ནི། གང་གིས་མཚམས་མེད་ལྔ་རྫོགས་ཀྱང་། །འཆི་ཁའི་ཚེའམ་དུས་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང་བཞི། །སྐད་ཅིག་ཡུད་ཙམ་རྟོགས་པའམ། །དྲན་ཐོས་རེག་པར་གྱུར་པས་ཀྱང་། །གནོད་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སངས་རྒྱ། །སྒྲིབ་པ་ཆུང་ལ་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནད་ཡིན་ནོ། །ཞེས་གསུངས་ཏེ། སྐྱེ་བོ་གང་གིས་མཚམས་མེད་པ་ལྔ་གང་རུང་གི་ལས་རྫོགས་པས་ཀྱང་། །འཆི་ཀའི་ཚེའམ་དེའི་གོང་དུས་གཞན་དག་ཏུའང་རུང་སྟེ། དབང་བསྐུར་བ་ཐོབ་དམ་ཚིག་དང་ལྡན་པས། འཆི་མེད་རྡོ་རྗེའི་ཚིག་རྐང་པ་བཞི་པ་འདི་དུས་སྐད་ཅིག་ཡུད་ཙམ་རྟོགས་པའམ། སྔར་ཐོས་པ་དྲན་པའམ། རྣ་བར་ཐོས་པའམ། ཐ་ན་རེག་པར་གྱུར་པས་ཀྱང་། སྐྱེ་བོ་དེའི་


PS010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གནད་གཅོད་ཀྱི་སྡུག་བསྔལ་རང་སར་དག་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱ་བར་འགྱུར་ན། སྒྲིབ་པ་ཆུང་བ་ལ་སྨོས་མི་དགོས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། མཚམས་མེད་ལྔ་པོ་དག་ནི་བྱེད་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དག་ལ། །རྒྱལ་བའི་བདག་པོས་རྗེས་སུ་བཟུང་བར་འགྱུར། །ཅེས་གསུངས་ཤིང་། རྒྱུད་བླ་མར་ཡང་། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འཇེད་པའི་མི། །དེ་ཡང་ཆོས་ཉིད་ཉེ་བར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། ཅེས་གསུངས་ལ། འདིར་བཤད་པའི་འཆི་མེད་ཡེ་ཤེས་ཀྱི་སྐུ་ནི། དབང་


PS010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་དོན་ཡིན་ཞིང་། ཆོས་ཉིད་ཟབ་མོ་ཡང་ཡིན་པས། དེའི་ཕྱིར་སྒྲིབ་པ་ཆུང་བ་ལ་སྨོས་ཅི་དགོས། དེས་ན་ལམ་འདི་ནི་གོལ་འཆུགས་མེད་པའི་གནད་ཡིན་ནོ། །ཞེས་ཤེས་པར་བྱའོ། །གཉིས་པ་འཆི་ཁར་མན་ངག་མི་གསལ་ན་ཡང་འགྲུབ་ཚུལ་ནི། གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་གསལ་བར་མ་གྱུར་ཀྱང་། །དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་བཞིན། །སྔར་གྱི་གནད་ཀྱི་བར་མ་དོར། །རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་། ཅེས་གསུངས་ཏེ། དེ་ཡང་འཆི་མེད་ཀྱི་རྣལ་འབྱོར་སྔོན་དུ་གོམས་ཀྱང་། གལ་ཏེ་ལུས་སེམས་རྐྱེན་དབང་གིས་མྱོས་ཤིང་བརྒྱལ་བས། འཆི་ཁར་གདམས་པ་གསལ་བར་མ་གྱུར་ཀྱང་། བར་དོར་བག་ཆགས་སད་ནས་རང་གྲོལ་ཏེ། དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་སྔོན་དུ་ལེགས་པར་གཏན་ལ་


PS010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་ནས། ཕྱིས་ནམ་དགོས་དུས་ན་འབྱུང་བ་བཞིན། སྔར་གྱི་ཉམས་ལེན་གྱི་གནད་ཀྱིས་ཟིན་ནས། བར་དོར་རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་ངོ། །གསུམ་པ་མཚམས་སྦྱོར་ངན་པ་བྱུང་ཡང་འགྲུབ་ཚུལ་ནི། མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་། །གསལ་དྭངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། ཅེས་གསུངས་ཏེ། དེ་ཡང་རྣལ་འབྱོར་པ་གང་ཞིག་འཆི་བའི་ཚེ། ཕྱི་ནང་གི་མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་བར་དོར་གྲོལ། དཔེར་ན་རྙོགས་མ་དང་། ཆུ་རླབས་སོགས་དང་བྲལ་བའི་གསལ་ཞིང་དྭངས་པའི་ཆུས་གང་བའི་རྫིང་བུར་རྡོ་རྒྱབ་པའི་རྐྱེན་གྱིས་དར་གཅིག་ཆུ་འཁྲུགས་ཅིང་རྙོག་མར་གྱུར་ཀྱང་། སླར་ཡང་དྭངས་ནས་གསལ་བ་བཞིན་དུ། སྔར་གྱི་མན་ངག་གི་གནད་ཉམས་སུ་མྱོང་བའི་སྟོབས་ཀྱིས་བར་མ་དོར་ཡང་ཉམས་


PS010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་བག་ཆགས་སད་དེ། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་བར་འགྱུར་རོ། །བཞི་པ་ཐོས་ནས་ཉམས་ལེན་མ་བྱུང་ཀྱང་འགྲུབ་ཚུལ་ནི། བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒས་ཟླ་ཤར་བཞིན། །འདིའམ་འཆི་ཁར་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། གང་ཞིག་མན་ངག་ཐོས་ཀྱང་ཡུན་དུ་བརྟེན་པར་མ་གྱུར་ཏེ། །བསྒོམས་ལོང་མེད་པས་ཀྱང་འགྲུབ་སྟེ། དཔེར་ན་ཚེས་བཅོ་ལྔའི་ཉི་མ་རྒས་པ་དང་། ཟླ་བ་ཤར་ནས་སྣང་བ་མུ་འབྱོར་ནས་མུན་པ་སངས་པ་ལྟར། ཚེ་འདིའམ་འཆི་ཁར་ཡིད་ལ་དྲན་པ་དང་། །རྣ་བར་ཐོས་པའི་སྟོབས་ཀྱིས་སྒྲིབ་པ་དག་སྟེ། །འཆི་ཁའི་འོད་གསལ་ངོས་ཟིན་ནས་བར་དོར་ལོངས་སྐུ་ཐོབ་པར་ཐེ་ཚོམ་མེད་དོ། །འདི་རྣམས་ལ་སྔགས་ཀྱི་དམ་ཚིག་གཙང་བ་གལ་ཆེའོ། །གཉིས་པ་འབྲས་བུ་དེ་


PS010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ལ་དབབ་པ་ནི། རང་སེམས་སྐྱེ་མེད་ཆོས་སྐུ་ལས་འགག་མེད་གཟུགས་སྐུ་རང་ཤར་གྱིས། འཁོར་བའི་རྒྱ་མཚོ་མ་སྟོངས་བར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པ་ཕྲིན་ལས་རྣམས། །ཟུང་འཇུག་ཆེན་པོར་རྟོགས་པར་གྱིས། །ཅེས་གསུངས་ཏེ། འབྲས་བུ་ཇི་ལྟར་འགྲུབ་པ་ཡང་། །སྔར་བསྟན་པའི་ཡེ་ཤེས་ཀྱི་སྐུ་དེ་ཉིད། སྒྲིབ་གཉིས་ཀྱི་བག་ཆགས་ཐམས་ཅད་བྲལ་བས་རང་གི་ངོ་བོ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཚད་མེད་པ་དང་ལྡན་ཞིང་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་གཉིས་སུ་མ་མཆིས་པའི་འོད་གསལ་བ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསལ་བར་རྟག་ཏུ་སྣང་བའི། རང་སེམས་དག་པ་ཆོས་ཀྱི་སྐུ་རང་དོན་དུ་ཐོབ་ནས། དེ་ལས་སྐད་ཅིག་ཀྱང་མ་གཡོས་བཞིན་དུ་སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་འབད་རྩོལ་མེད་བཞིན་དུ། འགག་པ་མེད་པའི་གཟུགས་


PS010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། ལོངས་སྤྱོད་རྫོགས་པའི་སྐུ་རང་ཤར་གྱི་གདུལ་བྱ་དག་པ་རྣམས་དང་། སྣ་ཚོགས་པ་སྤྲུལ་པའི་སྐུ་དུ་མས་མ་དག་པའི་སེམས་ཅན་རྣམས་ལ། རང་རང་གི་མོས་པ་དང་མཐུན་པར་ཆོས་སྟོན་པ་ལ་སོགས་པའི་ཕྲིན་ལས་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ། གང་ལ་གང་འདུལ་གྱིས་གཞན་དོན་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་འབྱུང་སྟེ། དེ་ཡང་ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་རྣམས་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོར་རྟོགས་པར་བྱ་སྟེ། རྒྱུད་བླ་མར། བདག་ཉིད་ཀྱིས་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་


PS010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་ཤིང་། ཕྲིན་ལས་མཛད་ཚུལ་ཀྱང་། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང་། འཁྲུལ་འཁོར་ལས་བྱུང་སིལ་སྙན་ནི། །རླུང་གིས་བསྐྱོད་ན་སྒྲ་འབྱུང་བ། །དེ་ལ་ཁྲོལ་བྱེད་མེད་མེད་ཀྱི། །འོན་ཀྱང་སྒྲ་དག་འབྱུང་གྱུར་པ། །དེ་བཞིན་ལེགས་པར་སྔར་སྦྱངས་ཕྱིར། །སེམས་ཅན་བསམ་པས་བསྐུལ་བས་ནི། །འོན་ཀྱང་སྒྲ་དག་འབྱུང་མོད་ཀྱི། །འདི་ལ་རྟོག་པ་ཡོངས་མི་མངའ། །ཞེས་དང་། རྒྱུད་བླ་མར་ཡང་། དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། ཕྲིན་ལས་གཉིས་སུ་འདུ་བ་ཡང་། །རྒྱུད་བླ་མར། གདུལ་བྱའི་


PS010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང་། དེའི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང་། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པས་སོ། །གསུམ་པ་རྗེས་ཀྱི་ཆོས་ལ་ལྔ་ལས། དང་པོ་འཆི་མེད་རྟོགས་ན་ཐ་མལ་ཀྱང་མཁའ་སྤྱོད་ཐོབ་ཚུལ་ནི། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པ་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་གྱུར་པས། །དག་པ་བདེ་སྟོང་མཁའ་སྤྱོད་འགྲོ། །ཞེས་གསུངས་ཏེ། དེ་ཡང་འཆི་བ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཙམ་ཡིན་ཏེ།


PS010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་གསུངས་སོ། །དེས་ན། རྟོགས་བྲལ་ཡེ་ཤེས་ཀྱི་སྐུ་ལ་འཆི་རྒྱུ་མེད་པར་རྟོགས་པ་ནི་དབང་པོ་རབ་ཡིན་ལ། དེའི་དོན་ཆ་ཤས་ཙམ་སྐད་ཅིག་རྟོགས་པར་གྱུར་པའི་དབང་པོ་ཐ་མལ་ཀྱང་། དག་པ་བདེ་སྟོང་གི་མཁའ་སྤྱོད་དུ་འགྲོ་སྟེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད། །ཅེས་གསུངས་ལ། ཁྲི་ཚུལ་ཡང་། སློབ་དཔོན་པུ་རི་པས། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་སོགས་ཐོགས་ནས་ཀྱང་། །རོལ་མོ་གླུ་དང་སྒྲ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་དེ་དུས་གསུམ་རྒྱལ་བ་


PS010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ལམ་དུ་བསྟན་པ་ནི། དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བརྟུལ་སངས་རྒྱས་འཁོར་ལོ་བསྐོར། །དི་ཕྱིར་རྒྱལ་པའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང་། །ཅེས་གསུངས་ཏེ། དུས་གསུམ་གྱི་རྒྱལ་བས་ཀྱང་འཆི་མེད་ཀྱི་གནད་འདི་རྟོགས་པས་བདུད་བཞི་བཏུལ་ནས་མངོན་པར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། ཇི་སྐད་དུ། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིན་ཏེ། །ཡེ་ཤེས་མཉམ་མེད་ཡང་དག་མཉེས། །གང་གི་ཤཱཀྱ་སེང་གེ་སོགས། །སྐྱབ་པ་རྣམས་ཀྱིས་བདུད་ཀྱི་སྡེ། །མི་ཟད་ཆེན་པོའི་དཔུང་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་བཏགས་ནས་ནི། །འཁོར་ལོ་བསྐོར་ཏེ་མྱ་ངན་


PS010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །ཅེས་གསུངས་སོ། །དེའི་ཕྱིར་རྒྱལ་བའི་ཐུགས་བཅུད་དམ་པ་འདི། །མདོ་རྒྱུད་དུ་མར་བསྟན་པར་གྱུར་ཀྱང་ནི། །རྟོག་གེའི་སྤྱོད་ཡུལ་གྱིས་རྟོགས་པ་མ་ཡིན་ཏེ། །རྒྱུད་བླ་མར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་པས་སོ། །གསུམ་པ་དེ་བླ་མ་དམ་པ་མཉེས་པར་བྱས་པ་ལས་རྟོགས་ཚུལ་ནི། དམ་པའི་དྲིན་གྱིས་མ་གཏོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་བསྟེན་པ། །གུས་ཤིང་མཉེས་པ་མཆོག་ཡིན་ནོ། །ཞེས་གསུངས་ཏེ། རྒྱལ་བའི་ཐུགས་བཅུད་དེ་ཁོ་ན་ཉིད་གང་གིས་རྟོགས་ན། བླ་མ་དམ་པའི་བཀའ་དྲིན་ཐོབ་པ་མ་གཏོགས་པ། གོང་དུ་བཤད་པའི་ཐོས་


PS010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཐབས་གཞན་གང་གིས་ཀྱང་རྙེད་པར་མི་འགྱུར་ཏེ། སློབ་དཔོན་ཨཱརྱ་དེ་བས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡི། །བདག་བྱིན་རླབ་པ་རྙེད་མི་འགྱུར། །དེས་ན་ཡང་དག་དོན་བཙལ་རིགས། །ཞེས་གསུངས་པས། དེའི་ཕྱིར་བླ་མ་མཆོག་སྟེ། མཚན་ཉིད་དང་ལྡན་པ་བསྟེན་ནས། སྒོ་གསུམ་གུས་ཤིང་ཐུགས་མཉེས་པར་བྱས་པ་ལས་བྱིན་རླབས་འཇུག་ཅིང་། ཟབ་དོན་རྙེད་པ་མན་ངག་གི་གནད་ཡིན་ཏེ། །ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗེད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མ་རྙེད་པ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང་། གསང་


PS010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདུས་པ་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ཀྱང་། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་པ་དང་། དཔལ་དོན་པའི་བསྙེན་པ་ལས་ཀྱང་། །འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲེང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །ཞེས་གསུངས་པས། གསང་སྔགས་རྡོ་རྗེ་ཐེག་པ་ཟབ་མོ་སྟོན་པའི་བླ་མ་ལ། སངས་རྒྱས་དངོས་ཡིན་པའི་མོས་པ་བྱ་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། འདིར་མ་སྨྲས་པས་ཅི་ཞིག་དགོས། བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་པ་ཡིན། །དེ་དང་དེ་ལ་འབད་དེ་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་


PS010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཡིད་ཆེས་ལུང་གིས་བརྒྱན་ཏེ་ཆིག་བརྒྱུད་ལ་བསྟན་པ་ནི། སྙིགས་མ་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་རྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ན་གསུམ་པའོ། །ཞེས་གསུངས་ཏེ། དུས་དང་སེམས་ཅན་དང་། ཚེ་དང་། ལོངས་སྤྱོད། ལྟ་བའི་སྙིགས་མ་ལྔ་བརྡོ་བས། །སྐྱེ་བོ་རྣམས་ལོག་ལྟས་རྒྱུད་དཀྲུགས་པའི་ཚེ། མན་ངག་ལ་ལོག་བལྟ་དང་ཐེ་ཙོམ་འབྱུང་བས་ཡིད་ཆེས་བསྐྱེད་པའི་ཕྱིར་དུ། ལུང་རྣམ་པར་དག་པས་


PS010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཏེ། འཆི་མེད་ཡེ་ཤེས་ཆེན་པོ་འདི། །མི་རབས་བདུན་དུ་ཆིག་བརྒྱུད་དུ་བཤད་ཅིང་། དེ་ལས་མི་འདའ་བར་རྡོ་རྗེའི་རྒྱ་ཡིས་བཏབ་སོ། །མི་རབས་བདུན་པོ་ནས་བརྒྱུད་པ་གསུམ་པ་ཡིན་ནོ་ཞེས་པ་ནི། གྲུབ་ཐོབ་ཁྱུང་པོ་ཉིད་དང་སངས་རྒྱས་སྟོན་པ་གཅིག་པར་བསྟན་པའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ། །ཞེས་པ་ནི་གཞུང་རྫོགས་པའི་ཐ་ཚིག་གོ། ལྔ་པ་འགྱུར་བྱང་སྨོས་ཤིང་བཤད་ཚུལ་ནི། ཡེ་ཤེས་ཀྱི་ཌཱ་ཀི་མས་སེང་ལྡེང་གི་ནགས་བསེབ་དུ་གསུངས་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ། བདག་ཁྱུང་པོ་རྣལ་འབྱོར་པས། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ཉམས་


PS010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱོང་བར་བྱས་པའོ། །ཞེས་པ་ནི་བསྒྱུར་ཚུལ་དང་། དཀའ་བ་སྤྱད་དེ་ཉམས་སུ་མྱོང་ཚུལ་ལོ། །འཆི་མེད་ཡེ་ཤེས་ཆེན་པོའི་རྡོ་རྗེ་ཡི། །ཚིག་གི་འགྲེལ་པ་ཟུང་འཇུག་གསལ་བ་འདི། །འཕགས་ནོར་བདུན་ལྡན་བཤེས་གཉེན་དམ་པ་ནི། །དཔལ་ལྡན་གྲགས་པས་ཡང་ཡང་གསོལ་བཏབ་ངོར། །རྣམ་དག་ལུང་དང་བླ་མའི་མན་ངག་ལྟར། །སངས་རྒྱས་དཔལ་གྱིས་ལྐུགས་ལུང་དགོན་པར་བཀོད། །དག་པར་བསམས་མོད་གལ་ཏེ་ནོངས་སྲིད་ན། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འདི་བྲིས་དགེ་བ་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་འདིར་བཞུགས་སངས་རྒྱས་ཐོབ་པར་ཤོག །ཤུབྷམསྟུསརྦཛགཏཱཾ། །ཤུ་བྷཾ།། །།

འཆི་མེད་རང་གྲོལ་གྱི་ཞལ་གདམས་དང་ལུང་སྦྱོར། སངས་རྒྱས་ཡེ་ཤེས།


PS010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་རང་གྲོལ་གྱི་ཞལ་གདམས་དང་ལུང་སྦྱོར་བཞུགས་སོ།། །།


PS010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འཆི་མེད་རང་གྲོལ་གྱི་གདམས་པ་འདི་ལ། །སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་ནི། སེམས་བསྐྱེད་སྔོན་དུ་སོང་པས། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསམས་ལ། འོད་ཟེར་གྱི་སྤྲོ་བསྡུས་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་གྱུར་པ་དེ་ལ། ལུས་ལོངས་སྤྱོད་གླིང་བཞི་ཐམས་ཅད་གསེར་གྱིས་བཀང་ནས་ཕུལ་


PS010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བདག་འཛིན། དགོས་མེད། སེམས་འཆི་མེད་རང་གྲོལ་གྱི་གསོལ་བ་གདབ་སོ། །དེ་ནས་རང་བདེ་མཆོག་ཏུ་གསལ་བའི་སྐྲ་མཚམས་སུ། ཧཱུཾ་སྔོན་པོ་མཚོན་གང་པ་གཅིག་བསམ། ཧཱུཾ་དེ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། དཔྲལ་བ་ན་མར་ལ། དཔེར་ན་རི་བོ་ལ་ཉི་མ་ཤར་བའམ། མུ་མེན་ཐལ་འཇིམ་གྱིས་གཡོགས་པ་ལ། མགོ་ན་མར་ཆུ་བླུག་པས་ཆུ་


PS010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དག་ཅིང་གསལ་ལ། ཆུ་མ་སོང་པ་མོག་མོག་པོར་འོང་བ་ལྟར། རིམ་པ་བཞིན་དུ་གསལ་སིང་སིང་པ། སྤྱན་གསུམ། མཆེ་བ་བཞི། སྣ་དང་ལྐོག་མ། མགྲིན་པ་དང་། སྙིང་ཁ། ལྟེ་བ་དང་། གསང་གནས། རྐང་མཐིལ་དང་། ལག་མཐིལ་དང་། ལག་མཐིལ་ལ་སོགས་པའི་དབྱིབས་ཐམས་ཅད་གསལ་སིང་སིང་པ་ལ། ཁ་དོག་སྔོ་ལ་མཚེར་བ་དང་། རྒྱན་ཆ་ལུགས་ཐམས་ཅད་ཀྱང་གསལ་བ་འོད་ཀྱི་རང་བཞིན་དུ་བསྒོམ། ཡུམ་ལ་ཡང་བཾ་ལས་གོང་ལྟར་དུ་བསྒོམ་ཞིང་ཁ་དོག་དམར་མོར་བསྒོམ་མོ། དེ་རྣམས་ཀྱི་ཕྱི་སྦྱང་བ་ཐལ་ནས། ད་ནང་སྦྱང་བ་ནི། འོད་དེ་ནང་ན་མར་ལ་སོང་བས། སྟོང་སོང་པ་ལ་སོར་མོའི་བུ་ག་ཕྲུ་མ་ཕུས་བཏབ་པ་བཞིན་དུ་ཕྱི་བལྟས་ནང་གསལ་བ་ནང་བལྟས་ཕྱི་གསལ་བ། ཡབ་ཡུམ་གཉིས་ཀ་འོད་ཀྱི་རང་བཞིན། འོད་ཟེར་


PS010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་དམར་གྱི་རང་བཞིན་དུ་བསྒོམ་མོ། །ཕྱི་ནང་དབྱེར་མེད་དུ་བསྒོམ་པ་ནི། ལྷ་སྐུ་དེ་ངོ་བོ་སྟོང་པས་ཅིར་ཡང་མ་གྲུབ་པ། རང་བཞིན་གསལ་བས་སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས། རྣམ་པ་བཞུགས་ཚུལ། ཐམས་ཅད་འོད་ཀྱི་རང་བཞིན་དུ་གསལ་བ་ལ། མཚན་ཉིད་དབྱེར་མེད་པས། ཡབ་ཡུམ་བར་གྱི་མི་མགོ་ལ་སོགས་པ་ཐམས་ཅད་གསལ་བ། མི་བདེ་བ་མེད་པ་འོད་ཀྱི་རང་བཞིན་ལ་འཇའ་ཚོན་ལྟ་བུ། ཡལ་ལ་ཁད་པའི་གསལ་སྟོང་དབྱེར་མེད་པ་ལ་མཉམ་པར་བཞག་གོ། གཉིས་པ་དངོས་གཞི་ལ། ཨ་པ། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་བྱ་བ་རང་གྲུབ་པ་མི་འདུག །ལྷ་སྐུ་སྤངས་པའི་ཕ་རོལ་ན་ཡང་སེམས་བྱ་བ་གྲུབ་པ་རང་མི་འདུག །དེས་ན་ལྷ་སྐུ་དང་སེམས་དབྱེར་མེད་པ། ཆུ་ཟླ་ལྟ་བུ་སྟོང་པ་འདི། འདས་


PS010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱིས་མ་གཟིགས། མ་འོངས་པས་མི་གཟིགས། ད་ལྟར་གྱིས་གཟིགས་པར་མི་འགྱུར་བ་འདི་ཀ། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། སེམས་ཉིད་སྐྱེ་བ་མེད་པ་ཡིན་པས། འདི་ལ་ན་རྒྱུ་འཆི་རྒྱུ་མེད། སངས་རྒྱ་རྒྱུ་མེད། དེས་ན་འཁོར་བར་འཁྱམ་དོག་གཅིག་རང་འོང་ཉེན་མི་འདུག་སྙམ་དུ་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་དགེ་བ་དམིགས་མེད་དུ་བསྔོ་བར་བྱའོ། །བླ་མའི་ཞལ་ནས། བསྒོམ་ལོང་མ་བྱུང་ཀྱང་ཨའུ་རྩིའོ། །མཚམས་མེད་པ་ལྔ་བྱས་པ་ཡང་། འཆི་ཁར་དྲན་པས་སངས་མི་རྒྱ་མི་སྲིད་དོ། །འཆི་ཁར་མ་དྲན་པ་དང་། མཚམས་སྦྱོར་ངན་པ་བྱུང་ནས་ཤི་ན་ཡང་། རྣ་བར་ལན་གཅིག་ཐོས་པས་བར་དོར་རྒྱལ་བ་ལོངས་སྐུར་སངས་རྒྱ་བར། བཀའ་མདོ་རྒྱུད་ཐམས་ཅད་ནས་
གསུངས་པ་ཡིན་པས། འཁོར་བར་འཁྱམས་ཀྱི་དོགས་པ་མི་དགོས། ཐེ་ཙོམ་དང་ཡིད་གཉིས་མ་ཟ་འཚེངས་པ་ཡིན་གསུང་ངོ་། །སངས་རྒྱས་སྟོན་པའི་ཞལ་ནས་ཇི་ལྟར་བྱོན་པ་བཞིན་ཡི་གེར་བཀོད་པའོ། །མངྒ་ལཾ། །

འཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ།


PS010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ་བཞུགས། །མཁས་གྲུབ་ཆོས་ཀྱི་རྗེ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་ལུང་སྦྱོར་ཡིན་བརླབ་ཏུ་གསོལ་ལོ། །ཕྱག་རྒྱ་ཆེན་པོ་སེམས་འཆི་མེད་ཀྱི་ཁྲིད་ཀྱི་སྐབས་སུ་གསུངས་པའི་ཞལ་གདམས་དང་། ལུང་སྦྱོར་རྣམས་ཕྱོགས་གཅིག་ཏུ་བྲི་བར་བྱའོ། །དེ་ཡང་བླ་མའི་རྣལ་འབྱོར་ཕྱག་ཆེན་ལྟར་རྒྱས་པར་ཕོག་ནས། སྔོན་འགྲོ་སེམས་བསྐྱེད་ཀྱི་སྐབས་སུ། སྤྱིར་


PS010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ཆོས་ཐམས་ཅད་སྨིན་གྲོལ་གཉིས་སུ་འདུས་པ་ཡིན་ཏེ་སྣང་བ་རྡོར་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཅེས་སོ། །དེ་ལ་སྨིན་པར་བྱེད་པའི་དབང་ཐོབ་དགོས་ལ། དེ་མ་ཐོབ་ན་ཉན་པ་དང་བསྒོམ་པ་བྱས་ཀྱང་། འབྲས་བུ་མེད་དེ། ཐིག་ལེའི་རྒྱུད་ལས་དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་པར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ཐོབ་ཞུ། །ཅེས་སོ། །དེ་ལྟར་དབང་ཐོབ་པའི་ལམ་བསྐྱེད་རྫོགས་གཉིས་ཡིན་ཏེ། རྒྱུད་ལས། སངས་རྒྱས་རྣམས་ཀྱི་ལམ་འདི་


PS010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རིམ་པ་གཉིས་མས་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཅེས་སོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱིས། བསྐྱེད་རིམ་དང་པོར་བསྟན་ནས། རྫོགས་རིམ་བསྒོམ་པར་བཞེད་དེ། །རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་སྐས་ཀྱི་རིམ་པ་ལྟར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་སོ། །ནཱ་རོ་པ། ངོ་བོ་ཟུང་འཇུག་བསྒོམ་པ་རིམ་གྱིས་སར་འདོད་དེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཅེས་སོ། །འདིར་གོམས་པ་རིམ་གྱིས་པའི་དབང་དུ་


PS010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། བསྐྱེད་རིམ་དང་པོར་སྟོན་པ་ལ། རྒྱས་འབྲིང་གསུམ་དུ་གསུངས་པ་ནི། རྒྱུད་ལས། དེ་ནས་ལྷ་རྣམས་བསྒོམ་པ་ནི། དབང་པོ་རབ་འབྲིང་ཐ་མ་སྟེ། །རབ་ཀྱི་དཀྱིལ་འཁོར་རྫོགས་པ་ལ། །བསྒོམ་དང་བཟླས་པ་བྱ་བར་གསུངས། །འབྲིང་གི་གཙོ་བོ་ཡབ་ཡུམ་སྟེ། །ཐ་མས་དབུ་མའི་སྤྱན་ལ་འཇུག །དབུ་མའི་སྤྱན་ལ་བརྟན་གྱུར་ནས། །སུམ་ཅུ་རྩ་བདུན་རྫོགས་པར་བསྒོམ། །ཅེས་སོ། །དབང་པོ་འབྲིང་གི་དབང་དུ་བྱས་ནས། ཁྲིད་ཀྱི་སྐབས་འདིར་གཙོ་བོ་ཡབ་ཡུམ་ལ་བརྟེན་ནས་བསྒོམ་པ་སྟོན་པར་བྱེད། འདི་ཉིད་ཀྱི་རྡོ་རྗེའི་ཚིག་རྐང་ལས། རང་ལུས་ཡི་དམ་ཡབ་ཡུམ་གྱི། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །སྐད་ཅིག་སྟོང་གསལ་ཉིད་སྦྱངས་པས། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་དཔུང་བཅས། །


PS010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་བལྟོས། །ཅེས་སོ། །འདིའི་དམིགས་པའི་རིམ་པ་རྣམས་ནི། ཁྲིད་ཡིག་ན་གསལ་ལ། སྐད་ཅིག་ཀྱང་མ་ཡེངས་པར་རྟག་ཏུ་བསྒོམ་དགོས་པ་ནི། བརྟག་གཉིད་ལས། བསམ་པ་ཐམས་ཅད་ཡོངས་སྤང་ནས། །ལྷ་ཡི་ལུས་སུ་སེམས་པ་ཡི། །ཉི་མ་གཅིག་ཀྱང་མ་ཆད་པར། །བསྒོམ་པ་ཡོངས་སུ་བརྟག་པར་བྱ། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཅེས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་བསྒོམས་པའི་འབྲས་བུ་ནི། སངས་རྒྱས་དེ་ཉིད་མ་བསྒོམས་ན། །བྱང་ཆུབ་མ་ཐོབ་ན་ཡང་སྐྱེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་འགྱུར། །ཡང་ན་ས་བདག་ཉིད་དུ་འམ། །དག་པའི་ཞིང་དུ་འགྲོ་བར་འགྱུར། །ཅེས་སོ། །ཡང་། མཐར་ཐུག་གི་འབྲས་བུ་གཟུགས་སྐུ་རྣམ་


PS010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི། སཾ་བུ་ཊི་ལས། བདག་ཉིད་སངས་རྒྱས་ང་རྒྱལ་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ཐོབ། །ཅེས་སོ། །དེ་ལྟར་རང་ལུས་ལྷའི་སྐུར་གསལ་བ་དེ་ཉིད། རང་གི་སེམས་ཉིད་སྟོང་པའི་གཟུགས་བརྙན་ཡིན་ལ། སེམས་ལས་གཞན་པའི། ཕྱི་རོལ་ན་ལྷ་བདེན་པར་གྲུབ་པ་མེད་དེ། །རྡོ་རྗེའི་ཚིག་རྐང་ལས། སེམས་ཉིད་སྣང་སྟོང་ལྷའི་སྐུ། །ལྷ་འདི་རང་གི་སེམས་ཉིད་དེ། །སེམས་དང་ལྷ་སྐུ་དབྱེར་མེད་པ། །རྨི་ལམ་ཡུལ་དང་ཆུ་ཟླ་བཞིན། །ཅེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། །སེམས་ཀྱི་ངོ་བོ་འདི་ཉིད་ནི། །ལྷའི་འཁོར་ལོ་དག་ཏུ་སྣང་། །ལྷ་ནི་རང་གི་སེམས་ཉིད་དེ། །རྟེན་དང་རྟེན་པ་འཇུག་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་


PS010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཅེས་སོ། །བརྟེན་པ་སེམས་ཀྱི་བྱེད་ལས་ལ་བརྟེན་ནས། །རྟེན་ལུས་འགྱུར་ནས་འགྲོ་བར་གསུངས་ལ། །དེའི་རྒྱུ་མཚན་ཡང་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཡིན་ཏེ། །གསང་འདུས་ལས། ལུས་སེམས་ལྟ་བུར་བསྐྱེད་ཅིག །སེམས་བརྗོད་པའི་ཚིག་ལྟ་བུར་བསྐྱེད་ཅིག །སེམས་ལུས་ལྟ་བུར་བསྐྱེད་ཅིག །ཅེས་གསུངས་སོ། །དེ་ལྟ་བུའི་ལྷ་སྐུ་གསལ་སྟོང་དེ། །ངོ་བོ་བརྗོད་བྲལ་བློ་ཡི་ཡུལ་ལས་འདས་ཏེ། དངོས་པོ་དང་མཚན་མའི་ཆོས་སུ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་ཏེ། རྡོ་རྗེའི་ཚིག་རྐང་ལས། རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་


PS010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །ཅེས་དང་། བརྟག་གཉིས་ལས། ངོ་བོ་གཟུགས་མེད་མཐོང་བའོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ལ་སོགས་པ་མང་དུ་གསུངས་སོ། །སྤྲོས་མེད་ཀྱི་སེམས། ལྷའི་སྐུ་ཞལ་ཕྱག་གཟུགས་ཅན་གྱི་རྣམ་པར་སྣང་ལ། སྤྲོས་བཅས་གཟུགས་ཅན་གྱི་ལྷ་དེ་ཉིད་སྤྲོས་མེད་དུ་རང་གྲོལ་བ་ཆོས་ཉིད་དེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་སྒྱུ་མ་ལྟར་ཤེས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་སོ། །དེ་ལྟར་ལུས་སེམས་ལྷ་སྐུ་གསལ་སྟོང་དབྱེར་མེད་དུ་ཐག་མ་ཆོད་ཀྱི་བར་དུ་བསྒོམ་དགོས་ལ། ཐག་ཆོད་པའི་སེམས་ཉིད་དེ་ལ། དངོས་གཞི་རྡོ་རྗེའི་ཚིག་རྐང་བཞི་ངོ་སྤྲད་པ་ནི། སེམས་ལྷ་སྐུ་གསལ་སྟོང་ནམ་མཁའ་ལྟ་བུ་དེ་ལ། ན་བ་མ་གྲུབ་སྟེ། ན་བར་


PS010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ནི། རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཡིན་ལ། རྣམ་རྟོག་བློ་བུར་བ་ཆོས་ཀྱི་དབྱིངས་སུ་རང་གྲོལ་བས་སོ། །ཡང་འཆི་བ་མ་གྲུབ་སྟེ། དུས་རྒྱུན་ཆད་མེད་པར་སེམས་ལྷ་སྐུ་གསལ་སྟོང་ལ་གཡོ་བ་མེད། འོ་ན་འཆི་བར་སྣང་བ་ཅི་ཡིན་སྙམ་ན། འཁྲུལ་པའི་བག་ཆགས་མཐུ་བརྟས་པའི་རྣམ་པར་རྟོག་པ་ལས་བྱུང་པ་ཡིན་ཏེ། རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་སོ། །མཁས་གྲུབ་ཁྱུང་པོའི་ཞལ་ལས། ལུས་གསུམ་གདམས་ངག་གིས་མ་ཟིན་ན། འཁྲུལ་པ་འབའ་ཞིག་རྗེས་སུ་འབྲེང་། །རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་ན་རྒྱལ་བའི་སྐུ། །ཇི་སྲིད་འཁོར་བ་མ་སྟོངས་བར། །དེ་སྲིད་འགྲོ་དོན་རྒྱུན་ཆད་མེད། །ལུས་གསུམ་རྒྱལ་བའི་སྐུ་གསུམ་སྟེ། །


PS010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་འཆི་མེད་རང་གྲོལ་ལོ། །ཅེས་གསུངས་པ། ཉིན་པར་གྱི་དུས་སུ་རྣམ་སྨིན་གྱི་ལུས་དང་། རྨི་ལམ་བག་ཆགས་ཀྱི་ལུས་དང་། བར་དོ་ཡིད་ཀྱི་ལུས་ཐམས་ཅད་དུ་ལྷ་སྐུ་གསལ་སྟོང་རྒྱུན་ཆད་མེད་པས་འཆི་བ་ཐམས་ཅད་རང་གྲོལ་བ་ཡིན་ནོ། །ཡང་། འཁོར་བ་མ་གྲུབ་སྟེ། འཁོར་བའི་རང་གཤིས་ཡེ་གདོད་མ་ནས་མྱ་ངན་ལས་འདས་པར་གྲུབ་པ་ཡིན་ཏེ། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་མི་རྙེད་དེ། །འཁོར་བའི་རང་བཞིན་གང་ཡིན་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །ཅེས་སོ། །བཞི་པ་མྱ་ངན་ལས་འདས་པ་ཡང་གྲུབ་པ་མེད་དེ། འཁོར་བ་ལ་ལྟོས་ནས་མྱ་ངན་ལས་འདས་པ་ཞེས་མིང་དུ་བཏགས་པ་ཡིན་ལ། མིང་དེ་ཡང་དོན་དམ་པར་མ་གྲུབ་པ་ཡིན་ཏེ། མདོ་


PS010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྫོགས་པའི་སངས་རྒྱས་ཀྱང་མིང་ཙམ། བརྡའ་ཙམ། བཏགས་པ་ཙམ། མྱ་ངན་ལས་འདས་པ་ཡང་མིང་ཙམ། བརྡའ་ཙམ། བཏགས་པ་ཙམ་ལགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ཅེས་སོ། །རབ་འབྱོར་གྱིས་སྨྲས་པ་དང་། ལྷའི་བུས་སྨྲས་པ། ཅི་རབ་འབྱོར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། དེ་བས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ། །ཞེས་བྱའོ། །དེས་ན་སྣང་སེམས་དབྱེར་མེད་ལྷ་སྐུ་སྒྱུ་མ་ལྟ་བུ་དེ་ལ་ན་བ་དང་། འཆི་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་མ་གྲུབ་པར་ཇི་སྲིད་ཐག་མ་ཆོད་ཀྱི་བར་དུ་ཐག་བཅད་ཅིང་། ཟུང་


PS010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། རྒྱུད་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཅེས་སོ། །རྗེས་ཀྱི་ཆོས་ལ། མདོ་རྒྱུད་ཐམས་ཅད་ཞོ་བཞིན་སྲུབས། །ཐང་མར་བདལ་ཀྱང་མཐར་ཐུག་གི་དོན་དེ་ལས་ལྷག་པ་མེད་པར་ཐག་བཅད། རང་གི་ལུས་དང་། རྣམ་པར་རྟོག་པ། ཉོན་མོངས་པ། འཁོར་བ་རྣམས་ལྷ་དང་། ཆོས་སྐུ། ཡེ་ཤེས། མྱ་ངན་ལས་འདས་པ་རྣམས་སུ་བསྲེ་བ་དང་། འཕོ་བས་མཚམས་སྦྱར་ནས། བླ་མ་ལ་སངས་རྒྱས་སུ་ངོ་ཤེས་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་དང་། སེམས་ཅན་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། ལྷ་སྐུ་རླུང་དང་བསྲེ་བའི་ཐབས་ལམ་གྱིས་བོགས་འདོན་ཅིང་། ཡེངས་པ་མེད་པར་རྒྱུན་


PS010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པར་བསྒོམ་པས། ཉིན་པར་རང་གི་ལུས་ལྷའི་སྐུར་གསལ་ཞིང་། མཚན་མོ་བག་ཆགས་རྨི་ལམ་གྱི་ལུས་ཀྱང་ལྷའི་སྐུར་ནས། བར་དོ་ཡིད་ལུས་ལོངས་སྤྱོད་རྫོགས་པའི་སྐུར་ངེས་པར་འགྲུབ་ལ། གཞན་དོན་རྒྱ་ཆེན་པོའང་འགྲུབ་ཅིང་། གནས་དང་ཉེ་བའི་གནས་ལ་སོགས་པ་རིམ་གྱིས་བགྲོད་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པར་མཁའ་སྤྱོད་དུ་འགྲོ་བར་འདུག་གསུངས་པ་ངེས་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་གཞན་དོན་དུ་སྐྱེ་བ་ལེན་པ་ཡང་འགལ་བ་མེད་དེ། སྡུད་པ་ལས། ཉོན་མོངས་ཟད་པར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་གསུངས་སོ། །གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་བསྐྱེད་


PS010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དབྱེར་མེད་ཀྱི་མན་ངག་འདི་ལྟ་བུ་བསྒོམ་པ་མ་གཏོགས་པ། གཞན་རྣམས་ལ་ནི་འབྲས་བུ་ཡིད་སྨོན་དང་། ཕྱི་དུས་སུ་ལུས་པ་ཡིན་ནོ། །འདི་ལྟ་བུའི་མན་ངག་བསྒོམ་པ་ལ་ནི། མཚམས་མེད་པ་ལྔ་བྱས་པས་སྐྱེ་བ་འདི་དང་། བར་དོ་ཚུན་ཆད་དུ་མཆོག་འགྲུབ་པ་དང་། སྐྱེ་བ་འདིར་བསྟན་པ་མ་ཐོབ་པ་དང་། མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་པ་ཡང་། བར་དོར་མཆོག་འགྲུབ་པར་རྡོ་རྗེའི་ཚིག་རྐང་ལས་རྒྱས་པར་གསུངས་སོ། །འདིའི་ཁྲིད་ཀྱི་དམིགས་པ། བླ་མའི་ཞལ་གདམས། ལུང་སྦྱོར་རྣམས་བསྲེས་ནས་ཕྱོགས་གཅིག་ཏུ་བྲིས་ན་གོ་བདེ་བར་འགྱུར་མོད་ཀྱང་། སྙན་བརྒྱུད་འབའ་ཞིག་ཡིན་པས་བྲི་བར་མ་ནུས་པ་ཡིན་ནོ། །རྡོ་རྗེའི་ཚིག་རྐང་ལས། སྙིགས་དུས་


PS010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །ཅེས་པའི་ལུང་སྦྱོར་རྣམས་སངས་རྒྱས་ཡེ་ཤེས་ཀྱིས་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། །འདིས་བསྟན་པ་རིན་པོ་ཆེ་དང་། སེམས་ཅན་ལ་ཕན་ཐོགས་པར་ཤོག །མང་ག་ལཾ། །བྷ་ཝནྟུ། །

རང་སེམས་འཆི་མེད་རང་གྲོལ།


PS010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་འཆི་མེད་རང་གྲོལ་ཞེས་བྱ་བ་བཞུགས་སོ།། །།


PS010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དབེན་པའི་གནས་སུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ། རང་བདེ་མཆོག་ཏུ་བསྒོམ་པའི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསམས་ལ། བདག་འཛིན། དགོས་མེད། རང་སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་རང་གི་དཔྲལ་བ་དང་སྐྲའི་མཚམས་སུ་ཧཱུཾ་སྔོན་པོ་འོད་ཀྱི་རང་བཞིན་ཅན་གསལ་སིང་བ་གཅིག་བསམ། ཧཱུཾ་དེའི་འོད་ཀྱིས་ལྷའི་སྐུ་མཚོན་གང་པའམ་ཅི་རིགས་པ་


PS010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མོག་མོག་པོར་སོང་བར་བསམ། དེ་ནས་ཧཱུཾ་དེ་ལས་འོད་གསལ་སིང་པ་བྱུང་པས་སྨིན་མཚམས་ཡན་ཆད་གསལ་སིང་སིང་སོང་པར་བསམ། ཡང་འོད་བྱུང་བས། སྣ་ཡན་ཆད་འོད་ཀྱི་རང་བཞིན་གསལ་སིང་པ་སྤྱན་འོད་ཀྱི་རང་བཞིན་གསུམ་དམར་ཧྲིག་ཧྲིག་པ་གཅིག་བསམ་མོ། །དེ་ནས་མགུལ་པ་ཡན་ཆད་ལ་གཅིག །དེ་ནས་ཐུགས་ཀ་ཡན་ཆད་འོད་ཀྱི་རང་བཞིན་དུ་སྔོ་སངས་པ་གཅིག་ཏུ་བསམ་མོ། །དེ་ནས་


PS010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ། གསང་གནས། པུས་མོ། ཞབས་ཀྱི་ལོང་བུ་ཡན་ཆད། སྔོ་སངས་པ་འོད་ཀྱི་རང་བཞིན་དུ་བསམ་མོ། །དེ་ནས་ཡང་རང་གི་སྤྱི་བོར་ཧཱུཾ་སྔོན་པོ་གཅིག་བསམ། དེ་ལས་འོད་བྱུང་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྔོ་ཡལ་༢འོད་ཀྱི་རང་བཞིན་ནམ་མཁའི་འཇའ་ཚོན་ལྟ་བུ། སྟོང་སངས་ཀྱིས་སོང་པར་ནང་སྦྱང་པ་ནི་ལུས་ཀྱི་ཤ་ཁྲག་ཐམས་ཅད་སྦྱངས་ནས་འོད་ཀྱི་རང་བཞིན་དུ་སྔོ་སིང་སིང་པར་བསམ། བསམ། དེ་ནས་མགྲིན་པ་ཡན་ཆད། དེ་ནས་ཐུགས་ཀ་ཡན་ཆད། དེ་ནས་ལྟེ་བ་ནས་གསང་གནས། དེ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་གསལ་ལ་སྟོང་པ་འོད་ཀྱི་རང་བཞིན་དུ་བསམ་མོ། །ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་ཡང་འདི་གལ་ཤིན་ཏུ་ཆེ་གསུང་ངོ་། །ཡང་སྨིན་མཚམས་སུ་བཾ་དམར་པོ་མཚོན་གང་པ་འོད་ཀྱི་རང་བཞིན་གཅིག་ཏུ་བསྒོམ་མོ། །བཾ་དེའི་འོད་ཀྱིས་ཡུམ་གྱི་སྐུ་ལུས་མོག་མོག་པོར་གྱུར་པར་བསམ། དེ་ནས་བཾ་


PS010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་བྱུང་ཡུམ་གྱི་མགྲིན་པ་ཡན་ཆད་དམར་ལ་གསལ་སིང་སིང་པའི་འོད་ཀྱི་རང་བཞིན་དུ་བསྒོམ། དེ་ནས་ཐུགས་ཀ་ཡན་ཆད། དེ་ནས་གསང་གནས་ཡན་ཆད། དེ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་དམར་སིང་པ་གཅིག་བསྒོམ། ཡང་། ཡུམ་གྱི་སྐྲ་མཚམས་ཀྱི་བཾ་ལས་འོད་བྱུང་སྤྱི་བོ་ན་མར་སོང་པས། མགུལ་པ་ཡན་ཆད་ཁ་དོག་དམར་ལ་ངོ་བོ་སྟོང་པ་ནམ་ནང་སྦྱང་པ་ནི། མཁའི་འཇའམ། འོད་ཀྱི་རྣམ་པ་གསལ་སིང་པ་གཅིག་བསྒོམ། དེ་ནས་ཐུགས་ཀ་ཡན་ཆད། དེ་ནས་གསང་གནས་ཡན་ཆད། དེ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་འོད་ཀྱི་རྣམ་པ་གསལ་སིང་པ་གཅིག་བསྒོམ། དེ་ཡན་ཆད་ནི་ཁ་དོག་ལ་བསླབ་པའོ། །ཡབ་ཡུམ་གཉིས་ཀ་སྤྱན་གསུམ་པ་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་ན་རྡོ་རྗེ། གཡོན་ན་དྲིལ་བུ། ཡུམ་ཕྱག་གཡས་ན་གྲི་གུག །གཡོན་


PS010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ། ཤིན་ཏུ་སྐུ་ཤ་རྒྱས་པ། ནུ་མ་འབུར་བ། ལང་ཙོ་དར་ལ་བབ་པ། ཤིན་ཏུ་གསལ་བར་བསྒོམ་པ་ནི་དབྱིབས་ལ་བསླབ་པའོ། །ཡབ་ལ་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཁྲག་འཛག་བཅུ་དྲུག་ལོན་པ་ལྟ་བུ། པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་དང་དར་དཔྱངས། ཡུམ་ལ་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཁྲག་འཛག་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་དར་དཔྱངས་མཛེས་པ་ནི། རྒྱན་ལ་བསླབ་པའོ། །ཡང་། ཡབ་ཡུམ་གཉིས་ཀ་རྣམ་ཡང་ན་སྐམ་པོ། པ་གསལ་སིང་པ། ངོ་བོ་སྟོང་པ་འོད་ཀྱི་རང་བཞིན་འཇའ་ཚོན་ལྟ་བུ་ཡལ་ལ་ཁད་པ་གཅིག་བསྒོམ། དེ་ཡང་གསལ་བའི་ངོས་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པ། སྟོང་པའི་ངོས་ནས་རང་བཞིན་མ་གྲུབ་པ་འོད་དུ་ཡལ་ལ་ཁད་པ་ལྟ་བུ་འདི། རང་གི་སེམས་ལྷའི་སྐུར་སྣང་བ་མ་གཏོགས་པ། ཕྱི་རོལ་ལོགས་ན་


PS010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མེད་པར་ཐག་བཅད་ལ་བསྒོམ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལུས་དང་སེམས་ནི་དབྱེར་མེད་དེ། །རྟེན་དང་བརྟེན་པ་འབྱུང་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཅེས་སོ། །དཔེར་ན་རྨི་ལམ་གྱི་དུས་སུ་སྐྱེས་པ་དང་བུད་མེད་སྣ་ཚོགས་དང་ཕྲད་ཅིང་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་ཡང་། །གཟུགས་དེ་རྣམས་ཀྱིས་ཚུར་ཡོངས་པ་ཡང་མེད། རང་གིས་ཕར་ལ་ཕྱིན་པ་ཡང་མེད། རང་གི་སེམས་སྣ་ཚོགས་སུ་སྣང་བ་མ་གཏོགས་པ། ལོགས་ན་གྲུབ་པ་གཅིག་ཀྱང་མེད། སྒྱུ་མ་ལམ་རིམ་ལས། རྨི་ལམ་སྣ་ཚོགས་རྨིས་པའི་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྣང་སྟོང་སྒྱུ་མ་སྟེ། །སྒྱུ་འཛིན་བྲལ་བ་འོད་གསལ་ལོ། །ཅེས་སོ། །ཡང་། རང་གི་སེམས་ལྷའི་སྐུར་གསལ་སྟོང་པ་རང་བཞིན་མ་གྲུབ་པ་འདི་


PS010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བ་ཡིན་སྙམ་དུ་བསྒོམ་མོ། །སྔོན་འགྲོའོ། །དངོས་གཞི་ལ། རྡོ་རྗེའི་ཚིག་རྐང་རྣམ་པ་བཞི་ལས། དང་པོ་ནི། རང་གི་སེམས་ལྷའི་སྐུ་གསལ་ལ་སྟོང་པ་རང་བཞིན་གཅིག་ཀྱང་མ་གྲུབ་པ། དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་བ་འདི་ལ། ན་བ་མ་གྲུབ་སྟེ། ན་མེད་དུ་མ་གཏོགས་རིན་ལ་བསྒོམ་པར་བྱའོ། །གཉིས་པ་ནི། ལྷའི་སྐུ་དེའི་ངོ་བོ་ལ་འཆི་བ་མེད་དེ། ལུས་འབྱུང་བ་ལྔ་ལས་གྲུབ་པ་འདི་སྤོང་ལེན་མ་གཏོགས་པ། སེམས་སྟོང་པ། གང་དུའང་མ་གྲུབ་པ་འདི་འཆི་བྱ་འཆི་བྱེད་ཐམས་ཅད་དང་བྲལ་བའོ། །དེ་ལྟར་འཆི་མེད་དུ་མ་གཏོགས་རིན་ལ་བསྒོམ་པར་བྱའོ། །གསུམ་པ་ནི། སྔར་ལྷར་བསྒོམས་པ་དེ་ལ། སངས་རྒྱ་རྒྱུ་འདུག་གམ་མི་འདུག་


PS010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །དེ་ཡང་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་དེའང་མིང་ཙམ་བརྡའ་ཙམ་མ་གཏོགས་པ། མིང་དེ་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། རང་བཞིན་མེད་པས་མི་དམིགས་པའོ། །འཆི་མེད་ཡེ་ཤེས་ཆེན་པོའི་དོན་ལ་སངས་རྒྱ་རྒྱུ་མ་གྲུབ་པའོ། །དེ་ལྟར་བློ་ཐག་མ་ཆོད་རིང་ལ་བསྒོམ་པར་བྱའོ། །བཞི་པ་ནི། ལྷ་སྐུ་གསལ་སྟོང་འཛིན་མེད། རང་གི་སེམས་དང་དབྱེར་མེད་པ་དེའི་ངོ་བོ་ལ། འཁོར་བ་ཞེས་པ་མ་གྲུབ་སྟེ། །སྤྱིར་འཁོར་བ་མ་གྲུབ། བྱེ་བྲག་ཏུ་འཁོར་བར་འཁྱམས་མཁན་མ་གྲུབ་པའོ། །རྗེས་གཞན་དུ་ཤེས་སོ། །ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པ། རང་སེམས་འཆི་མེད་རང་གྲོལ་ཞེས་བྱ་བ། སངས་རྒྱས་སྟོན་པའི་གསུང་བཞིན་དུ་ཡི་གེར་བཀོད་པའོ། །འདི་ལས་ཟབ་པའི་ཆོས་རྒྱ་


PS010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བོད་གཉིས་ན་མེད་གསུང་ངོ་། ཨིྀྠཿ

ལུས་འཆི་མེད་ཀྱི་རྩ་བ།


PS010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཆི་མེད་ཀྱི་རྩ་བ་བཞུགས་སོ།། །།


PS010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མ་ར་སིདྡྷི། མཱུ་ལ་པ་ཏི། བོད་སྐད་དུ། འཆི་མེད་གྲུབ་པ་ཞེས་བྱ་བའི་རྩ་བ། དབུ་བཅད་སྤྱན་གསུམ་དམར་བའི་མདོག་འཛིན་ཞིང་། །འཆི་བའི་འཇིགས་སེལ་རྣལ་འབྱོར་མ་དང་རྣལ་འབྱོར་པའི། །ཕྱག་རྒྱ་དེ་བཞིན་བིར་བ་བརྒྱུད་པར་འཛིན། །དྲག་པོའི་ཁམས་ཀྱི་སྟོབས་ལྡན་དེ་ལ་འདུད། །ཕྱག་འཚལ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་


PS010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་འབར་བའི་འོད། །ཕྱག་རྒྱ་ཆེན་པོ་རྣམ་བཤད་པ། །རྒྱུད་རྣམས་ཀུན་ཏུ་སྦས་པའི་དོན། །མིང་ནི་གང་གིས་ཐོས་པ་ཡིས། །ལྷ་རྣམས་ཀུན་གྱིས་མཆོད་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་དག་ཏུ། །ལེགས་བྱས་རྒྱ་ཆེན་རྣམས་བྱས་པས། །དེ་ཐོབ་འཁོར་བའི་རྒྱ་མཚོ་ལས། །ཕ་རོལ་དུ་ནི་རྣལ་འབྱོར་འགྲོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་


PS010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འཁོར་ལོ་ནི། །མི་སྐྲག་པ་དང་རྒྱུན་ཆད་མེད། །ནུབ་ཀྱི་རྩ་རུ་བསྐུལ་བྱས་པས། །ས་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ། །བཤང་ལམ་གྱེན་དུ་དྲངས་པ་ཡི། །མེ་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ། །ཧཱུཾ་གིས་རླུང་གི་དཀྱིལ་འཁོར་ནི། །གྱེན་དུ་དྲངས་པས་འདུལ་བར་བྱེད། །རྩ་བའི་དཀྱིལ་འཁོར་དབྱེ་བ་ཡིས། །མ་ནི་སུ་རུ་ཀི་རུ་བྱ། །དེས་ནི་ཆུ་ཡི་དཀྱིལ་འཁོར་ཐུལ། །རྟག་པ་དང་ནི་མི་རྟག་དང་། །འཁོར་བ་དང་ནི་མྱ་ངན་འདས། །སྐྲག་པ་མེད་ཅིང་ཐུལ་བར་འགྱུར། །རྒྱུན་ཆད་མེད་པའི་དཀྱིལ་འཁོར་གྱིས། །རིགས་དྲུག་འགྲོ་བའི་འཁོར་ལོ་བརྟུལ། །ཐོག་མར་གཡས་ཀྱི་མིག་ཏུ་ནི། །རྣལ་འབྱོར་མ་ནི་ཆེན་མོ་སྟེ། །དབུ་རྣམས་ཐམས་ཅད་སྡུད་པར་བྱེད། །གཡོན་གྱི་ངོས་ནི་ལ་ལཱ་ན། །དེ་ཡང་དེ་བཞིན་བསྡུ་བ་ཡི། །དབུ་མའི་རྩ་རུ་བཙུད་བྱས་ནས། །ཞེན་པ་དང་ནི་གདུང་བ་སྤོང་། །རྐྱེན་


PS010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་གིས་མི་ཤེས་ཤིང་། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །འབྱུང་པོ་རྣམས་ཀྱིས་བཀུར་སྟི་བྱེད། །དེ་ནི་ལུས་ཀྱི་དབྱེ་བའོ། །གཡོན་པའི་རྟིང་པས་བཤང་ལམ་དགག །རྩ་བས་དམ་དུ་རྣམ་པར་མནན། །རྩ་སྒོ་གཉིས་ནི་དམ་དུ་བསྡམ། །གཡས་པ་ཅུང་ཟད་བརྐྱང་བར་བྱ། །སྟན་ལ་ལེགས་པར་འདུག་བྱས་ཏེ། །སྙིང་ག་ལྐོག་མས་མནན་པར་བྱ། །སྒོ་དགུ་དགག་པའི་སྦྱོར་བའོ། །རླུང་རྣམས་གཅིག་ཏུ་བསྡུ་བར་བྱ། །རྐང་པ་བཞི་པར་སེམས་ནི་བསྡུ། །རླུང་གིས་གདམས་པ་བརྩམ་པར་བྱ། །ཉི་ཟླ་གཉིས་ཀྱིས་བཅག་པར་བྱ། །དེ་ལྟར་བྱས་པས་རླུང་ནི་དགག །བཤང་ལམ་འཁོར་ལོ་གྱེན་དུ་བཟློག །ཐིག་ལེ་སྒྲ་གཅན་གྱེན་དུ་བླང་། །རྩ་རྣམས་ཐམས་ཅད་རབ་ཏུ་གཡོ། །མཆོག་གི་རྩ་ནི་གྱེན་དུའོ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་གསུང་


PS010_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ནི་སྒྲུབ་པ་ཡིན། །བགོམས་པ་བརྟན་པར་གྱུར་པ་ཡི། །རང་གི་མེ་ནི་གསལ་བའོ། །ཕྱག་རྒྱ་འདི་ཡིས་ཐམས་ཅད་དུ། །རྣལ་འབྱོར་པ་ནི་ངེས་པར་འགྲོ། །འདི་ནི་ཁ་སྦྱོར་སྦྱོར་བ་སྟེ། །རྩ་བའི་སྡོམ་པར་འདོད་པའོ། །འདི་ནི་རླུང་གི་སྦྱོར་བ་ཡིན། །མཁས་པ་རྣམས་ཀྱིས་འདི་བསྒྲུབ་སོ། །ཕྱག་རྒྱ་གཉིས་སུ་ཤེས་བྱ་སྟེ། །ཇི་བཞིན་སྡོམ་པའི་ཆོ་གས་ཤེས། །ཛྙཱོ་ནི་ལྷ་མོའི་ཕྱག་རྒྱ་ཡིན། །ལིང་གའི་ཕྱག་རྒྱ་ལྷ་མིན་ནོ། །ཕོ་དང་མོ་ཡི་སྦྱོར་བ་ལས། །ཕྱི་རོལ་དུ་ནི་སྐྱེ་བར་འགྱུར། །ཇི་བཞིན་སྦྱོར་བ་དེ་གཉིས་ཀྱིས། །སྐྱེ་བ་ནང་དུ་གསད་པར་བྱ། །རྩ་ནི་ཡོན་ཏན་གཟུགས་ཅན་ཏེ། །སྐྱེས་པ་མེད་ན་འབྲས་བུ་མེད། །ཕྱག་རྒྱ་ཆེ་དང་བསྡམས་པ་མེད། །དབྱེ་བ་མེད་ན་འབྲས་བུ་མེད། །རླུང་ནི་འཁོར་ལོ་གཅིག་ཏུ་བསྡུ། །ཇི་སྲིད་བསྡམས་པ་བཞིན་དུ་བྱ། །རྣལ་འབྱོར་པ་ཡིས་བཞིག་པར་བྱ། །


PS010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རླུང་སེམས་བཞིག་པར་བྱ། །རླུང་གི་སྟོབས་དང་ལྡན་བྱས་ལ། །དབུ་མའི་སྒོ་རུ་བཞུག་པར་བྱ། །སྦྱོར་བའི་རིམ་པས་བཞིག་པར་བྱ། །འཁོར་ལོ་བཞི་པོ་རླུང་གི་དབུགས། །ལག་པའི་ལིང་ག་བསྡམ་བྱ་སྟེ། །རྐང་པ་གཉིས་ནི་སྟེང་དུ་བསྟན། །རྩེ་མོ་གཉིས་ནི་ས་ལ་གཟུག །བརྟན་པར་བརླ་ལ་བརྡབ་པར་བྱ། །ཇི་སྲིད་ཐུབ་ཚད་སྤྲུག་པར་བྱ། །རླུང་གིས་རླུང་ནི་བཤིག་པར་བྱེད། །རླུང་གིས་རླུང་ལ་བསྣུན་པར་བྱ། །རླུང་གིས་རླུང་ནི་གསད་པར་བྱ། །རླུང་གིས་ཡོངས་ལ་ཁྱབ་པ་ཡི། །རླུང་གིས་དངོས་གྲུབ་ཐམས་ཅད་སྦྱིན། །རླུང་གིས་འཆི་བ་མེད་པར་འགྱུར། །དེས་ན་བདུད་རྩི་གྲུབ་པ་ཞེས། །བིར་ཝ་པ་ཡིས་གསུངས་པ་ཡིན། །ལེགས་བསྡམ་ལུས་ཀྱི་ལས་ཡིན་ཏེ། །ལྷུན་པོ་ཡིས་ནི་རབ་དག་ཏུ། །རྡོ་རྗེའི་རླུང་རྩེ་བྱེ་བ་ཡིས། །དབུག་པའི་སྦྱོར་བ་འདི་


PS010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ནི། །ཚངས་པའི་མདུད་པ་བཤིག་པར་བྱ། །ལྷུན་པོའི་སྟེང་དུ་ལྷ་རྣམས་འགྲོ། །ལྷུན་པོ་དག་ནི་གཡོ་འགྱུར་ཏེ། །དེས་ནི་ཐམས་ཅད་བརྒྱལ་བར་འགྱུར། །ཚངས་པ་ལ་སོགས་ལྷ་རྣམས་གསད། །དང་པོ་ཡི་ནི་སྦྱོར་བ་ཡིས། །ཚངས་པའི་མདུད་པ་བཤིག་པར་བྱ། །དེ་བཤིག་ནས་ནི་བིཥྞུ་བཤིག །དེ་ནས་དབང་ཕྱུག་མདུད་པ་བཤིག །དེ་ནས་གཏི་མུག་ལ་སོགས་སྤངས། །ཚངས་པའི་སྒོ་ནི་སྦས་པ་ལ། །རླུང་གི་སྒོ་ནི་རྣམ་པར་དབྱེ། །གདམས་པ་ཆེ་དང་འབིགས་པ་ཆེ། །ཕྱག་རྒྱ་ཆེ་ནི་གསུམ་པ་ཡིན། །འདི་ནི་གསང་བ་གསུམ་ཡིན་ནོ། །དེ་དག་གིས་ནི་སྦྱོར་གྲུབ་གྲགས། །འདི་ཉིད་གསུམ་ནི་གང་རིགས་པས། །དེ་ནི་འཇིག་རྟེན་གསུམ་རིག་གོ། གང་གིས་འདི་ལ་གོམས་བྱས་ནས། །ཐམས་ཅད་ཀྱི་ནི་མངའ་བདག་འགྱུར། །བསྲུང་བ་ལྷ་ཡི་ལྷ་རྣམས་དང་། །མི་ཡི་བདག་པོའི་བདག་པོར་འགྱུར། །


PS010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཀུན་ལ་དག་པ་ཡིན། །ཐམས་ཅད་མ་ལུས་ལྷག་པར་འགྱུར། །དེས་ན་ལྷ་རྣམས་ཀུན་གྱིས་འབད། །ཕྱག་རྒྱ་ཆེ་ལ་གོམས་པར་བྱ། །ཕྱག་རྒྱ་འདི་ཡི་ཐམས་ཅད་འབྱུང་། །གྲུབ་པ་ཡིན་ནོ་གང་ཡིན་པ། །རྣམ་གཉིས་དེ་ནི་དམ་པ་དང་། །འཆི་བ་ལས་ནི་གྲོལ་བ་དང་། །ལུས་སེམས་ལ་ནི་ཕན་པ་འབྱུང་། །སེམས་ལ་གནས་པ་ཙམ་གྱིས་ཀྱང་། །མངལ་དུ་སྐྱེ་བར་མི་འགྱུར་རོ། །ཕྱག་རྒྱའི་དམ་ནི་ཇི་ལྟ་བུ། །ལས་ཀྱི་ཕྱག་རྒྱ་དག་ལས་ནི། །འགྲོ་བ་རྣམས་ནི་དེ་ལས་སྐྱེས། །ལས་ནི་རིགས་དྲུག་དག་ཀྱང་ཡིན། །ཆོས་ནི་ཆོས་ཀྱི་ཕྱག་རྒྱ་ཡིན། །སེམས་ཀྱི་དེ་བླང་ཉམས་སུ་སྦྱར། །བླ་མའི་ཞབས་ལ་བཏུད་བྱས་ཏེ། །བླ་མ་ལ་གུས་དགའ་བར་བཟུང་། །འདི་ནི་དམ་ཚིག་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོས་རྩ་དགུ་བསྡོམ། །རྐང་པ་ལག་པས་སྡམ་བྱ་སྟེ། །རྩ་


PS010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་འཐེན་པར་བྱ། །སྲོག་རླུང་ལན་གསུམ་དབྱུང་བྱ་སྟེ། །ལངས་པས་རྩ་རྣམས་གྱེན་དུ་ཕྱོགས། །ནད་རྣམས་ཐམས་ཅད་བཅོམ་ནས་ནི། །ཕྱག་རྒྱ་ཆེན་པོའི་དོན་ཡང་རྫོགས། །ཇི་ལྟར་བར་སྣང་ནམ་མཁའ་ལ། །སྤྲིན་ཚོགས་འབར་བ་འཁྲིགས་པ་སྟེ། །རླུང་གི་ཤུགས་ཀྱིས་སྟོར་བ་ལྟར། །དེ་བཞིན་ལུས་འདི་དག་ཀྱང་ནི། །ནད་ཀྱིས་ཡོངས་སུ་བགོས་གྱུར་ཀྱང་། །ཐབས་ཀྱི་རླུང་གིས་གཞོམ་པར་བྱ། །དཀའ་བས་འབྱུང་བ་ལྔ་དག་ཀྱང་། །ལས་ཀྱི་བྱ་བས་མཉེ་བྱ་ཞིང་། །དབང་པོ་ངལ་ཞིང་དུབ་པའི་ཚེ། །རྩེ་གཅིག་སེམས་ཀྱི་ངང་དུ་བཞག །བསྡམ་པ་ཆེན་པོས་གནས་པར་བྱ། །སྟོབས་ཀྱི་འཁོར་ལོ་འདི་ཡིས་ནི། །སྟེང་དུ་ལྷ་ཡི་འཇིག་རྟེན་སྐྲག །རྐང་པ་འོག་ཏུ་བརྐྱང་པ་ཡི། །ཀླུ་རྣམས་ཀུན་ཀྱང་བསྐྲག་པར་བྱེད། །ལག་པ་བརྐྱང་བསྐུམ་འདི་ཡིས་ནི། །ཕྱོགས་བཞི་དག་ཀྱང་གཡོ་བར་བྱེད། །འདི་


PS010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཛྷ་ཧི་ཏའི་སྐར་མའོ། །དང་པོའི་མི་ནི་ཡི་གེ་ཡིན། །སྦྱོར་བ་ལྡན་པ་བཤད་པར་བྱ། །དད་དང་ལྡན་པའི་སྦྱོར་བ་ཡིས། །རྣལ་འབྱོར་པས་ནི་ངེས་པར་ནི། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན། །སྡོམ་པ་ཆེན་པོ་བཤད་པར་བྱ། །རླུང་གིས་ལུས་ནི་འཇིག་པར་འགྱུར། །སྡོམ་པ་གཉིས་སུ་ཤེས་བྱ་སྟེ། །ཇི་བཞིན་ཐིག་ལེ་གནས་པ་དང་། །ཛྷ་ཀི་བནྷའི་ལྷ་མོ་ཡིན། །མགྲིན་པ་བསྡམ་པ་ལྷ་ཡིན་ནོ། །དགང་པ་ཅན་དང་བུམ་པ་ཅན། །ཕྱག་རྒྱ་བཟུང་བར་རྣམ་པར་བྱ། །སྐད་ཅིག་ཉིད་ལ་བསྡམ་པར་བྱ། །ལྷ་དང་ལྷ་མིན་ཀུན་ལ་གསང་། །བཤང་ལམ་བསྡམ་པ་དང་ལྡན་པས། །རླུང་ནི་རྣམ་པར་བསྐུམ་པ་དང་། །གྱེན་དུ་བླང་བར་བྱས་པ་ཡིན། །མཉམ་པའི་རླུང་དང་བསྲེ་བར་བྱ། །རྣལ་འབྱོར་བསྡམ་པར་བྱས་པ་ཡིན། །དབུ་མའི་སྒོ་རུ་གཏད་པར་བྱ། །ལམ་


PS010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་པར་འགོག་པར་བྱ། །རླུང་ནི་ནང་དུ་བཟུང་བར་བྱ། །སྲོག་གི་རླུང་ཡང་བརླན་པར་བྱ། །དེ་ལྟར་བྱས་པས་འོག་ཏུ་འབམ། །གྱེན་དུ་བསྐྱོད་པར་བྱ་བ་ཡིན། །སྟེང་འོག་རླུང་གི་སྦྱོར་བའོ། །འདི་ལྟར་མིའི་ལུས་ལ་ནི། །གྲུབ་པའི་ལམ་ནི་རབ་གསལ་བ། །ཉམས་མྱོང་སྐྱེ་ཤིང་ལུས་བྱས་འགྱུར། །རྒས་པར་ཡང་ནི་མི་འགྱུར་རོ། །རྩ་རྣམས་རྒྱུན་ནི་འབབ་པ་དང་། །རྟག་པར་འོག་ཏུ་འགྲོ་བ་ཡིན། །བསྡམ་པ་ཆེན་པོ་འདི་ཡིས་ནི། །རྣམ་པར་བཟློག་པར་འགྱུར་བ་ཡིན། །བཤིས་ནི་འཐུར་དུ་འགྲོ་བ་ཡིན། །ལུས་ཀྱི་ཕྱི་རོལ་འགྲོ་བ་དང་། །ཡུར་བའི་ནང་དུ་ཆུ་འབབ་སྟེ། །འདི་ནི་བསྡམས་པས་ལྡོག་པར་འགྱུར། །ཇི་སྲིད་ཕྱི་རོལ་འགྲོ་བ་དང་། །བསྡམས་པས་ལྡོག་པར་འགྱུར་བ་ཡིན། །དེ་བཞིན་ནང་གི་ལུས་ལ་ཡང་། །རྣལ་འབྱོར་རྟག་ཏུ་ཤེས་པར་བྱ། །ལུས་ཀྱི་རྩ་ནི་མ་ལུས་ཀྱང་། །


PS010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་བསྡམ་པར་རབ་ཏུ་གྲགས། །གདམས་པ་འདི་ཡི་མཐུ་ཡི་ནི། །ལྷ་རྣམས་ཀུན་གྱིས་གསལ་བར་འགྱུར། །འདི་ལྟར་གདམས་པ་བཞི་ཡིས་ནི། །ལམ་གསུམ་རྣམ་པར་བཀག་པའོ། །ལམ་བཞི་པོ་ནི་གསལ་བ་ཡིན། །གྲུབ་པ་ལྷ་ཡི་ལམ་དུ་འགྲོ། །སྐྱེ་དང་འཆི་བའི་ལམ་གཉིས་སོ། །འོག་གི་ལམ་དུ་བཤད་པ་ཡིན། །བསོད་ནམས་དང་ནི་སྡིག་རྒྱུ་ཡིན། །དེ་ཕྱིར་སྐྱོན་གཉིས་རྣམ་པར་སྤངས། །རླུང་གི་དེ་ཉིད་བུམ་པ་ཅན། །དེ་ནི་རབ་ཏུ་མཉམ་པར་བྱ། །སྟེང་གི་ལམ་དུ་རྣམ་བྱས་ལ། །རླུང་དང་ལྷན་ཅིག་སྦྱོར་བ་ཡི། །གདམས་པས་ཆུ་རྒྱུན་འགག་པ་ལྟར། །འགྲོ་བ་ཐམས་ཅད་རྣམ་པར་འགོག །དེས་ན་དེ་ཡི་བཀའ་དྲིན་གྱིས། །ཛྷོ་ནི་གདམས་པ་ཞེས་གྲགས་སོ། །གྲུབ་པའི་ལམ་དང་ཡང་དག་ལྡན། །མི་ནི་འགྱུར་ཏེ་གཞན་


PS010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མིན། །ཕྱག་རྒྱ་འདི་ནི་ཤེས་པ་ཡིས། །དྲེགས་པ་ཡོད་ཀྱང་དོན་དང་ལྡན། །དེས་ནི་ཐམས་ཅད་ཤེས་པ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་བིར་ཝ་པས་མཛད་པ་རྫོགས་སོ། །རྒྱ་གར་གྱི་རྣལ་འབྱོར་པ་ཆེན་པོ་དཔལ་དུར་ཁྲོད་པའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ལོ་ཙཱ་བས། ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།༅ འཆི་མེད་འཁྲུལ་འཁོར་གྱི་ལག་ལེན་བཞུགས་སོ། །ན་མོ་གུ་རུ། འཆི་མེད་བརྒྱུད་པའི་བཅུད་འདུས་རི་ཁྲོད་པ། །མོས་པ་ཡིད་ཀྱིས་རྗེ་ལ་གུས་བཏུད་ནས། །ལུས་སེམས་འཆི་མེད་འཁྲུལ་འཁོར་མདོར་བསྡུས་བྲི། །རྩ་རླུང་འཆི་མེད་དོན་རྟོགས་བྱང་ཆུབ་ཞུ། །སེམས་སྐྱེད་རང་ལུས་ལྷར་གསལ་རླུང་རོ་འདོན། །གཡོན་


PS010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གར་སྟབས་ལང་ལ་སྐུ་མཉེ་བྱ། །སྟོབས་ཀྱི་འཁྲུལ་འཁོར་སྟེང་འོག་ལྟག་མདུན་དང་། །གཡོན་ནས་ཕྱོགས་སུ་ལག་གཉིས་དྲག་ཏུ་སྤྲུག །ཁུ་ཚུར་སྐུར་རྟེན་རྐང་གཉིས་མཐུར་དུའོ། །ཕྱིའི་ཨཾ་གྲོལ་སྟན་ལ་འདུག་བྱས་ལ། །ལག་གཉིས་རྐང་བཟུང་འཐེན་ཞིང་དྲག་ཏུ་སྡིག །བྷེ་ཏ་ལང་ལིང་སྟན་ལ་ཚང་ར་གདབ། །བྷན་དྷ་བཤང་ལམ་འཁོར་ལོ་གྱེན་ཟློག་བྱ། །ཕྱག་ཆེན་རྩོག་པུ་ཕྱག་རྒྱ་ཐབས་འགལ་འདྲ། །ནང་གི་ཨཾ་གྲོལ་འོག་རླུང་དབང་བྱེད་འཚུངས། །བྷེ་ཏ་ནག་པོའི་ལམ་མཆོག་ཆིག་རྫོགས་ཡིན། །བྷན་དྷ་རྐང་ལག་བསྣོལ་འཐེན་མགོ་བོ་དགུག །ཕྱག་ཆེན་སྐྱིལ་ཀྲུང་བསྲང་ལ་མཉམ་ཞག་ཕྱག་རྒྱ་བྱ། །གསང་བའི་ཨཾ་གྲོལ་ཁུ་ཚུར་རྒྱབ་བསྣོལ་སྡིག །བྷེ་ཏ་ཕྱི་འདྲ་དལ་བུས་གདབ་པར་བྱ། །བྷན་དྷ་སྐྱིལ་ཀྲུང་ས་གནོན་


PS010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་བཅུས། །ཕྱག་ཆེན་མཆོག་སྦྱིན་པུས་བཀན་ཨོལ་མདུད་མནན། །ཡན་ལག་ཨཾ་གྲོལ་ཕྱི་དང་མཚུངས་བྱས་ཤིང་། །བཤང་ལམ་འཁོར་ལོ་གྱེན་ཟློག་ཧཱུཾ་གིས་དྲངས། །དཀར་དགྲེམས་ལག་པས་རོ་སྟོད་གྲུལ་ལ་སྤྲུག །དམར་འགྲེམས་ཁུ་ཚུར་རྒྱབ་བརྡུང་མདུན་ལག་སྤྲུག །མགོ་བོའི་འཁྲུལ་འཁོར་ལག་པས་མགོ་བྱད་མཉེ། །མིག་གི་འཁྲུལ་འཁོར་སྡང་མིག་ཕྱོགས་བཅུར་སྐོར། །མགོ་བོ་གཡས་གཡོན་སྐོར་ཞིང་ལག་ཡིག་དགབ། །མདུན་རྒྱབ་གཡས་གཡོན་ཚངས་པའི་མགོ་ལྟར་དགུག །རོ་སྟོད་འཁྲུལ་འཁོར་སེམས་དཔའི་སྐྱིལ་ཀྲུང་བྱ། །ལག་གཉིས་པུས་བཟུང་གཡས་གཡོན་སྤྲུག་ཅིང་མཐེན། །སྟོད་ཀྱི་སྡེར་འཛིངས་ནུ་སྟེངས་སྙིང་གར་བསྡེག །སྨད་ཀྱི་འཕོ་སྟེངས་ནུ་འོག་སྤྲུག་ཅིང་བསྡེག །ལག་པའི་བྱེད་ཚེ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ས་གནོན་པུང་པ་


PS010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་ཕྱི་ནང་དུ། །རེ་མོས་སྐོར་ཞིང་དེ་རྗེས་དུས་གཅིག་སྐོར། །རྡོ་རྗེ་ཁུ་ཚུར་གཡས་གཡོན་ཐད་ཀར་སྤྲུག །དེ་བཞིན་དུས་གཅིག་ཉིད་དུ་སྤྲུག་པར་བྱ། །གསུམ་པ་ཞགས་འཕེན་སྦྱོར་བ་གོང་བཞིན་གཉིས། །མགོ་དང་པུས་སྦྱར་ལག་གཉིས་རེ་མོས་རྐྱང་། །འཕོ་བའི་འཁྲུལ་འཁོར་ལངས་ལ་ལག་རྒྱབ་གྲུལ། །སྟན་དུ་གཡས་གཡོན་དྲག་ཏུ་སྐོར་བྱ་ཞིང་། །ལག་ལྷུག་སྤྱི་གཙུག་བཏེག་ལ་ཕོ་སྟེངས་བསྡེག །རྐང་པའི་འཁྲུལ་འཁོར་ལངས་ལ་རྐང་པ་གཉིས། །འོག་ཏུ་རེ་མོས་དྲག་ཏུ་སྤྲུག་བྱ་ཞིང་། །གཉིས་པ་སྐྱིལ་ཀྲུང་རེ་མོས་རྐང་ལག་རྐྱང་། །འཆི་མེད་འཁྲུལ་འཁོར་ཁྱད་འཕགས་སུམ་བཅུ་གཉིས། །སངས་རྒྱས་སྟོན་པའི་ཞལ་གདམས་ཁྱད་འཕགས་ལས། །ལྟས་པས་གོ་བའི་སྡོམ་འདི་ཤེས་ལྡན་གྱིས། །ཡང་


PS010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྐུལ་ནས་སངས་རྒྱས་རས་པ་ཡིས། །བཀའ་འབངས་ཐ་ཆུང་སྤྲང་སྒོམ་རས་པ་ངས། །དབེན་གནས་ཤྲཱི་དཔལ་གྱི་གནམ་སྡིངས་སུ། །བྲིས་པའི་དགེ་བས་རྩ་མདུད་མྱུར་གྲོལ་ནས། །མཐུ་སྟོབས་བིར་ཝ་པ་ཡི་སྐུ་ཐོབ་ཤོག །དད་མེད་ལོག་ལྟ་ཅན་ལ་དཔེ་འདི་གསང་། །འཆི་མེད་དོན་རྟོགས་བཀྲ་ཤིས་འཕེལ་གྱུར་ཅིག །ཨིྀྠཿ དགེའོ། །འཆི་མེད་ཀྱི་འཁྲུལ་འཁོར་བུམ་བཅུ་པ། བཅུ་གསུམ་པ་བརྒྱད་པ་རྣམས་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ནས། །འཆི་མེད་གྲུབ་པའི་བསྡུས་དོན་བྲི། །དང་པོ་ལངས་ལ་རླུང་རངས་འདུལ། །ཛ་ཧི་ཏའི་སྐར་མ་ནི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕངས། །དེ་ནས་ཕྱིའི་འཁྲུལ་འཁོར་ནི། །ཨང་གྲོལ་རྐང་འཐེབས་བཟུང་ལ་བསྡིག །བྷེ་ཏ་འཕོངས་རྟིང་དྲག་ཏུ་


PS010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད། །བྷན་དྷ་བཤང་ལམ་གྱེན་དུ་བཟློག །ཕྱག་རྒྱ་ཆེ་ལ་རྩོག་པུ་བྱ། །ནང་གི་འཁྲུལ་འཁོར་རྣམ་བཞི་ནི། །ཨང་གྲོལ་ལག་བསྣོལ་ངར་གདོང་བཟུང་། །བྷེ་ཏ་འཕོངས་རྟིང་རེ་མོས་གདབ། །བྷན་དྷ་གླང་ཆེན་སྣ་ལྟར་དགུག །ཕྱག་རྒྱ་ཆེ་ལ་མཉམ་པར་བཞག །གསང་བའི་འཁྲུལ་འཁོར་རྣམ་པ་བཞི། །ཨང་གྲོལ་རྒྱབ་ཏུ་ལག་པ་རྩེགས། །བྷེ་ཏ་འཕོངས་རྟིང་དལ་གྱིས་སྤྲད། །བྷནྷ་རོ་སྟོད་གཡས་གཡོན་བཅུ། །ཕྱག་རྒྱ་ཆེ་ལ་མཆོག་སྦྱིན་བྱ། །དེ་དག་རྩ་བའི་འཁྲུལ་འཁོར་ཡིན། །ད་ནི་ཡན་ལག་འཁྲུལ་འཁོར་བཤད། །ཁ་སྦྱོར་ཨང་གྲོལ་ལྟ་བུ་ལ། །ཐིག་ལེ་སྒྲ་གཅན་གྱེན་དུ་བླངས། །བྱུགས་དང་སྤྲུག་པས་དཀར་པོ་དགྲམ། །བརྡུངས་དང་སྤྲུག་པས་དམར་པོ་དགྲམ། །མགོ་བོའི་འཁྲུལ་འཁོར་རྣམ་བཞི་ལ། །མགོ་བོ་སུབ་དང་མིག་


PS010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསྐོར། །གཡས་གཡོན་བསྐོར་དང་མགོ་ལྕོག་གོ། རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །བཅུ་དང་སྡེར་འཛིང་སྟོད་སྨད་དོ། །ལག་པའི་འཁྲུལ་འཁོར་རྣམ་བཞི་ནི། །དཔུང་པ་ཕྱི་དང་ནང་དུ་བསྐོར། །ཁུ་ཚུར་དང་ནི་སོར་མོ་བཅས། །བརྐྱང་བསྐུམ་བྱས་ལ་སོར་རྩེ་ལྟ། །ཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི། །མཉེ་དང་བརྡུངས་དང་བསྐོར་བའོ། །རྐང་པའི་འཁྲུལ་འཁོར་རྣམ་གཉིས་ནི། །ལངས་དང་འདུག་དང་རེ་མོས་སྤྲུག །དེ་ལྟར་གེགས་སྐྱོན་ཀུན་སེལ་ཞིང་། །དངོས་གྲུབ་སྟེར་བྱེད་འཆི་མེད་ཀྱིས། །འཁྲུལ་འཁོར་ལེགས་པར་བསྟན་ཟིན་ཏོ། ཨྀིྠཿ ༈ ན་མོ་གུ་རུ། འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་གདམས་ཀྱིས་འཁྲུལ་འཁོར་ནི། །རྩ་མདུད་འགྲོལ་བ། ཐིག་ལེ་དྲངས་བ། རླུང་དབུ་མར་བཞུགས་པ། གེགས་བསལ་བ་དང་བཞི་ཡོད་


PS010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དང་པོ་མཉམ་བཞག་རོ་སྟོད་བདུན་བདུན་བཅུ། །གཉིས་པ་གྱེན་ལ་འཐེན་ཞིང་རྟིང་པ་ས་ལ་ལན་བདུན་བརྡབས། གསུམ་པ་འཐེན་ཞིང་རྟིང་པ་ས་ལ་ལན་བདུན་བརྡབས། བཞི་པ་རྒོད་ཀྱི་ལྡིང་ཐབས་བྱ་ཞིང་སྤྲུག །ལྔ་པ་སྟན་ལ་འདུག་ནས་དྲག་ཏུ་ཤུད། །དྲུག་པ་རྣམ་སྣང་ཆོས་བདུན་སྤྲོས་བྲལ་ངང་ལ་བཞག །བདུན་པ་ཁུ་ཚུར་སྙིང་གར་བསྣོལ་ནས་ཧཱུཾ་རིང་དྲག་པོ་བདུན་གྱིས་འཐེན། །བརྒྱད་པ་དྲག་ཏུ་སྤྲུག་པར་བྱ། །དགུ་པ་མགོ་བོ་བསྐོར་ཞིང་ཕྱོགས་བཞིར་འཕངས། བཅུ་པ་ལག་སོར་སྙིང་གར་བསྣོལ་ནས་བཅུ་ཞིང་འཐེན། །བཅུ་གཅིག་མདའ་འཕེན་སྤྲུག་པའོ། །བཅུ་གཉིས་པ་ལག་པ་ས་གནོན་བསྐྱེད་བསྐོར་བྱ་སྙེངས་བྱ། །བཅུ་གསུམ་པ་རྐང་པ་སྤྲུག་ཅིང་ཕྱོགས་བཞིར་འཕངས། །འདི་རྣམས་རླུང་འཁོར་ལོ་ཆིག་གྲོལ་གྱིས་


PS010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་བསྡུས་པའོ།། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་འཁྲུལ་འཁོར་བརྒྱད་ཀྱིས་རྩ་ཚིག་བརྗོད་པར་བྱའོ། །དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །སྔོན་དུ་འགྲོ་བ་དབང་བཞི་ཕྱག་རྒྱ་བཞི་དགའ་བ་བཞི། །འབེབས་ལུགས་རྣམས་བླ་མའི་ལག་ཁྲིད་ལས་ཤེས་པར་བྱ་བ་ནི། སྔོན་འགྲོ། དངོས་གཞིའོ། །འདི་བརྒྱད་རྗེས་སོ། །དང་པོ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་བྱས་ནས། །ཤེས་པ་ལྟེ་བར་གཏད་ལ་ཧཱུཾ་དགུས་དྲངས། །དེ་བཞིན་སྙིང་གར་གཏད་ལ་ཧྲིཾ་གིས་དྲངས། མགྲིན་པར་གཏད་ལ་དབུ་ནི་ཤ་དགུ། །དཔྲལ་བར་གཏད་ལ་སྟག་མོའི་སྐྱུག་སྟངས་བྱ། །སྤྱི་བོར་གཏད་ལ་སེང་གེའི་ངུར་སྟངས་བྱེད། །བདེ་བ་ཆེན་པོར་རྩེ་གསུམ་སྦྱོར་བ་བྱེད། །རྡོ་རྗེ་གདམས་པའི་ཕྱག་རྒྱ་གྱེན་དུ་བཅུད། །ཐུར་དུ་ཕབ་ནས་ལན་གསུམ་


PS010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཚུལ། །དེ་ནས་སྤྲུབ་དང་སྤྲུག་པར་བྱའོ། །བརྡུང་དང་རྒྱག་དང་སེང་གེ་རྣམ་གྲོལ་བྱེད། །འདི་རྣམས་མུ་ཏྲའི་རྗེས་ཀྱི་བྱ་བ་ཡིན། །འདི་རྣམས་རག་བསྡུས་རླུང་གི་སྦྱོར་བ་ཡིན། ཨྀིྠ། །མངྒ་ལཾ། །བྷ་ཝནྟུ།། །།

འཆི་མེད་འཁྲུལ་འཁོར།


PS010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འཁྲུལ་འཁོར་བཞུགས་སོ།། །།


PS010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཡོ་གི་ནི། །དཔལ་ལྡན་བིར་ཝ་ནག་པོ་ཡི། །རང་ལུས་ཐབས་ལྡན་ཕྱག་རྒྱ་ནི། །འཆི་མེད་མཁའ་སྤྱོད་བསྒྲོད་པའི་གནད། །རྒྱ་གར་གཞུང་ལས་གསལ་བྱུང་འདི། །ཆོས་རྗེ་སངས་རྒྱས་སྟོན་པའི་གསུང་། །གསལ་བྱེད་ཉི་མའི་དོན་བསྡུས་ཤིང་། །མང་དུ་འདུག་མོད་གོ་བདེ་བ། །འདི་ལྟར་བཤད་ཀྱིས་ཉམས་སུ་ལོངས། །སྟན་ལ་སེམས་སྐྱིལ་ལུས་གནད་བསྲངས། །སྐྱབས་སེམས་སྔོན་འགྲོ་རང་


PS010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལྷ། །རླུང་རོ་བསལ་ཞིང་ཁ་སྦྱོར་བཟུང་། །རྡོ་རྗེ་ཕག་མོའི་ང་རྒྱལ་བྱ། །སྟན་ལས་ལངས་ཏེ་སྟེང་འོག་ཏུ། །ལག་པ་བསྒྲེངས་ཏེ་སྟེང་འོག་གི། །ལྷ་ཀླུ་བསྐྲད་ཅིང་རྐང་པ་གཡས། །བསྐུམ་པའི་མཐིལ་ནི་གཡོན་པ་ཡི། །བརླ་ནི་རྩ་བར་སྦྱར་བྱས་ནས། །ལག་གཡས་རྐང་པའི་སྡིགས་མཛུབ་བྱ། །གཡོན་པ་ཐོད་ཁྲག་ཐུགས་ཀར་ཚུལ། །ལན་གསུམ་བསྐོར་བས་ཕྱོགས་ཀུན་གཡོ། །


PS010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གཡོན་ལའང་ཤེས་པར་བྱ། །དེ་དུས་ཁྲུས་དང་བསྐུ་མཉེ་དང་། །ཡན་ལག་ལྔའི་སྦྱང་བ་བཞིན། །མཐོང་བརྒྱུད་ཞལ་ལས་ཤེས་པར་བྱ། །སྔོན་འགྲོ་འཛི་ཏ་ཀརྨའོ། །དེ་ནས་དངོས་གཞི་ཕྱི་ནང་གསང་། །རེ་རེར་བཞི་བཞི་ཡོད་པ་ལས། །ཕྱིའི་ཨཾ་གྲོལ་ལས་རྒྱ་ནི། །སེམས་སྐྱིལ་མཐེ་བོང་ངར་གདོང་བཟུང་། །སྟེང་འོག་རླུང་གཉིས་ཁ་སྦྱར་ལ། །ཁྱད་པར་འོག་རླུང་དྲག་ཏུ་འཐེན། །འབེབས་དང་བསྟུན་བརྡུང་ལན་གསུམ་མོ། །སོགས་དང་། ཡར་འཐེན་གསང་བར་སྡིག་པ་ཡིན། །དམིགས་པ་ཨཾ་ལས་མེ་འབར་ནས། །ལུས་གང་གསང་བར་ཕྱུར་ཐོན་པ། །སྣ་རྩེར་མིག་གཏད་ལྟེ་བ་དང་། །གསང་བར་ཤེས་པ་གཏོད་པ་ཡིན། །འདི་ནི་ཨཾ་འགྲོལ་རྣམས་ལའང་། །དམིགས་པ་རླུང་གནད་ལྟ་གདེངས་གཅིག །ཕྱི་ཡི་བེ་ཏ་ཆོས་རྒྱ་ནི། །རླུང་བཟུང་སྒུར་ཏི་བསུབ་ཞིང་


PS010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཅུན། །མཐེ་བོང་མཉམ་བསྡམ་ཁུ་ཚུར་དང་། །རྐང་རྟིང་གཤིབ་སྟེ་སོར་བཞིའི་བར། །རྐང་ལག་བར་དུ་མཐོ་གསུམ་ཙམ། །ཁ་སྦྱོར་རླུང་གཉིས་ཡར་ལ་འཐེན། །ཤུགས་བསྐྱེད་འོག་རླུང་སྡིག་ནས་མནན། །དེ་དུས་ལུས་སྦོ་གདན་ལ་སྦྱར། །འཕོངས་དང་རྟིང་པ་སྤྲད་པ་ཡིས། །པུས་མོ་ཕྱིར་བསྒྲད་དྲག་ཏུ་སྤྲུགས། །དམིགས་པ་ཨཾ་ལས་འབར་བའི་མེ། །སྙིང་གར་ཧཱུཾ་བསམ་མེ་རླུང་གཉིས། །འཐབ་ནས་སྙིང་གར་ཡལ་བར་བསམ། །བེ་ཏ་གསུམ་ལ་རླུང་གནད་དང་། །དམིགས་པ་འདི་ཀ་བཞིན་དུ་གཅེས། །བྷན་དྷ་དམ་ཚིག་ཕྱག་རྒྱ་ནི། །དང་པོ་རླུང་གནད་ཁ་སྦྱོར་བཟུང་། །འཕོངས་རྡེབ་སྣ་ནས་སངས་ཀྱིས་འབུད། །དེ་ནས་རླུང་བཟུང་ཧར་ལངས་ནས། །ཆུན་དང་བཅས་ཏེ་སྒུར་ནས་ནི། །ལག་པ་སྒྱིད་ཁུང་ནང་ནས་ཕྱིར། །


PS010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པའི་མཐེ་བོང་བཟུང་ནས་ནི། །ཡར་ལ་ཤུགས་དྲག་འཐེན་པའི་དུས། །གཡས་གཡོན་དབུས་སུ་འཐེན་པ་དང་། །འཇིང་པ་སྒྱིད་པ་གནད་དུ་ཆེ། །ཚུལ་དེ་ལན་འགའ་བྱ་བ་དང་། །དམིགས་པ་བཤང་སྒོ་རྐང་མཐིལ་ནས། །འོད་ཟེར་དཀར་ལྗང་ལུས་པོ་གང་། །སྤྱི་བོར་འཁྱིལ་པ་བ་སྤུར་སྤྲོ། །ཡང་ན་སྤྱི་བོའི་གཙུག་ནས་འདོན། །བྷན་དྷ་གསུམ་ཆར་རླུང་གནད་དང་། །དམིགས་པ་འདི་ཀ་བཞིན་དུ་བྱ། །མགྲིན་པའི་འཁོར་ལོ་མེ་འོད་བསྒོམ། །རླུང་ནི་ཡང་ཡང་ཕྱིར་བསང་བས། །མེ་འོད་སྣ་ནས་རྒྱངས་ཀྱི་སོང་། །རེས་འགའ་མགྲིན་པ་བསྐོར་ཞིང་སྤྲུགས། །བུམ་ཆེན་གེགས་སེལ་བོགས་འདོན་ནམ། །ཕྱག་ཆེན་སྐབས་ཀྱི་གདམས་ངག་ཡིན། །ཨཾ་གྲོལ་དགུ་སོགས་བྷན་དྷ་གསུམ། །བྷན་དྷ་གཅིག་ཏུ་ཤེས་བྱས་ནས། །རླུང་ཐེངས་བཅུ་གསུམ་གཅུན་རྩལ་བས། །རྩ་རླུང་


PS010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ཤིང་ཐིག་ལེ་འཕེལ། །ཏིང་འཛིན་ཤུགས་ཀྱིས་སྐྱེ་བ་ནི། །མ་བཅོས་སྐྱོང་བ་ཕྱག་རྒྱ་ཆེ། །རྣམ་གསུམ་དང་པོ་ཙོག་པུར་བྱས། །ལག་གཉིས་བསྣོལ་ནས་པུས་སྟེང་བཞག །རླུང་བཟུང་དེ་ནས་མ་བཅོས་སྐྱོངས།། ༈ དེ་ནས་ནང་གི་འཁྲུལ་འཁོར་ནི། །ཨཾ་འགྲོལ་ངར་གདོང་བཟུང་ནས་རྡོབ། །བྷེ་དྷ་ཙོག་པུ་པུས་མོའི་ནང་། །ལག་པ་བརྐྱངས་ཏེ་རྐང་མཐེབ་བཟུང་། །སྒུར་ཏེ་ལངས་རླུང་གནད་བྱས་ནས་འཕོངས་རྡེབ་ཅིང་། །རྟིང་པ་གཤིབ་ནས་གྱེན་དུ་འཐེན། །འཕོངས་བཏེགས་རྟིང་པ་བརྡབ་པར་བྱ། །བྷན་དྷ་ཧར་ལངས་ལུས་སྒུར་ནས། །རྐང་གཉིས་བསྣོལ་ཏེ་ལག་པ་གཉིས། །གླང་པོའི་སྣ་ལྟར་ཆུན་དང་བཅས། །འཐེན་ཆེན་བཟུང་ནས་རྒྱབ་གཤིབ་འཐེན། །ཕྱག་ཆེན་རྡོར་སྐྱིལ་སྙོམས་ཤག་བྱ། །


PS010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཨཾ་འགྲོལ་ལག་གཉིས་གཅིག །རྒྱབ་ཏུ་བརྐྱངས་པས་འཐེན་བསྣོལ་བྱ། །བྷེ་དྷ་ཕྱི་ནང་འདྲ་བ་ལས། །དལ་བུས་བརྡབ་པའི་ཁྱད་པར་ཡིན། །བྷན་དྷ་ལག་གཉིས་ཕྱག་རྒྱ་ས། །གནོན་བྱས་རོ་སྟོད་གཡས་གཡོན་དྲག་ཏུ་བཅུན། །ཕྱག་རྒྱ་ཆེན་པོ་མཆོག་སྦྱིན་བྱ། །དེ་ནས་འདྲེན་དང་འགྲམ་པ་ནི། །ཕྱི་ཡི་ཨཾ་འགྲོལ་ལྟ་བུ་ལས། །ལངས་ལ་སྒུར་ཏེ་རྐང་མཐེབ་བཟུང་། །ཧཱུཾ་འདྲེན་གྱེན་བཟློག་ལྕེ་རྐན་སྒྲིལ། །མིག་གཉིས་གྱེན་དུ་དྲག་ཏུ་གཏད། །ཐིག་ལེ་ཡར་དྲངས་སྤྱི་བོར་བསྟིམ། །དེ་རྗེས་ཕབ་ནས་སྐྱིལ་ཀྲུང་བྱས། །རླུང་བཟུང་ལག་གཉིས་ལུས་ཀུན་བསྲུབ། །སིལ་སིལ་སྤྲུགས་པ་གནད་དུ་ཆེ། །དེ་ནི་ལག་གཅིག་མདུན་དུ་བརྐྱངས། །སོར་མོ་གདེངས་དུས་ཕྱོགས་གཅིག་གིས། །ཁུ་ཚུར་རྒྱབ་ཀྱིས་སྐྱེད་ནས་བརྡུངས། །སྒྲ་གཅན་དུས་སུ་ཐོག་མ་རུ། །འཕོངས་བཙུགས་


PS010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་བརྐྱངས་འདར་བསྲིལ་སྤྲུགས། །སྟོང་འདྲེན་བྱེད་པ་དགོས་གསུངས་སོ།། ༈ དེ་ནས་ཡན་ལག་འཁྲུལ་འཁོར་ལ། །མགོ་ཡི་འཁྲུལ་འཁོར་རྣམ་བཞི་ནི། །རྡོ་རྗེ་སྐྱིལ་ཀྲུང་ལུས་བསྲངས་ནས། །ལག་པ་མགོ་དང་ལྟག་པ་དང་། །བྱད་རྣམས་བསྲུབ་ཅིང་མཉེད་པར་བྱ། །གཉིས་པ་མིག་ནི་སྡང་མིག་བསྒྲད། །གཡས་གཡོན་སྟེང་འོག་ཀུན་ཏུ་ལྟ། །དྲག་ཏུ་བསྐོར་ཞིང་ལག་མཐིལ་བསྲུབ། །གསུམ་པ་ས་གནོན་གདོང་ཕྱོགས་བཞིར། །ལྟ་ཞིང་མགོ་བོ་དྲག་ཏུ་བསྐོར། །ལག་མཐིལ་མིག་བཙིར་སྟེང་རླུང་བསྡམ། །བཞི་པ་མགོ་བོ་གཡས་གཡོན་དང་། །རྒྱབ་མདུན་དགྱེད་དགུག་ལན་གསུམ་བྱ། །ལག་པའི་འཁྲུལ་འཁོར་རྣམ་གསུམ་ནི། །སེམས་སྐྱིལ་ལག་མགོ་བརླ་ཁུང་བཙུགས། །དཔུང་པ་བསྒྲེངས་ཤིང་གཡས་གཡོན་དབུས། །ཕྱི་ནང་


PS010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་བགོ་བར་བྱ། །དེ་ནས་ལག་གཉིས་རེས་མོས་ཀྱི། །ཕར་རྐྱང་ཁུ་ཚུར་ཚུར་ལ་བསྐུམས། །གཉིས་ཀ་དུས་གཅིག་དྲག་ཏུ་སྤྲུགས། །བརྐྱངས་ནས་སོར་རྩེར་དྲག་ཏུ་ལྟང་། །མགོ་བོ་དཔུང་པ་དག་ལ་སྦྱར།། ༈ དེ་ལྟར་རོ་སྟོད་འཁྲུལ་འཁོར་ནི། །སེམས་དཀྱིལ་ས་ནོན་གཡས་གཡོན་དབུས། །གཅུ་ཞིང་སྒྱེད་ནས་སོར་མོ་བསྣོལ། །ནུ་མ་གཡས་གཡོན་དེ་ཡི་དབུས། །ལན་གསུམ་རྡེབས་དང་ལྟེ་བའི་ཐད། །གཡས་གཡོན་དབུས་སུ་དེ་བཞིན་བྱ། །འཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི། །སྐེད་བསྐོར་བརྡུང་བ་རྣམ་གསུམ་ལས། །ལངས་ནས་སོར་བསྣོལ་ཕོ་བ་མཉེ། །སྐྱིལ་ཀྲུང་ཕོ་བ་གཡས་གཡོན་དུ། །རླུང་བསྐོར་དྲག་ཏུ་སྤྲུགས་པར་བྱ། །ལངས་ནས་ཕོ་བ་རླུང་བཀང་ནས། །སོར་བསྣོལ་ལྟེ་བ་དྲག་ཏུ་བསྡིག །རྐང་པའི་འཁྲུལ་འཁོར་རྣམ་གཉིས་ནི། །ལངས་འདུག་


PS010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་རྐང་པ་གཉིས། །ཕར་བརྐྱངས་བསྐུམ་དུས་རྐང་པ་ཡང་། །བརྐྱང་བསྐུམ་བྱེད་ཅིང་འཕོངས་ལ་རྡེབས། །འདི་ཉིད་ཁོ་ན་ཉམས་ལེན་ཆེ། །ཛི་ཏ་ཀརྨ་སྔོན་དུ་བཏང་། །ཨཾ་འགྲོལ་གཅིག་དང་བྷན་དྷ་གཅིག །བྷན་ཏ་ཕྱག་ཆེན་གང་རུང་སྟེ། །གང་རུང་རྒྱབ་ནས་དེ་ཡི་རྗེས། །རེ་རེའི་བར་དུ་སྒྲ་གཅན་དང་། །འདྲེས་པ་རྣམ་གཉིས་ལན་རེ་བྱ། །མཇུག་ཏུ་མགོ་བོའི་འཁྲུལ་འཁོར་ནས། །རྐང་པའི་བར་གྱི་སྤྲུགས་མཉེ་རྣམས། །ཡི་གེ་ཚར་གཅིག་རྫོགས་པར་བྱ། །ཐུན་མགོ་ཐུན་མཇུག་གང་རུང་དུ། །སོ་གཉིས་ཡོངས་རྫོགས་ལན་རེ་བྱ། །འདི་སྐབས་གནད་རྣམས་ཐར་རྒྱས་ནས། །སྙན་བརྒྱུད་ཡི་གེའི་ནང་བཞིན་དུ། །བླ་མའི་ཞལ་ལས་ཉན་པར་བྱ། །གདམས་ངག་གཞན་མ་མ་ལྟོས་པར། །འདི་ཉིད་ཁོ་ནས་རང་སེམས་ཀྱིས། །གནས་ལུགས་རྗེན་


PS010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཕྱག་རྒྱ་ཆེ། །རྟོགས་པ་བླ་མ་བརྒྱུད་པའི་གསུང་། །དཔལ་ལྡན་ཤངས་པའི་བསྒོམ་ཆེན་ཚོ། །རི་ཁར་མ་ཁྱུང་ཚོ། །མི་ཚེ་མ་སྐྱེལ་བརྩོན་འགྲུས་ཀྱིས། །ཆོས་དྲུག་ཕྱག་ཆེན་འདི་གསུམ་ལ། །སྐལ་བ་གྱིས་ཤིག་རྣལ་འབྱོར་ཚོ། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ། །གནས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། །སློབ་དཔོན་བིར་ཝ་ནག་པོ་ལ་གསོལ་བ་འདེབས། །རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར༴ །ཡུལ་ཕྲེང་བ་ཅན་གྱི་དུར་ཁྲོད་དུ། །སློབ་དཔོན་དུར་ཁྲོད་ནག་པོ་ལ་གསོལ་བ་འདེབས། །རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར༴ །གནས་ཨུ་ཏྲི་བྷི་ཤིའི་


PS010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་དུ། །སློབ་དཔོན་བྲམ་ཟེ་ནག་པོ་ལ་གསོལ་བ༴ །རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར༴ །ཡུལ་བྷ་གའི་བྱང་ཕྱོགས་ངེས་མེད་དུ། །གྲུབ་ཐོབ་ལ་སྟོད་མགོན་པོ་ལ་པོ་ལ་གསོལ་བ༴ །རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར༴ །གནས་རི་གོང་དཔལ་གྱི་ཡང་དགོན་དུ། །གཉན་སྟོན་སྦས་པའི་སངས་རྒྱས་ལ༴ །རྩ་རླུང་ལས་སུ་རུང་བར་བྱིན༴ །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ། །རྗེ་དྲུང་ཉིད་ཆེན་པོའི་གདན་ས་རུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ་གསོལ་བ་འདེབས། །རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །བྱང་སེམས་བདེ་ཆེན་འཕེལ་བར་མཛད་དུ་གསོལ། །འདི་མན་ནི་གུའི་བརྒྱུད་འདེབས་རིགས་འགྲེས་སོ། །

ཐབས་ལམ་འཁྲུལ་འཁོར་དང་འཆི་མེད་འཁྲུལ་འཁོར།


PS010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལམ་འཁྲུལ་འཁོར་དང་འཆི་མེད་འཁྲུལ་འཁོར་བཞུགས་སོ།། །།


PS010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཐབས་ལམ་འཁྲུལ་འཁོར་བཤད་པར་བྱ། །དེ་ལ་དབབ་བཟུང་འཁྲུལ་འཁོར་ནི། །དང་པོ་ཡན་ལག་ལྔ་སྦྱོང་བྱ། །དབབ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལན་གསུམ་སྡིག །རྡོ་རྗེ་ཁུ་ཚུར་འཐུར་དུ་གནོན་བྱ་ཉོང་བྱ་ཞིང་ལན་གསུམ་སྡིག །འཛིན་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་མཉམ་བཞག་ས་


PS010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས། །བཟློག་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་རུས་སྦས་ཁ་བུབ་ལ། །ཧཱུཾ་རིང་ཧཱུཾ་ཁ་སྦྱོར་གཡས་གཡོན་གཅུ། ཐུང་རེ་མོས་བསྒྲང་། །བཤང་ལམ་གྱེན་བཟློག་གཞུང་དང་མཐུན། །དགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། གཅན་ཟན་རྒྱལ་པོའི་ཕྱིའི་བྷན་དྷ་དཀྲུགས་གདེངས་དང་། །གཡང་མོའི་དཀྲུགས་སྡང་རྒོད་ལྡིང་བྱ། །


PS010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སུ་ཟ་བའི་འཁྲུལ་འཁོར་ནི། །ཁ་སྦྱོར་སྟེང་འཐེན་འོག་ཏུ་སྡིག །གོས་སུ་གྱོན་པའི་འཁྲུལ་འཁོར་ནི། །ཁ་སྦྱོར་སྟེང་འོག་མེད་པར་བཤུད། །གདན་དུ་སྟིང་བའི་འཁྲུལ་འཁོར་ནི། །ཁ་སྦྱོར་ལྟེ་བའི་ཐད་དུ་འཕུལ། །རླུང་གནད་རྟ་ཞོན་སྤྱི་ཆིངས་ནི། །ལག་པ་སྐྱེད་འཁྲིལ་རྐང་གཉིས་བཤུད། །སྐོམ་དུ་འཐུང་བའི་འཁྲུལ་འཁོར་ནི། །རླུང་གནད་བླ་མའི་ཞལ་ལས་ཤེས། །སྲིད་པའི་དབང་བཞི་བསྟན་པ་ནི། །གནས་གསུམ་རྡོ་རྗེ་རྩེ་མོ་བསྟན། །གེགས་སྐྱོན་རང་གྲོལ་མ་ཆོར་བར་དུ་བཏང་། བསྟན་པ་ནི། །རྡོ་རྗེ་སྐྱིལ་ཀྲུང་གནས་གསུམ་སྡིག །ཐབས་ལམ་འཁྲུལ་འཁོར་བཀྲ་ཤིས་ཤོག ༈ །འཆི་མེད་གྲུབ་པའི་འཁྲུལ་འཁོར་བཤད། །དང་པོ་ཡན་ལག་ལྔ་སྦྱོང་བྱ། །དེ་ནས་སྟེང་འོག་ཀུན་ཏུ་འཕང་། །ཕྱིའི་འཁྲུལ་འཁོར་རྣམ་བཞི་ནི། །ཨཱཾ་གྲོལ་


PS010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་འཐེབ་བཟུང་ལ་སྡིག །རྦེ་ཏ་འཕོངས་རྡིག་དྲག་ཏུ་སྡིག །བྷན་དྷ་བཤང་ལམ་གྱེན་ལ་ཟློག །ཕྱག་རྒྱ་ཆེན་པོ་ཙོག་པུ་བྱ། །ནང་གི་འཁྲུལ་འཁོར་རྣམ་བཞི་ནི། །ཨཾ་གྲོལ་རྐང་ངར་ཟུང་ལ་སྡིག །བྷེ་ཏ་འཕོངས་སྡིག་རེ་མོས་སྡིག །བྷན་དྷ་གླང་ཆེན་སྣ་ལྟར་བཀུག །ཕྱག་རྒྱ་ཆེ་ལ་མཉམ་བཞག་བྱ། །ཨཾ་འགྲོལ་རྒྱབ་ཏུ་ལག་གཉིས་རྩེག །བྷེ་དྷ་འཕོངས་སྡིག་དལ་གྱིས་བཞག །བྷ་དྷ་རོ་སྟོད་གཡས་རྡོ་རྗེའི་འཁྲུལ་འཁོར་གཡོན་གཅུ། །ཕྱག་རྒྱ་ཆེ་ལ་མཆོག་སྦྱིན་བྱ། །དེ་དག་རྩ་བའི་འཁྲུལ་འཁོར་ཡིན། །ད་ནི་ཡན་ལག་འཁྲུལ་འཁོར་བཤད། །ཁ་སྦྱོར་ཨཾ་འགྲོལ་ལྟ་བུ་ལ། །རྡོ་རྗེའི་འཁྲུལ་འཁོར་ཐིག་ལེ་སྒྲ་གཅན་གྱེན་ལ་ཟློག །གདུང་དང་དཀྲུག་པས་དཀར་པོ་དགྲམ། །མགོ་བོའི་ཕྱིའི་ཨཾ་གྲོལ་འཁྲུལ་འཁོར་རྣམ་བཞི་ནི། །ཕྱིའི་བྷནྡྷ་


PS010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་མགོ་བོ་བྱ་སྙེས་ཞིང་། །གཉིས་པ་གདངས་མིག་མིག་གཉིས་བསྐོར། །གསུམ་པ་མགོ་བསྐོར་མིག་གཉིས་སྡང་། །བཞི་པ་ཕྱོགས་བཞི་དག་ནས་རྡུབ། །རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །དང་པོ་རོ་སྟོད་གཡས་སུ་གཅུ། །གཉིས་པ་ཁུ་ཚུར་ཐེངས་དགུ་རྡེག །གསུམ་པ་རྐྱང་བསྐུམ་དག་ཏུ་བྱ། །ལག་པའི་འཁྲུལ་འཁོར་རྣམ་བཞི་ནི། །དང་པོ་རོ་སྟོད་ཕྱི་ནང་བསྐོར། །གཉིས་པ་ཕྱག་རྡེག་རྐྱང་ཞིང་དཀྲུག །གསུམ་པ་དཔུང་སྟེག་རེ་མོས་སྟེག །བཞི་པ་སོར་རྩེར་བལྟ་བའོ། །འཕོ་བའི་འཁྲུལ་འཁོར་རྣམ་གསུམ་ནི། །དང་པོ་ལངས་ལ་ཕོ་བ་མཉེ། །གཉིས་པ་ས་གནོན་དྲག་ཏུ་བསྐོར། །གསུམ་པ་ལག་མགོ་སྟེག་པར་བྱ། །རྐང་པའི་འཁྲུལ་འཁོར་རྣམ་གཉིས་ནི། །དང་པོ་ལངས་ལ་རེ་མོས་སྐྱོང་། །གཉིས་པ་སྡང་ལ་རེ་མོས་སྐྱོང་། །དེ་དག་ཡན་


PS010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལག་འཁྲུལ་འཁོར་ཡིན། །རྗེས་ལ་ཡན་ལག་ལྔ་སྦྱོང་བྱ། །དེ་དག་འགྲོ་བའི་དོན་དུ་སེམས་བསྐྱེད་པར། །བླ་མ་ལ་གསོལ་བ་འདེབས། །གསོལ་བ་མ་བཏབ་པར་རླུང་མི་སྒོམ། །རླུང་མ་བསྒོམས་པར་འཁྲུལ་འཁོར་མི་བྱ། །ཅེས་ཆོས་རྗེ་སྟོན་པས་གསུངས་པ་ཡིན་ནོ། །འཆི་མེད་འཁྲུལ་འཁོར་བཀྲ་ཤིས་ཤོག །༅། འཆི་མེད་འཁྲུལ་འཁོར་དམིགས་པའི་ཞལ་གདམས་བཞུགས་སོ། །ན་མོ་གུ་རུ། །འཆི་མེད་འཁྲུལ་འཁོར་གྱི་དམིགས་པའི་ཞལ་གདམས། །སྔོན་འགྲོ་དང་དངོས་གཞིའི་དམིགས་པ་ལ། །དང་པོ་བདེ་བའི་སྟན་ལ་སྐྱིལ་ཀྲུང་ལག་པ་མཉམ་བཞག་བྱས་ལ། །སྐྱབས་འགྲོ་སེམས་བསྐྱེད་བྱའོ། །དེ་ནས་རང་གི་སྤྱི་བོར་རྩ་བའི་བླ་མ་རྗེ་བཙུན་བིར་ཝ་པ་སྐུ་མདོག་སྨུག་ནག །ཕྱག་གཡས་པས་སྡིགས་མཛུབ་ཀྱིས་


PS010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་སྟོད་ལ་མནོན་པ། །གཡོན་ཐོད་པ་བདུད་རྩིས་བཀང་བ་ཐུགས་ཀར་བསྣམས་པ། །ཁྲི་གཉན་པགས་པའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། །སྐུ་ལ་རུས་པའི་རྒྱན་དང་དབུ་ལ་མེ་ཏོག་ཕྲེང་བ་གསོལ་བ། །སྐུ་གཟི་བརྗིད་དང་ལྡན་པར་བསྒོམ། །དེའི་སྤྱི་བོར་རྟོགས་ལྡན་རིན་པོ་ཆེ། །དེའི་སྤྱི་བོར་རིམ་པ་བཞིན། མཁས་བཙུན་རྒྱལ་མཚན་འབུམ། མཁས་གྲུབ་ཤངས་སྟོན། སངས་རྒྱས་སྟོན་པ། གཉན་སྟོན། ལ་སྟོད་མགོན་པོ། དུར་ཁྲོད་ནག་པོ། བྲམ་ཟེ་ནག་པོ། བིར་ཝ་པ། རྡོ་རྗེ་འཆང་རྣམས་གསལ་བར་དམིགས་ལ། ཕྱི་ནང་གིས་མཆོད་ལ། བླ་མ་རེ་རེའི་མཚན་ནས་རིམ་བཞིན་གསོལ་བ་བཏབ། མོས་གུས་གདུང་གདུང་པ་བྱས་ནས། རྡོ་རྗེ་འཆང་བིར་ཝ་པ་ལ་ཐིམ། དེ་ནས་རིམ་པ་བཞིན་རྩ་བའི་བླ་མའི་བར་ཐིམ། །བླ་མ་བཀྲག་མདངས་གཟི་


PS010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་དང་ལྡན་པར་གྱུར་པ་ལ་གདུང་ཤུགས་དྲག་པོས། བླ་མ་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར། འཆི་བ་རྗེས་སུ་དྲན་པར། རང་ལུས་འཆི་མེད་འགྲུབ་པར། གེགས་སྐྱོན་བར་ཆད་ཞི་བར་བྱིན་གྱིས་རླབས་ཏུ་གསོལ། །ཅེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀར་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ལ་ཨ་རླུང་ཐེངས་གཅིག་འདྲེན། །ཨ་ལས་བདུད་རྩིའི་ཆུ་རྒྱུན་འོ་མ་ལྟ་བུ་བབ། བླ་མའི་སྐུ་ལུས་གང་། གསང་གནས་ནས་རང་གི་སྤྱི་བོར་བབ། རང་གི་ལུས་ཀྱི་བགེགས་དང་ནད་གདོན་བར་ཆད་ཐམས་ཅད་སྦྱངས། །ལུས་ཕྲུ་མ་ཕུས་བཏབ་པ་ལྟར་སོང་བར་བསམ། དེ་ནས་


PS010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རང་ལ་ཐིམ་པའི་ངང་ལ་མཉམ་པར་བཞག །དེ་ནས་རླུང་རོ་ལན་གསུམ་ཕྱིར་བུས་ལ། སྔོན་འགྲོའི་འཁྲུལ་འཁོར་རྣམས་བྱའོ། །དངོས་གཞིའི་དུས་སུ། རང་ཡི་དམ་རྡོ་རྗེ་རྣལ་འབྱོར་མར་བསྒོམ་པའི་སྙིང་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་འཆང་གསལ་བར་བསྒོམ། སྤྱི་བོར་ཧཾ་དཀར་པོ་མགོ་མཐུར་དུ་བསྟན་པ། གསང་གནས་སུ་ཨ་དམར་པོ་མེ་འབར་ལ་ཁད་པ་བསྒོམ། དེ་ནས་རླུང་ཕྱིར་གཏོང་བའི་དུས་སུ། སྣོད་ཀྱི་འཇིག་རྟེན་རིགས་ལྔར་བསམ། རླུང་ནང་དུ་རྡུབ་དུས། རིགས་ལྔ་ཧཾ་ཁ་དོག་ལྔར་བྱོན། སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་ཞིང་། རླུང་ལྟེ་འོག་ཏུ་མནན་པས། ཨ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཁོང་པའི་ནང་ཁེངས། སྤྱི་བོའི་ཧཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ། སྙིང་གར་བླ་མའི་ཞལ་དུ་སོང་བས་སྐུ་ལུས་ཟག་པ་མེད་པའི་བདེ་བས་ཁེངས་པར་བསམས་ལ། དངོས་


PS010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་འཁྲུལ་འཁོར་རྣམས་བྱེད། དཀར་དམར་དགྲམ་པ་ནས། ཡན་ལག་གི་འཁྲུལ་འཁོར་རྣམས་རང་སའི་དམིགས་པ་གཞུང་བཞིན་ཤེས་པར་བྱའོ། །འཆི་མེད་འཁྲུལ་འཁོར་གྱི་དམིགས་པའི་ཞལ་གདམས་རྟོགས་ལྡན་རིན་པོ་ཆེ་མཚོ་དཀར་པོའི་ཞལ་ལས་ཇི་ལྟར་བྱོན་པ་བཞིན། ལྷག་ཆད་མེད་པར་བྲིས་པ་འདིས་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ༈ །འཆི་མེད་འཁྲུལ་འཁོར་ལག་ལེན་བསྡུས་པའོ། བླ་མ་དམ་པའི་ཞབས་བཏུད་ནས། །འཆི་མེད་གྲུབ་པའི་བསྡུས་དོན་བྲི། །དང་པོ་ལངས་ལ་རླུང་རེངས་འདུལ། །དེ་ནས་ཕྱི་ཡི་འཁྲུལ་འཁོར་ལ། །ཨཾ་གྲོལ་རྐང་མཐེབ་བཟུང་ལ་སྡིག །བེ་ཏ་འཕོངས་རྟིང་དྲག་ཏུ་སྤྲད། །བྷན་དྷ་བཤང་ལམ་གྱེན་དུ་བཟློག །ཕྱག་རྒྱ་ཆེ་ལ་ཙོག་པུ་བྱ། དབུ་ལ། ནང་གི་འཁྲུལ་འཁོར་


PS010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞི་ནི། །ཨང་གྲོལ་རྒྱབ་ཏུ་ལག་བསྣོལ་ངར་གདོང་བཟུང་། །བེ་ཏ་འཕོངས་རྟིང་རེ་མོས་སྡེབ། །བྷན་དྷ་གླང་ཆེན་སྣ་ལྟར་དགུག །ཕྱག་རྒྱ་ཆེ་ལ་དབུ་ལ་མཉམ་བཞག་བྱ། །གསང་བའི་འཁྲུལ་འཁོར་རྣམ་བཞི་ལ། །ཨང་གྲོལ་རྒྱབ་ཏུ་ལག་བསྣོལ་སྡིག །བེ་ཏ་འཕོངས་རྟིང་དལ་གྱིས་སྤྲད། །བྷན་དྷ་རོ་སྟོད་གཡས་གཡོན་བཅུ། །ཕྱག་རྒྱ་ཆེ་ལ་དབུ་ལ་མཆོག་སྦྱིན་ནོ། །རྩ་བ་དེ་ཡིན་ཡན་ལག་བཤད། །ཁ་སྦྱོར་ཨང་གྲོལ་ལྟ་བུ་ལ། །ཐིག་ལེ་སྒྲ་གཅན་གྱེན་དུ་བླངས། །བྱུག་དང་སྤྲུག་པས་དཀར་པོ་དགྲམ། །རྡུང་དང་སྤྲུག་པས་དམར་པོ་དགྲམ། །མགོ་བོའི་འཁྲུལ་འཁོར་རྣམ་བཞི་ལ། །མགོ་བོ་བསྲུབ་དང་མིག་གཉིས་བསྐོར། །གཡས་གཡོན་སྐོར་དང་མགོ་ལྕོགས་སོ། །རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །བཅུ་དང་སྡེར་འཛིངས་སྟོད་སྨད་དོ། །ལག་པའི་འཁྲུལ་འཁོར་


PS010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་ལ། །དཔུང་པ་ཕྱི་དང་ནང་དུ་བསྐོར། །ཁུ་ཚུར་དང་ནི་སོར་མོར་བཅས། །བརྐྱང་བསྐུམ་བྱས་ལ་སོར་རྩེ་ལྟ། །ཕོ་བའི་འཁྲུལ་འཁོར་རྣམ་གསུམ་ལ། །ཉེད་དང་སྣུན་དང་སྐོར་བའོ། །རྐང་པའི་འཁྲུལ་འཁོར་གཉིས་པོ་ལ། །ལངས་དང་འདུག་ལ་རེ་མོས་སྤྲུག །དེ་ལྟར་གེགས་སྐྱོན་ཀུན་སེལ་ཞིང་། །དངོས་གྲུབ་སྟེར་བྱེད་འཆི་མེད་ཀྱི། །འཁྲུལ་འཁོར་ལེགས་པར་བསྟན་པའོ། །ཨྀིྠ།

ལུས་འཆི་མེད་ཀྱི་དབང་གི་རྒྱ་གཞུང་།


PS010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཆི་མེད་ཀྱི་དབང་གི་རྒྱ་གཞུང་ཡིན།། །།


PS010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷི་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། འཆི་མེད་གྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་ཕྱག་འཚལ་རྣལ་འབྱོར་མ་ཚོགས་ལའོ། །གང་ཞིག་སྨིན་བྱེད་དབང་བཞི་ཆུ་བོའི་རྒྱུན། །མགོན་པོ་བིར་བས་ཇི་ལྟར་གསུངས་བཞིན་དུ། །དབུ་མ་ཟླ་བས་ཡང་དག་འདིར་བརྗོད་བྱ། །དེ་ལ་ཐོག་མར་འཆི་མེད་གྲུབ་པའི་དབང་བསྐུར་བར་འདོད་པས། དབེན་པའི་གནས་སུ་མཎྜལ་ལ། དྲི་


PS010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་དང་བདུད་རྩི་ལྔས་བྱུགས་ཏེ། དེར་པདྨ་འདབ་བཞི་སྔོ་ལྗང་དམར་སེར་ལ་མེ་ཏོག་ཚོམ་བུ་དགོད་དོ། །དེ་ལ་མཆོད་པ་དང་གཏོར་ཚོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་ལྷའི་བསྐྱེད་བཞུགས་དང་། བཟླས་པ། བདག་འཇུག་སྔོན་དུ་སོང་པས། སློབ་མ་ལ་སྐྱབས་འགྲོ་སེམས་བསྐྱེད། གསོལ་བ་གདབ་པ། གནང་བ་སྦྱིན་པ་ལ་སོགས་པ་དང་། རྫ་ཀིའི་བསྲུང་འཁོར་གྱི་སྔོན་འགྲོ་བསྟན་ནོ། །བདག་ཉིད་ཧེ་རུ་ཀར་བྱས་


PS010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཆོད་གཞི་སྔོན་སོང་དབྱེར་མེད་གཙོ་བོ་ཡི། །བདེ་ཆེན་མཛོད་སྤུ་མགྲིན་ཐུགས་སྤྲུལ་འཁོར་ནས། །དཀར་དམར་མཐིང་ཀ་སྣ་ཚོགས་རྒྱན་གྱིས་སྤྲས། །གར་བསྒྱུར་དཔག་མེད་སློབ་མའི་གནས་བཞིར་བསྟིམ། །བུམ་སོགས་དབང་བཞིས་ལུས་སོགས་སྒྲིབ་དག་ནས། །སྐད་ཅིག་བཞི་དང་དགའ་བཞིའི་ཡེ་ཤེས་དང་། །བསྐལ་པ་བཞི་ལྡན་སྐུ་བཞི་ཡོངས་རྫོགས་པའི། །ཡང་ན་མི་འགྱུར་གནས་སུ་བསྟིམ་པ་ཡི། །འཁོར་ལོ་བཞི་རྒྱས་དབང་བཞི་ཡོངས་རྫོགས་གྱུར། །དེ་ནས་གསེར་དངུལ་རྟ་དང་གླང་པོ་དབུལ། །ཚོགས་དང་གཏོར་ཚོགས་བཀྲ་ཤིས་བསྔོ་བ་བྱ། །ཉི་ཤུ་རྩ་བཞི་འཁོར་བཅས་རྗེས་གནང་ཐོབ། །དེ་ཕྱིར་སྤྲོས་པས་དབང་ཆོག་འདི་བཀོད་དོ། །པཎྜི་ཏ་ཆེན་པོ་ཨེ་ཏེ་བའི་ཞལ་ནས། །བོད་ཀྱི་དམར་ལོ་ཙཱ་བས་ཏེལ་ཏོར་བསྒྱུར་བའོ། །དགེའོ། །༅། ནཻ་གུའི་བླ་བརྒྱུད་


PS010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྐོང་། རྡོ་འཆང་ནཻ་གུ་ཁྱུང་པོ་རྨོག་ལྕོག་པ། །སྐྱེར་སྒང་གཉན་སྟོན་སངས་སྟོན་ཤངས་སྟོན་པ། །ཚུལ་མགོན་རས་ཆེན་ཤངས་ཀར་ཀུ་ལུང་པ། །ནམ་རྒྱལ་རྒྱ་སྒོམ་རྗེ་ལ་གསོལ་བ་འདེབས། །གཏུམ་མོའི་རྒྱས་བདེ་དྲོད་སྒྱུ་མའི་ཁྱུང་པོ་རང་ཉམས་དང་། །རྨི་ལམ་ལེགས་ཟིན་རྩོལ་མེད་འོད་གསལ་འཆར། །འཕོ་མེད་ལེགས་རྟོགས་པར་དོ་དང་པོ་ལ། །རང་སེམས་ལོངས་སྐུར་འཆར་བར་བྱིན་གྱིས་བརློབས། །༈ཕྱག་ཆེན་གའུ་མའི། བརྒྱུད་འདེབས་དེ་ཉིད་ལ། སྔོན་འགྲོ་རང་བབ་རྣམ་གསུམ་གནད་ལ་དབབ། །དངོས་གཞི་སྐྱོན་བཞི་རང་གྲོལ་ཉམས་ལེན་གྱིས། །མཐར་ཐུག་སྐུ་བཞི་རང་ཤར་ལྷུན་གྱིས་གྲུབ་ཕྱག་ཆེན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །༈ལམ་ཁྱེར་རྣམ་གསུམ་གྱི། བརྒྱུད་འདེབས་འདི་ཉིད་


PS010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྤྱོད་ལམ་ཀུན་ཏུ་སྣང་བ་སྣ་ཚོགས་ཀུན། །བླ་མ་ཡི་དམ་སྒྱུ་མ་ལམ་ཁྱེར་ནས། །སེམས་ཉིད་འོད་གསལ་འཛིན་མེད་གནད་ཀྱིས་ནི། །མཚན་རྟོགས་རང་སར་གྲོལ་བར་བྱིན་གྱིས༴ ༈འཆི་མེད་ཀྱི། བརྒྱུད་འདེབས་དེ་ཉིད་ལ། བློས་བྱས་རྩོལ་བའི་དྲི་མ་ཀུན་སྤངས་ཤིང་། །ཐ་མལ་ཞེན་པའི་འཛིན་པ་རང་དག་ནས། །སྣང་ལ་རང་བཞིན་མེད་པ་ལྷ་ཡི་སྐུ། །རང་སེམས་འཆི་མེད་རྟོགས་པར་བྱིན་གྱིས་རློབས། །༈སུ་ཁ་མའི་ཆོས་དྲུག་གི། རྡོ་འཆང་བདག་མེད་བི་རུ་སུ་ཁ་སི། །ཁྱུང་པོ་རྨོག་ལྕོག་སྐྱེར་སྒང་གཉན་སྟོན་པ། །སངས་སྟོན་ཤངས་སྟོན་རིག་རྡོར་ཚུལ་ཁྲིམས་མགོན། །ཆོས་དཔལ་དྷི་ཚུལ་རྒྱལ་ཞྭ་ལུ་མཁྱེན་རབ་རྗེ། །གཞོན་ནུ་ཆོས་གྲུབ་རྒྱས་རྣམས་ལ་གསོལ་པའི་རྗེ་ཁུས་སྟོན་བ་འདེབས། །གཏུམ་བཟང་པོ། མོས་གཞི་བཟུང་སྒྱུ་ལུས་


PS010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འབྱོངས་ཤིང་། །རྨི་ལམ་དབང་འབྱོར་འོད་གསལ་མངོན་གྱུར་ནས། །འཕོ་བ་བར་དོ་ཆོས་དྲུག་ཉམས་ལེན་གྱིས། །མཐར་ཐུག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །༈ལྟེ་བ་སྤྲུལ་པའི། རྡོར་འཆང་བདག་མེད་སུ་ཁ་ཨརྱ་དེ། །ཁྱུང་པོ་རྨོག་ལྕོག་སྐྱེར་སྒང་གཉན་སྟོན་པ། །སངས་སྟོན་ཤངས་སྟོན་ཚུལ་མགོན་རས་ཆེན་པ། །ཤངས་དཀར་སངས་དཔལ་ནམ་མཁའ་རྒྱལ་མཚན་དང་། །རྒྱ་སྒོམ་སྦས་པའི་རྒྱས་བླ་མར་གསོལ་ཁྱུང་པོ་བ་རི་ཁྲོད་འདེབས། །ལྟེ་བ་རྒྱས་སྤྲུལ་འཁོར་རང་ལུས་རྟེན་གྱི་ཞིང་། །རྩ་རླུང་ཐིག་ལེའི་ཉམས་ལེན་སོས་ཆར་གྱིས། །ཟག་མེད་བདེ་ཆེན་འབྲས་བུ་ཡོངས་སྨིན་ནས། །དངོས་གྲུབ་རྣམ་གསུམ་འགྲུབ་པར་བྱིན་གྱིས་རློབས། །༈སྨར་ཁྲིད་སྐྱེར་སྒང་ལུགས་ཀྱི། སྤྱན་གཟིགས་ར་ཧུ་


PS010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དང་ཨ་ཏི་ཤ། ནགས་ཚོ་རོང་པ་ཤེས་རྒྱལ་ལྕེ་སྒོམ་པ། །སྐྱེར་སྒང་གཉན་སྟོན་སངས་སྟོན་ཤངས་སྟོན་པ། །ཚུལ་མགོན་རས་ཆེན་ཤངས་དཀར་སངས་རྒྱས་དཔལ། །ནམ་རྒྱལ་རྒྱ་སྒོམ་ཆེན་པོར་གསོལ་བ་འདེབས། །སྐྱབས་འགྲོ་སེམས་ཁྱུང་པོ་བྱ་བྲལ་བསྐྱེད་ཟུང་སྦྱོར་བ་རིན་ཆེན་རྒྱལ་མཚན་སྔོན་མཁའ་འགྲོ་དང་། །བསྐྱེད་རྫོགས་ཟུང་སྦྱོར་དངོས་གཞི་ཉམས་ལེན་སྲོག །རྗེས་སྤྱོད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱིས་རློབས། །སརྦ་མངྒ་ལཾ། །ཤུ་བྷཾ།། །།༅། རང་སེམས་འཆི་མེད་རང་གྲོལ་གྱི་དབང་ཆོག་བཞུགས། བླ་མ་དམ་པའི་ཞབས་བཏུད་ནས། །འཆི་མེད་རང་གྲོལ་དབང་བསྐུར་བཤད། །འདི་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། རྗེས་ཆོས་སོ། །དངོས་གཞི་མཎྜལ་བདག་བསྐྱེད་མདུན་


PS010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ་སོགས་པའི་སྔོན་འགྲོ་རྣམས་གོང་བཞིན་བྱའོ། །གཉིས་པ་ནི། བདེ་མཆོག་གི་སྨིན་མཚམས་སུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཧཱུཾ་སྣ་ཚོགས་ཀྱི་མདོག་ཅན་ནོ། །དེ་ནས་གོང་བཞིན་མཆོད་དེ། །བུམ་དབང་གིས་གསོལ་བ་གདབ་པས། །ལྷན་སྐྱེས་ཀྱི་ཨོཾ་ལས་བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་སྟབས་སུ་ལིང་ལིང་བྱུང་ནས། སློབ་མའི་སྤྱི་བོ་བདེ་ཆེན་ཁེངས་ནས། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས། བུམ་དབང་དང་སྤྲུལ་སྐུ་ཐོབ་པར་བསམ། ཨཱ་ལས་བདེ་མཆོག་དམར་པོ་མགྲིན་པར་བསྟིམ་པ་ནི་གསང་དབང་ངོ་། །ཧཱུཾ་ལས་བདེ་མཆོག་མཐིང་ཁ་སྙིང་གར་བསྟིམ་པ་ནི་གསུམ་པའོ། །ཧཱུཾ་སྣ་ཚོགས་མདོག་ཅན་ལས་བདེ་མཆོག་སྣ་ཚོགས་


PS010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་བྱུང་ནས་ལྟེ་བར་ཐིམ་པ་ནི་བཞི་པའོ། །དེ་ནས་སྤྱི་བོའི་ལྷ་ཚོགས་མགྲིན་པར་ཐིམ། །མགྲིན་པ་ནས་སྙིང་གར། །སྙིང་ཁའི་ལྟེ་བར་ཐིམ་པས། འོད་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པ་ནི་བཞི་པའོ། །དག་བྱ་དང་། ཐོབ་བྱ་ལ་སོགས་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། །གསུམ་པ་རྗེས་ནི་གོང་བཞིན་ནོ། །ཁྱད་འཕགས་རང་སེམས་འཆི་མེད་རང་གྲོལ་གྱི་དབང་བཞི་རྫོགས་སོ། །མངྒ་ལཾ། །

འཆི་མེད་གྲུབ་པའི་འགྲེལ་པ།


PS010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པའི་འགྲེལ་པ་བཞུགས་སོ།། །།


PS010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་སིདྡྷ་བྲྀ་ཏི་ནཱ་མ། བོད་སྐད་དུ། འཆི་མེད་གྲུབ་པའི་འགྲེལ་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ལྟེ་བའི་དཀྱིལ་འཁོར་པདྨ་དྲི་མ་མེད་པའི་སྟེང་ན་ཟླ་བ་རྣམ་པར་གནས། །ཁམས་གསུམ་རྣམས་ནི་དེ་ལས་སྐྱེས་ཤིང་ཆོས་ཀྱི་ལམ་ནི་རྣམ་པར་ཤར། །དེ་ཡི་དཀྱིལ་དུ་ལམ་ནི་གསུམ་པ་རྗེས་སུ་རྣམ་པར་འཛིན། །དེས་ནི་བདེ་ཆེན་འཁོར་ལོའི་བར་དུ་


PS010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཅིང་དག་པ་ལ་ཕྱག་འཚལ། །དམ་པ་རྣམས་ཀྱི་ཡེ་ཤེས་གསོད་ཕྱིར་འཆི་མེད་བསྒྲུབ་པ་བཤད་པར་བྱ། །དད་དང་ལྡན་ཞིང་ཞི་བ་དང་། །དེ་ཡི་འདོད་པ་བཀང་ཕྱིར་གསུངས། །བདག་གིས་རྣམ་པར་བཤད་པ་འདི། །ཡེ་ཤེས་ཅན་ཀུན་རྣམ་པར་བསྟོད། །ཡེ་ཤེས་རྣམ་པར་སྐྱེས་ནས་ནི། །ཆགས་བྲལ་རྣམས་ཀྱིས་དགང་བར་གྱིས། །ངས་ནི་རྣམ་པར་བཤད་པ་


PS010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །མི་ཤེས་རྣམས་ནི་སུན་འབྱིན་བྱེད། །འོ་མ་དག་ནི་བསྲུབས་པ་ལས། །སྙིང་པོ་མར་ནི་རྣམ་པར་འབྱུང་། །ལོག་པའི་ལམ་ནི་རྨོངས་པ་རྣམས། །ཐམས་ཅད་འདི་ལས་རྣམ་པར་རྨོངས། །བསྟན་ཆོས་མ་ལུས་ཀུན་ཤེས་ཀྱང་། །འཁྲུལ་པས་ས་སྟེངས་མ་ལུས་ཁྱབ། །དེ་ནི་ཡེ་ཤེས་ལམ་རྙེད་པས། །ཟིལ་པ་ལ་ནི་ཉི་ཤར་བཞིན། །བླ་མ་ཡི་ནི་ཞལ་དག་ལ། །མཆོག་གི་དམ་པ་འདི་རྙེད་དོ། །རྒྱུད་རྣམས་ཀུན་གྱི་གསང་བའི་དོན། །དེ་ནི་རིམས་ཀྱིས་བཤད་པར་བྱ། །ལུས་ཀྱི་ནང་གི་སྙིང་པོ་རྣམས། །ངེས་པ་རྣམ་པ་དུ་མ་བཤད། །དེ་དང་དེ་ནི་རྣམ་གསལ་བྱ། །ཇི་ལྟར་གནས་ལུགས་བཞིན་དུ་བསྟན། །ལུས་ལ་དབུ་མ་དག་དང་ནི། །ཟླ་བ་ཉི་མ་མེ་རྣམས་དང་། །རླུང་དང་ཐིག་ལེ་དེ་ཉིད་དང་། །སེམས་ཀྱི་རང་བཞིན་གང་ཡིན་པ། །


PS010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱིས་ནི་བཤད་པར་བྱ། །གདམས་པ་ཆེ་དང་ཕྱག་རྒྱ་ཆེ། །དབྱེ་དང་གོམས་པས་གྲུབ་པའོ། །རྣམ་གནས་པ་ཡི་འཆི་བ་མེད། །གཉིས་སུ་མེད་པ་བསམ་གཏན་དག །གྲུབ་པ་ཆེན་པོར་རྣམ་པར་ཤར། །འབྱུང་བ་ཆེ་རྣམས་ཡོངས་སུ་འགགས། །ཕྱག་རྒྱ་ཆེན་པོ་མ་ནོར་རྙེད། །གནས་པ་ཆེན་པོ་རྒྱུ་དུས་སུ། །རྣམ་པ་དུ་མ་བཤད་པ་ལས། །འགའ་ཞིག་གིས་ནི་ཤེས་པར་འགྱུར། །ལུས་ཀྱི་དེ་ཉིད་བསྡུས་ནས་ནི། །བདག་ཉིད་ཀྱིས་ནི་བཤད་པར་བྱ། །ལུས་ལ་ལྷུན་པོ་རྣམ་པར་གནས། །གླིང་རྣམས་དང་ནི་ཀུན་དང་ལྡན། །འཇིག་རྟེན་གསུམ་ཡང་དེ་ན་གནས། །ས་ནི་བཅུ་བཞིར་ཡང་དག་ལྡན། །རྒྱ་མཚོ་ཡང་ནི་ལུས་ལ་གནས། །ཞིང་དང་ཞིང་སྐྱོང་དང་ཡང་ལྡན། །བསོད་ནམས་ཡང་དག་རྟེན་ཡང་ཡོད། །


PS010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ལྟུང་ཡང་ཡང་དག་ལྡན། །གཟའ་དང་རྒྱུ་སྐར་དག་དང་ནི། །དྲང་སྲོང་ཐུབ་པ་རྣམས་ཀྱང་གནས། །སྐྱེ་དང་མི་རྟག་རྒྱུ་གནས་ཤིང་། །ཉི་མ་ཟླ་བ་རྣམ་པར་རྒྱུ། །རླུང་དང་ནམ་མཁའ་མེ་དང་ནི། །ས་དང་ཆུ་ཡང་རྣམ་པར་གནས། །སྡིག་པ་སྤངས་པའི་བིཥྞུ་དང་། །ཚངས་དང་དབང་ཕྱུག་ཆེན་པོ་གནས། །ཁམས་གསུམ་ཀུན་ཀྱང་ངེས་པར་ནི། །ཐམས་ཅད་ལུས་ལ་རྣམ་པར་གནས། །ལུས་ཀྱི་དེ་ཉིད་ཤེས་པ་ཡི། །དེ་ཉིད་ཐམས་ཅད་ལུས་ལ་གནས། །བསོད་ནམས་ཆེན་པོའི་བསྒོས་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །བླ་མའི་ཞབས་ལ་གུས་བཏུད་ནས། །ལུས་འདི་དེ་ནི་གཤེགས་རིགས་འགྱུར། །གང་གིས་འཁོར་བའི་སྐྱོན་


PS010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི། །ངེས་པར་ཟད་པར་འགྱུར་བ་ཡིན། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ལུས་ཀྱི་དགེ་བའོ། །ལྷུན་པོ་རྣམ་པར་འཁྱམས་པ་ཡིས། །འགྲོ་བ་ཀུན་ལ་ཁྱབ་པ་ཡིན། །དབུ་མ་དཔེ་མེད་ལ་ཞུགས་ནས། །ལྷུན་པོ་རྣམ་པར་ཕྱུག་ནས་ཀྱང་། །བསོད་ནམས་སྒོ་ནི་གཉིས་སུ་གནས། །འོག་གི་སྒོ་རུ་ཞུགས་པ་ཡི། །སྐྱེ་དང་མི་རྟག་རང་བཞིན་ནོ། །བསོད་ནམས་ཡེ་ཤེས་ལྡན་པ་ཡི། །བརྩོན་འགྲུས་སྟོབས་དང་རབ་ལྡན་པས། །ཉམས་པའི་ལམ་ནས་ཞུགས་ནས་ནི། །རྣལ་འབྱོར་ལམ་དུ་འགྲོ་བར་འགྱུར། །འདི་ནི་ལྷ་མོ་རིག་མ་ཆེ། །ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ། །འགྲོ་བ་ཀུན་གྱིས་མ་ཡིན་ནོ། །འཆི་བ་ངེས་པར་ཟད་པར་བྱེད། །དེ་ནི་སྐྱེ་བའི་གནས་ན་གནས། །ལྷ་མོ་ཀུན་ལ་སྟོབས་མོ་ཆེ། །


PS010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཐམས་ཅད་འཇོམས་པའི་མགོན། །འགྲོ་བའི་ལམ་དུ་རྣམ་པར་གནས། །ཁ་གཅིག་ཨ་ཝ་དྷཱུ་ཏཱི་ཟེར། །དེ་བཞིན་ལམ་པོ་ཆེ་ཡང་ཟེར། །ཁ་གཅིག་འཛིན་པ་ཞེས་ཀྱང་ཟེར། །སུ་སོ་ཕྲ་ན་ཕྲ་གཟུགས་ཟེར། །ཁ་གཅིག་དུར་ཁྲོད་ཞེས་ཀྱང་ཟེར། །དབྱངས་ཅན་ཞེས་ཀྱང་རྣམ་པར་འདོགས། །སྣ་ཚོགས་དུ་མའི་དབྱེ་བ་ཡིས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་བཏགས། །འདི་ཡི་མིང་ལ་བརྟེན་ནས་སུ། །ལུས་ནི་བརྟན་པར་འགྱུར་བ་ཡིན། །གཡས་གཡོན་གཉིས་ཀྱི་དབུས་སུ་ནི། །བདེ་ཆེན་གཅིག་པུ་འབར་བར་འགྱུར། །གསུམ་པོ་གཅིག་ཏུ་གྱུར་པ་ཡིས། །སྐྱེས་བུ་དེ་ནི་མཆོག་ཏུ་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་རྩ་དབུ་མའི་དབྱེ་བའོ། །ལྷུན་པོའི་སྟེང་ན་ཟླ་བ་གནས། །བརྒྱད་གཉིས་དུས་གཉིས་དག་དང་ལྡན། །ཉིན་


PS010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་ནི་མཚན་དག་ཏུ། །དག་པའི་ཆར་པ་འོག་ཏུ་འབབ། །དེ་ནས་བདུད་རྩི་གཉིས་སུ་འགྱུར། །དེ་ཉིད་རིམ་པ་མི་ཞེས་བྱ། །གཡོན་གྱི་ལམ་དུ་འབབ་པ་དང་། །མེ་ཡིས་མི་བསྐྱོད་རྣམ་པར་བཞུ། །ཕྲ་བའི་ལམ་དུ་སོང་ནས་ནི། །ལུས་རྣམས་ཀུན་ལ་ཁྱབ་པ་ཡིན། །དེས་ན་ཟླ་བའི་རང་བཞིན་ནོ། །གཡོན་གྱི་ལམ་དུ་རྣམ་པར་གནས། །དབང་པོ་གཉིས་སྦྱོར་དུས་སུ་ནི། །ཟླ་བའི་དཀྱིལ་འཁོར་རྣམ་པར་འཇུག །དབུ་མའི་ལམ་ནས་ཞུགས་ནས་ནི། །སྐྱེ་བའི་སྒོ་རུ་འགྲོ་བར་འགྱུར། །འཆི་མེད་གྲུབ་པ་ཞེས་བྱ་བ་ལས་ཟླ་བའི་དབྱེ་བའོ། །དབུ་མའི་རྩ་བར་རབ་ཏུ་གནས། །དེ་ནི་ཉི་མའི་དཀྱིལ་འཁོར་རོ། །དུས་ནི་བཅུ་གཉིས་ཡང་དག་རྫོགས། །མར་མེ་གསལ་བའི་འོད་ལྟ་བུ། །གཡོན་ཕྱོགས་སྟེང་


PS010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དྲག་ཏུ་འཕྱུར། །རྣོན་པའི་རང་བཞིན་ཀུན་གྱི་བདག །ལུས་རྣམས་ཀུན་ལ་མ་ལུས་ཁྱབ། །རྩ་ཡི་ལམ་ཞུགས་ནམ་མཁར་འགྲོ། །རླུང་གི་དཀྱིལ་འཁོར་འཁོར་བ་ཡིན། །ཁམས་བདུན་བསྲེག་པར་བྱེད་པ་དང་། །ལུས་ཀུན་བསྲེག་པར་བྱེད་པའོ། །དེ་ནི་ཉི་མའི་རང་བཞིན་ནོ། །གང་གི་སྦྱོར་བའི་དུས་སུ་རྒྱུ། །སྐྱེ་འགག་གཉིས་ཀྱི་རྒྱུ་ཡིན་ནོ། །གཡས་སུ་འགྲོ་བ་སྤངས་ནས་ནི། །ཉི་མ་ལྷུན་པོ་ལ་གནས་པས། །སེམས་ནི་རྣམ་པར་དབྱེ་བའོ། །ལུས་ནི་བསམ་དོན་སུས་ཡིན་ནོ། །རྣམ་སྤངས་ལུས་ནི་ནང་དུ་ཤེས། །རང་གིས་གོམས་པར་བྱ་བ་ཡིན། །དབུ་མའི་ལུས་སུ་སྦྱོར་བ་ཆེ། །རྣལ་འབྱོར་བདེ་ཆེན་བྱ་བ་ཡིན། །དེ་ཡི་སྐད་ཅིག་སྐད་ཅིག་ལ། །སྐྱེ་དང་འགག་པའི་དུས་ཀུན་ཏུ། །ཉི་མའི་རང་བཞིན་འབྱུང་བ་


PS010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཉི་ཟླ་གཅིག་ཏུ་བསྡམ་པར་བྱ། །སྦྱོར་བ་གཅིག་ཏུ་འགྱུར་བ་ཡི། །ཕྱི་རོལ་སྐྱེ་བར་ཤེས་པར་བྱ། །སྦྱོར་བ་ནང་དུ་འབྱུང་བ་ཡིན། །འཛིན་པ་དབེན་པར་ཤེས་པར་བྱ། །ཕྱི་རོལ་ནང་དུ་མཉམ་པར་བསྡུ། །ཕྱི་རོལ་སྐྱེ་བ་བསོད་ནམས་སོ། །ནང་དུ་རྣམ་པར་གྲོལ་བར་བཤད། །ཟླ་བ་ཉི་མས་ཡོངས་བཟུང་སྟེ། །གཅིག་ཉིད་དུ་ནི་གྱུར་པའི་དུས། །གཞན་དུ་གཞན་དུ་སྦྱར་བའོ། །དེ་ནི་སྦྱོར་བ་ཡང་དག་བཤད། །ཉི་མ་མེ་དང་ར་ཧུ་དང་། །དེ་རྣམས་སྟེང་དུ་འགྲོ་བའི་ཚེ། །བདུད་རྩི་ཟླ་བ་འོག་ཏུ་འབབ། །དེ་ནི་རྣམ་པར་ཉམས་པར་འགྱུར། །དེ་རྣམས་མ་ལུས་ཐམས་ཅད་ཀྱང་། །སྟེང་དུ་རྣམ་པར་འགྲོ་འགྱུར་ཞིང་། །ཉི་ཟླ་དག་ནི་མཉམ་པ་དང་། །འདི་ནི་གྲོལ་བ་ཞེས་བཤད་དོ། །འཆི་


PS010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒྲུབ་པ་ལས་ཉི་མའི་དབྱེ་བའོ། །དུས་ནི་བཅུ་གཉིས་ཡང་དག་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཉིན་དང་མཚན་དུ་དེ་ན་གནས། །རིན་ཆེན་མེ་ནི་སྨིན་པར་བྱེད། །མེ་དེ་གང་ཡིན་ཉི་མ་ཡིན། །ཉི་མ་གང་ཡིན་མེ་ཡང་ཡིན། །གཅིག་ཏུ་རྣམ་པར་བསྡུ་བར་བྱ། །ཕྲ་བའི་དབྱེ་བས་ཕྱེ་བའོ། །ཇི་སྲིད་ཉི་མའི་དུས་སུ་ནི། །མེ་ནི་རྣམ་པར་གནས་བར་དུ། །དེ་སྲིད་ཐིག་ལེ་རྣམ་པར་འཕེལ། །ཐིག་ལེ་མཉམ་མེད་བུག་པ་མེད། །མེ་ཡི་འཇིག་རྟེན་སྟོབས་བསྐྱེད་དེ། །དེ་ཡི་ཚེ་ཡང་འཕེལ་བར་བྱེད། །མེ་ནི་ནད་མེད་རང་བཞིན་ནོ། །དེ་ནི་བརྟན་པར་བྱེད་པ་ཡིན། །འཆི་མེད་གྲུབ་པ་ལས་མེའི་དབྱེ་བའོ། །འགྲོ་བ་ཐམས་ཅད་རླུང་ལས་འབྱུང་། །ཡེ་ཤེས་རླུང་ཡང་དེ་བཞིན་ནོ། །དེ་ཉིད་ཀུན་གྱི་སྙིང་པོར་འགྱུར།


PS010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རླུང་ལ་ཕྱག་འཚལ་ལོ། །གང་དག་དེ་ཡི་བཀའ་དྲིན་གྱིས། །འགྲོ་བ་རྣམས་ནི་རྣམ་པར་སྐྱོང་། །ས་ལ་སོགས་པ་བཞི་པོ་ནི། །སོ་སོ་རུ་ནི་བཟུང་པའོ། །འཇིག་རྟེན་ཀུན་དང་རྒྱ་མཚོ་དང་། །ས་རྣམས་ཀུན་ནི་མ་ལུས་དང་། །དེ་རྣམས་ཀུན་ནི་རབ་ཏུ་གནས། །ཐམས་ཅད་ལ་ནི་ཁྱབ་པའོ། །འཁོར་ལོའི་དབུས་སུ་རྣམ་པར་འཁྱམས། །གཟའ་ལ་སོགས་པ་ཐུབ་པ་བདུན། །ཁམས་གསུམ་པོ་ནི་དེ་ཡི་བཟུང་། །རླུང་ནི་ཆེན་པོ་གཅིག་ཏུ་སྟེ། །ཕྱི་རོལ་དཀྱིལ་འཁོར་ལ་སོགས་ནི། །རླུང་གི་དཀྱིལ་འཁོར་ཆེ་བ་སྟེ། །དེ་བཞིན་ལུས་ཀྱི་ནང་དུ་ཡང་། །རླུང་ནི་གཅིག་པུ་མངའ་བདག་ཡིན། །སྣ་ཚོགས་གནས་སུ་རླུང་རྣམས་འགྲོ། །སྣ་ཚོགས་དོན་གྱིས་གྲུབ་པར་བྱེད། །ལུས་ཀྱི་དེ་ཉིད་ཅི་


PS010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། །རླུང་ནི་གཅིག་པུར་བཤད་པར་བྱ། །སྙིང་དུ་སྲོག་འཛིན་གནས་པའོ། །གསང་བའི་གནས་སུ་ཉི་རླུང་གནས། །མེ་ནི་ལྟེ་བར་གནས་པ་ཡིན། །སྟེང་རླུང་མགྲིན་པར་གནས་པའོ། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །འཆི་མེད་གྲུབ་པ་ལས་རླུང་གི་དབྱེ་བའོ། །འཆི་མེད་གྲུབ་པ་ཞེས་བྱ་བའི་འགྲེལ་པ་རྫོགས་སོ། །དཔལ་ལྡན་བླ་མ་ལ་གུས་ཤིང་། །དབང་རྣམས་ཀུན་གྱིས་རུང་བར་བྱས། །དམ་ཚིག་མཆོག་དང་མཉམ་སྦྱོར་བའི། །ལྷ་ལ་བྱིན་པས་ཉེས་པ་མེད། །རྒྱ་གར་ལྷོ་ཕྱོགས་ཀཱ་མ་རུའི་གྲོང་ཁྱེར་དུ་གྱད་ཀྱི་རིགས་སུ་སྐུ་འཁྲུངས་པའི། །རྣལ་འབྱོར་ཆེན་པོ་དུར་ཁྲོད་པ། ཀཱ་མ་རཱུ་པ། ཨེ་ཏེ་པ། རྒྱ་འགྲེས་པ་ཞེས་ཀྱང་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་རྨ་ལོ་ཙཱ་བས་ཏེ་ཏོའི་དུར་


PS010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དུ་བསྒྱུར་བའོ། །རྡོ་རྗེ་འཆང་། དབུ་བཅད་མ། བིར་ཝ་པ། བྲམ་ཟེ་ནག་པོ། དུར་ཁྲོད་ནག་པོ། ལ་སྟོད་མགོན་པོ། སངས་རྒྱས་གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན་པ། མཁས་བཙུན་པ། མདོར་བན་རིན་ཆེན་བཟང་པོས་བྲིས། མངྒ་ལཾ། ཤུ་བྷཾ། །༅། ལུས་འཆི་མེད་ཀྱི་དབང་ཆོག་བཞུགས་སོ། །ན་མོ་གུ་རུ། མཎྜལ་དཔེ་ཆུང་ལྟར་བྲིས་ལ། དགུག་གཞུག་དང་མཆོད་པ། སྐུ་གསུང་ཐུགས་རྒྱས་གདབ། དེ་ནས་འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་པ་བཤད་པ། སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་ལ། ཞེས་པའི་ཚིག་གི་སྐྱབས་འགྲོ་དང་། སྨོན་འཇུག་གི་ཆོ་ག་བྱ། བདག་འཇུག་གནང་བ་བྱིན་པ། སྡིག་བཤགས་སམ། རྗེས་སུ་


PS010_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་རྣམས་སྐབས་དང་སྦྱར་ལ་བྱའོ། །དངོས་གཞི་ནི། མཎྜལ་གྱི་ལྟེ་བ་ལ། འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། །སྤྱན་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་དང་གཉིས་སུ་མེད་པར་བསྒོམ། ཕྱོགས་བཞིར་ལྷ་མོ་བཞི་བསམ། དེ་ནས་རང་གི་ལུས་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། །སྐུའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་སྤྱི་བོའི་ཨོཾ་དཀར་པོ་ལས། བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་། གར་སྟབས་ལིང་ལིང་པ་བྱུང་ནས། རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས། མགྲིན་པ་ཡན་ཆོད་བདེ་མཆོག་དཀར་པོས་གང་། བུམ་པའི་


PS010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ། ལུས་ཀྱི་དྲི་མ་དག་པར་བསམ། བླ་མས་ཀྱང་དེ་བཞིན་དུ་བསམ་ཞིང་། གུ་གུལ་གྱི་དུད་པ་དང་། རོལ་མོའི་སྒྲ་དང་བཅས་པས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་བརློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་བརློབས་ཤིག །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརློབས་ཤིག །ཅེས་བརྗོད་ལ་སྐུའི་བྱིན་རླབས་དབབ། ཡང་། རང་གི་ལུས་དང་ལོངས་སྤྱོད་ཕུལ་ནས། གཉིས་པ་དང་གསུམ་པ་སྔར་བཞིན་བླང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། གསུང་དང་། ཐུགས་ཀྱི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། ཞེས་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་དང་། ཐུགས་ཀའི་ཧཱུཾ་མཐིང་ཀ་


PS010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བདེ་མཆོག་དམར་པོ་དང་། སྔོན་པོ་སྔར་ལྟར་བྱུང་། རང་གི་མགྲིན་པ་དང་། སྙིང་གར་ཨཱཿདང་ཧཱུཾ་ལ་ཐིམ་པས། སྙིང་ཁ་དང་ལྟེ་བ་ཡན་ཆད་བདེ་མཆོག་དམར་པོ་དང་། སྔོན་པོས་གང་། ངག་དང་། ཡིད་ཀྱི་དྲི་མ་དག །བླ་མས་ཀྱང་སྔར་བཞིན། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ། བཞི་པ་ནི་མཆོད་པ་ཕུལ་ནས། བདག་ལ་བཞི་པའི་དབང་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག་ཏུ་གསོལ། །ཞེས་པས། སྤྱི་བོའི་བདེ་མཆོག་དཀར་པོ་མགྲིན་པའི་དམར་པོ་ལ་ཐིམ། དམར་པོ་སྙིང་གའི་མཐིང་ག་ལ་ཐིམ། མཐིང་ག་ལྟེ་བར་བྱུང་། འོད་དུ་ཡལ་སོང་པ་ལ། སྟོང་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་བཞི་པའོ། །ཡང་གཉིས་པ་ནི། བླ་མའི་གནས་གསུམ་


PS010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡིག་འབྲུ་མཐིང་ཀ་ལས། བདེ་མཆོག་མཐིང་ཀ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ནས། གནས་གསུམ་དུ་ཐིམ་པས་བུམ་དབང་། གཉིས་པ་དང་། གསུམ་པའོ། །ལྟེ་བ་ནས་མཐིང་ཀ་དཔག་ཏུ་མེད་པ་ཆད་ནས། ལྟེ་བར་ཐིམ་པས། མཐར་འོད་དུ་ཡལ་བའི་ངང་ལ་བཞག་པ་ནི། བཞི་པའོ། །འདི་ཟབ་ལམ་ཡིན་གསུང་ངོ་། །གྲོང་པས་མ་གོས་མི་གོས་གཉིས། དབང་གིས་སྨིན་བྱས་དམ་ཚིག་ལྡན། །དཀའ་ཐུབ་དྲག་པོས་མཉེས་བྱས་ཏེ། །ཅེས་པ་ལ་སོགས་པ་བཤད་པ་ཞིབ་རྒྱས་གསུངས་སོ། །བརྒྱུད་པ་ནི། རྡོ་རྗེ་འཆང་། བིར་ཝ་པ། བྲམ་ཟེ་ནག་པོ། དུར་ཁྲོད་ནག་པོ། ལ་སྟོད་མགོན་པོ། གཉན་སྟོན་པ། སྤྲུལ་སྐུའི་བར་རོ། །མངྒ་ལཾ། །

ཐུགས་རྗེ་ཆེན་པོའི་ཐུན་མོང་མ་ཡིན་པའི་དབང་བཀའ།


PS010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཐུན་མོང་མ་ཡིན་པའི་དབང་བཀའ་བཞུགས་སོ།། །།


PS010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་བཏུད་ནས། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཐུན་མོངས་མ་ཡིན་དབང་བཀའ་ནི། །གཞན་ལ་ཕན་ཕྱིར་བཤད་པར་བྱ། །འཇིག་རྟེན་དབང་ཕྱུག་གི་བཀའ་འདི་ལ་གསུམ་སྟེ། སྦྱོར་དངོས་རྗེས་སོ། །དང་པོ་ནི། གནས་དབེན་པར་མཎྜལ་འདབ་བཞི་དམར་པོ་ལ། མེ་ཏོག་ཚོམ་བུ་བཀོད་ནས། ལྟེ་བར་ཐོད་པ་བདུད་རྩིས་བཀང་བ་བཞག་གོ ། དེ་ལ་མཆོད་པ་དང་གཏོར་ཚོགས་


PS010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ཆས་ཀྱི་བསྐོར་ལ། དེ་ནས་སློབ་དཔོན་བདག་འཇུག་སྔོན་དུ་སོང་ནས། མཎྜལ་གྱི་ལྟེ་བ་ལ་གཙོ་བོ་ཞལ་གཅིག་ཕྱག་བཞི་དམར་པོ། མདུན་གྱི་འདབ་མར་ཐོད་པ་ཝ་རུ་། གཡས་སུ་ནོར་བུ་འཛིན་པ། རྒྱབ་ཏུ་རྟ་མགྲིན། ཡང་རྟེན་རྙིང་པ་ལྟ་བུ་འདྲེ་ཅན་ལ་རབ་གནས་བྱེད་ན། བདག་དང་མེ་ཏོག་ཚོ་ཁྲོ་བོ་རུ་བསྐྱེད་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཁྲོ་བོ་རུ་བྱོན་ནས་


PS010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ལ་ཐིམ་པར་བསམ་ཞིང་བསྙེན་པ་བྱ། གཏོར་ཙ་ཡང་དེ་བཞིན་བྱེད་གསུང་། མེ་ཏོག་གི་ཞལ་གདམས་སངས་རྒྱས་རི་གོང་པའི་གསུང་། ཤངས་པའི་གཞེད་པ་ཡི་གེར་བཀོད་པའོ། །བླ་མའི་སྐུ་འབག་ལ་རབ་གནས་བྱེད་ན། སྔོན་འགྲོ་འདྲ་ཁྱད་མེད། དངོས་གཞི་ལ། སྐུ་དེ་བླ་མའི་ཐུགས་དམ་གང་ཡིན་དུ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་རྒྱས་གདབ། སྤྱན་དབྱེ་ལ་སོགས་པའི་གནད་ཁྱད་མེད། ལོངས་སྐུ་ཡིན་ན་སྐྲ་བཤད་པ་ལ་སོགས་པ་བྱས་ལ། སེམས་ཅན་གྱི་འདུལ་སྣང་ལ་བླ་མ་བྱོན་པར་བསམ། བླ་མ་སྔགས་པ་ཡིན་ན་དེས་ཆོག །བླ་མ་རབ་བྱུང་ཡིན་ན། སྔོན་དུ་ལོངས་སྐུའི་སྐྲ་བཤད་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ལ། རྗེས་ལ་སེམས་ཅན་གྱི་འདུལ་བ་སྣང་ལ་བླ་མ་བྱོན་པར་བསམས་ལ། དབུ་སྐྲ་


PS010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ། སྤུ་གྲི་གཏད་པ་ལ་སོགས་པ་བྱ། སྤྲུལ་སྐུའི་ཆོ་ག་དགོས་གསུང་། དེས་གཞན་རྣམས་འགྲེ། སྐུ་འབག་རབ་གནས་བླ་མའི་གསུང་བཞིན་བཀོད་པའོ། །ཨྀིྠཿ ༈ རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ། རང་ཉིད་སྒྲོལ་མ་ལྗང་སེར་གཅིག་ཏུ་བསམས་ལ། ན་མོ་བུདྷ་ཡའི་གསོལ་བ་འདེབས་ཀྱིན་གཏོར་རོ། །སྒྲོལ་མ་ལས་ཀྱི་ལྷ་ཡིན། །སྐུ་མདོག་ལྗང་སེར་གྱིས་རྒྱས་པའི་ལས་གྲུབ་པ་ཡིན་གསུང་། གཏོར་བའི་དུས་ཚོད་ནི་རི་རྩེ་ལ་ཉི་མ་ཤར་བ་ལ་བཤད་ཀྱང་། ལག་ལེན་དུ་ནམ་ཕྱེད་ཡོལ་བ་ལ་ལྷ་འདྲེ་མི་གསུམ་ཉལ་བའི་དུས་ཚོད། མིས་མ་ཚོར་བར་གཏོར་གསུང་ངོ་། རི་རྩེ་ལ་ཉི་མ་ཤར་བའི་དུས་སུ་ཡང་མི་དང་བསྟན་ནས་གཏོར་བ་ཡིན་གསུང་། །བླ་མ་ཤངས་པའི་རབ་གནས་ཞལ་


PS010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ཟབ་མོ་ཨྀིྠཿ །། ༈ རབ་གནས་ཀྱི་ཞལ་གདམས་ཡོད། །ན་མོ་གུ་རུ། རབ་ཏུ་གནས་པ་འདི་ལ་གཉིས་ཏེ། །རབ་གནས་མི་དགོས་པ་དང་། དགོས་པའོ། །དང་པོ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས། དགག་སྒྲུབ་ཀྱི་བློ་དང་བྲལ་བའོ། །དེ་ནི་རབ་ཀྱི་སྤྱོད་ཡུལ་ལོ། །རྟེན་སྤྲུལ་སྐུ་དངོས་སུ་ཤེས་པ་ལ་ཡང་མི་དགོས་ཏེ། འབྲིང་གི་སྤྱོད་ཡུལ་ལོ། གཉིས་པ་ནི། དགག་སྒྲུབ་ལ་གནས་པས། དབང་པོ་ཐ་མའི་སྤྱོད་ཡུལ་ལ་དགོས་སོ། །དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་ལྔ་སྟེ། རྟེན་གྱི་མཚན་ཉིད། སློབ་དཔོན་གྱི་མཚན་ཉིད། ཡོན་བདག་གི་མཚན་ཉིད། སྟ་གོན་བྱ་བ། བསྙེན་པ་བྱ་བའོ། །དེ་ལ་གསུམ་སྟེ། གུ་གུལ། ཉུངས་ཀར། ནས་འབྲས་སོ། །དང་པོ་ནི། རྗེས་སུ་ཡི་རང་དང་ལྡན་པས་སྤྱིར་


PS010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཁྱད་པར་དུ་ཁྲོ་བོ་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྟིམ་ནས་སྔགས་བཟླས་པར་བྱའོ། །གཉིས་པ་ནི། ཡི་རང་དང་ལྡན་པས། སྤྱིར་ཁྲོ་བོ་ཐམས་ཅད། ཁྱད་པར་དུ་ཡི་དམ་གྱི་བསྐྱེད་གཞུག་བྱས་ལ་བཟླས་པ་བྱའོ། །གསུམ་པ་ནི། ཡི་རང་དང་ལྡན་པས། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ཁྱད་པར་དུ་རྟེན་གང་ཡིན་དེ་དང་། ཡི་དམ་གྱི་ལྷ་བསྐྱེད་གཞུག་དང་བཟླས་པ་བྱའོ། །གཉིས་པ་དངོས་གཞི་ནི། གུ་གུལ་གྱི་དུད་པ། ནུས་མཐུ་ཅན་གྱིས་བགེགས་བསྐྲད། ཡུངས་ཀར་ཁྲོ་བོས་བགེགས་བཏུལ། སྒྲོལ་མ་ལྗང་སེར་གྱི་ང་རྒྱལ། འབྲས་བུ་སངས་རྒྱས་ཀྱི་རང་བཞིན་སྤྱི་བྱེ་བྲག་ཆར་ཞིང་དབབ་པར་བྱའོ། །གསུམ་པ་རྗེས་ལ་ལྔ་སྟེ། དང་པོ་ཆོས་སྐྱོང་ལ་གཏད་


PS010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྟན་པར་བྱ་བ་ནི། །གཏོར་མ་གཉིས་བཤམས་ལ། རང་དང་དེའི་ཆོས་སྐྱོང་དུ་བསྐྱེད། དབང་བསྐུར། བདུད་རྩིས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་པས་མནའ་དགགས་ལ་གཏད་པར་བྱའོ། །གཉིས་པ་རྟེན་མི་དགུལ་བར། རྟེན་དང་ཆོས་སྐྱོང་མཆོད་པས་བརྟན་པར་བྱ་བ་དང་། །གསུམ་པ་བཀྲ་ཤིས་ཀྱི་རྫས་དང་ཚིགས་བཅད་ཀྱིས་བརྟན་པར་བྱ་བ་དང་། བཞི་པ་རྟེན་འབྲེལ་གྱིས་བརྟན་པར་བྱ་བ་དང་། ལྔ་པ་ལུས་གནད་དང་ཏིང་ངེ་འཛིན་གྱིས་བརྟན་པར་བྱ་བའོ། །ཞལ་གདམས་ཨྀིྠཿའོད་ལེགས་ལེགས་དང་བརྟེན་བརྟེན་ཟེར་མ། ནུས་མཐུ་མ། སྐུ་གཟུགས་མ། སྐྱིལ་ཀྲུང་རྡོ་རྗེ་ལྟ་བུའི། འདི་ཡོད་ན་རབ་གནས་ལ་ཉེས་མེད་གསུང་ངོ་། །


PS010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེར་གསུམ་གྱི་བཀའ་བཞུགས། །


PS010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བླ་མ་དམ་པའི་དབང་བཞི་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་ལ་ཆང་དང་བདུད་རྩི་ལྔ་བྱུགས་ནས། དེ་ལ་པདྨ་འདབ་མ་བཞི་པ། ལྟེ་བ་སེར་པོ། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་དང་། གོང་རས་ལྗང་། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་མཚོན་ནོ། །དེ་ལ་མེ་ཏོག་གི་ཚོམ་བུ་ལྔ་འགོད། །མཆོད་གཏོར་དང་ཚོགས་


PS010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ་མོ། །དེ་ནས་བདག་བསྐྱེད་སྔོན་དུ་སོང་པས་པདྨའི་ལྟེ་བར་བླ་མ་དང་བདེ་མཆོག་ཐ་མི་དད་པ་གཡས་ཌཱ་མ་རུ། གཡོན་ཐོད་པ་བསྣམས་པ། ཤར་དུ་དགྱེས་མཛད། ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་བསྐྱེད་ལ། ཡེ་ཤེས་པ་གཞུག །གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་ཕྱི་ནང་གསང་གསུམ་གྱི་མཆོད་པ་དབུལ་ལོ། །དེ་ནས་བདག་འཇུག་ནི། སློབ་མ་ལ་ཇི་ལྟར་


PS010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ལྟར་རང་གིས་བླང་ངོ་། །དེ་ནས་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ། སྨོན་འཇུག་གཉིས་སུ་སེམས་བསྐྱེད་པ། དཀྱིལ་འཁོར་དུ་གཞུག་པར་གསོལ་བ་འདེབས་པ། གནང་བ་བྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། སྔགས་འབྱུང་བར་དཀའ་བ་རྣམས་བཤད་དོ། །གཉིས་པ་ནི། སྤྱི་བོར་མདུན་བསྐྱེད་བཞིན་དུ་བསྐྱེད་པའི་བླ་མའི་སྤྱི་བོ་ནས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་སློབ་མའི་ཅད་ཀྱི་བདུད་རྩི་བླ་མ་ལ་བསྟིམ་པས་ཟག་པ་མེད་པའི་བདེ་བ་རྒྱས་པར་བསམ་མོ། །ཐོད་པར་ལུས་བདུད་རྩིར་གྱུར་པ་དང་། གསེར་གྱི་མཎྜལ་ཕུལ་ལ། བུམ་པའི་དབང་བསྐུར་དུ་གསོལ། །སྐུའི་བྱིན་རླབས་དབབ་ཏུ་གསོལ། །ཞེས་བརྗོད་པ་དང་། བླ་མའི་སྐུ་དང་


PS010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས། བུམ་དབང་དང་། སྤྲུལ་སྐུ་ཐོབ་པར་བསམ་མོ། ཡང་གོང་བཞིན་མཆོད་ནས། གསང་དབང་དང་གསུང་གི་གསོལ་བ་བཏབ་པས་བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། སངས་སློབ་མའི་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བླ་མའི་མགྲིན་པར་ཐིམ། བླ་མའི་མགྲིན་པ་ནས་གསུང་གི་བདུད་རྩི་དཀར་དམར་ལྕེ་ཐོག་ཏུ་ཐིམ་པས་ངག་གི་དག །གསུང་གི་བྱིན་རླབས་ཞུགས། གསང་དབང་དང་ལོངས་སྐུ་ཐོབ་པར་བསམ་མོ། ཡང་མཆོད་དེ་གསུམ་པ་དང་ཐུགས་སློབ་མའི་ཀྱི་གསོལ་བ་བཏབ་པས། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བདུད་རྩི་ཐིམ་པས་


PS010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་བདུད་རྩི་སྔོན་པོ་བྱུང་ནས། སློབ་མའི་སྙིང་གར་ཐིམ་པས། ཡིད་ཀྱི་དག །ཐུགས་ཀྱི་བྱིན་རླབས་ཞུགས། གསུམ་པ་དང་། ཆོས་སྐུ་ཐོབ་པར་བསམ་མོ། །ཡང་མཆོད་དེ། །བ་ཞི་པའི་གསོལ་བ་བཏབ་པ་དང་། ཕྱོགས་ཞིའི་ལྷ་ཚོགས་བླ་མ་ལ་ཐིམ། ཐུགས་ཀའི་འོད་ཟེར་གྱིས། ནམ་མཁའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བསྟིམ་པས། བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས། སྤྱི་བོ་ནས་ཆེམ་ཆེམ་འུར་འུར་འདུག་པ་ལ། གསོལ་བ་དྲག་པོ་བཏབ་པས། སྤྱི་བོར་ཐིམ་པས་ལུས་འོད་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པས། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་རྟོག་སློབ་མའི་པ་དག །དབང་བཞི་པ་དང་། བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །དེ་ལྟར་སྐུ་གསུང་ཐུགས་དབྱེར་མེད་ཀྱི་བྱིན་རླབས་ཞུགས།


PS010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུའི་དཀྱིལ་འཁོར་ལ། དབང་བཞི་ཡོངས་སུ་རྫོགས་པར་ཞུས། ས་ལམ་རིམ་པར་བགྲོད་པར་བྱེད། །ཅེས་གསུངས་སོ། །གསུམ་པ་ནི། ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་བྱ། རྗེས་བསྔོ་བ་བྱའོ། །བླ་མ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོ། །།། ༈ ན་མོ་ཙཀྲ་སམ་བྷ་ར། ཡི་དམ་ལམ་ཁྱེར་གྱི་དབང་འདི་ལ་གསུམ་ལས། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། པདྨ་འདབ་མ་བཞིའི་ལྟེ་བ་དང་། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་དང་གོང་རས་ལྗང་གུ། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་ཚོན་ནོ། །དེ་ལས་མེ་ཏོག་མཆོད་གཏོར་གོང་བཞིན་ནོ། །བདག་བསྐྱེད་སྔོན་དུ་སོང་


PS010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པས་མདུན་དུ་བདེ་མཆོག་ལྷན་སྐྱེས། མཁའ་འགྲོ་བཞི་བསྐྱེད་ནས། ཡེ་ཤེས་དགུག་གཞུག་སོགས་གོང་བཞིན་བྱའོ། །དེ་ནས་སློབ་མ་ལ་དལ་འབྱོར་རྙེད་དཀའ་བ་སོགས་གོང་བཞིན་བྱའོ། །གཉིས་པ་ནི། བདུད་རྩི་དང་། གསེར་གྱིས་གོང་བཞིན་མཆོད་དེ། བུམ་པའི་དབང་གིས་གསོལ་བ་བཏབ་པས། བདེ་མཆོག་གི་སྨིན་སྤྱི་བོར་ལྷ་ལྔ་བསྐྱེད་པ་ལ་གོང་བཞིན་མཚམས་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་དང་སྤྲུལ་སྐུ་ཐོབ་པར་བསམ་མོ། །དེ་ནས་གཉིས་པ། གསུམ་པ། བཞི་སློབ་མའི་པའི་གསོལ་བ་རིམ་པ་བཞིན་བཏབ་པ། བདེ་མཆོག་གི། མགྲིན་པ། སྙིང་ཀ། ལྟེ་བ་ནས་བདེ་མཆོག་གི་སྐུ་གོང་བཞིན་དུ་བྱུང་སྟེ། སློབ་མའི་མགྲིན་པ། སྙིང་ག །ལྟེ་བར་ཐིམ་པས།


PS010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས། གསང་དབང་། གསུམ་པ། བཞི་པ། ལོངས་སྐུ། ཆོས་སྐུ། བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །ཡོན་དབུལ་ཚོགས་ལ་ལོངས་སྤྱོད་དོ། །གསུམ་པ་རྗེས་ནི་གོང་བཞིན་ནོ། །འཆུག་མེད་ལས་དབང་བར་པ། ཡི་དམ་ལམ་ཁྱེར་གྱི་དབང་གཞི་རྫོགས་སོ།། ༈ ན་མོ་གུ་རུ། དེ་ཝ་ཌཱ་ཀི་ནི། མ་ཧཱ་ཀཱ་ལ། སྣང་སེམས་ལྷ་སྐུ་སྒྱུ་མ་རྨི་ལམ་ལམ་ཁྱེར་གྱི་དབང་ནི། ཆོས་དྲུག་སྤྱིའི་དབང་བསྐུར་བཞིན་དུ་བྱའོ། སྣང་སེམས་སྒྱུ་མ་རྨི་ལམ་ལམ་ཁྱེར་གྱི་དབང་བསྐུར་རྫོགས་སོ། །དགེའོ། །

སྐུ་གསུམ་ལམ་ཁྱེར་དང་སྐུ་གསུམ་གནས་ལུགས།


PS010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ལམ་ཁྱེར་དང་སྐུ་གསུམ་གནས་ལུགས་བཞུགས།། །།


PS010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་ཏྲ་ཡ་དྷ་ན་ཀྲ་ནཱ་མ། བོད་སྐད་དུ། སྐུ་གསུམ་རང་བཞིན་ལམ་ཁྱེར་ཞེས་བྱ་བ། དཔལ་ལྷུན་གྲུབ་འདུས་མ་བྱས་ལ་ཕྱག་འཚལ་ལོ། །རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །སྐུ་གསུམ་རང་ཤར་ཨེ་མ་ཧོ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །རབ་ཏུ་དབེན་པའི་གནས་མཆོག་ཏུ། །དབྱར་རྒུན་སྟོན་དཔྱིད་རིམ་ཤེས་པས། །སྟན་ལ་བསམ་


PS010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་སྐྱིལ་ཀྲུང་བཅའ། །རང་ལུས་སྣ་སྟོང་ལྷ་སྐུ་ཡི། །སྤྱི་བོ་སྙིང་ག་བླ་མ་གསལ། །གསོལ་བ་བཏབ་ལ་མཆོད་པ་དབུལ། །བསམ་པ་ཐམས་ཅད་སྤོངས་སྤངས་ནས། །མཚན་ཉིད་ལྡན་པའི་ཐང་སྐུ་ལ། །གླང་པོ་ཆེའི་ལྟ་སྟངས་ཀྱིས། །སྐད་ཅིག་མ་ཡེངས་བལྟ་བར་བྱ། །ཡེངས་ན་ཛོ་ཀིའི་ལམ་ཉམས་འགྱུར། །ཇི་ལྟར་ཤེལ་སྒོང་དག་པ་ལ། །ཉི་མའི་འོད་འཕོག་འཇའ་ཚོན་བཞིན། །ལྷ་སྐུ་


PS010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་རང་བཞིན་མེད། །ཟུང་འཇུག་མཐའ་བྲལ་རང་བཞིན་ནོ། །དེ་ལྟར་ཐང་སྐུ་མཁའ་ཟེར་ལ། །དུབ་པ་གསལ་ཞིང་ལྟ་བར་བྱ། །ཟླ་གསུམ་གོམས་ཤིང་བརྟན་པར་བྱ། །ཉིན་མཚན་ལྷ་སྐུ་རང་ཤར་འབྱུང་། །དེ་ནི་སྐུ་གསུམ་དབྱེར་མེད་དོ། །དེ་བརྟན་ནས་ནི་རང་ཉིད་དང་། །ཕྱི་རོལ་སྣང་བ་སྣ་ཚོགས་སེམས། །གསལ་སྟོང་བདེ་ཆེན་ལྷ་ཡི་སྐུ། །དབྱེར་མེད་སྐུ་གསུམ་རང་ཉིད་ལ། །སྤྱོད་ལམ་རྣམ་བཞིར་མ་ཡེངས་འབད། །བསྐྱེད་རྫོགས་ཟུང་འཇུག་མཐའ་བྲལ་ལས། །བཟླས་བརྗོད་སྐྱེ་མེད་རང་སྒྲར་ལྟོས། །ཟླ་དྲུག་གོམས་པའི་སྦྱོར་བ་ཡི། །སྐུ་གསུམ་འགྲུབ་འགྱུར་ཐེ་ཚོམ་མེད། །དེ་དོན་བླ་མ་མཆོག་ལ་དྲིས། །སྐུ་གསུམ་ལོ་ཟླ་བར་དོར་འགྲུབ། །རྒྱལ་བའི་དགོངས་པ་ཡང་དག་བཀའ། །ཆིག་རྒྱུད་རྡོ་རྗེའི་རྒྱས་གདབ་སོ། །སྐུ་གསུམ་


PS010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེར་ཞེས་བྱ་བ་རྫོགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཟླ་བ་གསུམ་གྱིས་ཉམས་སུ་མྱོང་བར་བྱས་པའོ། །ཨྀིྠ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས་ལ་ཕྱག་འཚལ་ལོ། །དེ་ལ་སྐུ་གསུམ་གྱི་གནས་ལུགས་ལ་གསུམ་སྟེ། གཞི་སྐུ་གསུམ་རང་གནས་ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་ཁོ་ནར་འགྱུར་ཏེ། དང་པོ་ནི། སེམས་ཆོས་ཉིད་སྐྱེ་མེད་སྟོང་ཉིད་ལས། །འགག་མེད་སྣ་ཚོགས་སུ་ཤར་ཞིང་སྣང་བའོ། །དེ་ལྟར་སེམས་ཉིད་འོད་གསལ་བདེ་ཆེན་ཟུང་འཇུག་སྐུ་གསུམ་གདོད་མ་ནས་གནས་པ་ནི། གཞི་སྐུ་གསུམ་རང་གནས་སོ། །གཉིས་པ་ལམ་ཁྱེར་ལ་གཉིས་ཏེ། ཟབ་དོན་དུ་བསྟན་པ་དང་། དེ་ཉིད་རྒྱས་པར་བསྟན་པའོ། །དང་པོ་ནི། སེམས་


PS010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱིད་སྔོན་དུ་སོང་པས། ས་བོན་ནམ། སྐད་ཅིག་གིས་རང་ཉིད་ལྷར་གསལ་སྟོང་བདེ་ཆེན་གྱི་རང་བཞིན་ལ་མ་ཡེངས་པར་བལྟའོ། །དེ་ལ་གོམས་པ་དང་། སྟོང་གསལ་བདེ་ཆེན་ཟུང་འཇུག་གི་ལྷ་སྐུ་འོད་ཀྱི་རང་བཞིན་ཅན་ཉིན་མཚན་དུ་རང་ཤར་དུ་འབྱུང་ངོ། །དེ་ནི་རྒྱལ་བ་ལོངས་སྐུ་གསུམ་ལྡན་དངོས་སོ། །དེ་ལྟར་ལྷ་སྐུ་གསལ་སྟོང་བདེ་ཆེན་བསྐྱེད་རྫོགས་ཟུང་འཇུག་དེ་ཉིད་གང་དུ་ཡང་མི་དམིགས་པའོ། །དེ་ཉིད་ཀྱི་ངང་ལ་གཟུགས་སྣང་སྟོང་། བཟླས་བརྗོད་གྲགས་སྟོང་དབྱེར་མེད་ཀྱི་རང་སྒྲར་བལྟས་ལ་བཟླས་པར་བྱའོ། །དེ་ནས་རང་གི་སེམས་ཕྱི་རོལ་དུ་ཡུལ་སྣང་སྣ་ཚོགས་སུ་ཤར་ཡང་། སྣང་བ་འདི་ཐམས་ཅད་ལྷ་སྐུ་སྣང་སྟོང་དབྱེར་མེད་བདེ་ཆེན་འོད་གསལ་གྱི་རང་བཞིན་ཅན་དུ་བལྟས་པས། སྔགས་དང་བཟླས་པ་གོང་བཞིན་བྱའོ། །དེ་ནི་རབ་


PS010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གསུམ། འབྲིང་ཚེ་གཅིག །ཐ་མ་བར་དོ་ལ་སངས་མི་རྒྱ་མི་སྲིད་དོ། །དེ་ལྟར་ཡང་། དགོངས་པ་ཀུན་ཏུ་གྲོལ་བའི་བཤད་རྒྱུད་ལས། གསལ་སྟོང་བདེ་ཆེན་ལྷ་སྐུ་ལ། །སྐུ་གསུམ་ལམ་ཁྱེར་བཟླས་བརྗོད་བྱ། །ཟླ་གསུམ་ཚེ་གཅིག་བར་མ་དོར། །རྒྱལ་བ་ལོངས་སྐུ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། སེམས་བསྐྱེད་སྔོན་དུ་སོང་བས། མངོན་བྱང་ལྔའམ། ཆོ་ག་གསུམ་མམ། ས་བོན་ནམ། སྐད་ཅིག་གིས་རང་ཉིད་ལྷ་གསལ་སྟོང་དབྱེར་མེད་བདེ་ཆེན་འོད་ཀྱི་རང་བཞིན་ཅན། །སྐུ་གསུམ་རང་ཆས་དེ་ལ་གོམས་པར་བྱས་པ་དང་། དབྱེར་མེད་བདེ་ཆེན་གྱི་ལྷ་སྐུ་འོད་ཀྱི་རང་བཞིན་ཅན་ངོས་བཟུང་གི་དྲི་མ་ཐམས་ཅད་དང་བྲལ་བ། རྐྱེན་གཞན་གྱིས་མི་འཕྲོག་པ། ཉིན་མཚན་ཀུན་ཏུ་རང་ཤར་དུ་འབྱུང་ངོ། །དེ་ཡང་ལྷ་སྐུ་གསལ་བའི་ངོ་བོ་


PS010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྣང་བ། དེ་སྟོང་པས་སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུའོ། །ཡང་སྟོང་པ་སྐྱེ་མེད་ལས་འགག་མེད་དུ་ལྷ་སྐུར་གསལ་བས་ན། སྟོང་གསལ་ཟུང་འཇུག་འཇའ་ཚོན་ལྟ་བུའོ། །དེ་ལྟར་གསལ་སྟོང་དང་། སྟོང་གསལ་ཟུང་འཇུག་བདེ་བར་ཤར་ན་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཡང་ན་ལྷ་སྐུ་དེ་སྣང་ཙམ་ཉིད་ན་སྟོང་། སྟོང་ཙམ་ཉིད་ན་སྣང་བས། སྣང་སྟོང་གསལ་སྟོང་དབྱེར་མེད་བདེ་བ་ཆེན་པོའི་སྐུ་བཞི་ཡེ་ཤེས་ལྔར་ཤར་བའོ། །དེ་ཡང་གསལ་བྱེད་དམ། འཆར་བྱེད་གཞན་ལ་མི་ལྟོས་པས་རང་ཤར་དུ་ཤེས་པར་བྱའོ། །དེ་ལ་ལྷ་སྐུ་གསལ་བས་སྤྲུལ་སྐུ། ངོ་བོ་སྟོང་པས་ཆོས་སྐུ། རང་བཞིན་མེད་པས་ལོངས་སྐུ། དབྱེར་མི་ཕྱེད་པས་བདེ་བ་ཆེན་པོའི་སྐུར་ཤེས་པར་བྱའོ། །དེས་ན་ལྷ་སྐུ་གསལ་སྟོང་དབྱེར་མེད་བདེ་ཆེན་བསྐྱེད་རྫོགས་ཟུང་འཇུག།


PS010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གང་དུ་ཡང་མི་དམིགས་པ་སྟེ། དེའི་ངང་ལས་སྔགས་སྣང་སྟོང་འཇའ་ཚོན་ལྟ་བུ། བཟླས་བརྗོད་གྲགས་སྟོང་བྲག་ཆ་ལྟ་བུ་ལ། དོན་སྐྱེ་མེད་ཀྱི་རང་སྒྲ་འགག་མེད་དུ་ཤར་བར་ལྟ་བར་བྱའོ། །དེ་ལ་སྔགས་སུ་སྣང་བ་བདེ་བས་ལོངས་སྐུ། སྣང་དུས་ན་སྟོང་པས་ཆོས་སྐུ། བྲག་ཆ་ལྟར་གསལ་བས་སྤྲུལ་སྐུ། བདེ་སྟོང་གསལ་གསུམ་དབྱེར་མི་ཕྱེད་པས་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་རང་གི་སེམས་སྟོང་པ་སྐྱེ་མེད་ལས། འགག་མེད་ཡུལ་སྣ་ཚོགས་སུ་ཕྱིར་ཤར་ཅིང་། སྣང་བ་ཐམས་ཅད་ཀྱང་ལྷ་སྐུ་གསལ་སྟོང་དབྱེར་མེད་ཀྱི་བདེ་ཆེན་གྱི་རང་བཞིན། སྐུ་གསུམ་ལམ་དུ་འཁྱེར་བར་བྱའོ། །དེར་གྲགས་པ་ཐམས་ཅད་ཀྱང་སྔགས་སྣང་སྟོང་། སྒྲ་གྲགས་སྟོང་སྐྱེ་མེད་ཀྱི་རང་སྒྲ་སྐུ་གསུམ་དུ་བལྟ་བར་བྱའོ། །དེས་རབ་ཟླ་


PS010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ། འབྲིང་ཟླ་བ་དྲུག །ཐ་མས་ཡང་ཚེ་གཅིག་གམ། བར་དོའོ། །ཐ་མའི་ཐ་མ་སྐྱེ་བ་གཉིས་གསུམ་ནས། སངས་མི་རྒྱ་མི་སྲིད་དོ། །ཡེ་ཤེས་དགོངས་པ་བླ་ན་མེད་པའི་རྒྱུད་ལས། བདེ་སྟོང་གསལ་བའི་ཏིང་འཛིན་ནི། སྐུ་གསུམ་ལམ་ཁྱེར་ཉིད་དུ་བཤད། སྐྱེ་བ་འདིའམ་བར་མ་དོར། རྒྱུད་མ་ཐག་ཏུ་བྱང་ཆུབ་ཐོབ། །ཅེས་གསུངས་སོ། །གསུམ་པ་འབྲས་བུ་སྐུ་གསུམ་ནི། །ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་གང་འདུལ། དབྱེར་མེད་བདེ་བ་ཆེན་པོའི་ཕྲིན་ལས་ལྷུན་གྲུབ་རང་ཤར་དུ་འབྱུང་བར་འགྱུར་རོ། །དེ་ནི་རྒྱལ་བའི་བཀའ་མཁའ་འགྲོ་མའི་སྲོག་སྙིང་ལགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པས་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་ཞུས། ཟླ་བ་གསུམ་གྱིས་ཉམས་སུ་མྱོང་བར་བྱས་སོ། །མདོར་ན་གཟུགས་སུ་སྣང་བ་དེ་ཐམས་ཅད་ལྷ་སྐུ་སྣང་སྟོང་དབྱེར་


PS010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སྒྲ་སྣ་ཚོགས་སུ་གྲགས་པ་ཐམས་ཅད་སྔགས་ཀྱི་བཟླས་བརྗོད། དྲན་སྣང་དབྱེར་མེད་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་གཞི་མེད་རྩ་བྲལ། སྐྱེ་མེད་ཆོས་སྐུར་ཤེས་པར་བྱའོ། །དེ་ལྟར་ཟླ་བ་གསུམ་གྱིས་སངས་མི་རྒྱ་མི་སྲིད་དོ། །མངྒ་ལཾ། །༅། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་བླ་མ་བརྒྱུད་པ་བཞུགས་སོ། །ཁྱབ་བདག་བདེ་ཆེན་དྲུག་པ་རྡོ་རྗེ་འཆང་། །ནུས་པ་མཆོག་འགྱུར་རྗེ་བཙུན་བིར་ཝ་པ། །ཟག་མེད་བདེ་སྟེར་མཁའ་འགྲོ་སུ་ཀ་མ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྐད་གཉིས་སྨྲ་བ་མཁས་གྲུབ་ཁྱུང་པོའི་ཞབས། །གསོལ་བ༴ དོན་གཉིས་མཐར་ཕྱིན་རིན་ཆེན་རྨོག་ལྕོག་པ། །གསོལ་བ༴ ཐུགས་རྗེའི་བདག་ཉིད་གྲུབ་ཐོབ་སྐྱེར་སྒང་པ། །གསོལ་བ༴ གནས་ལུགས་དོན་རྟོགས་སངས་རྒྱས་


PS010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སྟོན་པ། །གསོལ་བ༴ སྐྱེ་དགུའི་འདྲེན་མཆོག་ཆོས་རྗེ་སྟོན་པའི་ཞབས། །གསོལ་བ༴ རྟོགས་པ་མཐར་ཕྱིན་མཁས་གྲུབ་ཤངས་སྟོན་པ། །གསོལ་བ༴ སྔགས་འཆང་རྒྱ་མཚོའི་མངའ་བདག་མཁས་བཙུན་པ། །གསོལ་བ༴ རྒྱལ་བའི་བསྟན་འཛིན་ཆོས་རྗེ་བྱམས་པ་དཔལ། །གསོལ་བ༴ བདེ་གཤེགས་ཀུན་དངོས་ཆོས་རྗེ་འཇག་པའི་ཞབས། །བརྒྱུད་པའི་སྲོལ་འཛིན་མཁས་གྲུབ་ཡེ་རྡོར་ཞབས། །གསོལ་བ༴ རང་ལུས་དབྱེར་མེད་ཡི་དམ་རྣལ་འབྱོར་མ། །གསོལ་བ༴ བར་ཆད་ཀུན་སེལ་ཆོས་སྐྱོང་ཕྱག་དྲུག་པ། །གསོལ་བ༴ བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །ཐུགས་དམ་བཅས་ཤིང་དངོས་གྲུབ་མཆོག་སྩོལ་བར། །དམ་བཅས་བཞིན་དུ་རྟགས་བསྲུངས་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་འགྲུབ་པར་ཤོག །དེ་


PS010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཐོབ་བར་དུ་ཡང་། །མཁའ་སྤྱོད་རྡོ་རྗེ་ཕག་མོ་སོགས། །རིགས་གསུམ་སྐྱེ་དང་དམ་ཚིག་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །མྱུར་དུ་བསྐྱེད་རིམས་བརྟན་པ་དང་། །སྔགས་ཀྱི་ནུས་པ་མཐར་ཕྱིན་ནས། །ཕྲིན་ལས་རྣམ་བཞི་འགྲུབ་པར་ནི། །སྐྱེ་ཞིང་༴ རྫོགས་པའི་རིམ་པ་མཐར་ཕྱིན་ནས། །རླུང་སེམས་ལས་སུ་རུང་བ་དང་། །བདེ་ཆེན་སྐུ་དང་ལྡན་པར་ནི། །སྐྱེ་ཞིང་༴ སྟོང་པ་སྙིང་རྗེ་ཆེན་པོ་དང་། །སྤྱན་ལྔ་མངོན་ཤེས་དྲུག་ལྡན་ཞིང་། །འགྲོ་དོན་རྩོལ་མེད་འགྲུབ་པར་ནི། །སྐྱེ་ཞིང་༴ ཕྱི་ནང་བར་ཆད་ཞི་བ་དང་། །མཁའ་འགྲོ་ཆོས་སྐྱོང་འདུ་བ་དང་། །བསམ་པའི་དོན་རྣམས་འགྲུབ་པར་ནི། །དེར་ནི་དོན་ཀུན་འགྲུབ་གྱུར་ནས། །དགའ་ཞིང་སྤྲོ་བའི་ངང་ཉིད་ནས། །དཔལ་ལྡན་བླ་མའི་ཞབས་དྲུང་དུ། །ལྷག་པའི་ལྷ་ཡིས་


PS010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད་གྱུར་ཅིག །ས་དེར་བླ་མའི་བཀའ་དྲིན་གྱིས། །ཉེས་པ་ཐམས་ཅད་རབ་སྤངས་ཤིང་། །ཡོན་ཏན་ཀུན་གྱིས་རབ་བརྒྱན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་ཤོག །ཆོས་དབྱིངས་གདོད་ནས་དག་པ་དང་། །རིམ་གཉིས་ཟུང་དུ་ཚུད་པ་དང་། །དཔའ་བོ་མཁའ་འགྲོའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་པ་འགྲུབ་པར་ཤོག །ཨྀིྠ། །

ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ།


PS010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ་བཞུགས་སོ། །


PS010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཆོས་དྲུག་ཉམས་སུ་ལེན་པའི་ཚུལ་ནི། །ཉིན་ཞག་ཕྲུགས་གཅིག་ལ་ཐུན་དྲུག་ཏུ་བགོས་པའི་ཉིན་མཚན་གྱི་ཐུན་གཉིས་དོར་བའི། སྔ་དྲོ་ཕྱི་དྲོ་གཉིས་དང་། སྲོད་ཐོ་རངས་ཏེ་ཐུན་བཞིར་ཉམས་སུ་ལེན། དེ་ཡང་ཐུན་ཐམས་ཅད་ཀྱི་སྔོན་དུ་བླ་མའི་རྣལ་འབྱོར་དང་། དག་བྱེད་སྟོང་ར་ཡུན་མི་ཐུང་རེ་བསྒོམ། དེ་རྗེས་སྔ་དྲོ་གཏུམ་མོའི་དམིགས་པ་


PS010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། དགོངས་མོ་སྒྱུ་ལུས་གཙོ་བོར་བསྒོམ། སྲོད་ལ་རྨི་ལམ་དང་འོད་གསལ་གྱི་དམིགས་པའི་ནང་། རྨི་ལམ་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་། འོད་གསལ་ལ་ཐོད་པའི་ནང་གི་བདག་མེད་མ་གཉིས་གཙོ་བོར་བསྒོམ། ཐོ་རངས་རྨི་ལམ་འཆུག་མེད་ཀྱི་དམིགས་པ་དང་། འོད་གསལ་ལ་འོག་གི་ལྟེ་འོག་ལ་དམིགས་པ་བཟུང་། སྙིང་གའི་བླ་མ་ལ་དུས་རྒྱུན་གྱི་མོས་གུས་དང་དྲན་པ་ཏུ་རེ་བ་བྱས་པས་འོད་གསལ་རང་


PS010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་ཟིན་པར་འགྱུར་ཞིང་། འཕོ་བ་དང་པོ་འབྱོང་ངེས་ཞིག་སྦྱངས་ནས། ཕྱིས་ཐུན་བཞུགས་གང་རི་ལ་མ་བརྗེད་ཙམ་གྱི་དམིགས་སྐོར་རེ་དྲན་ཙམ་བྱེད་ཅིང་། བར་དུ་ཐུན་མཚམས་ཐམས་ཅད་དུ་འདུན་པ་ཡོད་ཙམ་བྱ་ཞིང་། རྗེས་ཀྱི་འགྲོ་འཆག་ཉལ་འདུག་སོགས་དུས་རྒྱུན་དུ་དྲན་པར་བྱས་ནས། རང་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་ཏུ་བླ་མ་དང་། སྣང་བ་བདེན་མེད་རྨི་ལམ་སྒྱུ་མའི་དྲན་འདུན་གྱི་ངང་མ་ཤོར་བར་བྱེད་པ་ནི་གནད་དངོས་ཡིན་ཅིང་། མཐར་སྒྱུ་མ་ཙམ་སྒྱུ་མ་ཙམ་དུ་འཛིན་པ་ལས་ལོག་ནས་གང་དུ་ཡང་འཛིན་པ་མེད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པར་བྱའོ། །དེ་ལྟར་རིགས་པའི་ཐུན་ཚད་ངེས་པར་བྱས་ནས་དམིགས་པ་ཉུང་ངུར་དྲིལ་བ་ནི། མི་རྟག་པ་དྲན་ཤེས་ཀྱི་སྣང་བས་རྒྱུད་འཁུལ་ངེས་སུ་བྱས། ཕ་བླ་


PS010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕ་བླ་མ་རང་མཁྱེན། །ཞེས་བརྗོད་པ་དང་ལྷན་དུ་རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་ཇི་ལྟ་བ་བསྒོམ། བདག་སོགས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་གནས་ཀུན་འདུས་བླ་མ་ལ་སྐྱབས་སུ་མཆིའོ། །ཅེས་ཅི་མང་དང་། མཐར་བླ་མ་རིན་པོ་ཆེ་བདག་ནད་གདོན་ཞི་བར་མཛད་དུ་གསོལ། །སྡིག་སྒྲིབ་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མ་ཞུ་རང་ལ་ཐིམ་པས་ཐོད་པའི་ནང་དུ་ཆོས་འབྱུང་དཀར་པོ་གདེངས་ཁ་ཆེ་བ་གྱེན་བསྟན་གྱི་ཁ་ཐད་ཀྱི་བར་དུ་སེམས་ཉིད་ཨ་དཀར་པོ་ལ་རྩེ་གཅིག་ཏུ་སེམས་གཏད་ནས། དང་པོ་སྒྲིམ། བར་དུ་གློད། མཐར་སྙོམས་པར་བྱ། ཨ་ལས་བདུད་རྩི་བྱུང་བས་ལུས་ཀྱི་ཕྱི་ནང་བཀྲུས་སྡིག་སྒྲིབ་


PS010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་ཐམས་ཅད་དག་པར་བསམ། རང་རྡོ་རྗེ་རྣལ་འབྱོར་མ་ལ་ནང་དར་དམར་གྱི་རྐྱལ་པ་ཕུས་བཏབ་པ་ལྟ་བུའི་ནང་དུ་མེ་གོང་བཞི་བསྒོམ། སྤྱི་བོ་བླ་མ་དང་བཅས་པ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབས་སོ། །བདེ་སྟོང་གི་ཏིང་༴ ཞེས་དང་། བདག་ལ་སྲིད་པའི་དབང་བསྐུར་དུ་གསོལ། ཞེས་བརྗོད་རླུང་ཁ་སྦྱར་ནས་འཕོ་བ་གཡས་གཡོན་དུ་བསྐོར་བས་མེ་སྒོང་འཐབས་པའི་མེ་སྟག་གི་གང་བ་ལ་དམིགས་པ་གཏད། ལུས་གནད་མེ་ཐབ་དྲུག་ཆིངས་ལ་ལུས་ཀྱི་ནང་དུ་རྩ་གསུམ་དང་། དབུ་མའི་ནང་དུ་ཆུད་པའི་རོ་རྐྱང་གི་འཛོམས་སུ་རཾ་ལས་མེ་རིལ་མ་ཙམ། འོག་ཏུ་རླུང་ལྗང་ཁྱིལ་བ་རྣམས་བསྒོམ་རླུང་བཟུང་བས་རླུང་གཡོས། མེ་ལྕེ་ཕྲ་བ་རྐེད་པ་ལྟེ་བ་དབུ་མའི་ནང་དུ་


PS010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་མཐར་ལུས་ནང་དུ་དབུ་མ་དང་། དེའི་ནང་མེ་ལྕེས་གང་བ་ལ་ཡིད་གཏད། བླ་མའི་སྐུ་ལས་བདུད་རྩི་བབས་དབང་ཐོབ་མེ་དྲག་ཏུ་འབར་བར་བསམ་པ་གཏུམ་མོའི་ཉམས་ལེན་ཡིན། །སྒྱུ་ལུས་འཁོར་བ་ལ་སྐྱོ་ཤས་བསྐྱེད། རང་ཡི་དམ་དང་སྤྱི་བོར་བླ་མ་བསྒོམ། བདག་འཛིན་བློས༴ དགོས་མེད༴ སྒྱུ་ལུས་རྨི་ལམ་འབྱོངས༴ འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་མཛད༴ ཞེས་ཅི་མང་གི་མཐར། བླ་མ་དང་རང་སེམས་བསྲེས་པ་དབང་པོ་རབ་ཡིན། འབྲིང་རང་ལུས་ལྷར་གསལ་བ་ལ་དམིགས་པ་གཏད་དེ། འདི་རང་གི་སེམས་སྣང་ཡིན། སྣང་ཡང་བདེན་པར་མ་གྲུབ་སྙམ་དུ་བསམ། ཐ་མས་ལྟེ་འོག་ཏུ་ཆོས་འབྱུང་ནང་དུ་རིགས་དྲུག་ཏུ་སྣང་བ་སྒྱུ་མ་རྨི་ལམ་དུ་ཐག་


PS010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། རྗེས་ཐོབ་གང་ཤར་སྒྱུ་མ་ལམ་དུ་འཁྱེར། །རྨི་ལམ་ལ་གསོལ་འདེབས་ནི། བླ་མ་རིན་པོ་ཆེ་བདག་གིས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་པར༴ ཡུལ་སྣང་གཏན་ལ་ཕེབས་པར༴ ཞེས་གསོལ་བ་བཏབ་སྤྱི་བོའི་ཧཾ་དང་གསང་གནས་ཀྱི་ཧཱུཾ་ལས་ཐིག་ལེ་དཀར་དམར་ཆད་པ་སྙིང་གར་སླེབས། དུག་གསུམ་དག །འབྲོས་འདེད་དུ་འཁོར་བ་ལ་རྨི་ལམ་སྒྱུ་མའི་དྲན་འདུན། དབང་ཐོབ་པའི་དམིགས་པ་བྱས། མཐར་ཡལ་ནས་མི་དམིགས་པ་ལ་བློ་གཏད། ཡང་དཀར་དམར་སྣ་ནས་ཐོན་སྨིན་ཕྲག་ཏུ་འཁོར་ཡི་དམ་ཡབ་ཡུམ་དུ་གྱུར་པ་འཁོར་ཞིང་མཐར་ཡབ་ལ་ཡུམ་ཐིམ། ཡབ་འཇའ་ལྟར་ཡལ་བ་ལ་མི་དམིགས་པར་བཞག །ཡང་རང་གི་སྙིང་གར་ཐིག་ལེ་སྔོ་སྐྱའི་ནང་དུ་བླ་མ་


PS010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་དང་། རྟོག་བཅས་ལ་འཛིན་པ་ནི། མགྲིན་པར་ཨཾ་སྔོན་པོ་ལ་བློ་གཏད་དྲན་འདུན། བྱ། །གཉིད་དུ་མ་སོང་བར་རྣམ་རྟོག་རགས་པ་འགགས། ཕྲ་བ་མ་འགགས་པའི་བར་དེར་རྣམ་རྟོག་གང་བྱུང་ལ་རྨི་ལམ་གྱི་དྲན་འདུན་དང་། སྦྱོང་སྤེལ་གྱི་འདུན་པ་བཅུག་ནས་ཉལ་བས། རྨི་ལམ་ཟིན་པར་འགྱུར། རྨི་ལམ་འདུན་པའི་གནད་ཡིན་པས། ཅི་ཡིན་ལ་ཨ་མ་འཐས་པར་སྦྱངས། གང་དགོས་སུ་སྤེལ་ཅི་འཁོ་རུ་སྤྲུལ། མ་ངེས་པ་སྣ་ཚོགས་སུ་བསྒྱུར། ཞིང་ཁམས་སྣ་ཚོགས་སུ་བལྟ་བ་ལ་འདུན་ཁ་བསྒྱུར། །འོད་གསལ་ལ། བདག་འཛིན༴ དགོས་མེད༴ འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་མཛད༴ གསོལ་བ་བཏབ་རང་གི་ལུས་ནང་རྩ་དབུ་མ་ཚངས་བུ་དང་གསང་


PS010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སླེབ་པའི་ལྟེ་འོག་སོར་བཞིའི་ནང་གི་བར་སྣང་དུ་ཨ་དཀར་པོ་ལས་འོད་འཕྲོས་པས་ཕྱི་ནང་ཐམས་ཅད་གསལ་སིང་ངེ་བ་ལ་མ་ཡེངས་ཙམ་དང་། སྙིང་གར་བླ་མ་བསྒོམས་པས་ཐུགས་ཀར་ཧཱུཾ་དཀར་པོ་ལས་འོད་འཕྲོ་བ་ལ་འོད་གསལ་བཟུང་། ཐོད་པའི་འོག་ཀླད་རྒྱས་ཀྱི་སྟེང་དུ་བདག་མེད་མ་མཚོན་གང་པའི་ཐུགས་ཀར་ཨ་དཀར་པོ་ལས་འོད་བྱུང་བས་ཀྱང་ཀླད་པ་སྦྱངས། ཐོད་པ་དཀར་ཁྲོལ་ལེ་བ་ལ་འདུན་པ་གཏད། འཕོ་བ་སྦྱོང་དུས་རང་ཡི་དམ་གྱི་སྤྱི་བོར་བླ་མ་བསྒོམས་ཏེ། ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་གདེངས་ཀ་གྱེན་བསྟན་གྱིས་བདེ་འགྲོ་གསུམ་དང་། རྩ་བ་ཟུར་གསུམ་འཐུར་བསྟན་གྱིས་ངན་སོང་གི་སྐྱེ་སྒོ་བཅད་པའི་ནང་དུ། རྩ་དབུ་མ་ཡར་སྣ་ཚངས་བུག་ལ་ཟུག་ཅིང་བུ་ག་


PS010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་བསམ། མར་སྣ་ཆོས་འབྱུང་གི་ནང་གི་དོག་མཚམས་ལ་ཟུག་པའི་ནང་གི་ལྟེ་འོག་སོར་བཞི་རང་སེམས་ཨ་དཀར་པོ་འོད་འཕྲོ་བ་འཕིར་ལ་ཁད་པ་ཞིག་བསམས་ལ། བདག་འཛིན༴ དགོས་མེད༴ ལམ་མཆོག་འཕོ་བ་འབྱོངས་པར་བྱིན༴ གསོལ་བ་བཏབ་ལྟོ་བ་གྱེན་དུ་བསྐྱོད་པས་ཨ་དབུ་མ་ནས་རྒྱངས་ཀྱིས་ཐོན། ནམ་མཁའ་ལ་ཡེར་རེ་རེ་སོང་ནས་འོད་དུ་གསལ་བར་བསམ། ཡང་རེ་ཞིག་ནས་ཨ་ནམ་མཁར་བྱུང་བ། དལ་པོས་བབས་ལྟེ་འོག་ཏུ་སྔར་ལམ་དུ་སླེབས་པར་བསམ་ལ་ཡང་ཡང་སྦྱངས། མཐར་ཚངས་བུག་རྡོ་རྗེ་རྒྱ་གྲམ་གྱིས་བཀག་ནས་སེམས་མི་འཆུག་པར་བསམ། ལས་སྦྱོར་འཕོ་བ་ཐེབས་པར་གསོལ་བ་བཏབ། དམིགས་པ་ཨ་ནམ་མཁར་ཡལ་བ་ལ་ཡིད་གཏད་ལ་མར་མི་


PS010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པ་གནད་ཡིན། །བར་དོའི་ཉམས་ལེན་ལ། བདག་འཛིན༴ དགོས་མེད༴ བར་དོ་ལོངས་སྐུར་འཚང་རྒྱ་བར་གསོལ་བ་བཏབ། སྣང་བ་ལྷ། གྲགས་པ་སྔགས། རྨི་ལམ་སྒྱུ་མར་ཐག་ཆད། དབང་པོ་ཐ་མ་རང་གི་མདུན་དུ་ཆོས་འབྱུང་མཐིང་གའི་ནང་དུ་རང་སེམས་ཧཱུཾ། ཕྱི་གཡས་གཡོན་དུ་ཕོ་མོར་སྣང་བ་ཡི་དམ་ཡབ་ཡུམ་རྐྱང་རྐྱང་རི་གསལ་བཏབ། ཧཱུཾ་ལས་འོད་འཕྲོས་སྐྱེ་གནས་ལྔའི་བག་ཆགས་སྦྱངས། མངལ་སྒོ་བཀག་པར་བསམ། བླ་མ་ཡི་དམ་སྒྱུ་ལུས་གསུམ་འབྲལ་མེད་ཉམས་སུ་བླངས་པས། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཆོས་དྲུག་དམིགས་རིམ་མ་ལུས་པ། །ཐུན་བཞིར་ཉམས་སུ་ལེན་པའི་ཚུལ། །བླ་མའི་གསུང་བཞིན་ཡི་གེར་བཀོད། །དགེ་བས་འགྲོ་ཀུན་སྒྲིབ་སྦྱང་ནས། །ཟབ་མོའི་


PS010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཆོག་འདིར་ཞུགས་ཏེ། །བདེ་ཆེན་བཅུ་བཞིའི་ས་ཐོབ་ཤོག །ཅེས་པ་འདི་ངག་གི་དབང་པོས་སྡེབ། །༅། ཤངས་པའི་རླུང་བུམ་པ་ཅན་བཞུགས་སོ། །བླ་མ་དམ་པ་རྣམས་ལ་གུས་བཏུད་ནས། །ཐབས་ལམ་ཟབ་དོན་བྲི་བར་བྱ། །བླ་མ་རཱ་ཧུ་ལའི་རླུང་བུམ་པ་ཅན་འདི་ལ་གསུམ་སྟེ། སྣང་བ་བུམ་པ། དབྱིབས་བུམ་པ། དམིགས་རྟེན་བུམ་པའོ། །དང་པོ་ནི་ནམ་མཁའ་སྟོང་པ་འདིའོ། །སེམས་བསྐྱེད་སྔོན་དུ་འགྲོ་བས་ལུས་ལྷར་བསྐྱེད་ལ། རྐང་པ་རེ་མིག་བསྣོལ། ལག་པ་གཉིས་པུས་མོ་ལ་བསྡམས། སྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག་གོ ། དེ་ལྟར་བྱས་པས་ལུས་ཀྱི་དབྱིབས་བུམ་པ་ཅན་ལྟར་དུ་གནས་པའོ། །གསུམ་པ་ནི། རང་གི་ལྟེ་བར་བུམ་པ་ཆེ་ཆུང་ཅི་


PS010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་བསམ་མོ། །རྩ་ཨ་ཝ་དྷུ་ཏི། ལ་ལ་ན་ད་ར་ས་ན་དང་གསུམ་བུམ་པའི་ནང་དུ་ཚུད་པར་བསྒོམས་ནས་རླུང་རོ་ལན་གསུམ་ཕྱིར་བུས་ལ། སྣ་ནས་རླུང་དལ་བུས་རྡུབས་ལ། སྟེང་འོག་གཉིས་ཀྱི་རླུང་དྲག་པོས་བཟུང་བ་དང་། ལ་ལ་ན་ད་དང་། ར་ས་ན་གཉིས་ན་མར་རླུང་སྔོ་ན་ར་ར་བུམ་པའི་ནང་དུ་སོང་བ་དང་། བུམ་པ་ཇེ་ཆེ་ཇེ་ཆེ་ལ་མཐར་ལུས་དང་བཅས་པ་འོད་དུ་ཡལ་ནས་སྟོང་སང་ངེ་བའི་ངང་དུ་བཞག་གོ ། དེ་འདྲ་བ་ཅི་ནུས་སུ་བསྒོམས་ལ། སྐབས་སུ་ལུས་གཡས་གཡོན་དུ་གཅུ་བ་དང་། ཡར་ལ་དྲག་པོས་ཐེན་པ་གཉིས་ཐེབས་འགའ་བྱའོ། །འཕོ་བ་བྱེད་ན་ཨ་ཡར་ལ་འཕང་ངོ། །ཞེས་པའི་དོན་ནི། བུམ་པའི་ཁར་ཨ་དཀར་པོ་གཅིག་བསམས་ནས། སྟེང་འོག་གི་རླུང་བཟུང་ནས་རྐེད་པ་ཉག་ཉག་བྱས་པ་


PS010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨ་དེ་རང་དབང་མེད་པའི་དབུ་མའི་ནང་ནས་ཚངས་བུག་ཏུ་ཡར་རྒྱངས་ཀྱིས་སོང་བ་དང་། ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །དེ་ནུས་ཚད་དུ་སྒོམ་མོ། །རྗེས་ལ་སྤྱི་བོར་ཨ་བསམ་ནས། དེ་ལྟེ་བའི་བུམ་པའི་ནང་དུ་དབབ་པར་བྱའོ། །རླུང་བུམ་པ་ཅན་གྱི་གདམས་པ་རྫོགས་སོ།། །།ན་མོ་གུ་རུ། དམིགས་རྟེན་བུམ་པ་ནི། ལྟེ་བར་བུམ་པ་སྔོན་པོ་མཐེབ་གང་པ་གཅིག་གི་ནང་དུ། ཧཱུཾ་སྔོན་པོ་གཅིག་བསམས་ལ། དེ་ནས་བསུས་པ་སྒལ་པ་ལ་བཅར་བྱས་ནས། རླུང་མས་ཡར་འཐེན་པ་དང་། བུམ་པའི་བུ་ག་ལྔ་ན་ཡར་ལ་རླུང་ཁ་དོག་ལྔ་བས་རླུང་གི་བུམ་པའི་ནང་གི་ཧཱུཾ་དེ་སྤྱི་བོར་རྒྱངས་ཀྱིས་ཕུལ་བ་དང་། སྟོང་སང་སྟེ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པར་བྱའོ། །རླུང་བུམ་པ་ཅན་གྱི་གདམས་པ་ཨྀིྠ། །


PS010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བས། ལུས་གནད་བུམ་པ་ཅན་དང་འདྲ་བ་ལ། རང་གི་གསང་བའི་རྡོ་རྗེའི་རྩེ་མོར་ཧཱུཾ་དཀར་པོ་གཅིག་བསམ། རྩ་ཨ་ཝ་དྷུ་ཏི་ཀ་བ་བཞིན་དུ་ནང་ན་ཡར་ཐད་ཀར་ཏིག་གེ་སྒོམ། དེ་ནས་གསུས་པ་ལ་བཅར་བྱས་ཏེ། འོག་རླུང་ནར་ཏེ་དྲངས་པ་དང་། ཧཱུཾ་གིས་རྡོ་རྗེ་ནོར་བུ་རྒྱུ་མ་བཟློག་པ་བཞིན་དུ་བྱུང་སྟེ། སྤྱི་བོ་ཚངས་བུག་ནས་ནར་ཏེ་དྲངས་པ་དང་། མགོ་ཕྱིར་དགྱེད་བྱས་པས། ཧཱུཾ་དེ་ཚངས་བུག་ནས་དྲངས་ཏེ་སོང་བ་དང་། ཕྱག་རྒྱ་ཆེན་པོའི་ངང་ལ་ལྷན་ནེ་བཞག་གོ ། ནུས་ཚད་སྒོམ་མོ། །འཇོག་དུས་རླུང་ལྟེ་བར་དབབ། རྗེས་ལ་བསྔོ་བ་སྨོན་ལམ་བྱའོ། །བླ་མ་ཤངས་པའི་ཁོག་སྟོང་གི་སྦྱར་བ་ཞེས་བྱའོ།། །།ན་མོ་གུ་རུ། སྔོན་འགྲོ་ལུས་གནད་གོང་དང་འདྲ། །གསུས་པ་


PS010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྒལ་པ་ལ་སྦྱར་བས། །རྡོ་རྗེ་ནོར་བུ་མས་ཡར་རྒྱུ་མ་བཞིན་དུ་ལྡོག་ནས་བྱུང་བ་དང་། དེས་སྙིང་གར་སླེབས་པས་ཐིག་ལེ་དཀར་པོར་གྱུར། དེ་ལ་སེམས་དར་གཅིག་གཏད་ལ་སྒོམ། དེ་ནས་ཡང་ཐིག་ལེ་དང་བཅས་ཏེ་ཡར་དྲངས་པས། ཚངས་བུག་ཏུ་ལྷན་གྱིས་བྱུང་བ་དང་། ཐིག་ལེ་ཚངས་བུག་ནས་ཕྱིར་དོན་ཏེ། སྤྱི་བོའི་ཧཱུཾ་དཀར་པོ་གཅིག་ཏུ་གྱུར་པར་བསམ་ལ། དེ་ལས་སེམས་དར་གཅིག་གཏད་ལ་སྒོམ་པར་བྱའོ། །འཇོག་ཙ་ན་སྤྱི་བོའི་ཧཱུཾ་མར་འབབས་ཏེ་ལྟེ་བར་བྱུང་བ་དང་། བདེ་སིང་ངེ་བ་ལ་སེམས་གཏད་ལ་བཞག་གོ། དགེ་བ་བྱང་ཆུབ་ཆེན་པོར་བསྔོའོ། །རླུང་བུམ་པ་ཅན་གྱི་ཆ་ལག།བླ་མ་རཱ་ཧུ་ལའི་གདམས་པ། །བླ་མ་ཁྱུང་པོས་ཉམས་སུ་བླངས་པ་ཨྀིྠ། །ཤུ་བྷཾ། །

ནི་གུའི་དམིགས་ཕྲན་རྣམས་ཀྱི་བྱིན་རླབས་བྱེད་ཚུལ་ཞལ་ཤེས་མན་ངག་ཉེ་མཁོ།


PS010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་དམིགས་ཕྲན་རྣམས་ཀྱི་བྱིན་རླབས་བྱེད་ཚུལ་ཞལ་ཤེས་མན་ངག་ཉེ་མཁོ་བཞུགས་སོ།། །།


PS010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་དབུ་མ་ཡིག་བདུན་དང་། །མཁའ་སྤྱོད་རིག་འཛིན། བདེ་མཆོག་སྐུ་གསུང་ཐུགས་སྒྲུབ་དང་། རྗེ་བཙུན་མུ་ཏིག་འཕྲེང་བ་རྣམས་ཀྱི་དབང་བསྐུར་བ་ལ། སྔོན་འགྲོ་ལྔ་པ་ཡིག་ཆུང་བཞིན་བཏང་ནས། དངོས་གཞི་ཐོག་མར་བདེ་མཆོག་དབུ་མ་ཡིག་བདུན་ནི། སློབ་དཔོན་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམ་པ་


PS010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཕུལ་ཞིང་། བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་ཡིད་ཀྱི་གསོལ་བ་གདུང་པ་བཏབ་པས། བླ་མའི་དཔྲལ་བ་ནས་ཡི་གེ་བདུན་པ་ཁ་དོག་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། སློབ་མའི་དཔྲལ་བར་ཐིམ་པས་བུམ་པའི་དབང་བསྐུར་བ་ཐོབ་པར་བསམ། དེ་བཞིན་དུ། མགྲིན་པ་ནས་ཡི་གེ་བདུན་པ་ཁ་དོག་དམར་པོ་དང་། ཐུགས་ཀ་ནས་ཡི་གེ་


PS010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཁ་དོག་སྔོན་པོ་དང་། གནས་གསུམ་ཅར་ནས་ཡི་གེ་བདུན་པ་དཀར་དམར་མཐིང་གསུམ་ཅར་གྱིས་ཚོགས་དཔག་ཏུ་མེད་པ་སྤྲོས་པ་རྣམས། སློབ་མའི་མགྲིན་པ་དང་། སྙིང་ག་དང་། གནས་གསུམ་ཅར་དུ་ཐིམ་པས་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་རྣམས་རིམ་པར་ཐོབ་པར་བསམ། དེ་ལྟར་བྱིན་གྱིས་བརླབས་ཤིང་། དབང་བསྐུར་བའི་རྐྱེན་གྱིས་སློབ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་བསྐྱེད་པ་སོགས། དབུ་མ་ཡིག་བདུན་གྱི་སྒྲུབ་ཐབས་ནས་འབྱུང་བ་བཞིན། སྒོམ་ལུང་རྫོགས་པར་ཕོག།བཟླས་པའི་སྐབས། ཡི་གེ་བདུན་པ་ཚར་བདུན་ཙམ་གྱིས་རྗེས་བཟློས་མཛོད། །བདེ་མཆོག་མཁའ་སྤྱོད་རིག་འཛིན་གྱིས་བྱིན་རླབས་ཀྱི་དངོས་གཞི་ནི། བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ལ། མཆོད་པ་ཕུལ་ཞིང་། གསོལ་བ་


PS010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་བཏབ་པས། འདི་ཉིད་རང་གི་སྤྱི་བོར་བྱོན། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱིས་སྐུ་ལ་ཐིམ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་ཚང་བུག་ནས་ཞུགས། སྨིན་འཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ། དེ་བཞིན་དུ་མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་གང་བས་དབང་བཞི་པ་ཐོབ་པར་བསམ། མཐར་སྤྱི་བོའི་བླ་མ་ཡབ་ཡུམ་ཡང་འོད་དུ་ཞུ་ནས། སློབ་མའི་ལུས་ལ་ཐིམ་


PS010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་ལ། དེའི་རྗེས་སུ་བདེ་མཆོག་མཁའ་སྤྱོད་རིག་འཛིན་གྱིས་སྒྲུབ་ཐབས་ལས་འབྱུང་བ་བཞིན། སྒོམ་ལུང་རྫོགས་པར་ཕོག།དབུ་མ་ཡིག་བདུན་དང་། འདི་གཉིས་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མེད་ཅིང་། སློབ་དཔོན་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ཉིད་ལ་དབང་ལེན་པ་ཡིན་ནོ། །སྐུ་གསུང་ཐུགས་སྒྲུབ་ཀྱི་དངོས་གཞི་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ། འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་དཔྲལ་བར་སྐུའི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་འཁོར་ལོ་སྡོམ་པ་དཀར་པོ་དང་། རྩིབས་བཞི་ལ་མཁའ་འགྲོ་མ་བཞི་སྐུ་མདོག་དཀར་མོའི་རྣམ་པ་ཅན་དང་། མགྲིན་པར་གསུང་གི་འཁོར་ལོ་དམར་པོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་ལ། འཁོར་ལོ་བདེ་མཆོག་འཁོར་ལྷ་མོ་བཞི་དང་བཅས་པ། སྐུ་མདོག་


PS010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་རྣམ་པ་ཅན་དང་། ཐུགས་ཀར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བ་དང་། རྩིབས་རྣམས་ལ། འཁོར་ལོ་སྡོམ་པ་འཁོར་ལྷ་མོ་བཞི་དང་བཅས་པ་སྐུ་མདོག་སྔོན་པོའི་རྣམ་པར་བཞུགས་པར་མོས་ལ། དེ་རྣམས་ལ་མཆོད་པ་དང་། གསོལ་འདེབས་གོང་བཞིན་བྱས་པས། བླ་མའི་དཔྲལ་བའི་འཁོར་ལོ་ལས། འཁོར་ལོ་སྡོམ་པ་དཀར་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས། སློབ་མའི་དཔྲལ་བར་ཐིམ་པས་ན། བུམ་དབང་དང་། མགྲིན་པ་ནས་འཁོར་ལོ་སྡོམ་པ་དམར་པོའི་ཚོགས་སྤྲོས། སློབ་མའི་མགྲིན་པར་ཐིམ་པས། གསང་དབང་དང་། ཐུགས་ཀ་ནས་འཁོར་ལོ་སྡོམ་པ་མཐིང་ཁའི་ཚོགས་དཔག་ཏུ་མེད་པ་སྤྲོས། སློབ་མའི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་དང་། སློབ་དཔོན་གྱི་སྐུ་ལས་སྤྲུལ་པ་དཔག་


PS010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་སྤྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ཕྲིན་ལས་རྣམ་པ་བཞི་སྒྲུབ། སྤྲུལ་པ་རྣམས་ཚུར་འདུས་ཏེ། སློབ་མའི་ལུས་ལ་ཐིམ་པས་དབང་བཞི་པ་ཐོབ་པར་བསམ། དེ་རྗེས་སུ་བདེ་མཆོག་སྐུ་གསུང་ཐུགས་སྒྲུབ་ཀྱི་སྒྲུབ་ཐབས་ནས་འབྱུང་བ་བཞིན། སྒོམ་ལུང་རྫོགས་པར་ཕོག།འདི་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མཎྜལ་པདྨ་འདབ་བཞི་དཀར་པོ་དང་། དམར་པོ་དང་། མཐིང་ཁ་རྣམས། མཎྜལ་གསུམ་གྱི་སྟེངས་སུ་བྲིའོ། །རྗེ་བཙུན་མ་མུ་ཏིག་འཕྲེང་བའི་བྱིན་རླབས་ཀྱི་དངོས་གཞི་ནི། སློབ་མ་ལ་ཐོག་མར་སྒྲུབ་ཐབས་ནས་ཇི་སྐད་འབྱུང་བ་བཞིན་གྱི་སྒོམ་ལུང་རྫོགས་པར་ཕོག།ཡེ་ཤེས་པ་བསྟིམ་པའི་རྗེས་སུ། གནས་གསུམ་བྱིན་རླབས་དང་། གོ་ཆ་འགོད་པ་གཞུང་ན་མི་གསལ་ཡང་མཛད། སྔགས་ཀྱི་བཟླས་


PS010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས། སྔགས་ཀྱི་རྗེས་བཟློས་ཡང་ཚར་གསུམ་མཛད་དོ། །དེ་ནས་སློབ་དཔོན་རྗེ་བཙུན་མར་གསལ་བ་ལ། གོང་བཞིན་མཆོད་པ་ཕུལ་ཞིང་། གསོལ་བ་བཏབ་པས། སློབ་དཔོན་གྱིས་དཔྲལ། མགྲིན། སྙིང་ག་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་དང་པོ་གསུམ་དང་། སློབ་དཔོན་གྱི་ལྟེ་བ་ནས། ཧྲཱིཿཡིག་དཔག་ཏུ་མེད་པ་སྤྲོས། སློབ་མའི་ལྟེ་བར་ཐིམ་པས་དབང་བཞི་པ་ཐོབ་པར་བསམ་མོ། །བླ་མའི་དབང་བསྐུར་ནི། སྔོན་འགྲོ་ལྔ་པ་བཏང་ལ། དངོས་གཞི་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཞིང་ཁམས་རྣམ་པར་དག་ཅིང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་


PS010_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སེང་གེས་སྟེགས་པའི་རིན་པོ་ཆེའི་ཁྲི། པདྨ། ཉི་མ། ཟླ་བའི་སྟེང་དུ་བླ་མ་ཧེ་རུ་ཀའི། རྡོ་རྗེ་འཆང་གི་རྣམ་པ་ཅན། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་མཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པ་དེའི་གཡས་ཕྱོགས་སུ་འདས་པའི་བླ་མ་རྣམས་དང་། གཡོན་དུ་མ་འོངས་པ་ན་རང་ལ་བྱིན་གྱིས་རློབ་པར་འགྱུར་པའི་བླ་མ་རྣམས་དང་། མདུན་དུ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་བསམ། དེ་རྣམས་ལ་མཆོད་པ་བཞི་ཚོགས་སུ་ཕུལ་ཞིང་། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་བཟུང་དུ་གསོལ། །དམ་ཚིག་མ་ལུས་པ་བསྐང་དུ་གསོལ། །དབང་བཞི་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡི་དམ་ཞི་ཁྲོ་རབ་


PS010_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ་སྤྱན་དྲངས། དེ་རྣམས་སྐུའི་རྣམ་པ་འགྱུར་ཏེ། སྐུའི་རིགས་ཀྱི་ལྷ་ཚོགས། སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་དང་། གསུང་གི་རིགས་ཀྱི་ལྷ་ཚོགས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་དང་། ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་རྣམ་པར་བཞུགས་པར་བསམ། ཡང་དེ་རྣམས་ལ་མོས་གུས་གདུང་པ་བྱས་པས། སྐུའི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། བླ་མའི་སྐུའི་དཔྲལ་བ་ནས་ཞུགས། སྐུ་ལུས་བདེ་བ་ཆེན་པོས་གང་ཞིང་རྒྱས་པར་འགྱུར། རང་གི་ལུས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ། ཡང་གསུང་གི་རིགས་ཀྱི་ལྷ་ཚོགས་


PS010_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐུ་ལས། བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། བླ་མའི་སྐུའི་མགྲིན་པ་ནས་ཞུགས། བླ་མའི་ཐུགས་བདེ་བ་ཆེན་པོས་གང་ཞིང་མཉེས་པར་གྱུར། རང་གི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ། ཡང་ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས། བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། བླ་མའི་ཐུགས་ཀ་ནས་ཞུགས། ཐུགས་རྒྱུད་བདེ་བ་ཆེན་པོས་གང་ཞིང་མཉེས་པར་གྱུར། རང་གི་ཡིད་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་མོ། །དེ་ནས་འཇིག་རྟེན་གྱིས་ཁམས་འདི་རིན་པོ་ཆེ་གསེར་ལ་སོགས་པས་ཕྱུར་བུར་བཀངས་ཏེ། བླ་མ་ལ་ཕུལ་བར་བསམ། དེ་བཞིན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པས་ཀྱང་ཡོངས་སུ་བཀང་སྟེ་ཕུལ་བས་མཉེས་པར་མོས། དེ་ནས་རང་གི་མདུན་དུ། མི་


PS010_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་སྒྱིད་པུ་གསུམ་བྱུང་བར་བསམ། རང་གི་ལག་པ་གཡས་སུ། ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་གི་མགོ་བཅད་དེ། མདུན་གྱིས་བསྒྱེད་པོ་ལ་སྐལ་བར་བསམ་ཞིང་། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལུས་ཀྱི་རོ་སྟོད་ཐོད་པའི་ནང་དུ་བརྒྱང་སྟེ་བསྐྱུར་བར་མོས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་ལུས་ཀྱི་རོ་སྨད་ཐོད་པའི་ནང་དུ་རྒྱངས་ཏེ་སྐྱུར་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་རང་སེམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གནས་པར་མོས། བླ་མའི་དཔྲལ་མགྲིན་སྙིང་ག་གསུམ་ནས་


PS010_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས་ཏེ། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་པོ་གསུམ་དང་། བླ་མའི་གནས་གསུམ་བཅར་ནས། འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་སངས་རྒྱས་བྱང་སེམས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པ་རྣམས། བླ་མ་ལ་ཐིམ། དུས་བཞིའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སེམས་དང་བླ་མའི་ཐུགས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་མོས་ལ། དེའི་ངང་ལ་ཅུང་ཟད་ཙམ་མཉམ་པར་བཞག་གོ། ༈ སྒྱུ་མ་ལམ་ཁྱེར་གྱི་བཀའ་ནི། སྔོན་འགྲོ་རྣམས་སྤྱི་དང་འདྲ། དངོས་


PS010_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནི། སློབ་མ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་མདུན་གྱིས་ནམ་མཁའ་ལ། དབུས་སུ་བླ་མ་དང་དབྱེར་མེད་ཀྱི་བདེ་མཆོག་ལྷན་སྐྱེས། ཤར་དུ་དགྱེས་མཛད། ལྷོར་མ་ཧཱ་མ་ཡ། ནུབ་ཏུ་གསང་འདུས། བྱང་དུ་འཇིགས་བྱེད་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོས་བསྐོར་བར་དམིགས་ལ། དེ་རྣམས་ལ་མཆོད་པ་ཕུལ་ཞིང་མོས་གུས་གདུང་པ་བྱས་པས། འཁོར་ལོ་སྡོམ་པའི་ཐུགས་ཀ་ནས། ཨོཾ་ཡིག་དཀར་པོ་ཞིག་རྒྱངས་ཏེ་ཐོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས། ཞེས་པ་ནས། ཁྱེད་རང་གི་སེམས་ཉིད་དྭངས་མ་ཡེ་ཤེས་ལྔ་ལྡན་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་གསལ་སིང་གི་ཞོག་ཞེས་པའི་བར། སྒྱུ་ལུས་དབང་མོ་ཆེའི་སྐབས་དང་འདྲ་བ་ལས།


PS010_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་སོགས་པའི་ཡི་གེ་རྣམས་ཀྱང་། བླ་མ་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་སྤྲོ་བ་ནི་ཁྱད་པར་རོ། །དེ་ནས་སློབ་མའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཁ་དོག་དཀར་པོ། དེའི་ནང་སྤྱི་བོར་ཧཾ་དཀར་པོ་མགོ་མཐུར་བསྟན། མགྲིན་པར་ཨོཾ་དམར་པོ་མགོ་གྱེན་བསྟན། སྙིང་གར་ཧཱུཾ་སྔོན་པོ་མགོ་བོ་མཐུར་བསྟན། ལྟེ་བར་ཨཾ་དམར་སེར་མགོ་བོ་གྱེན་བསྟན་རྣམས་གསལ་བཏབ། དེ་ནས་སྤྱི་བོའི་ཧཾ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ལུས་ཀྱི་ནང་ཐམས་ཅད་གང་། སླར་འདུས་ཏེ་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ། དེ་བཞིན་དུ་མགྲིན་པའི་ཨོཾ་གྱི་འོད་ཟེར་སྙིང་གའི་ཧཱུཾ་ལ་ཐིམ་པ་དང་། སྙིང་གའི་ཧཱུཾ་གི་འོད་ཟེར་ལྟེ་བའི་ཨཾ་ལ་ཐིམ་པ་དང་། སླར་ཡང་ལྟེ་བའི་ཨཾ་གྱི་འོད་ཟེར་སྙིང་གའི་ཧཱུཾ་ལ་ཕོག་པ་སོགས་སྤྱི་བོའི་ཧཾ་གྱི་བར་མས་རིམ་གྱིས་བྱ། དེ་ནས་


PS010_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི། ཨོཾ་དང་། སྙིང་གའི་ཧཱུཾ་མི་དམིགས་པར་གྱུར། སྤྱི་བོའི་ཧཾ་ཞུ་སྟེ་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར་ཏེ། སྙིང་གར་སླེབ། ལྟེ་བའི་ཨཾ་ཞུ་བ་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་ཏེ་སྙིང་གར་སླེབ། ཐིག་ལེ་གཉིས་པོ་འགྲོས་འདེད་ཀྱི་ཚུལ་གྱིས་འཁོར་བ་བུམ་དབང་། རེག་པ་གསང་དབང་། རེག་པས་བདེ་བ་སྐྱེས་པ། ཤེར་དབང་། གཅིག་ལ་གཅིག་ཐིམ་པ་དབང་བཞི་པའོ། །རྗེས་རྣམས་སྤྱི་དང་འདྲ།། ༈ ན་མོ་གུ་རུ། ཐབས་ལམ་སྒོམ་པའི་རྣལ་འབྱོར་ལ། །རྒྱུད་ལ་དུག་གསུམ་སྐྱེས་པ་ཡི། །དེ་ཡི་འབྲས་བུ་ནད་གསོ་ན། །ལུས་སྦྱོངས་འཁྲུལ་འཁོར་དག་གི་བཅོས། །གཏི་མུག་སྟོབས་ཀྱིས་བྱུང་གྱུར་ན། །རྣམ་པར་སྣང་མཛད་འདུག་སྟངས་དང་། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །གཏི་མུག་མུན་པ་བསལ་


PS010_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །ཉོན་མོངས་གཏི་མུག་ཞི་བར་བསམ། །རྒོད་པའི་སྟོབས་ཀྱི་འགྲོ་འདོད་ན། །རང་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་། །སྲིན་ལག་ནས་བཟུང་ལྟག་པ་ནས། །བཀུག་ནས་གཡས་གཡོན་དག་ཏུ་ནི། །དྲག་པོ་གསུམ་གསུམ་གཅུ་བར་བྱ། །སྤྱི་བོར་ཐལ་རྒྱབ་ཐིམ་པར་བསམ། །ཡི་དྭགས་སྟོབས་ཀྱི་ཁྲོ་ཚིག་ན། །དོན་ཡོད་གྲུབ་པའི་འདུག་སྟངས་ཀྱི། །རང་ལ་གནོད་པའི་ཡི་དྭགས་ནི། །བདུད་རྩིའི་རྒྱུན་གྱི་ཚིམ་པར་བྱ། །དེ་རྗེས་རྡོ་རྗེའི་སྐྱིལ་ཀྲུང་དང་། །འབར་བའི་ཕྱག་རྒྱ་ཐུགས་ཀར་བཅས། །ཁྲོ་བོའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །ཕྱོགས་བཅུ་ས་བོན་མེ་འཁོར་གྱིས། །རང་ལ་གནོད་བྱེད་བསྐྲད་པར་བསམ། །ཁྲོ་བོའི་བཟླས་པ་བག་ཙམ་བྱ། །རྒྱུད་ལ་ཞེ་སྡང་སྐྱེས་གྱུར་པས། །འབྲས་བུ་སྟོད་དུ་གཟེར་བྱུང་ན། །རྡོ་རྗེའི་སྐྱིལ་ཀྲུང་བྲང་ཁ་རུ། །གཡས་གཡོན་དུ་ནི་གསུམ་


PS010_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅུས། །ཁྲོ་བོའི་སྤྱན་གྱིས་གཡས་གཡོན་བལྟ། །དེ་རྗེས་མཉམ་བཞག་ཕྱག་རྒྱ་ཡི། །ཕོ་བར་སྡོམས་ཏེ་ལན་གསུམ་བསྲང་། །རྒྱུད་ལ་འདོད་ཆགས་སྐྱེས་པ་ཡིས། །འབྲས་བུ་སྨད་དུ་ནད་བྱུང་ན། །ལུས་པོ་རྐྱང་སྟེ་རྐང་པ་གཡོན། །ལག་པ་གར་ཟན་འབྲུའི་ཕྱག་རྒྱ་བྱ། །དེ་གཉིས་དམིགས་པ་གཅིག་ཡིན་ཏེ། །སྙིང་གར་ཡི་གེ་མ་དང་ནི། །ཐིག་ལེ་དཀར་དམར་སྦྱོར་བ་ཡིས། །རྒྱུད་ལ་བདེ་སྟོང་སྐྱེས་པར་བསམ། །ཕྱིར་ཤོར་ནང་དུ་དྲོད་མེད་ན། །ལུས་སེམས་འཕྲལ་དེ་བསྡུ་བར་བྱ། །གཏུམ་མོ་དག་གི་མེ་ལ་ཡིན། །མེ་དེ་ཕྲ་བ་སྐུད་པ་ཙམ། །དབུ་མ་དབུ་ཞབས་སླེབ་བསམ་ལ། །དེ་ལས་མེ་གཏད་གསལ་བར་བསྒོམ། །དྲོད་སྐྱེས་བདེ་བ་མེད་གྱུར་ན། །ཐིག་ལེ་དབབ་པའི་མན་ངག་ནི། །སྡོམ་གསུམ་ཆོད་པའི་གདན་ལ་ནི། །ལྐོག་གི་ལངས་ལ་སྡིག་


PS010_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཛུབ་བརྐྱངས། །གཅུ་ཞིང་གཅུ་ཞིང་མདུན་མཐའ་དང་། །དེ་ནི་རྒྱབ་མཐའ་དེ་འོག་ཏུ། །སེམས་དཔའི་སྐྱིལ་ཀྲུང་སྲིན་ལག་བཟུང་། །དྲག་ཏུ་གཅུ་ཞིང་ལག་ངར་ཤུད། །དེ་འོག་ལན་གསུམ་སྤྲུག་པར་བྱ། །དེ་ཡི་བདེ་བ་འབེབས་པ་ཡིན། །ལུས་སྦྱོངས་དེ་དག་གང་བྱེད་ཀྱང་། །རླུང་བཟུང་བ་ནི་ཤིན་ཏུ་གཅེས། །མཁའ་འགྲོ་ནེ་གུ་མའི་གདམས་པ་ཡང་དག་པའོ། ཟབ། ཨྀིྠ། །།། ༈ ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བ་ལས། རང་གི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་གཅིག་བསྒོམ། དེའི་ལྟེ་བ་ལ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཀྱིས་སྔགས་ཀྱི་གཡོན་སྐོར་དུ་འཁོར་བ་ལ་དམིགས་པ་གཏད་པས། དེ་ལས་འོད་ཟེར་སྔོན་པོ་འཕྲོས་པས་ལུས་ལ་ཁྱབ་པས། ལུས་ཀྱི་སྡིག་པ་དང་སྒྲིབ་པ་དག་པར་བསྒོམ། །མགྲིན་པའི་འཁོར་ལོ་རྩིབས་བཞི་པ་དམར་


PS010_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་གཅིག་ལྟེ་བ་ལ། ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱི་གཡས་སུ་བསྐོར་བ་ལ་སེམས་གཏད་པས། དེ་ལས་འོད་ཟེར་འཕྲོས་པས། མགྲིན་པ་འོད་ཀྱི་ཁྱབ་པས། ངག་གི་བྱས་པའི་སྒྲིབ་པ་དག་པར་བསྒོམ། །སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་གཅིག་གི་ལྟེ་བ་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱི་གཡས་བསྐོར་དུ་འཁོར་བ་ལ་ཤེས་པ་གཏད། འོད་ཟེར་སྔོན་པོ་འཕྲོས། རོ་སྟོད་ཐམས་ཅད་འོད་ཀྱི་ཁྱབ་པས། སེམས་ཀྱི་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས། ལུས་ཤེལ་གོང་དག་པའི་རྣམ་པ་ལྟ་བུ་ཕྱི་ནང་ཐམས་ཅད་གསལ་སིང་སིང་བར་བསམ་མོ། །དེ་ལ་ཨེན་ཙམ་ཅིག་བསྒོམ། དེ་ནས་སྙིང་གའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་དེ་སྔོ་འུབ་འུབ་པར་འདུས། །


PS010_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། མགྲིན་པའི་འཁོར་ལོ་སྤྱི་བོ་ལ་ཐིམ་པ་དང་། ལུས་སྟོང་སང་སོང་བར་བསྒོམ། དེ་ནས་འོག་རླུང་དྲངས་ཏེ། ལྟེ་བ་རྒལ་པ་ལ་བཅར་ཏེ་མནན། རླུང་བཟུང་མིག་ཧྲིག་སྟོན། ཤེས་པ་རྟེན་མི་བཅའ་བ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ ། བདེ་མཆོག་དགྱེས་རྡོར་མ་ཧཱ་མ་ཡ་དང་། རྒྱུད་གསུམ་དྲིལ་བའི་གསང་བའི་མན་ངག་འདི། །ཐོ་རངས་ཀྱི་ཆ་ལ་མ་ཆག་པར་བསྒོམ་ན། དགེ་སྦྱོར་བོགས་ཆེ་བ་འོང་། ཚུལ་ཁྲིམས་འཆལ་པ་དང་དམ་ཚིག་ཉམས་པའི་སྒྲིབ་པས་མི་ཚུགས། རྡོ་རྗེའི་ཁྲུས་སུ་འགྱུར་རོ། །ནད་གདོན་གྱིས་མི་ཚུགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དོ། །མཁའ་འགྲོ་ནེ་གུའི་ཞལ་གདམས་སོ། །ཨྀིྠ།། ༈ ཨོཾ་སྭ་སྟི། སྒྱུ་ལུས་སྦས་དོན་གྱིས་འཁྲུལ་འཁོར་ནི། །འབེབས་པའི་


PS010_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་རྣམ་གསུམ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལན་གསུམ་རྡེག།རྡོ་རྗེ་ཁུ་ཚུར་ཐུར་དུ་རྡིག།བྱ་ཉོང་བྱ་ཞིང་ཐུར་དུ་རྡིག།འཛིན་པའི་འཁྲུལ་འཁོར་རྣམ་གསུམ་ཁུ་ཚུར་སྤྱི་ཕྱིར་གཙུག་རྡེག།ཁུ་ཚུར་སྤྱི་མཚམས་ཟླ་རྒྱུད་སྤུས་ཚུར་གན་རྐྱལ་སྤྱི་ནི། །ལུས་གནད་ཁུ་ཚུར་སྤྱི་མགོའི་སྟེང་ནུ་སྟེང་སྤུས་རྡེག་ས་གནོན་མཉམ་བཞག་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས། །འདྲེན་སྔོན་མ་འདི་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་རུས་སྦལ་ཁ་བུག་ལ། །ཧཱུཾ་རིངས་ཧཱུཾ་ཐུང་ཤང་ལམ་བཟློག།དགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །གཅན་གཟན་རྒྱལ་པོའི་འདུག་སྟངས་དང་། །གཡང་མོའི་ལྡིང་སྤྲུག་རྒོད་ལྡིང་བྱ། །འཁྲུགས་སྡེབས་བླ་མའི་ཞལ་ལས་ཤེས།། ༈ གཏུམ་མོ་གཏན་ཐོག་གྲུ་མོ་སྤུས་མོ་གྲངས་གཅིག་མ་ནི་སྐྱབས་སེམས་ལྷར་བསྒོམ།


PS010_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་གསོལ་འདེབས་རྣམས། གཏུམ་པོ་རྒྱས་པ་བཞིན། རོ་རྐྱང་སྤངས་པའི་དབུ་མ། ཡས་སྣ་ཧར་ཐོན་སྣར། ཧཾ་དཀར། སྤྱི་བོ་སྟེང་བླ་མ། ཡུམ་བཅས་མ་གང་རུང་དབུ་མའི་མས་སྣར་རཾ་དང་། ལྟེ་བར་ཉི་གདན་ལ་ཨ་ཤད་བླ་མའི་ངོ་བོར་སྒོམ། རླུང་རོ་བུས། སྟེང་འོག་རླུང་ཁ་སྦྱར། དབུ་མ་ནས་རཾ་ལ་ཕོག་མེ་འབར། ཨ་ཤད་བསྲེགས། མེ་འབར་བའི་རྩེ་ལ་མཆོད་པ་དང་བཅས། བླ་མ་སངས་རྒྱས་བྱང་སེམས་མཆོད། སངས་རྒྱས་བྱང་སེམས་བླ་མར་ཐིམ། བླ་མ་དགྱེས་བཞིན་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ་ཞིང་། ཧཾ་ལས་བདུད་རྩི་བབས། སྤྱི། མགྲིན། སྙིང་། ལྟེ། རྣམས་སུ་སླེབ། རིམས་ཀྱིས། བུམ། གསང་། ཤེར་དབང་། བཞི་པ་རྣམས་ཐོབ། འབར་འཛག་ལ་ཡིད་གཏད། བུམ་ཅན་བསྒོམས་


PS010_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། འདི་ལ་གཏུམ་མོ་དངོས་གཞི་དོན་རྣམས་ཚང་བས། སྟན་ཐོག་གཅིག་མར་གྲགས། ཏཱ་ར་ནཱ་ཐའི་གསུང་ལས། བྱ་བཏང་བྱམས་པས་ཟིན་བྲིས་བགྱིས་པའོ།། ༈ འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བར་གྲགས་པ། འཕོ་བ་སྤེ་གཉིས་མ་ཟེར་བ་ནི། སྐྱབས་སེམས་གསོལ་འདེབས། འཕོ་བ་ཀྱུས་བཞིན། རང་ལུས་ཐ་མལ་གྱི་ལུས་དབུས་སུ། རྩ་དབུ་མ་སྲ་ཞིང་བརྟན་པ། སྤྱི་བོ་ནས། ལྟེ་འོག་ཟུག་པའི་ལྟེ་བར་ཨ་དཀར་པོ་མཁའ་སྤྱོད་མ་སྤྱི་བོར་བསྒྲད་བཞུགས། གསང་བ། ཚང་བུག་ལ་སྦྱར་བ། རང་གི་ལག་གཡས་སུ་རལ་གྲིས་ཐོད་པ་མདུན་དུ་ཕོག་པའི་ནང་དུ། ལུས་གསང་བ་ཡན། ཐོད་པར་སྐུར་བ། བདུད་རྩིར་གྱུར་ནས། མཁའ་སྤྱོད་མ་མཆོད་པ་བྱས་ཤིང་། ཧིག་ཞེས། ཨ་ལྟེ་བ་ནས་འཕར། དབུ་མ་


PS010_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མཁའ་སྤྱོད་མའི་གསང་བར་ཞུགས། ཐུགས་ཀར་སླེབས། ཀ་ཞེས་ལྟེ་བར་ཕབ། །མཁའ་སྤྱོད་མ་ཡར་འབུར། །སླར་ཡང་བྱོན་ནས། སྤྱི་བོ་ནས་ཨ་བདུད་རྩིའི་རྣམ་པར་དབུ་མར་ཞུགས། །ཨའི་ངོ་བོར་གྱུར། མཁའ་སྤྱོད་མ་འཕུར་ཏེ་གཤེགས། བསྔོོ་བ་སྨོན་ལམ་བྱ།། ༈ ཚང་དང་ཟུར་ཐིག་ལེགས་བཏབ་ནས། ཆ་ཆེན་བཅུ་དྲུག་སྒོ་བར་བྱ། དང་དྲུག་ཕྱེད་ཕྱེད་ཕྱི་མ་གདབ། །གཉིས་བདུན་བཞི་ཆ་བཞི་རུ་སྒོ། །གསུམ་པ་བཞི་པ་རང་སར་བཞག།ལྔ་བརྒྱད་དབུས་དོར་ཐ་གཉིས་གདབ། །དགུ་པ་རྩ་བའི་ཐིག་ཡིན་ཏེ། །བཅོ་ལྔ་པ་ནི་མདའ་ཡབ་ཐིག།དེ་གཉིས་ཟུར་ནས་ཟུར་དུའོ། །བཅུ་པ་ལ་སོགས་ཐིག་ལྔ་ནི། །ཟུར་ཐིག་ནས་བརྩམས་ཚང་ཐིག་ངོས། །གཉིས་པར་རེག་པ་དང་པོ་གཉིས། །བདུན་པར་ཐེག་པ་ཕྱི་མ་གསུམ།


PS010_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

། ཚང་ཐིག་ནས་བརྩམས་གཉིས་པ་ནི། །བཅུ་ནས་བཅུ་གཅིག་བར་དུའོ། །ཚང་ཐིག་ནས་བརྩམས་དང་པོ་ནི། །དགུ་ནས་བཅུ་གཉིས་ལ་རེག་པའོ། །དེ་ནས་ངོ་བོས་གསུམ་པའི་བར། །སྟེང་དུ་བཅུ་བཞི་པ་ལ་རེག།དེ་གཉིས་རྩེ་སྦྲེལ་བཞི་ནི། །བཅུ་བཞི་པ་ནས་བཅུ་བཞི་པ། །རྩེ་ནས་རྩེ་རུ་བཅུ་བཞི་པ། །ཚང་ཐིག་ནས་བརྩམས་ལྔ་པ་དང་། །དྲུག་པ་བདུན་རྣམས་བཅུ་གཅིག་ནས། །བཅོ་ལྔ་ཐིག་ལ་རེག་པར་གདབ། །མདའ་ཕྱིར་གཅིག་ནས་ཚང་ཐིག་སྟེངས། །ཆ་ཆུང་གཉིས་ཀྱི་སྟེང་དུ་བསྐོར། །གཡས་གཡོན་སྣེ་ལ་ཐུད་ནས་ནི། །ཆ་ཆུང་རེ་རེ་གཡས་གཡོན་བསྐོར། །དེ་ནང་ཆ་ཆུང་ཕྱེད་ཀྱི་བསྐོར། །ནང་གི་བསྐོར་ཐིག་ལ་རེག་པར། །བཅུ་དྲུག་ལ་སོགས་ཐིག་བཞི་ནི། །ཚང་ཐིག་ནས་བརྩམས་བདུན་པ་དང་། །དྲུག་ལྔ་བཞི་ལ་


PS010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་གདབ། །དེ་དག་རྣམས་ཀྱི་རྩེ་མོའང་སྦྲེལ། །ཉི་ཤུ་ལ་སོགས་ཐིག་བཞི་ནི། །ཚང་ཐིག་ནས་བརྩམས་དང་པོ་ལ། །རེག་པ་ཙམ་དུ་གདབ་པར་བྱ། །ཡང་ན་རྩ་བ་ཆ་ཆུང་གཉིས། །རྩེ་མོ་ཆ་ཆུང་གཅིག་དབུས་རྭ། །ཚང་ཕྱིར་གཉིས་དང་མདའ་ཕྱིར་གཅིག།ཀ་རྒྱན་རྩེ་ནང་རྭ་བས་བསྐོར། །དེ་ནས་ངོས་གཉིས་སྟེང་དུ་གཅིག།ཕྱི་ནས་སྔ་མའི་ཚད་དུ། །དབུས་ཀྱི་ཆ་གསུམ་བཞི་བཞི་བསྐོར། །བཅུ་གཉིས་བཅུ་གཅིག་བཅུ་སྟེངས་བསྐོར། །གསུམ་པ་བཞི་པ་སྣོལ་བར་གདབ། །ལིང་ཚེ་དགུ་པར་འགྱུར་བ་ཡིན། །ཕྱི་རོལ་རིམ་པ་བསྐོར་ཐིག་རྣམས། །གཅིག་ཕྱེད་གཅིག་གི་ཚད་ཀྱི་བསྐོར།། ༈ ཨོཾ་སྭ་སྟི། ལག་མཆོད་ནི། སྒྲུབ་དཀྱིལ་དང་འབྲེལ་བའམ། མ་འབྲེལ་ཡང་རུང་། ནང་མཆོད་བྱིན་རླབས་བྱས། ལག་གཡོན་གྱིས་མཐིལ་


PS010_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །པདྨ་འདབ་ལྔ་བསམ་པའི། །ནང་མཆོད་ཐིག་ལེ་བཀོད། །དབུས་ནས་བརྩམས་གཡོན་བསྐོར། ཨོཾ། བཾ། ཧཾ། ཡོཾ། ཧྲིཾ། མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ། རྣམས་དཔའ་མོར་བསྐྱེད། སོར་མོ་རྣམས་ཀྱི། མཐེ་བོང་ནས་བརྩམས་ཏེ། གཡོན་བསྐོར་དུ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ། ཧཱུཾ། བོ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། །སོར་རྩེ་རྣམས་སྡོམས་པའི་སྟེངས། །ཕཊཿཧཾ་རྣམས། དཔའ་བོ་དྲུག་ཏུ་བསྐྱེད། །སྔགས་དང་། འབྲུ་གསུམ་པའི་ནང་མཆོད་ཕུལ། ལག་པའི་འབྱུང་བ་ལྔ་རིགས་ལྔར་བསམ། ཐམས་ཅད་འོད་དུ་ཞུ། ལག་པར་ཐིམ། མཆོད་པ་སོགས་བྱིན་རླབས། ལག་པའི་མགུལ། ལྷག་པའི་ལྷའི་དལ་བསྐྱེད། མཆོད་པ་ཅི་འབྱོར་གྱིས་མཆོད། རྐང་བརྒྱད་ཀྱི་བསྟོད། འདོད་དོན་ཡིག་བརྒྱ། བཟོད་གསོལ། འཁྱུད་རྒྱ་དཔྲལ་མཚམས།


PS010_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡོ་ག་སོགས། ལྷ་རང་ལ་ཐིམ་པར་བསམ། བསྔོ་བ་སོགས་བྱ། ཕག་མོ་ལ་དཔའ་བོ་དྲུག་དོར་ཞིང་། ལྷག་པའི་ལྷར་ཕག་མོ་བསྐྱེད་པ་གོ་རྗེས། དེ་བཞིན་མཆོད་པ་སོགས་བྱ་བ་རིགས་འགྲེའོ། །མངྒ་ལཾ། །

ཞུས་ལེན་ཉི་མའི་དཀྱིལ་འཁོར།


PS010_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ལེན་ཉི་མའི་དཀྱིལ་འཁོར་བཞུགས། །


PS010_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །རང་བཞིན་སྐྱེ་བ་མེད་པའི་དོན་རྟོགས་པའི། །གནམ་ལྕགས་མི་རྫི་སྣང་སྟོང་ལྷ་ཡི་སྐུ། །རྒྱུན་ཆད་མེད་པར་མཁྱེན་གཉིས་འགྲོ་དོན་མཛད། །རྟོགས་པའི་ཉི་ཟེར་འགྲོ་བའི་མུན་སེལ་བའི། །མཚུངས་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །འགྲོ་མགོན་དཔལ་ལྡན་བླ་མའི་ཞལ་སྔ་ནས། །བླ་མའི་དྲིན་གྱིས་གདམས་


PS010_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཐོས་པ་རྣམས། །གཟུང་འཛིན་འཁྲུལ་པས་བཅིངས་པའི་ལུས་འདི་ཡི། །གནས་ལུགས་འདི་ལྟར་ཡིན་པར་ཤེས་པར་བྱ། །རྣམ་སྨིན་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་། །བག་ཆགས་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས༴ དམིགས་མེད་སྒྱུ༴


PS010_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་བླ་མ༴ ཡིད་ཀྱི་ལུས་ལ་རྒྱལ་བའི་སྐུ། །བསམ་པ་ཙམ་གྱིས་དོན་རྣམས་འགྲུབ། །དམིགས་མེད་སྒྱུ་ལུས་འཁྱམས་པོ་ཡིན། །རང་སེམས་བླ་མ་དེ་སྐད་གསུང་། །དེ་ལ་རྣམ་སྨིན་གྱི་ལུས་ལ་རྒྱལ་བའི་སྐུ་འགྲུབ་པའི་གནད་ལ་ཤེས་ཤིང་མ་རྟོགས་ན། ཐམས་ཅད་མཁྱེན་པའི་སངས་རྒྱས་མི་ཐོབ་བོ། །དེའི་གནད་གང་ཡིན་ན། སྒྱུ་མ་རང་ཤར་དུ་འབྱུང་བ་སྟེ། སྣང་བ་འདི་སྣང་ཡང་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་ཏེ། སྣང་བ་འདི་རང་བཞིན་མེད་པར་ཤེས་པའམ། རྟོགས་པ་ལ་རྒྱལ་བའི་སྐུ་རང་ཤར་དུ་འབྱུང་བས། བསམ་པ་ཙམ་གྱིས་དོན་འགྲུབ་པར་བྱེད་པའོ། །དེ་ལ་བླ་མའི་མོས་གུས་དང་། སྒྲུབ་པ་ཚུལ་བཞིན་ཉམས་སུ་བླང་པ་ལ། སྒྱུ་མ་རང་ཤར་དུ་འབྱུང་ལ། དེའི་གནད་ཀྱིས་སྨིན་དཀའ་ཚོལ་བའམ། རང་


PS010_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་འབྱུང་སྟེ། ཐུན་མོང་གི་དོན་སྣ་ཚོགས་ཡང་འབྱུང་བར་འགྱུར་རོ། །དེ་ཡང་སྣང་བ་འདི་རང་སྣང་ཡིན་པའི་གནད་དཀས། རྒྱལ་བའི་སྐུ་གང་བསམ་པ་དེ་མཐོང་བའམ། མཐར་ཕྱིན་པར་འགྱུར་རོ། །གཞན་ཡང་སྣང་བ་དང་སྟོང་པ་དབྱེར་མེད་པར་རྟོགས་པ་དེ་ལ། སྒྱུ་མའི་རྟོགས་པར་འདོད་པ་ཡིན་ནོ། །དེ་ལ་ཐེག་པ་ཆེན་པོའི་ཆ་མཐུན་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ནོ། །རང་སྣང་སྒྱུ་མར་འབྱོངས་ཏེ་གཞན་དོན་དུ། གཟུགས་སྐུ་རང་ཤར་དུ་འབྱུང་སྟེ། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་། རྒྱུན་མི་ཆད་པར་འགྱུར་རོ། །འཁོར་བར་ལྡོག་པའི་དུས་དང་། ཡེ་ཤེས་སླེབ་པའི་ཚད་ནི། ལས་དང་པོ་པ་ནས་འཇིག་རྟེན་ཆོས་མཆོག་མན་ཆད་དུ་ཆ་མཐུན་རེ་རྩིར་ཡོད་པས། ཡེ་ཤེས་ཀྱིས་སླེབ་པ་ནི་


PS010_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གལ་ཆེའོ། །དང་པོ་འཁོར་བར་ལྡོག་པའི་དུས་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲག་ལ་བཟོད་ཐབས་མེད་པ་སྐྱེས་པའི་དུས་དེ་ཡིན། །ཡེ་ཤེས་སླེབ་པའི་ཚད་ནི། སྒྱུ་མ་ཡིན། རྨི་ལམ་ཡིན། རང་དབང་མེད་པ་ཡིན་སྙམ་དུ་ཤེས་པའམ། རྟོགས་པ་དེ་ཡིན་ནོ། །སྣང་བ་དགྲར་ལངས་ཀྱི་འཕྲང་བྱུང་པའི་དུས་སུ་ཡང་དེ་རྣམས་རྨི་ལམ་སྒྱུ་མར་ཆོད་པར་བྱ། །སྒྱུ་མ་རྨི་ལམ་ངོ་བོ་ངོས་བཟུང་ཐམས་ཅད་བྲལ་བ། མཚན་ཉིད་བློའི་ཡུལ་ལས་འདས་པའི་དོན་རྟོགས་པ་དང་། ཡེ་ཤེས་ཀྱིས་སླེབ་པ་ཚད་ཡིན་ནོ། །གཟུང་འཛིན་འཁྲུལ་པས་བཅིངས་པའི་ཟག་བཅས་ལུས། །སྣང་སྟོང་སྒྱུ་མའི་ལྷ་སྐུ་སྤྲིན་བྲལ་གྱིས། །ཟླ་བ་རྒྱས་བཞིན་ཡོན་ཏན་རབ་རྫོགས་ནས། །ལུས་ཅན་ཀུན་གྱིས་སྐུ་གསུམ་


PS010_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐོབ་ཤོག།དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་གཏིབས་པ་ཡི། །ས་ཕྱོགས་ཡིད་འོང་ཉམས་རྟོགས་འཕེལ་གྱུར་ཞིང་། །འོག་མིན་གནས་མཆོག་རི་གོང་ཡང་དགོན་དུ། །གསུང་མཆོག་འདི་བཀོད་བྱང་ཆུབ་གནས་སུ་བསྔོ། །ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་རྫོགས་སོ། །མངྒ་ལཾ། །

ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་རྗེས་གནང་། གྲུབ་ཐོབ་སྐྱེར་སྒང་པ།


PS010_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་རྗེས་གནང་བཞུགས་སོ།། །།


PS010_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་གསུམ་གྱི་རྗེས་གནང་བྱེད་པར་འདོད་པས། སློབ་དཔོན་གྱི་བྱ་བ་དང་སློབ་མ་ལ་བྱ་བ་གཉིས། སློབ་དཔོན་གྱི་བྱ་བ་ནི། མདུན་དུ་མཎྜལ་གྱི་སྟེང་དུ་ཚོམ་བུ་གསུམ་བཀོད་པའི་མཐར་བྱང་ཤར་དུ་འཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་སིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་


PS010_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དང་ཤར་ལྷོར་གཏོར་ཆུང་རེ་རེ་རྣམས་བཤམས། བདག་བསྐྱེད་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝ་སོགས་ཀྱི་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདཀར་པོ། དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་པའི་དབུས་ཀྱི་ཐིག་ལེ་ཆེ་བ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་


PS010_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱི་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་ཤེལ་དཀར་པོའི་ཕྲེང་བ་བརྒྱ་རྩ་བརྒྱད་བསྣམས་པ། གཡོན་གཉིས་པ་ན་མེ་ཏོག་པདྨ་དཀར་པོ་སྙན་གྱི་ཐད་ཁར་ཁ་བྱེ་བ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་བརྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། གཡས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཇོ་མོ་ནོར་བུ་འཛིན་པ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གྱི་གཉིས་པས་རིན་པོ་ཆེ་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེ་དང་དར་གྱི་ན་བཟས་མཛེས་པ། སྤུས་མོ་གཙུགས་ནས་སྤྱན་གཉིས་ཇོ་བོའི་སྨྲིན་ཕྲག་ཏུ་


PS010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ། གཡོན་གྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡུམ་ཇོ་མོ་འབྲུ་དྲུག་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གིས་ཕྲེང་བ་བསྒྲེན་པ། གཡོན་གྱི་གཉིས་པས་ཨུཏྤལ་ལ་འཛིན་པ། རིན་པོ་ཆེ་རྒྱན་དང་དར་གྱི་ན་བཟས་མཛེས་པ་དཔུས་མོ་གཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་འཁོར་གསུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ལ། སངས་རྒྱས་དང་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་


PS010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་དཔག་མེད་དང་། འཁོར་གཉིས་ལ་གཙོ་བོ་ཉིད་ཀྱི་དབུ་བརྒྱན། ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་པ་བརྒྱ་རྩ་སྟོང་རྩ་བཟླས། མདུན་གྱི་མཆོད་པ་བྱིན་གྱིས་རླབས། མདུན་གྱི་ཚོམ་བུ་གསུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་ཞུ་བ་ལས་ཐིག་ལེ་དཀར་པོ་ཆེ་ཆུང་གསུམ་དུ་གྱུར་པའི་དབུས་ཀྱི་ཐིག་ལེ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། གཡས་ཀྱི་ཐིག་ལེ་ཇོ་མོ་ནོར་བུ་འཛིན་པ། གཡོན་གྱི་ཐིག་ལེ་ཡུམ་ཇོ་མོ་འགྲོ་དྲུག་མར་བསྐྱེད་པ་སོགས་བདག་མདུན་གྱི་ཁྱད་པར་མ་གཏོགས། བདག་བསྐྱེད་ལྟར་བསྐྱེད། གནས་གསུམ་བྱིན་གྱིས་


PS010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རླབས། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རིགས་བདག་གི་རྒྱས་བཏབ་ལ། ལོ་ཀེ་ཤྭ་ར་སྔོན་དུ་འགྲོ་བས་མཆོད་པ་རྣམས་ཀྱིས་མཆོད། གཏོར་མ་གཉིས་བདུད་རྩིར་བྱིན་གྱིས་རླབས་ལ། གཏོར་མ་དང་པོ་ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མཾ་ལྔས་གཙོ་འཁོར་གསུམ་ལ་ཕུལ། གཏོར་མ་གཉིས་པ་བྷ་རུ་་ཨི་དཾ༴ ཞེས་པས་ཆུ་བདག་བྷ་རུ་་ལ་ཕུལ་ཏེ། སློབ་དཔོན་གྱི་བྱ་བའོ། །གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྣམས་མདུན་དུ་བོས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་གནང་ཟབ་མོ་གསན་སྙམ་པ་མཛོད། །རྗེས་གནང་གི་ཡོན་དུ་མཎྜལ་འབུལ་དུ་བཅུག །གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་


PS010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཞེས་པ་ལན་གསུམ་གྱི་གསོལ་བ་གདབ། །རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ཅེས་པའི་བར་ལན་གསུམ། དངོས་གཞི་ལ། རྗེས་གནང་གི་གཞི་འགོད་པ་དང་། རྗེས་གནང་དངོས་གཉིས་སུ་ཡོད་པ་ལས། རྗེས་གནང་གི་གཞི་འགོད་པ་ནི། །ཨོཾ་སྭཱ་བྷཱ་ཝ་སོགས་བརྗོད་ནས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་


PS010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿདཀར་པོ་རེ་རེར་གྱུར། དེ་ཞུ་བ་ལས་ཐིག་ལེ་ཆེ་ཆུང་གསུམ་དུ་གྱུར་པའི། དབུས་ཀྱི་ཐིག་ལེ་ཆེ་བ་ཐུགས་རྗེ་ཆེན་པོ། གཡས་ཀྱི་ཐིག་ལེ་ཇོ་མོ་ནོར་བུ་དང་། གཡོན་གྱི་ཐིག་ལེ་ཇོ་མོ་འགྲོ་དྲུག་མར་བསྐྱེད་པ་སོགས། སྔར་བདག་བསྐྱེད་ཀྱི་སྐབས་ཇི་ལྟ་བ་བཞིན་དུ་བསྐྱེད། རྗེས་གནང་དངོས་ལ། རྗེས་སུ་བཟླས་པའི་ལུང་། དམ་བཅའ་བའི་ལུང་། བྱིན་གྱིས་རླབས་པའི་ལུང་དང་གསུམ་དུ་ཡོད་པ་ལས། དང་པོ་ནི་སློབ་དཔོན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་སྔགས་ཀྱི་འཕྲེང་བ་དཔག་ཏུ་མེད་པ་བྱུང་། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་ཟླ་བའི་


PS010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཧྲཱིཿཡིག་གི་མཐའ་མར་གཡས་སྐོར་དུ་འཁོད་པའི་མོས་པ་མཛོད། ཞེས། ཨོཾ་མ་ཎི་པདྨེ་ཧཱུཾ་བཟླས་ལུང་ཐོབ་པའི་ཡོན་དུ་སློབ་དཔོན་ལ་མེ་ཏོག་གཏོར་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་མགོ་བར་མཛོད། །ཞེས་ལན་གསུམ་བརྗོད་དུ་བཞུག།ཁྱེད་རང་གི་ཕུལ་བའི་མེ་ཏོག་གི་འཕྲེང་བ་དེ། སྔགས་ཀྱི་འཕྲེང་བར་བྱིན་གྱིས་རླབས་ཏེ། ཁྱེད་རང་རྣམས་ཀྱི་བརྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་མེ་ཏོག་གཏོར། །དམ་བཅའ་བའི་ལུང་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །སོ་སོའི་མིང་བརྗོད་ཅིང་


PS010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ཞེས་པ་ལན་གསུམ་བརྗོད་དུ་བཞུགས། བྱིན་གྱིས་རླབས་པའི་ལུང་ནི། སློབ་དཔོན་ལ་གུས་འདུད་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། མདུན་གྱི་གཙོ་འཁོར་གསུམ་གྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་གསུམ་གྱི་ཐུགས་ཁ་ནས་རང་རང་གི་སྐུ་མཐེ་བོང་གི་ཚད་ཙམ་པ་རེ་ཆད་ནས་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ནས་ཐིམ་པས། རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། །མེ་ཏོག་གཏོར་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི་ཞེས་སོགས་སྔར་བཞིན་མཛོད། །དངོས་གཞིའི་གནས་སྐབས་སུ་ཁས་


PS010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་དམ་ཚིག་དང་སྡོམ་པའི་ཚོགས་རྣམས་ཚུལ་བཞིན་དུ་བཟུང་སྙམ་པའི་འདིའི་རྗེས་བཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཞེས་སོགས་ལན་གསུམ་བརྗོད་དུ་བཞུག།རྗེས་གནང་གི་ཡོན་དུ་མཎྜལ་འབུལ་དུ་བཞུག།མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཀྱང་འབུལ་སྙམས་པས་འདིས་རྗེས་བཟློས་མཛོད། །དེང་ནས་ཙམ་སྟེ་བདག་བྲན་དུ། །ཞེས་སོགས་བརྗོད་དུ་བཞུག།རྗེས་ནི་མདུན་གྱི་མཆོད་པ་རྣམས་ཁ་གསོས་བྱིན་གྱིས་རླབས་ནས་ལོ་ཀེ་ཤྭ་ར་སྔོན་དུ་འགྲོ་བའི་མཆོད་སྔགས་ཀྱིས་མཆོད། སྐྱོན་གྱི་མ་གོས་སྐུ་མདོག་དཀར་སོགས་ཀྱིས་བསྟོད། །ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད་སོགས་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། །དམ་ཚིག་པ་རང་ལ་བསྡུའོ། །དགེ་བ་འདི་ཡི་མྱུར་དུ་བདག།ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་


PS010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །མངྒ་ལཾ། །༅། རབ་གནས་བཀའ་རྒྱ་མ་རབ་གནས་ཀྱི་ཞལ་གདམས་བཞུགས་སོ། །ན་མོ་གུ་རུ། རབ་གནས་གང་བྱེད་ཀྱི་སྔོན་དུ་བསྙེན་པ་ནི་གལ་ཆེ་གསུང་། རང་རྗེ་བཙུན་མ་སྒྲོལ་མར་བསྐྱེད། མདུན་གྱི་མེ་ཏོག་རྣམས་ཀྱང་སྒྲོལ་མར་བསྐྱེད། དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསྟིམ་ཞིང་། རྟེན་འབྲེལ་སྙིང་པོ་བཟླ་གསུང་། མེ་ཏོག་གཏོར་ཙམ་ན། ལྷ་གང་ཡིན་དེར་བསྐྱེད་ནས། ལྷ་ལ་ལྷ་ཐིམ་པར་བསམ། འདི་གནད་ཆེ་བ་ཡིན་གསུང་། ཚེ་དང་བསོད་ནམས་རྒྱས་པར་འདོད་པས། འདོད་ལྷ་ལྟ་བུའི་རབ་གནས་བྱེད་ན། མེ་ཏོག་རིན་ཆེན་འབྱུང་ལྡན་དུ་བསམ་ནས་བསྙེན་པ་བྱ། མཐོར་ཡང་དེ་བཞིན་བྱ་གསུང་། །དབང་གི་ལྷའི་ལྷ་གནས་བྱེད་ན། སྣང་བ་


PS010_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་སུ་བསམ། ཁྲོ་བོ་འདོད་པའི་རྒྱལ་པོ། གཡས་ལྕགས་ཀྱུ། གཡོན་ཞགས་པ། སྐུ་མདོག་དམར་པོ་རུ་མེ་ཏོག་རྣམས་བསྐྱེད་ལ། བསྙེན་པ་བསྐྱལ། དགུག་གཞུག་བྱེད་གསུང་། དམར་པོ། ཕྱག་གཡས་དབྱུག་ཐོ་དང་། གཡོན་སྡིགས་འཛུབ། ཞལ་གཅིག་སྤྱན་གསུམ། མཆེ་བ་གཙིགས་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཞུར་ཐོན་པའོ། །གཡོན་དུ་ཡི་གེ་དྲུག་མའོ། །ཐོད་པ་ཡང་དེ་བཞིན་ནོ། །དེ་ལ་ཡེ་ཤེས་པ་བསྟིམ་ནས། མཆོད་བསྟོད་བཟླས་པ་བྱའོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། གསོལ་བ་གདབ་པ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། བཤགས་པ་བྱ་བ། གསང་སྔགས་འབྱུང་ཚུལ་སྟོན་པ་རྣམས་སྟོན་པར་བྱའོ། །དེ་ནས་


PS010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཐོད་པར་རྣམ་སྨིན་གྱི་ལུས་འདི་བཅུག་ལ། བདུད་རྩི་བྱིན་གྱིས་བརླབས་ཏེ་ཕུལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་གི་ལུས་ངག་ཡིད་གསུམ་གྱི། ནད་གདོན་སྡིག་སྒྲིབ་མཚམས་མེད་པ་ལྔའི་ལས་བསགས་པ། དམ་ཚིག་འགལ་འཁྲུལ། དཀོར་སྐུ་གླུད་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་སོགས་བདག་ལ་བུམ་དབང་གི་གསོལ་བ་བཏབ་པས། གཙོ་བོའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་བྱུང་། རང་གི་སྤྱི་བོར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་སྤྲུལ་སྐུ་ཡང་སྔར་ཞིང་མཆོད་དེ་གསང་དབང་གི་གསོལ་བ་བཏབ་པས། ནོར་བུ་འཛིན་པ་ལས་བདུད་རྩི་སྔོན་མ་བཞིན་བྱུང་སྟེ།


PS010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལྕེ་ཐོག་ཏུ་ཐིམ་པས། ངག་གི་སྡིག་སྒྲིབ་དག །གསང་དབང་དང་ལོངས་སྐུ་ཐོབ་པར་བསམ་མོ། །ཡང་མཆོད་དེ་གསུམ་པའི་གསོལ་བ་བཏབ་པས། ཡི་གེ་དྲུག་མ་ལས་བདུད་རྩིའི་རྒྱུན་སྔོན་པོ་བྱུང་སྟེ། རང་གི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག་ནས། གསུམ་པ་དང་ཆོས་སྐུ་ཐོབ་པར་བསམ་མོ། །ཡང་མཆོད་དེ་བཞི་པའི་གསོལ་བ་བཏབ་པས། ལྷ་ཚོགས་ཐམས་ཅད་ལས་ཁ་དོག་སྣ་ཚོགས་པའི་བདུད་རྩི་བྱུང་སྟེ། ལྟེ་བར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་འཛིན་རྟོག་ཐམས་ཅད་དག་སྟེ། དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །དེས་མཚམས་མེད་ལྔ་བྱས་པ་དང་། ཆོས་སྤང་བ་དང་། དཀོར་སྐུ་གླུད། སྐུར་་པ་ལ་སོགས་པའི་ཉེས་ལྟུང་ལྕི་བ་ཐམས་ཅད་དག་ནས། ཚེ་འདི་


PS010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །གསུམ་པ་ནི་ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། སྨོན་ལམ་དང་བསྔོ་བ་བྱ། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བ་རྣམས་བྱའོ། །ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ཀྱི་དབང་བསྐུར་བའི་ལག་ལེན་མདོར་བསྡུས་གྲུབ་ཐོབ་སྐྱེར་སྒང་པས་མཛད་པ་རྫོགས་སོ། །བཀྲ་ཤིས།། །།

སྙིང་རྗེ་མཁའ་ཁྱབ་སོགས་ཁྱུང་པོའི་ཞལ་གཟིགས་ཀྱི་ཆོས་བསྐོར་རྣམས།


PS010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་མཁའ་ཁྱབ་སོགས་ཁྱུང་པོའི་ཞལ་གཟིགས་ཀྱི་ཆོས་བསྐོར་རྣམས་བཞུགས་སོ། །


PS010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མ་མཆིས་པ། ཁྱུང་པོ་ཛོ་ཀི་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཉམས་ལེན་སྐྱེ་མེད་རྣམ་པ་གསུམ་གྱིས་གདམས་ངག་ཏུ་འདུས་ཏེ། དེ་ཡང་། ཡན་ལག་བདུན་པ་དང་། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ལ། སྔར་འདས་པའི་ཡུལ་ལ་ཆགས་སྡང་རྨོངས་གསུམ་གྱི་རྣམ་རྟོག་ཇི་སྙེད་པ་ཞིག་འབྱུང་སྟེ།


PS010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་ཡུལ་དྲན་ནས་རེས་དགའ། རེས་མི་དགའ། བསྡུལ་བ་དང་། གཡང་ཟ་བ་དང་། ངོ་ཚ་བ་དང་། ཞུམ་པ་དང་། སེར་སྣ་དང་། ཞེ་སྡང་དང་། བག་ཚ་བ་དང་། འགྱོད་པ་ལ་སོགས་པ་མཐོ་དམན་སྐྱེ་བའི་ཡུལ་སྟེ་ཆེད་དུ་དམིགས་ནས་ཡིད་ཡུལ་དུ་ལམ་གྱིས་དྲན་དུ་འཇུག །དྲན་པའི་དུས་དེ་ཉིད་ན་ངོ་ཤེས་ཀྱི་བརྡ་སྦྱར་བས། ཆགས་སྡང་མཐོ་དམན་སྐྱེ་བའི་


PS010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེ། ད་ལྟའི་དུས་ནི་རི་བོང་རྭ་དང་མཚུངས། ཅི་ཡང་ཡོད་པ་མ་ཡིན་ན། དེ་ལ་མཐོ་དམན་འབྱུང་རྒྱུད་ག་ལ་ཡོད། མཐོ་དམན་བར་གསུམ་གྱི་སེམས་ཁོ་རང་གི་ངོ་བོ་ལ་ལྟས་ཀྱང་ངོས་བཟུང་གང་ཡང་མེད་དེ། སྣང་བ་མ་འགག་ཀྱང་། ཅི་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག །ཐུན་མཚམས་སུ་འདས་པའི་རྣམ་རྟོག་ཡུལ་དང་བཅས་པ་ཡིད་ཀྱི་ཡུལ་དུ་སྣང་ནི་སྣང་། བདེན་ནི་མི་བདེན། བདེན་མེད་སྒྱུ་མ་ལྟ་བུའོ། །ཞེས་འདུན་པ་སྦྱངས། འདས་པ་སྐྱེ་མེད་དུ་ངོ་སྤྲད་པའོ། །དེས་རིགས་འགྲེས་ཏེ། མ་འོངས་པའི་ཡུལ་དང་། བྱ་བ་ལ་མཐོ་དམན་སྣ་ཚོགས་འབྱུང་། མ་འོངས་པའི་དངོས་པོ་ད་ལྟ་མེད་པའི་ཕྱིར། ད་ལྟའི་དུས་ན་རི་བོང་རྭ་དང་མཚུངས་པ་སོགས་གོང་དང་འདྲ། རྗེས་ཐོབ་ཏུ་མ་འོངས་པ་རེ་དོགས་འཆར་


PS010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུལ་ལམ་ལམ་དྲན་པ་སྒྱུ་མ་ལྟར་ཤེས་པར་བྱ། །མ་འོངས་པ་སྐྱེ་མེད་དུ་ངོ་སྤྲད་པའོ། །ད་ལྟར་གྱི་སྣང་བ་འདི་རྣམས་ཀྱི་སྟེང་དུ་སེམས་འགྲོར་བཅུག་པས། འདི་ཡིན་འདི་མིན་གྱིས་འཛིན་པ་དང་། བྱ་མི་བྱ་སོགས་ཀྱི་འདུ་བྱེད་དང་། ཆགས་སྡང་སོགས་སེམས་ཀྱི་མཐོ་དམན་སྣ་ཚོགས་འབྱུང་། དེ་དག་གི་ཚེ་སྣང་བ་འདི་ཐམས་ཅད་འཁྲུལ་པའི་ལོག་སྣང་ཡིན། འདི་ཕན་ཡུལ་དང་། འདི་ཕན་སེམས་ཀྱི་དབྱེ་བ་མེད། མཐོང་རྒྱུ་དང་མཐོང་མཁན་གཉིས་ཁ་ལ་ལྟས་པའི་ཚེ། ངོས་བཟུངས་ཐམས་ཅད་དང་བྲལ་བ་སྣང་བ་མ་འགགས་པ་ལ་མཉམ་པར་བཞག།དེ་ཡང་གསལ་བར་མཚོན་ན། ཁ་དོག་ལེགས་པོ་ཞིག་མཐོང་། དེ་ལ་དགའ་ཡལ་གྱི་ཆགས་སེམས་སྐྱེ། དེ་ཉིད་དུ་བརྟགས་པས། མིག་ཤེས་ཀྱི་ཕར་


PS010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡང་མེད། ཁ་དོག་གིས་ཚུར་འོངས་པ་ཡང་མེད། ཁ་དོག་གི་སྟེང་ན་དགའ་བ་ཡང་མི་འདུག།མིག་ཤེས་ཀྱི་སྟེང་ན་དགའ་བ་ཡང་མི་འདུག།བར་ན་དགའ་བ་ཡང་མི་འདུག།དགའ་བའི་ངོ་བོ་ལ་འདི་ཡིན་ཀྱང་མི་འདུག་སྟེ། དགའ་བྱ་དགའ་བྱེད་ཁུངས་སྟོངས། དགའ་བར་སྣང་ཙམ་ལ་འགགས། དེ་ཀ་སྒྱུ་མ་ལྟ་བུའི་དོན་ཡིན་པས་དེ་ཉིད་ལ་མཉམ་པར་བཞག།ཡང་ཡིད་ཀྱི་ཡུལ་དུ་དགྲ་བོ་ཞིག་དྲན། ཞེ་སྡང་ལྷང་གི་སྐྱེས། སེམས་ལ་དགྲ་བོར་ཤར་བ་དེ་རང་སེམས་ཡིན། དགྲ་མེད་པ་ལ་ཞེ་སྡང་རྒྱུ་མེད་པར་ཐག་བཅད། ད་ལྟར་བ་སྐྱེ་མེད་དུ་ངོ་སྤྲད་པའོ། །རྗེས་བསྔོ་བས་རྒྱས་ཐེབས་པ་གལ་ཆེ། སྐྱེ་མེད་དུ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྒོམས། སྐྱེ་མེད་རྣམ་པ་གསུམ་གྱི་གདམས་ངག །ཨྀིྠ། །


PS010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བདུད་རྩི་བུམ་པའི་ཚེ་སྒྲུབ་ནི། རང་གི་མདུན་དུ། བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་དགེ་སློང་གི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་མཉམ་བཞག་ན་ཚེའི་བུམ་པ། པད་ཟླ་ལ་སྐྱིལ་ཀྲུང་གི་བཞུགས་པ་ཞིག་བསྒོམ། མཐའ་སྐོར་དུ། སྤྱན་རས་གཟིགས་དང་། རྟ་མགྲིན། ཕྱག་རྡོར་ལ་སོགས་པ་དཔག་ཏུ་མེད་པས་སྐོར་བ། བྱང་ཆུབ་ཀྱི་ཤིང་ཤིན་ཏུ་ཆེ་བ་ལ་རྒྱབ་བརྟེན་པ་ཞིག་བསྒོམས་ལ། མཆོད་པ་བཞི་ཚོགས་སུ་སྤྲུལ་ནས་ཕུལ། ཛམ་བུ་གླིང་པའི་སེམས་ཅན་ཚེ་ཐུང་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་གསོལ་བ་དྲག་ཏུ་བཏབ། ཡན་ལག་བདུན་པ་བྱ། ཕྱག་གི་ཚེ་བུམ་རང་གི་སྤྱི་བོ་ནས་བླུག་ཅིང་བྱིན་གྱིས་རླབས། ཚེ་དཔག་


PS010_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཁོར་བཅས་རང་ཉིད་ལ་ཐིམ་སྟེ་ཅུང་ཟད་མཉམ་པར་བཞག།སྟོང་པའི་ངང་ལས་རང་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པ། ལྟེ་བར་རང་སེམས་ཧཱུཾ་དམར་པོ། རྡོ་རྗེའི་སྟེང་གི་རྭ་དབུས་མ་ལ་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོས་མཚན་པ། ཧྲཱིཿདེ་ལ་མོས་གུས་པས་ཨོཾ་བཛྲ་ཨ་ཡུ་ཥེ་བི་ཤུདྡྷ་ཧྲཱིཿཧཱུཾ་ཕཊ། །ཞེས་པ་ལན་གསུམ་བརྗོད་པས། ཧྲཱིཿལས་བདུད་རྩིའི་རྒྱུན་བྱུང་། རང་སེམས་ཧཱུཾ་ཡིག་ལ་ཐིམ་པས། ཧཱུཾ་དེ་ཇེ་དྭངས་ཇེ་གསལ་ལ་སོང་། བདུད་རྩིས་རྡོ་རྗེའི་ནང་ཐམས་ཅད་ཁེངས་པར་བསམས་ལ། རླུང་བུམ་པ་ཅན་ཚར་བདུན་བཟུང་། དེ་ནས་དམིགས་པ་དེ་ལ་གནས་པའི་སྒོ་ནས། ཨོཾ་བཛྲ་ཨ་ཡུཿཥེ་ཧཱུཾ་ཧྲཱིཿབྷྲུཾ་ཎི་ཛཿཅེས་ཅི་ནུས་བཟླའོ། །མཐར་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག།སླར་ཡང་བདེ་བ་ཅན་ན་


PS010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཚེ་དཔག་མེད་བཞུགས་པ་ལ་འདུན་པ་གཏད་དེ། །ཚེ་རིང་བའི་འདོད་དོན་ལ་གསོལ་འདེབས་དྲག་ཏུ་བྱ། །དགེ་བ་བསྔོ། ཚེ་སྒྲུབ་ཤིན་ཏུ་ཟབ་པའོ། །ཨྀིྠ།། ༈ ན་མོ་གུ་རུ། སྙིང་རྗེ་མཁའ་ཁྱབ་ཀྱི་གདམས་པ་ནི། བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབྱེར་མ་མཆིས་པ་སྟེ། གཙོ་བོ་སྤྱན་རས་གཟིགས་ཕྱག་བཞི་པ་ཡི་གེ་དྲུག་པ། གཡས་སུ་སྲས་ནོར་བུ་འཛིན་པ། གཡོན་དུ་ཡུམ་ཡི་གེ་དྲུག་མ། དེ་གཉིས་ཀྱང་གཙོ་བོ་དང་འདྲ་བར་བསྒོམ་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་བཏབ། འོད་དུ་ཞུ་ནས་རང་ལ་ཐིམ། དངོས་གཞི་ལ། སྙིང་རྗེ་རྒྱུ་ཅན་དང་། རྒྱུ་མེད་གཉིས་ཡོད་པ་ལས། དང་པོ་ནི། ཐོག་མར་རང་གི་མ་ལྟ་བུ་གང་སྐྱེ་


PS010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སླ་བ་ཞིག་བསམ། དེས་ཕན་བརྟགས་ཚུལ་དང་། དྲིན་ཆེ་ཚུལ་བསམ་པས། དེ་སྐྱིད་ན་བསམ་པའི་བྱང་སེམས་གདུང་གདུང་པ་སྐྱེད། དེ་ནས་དེའི་ཚེ་འདིའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྣམས། ཤི་ནས་འཁོར་བ་མཐའ་མེད་དུ་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཚུལ་བསམས་པས་མི་བཟོད་པའི་སྙིང་རྗེ་ལྷག་པར་བསྐྱེད། འདི་སྡུག་བསྔལ་མྱོང་བ་སྙིང་རེ་རང་རྗེ་ན། ཞེས་ངག་ཏུ་ཡང་བརྗོད། དེ་ལྟར་ཡང་ཡང་བསྒོམ་པས་དེ་ལ་སྙིང་རྗེ་བསྐྱེད། དེ་ནས་སྐྱེ་སླ་བ་ཐམས་ཅད་ལ་བསྒོམ། དེ་ནས་དགྲ་རྣམས་ལའང་བསྒོམས་ནས། ཕ་མ་དང་དགྲ་ལ་ཁྱད་པར་མེད་ཚུལ་བསམ་གྱིན་ཡང་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ལ་ཚུལ་དེས་བསྒོམས་ནས་སྙིང་རྗེ་མཁའ་ཁྱབ་ཅེས་བྱའོ། །གཉིས་པ་ནི། རང་གཞན་སྣོད་བཅུད་འཁོར་


PS010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་འདུག་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ནམ་མཁའ་ཁེངས་པ་ཙམ་དུ་མང་བ་འདི་རྣམས་སྙིང་རེ་རྗེ། ཞེས་ངག་ཏུ་ཡང་བརྗོད་ཅིང་ཡིད་ལ་དྲག་ཏུ་བསམ་མོ། །ཡང་དེ་རྒྱུ་མཚན་ཅིས་སྙིང་རྗེ་ཞེ་ན། རང་གི་ཤེས་ཤིང་རྟོགས་ན་སྡུག་བསྔལ་ཞེས་བྱ་བ་ཡོད་རྒྱུ་མི་འདུག་པ་ལ། དེ་ལྟར་མ་རྟོགས་པས་ཡོད་པ་དང་ཁྱད་པར་མེད་པར་སྡུག་བསྔལ་མྱོང་བ་རྣམས་སྙིང་རེ་རྗེ་ན་ཞེས་བརྗོད་ཅིང་བསམ། ཡང་ཅིས་སྙིང་རེ་རྗེ་ན། སེམས་ཅན་འདི་རྣམས་རང་སེམས་ཆོས་སྐུ་སྤྲོས་བྲལ་གྱིས་ངོ་བོར་འདུག་པ་ལ། མ་རྟོགས་པས་ཡོད་ཀྱང་མ་ཕན་འཁོར་བར་འཁྱམས་པ་སྙིང་རེ་རྗེ་ན། ཞེས་བརྗོད་ཅིང་བསམ། དེ་ནས་སྙིང་རྗེའི་ངོ་བོ་ལ་ལྟས་པས། སྙིང་རྗེ་


PS010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་བཟུང་དང་བྲལ། དེས་མཚོན་ནས་རང་གི་ལུས་སེམས་སྣང་གྲགས་ཐམས་ཅད་ཆེ་ཆེར་ལྟས་པས། ངོས་བཟུང་དང་ཐམས་ཅད་དང་བྲལ་བའི་ངང་ལ་དེར་མཉམ་པར་བཞག།སླར་ཡང་གནས་ཚུལ་འདི་བཞིན་དུ་འདུག་པ་དེ་ལྟར་མ་རྟོགས་པས་སྙིང་རྗེ་བསམ་གོང་བཞིན་བསྒོམ། འདིས་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་མདངས་སྙིང་རྗེ་འཆར་རོ། །སྙིང་རྗེ་མཁའ་ཁྱབ་ཀྱི་གདམས་ངག་ཨྀིྠ།། ༈ ན་མོ་གུ་རུ། གནོད་སྦྱིན་ཤིང་རྟའི་གདམས་ངག་ནི། རང་སྐད་ཅིག་གིས། ཕྱག་ན་རྡོ་རྗེ་གསལ་བཏབ་ལ། སྔགས་དྲག་ཏུ་བཟླའོ། །རང་གི་མདུན་དུ་མཎྜལ་ཚོམ་བུ་དང་བཅས་པ་མཆོད་གཏོར་གྱིས་སྐོར། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་སོག་ཁའི་དབུས་སུ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་བཻ་


PS010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་ཐོས་སྲས་སེར་པོ། གཡས་བེ་ཅོན་དང་། གཡོན་ནེའུ་ལེ་འཛིན་པ། ཤར་དུ་ནོར་སྦྱིན་དམར་པོ། ཞགས་པ་དང་། མཆོད་རྟེན། ལྷོར་ནོར་བུ་བཟང་པོ་དཀར་པོ། ཏྲི་ཤུལ་དང་། གསེར་འཕྲེང་། ནུབ་ཏུ་གང་བ་བཟང་པོ་ལྗང་ཁུ། བུམ་པ་མདའ་གཞུ། བྱང་དུ་པི་ཙི་ཀུནྟྲ་ལི་དམར་པོ། དབྱུག་ཐོ་དང་པི་ཝང་། ཤར་ལྷོར་ཀི་ལི་མི་ལི་སེར་པོ། རལ་གྲི་དང་ཞགས་པ། ལྷོ་ནུབ་ཏུ་སྤྱོད་པའི་དབང་པོ་སེར་པོ། བ་དན་དང་ལྕགས་ཀྱུ། ནུབ་བྱང་དུ་ཞལ་གྱི་དབང་པོ་སེར་པོ། བེ་ཅོན་དང་རྒྱལ་མཚན། བྱང་ཤར་དུ་ཛམ་བྷ་ལ་སེར་པོ་ཨ་རུ་ར་དང་། བི་ཛ་པུ་ར་འཛིན་པ། དེ་ཐམས་ཅད་ཀྱི་མཆན་ཁུང་དུ་ནཻའུ་ལེ་ནོར་སྐྱུག་རེ། དེ་ལྟ་བུའི་གནས་གསུམ་བྱིན་གྱིས་རླབས་ལ། ལྕང་ལོ་ཅན་ནས་རང་འདྲའི་ཡེ་ཤེས་སེམས་


PS010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འཁོར་དང་བཅས་པ་བཀུག་ནས་བསྟིམ། དབང་བསྐུར་ཏེ། རིགས་བདག་ཕྱག་ན་རྡོ་རྗེས་རྒྱས་གདབ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་འཕྲེང་བ་གསལ་བཏབ་ལ། ཨོཾ་བཻ་ཤྲ་མ་་ཡ་བྷྲུཾ་སརྦ་སིདྡྷི་ཕ་ལ་ན་སུ་དྷ་ར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཅེས་ཅི་འགྲུབ་ཏུ་བཟླ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གཏོར་མ་ཤིང་འབྲས་དང་འབྲུ་སྣ་ཚོགས། རྨིགས་ཟླུམ་ལ་སོགས་པའི་ཤ་མི་གཙང་བ་སྤང་པའི་ཟས་བཟང་པོ་དགུས་བརྒྱན་པ་བཤམས་ལ། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ། ཧཱུཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་མོས་ལ། ཨོཾ་ཨཱཿཧཱུཾ་ལན་བདུན་བརྗོད། །ན་མོ་རཏྣ་ཏྲ་ཡཱ་ཡ་བཻ་ཤྲ་མ་ཱ་ཡ་མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་སི་མི་སི་མི། སུ་མུ་སུ་མུ། ཙནྡྲ་ཙནྟྲ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུ་རུ་མུ་རུ། ཙུ་རུ་


PS010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཙུ་རུ། སནྡྷ་ཡ། ཨཏྨ་ནཾ། ནིདྱ་ཏདྱ། ཨནྡྷ་ར་ད་དུ་མེ། རཏྣ་སིདྡྷི་སྭཱ་ཧཱ། །ཞེས་པ་ལན་བདུན་གྱི་འགྲུབ། གཞན་ཡང་མཆོད་པ་ཅི་ཡོད་སྔགས་འདིས་ཕུལ་བས་ཆོག །དེ་ནས་འདོད་དོན་གསོལ་བ་བཏབ། བརྟེན་ཡོད་ན་རབ་གནས་བྱ། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། སྨོན་ལམ་དང་བཀྲ་ཤིས་བརྗོད། གནོད་སྦྱིན་ཤིང་རྟའི་སྒྲུབ་ཐབས་སོ།། ༈ ན་མོ་གུ་རུ། གནོད་སྦྱིན་སྲོག་གི་སྙིང་པོའི་སྒྲུབ་ཐབས་ནི། རང་ཉིད་ཡི་དམ་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བ་ཞིག་ལ་རྟེན་ཏེ། རང་གི་མདུན་དུ། སྐད་ཅིག་གིས་ཕོ་བྲང་ཤིན་ཏུ་ཡངས་པའི་དབུས་སུ། པད་ཉི་ལ་ཙ་ཡིག་ལས་སེང་གེའི་སྟེང་དུ་བཻ་ལས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ངལ་སོས་པོ་དམར་པོ། རིན་པོ་ཆེའི་ཁྲབ་དང་རྨོག་ཞུ་གསོལ་


PS010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྷ་རྫས་ཀྱི་བརྒྱན་དང་ན་བཟའ་ཅན། ཞབས་ལ་སག་ཏིའི་ལྷྭམ་གྱོན་པ། ཞལ་ཁྲོ་ལ་འཛུམ་ཤིན་ཏུ་ཆགས་པའི་ཉམས་ཅན། ཕྱག་གཡས་པ་ན་མདུང་དམར་དར་འཕྱངས་ཅན་དང་། གཡོན་པས་གཏེར་གྱིས་ནེའུ་ལེ་འཛིན་པ་རོལ་པའི་སྟབས་ཀྱི་བཞུགས་པའི་བརླ་གཡོན་པའི་སྟེང་ན། མ་ལས་ལྷ་མོ་དཔལ་ཆེན་མོ་སྐུ་མདོག་དམར་སྐྱ། གཡས་པས་ནོར་བུའི་རྒྱལ་མཚན་འཛིན་པས་ཡབ་ལ་མཁྱུད་པ། གཡོན་པས་དབང་དུ་བསྡུད་པའི་ལྕགས་ཀྱུ་བསྣམས་པ། དར་དང་རིན་པོ་ཆེའི་བརྒྱན་གྱིས་བརྒྱན་པ། དེ་ཡང་ལྷའི་རྣམ་པ་ཅན་དུ་བྱས་ན་ལས་བུལ། རྟགས་མཚན་ཆེ། མིའི་རྣམ་པ་ཅན་དུ་བྱས་ནས། ལས་མྱུར་ལ་ཅུང་ཟད་ཁུ་ཟློག་ཆེན་པོ་ཡང་གསུང་། ཕྱོགས་མཚམས་བརྒྱད་དུ། ཛམ་བྷ་ལ་ལ་སོགས་པ་གནོད་སྦྱིན་བརྒྱད་པོ་རྣམས་ཕོ་རྐྱང་རྟ་ལ་ཞོན་པ། རྣམ་པ་


PS010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་དང་མཚུངས་པ། དེའི་ཕྱི་རོལ་དུ་གནོད་སྦྱིན་བྱེ་བའི་ཚོགས་དང་། མཐའ་སྐོར་དུ་ལག་ན་རྡོ་རྗེ་ལྔ་བརྒྱ་གནས་པར་བསམས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྕང་ལོ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། ཨོཾ་བཻ་ར་ཛ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་དང་། གཞན་ཡང་དྲག་སྔགས་ཀྱི་དྲག་ཏུ་བཅུན་ལ་བགེགས་བསྐྲད། ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །རྒྱལ་པོ་ཆེན་པོ་ངལ་སོས་བུ། །ལྷ་ཀླུ་གནོད་སྦྱིན་གཏེར་བདག་གཙོ། །སྔོན་གྱི་དམ་ཚིག་རྗེས་བསྐུལ་ནས། །འཁོར་དང་བཅས་པ་གནས་འདིར་བྱོན། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཕྱག་ན་རྡོ་རྗེ་སོགས་ཁྲོ་བོའི་སྙིང་པོའི་མཐར། བཛྲ་ས་མཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བཏགས་པས། རྡོ་རྗེ་སྤྱི་བོར་


PS010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པར་མོས་ཏེ། དམ་བཞག་དབང་བསྐུར་དུས་གཅིག་ཏུ་བྱས་པར་བསམ། སླར་ཡང་གོང་བཞིན་མཆོད་བསྟོད་བྱ། །ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡེ་བཻ་ཤྲ་མ་་ཡ། སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛཿཛཿཞེས་ཅི་འགྲུབ་ཏུ་བཟླས། ཐུན་འཇོག་ཁར། གཏོར་མ་གྲུ་གསུམ་གྱི་བརྒྱན་པ་བྱིན་གྱིས་རླབས་ནས། སྔར་གྱིས་སྙིང་པོའི་མཐར། ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པུ་ཛ་ཧོཿཞེས་པ་ལན་གསུམ་མམ་བདུན་གྱིས་འབུལ། གོང་བཞིན་མཆོད་ལ། ཡིད་ལ་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ། ཡིག་བརྒྱ་བཟླས། བཟོད་པར་གསོལ། བརྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། ཚུལ་དེས་བཟླས་པ་འབུམ་ཙམ་བྱའོ། །དེ་ནས་སྲོག་གི་སྙིང་པོ་དངོས་ཀྱི་གདམས་ངག་ནི། སླར་ཡང་ཁྲོ་བོའི་བསྙེན་པ་སྐྱར་དེ་བྱ། བགེགས་


PS010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མང་དུ་གཏོང་ཞིང་། གནོད་སྦྱིན་ཉིད་ལའང་གཏོར་མ་ཕུལ་ལ། ཕྱི་འབྲེང་གི་བགེགས་འོང་དུ་མ་གཞུག་ཅེས་ཡང་ཡང་གསོལ་བ་འདེབས་པ་གནད་ཡིན་ནོ། །དེ་ནས་མདུན་བསྐྱེད་ཀྱི་བཟླས་པ་བོར་ཞིང་། མཆོད་པའི་ཆོ་ག་ཚར་གཅིག་པོ་དེ་བྱས་ལ། རང་ཡི་དམ་དུ་གསལ་བའི་སྙིང་གི་རྩེ་མོར། བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པའི་ཧཱུཾ་སྔོན་པོ་བརྗིད་ཆགས་པ་གཅིག་བསམས། འཁོར་ལོའི་ལྟེ་བ། སྙིང་དཀར་ནག་གི་ཕྱི་མཚམས་ལ་རིག་པའི་འཁོར་ལོ་དམར་པོ་རྩིབས་བཞི་པ་ཞིག་བསྒོམ། སྙིང་གི་དབུས་སུ་རྣམ་ཐོས་སྲས་དང་། རྩིབས་བཞི་ལ། ཡི་གེ་ཏྲག་དམར་པོ་བཞི་ཡོངས་སུ་གྱུར་པ་ལས། ཤར་དུ་ནོར་རྒྱུན་མ། ལྷོར་དབྱངས་ཅན་མ། ནུབ་ཏུ་ཀླུ་མོ་ནོར་སྐྱོང་། བྱང་དུ་ཝ་ར་ལི་སྟེ། མཁའ་འགྲོ་


PS010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཅར་ཡང་། སྐུ་མདོག་དམར་མོ། ཞི་མ་ཁྲོ། རུས་པ་དང་། རིན་པོ་ཆེས་བརྒྱན་པ། ལྕགས་ཀྱུ་དང་འཁོར་ལོ་འཛིན་པར་མོས། ཨོཾ་བཱཻ་ཤྲ་མ་་ཡེ་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲིཾ་ཛཿབཱཻ་ཤྲ་མ་་ཧྲིཾ། ཧ་རི་ནི་ས་ཧྲིཾ། སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། བསྡུས་བསྡུས། ཛ་ཛཿཞེས་དྲག་ཏུ་བཟླས་ལ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཁའ་འགྲོ་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་དང་། ཕོ་ཉ་མོ་ལྕགས་ཀྱུ་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། འཁོར་ལོ་གཡས་སུ་འཁོར་བས་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་བྱུང་། འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་ཐམས་ཅད་འོད་ཟེར་དམར་པོས་ཆགས་པར་བྱས། དེ་དག་ཟས་ནོར་ལོངས་སྤྱོད་དང་བཅས་པ་ཐམས་ཅད། ཞགས་པ་དང་། ལྕགས་


PS010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུས་བཀུག་སྟེ་རང་ལ་ཐིམ་པར་བསམས། སྔགས་འདི་འབུམ་བཟླའོ། །དེ་ཙམ་གྱིས་མ་འགྲུབ་ན། ཤིན་ཏུ་གནད་ལ་འབེབས་པ་ནི། མདུན་བསྐྱེད་ཀྱི་གཙོ་བོའི་སྙིང་གི་ནང་དུ། ཕྱག་ན་རྡོ་རྗེ་དང་། འཁོར་ལོ་སྔར་བཞིན་གསལ་བའི་རྩིབས་ལ་མཁའ་འགྲོ་བཞི་བསྒོམ། བཞི་པོའི་ཐུགས་ཀར་ཛཿདམར་པོ་བཞི། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་གནས་པའི་གསང་བདག་གི་ཐུགས་བརྒྱུད་བསྐུལ། དེས་རྒྱལ་པོ་འཁོར་བཅས་ཀྱི་ཐུགས་བརྒྱུད་བསྐུལ། དེ་རྣམས་ཀྱི་འགྲོ་བ་དང་། ཟས་ནོར་དབང་དུ་བསྡུས་ནས་བདག་ཉིད་ལ་སྟིམ་པར་བསྒོམས་ལ། སྔགས་གོང་བཞིན་བཟླའོ། །ཐུན་གྱི་འཇུག་ཏུ། བསྒྲུབ་བྱ། མཁའ་འགྲོ་མ་བཞིའི་ཐུགས་ཀའི་ཛཿབཞི་ལ་ཐིམ། དེ་རྣམས་ཐུགས་


PS010_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་གསང་བདག་ལ་ཐིམ། དེ་རང་ལ་ཐིམ། རང་ཡང་ཐུགས་ཀའི་ལྷ་ལྔ་ལ། དེ་ཡང་། དབུས་ཀྱི་རྒྱལ་པོ་ལ། དེ་ཡང་ཡལ་བ་ལ་མཉམ་པར་བཞག།འདི་དག་གི་བཟླས་པའི་བར་བར་ལ། མཆོད་བསྟོད་བྱ་བ་དང་། གཏོར་མ་ཐུན་བཞིར་མ་ཆག་པ་དང་། རང་ཉིད་ཁྲོ་བོར་གསལ་བའི་བགེགས་ལ་ཕུར་བུས་འདེབས་པ་དང་། བསྐྲད་པའི་དམིགས་པ་ཡང་ཡང་བྱེད་པ་གནད་ཡིན་ནོ། །ཤིན་ཏུ་གནད་ལ་ཕེབས་པ་འདི་ཞག་བདུན་གྱི་འགྲུབ་གསུང་ངོ། །འདིས་སྤྱིར་ལོངས་སྤྱོད་འཕེལ་ཞིང་། སྣང་སྲིད་དབང་དུ་འདུ་བ་ཡིན་ལ། འོན་ཀྱང་ཚེ་ལ་ཅུང་ཟད་གནོད་སྲིད་ན། རང་ཚེ་སྒྲུབ་ཀྱི་ལྷ་གང་ཡིན་པ་ཞིག་ཏུ་བསྒོམ་པའི་སྙིང་གར་སྔར་བཞིན་ལྷ་ལྔ་བསྐྱེད། ཚེ་བཀུག་པར་མོས་ལ། ཨོཾ་པུཎྱ་པུཎྱ་བེ་ར་ཛ་ཨ་ཡུར་པུཎྱ་ཛ་ཨ་ཨཿཨཾ་ཨཿཨ་ཧཱུཾ་ཛཿཞེས་བཟླས་པ། རབ་ཟླ་


PS010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འབྲིང་ཞག་ཉེར་གཅིག།ཐ་མ་ཡང་ཞག་བདུན་བྱའོ། །འདི་ལ་ལྷ་མོ་རྣམས་ལ་རྗེས་སུ་ཆགས་པའི་གནད་ཅེས་བྱ་བ། རང་ངམ་མདུན་བསྐྱེད་ཀྱི་ཐུགས་ཀའི་གསང་བདག་གི་ཐུགས་ཁའི་ཧཱུཾ་ལས་བྱང་ཆུབ་སེམས་ཀྱི་འོད་ཟེར་དཀར་པོ་བྱུང་། གསང་བའི་རྡོ་རྗེ་ནས་སྤྲོས། དེ་རྣམས་ཀྱི་པདྨར་ཐིམ། བདེ་བ་རྒྱས་པར་བསམ། མཆོད་བསྟོད་ལན་མང་དུ་བྱ། འདིས་ཁུ་བཟློག་མི་འབྱུང་། གལ་ཏེ་གནོད་སྦྱིན་འཁུ་བཟློག་བྱེད་ན། སྒྱུ་མ་ལྟར་ཤེས་པའི་སྒོ་ནས། ཡི་དམ་གྱི་སྔགས་བཟླ་ཞིང་། མཆོད་གཏོར་རེ་འབུལ་ལ། ཨོཾ་ར་ར་ར་ར། ཀུ་ནོ་ཀུ་ནོ། ཁུ་ནོ་ཁུ་ནོ། རྒྱུ་ནོ་རྒྱུ་ནོ། ས་ས་ས་ས། ཀ་ར་ཀ་ར། མ་ཧཱ་བི་ཀ་ར། མ་ཧཱ་ཀ་ལོ། མ་ཧཱ་རཱ་ཛ། རཀྵ་རཀྵ། དུ་མ་ན་སརྦ་སྭཱ་ཧཱ། ཞེས་མང་དུ་བཟླས་ཤིང་། །སྔགས་མདུད་དཀར་པོ་ལུས་ལ་བཏགས་


PS010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེལ་ལོ། །འདི་ཤིན་ཏུ་བཀའ་གཉན་པས། མང་པོ་ལ་སྤེལ་དུ་མི་བཏུབ་གསུང་སྟེ། མེད་པར་སྣང་ངོ། །གནོད་སྦྱིན་སྲོག་གི་སྙིང་པོའི་སྒྲུབ་ཐབས་ཨྀིྠ།། ༈ ན་མོ་གུ་རུ། གནོད་སྦྱིན་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ནི། མདུན་བསྐྱེད་པདྨ་འདབ་དྲུག །ལྟེ་བ་དང་། ཧྲཱིཿལས། ཛམ་བྷ་ལ་ལྗང་ཁུ། བིལ་བ་དང་། ནེའུ་ལེ་འཛིན་པ། གྲུ་ལས་རྣམ་ཐོས་བུ་སྔོན་པོ་མདའ་གཞུ་དང་། ནེའུ་ལེ་འཛིན་པ། ཧ་ལས་གཞན་གྱིས་མི་ཐུབ་པ་དཀར་པོ་བུམ་པ་འཛིན་པ། གཾ་ལས་ཚོགས་བདག་དཀར་པོ། ལ་ཕུག་དང་། ལ་དུ་འཛིན་པ། ལི་ལས་ནོར་རྒྱུན་མ་སེར་མོ། ཤིང་ཐོག་དང་། སྙེ་མ་བསྣམས་པ། ཀི་ལས་ཙཎྜ་ལི་ཀ་དམར་པོ་གྲི་ཐོད་འཛིན་པར་བསམ་ལ། ཨོཾ་ཧྲཱིཿགྲུ་ཧ་གཾ་ལི་ཀི་ཟས་ནོར་སིདྡྷི་ཧཱུཾ། །ཞག་ཉི་ཤུ་རྩ་གཅིག་བཟླའོ། །


PS010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། བསྒོམ་པ་དང་འདྲ་བའི། དལ་མདུན་དུ་བྲིས་ལ། སྟེང་དུ་མཉྫིའི་ཁར། ཀ་ཏོ་རའི་ནང་དུ་འབྲུ་སྣ་ཟས་སྣ། ཤིང་ཐོག་སྣ་ཚོགས། སྨན་དང་། རིན་པོ་ཆེ་སོགས་ཀྱི་བཀང་། མཐའ་མཆོད་གཏོར་གྱིས་བསྐོར། གོང་བཞིན་བཟླས་པས། སྲིད་པ་གསུམ་གྱི་བཅུད་ཐམས་ཅད། ཀ་ཏོ་རའི་རྫས་ལ་ཐིམ་པར་བསམ། ཞག་བདུན་བཟླ་གསུང་སྟེ། ཉེར་གཅིག་གོ ། དེ་ནས་ཆ་གཅིག་མཎྜལ་གྱི་ཤུལ་དེར། ནོར་ལྷ་རྣམས་ལ། སྦྱིན་བསྲེགས་དུ་འབུལ། ཆ་གཅིག་བུམ་པར་བླུགས་ཏེ་གཏེར་དུ་སྦ། ཆ་གཅིག་རང་གི་ལོངས་སྤྱོད། དེ་ནས། འབྲེལ་མེད་པའི་ས་ནས། ཟས་ནོར་གཏེར་བ་བྱུང་ན། ཆ་གཅིག་བླ་མ་དང་དཀོན་མཆོག་ལ་འབུལ། ཆ་གཅིག་དབུལ་འཕོངས་སོགས་ལ་བྱིན། ཆ་གཅིག་ལོངས་སྤྱོད། ལོངས་སྤྱོད་ཐམས་


PS010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྗེ་འཕེལ་དུ་འགྲོ། འདི་ལ་མཆོད་གཏོར་འབུལ་ལུགས་སྤྱི་དང་མཐུན། གནོད་སྦྱིན་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ་ཨྀིྠ།། ༈ ༅ ན་མོ་གུ་རུ། སྲིད་གསུམ་གཡོ་འགུལ་གྱིས་མན་ངག་ནི། བསྙེན་པ་དང་བསྒྲུབ་པ་གཅིག་ཏུ་འདུས་པ་སྟེ། དང་པོ་ནི། བྲག་དམར་པོ་བྱ་ཐལ་མེད་པའམ། ཕུག་པ་ཁ་ནུབ་བསྟན་པདྨའི་དབྱིབས་ཅན་དུ། སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། ཤུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས། བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། པདྨ་འདབ་བཞིའི་ལྟེ་བར། རང་སྐད་ཅིག་གི་ཡེ་ཤེས་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སེང་གེའི་གདོང་། གར་སྟབས་ཀྱི་བཞུགས་ཤིང་། གྲི་ཐོད་ཁ་ཊཾ་ག་ཐོགས་པ། གཅེར་མོ་རུས་རྒྱན་མགོ་བོའི་ཕྲེང་བ་ཅན། མེ་དཔུང་འབར་བའི་


PS010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་བཞུགས་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་སྐྱ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ། ཐམས་ཅད་ཀྱང་གཙོ་མོ་ཉིད་དང་མཚུངས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་ཕེཾ་ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཡང་ཧྲཱིཿའདབ་མ་བཞི་ལ། ཧ་རི་ནི་ས། ཞེས་པ་གསལ་བཏབ་ལ། ཨོཾ་ཧྲཱིཿཧ་རི་ནི་ས་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་དྲག་ཏུ་བཟླས་ཤིང་། འོད་ཟེར་སྤྲོ་བསྡུའི་དམིགས་པ་བྱ། བཟླས་པའི་ཐོག་མཐར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་སོགས་ཀྱི་བསྟོད་པ་བྱ།


PS010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མི་དམིགས་པར་བཞག།དགེ་བ་བསྔོ། རྟགས་ཀྱིས་བསྙེན་པ་ནི། བུད་མེད་བཟང་མོས་ཟས་གཏེར་བ་དང་། ནུ་མ་འདུད་པ། ཕྱག་འཚལ་བ། མེ་ལོང་སྟོན་པ་སོགས་འབྱུང་། གྲངས་བསྙེན་ནི། །འབུམ་ཕྲག་བཅུ། དུས་བསྙེན་ནི། ཟླ་གཅིག་གོ ། སྣང་སྲིད་གཡོ་འགུལ་གྱིས་མན་ངག་ཟབ་མོ་མཁའ་འགྲོ་ཉིད་ཀྱི་ཐུགས་བཅུད་དོ། །། མངྒ་ལཾ། །

ལམ་ཁྱེར་གསུམ་གྱི་གསལ་བྱེད་ཌཱ་ཀིའི་ཞལ་གདམས།


PS010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེར་གསུམ་གྱི་གསལ་བྱེད་ཌཱ་ཀིའི་ཞལ་གདམས་ཡོད།། །།


PS010_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །ཚད་མེད་ཐུགས་རྗེས་སེམས་ཅན་སྨིན་གྲོལ་མཛད། །དོན་གཉིས་མཐར་ཕྱིན་བླ་མ་དམ་པ་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ཞལ་གདམས་བྲི། །དེ་ལ་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས་ཡེ་ཤེས་ཀྱི་ཌཱ་ཀི་ནཻ་གུ་མ་ལ་གསུངས་པའི་ཁྱད་འཕགས་ཀྱི་ཞལ་གདམས་འདི་ལ་བཞི་སྟེ། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་འཁྱེར་


PS010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་འཁྱེར་བ། སྣང་བ་ལ་བརྟེན་ནས་སྒྱུ་མ་ལམ་དུ་འཁྱེར་བ། སྣང་བ་ལམ་འཁྱེར་ལ་བརྟེན་ནས་འབྲས་བུ་ལྷུན་གྲུབ་རང་ཤར་དུ་འབྱུང་བའོ། །དགོངས་པ་དམ་པའི་རྒྱུད་ལས། སྣང་བ་བླ་མ་ཡི་དམ་དང་། །སྒྱུ་མ་ལམ་དུ་འཁྱེར་བར་བྱ། །ཚེ་འདིར་སྐུ་གསུམ་མངོན་འགྱུར་ནས། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར། །ཞེས་སོ། །དང་པོ་


PS010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བླ་མའི་ལམ་ཁྱེར་ལ་གསུམ་ལས། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་འཁྱེར་བ། བླ་མ་ལ་བརྟེན་ནས་མོས་གུས་ལམ་དུ་འཁྱེར། མོས་གུས་ལ་བརྟེན་ནས་སྐུ་གསུམ་ལམ་དུ་འཁྱེར་བའོ། །དང་པོ་ནི། སེམས་བསྐྱེད་སྔོན་དུ་སོང་པས་འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་དྲག་ཏུ་བསམ་མོ། །དེ་ནས་རང་ཡི་དམ་དུ་བསྐྱེད་པའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་བསམ། མདུན་དུ་གནོད་བྱེད་དང་གཞི་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བསམས་ནས། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ༴ སྒྱུ་ལུས་རྨི་ལམ་འབྱོངས་པར༴ འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར༴ ཞེས་པའི་མོས་གུས་ཏུམ་མ་ཐོན་པ་ལན་གསུམ་


PS010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་ལ་ཐུན་མོང་མ་ཡིན་པའི་མོས་གུས་བསྐྱེད་པ་དང་། གཟུགས་གང་མཐོང་བ་དེ་ལ་འདི་ངའི་བླ་མ་དམ་པ་དེ་ཡིན་སྙམ་དུ་བསྒོམ། ཁྱད་པར་དུའང་གཟུགས་སྡུག་མི་སྡུག་སོགས་ཆགས་སྡང་སྐྱེ་བའི་ཡུལ་དེ། བླ་མར་བསྒོམ་པར་བྱའོ། །གཉིས་པ་ནི། གཟུགས་སུ་སྣང་བ་ཐམས་ཅད་བླ་མར་བསྒོམ་པ་དེ་ལ། ངའི་བླ་མ་དམ་པ་འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། ཚེ་འདི་ཉིད་དུ་ཐར་པ་བླ་ན་མེད་པའི་སངས་རྒྱས་ལ་འགོད་པར་མཛད་པ་འདི་དྲིན་རེ་ཆེ་སྙམ་དུ་བསམས་ནས། ཞེ་དག་པའི་མོས་གུས་རྩེ་གཅིག་ཏུ་བྱས་ཏེ། ཕྱག་དང་མཆོད་པ་དབུལ་བར་བྱའོ། །གསུམ་པ་ནི། བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་པ་དང་། སྣང་


PS010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་གསལ་ལ་རྟོག་མེད་བདེ་ཆེན་དུ་འཆར་ཏེ། སྣང་བ་སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་ཀྱང་རྟོག་པ་མེད་པ་ཆོས་སྐུ། གསལ་ལ་རྟོག་མེད་ཀྱི་བར་བདེ་བ་ལོངས་སྐུ། དེ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུ་སྟེ། དགོངས་པ་དམ་པའི་རྒྱུད་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ལ་རྟོག་མེད་ཆོས་ཀྱི་སྐུ། །བར་གྱི་བདེ་བ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་ཆེན་རང་ཤར་འབྱུང་། །ཅེས་སོ། །གཉིས་པ་སྣང་བ་ཡི་དམ་ལམ་ཁྱེར་ལ་གསུམ་སྟེ། སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་འཁྱེར། སྒྲ་སྣ་ཚོགས་ལ་བརྟེན་ནས་སྔགས་ལམ་དུ་འཁྱེར། དྲན་རྟོག་ལ་བརྟེན་ནས་དུག་གསུམ་ལམ་དུ་འཁྱེར་བའོ། །དང་པོ་ནི། རང་གི་ལུས་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་ལ་ཅུང་ཞིག་བརྟན་པར་བསྒོམ།


PS010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་གཟུགས་སྡུག་མི་སྡུག་ལ་ཆགས་སྡང་སྣ་ཚོགས་སུ་བཟུང་ནས་འཁྲུལ་འདུག་པས། ད་གཟུགས་སུ་སྣང་ཚད་ཐམས་ཅད་ཡི་དམ་དུ་ཤེས་པར་བྱ་སྙམ་དུ་བསམས་ནས། གཟུགས་སུ་སྣང་ཚད་ཐམས་ཅད་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ལྟར་ལུས་དང་སྣང་བ་ཐམས་ཅད་ཡི་དམ་དུ་བསྒོམས་པ་དེ་ལ། སྣང་བའམ། གསལ་བའི་ཆ་གཅིག་འདུག་པ་དེ་བསྐྱེད་རིམ། སྟོང་པའམ། རང་བཞིན་མེད་པའི་ཆ་གཅིག་འདུག་པ་དེ་རྫོགས་རིམ། དེ་གཉིས་རང་བཞིན་གྱིས་དབྱེར་མི་ཕྱེད་པ་དེ་བསྐྱེད་རྫོགས་ཟུང་འཇུག་གོ ། གཉིས་པ་ནི། རང་ཡི་དམ་དུ་བསྒོམས་ནས་སྔགས་བཟླས་པ་དང་། གཟུགས་སུ་སྣང་ཚད་ཡི་དམ་དུ་བསྒོམས་པ་དེ་རྣམས་ཀྱང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་བསྒོམ། སྒྲ་


PS010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཚད་ཀྱང་སྔགས་སུ་ཤེས་པར་བྱ། སྔགས་དྲག་སྟོང་དུ་ཤེས་པར་བྱའོ། །དེ་ལ་སྒྲར་གྲགས་ཚད་སྔགས་སུ་ཤེས་པའི་ངོ་བོ་སྟོང་པ་དེ་དབྱིངས། སྒྲར་གསལ་བ་དེ་ཡེ་ཤེས། དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དེ། དེ་ཁོ་ན་ཉིད་ཀྱི་བཟླས་པ་སྟེ། སྔགས་ཡང་དག་པའི་རྒྱུད་ལས། གྲགས་ཚད་སྔགས་སུ་མ་ཤེས་ན། །བསྐལ་པར་བསྒོམས་ཀྱང་དོན་མེད་འགྱུར། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །བཟླས་པས་ཚེ་འདིར་སངས་རྒྱས་འགྱུར། །ཅེས་སོ། །གསུམ་པ་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུག་གསུམ་དུ་འདུས་པས། དུག་གསུམ་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། དེ་ཡང་འདོད་ཆགས་མ་འགགས་ཏེ་རང་ཤར། དེ་མ་སྤངས་པར་བདེ་ཆེན་ལོངས་སྐུར་ཤེས་པས་རང་གྲོལ་ལོ། །ཞེ་སྡང་


PS010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་ཏེ་རང་ཤར། དེ་མ་སྤངས་པར་གསལ་དྭངས་སྤྲུལ་སྐུར་ཤེས་པས་རང་གྲོལ་ལོ། །གཏི་མུག་མ་འགགས་ཏེ་རང་ཤར། དེ་མ་སྤངས་པར་རྟོག་མེད་ཆོས་སྐུར་ཤེས་པས་རང་གྲོལ་ལོ། །དགོངས་པ་དམ་པའི་རྒྱུད་ལས། དུག་གསུམ་མ་འགགས་རང་ཤར་ལ། །མ་སྤང་སྐུ་གསུམ་ཤེས་པས་གྲོལ། །རང་ཤར་རང་གྲོལ་ཤེས་གྱུར་ན། །ལོ་ཟླས་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་སོ། །དེ་རྣམས་ཀྱང་ཐུན་གཅིག་ཏུ་ཉམས་སུ་ལེན་ན། རང་གི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། དེ་ནས་གཟུགས་སུ་སྣང་ཚད་བླ་མར་བསྒོམས་ལ་མོས་གུས་བྱེད་ཅིང་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ་ཕྱི་སྣོད་གཞལ་ཡས་ཁང་དུ་བསམ། གཟུགས་སུ་སྣང་ཚད་ཡི་དམ་དུ་བསྒོམས་ལ་མཆོད་པ་དབུལ། སྒྲ་


PS010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཚད་གྲགས་སྟོང་སྔགས་སུ་ཤེས་པར་བྱའོ། །བླ་མ། ཡི་དམ། སྔགས་བཟླས་པ་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པ་དང་། དུག་ལྔ་དུག་གསུམ་ལ་སོགས་པའི་རྟོག་པ་སྣ་ཚོགས་འགག་མེད་རང་ཤར་ལ། དེ་འཛིན་མེད་དུ་ཤེས་པས་གྲོལ་བར་འགྱུར་རོ། །ཡང་ན་རྟོག་པ་གང་སྐྱེས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཤེས་པས། ཚེ་གཅིག་ལུས་གཅིག་ཏུ་སངས་རྒྱས་པར་འགྱུར་རོ། །མདོར་ན་སྤྱི་གཙུག་བླ་མ་དང་མི་འབྲལ། ལུས་ཡི་དམ་དང་མི་འབྲལ། ངག་གསོལ་འདེབས་མ། བཟླས་བརྗོད་དང་མི་འབྲལ། བཟའ་བཏུང་བདུད་རྩི་དང་མི་འབྲལ། དྲན་རྟོག་སྒྱུ་མ་རྨི་ལམ་མམ། དུག་ལྔ་རང་ཤར་རང་གྲོལ་དང་མི་འབྲལ། མདུན་དུ་བཀའ་སྲུངས་ཆོས་སྐྱོང་དང་མི་འབྲལ་བར་ཉམས་སུ་བླང་པར་བྱའོ། །དེ་ལྟར་ཉམས་སུ་བླངས་ན་ལོ་ཟླས་


PS010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སངས་མི་རྒྱ་མི་སྲིད་དོ། །ན་སོ་གཞོན་དུས་སུ་ལུས་ངག་ཡིད་གསུམ་གྱི་ཞུད་བསྲུངས་ནས་ཉམས་སུ་བླངས་ན། དག་པ་མཁའ་སྤྱོད་དུ་མི་འགྲོ་མི་སྲིད་དོ། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ནི་རྒྱལ་བ་རྒྱ་མཚོའི་ཐུགས་བཅུད། དཔའ་བོ་མཁའ་འགྲོའི་སྲོག་སྙིང་། གྲུབ་ཐོབ་ཀྱི་འབྱུང་གནས། བླ་མ་གྲུབ་ཐོབ་རྣམས་ཀྱི་ཆིག་བརྒྱུད་ཡིན་པས། ཐེ་ཚོམ་དང་ཡིད་གཉིས་མི་དགོས་སོ། །གསང་བར་བྱའོ། །ཨེ་མ་ཧོ། །ཨེ་མ་ཧོ། །ཨེ་མ་ཧོ། །གསུམ་པ་སྣང་བ་ལ་བརྟེན་ནས་སྒྱུ་མ་ལམ་དུ་འཁྱེར་བ་ལ་གཉིས་ཏེ། ཉིན་པར་དང་། མཚན་མོའོ། །ལུས་ཡི་དམ་དུ་བསྐྱེད་པའི་སྤྱི་བོར་བླ་མ་བསྒོམས་ལ། བླ་མ་རིན་པོ་ཆེ། བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར༴ སྒྱུ་ལུས་རྨི་ལམ་འབྱོངས་པར༴


PS010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར༴ བྱས་ནས་གསོལ་བ་ནུས་ཚད་དུ་གདབ་པར་བྱའོ། །དེས་སྣང་བ་བདེན་མེད་དུ་བུན་སོང་བ་དང་། རང་གི་ལྟེ་འོག་གི་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། འགྲོ་དྲུག་གི་སེམས་ཅན་བསྒོམས་ནས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་སོགས་པ་འདི་རྣམས་རང་སྣང་འཁྲུལ་པ་མ་གཏོགས་པ་བདེན་པར་གྲུབ་པ་གཅིག་ཀྱང་མེད། འདི་རྣམས་ཐམས་ཅད་བདེན་མེད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་བཏང་། ཡང་བླ་མ་ལ་གསོལ་བ་བཏབ། གསོལ་འདེབས་དང་དྲན་འདུན་དྲག་པོ་གཉིས་ཀྱིས་སྣང་བ་བདེན་མེད་དུ་བུན་སོང་བ་དང་། སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །ངའི་ལུས་འདི་ཡིད་ཀྱི་ལུས་སུ་འདུག །རྨི་ལམ་གྱི་སྣང་བ་དང་།


PS010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམ་ནས། མདུན་གྱི་གཟུགས་སམ། དངོས་པོ་གང་འདུག་ལ་ཕར་ཐལ་ཚུར་ཐལ་དུ་སྦྱང་ངོ། །གང་སྦྱངས་པ་དེ་མང་པོ་དཔག་ཏུ་མེད་པར་སྤེལ། དེ་ལ་སྦྱང་ངོ། །ཡང་། གང་སྤེལ་བ་དེར་ལུས་སྤྲུལ་སྦྱང་། དེ་ནས་ས་ལ་ཆུར་བསྒྱུར། ཆུ་ལས་མེ། མེ་ལས་རླུང་དུ་བསྒྱུར། འབྱུང་བཞི་ཕྲ་བ་ལས་རགས་པར་བསྒྱུར། རགས་པ་ལས་ཕྲ་བར་བསྒྱུར་རོ། །གང་འདུལ་ལ་ཡང་དེ་བཞིན་དུ་བྱ་སྟེ། ཁྱི་འདུལ་བར་བྱེད་པ་ལ་སྤྱང་ཀིར་སྤྲུལ། དེ་འདུལ་བར་བྱེད་པ་ལ་སྟག །དེ་འདུལ་བ་སེང་གེ། དེ་འདུལ་བ་ཁྱུང་། དེ་འདུལ་བར་བྱེད་པ་ཡི་དམ་དཀར་བ། མཐིང་ཁ། སེར་བ། དམར་བ། ལྗང་ཁུར་བསྒྱུར་བར་བྱའོ། །མདོར་ན་ས་གཞི་བར་སྣང་ཐམས་ཅད་ཡི་དམ་རིགས་ལྔས་ཁེངས་


PS010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམས་ལ་སྦྱོང་སྤེལ་བྱ། ཡི་དམ་གྱི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་རྩེ་གཅིག་ཏུ་བཏང་བར་བྱའོ། །དེ་ནི་མཉམ་བཞག་གོ ། རྗེས་ཤེས་ཐམས་ཅད་སྒྱུ་མ་རྨི་ལམ་དུ་འཁྱེར་བར་བྱ་སྟེ། སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས་པས། འགྲོ་འཆག་ཉལ་འདུག་བཟའ་བཏུང་དང་། གཏམ་སྨྲ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་ཀྱི་དུས་སུ། ང་དོ་ནུབ་འཆི། སང་འཆི། ད་ནི་མྱུར་དུ་འཆི་བ་ཡིན། ཅིས་ཀྱང་ཅི་བྱེད་སྙམ་པ་དང་། བླ་མའི་མོས་གུས་གདུངས་གདུངས་པ་དང་། ཨ་པ་ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བ། ངའི་ལུས་འདི་ཡིད་ཀྱི་ལུས་སུ་འདུག །རྨི་ལམ་གྱི་སྣང་བ་དང་།


PS010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱངས་སྦྱངས་ཡིན་སྙམ་དུ་བསམས་ནས། དངོས་པོ་ཅིར་སྣང་ཐམས་ཅད་ལ་སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། བླ་མ་ལ་གསོལ་བ་འདེབས་པ་རྣམས་གོང་བཞིན་བྱའོ། །དེ་ལྟར་མཉམ་བཞག་དང་རྗེས་ཤེས་ལམ་ཁྱེར་གཉིས་ཀྱིས་ཉིན་པར་གྱི་དུས་འདའ་བར་བྱའོ། །གཉིས་པ་མཚན་མོ་ནི། རྨི་ལམ་དང་། འོད་གསལ་གཉིས་ཀའི་དུས་གནད་གསུམ་དང་། ལུས་གནད་གསུམ་དང་། གསོལ་འདེབས་རྣམས་སྔར་ཆོས་དྲུག་ཏུ་བསྟན་པ་བཞིན་དུ་བྱའོ། །རྨི་ལམ་གྱི་དམིགས་པའི་གནད་ལ་རྟོག་པ་འཕྲོ་ན། ཐིག་ལེ་འཁོར་བ་དང་། རླུང་འཛིན་པ་སྦྲགས་པ་ལ་བྱ། གསལ་ཆ་ཆུང་ན་ཡི་དམ་གྱི་ཐུགས་ཀའི་བླ་མ་ལ་དམིགས་པ་བཟུང་ངོ་། །འོད་གསལ་ལ་བདེ་ཤས་ཆུང་ན། ཡི་དམ་གྱི་ཁོང་


PS010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐིག་ལེ་དཀར་པོས་ཁེངས་པའི་ཐུགས་ཀར་བླ་མ། བླ་མའི་ཐུགས་ཀའི་ཧཱུཾ་དཀར་པོ་ལ་དམིགས་པ་གཏད་པས། རྨི་ལམ་དང་འོད་གསལ་གཉིས་ཀ་འཆར་བར་འགྱུར་རོ། །གཉིད་ཆེ་ན་སྤྱི་བོའི་ཐོད་པའི་འོག་ཏུ་བདག་མེད་མའི་ཐུགས་ཀའི་ཨ་ལ་སེམས་གཏད། ཕྱི་རོལ་གྱི་གསལ་སྣང་དང་འོད་གསལ་གཉིས་ཀ་འཆར་བར་འདོད་ན། ལྟེ་འོག་དབུ་མའི་ནང་དུ་ཨ་དཀར་པོ་ལ་སེམས་གཏད་ལ་འོད་གསལ་བཟུང་། དེ་རྣམས་རྒྱས་པར་ཆོས་དྲུག་གི་སྐབས་སུ་བསྟན་པ་བཞིན་དུ་བྱའོ། །རྨི་ལམ་ལ། གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་རབ་རིབ་དེ་ངོས་བཟུང་ལ་རྨི་ལམ་དུ་ཤེས་པར་བྱ། འོད་གསལ་ལ་རྟོག་པ་དེ་འོད་གསལ་ཡིན་སྙམ་དུ་ཤེས་པར་བྱའོ། །དེ་ནི་ཁྱད་པར་གྱི་གདམས་པའོ། །དེ་ལ་གནད་རྣམས་ཀྱི་ནང་ནས་མཆོག་ཏུ་འགྱུར་པ་ནི།


PS010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེས་ཀུན་ནས་བསླང་པའི་སེམས་ཀྱིས་བྱམས་པ་ཕན་སེམས་བསྐྱེད་པ་དང་། འཆི་བ་མི་རྟག་པ་དྲག་པོ་རྒྱུན་ཆད་མེད་པར་བསམས་པས་བློ་སྣ་ཐུང་སྦུད་སོང་སྟེ་ཅིས་ཀྱང་དགོས་མེད་རྒྱུད་ལ་བསྐྱེད་པ་དང་། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཏེ། མཆི་མ་རང་དབང་མེད་པའི་མོས་གུས་རྒྱུན་ཆད་མེད་པ་གསུམ་གྱིས་སྒྱུ་མ་རང་ཤར། སྣང་བ་ཐམས་ཅད་བདེན་མེད་དུ་འགྲོ་བ་དང་། རྨི་ལམ་རང་ཟིན་དང་། སྦྱོང་སྤེལ་སྤྲུལ་བསྒྱུར་དང་། ཡུལ་སྣང་གཏན་ལ་ཕེབས་པ་དང་། ཉིན་པར་ཕྱག་རྒྱ་ཆེན་པོ་གསལ་ལ་རྟོག་མེད་དུ་འཆར་བ་དང་། མཚན་མོ་ལྷ་སྐུ་རང་ཤར་དང་། འོད་གསལ་ཕྱོགས་མེད་དུ་འཆར་བ་རྣམས་ཇི་ལྟ་བ་བཞིན་འབྱུང་བར་འགྱུར་རོ། །གོང་གི་ཆོས་གསུམ་


PS010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་རྒྱུད་ལ་མ་སྐྱེས་ན། བརྩོན་འགྲུས་ཆེན་པོས་ཡུན་རིངས་ཉམས་སུ་བླངས་ཀྱང་མཐར་ཐུག་གི་འབྲས་བུ་འབྱུང་བར་དཀའ་བས། ཆོས་གསུམ་པོ་དེ་ལ་ནན་གྱིས་རྩེ་གཅིག་ཏུ་ཉམས་སུ་བླངས་པ་འདི་གལ་ཆེའོ། །འདི་ནི་བླ་མ་དམ་པའི་གསུང་དང་། ང་རང་གིས་ཉམས་སུ་བླངས་པས་ཀྱང་ཇི་ལྟ་བ་བཞིན་དུ་གྱུར། །སློབ་མ་རྣམས་ལ་ཡང་ཇི་ལྟར་བཏབ་པ་བཞིན་དུ་བྱུང་བས། སེམས་བསྐྱེད། འཆི་བ་མི་རྟག་པ། བླ་མའི་མོས་གུས་གསུམ་པོ་འདི་ཁོ་ན་གལ་ཆེ་བར་འདུག་པས། ཐེ་ཚོམ་མེད་པར་ཉམས་སུ་བླང་པར་བྱ། ཆོས་གསུམ་པོ་དེ་དང་མི་ལྡན་ན་དམིགས་པ་གསལ་བརྩོན་འགྲུས་ཆེ་ཡང་། དོན་མེད་དུ་འདུག་པས་ཆོས་གསུམ་པོ་དེ་ལ་འབད་པར་བྱའོ། །དེ་ལ་འབད་པ་དང་ཕན་སེམས་ཕྱོགས་མེད་དུ་འཆར། སྙིང་རྗེ་འགག་མེད་དམ་རྩོལ་མེད་དུ་འཆར། ཅིས་ཀྱང་


PS010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་མེད་རྒྱུད་ལ་སྐྱེས་ནས། བློ་ཆགས་སྡང་དང་བྲལ། དག་སྣང་ཕྱོགས་མེད་དུ་འཆར། ཉིན་པར་སྣང་བ་ཐམས་ཅད་བདེན་མེད་དམ། གསལ་སྟོང་འཛིན་མེད་ཕྱག་རྒྱ་ཆེན་པོ་རྩོལ་མེད་རང་ཤར་དུ་འབྱུང་། མཚན་མོ་རྨི་ལམ་དང་འོད་གསལ་གྱི་དགེ་སྦྱོར་རྒྱུན་ཆད་མེད་པར་འབྱུང་བར་འགྱུར་རོ། །འདི་ནི་ཉམས་སུ་མྱོང་བའི་ཆོས་ཡིན་པས། ཐེ་ཚོམ་མེད་པར་མཛོད་ཅིག།དེ་ཡང་། ཞག་རེ་ལ་འཕོ་བ་ཡེ་ཤེས་སྐར་ཁུང་མ་བསྡུས་པ་རེ། བར་དོ་དབང་པོ་ཐ་མ་དེ་ཐུན་ཆུང་ངུ་རེ་ཉམས་སུ་བླང་། གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་དེ་རེས་འགའ་ལྷ་སྐུར་གྱུར། ལྷ་སྐུ་སྐད་ཅིག་མ་གཅིག་རྨི་ལམ་དུ་བྱུང་ཀྱང་ལོངས་སྐུ་རུ་སངས་རྒྱ་བ་ཡིན་པས། ཐེ་ཚོམ་མེད་པར་ངེས་ཤེས་བསྐྱེད་པར་གལ་ཆེའོ། །བཞི་པ་སྣང་བ་ལ་བརྟེན་ནས་འབྲས་


PS010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྷུན་གྲུབ་རང་ཤར་དུ་འབྱུང་བ་ནི། གོང་གི་དེ་རྣམས་ཉམས་སུ་བླངས་པས། ཉིན་པར་གྱི་དུས་སུ་སྣང་བ་ཐམས་ཅད་གསལ་ལ་རྟོག་མེད་བདེ་ཆེན་དུ་འཆར་ཏེ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་པའི་སྐུ། གསལ་ཀྱང་རྟོག་པ་མེད་པ་དེ་ཆོས་སྐུ། དེ་ཉིད་བདེ་བར་ཤར་བས་ལོངས་སྤྱོད་རྫོགས་པའི་སྐུ། དེ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུའོ། །མཚན་མོའི་རྨི་ལམ་གྱི་སྐབས་སུ་སྣང་བ་སྣ་ཚོགས་སུ་ཤར་བ་དེ་སྤྲུལ་སྐུ། གསལ་ཀྱང་རྟོག་པ་མེད་པ་ཆོས་སྐུ། གསལ་ལ་རྟོག་མེད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་དབྱེར་མི་ཕྱེད་པས་བདེ་བ་ཆེན་པོའི་སྐུའོ། །བདེ་བ་མྱུ་གུའི་རྒྱུད་ལས། ཉིན་པར་སྐུ་གསུམ་རང་ཤར་འབྱུང་། །མཚན་མོ་སྐུ་གསུམ་རང་ཤར་འགྱུར། །གསང་སྔགས་མངོན་སུམ་ལམ་པས་ཏེ། །ཕར་ཕྱིན་བྱ་སྤྱོད་ཀུན་ལས་འཕགས། །ཞེས་


PS010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ཡིན་ནོ། །གདམས་ངག་དེ་རྣམས་ནི་ལོ་ཟླའམ། ཚེ་གཅིག་ལུས་གཅིག་ལ་སངས་མི་རྒྱ་མི་སྲིད་པ་ཡིན་པས། ཐེ་ཚོམ་མེད་པར་ཉམས་སུ་བླང་པར་བྱའོ། །ཨེ་མ་བཀའ་བརྒྱུད་རྩོད་པ་མེད། །བླ་མ་གྲུབ་ཐོབ་འགྲན་ཟླ་བྲལ། །གདམས་ངག་མངོན་སུམ་ལམ་པ་ཡིན། །ཐེ་ཚོམ་མེད་པར་ཉམས་སུ་ལོང་། །བདག་ཀྱང་བརྒྱུད་པའི་བླ་མ་དང་། །ཡི་དམ་མཁའ་འགྲོས་ལུང་བསྟན་པ། །སྐྱེ་བ་འདི་ཡི་ཕྱི་མ་ལ། །ཞིང་ཁམས་རྣམ་དག་ཤར་གྱི་ཕྱོགས། །མེ་ཏོག་བཀྲམ་པར་སྐྱེ་བར་གསུངས། །ཐེ་ཚོམ་མི་དགོས་གསོལ་བ་ཐོབ། །བདག་གི་ཆོས་འདི་ཐོས་པ་དང་། །ཉམས་སུ་བླངས་ཚད་སངས་རྒྱས་ཐོབ། །དགེ་སྦྱོར་སྐྱེས་པ་སྨོས་ཅི་དགོས། །དེས་ན་བརྒྱུད་པ་ཁྱད་འཕགས་ཡིན། །བཀའ་བརྒྱུད་འདི་དང་ཕྲད་པ་


PS010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །སྐྱེ་བ་དཔག་མེད་ཚོགས་བསགས་ཏེ། །ཕྱི་མ་སངས་རྒྱས་ཐོབ་པར་གསུངས། །འདི་ལ་ཐེ་ཚོམ་མ་བྱེད་གཅིག །ཞལ་གདམས་སྤྱི་གནད་འདི་ལྟར་ཉམས་སུ་བླངས། །ཕན་སེམས་སྙིང་རྗེ་གཞན་དོན་ཕྱོགས་མེད་འབྱུང་། །གསོལ་བ་བཏབ་ན་ཉམས་རྟོགས་ཕྱོགས་མེད་འཆར། །འདུན་པ་རྩེ་གཅིག་རྨི་ལམ་མྱུར་དུ་འབྱོངས། །བསྙེན་བསྒྲུབ་བྱས་ན་དངོས་གྲུབ་ཕྱོགས་མེད་ཐོབ། །དམ་ཚིག་བསྲུངས་ན་མཁའ་འགྲོ་སྤྲིན་བཞིན་འདུ། །དགོས་མེད་སྐྱེས་ན་ལོངས་སྤྱོད་ཆར་བཞིན་འབབ། །ཕྲག་དོག་སྤངས་ན་མཐོ་དམན་ཀུན་གྱིས་འཁུར། །བདག་འཛིན་བཏང་ན་བགེགས་ཀྱིས་ཚུགས་མི་སྲིད། །རྒྱུན་གཏོར་བརྩོན་ན་བར་ཆད་རང་སར་འདག།འཛིན་པ་སྤངས་ན་གོལ་སར་ལྷུང་མི་འགྱུར། །བཤགས་པ་བྱས་ན་སྡིག་པ་ཐམས་ཅད་འདག།


PS010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བསགས་ན་དགེ་སྦྱོར་ཤུགས་ལ་འཆར། །རྩོལ་བཅས་བྱས་ན་རྩོལ་མེད་ངང་གིས་འཆར། །དུག་ལྔ་སྐྱེས་ཚད་འཛིན་མེད་གྲོལ་བར་འགྱུར། །སྣང་བ་མི་འགག་ལམ་ཁྱེར་སངས་རྒྱས་ཐོབ། །རེ་མེད་ཡེངས་མེད་ལོ་ཟླས་བྱང་ཆུབ་འགྲུབ། །མོས་གུས་ཚད་མེད་གཞན་སྣང་ཟིལ་གྱིས་གནོན། །དམིགས་མེད་བསྔོ་བས་བསོད་ནམས་དཔག་མེད་འཕེལ། །རེ་དོགས་སྤངས་ན་འབྲས་བུ་མྱུར་དུ་ཐོབ། །ཐུགས་ལ་ཞོག་ལ་ཉམས་སུ་ལོང་མཛོད་དང་། །རིང་པོ་མི་ཐོགས་འབྲས་བུ་འགྲུབ་པར་འགྱུར། །མཁའ་འགྲོའི་ཞལ་གདམས་གནད་ཀྱི་ཉམས་ལེན་འདི། །བརྩེ་བའི་སེམས་ཀྱིས་བུ་ཡི་དོན་དུ་བཀོད། །དེ་ལ་མཁའ་འགྲོ་ཆོས་སྐྱོང་བཟོད་པར་མཛོད། །དགེ་དེས་དོན་གཉིས་ཕུན་སུམ་ཚོགས་པར་ཤོག།མཁའ་


PS010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སྙན་བརྒྱུད་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །གསང་ངོ་། །བླ་མ་བྲང་པས་གསེར་སྲང་ལྔ་བརྒྱ་དང་ཚོགས་བརྒྱ་རྩ་ལན་གསུམ་ཕུལ་ནས་ཞུས་པའོ། ཨྀིྠཿ སྐྱེ་བ་འདི་ཕྱི་ཐམས་ཅད་ཀྱི་བསོད་ནམས་ཟད་པར་བྱེད་པ་དང་། སངས་རྒྱ་བའི་གེགས་ལོག་ལྟ་ཡིན་པས་དག་སྣང་སྦྱོངས། གདམས་ངག་དང་དངོས་གྲུབ་ཀྱི་གེགས་ཐེ་ཚོམ་ཡིན་པས། ངེས་ཤེས་བསྐྱེད། གྲུབ་པ་མྱུར་དུ་མི་ཐོབ་པའི་གེགས་བླ་མ་ཡི་དམ་དང་། གདམས་ངག་སྣ་ཚོགས་ཡིན་པས། གང་ལ་ངེས་ཤེས་ཐོབ་པ་གཅིག་ལ་ཉམས་ལེན་བྱ། སྒྲིབ་གཉིས་མྱུར་དུ་མི་བྱང་བའི་གེགས་བྱར་མེད་ཡིན་པས། བསོད་ནམས་ཀྱི་ཚོགས་དང་རྩོལ་བཅས་ཀྱི་དགེ་སྦྱོར་ལ་འབད། ཡེ་ཤེས་ཀྱི་ཚོགས་མྱུར་དུ་མི་རྫོགས་པའི་གེགས་བདེན་ཞེན་ཡིན་པས། ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་རྨི་ལམ་


PS010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་པར་བྱ། །གཞན་གྱི་གེགས། རང་དོན་ཡིན་པས། སྙིང་རྗེ་དང་། ཕན་སེམས་སྨོན་ལམ་ལ་འབད་གསུང་ངོ་། །ཨིྀྠཿ ཤུབྷཾ། །མངྒ་ལཾ། །

བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས།


PS010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་བཞུགས།། །།


PS010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མཛད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་གྱི་རྟེན་མི་ལུས་གཙང་མ་ཐོབ་པ་རྣམས། འཕགས་པ་འཇམ་དཔལ་འདོན་པ་ལ་ཐུགས་དམ་མཛད་ན། འདི་ལྟར་བསྒོམ་པ་ཡིན་ཏེ། དེའང་འཕགས་པ་འཇམ་དཔལ་འདིའི་ཉན་བཤད་བྱ། འདིས་མཁའ་འགྲོ་མ་མང་པོའི་དགོངས་པ་བསྐོང་དགོས་པ་ཡིན་གསུང་། འདི་གཉན་ཡང་ཤིན་ཏུ་གཉན། འདིའི་འདོན་ཐབས་འདི་བསོད་ནམས་


PS010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཤིན་ཏུ་ཆེ། སླ་ཡང་སླ། འདི་ཉམས་སུ་བླང་ཡང་བདེ་བ་ཡིན་པར་གདའ། དེ་ཡང་བླ་མ་ཞོང་པ་དེ་ཀླུ་ལུང་དུ་བྱོན་པ་གཅིག་ལ། བཤེས་གཉེན་རྒྱ་ཆེན་པོ་དེས། བླ་མ་ཞོང་ཞོང་པའི་དྲུང་དུ་བྱོན་ནས། དགེ་བའི་བཤེས་གཉེན་པ་ལགས། ཁྱེད་རྒྱ་གར་དུ་ལན་མང་དུ་བྱོན་པ་ལས་གདམས་ངག་གི་ཕུང་པོར་བཞུགས་པ། བདག་ལ་ཁྱེད་ཀྱིས་སྐྱེ་བ་ཕྱི་མ་ལ་ངན་སོང་གསུམ་དུ་མི་ལྟུང་བའི་གདམས་


PS010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གཅིག་ཞུ་འཚལ་བྱས་པས། བཤེས་གཉེན་ཞོང་ཞོང་པའི་ཞལ་ནས། ཁྱེད་སྦྱོར་ལམ་ལ་གནས་པ་སངས་རྒྱས་མ་ཆགས་པདྨ་ཅན་གྱི་ཞལ་གཟིགས་པ་ལ་དེའི་དགོས་མེད་དེ། ཕྱི་རབས་ལ་ཕན་ཕྱིར་ཡིན་གསུང་། དེ་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གདམས་ངག་ནི་ཁྱེད་རང་ཟབ། གསང་སྔགས་ཀྱི་གདམས་པ་ཟབ་མོ་ཡོད་དེ། དེ་ནི་ཁྱེད་ཐུགས་དམ་མི་མཛད་པས་མི་ཡོང་། འཕགས་པ་འཇམ་དཔལ་འདི་ཐུགས་དམ་མཛོད་ལ། ཉི་མ་རེ་ལ་ཚར་གསུམ་གསུམ་མ་ཆག་པ་གཅིག་ཐོན། ངན་སོང་གསུམ་དུ་སྐྱུར་ཡང་མི་འགྲོ་གསུང་ནས་འདོན་ཐབས་འདི་ཁོང་ལ་གསུངས་པ་ཡིན། དེ་ནས་བཤེས་གཉེན་རྒྱ་ཆེན་པོ་དེས་འགྲོངས་ཀ་ཚུན་ཆད་དུ་མ་ཆག་པར་བཏོན་པ་ཡིན་གསུང་ངོ། །ད་འཕགས་པ་འཇམ་དཔལ་འདོན་པའི་དུས། དང་པོ་ཁོ་ནར་སྐྱབས་འགྲོ་སེམས་བསྐྱེད་བྱ།


PS010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མཐའ་གཉིས་སུ་རང་འཇམ་དབྱངས་སུ་སྒོམ་ཡི་གེ་དྲུག་པ་བཟླ། དེའི་རྟིང་ལ་བྱ་རྒོད་ཕུང་པོའི་རི་དེ་ཆེ་ཆུང་མཚོ་ཉ་རི་སྔོན་ཙམ་ཅིག་བསྒོམ། དེ་བླ་མའི་ཞལ་ནས་རྡོ་རྗེ་གདན་གྱི་ཤར་ལྷོ་ཟང་མ་ཁོ་ན་ན་འདུག་གསུང་། རི་དེའི་སྟེང་དུ་རྒྱུ་རིན་རི་འདི་ཤངས་ན་ཡོད་པོ་ཆེའི་ཁྲི་ལེགས་པ་གཅིག་བསྒོམ། བྱ་རྒོད་ཕུང་རི་དེའི་ཕྱོགས་བཞི་ནས་གྱད་སྟོབས་པོ་ཆེ་བཞིས་བཏེག་པ་ཟུར་བཞི་ནས་སེང་གེ་བཞིས་ཁ་ཕྱིར་བལྟས་ནས་བཏེག་པ། དབུས་ཀྱི་རྐང་ལ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་གིས་མཚན་པ། དེའི་སྟེང་གི་བར་ཆད་གྲུ་བཞིའི་སྟེང་ན་ཚུར་ལྷགས་པ་ཙམ་གཅིག་འཕྱངས་པ། རིན་པོ་ཆེའི་ཟ་ར་ཚགས་དང་། རཏྣའི་ཕ་གུ་བརྩེགས་པ་དང་། དྲྭ་བ་དྲྭ་ཕྱེད་འཕྱང་བ། མེ་ལོང་དང་མེ་ལོང་ཕྱེད་པ་དང་། རྔ་ཡབ་དང་། ཕྱེད་པ་དང་། ཟླ་བ་


PS010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕྱེད་པ་དང་། ཉི་མ་དང་། ཕྱེད་པ་དང་། རིན་པོ་ཆེའི་གདུགས་དང་། པ་ཏྲ་དང་། དྲིལ་བུ་དང་། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཁྲོལ་ཁྲོལ་བ་བད་ཆུང་ཕྱོགས་ན་ཕར་འཕྱང་པ་དང་། ཡང་། སེམས་ཀྱི་དྲན་པ་ཡིན་པས་དེ་རྣམས་རླུང་གིས་བསྐྱོད་པའི་སྒྲ་ལ་བརྟེན་ནས་སྙན་པ་ཡིད་དུ་འོང་བའི་སྒྲ་རྣམ་པ་སྣ་ཚོགས་སྒྲོག་པར་བསམས་ཏེ། དེ་རྣམས་བརྟེན་གྱི་དཀྱིལ་འཁོར་བསྒོམ་པ་ཡིན། ད་རྟེན་པ་ལྷ་སྒོམ་པ་ནི། ཁྲིའི་སྟེང་དུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས། ཤཱཀྱ་ཐུབ་པ་གསེར་གཙོ་མ་འདྲ་བ་ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། ཞལ་འཛུམ་བག་དང་བཅས་པ། སྤྱན་དཀྱུས་ཕྲ་ཞིང་རིངས་པས་སྐུ་ལུས་འོད་དང་ལྡན་པ། མཚན་དཔེས་བརྒྱན་པ། ཕྱག་གཡོན་པ་མཉམ་བཞག །གཡས་


PS010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་ས་གནོན་སྐྱབས་སྦྱིན་མཛད་པར་རང་སྐད་ཅིག་གིས་བསྐྱེད་དོ། །དེའི་མདུན་དུ་པཾ་ལས་པདྨའི་སྟེང་དུ། ཧྲཱིཿསེར་པོ་གཅིག་བསམ། དེ་ལས་འོད་འཕྲོས་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་ཧྲཱིཿདེ་ཡོངས་སུ་གྱུར་པ་ལས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་གཅིག་ཏུ་བསམ། དེའི་ཕ་ཟད་ན་འཇམ་དབྱངས་གཞུགས། ལྷོ་རུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོའི་སྤྲོ་བསྡུ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོར་ཡོད་པ་ལ་འཁོར་ཕྱོགས་བཅུའི་ཁྲོ་བོ་དཔག་ཏུ་མེད་པས་བསྐོར་བར་བསམ། ནུབ་ཏུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཡཾ་ཡིག་སེར་པོ་གཅིག་ཡོངས་སུ་གྱུར་པ་ལས་འཕགས་པ་ཤཱ་རིའི་བུ་


PS010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་སེར་པོ་འཁོར་མོའུ་འགལ་ལ་སོགས་པ་ཉན་ཐོས་དཔག་ཏུ་མེད་པས་བསྐོར་ནས་ཡོད་པ་གཅིག་ཏུ་བསྐྱེད། བྱང་དུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ལས་འཕགས་པ་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་བསྐོར་བར་བསམ། བྱང་ཤར་དུ་ལྷ་དཔག་ཏུ་མེད་པ། ཤར་ལྷོར་ལྷ་མ་ཡིན། ལྷོ་ནུབ་ཏུ་མི། ནུབ་བྱང་དུ་ངན་སོང་གསུམ་ལ་སོགས་པ་དཔག་ཏུ་མེད་པས་བསྐོར་ནས་ཆོས་ཉན་པའི་ཚུལ་དུ་ཡོད་པར་བསམས་ལ། དེ་ཡང་ཆོས་བཤད་པ་དང་འདྲ་བ་ཡིན་པས་ཤཱཀྱ་ཐུབ་ཏུ་ཡོད་པའི་ཡས་རྐན་ལ་པཾ་ལས་པདྨ་རཾ་ལས་ཉི་མའི་ཁར་ཨོཾ་དམར་པོ་གཅིག་བསམས་ལ་མཐའ་མ་ན་ཚུར་ལ་ཨཱ་ལི་ཀཱ་ལི་ཉིས་འགྱུར་བསམ། དེ་རྣམས་ཀྱང་དཔེར་ན་བའི་ནུ་མ་ལྟ་བུའམ་འཁྱག་པའི་ཟར་བུ་བཞིན་འཛག་


PS010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་ཅན་དུ་བསྒོམ། མས་རྐན་ལ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཨ་དཀར་པོ་གཅིག་བསམ། དེའི་མཐའ་མ་ན་ཚུར་ལ་ཨཱ་ལི་ཀཱ་ལི་ཉིས་འགྱུར་གྱི་ཡིག་འབྲུ་རྣམས་ནི་མར་མེའི་མདངས་མཐའ་མ་ན་ཚུར་བསྒྲིགས་པའམ། བྱ་དཀར་གདངས་ལ་བསྒྲིགས་པ་བཞིན་དུ་དཀར་རམ་མེ་ཡོད་པར་བསམ། བར་གྱི་ལྕེ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་གི་རྩེ་མོ་ལ་མུཾ་སེར་པོས་མཚན་པ་གཅིག་བསམ། ཆོས་ཀྱི་སྦྱིན་པ་གཏོང་བའི་བསམ་པས་མདོ་འདོན་པ་ཡིན་པས་སྔོན་དུ་ཀུ་རུ་ཀུལླེ་ལན་གསུམ་བཟླས་ལ་དེ་ནས་རྒྱ་གར་སྐད་དུ་ནས་འདོན། སྔགས་གོང་མར་སླེབས་པ་དང་ལན་གསུམ་འདོན། གཞུང་གི་སྔགས་དེ་ཡང་ཡར་བླངས་ལ་ལན་གསུམ་བསྐྱར་ནས་འདོན་ལ། ཡང་གོང་མའི་སྔགས་འཕྲོ་ནས་འདོན། གཤམ་གྱི་སྔགས་ལ་


PS010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་པ་དང་ལན་གསུམ་འདོན། ཡང་། གོང་གི་སྔགས་སྡུན་མ་ཡང་ལན་གསུམ་འདོན། འཇུག་འཕྲོ་ནས་འདོན། ཐོན་པའི་རྟིང་ལ་ཡང་ཀུ་རུ་ཀུལླེའི་སྔགས་དེ་ལན་གསུམ་ཀླགས་ཀྱང་བཟང་། དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་པས་མ་ཀླག་ཀྱང་ཆོག །ཚར་མང་དུ་འདོན་ན་སྔོན་མ་ཐེབས་གཅིག་བྱས་ནས་ཉི་མ་གཅིག་ལ་དེ་ཀའི་དམིགས་པ་མ་བྲལ་བས་ཆོག།ལན་རེ་བཞིན་བསྐྱེད་པ་ལ་སོགས་མི་དགོས་གསུང་། དེ་ལྟར་འདོན་ཐབས་དང་བཅས་པས་ལན་གཅིག་བཏོན་ན། འདོན་ཐབས་མེད་པ་བརྒྱ་བ་སྟོན་པ་ལ་བསོད་ནམས་ཆེ་བས། དང་པོ་འཇམ་དཔལ་འདོན་པ་ལ་ཐུགས་དམ་བྱེད་ན་དེ་ཙུགས་བྱེད་པ་ཡིན་གསུང་ངོ་། །རྫོགས་སོ། །ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། །ལྷ་མོ་ཀུ་རུ་ཀུལླེའི་སྔགས་སོ། །ཨོཾ་སཾ་བྷ་ར་སཾ་བྷ་ར་བྷི་མ་ན་ས་ར་མ་ཧཱ་ཛ་བ་ན་ཧཱུཾ། །འདི་བདུན་མ་ཉེར་གཅིག་གིས་བྱེ་བ་འགྱུར་དུ་རྒྱལ་བས་གསུངས་སོ། །མངྒ་ལཾ། །

བྱིན་རླབས་དངུལ་གྱི་གདུང་ཁང་མ།


PS010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་དངུལ་གྱི་གདུང་ཁང་མ་ཞེས་བྱ་བ་བཞུགས་སོ།། །།


PS010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ནུས་མཐུ་ཕྲིན་ལས་ཐོགས་མེད་ཅིང་། །བྱིན་རླབས་ཡེ་ཤེས་ཆུ་རྒྱུན་དཔག་མེད་པས། །འགྲོ་རྣམས་ཉམས་རྟོགས་མཆོག་ལ་འགོད་མཛད་པའི། །མཚུངས་མེད་ཆོས་རྗེ་རིན་ཆེན་ཞབས་ལ་འདུད། །དེ་ལ། བླ་མའི་བྱིན་རླབས་གསོལ་འདེབས་མ་ནི། །མདུན་དུ་རང་བས་ཁྲུ་གང་པས་མཐོ་བར་པདྨ་དང་ཉི་ཟླའི་སྟེང་དུ། བླ་མ་འོད་ཟེར་གྱི་རང་བཞིན་ཅན་ཞིག་བསྒོམ། དེ་ནས་བླ་


PS010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡོན་ཏན་བརྟག་པར་བྱ་སྟེ། སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཐུན་མོང་མ་ཡིན་པ་རང་གཞན་གཉིས་ཀས་དྲག་ཏུ་གདབ་པར་བྱའོ། །དེའི་ངང་ལས་བླ་མ་དེ་ལས་བླ་མ་མང་པོ་ཆད་ནས་སློབ་མའི་སྤྱི་ཐོག་ཏུ་ཆེམ་ཆེམ་འུར་འུར་བྱོན་པ་དང་། བྱིན་གྱིས་བརླབ་སོ་སྙམ་དུ་བསྒོམ་ལ། ཡང་གསོལ་བ་དྲག་པོ་གདབ་བོ། །དེས་ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་དག་ནས་རྟོགས་པ་ཁྱད་པར་ཅན་


PS010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་སྐྱེའོ། །དགྱེས་རྡོར་གྱིས་བྱིན་རླབས་ནི་དབང་དང་འབྲེལ་པར་བྱས་ལ། ཐོད་པའི་ནང་དུ་དགྱེས་རྡོར་སྐུ་གསུང་ཐུགས་དཀར་དམར་མཐིང་གསུམ་བསམ། དེ་ནས་ནམ་མཁའ་ལ་སངས་རྒྱས་ལ་སོགས་པ་དཔག་ཏུ་མེད་པ་བཞུགས་པ་ལ། རྗེས་སུ་ཡི་རངས་བསྒོམ་པས། དེའི་བཟང་ལན་དུ་འོད་ཟེར་ཁ་དོག་གསུམ་ཐོད་པའི་ལྷ་ལ་ཐིམ་པས། དགྱེས་རྡོར་བདེ་སྟོང་གཉིས་སུ་མེད་པའི་སྐུ་གསུམ་པོ་དེ་ལས་འོད་ཟེར་བྱུང་། སློབ་མའི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསྒོམ། དེ་ནི་འོད་ཟེར་མའོ། །ནུས་མཐུ་མ་ནི། ལྷ་གསུམ་པོ་དེ་ལས་ནུས་མཐུ་དཔག་ཏུ་མེད་པ་བྱུང་ནས་སློབ་མ་ལ་ཐིམ་པས་སྡིག་སྒྲིབ་དག་པར་བསམ་མོ། །སྐུ་གཟུགས་མ་ནི་དུས་གསུམ་གྱི་དགེ་བ་རྣམས་ཡར་ལ་ཕུལ་བས། བཟང་ལན་དུ་སངས་


PS010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆར་བབ་པ་བཞིན་དུ་བྱུང་ནས། སློབ་མའི་ལུས་ལ་སིབ་སིབ་ཐིམ་པས། ལུས་ངག་ཡིད་གསུམ་གྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ་མོ། །དེ་ཡང་དབང་མ་འབྲེལ་བར་བྱེད་ན་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔགས་ཕྱི་ནང་གི་ལྷ་ཚོགས། དཔའ་བོ་དཔའ་མོ་ཆོས་སྐྱོང་བའི་སྲུང་མ་རྣམས་བཞུགས་པར་བསམ་ལ། རྗེས་སུ་ཡིད་རངས་བསྒོམ་པས་བཟང་ལན་དུ། དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་ཐུགས་ལ་ཐིམ་པས། ནད་གདོན་སྡིག་སྒྲིབ་མ་ལུས་པ་སངས་དག་པར་བསྒོམ། དེ་ནི་ནང་འོད་ཟེར་མའོ། །ནུས་མཐུ་དང་སྐུ་གཟུགས་མ་སྔར་བཞིན་བྱའོ། །རང་བདེ་མཆོག་ཏུ་བསྒོམ་པའི་སྐུ་སྟོད་དང་སྐུ་སྨད་


PS010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དཔའ་བོ་དང་དཔའ་མོ་བསམ་གྱིས་མི་ཁྱབ་པ་བྱུང་ནས་སློབ་མ་ལ་ཐིམ་པ་དང་། ནད་གདོན་སྡིག་སྒྲིབ་དག་པར་བསམ་མོ། །རང་རྗེ་བཙུན་མར་གསལ་བའི་བ་སྤུའི་བུ་ག་ནས་ཁྲོ་མོ་དཔག་ཏུ་མེད་པ་བྱུང་། དེ་ལས་ཀྱང་ཁྱད་པར་དུ་རྗེ་བཙུན་མ་བྱུང་ནས་ལུས་ལ་ཐིམ་པར་བསམ་ནས་ཕཊ་ཏ་ཕཊ་ཏ་བྱས་ལ་རོལ་མོ་དྲག་ཏུ་བྱ། །ཡང་ན་ཐོད་པའི་ནང་དུ་སྔགས་གསུམ་སྦྲེལ་འོད་དུ་ཞུ་བའི་ཆང་དེ་སློབ་མ་ལ་གཏོར་བས། ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ། དེ་ནི་མཁའ་འགྲོ་ཆར་འབེབས་མའོ། །རང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པར་བསྒོམ་པའི་ཐུགས་ཁ་ནས། ཧཱུཾ་ཆེན་པོ་གཅིག་ལས་ཧཱུཾ་མང་པོ་ཆད་ནས་ཕྱིར་ཐོན་པ་དང་། ཧཱུཾ་དེ་རྣམས་མགོན་པོར་གྱུར་ཏེ། སློབ་མའི་རྒྱུད་ལ་སིབ་སིབ་ཐིམ་པ་དང་།


PS010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་གྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ་ནས། རྩ་སྔགས་དྲག་ཏུ་བཟླས། རོལ་མོ་རྣམས་དྲག་ཏུ་དཀྲོལ་བར་བྱའོ། །ཆར་འབེབས་མའི་གནད་དེས་ནི། མགོན་པོ་འཁོར་དང་བཅས་པ་རྣམས་དགོས་འདོད་ཐམས་ཅད་བསྒྲུབ་ཅིང་བྲན་བཞིན་ཅི་བསྒོ་བ་རྣམས་ཉན་པར་བྱེད་དོ། །འདི་རྣམས་ནུབ་གཅིག་ལ་བྱས་ན་གསང་སྔགས་ཐང་མར་བརྡལ་བར་འགྲོ་བས་དཔའ་བོ་མཁའ་འགྲོའི་བཀའ་ཆད་འབྱུང་པས། ཟླ་བ་རེས་ལ་ལན་རེ་ཙམ་ནུབ་སྦྲེལ་མར་བྱའོ། །བྱིན་རླབས་འོད་ཟེར་མ་དང་། ནུས་མཐུ་མ་དང་། སྐུ་གཟུགས་མ་གསུམ་པོ་འདི་དགྱེས་རྡོར། བདེ་མཆོག་རྗེ་བཙུན་མ་མགོན་པོ་ལ་སོགས་པ་རྣམས་ལ་ཐུན་མོང་མ་ཡིན་གནད་འདིས། བྱིན་རླབས་བྱས་ན་རང་དང་སློབ་མའི་ནད་གདོན་


PS010_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ལ་སོགས་པ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྐད་ཅིག་མ་རེས་ཞི་ནས། དཔའ་བོ་མཁའ་འགྲོ་དངོས་སུ་འདུ་ཞིང་ཚེ་གཅིག་ལུས་གཅིག་གམ། སྐད་ཅིག་མ་རེས་སངས་རྒྱ་བར་བྱེད་པའི་བྱིན་རླབས་འདི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བའི་བསྲུང་མ་ཐམས་ཅད་ཀྱིས་དངོས་སུ་སྣང་ཞིང་བྱིན་གྱིས་རླབས་པའི་གདམས་པ་ཡིན་པས། སྣོད་ལྡན་རེས་ལས་མི་སྦྱིན་ནོ། །ཁྱད་པར་དུ་དཔེ་ལ་ཟབ་ཅིང་གཏེར་དུས་འབུལ་བ་ཆེན་པོ་དང་། ཚོགས་འཁོར་མང་པོ་མ་བྱས་པར་མི་སྦྱིན་ཞིང་། བཀའ་ཡང་ཡང་གདམས་པར་བྱའོ། །བདེ་སྐྱིད་ཉམས་རྟོགས་རང་བཞིན་འཕེལ་བ་ཡིས། །མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་གཏིབས་གྱུར་པའི། །འོག་མིན་གནས་མཆོག་རི་དགོན་ཡང་དགོན་དུ། །


PS010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ལྡན་སློབ་མས་ཡང་ཡང་ཞུས་པའི་ངོར། །བྱིན་རླབས་ནོར་བུ་རིན་ཆེན་མཆོག་འདི་བཀོད། །དགེ་དེས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་བྱིན་རླབས་འབེབས་ཐབས་ཡིད་བཞིན་གྱིས་ནོར་བུ་ཞེས་བྱ་བ། གཞན་ཕན་གྱིས་བློ་ཁོ་ནས་ཡི་གེར་བཀོད་པ་རྫོགས་སོ། །ཨྀིྠ།། ༈ བླ་མ་ཡི་དམ་དབྱེར་མེད་ཀྱི་བཀའ་ལ། པདྨ་འདབ་བཞི་པ། ལྟེ་བ་སྔོན་པོ་འདབ་མ་ཕྱོགས་མདོག་ལ། ཕྱི་ནང་གི་མཆོད་པ་དང་། གཏོར་མས་བསྐོར་ལ། དབུས་སུ་མགོན་པོ་བསྐྱེད། མགོན་པོའི་སྤྱི་བོར་ཡི་དམ་ཡབ་ཡུམ། ཡི་དམ་གྱི་སྤྱི་བོར་བླ་མ་ཡབ་ཡུམ། མགོན་པོའི་ཐུགས་ཁ་ནས་འོད་ཟེར་འཕྲོས། ཡི་དམ་ཡབ་


PS010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་ཕོག །བདེ་བའི་རང་བཞིན་བཀྲག་མདངས་གཟི་མདངས་བསྐྱེད། ཡི་དམ་གྱི་ཐུགས་ཁ་ནས་འོད་ཟེར་འཕྲོས་བླ་མ་ཡབ་ཡུམ་ལ་ཕོག །བདེའི་རང་བཞིན་གཟི་མདངས་བསྐྱེད། བླ་མའི་ཐུགས་ཁ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་རྣམས་སྤྱན་དྲངས། བླ་མ་ཡི་དམ་ལ་བསྟིམ། བླ་མ་ཡི་དམ་གྱི་གནས་གསུམ་ནས་འོད་ཟེར་འཕྲོས། རང་དང་སློབ་མའི་གནས་གསུམ་དུ་ཕོག་པས། དབང་བཞི་ལེན་པ་འདི་ཤིན་ཏུ་དམ་པས་ཆིག་བརྒྱུད་ཡིན། །གར་དགར་བྱིན་ན་མགོན་པོས་ཆད་པས་སྡིགས། །ལན་གཅིག་ཐོབ་པས་ཚེ་གཅིག་སངས་རྒྱའོ། །ཨྀིྠ། །༈བདེ་མཆོག་ལྷ་ལྔའི་དབང་བསྐུར་གྱིས་ལྷན་ཐབས་བཞུགས་སོ།། ༈ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །


PS010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གིས་དབང་། སྐུ་གསུང་ཐུགས་ཀྱི་དབང་བསྐུར་བར་འདོད་པས། དང་པོར་སློབ་དཔོན་ཕན་ཚུན་བརྟག་ལ། མཚན་ཉིད་དང་ལྡན་པས། མངོན་པར་མཎྜལ་བཞེངས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་པད་མ་འདབ་མ་བཞི་པ། དཀར་དམར་མཐིང་གསུམ་བྲིས་ལ། དབུས་སུ་ཧཱུཾ་བཾ་ཁོག་ལྟར་བྲིས་མཆོད་པ་ཚོགས་གཏོར་བཤམས། རྟེན་དཀྲམ་མོ། །དེ་ནས་བདག་ཉིད་མངོན་རྟོགས་བསྒོམ། བཟླས་པ་བརྒྱ་རྩ་བརྒྱད་བྱ། མཆོད་བསྟོད་ཅི་རིགས་པ་བྱ། དེ་ནས་སློབ་མ་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ། །མངོན་རྟོགས་ཅུང་ཟད་ཕོག་ལ་ཚོགས་ལ་རོལ། །དེ་ནས་བདག་དང་སློབ་མ་གཉིས་མངོན་པར་རྟོགས་པ་བཞིན་གསལ་བཏབ་ལ། སློབ་དཔོན་གྱི་སྤྱི་བོར་ཨོཾ་དཀར་པོ་


PS010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་པས། སློབ་མའི་སྤྱི་བོར་ཕོག །ལུས་འོད་ཟེར་གྱིས་ཁེངས་པས་ལུས་ཀྱི་གཙོ་བྱས་པའི་སྡིག་སྒྲིབ་ཐམས་ཅད་དག །ལུས་འོད་དཀར་པོས་གང་བས། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་མ་ལུས་པ་ཐོབ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ། འབྲས་བུ་སྤྲུལ་སྐུ་ཐོབ་པའོ། །མགྲིན་པར་ཨཱཿ༴ གསུང་གི་གསང་དབང་༴ ངག་གི་གཙོ་བྱས༴ ལམ་གཏུམ་མོ༴ འབྲས་བུ་ལོངས་སྐུ་ཐོབ་པའོ། །ཐུགས་ཁའི་ཧཱུཾ་གིས༴ ཐུགས་ཀྱིས༴ ཤེས་རབ་ཡེ་ཤེས་ཀྱི༴ ཡིད་ཀྱི་གཙོ་བྱས༴ ལམ་གཞན་ལུས༴ འབྲས་བུ་བདེ་ཆེན་ཆོས་སྐུ་ཐོབ་པའོ། །སྐུ་གསུང་ཐུགས་ཐམས་ཅད་ལས་འོད་འཕྲོས། །སྒོ་གསུམ་མཐའ་དག་གི་དྲི་མ་སྦྱངས། མི་རྟོག་པའི་ངང་ལ་བཞག་


PS010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྐུ་གསུང་ཐུགས་མཐའ་དག་གི་དངོས་གྲུབ་མ་ལུས་པ་ཐོབ། དབང་བཞི་པ༴ དངོས་འཛིན་མཐའ་དག་དག །ལམ་ཕྱག་ཆེན་སྐྱེ་མེད༴ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་ཅེས་བརྗོད་དོ། །བསྐྱེད་རིམ་ཟླས་ལུང་བྱའོ། །རྗེས་གཞན་དང་འདྲའོ། །སྐུ་གསུང་ཐུགས་ཀྱི་དབང་བཞིའོ། །བླ་མ་ཤངས་པའི་གདམས་པ་ཡང་དག་པའོ། །། ཨྀིྠ། །འདིའི་བརྒྱུད་པ་ནི། །ཆོས་རྗེ་བསྟོན་པ་ཡན་ཆད་དྲུག་དང་འདྲ། །རྒན་མོ་ལྷས་པ། བྱང་ཆུབ་དཔལ། ཁྱེ་བྲག་པ། གཞོན་ནུ་དཔལ། བག་སྟོན་པ། བླ་མ་ཚུལ་རྒྱལ་བ། ཀུན་མཁྱེན་པ། ཆོས་རྗེ་ཀུན་དགའ་དཔའ་བ། བླ་མ་བསམ་གཏན་པ། ཐུགས་སྲས་སངས་རྒྱས་དབོན་པོ། དེས་བདག་ལའོ། །ཨྀིྠ། །༈བདེ་མཆོག་ལྷ་ལྔའི་དབང་བསྐུར་བཞུགས་པ་ཡིན་པར་གདའོ། །ཤྲཱི་ཙཀྲ་སཾ་བྷ་ར།


PS010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ལ་བྷི་ཏི། ན་མཿདཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཏིང་ངེ་འཛིན་གྱིས་དབང་བསྐུར་བར་འདོད་པས། ཐོག་མ་ཁོ་ནར་ཡིད་འཇུག་པའི་གནས་ལྟར་བ་ལེགས་པར་བྱ། །དེ་ལྟར་བཅོམ་ལྡན་འདས་བདེ་མཆོག་གི་བྲིས་སྐུ་ལ་སོགས་པ་ལེགས་པར་དགྲམ་མོ། །དེ་ནས་ས་གཞི་ལ་རྣམ་ལྔའི་དྲི་ཆབ་ལ་སོགས་པས་ལེགས་པར་བྱུགས། དེ་ལ་དྲུག་ཅུ་གཉིས་ཀྱི་མཎྜལ་མ། ལྷ་ལྔའི་མཎྜལ་བྱས་ཏེ། །དེ་ཡང་པདྨ་འདབ་མ་བཞི་ཕྱོགས་མཚོན། །ལྟེ་བ་དང་ལྔ་ལ་མེ་ཏོག་ཚོམ་བུ་དགོད། །དེ་ལ་ལྷ་ལྔ་བསྐྱེད། གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་བཤམས། དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་གྲལ་ལ་དགོད་དུ་བཅུག་སྟེ། ཉམས་པ་ཅན་ལ་སོགས་པ་ཡིན་ན། ཧེ་རུ་ཀཿའི་ཡི་གེ་བརྒྱ་པའམ། །


PS010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་གང་རུང་བཟླས་པ་བྱེད་དུ་གཞུག་གོ། དེ་ལ་འཆི་བ་མི་རྟག་པ་ནས་སྨོན་འཇུག་གི་སེམས་བསྐྱེད་བསླབ་བྱ་དང་བཅས་པ་དང་། དཀྱིལ་འཁོར་དུ་གཞུག་པ་ལ་སོགས་བྱའོ། །དེ་ནས་རང་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་དུ་ཞུགས་ཏེ། དེ་ཡང་སྒྲུབ་པ་པོ་རང་གི་ཐུགས་ཀར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་ཧཱུཾ་སྔོན་པོ་གཅིག་བསམ། དེ་ལ་ཡི་གེ་བདུན་པས་བསྐོར་བར་བསམ་ལ། བསྙེན་པ་ཅི་རིགས་པ་གཅིག་སྐྱལ་ལོ། །དེ་ནས་མཎྜལ་གྱི་དབུས་ཀྱི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ་པ་ལས་དྲུག་ཅུ་རྩ་གཉིས་སམ། བཅུ་གསུམ་མའམ། ལྷ་ལྔའི་དཀྱིལ་འཁོར་དུ་བསྐྱེད་དོ། །


PS010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་གཞུང་བཞིན་དུ་བྱའོ། །དེ་ནས་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊཿཞེས་པའི་སྔགས་ཀྱི་མཆོད་པ་ལྔ་འབུལ་ལོ། །དེ་ནས་ཆང་བྱིན་གྱིས་རླབས་པ་ནི། །ཀ་པ་ལའི་ནང་དུ་བདུད་རྩི་ལྔ་ལ་བདེ་མཆོག་ཡབ་ཡུམ་ལྷན་སྐྱེས་ཀྱི་ཚུལ་དུ་སྐད་ཅིག་གིས་བསྐྱེད་ནས། སྔགས་བཟླས་པས་ཡབ་ཡུམ་གྱི་སྦྱོར་འཚམས་ནས་ཐིག་ལེ་བྱང་ཆུབ་ཀྱི་རང་བཞིན། བདུད་རྩིའི་རང་བཞིན་དུ་བསམ་པས། ཐོད་པའི་ཆང་བདུད་རྩིར་གྱུར། དེ་ནས་ཡབ་ཡུམ་གཉིས་བདེ་བའི་ངོར། བདུད་རྩི་རང་བཞིན་ཞུ་ནས་ཐོད་པ་ལྟེམ་གྱིས་ཁེངས་པར་བསམ་མོ། །དེས་ཚོགས་ཀྱི་ཡོ་བྱད་དང་མཆོད་རྫས་ལ་གཏོར་བས། ཐམས་ཅད་བདུད་རྩིར་བྱིན་གྱིས་རླབས་སོ། །དེ་ནས་སློབ་མའི་སྤྱི་བོར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་ཧཱུཾ།


PS010_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་པཾ་ལས་པདྨ་དེའི་དཀྱིལ་དུ་ཨཱཿདམར་པོ་འབུར་སྐྱེས་གཅིག །སྙིང་གར་ཡང་པད་ཉི་འཇིགས་བྱེད་དུས་མཚན་གྱིས་སྟེང་དུ་ཧཱུཾ། ལྟེ་བར་ཆོས་འབྱུང་གི་ནང་དུ་བམ་དམར་པོ་གཅིག་བསམ་དུ་གཞུག་གོ། དེ་ནས་སྤྱི་བོའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱང་ནས། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ནས་ཧཱུཾ་ལ་ཐིམ་ཧཱུཾ་དེ་ཡོངས་སུ་གྱུར་པ། ཧེ་རུ་ཀ་དང་བླ་མ་གཉིས་སུ་མེད་པའི་རང་བཞིན། བརྒྱན་ཆ་ལུགས་དང་ལྡན་པ། ཡབ་ཡུམ་གྱི་རྣམ་པ་ཅན་དུ་བསྒོམ་མོ། །དེའི་ཐུགས་ཁའི་ས་བོན་གྱིས་ཡི་གེ་ལས་འོད་ཟེར་བྱུང་པས། རང་གི་སྤྱི་བོ་བདེ་བ་ཆེན་པོ་འོད་ཀྱིས་ཁྱབ་པས། ལུས་ཀྱི་སྡིག་སྒྲིབ་དག་པར་བསམ་མོ། །


PS010_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱི་ཁྱབ། ངག་གི་སྡིག་སྒྲིབ་དག་པར་བསམ་མོ། །དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ༴ ཡིད་ཀྱི༴ དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ༴ ལུས་ངག་ཡིད་གསུམ་གྱིས༴ དེ་ནས་སྙིང་ཁའི་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར། དེ་ཡང་རྩ་བའི་མཁའ་འགྲོ་མ་བཞིས་བསྐོར་བ་བྱེད་པ་ལ་ཡིད་གཏད་དོ། །དེའི་ཐུགས་ཁ་ནས་འོད་ཟེར་བྱུང་པས་ཆོས་འབྱུང་ནང་གི་བཾ་ལ་ཕོག །བཾ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་ཅང་ཏིའུ། གཡོན་ན་ཐོད་པ་བསྣམས་པ། སྐུ་མདོག་དམར་མོ་རུས་པའི་བརྒྱན། ཁྲོ་ལ་འཛུམ་པ་སྒེག་པ་གར་བྱེད་པ་དེ་ལ་ཤེས་པ་གཏད་དོ། །དེ་ནས་སྤྱི་བོའི་བླ་མ་འོད་དུ་ཞུ་ཞིང་བཅོམ་ལྡན་འདས་ལ་ཐིམ། བཅོམ་ལྡན་འདས་འོད་དུ་ཞུ་ལྟེ་བའི་


PS010_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་ལ་ཐིམ། རྣལ་འབྱོར་མའི་སྣ་བུག་གཡས་ནས་ཨ་ལི་བྱུང་། གཡོན་ནས་ཀ་ལི་བྱུང་ནས། སྨིན་མཚམས་སུ་གཡུང་རུང་དམར་པོ་གཅིག་ཏུ་གྱུར་ནས་འཁོར་བར་བསམས་མོ། །དེ་ནས་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ཕུང་པོ་ཡང་འོད་ལྟ་བུ་ལ་སྟོང་སངས་ཀྱིས་སོང་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་དར་ཅིག་བསྒོམ་དུ་གཞུག་གོ ། དེ་ལྟར་སྤྱི་བོའི་བླ་མ་ལ་སེམས་གཏད་ནས་བསྒོམ་པས་དྲོད་སྐྱེ། དེ་བུམ་པའི་དབང་གི་ངོ་སྤྲོད་དོ། །དགའ་བའི་དབང་དུ་བྱས་ན་ཉམས་སུ་མྱོང་བའི་དགའ་བའོ། །སྙིང་ཁའི་ལྷ་ཚོགས་ལ་ཤེས་པ་གཏད་པའི་ཚེ། །ལུས་སེམས་ལ་བདེ་བ་སྐྱེས་པས། དེ་གསང་བའི་དབང་གིས་ངོ་སྤྲད་དོ། །དགའ་བའི་དབང་དུ་བྱས་ན་མཆོག་དགའོ། །ཆོས་འབྱུང་གི་


PS010_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་ལ་ཤེས་པ་གཏད་པའི་དུས་ལུས་སེམས་ལ་མི་རྟོག་པ་སྐྱེ། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ངོ་སྤྲད། དགའ་བའི་དབང་དུ་བྱས་ན་དགའ་བྲལ་གྱིས་དགའ་བའོ། །དབང་གསུམ་པོ་ངོ་བོ་གཅིག་ཏུ་འདུག་པ་དེ། དབང་བཞི་པའི་ངོ་སྤྲད། དགའ་བའི་དབང་དུ་བྱས་ན། སྐྱ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ནས་ཆོས་སྐུ་ལ་ལོངས་སྐུ་བལྟ་བའི་ཚུལ་གྱིས། སྒྱུ་མ་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྒོམ་དུ་གཞུག་གོ ། དེ་ལ་མཆོད་པ་རྣམས་ལྔ་ཚར་གཅིག་དབུལ། མཎྜལ་སྟེང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་སློབ་མའི་སྙིང་གར་བསྡུའོ། །དེས་དབང་བཞི་མ་ཐོབ་པ་ཐོབ་པ་དང་། སྡིག་པ་ཐམས་ཅད་མྱུར་དུ་ཟད་ནས། དཔལ་བདེ་བ་ཆེན་པོའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ལྷན་ཅིག་སྐྱེས་
པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་ཚེ་འདི་ཉིད་དུ་བཅུ་བཞི་བདེ་བ་ཆེན་པོའི་ས་ཐོབ་པར་གྱུར་རོ། །དེ་ནས་གཏོར་མ་བཏང་། ཚོགས་ལ་ལོངས་སྤྱད། ཡི་གེ་བརྒྱ་པ་བཟླས། བསྔོ་བ་བྱའོ། །བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱིས་དབང་བསྐུར་བ། ཡེ་ཤེས་ཀྱི་ཌ་ཀི་ནི་གུ་མས་སྡོམ་པ་རྒྱ་མཚོའི་རྒྱུད་ཕྱི་མ་ལས་ཕྱུང་པ་རྫོགས་སོ། །མཁའ་འགྲོ་མ་དེ་ཉིད་ལ་བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །མང་ག་ལཾ། །བྷ་ཝནྟུ།། །།

བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་སྒྲིགས།


PS010_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་སྒྲིགས་བཞུགས་སོ། །བླ་མ་ཡི་དམ་དབྱེར་མེད་ལ། །གུས་བཏུད་ཏིང་ངེ་འཛིན་དབང་བསྐུར་བྲིས། །གང་ཞིག་དཔལ་འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་གྱི་དབང་བསྐུར་བར་འདོད་པས། ཡིད་


PS010_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་གནས་དོར་ལེགས་པར་བྱས་པའི་མཎྜལ་གྱིས་ས་གཞི་ལ་བའི་རྣམ་ལྔ་དང་། དྲི་བཟང་དང་། བདུད་རྩིས་བྱུགས་པ་ལ་པད་འདབ་བཞི་ཕྱོགས་མཚོན། ལྟེ་བ་དང་ལྔ་ལ་མེ་ཏོག་ཚོམ་བུ་དགོད། །ཆུ་གསུམ་དང་། མཆོད་པ་ལྔ་དང་། ནང་མཆོད་དང་། གཏོར་མ་ལྔ་བཤམས་མོ། །དེ་ནས་རང་ཉིད་ལྷ་ལྔའི་མངོན་རྟོགས་བསྒོམ་ཞིང་བཟླས་པ་བྱ། མཆོད་པ་བསང་སྦྱངས་བྱིན་གྱིས་རླབས་བོ། །དེ་ནས་མཎྜལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིར་བསམ་པའི་དབུས་སུ། །པད་མ་འདབ་བཞིའི་ལྟེ་བ་ལ་ཧཱུཾ། འདབ་མ་ལ། ལཾ་མཾ་པཾ་ཏཾ་ལས་འོད་ཟེར་འཕྲོས་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་ནས་འོད་ཟེར་ཚུར་འདུས། ས་བོན་ལ་ཐིམ་པ་ལས། བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་


PS010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་ཕག་མོ་ལ་མཁྱུད་པ། ཤར་དུ་མཁའ་འགྲོ་མ་མཐིང་ཁ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ་བསྐྱེད་ལ་མ་ལུས་སེམས་ཅན། ཞེས་སྤྱན་དྲངས་པ་ནས། བསྟོད་པའི་བར་མཆོད་འཕྲེང་ལྟར་བྱ། གཏོར་མ་དབུལ། བདག་འཇུག་བླང་ངོ། །དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་གྲལ་ལ་འགོད་པ་ལ་བགེགས་གཏོར་བཏང་། དལ་འབྱོར་རྙེད་པར་དཀའ་བ་ནས་ཡེ་ཤེས་དབབ་པའི་བར་སྔོན་འགྲོ་ལྟར་བྱའོ། །དེ་ནས་སློབ་མའི་སྤྱི་བོར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་དང་། སྙིང་ཁར་ཡང་པད་ཉི་དང་། འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཧཱུཾ་མཐིང་ཁ། ལྟེ་བར་ཆོས་འབྱུང་གྲུ་


PS010_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམར་བའི་ནང་དུ། བཾ་དམར་པོ་གཅིག་བསམ་མོ། །དེ་ནས་སྤྱི་བོའི་ཧཱུཾ་ལས་འོད་ཟེར་ཕར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། བཅོམ་ལྡན་འདས་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ནས་ཧཱུཾ་ལ་ཐིམ། ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་དང་བླ་མ་གཉིས་སུ་མེད་པའི་རང་བཞིན་ཅན། བརྒྱན་ཆ་ལུགས་དང་ལྡན་པ་ཡབ་ཡུམ་གྱིས་རྣམ་པ་ཅན་ལ་ཌཱ་ཀི་མ་བཞིས་གཡོན་དུ་བསྐོར་བ་བྱེད་པ་ལ་ཤེས་པ་གཏད་དོ། །དེ་ནས་ངོ་བོ་བླ་མ་ལ་རྣམ་པ་ཡི་དམ་གྱི་སྐུའི་ངོ་བོ་ལྷ་ལྔ་ལ་རང་གི་ལུས་ལོངས་སྤྱོད། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད། ཕྱི་ནང་གསང་གསུམ་གྱིས་མཆོད་ལ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་སུ་བསྐུར་དུ་


PS010_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཁའི་ས་བོན་གྱིས་ཡི་གེ་ཧཱུཾ་ལས་བདུད་རྩིའི་ཆུ་རྒྱུན་ནམ། འོད་ཟེར་དཀར་པོ་བྱུང་བས། རང་གི་སྤྱི་བོའི་བདེ་བ་ཆེན་པོའི་འཁོར་ལོ་འོད་ཀྱིས་ཁྱབ་པས། ལུས་ཀྱིས་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། མགྲིན་པ་ལོངས་སྤྱོད་ཀྱིས་འཁོར་ལོ་འོད་ཀྱིས་ཁྱབ་པས། ངག་གི་སྡིག་སྒྲིབ། གསང་བའི་དབང་ཐོབ། དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་ལྟེ་བ་སྤྲུལ་པའི་འཁོ་ལོ༴ ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པར་བསམ་མོ། །བུམ་པའི་དབང་བཞིའོ། དེ་ནས་སྤྱི་བོའི་ལྷ་མོ་བཞི་ཡུམ་ལ་ཐིམ། ཡབ་འོད་དུ་ཞུ་ནས། སྤྱི་གཙུག་ཚངས་པའི་བུ་ག་ནས་མར་ཞུགས་ནས། མགྲིན་པའི་


PS010_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿལ་ཐིམ་པར་བསམ་མོ། །དེ་ནས་བླ་མ་ཡི་དམ་གྱི་གསུང་གི་ངོ་བོ་ཨཱཿ དེ་ལ་སྔར་ལྟར་མཆོད་ལ། བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨཱཿལས་འོད་ཟེར་དཀར་བ་ལ་དམར་བའི་མདངས་ཆགས་པ་བདེ་ཕྲི་ལི་ལི་བྱུང་ནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་ནས། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་པར་བསམ་མོ། །དེ་ནས་མགྲིན་པའི་པད་མ་འོད་དུ་ཞུ་ཨཱཿལ་ཐིམ། ཨཱཿའོད་དུ་ཞུ་སྙིང་ཁའི་ཧཱུཾ་ལ་ཐིམ། ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ལྷ་ལྔའི་དཀྱིལ་འཁོར་དུ་བསམ། དེ་ཡང་རྩ་བའི་མཁའ་འགྲོ་མ་བཞིས་གཙོ་བོ་ལ་བསྐོར་བ་བྱེད་པ་ལ་ཤེས་པ་གཏད་དོ། །དེ་ནས་བླ་མ་ཡི་དམ་གྱི་ཐུགས་ཀྱི་ངོ་བོ་ལྷ་ལྔ་ལ་སྔར་ལྟར་མཆོད་ལ། བདག་ལ་ཤེས་རབ་ཡེ་


PS010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་དབང་བསྐུར་དུ་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་ནས། སྙིང་ཁ་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ་པས་ཡིད་ཀྱི་སྡིག༴ ཤེས་རབ་ཡེ་ཤེས་ཀྱི༴ དེ་ནས་སྙིང་ཁའི་ལྷ་མོ་བཞི་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ་ཡབ་འོད་དུ་ཞུ་ནས། ལྟེ་བའི་ཆོས་འབྱུང་གི་བཾ་ལ་ཐིམ། བཾ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་ཅང་ཏེའུ་སྒྲ་དང་བཅས་པ། གཡོན་ཐོད་པ་བསྣམས་པ། སྐུ་མདོག་དམར་མོ་རུས་པའི་བརྒྱན་ཅན། ཁྲོ་བ་འཛུམ་པ་སྒེག་པ་གར་བྱེད་པ་དེ་ལ་ཤེས་པ་གཏད་དོ། །དེ་ནས་བླ་མ་ཡི་དམ་གྱིས་སྐུ་གསུང་ཐུགས་ཀྱི་ངོ་བོ་རྗེ་བཙུན་མ་ལ་སྔར་ལྟར་མཆོད་ལ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར༴ ཞེས་གསོལ་བ་བཏབ་པས། རྣལ་


PS010_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མའི་སྣ་བུག་གཡས་ནས་ཨ་ལི་བྱུང་། གཡོན་ནས་ཀ་ལི་བྱུང་། སྨིན་མཚམས་སུ་གཡུང་དྲུང་རིས་དམར་པོ་གཅིག་ཏུ་གྱུར་པར་བསམ། དེ་དྲག་ཏུ་འཁོར་བར་བསམ་མོ། །དེ་ནས་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ཕུང་པོ་ཡང་འོད་ཕུང་ལྟ་བུ་ལ་སྟོང་སངས་ཀྱིས་སོང་ནས། ཆོས་ཐམས་ཅད་ཀྱིས་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་དར་ཅིག་བསྒོམ་དུ་གཞུག་གོ ། དེས་ལུས་ངག་ཡིད་གསུམ་གྱིས་སྒྲིབ་པ་དག །དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་ཆོས་སྐུ་ལས་ལོངས་སྐུར་བལྟ་བའི་ཚུལ་གྱིས་སྒྱུ་མ་ལྟ་བུ་སྐུ་སྣང་ལ་རང་བཞིན་མེད་པ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམ་མོ། །དེ་ལྟར་སྤྱི་བོའི་བླ་མ་ལ་སེམས་གཏད་ནས་བསྒོམ་པས་དྲོད་སྐྱེ། དེ་བུམ་པའི་དབང་གི་


PS010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྤྲོད། དགའ་བའི་དབང་དུ་བྱས་ན་ཉམས་སུ་མྱོང་བའི་དགའ་བའོ། །མགྲིན་པའི་ཨཿལ་ཤེས་པ་གཏད་པའི་དབུས་སུ། ལུས་སེམས་ལ་བདེ་བ་སྐྱེ། དེ་གསང་བའི་དབང་གིས་ངོ་༴ དགའ་བའི་དབང་དུ་བྱས་ན་མཆོག་དགའ་བའོ། །སྙིང་གའི་ལྷ་ཚོགས་ལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་མི་རྟོག་པ་སྐྱེ། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས༴ དགའ་བའི་དབང་དུ་བྱས་ན། དགའ་བྲལ་གྱི་དགའ་བའོ། །ཆོས་འབྱུང་གི་རྣལ་འབྱོར་མ་ལ་ཤེས་པ་ཤེས་པ་གཏད་པ་གཏད་པའི་དུས་སུ། སེམས་ལ་དྲོད་བདེ་བའི་མི་རྟོག་པ་གསུམ་སྐྱེ། དབང་གསུམ་པའི་ངོ་བོ་གཅིག་ཏུ་འདུག་པ་དེ་དབང་བཞི་པའི་ངོ་སྤྲོད། དགའ་བའི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ནས་བླ་མ་ལ་མཆོད་པ་རྣམ་ལྔ་ཚར་གཅིག་


PS010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ། །དབང་གིས་ཕན་ཡོན་ནི། དེས་ནི་དབང་བཞི་མ་ཐོབ་པ་ཐོབ་པ་དང་། ཐོབ་ནས་ཉམས་པ་གསོ་བ་དང་། སྡིག་པ་ཐམས་ཅད་མྱུར་དུ་ཟད་ནས་དཔལ་བདེ་བ་ཆེན་པོའི་སྐུ་མངོན་གསུམ་དུ་མཐོང་བར་འགྱུར་རོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས། ཚེ་འདི་ཉིད་དུ་བཅུ་བཞི་བདེ་བ་ཆེན་པོའི་ས་ཐོབ་པར་གྱུར་རོ། །དེ་ཡང་དབང་ལ་གསུམ་སྟེ་མ་སྨིན་སྨིན་པར་བྱེད་པ་བཞིའི་དབང་། སྨིན་པ་གྲོལ་བར་བྱེད་པ་ལམ་གྱི་དབང་། གྲོལ་བ་མཐར་ཕྱིན་པ་འབྲས་བུའི་དབང་སྟེ། དེ་ལྟར་ཡང་རྡོ་རྗེ་སྒོའི་རྒྱུད་ལས། གཞི་ནི་དབང་ལ་བརྟེན་པ་དང་། །རྒྱུ་ནི་དབང་གིས་བསྐྱེད་པ་དང་། །ལམ་ནི་དབང་གིས་བསྒྲོད་པའོ། །

དཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར།


PS010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར་བཞུགས་སོ།། །།


PS010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །མ་ལུས་འཇིག་རྟེན་ཐམས་ཅད་ལ། །ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ནས། །སྡུག་བསྔལ་ཉེར་ཞི་འཇིག་རྟེན་མགོན། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དང་པོར་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །སོགས་ལན་གསུམ། རང་སྤྱན་རས་གཟིགས་སུ་གསལ་བའི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། ཐུགས་


PS010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་བི་ཏའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་ཕྱག་གཡས་པ་ལས་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་བརྩམས་ཏེ་ལུས་ཐམས་ཅད་


PS010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པས་སྒྲིབ་གཉིས་དག་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བུམ་པའམ། དུང་ཆོས་ཀྱི་ཆུས་གདོང་དང་ཁ་ལན་གསུམ་དུ་བཀྲུས། གཙོ་བོ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ། བུམ་དབང་ཐོབ། ཡི་གེ་དྲུག་མ་ཡང་ཐིམ་པས་གསང་དབང་ཐོབ། ནོར་བུ་འཛིན་པའང་ཐིམ་པས། ཤེས་རབ་ཡེ་ཤེས་བཞི་པར་བཅས་པ་ཐོབ་སྟེ། ལྷ་སྐུ་སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་གྱུར། ལག་པ་གཡས་གཡོན་གྱི་མཐིལ་དུ་ཨ་ལས་ཟླ་བ་ལ་ཧྲཱིཿདེ་ལ་བདུད་རྩིའི་ཆུ་བླུག་པས་ཧྲཱིཿཡིག་བཀྲུས་ཏེ་འོ་མའི་རྒྱུན་དུ་གྱུར་ནས། ཡི་དྭགས་རྣམས་ཀྱིས་འཐུངས་པས་ཚིམ་ཞིང་། ཆོས་སྐུའི་བདེ་བ་དང་ལྡན་པས་རང་གི་གནས་སུ་དེངས་པར་གྱུར། །ཧྲཱིཿབཟླ་ཞིང་ལག་


PS010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཀྲུ། དེ་ནས་སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ་བར་བྱ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྙིང་གའི་ཐད་ཙམ་གྱི་ནམ་མཁར་ཧྲཱིཿདཀར་པོ་ཞུ་བ་ལས་དབུས་སུ་ཐིག་ལེ་དཀར་པོ་ཆེན་པོ། གཡས་གཡོན་དུ་ཐིག་ལེ་དཀར་པོ་ཆུང་ངུ་རེ་རེ་དང་བཅས་པར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། སྟོན་ཟླ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྤུག་པོར་སྦྱར་བ། གཡས་འོག་མས་མུ་ཏིག་གི་འཕྲེང་བ་དང་། གཡོན་


PS010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཞལ་གྱི་དཀྱིལ་འཁོར་རབ་ཏུ་ཞི་ཞིང་འཛུམ་པ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་ས་ལ་འདོམ་གང་ཙམ་དུ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་ཕྱེད་དཔུང་པ་གཉིས་ཀྱི་སྟེང་དུ་འཁྱིལ་ཞིང་། རྩེ་མོ་རླུང་གིས་བསྐྱོད་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་སྣ་ཚོགས་པའི་སྟོད་གཡོགས་དང་། དམར་པོའི་སྨད་དཀྲིས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུངས་ཀྱིས་བཞུགས་ཤིང་། འཁོར་ལོས་བསྒྱུར་བའི་ཆ་ལུགས་ཅན། མཚན་དཔེ་ཡོངས་སུ་རྫོགས་ཤིང་། འོད་དཔག་མེད་ཀྱིས་དབུ་


PS010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་པད་ཟླ་རྒྱས་པའི་གདན་ལ་རོལ་པའོ། །དེའི་གཡས་སུ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་གཉིས་པའི་མཐེབ་མཛུབ་སྦྱར་བས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་འཛིན་ཅིང་། གཡོན་གཉིས་པས་རིན་པོ་ཆེའི་ལྕུག་ཕྲན་གྱི་ཡལ་ག་འབྲས་བུའི་སྙེ་མ་ལྷུང་བར་འགྱུར་བའི་ངང་ཚུལ་ཅན་བསྣམས་པ། གཡོན་དུ་ཡི་གེ་དྲུག་མ་གཙོ་བོ་དང་མཚུངས་པ་ལས་ལྷ་མོའི་ཆ་བྱད་འཇོ་སྒེག་གི་རྣམ་འགྱུར་དང་ལྡན་པ། འཁོར་གཉིས་ཀར་གཙོ་བོའི་ཞལ་རས་ལ་བལྟ་ཞིང་། པུས་མོ་ཕྱོགས་གཅིག་ལ་བཙུགས་པའོ། །ཡང་ན་པདྨ་དཀར་པོའི་ཚབ་ཏུ་ཨུཏྤལ་དཀར་པོ་འཛིན་པ་


PS010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཙོ་འཁོར་གསུམ་ཅར་གདན་ཅན་ནམ། གསུམ་ཀར་གདན་མེད་བྱས་ཀྱང་རུང་ངོ། །རང་གི་སྙིང་གར་ཨ་ལས་ཟླ་བ་ཉ་གང་བའི་སྟེང་དུ། ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་པ་ལན་གསུམ་བྱ། ཐུགས་རྗེ་ཆེན་པོས་བདག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ལན་གསུམ། ལྷ་གསུམ་པོ་དམ་ཚིག་པ་སོ་སོའི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿསྙིང་གར་ཟླ་བ་ལ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་ཅི་ནུས་བཟླ་ཞིང་། སྐུ་སྣང་སྟོང་། ངག་


PS010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྟོང་། སེམས་སྟོང་ཉིད་སྙིང་རྗེའི་རང་བཞིན་སྔགས་ཀྱི་སྒྲས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དག་པའི་ཕྲིན་ལས་རྣམས་ཡིད་ལ་བྱའོ། །ཐུན་འཇོག་ཁར་རང་གི་སྙིང་གའི་ཧྲཱིཿཡིག་གི་འོད་ཟེར་གྱིས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་གཙོ་འཁོར་གསུམ་ལ་ཐིམ། འཁོར་གཉིས་ཀྱང་བདག་ཉིད་ལ་ཐིམ། རང་ཡང་སྙིང་གའི་ཧྲཱིཿལ་ཐིམ། ཧྲཱིཿཐིག་ལེ་ལ་ཡུངས་འབྲུ་ཙམ་དུ་གྱུར། དེ་མཐའ་ནས་ཡལ་ཏེ་སྟོང་ཉིད་དུ་གྱུར། ཅུང་ཟད་མཉམ་པར་བཞག །སྟོང་པའི་ངང་ལས་ཐིག་ལེ་ལས་ཧྲཱིཿདེ་ལས་གཙོ་འཁོར་གསུམ། དེ་ལས་བཅུད་ལྷ་དང་། སྣོད་གཞལ་ཡས་ཁང་དུ་གྱུར། འཁོར་གཉིས་པོ་རང་ཉིད་ལ་ཐིམ། དགེ་བ་


PS010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་བྱམས་སྙིང་རྗེ་དང་མ་བྲལ་བར་བྱ་ཞིང་། འབུལ་གཏོར་ཅི་ནུས་གཏོང་། གཏོར་ཆོག་ནི། དཀར་གཏོར་ཆ་གཉིས་དང་། མཆོད་པ་གཙང་སྦྲ་ཅན་དུ་བཤམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་གྱི་རྒྱ་མཚོ་ཨོཾ་ཨཱཿཧཱུཾ་གིས་མཚན་པ། ཧཱུཾ་གིས་སྐྱོན་སྦྱངས། ཨཱཿས་བདུད་རྩིར་བྱས། ཨོཾ་གྱིས་མང་པོར་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་བདུན་དང་། ཡི་གེ་འབྲུ་གསུམ་ཉི་ཤུ་རྩ་གཅིག་བརྗོད་དེ་འབུལ། ཨརྒྷཾ་ནས་ཤབྡའི་བར་


PS010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱི་གཞི། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སོགས་དང་། །མཚན་དཔེ་ཆ་ཤས་ཡོངས་སུ་རྫོགས་པའི་སྐུར། །སྟོན་ཀའི་ཟླ་བ་འབུམ་ཕྲག་འཁྲིགས་པའི་གཟི། །རིན་ཆེན་བྱེ་བའི་རྒྱན་གྱིས་རྣམ་པར་བརྒྱན། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གཏོར་མ་གཉིས་པའང་སྔར་བཞིན་གྱིས་བྱིན་གྱིས་བརླབས། ཀླུ་སྨན་དང་། འབྲུ་ཆེན་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱིའི་རྒྱ་མཚོ་ཆེན་པོ་ནས། ཀླུ་རྒྱལ་ཝ་རུ་་བཛྲ་ས་མཱ་ཛཿལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར། །ཨོཾ་ཝ་རུ་་ཡེ་


PS010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ཉེར་གཅིག་གིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། གདེངས་ཀ་བདུན་ནི་ཕྱིར་བསྟན་སྦྲུལ་མཇུག་ཅན། །ཐུགས་ཀར་ཐལ་སྦྱར་སངས་རྒྱས་ཀུན་ལ་འདུད། །ལྷག་མའི་ཕྱག་གིས་རིན་ཆེན་དབང་རྒྱལ་གྱི། །ཆར་འབེབས་ཀླུ་རྒྱལ་ཁྱོད་ལ་བསྟོད་པ་འབུལ། །གསོལ་བཏབ་ལྷན་ཅིག་ཏུ་བྱ་སྟེ། འཁོར་ལོས་བསྒྱུར་རྒྱལ་སྤྱན་རས་གཟིགས། །སྲས་དང་བཙུན་མོར་བཅས་པ་ནི། །ཕྱུགས་བདག་ཆེན་པོས་ཞབས་བསྟེན་པ། །རྒྱ་ཆེན་གཏོར་མས་དགྱེས་པར་མཛོད། །རྣལ་འབྱོར་བདག་ཅག་ནས། ཀུན་འགྲུབ་ཤོག་གི་བར་བརྗོད། མ་འབྱོར་བ་དང་སོགས། ཁྱེད་ཀྱི་སེམས་ཅན་སོགས། བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་གི་བྱ་བ་ནི། པདྨ་འདབ་


PS010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སུམ་སྒྲིགས་ཤིག་རྡུལ་ཚོན་དཀར་པོས་བྲིས། དབུས་མའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་དང་ཁ་རྒྱན་དང་བཅས་པ་འགོད། ཕྱིས་ཀྱི་ཕྱག་ལེན་ལྟར་ན། མཎྜལ་ཚོམ་བུ་གསུམ་པ་ཙམ་ལ་བརྟེན་ཀྱང་རུང་། གང་ལྟར་ཡང་མཆོད་གཏོར་རྒྱ་ཆེན་བཤམས། བདག་བསྐྱེད་གོང་བཞིན་བྱས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་རླབས། མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས། བུམ་པ་མེད་ན་ཚོམ་བུའི་སྟེང་དུ་དང་། ཡོད་ན་བུམ་པའི་སྟེང་དུ་ཧྲཱིཿདཀར་པོ་ཞུ་བ་ལས། ཞེས་པ་ནས། ས་ལ་བཙུགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿའི་བར་གོང་བཞིན་ལས། བདག་ལ་ཞེས་པ། སློབ་མ་འདི་རྣམས་ལ་


PS010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོན་པ་སྤོ། བར་འདིར་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསང་སྦྱངས་ནས་འདོད་དོན་གསོལ་གདབ་ཀྱི་བར་གོང་བཞིན། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ལོ་རྒྱུས་དང་བཅས་པ་བཤད་ཅིང་། སློབ་མས་མཎྜལ་ཕུལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དམ་དུ་འཚལ་གྱི། སློབ་དཔོན་གྱིས་བདག་ལ་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། །སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་འབོགས་པའམ། བསྡུ་ན་སངས་རྒྱས་


PS010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚོགས་མ་ཚར་གསུམ་བྱ། རྗེས་གནང་གི་དངོས་གཞི་མངོན་རྟོགས་བཞིན། སྐུའི་རྗེས་གནང་དང་། གསུང་ལ་བཟླས་ལུང་། དམ་བཅའ། བྱིན་གྱིས་བརླབས་པའི་ལུང་། ཐུགས་ཕྱག་མཚན་ཕྲེང་བ་དང་། པད་དཀར་བསྟིམ་པ་རྣམས་ཏེ་སྤྱི་དང་འདྲ་ཞིང་། བུམ་པ་བཅས་ན། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡ་ཧཱུཾ་གི་བར་གྱི་བུམ་པ་མགོ་ཐོག་ཏུ་བཞག །ཡིག་དྲུག་བརྗོད་བཞིན་འཐུང་བ་དང་། ཁྲུས་བྱེད་དུ་འཇུག །རྗེས་ཀྱི་བྱ་བའང་སྤྱི་དང་འདྲའོ། །སྒྲུབ་ཐབས་འདི་ནི་ཨ་ཏི་ཤའི་བཞེད་པ། ནག་ཚོ་དང་། ཕྱག་སོར་བ་ནས་བརྒྱུད། སྐྱེར་སྒང་པ་ལ་བཀའ་བབ་པ་ཞལ་གཟིགས་ཁོ་ནའི་བརྒྱུད་པ་ཡིན་ལ། དེ་ལ་ཕྱི་སྒྲུབ་གསང་སྒྲུབ་གཉིས་ལས་ཕྱི་སྒྲུབ་བོ། །


PS010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་ཀུན་ལ་གྲགས་མོད་ཀྱང་། །གཞན་པས་དགའ་བའི་ཉམས་ལེན་ནི། །གྲུབ་ཐོབ་རྣམས་ཀྱི་སྙིང་གི་བཅུད། །ལྷད་མེད་གསལ་པོར་བཀོད་པ་ཡིན། །སྤྱན་རས་གཟིགས་ཡི་གེ་དྲུག་པ་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ། །ཞེས་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་བྱུང་བའོ།། ༈ སྐྱེར་སྒང་ལུགས་ཀྱི་ཡི་གེ་དྲུག་པའི་ཉེར་མཁོ་ཅུང་ཟད་ཅིག་བཞུགས་སོ། །ཨོཾ་སྭ་སྟི། །སྐྱེར་སྒང་པས་མཛད་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་ཉེར་མཁོ་བཏུས་པ། ཐོག་མར་གཟུངས་ཆུ་བྱེད་པར་འདོད་ན། སྣོད་གས་ཆག་མེད་པ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ། ཆུ་སྲོག་ཆགས་ཅན་ལ་སོགས་པ་མ་ཡིན་པ་གཙང་མ་བླུགས་ལ་མདུན་དུ་བཞག །རང་ཡི་གེ་དྲུག་པར་བསྒོམ། །མདུན་དུ་


PS010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་རང་གི་ཐུགས་ཀའི་ཧྲཱིཿའི་འོད་ཟེར་གྱིས་སྤྱན་དྲངས་ལ། ཇོ་བོ་ཡི་གེ་དྲུག་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་རྣམ་པ་ལྔ་འཕྲོས་པའི་སྣ་ལས་མེ་ཏོག་ལ་སོགས་པ་ཇོ་བོ་ལ་ཕུལ་བར་བསམས། ངག་ཏུ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་ཤབྡ་ཨཱཿཧཱུཾ་སྭཱ་ཧཱ། །ཞེས་བརྗོད་ལ་མཆོད་པ་འབུལ། དེ་ནས་རང་གིས་བྱེད་ན་རང་གི་མིང་གཞུག །གཞན་གྱི་བྱེད་ན་ཆེ་གེ་མོའི་ནད་དང་གདོན་དང་གནོད་པ་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པས་རྗེ་བཙུན་སྤྱན་རས་གཟིགས་


PS010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཡོན་གྱི་བུམ་པ་ན་རིལ་བ་སྤྱི་བླུགས་ཡོད་པ། དེ་ཡོ་བར་བྱས་ནས་དེའི་ནང་ནས་བདུད་རྩི་དཀར་མེ་རེ་རེ་ཆུའི་ནང་དུ་བླུགས་པར་བསམ་ཞིང་ཡི་གེ་དྲུག་པ་སུམ་བརྒྱའམ་བརྒྱ་རྩ་བརྒྱད་བཟླས། དེ་ནས་ཇོ་བོ་ལ་མཆོད་པ་རྣམས་སྔ་མ་བཞིན་ཕུལ་ལ་གཤེགས་སུ་གསོལ། །དེ་ནས་ཁྲུས་བྱེད་ཁར་རང་སྲུང་བ་ལ་ཡི་གེ་དྲུག་པ་ལན་བདུན་བཟླས་ལ། སྔར་གྱི་སྤྱན་རས་གཟིགས་སྤྱན་དྲངས་ལ་སྔར་གྱི་སྤྱི་བླུགས་ནས་བདུད་རྩི་བྱུང་བས་སྡིག་སྒྲིབ་དང་ནད་དང་གདོན་ལ་སོགས་པ་ཐམས་ཅད་ནག་ཉིལ་ཉིལ་སོང་བར་བསམ། གཞན་ལ་བླུགས་ནའང་དེ་བཞིན་དུ་བྱས་ལ་མགོ་ནས་མར་བླུགས། འཕར་བ་ལ་སོགས་པ་འོང་ན་རང་གི་སྙིང་གར། ཧཱུཾ་ལྗང་གུ་ལ་རྡོ་རྗེ་རྒྱ་གྲམ་ལྗང་གུ་བསྐྱེད་ལ། མི་དེའི་མགོ་ཐོག་ན་


PS010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མར་སོང་བར་བསམས་ལ། དེའི་སྟེང་དུ་བླུག་གོ ། དགེ་བ་བསྔོའོ། །སྲུང་སྐུད་བྱེད་ན། ཤི་བའི་བལ་མ་ཡིན་པ་ལ། བསྒྲིལ་དུས་སུ་འཇུར་བུ་མེད་པ་དང་། མ་ཆད་པ་དང་། མ་ཤོར་བ་བྱ། མདུད་པ་གསུམ་ལ། ཨོཾ་ཨཱཿཧཱུྃ་གསུམ་བསམ་མོ། །སྲུང་སྐུད་ལ་ཡི་གེ་དྲུག་པ་འཁྲིལ་བར་བསམ། དེ་ནས་སྲུང་སྐུད་སྙིམ་པར་བཅུག་ལ་སྔགས་བརྒྱ་རྩ་བརྒྱད་བརྗོད་པས་རྡོ་རྗེའི་ཐག་པ་གྱུར་པར་བསམ། རང་གི་བྱེད་ན་མདུད་པ་བྱེད་དུས་སུ་སྔགས་བདུན་བཟླས་སོ། །སྙིང་རྗེས་སྲུང་བ་ལ་གནད་བློ་སྦྱོང་དང་འདྲ་བར་འདུག །སྟོང་ཉིད་ཀྱིས་སྲུང་བ་ལ། རང་གི་ལུས་གྲུབ་ཕུང་པོའི་བདུད། །དེ་ལ་དབུགས་འགྲོ་འཆི་བདག་བདུད། །ཉོན་མོངས་གནས་པ་ཉོན་མོངས་བདུད། །ཡུལ་རྟེན་


PS010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྐྱེད་ལྷ་བུའི་བདུད། །དེ་རྣམས་རང་སེམས་རྣམ་པ་ཙམ། །ལུས་གྲུབ་ན་ཡང་ཨ་ནས་གྲུབ། །ཞིག་པ་ན་ཡང་ཨ་ནས་འཇིག།རང་གི་ལྟེ་བར་ཨ་དཀར་བསམ། །དེ་ལས་འོད་བྱུང་ལུས་གང་ནས། །ཕྱིར་འཕྲོས་སྣོད་བཅུད་ཀུན་ལ་ཕོག།སྡིག་སྒྲིབ་སྦྱངས་ནས་འོད་དུ་ཡལ། །སྟོང་ཉིད་ངང་དུ་ཅི་གནས་བཞག།ལྡང་ན་ཨ་ནས་སྣོད་བཅུད་ཀུན། །ལྷ་ཡི་དཀྱིལ་འཁོར་ཉིད་དུའོ། །གནས་བསྲུང་བ་ནི། མལ་གྱི་ཟུར་བཞིར་ཧྲཱིཿབཞིར་བསམ། །འོག་ཏུ་ཧྲཱིཿམགོ་ཐུར་བསྟན་ཞིག།སྟེང་དུའང་འོག་གི་དེ་འདྲ་ཞིག།ཧྲཱིཿབཞི་འོད་དམར་ཕྲུགས་ཀྱིས་འདྲེས། །འོག་ཧྲཱིཿམེ་ནི་ཟུར་གསུམ་འབར། །སྟེང་དུའང་ཟུར་གསུམ་འབར་བར་བསམ། །སྟེང་མས་ལྷ་བུའི་བདུད་ལས་བསྲུང་། །ཕྱོགས་བཞིའི་མེས་


PS010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱལ་ཆེན་བཞིའོ། །འཁོར་དུ་གནས་པའི་གནོད་སྦྱིན་སྲུང་། །འོག་གི་དེས་ནི་གནོད་སྦྱིན་སྲུང་། །གཞི་ལ་སྡོད་དུས་མི་བསྡུ་བར། །སྲོད་ལ་གསལ་གདབ་འགྲོ་ན་བསྡུ། །དྲག་པོའི་སྲུང་བ་རྟ་མགྲིན་ནོ། །ས་གཉན་སར་སྡོད་ན་ཐུགས་ཀའི་ཧྲཱིཿའི་འོད་ཀྱིས་དམྱལ་བའི་བར་གྱི་ཉེས་སྐྱོན་སྦྱངས་པར་བསམས་ནས་བཟླས་པར་བྱའོ། །བསྡུས་པའོ། །གཏོར་མ་བརྒྱ་རྩ་དང་འབུལ་གཏོར་འདྲ། སྡིག་སྦྱོང་། སྡིག་པ་གང་ཡིད་ལ་གཅག་པ་དེའི་ནང་དུ་སྡིག་པ་ཐམས་ཅད་བསྡུས་ལ་ལྕེ་ཐོག་ཏུ་ནག་བུན་ནེ་བསམ། དེ་ནས་ཡི་གེ་དྲུག་པ་བཟླས་པས་ཕུ་ཆུ་དྲག་པོས་བྱེ་མ་ལ་རྒྱབ་པར་ལྟར་ཧར་ཧར་ཟད་པར་བསམ། འཇོག་ཁར་སངས་ཀྱིས་དག་པར་བསམ། སྟོང་པས་རྒྱས་བཏབ། དགེ་བ་བསྔོ། །


PS010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཞི་སྦྱོར་ཚུལ་གཞུང་ན་གསལ། སཙྪ་ལ། འཇིམ་སྟེང་ཧྲཱིཿམཐར་ཡིག་དྲུག་བསམ། །དེ་ཞུ་ཤེལ་གྱི་ཕུང་པོར་མོས། །མ་ཎི་བརྗོད་ནས་ལས་ཀུན་བྱ། །རབ་གནས་རྒྱས་བསྡུས་སྐབས་དང་སྦྱར། །ཆུ་སྦྱིན་གཞན་འདྲ། །མདོར་བསྡུས་ནི། །སྙིང་རྗེས་མ་ཎི་བརྗོད་ཅིང་ཆུ་གཏོར་ཀྱང་ཆུ་མིག་འབབས་ཆུ་སོགས་བདུད་རྩིར་བྱིན་གྱིས་རླབས་པས་ཆོག།སྦྱིན་སྲེག་ཞི་རྒྱས་དབང་དྲག་ཐབ། །དབྱིབས་ནི་སྤྱི་དང་མཐུན་པར་བསམ། །ཟངས་གཞོང་ནང་དུ་མར་མེ་བཞག།ལྷར་བསྐྱེད་རྫས་ནི་འབྲུ་སྣ་ཚོགས། །ཤིང་བལ་མེ་ཏོག་གཟུགས་བྱས་པ། །འབུལ་སྔགས་ཡི་གེ་དྲུག་པ་ལ། །ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་སྦྱར། དེ་བཞིན་དུ། རྒྱས་པ་ལ། པུཥྚིཾ་ཀུ་རུ་ཨོཾ། དབང་ལ། ཝཱ་ཤཾ་ཀུ་རུ་ཧོཿ དྲག་པོ་


PS010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མཱ་ར་ཡ་ཕཊ། །སྡིག་སྦྱོང་སྦྱིན་སྲེག་ཆེན་མོ་ནི། །མེ་ཏོག་མང་བཏུས་གྲིབ་སྐམ་བྱ། །ལས་སྦྱོར་ས་དཀར་ཙནྡ་དཀར་པོའི་ཆུས་ཆག་ཆག་བཏབ། །དེའི་དཀྱིལ་དུ་དོང་ཟླུམ་པོ། ཟབས་སུ་ཁྲུ་གང་ཁ་སྐོར་ཁྲུ་ཕྱེད་བྲུས་ལ་དེའི་ཁ་རས་ཀྱིས་བཅད། དེའི་སྟེང་དུ་མཉྫི་བཞག །དེའི་ཁར་ཟངས་ལ་སོགས་པའི་སྣོད་ཀྱི་སྟེང་དུ་ཡི་གེ་དྲུག་པའི་སྐུ་རབ་གནས་ཅན་བཞུགས། མདུན་དུ་མཆོད་པ་བཤམ། གསོལ་བ་གདབ་པ་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་སྡིག་པ་ཐམས་ཅད་སྦྱང་དུ་གསོལ། །སྡིག་པ་ལྕི་བ་ཡོད་ན་དེའི་མིང་འདོན། ལན་གསུམ། ལག་པ་གཡས་པས་མེ་ཏོག་བླངས་ནས་ཇོ་བོའི་ཐུགས་ཀར་དབུལ། གཡོན་པས་


PS010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་བགྲང་། བསྙེན་པའི་གྲངས་ཀྱི་བཅུ་ཆ་ཕུལ། དགེ་རྩ་བསྔོ། རྟེན་ཕྱིར་གཤེགས། དོང་ཞབས་སུ་སྤྲ་བ་དཀར་པོ་བླུགས། དེ་ནས་མེ་ཏོག་རྣམས་བླུགས། དེའི་ཁར་ཤིང་ཤུག་པ་ཟླུམ་པོར་བརྩིག །དབུལ་བའི་རྫས་ནི་ཤུག་པ་ལེགས་པར་གཤག་པ་ཁྲི་ཚོ་གཅིག་ལ་སྣུམ་བྱུག་པ་གཡས་སུ་བཞག །དོང་གི་ཕྱོགས་བཞིར་མཆོད་པ་ཚར་རེ་རེ་བཤམ། ནང་དུ་ཧྲཱིཿལས་ཡི་གེ་དྲུག་པ་བསྐྱེད། སངས་རྒྱས་བྱང་སེམས་ཀྱིས་མདུན་གྱི་ནམ་མཁའ་གང་བར་བསམ། དེ་རྣམས་ལ་དམིགས་ལ་མདུན་གྱི་མཆོད་པ་ཕུལ། ཡན་ལག་བདུན་པ་བྱ། ཕྱོགས་བཅུ་ན་སོགས་ནས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྡིག་པ་ཐམས་ཅད་མྱུར་དུ་ཟད་པར་མཛད་དུ་གསོལ། །ཚོགས་ཐམས་ཅད་མྱུར་དུ་


PS010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་མཛད་དུ་གསོལ། །གསུམ། གཡོན་གྱི་མཆོད་པ་ཚར་གཅིག་ཡི་གེ་དྲུག་པ་ལ་དབུལ། གསོལ་བ་སྔར་ལྟར་རོ། །དེ་ནས་མེ་སྦར་ལ་ཤུག་པ་འགའ་རེ་ཇོ་བོའི་ཞལ་དུ་ཕུལ་བས་བདེ་སྟོང་གི་རང་བཞིན་དུ་ལྟེམ་ལྟེམ་སོང་བདག་གི་སྡིག་པ་ཐམས་ཅད་སངས་ཀྱིས་སོང་བར་བསམ། རྫས་རེ་རེའི་གཤམ་དུ་ཤཱནྟིཾ་ཀུ་རུ་བཏགས། རྫས་ཟད་ནས་རྒྱབ་ཀྱི་མཆོད་པ་ཕུལ། །གསོལ་བ་ལན་གསུམ་བཏབ། ཚོགས་ཡོད་ན་བཟའ། ཡང་གཡས་ཀྱི་མཆོད་པ་ཕུལ། ཨོཾ་མ་ཎི་པདྨེ་ཧཱུཾ་བདག་གི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་ཁྲི་ཚོ་གཅིག་བཟླས་སོ། །དེ་ནས་བསྲེག་སྤོས་ལག་ཏུ་ཐོགས་ལ་ཇོ་བོ་ལ་གསོལ་བ་གདབ་པ་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་སེམས་ཅན་


PS010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དོན་དུ་བདག་གིས་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། །གསུམ། དགེ་རྩ་བསྔོ། ཐལ་བ་རླུང་ལ་བསྐུར། བྲུལ་གཏོར་གཏོང་། བསྙེན་པ་བྱེད་ན་དགེ་འདུན་གྱི་ཚོགས་གསོག་དང་དཀོན་མཆོག་ལ་མཆོད། མེ་ཏོག་དཀར་པོ་སྤུངས་པའི་ཁར་ཇོ་བོའི་སྐུ་རབ་གནས་ཅན་བཞག་ལ་མེ་ཏོག་སྙིམ་པ་གསུམ་ཕུལ་ལ་གསོལ་བ་གདབ་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །གསུམ། གྲངས་བསྙེན་འབུམ་ཚོ་སུམ་ཅུ་རྩ་གཉིས། འབྲིང་འབུམ་ཕྲག་བདུན། ཐ་མ་གསུམ། ཡང་ཇོ་བོ་ནས་བརྒྱུད་པའི་ཡིག་རྙིང་གཞན་ལས། དུས་བསྙེན་ཟླ་བ་གསུམ།


PS010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བསྙེན་འབུམ་ཚོ་བཅོ་བརྒྱད་ཅེས་གསུངས། ཡང་ཡི་གེ་ལ་ལར་འབུམ་ཕྲག་དྲུག་ཏུའང་བཤད་དོ། །བསྙེན་པ་མ་སོང་བར་ལས་སྦྱོར་མི་རུང་། །ཝ་རུ་འི་གཏོར་མ་གཞུང་དུའོ། །གཙང་སྦྲ་གཙོ་ཆེ། སྒྲུབ་ཐབས་ལ་རྒྱས་པ་གཙོ་འཁོར་གསུམ། བསྡུ་ན་གཙོ་བོ་གཅིག་པུ་བསྙེན་པ་ལ་བསྐྱེད་རིམ་གཙོ་ཆེ། རིགས་གཏད་གཞུང་ནའོ། །རྫོགས་རིམ་ནི་ལྷ་བསྡུ་བ་སོགས་སྟོང་ཉིད་བསྒོམ་པ་དེ་ཀའོ། །སྙིང་རྗེ་གཙོ་ཆེ། ཉལ་ལྡང་ཁྲུས་གསུམ་ཟས་གོས་སོགས་འདྲ། ཞེ་སྡང་སྐྱེས་ན་སྙིང་གི་དཀྱིལ་དུ་ཡི་གེ་མ་གཅིག་བསམ། དེ་ལས་འོད་འཕྲོས་ལུས་ཁེངས་པས་ཉོན་མོངས་ཞི་བར་བསམ། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ཞི་བར་བསམ་ལ། མ་ཎི་སྟོང་


PS010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་རེ་རེ་བཟླས། འདོད་ཆགས་སྐྱེས་ན་ལྟེ་བར་འོད་དམར་པོ་བསམས་པ་སོགས་དང་། གཏི་མུག་སྐྱེས་ན་སྤྱི་བོར་ཏིལ་ནག་པོ་བསམ་པ་སོགས་གོང་གིས་རིགས་འགྲེ། དུག་གསུམ་ཤད་སྦྱངས་འདི་མ་ཆག་ན་ཉོན་མོངས་ཀྱིས་མི་གོས་ཚོགས་མྱུར་དུ་རྫོགས་སོ། །ཉལ་ཁར་བཅུ་གཅིག་ཞལ་གྱི་བྲིས་སྐུ་སོགས་ཡོད་ན་རབ། མེད་ཀྱང་བསམས་ལ། ངག་ཏུ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བདག་ལུས་འབུལ་གྱིས་ཐམས་ཅད་དུ་རྣམ་པ་ཐམས་ཅད་སོ་སོར་བཞེས་སུ་གསོལ། །གསུམ། ཇོ་བོའི་ཐུགས་ཀར་བདག་ལུས་སིབ་ཀྱིས་ཐིམ་པར་བསམ། མཉམ་པར་བཞག །སྙིང་རྗེ་ཆེན་པོ་ལས་མི་འདའ་སྙམ་པས་ངག་ཏུ་ཇོ་བོ་ཐུགས་རྗེ་ཆེན་པོས་བདག་དམ་ཚིག་ཆེན་པོ་ལས་མི་འདའ་བའི་དངོས་གྲུབ་སྩལ་དུ་


PS010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གསུམ། དགེ་བ་བསྔོ། ཚོགས་འཁོར་བྱེད་ན་ཤ་ཁྲག་དང་ཆང་འདིར་མི་རུང་། དཀར་གསུམ་སོགས་དགོས་ཞིབ་པར་ཡི་གེ་རྙིང་པར་བཙལ་ལོ། །ཞེས་པ་འདི་བྱ་བྲལ་བ་སངས་རྒྱས་ཕུན་ཚོགས་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ། །༈ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །སྣང་མཐའ་སྤྱན་རས་གཟིགས་དབང་ར་ཧུ་ལ། །མཉམ་མེད་ཇོ་བོ་ནག་ཚོ་ཕྱག་སོར་བ། །ཤེས་རབ་ཚུལ་ཁྲིམས་ཤེས་རབ་རྒྱལ་མཚན་དཔལ། །འཕགས་པ་ལྕེ་སྒོམ་རྣམས་ལ་གསོལ་བ་འདེབས། །གྲུབ་མཆོག་སྐྱེར་སྒང་པ་དང་གཉན་སྟོན་ཆེ། །སངས་རྒྱས་སྟོན་པ་ཤངས་སྟོན་རྒྱལ་མཚན་འབུམ། །བྱམས་དཔལ་སྨོན་ལམ་བསོད་ནམས་རྒྱལ་


PS010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔལ། །ཤེས་རབ་བཟང་པོ་རྣམས་ལ་གསོལ་བ་འདེབས། །གཉུག་ལ་པ་ཆེན་ངག་དབང་གྲགས་པའི་ཞབས། །ཆོས་གྲགས་རྒྱལ་མཚན་ནམ་མཁའ་དབང་ཕྱུག་དང་། །སངས་རྒྱས་རྒྱལ་མཚན་ཀུན་དགའ་བསོད་ནམས་དཔལ། །བསོད་ནམས་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །བསོད་ནམས་མཆོག་གྲུབ་བློ་བཟང་རྒྱ་མཚོའི་སྡེ། །དགེ་འདུན་དོན་གྲུབ་བསྟན་འཛིན་ཕྲིན་ལས་དཔལ། །བློ་བཟང་ཆོས་འཛིན་ཕུན་ཚོགས་རྒྱ་མཚོ་དང་། །བློ་བཟང་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །ངག་དབང་བློ་བཟང་སྐལ་བཟང་ཐུབ་བསྟན་རྗེ། །བློ་བཟང་བསྟན་འཛིན་དཀོན་མཆོག་རྒྱལ་མཚན་དཔལ། །འཇམ་པའི་དབྱངས་དངོས་བསྟན་པ་རབ་རྒྱས་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །
སྔོན་འགྲོའི་རིམ་པས་རང་རྒྱུད་ལེགས་སྦྱངས་ཤིང་། །སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་དང་། །མཁའ་ཁྱབ་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །འཕགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་མགོན་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེའོ། །

ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཟུང་འཇུག་གྲུབ་སྡེར།


PS010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཟུང་འཇུག་གྲུབ་སྡེར་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། །མཐའ་ཡས་འགྲོ་བའི་མགོན་གཅིག་པུ། །སྤྱན་རས་གཟིགས་ལ་གུས་བཏུད་ནས། །གང་དང་དབྱེར་མེད་སྐྱེར་སྒང་པའི། །ཐུགས་བཅུད་ཟབ་དོན་སྙིང་པོ་བྲིས། །འདི་ལ་གསུམ། སྔོན་འགྲོ། དངོས་


PS010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱེད་པས་མཚམས་སྦྱར་ལ། ཐུན་མོངས་མ་ཡིན་པའི་སྔོན་འགྲོའི་དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་གསལ་བཏབ་སྟེ་འདུན་པ་རྩེ་གཅིག་པས། །བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ་སྐྱབས༴ །སྐྱ་གསུམ་ངོ་བོ་སངས་རྒྱས་རྣམས་ལ༴ །ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ༴ །སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ༴ །འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་བྱས། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་དྲན་བཞིན་པས། དེང་ནས་བཟུང་སྟེ་འགྲོ་


PS010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་ལན་གསུམ། བསྡུ་ན་སྐྱབས་སེམས་གཉིས་ཀ། སངས་རྒྱས་ཆོས་དང་སོགས་བརྗོད་ཀྱང་རུང་། གསུམ་པ་མཎྜལ་ནི། དངོས་སུ་བཤམས་པའི་མཎྜལ་རྒྱུར་བྱས་པ་ལས་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སྣོད་བཅུད་ཀྱི་འབྱོར་པ་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲུལ་ཏེ། ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།ཨི་དམ་གུ་རུ་རཏྣ་མཎྜལ་ཀཾ་ནིརྨ་ཏ་ཡཱ་མི། །ཞེས་ཅི་ནུས་འབུལ། མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ་


PS010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་རྡོར་སེམས་བསྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང་། སྡིག་སྒྲིབ་དག །འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ་གསལ་སྣང་ལ་མཉམ་པར་འཇོག་པ་དང་། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་


PS010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། མཐར་མི་དམིགས་པར་བཞག །ལྔ་པ་བླ་མའི་རྣལ་འབྱོར་ནི། །རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་། གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་མུ་མེད་པར་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པར་བསམ་ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། །མོས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང་། ནམ་མཁའ་དང་མཉམ་པའི་


PS010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། ཞེས་ཅི་ནུས་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབ། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང་། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་རང་ངོ་བསྐྱང་། རྒྱུན་གྱི་རྣལ་འབྱོར་ལ་སྐྱབས་སེམས་ཙམ་གྱི་རྗེས། དངོས་གཞི་ལ་འཇུག་ཀྱང་དོན་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། རང་ཐ་མལ་དུ་


PS010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ལྟེ་བར་ཨ་དཀར་པོ། དེ་འོད་དུ་ཞུ་ལུས་ཀྱི་ནང་གང་། འོད་ཟེར་ཕྱི་རོལ་དུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མོས་ཏེ་སྟོང་ཉིད་ཀྱི་ངང་དུ་བཞག་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་གང་དུ་གནས་པའི་ཕྱོགས་བཞི་དང་སྟེང་འོག་ཏུ་ཧྲཱིཿདམར་པོ་རེ་རེ་འོད་དུ་ཞུ་བ་ལས་འོད་ཟེར་དམར་པོའི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་ཆེན་པོའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་སུ་པད་ཟླའི་གདན་ལ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་


PS010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ་བ། གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང་། གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་


PS010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐལ་མོ་སྦྱར་བ། གཡོན་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་


PS010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་ཝ་ཁོ་ཀི་ཏི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ་ལ་ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་གསལ་སྣང་ཕྲ་རགས་ལ་ཡུན་རིང་དུ་སེམས་བཟུང་། དེ་ལ་ཅུང་ཟད་གོམས་པ་བརྟན་པས་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་


PS010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་འདོད་ན་རྒྱས་པར་ཁྲིད་ཡིག་ལས་ཤེས། མདོར་བསྡུ་ན། རང་ཐུགས་རྗེ་ཆེན་པོར་གསལ་བའི་སྐུས་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་། ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས་པར་གསལ་བའི་བ་སྤུའི་ཁུང་བུ་རེ་རེ་ཞིང་ཡང་དག་པའི་ཞིང་མཐའ་ཡས་པ་ན་དུས་གསུམ་ཚད་རྙེད་ཀྱི་སངས་རྒྱས་བྱང་སེམས་རྣམས་བཞུགས་ནས་ལ་ལས་ནི་དམ་པའི་ཆོས་ལ་འགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་སྒྱུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་པ་རྣམས་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོགས་ཅིང་དེ་དག་ལས་འབྱུང་བའི་འོད་ཟེར་བྱེ་བ་ཕྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ་འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་མའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་


PS010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྲལ་བར་མཉམ་པར་འཇོག།དེ་ལྟར་བསྒོམ་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ། །བསྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད་གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་སྐོར་དུ། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་བསྐོར་དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང་། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་ཏུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང་མཐར། ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱི་ཚུལ་གྱི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང་། ནད་གདོན་སྡིག་སྒྲིབ་ཐམས་


PS010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སངས་སངས་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་བར་བསམ། སླར་ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་ལ་བཟླས་པ་ཅི་ནུས་བྱ་སྟེ། ཐུན་འཇོག་པའི་ཚེ། རང་གི་སྙིང་གའི་སྔགས་ཕྲེང་པདྨའི་གདན་ལ་ཐིམ། དེ་ས་བོན་ཧྲཱིཿལ་ཐིམ་པར་བསམ། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག་དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་དག་འོད་དུ་ཞུ། མཐའ་ནས་


PS010_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་རང་ལ་ཐིམ། རང་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿལ་ཐིམ་དེའང་རིམ་གྱིས་འོད་དུ་ཞུ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ། གནས་ལུགས་མ་བཅོས་པའི་དབྱིངས་སུ་བློ་ལྷོད་ཀྱིས་གློད་དེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །གསུམ་པ་རྗེས་ཀྱི་རྣལ་འབྱོར་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། ཐུན་དེ་ལས་ལྡང་བ་ན། །སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ་ལ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ། ཐུན་མཚམས་རྣམས་སུ། གནས་གཞལ་ཡས་ཁང་། ཟས་ཡེ་ཤེས་ཀྱི་བདུད་རྩི། གོས་ལྷ་རྫས་ཀྱི་ན་བཟའ་བསམ་ལ་ཞེན་པ་མེད་པར་ལོངས་སྤྱད། སྣང་


PS010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་གྱི་ལམ་ཁྱེར་དང་། བྱང་ཆུབ་སེམས་གཉིས་ཀྱི་རྩིས་ཟིན་པས་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ནི། ཁྱད་པར་བདེ་སྟོང་། ཐུན་མོང་བྱང་སེམས་ལམ་གྱི་འཆད་འཐུད་འཕོ་བའི་རྣལ་འབྱོར་རྣམས་ཏེ། བསྒོམ་པར་འདོད་ན་ཁྲིད་ཡིག་ཏུ་ཤེས། བསྙེན་པ་བྱེད་ན་ཁྲུས་དང་གཙང་སྦྲ་ལ་གནས་པས་ཡི་གེ་དྲུག་པ་འབུམ་ཕྲག་སོ་གཉིས་སམ། ཐ་མའང་འབུམ་ཕྲག་བདུན་བཟླ་བ་གྲངས་བསྙེན་ཟླ་བ་གསུམ་ནས་ཟླ་བ་གཅིག་གི་བར་དུས་བསྙེན། རབ་དངོས་སམ། འབྲིང་ཉམས་སུ་འཕགས་པའི་སྐུ་མཐོང་བ། ཡི་གེ་དྲུག་པའི་སྒྲ་ཐོས་པ། ཐ་མའང་རྨི་ལམ་དུ་དེ་ལྟ་བུའི་རིམ་པ་རྨི་བ་དང་། གཞན་ཡང་ཁྲུས་བྱས་པ། གོས་དཀར་གྱོན་པ། ཉི་ཟླ་ཤར་བ་མེ་ཏོག་དཀར་པོ་འཐུ་བ། ཤེལ་དཀར་གྱི་ཕྲེང་བ་རྙེད་པ་སོགས་
དགེ་བའི་རྟགས་ཅི་རིགས་པ་མཐོང་བ་ནི་མཚན་མའི་བསྙེན་པའོ། །འཇམ་དབྱངས་ལ་སོགས་ཕྱོགས་བཅུ་ཡིས། །འཕགས་རྣམས་དགྱེས་པའི་བཤེས་གཉེན་ཆེ། །མཁྱེན་བརྩེའི་དབང་པོ་སྐྱེར་སྒང་པའི། །ཐུགས་བཅུད་སྙིང་པོའི་མན་ངག་གོ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་མཚན་ནོ། །མངྒ་ལཾ། །

ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་ཁྲིད་ཡིག །


PS010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་ཁྲིད་ཡིག་བཞུགས་སོ། །ཨོཾ་སྭ་སྟི་སིངྷཾ། སྙིགས་མ་ལྡན་པའི་ཞིང་སྤྱི་དང་། །ཁྱད་པར་གངས་རིའི་མགོན་གཅིག་པུ། །ཐུགས་རྗེའི་མངའ་བདག་དེར་བཏུད་ནས། །དེའི་རྣལ་འབྱོར་འདུས་གསལ་སྤེལ། །གཉིས་པ་ཇོ་བོ་བཀའ་གདམས་པའི་མན་ངག་གྲུབ་ཐོབ་སྐྱེར་སྒང་པའི་བཀའ་སྲོལ་དང་འབྲེལ་པ་སྤྱན་རས་


PS010_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ལ། སྔོན་འགྲོ། དངོས་གཞི་རྗེས་གསུམ། དང་པོ་སྔོན་འགྲོ་ལ་ཐུན་མོང་དང་ཐུན་མིན་གཉིས། ཐུན་མོང་བ་ཐུབ་པའི་ལྟ་ཁྲིད་ལྟར་འཆད། ཐུན་མོང་མ་ཡིན་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་རྩེ་མོ་ལྔར་དགྱེས་པའི་དབུས་མར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིགས་ཁ་སརྤཱ་ིའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་སྤྱན་རས་གཟིགས་ཕྱག་བཞི་པ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་སངས་རྒྱས།


PS010_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་ཆོས་དཀོན་མཆོག་པུ་སྟིའི་རྣམ་པ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་པ་བཞུགས་པར་མོས་ལ། རང་དང་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་རྒྱས་པ། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ༴ །སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ༴ །ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ༴ །སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ༴ །འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའམ། བསྡུ་ན། སངས་རྒྱས་ཆོས་


PS010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མ་ལན་བརྒྱ་སྟོང་དུ་བསགས། །གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཞག་པར་བྱ། །དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམས་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་སམ། བསྡུ་ན། བདག་གིས་སྦྱིན་སོགས་བརྗོད། །གསུམ་པ་མཎྜལ་ནི། །ལག་ལེན་ལྟར་ལེགས་པར་བཤམས་ཏེ། རྒྱས་


PS010_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པར་ན་ཆོས་ཆུང་བརྒྱ་རྩ་ལས་འབྱུང་བ་ཛེ་ཏཱ་རི་དང་གཉིས་མེད་རྡོ་རྗེའི་ཆོ་ག་ལ་སོགས་པ་ལྟར་རམ། དེ་ཙམ་མི་ནུས་ན་ཚོམ་བུ་སོ་བདུན་མ་ནས། བདུན་མའི་བར་དངོས་སུ་བཤམས་པ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་བུར་དམིགས་ལ་ལན་གྲངས་མང་པོར་ཕུལ་བས་བདག་གཞན་གྱི་ཚོགས་རྫོགས། སྐུ་ལས་འོད་ཟེར་བྱུང་སྡིག་སྒྲིབ་དག །འགྲོ་ཀུན་དག་པའི་ཞིང་དུ་གཤེགས། །སླར་ཡང་མོས་གུས་ཀྱི་རྐྱེན་གྱིས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་མོས། བཞི་པ་རྡོར་སེམས་བསྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུཾ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་


PS010_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང་། སྡིག་སྒྲིབ་དག་འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ་གསལ་སྣང་ལ་མཉམ་པར་འཇོག་པ་དང་། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་སུ་བྱ། །མཐར་མི་དམིགས་པར་བཞག །ལྔ་པ་བླ་མའི་རྣལ་འབྱོར་ནི། །རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེས་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་


PS010_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤྱན་དྲངས་ཏེ་ཐིམ་པར་བསམ་ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མོས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབ་རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང་། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པ་མོས་ལ་རང་ངོ་བསྐྱང་ངོ། །གཉིས་


PS010_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཉིས་ཏེ། མཚན་བཅས་ལྷ་བསྒོམ་པ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། །རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང་། དངོས་གཞིའི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ནི་བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་རང་ལུགས་ཀྱི་སྐྱིལ་ཀྲུང་སོགས་མདོར་ན་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། རླུང་ཆེད་དུ་རྩོལ་བ་མེད་པར་རང་བབས་སུ་བཞག །སེམས་གཡོ་མེད་དྭངས་གསལ་གྱི་ངང་ལ་གནས། གཉིས་པ་ལ་བཞི་སྟེ། རྟེན་སྲུང་འཁོར་སྒོམ་པ། བརྟེན་པ་ལྷ་བསྒོམ་པ། ལྷའི་གསལ་སྣང་འདོན་པ། བཟླས་པས་ཐུགས་བརྒྱུད་བསྐུལ་བའོ། །དང་པོ་ནི། རང་གི་མལ་གྱི་ཕྱོགས་བཞིར་


PS010_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿདམར་པོ་མགོ་གྱེན་བསྟན་རེ་རེ། སྟེང་འོག་གཉིས་སུ་ཧྲཱིཿདམར་མགོ་གྱེན་དང་མཐུར་བསྟན་རེ་གསལ། མདུན་གྱི་ཧྲཱིཿའོད་ཀྱི་མིག་མངས་རིས་སུ་ཡོལ་བ་ལྟ་བུར་ཞུ། དེ་ལས་འོད་ཟེར་ཡས་ཀྱི་ཧྲཱིཿལ་ཕོག །དེའང་སྔར་ལྟར་ཞུ། དེའི་འོད་ནུབ། དེའི་འོད་གཡོན་དུ་ཕོག་ནས་ཧྲཱིཿཞུ་བ་སོགས་སྔར་ལྟར་དང་། སྟེང་འོག་གི་ཧྲཱིཿཡང་འོད་དུ་ཞུ། འགེབས་དང་ས་གཞིའི་རྣམ་པར་གྱུར་ཏེ། འོད་ཟེར་གྱི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་བསྐལ་པའི་རླུང་གིས་ཀྱང་མི་ཐར་པའི་ཕྱི་རོལ་ཏུ་མེ་རི་རྩེ་མོ་ཁ་དོག་སྣ་ལྔ་པ་ཅན་གྱི་གུར་ཁང་གསལ་ལ་བརྟན་པ་ཡུན་རིང་དུ་བསྒོམ། གཉིས་པ་ནི། རང་ཐ་མལ་དུ་གནས་པའི་ལྟེ་བར་ཨ་དཀར་པོ། དེ་འོད་དུ་ཞུ་ལུས་ཀྱི་ནང་གང་། འོད་ཟེར་ཕྱི་རོལ་དུ་འཕྲོས།


PS010_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མོས་ཏེ་སྟོང་ཉིད་ཀྱི་ངང་དུ་བཞག་ལ། ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་པར་དག་པའི་སྔགས་བརྗོད། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ་གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་


PS010_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང་གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་


PS010_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ།


PS010_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ལ་གཉིས། རྩ་བའི་ལྷ་ལ་གསལ་སྣང་འདོན་པ་དང་། སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་ཚུལ་ལོ། །དང་པོ་ནི། དེ་ལྟར་གསལ་བའི་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ལ་སེམས་བཟུང་། དེའི་གསལ་སྣང་མ་ཤོར་བའི་ངང་རེས་འགའ་གདན་ནས་གཙུག་ཏོར་བར། རེས་གཙུག་ཏོར་ནས་གདན་གྱི་བར། རེས་སྤྱན་གྱི་དཀར་ནག་ལྟ་བུ་ཕྲ་བ་ནས་རགས་པའི་བར་རེས་རགས་པ་ཕྱག་ཞབས་ནས་ཕྲ་བ་སྤྱན་གྱི་བར་གསལ་གདབ། དེ་དག་བརྟན་ནས་ལྷར་སྣང་སྤྱི་ལ་སེམས་


PS010_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་དེ་མཐར་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཞིང་བློ་རྩེ་གཅིག་པ་ལ་བརྟན་པ་ཐོབ་པར་བྱ་སྟེ་དམིགས་པའི་དངོས་བཞིའོ། །གཉིས་པ་ནི། རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྐུ་ལ་རྫོགས་པར་ལམ་གྱིས་གསལ་བའི་སྐུ་ལུས་ཀྱི་བ་སྤུའི་སྒོ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་དུ་མ་དང་། གསེར་གྱི་རི་ཁྲི་རེ་རེ་ལའང་རྩེ་མོ་ཁྲི་ཉིས་སྟོང་། རིན་པོ་ཆེའི་ཁང་བཟང་སྐྱེད་ཚལ་རྒྱན་བཀོད་དུ་མས་བརྒྱན་པ་ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོགས་པ། བ་སྤུ་དེའི་ནང་ན་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་


PS010_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་ཁྲི་རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང་། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལ་བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང་། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་གོ། བ་སྤུ་དེ་འདས་པ་ན་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་། རྡོ་རྗེ། དངུལ། གསེར། ཨིནྡྲ་ནི་ལ། པདྨ་རཱ་ག །མརྒད། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང་། །གང་སེམས་ཐོག་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མའོ་ཞེས་སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་ལ་སྐྱོ་


PS010_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་ནས་དྲན་པ་མངོན་པར་བཞག་ནས་རི་དེ་དག་ལ་འཁོད་དོ། །བ་སྤུ་དེ་ཡང་འདས་པ་ན། སྣ་ཚོགས་པའི་རྒྱལ་པོ་ཞེས་བྱའི་བ་སྤུའི་ཁུང་བུ་ན། རང་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང་། ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་། རིན་ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལ་འདོད་དགུ་འབྱུང་བའི་དཔག་བསམ་སྡོང་པོ། རྩ་བ་མུ་ཏིག་ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་ཀཱ་ཤི་ཀཱའི་གོས་རྣམས་འཕྱང་ངོ་། །དེ་འདྲ་བའི་རི་རྣམས་ལ་རང་སངས་རྒྱས་དག་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་


PS010_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་སྒྲར་སྟོན་ནོ། །ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ན་རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང་། དཔག་བསམ་དང་ཙནྡན་དང་བྱི་རུའི་ཤིང་དེ་སྙེད་ཡོད་ཅིང་རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ། ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པ་ཡང་བཞུགས་པ་སོགས། །མདོར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། སངས་རྒྱས་བྱང་སེམས་བཞུགས་ནས་ལ་ལས་ནི་དམ་པའི་ཆོས་ཀྱི་འགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་པ་ཐམས་ཅད་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོག་


PS010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཕྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ། འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་མའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག་གོ། བཞི་པ་ནི། དེ་ལྟར་བསྒོམ་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ། སྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད། གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་བསྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་བསྐོར་


PS010_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང་། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་ཏུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང་། སླར་ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱི་ཚུལ་གྱི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་སངས་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བར་བསམ། སླར་ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྒོམ་ལ་བཟླས་པ་ཅི་ནུས་བྱས་


PS010_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཐུན་འཇོག་པའི་ཚེ་ཡི་གེ་རྣམས་པདྨ་ལྟག་སྤྲོད་ལ་ཐིམ། དེ་ཧྲཱིཿལ་ཐིམ་པར་མོས། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག་དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་རང་ལ་ཐིམ། དེ་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿལ་ཐིམ། དེའང་འ་ཆུང་ར་ལ། དེ་ཧ་ལ། ཧ་མགོ་བོ། མགོ་བོ་གི་གུ། དེ་ནཱ་ད་ལ་ཐིམ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་གནས་སུ་བཞག །མི་གནས་པར་འཕྲོ་བར་བརྩམས་པ་ན། སྟོང་པའི་ངང་ལས་ཐིག་ལེ་གསུམ། དེའི་དབུས་མ་ཧྲཱིཿདེ་ལས་གཙོ་འཁོར་གསུམ། སྣོད་


PS010_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་བཅུད་ལྷ་ཡི་རང་བཞིན་ཏུ་མོས། འདི་ལ་ཆེད་དུ་སྦྱངས་ན། སླར་བསྡུ་ཞིང་མཉམ་པར་འཇོག་སྟེ་སླར་ལྡངས་པ་སོགས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་གཉིས། རྗེས་ཀྱི་རྣལ་འབྱོར་དངོས་དང་། ཞར་བྱུང་གི་རྣལ་འབྱོར་གཞན་བཤད་པའོ། །དང་པོ་ནི། བསྒོམ་བཟླས་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྲུབ་ནས། རྗེས་སྤྱོད་ལམ་ལ་འཇུག་པ་ན་འཁོར་གཉིས་རང་ལ་ཐིམ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ཁ་ཟས་ཐམས་ཅད་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་གྱིས་རླབས་ཏེ་རང་ལྷར་གསལ་བས་ལོངས་སྤྱད། གོས་ལྷའི་གོས་པཉྩ་ལི་ཀར་བསམས་ཏེ་ཚོགས་རྫོགས་པའི་ཡན་ལག་ཏུ་སྤྱད། འགྲོ་འདུག་སེམས་ཅན་ལ་ཕན་པ་འབའ་ཞིག་ཏུ་མོས་ལ་བསྔོ་སྨོན་རྒྱས་པར་བྱ་བ་


PS010_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཐེག་པ་ཆེན་པོའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་གི་རྣལ་འབྱོར་ལ་གསུམ། ཁྱད་པར་བདེ་སྟོང་གི་རྣལ་འབྱོར། ཐུན་མོང་བྱང་སེམས་ཀྱི་རྣལ་འབྱོར། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རོ། །དང་པོ་ནི། །རང་ཇོ་བོར་གསལ། མདུན་ཏུ་ལྷ་མོ་ཡི་གེ་དྲུག་མ་བསྒོམ། དེའི་སྨིན་མཚམས་སུ་ཐིག་ལེ་དམར་པོ། དེ་ལས་འོད་ཟེར་དམར་པོ་ཚ་བའི་ངད་ལྡན་བྱུང་། རང་གི་སྨིན་མཚམས་སུ་ཕོག།རང་གི་མགྲིན་པ་ནས་འོད་ཟེར་དཀར་པོ་བདེ་བའི་ངད་ལྡན་བྱུང་། ལྷ་མོའི་ལྟེ་བར་ཕོག །འོད་ཟེར་དཀར་དམར་འདྲེས་པས་སྐུ་ལུས་ནང་ནས་ཡར་སོང་སླར་སྨིན་མཚམས་ནས་འོད་དམར་པོ་རང་གི་སྨིན་མཚམས་སུ་ཐིམ་པ་སོགས་


PS010_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལྟར་བསྐོར་བས་ཡབ་ཡུམ་གཉིས་ཀར་བདེ་སྟོང་གི་ཉམས་སྐྱེས་པར་བསམ་ལ། བདེ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་བདེ་བ་སྐྱེས་ན་སྟོང་པ་དང་བསྲེ། སྟོང་ཉམས་ཀྱི་བདེ་བ་ཡལ་ན་སླར་འོད་འཁོར་བསྒོམ་ལ་བདེ་བ་བསྐུལ། མཐར་སྟོང་པས་རྒྱས་གདབ། འདི་བྱ་རྒྱུད་རང་ལུགས་ཀྱི་ཐབས་ལམ་དོད་བལྟས་པའི་བདེ་བ་ལམ་བྱེད་ཀྱི་རྣལ་འབྱོར་རོ། །གཉིས་པ་ནི། དང་པོ་རང་གི་མདུན་དུ་རྩ་བའི་མ་དེ་བསམ། མ་འདིས་བདག་གི་ལུས་སྲོག་བསྐྱེད་པ་ནས་བཟུང་། ཚེ་རབས་ཐམས་ཅད་དུ་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབ་པའི་དྲིན་རེ་ཆེ་སྙམ་དུ་བསམ་ལ་བྱམས་པ་ཚད་མེད་པ་བསྒོམ། མ་འདི་ཐོགས་མ་མེད་པ་ནས་འཁོར་བ་


PS010_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་ཅིང་ཐར་དུས་ཡེ་མེད་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྒོམ། མ་འདི་བདག་ཁོ་ནས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ངེས་པར་འགོད་པར་བྱའོ་སྙམ་དུ་བྱང་ཆུབ་སེམས་ཚད་མེད་པ་བསྒོམ། དེ་ལ་འབྱོངས་ན་དགྲ་བགེགས་དང་། སེམས་ཅན་མཐའ་ཡས་པ་ལ་མཚུངས་པར་སྦྱང་ངོ། །གསུམ་པ་ལ་སྦྱང་བ་དང་། ལས་ལ་སྦྱར་བ་གཉིས། དང་པོ་ནི། རང་གི་མདུན་ཉེ་རིང་མཚམས་པར་ཐུགས་རྗེ་ཆེན་པོའི་སྐུ་མཚན་ཉིད་དང་ལྡན་ལ་ཡིད་ཆགས་པ་བྲིས་འབུར་གང་རུང་བཀྲམ་པའི་མདུན་ཏུ་མཆོད་པ་བཤམས། དེ་ཐུགས་རྗེ་ཆེན་པོ་དངོས་


PS010_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསལ་མཆོད་བསྟོད་བྱ། བདག་ལ་རེ་ས་ཁྱོད་ལས་མེད་དོ་སྙམ་པའི་བློ་གཏད་ལིང་བསྐྱུར་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྣམ་ཤེས་བདེ་ཆེན་ཏུ་འཕོ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་ལན་མང་དུ་བཏབ། རང་གི་རྣམ་ཤེས་ཧཱུྃ་དཀར་པོར་གྱུར་པ་སྣ་བུག་གཡས་ནས་རྒྱངས་ཀྱིས་ཐོན། ཇོ་བོའི་ཤངས་བུག་གཡས་ནས་ཐུགས་ཀར་ཞུགས་པར་མོས་ལ་དེར་སེམས་འཛིན། སླར་ཤངས་བུག་གཡོན་ནས་བྱུང་། སྣ་བུག་གཡོན་ནས་སྙིང་གར་ཞུགས། ཡང་སྣ་བུག་གཡས་ནས་འཕངས་པ་སོགས་འཁོར་མར་སྦྱངས། མཐར་ཐུན་འཇོག་པའི་


PS010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཧཱུྃ་རང་གི་སྙིང་གར་ཐིམ་པའི་རྗེས་ཇོ་བོ་རང་གི་སྤྱི་བོར་བྱོན། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བ་གསོལ་བ་གདབ་པས་ཇོ་བོ་འོད་དུ་ཞུ། ཚངས་བུག་ནས་ཞུགས། རང་ལུས་བདུད་རྩིའི་རྒྱུན་གྱིས་གང་བས་འཆི་བ་མེད་པའི་ཚེ་དང་། རྒས་པ་མེད་པའི་ལང་ཚོ་དང་ལྡན་པར་མོས་ལ་བསྔོ་སྨོན་བྱ། །གཉིས་པ་ནི། །ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ་ཉེར་བསྡོགས་སྔར་ལྟར་བྱས་ལ། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་རིགས་ལ་བཤགས་སྡོམ་ཡིད་ཚིམ་པར་བྱ། ལུས་ལོངས་སྤྱོད་མཎྜལ་དུ་ཕུལ་ཏེ་ཞེན་འཁྲིས་རྦད་ཀྱིས་བཅད་ལ་ཆགས་ཞེན་དང་བློ་མ་བདེ་བ་སྤུ་ཙམ་མེད་པར་བྱ། རང་གི་རྣམ་ཤེས་ཧཱུྃ་དཀར་པོ་སྣ་བུག་གཡས་ནས་ཐོན་པ་སོགས་སྦྱངས་པའི་སྐབས་ལྟར་ལ།


PS010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོའི་ཐུགས་ཀར་ཐིམ་ཚེ་འོད་གསལ་གྱི་ངང་དུ་བཞག །སླར་རྣམ་ཤེས་ཚུར་འཐོན་པའི་དམིགས་པ་མི་བྱ་བར་ཡང་ཡང་འཕང་། དེས་ཀྱང་འཕོ་མ་ནུས་ན་རང་ལུས་ཀྱང་འོད་དུ་ཡལ་ཏེ་ཇོ་བོའི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ཏེ་སེམས་རྟོག་མེད་དུ་བཞག་པས། རབ་འོད་གསལ་དུ་གྲོལ། འབྲིང་དང་ཐ་མ་ལྷ་དང་མིར་སྐྱེ། འཇའ་འོད་དང་རིང་བསྲེལ་སོགས་ལྟས་བཟང་པོ་འབྱུང་བར་བཤད་དོ། །ཁྲིད་འདི་སྟན་ཐོག་གཅིག་ཏུ་བསྒོམ་པའི་ཚེ་མཚན་བཅས་རྣལ་འབྱོར་གྱི་སྐབས་ཐོག་མར་སྣོད་བཅུད་འོད་གསལ་དུ་བསྡུས་ནས་སླར་སྲུང་འཁོར་དང་ལྷའི་རྣལ་འབྱོར་བསྒོམ་པ་བྱས་ན་ལག་ལེན་བདེ་ཞིང་དོན་དང་མི་འབྱོར་བ་མེད་དོ་གསུངས། །དལ་འབྱོར་ཡོན་ཏན་བརྒྱ་ལྡན་


PS010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལུས། །སྙིང་པོ་ལེན་འདོད་སྐལ་བཟང་དག།མ་ནོར་ལམ་མཆོག་འདིར་ཞུགས་ཤིག།ཏིང་འཛིན་རྒྱ་མཚོ་མྱུར་ཐོབ་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ཀྱི་ལེའུ་ཚན་ནོ། །ཞེས་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་བཀའ་གདམས་ལྷ་བཞིའི་ཁྲིད་ཡིག་ལས་ཕྱུང་བའོ། །

ནེ་གུའི་ཁྲིད་ཡིག་བསྡུས་པ། ཏཱ་ར་ནཱ་ཐ།


PS010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་གུའི་ཁྲིད་ཡིག་བསྡུས་པ་བཞུགས་སོ།། །།


PS010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བྱེ་བའི་ཐུགས་ཀྱི་བཅུད། །ཆོས་དྲུག་སྙིང་པོའི་གདམས་པ་སྟེ། །གྲོལ་ལམ་ཟབ་མོ་བླ་ན་མེད། །ཐུན་མོང་མིན་གང་བྲི་བར་བྱ། །འདིར་རྒྱུད་སྡེ་ལྔའི་ཡང་སྙིང་ནཻ་གུ་ཆོས་དྲུག་བསྡུས་པ་ཉམས་ལེན་གནད་དུ་དྲིལ་བ་འདི་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ལས། དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་


PS010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་གཉིས། ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དག་བྱེད་ཨའི་སྟོང་རའོ། །དང་པོ་ནི། །མདུན་གྱི་ནམ་མཁའི་དབྱིངས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་


PS010_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུངས། སྐུ་ལ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། བདག་ལ་དགེས་པའི་ཞལ་འཛུམ་བག་དང་ལྡན་པར་བསམ། དེ་ལ་བདག་དང་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱབས་ཞུ་བར་མོས་ཤིང་། བློས་ལིང་བཀལ་ཏེ་སྐྱིད་སྡུག་ཅི་བྱུང་བླ་མ་རང་མཁྱེན་སྙམ་པས། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ལན་བདུན་སོགས་ཅི་རིགས་བྱ། མདུན་གྱི་བླ་མ་རྡོ་རྗེ་འཆང་དེ་འོད་དུ་ལྟེམ་གྱིས་ཞུ་སྟེ་རང་ལ་ཐིམ་པས། བླ་མའི་ཐུགས་དང་


PS010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟ་བུར་གྱུར་པར་བསམ་པའི་ངང་དེ་ཀ་ལ་ཧད་དེ་མཉམ་པར་བཞག །སེམས་བསྐྱེད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་དྲིན་ཅན་གྱི་ཕ་མར་མ་གྱུར་པ་མེད། འདི་རྣམས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ་སྙམ་པས། ངག་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། །དེའི་ཕྱིར་དུ་བདག་གིས་ཟབ་ལམ་ནཻ་གུ་ཆོས་དྲུག་ཉམས་སུ་བླང་བར་བྱའོ། །ཞེས་ལན་གསུམ་ཙམ་བྱ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། །རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་སྐུ་གཟི་མདངས་དང་ལྡན་པ། བདག་ལ་དགེས་


PS010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་འཛུམ་བག་དང་ལྡན་པ་ཞིག་བསྒོམས་ལ། ངག་ཏུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། །སྡིག་སྒྲིབ་ཐམས་ཅད་འདག་པར་མཛད་དུ་གསོལ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། ཀླད་པ་གཏི་མུག་གི་རང་བཞིན་ཅན་སྦྱངས་ཏེ། ཐོད་པ་འཇའ་འོད་དཀར་པོའི་གུར་ཁྱིམ་ལྟ་བུ་དེའི་དབུས་སུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་རྩ་བ་ཕྲ་བ་མགྲིན་པར་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་ཟུར་གཅིག་མཛོད་པུ་དང་། གཉིས་རྣ་ལྟག་གཡས་གཡོན་དུ་བསྟན་པ་དེའི་དབུས་སུ་


PS010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དཀར་པོ་འོད་འཕྲོ་བ། ཕྱེད་ཆོས་འབྱུང་གི་སྟེང་དུ་འཐོན་ཅིང་། ཕྱེད་ནང་དུ་ཆུད་པའི་ཚད་ཙམ་རྟེན་མེད་དུ་ལྡིང་བ་ལ་སེམས་གཏད་དེ་ཅི་ནུས་བསྒོམ། དེ་ནས་ཨ་དཀར་པོ་དེ་ལས་བདུད་རྩི་དཀར་པོའི་རྒྱུན་བྱུང་། ཆོས་འབྱུང་གང་དེ་ལུད་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ཐམས་ཅད་ཕྱིར་བདས་ཏེ་སྒོ་དགུ་དང་བ་སྤུའི་བུ་ག་ནས་དེད་པའི་ཚུལ་གྱིས་དུད་ཁུའི་སོལ་ཁུའི་རྣམ་པར་ནག་ནུར་རུ་རུ་ཐོན་པར་བསམ། ཡང་བདུད་རྩིས་ལུས་ཀྱི་ཕྱི་ན་མར་ཞམ་ཞམ་བྱུང་ནས་བཀྲུས་པས་ས་འོག་ཐག་རིང་པོར་སོང་བར་བསམ། རང་ལུས་དཀར་ལ་དྭངས་པ་འཇའ་དཀར་པོ་ལྟ་བུར་བསམ་པ་ཅུང་ཟད་མཉམ་པར་བཞག །བདེ་ཆེན་འཁོར་ལོ་ཟླ་བའི་ཆ། །


PS010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཡིག་འབྲུ་དམ་པ་ལས། །ཡེ་ཤེས་བདུད་རྩི་རྟག་བབས་པས། །སྒྲིབ་པའི་དྲི་མ་ཀུན་བཀྲུས་སོ།། ༈ དངོས་གཞི་ལ་དྲུག་སྟེ། །ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དང་པོ་ཐབས་ལམ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། སྔོན་འགྲོ་ལུས་གནད་མེའི་སྟོང་ར་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་གཅིག་བསྒོམས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་


PS010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་གཡོན་ཅུང་ཟད་བསྐུམ་པས། མི་རོ་དཀར་པོ་མགོ་བོ་གཡས་སུ་བསྟན་པའི་སྙིང་ག་མནན་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། སྐུ་ལུས་ཀྱི་ནང་ཐམས་ཅད་ཁོང་སྟོང་དུ་བསམ། མེའི་གོང་བུ་དམར་ཞིང་ཚ་བ་བྱ་སྒོང་ཙམ་བཞི་ལྟེ་བའི་ཐད་ཀྱི་རྒྱབ་


PS010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་མཁལ་མའི་ཐད་གཉིས་ཏེ་བཞིར་བསྒོམ། དེ་ལ་དམིགས་བཞིན་དུ་རླུང་རོ་ལན་གསུམ་འབུད། རླུང་དལ་བུས་ནང་དུ་རྔུབས་ལ། ལྟེ་བའི་འོག་ཏུ་ཆིར་གྱིས་མནན། ལྟེ་བ་ཅུང་ཟད་བསྐོར་བས་མེ་གོང་རྣམས་གཅིག་ལ་གཅིག་འཐབས་ཏེ། མེ་སྟག་དམར་སྐྱས་ལུས་ཀྱི་ནང་ཐམས་ཅད་དམར་ཆིལ་བ་དང་ཚ་འུར་གྱི་གང་བར་བསམ། གཉིས་པ་དངོས་གཞི་གཏུམ་མོ་ཟས་སུ་ཟ་བ་ནི། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་ན་མར་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་མས་སྣ་ལྟེ་འོག་སོར་བཞིར་ཟུག་པ། ཡས་སྣ་ཚང་བུག་ཏུ་ཟུག་པ། མཚན་ཉིད་བཞི་ལྡན་ཏེ། དྲང་བ། སྲབ་པ། དྭངས་པ། དམར་བ་སྟེ་མཚན་ཉིད་བཞིའོ། །དེ་ཡང་ཁོང་སྟོང་དུ་གནས་


PS010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་མོ། །དེ་གཉིས་དབུ་མ་ལས་བུན་འགྲོས་ཀྱི་ཕྲ་བ། མས་སྣ་གཉིས་དབུ་མའི་ནང་དུ་ཅུང་ཟད་ཆུད་ཅིང་ཡས་སྣ་གཉིས་ཚངས་བུག་གི་འོག་ཐད་དུ་དབུ་མ་ལ་བཀབ་པའི་ཚུལ་གྱིས་མདུན་དུ་གུག་ནས་ཅུང་ཟད་གྱེས་པ་སྣ་བུག་གཉིས་སུ་ཟུག་པ་དབུ་མའི་ནང་གི་ཡས་སྣར་ཧཾ་དཀར་པོ་མགོ་བོ་མཐུར་བསྟན། མས་སྣར་རཾ་དམར་པོ་མགོ་གྱེན་བསྟན། གཤང་སྒོར་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོ་སྐྱ་རབ་ཏུ་གཡོ་བ་རྣམས་བསམ། རླུང་རོ་དགུ་ཕྲུགས་སུ་བུས། དལ་བུས་ནང་དུ་རྔུབས་པ་ལ་ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ལ་ཁ་སྦྱོར་བཟུང་བས་ལྟེ་བའི་རཾ་ལས་མེ་ཕྲ་ཞིང་རྣོ་བ་རིམ་གྱིས་འབར་བ་སྤྱི་བོའི་


PS010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ལ་ཕོག་པས་ཐིག་ལེ་དཀར་པོའི་རྒྱུན་བབས། ལྟེ་བར་འབར་འཛག་སྐྲ་ཤད་འཛིངས་པ་ལྟ་བུ་ལ་སེམས་གཏད། གསུམ་པ་རྗེས་སྲིད་པའི་དབང་ཞུ་བ་ནི། བླ་མ་རྡོ་རྗེ་འཆང་བསྐྱེད་པའི་བར་གོང་བཞིན། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དཔག་ཏུ་མེད་པ་ཡིད་ཀྱིས་སྦྲུལ་ལ་ཕུལ་བར་བསམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་


PS010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནས་ཞུགས་སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་། བླ་མ་ཡང་འོད་དུ་ཞུ་རང་ལ་ཐིམ། ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་དག །དབང་བཞི་པ་ཐོབ་པར་བསམ་ལ་ཅུང་ཟད་མཉམ་པར་བཞག་གོ ། ཐིག་ལེ་འབར་འཛག་དགའ་བཞིའི་འགྲོས། །བདེ་སྟོང་ཡེ་ཤེས་རྨད་བྱུང་ཆེ། །བསོད་ནམས་ཡེ་ཤེས་དབྱེར་མེད་པས། །སངས་རྒྱས་ལག་རྩེར་སྐད་ཅིག་ལའོ།། ༈ གཉིས་པ་སྒྱུ་ལུས་ནི། །པདྨ་ཉི་མའི་གདན་གྱི་སྟེང་དུ། རང་


PS010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་ཞིང་། རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོ་དང་། གཡས་བརྐྱང་བས་དུས་མཚན་མ་དམར་མོ་མནན་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། རང་གི་སྤྱི་བོར་སེངྒེ་ཆེན་པོ་བརྒྱད་ཀྱི་བཏེགས་པའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་ལ་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ། དེའི་ཐུགས་


PS010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ལ་བསྟིམ། དེ་ནས་རིགས་དྲུག་སེམས་ཅན་རྣམས་ཡིད་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱི་སྒྲ་འུར་དིར་བར་བྱེད་པར་བསམ་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་པར་མཛད་དུ་གསོལ། །འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ། མྱུར་བ་ཉིད་


PS010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དུ། འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་གི་ལྟེ་བའི་ཐད་ཀྱི་ལུས་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ། རྩ་བ་ཕྲ་བ་གསང་གནས་སུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། ཟུར་གཅིག་ལྟེ་བ་དང་། ཟུར་གཉིས་མཁལ་ཁུངས་གཉིས་ཀྱི་ཐད་དུ་ཟུག་པ། དེ་ལ་སེམས་ཅུང་ཟད་གཏད་པས་ཆོས་འབྱུང་གི་ནང་དུ་འགྲོ་དྲུག་སེམས་ཅན་དཔག་ཏུ་མེད་པར་བྱུང་བར་བསམ། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། བདེན་མེད་སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ཡིན། བདེན་མེད་ལ་བདེན་པར་བཟུང་ནས་འཁོར་བར་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་འཁོར་བ་ལས་ཐར་བར་བླ་མ་མཁྱེན་སྙམ་


PS010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། རིམ་གྱིས་དེ་རྣམས་ཡས་ནས་ཆོས་འབྱུང་སྟོང་སང་ངེ་བ་དང་། དེ་ཡང་ཡལ་བ་དང་། ཅི་ཡང་མི་བསམ་པར་མཉམ་པར་བཞག །སྣང་སྟོང་སྒྱུ་མའི་རྩིས་ཟིན་པས། །གང་ཤར་ཐམས་ཅད་ལྷ་སྐུ་ཡིན། །སྒྱུ་མར་ཤེས་ན་སངས་རྒྱས་དང་། །དམྱལ་བ་ལ་ཡང་ཁྱད་ཅི་ཡོད།། ༈ གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ་དྲུག་སྟེ། །རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་གཏན་ལ་དབབ་པའོ། །དང་པོ་བཟུང་བ་ནི། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་ཡན་ཆད་སྒྱུ་ལུས་ཀྱི་སྐབས་བཞིན་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་བདག་འཛིན་བློས་


PS010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །རྨི་ལམ་ཟིན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་ཁ་དོག་དཀར་པོ་སྦོམ་ན་ལག་ངར་ཙམ། ཕྲ་ན་སྦ་སྙུག་ཙམ། མས་སྣ་གསང་གནས་སུ་ཟུག་ཅིང་། ཡས་སྣ་ཚངས་བུག་ཏུ་ཟུག་པ། །ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ། དེའི་ཡས་སྣའི་ནང་དུ་ཧཾ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། མས་སྣའི་ནང་དུ་ཧཱུཾ་དམར་པོ་མགོ་བོ་གྱེན་དུ་བལྟ་བ་བསམ། སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཅིག་ཆད་སྙིང་གར་བབས། གཏི་མུག་དག །མས་སྣའི་ཧཱུྃ་ལས་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཆད། སྙིང་གར་སླེབ། འདོད་ཆགས་དག །


PS010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་སྙིང་གར་འཛོམ་པས་ཞེ་སྡང་རང་དག་ལ་སོང་བར་བསམ། རྨི་ལམ་འདུན་པ་དྲག་པོའི་ངང་ནས་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་ཐིག་ལེ་གཉིས་འབྲོས་འདོད་ཀྱི་ཚུལ་དུ་གཡས་བསྐོར་དུ་འཁོར་ཞིང་། ཇེ་ཞིག་ན་རེག་ཙམ་རེག་ཙམ་དང་། དེ་ནས་རེག་པས་ལུས་སེམས་བདེ་ཆིལ་ཆིལ་བ་དང་། མཐར་ཐིག་ལེ་གཉིས་གཅིག་ལ་གཅིག་ཐིམ་ནས་གཏད་མེད་དུ་ཡལ་བ་ལ་དམིགས་མེད་དུ་བཞག །འདི་རྨི་ལམ་རང་ཡིན་སྙམ་འདུན་པ་དྲག་པོ་བྱའོ། །ཐིག་ལེ་འཁོར་བ་བུམ་དབང་། རེག་པ་གསང་དབང་། ལུས་སེམས་བདེ་ཆིལ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། མཐར་ཡལ་བ་དབང་བཞི་པའི་གནད་དང་འབྲེལ་བ་ཡིན། །གཉིས་པ་རྨི་ལམ་སྦྱང་བ་ནི།


PS010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་སྐབས་ཟིན་པ་ཞེས་པའི་ཚབ་ཏུ་འབྱོངས་པར་མཛད་དུ་གསོལ་ཟེར་དགོས་གཞན་འདྲའོ། །རྨི་ལམ་གྱི་འདུན་པ་དྲག་པོས་གདོང་དུ་དངོས་པོ་ཅི་ཡོད་ལ་ཕར་ཐལ་ཚུར་ཐལ་དུ་འགྲོ་བ་དང་། གཞན་ཡང་ནམ་མཁའ་ལ་འཕུར་བ་དང་། ས་འོག་ལ་འཛུལ་བ་སོགས་ཅི་དྲན་དྲན་གྱིས་སྦྱོང་། འཇིགས་པ་དང་། སྐྱུག་བྲོ་བ་དང་། ངོ་ཚ་བ་དང་། ཡ་ང་བ་ཐམས་ཅད་ལ་ཐོག་རྫིས་ཀྱི་དམིགས་པ་བྱ། སྤེལ་བ་སོགས་ལྷག་མ་ཆོས་ཚན་བཞི་པོ་རེ་ཞིག་བཞག་གོ ། ཐབས་ཀྱི་གསང་བའི་འཁྲུལ་ཆེན་པོ། །འདུན་པས་སྐད་ཅིག་ཉིད་ལ་ཡང་། །ཆོ་འཕྲུལ་དཔག་མེད་ཨ་འཐས་བྲལ། །འཁོར་བའི་རྒྱ་མདུད་ཡུད་ཀྱིས་གྲོལ།། ༈ བཞི་པ་འོད་གསལ་གཏི་མུག་རང་སངས་ལ། །འོད་གསལ་བཟུང་


PS010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོར་གདན་བཞི་རྫོགས་ཀྱི་སྟེང་དུ། བླ་མ་རྡོ་རྗེ་འཆང་རུས་རྒྱན་སྟག་ལྤགས་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན༴ །དགོས་མེད༴ འོད་གསལ་ཟིན་པར་མཛད་དུ་གསོལ། །ཞེས་གསོལ་བ་འདེབས། ལྷག་མ་སྔོན་འགྲོ་སྒྱུ་ལུས་དང་འདྲ། རང་ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་པོ་དེའི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བཞི་པ། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་མཚོན་གང་པ། ཐུགས་ཀར་ཐིག་ལེ་སྲན་མ་ཙམ་དངུལ་ཆུའི་མདོག་ལྟ་བུ་འོད་འཕྲོ་བ།


PS010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གི་འོད་ཀྱིས་བླ་མ་གསལ་བར་བྱས། བླ་མའི་འོད་ཀྱིས་རང་ལུས་ཐམས་ཅད་གསལ་བར་བྱས་ཤིང་། ཧཱུྃ་ལ་སེམས་གཏད་ལ་མཉམ་པར་བཞག་གོ། གཏི་མུག་ན་བུན་ཚོགས་དེ་རྣམས། །འོད་གསལ་ནམ་མཁའི་དབྱིངས་སུ་ཞི། །ཁམས་གསུམ་ཁྱབ་པའི་ཉི་འོད་འདིས། །སྨྲ་རྒྱུ་མེད་པའི་དོན་ཅིག་མཐོང་།། ༈ ལྔ་པ་འཕོ་བ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོར་བླ་མ་སྒོམ་པའི་བར་སྒྱུ་ལུས་ཀྱི་སྐབས་བཞིན། གསོལ་འདེབས་ནི། བར་དོར་སངས་རྒྱ་བར་མཛད་དུ་གསོལ། ཞེས་འདོན་པ་སྤོས་ལ་གཞན་གོང་ལྟར་གསོལ་བ་བཏབ། ལུས་ཀྱི་ནང་དུ་རྩ་དབུ་མ་དཀར་ཞིང་དྭངས་པ་སྦོམ་ཕྲ་སྦ་ལྕག་ཙམ། མས་སྣ་གསང་གནས་སུ་ཟུག་ཅིང་ཁ་ཟླུམ་པ། ཡས་སྣ་སྤྱི་བོའི་ཚངས་བུག་རྒྱ་


PS010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཁ་ཕྱེ་བ་ལྟར་སྐྱ་ཐལ་ལེ་ཡོད་པ་ལ་ཟུག་ཅིང་འབྲེལ་བ། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་ཆོས་འབྱུང་དཀར་པོ་ཤིན་ཏུ་གསལ་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་གྱེན་དུ་བསྟན་པ་ཟུར་གཅིག །ལྟེ་བ་དང་། གཉིས་གཡས་གཡོན་དུ་བསྟན། དེའི་དབུས་སུ་ཨ་དཀར་པོ་འདར་ཞིང་གཡོ་བ་འཕིར་ལ་ཁད་པ་གཅིག་བསམ། རླུང་རོ་ལན་གསུམ་འབུད། དེ་ནས་ནང་དུ་རྔུབས། དེ་ནས་ལྟེ་འོག་ཏུ་ཅུང་ཟད་མནན། འོག་རླུང་དྲག་ཏུ་འཐེན། རང་གི་ལྟེ་བ་སྒལ་ཚིགས་ལ་ལན་གསུམ་གདབ་པས། རླུང་གི་ཤུགས་དག་གིས་ཨ་དེ་མདའ་འཕངས་པ་བཞིན་དུ་དབུ་མའི་ནང་ཚངས་བུག་ནས་སྐྱ་རྒྱང་ཐོན། ནམ་མཁའ་ལ་ཡལ་གྱི་སོང་བར་བསམ། དེ་ལྟར་ཡང་བདུན་ཙམ་བྱ།


PS010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ཨ་དེ་ནམ་མཁའ་ནས་སྐྱ་ལམ་དེ་སྤྱི་བོར་བབས། ཚངས་བུག་ནས་ཞུགས། དབུ་མའི་ནང་གི་ཆོས་འབྱུང་དུ་སླེབ། ལུས་བདེ་ཆིལ་བྱུང་ཞིང་། ཨ་དེ་བརྗིད་དང་ལྡན་པར་གྱུར། དེ་འཕོ་བའི་དམིགས་ཐུན་ཅིག་ཡིན། དེ་ཉིད་ཡང་ཡང་བསྒོམ། ཐུན་འཇོག་ན་ཚངས་བུག་ཁ་ཟུམ་པར་བསམ། བཙན་ཐབས་འཕོ་བའི་གདམས་ངག་འདིས། །མཚམས་མེད་བྱས་པའང་གྲོལ་བར་འགྱུར། །དབྱིངས་སུ་འཕོ་བ་འདི་ཡིས་ཆོག།འགྲོ་བ་དྲུག་ཏུ་འཁོར་བས་ཅི།། ༈ དྲུག་པ་བར་དོ་ནི། གསོལ་འདེབས་ཀྱི་ཤམ་བུར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་འདོན། རང་གི་མདུན་དུ་ཆོས་འབྱུང་སྔོན་པོ། ཆོས་འབྱུང་དེའི་དབུས་སུ་རང་ཉིད་ཕྱིན་པས་ཡི་གེ་ཧཱུྃ་སྔོན་


PS010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྱུར། དེ་ལས་འོད་ཟེར་འཕྲོས། ཆོས་འབྱུང་ལ་ཕོག་པས། རིགས་དྲུག་ཏུ་སྔར་སྐྱེས་པ་དང་། ད་ལྟ་སྐྱེས་པའི་ལན་ཆགས་སྦྱངས། མ་འོངས་པའི་སྐྱེ་སྒོ་བཀག །ཧཱུྃ་ཡོངས་སུ་གྱུར་པ་ལས་རང་ཉིད་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་བླ་མ་བསྒོམ། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་འཁོར་ལོ་བདེ་མཆོག་ཏུ་བསྒོམ། སྒྲ་གྲགས་པ་ཐམས་ཅད་ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ལ་སོགས་པ་ཡི་དམ་གྱི་སྔགས་སུ་བསྒོམ། དྲན་རིག་གི་ཡུལ་ཡིད་ལ་ཤར་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་བདེན་པར་གྲུབ་པ་ཅིག་ཀྱང་མེད་པར་ཐག་བཅད་ནས། ཆོས་འབྱུང་གི་གཡས་ཟུར་དུ་ཕོ་ཐམས་


PS010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཁོར་ལོ་སྡོམ་པར་བསྒོམ། མོ་ཐམས་ཅད་ཆོས་འབྱུང་གི་གཡོན་ཟུར་དུ་རྡོ་རྗེ་རྣལ་འབྱོར་མར་བསྒོམ། དེ་ཐམས་ཅད་བར་དོར་ཤེས་པ་གལ་ཆེའོ། །བར་དོར་འདུན་པས་འཛིན་པ་ནི། །ལས་དང་པོ་པ་ལ་ངོ་མཚར་ཆེ། །དག་པ་རབ་འབྱམས་ཁོ་ན་ལ། །སྲིད་པའི་ལས་སྣང་ཡོད་མ་ཡིན། །གཏུམ་མོའི་དམིགས་པ་སྒོམ་པ་ན། །སྐྱབས་འགྲོ་སེམས་བསྐྱེད་སྟོང་ར་རྣམས་སྔོན་དུ་འགྲོ་བར་བྱས་ཏེ་བསྒོམ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ་རྣམས་ལ་སྟོང་རའི་རྗེས་སུ་འཆི་བ་མི་རྟག་པའི་སྐྱོ་ཤས་གདུང་པ་རེ་བསྒོམ་པ་ཡང་གལ་ཆེ་ཞིང་། དེ་མཚམས་དངོས་གཞི་སོ་སོ་ལ་འཇུག །བར་དོ་ལ་དེའི་ཚབ་ཏུ། བར་དོ་དངོས་ཡིན་པར་འདུག་ཅི་རང་དྲག །ད་ནི་མ་འཁྲུལ་པ་ཞིག་བྱེད་དགོས། བར་དོ་རྒྱལ་བ་


PS010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་གདམས་ངག་བླ་མས་གནང་བ་དེ་སྒོམ་དགོས་སྙམས་པས་དངོས་གཞི་ལ་འཇུག །སྤྱི་བབས་ཆོས་དྲུག་ཀར་ཉམས་ལེན་མ་ལྕོགས་ན། རང་གང་མོས་པ་རེ་བསྒོམ་པས་ཆོག །དཔེར་ན་གཏུམ་མོ་ཁོ་ན་ལ་མོས་ན་སྐྱབས་སེམས་སྟོང་ར་སྔོན་དུ་འགྲོ་བས། ལུས་གནད་མེའི་སྟོང་ར་རླུང་ཐེངས་གསུམ་བཞི་ཙམ་བསྒོམ། གཏུམ་མོ་ཟས་སུ་ཟ་བ་ཅི་ནུས་ནུས་བསྒོམས་ནས། ཐུན་འཇོག་ཁར་སྲིད་པའི་དབང་ཞུ་བ་ཚར་གཅིག་བྱེད་པ་ཡིན། དེ་ཉིད་ཐུན་བཞི་ལ་སོགས་པར་བྱའོ། །གཞན་རྣམས་ལའང་རིགས་འགྲེའོ། །ཆོས་གཉིས་གཉིས་གསུམ་གསུམ་ཙམ་བསྒོམས་ནས་ཡང་དེ་ཡིས་རིགས་འགྲེའོ། །ཡོངས་རྫོགས་སུ་སྒོམ་པ་ནི། སྔ་དྲོ་གཏུམ་


PS010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཉིན་གུང་སྒྱུ་ལུས། དགོང་མོ་རྨི་ལམ། མཚན་མོ་འོད་གསལ་རྣམས་བསྒོམས། འཕོ་བ་བར་དོ་སྐབས་སུ་གང་བབ་གཅིག་ཏུ་བསྒོམ་པར་བྱའོ། །འདིར་སྨྲས་པ། ཤིན་ཏུ་ཟབ་པའི་ལམ་གྱི་མཆོག།ཀུན་ལས་མཆོག་འགྱུར་དགའ་བའི་ཏོག།སྙིང་པོ་མདོ་ཙམ་སྦྱར་བ་འདིས། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །ནེ་གུ་ཆོས་དྲུག་གི་སྙིང་པོ་དོན་མཐིལ་དུ་བསྟན་པའི་འཁྲིད་ཚུལ་འདི་ནི། རིགས་རུས་ཕུན་སུམ་ཚོགས་པའི་ས་གཞིར། དད་སོགས་དགེ་བའི་སྡོང་པོ་རྒྱབ་པའི་སྐལ་བཟང་ཅན། །ངག་དབང་བློ་ལྡན་བཟང་མོའི་གསུང་གིས་བསྐུལ་ནས། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྟག་ལུང་དུ་སྦྱར་བའོ། །མང་ག་ལམ། །

ནི་གུ་ཆོས་དྲུག་གདན་ཐོག་གཅིག་མ་མཁས་གྲུབ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ངག་དབང་ཆོས་གྲགས།


PS010_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གདན་ཐོག་གཅིག་མ་མཁས་གྲུབ་ངག་དབང་ཆོས་གྲགས་ཀྱིས་མཛད་པ་བཞུགས་སོ། །


PS010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཀྐིའི་སྡེ་དཔོན་འཆི་མེད་རིག་འཛིན་བརྙེས། །ས་སྟེངས་འགྲོ་འདིར་མཁའ་འགྲོ་ནི་གུར་གྲགས། །ཁྱབ་བདག་རྒྱལ་དབང་མཆོག་དང་མི་གཉིས་པའི། །རྣལ་འབྱོར་དབང་མོ་གང་དེས་བདག་ལ་སྐྱོངས། །འགྲན་བྲལ་གྲུབ་མཆོག་ཐང་སྟོང་རྒྱལ་པོ་དང་། །ཐུགས་སྲས་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་དཔལ། །འཇིག་རྟེན་མིག་གྱུར་འགྱུར་མེད་


PS010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ལ། །བྱང་ཆུབ་བར་དུ་འདུད་དོ་ཐུགས་རྗེས་སྐྱོངས། །རྣམ་འདྲེན་མཆོག་གི་གསུང་གི་བདུད་རྩིའི་རྒྱུན། །རང་གི་ཡིད་ལ་ཡུན་རིང་བསྒོམས་པའི་དོན། །རྒྱུན་གྱི་ཉམས་ལེན་སྙིང་པོར་གདན་དྲིལ་ཏེ། །སྐལ་ལྡན་སློབ་མའི་དོན་དུ་འདིར་འགོད་བྱ། །མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། སྣ་ཚོགས་པདྨ་ཟླ་བ་


PS010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དག་བྱེད་ཨའི་སྟོང་ར་དང་འབྲེལ་བ་སྐབས་འདིར་དཀར་པོ་ཐབས་ལམ་མན་ཕལ་ཆེར་སྔོན་པོ་བྱ། བྱིན་རླབས་ཀྱི་གཟི་འོད་འབར་བ་ལ་ནི་གུ་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་ཀྱི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བསམ་ནས། བདག་དང་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསམས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པ་ཉེར་གཅིག་གམ་བརྒྱ་རྩ་ལ་སོགས་པ་ཇི་ལྟར་རིགས་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཞེས་སོགས་ཚད་མེད་བསྒོམ།


PS010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ་ཞེས་པ་ཚར་ཅི་མང་དང་། སྤྲོ་ན། སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ་ཞེས་པ་ནས། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ་ཞེས་པའི་བར་དཀྱུས་མ་བཞིན་དང་། རེས་འགའ་གདངས་དང་བཅས་བརྒྱུད་འདེབས་ཀྱང་བྱ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་འདག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ཚར་གཅིག་གམ་གསུམ་གང་རུང་དུ་ངེས་པར་བྱ། །ཡང་བླ་མ་རིན་པོ་ཆེ་བདག་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་


PS010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་ཐོབ་སྐུའི་བྱིན་རླབས་ཞུགས། མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུཾ་ལས་གསང་དབང་དང་ཤེར་དབང་སྔར་བཞིན། བླ་མ་བརྒྱུད་པ་དང་བཅས་པ་དང་། སངས་རྒྱས་བྱང་སེམས་རྣམས་འོད་དུ་ཞུ་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ། སྐུ་བཞིའི་རྟོགས་པ་མངོན་དུ་བྱས་པ་ཡིན་སྙམ་དུ་བསམས། དེ་ནས་རང་གི་ཐོད་པ་དུང་ཁང་གི་ནང་དུ་ཀླད་པ་རྣམས་ཡེ་མི་དམིགས་པར་ཆོས་འབྱུང་གི་རྣམ་པ་ཅན། རྩ་བ་ཕྲ་བ་མགྲིན་པར་ཟུག་པ། ཟུར་གཅིག་སྨིན་མཚམས་དང་། ཟུར་གཉིས་རྣ་ལྟ་གཡས་གཡོན་གྱི་གོང་ཙམ་དུ་བསྟན་པ་


PS010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དཀར་ལ་ནང་དམར་བ་སྟོང་སེང་ངེ་བ་དེའི་ནང་དུ་རང་སེམས་ཀྱི་ངོ་བོ་ཨ་དཀར་པོ་ཨའི་སྒྲ་སྒྲོག་བཞིན་པ་ཅིག་བསམ། ཨ་ཨ་ཞེས་བརྗོད་པས། ཨ་ལས་བདུད་རྩིའི་རྒྱུན་དཀར་ལ་དྭངས་པ་བྱུང་། ཆོས་འབྱུང་གི་ནང་ཁེངས་པས་ཁ་ནས་ལུད། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས་པས་ལུས་ཀྱི་བཤང་གཅིའི་ལམ་དང་། བ་སྤུའི་བུ་ག་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་བུན་བུན་ཐོན་འགྲོ་བར་བསམས་ལ་ཨ་བརྒྱ་སྟོང་ལ་སོགས་པ་བཟླ། མཐར་ཨ་ཉིད་ཀྱང་བདུད་རྩིར་ཞུ་སྟེ་ལུས་ཀྱི་ནང་ཐམས་ཅད་གང་བར་བསམ། རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ། །བདག་ལ་བདེ་སྟོང་གི་ཡེ་ཤེས་སྐྱེ་


PS010_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། སྤྲོ་ན་དབང་བཞི་བླང་། དེ་མིན་རང་ལ་བསྟིམས། དེ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་ཆ་ལྔ་དང་ལྡན་པར་གསལ་བའི་ལུས་གནད་ཙོག་པུ་ལ་མེ་ཐབས་དྲུག་ཆིངས་ཀྱི་ཕྱག་རྒྱ་བྱས་ལ། ལུས་ཀྱི་ནང་ཐམས་ཅད་རྫ་གསར་མེས་བསྲེགས་པ་ལྟ་བུ་ཁོང་སྟོང་དེའི་ལྟེ་བ་ནས་བཟུང་། རྩ་དབུ་མ་ཁ་དོག་དམར་གསལ་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ། གཡས་ན་ཡར་རོ་མ་དམར་མོ། གཡོན་ན་མར་རྐྱང་མ་དཀར་མོ་གཉིས་ཀྱང་གྲོ་སོག་འབྲིང་པོ་ཙམ། རྩ་གསུམ་གྱི་ཡས་སྣེ་སྤྱི་གཙུག་ཏུ་ཟུག་པའི་ཡས་སྣེར་ཧཾ་དཀར་པོ་མགོ་ཐུར་བསྟན་ཁམས་དྭངས་མས་གང་


PS010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བ། དབུ་མའི་མས་སྣེར་ཉི་མའི་ངལ་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་རཾ་ལས་མེ་གླ་བའི་རིལ་མ་ཙམ་རིལ་བ་ཅིག་བསྒོམ། སུམ་མདོའི་མེ་དང་། བཤང་སྒོར་རླུང་གི་དལ་གཞུའི་དབྱིབས་ཅན་ཡང་གསལ་བཏབ་ནས་རླུང་རོ་རྣམས་ཕྱིར་སང་བ་ཅིག་བུས་ལ། འོག་སྒོ་ཕྱེ་ནས་གྱེན་དུ་བསྐྱོད་ཙམ་བྱས་པས་སུམ་མདོའི་མེ་སྦར་ཏེ། དབུ་མའི་མས་སྣེའི་ཉི་མ་དང་མེ་གླ་བའི་རིལ་མ་ཙམ་ལ་ཐུག་པས་མེ་དེ་ལས་མེ་ལྕེ་ཕྲ་མོ་ཅིག་དབུ་མའི་ནང་ནས་ཡར་སོང་། རྩེ་མོ་སྙིང་གར་སླེབས་པས་དེའི་དྲོད་ཀྱིས་སྤྱི་གཙུག་གི་ཧཾ་ལས་བདུད་རྩིའི་རྒྱུན་ཐིག་ལེ་བྱུང་སྟེ། དབུ་མའི་ནང་བརྒྱུད་སྙིང་གི་མེ་ལྕེའི་རྩེ་མོར་སོར་སྒྲ་དང་བཅས་ཏེ་བབས་པར་བསམས། རླུང་བུམ་པ་ཅན་བཟུང་། མི་ཐུབ་ན་དལ་བུས་


PS010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། གཏུམ་མོའི་དམིགས་པ་རྒྱུན་དུ་འདི་ཙམ་གྱིས་ཆོག་ལ། དགུན་གྲང་བའི་དུས་སུ་ལུས་གནད་སྔར་བཞིན་ལ། རྗེ་བཙུན་མར་གསལ་བའི་སྐུ་ལུས་ཀྱི་ནང་ཁོག་སྟོང་རྫ་གསར་པ་མེས་བསྲེག་པ་ལྟར། ཁོག་དམར་ལ་རེག་བྱ་ཚ་བ་སྟོང་སེང་ངེ་བ་དེའི་ལྟེ་བ་དང་། ལྟེ་བའི་གཡས་གཡོན་མཁལ་ཁུང་གཉིས་དང་། ལྟེ་བའི་རྒྱབ་ཀྱི་ཐད་ཀྱི་སྒལ་ཚིགས་དང་བཞིར་མེ་དམར་རིལ་བ་ཆེ་ཆུང་བྱའི་སྒོང་ང་ཙམ་དྲོད་ཀྱི་རང་བཞིན་འབར་ལ་ཁད་པ་རེ་བསྒོམ་ལ་རླུང་བུམ་ཅན་བཟུང་། རླུང་མ་བཏང་གི་བར་ལ་དམིགས་པ་རྩེ་གཅིག་ཏུ་གཏད། ཡང་སྤྱི་བོ་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་འཆང་བྱིན་རླབས་ཀྱི་གཟི་འོད་འབར་བ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་


PS010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མ་རང་ལ་བསྟིམ་པས་རང་ཉིད་བདེ་མཆོག་ལྷན་སྐྱེས་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རལ་པའི་ཐོར་ཅོག་དང་། རུས་པའི་རྒྱན་ཆ་དྲུག་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ་སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གྱུར། དེ་ལ་སེམས་ཅུང་ཟད་གཏད་ལ། སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་ལྡན་པ་འདི་རང་གི་བློས་བཀོད་པ་མ་གཏོགས། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་ཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ཡིན་སྙམ་དུ་བསམ། དེ་བཞིན་


PS010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱི་རོལ་གྱི་དགྲ་སྡང་བ། གཉེན་བྱམས་པ། རང་ཕྱོགས་གཞན་ཕྱོགས། རི་རྡོ་ཁང་པ། རྩི་ཤིང་ནགས་ཚལ་ལ་སོགས་པ་འདི་རྣམས་རང་གི་བློས་བཀོད་པ་མ་གཏོགས་ཕྱི་རོལ་དུ་དོན་ལོག་སུ་གྲུབ་པ་ཅིག་ཀྱང་མེད། སྣང་ནི་སྣང་བདེན་ནི་མི་བདེན། རྨི་ལམ་སྒྱུ་མ་ཡིན་སྙམ་དུ་བསམ། ཡང་རང་གི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་གསང་གནས་སུ་ཟུག་པ། གདེངས་ཁ་ཆེ་བ་གྱེན་ལ་བསྟན་པ། རྒྱ་ཁྱོན་དང་ལྡན་པ་ཞིག་བསྒོམ། དེའི་ནང་དུ་འོག་ཏུ་དམྱལ་བ་ནས་བཟུང་རིགས་དྲུག་གི་སེམས་ཅན་ཐམས་ཅད་མས་རིམ་བཞིན་དུ་གནས་པ་རང་རང་གི་བདེ་སྡུག་གི་སྣང་བ་སྣ་ཚོགས་ལ་ལོངས་སྤྱོད་པའི་རྫི་བིར་བིར་བ་ཅིག་བསམ་ལ། ཨ་འདི་ཐམས་ཅད་སྣང་ནི་སྣང་བདེན་ནི་མི་


PS010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བདེན། རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ། སྒྱུ་མའི་དམིགས་པ་རྒྱུན་དུ་འདི་ཙམ་གྱིས་ཆོག །སྐབས་སུ་རང་ལ་གནོད་པའི་གདོན་རྣམས་བཀུག་ལ། འོག་རླུང་ཐེན་ཙམ་བྱས་པས། རླུང་དང་བསྡོངས་ནས་ཆོས་འབྱུང་གི་ནང་དུ་བཅུག་ནས་སྒྱུ་མར་བསྒོམས་པས། གནོད་བྱེད་དེའི་གདུག་རྩུབ་དང་དེའི་སྡིག་སྒྲིབ་ཞི་ནས་བདེན་མེད་ཆམ་སོང་བར་བསམ། བསྡོངས་ནས་ཕྱིར་བཏོན་ལ་གཏོར་མའམ་ཆངས་བུ་ཅིག་བྱིན་ལ་བུ་ལོན་ཁྱེར་ལན་ཆགས་བྱང་བར་གྱུར་ཅིག།ཅེས་སྨོན་ལམ་བཏབ་ལ་ཕྱིའི་རྒྱ་མཚོའི་མཐར་སོང་བར་བསམ། ཡང་འདི་ལྟར་བསམ་སྟེ། སྔར་སྐྱེས་ཟིན་པའི་སེམས་ཅན་མ་ཤི་བ་ཅིག་ཀྱང་མེད། མ་འོངས་པ་ན་སྐྱེས་པ་ཐམས་ཅད་འཆི་བར་འགྱུར། ད་ལྟ་སྐྱེས་ནས་ས་སྟེང་ན་གནས་པ་ཐམས་ཅད་ཀྱང་ངེས་པར་འཆི་བས་བདག་ཀྱང་མྱུར་དུ་འཆི། གང་གིས་ཀྱང་དགོས་པ་མེད་ཅི་བྱེད་སྙམ་པ་དང་། རང་ལས་རྒན་པ་དང་།


PS010_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་པ་ན་ཟླ་ཁྱིམ་མཚེས། རྒྱལ་ཁམས་ཀྱི་མི་ཐམས་ཅད་ཤི་ནས་མེད་པར་འགྲོ་བ་ཡིན། ཚེ་འདིའི་བྱ་བ་ཅི་བྱེད་དོན་མི་འདུག །ཆོས་རྣམ་དག་ཅིག་བྱའོ་སྙམ་པ་སྙིང་གི་དཀྱིལ་དུ་བསྒོམས་ལ། རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་འོད་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཡས་པདྨ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ་བྱིན་རླབ་ཀྱི་གཟི་འོད་འབར་བ་ཅིག་བསྒོམས་ལ་ཁྱེད་ཤེས་ཁྱེད་མཁྱེན་སྙམ་པ་དང་། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །རྨི་ལམ་ཟིན་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་བླ་མ་རང་ལ་བསྟིམ། རང་བདེ་མཆོག་ལྷན་སྐྱེས་སྔར་བཞིན་དུ་གྱུར་པའི་


PS010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་ནས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཅིག་བྱུང་། དབུ་མའི་ནང་བརྒྱུད་སྙིང་གར་སླེབས། གསང་གནས་ནས་ཡར་ཐིག་ལེ་དམར་པོ་ཅིག་བྱུང་། སྙིང་གར་སླེབས་དེར་ཐིག་ལེ་གཉིས་པོ་གཡས་ཕྱོགས་སུ་ཁྲ་ཁོ་རོ་བ་འགྲོས་འདེད་ཀྱིས་འཁོར་བ་ལ་སེམས་གཏད། འདི་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པ་དང་། མཐར་དེ་གཉིས་གཅིག་ཏུ་འདྲེས་ཏེ་འཁོར་བས་ཇེ་ཕྲ་ཇེ་ཕྲ་ལ་རང་ཡལ་དུ་སོང་བར་བསམས་ལ་འཛིན་མེད་དུ་བཞག །ཉིན་མོ་ཡང་རྒྱུན་གྱི་ཆག་མེད་དུ་བསྒོམ། ཁྱད་པར་ཐོ་རངས་གཉིད་སད་མཚམས་ལ་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་། འདི་བསྒོམ་ལ་གཉིད་ཐུམ་ཆུང་ངུ་རེ་ལོག་ལ། ཡང་སད་པ་ན་སྔར་བཞིན་གཉིད་ཕྲན་བུ་བཀུག །དེ་ལྟར་ཡང་ཡང་


PS010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་རྨི་ལམ་ཟིན་ནོ། །དེ་ནས་རང་རང་གི་གནས་ཁང་དང་གྲོགས་པོ་ཀུན་ཀྱང་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པ་དང་། ང་གཉིད་དུ་སོང་རྨི་ལམ་གང་སྦྱངས་སྦྱངས་ཡིན་བསམ་པའི་ཡིད་ཀྱིས་རང་གི་ལུས་དེ་མཁར་གྱི་རྩེར་ཕྱིན་ལ་གཡང་ལ་ཆེད་དུ་བཏང་བ་ལ་བར་སྣང་ལ་ཡལ་སོང་བ་བསྒོམས། འདི་རྨི་ལམ་ཡིན་སྙམ་དུ་བསམ། ཡང་སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །ལུས་འདི་ཡིད་ཀྱི་ལུས་སུ་འདུག །རྨི་ལམ་དང་ཡིད་ལུས་ལ་གང་སྦྱངས་སྦྱངས་ཡིན་བདེན་པར་གྲུབ་པ་མེད་སྙམ་དུ་བསམ་ལ། གྱང་དང་རི་ལ་སོགས་པ་ལ་ལུས་འདི་ཕར་ཐལ་ཚུར་ཐལ་དུ་སྦྱངས། ཡང་སྣང་བ་འདི་རྨི་ལམ་དུ་འདུག །རྨི་ལམ་ཇི་ལྟར་སྤེལ་སྤེལ་དང་། གང་སྤྲུལ་སྤྲུལ་ཡིན་སྙམ་དུ་བསམས་ལ་


PS010_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གནས་ཁང་དེའམ། མདུན་དུ་སྣང་བའི་དངོས་པོ་གང་མཐོང་བ་དེ་གཅིག་ལས་བཅུ། བཅུ་ལས་བརྒྱ་ལ་སོགས་པ་སྤེལ་ལ་འདི་རྨི་ལམ་ཡིན་སྙམ་དུ་བསྒོམ། དེ་བཞིན་དུ་བྱི་བ་འདུལ་བ་ལ་རང་བྱི་ལ་དང་། བྱིའུ་ལ་ཁྲ་དང་། ཁྱི་ལ་སྤྱང་ཀི། སྤྱང་ཀི་ལ་སྟག །སྟག་ལ་སེང་གེ། མི་འདུལ་བ་ལ་སྲིན་པོ་ལ་སོགས་པར་བློས་སྤྲུལ་ཞིང་སྤེལ་ནས་དེད་པ་དང་། ཟ་བ་ལ་སོགས་པ་བྱེད་ཅིང་རྨི་ལམ་ཡིན་སྙམ་དུ་བསམ། དེ་བཞིན་དུ་ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་འདུལ་བ་ལ་རྟ་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་སྤྱན་རས་གཟིགས་སེང་གེ་སྒྲ། སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་ལ་རང་ཕྱག་ན་རྡོ་རྗེ་ལ་སོགས་པར་བློས་སྤྲུལ་ཞིང་། སྤེལ་ནས་ཕྱག་མཚན་གྱིས་ལུས་


PS010_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུར་གཏུབ་ཅིང་ཚར་བཅད་པས། ཁོའི་སྲོག་སྔགས་ཕུལ་བར་བསམ་ལ། འདུལ་བྱ་འདུལ་བྱེད་ཐམས་ཅད་སེམས་སྣང་རྨི་ལམ་གྱི་རོལ་རྩེད་དུ་འདུག་སྙམ་བསྒོམ། སྦྱང་སྤེལ་འདི་རྣམས་ནི་གདན་ཐོག་གཅིག་ཏུ་ཐུན་གྱི་ཉམས་ལེན་ལ་ཆག་མེད་དང་། འགྲོ་འཆག་བཟའ་བཏུང་ལ་སོགས་པའི་གནས་སྐབས་ཀུན་ཏུ་ཡང་དྲན་པའི་རྩིས་ཟིན་པར་བྱས་ལ་ཡང་ཡང་བསྒོམ། གཉིད་དུས་རྨི་ལམ་ཟིན་པ་ན་ལས་དང་པོ་པས་དེ་མ་ཐག་སྦྱོང་སྤེལ་གྱི་བརྩལ་རྩོལ་མི་བྱ་བར། ཨ་འདི་རྨི་ལམ་དུ་འདུག་ཆོས་ཐམས་ཅད་འདི་དང་འདྲ། རྨི་ལམ་གྱི་སྣང་བ་ལ་བདེན་པར་མ་གྲུབ་པས་བདེ་སྡུག་དང་ཆགས་སྣང་བྱེད་པ་རང་འཁྲུལ་པ་ཡིན་སྙམ་པ་དང་། དེའི་ངང་ནས་སད་འབྱམས་དང་འཁྲུལ་འབྱམས་སུ་


PS010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤོར་ན། རང་གང་ཉམས་ལེན་བྱེད་པའི་ཡི་དམ་གྱི་ལྷའི་སྐུ་ཅིག་ཏུ་གསལ་ལམ་གྱིས་བསྒོམས་ལ། ཞལ་ཕྱག་རྣམས་གསལ་ཨེ་ཐེབས་བལྟ། རྨི་ལམ་དུ་རང་ལྷར་བསྒོམ་ཐུབ་ན་བར་དོར་ལྷ་སྐུར་འཚང་རྒྱ་བའི་ས་བོན་ཐེབས་པ་ཡིན་པས་འདི་ཕན་ཡོན་ཆེ་བར་བཤད། རྨི་ལམ་རྒྱུན་དུ་ཡང་ཡང་ཟིན་ཅིང་ཅུང་ཟད་བརྟན་པར་གྱུར་ན་ཉིན་ནི་གུ་མས་སྒྱུ་མ་ལམ་རིམ་ལས། རྨི་ལམ་ཟིན་པ་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུ་གྱུར་ན། །བར་དོ་ཟིན་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། །མོ་སྒོམ་པའི་རྨི་ལམ་སྦྱོང་སྤེལ་ལ་སོགས་པ་རྨི་ལམ་ཟིན་པའི་དུས་དེར་ཡང་བྱ་ཞིང་། ཡུལ་སྣང་བལྟ་བ་ཡང་ཇི་ལྟར་འཚམ་པར་བྱའོ། །རྨི་ལམ་ཟིན་ནས་གཉིད་སད་པ་དང་སྔར་གྱི་རྨི་ལམ་གྱི་སྣང་བ་དང་སད་པའི་སྣང་བ་གཉིས་ཁྱད་པར་མི་


PS010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །གཉིས་ཀ་རང་གི་སེམས་སྣང་ཡིན་པར་ནི་མཚུངས། རྨི་ལམ་གྱི་སྣང་བ་ནི་རྒྱུད་གཉིད་ཀྱིས་བསླད་པའི་བག་ཆགས་འཁྲུལ་པ་ཡིན། སད་པའི་གནས་སྐབས་ཀྱི་སྣང་བ་ནི། རྒྱུ་ཐོག་མ་མེད་པ་ནས་བག་ཆགས་ཀྱིས་བསླད་པའི་སེམས་ཉིད་གཟུང་འཛིན་གྱི་འཁྲུལ་པ་ཡིན། འབྲས་བུ་ཡང་གཉིས་ཀས་ཆགས་སྡང་བདེ་སྡུག་སྐྱེད་པའི་དོན་བྱེད་ནུས་པར་མཚུངས་པས་ཁྱད་པར་ཅི་ཡང་མི་འདུག་སྙམ་དུ་ད་ལྟར་གྱི་སྣང་བ་ཐམས་ཅད་དང་བསྲེས་ནས་བཞག །ནི་གུ་མས། གཉིད་ལོག་སད་པར་གྱུར་པ་དེས། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམ། །ཞེས་གསུངས་སོ། །བཞི་པ་འོད་གསལ་ནི། སྔར་གྱི་སྦྱོང་སྤེལ་གྱིས་རྗེས་དེ་མ་ཐག་རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་


PS010_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ་རྗེ་འཆང་སྔར་བཞིན་བསྒོམས་ལ། སྐྱབས་གནས་བསྟིམ། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་བྱིན་རླབས་ཀྱི་བདག་ཉིད་ཅན་ཡིན་སྙམ་དུ་བསམ་ལ། བསྟོད་པ་དང་གསོལ་བཏབ་ཅི་ནུས་པ་དང་། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །འོད་གསལ་འབྱོངས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ལ་དབང་བཞི་བླང་བའམ་ཡང་ན་རང་ལ་བསྟིམ་པ་ཙམ་བྱ། རང་བདེ་མཆོག་ལྷན་སྐྱེས་སྔར་བཞིན་དུ་གསལ་བའི་གསང་གནས་ནས་བཟུང་། ཚངས་བུག་གི་བར་དུ་རྩ་དབུ་མ་ཁ་དོག་དམར་གསལ་སྦུབས་སྟོང་ཕྲུ་མ་ཕུས་བཏབ་པ་ལྟ་བུ་གསལ་བཏབ། ལྟེ་འོག་སོར་བཞིར་དབུ་མའི་


PS010_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རང་གི་སེམས་ཀྱི་ངོ་བོ་ཨ་དཀར་ལ་འཚེར་བ་གསལ་ལ་དྭངས་པ་འོད་ཀྱི་རང་བཞིན་ཅན་ཅིག་བསམ་ལ། ཨའི་རང་བཞིན་སྐྱེ་མེད་དུ་ཤེས་པར་བྱས་ལ། གསལ་སྟོང་འཛིན་མེད་དུ་མཉམ་པར་བཞག །ཡང་རང་གི་ཀླད་རྒྱ་དང་ཐོད་པའི་བར་དུ་བདག་མེད་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ཆུང་ངུ་ཞིག་ཐུགས་ཀར་ཨ་དཀར་པོ་དེ་ལས་འོད་འཕྲོས་ཀླད་པ་ཐམས་ཅད་མི་དམིགས་པར་གཙང་སིང་སྟེ་སྦྱངས། ཐོད་པ་དུང་ཁང་གི་གཞལ་ཡས་ཁང་འོད་ཀྱི་རང་བཞིན་ཁ་དོག་དཀར་པོ་སྐྱ་ལྡེམ་མེ་བ་ལ་སེམས་གཏད། ཡང་རང་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཆང་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ་དངུལ་ཆུ་དྭངས་མའི་མདོག་ཅན་ཐིག་ལེའི་ངོ་བོ་ཡིན་པ་ལ་བདེ་བའི་རང་བཞིན་ཅན། དེའི་ཐུགས་ཀར་ཧཱུྃ་དཀར་པོ་དེ་ལས་འོད་འཕྲོས་


PS010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པས་བླ་མའི་སྐུ་གསལ་སིང་ངེ་བྱས། བླ་མ་ལས་འོད་འཕྲོས་པས་རང་ཉིད་ཡི་དམ་གྱི་སྐུར་གནས་པ་གསལ་སིང་ངེ་བྱས་པར་བསམས་ལ་དམིགས་པ་གཏད། རྒྱུན་དུ་འོད་གསལ་གྱི་དམིགས་པ་གསུམ་ཆར་ཐུབ་ན་རབ་འབྲིང་ན་ཐོག་མཐའ་གཉིས་སམ། ཡང་ན་ཨ་ལ་སེམས་བཟུང་བའི་དམིགས་པ་དེས་ཆོག །འཕོ་བ་ནི་རང་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བླ་མ་རྡོ་རྗེ་འཆང་སྔར་བཞིན་བསྒོམས་ལ་ཁྱེད་ཤེས་ཁྱེད་མཁྱེན་སྙམ་པ་དང་། རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་མཆོད་པའི་སྤྲིན་ཚོགས་བསམ་གྱིས་མི་ཁྱབ་པར་བློས་སྤྲུལ་ནས་ཕུལ་བར་བསམ། བླ་མ་རིན་པོ་ཆེ་བདག་འཛིན་


PS010_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བློས་ཐོངས་པར༴ །དགོས་མེད་རྒྱུད་ལ༴ །ལམ་མཆོག་འཕོ་བ་འབྱོངས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། རང་གི་སྙིང་གི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་ཅིག་ཏུ་བསམ་ལ། ཡར་བླ་མ་ལ་མོས་གུས་བྱས་པས་སྤྱི་གཙུག་གི་བུ་ག་ཁ་ཕྱེ་བ་ལྟར་བསམ་ལ། རིགས་ཀྱི་བུ་ཡར་ལ་ཤོག་གསུང་པའི་སྣང་བ་བྱུང་བས་རང་སེམས་ཨ་དེ་དབུ་མའི་ནང་ན་ཡར་བྱ་འཕུར་བ་བཞིན་སོང་ནས་བླ་མའི་ཐུགས་ཀར་ཐིམ། བླ་མ་རང་སེམས་འདྲེས་པའི་ངང་ལ་འཛིན་མེད་དུ་བཞག །ནམ་ཞིག་ལས་ལ་སྦྱར་བ་ན་རང་སེམས་བླ་མའི་ཐུགས་ཀར་ཐིམ་མ་ཐག །བླ་མ་མཁའ་དབྱིངས་མཐོན་པོར་ཡུད་ཙམ་གྱིས་བྱོན་ནས་འོག་མིན་དུ་སླེབས་སོ་སྙམ་པ་དང་། རང་སེམས་བརྗོད་བྲལ་གྱི་ངང་དུ་འཇོག་པ་ཡིན་གསུང་། །ད་ལྟ་རྒྱུན་དུ་མི་དགོས། །


PS010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་རང་སེམས་ཨ་དེ་ཐུགས་ཀ་ནས་ཐོན་སྤྱི་གཙུག་ནས་མར་དབུ་མའི་ནང་བརྒྱུད། རང་གི་སྙིང་གར་སླེབས་སྤྱི་གཙུག་གི་བུ་ག་ཆུ་ཤུའི་ཁ་ཚངས་བཞིན་བཀག་སྟེ་སྲ་ཞིང་བརྟན་པར་བསམ་ཞིང་སྤྱི་བོའི་བླ་མ་རང་ལ་བསྟིམ་པའམ། མི་དམིགས་པ་གང་བདེ་བྱ། བར་དོའི་ཉམས་ལེན་ནི། ཡང་སྤྱི་བོར་བླ་མ་སྔར་བཞིན་བསྒོམས་ལ། བདག་འཛིན་བློས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར༴ ། བར་དོ་རྒྱལ་བ་རིགས་ལྔར་འཚང་རྒྱ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མ་རང་ལ་ཐིམ་ནས་ཨ་པ་ང་ཤི་འདུག །ངའི་ལུས་འདི་བར་དོའི་ཡིད་ལུས་སུ་འདུག །ཟས་གོས་གནས་ཁང་ལ་སོགས་པ་འདི་ཐམས་ཅད་བར་


PS010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་སྣང་བར་འདུག་གོ་སྙམ་པ་དང་། སྣང་བ་ཐམས་ཅད་བདེན་མེད་རྨི་ལམ་སྒྱུ་མ་ཡིན་སྙམ་དུ་སྒོམ། རང་གི་མདུན་དུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་ནང་དུ་རང་སེམས་ཧཱུྃ་དུ་བསྒོམ། དེ་ལས་འོད་ཁ་དོག་ལྔ་འཕྲོས་པས་འདས་མ་འོངས་ད་ལྟ་དུས་གསུམ་གྱིས་བསྡུས་པའི་སྐྱེ་གནས་བཞིའི་ལས་དང་དྲི་མ་སྦྱངས། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རང་བདེ་མཆོག་ཡབ་ཡུམ་དང་། ཆགས་སྡང་གི་ཡུལ་ཕོ་མོར་སྣང་བ་ཐམས་ཅད་ཀྱང་བདེ་མཆོག་དང་རྡོ་རྗེ་ཕག་མོའི་སྐུར་གྱུར། སྒྲ་ཐམས་ཅད་སྔགས་ཀྱི་སྒྲ་དང་། དྲན་རྟོག་ཐམས་ཅད་གསལ་སྟོང་འཛིན་མེད་ཀྱི་ངང་དུ་དར་ཅིག་བཞག །བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་ཅི་ཤེས་བྱ། དེ་ལྟར་ཆོས་དྲུག་ལ་ཆིག་དྲིལ་བྱས་ཏེ་དྲན་འདུན་དྲག་པོས་


PS010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་ན་རབ་ཚེ་འདིར་སངས་རྒྱས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་འགྱུར་རོ། །བརྗེད་ངས་ལེ་ལོའི་དབང་དུ་མ་བཏང་བར། དད་དང་ངེས་འབྱུང་དྲག་པོས་བརྒྱུད་བསྐུལ་ནས། ཉམས་ལེན་འདི་ལ་སྙིང་ནས་འབུངས་གྱུར་ན། །སྐྱེ་བ་རྟེན་གྱི་དོན་ཆེན་འགྲུབ་པར་གདའ། །ཅེས་པ་འདི་ནི་རྗེ་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས། དཔོན་པ་པདྨ་གར་གྱི་དབང་ཕྱུག་གིས་ནན་དུ་བསྐུལ་བའི་ངོར། གྲུབ་ཆེན་གྱི་ཁྲིད་ཡིག་སྙིང་པོ་ཀུན་འདུས་ཀྱི་དགོངས་པ་བཞིན། ལྕགས་ཕོ་སྤྲེའུའི་ལོ་མང་མཁར་དགོན་གསར་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ཆོས་


PS010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བཟང་པོའོ། །འདིས་ཀྱང་རང་གཞན་གྱི་འགྲོ་བ་མང་པོ་ལ་ཕན་ཐོགས་ཏེ་བསམ་པའི་དོན་ཐམས་ཅད་འགྲུབ་ཅིང་བཀྲ་ཤིས་པར་གྱུར་ཅིག །

ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ།


PS010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ་བཞུགས་སོ། །


PS010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཆོས་དྲུག་ཉམས་སུ་ལེན་པའི་ཚུལ་ནི། ཉིན་ཞག་ཕྲུགས་གཅིག་ལ་ཐུན་དྲུག་ཏུ་བགོས་པའི་ཉིན་མཚན་གྱི་ཐུན་གཉིས་དོར་བའི། སྔ་དྲོ་ཕྱི་དྲོ་གཉིས་དང་། སྲོད་ཐོ་རངས་ཏེ་ཐུན་བཞིར་ཉམས་སུ་ལེན། དེ་ཡང་ཐུན་ཐམས་ཅད་ཀྱི་སྔོན་དུ་བླ་མའི་རྣལ་འབྱོར་དང་། དག་བྱེད་སྟོང་ར་ཡུན་མི་ཐུང་བ་


PS010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རེ་སྒོམ། དེ་རྗེས་སྔ་དྲོ་གཏུམ་མོའི་དམིགས་པ་བྱེད། །དགོངས་མོ་སྒྱུ་ལུས་གཙོ་བོར་སྒོམ། །སྲོད་ལ་རྨི་ལམ་དང་འོད་གསལ་གྱི་དམིགས་པའི་ནང་རྨི་ལམ་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་། འོད་གསལ་ལ་ཐོད་པའི་ནང་གི་བདག་མེད་མ་གཉིས་གཙོ་བོར་སྒོམ། ཐོ་རངས་རྨི་ལམ་འཆུག་མེད་ཀྱི་དམིགས་པ་དང་། འོད་གསལ་


PS010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོག་གི་ལྟེ་འོག་ལ་དམིགས་པ་བཟུང་། སྙིང་གའི་བླ་མ་ལ་དུས་རྒྱུན་གྱི་མོས་གུས་དང་དྲན་པ་ཏུ་རེ་བ་བྱས་པས་འོད་གསལ་རང་ཤུགས་ཀྱིས་ཟིན་པར་འགྱུར་ཞིང་། འཕོ་བ་དང་པོ་འབྱོངས་ངེས་ཞིག་སྦྱངས་ནས། ཕྱིས་ཐུན་བཞུག་གང་རིགས་ལ་མ་བརྗེད་ཙམ་གྱི་དམིགས་སྐོར་རེ་དྲན་ཙམ་བྱེད་ཅིང་། བར་དུ་ཐུན་མཚམས་ཐམས་ཅད་དུ་འདུན་པ་ཡོད་ཙམ་བྱ་ཞིང་། རྗེས་ཀྱི་འགྲོ་འཆག་ཉལ་འདུག་སོགས་དུས་རྒྱུན་དུ་དྲན་པར་བྱས་ནས། རང་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་ཏུ་བླ་མ་དང་། སྣང་བ་བདེན་མེད་རྨི་ལམ་སྒྱུ་མའི་དྲན་འདུན་གྱི་ངང་མ་ཤོར་བར་བྱེད་པ་ནི་གནད་དངོས་ཡིན་ཅིང་། མཐར་སྒྱུ་མ་ཙམ་དུ་འཛིན་པ་ལས་ལོག་ནས་གང་དུ་ཡང་འཛིན་པ་མེད་པའི་འོད་གསལ་


PS010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པར་བྱའོ། །དེ་ལྟར་རགས་པའི་ཐུན་ཚད་ངེས་པར་བྱས་ནས་དམིགས་པ་ཉུང་ངུར་དྲིལ་བ་ནི། མི་རྟག་པ་དྲན་ཤེས་ཀྱི་སྣང་བས་རྒྱུ་འཁྲུལ་ངེས་སུ་བྱས། ཕ་བླ་མ་ཕ་བླ་མ་རང་མཁྱེན་ཞེས་བརྗོད་པ་དང་ལྷན་དུ་རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་ཇི་ལྟ་བ་སྒོམ། བདག་སོགས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་གནས་ཀུན་འདུས་བླ་མ་ལ་སྐྱབས་སུ་མཆིའོ། །ཅེས་ཅི་མང་དང་། མཐར་བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། །སྡིག་སྒྲིབ་དག་པར་མཛད་དུ་གསོལ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མ་


PS010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཞུ་རང་ལ་ཐིམ་པས་ཐོད་པའི་ནང་དུ་ཆོས་འབྱུང་དཀར་པོ་གདེངས་ཁ་ཆེ་བ་གྱེན་བསྟན་གྱི་ཁ་ཐད་ཀྱི་བར་དུ་སེམས་ཉིད་ཨ་དཀར་པོ་ལ་རྩེ་གཅིག་ཏུ་སེམས་གཏད་ནས། དང་པོ་སྒྲིམ། བར་དུ་གློད། མཐར་སྙོམས་པར་བྱ། ཨ་ལས་བདུད་རྩི་བྱུང་བས་ལུས་ཀྱི་ཕྱི་ནང་བཀྲུས་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བསམ། རང་ཕྱི་རྡོ་རྗེ་རྣལ་འབྱོར་མ་ལ་ནང་དར་དམར་གྱི་རྐྱལ་པ་ཕུས་བཏབ་པ་ལྟ་བུའི་ནང་དུ་མེ་སྒོང་བཞི་སྒོམ། སྤྱི་བོར་བླ་མ་དང་བཅས་པ་སྒོམ་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབས། བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན༴ །ཞེས་དང་། བདག་ལ་སྲིད་པའི་དབང་བསྐུར་དུ་གསོལ། །ཞེས་བརྗོད་རླུང་ཁ་


PS010_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས་འཕོ་བ་གཡས་གཡོན་དུ་བསྐོར་བས་མེ་སྒོང་འཐབས་པའི་མེ་སྟག་གི་གང་བ་ལ་དམིགས་པ་གཏད། ལུས་གནད་མེ་ཐབ་དྲུག་ཆིངས་ལ་ལུས་ཀྱི་ནང་དུ་རྩ་གསུམ་དང་། དབུ་མའི་ནང་དུ་ཆུད་པའི་རོ་རྐྱང་གི་འཛོམས་སུ་རཾ་ལས་མེ་རིལ་མ་ཙམ། འོག་ཏུ་རླུང་ལྗང་ཁྱིལ་བ་རྣམས་བསྒོམས་རླུང་བཟུང་བས་རླུང་གཡོས། མེ་ལྕེ་ཕྲ་བ་སྐེད་པ་ལྟེ་བ་དབུ་མའི་ནང་དུ་འབར་ཞིང་མཐར་ལུས་ནང་དུ་དབུ་མ་དང་། དེའི་ནང་མེ་ལྕེས་གང་བ་ལ་ཡིད་གཏད་པ་བླ་མའི་སྐུ་ལས་བདུད་རྩི་བབས་དབང་ཐོབ་མེ་དྲག་ཏུ་འབར་བར་བསམ་པ་གཏུམ་མོའི་ཉམས་ལེན་ཡིན། །སྒྱུ་ལུས་འཁོར་བ་ལ་སྐྱོ་ཤས་བསྐྱེད། རང་ཡི་དམ་དང་སྤྱི་བོར་བླ་མ་སྒོམ། བདག་འཛིན་བློས་


PS010_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས་པར༴ །དགོས་མེད་རྒྱུད་ལ་སྐྱེ་བར༴ །སྒྱུ་ལུས་རྨི་ལམ་འབྱོངས་པར༴ །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་མཛད་དུ་གསོལ། །ཞེས་ཅི་མང་གི་མཐར། བླ་མ་དང་རང་སེམས་བསྲེས་པ་དབང་པོ་རབ་ཡིན། འབྲིང་རང་ལུས་ལྷར་གསལ་བ་ལ་དམིགས་པ་གཏད་དེ། འདི་རང་གི་སེམས་སྣང་ཡིན། སྣང་ཡང་བདེན་པར་མ་གྲུབ་སྙམ་དུ་བསམ། ཐ་མས་ལྟེ་འོག་ཏུ་ཆོས་འབྱུང་ནང་དུ་རིགས་དྲུག་ཏུ་སྣང་བ་སྒྱུ་མ་རྨི་ལམ་དུ་ཐག་བཅད། རྗེས་ཐོབ་གང་ཤར་སྒྱུ་མ་ལམ་དུ་འཁྱེར། རྨི་ལམ་ལ་གསོལ་འདེབས་ནི། བླ་མ་རིན་པོ་ཆེ་བདག་གིས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཡུལ་སྣང་གཏན་ལ་ཕེབས་


PS010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་སྤྱི་བོའི་ཧཾ་དང་གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དཀར་དམར་ཆད་པ་སྙིང་གར་སླེབས། དུག་གསུམ་དག །འབྲོས་འདེད་དུ་འཁོར་བ་ལ་རྨི་ལམ་སྒྱུ་མའི་དྲན་འདུན། དབང་ཐོབ་པའི་དམིགས་པ་བྱས། མཐར་ཡལ་ནས་མི་དམིགས་པ་ལ་བློ་གཏད། ཡང་དཀར་དམར་སྣ་ནས་ཐོན་སྨིན་ཕྲག་ཏུ་འཁོར་ཡི་དམ་ཡབ་ཡུམ་དུ་གྱུར་པ་འཁོར་ཞིང་མཐར་ཡབ་ལ་ཡུམ་ཐིམ་ཡབ་འཇའ་ལྟར་ཡལ་བ་ལ་མི་དམིགས་པར་བཞག །ཡང་རང་གི་སྙིང་གར་ཐིག་ལེ་སྔོ་སྐྱའི་ནང་དུ་བླ་མ་སྒོམ་པ་དང་། རྟོག་བཅས་ལ་འཛིན་པ་ནི། མགྲིན་པར་ཨཾ་སྔོན་པོ་ལ་བློ་གཏད་དྲན་འདུན་བྱ། གཉིད་དུ་མ་སོང་བར་རྣམ་རྟོག་རགས་པ་འགགས། ཕྲ་བ་མ་འགགས་


PS010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དེར་རྣམ་རྟོག་གང་བྱུང་ལ་རྨི་ལམ་གྱི་དྲན་འདུན་དང་། སྦྱོང་སྤེལ་གྱི་འདུན་པ་བཅུག་ནས་ཉལ་བས་རྨི་ལམ་ཟིན་པར་འགྱུར། རྨི་ལམ་འདུན་པའི་གནད་ཡིན་པས། ཅི་ཡིན་ལ་ཨ་མ་འཐས་པར་སྦྱངས། གང་དགོས་སུ་སྤེལ། ཅི་མཁོ་རུ་སྤྲུལ། མ་ངེས་པ་སྣ་ཚོགས་སུ་བསྒྱུར། ཞིང་ཁམས་སྣ་ཚོགས་སུ་བལྟ་བ་ལ་འདུན་པ་ཁ་བསྒྱུར། འོད་གསལ་ལ། བདག་འཛིན་བློས༴ །དགོས་མེད་རྒྱུད༴ །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་མཛད་དུ་གསོལ། །གསོལ་བ་བཏབ་རང་གི་ལུས་ནང་རྩ་དབུ་མ་ཚངས་བུག་དང་གསང་གནས་སུ་སླེབ་པའི་ལྟེ་འོག་སོར་བཞིའི་ནང་གི་བར་སྣང་དུ་ཨ་དཀར་པོ་ལས་འོད་འཕྲོས་པས་ཕྱི་ནང་ཐམས་ཅད་གསལ་སིང་ངེ་བ་ལ་མ་ཡེངས་ཙམ་དང་།


PS010_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་བླ་མ་བསྒོམས་པས་ཐུགས་ཀར་ཧཱུྃ་དཀར་པོ་ལས་འོད་འཕྲོ་བ་ལ་འོད་གསལ་བཟུང་། ཐོད་པའི་འོག་ཀླད་རྒྱས་སྟེང་དུ་བདག་མེད་མ་མཚོན་གང་པའི་ཐུགས་ཀར་ཨ་དཀར་པོ་ལས་འོད་བྱུང་བས་ཀྱང་ཀླད་པ་སྦྱངས། ཐོད་པ་དཀར་ཁྲོལ་ལེ་བ་ལ་འདུན་པ་གཏང་། འཕོ་བ་སྦྱོང་དུས་རང་ཡིད་དམ་གྱི་སྤྱི་བོར་བླ་མ་བསྒོམས་ཏེ། ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་གདེངས་ཁ་གྱེན་བསྟན་གྱིས་བདེ་འགྲོ་གསུམ། རྩ་བ་ཟུར་གསུམ་ཐུར་བསྟན་གྱིས་ངན་སོང་གི་སྐྱེ་སྒོ་བཅད་པའི་ནང་དུ། རྩ་དབུ་མ་ཡར་སྣ་ཚངས་བུག་ལ་ཟུག་ཅིང་བུ་ག་ཆེ་བར་བསམ། མར་སྣ་ཆོས་འབྱུང་གི་ནང་གི་དོག་མཚམས་ལ་ཟུག་པའི་ནང་གི་ལྟེ་འོག་སོར་བཞི་རང་སེམས་ཨ་དཀར་པོ་འོད་འཕྲོ་བ་འཕིར་ལ་ཁད་


PS010_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་བསམས་ལ། བདག་འཛིན་བློས༴ །དགོས་མེད་རྒྱུད་ལ༴ །ལམ་མཆོག་འཕོ་བ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་བཏབ་ལྟེ་བ་གྱེན་དུ་བསྐྱོད་པས་ཨ་དབུ་མ་ནས་རྒྱངས་ཀྱིས་ཐོན། ནམ་མཁའ་ལ་ཡེ་རེ་རེ་སོང་ནས་འོད་དུ་གསལ་བར་བསམ། ཡང་རེ་ཞིག་ནས་ཨ་ནམ་མཁར་བྱུང་བ། དལ་པོས་བབས་ལྟེ་འོག་ཏུ་སྔར་མལ་དུ་སླེབས་པར་བསམ་ལ་ཡང་ཡང་སྦྱངས། མཐར་ཚངས་བུ་རྡོ་རྗེ་རྒྱ་གྲམ་གྱིས་བཀག་ནས་སེམས་མི་འཆུག་པར་བསམ། ལས་སྦྱོར་འཕོ་བ་ཐེབས་པར་གསོལ་བ་བཏབ། དམིགས་པ་ཨ་ནམ་མཁར་ཡལ་བ་ལ་ཡིད་གཏད་ལ་མར་མི་འབེབས་པ་གནད་ཡིན། བར་དོའི་ཉམས་ལེན་ལ། བདག་འཛིན་བློས་ཐོངས་པར༴ །དགོས་


PS010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱུད་ལ་སྐྱེ་བར༴ །བར་དོ་ལོངས་སྐུར་འཚང་རྒྱ་བར་གསོལ་བ་བཏབ། སྣང་བ་ལྷ། གྲགས་པ་སྔགས། རྨི་ལམ་སྒྱུ་མར་ཐག་བཅད། དབང་པོ་ཐ་མ་རང་གི་མདུན་དུ་ཆོས་འབྱུང་མཐིང་གའི་ནང་དུ་རང་སེམས་ཧཱུྃ། ཕྱི་གཡས་གཡོན་དུ་ཕོ་མོར་སྣང་བ་ཡི་དམ་ཡབ་ཡུམ་རྐྱང་རྐྱང་རེ་གསལ་བཏབ། ཧཱུྃ་ལས་འོད་འཕྲོས་སྐྱེ་གནས་ལྔའི་བག་ཆགས་སྦྱངས། མངལ་སྒོ་བཀག་པར་བསམ། བླ་མ་ཡི་དམ་སྒྱུ་ལུས་གསུམ་འབྲལ་མེད་ཉམས་སུ་བླངས་པས། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཆོས་དྲུག་དམིགས་རིམ་མ་ལུས་པ། །ཐུན་བཞིར་ཉམས་སུ་ལེན་པའི་ཚུལ། །བླ་མའི་གསུང་བཞིན་ཡི་གེར་བཀོད། །དགེ་བས་འགྲོ་ཀུན་སྒྲིབ་བྱང་ནས། །ཟབ་མོའི་ལམ་མཆོག་འདིར་ཞུགས་ཏེ། །


PS010_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་བཅུ་བཞིའི་ས་ཐོབ་ཤོག།ཅེས་པ་འདི་ངག་གི་དབང་པོས་སྡེབས། །

ནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ། ཏཱ་ར་ནཱ་ཐ།


PS010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ་བཞུགས་སོ།། །།


PS010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། །འདིར་ནཻ་གུ་ཆོས་དྲུག་གི་རྩ་བའི་སྙིང་པོ་ནི་འདི་ཡིན་ཏེ། རང་རྡོ་རྗེ་ཕག་མོ་རྩ་གསུམ་ཧཾ་དང་བླ་མའི་ངོ་བོ་རཾ་དང་བཅས་པ་སྤྱི་བོར་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་རླུང་ཁ་སྦྱོར་བཟུང་། རཾ་འབར་སྤྱི་བོའི་བླ་མ་སོགས་ལ་བདེ་དྲོད་ཀྱིས་མཆོད། །ཐམས་ཅད་བྱང་སེམས་བདུད་རྩིའི་རྣམ་པར་ཞུ། དབུ་མའི་ནང་


PS010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གི། སྤྱི་མགྲིན། སྙིང་ལྟེ་རྣམས་གང་། དབང་བཞི་ཐོབ། རང་དང་བླ་མ་དབྱེར་མེད་གྱུར། །བདུད་རྩི་ལྟེ་བའི་རཾ་ལ་ཕོག །ཡང་མེ་ཕྲ་མོ་དྲག་ཏུ་འབར། །ཧཾ་ལས་བྱང་སེམས་ཕྲ་མོའི་རྒྱུན་བབས་པའི་འབར་འཛག་དང་། །མེ་ལྕེས་ལུས་གང་བར་བསྒོམ། །༡ ཡང་སྐབས་འགར་རླུང་བཟུང་བས། དབུ་མ་ཇེ་ཆེ་ལ་ནམ་མཁའི་མཐའ་ཀླས་པར་བསམ། །


PS010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༢འདི་ལ་མེ་ཐབས་དྲུག་བཅིངས་སམ། ལག་མཐིལ་པུས་མོར་བཀབ་པའི་ཚུལ་གྱི་ཆོས་བདུན་བྱ། འོག་མ་ཀུན་ལ་སྤྱི་དང་འདྲ། རང་བདེ་མཆོག་སྤྱི་བོར་རྡོ་རྗེ་འཆང་། དེ་ལ་མོས་གུས་དྲག་པོས་གསོལ་བ་གདབ། ཕ་བླ་མ་ཕ་བླ་མ་བླ་མ་རང་མཁྱེན་སྙམ་ཅིང་བརྗོད། །ད་ལྟའི་སྣང་བ་གཡས་མེད་བཀྲ་ལམ་མེ་བ་ཚུགས་མི་ཐུབ་པ་འདིས་འཆར་སྒོ་མ་འགགས་པ་ལ་རྩེན་ནི་འཇོག །ཨ་འཐས་བཤིག་སྟེ། སྒྱུ་མ་ལྟ་བུར་སེམས་ཀྱི་ཆོ་འཕྲུལ་ལོ་ཞེས་ཕྱོགས་མེད་དུ་འདུན་པ་བྱ། ལྟེ་བར་ཆོས་འབྱུང་ནང་དུ་འགྲོ་དྲུག་ཏུ་སྣང་བ་འདི་རྣམས་རང་བཞིན་སྒྱུ་མའི་ཆོ་འཕྲུལ་དུ་མ་གཏོགས་པ་སྙིང་རེ་རྗེ། དེ་ཀུན་ཡལ་བ་དང་རང་སེམས་ལྷོད་དེ་ཤིགས་སེ་བའི་ངང་བསྐྱངས། །འདིར་རྨི་ལམ་གྱི་འདུན་པ་བསྣན་


PS010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ན་རང་ཟིན་འོང་། འཛིན་མེད་དུ་སྐྱང་ན་འོད་གསལ་ཟིན། བར་དོའི་འདུན་པ་དང་སྦྲེལ་ན་བར་དོ་རང་གྲོལ་ཡིན་ནོ། །མོས་གུས་དང་བདེན་མེད་ཀྱིས་འཆུན་རྩ་བའི་ལྷ་སྐུ་སྣང་སྟོང་དམིགས་པའི་མཐིལ་ཡིན་ནོ། །༣ སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་གསང་བའི་ཧཱུཾ་ལས་ཐིག་ལེ་དམར་པོ་ཆད་པ། དྷཱུ་ཏིའི་ནང་སྙིང་གར་འཁོར་བ་ལ་རྨི་ལམ་གྱི་འདུན་པ་དང་། རེག་པས་བདེ་ཆིལ་བ་དང་། མཐར་ཡར་བ་ལ་ཅི་ཡང་མི་བསམ་པར་བཞག །ཡང་སྣང་གྲགས་ཐམས་ཅད་རྨི་ལམ་མོ་སྙམ་འདུན་པ་དྲག་ཏུ་བྱ། །དེས་མ་ཟིན་ན་སྙིང་གར་བླ་མ་རྡོ་རྗེ་འཆང་དཀར་པོའི་ཐུགས་ཀར་ཧཱུྃ་མཐིང་ག་དྭངས་གསལ་ཤེལ་སྔོན་གྱི་ཐིག་པ་ལྟ་བུ། དེ་ལ་དྲན་འདུན་དྲག་ཏུ་བྱ། །མཐའ་ནས་རིམ་པས་


PS010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བ་དང་ཧད་དེ་སྐྱངས། ཡང་འདུན་པ་བྱ། ༤དེས་ཀྱང་མ་ཟིན་ན། དེ་མགྲིན་པར་སྒོམ་འདུན་པ་དྲིལ། ད་ལྟའི་སྣང་བ་དང་གཉིད་ཀྱི་བར་གྱི་རྣམ་རྟོག་ངོས་བཟུང་ན་འཆུག་པ་མི་སྲིད་དོ། །ཟིན་ནས་སྦྱང་བ་ནི། རླུང་གི་གནད་དང་ལྡན་པས་དྲན་འདུན་དྲག་པོས་རྨི་ལམ་དང་ཡིད་ལུས་འདི་ལ་ཅི་བསམ་བསམ་བྱས་པས་ཆོག་སྙམ་པས་ཐོགས་བཅས་ལ་ཕར་ཐལ་ཚུར་ཐལ། གཡང་ས། མེ་ཆུ། དགྲ་གཉེན་སོགས་ཆགས་སྡང་། ཡ་ང་། ངོ་ཚ། སྐྱུགས་བྲོ་སོགས། སྐྱེ་བའི་ཡུལ་ཀུན་ལ་བདེན་མེད་ཀྱི་འདུན་པས་ཐོག་རྫིས་སུ་སྦྱངས་བའི་དམིགས་པ་དང་། གང་སྣང་ཐམས་ཅད་ལ་མང་ཉུང་ཆེ་ཆུང་དངོས་པོ་ཐམས་ཅད་དུ་སྒྱུར། རང་སྣང་དེར་སྤྲུལ་པ་དང་། སངས་རྒྱས་


PS010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ཁམས་སོགས་སྐད་ཅིག་གིས་བགྲོད་ནས། ཆོས་ཉན་པ་སོགས་དམིགས། མོས་གུས་དང་དྲན་འདུན་གྱི་ཤུགས་ཀྱི་རྒྱབ་ཕུལ། ཕྱོགས་གཅིག་ལ་ཨ་མ་མཐས་པའི་འཕྲུལ་ཆགས་པར་བྱའོ། །དེ་ནས་འོད་གསལ་ནི། སྙིང་ཁའི་རྩ་འདབ་བཞི་པའི་ལྟེ་བར་བླ་མའི་ཐུགས་ཀར་ཧཱུྃ་དཀར་པོའམ། དབུ་མའི་ནང་གསང་གནས་ཀྱི་རྩེ་མོར། ཨ་ཐུང་དཀར་པོ་ལ་མ་ཡེངས་པར་ཆམ་ལ་བཞག །ཡི་གེའི་འོད་ཀྱི་སྣང་བ་ཐམས་ཅད་གསལ་ལེ་གསལ་བའང་སྐབས་སྐབས་སུ་བསྒོམ། རླུང་བུམ་ཅན་ཅི་རིགས་སྦྱངས་ངོ། །དམིགས་རྟེན་སྤྱི་བོ་རུ། །དབུ་མའི་ལམ་ནས་དབྱིངས་སུ་སྤར་ནས་འཕོ་བའང་ཆོག།གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་ཏུ་


PS010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ། ༩ ། སྣང་ཆ་ཅི་རིགས་བརྟན་པོར་ཤར་ནས་ཡི་གེའི་འོད་ཟེར་གྱིས་སྣང་བ་ཐམས་ཅད་མཐའ་ནས་སྙིང་ཁར་བསྡུ། ཡལ་བ་ན་མི་རྟོག་པ་སྒོམ་པ་ཉིན་མཚན་གཉིས་སུ་ཉམས་ལེན་མཐིལ་དུ་བྱེད། །རྨི་ལམ་འབྱོངས་ནས་ཀྱང་འདི་སྒོམ་ན། འོད་གསལ་ཟིན་པར་ཐེ་ཚོམ་མེད། ༡༠ ། སྒྱུ་ལུས་ལ་བདེན་མེད། རྨི་ལམ་ལ་རྨི་ལམ། འོད་གསལ་སྣང་བ་རྟོག་མེད་ཀྱི་དྲན་འདུན་རྣམས་ཐུན་དང་སྤྱོད་ལམ་ཐམས་ཅད་དུ་སྦྱང་བླ་མའི་མོས་གུས། མི་རྟག་འཁོར་བའི་སྐྱོ་ཤས། བྱམས་སྙིང་རྗེ། རང་དང་སྣང་བ་ལ་ཞེན་པ་ཨ་འཐས་བྲལ་བ་ཀུན་ལ་གཅེས། སོ་སོ་ལ་མྱོང་བ་ཅི་རིགས་སུ་ཐོན་པ་ན། ཐོ་རངས་གཏུམ་མོ། །སྔ་དྲོ་སྒྱུ་ལུས། ཕྱི་དྲོ་རྨི་ལམ། སྲོད་ལ་འོད་གསལ་


PS010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་བ་སོགས་དང་། ཡང་ཁྲིད་ཆགས་མེད་པའང་མཛད། འོད་གསལ་ལ་གཏུམ་མོ་དང་། གཏུམ་མོ་ལ་སྒྱུ་ལུས། སྒྱུ་ལུས་ལ་འོད་གསལ་རྨི་ལམ། རྨི་ལམ་ལ་འོད་གསལ་སྒྱུ་ལུས་ཀུན་ལ་འདུན་པ་མོས་གུས་སྐྱོ་ཤས་སྙིང་རྗེ་གནད་དུ་ཆེ། འཇིག་རྟེན་གྱི་བྱ་བཞག་ཕྲ་མོ་མི་བྱེད་ཁ་མེད་བྱུང་བ་ཀུན་དང་། བྱ་བྱེད་སྤྱོད་ལམ་ཐམས་ཅད་ལྟ་བ་ཕྱག་རྒྱ་ཆེན་པོ་དང་། ཐབས་ལམ་སོ་སོའི་དགེ་སྦྱོར་གྱི་ཟིན་ན་ཅི་བྱས་ཆོས་ཡིན་ཏེ། མི་ཚེ་དོན་ལྡན་བྱ་བ་སངས་རྒྱས་ལག་པའི་མཐིལ་ན་ཡོད་པ་ལགས། ལར་ཆོས་ལ་ཆིག་འདྲིལ་རང་དགོས་སོ། །མཁའ་འགྲོའི་ཐུགས་བཅུད་སྟན་ཐོག་གཅིག་མའི་ཉམས་ལེན་སློབ་མ་འགའི་དོན་དུ་གསལ་ལ་འདྲིལ་བ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་དབེན་གནས་དམ་པ་བསམ་


PS010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་སྟེང་དུ་སྨྲས་པའོ། །སརྦ་མངྒ་ལཾ། །ཤུ་བྷཾ།། །།

ནི་གུ་ཆོས་དྲུག་གི་འཁྲུལ་འཁོར་རྩ་ཚིག་བདེ་ཆེན་འདོད་འཇོ།


PS010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གི་འཁྲུལ་འཁོར་རྩ་ཚིག་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །


PS010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ནི་གུ་ཆོས་དྲུག་གི་འཁྲུལ་འཁོར་ལ། སྔོན་འགྲོ་བཅུ་གསུམ་པ། གཏུམ་མོ་བདུན་པ། རྩ་བ་དྲུག་པའོ། །དང་པོ་ལ་བཅུ་གསུམ་ལ། །དང་པོ་ནི། རླུང་རེངས་འདུལ་བ་དང་། ལུས་འདུལ། ལུས་འཆི་མེད་ཀྱི་རྩ་ཚིག་ཏུ་བཤད་པ་ལྟར་བྱས་རྗེས་རྐང་པ་སེམས་སྐྱིལ། ལག་པ་ཁུ་ཚུར་པུས་སྟེང་།


PS010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཆེན་བཟུང་ལ་ལག་གཉིས་ཀྱིས་བརླ་སྟེང་ནས་ཡར་ཤུད་དེ་བརླ་རྩར་སླེབ་པ་དང་མཉམ་བཞག་སོར་རྩེ་འཕྲོད་པ་ཙམ་གྱི་ངོས་ནས་རོ་སྟོད་གཡས་གཅུ་གཡོན་གཅུ་བདུན་བདུན་ནོ། །གཉིས་པ་ནི། སེམས་སྐྱིལ་ལས་ལག་གཉིས་མདུན་ཐད་ནས་མར་བཤད་ཀྱིས་བརྐྱང་བའི་ལག་སོར་ཁ་བུབ་པ་ལ་རེག་ཐབས་དང་ལྷན་ཅིག་ཀག་གིས་ལངས་ལ་


PS010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གྱེན་དུ་བརྐྱང་ཐབས་ནས་དཔུང་མགོར་རྡེབ། དེ་ནས་གྱེན་དུ་བཤད་ཀྱིས་བརྐྱང་བ་དང་རྐང་པ་གཉིས་ཀ་གྱེན་དུ་བཏེག་སྟེ་འཕར། ཐུར་དུ་འབེབས་པ་དང་ཁུ་ཚུར་དཔུང་མགོར་རྡེབ། ལན་བདུན་བྱས་མཐར་འབེབས་ཆེན་ནོ། །གསུམ་པ་ནི། ལངས་བ་ཡན་གོང་དང་འདྲ་ལས་ལག་པ་གཡས་གཡོན་ཕྱོགས་སོ་སོར་མཐུར་དུ་ཤད་བརྐྱང་ལས་གྲུ་མོ་ཡན་ཆད་ལག་ཡུ་ལུས་ཟོང་དང་མ་བྲལ་བ་ལས་ལག་མགོ་གྱེན་བཏེག་ཁུ་ཚུར་དཔུང་པར་རྡེབ་ཐབས་དང་རྟིང་པ་བཏེག་མར་བཤད་དང་ལྷན་ཅིག་འབེབས། ལན་བདུན་མཐར་འབེབས་ཆེན་ནོ། །བཞི་པ་ནི། ལངས་བ་ཡན་གོང་འདྲ་ལས་ལག་གཡོན་ཁ་བུབ་ཀྱི་སོར་མོ་རྣམས་བརྐྱང་བའི་སོར་མོ་ཕྲ་བ་བཞི་མདུན་ཕྱོགས་དང་མཐེ་བོང་གིས་རྒྱབ་ཕྱོགས་


PS010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྟེན་པ་སྐེད་གཟེར་ཚུལ་ལས་གྲུ་མོ་བརྒྱངས། ལག་གཡས་མདུན་ཕྱོགས་གཡོན་དུ་ཅུང་ཟད་ཉེ་བ་ནས་ལག་མཐིལ་གྱེན་བཏེན་དུ་སོར་མོ་དང་ལྷན་ཅིག་ཤད་ཀྱིས་བརྐྱང་བ་གཡས་བསྐོར་གྱིས་དཔུང་མགོར་རྡེབ་མཐར་མདུན་དུ་ཤད་བརྐྱང་། གཡོན་ལ་འགྲེ། དེ་ལྟར་གསུམ་གསུམ་སྟེ་དྲུག །དེ་ནས་ལག་པ་གཉིས་ཀ་སྔར་ལྟར་ཤད་བརྐྱང་ངོས་རང་རང་ཕྱོགས་སུ་བསྐོར་ཐབས་ནས་དཔུང་མགོར་རྡེབ་པ་ལན་གསུམ་མདུན་དུ་ཤད་བརྐྱང་མཐར་འབེབས་ཆེན་ནོ། །ལྔ་པ་ནི། ལུས་འདུལ་བཞིན་ཏེ་ལུས་འཆི་མེད་ཀྱི་རྩ་ཚིག་ཏུ་བཤད་པ་བཞིན་ནོ། །དྲུག་པ་ནི། སེམས་སྐྱིལ། ཁུ་ཚུར་ཁ་བུབ་པུས་སྟེང་། དེ་ནས་ཡར་རིམ་ཤུད་ནས་མཉམ་བཞག་བྱ་ཞིང་བུམ་ཆེན་ཅི་ཐུབ་བཟུང་བའོ། །བདུན་པ་ནི།


PS010_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱིལ། ཁུ་ཚུར་ཁ་བུབ་པུས་སྟེང་དུ་ཉེ་བར་བརླ་བཞག །ལག་པ་ཁུ་ཚུར་གྱི་མཁྲིག་དང་ཉྭ་བཞི་ཧྲིམ་གྱིས་གྲིམས་ལ་སྙིང་གར་བསྣོལ་ཐབས་དང་ཧཱུྃ་གི་སྒྲ་གདངས་བཅས་སྟོང་འདྲེན་དྲག་པོ་བྱ། དེ་འཕྲལ་རླུང་མནན་པ་དང་ལག་གཉིས་མདུན་ཐད་ཐུར་དུ་ཤད་ཀྱིས་བརྐྱང་། དེ་ལྟར་ལན་བདུན་ནོ། །བརྒྱད་པ་ནི། སྔར་གྱི་རྩ་ཚིག་མཐར་བུམ་ཆེན་བཟུང་བཞིན་དུ་འབེབས་ཆུང་ལན་གསུམ་བྱ་ཞིང་ལུས་ཆ་ཆ་ནས་སྤྲུག །དེ་ནས་ཧ་སྒྲར་བཅས་ལན་གསུམ་མོ། །དེ་ལྟར་རྩ་ཚིག་གཉིས་སྦྲེལ་ན་བདེའོ། །དགུ་པ་ནི། སེམས་སྐྱིལ་བརླ་བཞག་བུམ་ཆེན་ལས་མགོ་བོ་གཡས་ནས་གཡོན་དུ་ལན་གསུམ་བསྐོར་བ་དང་། གཡོན་ནས་གཡས་སུ་ལན་གསུམ་བསྐོར། དེ་ནས་གཡས་གཡོན་


PS010_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། རྒྱབ་མདུན་དུ་དགྱེ་རྒུ་གསུམ་གསུམ་སྟེ་བཅུ་གཉིས་སོ། །བཅུ་པ་ནི། ལུས་གནད་གོང་ལྟར་བཅས་ཏེ། དེ་ནས་ལག་པ་ཐལ་མོ་རྡེབ་ཐབས་ནས་སོར་མོ་རྣམས་བསྣོལ་ཏེ་སོར་མོ་བརྐྱང་བའི་མཐིལ་སྙིང་གར་བཀབ་ལ་གྲུ་མོ་གཉིས་ལ་འཆུན་བཙལ་བས་དཔུང་པ་གཡས་བཅག་གསུམ་དང་གཡོན་བཅག་གསུམ། དེ་དུས་རླུང་སྒང་འདྲེན་ནོ། །བཅུ་གཅིག་པ་ནི། གོང་གི་རྩ་ཚིག་གཉིས་པའི་སྐབས་ལྟར་ཀག་གིས་ལངས་ཞིང་། དེ་དུས་ལག་པ་མདུན་ཐད་ནས་བརྐྱང་ཐབས་ཀྱི་མཐར་ཁུ་ཚུར་ལས་གཡོན་པ་རང་ཕྱོགས་སུ་ཤད་ཀྱིས་བརྐྱང་ཞིང་གཡས་པས་གཡོན་པའི་ལག་མགོ་ནས་ནུ་མའི་ཐད་ཙམ་དུ་སླེབ་པར་གྲུ་མོར་བརྩལ་བས་མདའ་འགེང་ཐབས་ལྟར་བྱས་ལག་གཡོན་སྔར་


PS010_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལས་གཡས་པ་མདུན་དུ་སོར་མོ་དང་མཉམ་དུ་ཤད་ཀྱིས་བརྐྱང་། དེ་བཞིན་གཡོན་ལ་འགྲེ། དེ་ལྟར་གསུམ་གསུམ་སྟེ་དྲུག་གོ ། བཅུ་གཉིས་པ་ནི། སེམས་སྐྱིལ་བརླ་བཞག་ལས་ལྟོ་བ་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་མོ། །བཅུ་གསུམ་པ་ནི། སྔར་ལྟར་ལངས་ནས་ལག་པ་སྐེད་གཟེར་དང་། རྐང་པ་གཡོན་པུས་མོ་མ་གུག་པར་དྲང་པོར་བསྲང་ཞིང་གཡས་པའི་རྟིང་པ་དཔྱི་མགོར་རྡེག་ཅིང་པུས་མོ་མདུན་དུ་སྟོད་ཐབས། དེ་བཞིན་གཡོན་ལ་འགྲེ། དེ་ལྟར་ལན་གསུམ་གསུམ་སྟེ་དྲུག་གོ ། མདོར་ན་གོང་དུ་བཤད་པ་དེ་དག་གི་ལངས་པ་ཐམས་ཅད་ཀྱི་མཐར་འབེབས་ཆེན་ནོ།། ༈ གཉིས་པ་གཏུམ་མོ་བདུན་པ་ལ་བདུན་ལས། དང་པོ་ཟས་སུ་ཟ་བ་ནི། སེམས་སྐྱིལ་


PS010_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བརླ་བཞག་ལས་བུམ་ཅན་བཟུང་རྗེས་རྩུབ་ཤིང་རྩུབ་སྟན་གྱི་འཁྲུལ་འཁོར་བྱས་ལ་སྟོང་འདྲེན་དང་སྒང་འདྲེན་གསུམ་གསུམ་གྱི་མཐར་འབེབས་ཆུང་ངོ་། །གཉིས་པ་གོས་སུ་གྱོན་པ་ནི། ལུས་འདུལ་གཞན་དུ་བཤད་པ་བཞིན་ནོ། །གསུམ་པ་སྟན་དུ་འདིང་བ་ནི། སེམས་སྐྱིལ་བརླ་བཞག །བུམ་ཆེན་ལས་ལྟོ་བ་དགྱེ་དགུ་དང་ལྷན་ཅིག་རླུང་རྒྱབ་མདུན་དུ་ཕུལ་བ་གསུམ་གསུམ་མོ། །བཞི་པ་སྐོམ་དུ་འཐུང་བ་ནི། །སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་རྗེས་མེ་ཐབ་དྲུག་ཆིངས། ཕོ་སྐོར་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་མཐར་འབེབས་ཆུང་ངོ་། །ལྔ་པ་བདེ་དྲོད་བསྐྱེད་པ་ནི། སེམས་སྐྱིལ་བརླ་བཞག་ལས་བུམ་ཅན། རྡོར་སྐྱིལ་མཉམ་བཞག་རྩེ་སྤྲོད་དོ། །དྲུག་


PS010_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲིད་པའི་དབང་ཞུ་བ་ནི། །སྔར་ལྟར་གྱི་རྗེས་སུ་ལག་གཉིས་ཁུ་ཚུར་སར་བཙུགས། རྡོར་སྐྱིལ་བཏེག་ལ་འབེབས་པ་དང་ལྷན་ཅིག་ལག་མགོ་དཔུང་མགོར་བརྡེག་པ་ལན་གསུམ་མོ། །བདུན་པ་རླུང་ལྟར་ཞོན་པ་ནི། སྔོན་འགྲོ་བཅུ་གསུམ་པའི་ཐ་མ་ལྟར་རོ། །༈གསུམ་པ་རྩ་བ་དྲུག་པ་ལ། དང་པོ་རི་བོང་དབབ་པ་ནི། རྐང་པ་སེམས་སྐྱིལ། ལག་གཉིས་པུས་སྟེང་། སྟོང་འདྲེན་དྲག་པོ་རེ་དང་དེ་བཞིན་སྨད་དུ་སྐྱུར་བ་གསུམ་གསུམ་བྱ་ཞིང་། སྒལ་ཚིགས་བསྲང་བའོ། །གཉིས་པ་བཟུང་བའོ། །སེམས་སྐྱིལ་བརླ་བཞག་ལས། བུམ་ཅན་བཟུང་བ་ཉིད་དོ། །གསུམ་པ་ལྡོག་པ་ནི། སེམས་སྐྱིལ་བརླ་བཞག །ལུས་ནང་དུ་དབུ་མ་ཡར་སྣ་ཚངས་བུག་མར་སྣ་རྡོར་རྩེར་སླེབ་པའི་མར་


PS010_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྣར་ཧཱུྃ་མགོ་ཕྱིར་བསྟན་བསམ། མགོ་རྒུ་ཞིང་ཧཱུྃ་སྒྲར་བཅས་སྟོང་འདྲེན་བྱ་ཞིང་ལྟག་པ་དགྱེ་བའོ། །བཞི་པ་དགྲམ་པ་ནི། སེམས་སྐྱིལ་སོགས་ལུས་འདུལ་ལུས་འཆི་མེད་དུ་བཤད་པ་ལྟར་གྱི་མཐར་ཧ་སྒྲར་བཅས་ལུས་ཆ་ཆ་ནས་སྤྲུག་པའོ། །ལྔ་པ་རླུང་དང་བསྲེ་བ་ནི། རྐང་པ་སེམས་སྐྱིལ་ལག་པ་ཁུ་ཚུར་པུས་མོར་ཉེ་བར་བརླ་བཞག །བུམ་ཅན་མཐར་རྡོར་སྐྱིལ་ལག་གཉིས་རང་ཕྱོགས་ནས་སར་བཙུག །རྡོར་སྐྱིལ་བཏེག་སྟེ་འབེབས་དུས་ལག་མགོ་དཔུང་པར་རྡེབ་པའོ། །དྲུག་པ་ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པ་ནི། རྡོར་སྐྱིལ་བཤིག་ལ་སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་ཞིང་ཕྱག་ཆེན་ལ་མཉམ་པར་བཞག་པའོ།། ༈ དེ་དག་གིས་ནི་གུ་ཆོས་དྲུག་གི་འཁྲུལ་


PS010_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་རགས་ཙམ་བསྟན་ཟིན་ཏོ། །བྱ་རྒོད་མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་གྱི། །སྤྲུལ་སྐུ་རིགས་གཅུང་ཡིད་བཞིན་ལེགས་གྲུབ་ཀྱིས། །བསྐུལ་ཕྱིར་པདྨ་འགྱུར་མེད་རྒྱ་མཚོས་བྲིས། །དགེ་བ་རྣམ་མཁྱེན་བྱང་ཆུབ་མཆོག་ཏུ་བསྔོ། །མྱུར་མཛད་མགོན་པོས་བཀའི་བྱ་ར་མཛོད་ཅིག །འདི་ནི་བྱ་རྒོད་དབོན་པོ་ཀུན་དགའ་ཕུན་ཚོགས་ལས་འཁྲུལ་འཁོར་གྱི་ལག་ལེན་རྣམས་སྨྱོས་བན་སྤུན་གྱིས་ཞིབ་མོར་ནོད་ཚེ་ཡི་གེར་བཏབ་པའོ། །འདི་དག་གིས་བརྒྱུད་པ་ནི། དྷརྨ་བརྡ་ཡན་ཁྲིད་བརྒྱུད་བཞིན་དང་། དེ་ལ་མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་དང་། གྲུབ་ཆེན་བློ་གྲོས་བཟང་པོ། གཉིས་ཀས་དབོན་པོ་ཀུན་དགའ་ཕུན་ཚོགས། དེས་བདག་ལའོ། །། དགེའོ། །

ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་། ངག་དབང་ཆོས་གྲགས།


PS010_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་བཞུགས་སོ། །


PS010_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་ལ། །གུས་བཏུད་མཆོད་པས་མཉེས་བྱས་ནས། །གང་ཞིག་སྣོད་ལྡན་བརྒྱུད་བཅས་དོན། །བྱིན་རླབས་ཆོ་གའི་གསལ་བྱེད་བྲི། །དེ་ལ་འདིར་སྒྱུ་ལུས་དབང་མོ་ཆེར་གྲགས་པ་ནི་ཀུན་མཁྱེན་གང་ཁྲོད་པའི་ཡི་གེ་སོར་བཞག་མཛད། དེ་ནས་ཐབས་ལམ་གྱི་དབང་བསྐུར་ནི། རྡུལ་ཚོན་གྱི་མཎྜལ་པདྨ་འདབ་བཞི་ལྟེ་བ་སེར། འདབ་མ་ཕྱོགས་ཚོན་


PS010_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཚོན་སྤུངས་སྔོན་པོ། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་གཏོར་མ་བཤམས། བགེགས་གཏོར་གཅིག་ཀྱང་ལོགས་སུ་བཤམས། དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་བདེ་མཆོག་ལྷ་བསྐྱེད་ཆོག་གཞུང་བཞིན་བྱ། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། བདག་བསྐྱེད་འདི་བྱིན་རླབས་གཞན་ཕལ་ཆེར་ལ་ཡང་རིགས་འགྲེ། མདུན་གྱི་མཎྜལ་ལ་


PS010_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ། སུམ་བྷ་ནི་ས་བགེགས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་སེང་ཁྲི་པདྨ་ཟླ་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས་བསྟིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་ས་མ་བྷ་ར་མཎྜལ་ས་པཱ་རི་ཝ་ར་ཨརྒྷཾ་སྭཱ་ཧཱ། །དེ་བཞིན་དུ་མཚན་སྔགས་རེ་རེའི་མཐར། པདྱཾ། པཥྤེ་སོགས་སྦྱར་ཏེ་མཆོད། མཚན་སྔགས་སྔོན་འགྲོའི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་ཞེས་པ་ནས། ཀུན་བཟང་ཧེ་རུ་ཀའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་


PS010_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟོད། གཏོར་མ་ལ་དམིགས་ཏེ། ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། མཚན་སྔགས་ཀྱི་མཐར། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿཞེས་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གིས་མཆོད། བསྟོད་པས་བསྟོད། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བདག་ཅག་སློབ་མར་བཅས་པ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབས་ཏེ་རྟོགས་པ་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །སྤྱི་བོར་བདེ་མཆོག་ལྷ་ལྔ་བསྐྱེད་པ་ནས་དབང་བཞི་པའི་བར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་རང་ཉིད་ཀྱིས་ཀྱང་བླངས། དེ་ནས་སློབ་མ་མདུན་དུ་འཁོད་པ་ལ་དམིགས་ནས། སརྦ་བིགྷྣན་ནམཿསརྦ་སོགས་ལན་གསུམ་གྱིས་བགེགས་ལ་གཏོར་མ་བསྔོས་ལ་རྡོ་རྗེ་གསོར། དྲིལ་བུ་བསིལ་ཞིང་། འདིར་བྱིན་རླབས་ཀྱི་བཀའ་


PS010_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་རྣམས་གཏོར་མ་འདི་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་བརྗོད་ལ་གཏོར་མ་ཕྱིར་དོར། སུམ་བྷ་ནི་བརྗོད། འདི་བྱིན་རླབས་གཞན་ཀུན་ལའང་རིགས་འགྲེ། དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཅེས་སོགས་སེམས་བསྐྱེད་བརྡ་སྤྲད། ཐབས་ལམ་གྱི་སྒོས་བཀའ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །དགའ་ཆེན་ཁྱོད་བདག་སོགས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བར་བཞུགས་པའི་སྤྱན་སྔ་ན་ཡར་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་


PS010_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་རྣམས་མཐོལ་ཞིང་བཤགས་པ་སྙམ་པ་དང་། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་སྙམ་པའི་དགའ་བ་བསྒོམ་པ་དང་། དུས་ད་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་སྨོན་པ་སེམས་བསྐྱེད་པ་དང་། སངས་རྒྱས་ཐོབ་པའི་ཕྱིར་དུ་ལམ་ལ་སློབ་སྙམ་པ་འཇུག་པ་སེམས་བསྐྱེད་པ། དགེ་བའི་རྩ་བ་ཅི་བྱས་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པའི་བསྔོ་བ་སྟེ་དེ་རྣམས་གསལ་བཏབ་པའི་སྒོ་ནས་འདིའི་རྗེས་ཟློས་གསུང་བ་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་


PS010_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག །རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་གཙང་སིང་སྦྱངས་ཏེ་འོད་ཀྱི་རང་བཞིན་དུ་གྱུར། དེ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞེས་སོགས་ཡུམ་དང་བཅས་པའི་བསྐྱེད་ཆོག་དཀྱུས་བཞིན། དེའི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་གྱིས་བརླབས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་


PS010_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདེ་མཆོག་ལྷ་ལྔའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། །ཌཱ་དྲིལ་ལམ་དྲིལ་བསིལ་དང་བསྟུན་ལ་ཡི་གེ་བདུན་པའི་མཐར། ཨ་བྷྱཿཤ་ཡ་ཨ་ཨ་ཨ་བཏགས་པ་ཚར་ཅི་རིགས་བརྗོད། ཡེ་ཤེས་དབབ་པ་འདི་ཡང་བྱིན་རླབས་ཀུན་ལ་རིགས་འགྲེ། དབང་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཡུམ་བཅས་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་བསྐྱེད་ཆོག་བཞིན་གསལ་བཏབ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་


PS010_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འོད་དང་འོད་ཟེར་གྱི་རྣམ་པར་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ། བླ་མ་དེ་ལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་མཉེས་པར་བྱས་པའི་མོས་པ་གནང་། གསོལ་བ་བཏབ་པ་འདི་ཡང་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་སྐྱ་ནར་ནར་བྱུང་། སྤྱི་བོར་ཐིམ་པས་སྨིན་མཚམས་ཡན་ཆད། གང་། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག །བུམ་པའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་དང་ཡི་གེ་བདུན་པའི་མཐར། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ །མྱུར་


PS010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དུ༴ །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིགཅེས་བརྗོད། ཡང་སྔར་གྱི་བདུད་རྩིའི་རྒྱུན་དེ་མགྲིན་པར་སླེབས་ཏེ། མགྲིན་པའི་རྩ་འཁོར་ཐམས་ཅད་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་ཡི་གེ་བདུན་པ་སོགས་སྔར་བཞིན། ཡང་བདུད་རྩིའི་རྒྱུན་དེ་སྙིང་གར་སླེབས་ཏེ། དེའི་རྩ་འཁོར་ཐམས་ཅད་གང་། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་སོགས་འདྲ། ཡང་བདུད་རྩིའི་རྒྱུན་དེ་ལྟེ་བར་སླེབ་སྟེ་དེའི་རྩ་འཁོར་ཐམས་ཅད་གང་བས་སྒོ་གསུམ་ཀའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ་སྙམ་པ་སོགས་འདྲ། རྗེས། གཙོ་བོས་སོགས་སྤྱི་དང་འདྲ། སླར་སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་བྱས་ལ་


PS010_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ་ཚར་གསུམ། མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྡུལ་ཚོན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཛཿཧཱུཾ་བཾ་ཧོཿས་བསྟིམ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དགེ་བ་བསྔོ། །༈སྒྱུ་ལུས་ཀྱི་དབང་བསྐུར་བའི་ཚེ། མཎྜལ་པདྨ་འདབ་བཞིའི་འདབ་བརྒྱད་གང་རུང་གསུང་ཀྱང་འདབ་བརྒྱད་ཕྱག་ལེན་མཛད། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཛེས་ཚོན། མཆོད་གཏོར་སོགས་སྔར་བཞིན། སློབ་དཔོན་རང་གི་སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་པད་ཉིའི་སྟེང་དུ་ཀྱེ་རྡོར་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་བདག་མེད་མ་སྔོན་མོ་གྲི་ཐོད་ཅན་དང་མཉམ་པར་སྦྱོར་བའི་གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་བསྟིམ། དེ་ཝ་པི་ཙུ་ཉེར་གཅིག་ལ་སོགས་པ་ཇི་ལྟར་རིགས་


PS010_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟླ། མདུན་བསྐྱེད་ཀྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སེང་ཁྲི་པད་ཉི་ཚངས་པ་བརྒྱ་བྱིན་གྱི་སྟེང་དུ་ཀྱེ་རྡོར་གོང་བཞིན། འདབ་མ་བརྒྱད་ལ་ཤར་དུ་གཽ་རི། ལྷོར་ཙཽ་རི། ནུབ་ཏུ་བེཏྟ་ལི། བྱང་དུ་གསྨ་རི། བྱང་ཤར་དུ་པུཀྐ་སི། ཤར་ལྷོར་རི་ཁྲོད་མ། ལྷོ་ནུབ་ཏུ་གདོལ་པ་མོ། ནུབ་བྱང་དུ་གཡུང་མོ་རྣམས་བསྐྱེད་ཆོག་ཇི་ལྟ་བ་བཞིན་ནམ། མཚན་ཙམ་བརྗོད་པས་ཀྱང་ཆོག །ཤྲཱི་ཧེ་བཛྲ་མཎྜལ་ས་པཱ་རི་ཝ་ར་ཞེས་པའི་མཚན་སྔགས། ཨརྒྷཾ་སོགས་རེ་རེའི་དབུར་སྦྱར་ཏེ་མཆོད། ཤཔྟ་ནས་དྲིལ་བསིལ་བྱ་ཞིང་། དྷརྨཱ་ར་ཎི་ཏ་བརྗོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཐམས་ཅད་དངོས་པོའི་རང་བཞིན་སོགས་ཀྱི་བསྟོད།


PS010_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ་ཚུལ་ཐབས་ལམ་གྱི་སྐབས་ཀྱི་འགྲོས་སྦྱར་བས་ཤེས། དེ་ནས་རང་གི་སྤྱི་བོར་པད་མ་འདབ་བརྒྱད་པད་ཉི་དང་བཅས་པའི་སྟེང་དུ་ཀྱཻ་རྡོར་ལྷ་དགུ་གསལ་བཏབ་པ་ནས་བཟུང་དབང་བཞི་པའི་བར་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་བགེགས་གཏོར་དཀྱུས་བཞིན། མཎྜལ། གསོལ་བཏབ། རྒྱུན་བཤགས། སློབ་མ་ཀྱེ་རྡོར་དུ་བསྐྱེད་པ་ལ་ཡེ་ཤེས་དབབ་པ་རྣམས་སྔར་གྱི་འགྲོས་སྦྱར་བས་ཤེས། དངོས་གཞི་ལ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཉིའི་སྟེང་དུ་བླ་མ་དང་ཐ་མི་དད་པའི་ཀྱེ་རྡོར་ཡབ་ཡུམ་བཞུགས་པའི་མོས་པ་གནང་། ལུས་ཀྱི་གསང་གནས་ནས་བཟུང་དབུས་དྲང་པོར་རྩ་དབུ་མ་དཀར་གསལ་ཡས་སྣེ་ཚངས་བུག་ཏུ་ཁ་ཤག་སྟེ་ཕྱེ་བ། དབུ་མའི་མས་སྣེར་ཡི་གེ་


PS010_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་གཅིག་གསལ་བཏབ། སྤྱི་བོའི་བླ་མ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ལ། བླ་མ་རིན་པོ་ཆེ་བདག་ལ་ཞེས་སོགས་སྔར་གྱི་གསལ་བཏབ་དེ་ལན་གསུམ། དབུ་མའི་མས་སྣེའི་རཾ་ལས་ཡེ་ཤེས་ཀྱི་མེ་སྦར་ནས་དབུ་མའི་ནང་ནས་ཡར་སོང་། སྤྱི་བོའི་བླ་མ་ཀྱེ་རྡོར་ལ་རེག་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། སྤྱི་བོའི་བླ་མའི་ཐུགས་ཀར་ཞུགས་པ་དང་སྐུ་ལུས་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོའི་དབུ་མ་ན་མར་སོང་བས་བདེ་བ་སྐྱེས། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སོགས་འདྲ། ཌཱ་དྲིལ་དང་དེ་ཝ་པི་ཙུ། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་


PS010_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། སྤྱི་བོའི་བླ་མ་ཡབ་ཡུམ་སྙོམས་འཇུག་བྱས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས། སྤྱི་བོ་ནས་སོགས། མགྲིན་པའི་དབུ་མ་གང་སྟེ་བདེ་བ་སྐྱེས། གསང་བའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་སྤྱི་བོའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་ཡུམ་གྱི་ཐུགས་ཀ་ནས་ཡུམ་གཅིག་བྱུང་སྟེ་ཁྱེད་རང་ཀྱེ་རྡོར་དུ་གསལ་བ་དང་སྙོམས་འཇུག་བྱས་པས་ཡུམ་དང་རང་བདེ་བ་རྒྱས་ཤིང་འོད་ཀྱི་རྣམ་པར་གྱུར་པས་ཟག་མེད་ཀྱི་བདེ་བ་སྐྱེས་ཏེ་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་ཀྱེ་རྡོར་ཡབ་ཡུམ་དུ་གསལ་བའི་ཡུམ་


PS010_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཐིམ། རང་ཉིད་འོད་དུ་ཡལ་སོང་སྟེ་སེམས་མ་བཅོས་པའི་ངང་ལ་དར་ཅིག་འཇོག་པ་ཞུ་ཌཱ་དྲིལ་སོགས་འདྲ། དེས་དབང་བཞི་པ་ཐོབ་པ་ཡིན་རྗེས། གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་སོགས་འདྲ། །༈རྨི་ལམ་གྱི་དབང་བསྐུར་ནི། གནས་དབེན་པར་མཎྜལ་པདྨ་འདབ་བཞི། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཆོད་གཏོར་སོགས་དཀྱུས་བཞིན། སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དང་། ཡི་གེ་བདུན་པ་བཟླས་པ་དཀྱུས་བཞིན། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས། ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་དང་ཕྱོགས་བཞིར་པདྨ་དང་ཉི་མའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་


PS010_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷན་སྐྱེས་ཡབ་ཡུམ། ཤར་དུ་དགྱེས་མཛད་རྡོ་རྗེ། ལྷོར་གསང་བ་འདུས་པ། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་རྡོ་རྗེ་འཇིགས་བྱེད་རྣམས། ཡུམ་དང་བཅས་པ་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་པ་བཅུག །ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝ་ར་སྔོན་དུ་འགྲོ་བའི། ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་སམ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིང་བཏགས་པ་སོགས་ཀྱིས་ཕུལ། དེ་ནས་སློབ་དཔོན་རང་གི་སྤྱི་བོ་ལོགས་གནས་བཞིར་ཧཱུྃ་དང་ཧྲཱིཿལ་སོགས་པའི་ས་གཞི་བསམ་སྟེ་དེ་ཞུ་བ་ལས་སྤྱི་བོར་བདེ་མཆོག་ལྷ་ལྔ་གསལ་བཏབ་པ་ནས་བཟུང་དབང་བཞི་པའི་བར་འོག་ཏུ་སློབ་མ་ལ་ཇི་


PS010_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱ་བ་བཞིན་བླངས། དེ་ནས་སློབ་མ་ལ་བགེགས་གཏོར་ཕྱིར་དོར། མཎྜལ་གསོལ་བཏབ་ནས་བཟུང་སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་བར་སྔར་བཞིན། དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། །ཁྱེད་རང་གི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྣམས་སུ་པདྨ་དང་ཉི་མའི་གདན་རེ་རེ་བསམ་པའི་སྟེང་དུ་སྤྱི་བོར་ཧཱུྃ། མགྲིན་པར་ཧྲཱིཿསྙིང་ཁར་ཧཱུྃ་རྣམས་སྔོན་པོ། ལྟེ་བར་ལམ་དམར་སེར། སྤྱི་བོའི་ཧཱུྃ་འོད་དུ་ཞུ་བ་ལས་བདེ་མཆོག་ལྷ་ལྔ། མགྲིན་པའི་ཧྲཱིཿཞུ་བ་ལས་མ་ཧཱ་མ་ཡ་ལྷ་ལྔ། སྙིང་གའི་ཧཱུྃ་ཞུ་བ་ལས་དགྱེས་མཛད་རྡོ་རྗེ་ལྷ་དགུ་བསྐྱེད་ཆོག་བཞིན། འཁོར་རྣམས་མཚན་ཙམ་བརྗོད་པས་ཀྱང་ཆོག །ལྟེ་བའི་ལམ་ཞུ་བ་ལས་འཇམ་པའི་རྡོ་རྗེ་དམར་སེར་ཞལ་གསུམ་ཕྱག་དྲུག་པ་ཡུམ་


PS010_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་རྡོ་རྗེ་མ་དང་བཅས་པ། དེའི་འཁོར་དུ་རྣམ་སྣང་ལ་སོགས་པའི་རིགས་བཞི། སྤྱན་མ་ལ་སོགས་པའི་ཡུམ་བཞི། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག །གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་བཞི་སྟེ་ལྷ་བཅུ་དགུ་ཅེས་པའི་ཚིག་ཙམ་མམ་བསྐྱེད་ཆོག་རྒྱས་པ་བརྗོད་ནའང་རུང་། དེ་ནས། སྤྱི་བོའི་ལྷ་ཚོགས་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འོད་ཀྱིས་ཁྱབ། དེ་ལ་བརྟེན་ནས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་མགྲིན་པའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཟེར་གྱིས་ཁྱབ། ངག་གི་དྲི་མ་དག །གསང་བའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ།


PS010_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ་བྱིན་རླབས་འདྲ། ཡང་སྙིང་གའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ཁྱབ། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ། དེ་བ་པི་ཙུ་བཟླ་བ་སོགས་འདྲ། ཡང་ལྟེ་བའི་ལྷ་ལ་ཡིད་ཀྱིས་མཆོད། སྐུ་ལས་འོད་ཟེར་འཕྲོས། སྤྲུལ་པའི་འཁོར་ལོ་འོད་ཟེར་གྱིས་ཁྱབ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པ་དག །དབང་བཞི་པ་ཐོབ་སྙམ་པ་ཌཱ་དྲིལ། ཨོཾ་བཛྲ་དྷྲིཀ་ཧཱུཾ་བྱིན་རླབས་འདྲ། དེ་ནི་བསྐྱེད་རིམ་གྱི་དབང་བཞི་ཡིན། ཞུ་བདེའི་དབང་ལ་ཐུགས་འདུན་འདི་བཞིན་གནང་བ་ཞུ། ཁྱེད་རང་གི་སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ་ནས་སྤྱི་བོའི་ནང་ཐམས་ཅད་གང་བར་བསམ། དེ་བུམ་དབང་ཡིན། སྤྱི་བོའི་འོད་དེ་


PS010_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ལྷ་ལ་ཐིམ་པས་མགྲིན་པ་གང་བར་བསམ། དེ་གསང་དབང་ཡིན། ཡང་མགྲིན་པའི་ལྷ་ཚོགས་ཞུ་ནས་སྙིང་གའི་ལྷ་ལ་ཐིམ། ཡང་ལྟེ་བའི་ལྷ་ཚོགས་ཞུ་ནས་ལྟེ་བ་མན་ཆད་འོད་ཀྱིས་གང་སྟེ་སླར་སྙིང་གར་ཐིམ་པ་དང་། དེས་སྙིང་གའི་ལྷ་ཚོགས་རྣམས་འོད་དུ་ཞུ་ཞིང་འདྲེས་པས་ཟག་མེད་ཀྱི་བདེ་བ་རྒྱས་ཏེ་ཡིད་ཀྱི་སྒྲིབ་པ་དག་པར་མོས་པ་གནང་། དེ་ཤེར་དབང་ཡིན། དེ་ལྟར་བདེ་བ་སྐྱེས་པ་དེ་འཛིན་མེད་ཀྱི་ངང་དུ་བཤིག་ནས་སེམས་མ་བཅོས་པར་དར་ཅིག་འཇོག་པ་ཞུ། དེ་དབང་བཞི་པ་ཡིན། རྨི་ལམ་གྱི་ཁྱད་པར་གྱི་བྱིན་བརླབས་ནི། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གི་ནང་དུ་ཡི་གེ་བདུན་པ་ཁ་དོག་སྔོན་པོ་འོད་ཀྱི་རང་བཞིན་ཁྲུག་ཁྲུག་པ་ལ་སེམས་གཏད་


PS010_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་རྨི་ལམ་ཡིན་སྙམ་པའི་དྲན་འདུན་རེ་གནང་བ་ཞུ། རྗེས། གཙོ་བོས་སོགས་ནས་ཡིག་བརྒྱའི་བར་སོགས་འདྲ། ༈འོད་གསལ་གྱི་དབང་བསྐུར་བའི་ཚེ། མཎྜལ་པདྨ་འདབ་བཞི་ལྟེ་བ་སེར། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཆོད་གཏོར་སྔར་བཞིན་བཤམས། དེ་ནས་སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་བསྐྱེད་པ་དང་བཟླས་པ་དཀྱུས་བཞིན། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་བདེ་མཆོག་ལྷ་ལྔ་བསྐྱེད་པ་དང་གཏོར་མའི་བར་རིགས་འགྲེ། མཚན་སྔགས། ཙཀྲ་སཾ་བྷ་ར་མཎྜལ་ས་པཱ་རི་ཝ་ར་སོགས་འདྲ། སློབ་དཔོན་རང་གི་སྤྱི་བོར་པདྨ་འདབ་བཞི་ལྟེ་བ་དང་བཅས་པར་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བར་གསལ་བཏབ་པ་ནས་དབང་བཞི་པའི་བར་འོག་ནས་འབྱུང་བ་


PS010_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བླངས། དེ་ནས་སློབ་མ་ལ་བགེགས་གཏོར་ནས་བཟུང་བདེ་མཆོག་ཏུ་བསྐྱེད་ལ་ཡེ་ཤེས་དབབ་པའི་བར་སྔར་བཞིན། དབང་གི་དངོས་གཞིའི་སླད་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་འདབ་མ་བཞི་པའི་ལྟེ་བར་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ཡབ་ཡུམ་དང་། འདབ་མ་བཞི་ལ་རྣལ་འབྱོར་མ་བཞི། དེ་དག་གི་མཐའ་བསྐོར་དུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པའི་མོས་པ་གནང་ལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་རིན་ཆེན་སྣ་བདུན་དང་། ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྣམ་པར་བསྒྱུར་ནས་དེ་དག་གྱི་སྤྱན་སྔ་ན་ཡར་ཕུལ་བས་ཐུགས་མཉེས་པར་བསམ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། སྤྱི་བོའི་བླ་མ་


PS010_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་གི་སྐུ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕོག་པས་དེ་རྣམས་ཀྱི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བྱུང་སྟེ་བླ་མའི་སྤྱི་བོར་ཐིམ། བླ་མའི་སྐུ་ལས་བདུད་རྩི་དཀར་པོ་བྱུང་སྟེ་བདག་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས། བུམ་པའི་དབང་ཐོབ་སྙམ་པའི་ཌཱ་དྲིལ་དང་ཡི་གེ་བདུན་པ་སོགས་འདྲ། ཡང་སྔར་ལྟར་མཆོད་པས་བླ་མའི་ལྗགས་སྟེང་ནས་འོད་ཟེར་པདྨ་རཱ་ག་ལྟ་བུ་བྱུང་སྟེ། རང་གི་ལྕེ་ཐོག་ཏུ་ཐིམ་པས་ངག་གི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས། གསང་བའི་དབང་ཐོབ་སྙམ་པའི་སོགས་འདྲ། ཡང་སྔར་ལྟར་མཆོད་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བཻ་ཌཱུར་ཡའི་མདོག་


PS010_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས་ཟག་མེད་ཀྱི་བདེ་བ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་སོགས་འདྲ། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་གི་སྤྱི་བོའི་བླ་མ་འཁོར་བཅས་འོད་དུ་ཞུ་རང་ལ་ཐིམ་པས། རང་ལུས་འོད་དུ་ཡལ་སོང་སྟེ། རང་སེམས་འོད་གསལ་ཕྱག་རྒྱ་ཆེན་པོ་ཅིར་ཡང་མི་རྟོག་པའི་ངང་ལ་དར་ཅིག་འཇོག་པ་ཞུ། དེས་ནི་དབང་བཞི་པ་ཐོབ་པ་ཡིན་ཌཱ་དྲིལ་འདྲ། རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་སོགས་འདྲ། ༈འཕོ་བའི་དབང་བསྐུར་བའི་ཚེ། མཎྜལ་ཟླུམ་སྐོར་ལ་ཆོས་འབྱུང་དམར་པོ་ཉིས་བརྩེགས་ཀྱི་གོང་རས་ལྗང་གུ་མུ་ཁྱུད་ནག་པོ་བྱ། ཆོས་འབྱུང་གི་དབུས་སུ་རྡོ་རྗེ་སྔོན་པོ་གཅིག་བྲིས། དེའི་སྟེང་མཉྫིའི་ཁར་མེ་ལོང་ལ་སིན་དྷུ་རའི་ཆོས་འབྱུང་ཉིས་


PS010_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས། དབུས་སུ་བྃ་ལ་ཨོཾ་ཨཱཿཧཱུྃ་ཚན་པ་གསུམ་གྱིས་བསྐོར། དེའི་ཕྱི་མར་ཨ་དགུ་བྲིས། ཟུར་དྲུག་ལ་གོ་ཆའི་སྔགས་ཨོཾ་བྃ་ཧཾ་ཡྃ། ཧྲིཾ་མཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་བྲི། གོང་རས་དྲུག་ལ་གཡུང་དྲུང་འཁྱིལ་བ་རེ་བྲིས་ཏེ་བཞག །མཆོད་གཏོར་དཀྱུས་བཞིན། སློབ་དཔོན་གྱི་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་དང་། ཡི་གེ་བདུན་པ་བཟླ། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ་བདེ་བར་རྒྱུ་ཞིང་བདེ་བར་འཆར་བ་འོད་ཀྱི་རང་བཞིན་ཅན། དེའི་ནང་དུ་མི་རོ་དཀར་པོ་མགོ་གཡས་སུ་བསྟན་པའི་སྟེང་ན། མཁའ་སྤྱོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་རྡོ་རྗེ། གཡོན་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ། ཞབས་གཉིས་བསྒྲད་པ། ཌཱ་ཀི་མའི་འཁོར་གྱིས་བསྐོར་བ་དེའི་གནས་


PS010_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན་གྱིས་བརླབས། འོག་མིན་ནས་མཁའ་སྤྱོད་མ་སྤྱན་དྲངས་ལ་བསྟིམ། ཨོཾ་བཛྲ་ཡོ་གི་ནི་ས་པཱ་རི་ཝ་ར་རེ་རེའི་དབུར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་སྔོན་འགྲོའི། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིཾང་སོགས་ལན་གསུམ། ཕྱི་མཆོད་ནང་མཆོད་བསྟོད་པ་སོགས་བྱ། དེ་ནས་རང་གི་སྤྱི་བོར་ཆོས་འབྱུང་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ་བདེ་བར་རྒྱུ་ཞིང་ཞེས་པ་ནས་དབང་བཞི་པའི་བར་དང་། འཕོ་བའི་ཁྱད་པར་གྱི་བྱིན་རླབས་རྣམས་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་སློབ་མ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་དང་བགེགས་


PS010_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དཀྱུས་བཞིན། མཎྜལ་གསོལ་བཏབ་རྒྱུན་བཤགས་སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པ་རྣམས་སྔ་མ་དག་གི་རིགས་འགྲེས་སྦྱར་བས་ཤེས། དངོས་གཞི་ལ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཆོས་འབྱུང་ཉིས་བརྩེགས་ཅེས་པ་ནས། ཌཱ་ཀི་མས་བསྐོར་ཅེས་པའི་བར། མདུན་བསྐྱེད་བཞིན་གསལ་བཏབ། དེ་ལ་གུས་པ་དང་བཅས་ཏེ་དུས་གསུམ་གྱི་དགེ་རྩ་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་རྣམ་པར་བསྒྱུར་ནས་སྤྱི་བོའི་མཁའ་སྤྱོད་མ་ལ་ཡིད་ཀྱིས་མཆོད་པ་ཕུལ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ་གྱི་གསོལ་བ་བཏབ། དེ་ནས་བླ་མ་དང་དབྱེར་མེད་པའི་སྤྱི་བོའི་མཁའ་


PS010_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མའི་གསང་གནས་ནས་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་བྱ་ཞིང་ཨོཾ་གསུམ་མ་བརྗོད། ཡང་ཡིད་ཀྱིས་མཆོད་པ་ཕུལ་ལ། མཁའ་སྤྱོད་མའི་གསང་གནས་ནས་བྱང་སེམས་དཀར་དམར་ཁྱེད་རང་གི་ལྕེ་ཐོག་ཏུ་བབས་པས་མགྲིན་པ་གང་སྟེ་ངག་གི་སྡིག་སྒྲིབ་དག །གསང་དབང་ཐོབ་སྙམ་པའི་མོས་པ་དང་ཌཱ་དྲིལ་སོགས་འདྲ། ཡང་ཡིད་ཀྱིས་མཆོད་དེ། གསང་གནས་ནས་བྱང་སེམས་དཀར་དམར་ཁྱེད་རང་གི་སྙིང་ག་ཆོས་ཀྱི་འཁོར་ལོ་གང་སྟེ་ཡིད་ཀྱི་སྡིག་སྒྲིབ་དག །ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་


PS010_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོས་པ་སོགས་འདྲ། ཡང་མཁའ་སྤྱོད་མ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་མཁའ་སྤྱོད་མ་ཁྱེད་རང་གི་སྤྱི་བོར་ཐིམ་ནས་ལྟེ་བར་སླེབ་པ་དང་བདེ་བ་ལ་སྟོང་པས་ཁྱབ་སྟེ་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་སེམས་མ་བཅོས་པར་དར་ཅིག་འཇོག་པ་ཞུ། དེས་ནི་དབང་བཞི་པ་ཐོབ་པ་ཡིན། ཌཱ་དྲིལ་སོགས་འདྲ། འཕོ་བའི་ཁྱད་པར་གྱི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་བདེ་མཆོག་དུ་གསལ་བའི་དཔུང་པ་གཉིས་ཀྱི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མའི་ཞབས་བཞག །དེའི་གསང་གནས་པདྨ་དམར་པོ་ཁ་བྱེ་བ་ལྟ་བུ་རང་གི་ཚངས་བུག་དང་སྤྲད་པའི་རྣམ་པར་གསལ་བཏབ། ལྟེ་བར་རང་སེམས་ཨཱཿདཀར་པོ་འཕུར་ལ་ཁད་པ་རྒོད་ཀྱི་ཐེ་ཐུང་ལྟ་བུ་རང་རླུང་གིས་ཡེམ་ཡེམ་


PS010_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་བཞིན་པ་དེས་གྱེན་དུ་བལྟས་པས་ཚངས་བུག་སྐྱ་ཧར་རེ་བ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་དེར་འགྲོ་བའི་འདུན་པ་དྲག་པོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་དུ་གསོལ། ལན་གསུམ། རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བ་ཐག་བརྐྱང་བ་ལྟ་བུ་ནར་བྱོན། རང་གི་སྤྱི་བོ་ནས་ཞུགས། ལྟེ་བའི་ཨ་ལ་རེག་པས་ཁ་བ་ལེན་ལ་ལྕགས་འཇུ་བ་ལྟར་འཐེན་ནས་ལུས་ཀྱི་དབུ་ན་ཡར་ཡེ་རེ་རེ་སོང་། ཚངས་བུག་ནས་ཐོན། བྷ་ག་ནས་ཞུགས། ཐུགས་ཀར་སླེབ་པ་ཙམ་ལ་ཏོག་ཟེར་བའང་འདུག་ཏོག་སྒྲ་དང་བཅས་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ལ་ཡེད་ཀྱིས་བྱོན། བློས་འཁྱུད་ཚད་དུ་བྱོན་པ་དང་དག་པ་མཁའ་སྤྱོད་དུ་ཕེབས་པར་བསམ། རྣལ་འབྱོར་མ་འཇའ་ཡལ་བ་ལྟར་བསམ་ལ་རིག་པ་བརྗོད་མེད་དུ་འཇོག་


PS010_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞུ། ཌཱ་དྲིལ་དང་ཨོཾ་གསུམ་མ་བྱ། ཡང་ནམ་མཁའ་ལ་སྤྲིན་རྡོལ་བ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལམ་གྱིས་བྱོན། མར་བབས་དཔུང་པའི་སྟེང་དུ་ཞབས་བཞག་པའི་ཐུགས་ཀ་ནས་རང་སེམས་ཨ་ཆད་ལྟེ་བར་སླེབ། ཡང་གསོལ་འདེབས་སོགས་གོང་བཞིན་ཏེ་དྲིལ་བས་ཚར་གསུམ་མཛད། མཐར་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ནས་ལམ་གྱིས་བྱོན་པ་འོད་དུ་ཞུ་སྤྱི་བོ་ནས་ཐིམ་པས་སྤྱི་བོ་སྲ་ཞིང་མཁྲེགས་པ་རྡོ་རྗེའི་རང་བཞིན་དུ་བསམ། རྗེས་གཙོ་བོས་སོགས་སྤྱི་དང་འདྲ། འོག་ཏུ་མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་འབྱུང་བའི་མཁའ་སྤྱོད་དམར་མོ་དེ་དང་འདི་གཅིག་ཡིན་གསུངས། ཁྱུང་པོ་རང་གིས་མཛད་པའི་འཕོ་བའི་སྒོས་བཀའ་ལ་འདི་ཀ་གསུངས་འདུག །ཡང་ཡིག་རྙིང་འགའ་ཞིག་ཏུ་འཕོ་བའི་སྒོས་བཀའ་ལ་བདེ་མཆོག་ལྷ་ལྔ་ལ་བརྟེན་པའི་དབང་བཞི་དང་སློབ་མ་བདེ་མཆོག་ཏུ་བསྒོམ་པའི་ལྟེ་བའི་


PS010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་གི་ནང་དུ་ཡི་གེ་ཨ་བསམ་ནས་སྤྱི་བོའི་སྟེང་གི་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་པད་ཉིའི་སྟེང་དུ་བླ་མ་དམ་པ་བསྒོམ་པའི་ཐུགས་ཀར་ཨ་དེ་བསྟིམ་པའི་དམིགས་པའི་ཁྱད་པར་དང་བཅས་པ་བཤད་སྣང་ངོ་། །༈དྲུག་པ་བར་དོའི་དབང་བསྐུར་ནི། མཎྜལ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར་པོ། མེ་རླུང་སེར་པོ། བདེན་བྲལ་ལྗང་གུ། དབང་ལྡན་སྔོན་པོ། ལྟེ་བ་དང་འདབ་མ་བརྒྱད་ལ་ཚོན་སྤུངས་སྔོན་པོ་རེ་འགོད། མཐར་མཆོད་གཏོར་སོགས་བཤམས། སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས་བརྗོད། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སྐད་ཅིག་གིས་ཧེ་བཛྲ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་རྐྱང་བསྐྱེད་བྱིན་རླབས། ཡེ་ཤེས་པ་བཅུགདེ་ཝ་པི་ཙུ་བཟླ། མདུན་བསྐྱེད་ལ་དམིགས་ཏེ། སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་ཕྱི་


PS010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རྡོ་རྭ་མེ་རིས་བསྐོར་བ། ནང་འདབ་མ་བརྒྱད་དང་ལྡན་པའི་དབུས་པད་ཉིའི་སྟེང་དུ་ཧེ་བཛྲ་ཡབ་རྐྱང་། འདབ་མ་བརྒྱད་ལ་བདག་མེད་མ་གྲི་ཐོད་ཅན་གཞོན་ཞིང་སྒེག་པ་བདེ་བ་རྒྱས་པ་བརྒྱད་བསམ། གནས་གསུམ་བྱིན་རླབས་ཡེ་ཤེས་པ་ལྷ་དགུ་སྤྱན་དྲངས་ནས་བསྟིམ། མཚན་སྔགས་སྔོན་དུ་འགྲོ་བས་ཕྱི་མཆོད་ནང་མཆོད་ཕུལ། ཐམས་ཅད་དངོས་པོའི་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་བྱ། རང་གི་སྤྱི་བོར་པད་འདབ་ལྟེ་བ་དང་བཅས་པར་ལྷ་དགུ་བསྐྱེད་པ་ནས་དབང་བཞི་པའི་བར་སློབ་དཔོན་རང་ཉིད་ཀྱིས་བླངས། དེ་ནས་སློབ་མ་བོས་ལ་བགེགས་གཏོར་དཀྱུས་བཞིན། སློབ་མ་དགྱེས་རྡོར་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་བར་འདྲ། དངོས་


PS010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནི། སློབ་མའི་སྤྱི་བོར་པདྨ་འདབ་བརྒྱད་ཁ་ཕྱེ་བའི་ལྟེ་བ་ལ་ཧེ་བཛྲ་དང་། འདབ་མ་བརྒྱད་ལ་བདག་མེད་མ་བརྒྱད་སྔར་བཞིན་གསལ་བཏབ། དེ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་དུ་གཞུག །བླ་མ་རིན་པོ་ཆེ་བདག་ལ་ཞེས་སོགས་ཀྱིས་གསོལ་བ་ལན་གསུམ། དེ་ནས་སྤྱི་བོའི་ལྷ་ཚོགས་རྣམས་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་བས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ལུས་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་དུ་གྱུར། དེའི་ངང་ལས་ཁྱེད་རང་ཧེ་བཛྲ་དཔའ་བོ་གཅིག་པར་ལམ་གྱིས་གྱུར། དེས་བུམ་པའི་དབང་ཐོབ་པ་ཡིན་ཞེས་བརྡའ་སྦྱར་ལ། དེ་ཝ་པི་ཙུ་དང་ཌཱ་དྲིལ། ཡང་ཡིད་ཀྱིས་མཆོད་པ་ཕུལ་བས། སྤྱི་བོའི་


PS010_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་བརྒྱད་གཅིག་ཏུ་གྱུར་ནས་ཡབ་ལ་འཁྱུད་པས་ཡབ་ཡུམ་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདེ་ཁྲི་ལི་ལི་བྱུང་ནས་རང་གི་ལྕེ་ཐོག་ཏུ་བབས་པས་ངག་གི་སྡིག་སྒྲིབ་དག་བདེ་བ་སྐྱེས་གསང་བའི་དབང་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག་སྔགས་དང་ཌཱ་དྲིལ། ཡང་མཆོད་པས་ཡུམ་དེ་ལས་བདག་མེད་མ་བདེ་བ་རྒྱས་པ་གཅིག་ཆད་ནས་བྱུང་སྟེ་བདག་ཉིད་ཡབ་ཏུ་གསལ་བ་ལ་འཁྱུད་ནས་སྦྱོར་བ་བྱས་པས་ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས། སེམས་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྔགས་དང་ཌཱ་དྲིལ། ཡང་སྤྱི་བོའི་ཡབ་ཡུམ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་ལྷ་ཡབ་ཡུམ་གདན་དང་བཅས་པ་འོད་དུ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཐིམ་པས་རང་


PS010_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྷ་སྐུ་སྔར་བས་ཀྱང་གསལ་བར་གྱུར་ཏེ་ལུས་ལྷ་སྐུ་གསལ་ལ་རྟོགས་པ་མེད་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག །དེས་དབང་བཞི་པ་ཐོབ་པ་ཡིན། སྔགས་དང་ཌཱ་དྲིལ་བྱ། ཡང་ཁྱད་པར་གྱི་བྱིན་རླབས་ཀྱི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་མདུན་དུ་ཆོས་འབྱུང་སྔོན་པོ་སྤང་རྒྱན་མེ་ཏོག་ཁ་བྱེ་བ་ལྟ་བུའི་ནང་དུ་རང་སེམས་ཧཱུྃ་སྔོན་པོ་གཅིག་ཏུ་བསྒོམ་མཛོད། །དེ་ལས་འོད་ཟེར་འཕྲོས་པས་འདས་མ་འོང་ད་ལྟར་གྱི་མངལ་གྱི་ལན་ཆགས་བག་ཆགས་དྲི་མ་ཐམས་ཅད་སྦྱངས། སྣང་སྲིད་ཐམས་ཅད་དགྱེས་རྡོར་ཡབ་ཡུམ་དུ་ལམ་མེར་གསལ་བ་ལ་རྨི་ལམ་སྒྱུ་མ་བར་དོའི་དྲན་འདུན་རེ་གནང་བ་དང་། མཐར་འཛིན་མེད་དུ་ཆམ་གྱིས་འཇོག་པ་ཞུ། རྗེས། གཙོ་བོས་སོགས་འདྲ།


PS010_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་བཀའ་འདི་དག་ཁྲིད་ཀྱི་གནས་སྐབས་གང་དང་གང་དུ་བྱ་བ་ནི། དག་བྱེད་ཨའི་དམིགས་པ་གསུམ་སོང་ཚར་ནས་ཐབས་ལམ་གྱི་ཁྲིད་འཛུགས་པའི་ཉམས་ལེན་མདུན་གྱི་གཤོམས་རྣམས་གྲུབ་པ་དང་བསྔུན་་སློབ་མས་ཡིག་བརྒྱ་དང་བརྒྱུད་འདེབས་བྱ་རིན་སློབ་དཔོན་གྱིས་ཐུགས་དམ་བསྒྲུབ་པའི་རིམ་པ་རྣམས་བྱ། དེ་ནས་སྒོས་བཀའ་བསྐུར་ནས་ཁྲིད་འཛུགས། དེ་བཞིན་དུ་སྒྱུ་ལུས་སོགས་འོག་མ་རྣམས་ལ་ཡང་རིགས་འགྲེའོ། །འདི་དག་ཁྱུང་པོའི་ཡིག་རྙིང་གཞིར་བཞག་ལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི། གསུང་གི་གསང་བ་ཟབ་མོས་བརྒྱན་ཏེ་བཀོད། །དང་པོའི་ལས་ཅན་རྣམས་ལ་ཕན་གྱུར་ཅིག །དེ་ལྟར་ཡེ་ཤེས་མཁའ་འགྲོའི་ཞལ་རླངས་ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཆུ་མོ་བྱའི་ལོ་སྤུ་དཀར་བླ་བྲང་རྫོང་དུ་གོ་བདེ་བཀླགས་


PS010_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ཏུ་བཀོད་པའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ། །འདིས་ཀྱང་ཚར་ཆེན་ཡབ་སྲས་ཀྱི་བསྟན་པ་དྲི་མ་མེད་པ་ཡུལ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

ནི་གུ་ཆོས་དྲུག་བརྒྱུད་པའི་གསོལ་འདེབས་ལམ་རིམ་བསྡུས་དོན་དང་བཅས་པ། ཀུན་དགའ་ལྷུན་གྲུབ།


PS010_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་བརྒྱུད་པའི་གསོལ་འདེབས་ལམ་རིམ་བསྡུས་དོན་དང་བཅས་པ་བཞུགས་སོ། །ཨོཾ་སྭ་སྟི། །ཁྱབ་བདག་དང་པོའི་སངས་རྒྱས་རྡོ་རྗེ་འཆང་། །ཡེ་ཤེས་སྒྱུ་མའི་གར་སྒྱུར་ནི་གུ་མ། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་བརླབས། །ཟབ་ལམ་རྣལ་འབྱོར་མཐར་ཕྱིན་རྨོག་ལྕོག་པ། །ཐུགས་རྗེ་ཆེན་པོ་དབོན་སྟོན་སྐྱེར་སྒང་པ། །ཆོས་སྲུང་བྲན་འཁོལ་གཉན་སྟོན་ཆེན་པོའི་ཞབས། །གསོལ་བ༴ །འགྲོ་བའི་མགོན་པོ་སངས་རྒྱས་སྟོན་པའི་ཞབས། །མཁས་གྲུབ་ཆེན་པོ་གཙང་པ་ཤངས་སྟོན་པ། །མཁས་བཙུན་དབང་པོ་རྒྱལ་མཚན་འབུམ་པ་ལ། །གསོལ་བ༴ །ཁྱུང་པོའི་རིགས་འཁྲུངས་ཚུལ་ཁྲིམས་མགོན་པོ་དང་། །བྱ་བཏང་རྣལ་


PS010_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རི་ཁྲོད་རས་ཆེན་ཞབས། །སྤྲུལ་པའི་སྐུ་མཆོག་བུདྡྷ་བཛྲ་ལ། །གསོལ་བ༴ །ཕ་རྒོད་དབང་པོ་ཐར་པ་དཔལ་བཟང་པོ། །དྲིན་ཅན་བླ་མ་སངས་རྒྱས་རྣམ་རྒྱལ་དང་། །བསྟན་པའི་སྲོག་ཤིང་བློ་གསལ་རྒྱ་མཚོ་ལ། །གསོལ་བ༴ །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་ཕྱུག་དང་། །ཁྱབ་བདག་བླ་མ་དབང་ཕྱུག་རབ་བརྟན་པ། །འཁོར་ལོའི་མགོན་པོ་རྗེ་བཙུན་བཀའ་འགྱུར་བ། །ཉམས་རྟོགས་མངའ་བདག་ངག་དབང་རྣམ་རྒྱལ་ལ། །གསོལ་བ༴ །བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་དང་། །ངག་དབང་བློ་གསལ་བསྟན་པ་རབ་རྒྱས་རྗེ། །ཆོས་འདིའི་དྲིན་སྩོལ་རྩ་བའི་བླ་མ་ལ། །གསོལ་བ༴ ། ངག་གི་དབང་ཕྱུག་འགྲོ་བ་ཀུན་གྱི་གཉེན། །དགའ་བཞིའི་ལམ་སྟོན་གསུམ་ལྡན་རྡོ་རྗེ་འཛིན།


PS010_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

། ལྷུན་གྲུབ་ཕྲིན་ལས་བཟང་པོ་དྲིན་ཅན་རྗེ། །གསོལ་བ༴ ། ཐབས་ལམ་ཟབ་མོ་བདེ་དྲོད་མཐར་ཕྱིན་ནས། །སྒྱུ་ལུས་རྨི་ལམ་སྤྲུལ་བསྒྱུར་རྩལ་འབྱོངས་ཏེ། །འོད་གསལ་ཆེན་པོ་གཏི་མུག་མུན་སངས་བའི། །ཉམས་ལེན་མཆོག་གིས་མཁའ་སྤྱོད་བགྲོད་པར་ཤོག།ཚེ་འདིར་གྲུབ་མཐའ་སྙོགས་པར་མ་གྱུར་ན། །མ་བསྒོམ་སངས་རྒྱས་འཕོ་བའི་རྣལ་འབྱོར་གྱིས། །དག་པའི་ཞིང་དུ་ཐོགས་མེད་མྱུར་བགྲོད་དེ། །བར་དོ་ལོངས་སྐུ་མངོན་དུ་འགྱུར་བར་ཤོག།བརྩེ་ཆེན་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །སྐྱབས་ཆེན་བསླུ་བ་མེད་པའི་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་འབྲས་བུ་མ་ལུས་པ། །ཐོགས་མེད་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག།ཅེས་ནི་གུ་ཆོས་


PS010_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བརྒྱུད་པའི་གསོལ་འདེབས་ལམ་རིམ་མདོར་བསྡུས་དང་བཅས་པ་འདི་ཡང་ཆོས་སྡེ་ཆེན་པོ་སྐྱོར་མོ་ལུང་གི་མཁན་རིན་པོ་ཆེ་ཨ་ཆི་ཐུ་ཆེན་ནོ་མོན་ཁང་གི་གསུང་གིས་བསྐུལ་མ་གནང་ངོར་ཕྱོགས་མེད་བྱ་བྲལ་ཀུན་དགའ་ལྷུན་གྲུབ་པས་དབེན་གནས་རྨོར་དགོན་པར་སུག་བྲིས་སུ་བཏབ་པའོ། །།

གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར།


PS010_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར་བཞུགས། །ཨོཾ་ཨཱཿཧཱུྃ། འདིར་གྲུབ་ཐོབ་ཆེན་པོས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་གསན། ལས་ཅན་གྱི་གདུལ་བྱ་སངས་རྒྱས་ཀྱི་ཉེ་ལམ་ལ་བཀོད་པའི་ལམ་ཟབ་མོ་བླ་མའི་སྒྲུབ་པ་ལ། སྔོན་འགྲོ། མ་ནམ་མཁའ་མའི་གསོལ་འདེབས་ཡིད་རྩེ་གཅིག་པས་བརྒྱ་སྟོང་མང་དུ་བྱས་རྗེས། ཚོགས་དྲུག་སྒྱུ་མའི་ལམ་ཆད་པའི་རང་རིག་རྗེན་པའི་མདངས་དེར། སྐད་ཅིག་ཡིད་འགྱུས་ལ་རང་གང་དུ་འདུག་པའི་གནས་ཁང་བླ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་གནས་མཆོག་ཏུ་ཤར་བའི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླ་བརྩེགས་


PS010_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་དུ། ཆོས་ཐམས་ཅད་རྩ་བ་གཅིག་ཏུ་འདུས་པའི་བརྡར། དྲིན་ཅན་རྩ་བའི་བླ་མ་ཉིད་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་ནམ་མཁའ་སྤྲིན་གྱིས་མ་གོས་པ་ལྟར་སྔོ་ལ་དྭངས་པ། རྡོ་རྗེ་དང་དྲིལ་བུ་བསྣོལ་མར་འཛིན་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། མཚན་དང་དཔེ་བྱད་གཟི་འོད་འབར་བ། ཡབ་རྡོ་རྗེ་སྐྱིལ་ཀྲུང་དང་། ཡུམ་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། སྐུའི་བ་སྤུའི་ཁུང་བུ་ཅིག་ཏུ་ཡང་སངས་རྒྱས་ཀྱི་ཞིང་རབ་བཀྲམ་སྣང་ཞིང་། སྐུ་ལས་སྤྲོས་པའི་འོད་ཟེར་གཅིག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་


PS010_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་དག་ལས་འོད་འཕྲོས། དབང་བསྐུར། སེམས་ངོ་སྤྲད་པ་མན་ཆད་ནས། ཀ་ཁ་ཡིག་ངོ་བསྟན་པ་ཡན་ཆད་ཀྱི་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དཔལ་མགོན་ཆོས་སྐྱོང་སྲུང་མ། གནོད་སྦྱིན་ནོར་ལྷ་དཔའ་བོ་མཁའ་འགྲོ། སྐྱབས་ཡུལ་ཁྱད་པར་ཅན་ཐམས་ཅད་སྤྱན་དྲངས་ནས་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས། གསོལ་བ་བཏབ་ན་སྨོས་ཅི། མཚན་ཙམ་ཐོས་པས་ཀྱང་ངན་འགྲོའི་སྒོ་ཁེགས་ཤིང་། ཕྱིར་མི་ལྡོག་པའི་ས་ལ་འགོད་པར་


PS010_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་བདག་ཉིད་ཅན་དུ་སྙིང་ནས་ངེས་ཤེས་བསྐྱེད་ཅིང་མོས་གུས་གདུང་གདུང་བྱས་ལ། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབང་བཞིའི་རྟོགས་པ་ཆིག་ཆོད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །ལྟོས་མེད་བཞི་ལ་རང་རྒྱུད་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་བཞིའི་རྟེན་འབྲེལ་ཚེ་འདིར་འགྲིགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར༴ །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར༴ །ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་དེ་ཉིད་དུ། བསྟན་ཐོག་འདི་ཉིད་དུ། ཕྱི་དུས་ལ་མ་ལྟོས་པར་མངོན་སུམ་


PS010_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མའི་དཔྲལ་མགྲིན་སྙིང་ག་ནས། ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བྱོན། རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་གོང་མ་གསུམ་ཐོབ་པར་མོས། །དཔལ་ལྡན་རྩ་བ་བླ་མ་རིན་པོ་ཆེ། །བདག་ཅག་མོས་པ་དག་པའི་གདུལ་བྱ་ལ། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་བཞུགས་ཏེ། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བླ་མ་རང་ལ་ཐིམ་པས། དབང་བཞི་པ་ཐོབ། །དམ་ཚིག་ཉམས་ཆག་ཐམས་ཅད་གསོས་པར་མོས། །དེ་ནས་འཕོ་བ་ཐར་པའི་སྒོ་འབྱེད་སྒོམ་སྟེ།


PS010_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་བུམ་ནང་ལྟ་བུའི་ནང་ནས་རང་སེམས་བླ་མར་ཤར་བ་བྱ་འཕུར་གྱིས་སྤྱི་གཙུག་ཚངས་སྒོའི་རྒྱ་དཀར་ནས་རྒྱངས་ཏེ་ཐོན། དག་པའི་ཞིང་དུ་གཤེགས་པར་བསམ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་བྱ། །རྒྱུད་རིམ་གོང་བཞིན་ནོ། །ཨྀིྠ། །

ཟབ་ལམ་ནེ་གུའི་གསེར་ཆོས་ཀྱི་འཇུག་ངོགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་དེས་གསང་སྙིང་པོའི་སྒོ་འབྱེད། ཚེ་དབང་ནོར་བུ།


PS010_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནེ་གུའི་གསེར་ཆོས་ཀྱི་འཇུག་ངོགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་དེས་གསང་སྙིང་པོའི་སྒོ་འབྱེད་ཞེས་བྱ་བ་བཞུགས་སོ།། །།


PS010_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ན་མོ་གུ་རུ། ཕ་བླ་མ་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཅིག །ངེས་པ་དོན་གྱི་མཐར་ཐུག་པ། །གསང་བ་སྔགས་ཀྱི་སྙིང་པོའི་བཅུད། །སྟོན་མཛད་རྡོ་རྗེ་སློབ་དཔོན་ལ། །ཕྱག་འཚལ་ཐུགས་ཡིད་དབྱེར་མེད་ཤོག།ཟབ་ལམ་ནི་གུའི་མན་ངག་གི། །ཉམས་ལེན་ཆོས་སྤྱོད་


PS010_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདོན་གང་། །འཇུག་པ་བདེ་ཕྱིར་འདིར་བཀོད་ན། །བླ་མ་ལྷ་ཡིས་བྱིན་གྱིས་རློབས། །འདིར་ཟབ་ལམ་ནི་གུའི་གསེར་ཆོས་ཉམས་སུ་ལེན་པའི་འཇུག་ངོགས་རྣལ་འབྱོར་ཆོས་སྤྱོད་ངག་འདོན་དུ་བྱ་བའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་སྐྱབས་སེམས་མཎྜལ་ཐུན་མོང་ཆོས། ཐུན་མིན་དག་བྱེད་སྟོང་རའི་གསོལ་འདེབས་དང་། །བྱེ་


PS010_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གསོལ་འདེབས་བླ་མའི་རྣལ་འབྱོར་ཡིན། །རྗེས་སུ་སྨོན་ལམ་བཀྲ་ཤིས་བསྔོ་བའོ། །དེ་ཡང་དང་པོ་ལ་གསུམ་གྱི་ཐོག་མར་སྐྱབས་སུ་འགྲོ་བ་ནི། །རང་ཉིད་གང་དུ་གནས་པའི་ཁང་ཁྱིམ་དང་། །ཡུལ་ཕྱོགས་ཀུན་ཀྱང་དག་པའི་ཞིང་དུ་མོས། །མདུན་མཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་དམ་པའི་སྐུ་དེ་ཀ ། བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ་ཡི། །དགྱེས་པའི་ཞལ་རས་འཛུམ་བཅས་བདག་ལ་གཟིགས། །དེ་ནི་མཆོག་གསུམ་རྩ་གསུམ་ཀུན་འདུས་ཏེ། །སྤྱི་དཔལ་རྩ་བའི་བླ་མ་མཁྱེན་སྙམ་བྱ། །དེ་ལ་རང་གི་ཚེ་འདིའི་ཕ་མ་དང་། །གནོད་བྱེད་དགྲ་བགེགས་ཡུལ་གནས་གཞི་བདག་གི། གཙོ་བྱས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །རང་དང་ལྷན་ཅིག་སྐྱབས་


PS010_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བྱེད་པར་བསམ། །ངག་ཏུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། །སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ཞེས་ཅི་ནུས་བརྗོད་ཅིང་སྐྱབས་འགྲོའི་འདུན་པ་དྲག་པོ་གདུང་གདུང་བ་རྒྱུན་ཆགས་སུ་བྱ། །ཐུན་མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ། དབྱེར་མེད་བསམ་དང་ཅུང་ཟད་མཉམ་པར་བཞག།གཉིས་པ་སེམས་བསྐྱེད་པ་ནི། མཁའ་ཁམས་ཡོང་ཁེངས་སེམས་ཅན་འདི་ཐམས་ཅད། །བདག་གི་དྲིན་ཅན་ཕ་མར་མ་གྱུར་མེད། །འདི་རྣམས་བདེ་འདོད་སྡུག་བསྔལ་སྙིང་རེ་རྗེ། །དེས་ན་བདེ་བ་དམ་པར་འགོད་བྱའི་ཕྱིར། །བདག་གིས་སངས་རྒྱས་གོ་འཕང་ཐོབ་བྱ་སྟེ། །དེ་ཡང་དམ་ཆོས་དོན་བསྒོམས་ལས་འབྱུང་


PS010_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཟབ་ལམ་མཐར་ཐུག་མཁའ་འགྲོ་ནི་གུ་ཡི། །ཞལ་ལུང་མན་ངག་ཉམས་སུ་བླང་བར་བགྱིའོ། །ངག་ནས་འདི་སྐད་ཅེས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །ཞེས་དང་། དེ་ཡི་ཕྱིར་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །དེས་མཚོན། ནི་གུའི་ཕྱག་རྒྱ་ཆེན་པོ། ནི་གུའི་ལམ་ཁྱེར་རྣམ་གསུམ། ནི་གུའི་འཆི་མེད་རང་གྲོལ། ཞེས་ཉམས་སུ་ལེན་པ་གང་ཡིན་པ་དེར་ཚིག་བསྒྱུར་ལ་དལ་བུའི་བརྗོད་ནས། དོན་ལ་ནན་ཏན་བསམ་བཞིན་དུ་བྱའོ། །གསུམ་པ་མཎྜལ་ནི། ལུགས་འདིར་མཎྜལ་གྱི་དམིགས་ཁྲིད་གུད་དུ་མཛད་པ་ཉུང་ཡང་། སྐྱབས་


PS010_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བླ་མའི་རྣལ་འབྱོར་བར་སྐབས་རྣམས་སུ་ཅི་ནུས་འབུལ་བ་སྟེ། དེ་ཡང་ཤངས་པའི་མཎྜལ་བཀའ་རྒྱ་མ་ནི། བཀོད་པ་ཤིན་ཏུ་མཛད་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བར་བྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་


PS010_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་སྟེ། གཞན་ཡང་མཎྜལ་གྱི་ཚིག་ཁུངས་ལྡན་ཅི་རིགས་པས་ཀྱང་འབུལ་བའོ། །སྤྱི་དོན་གཉིས་པ་ལའང་། །དང་པོ་དག་བྱེད་ཨ་ཡི་སྟོང་རའི་བླ་མའི་རྣལ་འབྱོར་ནི། །རང་གི་སྤྱི་བོར་གདན་བཞིར་བླ་མའི་སྐུ། །གསལ་ལ་མོས་གུས་གདུང་ཤུགས་ཆེར་བསྐྱེད་པས། །ངག་ཏུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། །བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། །


PS010_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ཐམས་ཅད་འདག་པར་མཛད་དུ་གསོལ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཅེས་གསོལ་བ་དོས་དྲག་ལ་ཡུན་རིང་དུ་བཏབ་པའི་མཐར། བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམས། མགོ་ཡི་སྟོང་རར་ཆོས་འབྱུང་དཀར་དྭངས་དབུས། །བླ་མ་རང་རིག་དབྱེར་མེད་སྤྲོས་བྲལ་བ། །སྐྱེ་མེད་ཨ་དཀར་འོད་འཚེར་བདུད་རྩི་ཡིས། །སྡིག་སྒྲིབ་ནད་གདོན་སྦྱངས་དམིགས་ཨ་བཟླས་འབད།། །།ཨ་ཨ་ཨ། གཉིས་པ་གདམས་པའི་སྙིང་ཕུར་བླ་མའི་རྣལ་འབྱོར་བྱེ་བྲག་གི་གསོལ་འདེབས་ནི། །བདག་ལུས་ཕུང་ཁམས་འཛིན་མེད་སྣང་བ་ཡི། །སྤྱི་བོར་བཞི་རྫོགས་གདན་ལ་འཁོར་ལོའི་མགོན། །སངས་རྒྱས་ལས་ལྷག་རྩ་བའི་བླ་


PS010_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསལ། །སྙིང་ནས་ཕུར་ཚུགས་གུས་པས་གསོལ་བ་བཏབ། །ནི་གུའི་གསེར་ཆོས་ལྔ་ཡི་རྩ་བ་ཆོས་དྲུག་ལས། གཏུམ་མོ་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། མཐར་བླ་མ་བདུད་རྩིའི་ངོ་བོར་ཞུ། །རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་སྒོ་གསུམ་ཐ་མལ་དུ་སྣང་བ་དག །ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར། །ཡང་རང་ཉིད་ཡི་དམ་དུ་གསལ་བའི་སྤྱི་བོར་བཞུགས་པའི་བླ་མ་ལ་མཆོད་པ་བཞི་རྫོགས་སུ་


PS010_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་དམིགས་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུགས་སྤོས། །ནང་ཤ་ལྔ་བདུད་རྩི་ལྔ། །གསང་བ་བདེ་སྟོང་གི་ཡེ་ཤེས། །ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་བདུད་རྩི་བདེ་རྒྱུན་བབས། །སྤྱི་བོ་ནས་ཞུགས་འཁོར་ལོ་བཞི་བརྒྱུད་དེ། །ལུས་ཀུན་ཁེངས་པས་དབང་བཞི་ཡོངས་རྫོགས་ཐོབ། །མཐར་ནི་བླ་མ་རང་ཉིད་དབྱེར་མེད་གྱུར། །ཞེས་སྲིད་པའི་དབང་ཞུ་བའོ། །ཡང་འདི་ལྟར་སྒོམས་ཏེ། །རང་ཉིད་སྐད་ཅིག་ལྷག་པའི་ལྷ་སྐུར་གྱུར། །སྟེང་གི་ནམ་


PS010_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་རྩ་བའི་བླ་མ་གསལ། །དེ་ཡི་ཐུགས་ཁ་ནས་བྱུང་འོད་ཟེར་གྱི། །རྩ་རྒྱུད་བླ་མ་ཡི་དམ་རབ་འབྱམས་ཚོགས། །ཕྱོགས་དུས་སངས་རྒྱས་ལུང་རྟོགས་དམ་པའི་ཆོས། །འཕགས་པའི་དགེ་འདུན་མཁའ་འགྲོ་ཆོས་སྐྱོངས་ཀུན། །བསྡུས་ཏེ་བླ་མའི་སྐུ་ལ་ཡོངས་སུ་ཐིམ། །སྐྱབས་གནས་ཀུན་འདུས་རྒྱལ་བའི་སྤྱི་གཟུགས་ཏེ། །དེ་ལ་བདག་གི་ཕ་མ་དགྲ་བགེགས་དང་། །གཞི་བདག་གིས་གཙོས་འགྲོ་དྲུག་མ་ལུས་ཤིང་། །འབྱུང་བཞི་ལས་ཀྱང་གསོལ་བ་འདེབས་པའི་སྒྲ། །བདག་གི་རམ་འདེགས་འུར་དིར་སྒྲོག་པར་བསམ། །གསོལ་འདེབས་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་བདག་འཛིན་


PS010_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་ནི་གསོལ་འདེབས་ཐམས་ཅད་ཀྱི་གཞིར་བཞག་ནས། ཚིག་རྐང་གསུམ་པ་ནས་མཐའ་བསྒྱུར་བ་ཁོ་ན་སྟེ། དེ་ཡང་སྒྱུ་ལུས་ལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་པར་མཛད་དུ་གསོལ། །འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྦྱར་རོ། །དེ་བཞིན་དུ་རྨི་ལམ་སྐབས་སུ། རྨི་ལམ་ཟིན་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་པར་མཛད་དུ་གསོལ། །རྨི་ལམ་སྤེལ་ནུས་པར་བྱིན་གྱིས་བརླབས། །རྨི་ལམ་སྤྲུལ་ནུས་


PS010_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་བརླབ་ཏུ་གསོལ། །རྨི་ལམ་བསྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། །ཞེས་ཚིག་རེ་རེ་བཞིན་རིམས་པས་སྦྱར་བ་དང་། །འོད་གསལ་ལ། འོད་གསལ་ཟིན་པར་མཛད་དུ་གསོལ། །འཕོ་བ་ལ། བར་དོར་སངས་རྒྱ་བར་མཛད་དུ་གསོལ། །བར་དོ་ལ། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཞེས་པ་རྣམས་གོ་རིམས་བཞིན་དང་། ཆོས་དྲུག་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ནི། གོང་གི་སྒྱུ་ལུས་ཀྱི་གསོལ་འདེབས་ལྟར་ལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། །ཞེས་བསྡམས་པ་ཙམ་སྟེ། །སྒྱུ་ལུས་དབང་པོ་ཐ་མའི་གསོལ་འདེབས་ཀྱང་འདི་ཉིད་དོ། །སྡོང་


PS010_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྱག་རྒྱ་ཆེན་པོ་ལ་ཡང་། སྒྱུ་ལུས་ཀྱི་གསོལ་འདེབས་དེ་གའམ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། །ཞེས་ཚིག་རྐང་གསུམ་པར་འདོན། །ཡལ་ག་ལམ་ཁྱེར་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་ལ། ཅི་སྣང་བླ་མར་འཆར་བར་མཛད་དུ་གསོལ། །གཉིས་པ་ཡི་དམ་ལམ་ཁྱེར་ལ། ཅི་སྣང་ཡི་དམ་དུ་འཆར་བར་མཛད་དུ་གསོལ། །གསུམ་པ་སྒྱུ་མ་ལམ་ཁྱེར་གྱི་སྣང་བ་སྒྱུ་མ་ལམ་ཁྱེར་ལ། སྣང་བ་རང་སེམས་སུ་རྟོགས་པར་མཛད་དུ་གསོལ། །རྨི་ལམ་སྒྱུ་མ་ལམ་ཁྱེར་ལ། ཅིར་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་མཛད་དུ་གསོལ། ཞེས་པའོ། །མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་གསོལ་འདེབས་གཞན་དུ་ཤེས་པར་


PS010_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །འབྲས་བུ་འཆི་མེད་འཆུག་མེད་ལ་ནི། སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ་ཞེས་པ་སྟེ། །དེ་ལྟར་ཆོས་དྲུག་རྨི་ལམ་མན་དང་། །འཁྲིད་ཆེན་ལྷག་མ་གསུམ་གྱི་གསོལ་འདེབས་སུ། །གོང་གི་གཞི་དེ་ལ་ཚིག་རྐང་གསུམ་པ་བསྒྱུར་བ་ཁོ་ན་ལས་དབྲི་བསྣན་གཞན་བྱ་རྒྱུ་མེད་ཅིང་། །དེ་ཡང་གོང་གི་མཛད་དུ་གསོལ་ཞེས་པ་རྣམས་སུ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་འདོན་པ་གང་བདེ་བྱེད་པ་ཉིད་དོ། །དེ་ལྟར་གསོལ་འདེབས་འདི་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཆང་ནས་གྲུབ་ཐོབ་ཆེན་པོ་འབའ་ཞིག་གྱུར་པའི་རྒྱུད་ལྡན་བླ་མའི་གསུང་གི་རྒྱུན་ལ་སོ་སྐྱེའི་རྟོགས་བཟོ་སྤྲོས་པའི་བསྲེ་བསླད་མ་བྱས་པའི་བྱིན་བརླབས་ཚན་ཁ་ཆེས་ཆེ་བ་ཁོ་ན་ཡིན་པས་བསམ་པ་


PS010_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀློག་པའི་སྒོ་ནས་རྒྱུན་དུ་ཉམས་སུ་བླང་བར་ཤིན་ཏུ་གལ་ཆེ་ཤིང་། གཅེས་པའི་ཆོས་སོ། །དེ་ཡང་གསོལ་བ་འདེབས་དུས་སུ་ཚིག་ཕྱིར་འབྲང་པའི་ཡུལ་ཙམ་པ་མ་ཡིན་པར། རིག་ཐོག་དུ་རྡོ་རུས་ཐུག་པར་བྱས་པ་ཡི། །གསོལ་འདེབས་སྐད་ཆེ་བ་དང་ཆུང་བ། སྐབས་སུ་ཡིད་ལ་བསམ་ནས་བགྲང་བ་སོགས་ནན་ཏན་ཆེན་པོའི་སྒོ་ནས་རྣལ་འབྱོར་དུ་བྱ་བའོ། །སྐབས་སུ་རྩ་བརྒྱུད་བླ་མའི་གསོལ་འདེབས་དུ་མ་གཞན་ནས་འབྱུང་བ་ལྟར་ཤེས་ཤིང་སྤྲོ་ན་བྱ། །གསོལ་འདེབས་ཀྱི་ཐུན་མཚམས་རྣམས་སུ་ཕ་བླ་མ། ཕ་བླ་མ། ཕ་བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ། །ཞེས་མོས་གདུང་སྙིང་ལ་འཁྲབ་པ་ཅིག་བྱས་ནས་དེ་ཡི་ངང་


PS010_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གློད་ཀྱི་བཞག །དེ་ལྟར་མོས་གུས་གསོལ་འདེབས་ཁོ་ནས་ཐུན་གྱི་དངོས་གཞི་བསྐྱང་སྟེ། ཐུན་འཇོག་ཁར། ཚར་གསུམ་ཁུག་པ་དབང་གི་མན་ངག་བཅས། བླ་མ་འོད་དུ་ལྟེམ་གྱི་ཞུ་རང་ལ་གཉིས་སུ་མེད་པར་ཐིམ། དེ་གའི་ངང་ལ་སེམས་དུས་གསུམ་གྱི་རྣམ་རྟོག་སྤང་ནས་ལྷོད་དེ་བཞག །གཞན་ཡང་སྐབས་འདིར་རང་གི་ཉམས་ལེན་གང་ལ་བྱེད་པ་དེ་ལ་འཇུག་པར་བྱ་ལ་དེ་ཡི་མཐར་རྗེས་ཀྱི་རིམ་པ་རྣམས་བྱའོ། །དེ་ནས་སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་ལས། དང་པོ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པ། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་སྒྲལ། །


PS010_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲོལ་བ་རྣམས་བདག་གིས་སྒྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། གཉིས་པ་ནི། །ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། །གསུམ་པ་ནི། །དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །ཅེས་དགེ་བ་བྱང་ཆུབ་ཏུ་བསྔོས་ནས་སྤྱོད་ལམ་ལ་འཇུག་གོ ། འདི་དག་ཀྱང་ཤེས་ན་སྨོན་ལམ་དང་། བཀྲ་ཤིས། དེ་བཞིན་བསྔོ་བ་བཀའ་


PS010_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མར་གྲགས་པ་རྣམས་སྐབས་སུ་ཅི་ནུས་བྱེད་པ་ཉིད་དོ། །དེ་ཡང་དུས་ཀུན་མི་རྟག་འཆི་བ་སྙིང་ལ་ཟུག་པ་ཡི། །འདི་སྣང་ཞེན་པ་བཅད་ཅིང་ལམ་གྱི་རྩ་བར་བླ་མའི་རྣལ་འབྱོར་མོས་གུས་ལྟེམ་རྐྱང་མེད་པར་གསོལ་བ་བཏབ་ཅིང་དམ་ཚིག་སྲོག་ལས་ལྷག་པར་ལྟ་བ་དང་། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བར་དོ་ཡིན་སྙམ་ཀྱི་དྲན་པ་དང་མི་འབྲལ་ཤིང་། །གཞན་ཡང་བསྲེ་བ་ལམ་ཁྱེར་གྱི་ལྷ་སྐུ། སྒྱུ་ལུས། འོད་གསལ། རང་ཤར་རང་གྲོལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་སྐྱལ་བ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འབད་པར་བྱའོ། །དེ་ལྟར་བཀའ་ལ་གཟུ་ལུམ་མ་གྱུར་ཅིང་། །རྙིང་པའི་གཏམ་ལ་གསར་པའི་ལང་ཚོ་ཅན། །ཚུལ་བཞིན་སྦྱོར་བར་ནུས་པའི་བློ་མཐུ་འདི། །བླ་མའི་ཐུགས་རྗེས་


PS010_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདྲའི་སྐལ་ཤར་བས། །འདི་འདྲ་བགྱིས་པའི་དགེ་བས་འགྲོ་བ་ཀུན། །ངེས་གསང་སྙིང་པོའི་ལམ་བཟང་འདི་ཐོབ་ནས། །རིང་མིན་ཧེ་རུ་ཀ་དཔལ་འབྲས་བུ་ལ། །རབ་ཏུ་སྤྱོད་པའི་དགའ་སྟོན་རྒྱས་པར་ཤོག །ཞེས་ཡེ་ཤེས་མཁའ་འགྲོ་ནི་གུའི་གསེར་ཆོས་ཁྲིད་ཆེན་བཞི་ཐུན་མོང་གི་འཇུག་ངོགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ལྷད་མེད་ཁྱེར་བ་དེར་བཀོད་པ་ཞིག་མ་མཐོང་བས་ཆོས་ཚུལ་འདིར་ཞུགས་པ་རྣམས་ལ་ཕན་པའི་སླད་དུ་ཤངས་པའི་གྲུབ་མཐའ་ལ་གུས་པ་མཆོག་ཏུ་ཐོབ་པའི་རྣལ་འབྱོར་པ་དཔལ་ཚེ་དབང་ནོར་བུས་རང་ལོ་བཞི་བཅུའི་བགྲང་བྱ་ལ་འཁོད་ཉེ་བ་མེ་སྦྲུལ་དབྱུག་ཟླ་ལྷ་བབ་དུས་བཟང་པོར་ཀོང་ཡུལ་ས་ཡི་ཐིག་ལེ་གུ་རུའི་གཏེར་གནས་སུ་རི་རིན་ཆེན་འབར་བར་སྦྱར་བའོ། །དགེའོ། །

ནཻ་གུའི་བརྒྱུད་པའི་གསོལ་འདེབས།


PS010_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ནཻ་གུའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ།། །།


PS010_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཡིག་ཆོས་ཀྱི་འབྱུང་གནས་ཕོ་བྲང་དུ། །ཨ་དཀར་ཟག་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །ཨ་བྷི་ཥིཉྩ་སེམས་ཀྱི་དྲི་མ་འཁྲུད། །ཨ་ཧཾ་མི་ཕྱེད་བདེ་སྟོང་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས། །དག་བྱེད་སྟོང་རའི་རྣལ་འབྱོར་སྒོམས་པའི་མཐུས། །འགལ་རྐྱེན་ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །མཐུན་རྐྱེན་རྟགས་གསུམ་


PS010_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་ཤར་ན་ཀྱང་། །ཏིང་འཛིན་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །མི་རྟོག་གཏུམ་མོས་རྣམ་རྟོག་བུད་ཤིང་བསྲེག།བདེ་བའི་གཏུམ་མོས་སྡུག་བསྔལ་ཚང་ཚིང་འཇོམས། །ཟུང་འཇུག་གཏུམ་མོ་ཡེ་ཤེས་མེ་ལྕེ་འབར། །གཏུམ་མོ་མཐར་ཕྱིན་མཁའ་འགྲོ་ནཻ་གུ་མ། །གསོལ་བ་འདེབས་སོ་བདག༴ །ཟས་དང་


PS010_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་སྟན་གྱིས་རྣལ་འབྱོར་གྱིས། །སྤྱོད་ལམ་ཀུན་ཏུ་གཏུམ་མོ་འབྲལ་མེད་ཅིང་། །སྲིད་པའི་དབང་ཐོབ་གེགས་ཀུན་རང་སར་གྲོལ། །རླུང་འབྱོངས་བདེ་དྲོད་འབར་བར་བྱིན་གྱིས་རློབས། །སྣང་བ་སྒྱུ་མར་རྟོགས་པས་ཆགས་སྡང་གྲོལ། །རང་སེམས་སྒྱུ་མར་ཤར་བས་འཁྲུལ་པ་དག།རྨི་འཛིན་སྒྱུ་མར་གསལ་བས་འོད་གསལ་ཤར། །སྒྱུ་མའི་དོན་རྟོགས་ཁྱུང་པོ་རྣལ་འབྱོར་ལ། །གསོལ་བ་འདེབས་སོ༴ །ཡང་རབ་བླ་མའི་མོས་གུས་འབྲལ་མེད་ཅིང་། །འབྲིང་གི་བརྗོད་བྲལ་བར་མ་ཆད་དུ་བསྒོམ། །ཐ་མས་ཀུན་ཀྱང་སྒྱུ་མར་སྦྱངས་ནས་ནི། །ཞེན་མེད་རང་སར་གྲོལ་བར༴ །རྨི་ལམ་ལྟ་བུར་ཆོས་ཀུན་ཐུགས་སུ་ཆུད། །རྨི་ལམ་


PS010_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་བདེན་མེད་སྒྱུ་མར་གཟིགས། །རྨི་ལམ་སྒྱུ་མའང་འོད་གསལ་གནས་འགྱུར་ཏེ། །རྨི་ལམ་མཐར་ཕྱིན་མཉམ་མེད་རྨོག་ལྕོག་པ། །གསོལ་བ་འདེབས་སོ༴ །འདུན་པའི་གནད་ཀྱིས་རྨི་ལམ་བཟུང་ནས་ནི། །སྦྱང་དང་སྤེལ་དང་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས། །ཡུལ་སྣང་རྣམ་བཞི་གཏན་ལ་ཕབ་ནས་ཀྱང་། །གསལ་སྟོང་འཛིན་མེད་འཆར་བར༴ །གསལ་སྟོང་ཞེན་མེད་འོད་གསལ་རང་ཤར་གྱིས། །ཟབ་ཞི་སྤྲོས་བྲལ་འོད་གསལ་མཐར་སྦྱངས་ནས། །བདེ་ཆེན་མཐར་ཐུག་འོད་གསལ་མངོན་འགྱུར་ཏེ། །འོད་གསལ་དག་པ་གཉིས་ལྡན་སྐྱེར་སྒང་པ། །གསོལ་བ་འདེབས་སོ༴ །འོད་གསལ་བཟུང་ཞིང་ལམ་དུ་འཁྱེར་


PS010_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །བསྲེ་འཕོའི་གནད་ཀྱིས་གེགས་སེལ་བོགས་འདོན་ཞིང་། །དམ་ཚིག་མ་ཉམས་འཆར་སྒོ་ངོས་ཟིན་ནས། །འོད་གསལ་ཉམས་མྱོང་འབྱོངས་པར༴ །ཆོས་སྐུར་འཕོ་བས་སྒྱུ་མ་ལམ་དུ་འཁྱེར། །ཟུང་འཇུག་འཕོ་བས་ཡི་དམ་ལམ་དུ་འཁྱེར། །བྱིན་རླབས་འཕོ་བས་བླ་མ་ལམ་དུ་འཁྱེར། །འཕོ་བའི་ལམ་ལ་མངའ་བརྙེས་གཉན་སྟོན་པ། །གསོལ་བ་འདེབས་སོ༴ །ལམ་འཁྱེར་གསུམ་གྱིས་འཕོ་བ་མཐར་ཕྱིན་ནས། །འཆུག་མེད་མཁའ་སྤྱོད་གནས་སུ་འཁྲིད་པ་དང་། །མཐར་ཐུག་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །རྨི་ལམ་བར་དོར་སྤྲུལ་སྐུ་མཐར་སྦྱངས་པས། །སྐྱེ་ཤི་བར་དོར་


PS010_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྒྱུན་ཆད་མེད། །སྲིད་པ་བར་དོར་རང་ཤར་ལྷུན་གྱིས་གྲུབ། །བར་དོ་རང་དག་ཆེན་པོ་སྟོན་པ་ལ། །གསོལ་བ་འདེབས་སོ༴ །འཇིགས་པའི་སྒྲ་བཞི་ཡ་ངའི་གཡང་ས་སོགས། །བར་དོའི་འཕྲང་དུ་འཆུག་མེད་ཐབས་ཀྱི་གནད། །སྤྱི་གནར་གསུམ་གྱིས་འཇིགས་པ་རང་སར་དག།སྐུ་གསུམ་མངོན་དུ་འགྱུར་བར༴ ། ཕྱི་རོལ་ཡུལ་རྣམས་སྣང་སྟོང་རྒྱས་བཏབ་ཅིང་། །ནང་གི་སེམས་ཉིད་གསལ་སྟོང་རྒྱ་ཡིས་བཏབ། །རང་ལུས་ཆོས་ཀུན་བདེ་སྟོང་རྒྱས་བཏབ་ནས། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤངས་སྟོན་ལ། །གསོལ་བ་འདེབས་སོ༴ །སྔོན་འགྲོ་རང་བབས་རྣམ་གསུམ་གནད་ལ་དབབ། །དངོས་གཞི་སྐྱོན་


PS010_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས་གྲོལ་ཉམས་ལེན་གྱིས། །མཐར་ཐུག་སྐུ་བཞི་རང་ཤར་ལྷུན་གྱིས་གྲུབ། །ཕྱག་ཆེན་གནས་ལུགས་རྟོགས་པར༴ །སྣང་བའི་རོལ་པ་བླ་མའི་ཡི་དམ་སྐུ། །གྲགས་སྟོང་བརྗོད་བྲལ་ཡན་ལག་དྲུག་བཅུའི་གསུང་། །གསལ་སྟོང་འཛིན་མེད་བདེ་གསལ་མི་རྟོག་ཐུགས། །ལམ་འཁྱེར་མཐར་ཕྱིན་ཁྱུང་པོ་ཚུལ་ཁྲིམས་མགོན། །གསོལ་བ་འདེབས་སོ༴ །སྤྱོད་ལམ་ཀུན་ཏུ་སྣང་བ་སྣ་ཚོགས་ཀུན། །བླ་མ་ཡི་དམ་སྒྱུ་མ་ལམ་ཁྱེར་ནས། །སེམས་ཉིད་འོད་གསལ་འཛིན་མེད་གནད་ཀྱིས་ནི། །མཚན་རྟོག་རང་སར་གྲོལ་བར༴ །མཁའ་འགྲོའི་དབང་མོ་བྱེ་བའི་ཞལ་གྱིས་ལུང་། །མཁའ་འགྲོའི་དབང་ཕྱུག་མཆེད་ལ་ལེགས་བརྒྱུད་པའི། །མཁའ་འགྲོའི་


PS010_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཚིག་ནཻ་གུ་སུ་ཀའི་ཆོས། །མཁའ་འགྲོའི་རྗེས་བཟུང་མཚན་ལྡན་རི་ཁྲོད་པ། །གསོལ་བ་འདེབས་སོ༴ །མཁའ་སྤྱོད་དཀར་དམར་བསྐྱེད་རྫོགས་ཟུང་འཇུག་ལམ། །མཁའ་སྤྱོད་རིལ་བུའི་སྒྲུབ་པ་མཐར་ཕྱུང་ནས། །མཁའ་སྤྱོད་འཕོ་བའི་ཏིང་འཛིན་ཉེ་ལམ་གྱིས། །མཁའ་སྤྱོད་ཞིང་དུ་བགྲོད་པར༴ །རང་ལུས་ལྷ་སྐུ་སྣང་སྟོང་མཐའ་དང་བྲལ། །སེམས་ཉིད་འཛིན་མེད་འོད་གསལ་ལྷུན་གྱིས་གྲུབ། །འཆིང་བར་བྱེད་པའི་རང་སར་དག་གྱུར་ཏེ། །འཆི་མེད་དོན་རྟོགས་མཁྱེན་ལྡན་ཤངས་དཀར་བ། །གསོལ་བ་འདེབས་སོ༴ ། བློས་བྱས་རྩོལ་བའི་དྲི་མས་མ་གོས་ཤིང་། །ཐ་མལ་ཞེན་པའི་འཛིན་པ་རང་དག་ནས། །སྣང་ལ་རང་བཞིན་


PS010_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལྷའི་སྐུ། །རང་སེམས་འཆི་མེད་རྟོགས་པར༴ །བར་དོའི་སྲིད་པ་ལག་མཐིལ་སྤུ་ཇི་བཞིན། །མ་འདྲེས་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །སྙིང་རྗེས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །ཐར་པའི་ལཾ་དུ་འཁྲིད་མཛད་སངས་རྒྱས་དཔལ། །གསོལ་བ་འདེབས་སོ༴ །རྣམ་མང་འགྲོ་བའི་སྐྱེ་སྒོ་མཐའ་ཡས་པ། །རྣམ་དག་ལྷའི་འཁོར་ལོས་ལེགས་སྦྱངས་ནས། །རྣམ་པར་མྱོང་བའི་ལས་སྒྲིབ་ཀུན་བསལ་ཏེ། །འཆུག་མེད་ལོངས་སྐུ་ཐོབ་པར༴ །རོ་རྐྱང་ཉི་ཟླའི་བགྲོད་པ་དྷུ་ཏི་རུ། །ཡོངས་སུ་འཇུག་པའི་བཙན་ཐབས་སྦྱོར་བ་ཡིས། །ལས་རླུང་རྒྱུ་བའི་གྲོང་ཁྱེར་ཀུན་བཅོམ་པའི། །གྲུབ་པའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ༴ །ཕྱག་རྒྱ་


PS010_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བཅིང་གྲོལ་བུམ་ཅན་ཤིང་རྟ་ཅན། །ལུས་སེམས་འཆི་མེད་གྲུབ་པའི་འཁྲུལ་འཁོར་གྱིས། །ཆགས་ཅན་རྣལ་འབྱོར་ཕོ་ཉའི་མྱུར་ལམ་ལས། །འཇའ་ལུས་མངོན་སུམ་འགྲུབ་པར༴ །ཞི་བའི་དབྱིངས་ལས་ཐུགས་རྗེ་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོའི་སྐུར་བཞེངས་ནས། །བར་ཆད་བདུད་དཔུང་གཡུལ་ལས་ལེགས་རྒྱལ་བའི། །རྒྱ་སྒོམ་བླ་མ་མགོན་པོ་དབྱེར་མེད་ལ། །གསོལ་བ་འདེབས་སོ༴ །ལས་བཞིའི་ཕྲིན་ལས་སྒྲུབ་པའི་བསྲུངས་མའི་ཚོགས། །དུས་ལས་མི་འདའ་བྲན་དུ་འཁོལ་ནུས་ཤིང་། །སྲིད་འཕེལ་ཕན་བདེའི་དཔལ་གྱིས་བསྐལ་བཟང་རྣམས། །རེ་བ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་ཐུགས་


PS010_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྨད་བྱུང་དང་། །རྒྱལ་སྲས་སེམས་དཔའི་རླབས་ཆེན་མཛད་པ་དང་། །བསྟན་འཛིན་སྐྱེས་བུ་ཀུན་གྱི་ལྟ་སྤྱོད་ལ། །རྗེས་སུ་ཡི་རང་མཐར་ཕྱིན་གྲོལ་མཆོག་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་དང་། །ཐར་པའི་ལམ་མཆོག་ཡང་དག་དམ་པའི་ཆོས། །ཐར་པའི་ལམ་དུ་ཆས་པའི་མཆེད་གྲོགས་ལ། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །རྩ་བ་ནེ་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་ཀྱི་གོ་རིམས་བཞིན་སྦྱར། །


PS010_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །ཟུང་འཇུག་གི་རྒྱལ་སྲིད་སྐྱོང་བའི་ས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཡུམ་ལྟེ་བའི་ཨ་ཤད་མེ་འོད་ཀྱིས། །ཡབ་སྤྱི་བོའི་ཧྃ་ཡིག་ལེགས་བཞུས་ཏེ། །བདེ་སྟོང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །གསང་ཆེན་གར་གྱི་རོལ་པའི་ས། །གནས་སེང་ལྡེང་འཁྲིགས་པའི་ནགས་ཚལ་དུ། །ཡེ་ཤེས་མཁའ་འགྲོ་ནི་གུ་ལ་གསོལ་བ་འདེབས། །ལམ་བདེན་མེད་ཀྱི་དྲན་འདུན་དྲག་པོའི་མཐུས། །ཆོས་སྣང་གྲགས་ཀྱི་རོལ་པ་ཇི་སྙེད་པ། །སྒྱུ་མའི་རང་སྣང་དུ་འཆར་བར༴ །གཞན་ཕན་གྱི་འཁོར་ལོ་བསྐོར་བའི་ས། །དཔལ་རི་བོ་ཆེ་ཡི་རྩེ་མོ་རུ། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ༴ །སྔགས་


PS010_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞིའི་དགོས་འདོད་ཀུན་ཚང་བའི། །གནད་ཐིག་ལེ་དཀར་དམར་གྱི་འབྲོས་འདེད་ཀྱིས། །རྨི་ལམ་ཟིན་ཅིང་འབྱོང་བར་བྱིན༴ །རྣམ་གཡེངས་དང་འདུ་འཛི་དབེན་པའི་ས། །གནས་རང་བྱུང་བྲག་གི་ཕུག་པ་རུ། །རས་ཆུང་བསོད་ནམས་རྒྱལ་མཚན་ལ་གསོལ༴ །ལམ་འབྲལ་མེད་ཀྱི་མོས་གུས་ཆེན་པོའི་མཐུས། །གཞི་སྐྱེ་མེད་ཀྱི་འོད་གསལ་མངོན་གྱུར་ནས། །གཏི་མུག་མུན་པ་སངས་བར་བྱིན༴ །དཔའ་བོ་མཁའ་འགྲོ་འདུ་བའི་ས། །གངས་དཀར་གྱི་རྒྱལ་པོ་ཏི་སེ་རུ། །རྣལ་འབྱོར་བསོད་ནམས་རྒྱ་མཚོ་ལ༴ །རྟེན་དྭངས་གསལ་ཨ་དཀར་དྲི་མ་མེད། །སྒོ་ཚངས་པའི་ལམ་ནས་རྒྱང་ཐོན་ཏེ། །མཁའ་སྤྱོད་གོ་འཕང་ཐོབ་པར༴ ། ཟབ་རྒྱས་ཆོས་སྒྲ་སྒྲོགས་པའི་ས། །གནས་ཆོས་


PS010_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བྱང་རྩེའི་ཕོ་བྲང་དུ། །འཇམ་མགོན་གྲུབ་པའི་དཔའ་བོ་ལ༴ །སེམས་སྐྱོ་ཤས་ངེས་འབྱུང་གི་ལེགས་བསྐུལ་ནས། །གནས་འཁོར་བའི་མངལ་སྒོ་ཀུན་བཀག་སྟེ། །བར་དོ་ལོངས་སྤྱོད་རྫོགས་སྐུ་རུ་བྱིན༴ །ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱངས་བའི་ས། །གནས་གྲུབ་རི་བསམ་གཏན་ཁང་བུ་རུ། །སྐལ་བཟང་འགྱུར་མེད་བདེ་ཆེན་ལ༴ །ཆོས་གསུང་རབ་ཀྱི་རྒྱ་མཚོ་ཆེན་པོ་ལས། །དོན་ཟབ་ལམ་གྱི་ནོར་བུ་ལེགས་བླངས་ནས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན༴ །བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་པའི་ས། །གནས་མང་མཁར་དགོན་གསར་གྱི་དགོན་པ་རུ། །དྲིན་ཆེན་ངག་དབང་ཆོས་གྲགས་ལ༴ །བཀའ་མདོ་རྒྱུད་ཀྱི་ལྷ་ལམ་ཡངས་པ་ལས། །ཆོས་ལེགས་བཤད་ཀྱི་སྦྲང་ཆར་རྒྱུན་མི་


PS010_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། །ཕན་བདེའི་མེ་ཏོག་སྐྱེ་བར་བྱིན༴ །མཆོག་གསུམ་གྱི་ཐུགས་རྗེའི་སྐྱབ་ཆུབ་པའི། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །ངག་དབང་བསོད་ནམས་རྒྱལ་མཚལ་ལ༴ །གཞི་ཚུལ་གནས་ཐོས་བསམ་བསྒོམ་པའི་མཐུས། །ལམ་ཡངས་ཟབ་ཀྱི་གདམས་པ་ལ་བརྟེན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན༴ །སྙན་བརྒྱུད་ཀྱི་བསྟན་པ་སྤེལ་བའི་ས། །གནས་གསང་སྔགས་བདེ་ལྡན་གྱི་བྲག་ཕུག་ཏུ། །ངག་དབང་བསྟན་པ་རབ་རྒྱས་ལ༴ །གཞི་སྔོན་གྱི་སྦྱོངས་ཤུག་མཐུ་བལྟས་པས། །ལམ་རང་བབས་གསུམ་གྱི་ཕ་རོལ་སོན། །འབྲས་བུ་སྐུ་གསུམ་རྟོགས་པར་བྱིན༴ །ཐེག་ཆེན་གྱི་ངེས་གསང་སྒྲོགས་པའི་ས། །གནས་སྤྲོ་མོ་ལུང་གི་དབེན་གནས་སུ། །རྗེ་བཙུན་བསོད་ནམས་ཆོས་


PS010_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ལ་གསོལ་བ་འདེབས། །སྦྱོང་བྱ་སྦྱོང་བྱེད་འབྲེལ་པ་ལས། །འཁྲུལ་མཚན་གྱི་སྤྲོས་པ་དབྱིངས་སུ་དག།ངོ་བོ་ཉིད་སྐུ་འགྲུབ་པར་བྱིན་གྱིས་རློབས། །སརྦ་མངྒ་ལཾ་བྷ་བ་ཏུ། །

སྒྱུ་ལུས་འཛིན་པ་རང་གྲོལ།


PS010_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་འཛིན་པ་རང་གྲོལ་བཞུགས་སོ། །


PS010_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མས་སྒྱུ་མ་ལ་གསུམ་དུ་འདོད་དོ། །ངོ་བོ། རང་བཞིན། མཚན་ཉིད་དོ། །དང་པོ་ངོ་བོ་བརྗོད་བྲལ་བློ་འདས་སོ། །བློ་གྲོས་རབ་བརྟན་གྱིས་ཞུས་པའི་མདོ་ལས། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་སྒྱུ་མའི་ངོ་བོ་གང་ལགས། མཚན་ཉིད་གང་ལགས། རང་བཞིན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


PS010_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་རབ་བརྟན་གང་དེ་ལ་སྒྱུ་མའི་ངོ་བོ་ལ་ངོ་བོའི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །སྒྱུ་མའི་ངོ་བོ་ལ་སྒྱུ་མའི་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །སྒྱུ་མའི་ངོ་བོ་ལ་ངོ་བོའི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །གཉིས་པ་རང་བཞིན་བདེན་མེད་དམ། དབྱེར་མེད་མཐའ་བྲལ་ལོ། །བློ་གྲོས་རབ་བརྟན། གང་དེ་ལ་སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །སྒྱུ་


PS010_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རང་བཞིན་ལ་རང་བཞིན་གྱི་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །གསུམ་པ་མཚན་ཉིད་ཆགས་སྡང་རང་གྲོལ་ལོ། །སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། །སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། །སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་རང་བཞིན་མ་གྲུབ་པ་ནི། སྒྱུ་མའི་མཚན་ཉིད་དོ། །མདོར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། །བླ་མ་ཤངས་པ་ཆེན་པོ་དྲུག་ཏུ་འདོད་དེ། རང་བཞིན་གནས་པའི་སྒྱུ་མ་དང་། །གོ་བའི་སྒྱུ་མ་དང་། །བརྟགས་ཤིང་དཔྱད་པའི་སྒྱུ་


PS010_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། །ཉམས་ཀྱི་སྒྱུ་མ་དང་། །སྒྱུ་མ་རང་ཤར་དང་། །རྟོགས་པའི་སྒྱུ་མའོ། །དེ་ཡང་ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། །གདོད་ནས་ཆོས་རྣམས་མ་གྲུབ་པ། །རང་བཞིན་གནས་པའི་སྒྱུ་མ་སྟེ། །གོ་དང་བརྟག་དཔྱད་ཉམས་དང་ནི། །རང་ཤར་རྟོགས་པའི་སྒྱུ་མའོ། །ཞེས་གསུངས་པས། དང་པོ་ནི། གཞི་གདོད་མ་ནས་ཡེ་ནས་ཆོས་ཐམས་ཅད་ངོ་བོ་རང་བཞིན་གང་དུའང་མ་གྲུབ་པར་གནས་པ་ནི། །རང་བཞིན་གནས་པའི་སྒྱུ་མའོ། །གཉིས་པ་ནི། ཆོས་ཐམས་ཅད་བདེན་མེད་དུ་སྟོན་པའི་མདོ་རྒྱུད་མ། བླ་མའི་གསུང་ཐོས་པའམ། སྣང་བ་འགྱུར་བ་མཐོང་བ་ལ་བརྟེན་ནས། མི་བདེན་པ་དོན་སྤྱིའི་རྣམ་པ་ཙམ་ཅིག་གོ་བ་ནི། གོ་བའི་སྒྱུ་མའོ། །གསུམ་པ་ནི། །


PS010_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས། ས་བོན། མྱུ་གུ། འབྲས་བུ་དང་། མི་རྟག་པ་ཕྲ་རགས་ལ་སོགས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་བདེན་པ། སྐད་ཅིག་མར་བརྟགས་ཤིང་དཔྱད་པས། སྣང་བའི་བདེན་འཛིན་ཨེན་ཙམ་ཞིག་པ་དེ་ནི། བརྟགས་ཤིང་དཔྱད་པའི་སྒྱུ་མའོ། །བཞི་པ་ནི། གདམས་ངག་ཉམས་སུ་བླངས་པའི་སྟོབས་ཀྱིས། སྣང་བ་ལ་བདེན་འཛིན་རང་ཀ་མར་འཛིན་པ་དེ་ཞིག་ནས། སྣང་བ་ཐམས་ཅད་བདེན་མེད་དུ་བུན་གྱིས་སོང་པ་ནི། ཉམས་ཀྱི་སྒྱུ་མའོ། །ལྔ་པ་ནི། སྣང་བ་དང་སྟོང་པ་གང་ལ་ཡང་རང་བཞིན་མ་གྲུབ་པ། མཐའ་བྲལ་དབྱེར་མེད་རང་ཤར་ཤས་ཆེར་འབྱུང་བ་ནི། སྒྱུ་མ་རང་ཤར་རོ། །དྲུག་པ་ནི། སྣང་སྟོང་དབྱེར་མེད་མཐའ་བྲལ་རང་ཤར་བརྗོད་བྲལ་བློ་འདས་རྒྱུན་ཆད་མེད་པར་འབྱུང་


PS010_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །རྟོགས་པའི་སྒྱུ་མ་མཐའ་བྲལ་ལོ། །རྗེ་བཙུན་རཏྣ་བིརྱ་བཞིར་འདོད་དོ། །དེ་ཡང་ལས་ཀྱི་སྤྲུལ་པའི་སྒྱུ་མ། རྐྱེན་གྱིས་སྤྲུལ་པའི་སྒྱུ་མ། ཆོས་ཀྱི་སྤྲུལ་པའི་སྒྱུ་མ། ཡེ་ཤེས་ཀྱི་སྤྲུལ་པའི་སྒྱུ་མའོ། །དེ་ཡང་། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། ལས་ཀྱི་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ། །ཆོས་ཀྱི་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མའོ། །ཞེས་གསུངས་པས། །དང་པོ་ལས་དཀར་ནག་འདྲེས་མ་གསུམ་སྤྱད་པས། འགྲོ་བ་རིགས་དྲུག་རྣམས་ལ་སོ་སོའི་སྣང་བ་ཤར་


PS010_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནི་ལས་ཀྱི་སྒྱུ་མའོ། །གཉིས་པ་ནི། ནམ་ཟླ་དུས་བཞི་འམ། མེ་ལོང་གཟུགས་བརྙན་ནམ། རས་སྣ་ཚོགས་ཀྱིས་སྟེང་དུ་ཤེལ་སྒོང་བཞག་པས་སྣ་ཚོགས་སུ་སྣང་བ་ནི། །རྐྱེན་གྱིས་སྒྱུ་མའོ། །གསུམ་པ་ནི། ཆོས་ཉན་པར་འདུས་པ་ཐམས་ཅད་དགེ་སློང་གི་དགེ་འདུན་གྱི་ཆོས་ཀྱི་སྤྲུལ་པའི་སྒྱུ་མར་འདོད་པའོ། །བཞི་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡེ་ཤེས་ཀྱི་སྤྲུལ་པའི་སྒྱུ་མའོ། །བླ་མ་སྐྱེར་སྒང་པ་ནི། གསུམ་དུ་འདོད་དེ། །སེམས་ཅན་ལ་ལས་དང་ཉོན་མོངས་པའི་སྒྱུ་མ། རྣལ་འབྱོར་པ་ལ་ཉམས་སྣ་ཚོགས་ཀྱི་སྒྱུ་མ། དེ་བཞིན་གཤེགས་པ་ལ་ཕྲིན་ལས་དག་པའི་སྒྱུ་མའོ། །དེ་ཡང་གཉིས་མེད་རྣམ་རྒྱལ་ལས། སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་གྱིས། །རང་བྱུང་


PS010_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཆར་བ་ནི། །རྣལ་འབྱོར་ཉམས་ལ་དངོས་གྲུབ་ཀྱི། །འབྲས་བུ་ཉམས་སྣང་སྣ་ཚོགས་པའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལས་དང་ཉོན་མོངས་སྡུག་བསྔལ་འབྱུང་། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །གསང་བ་བསམ་གྱིས་མི་ཁྱབ་པ། །ཕྲིན་ལས་དག་པའི་སྟོབས་སུ་འཆར། །ཞེས་གསུངས་པས། དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་མཐའ་དག་དང་བཅས་པས་སྡུག་བསྔལ་ལས་སྣང་སོ་སོར་སྣང་བའི་སྒྱུ་མའོ། །རྣལ་འབྱོར་པ་ལམ་ཉམས་སུ་ལེན་པའི་དུས་ན། ཉམས་སྣ་ཚོགས་འགག་མེད་དུ་འཆར་བའི་སྒྱུ་མའོ། །དེ་བཞིན་


PS010_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་དག་པ་ལྷུན་གྲུབ་རང་ཤར་གྱི་སྒྱུ་མའོ། །དེ་ཡང་སྒྱུ་ལུས་ལ་གཉིས་ཏེ། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ། །དང་པོ་མ་དག་པའི་སྒྱུ་ལུས་ལ་གསུམ་ནི། །ཉིན་པར་རྣམ་སྨིན་གྱི་ལུས་གདམས་པས་མ་ཟིན་པས་ཆགས་སྡང་རྨོངས་གསུམ་འབའ་ཞིག་གི་དབང་དུ་སོང་སྟེ། ཉིན་པར་མ་དག་པའི་འཁོར་བ་དང་། རྨི་ལམ་བག་ཆགས་ཀྱི་ལུས་གདམས་པས་མ་ཟིན་པས་རྨི་ལམ་མ་དག་པ་དང་། བར་དོ་ཡིད་ལུས་གདམས་པས་མ་ཟིན་པས། བར་དོ་མ་དག་པའི་འཁོར་མོར་སོང་པའོ། །གཉིས་པ་དག་པའི་ལུས་གསུམ་མམ། སྐུ་གསུམ་ནི། དབང་པོའི་བྱེ་བྲག་


PS010_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གི། རབ་རྣམ་སྨིན་གྱི་ལུས་ལ་སངས་རྒྱས། འབྲིང་བག་ཆགས། ཐ་མ་བར་དོ། རྣམ་སྨིན་གྱི་ལུས་ལ། ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམས་པས། རྨི་ལམ་དུ་རང་ཤར་འབྱུང་། དེ་འབྱུང་བས་བར་དོ་རང་གྲོལ་དུ་སོང་བ་ནི་དག་པའི་ལུས་གསུམ་མོ། །དེ་ཡང་ལུས་གསུམ་གྱི་གནས་ལུགས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེ་གསུམ་སྟེ། ངོ་བོ། རང་བཞིན། མཚན་ཉིད་དོ། །དང་པོ་ངོ་བོ་བརྗོད་བྲལ་བློ་འདས། གཉིས་པ་རང་བཞིན་དབྱེར་མེད་དམ། མཐའ་བྲལ། གསུམ་པ་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པ་ཡིན་ཏེ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལྷ་སྐུ་སྣ་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་


PS010_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལ་དང་པོ་ངོ་བོ་བརྗོད་བྲལ་བློ་འདས་ཡིན་ཏེ། །མཐའ་དབུས་དང་དབྱིབས་དང་ཁ་དོག་གང་དུའང་མ་གྲུབ་ཅིང་། བརྗོད་བྱ་བརྗོད་བྱེད་ཀྱི་བློ་ཡུལ་ཐམས་ཅད་ལས་འདས་པའོ། །གཉིས་པ་ལྷ་སྐུ་དེའི་རང་བཞིན་དབྱེར་མེད་མཐའ་བྲལ་ཡིན་ཏེ། ལྷ་སྐུའི་སྣང་བ་དེ་ཡང་རང་བཞིན་མེད་པས་སྟོང་པ་དེ་ལ་རང་བཞིན་མེད་པས་སྣང་བ། སྣང་བ་ལས་ཀྱང་སྟོང་པ་གཞན་མ་ཡིན། སྟོང་པ་ལས་ཀྱང་སྣང་བ་གཞན་མ་ཡིན་པས་དབྱེར་མེད་མཐའ་བྲལ་ལོ། །ཡང་ན་སྣང་བའི་མཐའ་དང་བྲལ་བས་སྟོང་པ། སྟོང་པའི་


PS010_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་བྲལ་བས་སྣང་བ་ཡིན་ནོ། །དེ་གཉིས་ཀྱང་དབྱེར་མི་ཕྱེད་པས་མཐའ་དང་བྲལ། མཐའ་དང་བྲལ་བས་དབྱེར་མི་ཕྱེད་དོ། །གསུམ་པ་ལྷ་སྐུ་དེའི་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པ་ཡིན་ཏེ། སྐུ་མདོག་དང་ཕྱག་མཚན། རྒྱན་དང་ཆ་ལུགས། རྣམ་པ་བཞུགས་ཚུལ་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པར་བྱའོ། །དེ་ཡང་ལྷ་སྐུ་དེ་ལ། སྣང་བའམ་གསལ་བའི་ཆ་གཅིག་འདུག་པ་དེ་བསྐྱེད་རིམས། སྟོང་པའམ་འཛིན་མེད་ཀྱི་ཆ་གཅིག་འདུག་པ་དེ་རྫོགས་རིམས། སྣང་བ་ལས་རྫོགས་རིམས་གཞན་མ་ཡིན། སྟོང་པ་ལས་བསྐྱེད་རིམས་གཞན་མ་ཡིན་པས་བསྐྱེད་རྫོགས་དབྱེར་མེད་མཐའ་བྲལ་ལོ། །ཡང་ལྷ་སྐུ་སྐྱེ་བ་མེད་པས་ཆོས་སྐུ།


PS010_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མེད་པས་ལོངས་སྐུ། གནས་པ་མེད་པས་སྤྲུལ་སྐུ། དེ་གསུམ་དབྱེར་མི་ཕྱེད་པས་ཟུང་འཇུག་མཐའ་བྲལ་ཡིན་ཏེ། གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །གནས་པ་མེད་པ་སྤྲུལ་པའི་སྐུ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ལྟར་སྐུ་གསུམ་མམ། ལུས་ལྷའི་འདུ་ཤེས། ངག་སྔགས། སེམས་ཆོས་ཉིད་དང་གསུམ་པོ་དེ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཡིན་ཏེ། །ལྷ་སྐུ་དེ་སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། སྐྱེས་ཙམ་ཉིད་ན་ཡང་སྐྱེ་བ་མེད་པས་སྐྱེ་མེད་ཀྱི་ཟུང་འཇུག་གོ། སྐྱེ་མེད་ལས་སྐྱེ་བ་གཞན་མ་ཡིན། སྐྱེ་བ་ལས་སྐྱེ་མེད་གཞན་མ་ཡིན། །ལྷ་སྐུ་དེ། འགག་པ་མེད་ལས་ཐམས་ཅད་འགག །འགག་ཙམ་ཉིད་ན་ཡང་འགག་


PS010_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཟུང་འཇུག་གོ ། ལྷ་སྐུ་དེ། གནས་པ་མེད་པ་ལས་ཐམས་ཅད་གནས། གནས་ཙམ་ཉིད་ན་ཡང་གནས་པ་མེད་པས། འགག་པ་ལས་འགག་མེད་གཞན་མ་ཡིན། འགག་མེད་ལས་འགག་པ་གཞན་མ་ཡིན། གནས་པས་གནས་པ་མེད་པའི་ཟུང་འཇུག་དབྱེར་མེད་མཐའ་བྲལ་ལོ། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དེ་བཞིན་དུ་རྟོགས་པའམ། ཤེས་པས་སངས་རྒྱས་ཀྱི་གནས་པ་ལས་གནས་མེད་གཞན་མ་ཡིན། གནས་མེད་ལས་གནས་པ་གཞན་མ་ཡིན། ཆོས་ཐམས་ཅད་ཁོང་དུ་ཆུད་པའོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བས། གང་ལ་ཡང་རང་བཞིན་མ་གྲུབ་སྟེ། བདེ་མཆོག་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་


PS010_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་གསུངས་པས། ཆོས་ཐམས་ཅད་མ་གྲུབ་པས་རང་བཞིན་མེད་ཅིང་མི་གནས་ཏེ། །རབ་རྩལ་གྱིས་ཞུས་པ་ལས། རབ་རྩལ་གྱི་རྣམ་པར་གནོན་པ། ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་སྟེ་རང་བཞིན་མེད་པའོ། །ཆོས་གང་ཡང་མེད་ཅིང་མ་གྲུབ་པས། ཆོས་རྣམས་ནི་གང་དུའང་མི་གནས་ཏེ། དེའི་ཅིའི་ཕྱིར་ཞེས་ན། ཆོས་ཐམས་ཅད་མི་གནས་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་བས་ན་ཆོས་ཐམས་ཅད་རང་བཞིན་པ་དང་། མེད། ཡོངས་སུ་མ་གྲུབ་པ་དང་། སྒྱུ་མ་ལས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །སྒྱུ་མ་ནི། །ཕྱག་


PS010_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་ཆུང་དང་། རྫོགས་པ་ཆེ་ཆུང་དང་། དབུས་མཐའ་དང་ཡོད་མེད་ཐམས་ཅད་ལས་འདས་པ་ཡིན་ཏེ། །གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལ། །འགག་པ་མེད་པའི་རོལ་པ་རང་བྱུང་བའོ། །ཞེས་གསུངས་སོ། །དེ་ཡང་སེམས་ཅན་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། ཕྱི་རོལ་པ་དང་། དབུ་མ། རྫོགས་ཆེན། ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་མཐའ་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། དེ་བས་ལྷག་པའི་གྲུབ་མཐའ་གཅིག་ཡོད་ཀྱང་དེ་ཡང་སྒྱུ་མ་རྨི་ལམ་ཡིན་པས། སྒྱུ་མ་ལས་


PS010_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་སྒྱུ་མ་ལས་མཐོ་བ་གང་ཡང་མེད་དེ། བརྒྱ་བྱིན་གྱི་ལེའུ་ལས། ལྷའི་བུ་དག་གིས། རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར། ཅི་སེམས་ཅན་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་སེམས་ཅན་ནི་སྒྱུ་མ་ལྟ་བུ། སེམས་ཅན་ནི་རྨི་ལམ་ལྟ་བུ་ཡིན་ཏེ། ལྷའི་བུ་དག།དེ་ལྟར་སྒྱུ་མ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད། དེ་ལྟར་རྨི་ལམ་དང་སེམས་ཅན་དེ་དག་ནི། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་འཕགས་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་


PS010_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཟེར་རམ། འཕགས་པ་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲ་ན། ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི། གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའོ། །དེ་ནི་འདི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། མྱ་ངན་ལས་འདས་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །


PS010_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་བཞིན་མེད་པའམ། ངོ་བོ་མ་གྲུབ་པས་ན་སྒྱུ་མ། སྒྱུ་མ་ལས་ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་གོང་ན་མེད་པས། ཁྱད་འཕགས་གོང་ན་མེད་པས། ཁྱད་འཕགས་གོང་ན་མེད་ཀྱི་སྒྱུ་མ་རྨི་ལམ་མོ། །སྒྱུ་མ་ཡོད་མེད་ལས་འདས་ཤིང་། །གང་དུའང་འཛིན་པ་ཀུན་བྲལ་ཞིང་། །ཆོས་རྣམས་རང་བཞིན་མ་གྲུབ་པས། །ཐམས་ཅད་མཁྱེན་པས་སྒྱུ་མ་གསུང་། །སྒྱུ་ལུས་འཛིན་པ་རང་གྲོལ་ཞེས་བྱ་བ་རྫོགས་སོ། །ཆོས་རྗེ་སྟོན་པས་མཛད་པའོ། །མངྒ་ལཾ། ཤུ་བྷཾ།། །།གང་དུའང་མེད་པས་ས་ཉིད་དུ་བ་

ཞུས་ལན་རིན་ཆེན་སྒྲོན་མེ།


PS010_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ལན་རིན་ཆེན་སྒྲོན་མེ་བཞུགས་སོ། །


PS010_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །སྒྲིབ་པ་མེད་པར་ཐམས་ཅད་མཁྱེན་གྱུར་པའི། །བདེ་སྟོང་དབྱེར་མེད་འོད་གསལ་འདུས་མ་བྱས། །སངས་རྒྱས་གཉན་སྟོན་རིན་ཆེན་ཞབས་ལ་འདུད། །དལ་འབྱོར་རྙེད་དཀའ་དོན་ཡོད་བྱེད་པ་ལ། །བརྩེ་ཆེན་ཁྱེད་མིན་སྐྱབས་མགོན་མ་མཆིས་པས། །དུས་འདིར་བྱང་ཆུབ་


PS010_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཕྱིར་ཞུ་བའི་དོན། །འདི་རྣམས་གཞན་ལ་ཕན་ཕྱིར་བཀའ་སྩལ་འཚལ། །ཉིན་པར་གྱི་དུས་སུ་སྒྱུ་མ་རང་ཤར་དུ་འབྱུང་བ་དེ་དམིགས་པ་གང་ལ་བརྟེན་ནས་འབྱུང་བ་ལགས།། ༈ ཆོས་རྗེའི་ཞལ་ནས་ལྟེ་འོག་ཏུ་ཆོས་འབྱུང་བསྒོམས་པས་སྒྱུ་མ་རང་ཤར་འབྱུང་སྟེ། །དེ་བས་ཀྱང་བླ་མའི་མོས་གུས་གནད་དུ་ཆེ་གསུང་ངོ་། །


PS010_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་འཛིན་ཐབས་མང་པོ་གསུང་མོད་ཀྱང་། །དེ་རྣམས་ཀྱི་ནང་ནས་གང་ལ་ཟབ་པར་བགྱིས། བླ་མ་སངས་རྒྱས་ཀྱིས་ཞལ་ནས། སྙིང་ཁར་ཐིག་ལེ་འཁོར་བ་དང་དྲན་འདུན་དྲག་ལ་ཡུན་རིང་བ་གཉིས་ཀྱིས་ཐེ་ཚོམ་མེད་པར་ཟིན་གསུང་། །རྨི་ལམ་བཟུང་ནས་རླུང་ནི་རོ་སྟོད་འཚང་། །སད་འབྱམས་བྱུང་ན་དེ་ལ་ཅི་ལྟར་བྱ། །བླ་མ་རིན་ཆེན་ཞལ་སྔ་ནས། །དེའི་དུས་སུ་འོག་རླུང་ཡར་ལ་དྲག་ཏུ་འཐེན་ནས། མིག་མི་འབྱེད་པར་དྲན་འདུན་དྲག་པོ་བཏང་པས། །རྨི་ལམ་འཁོར་མར་ཟིན་གསུང་། །འཁོར་བར་བཟློག་པར་བྱེད་པའི་དུས་ཚོད་དེ། །དགེ་སྦྱོར་གང་གི་དུས་སུ་འབྱུང་བ་ལགས།། ༈ མཚུངས་མེད་བླ་མའི་ཞལ་སྔ་ནས། །སྤྱིར་ལས་དང་པོ་པ་ནས་


PS010_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཆོག་མན་ཆད་དུ་འཁོར་བར་ལྡོག་པ་དང་། ཡེ་ཤེས་ཀྱི་སླེབས་པའི་ཚད་གཉིས་ཀ་ཆ་མཐུན་རེ་རྩིར་ཡོད་ལ། ཁྱད་པར་དུ་འཁོར་བར་བཟློག་པའི་དུས་ནི། སྣང་བ་མི་བདེན་པར་བུན་ལོང་སོང་བ་དེ་ཡིན། །འཁོར་བར་བཟློག་པར་བྱེད་པ་ནི། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དྲག་པོ་བཟོད་ཐབས་མེད་པ་སྐྱེས་པ་དེ་ཡིན་པས། དེའི་དུས་སུ་ཨ་ཙ་མ་འདི་རྣམས་ཐམས་ཅད་རྨི་ལམ་ཡིན་སྙམ་པ་ལ་སོགས་པ་དྲན་འདུན་དྲག་པོ་ལ་བརྟེན་ནས། ཉོན་མོངས་པ་རང་གྲོལ་དུ་སོང་བ་དེ་ཡེ་ཤེས་ཀྱིས་སླེབ་པའི་ཚད་ཡིན་ནོ། །དེ་ཡང་སྣང་བ་མི་བདེན་པར་ཤེས་པའི་དུས་དེར། སྔོན་གྱིས་ལས་ངན་ཐམས་ཅད་སློངས་ནས། །ནད་དྲག་པོ་དང་།


PS010_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེད་ཀྱི་བསྐུར་པ་ལ་སོགས་པའི་གཏམ་ངན་སྣ་ཚོགས་འོང་བས། དེ་ལ་དགའ་བ་བསྒོམ་ཞིང་སྒྱུ་མ་རྨི་ལམ་དུ་ཁྱེར་བས། ནད་གདོན་དང་གཏམ་ངན་ཐམས་ཅད་རང་སར་དག་ནས་མཆོད་པའི་གནས་སུ་འགྱུར་རོ། །དེ་ཡང་དགེ་སྦྱོར་བ་ཀུན་འདི་དུས་སུ་བཟློག་པ་མང་དུ་འབྱུང་བས། རང་སྣང་སྒྱུ་མར་ཆོད་པ་གལ་ཆེ་བ་འདུག་གསུང་ངོ་། །བསྐྱེད་རིམ་མི་རྟོག་དྲན་འདུན་གསུམ། །རྨི་ལམ་མྱུར་དུ་གང་གིས་འབྱོང་པར་བྱེད།། ༈ དཔལ་ལྡན་བླ་མའི་ཞལ་སྔ་ནས། དེ་རྣམས་གང་བས་ཀྱང་སྣང་གྲགས་དང་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་མ་ཡེངས་བྱས་པས། རྨི་ལམ་མྱུར་དུ་འབྱོངས་ཏེ་འདུན་པའི་གནད་ཡིན་པས་གསུང་ངོ་། །རྩ་རླུང་བླ་མ་ལྟེ་བར་


PS010_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་བསྒོམ་པ་ཡུལ་སྣང་གང་གིས་གཏན་ལ་ཕེབས། མཚན་ལྡན་བླ་མའི་ཞལ་སྔ་ནས། ཡུལ་སྣང་ཨེན་ཙམ་གང་གིས་ཀྱང་མཐོང་སྟེ། སངས་རྒྱས་ཀྱི་ཞིང་ཁམས་བལྟ་བ་ལ་སོགས་པ་འབྱུང་བ་སྟེ། ལྟེ་འོག་ཏུ་ཨ་གསལ་ལ་ཡུན་རིང་དུ་བསྒོམ་པས། ཕྱི་ནང་ཇེ་གསལ་ཇེ་གསལ་ཡུལ་སྣང་ཇི་ལྟ་བ་བཞིན་གཏན་ལ་ཕེབ་གསུང་རྨི་ལམ་འབྱོངས་ནས་འོད་གསལ་རྟོག་མེད་ཀྱིས། འོན་ཀྱང་བླ་མ་ལ་སོགས་གང་ལ་བགྱིས། །མཉམ་མེད་རིན་ཆེན་ཞལ་སྔ་ནས། དམིགས་པ་དེ་རྣམས་གང་གིས་ཀྱང་འོད་གསལ་རྟོག་མེད་དེ་གསང་གནས་སུ་ཨ་བསྒོམ་པས་ཐེ་ཚོམ་མེད་པར་རྟོགས་པ་ཡིན་ནོ། །མདོར་ན་སྒྱུ་མ་རང་ཤར་དང་། རྨི་ལམ་འཁོར་མར་ཟིན་པ་དང་།


PS010_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣང་གཏན་ལ་ཕེབས་ཤིང་འོད་གསལ་རྟོགས་པ་ལ་སོགས་པ་ཐམས་ཅད་ལ། བླ་མ་ལ་མོས་གུས་གནད་དུ་མ་སོང་ན། དམིགས་པ་མཐར་ཐུག་སྐྱེ་དཀའ་བས། བླ་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་མ་ཡེངས་པར་གྱིས་དང་། ཉམས་རྟོགས་མཐར་ཕྱིན་པར་འདུག་ངེས་ཀྱིས་གསུང་། ཉམས་དང་རྟོགས་པའི་འོད་གསལ་གཉིས་ཀྱི་ཁྱད་པར་གང་། གཉིད་སོང་མ་སོང་ཡོན་ཏན་ཁྱད་པར་ཅི། འགྲོ་མགོན་བླ་མའི་ཞལ་སྔ་ནས། རྟོགས་པའི་འོད་གསལ་དེ་རྩ་མདུད་གྲོལ་བ་ལ་བརྟེན་ནས་གསལ་སྟོང་གཉིས་སུ་མེད་པར་རྟོགས་ཏེ། དུས་གསུམ་སངས་རྒྱས་བྱོན་ཀྱང་འདི་ཀར་འདུག་སྙམ་ནས་ཁོ་ཐག་ཆོད་ཅིང་ངེས་ཤེས་ལྕགས་སྐྱེས་པ་དེ་ཡིན་


PS010_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཉམས་ནི་ཐག་མ་ཆོད་ཅིང་གསལ་བ་ཙམ་མམ། ཡང་ན་གཉིད་དུ་སོང་བྱས་པས། མདུན་གྱིས་བྱ་བྱེད་ཐམས་ཅད་མཐོང་བ། མ་སོང་བྱས་པས་གཉིད་སད་རྒྱུ་གཅིག་འོང་སྟེ། །ཡལ་ཅིང་ཞིག་ནས་འགྲོ་བས་ཉམས་སོ། །མདོར་ན་ཉམས་རྟོགས་གང་ཡིན་ཡང་གཉིད་དེ་སྟོབས་ཆེ་གསུང་ངོ། །མདུན་དང་རང་ལུས་བར་སྣང་སྤྱི་གཙུག་བཞིར། གང་དུ་བསྒོམ་པས་ལྷ་སྐུ་རང་ཤར་འབྱུང་། །བདེ་སྐྱིད་འབྱུང་གནས་བླ་མའི་ཞལ་སྔ་ནས། །སྤྱི་གང་དུ་གསལ་ཀྱང་མཆོག་སྟེ། ཁྱད་པར་དུ་རང་ལུས་དང་སྣང་བ་ཐམས་ཅད་ལྷར་བསྒོམ་ཞིང་གསལ་བ་ལ་འབྱུང་ངོ། །བསྐྱེད་རིམས་ཐུན་གྲངས་མང་པོར་གསལ་བ་དང་། གཅིག་ལ་གསལ་བ་ཡོན་ཏན་


PS010_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཆེ་ལགས། བདེ་ཆེན་རྒྱལ་པོ་བླ་མའི་ཞལ་སྔ་ནས། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། །ཐུན་གྲངས་མང་པོར་གསལ་བ་ལ་ཡང་ཡོད། །དེ་བས་གཅིག་ལ་ཉམས་ལེན་བྱས་པས། དེ་མྱུར་དུ་གྲུབ་ནས་ཐམས་ཅད་ཀྱི་ཡོན་ཏན་འཆར་ཏེ། །གཅིག་ཤེས་ཀུན་ལ་མཁས་པ་འབྱུང་གསུང་ངོ་། །བསྐྱེད་རིམ་བཟླས་དང་སྦྱིན་བསྲེག་མི་རྟོག་བསྒོམ། །སྡིག་སྒྲིབ་མྱུར་འཛད་ཡི་དམ་གང་གིས་མཐོང་། །འཇིག་རྟེན་གསུམ་མགོན་ཞལ་སྔ་ནས། དེ་རྣམས་ཀྱི་ཞལ་འཇུག་ཏུ་མཐོང་སྟེ། མྱུར་དུ་མཐོང་བར་བྱེད་ན་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ལ་རྟོག་མེད་དུ་མ་ཡེངས་པར་བཞག་གོ ། དེས་སྡིག་སྒྲིབ་མྱུར་དུ་ཟད་ནས་ཡི་དམ་ལོ་ཟླ་ཙམ་གྱིས་མཐོང་བར་འགྱུར་


PS010_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ། །ཡི་དམ་ལྷ་ནི་དངོས་ཀྱི་ཞལ་མཐོང་དང་། །ཉམས་སྣང་མཐོང་སྣང་ཁྱད་པར་གང་གིས་འབྱེད། །ཀུན་མཁྱེན་བླ་མའི་ཞལ་སྔ་ནས། །ཡི་དམ་དངོས་དེ་སྣང་སྟོང་ཞེན་བྲལ་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་རང་གི་རྒྱུད་ལ། ཡོན་ཏན་དང་ངེས་ཤེས་གཤའ་མར་སྐྱེ་བ་དུས་ཅིག་ལ་འཆར་ལ། དེ་མིན་གཉིས་ནི་གོང་དང་མི་འདྲ་ཁོ་ཐག་མ་ཆོད་ཅིང་གསལ་བ་དེ་ཡང་འོད་གསལ་ཙམ་དུ་འཆར་རོ། །དེ་ཡང་ཡི་དམ་དངོས་ལ་མཐོང་ལུགས་གསུམ་འབྱུང་སྟེ། །ཐ་མས་ཞལ་མཐོང་ཙམ། འབྲིང་གི་གཏམ་འདྲེས་པ། རབ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཏེར་བར་བྱེད་དོ། །དེ་ལ་བླ་མ་དམ་པ་མཚན་ཉིད་དང་ལྡན་པས་མ་ཟིན་ཅིང་། སྒྲོ་


PS010_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་མ་ཆོད་པར་ཉམས་ལེན་བྱས་པ་ལ། འདྲེ་དང་ཉམས་སྣང་ལ་སོགས་པ་ཐམས་ཅད་ཡི་དམ་དུ་བྱེད་དེ། ཡི་དམ་མཐོང་ནས་འདུག་སྙམ་པ་རང་ཡང་ལན་བརྒྱར་འཆར་བས། གོང་གི་གནད་དག་གལ་ཆེ་གསུང་ངོ། །ཡི་དམ་ཌཱ་ཀིའི་ལུང་སྟོན་དངོས་གྲུབ་དང་། བདུད་ཀྱི་བར་ཆད་ཁྱད་པར་ཇི་ལྟར་འབྱུང་། རྐང་གཉིས་གཙོ་བོའི་ཞལ་སྔ་ནས། དངོས་གྲུབ་ལུང་བསྟན་དངོས་ནི་གོང་བཞིན་འབྱུང་ལ། བདུད་ནི་དང་པོ་དགའ་བར་འདུག་ཀྱང་། ཕྱི་ནང་དུ་ཡོན་ཏན་མི་འཆར་ཞིང་རྗེས་ཤེས་སྙིང་མི་དགའ་བ་འབྱུང་གསུང་ངོ། །ཉམས་ལེན་བྱེད་པའི་གང་ཟག་དག་ལ་ནི། །བདུད་ཀྱིས་བར་ཆད་བྱུང་ན་ཇི་ལྟར་གསལ། །བདུད་དཔུང་འཇམས་མཛད་བླ་མའི་ཞལ་སྔ་ནས། བསླུ་


PS010_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལུང་བསྟན་ལ་སོགས་པའི་དགའ་བ་སྣ་ཚོགས་དང་། མི་སྡུག་པའི་མཐོ་མཚམས་ཅི་བྱུང་ཡང་། དེར་འཛིན་མེད་པར་ཐམས་ཅད་བདེན་མེད་དུ་ཁྱེར་བས། བདུད་ཀྱི་བར་ཆད་ཡོན་ཏན་གྱིས་ཚོགས་སུ་འཆར་རོ། །བདུད་པས་ཡི་དམ་ལྷ་མཐོང་བ་ལ་ཡང་ཆགས་ན་འཆིང་བས། དགའ་ངན་གྱི་བློ་ཐམས་ཅད་སྤོངས་དགོས་གསུང་ངོ་། །ཉོན་མོངས་དུག་ལྔའི་རྟོག་པ་སྐྱེས་ཚད་ལ། །སྨིན་དཀའ་བརྩལ་ན་ཐམས་ཅད་མཁྱེན་མི་འབྱུང་། །ནང་དུ་ཉམས་དང་རྟོག་པ་གང་སྐྱེས་ཚེ། །ཕྱི་རུ་སྨིན་ཁ་ཚོལ་བའི་དུས་གནད་ལགས། །བླ་མ་རིན་པོ་ཆེའི་ཞལ་ནས། །སྤྱི་གོང་བཞིན་དུ་སྒྱུ་མ་མཐར་ཐུག་མ་གཏོགས་པའི་སྣང་བ་བདེན་མེད་དུ་བུན་ནེ་འོང་བའི་དུས་


PS010_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་ལ། །ཁྱད་པར་དུ་བཟང་ངན་གྱི་རྟོག་པ་མ་བསམ་པར་བཟང་ངན་དུ་ཐོལ་ཐོལ་རང་ཤར་དུ་འབྱུང་བ་དེ་གང་ཤར་བ་དེ་ལ་འདུན་པ་དྲག་པོ་སོང་བ་གཉིས་ཀྱི་སྟོབས་ལ་སྨིན་ཁ་ཚོལ་བས། དེའི་དུས་སུ་ཐམས་ཅད་མཁྱེན་པ་མ་གཏོགས་པ་གང་ཡང་ཡིད་ལ་བྱར་མི་བཏུབ་གསུང་། །རྨི་ལམ་གྱི་ལྷ་སྐུ་རང་ཤར་དང་མཐར་ཐུག་གཉིས་ལ་ཁྱད་པར་ཅི་ཞིག་བདོག།དཔལ་ལྡན་བླ་མའི་ཞལ་སྔ་ནས། རྨི་ལམ་དུས་ཀྱིས་ལྷ་སྐུ་རང་ཤར་དང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ལ་ངོ་བོའི་སྒོ་ནས་ཁྱད་པར་ཅིག་ཀྱང་མེད་གསུང་། །ཉམས་མྱོང་བརྗོད་དང་གཞན་དོན་བྱེད་པ་ནི། །དགེ་སྦྱོར་གང་གི་དུས་སུ་བྱས་པས་མཆོག །འགྲོ་མགོན་རིན་ཆེན་ཞལ་སྔ་ནས། །


PS010_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་བཤད་ཀྱང་རང་གི་མི་འགྲིབ་ཅིང་གཞན་ལ་ཕན་པའི་དུས་སུ་ནམ་སོང་བ་དང་། གཞན་ལ་བརྗོད་ཀྱིས། དེ་མ་གཏོགས་པ་གསང་བ་གལ་ཆེའོ། །གཞན་དོན་ཡང་རང་གི་དགེ་སྦྱོར་ལ་མི་གནོད་ཅིང་། དེ་ཡར་ལྡན་དུ་སོང་ནས་ལུས་ངག་ཡིད་གསུམ་ཀྱིས་ཅི་བྱས་ཐམས་ཅད་ལ་གཞན་རྣམས་དག་སྣང་འགའ་ཞིག་ཤར་ཏེ། སེམས་ཅན་སྨིན་ཅིང་གྲོལ་བར་ནུས་པའི་དུས་སུ། གཞན་དོན་ལྷུན་གྲུབ་དཔག་མེད་བྱ་ཡང་བྱ་འབྱུང་ཡང་འབྱུང་གསུང་ངོ་། །བདེ་སྐྱིད་འབྱུང་གནས་རི་གོང་ཡང་དགོན་དུ། །ཆོས་རྗེ་རིན་ཆེན་དྷརྨ་པྲ་ཛྙཱ་ལ། །གུས་པས་མཆོག་ཐོབ་བིརྱ་སིང་ཧ་ཡིས། །ཞུས་ལན་གེགས་སེལ་རིན་ཆེན་སྒྲོན་མེ་


PS010_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཞུས་ལེན་གེགས་སེལ་སྒྲོན་མེ་ཞེས་བྱ་བ། །གཞན་ཕན་གྱིས་བློ་ཁོ་ནས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ཨྀྠི། །

སྒྱུ་ལུས་ཀྱི་སྦྱང་པ་རྣམ་གཉིས།


PS010_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་ཀྱི་སྦྱང་པ་རྣམ་གཉིས་དྲིན་ཅན་ཤཱཀྱའི་མཚན་ཅན་ལ་ཞུས་པ་བཞུགས་སོ། །


PS010_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྐྱོབ་རྡོ་རྗེ་ཕག་མོའི་སྐུ་ལ་གུས་པས་ཕྱག་འཚོལ་ལོ། །སེམས་ཀྱིས་ལུས་སྦྱང་པ་དང་། ལུས་ཀྱིས་སེམས་སྦྱང་པ་གཉིས་ལས། དང་པོ་སེམས་ཀྱིས་ལུས་སྦྱང་པ་ནི། རང་ཡི་དམ་གང་ཡིན་དུ་པསྒོམ་ལ། གཡང་ངམ་མཁར་རྩེ་ལྟ་བུར་ཕྱིན་ནས། གཡང་ཟར་བཅུག་སྟེ། ལུས་ཡི་དམ་གྱི་ལྷ་ཕྲེང་བ་རྒྱུས་པ་ལྟ་


PS010_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བསྒོམས་ཏེ། རྒྱ་མཚོའི་གཏིང་ངམ། སའི་སྟེང་སུ་མར་ཆད་ཀྱི་ལྷུང་དུ་བཅུག་སྟེ། གཡང་ཟར་བཅུག་ཡར་བྱུང་པ་དང་ཡི་དམ་གྱི་སྐུ་འཇའི་རྣམ་པ་ལྟ་བུར་བསྒོ་མོ། །གཉིས་པ་ལུས་ཀྱིས་སེམས་སྦྱང་བ་ནི། །ཡན་ལག་ཐམས་ཅད་ཀྱི་ཚིགས་ཐམས་ཅད་ལ་ཡི་དམ་གྱི་ལྷའི་ས་བོན་བསམ་ལ། དེ་ཐམས་ཅད་འོད་དུ་ཞུ་ལས་


PS010_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པར་སྨིན་པའི་སྒྲིབ་པ་ཐམས་ཅད་སྦྱངས་ནས། རང་ཡི་དམ་གྱི་ལྷ་སྣངལ་རང་བཞིན་མེད་པར་བསྒོམས་ལ། འདི་ཐམས་ཅད་རང་གི་སེམས་ཡིན། འཁྲུལ་པ་སྣ་ཚོགས་སུ་བྱུང་བ་མ་གཏོགས་བདེན་པར་གྲུབ་པ་མེད། སེམས་རིག་པ་ཙམ་མོ། །རར་བཞིན་སྐྱེ་བ་མེད་པ། མཚན་ཉིད་འགག་པ་མེད་པ། འདི་ཀ་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ། །ཕྱི་སྣང་བ་ཐབས་ལམ་ཡི་དམ་དུ་བསྒོམས་པའི། སྨིན་ཕྲག་དག་ཆོས་འབྱུང་གྲུ་གསུམ་གྱི་ནང་ལས། ནས་ནི། །སའི་འོད་་ཟེར་ལས་ཆོད་པའི་ཚཊ་དཔག་ཏུ་མེད་པཁྱུད་ནས་ཁ་དོག་སྣ་ཆོགས་ཀྱིས། །དེ་ཡི་སངས རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད། །ཡེ་ཤེས། ་དེའི་བཟང་ལན་དུ། བདུད་རྩིས་དཀར་པོའི་ཆུ་རྒྱུན། སྤྱན་དྲངས་ནས། །བདག་གི་ལུས་


PS010_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟིམ་པ་ཡིས། ལུས་ཀྱི་སྡིག་པ་དང་སྒྲིབ་པ་སངས་དག་པར་བསྒོམ། །ཡང་རང་གི་མགྲིན་པར་པདྨ་འདབ་མ་བཞི་པའི་སྟེང་དུ་ལས། །གཡས་གྲི་གུག་དང་་གཡོན་ཐོད་པ་དང་ཁཊཱཾ་ག་དང་བཅས་པ་རྡོ་རྗེ་ཕག་མོ་དམར་མོ་བསྒོམ། །ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུས་བདུད་རྩིས་རང་བཞིན་སྔ་མ་བཞིན་དུ་འོང་ནས། ཐུགས་ཀར་ཆོས་འབྱུང་ཟབ་མོ་ནི། །རང་བྱུང་ཕག་མོ་སྔོན་མོ་གྲི་ཐོད་ཁ་ཊྭཱཾ་དང་བཅས་པ་བསྒོམ། །ཞག་ནི་སྔོན་མོ་བདུན་བདུན་ཉི་ཤུ་རྩ་གཅིག་དག་ཏུ་བསླབ། །རྩ་བའི་ཨོཾ་གསུམ་མ་སྔགས་ནི་སུམ་བརྒྱ་བགྲང་། དེ་ནས་རང་གི་མིག་གཉིས་རྣ་བ་གཉིས་སྣ་གཉིས་ཁ་ཆུ་སོ་བཤང་ལམ་མོ།


PS010_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་ཡན་ལག་གི ། རྩེ་མོ་རྣམས་སུ་ཧཱུྃ་སྔོན་པོ་རེ་བསྒོམ། །ཡི་དམ་སྙིང་པོ་ཡི་གེ་བདུན་པ་བཟླས་པས་སུ། །ཧཱུྃ་རྣམས་ཐིག་ལེར་སྔོན་པོ་གྱུར་ནས་ནི། །ཁོང་པའི་ནང་དུ་ཐིག་ལེ་བཞི་པོ་འདུས་ཏེ་སྙིང་དབུས་སུ། །ཐིག་ལེ་རྣམས་གཅིག་དུ་གྱུར་པ་ལས་ཡི་དམ་ལྷ་རུ་བདེ་མཆོག་ཏུ་གསལ་བར་བསྒོམ་པའི་ཐུགས་ཀར། །སྤུ་ཤུད་ལྟ་བུའི་ཡི་གེ་ཧཱུཾ། །གསལ་བར་བསྒོམས་པས་ཡི་དམ་བདེ་མཆོག་གྱི། |སྙིང་པོ་ཡི་གེ་བདུན་པ་མ་ཡེངས་བགྲང་པ་ཡི། །གཟུགས་སྒྲ་དྲི་རོ་རེག་ལ་སོགས་ཆགས་སྡང་སོགས་ཞེན་པ་བཀག་ནས་སུ༐ ༑སྒྱུ་མ་རང་ཤར་ལྟ་བུའི་སྣང་པ་འབྱུང་། །བདེན་པར་གྲུབ་པ་གཏན་ནས་མེད། །སྣ་ཚོགས་པ་འདི་


PS010_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལུས་འདི་ཡར་ལས་དད་ཉོན་མོདས་པས་བསྐྱེད་པ་མིན་པ་འདི་ལ་བདེན་པར་གྲུབ་པ་གཏན་མེད་པ་ཉིད་ཡིན་ནོ་དེ། །ལུས་འདི་ངོ་པོ་ཉིད་ཀྱིས་སྟོད་ཉིད་ཡིན་ནོ། །སེམས་ཀྱི་རང་བཞིན་རྣམ་པ་གསལ་པ་འདི་ཁོ་ན་ཡིན། མ་བཅོས་པར་བཞག་ལ་ལུས་ཀྱི་ཞེན་པ་སྤང་ངོ་། །སྣང་ཞིང་སྲིད་པའི་ཆོས་སུ་འཛིན་པ་ཐམས་ཅད་སྤངས'ཏེ། །གོང་ལ་ཞེན་པ་ཐམས་ཅད་བློ་ཡིས་བཏབ་ནས་ནི། །རྩ་དབུ་མའི་ནང་སྙིང་གའི་ཐད་ཀར་ཨ་ཡིག་དངོས་པོ་ལུས་སྦྱངས་ཏེ། །སྒྱུ་མ་རྨི་ལམ་གྱི་འདུན་པ་དྲག་པོ་བཏད་ནས་ནི། །སྣང་གྲགས་་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། །དེ་ལ་གནད་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་ནི་ལྷའི་སྐུ ། སྒྱུ་མ་ལྟ་བུར་བསྒོམ་སྣང་ལ་རང་བཞིན་མེད་པར་


PS010_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ངག་གནད་རྡོ་རྗེའི་བཟླས་པ་གྲགས་སྟོང་རྟག་ཏུ་བྱ། །སེམས་ཀྱི་གནད་ནི་བཟང་ངན་ཐམས་ཅད་ལ་ཞེན་པ་སྤང་། །སྐྱེ་མེད་བཙོན་ར་ལྟ་བུའི་འཁོར་བ་འདི་ནས། །མྱུར་དུ་ཐར་པར་འདོད་པའི་བློ་བསྐྱེད་ལ། །ཡེངས་པ་མེད་པའི་བརྩོན་འགྲུས་དྲག་པོ་བརྩོམས་པར་བྱ། །བླ་མ་རྣམས་ལ་གསོལ་བ་དྲག་པོ་གདབ། །རང་ལུས་ལྷ་སྐུར་བསྒོམ་པར་བྱ། །བསོད་ནམས་ཀྱི་ཚོགས་རྣམས་ཉེ་བར་འགྲུབ་པ། །དེ་ནས་རང་གི་སྨིན་དྲག་རང་བྱུང་ཡུལ་སྣང་གི་དམིགས་པའོ། །གྲུ་གསུམ་ལས། །སྐྱེ་མེད་ཡི་གེ་ཨ་དཀར་པོ་བསམས་ཏེ། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ནས་ནི། །ཡིད་འོད་ཟེར་དང་འགྲོགས་ན་གང་འདོད་པ་སྟེ་བལྟ་བར་བྱའོ། །ལྟེ་བའི་དབུས་རིན་ཆེན་འབྱུང་བའི་


PS010_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྲུ་གསུམ་དུ་སུ། །དག་པའི་ཡི་གེ་ཧཱུྃ་སྔོན་པོ་བསམས་ཏེ། །འོད་ཟེར་ཕྱོགས་བཅུར་སྤྲོས་ཏེ་ཡི་དམ་གྱི་ལྷར་བསྒོམ། བསྡུས་ནས་ཚུལ་བྱུང་ནས་ལྟེ་བའི་དབུས་ཀྱི་གཞལ་ཡས་སུ། །ཡི་དམ་གསལ་བར་པསྒོམས་པའི་ཐུགས་ཀར་ལ། །ཡིད་བཅུག་ནས་མ་ཡེངས་པར་ཉལ་བར་བྱས་ནས་ནི། །ཟླ་གསུམ་དག་ཏུ་བསྒོམས་པར་བྱས་ན། །རྨི་ལམ་ཟིན་པ་དང་སྦྱོད་པ་སྤེལ་ཤེས་མཉམ་དུ་འབྱུང་། །རང་གི་པདྨ་འདབ་མ་བརྒྱད་དང་ལྡན་པའི་སྙིང་དབུས་སུ། །རྡོརྗེ་དབྱིངས་ཀྱི་མཁའ་འགྲོ་ནི། །ཞལ་གཅིག་པ་ལ་ཕྱག་གཉིས་པ་སྐུ་མདོག་ནག་མོ། །ཕྱག་གཡསན་རྡོ་རྗེ་མྲི་གུག་བསྣམས་པ། །ཕྱག་གཡོན་ན་ཐོད་པ་ཁྲག་གིས་བཀང་བ་


PS010_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་བཟུང་པའོ། །གསང་གནས་ཀྱི་པདྨ་གྲུ་གསུམ་གཞལ་ཡས་ནས། །འོད་ཟེར་ཁ་དོག་སྣཚོགས་ནི། །རྩ་བའི་ཨོཾ་གསུམ་མ་སྔགས་ཀྱིས་བསྐུལ་ནས་སུ། །འོད་ཟེར་བ་ཐག་ལྟ་བུར་བྱུང་པ་ཡི། །རང་གི་ལུས་ཀུན་གྱི་རྩ་རྒྱུད་ཐམས་ཅད་གང་བས་སུ། །ལུསལ་ཟག་པ་མེད་པའི་བདེ་བ་སྐྱེ་བར་བསྒོམ། །རང་ཉིད་ཡི་དམ་ལྷར་གསལ་བར་བསྒམས་པ་ཡི། །སྨིན་ཏུ་ཆོས་འབྱུང་ཕྲག་གྲུ་གསུམ་དཀར་པོའི་གཞལ་ཡས་ཁང་གི་ནང་དུ་ན། །རང་བྱུང་ཕག་མོ་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ་དཀརམོ་ཡི། །གསང་གནས་སྨིན་ཕྲག་དག་ནས་ནི། །འོད་ཟེར་ཕྱི་ནང་གི་མཆོད་པའི་རང་བཞིན་ཁ་དོག་སྣ་ཚོགས་ཀྱིས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པའོ། །དེའི་བཟང་ལན་དུ་ཡེ་ཤེས་བདུད་རྩིས་སྤྱན་


PS010_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ། །བདག་གི་ལུས་ལ་བསྟིམ་པ་ཡིས། །ལུས་ཀྱི་སྡིག་པ་དག་པར་བསྒོམ། །མགྲིན་པར་པདྨ་འདབ་བཞི་ལས། །རྡོ་རྗེ་ཕག་མོ་དམར་མོ་བསྒོམ། །འོད་ཟེར་སྤྲོ་བསྡུ་སྔ་མ་དང་སྒྲིབ་པ་སངས་བཞིན། །ཡང་རང་གི་ཐུགས་ཀར་ཆོས་པདྨ་དམར་པོའི་སྟེང་དུ་འབྱུང་ཟབ་མོ་སྨིན་ཕྲག་ནས་བ་དང་གསང་གནས་སུ་དང་ནི། །རང་བསྒོམ་མོ་བྱུང་ཕག་རང་གི་མོ་སྔོན་མོར་བསྒོམ། །འོད་ཟེར་སྤྲོ་བསྡུ་ནང་དུ་སྔ་མ་བཞིན། །ཞག་ནི་བདུན་བདུན་དག་ཏུ་བསླབ། །རྩ་བའི་སྔགས་ནི་གྲི་ཐོད་སུམ་བརྒྱ་བགྲང་། །སྒོ་དེའི་གསང་གནས་སྨིན་ཕྲག་ནས་བསྒོམ་མོ་དགུ་དག་ཉི་ཤུ་རྩ་གཅིག་དང་ཡང་ཨོཾ་གསུམ་མ་དག་གི ། རྩེ་མོ་དང་ཚིགས་རྣམས་ཡི་གེ་ཧཱུྃ་རེ་བསྒོམ། །ཡི་དམ་སྙིང་པོ་བཟླས་པས་འི་ཡི་གེ་ལ་སོགས་པ་གསུང་། སྔོན་པོ་པ་དང་ལྷའི་མ་ཡེངས་པར་།


PS010_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་རྣམས་ཐིག་ལེར་གྱུར་ནས་ནི། །ནང་དུ་འདུས་ཏེ་སྙིང་དབུས་སུ། །ཡི་དམ་་ལྷ་རུ་གསལ་བར་བསྒོམ། །སྤུ་ཤད་ལྟ་ཞུ་ནས་བུའི་ཡི་གེ་ཧཱུྃ། །ཁོང་པའི་རང་གི་གི་ནང་གི་གསལ་བར་བསྒོམས་བདེ་མཆོག་ནས་ཡི་དམ་ཡི་དམ་གྱི་ཐུགས་ཀར་གྱིས། སྙིང་པོ་མ་ཡེངས་བགྲང་པ་ཡི། །གཟུགས་སོགས་ཞེན་པ་བཀག་ནས་སུ། །སྒྱུ་མ་ལྟ་བུའི་རྣམ་པ་འབྱུང་། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། །རང་ཡི་དམ་གྱི་ལྷར་རང་ཤར་བསྒོམས་པའི་སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ། བདག་མེད་མ་ཉི་ཤུ་རྩ་གཅིག།གཡས་རང་སྒྱུ་ལུས་ཀྱི་དམིགས་པ་གྲི་གུག་ཐོགས་པ། །གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། །སྐུ་མདོག་སྔོན་མོ་སྟག་གི་པགས་པས་སྨད་དཀྲིས་པ་གར་སྟབས་


PS010_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞུགས་པ། ཁ་ཊཱཾྭ་ག་མཆན་ཁུང་ན་བཅུག་པ། དབུ་སྐྲ་རལ་པ་ཁམ་སེར་བརྫེས་པ། སྤྱན་གསུམ་པ་རུས་པའི་རྒྱན་དང་ལྡན་པ། དེ་དག་གི་ཐུགས་ཀར་དམིགས་ཏེ། ཨོཾ་ཨཱཿསྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པས། ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ། ཤ་ཁྲག་དང་། སྡིག་སྒྲིབ། བར་དུ་གཅོད་པའི་གནོད་པ་ཐམས་ཅད་བདག་མེད་མའི་སངས་ཀྱིས་དག་བས་རང་གི་ནས། ལུས་ཕྱི་ནང་དང་བཅས་པ་ཐམས་ཅད་དག་སྟེ་སྔོ་མེར་གྱིས་སོང་ནས། མདངས་མོ་ནས་རླུང་གཡོས་པ་ལས། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ནས། ཕྱག་རྒྱ་ཆེན་པོའི་རང་བཞིན་མེད་པའི་ངང་དུ་བཞག་གོ། ཡང་འདི་ཡང་སྒྱུ་ལུས་ཡི་དམ་གྱི་ལྷར་གསལ་


PS010_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་པོའི་རྩེ་མོ་ལ། ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་འཕྲོ་བ་གཅིག་བསྒོམ། མདུན་དུ་བདག་མེད་མ་གཅིག་བསྒོམས་ལ། །དེའི་པདྨའི་ནང་དུ་ཡི་གེ་ཨོཾ་ཨཱཿསྭཱ་ཧཱ། དམར་བ་ལ་དམིགས་པ་སྔགས་བཟླས་པས། འོད་ཟེར་བ་ཐག་ལྟ་བུ་ནར་གྱིས་བྱུང་ནས། ཡི་གེ་ཧཱུྃ་ལ་ཕོག་པ་དང་། འོད་ཀྱི་རྣམ་པར་གྱུར་ནས་ལུས་ཀྱི་ནང་ན་ཡར་བ་ཐག་གི་རྣམ་པ་ལྟ་བུར་སོང་ནས། རྩ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུ་ལྟ་བུར་སོང་པར་བསམ་ལ། ཨོཾ་ཨཱཿསྭཱ་ཧཱ། བརྒྱ་དཔག་ཏུ་མེད་པ་རྩ་བརྒྱད་བགྲངས་པས་པས་བདག་མེད་མ་འོད་དུ་ཞུ་ནས རྩ་ལམ་གྱི་ནང་ན་ཡར་ཞུགས་ནས། ལུས་ཐམས་ཅད་ལ་ཁྱབ་པ་དང་། འོད་དུ་ཡལ་གྱིས་ཡལ་ལྟེམ་གྱིས་ནས་ནས། ཕྱག་རྒྱ་ཆེན་


PS010_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ངང་དུ་བཞག་གོ ། དེའི་ངང་ལས་ཡི་དམ་གྱི་ལྷ་གང་ཡིན་དུ་ལངས་ལ། དེ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པར་བསྒོམ། དེ་ཡང་ཆོས་ཐམས་ཅད་སྣང་ཡང་སྟོང་པའི་རང་བཞིན་ལས། ཤེས་བློ་ཡོད་པས་བློ་མི་འཇུག།ཞེས་སོ། །ཡང་ཡི་དམ་ལྷར་བསྒོམས་པའི་དབང་པོའི་རྩེ་མོ་ལ། ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་ཁ་དོག་རྣམ་པ་ལྔ་འཕྲོ་བ་གཅིག་དམིགས་ལ། རྒྱུད་ལས་ཡི་དམ་གྱི་ལྷའི་བདེན་པར་མ་གྲུབ་པས་སྙིང་པོ་བགྲངས་ནས། འོད་ཟེར་ནང་དུ་དྲངས་པས། དབང་པོ་སྒྱུ་མ་ལྡོག་པ་ལྟ་བུར་སོང་བ་ལས། ལྟེ་བའི་དབུས་སུ་འོད་ཟེར་ཁ་དོག་རྣམ་པ་ལྔ་ལ་དམིགས་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱས་པས། ལུས་ཐམས་ཅད་འཇའི་རྣམ་པ་ལྟ་བུ། ལྷའི་སྐུ་


PS010_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམས། སྣང་བ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་བསྒོམ། དེ་ལ་ཞག་བདུན་ནམ། ཉེར་གཅིག་ཅི་རིགས་པར་བསླབ། དེ་ནས་སྙིང་འོད་ལྔ་པོ་དེས། གར། དེ་ནས་མགྲིན་པར་དྲངས། དེ་ནས་སྤྱི་གཙུག་ཏུ་དྲངས་པས། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་སྤྱི་བོར་བཞུགས་པ་ལ་མཆོད་པ་སྣ་ཚོགས་འབུལ། དེ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་ཕྱི་ནང་གསང་གསུམ་གྱིས་དཔའ་ཧཱུྃ་ལ་ཐིམ་པར་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསྒོམ། ཧཱུྃ་དེ་དེ་ནས་ཡང་ཡི་དམ་གྱི་ལྷ་གང་ཡིན་དུ་བསམ། དེ་ཡང་ཁོ་ནས་སྦྱང་བ་དང་སྦྱོར་བ་ཤེས་པ་ལས་


PS010_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་ཡོན་ཏན་སྣ་ཚོགས་འབྱུང་། ཞེས་སོ། །སྦྱང་བ་ནི། །ཧཱུྃ་འོད་ཟེར་དང་བཅས་པ་ལས་ཡར་དྲངས་ནས། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོར་འདྲེན་པའོ། །སྦྱོར་བ་ནི་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་པའོ། །རྟགས་ནི་རྨི་ལམ་ཟིན་པའོ། །ཡོན་ཏན་ནི་ཞེན་པ་མེད་པའོ། །ཞག་བདུན་ནམ་ཉེར་གཅིག་ཅི་རིགས་པར་སྦྱོང་པའོ། །རང་ཡི་དམ་ལྷར་བསྒོམས་པའི་འཁོར་འདས་ཐམས་ཅད་ལ་ལྟེའི་དབུས་སུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་གཅིག་བསམ། ཡུལ་སྣང་གི་དམིགས་པ་དེའི་ནང་དུ་ཨོཾ་ཨཱཿསྭཱ་ཧཱ་ཁ་དོག་སྣ་ཚོགས་སུ་འདུག་པ་གཅིག་དམིགས་ནས་བཟླས་པས། འོད་དུ་ཞུ་ནས་མེར་རེ་བྱུང་པ་ལས། བདག་མེད་


PS010_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མས་བུ་བྱས་པའི་ཡི་དམ་གྱི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཆོས་སྐྱོང་བ་ལ་སོགས་དཔག་ཏུ་མེད་པ་བྱོན་ནས། སྣ་བུག་གཡོན་པ་ན་ཕར་བྱོན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས། རང་རང་སྔགས་དི་རི་རི་བརྗོད་པར་བསམ། ཡང་ཐོད་པའི་ནང་དུ་དམིགས་ནས་ཨོཾ་ཨཱཿསྭཱ་ཧཱ་བཟླས་པ་དང་། འོད་ཟེར་ཁ་དོག་རྣམ་པ་ལྔས་སྣ་དྲངས་པའི་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པ་བྱུང་ནས། སྣ་བུག་གཡས་པ་ན་ཡར་དོན་ཏེ། འོད་ཟེར་གྱི་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམ། ནང་ན་གནས་པའི་ཡི་དམ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཕུལ། གསོལ་


PS010_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲག་ཏུ་གདབ། ཉིན་མོ་དེ་ལྟར་སྦྱངས་པ་ལས། །ནུབ་མོ་ཉལ་ཙ་ན་ཐོད་པའི་ནང་དུ་བདག་མེད་མ་བསམས་ལ། རང་ཡི་དམ་དུ་བསྒོམས་པའི་ལྟེ་བར་ཡི་དམ་གྱི་ལྷ་ཁྱེད་པར་བྱའོ་ཀྱིས་དོ་ནུབ་ཀྱི་སྐབས་སུ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་འབྱུང་བར་མཛད་དུ་གསོལ། །ཞེས་བརྗོད་ནས་ཉལ་བ་དང་། བདག་མེད་མའི་ཐུགས་ཀར་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྐྲ་ལམ་མེ་བ་ལ་དམིགས་པ་གཏད་ལ་གཉིད་ཉལ་བས། རྨི་ལམ་ཟིན་པ་དང་། སྦྱོང་ཤེས་པ་དང་ཡུལ་སྣང་གཏན་ལ་ཕེབས་པ། མཉམ་དུ་འོང་སྟེ། བདག་མེད་མ་ལ་མ་ཡེངས་པར་བརྟེན་ནས་སྦྱོང་བ་ལྟར། ཡི་དམ་གྱི་ལྷ་


PS010_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་ཡང་དེ་བཞིན་དུ་སྦྱང་བར་བྱའོ། །ཐབས་ལམ་ཟབ་མོའི་སྦྱོར་བ་འདི། །གཞན་ཕན་བློ་ཡིས་ཡི་གེར་བཀོད། །འགལ་འཁྲུལ་ནོངས་པ་མཆིས་ན་ཡང་། །ལོ་ཟླ་ཙམ་གྱིས་སངས་རྒྱའི་གནས་གསུམ་མཁའ་འགྲོས་བཟོད་པར་མཛོད། །ཟབ་མོ་ལམ་གྱི་སྦྱོར་བཞི་འདི། །རྡོ་རྗེ་འཆང་ཆེན་ནས་བཟུང་སྟེ། །བླ་མ་སངས་རྒྱས་ལྟ་བུ་ཡི། །སྙན་ནས་སྙན་དུ་བརྒྱུད་པ་འདི། །མཁའ་འགྲོའི་ཞལ་གདམས་དྲུག་པ་བདག་གིས་ཉམས་སུ་རྩ་བའི་བླངས་པ་ཡིན། །སྡུག་བསྔལ་ཁྱད་བསད་ཉམས་སུ་ལོང་། །སྒྱུ་ལུས་ཀྱི་སྦྱང་བ་རྣམ་གཉིས་ཞེས་བྱ་བ། །བདག་ཁྱུང་པོ་རྣལ་འབྱོར་པས་ཐམས་ཅད་ཡི་དུ་གེར་ནས་བླངས་པར་བྱའོ་བཀོད་པ་རྫོགས་སོ། །མཚུངས་མེད་ཤཱཀྱ་རིན་ཆེན་གྱིས། །དགྱེས་བཞིན་དུ་བདག་འཁྱམས་པོ་ངག་དབང་ལ་གནང་ངོ་། །མངྒ་ལཾ། །

སྒྱུ་ལུས་གདན་ཐོག་གཅིག་མ།


PS010_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་གདན་ཐོག་གཅིག་མ་བཞུགས་སོ། །སརྦ་མངྒ་ལཾ། །


PS010_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཁྱེན་བརྩེའི་བདག་ཉིད་རྡོ་རྗེ་འཆང་། །དམིགས་མེད་ཐུགས་རྗེས་འགྲོ་དོན་མཛད། །མཁས་གྲུབ་བླ་མའི་ཞབས་བཏུད་དེ། །སྒྱུ་ལུས་གདན་ཐོག་གཅིག་མ་བྲི། །སྒྱུ་ལུས་གདན་ཐོག་གཅིག་མ་ལ། །གསོལ་འདེབས་བཞི་ལ་འདུན་པ་བརྒྱད། །དེ་ལ་སྒྱུ་ལུས་རྨི་ལམ་གཉིས་ཀ་སྒྱུ་ལུས་འབྲིང་གི་


PS010_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་དྲིལ་ནས་ཉམས་སུ་ལེན་པར་འདོད་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། དེ་ནས་སྔར་སྐྱེས་པ་ཐམས་ཅད་ཀྱང་ཤི། ད་བཟོད་སྐྱེ་བ་ཐམས་ཅད་འཆི། །ད་ལྟ་ས་ཐོག་ན་གནས་པ་ཐམས་ཅད་ཀྱང་མ་ཤི་ཚེ་ཐར་དུ་སྡོད་


PS010_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཀྱང་མེད། འཆི་བ་ཡིན། ཅི་ཀྱང་མི་བྱེད་སྙམ་པའི་འཆི་བ་མི་རྟག་པ་སྒོམ། ཤི་ནས་མེད་པར་འགྲོ་ན་སླ་སྟེ། འགྲོ་དྲུག་ཏུ་སྐྱེ། གང་དུ་སྐྱེས་ཀྱང་སྐྱིད་མེད་ཨང་སྙམ་དུ་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དོ། །རྡོ་རྗེའི་ཚིག་རྐང་ལས། མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ཅེས་དང་། ནི་གུ་མས། འཁོར་བར་སྐྱིད་མེད་དགའ་གདུང་དང་། སྣང་བ་བསླུ་བྲིད་མཁན་འདི་ལ། །སྐྱོ་ཤས་དྲག་པོས་རྒྱབ་ཕུལ་ནས། །འདུན་པ་དྲག་པོས་བཅུད་མ་བོར། །ཚེ་འདི་བློ་ཡི་མ་ཐོངས་ན། །ཅི་བྱས་དོན་མེད་སྡུག་བསྔལ་རྒྱུ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་འདྲ། །ནགས་ཁྲོད་འདུག་ཀྱང་རི་དྭགས་ཡིན། །ཐ་


PS010_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། །ཅེས་སོ། །དེ་ནས་བདེ་བའི་སྟན་ལ་ལུས་གནད་བཅས་ལ། རང་སྐད་ཅིག་གིས་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ། ཡུམ་དང་གཉིས་སུ་མེད་པར་བསྐྱེད་པའི་སྤྱི་བོར་པདྨ་དང་ཉི་མའི་སྟེང་དུ་རྩ་བའི་བླ་མ་ངོ་བོ་སངས་རྒྱས། རྣམ་པ་བླ་མ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། སྐུ་ལྟ་བས་ཆོག་མི་ཤེས་པ། ཉི་མ་འབུམ་གྱིས་གཟི་བརྗིད་ཅན། མཚན་ཐོས་པས་ཕྱིར་མི་ལྡོག་པའི་ས་ཐོབ་པ། གསོལ་བ་བཏབ་ན་བྱིན་རླབས་འབྱུང་བ་ལྟ་ཅི་སྨོས་པ་གཅིག་བསྒོམ། དེའི་


PS010_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡི་དམ་ལྷ་ཚོགས་དང་མཁའ་འགྲོ་ཆོས་སྐྱོང་དང་། རང་ལ་ཆོས་འབྲེལ་ཡོད་ཚད་ཐམས་ཅད་བསྟིམ་ནས། བླ་མ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བསྒོམས་ནས། མདུན་དུ་རང་ལ་གནོད་བྱེད་ཀྱིས་གཙོ་བྱས་པའི། ནམ་མཁའ་དང་མཉམས་པའི་སེམས་ཅན་ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་བྱེད་ཅིང་། ཀུ་དི་རི་རི་གསོལ་བ་འདེབས་པར་བསམ་ལ། བླ་མ་སངས་རྒྱས་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་པར། དགོས་མེད་རྒྱུད་ལ་སྐྱེ་བར། སྒྱུ་ལུས་རྨི་ལམ་


PS010_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོངས་པར། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། །ཞེས་སྙིང་གའི་དཀྱིལ་རྐང་གི་ཁོངས། རུས་པའི་གཏིང་ནས་གསོལ་བ་དྲག་པོ་གདབ་བོ། །མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། ནི་གུ་མས། ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱ། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག།ཅེས་སོ། །དེ་ལྟར་གསོལ་བ་བཏབ་པས། སྣང་བ་བདེན་མེད་དུ་ཆམ་སོང་བ་དང་། རང་བདེ་མཆོག་ཏུ་སྒོམ་པའི་སྐུ་མདོག་ཕྱག་མཚན།


PS010_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་ལྡན་པ། སྣང་བ་གཟུགས་སུ་གྲུབ་པ། རེག་པ་རྫས་སུ་མ་གྲུབ་པ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་འདི་རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་པ། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་བསམ་མོ། །དེ་ནས་ཕྱི་ས་ཆུ་མེ་རླུང་། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། རི་རབ། ཁང་ཁྱིམ་རྩིགས་པ། རེ་ལྟེ་དང་། ནང་བཅུད་ཀྱིས་སེམས་ཅན་སྐྱེས་པ། བུད་མེད། དགྲ་གཉེན། རྟ་གླང་ལ་སོགས་པ། མདོར་ན་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། རང་གི་བློས་བཀོད་བློ་ལ་ཤར་བ་མ་གཏོགས་པ། ཕྱི་རོལ་ན་དོན་


PS010_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་གྲུབ་པ་གཅིག་ཀྱང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། འདི་རྣམས་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་དུ་རྩེ་གཅིག་ཏུ་སྒོམ་མོ། །ཁྱེའུ་རབ་སྣང་གི་མདོ་ལས། ཆོས་རྣམས་སྒྱུ་མ་རྨི་ལམ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པས། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ངེས། །ཅེས་སོ། །རྗེས་ཤེས་ནི། སྤྱོད་ལམ་ཐམས་ཅད་དུ་འཆི་བ་ཡིན་སྙམ་པ་དང་། བླ་མའི་སྣང་བ་དང་མི་འབྲལ་བར། མོས་གུས་གདུངས་གདུངས་པ་དང་། ཁྱད་པར་དུ་ང་གཉིད་དུ་སོང་འདུག །འདི་རྨི་གྱིས་འགྲོ་འཆག་ཉལ་འདུག །རྨི་ལམ་གྱིས་ཟས་གོས། རྨི་ལམ་གྱི་གཏམ་སྙན་མི་སྙན། རྨི་ལམ་གྱི་ཆགས་སྡང་ལ་སོགས་པ་ཡིན་


PS010_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག་སྙམ་དུ་བསམ་ལ། ངག་ཏུ་ཡང་བརྗོད། སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱིས་རྩིས་ཟིན་པར་བྱས་པས་ཅི་བྱས་ཐམས་ཅད་དགེ་སྦྱོར་དུ་འགྲོ་བ་ཡིན་ནོ། །སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་དང་། ནི་གུ་མས། ཅིར་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་རྟེན་གྱིན་ག་ན་ལང་། །ཡུལ་ངན་སྤངས་ཀྱིས་ག་ན་སྤོངས། །སྒྱུ་མར་ཤེས་པས་རང་སར་གྲོལ། །ཅེས་དང་། སྤྱོད་ལམ་སྣང་གྲགས་ཐམས་ཅད་ཀུན། །གཉིད་སོང་འདུན་པས་ཉམས་སུ་བླང་། །དངོས་སྣང་དང་ནི་རྨི་ལམ་གཉིས། །ཁྱད་པར་གཅིག་ཀྱང་ཡོད་མིན་ཏེ། །མ་གཏོགས་པ་ལ་གཉིས་སུ་སྣང་། །དེ་


PS010_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་ལས་གཞན་དུ་མིན། །ཅེས་སོ། །སྦྱང་བ་ནི། གཡང་དམ་མཁར་རྩེ་ལྟ་བུར་ཕྱིན་པར་བསམ་ནས། ཡ་ང་རྟིང་པ་གཡང་ཟར་བཅུག་སྟེ། ང་གཉིད་ལ་སོང་འདུག་འདི་རྨི་ལམ་གྱི་གཡང་དང་འཇིགས་པར་འདུག།དེ་ལ་བདེན་པར་གྲུབ་པ་མེད། །གང་སྦྱང་སྦྱང་ཡིན་སྙམ་དུ་བསམས་ལ། ས་ལ་མར་ཆད་ཀྱིས་ལྷུང་དུ་གཞུག །ཡར་བྱུང་བ་དང་ལྷ་སྐུ་འཕྲེང་བ་རྒྱུས་པ་ལྟ་བུར་བསམ་མོ། །ཡང་སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །ཡིད་ཀྱི་ལུས་སུ་འདུག །རྨི་ལམ་དང་ཡིད་ལུས་ལ་གང་སྦྱང་སྦྱང་ཡིན་སྙམ་དུ་བསམ་ལ། འབྱུང་བཞི་དང་སེམས་ཅན་ཕྲ་རགས་ལ་སོགས་པ་ཅི་སྣང་ཐམས་ཅད་ལ་ཡར་ཐལ་མར་ཐལ། ཕར་ཐལ་ཚུར་ཐལ་དུ་སྦྱང་ངོ་། །སྤེལ་བ་དང་སྤྲུལ་


PS010_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐུག་འཕྲད་ནི། ཡིད་ལུས་དང་རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྤེལ་སྤེལ་དང་། གང་སྤྲུལ་ཡིན་སྙམ་དུ་བསམ་ལ། འབྱུང་བཞི་ཕྲ་རགས་ལ་སོགས་པ་གང་རུང་དུ་བསྒོམ་པ་ནི་སྤྲུལ་པ། དེ་རེ་རེ་ལའང་། གཅིག་ལས་བཅུ། བཅུ་ལས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་སྤེལ་ལོ། །འཇིག་རྟེན་པའི་གང་འདུལ་ནི། བྱི་བ་འདུལ་བ་ལ་བྱི་ལ་དང་། བྱིའུ་ལ་ཁྲ། ཁྱི་ལ་སྤྱང་ཀི། སྤྱང་ཀི་ལ་སྟག །སྟག་ལ་སེང་གེ། མི་ལ་སྲིན་པོ་ལ་སོགས་པ་སྤྲུལ་ཞིང་། སྤེལ་ནས་འདེད་པ་དང་ཟ་བ་ལ་སོགས་པས་འདུལ་ལོ། །འདས་པའི་གང་འདུལ་ནི། ཀླུ་ལ་ཁྱུང་། རྒྱལ་པོ་ལ་རྟ་མགྲིན། ཀླུ་བདུད་དང་ཀླུ་སྲིན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། སྲིན་པོ་དང་གནོད་སྦྱིན་ལ་ཕྱག་


PS010_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་ལ་སོགས་པར་སྤྲུལ་ཞིང་སྤེལ་ནས་ཕྱག་མཚན་གྱིས་གཏུབ་པ་ལ་སོགས་པས་བཏུལ་བས་སྲོག་སྔགས་འབུལ་བ་ལ་སོགས་པ་འབྱུང་ངོ། །སྒྱུར་བ་ནི། འདུན་པ་ལ་སོགས་པས་ལྷ་སྐུ་སྔོན་པོ་ལས་དཀར་པོ་དང་། དེ་ལས་སེར་པོ་ལ་སོགས་པ་དང་། ཞལ་ཕྱག་མང་ཉུང་དང་། ཞི་ཁྲོ་ལ་སོགས་པར་སྒྱུར་རོ། །ལྷ་སྐུ་དེ་རྣམས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ་གཟུང་འཛིན་གྱིས་བློ་ལ་སོགས་པ་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བ་མ་འདྲེས་ལ་ཡོངས་སུ་རྫོགས་པ། གསལ་སྟོང་འཛིན་མེད། སྒྱུ་མ་རང་ཤར་དུ་རྟོགས་པར་བྱའོ། །ནི་གུ་མས། དེ་ཕྱིར་སྣང་བ་སྣ་ཚོགས་ལ། །སྒོ་ལྔའི་རྣམ་ཤེས་གསལ་དྭངས་ལ། །


PS010_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་འཛིན་པ་མ་ཞུགས་པ། །དེ་ནི་གསལ་སྟོང་དབྱེར་མེད་དེ། །ཞེན་མེད་སྒྱུ་མ་རང་སྣང་ངོ། །ཅེས་སོ། །དེ་ལྟར་ཉིན་བར་ཉམས་སུ་བླངས་ནས་ནུབ་མོ་གཉིད་དུ་འགྲོ་ཁར། གཉིད་དུ་མ་སོང་བའི་སྣང་བ་འགགས། རྨི་ལམ་རགས་པ་མ་ཤར་བའི་གཉིད་དང་། རྨི་ལམ་གྱི་བར་དེར་མ་ཡེངས་པ་བྱས་ནས། རྨི་ལམ་ཡིན་སྙམ་པའི་འདུན་པ་ཡང་ཡང་བཏང་བས། དེར་ལྷ་སྐུའམ་མིའམ་ཆུ་ལ་སོགས་པའི་རྟོག་པ་རིབ་རིབ་པ་གཅིག་འབྱུང་སྟེ། གང་བྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས། དེ་རྨི་ལམ་དུ་ངོས་ཟིན་པར་བྱས་པས། ཁབ་མིག་སྐུད་པ་འཛུལ་བ་ལྟར་རྨི་ལམ་མུ་འབྱོངས་པར་འགྱུར་རོ། །དེའི་དུས་སུ་མིག་མི་འབྱེད་པར་འོག་རླུང་བསྐུམས་ལ། གང་ཟིན་པ་དེ་མང་པོ་དཔག་ཏུ་མེད་པ་


PS010_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས། འདུན་པ་དྲག་པོ་བྱས་པས། རྨི་ལམ་ཟིན་མ་ཐོག་སད་འབྱམས་ལ་མི་འགྲོ་ཞིང་། སྦྱོང་སྤེལ་ཡུན་རིང་དུ་བྱར་འབྱུང་ངོ་། །ནི་གུ་མས། དེ་ཡང་མིག་ནི་མི་འབྱེད་པར། དྲན་སྣང་རྟོག་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐམས་ཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། །ཅེས་སོ། །རྨི་ལམ་བདེན་མེད་སྒྱུ་མར་ཤེས། །སྒྱུ་མ་སྒྱུ་འཛིན་དང་བྲལ་བས་འོད་གསལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བཞིན་མངོན་དུ་འགྱུར་རོ། །རྨི་ལམ་དུ་ལྷའི་སྐུ་རང་ཤར་ཡུད་ཙམ་བྱུང་ན། བར་དོ་ལོངས་སྐུའི་ས་བོན་ཐེབས་པ་ཡིན་ཏེ། ནི་གུ་མས། རྨི་ལམ་ཟིན་ནས་ལྷ་ཡི་སྐུ། རང་ཤར་ཡུད་ཙམ་བྱུང་གྱུར་ན། །


PS010_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། །ཅེས་སོ། །དེ་ནས་གཉིད་སད་པ་དང་སྔར་གྱི་རྨི་ལམ་དང་། སད་པའི་འཁྲུལ་སྣང་གཉིས་ཁྱད་མེད་པར་བསྲེས་ཏེ། ནི་གུ་མས། དེ་ཡང་དྲན་འདུན་མོས་གུས་དང་། །བསྲེ་བའི་གནད་ཀྱིས་མཚམས་སྦྱར་ནས། །གཉིད་ལོག་སད་པར་གྱུར་པ་སྟེ། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་སྒོམ། །ཅེས་དང་། ཉིན་མཚན་དབྱེར་མེད་བསྲེ་བ་དང་། །ཅི་སྣང་འཁོར་ལོ་གསུམ་ལྡན་དུ། །མ་ཡེངས་ཉམས་སུ་བླངས་བྱས་ན། །མཆོད་པ་འབུལ་ཞིང་གསོལ་བ་འདེབས། །དེ་ཡི་རྨི་ལམ་སྤྲུལ་སྒྱུར་ལ། །བརྟན་པ་ཐོབ་པས་སངས་རྒྱས་ནས། །འཇག་མིག་སྲིན་བུ་ཡན་ཆད་ལ། །སྒྱུ་


PS010_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྩལ་ནི་སྦྱངས་པ་ལས། །དམིགས་མེད་སྒྱུ་ལུས་མངོན་འགྱུར་ནས། །སྒྱུ་མ་ལྷ་སྐུ་འོད་གསལ་རྣམས། །དབྱེར་མེད་གྱུར་པས་གསལ་སྣང་མཆེད། །ཡུལ་སྣང་ཇི་བཞིན་བགྲོད་གྱུར་པས། །ཅེས་དང་། །བླ་མ་རྨོག་ལྕོག་པས། །དེ་ལྟར་ཡང་དང་ཡང་བསྒོམ་པས། །དམ་དུམ་སྐྱམ་སྐྱེམ་ཟིན་པར་འགྱུར། །གཉིད་སད་དུས་ན་བསྲེ་བ་གཅེས། །ཤར་དང་སྣང་དང་དོན་བྱེད་ནུས། །ཤེས་ནས་གྲོལ་བར་བྱེད་པ་ཡིན། །ཅེས་སོ། །དེ་ལ་སྒྱུ་མ་རང་ཤར་དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་པས། ཏོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་ནས་དགག་སྒྲུབ་དང་གསལ་བཞག་མེད་པ། གསལ་སྟོང་འཛིན་མེད་དུ་ཐག་བཅད་ནས་གོམས་འདྲིས་བྱས་ནས། ནི་གུ་མས། སྣང་གྲགས་ཆོས་


PS010_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་ཀུན། །རང་བཞིན་མ་གྲུབ་མཐའ་བྲལ་བའི། །སྣང་སྟོང་དབྱེར་མེད་སྒྱུ་མར་ཤར། །དེ་ཡང་དྭངས་པའི་རྒྱ་མཚོ་ལ། །ཆུ་བུར་བྱུང་ཞིང་ཐིམ་གྱུར་པ། །དེ་བཞིན་རྣམ་རྟོག་ཆུ་བུར་ཡང་། །ཆོས་ཉིད་རྒྱ་མཚོ་མ་གཏོགས་པ། །གཞན་དུ་གྱུར་པ་མི་སྲིད་ཀྱིས། །དགག་སྒྲུབ་མི་བྱ་གློད་ལ་ཞོག །དེ་ཚེ་རྟོག་ཚོགས་ན་བུན་རྣམས། །གཞི་མེད་གྱུར་པས་གཡོ་མི་ནུས། །ངེས་ཤེས་བསྐྱེད་ཅིང་ཐག་བཅད་ནས། །གསལ་བཞག་མེད་པས་གོམས་པར་བྱ། །ཅེས་སོ། །དེ་ལྟར་སྒྱུ་མ་རྨི་ལམ་འོད་གསལ་རྟོགས་པས་བར་དོ་འབྱངས་སོ། །དུས་དེར་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རང་ཤར་དུ་བྱུང་ནས། འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་སྨིན་


PS010_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གྲོལ་བར་བྱེད་པར་འགྱུར་རོ། །དམ་ཚིག་བཀོད་པ་ལས། ཉིན་པར་སྣང་སྟོང་སྒྱུ་མ་དང་། །མཚན་མོ་རྨི་ལམ་ལྷ་ཡི་སྐུ། །རང་ཤར་དེ་ལས་མ་གཡོས་ཚེ། །དེ་ནི་རྒྱལ་བ་ལོངས་སྤྱོད་རྫོགས། །སྐད་ཅིག་བར་དེ་མྱ་ངན་འདས། །རྒྱུན་ལ་གནས་ན་སྨོས་ཅི་དགོས། །སྒྱུ་མ་འོད་གསལ་དེ་བཞིན་ནོ། །འདི་ནི་གཞན་དུ་བརྗོད་མི་བྱ། །ཅེས་དང་། ནི་གུ་མས། རྨི་ལམ་ཟིན་ནས་འོད་གསལ་རྟོགས། །དེ་ནི་བར་དོ་འབྱོངས་པ་ཡིན། །ཅེས་གསུངས་སོ། །མདོར་ན་དལ་འབྱོར་རྙེད་དཀའ་བསམ། འཆི་བ་མི་རྟག་པ་སྒོམ། །འཁོར་བར་སྐྱོ་ཤས་བསྐྱེད། ཚེ་འདི་བློ་ཡིས་ཐོང་། དགོས་མེད་རྒྱུད་ལ་སྦྱོར། །རྗེད་ངས་ལོག་ལྟ་སྤོངས། །འབྲལ་


PS010_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མོས་གུས་ཀྱིས། །སྒྱུ་མ་རྨི་ལམ་བསམ། །རང་ཤར་ཕྱག་ཆེན་སྒོམ། །ལོ་ཟླ་མཐར་ཕྱིན་ཕྱིན། །དགེ་དེས་ཅི་སྣང་དུས་ཀུན་ཏུ། །བདེན་མེད་སྒྱུ་མའི་སྣང་བ་ཤར། །གསལ་སྟོང་འཛིན་མེད་མངོན་གྱུར་ཏེ། །འབྲས་བུ་སྐུ་བཞི་མཐར་ཕྱིན་ཤོག།སྒྱུ་ལུས་གདན་ཐོག་གཅིག་མ་སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ།། །