cover

དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།

འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་དཔེ་ཚོགས།

མངའ་བདག་མེ་ཏྲི་པ། དགེ་ལེགས་དཔལ་བཟང་པོ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ། མངའ་བདག་མེ་ཏྲི་པ།


PS011_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ་བཞུགས་སོ།། །།


PS011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། དབང་གི་རྟ་མཆོག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཤར་ལྷོའི་དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི་གནས་ན། ཤིང་ཙན་དན་གྱི་ནགས་ཚལ་དུ་དགའ་བའི་མིང་འདི་ཞེས་བྱ་བའི་མི་མ་ཡིན་ཕོ་མོ་འདུས་པའི་ཕོ་


PS011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དུ་དཔལ་ནག་པོ་ཆེན་པོ་ཞེས་བྱ་བ། བི་ནཱ་ཡ་ག་ལ་སོགས་པ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན་སྐྱེ་འགྲོའི་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པ་ཞིག་ཡོད་དེ། དེའི་དུས་ན་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མཐར་བྱེད་རྟའི་རྒྱལ་པོ་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཁོར་གྱིས་བསྐོར་བ། དྲེགས་པ་


PS011_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་བྃ། ཞེས་བརྗོད་པས་དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི་གནས་ནས། ནག་པོ་ཆེན་པོ་རང་དབང་མེད་པར་མཐར་བྱེད་རྟའི་རྒྱལ་པོའི་མངོན་དུ་བྱུང་སྟེ། ལས་ཅི་བྱ་ཟེར་ཞིང་རང་གི་སྲོག་སྔགས་ཀྱི་སྙིང་པོ་འདི་ཕུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བི་ག་ནན་བི་ན་ཡ་གཱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་སྨྲས་སོ། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་གླིང་བཞིའི་ལེའུ་སྟེ་དང་པོའོ། །དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་མཐར་བྱེད་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་པདྨ་ཁྲོས་པའི་བདག །ནག་པོ་ཁྲོས་པ་དྲག་ཤུལ་ཅན། །


PS011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་སྒྲུབ་པ་བཤད་དུ་གསོལ། །མགོན་པོ་སྒྲུབ་པར་བྱ་བ་གང་། །བསད་ཅིང་ལུས་སྲོག་དབྱེ་བ་གང་། །མ་འགྲུབ་ཤི་ས་བསྟན་པ་གང་། །གྲུབ་པའི་རྟགས་དང་སེར་བ་དང་། །རྟ་མཆོག་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། དེ་ནས་པདྨ་ཁྲོས་པ་ཡིས། །ནག་པོ་སྒྲུབ་པ་ཆེད་དུ་བརྗོད། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །གཟའ་སྐར་ཚེས་གྲངས་ཤིས་པ་ལ། །དུར་ཁྲོད་ལ་སོགས་ཤིང་གཅིག་ཏུ། །བསོད་ནམས་ཚོགས་ནི་བསགས་བྱས་ལ། །ནག་པོ་ཆེན་པོ་སྒྲུབ་པར་བྱ། །ཕུང་པའི་ས་ནག་དག་ལས་ནི། །སྟེགས་བུ་གྲུ་བཞི་བྱས་ནས་ནི། །དྲི་སྤོས་མི་ཁྲག་ཆག་ཆག་


PS011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། །དབུས་སུ་གྲུ་གསུམ་ཟླ་གམ་ལྡན། །ཕྱི་རིམ་པདྨ་འདབ་བརྒྱད་ལྡན། །དེ་དབུས་ཐོད་ཆེན་ནང་དུ་ནི། །ཤ་སྣ་སྙིང་སྣ་བརྒྱན་པ་ཡི། །གཏོར་མ་བཤོས་བུ་ཁྲུ་གང་ཚད། །དེ་ལ་མདའ་གཟུགས་དམར་ནག་དང་། །གྲི་སྙིང་ཙ་ཀ་ལི་ཡང་གཙུག །དེ་ཉིད་མགོན་པོའི་རྟེན་དུ་བཞུགས། །ཌ་མ་རུ་ཡི་པགས་པའི་ནང་། །མགོན་པོའི་དྲག་སྔགས་བྲི་བར་བྱ། །ལྷོ་ཡི་ནང་དུ་བླ་རྡོ་དྲིལ། །སྤོས་དང་རྒྱུན་གཏོར་གཏོང་བར་བྱ། །དཀོན་མཆོག་སྤྱི་ལ་པཱུ་ཙ་འབུལ། །དེ་ནས་པདྨར་བདག་བསྒོམས་ལ། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་སངས་རྒྱས་ལ་སོགས་པ། །རང་གི་མདུན་དུ་བསམ་བྱས་ནས། །པཱུ་ཙ་རྣམ་ལྔ་དབུལ་བར་བྱ། །རྣམ་


PS011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདུན་གྱི་འོག་ཏུ་ནི། །ཚད་མེད་བཞི་པོ་བསྒོམ་པར་བྱ། །དེ་རྗེས་པྃ་དང་རྃ་ལས་ནི། །པད་སྟེང་ཡི་གེ་ཧཱུྃ་ལས་སུ། །ནག་པོ་ཞལ་གཅིག་ཕྱག་དྲུག་པ། །གྲི་གུག་བགྲང་ཕྲེང་ཌཱ་མ་རུ། །ཐོད་པ་མདུང་དང་ཞགས་པ་བསྣམས། །གཡས་གཡོན་རིམ་པས་བསམ་པའོ། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་བ་ཏི་ཁྲ་བོ་ལ། །སྟག་ལྤགས་ཀྱིས་ནི་ཤམ་ཐབས་གསོལ། །གཏུམ་པོ་སྤྱན་གསུམ་མཆེ་བ་གཙིགས། །དཔྲལ་བར་དྲི་ཡིས་ཐིག་ལེ་རྒྱན། །སྤྱི་གཙུག་མི་བསྐྱོད་སྤྲུལ་སྐུས་རྒྱན། །དེ་ལྟར་བདག་མདུན་གསལ་བསྒོམས་ནས། །སྤྱན་དྲངས་མཆོད་དང་བཟླས་པ་བྱ། །གཏོར་མ་པཱུ་ཙྪ་ལ་སོགས་པ། །ནག་པོ་ཆེ་ལ་སྦྱིན་པར་བྱ། །


PS011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་ཐུགས་ཀའི་ཧཱུྃ་ལ་ནི། །སྲོག་གི་ཡི་གེ་གཡས་ནས་བསྐོར། །འཁོར་ཡུག་དག་གི་བཟླས་པ་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་སྐད་ཅེས་ནི་རབ་བརྗོད་པས། ནག་པོ་སྒྲུབ་པའི་རྟགས་རྣམས་འབྱུང་། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་ཡང་དག་བཤད་བྱ་བ། །སངས་རྒྱས་བསྟན་པ་གཤིག་པ་དང་། །རྣལ་འབྱོར་བར་ཆད་བྱེད་པ་རྣམས། །ནག་པོ་ཆེན་པོས་སྒྲོལ་འདོད་པས། །སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་། །དྲག་པོ་ཨེ་ཡི་ནང་དུ་ནི། །ཕོ་མོ་བར་ཆད་ཐོད་པའི་ནང་། །གཟུགས་ནི་སྤྲ་ཚིལ་དག་ལ་བྱས། །མིང་རུས་དག་ནི་བཀོད་ནས་ཀྱང་། །


PS011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བསད་དང་མནན་པ་སྐབས་དང་སྦྱར། །མགོན་པོའི་སྐུ་དང་དམ་རྫས་རྣམས། །ས་དང་མཁའ་ལ་དགོད་པར་བྱ། །ཕག་ཐོད་ནང་དུ་ཐུན་རྫས་བླུག །རྟག་གཏོར་ཐུན་གཏོར་གཡས་དང་གཡོན། །བསད་སྔགས་འདི་ཡིས་བསད་པར་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཀྵེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀ་ལ་ཡ། ཤཱ་ས་ན། ཨ་པ་ཧཱ་རི་ི། ཨེ་ཥ་ཨ་པཥྩི། མ་ཀ་ལོ། ཨ་ཡཾ་ཨི་དམ་རཏྣ་ཏྲ་ཡ། ཨ་པ་ཀ་རི་ཾ། ཡ་ཏེ་པྲ་ཏི་ཛྙཱ། སྨ་ར་སི་ཏ་ད། ཨི་དམ་དུཥྚན། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲི་ཧ་ན་གྲི་ཧ་ན། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་དགྲ་བོ་མཱ་ར་ཡ་ཧཱུྃ་


PS011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། བི་ནཱ་ཡ་ཀ་བྱི་ལ་པྲ་ཏྲ་བྱི་ཧྲཱི་ཧཱུྃ་ཛ་པི་ན་བུ་བི་ན་ཡ་ཀ། ཨ་མུ་ཀའི་སྲོག་ཧུར་ཐུམ་ཛ་མཱ་ར་ཡ་རྦད། དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ། །ཞག་བདུན་བར་དུ་མི་སྨྲ་བྱ། །དེ་ལ་རྟགས་རྫོགས་པར་འགྱུར། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་ལུས་སྲོག་དབྱེ་བའི་ལེའུ་སྟེ་གསུམ་པའོ། །དེ་ནས་ཡང་དག་བཤད་པར་བྱ། །ལས་མཐའ་སྦྱིན་སྲེག་དག་གི་བསྡུ། །གྲུ་གསུམ་དབུས་སུ་གདུག་པའི་ཤིང་། །དབུས་སུ་ནག་པོ་འཁོར་བཅས་བསྐྱེད། །ལིངྒ་གཏོར་མ་དམ་རྫས་རྣམས། །ནག་པོའི་ཞལ་དུ་དབུལ་བར་བྱ། །སྔགས་ནི་བཟླས་ཤིང་བསྲེགས་པར་བྱ། །ཨགྣེ་ཛྭ་ལ་རཾ་ལ་སོགས། །ཐལ་བར་རླུང་དམར་དག་ལ་བསྐུར། །ཨ་མུ་ཀ་ནི་མྱུར་དུ་


PS011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རླག །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་མཐའ་བཏུལ་བའི་ལེའུ་སྟེ་བཞི་པའོ། །དེ་ནས་ཡང་དག་བཤད་པར་བྱ། །དེ་ལྟར་སྒྲུབ་ཀྱང་མ་གྲུབ་ན། །གཅིག་དང་གསུམ་ལ་ནན་ཏན་བསྐྱེད། །དེ་ལྷ་བསྒྲུབས་ཀྱང་མ་གྲུབ་ན། །ས་གསུམ་བྲག་གསུམ་དུག་གསུམ་ལ། །ཁྲུ་གང་ས་ཡི་གཟུགས་བྱས་ལ། །གྲུ་གསུམ་དབུས་སུ་ནག་པོའི་གཟུགས། །སྤྱི་གཟར་དག་ཏུ་ལྡིང་དུ་བཞུགས། །བྲིས་སྐུ་དམ་རྫས་བླ་རྡོ་རྣམས། །རང་གི་འབྲུ་གསུམ་ལམ་གྱི་འོག །དུག་དང་འཚེར་མས་སྟེང་ནས་དགག །ཐུན་རྫས་བྲབ་ཅིང་སྔགས་འདི་བཟླས། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཀ་ཡ་ནཱ་བི་ན་བིག་ཏྲ་ཀྵི་ཀྵིཾ་ལ་ཀ་ཧཱ་མ་བཛྲ་ཨོཾ།


PS011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་བརྗོད་ཅིང་ཐུན་གྱི་བྲབ། །དེ་ལ་རྟགས་རྣམས་རྫོགས་པ་དང་། །དེ་ནས་གསོ་བའི་ཆོ་ག་བྱ། །བྲིས་སྐུ་བླ་རྡོ་དམ་རྫས་རྣམས། །སྤོས་ཆུས་བཀྲུ་ཞིང་སྔགས་འདི་བཟླས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སོད་སོད་སྭཱ་ཧཱ། དེ་སྐད་བྱས་ལ་རང་གནས་སུ། །མགོན་པོའི་གཟུགས་བྱས་སྤོས་ཆུས་བཀྲུ། །གྲུ་གསུམ་དབུས་སུ་བླང་བྱས་ལ། །དགྲ་བོའི་མིང་རུས་སྙིང་གར་བཞུགས། །ཞག་བདུན་སྒྲུབ་ལ་དགྲ་ལ་སྐྱལ། །ཨ་མུ་ཀ་ནི་མྱུར་དུ་རླག །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་མ་གྲུབ་ན་སྤོབས་པ་དང་གསོ་བའི་ཆོ་ག་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །བྱ་ནག་ཕུར་ཞིང་ལྡིང་བ་དང་། །མོན་པ་ཨ་ཙ་ར་དང་ནི། །བེནྡ་དགེས་


PS011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དགེས་སླེན་སླེན་དང་། །འདོང་སྒྲ་དང་ཁང་པ་འཚེག །མགོན་པོའི་སྐུ་དག་དངོས་སུ་མཐོང་། །དགྲ་ལ་དམག་དྲངས་སེམས་ཅན་བསད། །མི་ནག་དག་ལ་སྙིང་སྟོབས་དང་། །མཛེ་པོ་དང་ནི་སྤྲང་པོ་དང་། །བྱ་ནག་ཐང་ལ་ལྷུང་བ་འབྱུང་། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས། །ལས་ཀྱི་རྟགས་ཀྱི་རིམ་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སེར་བ་དབབ་པའི་བྱས་བྱ་ནི། །མོན་ནག་མཛེ་ཅན་ཐོད་པ་རུ། །ཙཀྲ་རྩིབས་བཞི་བྲིས་ནས་སུ། །རིགས་ལྔ་ཀླུ་ཡི་ས་བོན་དགོས། །རྩིབས་མཆན་སེར་བསྲུང་མིང་རུས་དང་། །གཡུལ་དུ་ཕོབ་ཅིག་བྱ་བ་བྲིས། །དེ་མཐར་འཁོར་ལོ་རྩིབས་དགུ་ལ། །དྲེགས་


PS011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་དག་བྲིས་བར་བྱ། །རྒྱབ་ཏུ་གང་ཡིན་ཡུལ་མིང་དང་། །རླུང་གི་སྙིང་པོ་བྲི་བར་བྱ། །བདག་ཉིད་པདྨ་ཁྲོས་པར་བསྒོམ། །སྔགས་འདི་ཡིས་ནི་གནད་ལ་བོར། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ན་ག་སྙིང་གཟེར། ཕུ་ཧུར་ཐུམ་ཛ་ཕྱོམ་ཤར་ཧྲིལ་བྷྱོ། དེ་སྐད་ཅེས་ནི་རབ་བརྗོད་ལ། །ཉུང་ནག་དང་ནི་སྐེ་ཚེ་དང་། །ཁྲག་དང་དུག་གི་ཐོད་པ་བྲབ། །ལོ་འབྲས་རླུང་ཁྱེར་རྟགས་བྱུང་ན། །དགྲ་ཡི་ཡུལ་དུ་དབབ་པར་བྱ། །གལ་ཏེ་འཇིག་རྟེན་ཕུང་བར་རོལ། །དཔལ་ནག་པོ་ཆེན་པོའི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ཨེ་མ་འཁོར་འདུས་ངོ་མཚར་ཅན། །མ་


PS011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་དམ་ཅན་སྒྲུབ་བྱས་ན། །དམ་ཚིག་ལ་གནས་སྡོམ་པ་བཟུང་། །གཏོར་མ་དག་ལ་བརྩོན་པར་བྱ། །དམ་རྫས་བླ་རྡོ་ལུས་ལ་བྲེལ། །ཞེས་བྱ་བས། རྒྱལ་པོ་མིག་མི་བཟང་ལ་སོགས་པ་ཡིད་རངས་ཏེ། ནག་པོ་ཆེན་པོས་བསྟན་པ་བསྲུང་བར་ཁས་བླངས་ནས་མི་སྣང་བར་གྱུར་ཏེ། དཔལ་ནག་པོ་ཆེན་པོའི་རྒྱུད་ལས་དམ་ཚིག་བསྟན་པ་སྟེ་ལེའུ་བརྒྱད་པའོ།། །།དཔལ་ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ལེའུ་བརྒྱད་མ་ཞེས་བྱ་བར་གྲགས་པ་འདི་རེ་ཞིག་རྫོགས་སོ།། །།རྒྱུད་འདི་རྒྱུད་འབུལ་ཕལ་ཆེ་བ་ན་ཡོད། བླ་མ་སྔ་མ་རྣམས་ཀྱི་རྒྱུད་སྡེ་སྤྱིའི་རྣམ་ཞག་དཀར་ཆག་ཕལ་ཆེ་བ་བྱ་རྒྱུད་དུ་བྱས། དེ་ཡང་རྒྱུད་གསུང་བ་པོ་རྟ་མགྲིན་ཡིན་པ་དང་། དེ་སྤྱན་རས་


PS011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་རིགས་ཡིན་པ་ལ་བསམ་ནས་པདྨའི་རིགས་ཀྱི་རྒྱུད་ཀྱི་ནང་དུ་བགྲང་བར་བྱེད་དོ། །མགོན་པོ་འདི་ལ་བླ་མེད་ཀྱི་རྒྱུད་དུ་བྱས་པའི་རྒྱུད་དུ་བྱས་པའི་རྒྱུད་དགོས་རྒྱུད་མི་འདུག་པ་དང་། འདི་ལ་ཡུམ་ཞལ་སྦྱོར་དང་། དབང་བཞི་རྫོགས་སུ་བྱས་པའི་བཀའ་ཆུང་མང་བར་ཡོད་པས། རྒྱུད་འདི་ཡིད་ཆེས་སུ་འདོད་པ་རྣམས་ཀྱིས་བླ་མེད་ཀྱི་རྒྱུད་དུ་འདོད་དགོས་སམ་སྙམ་མོ། །དུར་ཁྲོད་ནག་པོའི་རྒྱུད་བྱ་བ་ཞིག་ཡོད་པ་ནི། ཆོས་རྗེ་བུ་སྟོན་ལ་སོགས་པའི་མཁས་པ་ཕལ་ཆེ་བ་རྒྱུད་བརྫུས་མར་བཞེད་ལ། ཁོ་བོ་ཡང་དེ་ལྟར་ཡིན་ནོ་སྙམ་མོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་ཉེར་ལྔ་པ་གཅིག་ཡོད་པ། དེར་མགོན་པོ་
ཕྱག་བཞི་པའི་རྣམ་བཞག་གཙོ་བོར་སྟོན་ཅིང་། མགོན་པོ་ཞལ་གཅིག་ཕྱག་དྲུག་པ་འདི་དང་། བདེ་ལ་སོགས་པ་ཡང་སྔགས་དང་བཅས་པ་གསལ་བར་གསུངས་ལ། དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ་ལས། མགོན་པོ་འདི་ཉིད་ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་བཞིའི་འཁོར་དང་བཅས་པ་གསལ་བར་གསུངས་སོ།།

ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ།


PS011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ་བཞུགས་སོ།། ༼ཁ༽ ༈ བླ་མ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་མགོན་པོ་ཐུགས་བསྐྱེད་པའི་ཚུལ་ནི། མངའ་བདག་རྒྱལ་བ་མི་ཏྲི་པ་ཆེན་པོ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་བཞུགས་པའི་དུས་སུ། བདག་


PS011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་བདུན་ཕུལ་ནས། བདེ་ལོངས་སྤྱོད་ཆུང་སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བ་གཅིག་ཞུ་འཚལ་བྱས་པས། མཻ་ཏྲི་པའི་ཞལ་ནས་ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། འདིས་དང་པོར་བར་དོའི་འཇིགས་པ་ལས་སྐྱོབ། ལྷ་འདྲེ་མི་གསུམ་དབང་དུ་བསྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་། དགྲ་བགེགས་ཐམས་ཅད་རྩད་ནས་བརླག་པར་བྱེད། །གཞན་གྱི་བཟློག་པས་མི་ཚུགས་པ། མཆོག་མཐུན་མོང་


PS011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལོ་ཟླ་ཙམ་གྱི་འགྲུབ་པ། མཆོག་སྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ། ཐུན་མོང་སྒྲུབ་པས་མཆོག་ཞར་ལ་འབྱུང་བ་གཅིག་ཡོད་པས་དེ་སྦྱིན་གསུང་ངོ་། །དེ་སུ་ལ་ཞུས་པ་ལགས་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོ་སེམས་བསྐྱེད་དེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ཉིད་སྟོང་པར་མ་གྱུར་གྱི་བར་དུ། བདག་ཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་སྐྱེད་པ་འདི་ལས་ཉམས་པར་གྱུར་ན། མགོ་བོ་འཚལ་པ་སྟོང་དུ་གས་པར་གྱུར་ཅིག །ཅེས་གདམས་ཏེ། རི་བོ་པོ་ཏ་ལར་ཉིན་ཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱི་དོན་


PS011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་གྱུར་ཏེ། དེ་ནས་ལོ་དཔག་ཏུ་མེད་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས་སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་གྲིབ་མི་མངོན་པའི་སྟེང་དུ། སྙིགས་མར་སོང་བས་ཉོན་མོངས་པ་རགས་ལ་གདུག་པ་ཆེར་སོང་འདུག་པས། ད་ནི་སེམས་ཅན་འགའ་ཙམ་ཡང་སྒྲོལ་བར་མི་ནུས་པར་འདུག་སྙམ་ནས་སེམས་བསྐྱེད་པ་སྒྱིད་པར་གྱུར་པས། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏེ། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་པས། དེའི་བཤགས་པ་ལ་སླར་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་སྦྱོར་ཅིག་


PS011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས། དབུ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་སྔར་གྱི་སེམས་བསྐྱེད་དེ་བས་རྒྱ་ཆེ་བ་མེད་ཅིང་། དེ་དོན་ཆ་ཙམ་ཡང་མ་ནུས་པས་དེ་བས་རྒྱ་ཆེ་བའི་ཐབས་ནི་གང་ཡང་མེད་དོ་སྙམ་ནས་ཞག་བདུན་གྱི་བར་དུ་བརྒྱལ་བར་གྱུར་ཏེ། དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་བ། བར་ཆད་མང་བས་རྐྱེན་དབང་འགའ་ཤིག་ཏུ་འགྲོ་བ། ལོངས་སྤྱོད་ཆུང་ཞིང་འཚེ་བ་དམན་པ་སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བར་བཟློག་པ་དང་ནང་རྨེ་བྱེད་པ། ཆོས་བྱེད་ཕལ་ཆེར་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་གཟིགས་ནས། ཡུན་རིང་པོར་


PS011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱི་འདི་ཕྱིའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་ལ་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་ཙམ་གྱིས་རླག་པར་བྱེད་པ། མཆོག་མཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླ་ཙམ་གྱི་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་དགོངས་ནས་ཐུགས་ཀ་ན་ཧཱུྃ་མཐིང་ནག་གཅིག་ཕྱུང་བ་ལས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་བསྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་


PS011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཡིད་བཞིན་དུ་བསྐོང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་འདི་ཉིད་ཀྱི་ཕྲིན་ལས་ཀྱི་ནུས་པ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་གཤིན་རྗེ་དང་། སྲིན་པོ་དང་བདུད་དང་མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་སྒྲུབ་པ་དང་། མཆོད་པ་དང་དྲན་


PS011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་དངོས་གྲུབ་མ་ལུས་པ་སྟེར་བར་འགྱུར་རོ། །མ་གྲུབ་པ་ཉིད་ན་ཡང་བྱིན་གྱིས་བརློབས་པ་དང་དེ་ཉིད་ཀྱི་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཞེས་བྱའོ། །དེ་ནས་དཔལ་ཤ་བ་རི་པ་ཞེས་པ་བྲམ་ཟེའི་རིགས་སུ་གྱུར་པ་དཔལ་ལྡན་འབྲས་སྤུངས་ཀྱི་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་བཅུ་རྩ་གཅིག་ཡོད་པའི་དབུས་ན། ཏྲི་ས་ལ་ཞེས་བྱ་བའི་རོལ་མོ་མཁན་མཁས་པའི་མཆོག་གྱུར་ནས་སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་པོ་གཅིག་ཏུ་སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། །མཚན་མོ་ནམ་མཁའ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང་། ཡེ་ཤེས་མགོན་པོ་འདི་


PS011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་བྱོན་ཏེ། རིགས་ཀྱི་བུ་ངའི་སྒྲུབ་ཐབས་འདི་ཟུངས་ཤིག་གསུངས་ནས་སྒྲུབ་པའི་ཐབས་གསུང་སྟེ། ཤ་བ་རི་པའི་སྒྲུབ་ཐབས་སོགས་ཡི་རེ་བཀོད་དེ། ཡང་རྗེ་བཙུན་མ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་གསུམ་བྱོན་ནས་སྒྲུབ་པའི་ཐབས་གསུང་སྟེ་ཡི་རེ་མ་བཀོད། ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམ་ངག་རྣམས་ཞུ་དུས་མགོན་པོ་འདི་ཡང་གནང་ནས་ཞག་ཉི་ཤུ་རྩ་གཅིག་ལ་ཞལ་མཐོང་ངོ་། །ཁྱོད་ཀྱིས་ཀྱང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ལ་ནས་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། བྱ་རོག་དང་ཁྱི་ནག་པོ་ལ་རྡོ་མ་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་


PS011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་ན་རི་ལ་སོགས་པ་སྒྲུབ་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་གམ་བཅུ་གསུམ་གྱི་སློབ་མ་དང་བཅས་པ་ལ་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་བྱེད་དེ། ཞེས་གསུངས་ནས་ལུང་བསྟན་ཏེ་བཀའ་སྒོ་ལན་གསུམ་མཛད་དེ། ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མངའ་བདག་མེ་ཏྲི་པས་ཁྱུང་པོ་རྣལ་འབྱོར་ལ་གསུངས་པའོ། །ས་མ་ཡ་གུ་ཧྱ། འདི་ཁོ་ན་གཙོ་བོར་ཡིད་ཆེས་ཀྱི་གནས་སུ་བཟུང་ངོ་ཞེས། བླ་མ་དམ་པ་བདག་བཞེད་ལ། །བདག་ཀྱང་དེ་ལྟར་སྨྲའོ། །

རང་བྱིན་གྱིས་རླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་དཔལ་ཤ་བ་རི་པས་མཛད་པ།


PS011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱིན་གྱིས་རླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་དཔལ་ཤ་བ་རི་པས་མཛད་པ་བཞུགས་སོ།། ༼ག༽ རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ས་དྷ་ནཾ་ནཱ་མ། བོད་སྐད་དུ། རང་བྱིན་གྱིས་རླབས་པ་ནག་པོ་ཆེན་པོའི་སྒྲུབས་ཐབས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་བས་འཕྲེང་བ་བསྣམས། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་ཁྲོལ། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཛིན་པར་བྱེད། །དྲག་པོའི་ཞལ་ལས་མཆེ་བར་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་
སྐྲ་གྱེན་དུ་འབར། །དཔྲལ་བར་སིན་དྷུ་ར་ཡི་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་པ་ཡིས་རབ་ཏུ་བརྒྱན། །ཤིང་ལ་བྱོན་ནས་གཏོར་མ་ལེན་པར་དམིགས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་བདུན་བརྗོད་ལ་གཏོར་མ་སྦྱིན་པར་བྱའོ། །རང་བྱིན་གྱིས་རླབས་པ་ནག་པོ་ཆེན་པོའི་སྒྲུབས་ཐབས་དཔལ་ཤ་བ་རི་པས་མཛད་པ་རྫོགས་སོ།། །།སྒྲུབས་ཐབས་རྒྱ་གཞུང་འདི་ལ་ཡི་གེ་རྙིང་པ་ན་ཆན་ཆུང་ཉག་ཉོག་མང་པོ་བཏབ་འདུག་ནའང་། དགོས་པ་ལྷག་པོ་ཅི་ཡང་མི་སྣང་བས་མ་བྲིས་སོ།། །།

དཔལ་ཡེ་ཤེས་མགོན་པོའི་བསྟོད་པ་རྒྱ་སྐད་མ།


PS011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོའི་བསྟོད་པ་རྒྱ་སྐད་མ་བཞུགས་སོ།། ༼ང༽ །ཙ་ལ་ན་ནེ་པཱུ་ར་ཛ་ལིཾ་ནི། ཛྷ་ཀ་ར། བྷ་ཧུ་ཀྲིཾ་ཀི། ན་ར་ཝ་པ། ཨུ་
ར་ཧ་ཀ་ཧཱུྃ་ཀ་ཕེ། ཀ་ར་བི་བི་ཤ་ན། དྷ་སི་དྷ་སི་ཨ། ཌ་མ་རུ་ཨེ་ལ་ཨེ་ཀ་ལ། ཧ་ཧི་སོགས་ཨ། ཡ་ན་ཛྷོ་ཀི་ནི་ཡ། ན་ཨ་ན་དྷེ་ཨེ་ནེ་ཉྩ་ལུ་མ་ཨི་ར་ན། སི་ར་མ་མ་ཀ་ཨི་ན་ར་པི་ཧེ་པར་ན་ཨ། སྭ་སྛ་སྛ་ན་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པ་བསྟོད་པ་རྒྱ་སྐད་མའོ། །འདི་ལ་ཡང་ཡི་གེ་མ་དག་པ་རིམ་པར་རྒྱུད་པའི་འདྲ་མིན་མང་དུ་སྣང་ངོ་།། །།

དཔལ་ཕྱག་དྲུག་པའི་སྒྲུབ་ཡིག་མངོན་རྟོགས་རྒྱས་པའི་ཡི་གེ


PS011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༈ བྱིན་གྱིས་རླབས་པའི་ནག་པོ་ཆེན་པོ་འདི་ཉམས་སུ་ལེན་པའི་ཚུལ་དཔལ་ཕྱག་དྲུག་པའི་སྒྲུབ་ཡིག་མངོན་རྟོགས་རྒྱས་པའི་ཡི་གེ་བཞུགས་སོ།། ཅ༽ ན་མོ། བྱིན་གྱིས་རླབས་པའི་ནག་པོ་ཆེན་པོ་འདི་ཉམས་སུ་ལེན་པའི་འདོད་པས། དུས་ཁྱད་པར་ཅན་ལ་སོགས་པ་ལ། རང་ཡི་དམ་ལྷ་ཡི་བསྐྱེད་རིམ་ལ་སོགས་


PS011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་པར་སྒོམ་སྟེ། དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡི་དམ་གྱི་ལྷ་དང་བླ་མ་རྣམས་བཞུགས་པར་དམིགས་ལ་སྐྱབས་སུ་འགྲོ་བ་མང་དུ་བྱའོ། །དེ་ནས་འདི་ལྟར་སེམས་ཅན་ཐམས་ཅད་ནི་ཕ་ཡིན་མ་ཡིན། ཕ་མ་རྣམས་འཁོར་བའི་རྒྱ་མཚོ་ཆེན་པོ་ན་སྡུག་བསྔལ་ཞིང་ཉམས་ཐག་པ་འདི་རྣམས་སྙིང་རེ་རྗེ་ན་སྙམ་དུ་སྒོམ། ད་ཕན་ཆད་སྙིང་རྗེ་བའི་སར་མི་བཞག་པར་སངས་རྒྱས་ཀྱི་ས་ལ་བདག་གིས་འགོད་པར་བྱ། དེ་འགོད་པ་ལ་སེམས་ཅན་མ་རུང་པ་ལ་གདུག་པ་ཅན་སངས་རྒྱས་ཀྱི་བསྟན་པ་གཤིག་པ། དཀོན་མཆོག་གི་དབུ་འཕང་དམོད་པ། བླ་མ་དང་སློབ་དཔོན། ཕ་མ་དང་མཁན་སློབ་ལ་སོགས་


PS011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ལ་རྡོ་བ། མཚམས་མེད་པ་ལ་སོགས་བྱེད་པ། སེམས་ཅན་ཐམས་ཅད་ལ་གནོད་པ་འདི་རྣམས་དགོས་སུ་སྙིང་རེ་རྗེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཆོས་སྐྱོང་བའི་བསྲུང་མ་ཐམས་ཅད་ཀྱི་སྡིག་ཅན་འདི་རྣམས་ཁྱེད་ཀྱིས་སངས་རྒྱས་ཀྱི་ས་ལ་འཁོད་ཅིག་སྙམ་དུ་བསམ་མོ། །དེ་ནས་རང་གི་མདུན་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ། དེའི་སྟེང་དུ་གྃ་ལས་ཚོགས་བདག །དེའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ལས་འོད་འཕྲོས་སངས་རྒྱས་མཆོད་སེམས་སྨིན་གྲོལ་བྱས། གདུག་པ་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་དཔལ་ནག་པོ་ཆེན་པོ་བསྐྱེད། ཅན་


PS011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་དྲུག །ཞབས་བརྒྱད་ཀྱི་དོར་སྟབས་སུ་བཞུགས་པ། དབུ་སྐྲ་ཁམས་སེར་གྱེན་དུ་རྫེས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཞལ་བགྲད་པ། མཆེ་བ་རབ་ཏུ་གཙིགས་པ། སྨར་རའི་ཨག་ཚོམ་བརྗིད་པ། སྨིན་མ་ཁམས་སེར་གློག་ལྟར་འཁྱུག་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། སྦྲུལ་ནག་པོ་ཐོད་དུ་བཅིངས་པ་དམར་པོའི་སྙན་ཆ་སེར་པོའི་མགུལ་རྒྱན། དཀར་པོས་ཕྱག་གདུབ་དང་ཞབས་གདུབ་དཔུང་བརྒྱན་བྱས། སྟག་གི་པགས་པའི་ཤམ་ཐབས་ཀྱིས་སྟེང་ན་དར་ལྗང་གུའི་སྐ་རགས་བཅིངས་པ། མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་གཡས་དང་པོ་ན་ཐོད་པའི་ཕྲེང་བ། བར་པ་ན་གྲི་གུག །


PS011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ན་ཌཱ་མ་རུ་དྲག་ཏུ་ཁྲོལ་བའོ། །ཕྱག་གཡོན་དང་པོ་ན་ཐོད་པ། བར་པ་ན་རྩེ་གསུམ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པའོ། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས་པའོ། །སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་ནས་བཞུགས་པ། གཞན་ཡང་ཕྱག་དང་ཞབས་ཐམས་ཅད་དྲིལ་བུ་གཡེར་ཁས་རྒྱན་པ་གཅིག་ཏུ་ཀྲོངས་བསྐྱེད་དོ། །དེའི་ཐུགས་ཀར་ཡང་པྃ་ལས་པདྨ་དའི་ལྟེ་བར་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་འོད་འཕྲོས་པ་དང་། བདག་གི་སྔགས་ཀྱི་སྒྲས་སྤྱན་དྲངས་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀཱ་ཧཱུྃ་ཧཱུྃ་ཕཊ། ཅེས་མང་དུ་བརྗོད་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་ཤིང་རྐང་གཅིག་པའི་དྲུང་ནས་ཁ་མདོག་གི་བཞེངས་


PS011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཌཱ་མ་རུ་ཁྲོལ་ལོ་ལོ་ཀྲོལ་བས་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་ནས་མཁའ་འགྲོ་མའི་འཁོར་དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད་སྤྲིན་ཕུང་པ་བཞིན་དུ་འདུས་ཏེ། ནམ་མཁའ་ན་ཚུར་ནག་པོ་ཆེན་པོ་ལ་འཁོར་དམ་ཅན་རྒྱ་མཚོས་བསྐོར་བ་ནས། མདུན་གྱི་ནམ་མཁའ་ན་ཚུར་དྲིལ་བུ་གཡེར་ཁ་དང་ཌཱ་མ་རུའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ་བྱོན་ནས་མདུན་བསྐྱེད་པ་དེ་ལ་ཛཿཧཱུྃ་བྃ་ཧོཿསྟིམ། དེ་ནས་སྔགས་གོང་མ་དེ་བརྒྱ་ཙམ་བཟླས། དེའི་རྗེས་ལ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་དགྲ་བོ་མཱ་ར་ཡ་ཕཊཿཅེས་བརྗོད་པས་ནག་པོ་ཆེན་པོས། གོང་གི་སྡིག་ཅན་གནོད་བྱེད་དེ་རྣམས་ཞགས་པས་སྐེ་ནས་བཟུང་སྟེ།


PS011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཁྲིད་ནས་འདར་ཧེ་ཧེ་འདུག་པ་ལ་རྩེ་གསུམ་རྒྱབ་པས་དཔྲལ་བ་མགྲིན་པ་སྙིང་ག་གསུམ་ཕུབ། དེ་ནས་གྲི་གུག་གི་ཁོག་པ་བཤགས་ཏེ་ཁ་ཕྱེ་ནས་དོན་སྙིང་ལྔ་ལ་སོགས་པ་ཕྱུང་ནས་ཐོད་པར་བཅུག །ཞལ་དུ་ཆོམ་ཆོམ་གསོལ་བར་བསམ་ཞིང་། དེའི་ཤེས་པ་མི་བསྐྱོད་པའི་ཞིང་དུ་འཕངས་པར་བསམ་མོ། །དེ་ནས་གཏོར་སྔགས་རིང་པོ་དེ་བཟླས་པ་འཁོར་གྱི་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི་དེའི་ཤ་དང་། ཁྲག་དང་། རུས་པ་ལ་སོགས་པ་ཆོམ་ཆོམ་གསོལ་བར་བསྒོམས་ལ། དཔལ་མ་ཧཱ་ཀཱ་ལ་མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། སྲོག་གཅོད་ཀྱི་ཤན་པ། བདུད་འདུལ་གྱི་དམག་དཔོན་སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་
གསུམ་རྩེགས་བརླགས་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ་བསྟན་པའི་སྲོག་ཤིང་། སངས་རྒྱས་བསྟན་པ་བསྲུངས་ཤིག་ཅེས་བརྗོད་ལ། ལས་བཅོལ་འཇོག་པའི་དུས་སུ་སྤྱན་དྲངས་བ་ནི། ཨོཾ་ཨཱཿཧཱུྃ་མུཾཿབྱས་ལ་གཤེགས་སུ་གསོལ། བསྐྱེད་པ་དེ་རང་གི་སྙིང་གའི་ས་བོན་ལ་བསྡུའོ། །དཔལ་ཕྱག་དྲུག་པའི་སྒྲུབ་ཡིག་མངོན་རྟོགས་རྒྱས་པའི་ཡི་གེའོ།། །།

ལག་ཏུ་ལེན་པའི་མན་ངག་མངོན་པར་རྟོགས་པ་བཅས་པ་བསྒྲུབ་པའི་ཐབས་འབྲིང་པོའི་ཡི་གེ།


PS011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་ལེན་པའི་མན་ངག་མངོན་པར་རྟོགས་པ་བཅས་པ་བསྒྲུབ་པའི་ཐབས་འབྲིང་པོའི་ཡི་གེ་བཞུགས་སོ།། ༼ཆ༽ ན་མོ་མ་ཧཱ་ཀཱ་ལ་ཡ། ལག་ཏུ་ལེན་པའི་མན་ངག་འདི་ཡིན་ཏེ། །དབེན་པའི་གནས་སུ་སྒྲུབ་པ་པོ་བསྟན་བདེ་བ་ལ་འདུག་སྟེ། མདུན་གྱི་ནམ་མཁའ་ལ་བླ་མ་དང་། སངས་རྒྱས་དང་།


PS011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་། དགེ་འདུན་དང་། ཡི་དམ་གྱི་ལྷ་རྣམས་གསལ་བར་དམིགས་ལ། རང་གི་མིང་ནས་སྟོན་ལ་གདུང་བའི་ཚུལ་གྱིས་སྐྱབས་འགྲོ་ལན་གསུམ་བྱའོ། །བདུན་རྣམ་དག་སྒོ་ནས་ཚོགས་བསགས། ཚད་མེད་པ་བཞི་ལ་བློ་སྦྱང་བར་བྱའོ། །དེའི་རྗེས་ལ་བདག་ཉིད་ཡི་དམ་གྱི་ལྷ་གང་ཡིན་དུ་སྦྱོར་བ་དངོས་གཞི་འཇུག་རྫོགས་པར་བསྐྱེད་དེ། དེའི་མདུན་གྱི་ནམ་མཁའ་ལ་པྃ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཚོགས་བདག །དེའི་སྟེང་དུ་ཧཱུྃ་མཐིང་ནག་བསམ། དེ་ཡོངས་སུ་གྱུར་པ་ལས་མགོན་པོ་གཞུང་ནས་འབྱུང་བ་བཞིན་བསྐྱེད། ཁྲོ་བོ་དེའི་ཐུགས་ཀྱི་ནང་དུ་ན་ལས་པདྨ་


PS011_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་པ། དེའི་སྟེང་དུ་རྃ་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་མཐིང་ནག་ལ་རྩ་སྔགས་ཀྱིས་བསྐོར་བ་བསམ་ལ། རང་གི་ཐུགས་ཀའི་ས་བོན་དང་མདུན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་གཉིས་ལས་འོད་འཕྲོས་པས་ལྷོ་ཤར་གྱི་མཚམས་ཀྱི་དུར་ཁྲོད་ཀྱི་གླིང་ན་ཡེ་ཤེས་ཀྱི་མགོན་པོ་བཞུགས་པའི་ཐུགས་ཀར་ཕོག་ནས་མ་ཧཱ་ཀཱ་ལ་ཛཿཞེས་བརྗོད་པས་བྱོན་པར་བསམ། ཧཱུྃ་ཞེས་བརྗོད་པས་མདུན་གྱི་དམ་ཚིག་པ་ལ་ཐིམ། བྃ་གྱི་གཉིས་སུ་མེད་པར་བྱས་ལ། ཧོཿམི་དགྱེས་པ་མེད་པར་དགྱེས་པར་བསམ། དེ་ལྟར་བསྒོམ་པས་ཁྲོ་བོའི་ཐུགས་ཀར་དམིགས་པ་གཏད་ལ་བཟླས་པ་བྱའོ། །འཛོག་ཙ་ན་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་ཨཱཿཧཱུྃ་མུཾཿ
ཡེ་ཤེས་པ་གཤེགས། དམ་ཚིག་སེམས་དཔའ་འོད་ཀྱི་རང་བཞིན་དུ་རང་གི་ཐུགས་ཀར་བསྡུའོ། །མངོན་པར་རྟོགས་པ་སྒྲུབ་པའི་ཐབས་འབྲིང་པོ་ཡི་གེ་ཡིན་ནོ།། །།ཨིྀྛ། །

རྣམ་པ་གཅིག་ཏུ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ།


PS011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཅིག་ཏུ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ་བཞུགས་སོ།། ༼ཇ༽ ན་མོ་མ་ཧཱ་ཀཱ་ལ་ཡ། ཡང་རྣམ་པ་གཅིག་ཏུ། རང་ཡི་དམ་གྱི་ལྷ་གང་ཡིན་དུ་སྦྱོར་དངོས་རྗེས་གསུམ་གྱི་རྫོགས་པར་བསྐྱེད་ལ། དེའི་ས་བོན་གྱི་འོད་ཟེར་གྱི་ནག་པོ་ཆེན་པོ་ཤར་ལྷོའི་མཚམས་ནས་སྤྱན་དྲངས་པ་ལ། རང་གི་མདུན་དུ་དམིགས་ལ་བཟླས་པ་བྱའོ། །ཐུན་འཇུག་ལ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་ཨོཾ་ཨཱཿཧཱུཾ་མུཾཿ ཡེ་ཤེས་པ་གཤེགས་སུ་གསོལ།
འདི་ནི་ལག་ཏུ་བླངས་པ་རང་གིས་བྱིན་གྱིས་རླབས་འབྱུང་བའི་འཕྲོ་ཡིན་པས་གསུངས་སོ། །མངོན་པར་རྟོགས་པ་བསྡུས་པའི་ཡི་གེའོ། །ཨིྀྛ།། སྒྲུབ་ཡིག་གསུམ་པོ་འདི་ལ་མཛད་བྱང་མེད། ཤངས་པའི་ཡིག་རྙིང་ཡིན། བླ་མ་ཤངས་པའི་གསུངས་སྒྲོས་ཟིན་བྲིས་སུ་བྱས་པར་གདའོ། །ད་ལྷར་གཏོར་མ་སོགས་དང་འབྲེལ་བ་མ་ཡིན་པའི་སྐབས་གཞན་དུ་བཟླས་པ་ནར་མར་བྱེད་པ་ལ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ་འདི་ཉེ་བར་ཁོ་བ་ལགས། འདིའི་སྐབས་སུ་དམ་ཚིག་པ་བསྐྱེད་མི་འཚལ་བར་ཡེ་ཤེས་པ་སྤྱན་དྲངས་པ་གཅིག་ཏུ་བགྱིས་པ་ལགས་སོ།། །།ཨིྀྛ། །

སྲོག་སྔགས་དང་ཤཱ་ས་ནའི་སྔགས་དངོས་བཤད་པ།


PS011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྔགས་དང་ཤཱ་ས་ནའི་སྔགས་དངོས་བཤད་པ་བཞུགས་སོ།། ༼ཉ༽ སྲོག་


PS011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དོན་བཤད་པ་ནི། ཨོཾ་ཅེས་པ་བོད་སྐད་དུ་བསྒྱུར་རྒྱུ་མེད་ཀྱང་། མཚོན་དོན་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །བསྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་པ་ལྟར་རོ། །བཛྲ་ནི་རྡོ་རྗེ་སྟེ། རྡོ་རྗེའི་དོན་ཡང་དེ་ཉིད་ལས། །སྲ་ཞིང་སྙིང་པོ་ཁོག་སྟོ་མེད། །བསྲེག་ཏུ་མེད་ཅིང་བཅད་ཏུ་མེད། །གཞིག་ཏུ་མེད་ཅིང་གཞོམ་མེད་ཕྱིར། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་ལྟར་རོ། །མ་ཧཱ་ནི་ཆེན་པོའོ། །ཀཱ་ལ་ནི་དུས་གསུམ་ནག་པོའོ། །ཀྵིཾ་ནི་དྲག་པོ་སྟེ།


PS011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་མམ། ས་གསུམ་གཡོ་ཞིང་གུལ་བར་བྱེད་དོ། །ཀྵཻ་ཏྲ་ནི་ཞིང་སྡེ་སྲིད་གསུམ་གྱི་ཞིང་གི་ཅེས་པའོ། །བིགྷྣཱན་ནི་བགེགས་སོ། །བི་ནཱ་ཡ་ཀཱ་ནི་ལོག་འདྲེན་ནོ། །མདོར་ན་ས་གསུམ་གྱི་ཞིང་གི་བགེགས་རྣམས་འདུལ་ཞིང་བྲན་དུ་འཁོལ་བར་བྱེད་པའོ། །ཧཱུྃ་ཧཱུྃ་ནི་བསྐུལ་བར་བྱེད་པའོ། །རྒྱུད་དེ་ཉིད་ལས་ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་ཆོས་ནི་འཇོམས་པར་བྱེད། །གདུག་པ་སྔགས་ཀྱིས་གསོད་བྱེད་ཅིང་། །སྲིད་པའི་ཞགས་པ་གཅོད་པར་བྱེད། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཅེས་པ་ལྟར་རོ། །ཕཊ་ཕཊ་ནི་བསོད་པའམ་འཇོམས་པར་བྱེད་པའི་དོན་ཏེ། དེ་ཉིད་ལས། གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །


PS011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །སྭཱ་ཧཱའི་དོན་ནི་དེ་ཉིད་ལས། །སྭཱ་ཧཱའི་ཞེས་ནི་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་ཐམས་ཅད་འཕྲོགས་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས་པ་ལྟར་རོ། །བདག་གི་བླ་མ་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པའི་ཞལ་ནས། ཀྵཻཾ་ཀྵེ་ཏྲ་ཞེས་གསུངས་བླ་མ་དམ་གཞན་ལ་ལ་ཀྵིཾ་ཀྵེ་ཏྲ་ཞེས་གསུངས། ལ་ལ་ཁྲིཾ་ཁྲེ་ཏྲ་ཞེས་གསུངས། ཡི་གེ་སྔ་མ་རྣམས་སུ་ཡང་མི་འདྲ་བ་


PS011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་སྣང་ཡང་། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་ཞལ་ནས། ཀྵིཾ་དང་ཁྲིཾ་སྒྲ་པ་དག་གི་འདོན་ལུགས་མི་འདྲ་བའི་ཁྱད་མ་གཏོགས་དོན་ལ་ཁྱད་པར་མེད་དོ། །དེ་གཉིས་གང་རུང་འདིར་བརྗོད་རྒྱུ་ཡིན་གྱིས། ཀྵཻཾ་ཞེས་འགྲེང་བུར་བརྗོད་རྒྱུ་མིན་ནོ། །ཞེས་གསུངས་པས། བདག་ཀྱང་དེ་ལྟར་འདོད་པ་ཡིན་ནོ། །ཁ་གཅིག་ཁྲེ་ཏ་པ་ལ་ཞེས་ཟེར་བ་དང་། ཡི་གེ་ལ་བྲིས་པ་ནི་གཙོ་འཁོར་གྱི་ཁྱད་མ་ཕྱེད་པས་མ་དག་པ་ཡིན་ནོ། །རྩ་སྔགས་ཀྱི་དོན་བཤད་པ་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཅེས་པ་ནི་དཔལ་ནག་པོ་ཆེན་པོ་ཞེས་བྱ་བའོ། །ཤཱ་ས་ན་ཅེས་པ་ནི་བསྟན་པ་བཅས་པའོ། །ཨུ་པ་ཧ་རི་ཎི་ཅེས་པ་ནི་ཉེ་བར་སྒྲུབ་པའོ། །


PS011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཥ་ཅེས་པ་ནི་འདི་ཞེས་པའོ། །ཨཥྩི་ཅེས་པ་ནི་ཕྱི་མའི་ཞེས་པའོ། །མ་ཀཱ་ལོ་ཅེས་པ་ནི་དུས་སུ་ཞེས་པའོ། །ཨ་ཡཾ་ཅེས་པ་ནི་འདི་དང་ཞེས་པའོ། །ཨི་དཾ་ཅེས་པ་ནི་འདི་ཞེས་བྱ་བའོ། །རཏྣ་ཏྲ་ཡ་ཅེས་པ་ནི་དཀོན་མཆོག་གསུམ་ལ་ཞེས་བྱ་བའོ། །ཨ་པ་ཀ་རི་ཎི་ཅེས་པ་ནི། གནོད་པར་བྱེད་པ་རྣམས་ཞེས་བྱ་བའོ། །ཡ་ཏི་ཅེས་པ་ནི། གལ་ཏེ་ཞེས་བྱ་བའོ། །པྲ་ཏི་ཛྙཱ་ཅེས་པ་ནི། དམ་པ་ཞེས་བྱ་བའོ། །སྨ་ར་སི་ཏ་ད་ཅེས་པ་ནི། དྲན་པར་གྱིས་ལ་ཞེས་བྱ་བའོ། །ཨི་དཾ་དུཥྚཾ་ཅེས་པ་ནི་གདུག་ཅན་འདི་ཞེས་བྱ་བའོ། ཁ་ཁ་ནི་ཟོ་ཟོའོ། །ཁཱ་ཧི་ཁཱ་ཧི་ནི་ཟ་རུ་ཆུག་ཟ་རུ་ཆུག་གོ། མཱ་ར་མཱ་ར་ཡ་


PS011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སོད་སོད་དོ། །གྲི་ཧ་ན་གྲི་ཧ་ན་ནི་ཟུངས་ཟུང་ངོ། །བྷན་དྷ་བྷན་དྷ་ནི་ཆིངས་ཆིངས་སོ། །ཧ་ན་ཧ་ན་ནི་བསྣུན་བསྣུན་ཅེས་པའོ། །ད་ཧ་ད་ཧ་ནི་སྲེགས་སྲེགས་ཅེས་པའོ། །པ་ཙ་པ་ཙ་ནི་ཚོས་ཚོས་ཅེས་པའོ། །དེ་ན་མེ་ཀེ་ན་མཱ་ར་ཡ་ཅེས་པ་ནི་ཉི་མ་གཅིག་གི་བསད་པར་མཛོད་ཅེས་པའོ། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་སྔར་བཤད་པ་ལྟར་རོ། །སྔགས་ཀྱི་གཅོད་མཚམས་ཀྱང་འདི་ཁོ་ན་ལྟར་བྱ་བ་ཡིན་གྱིས། མ་ཀ་ལོ་ཨ་ཡཾ། ཨི་ད་ན་ཏ་ཡ་ཐ། ཅེས་སོགས་དང་། མ་ཧཱ་ཀ་ལོ། ཅེས་པ་དང་། ཨ་པ་ཀ་རི་རི་ཤ། ཅེས་པ་དང་། རཏྣ་ཏྲ་ཡཱ་ཡ། ཞེས་པ་ཡ་གཉིས་བྱེད་པ་དང་། སྨ་ར་སི་དན་ཏུ་ཅེས་པ་དང་། ཨ་པ་ཀ་རེ་ན། ཅེས་
པ་ལ་སོགས་པ་ནི་ཆེས་མ་དག་པ་ཆེན་པོ་ཡིན་པར་ཤེས་པར་བྱའོ། །སྔགས་མ་དག་པ་ལ་འབད་པ་ཆེན་པོས་བཟླས་པ་ཅི་ཙམ་བྱས་སུ་ཟིན་ཀྱང་། ཡང་དག་པའི་འབྲས་བུ་འབྱུང་བའི་སྐབས་མི་སྲིད་པས། ཐོག་མར་སྔགས་ལ་དག་ཐེར་ཞིབ་ཏུ་བྱ་བར་རིགས་པ་ཡིན་ནོ།། །།ཨིྀྛ ཿ

བླ་མ་རྒྱུད་པའི་ལོ་རྒྱུས་ཉུང་ངུ་།


PS011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྒྱུད་པའི་ལོ་རྒྱུས་ཉུང་ངུ་བཞུགས་སོ།། ༼ཏ༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལེགས་ལྡན་འདིའི་ལུགས་ཀྱི་སློབ་དཔོན་གང་གིས་མཛད་ན། ཤ་བ་རི་པས་མཛད་དོ། །ཡུལ་གང་ལ་བརྟེན་ན་ལྷ་འདི་དངོས་ལ་བརྟེན་ནོ། །དོན་ཆེན་གང་གི་དོན་དུ་མཛད་ན། སྤྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དང་། ཁྱད་


PS011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་ཡང་སངས་རྒྱས་བསྟན་པ་བསྲུང་བའི་དོན་དུ་མཛད་དེ། དེ་ཡང་བརྒྱུད་པ་ཁུངས་ཀྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བླ་མ་ཤ་བ་རི་པ་སྐད་པ་དེས། དུར་ཁྲོད་དུ་སྤྱིལ་བུ་གཅིག་ན་བསྒོམས་ཅིང་བཞུགས་ཙ་ན། ནམ་མཁའ་ལ་སྒྲ་དྲག་པོ་གཅིག་དྲག་ནས་གཟིགས་པས། སྔོན་ལ་ཇོ་བོ་ཁ་སར་པཱ་ཎི་གཅིག་བྱོན་འདུག་པ་གཟིགས། དེ་རྗེས་མགོན་པོ་འདི་བྱོན་ནས་འདུག་སྐད། དེ་རྗེས་ལ་མཁའ་སྤྱོད་ཀྱི་མཁའ་འགྲོ་མ་ཕག་མོ་གཅིག་གཟིགས་སོ། །དེ་ལྟར་ལྷ་གསུམ་ཞལ་གཟིགས་པ་ལ། ཇོ་བོ་ལ་འདིའི་གཞུང་དེའི་དུས་སུ་མཛད། གཉིས་པོ་ལ་ཞལ་གྱི་རཱ་ཧུ་ལ་ལྷ་བཞི་འདོད་གསུངས། ལྷ་གཅིག་སྒྲོལ་མ།གདམས་པ་ལས་མེད་གསུངས། དཔལ་ཤ་བ་རི་པས་གཉིས་ཁྱུང་པོ་མེད་རྡོ་མཻ་ཏྲི་པ་ལ།


PS011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལ་གནང་། དེ་ན་དེས་བླ་མ་ཤངས་པ་ལ་གནང་། དེས་སེང་གེས་སྟོན་པ་དཀོན་མཆོག་མཁར་ལ་གནང་། དེས་བླ་མ་སྐྱེར་སྒང་པ་ལ་གནང་། དེས་གཉན་སྟོན་ལ། དེས་ཆོས་རྗེ་སྟོན་པ་ལ། དེས་མཁས་གྲུབ་གྲུབ་ཤངས་སྟོན་ལ། དེས་ཆོས་རྗེ་མུས་ཆེན་ལ། དེས་དགེ་ཤེས་རྡོ་རྗེ་གཞོན་ནུ་ལ། དེས་བདག་དགེ་སློང་ནམ་མཁའི་རྣལ་འབྱོར་པ་ལ་དགྱེས་བཞིན་དུ་དཔལ་མགོན་པོའི་མན་ངག་ཀུན་མ་ཚང་བ་མེད་པར་གནང་བ་ལགས་སོ། །བྱ་བ་འདི། བདག་གི་བླ་མ་ནམ་མཁའི་རྣལ་འབྱོར་པ་རང་ཉིད་ཀྱི་ཕྱག་རིས་མཛད་པའི་ཕྱག་ལེན་དཔེ་ན་བརྡའ། ལོ་རྒྱུས་གཞན་དང་ཅུང་ཟད་མི་འདྲ་བ་གཅིག་གནང་། བླ་མ་དེས་ཀྱང་བདག་མང་དུ་
ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོ་ལ་མཆོག་ཏུ་དགྱེས་པ་ཆེན་པོ་མན་ངག་ཞལ་ཤེས་ལག་ལེན་དང་བཅས་པ་མ་ཚང་བ་མེད་པར་སྩལ་བ་ལགས་སོ། །མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་ཆོས་རྗེ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མ་ཚང་བར་མེད་པར་གནང་བ་རྣམས། བདག་ཀུན་དགའ་དགེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ་དགྱེས་བཞིན་དུ་གནང་བ་ལགས་སོ། །གུ་ཧྱ་ས་མ་ཡ་ཨིྀྛཿ

གཏོར་མ་འབུལ་ལུགས་བསྙེན་པའི་ཚུལ་དུ་བསྒྲུབ་པ།


PS011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཏོར་མ་འབུལ་ལུགས་བསྙེན་པའི་ཚུལ་དུ་བསྒྲུབ་པ་བཞུགས་སོ།། ༼ཐ༽ ན་མོ། ད་དེ་ལ་གཏོར་མ་གཏོང་བར་འདོད་པས། སྣོད་གཙང་མའི་ནང་དུ་ཟན་དང་། ཤ་དང་། ཆང་དང་། ཁྲག་ལ་སོགས་པའི་ཅི་འབྱོར་པ་བཤམས་


PS011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ནས་རང་ཉིད་ཡི་དམ་གྱི་ལྷ་གང་ཡིན་དུ་སྦྱོར་བ་དང་། དངོས་གཞི། རྗེས་གསུམ་གྱི་རྫོགས་པར་བསྐྱེད་ལ། དེའི་རྗེས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་གཏོར་མ་བདུད་རྩིར་གྱུར་པར་བསྒོམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཆོས་སྐྱོང་མདུན་དུ་སྤྱན་དྲངས་པར་བསམ་ལ། དེ་ལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས། དེའི་རྗེས་ལ་སྔགས་ལན་བདུན་བརྗོད་པས་གཏོར་མ་གསོལ་བར་བསམ། དེས་ཐུགས་དགྱེས་པ་ལ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་ཨོཾ་ཨཱཿཧཱུྃ་མུཿགཤེགས་པར་བསམ། གཏོར་མ་དེས་གཙང་སར་བཏང་བར་བྱའོ། །དེ་ནི་བསྙེན་པའི་ཚུལ་དུ་བསྒྲུབ་པ་ཡིན་གསུངས་སོ།། །།ཨིྀྛཿ

དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ།


PS011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བཞུགས་སོ།། ༼ད༽ བླ་མ་དང་མགོན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་མགོན་པོའི་གཏོར་སྒྲུབ་བྱ་བར་འདོད་པས་མཎྜལ་གྲུ་བཞིའི་སྟེང་དུ་གྲུ་གསུམ་མཐིང་ག་མེ་རི་དང་བཅས་པ་ལ། སྣོད་ཐོད་པའི་མ་ཀ་ཏེ་རའི་ནང་དུ་ཟན་དང་། ཤ་དང་། ཆང་དང་། ཁྲག་ལ་སོགས་པའི་གཏོར་མ་བཟང་པོ་མཎྜལ་དེའི་སྟེང་དུ་བཞག་ནས། དེའི་མཐའ་མཆོད་པ་རྣམ་པ་ལྔས་བསྐོར་ཏེ། དེ་ནས་རང་སྟན་བདེ་བ་ལ་འདུག་སྟེ། སྤོས་སྦྱར་མ་སྲེགས་ལ། རང་ཉིད་ཡི་དམ་གྱི་ལྷར་བསྒོམ། དེ་ནས་སྣང་བ་འདི་སྟོང་པར་བསྒོམ། དེའི་ངང་ནས་གཏོར་མ་འདི་མི་དམིགས་པ་ལས་གཏོར་གཞོང་དེའི་ནང་དུ་པཾ་དམར་སེར་གཅིག་བསམ།


PS011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཞུ་བ་ལས་རིན་པོ་ཆེ་པདྨའི་སྣོད་རྒྱ་ཆེ་བ་གཅིག་བསམ། དེའི་ནང་དུ་རྫས་ཚོ་དམིགས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གཏོར་མའི་རྫས་དེ་རྣམས་བདུད་རྩིར་གྱུར་པ་བསམ། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་མདུན་གྱི་བདུད་རྩི་ལ་ཐིམ་པར་བསམ་མོ། །དེ་ནས་རང་གི་མདུན་དུ་མགོན་པོ་བསྐྱེད་ལ། དེའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱི་ལྷོ་ཤར་ནས་ཡེ་ཤེས་པ་སྤྱན་དྲངས་ནས་མདུན་གྱི་དེ་ལ་བསྟིམ་ནས་དབང་བསྐུར་རྒྱས་བཏབ། སྐུ་གསུང་ཐུགས་བྱིན་རླབས་བྱས་ཀྱང་ལེགས། མ་རླབས་ཀྱང་ཆོག་གོ་གསུངས། དེ་ནས་རང་གི་སྙིང་


PS011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གའི་འོད་ཟེར་གྱིས་འཁོར་ལོ་ཞལ་དུ་འཁོར་ཞིང་བཟླས་པ་བྱ། ཡང་རང་གི་སྙིང་ག་ནས་ཧཱུྃ་ཡོད་པ་ལ་འོད་ཟེར་དམར་སྨུག་རྒྱུས་ནས་ཡོད་པ་བཞིན་དུ་བསམ། དེ་ནས་སྦྲུལ་འཁྱིལ་བ་བཞིན་དུ་ཧཱུྃ་ལ་འཁྲིལ་ནས་བྱུང་ནས་རང་གི་སྙིང་ག་ནས་ཁོའི་ཞལ་ཁོའི་ལྟེ་བ་ནས་རང་གི་ལྟེ་བར་འཁོར་བར་བསམ་ལ། སྔགས་རིང་བཟླས་སོ། །སྔགས་ལ་འོད་ཟེར་དམར་ལ་སྨུག་པ་ཁྲོ་བོ་འཕྲོས་ནས། བདག་ལ་གནོད་པར་བྱེད་པའི་དགྲ་བགེགས་དང་། ནད་གདོན་དང་། བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ། བསྲེགས་པར་བསམ་ཞིང་བཟླས་པ་བྱའོ། །སྔགས་རིངས་དགྲའི་མིང་རུས་བཅུག་སྟེ་སྔགས་མང་དུ་བཟླས་ལ་འཕྲིན་ལས་བཅོལ་བ་ནི། སྤོས་སྦྱར་མ་བསྲེགས་ལ་དབང་


PS011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལས་འདི་སྒྲུབས་ཤིག་བྱས་ལ་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་ཁོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོད་ཀྱི་སྣ་ལ་འོད་ཟེར་འཕྲོས་པས་ལས་ཀྱི་མགོན་པོ་དཔག་ཏུ་མེད་པ་བྱུང་ཞིང་། ནམ་མཁའ་དང་ས་གཞི་བར་མཚམས་མེད་པར་ཁེངས་པར་བསམ་ལ། དགྲ་བགེགས་དེའི་སྐེ་ནས་ཞགས་པས་བཟུང་ནས་རང་གི་མདུན་དུ་བསྐྱུར་བར་བསམ། དེའི་མགོ་དང་། མགྲིན་པ་དང་། སྙིང་ག་གསུམ་དུ་ཁ་ཊྭྃ་རྩེ་གསུམ་རྒྱབ་པར་བསམ་ཞིང་། གྲི་གུག་གི་བྲང་བཤགས་པར་བསམ་ལ། ཕྲེང་བ་ཅན་གྱི་དོན་ལྔ་སྟན་ནས་ཐོས་པ་ཅན་གྱིས་འཛད་པར་བསམ། ཌཱ་མ་རུ་དཀྲོལ་བས་འཁོར་གྱི་མཁའ་འགྲོ་དང་གཞན་ཡང་འཁོར་རྣམས་དབང་དུ་


PS011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ནས་ཤ་ཁྲག་དམར་ཙིར་ཙིར་གསོལ་བར་བསམ། ལྷག་མ་རྣམས་འཁོར་གྱི་གསོལ་བར་བསམ། དེས་ཐུགས་དགྱེས་པ་ལ་རང་གང་འདོད་ཀྱི་གསོལ་བ་གདབ། གཏོར་མ་དང་མར་མེ་ལ་སྤོས་གཙུགས་པ་སྒྲ་དང་བཅས་པས་མཆོད་པར་དབུལ་ཞིང་བསྟོད་པ་བྱའོ། །དེ་ནས་ཨོཾ་ཨཱཿཧཱུྃ་མུཿཡེ་ཤེས་པ་གཤེགས་ལ་དམ་ཚིག་པ་བསྡུ། གཏོར་མ་དེ་ཡི་དྭགས་སམ་དགྲའི་ཕྱོགས་སུ་བཏང་ངོ་། །ཡང་ན་མཚམས་རང་བཅད་ནས་བྱེད་ན་གཏོར་མ་གོང་བཞིན་བྱས་ལ། གཏོར་མ་ཆུང་ངུ་གཅིག་ཀྱང་བཤམས་ནས་གཏོར་མ་ཆེ་བ་དེ་ལ་བྱིན་རླབས་བྱས་ལ་བཞག །མགོན་པོ་བསྐྱེད་ལ།གཏོར་མ་ཆུང་ངུ་ནུབ་རེ་བཞིན་བཏང་ལ། ང་ཡི་འཕྲིན་ལས་ནམ་


PS011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་དང་གཏོར་མ་ཆེ་བ་དེ་ཡང་དབུལ་ལོ་བྱས་གཏར་བཟུང་། འཐེབ་ཀྱུ་རེ་རེས་གཏོར་མ་ཆེ་བ་དེ་ཁ་གསོ། ལྷ་མི་གཤེགས་པར་སྤྱན་དྲངས་ཤིང་རྩ་སྔགས་ཉིས་སྟོང་ཙམ་རེ་བཟླས། གཞན་སྔགས་རིང་ཁོ་ན་བཟླས་པ་མན་ངག་ཡིན་གསུངས་སོ། །འདི་ཡིས་དུས་སུ་བདག་གི་དོན་གང་ཡིན་པ་འདི་སྒྲུབས་ཤིག་ཅེས་གསོལ་བ་དྲག་ཏུ་བཏབ་བོ། །དེ་ནས་དུས་བཟང་པོར་སྐར་མ་བཟང་པོ་ལ་བཏད་ལ་ལིངྒ་མང་དུ་བྱས་ཏེ་དགུགས་འདྲེན་གྱིས་གོང་བཞིན་སྤྱན་དྲངས་ཡང་ཡང་གཏོར་མ་ཆེན་པོ་དེ་སྟབས་ལ་གོང་བཞིན་དུ་གསོལ་བ་བཏབ་པ་དང་། འཕྲིན་ལས་བཅོལ་བ་དང་། ལྷ་གཤེགས་ས་སུ་གསོལ་བ་དང་། གཏོར་མ་བཏང་བར་བྱའོ། །གཏོར་
སྒྲུབ་བྱ་བའི་ཐབས་སོ།། །།ཨྛིྀཿགཏོར་བསྒྲུབ་བྱ་ཐབས་ཀྱི་ཡི་གེ་འདི་ཤངས་པའི་ཡིག་རྙིང་གཅིག་ཡིན་པར་ཤངས་པའི་དཔེ་སྐོར་ཕལ་ཆེ་ན་འདུག །མཛད་པ་པོ་སུ་ཡིན་བླ་མ་རྣམ་ལ་ཡང་གསུང་རྒྱུན་མི་སྣང་། གཏོར་སྒྲུབ་དང་གཏོར་ཆེན་གྱི་ཁྱད་པར་ཞིབ་ཏུ་མ་ཕྱེད་པའི་འདྲེས་མ་གཅིག་སྣང་། མི་མཁས་པ་ཙམ་གཅིག་གི་བྱས་པ་འདྲ་སྙམ་པའི་རྟོག་པ་སྐྱེས་ཤིང་། གཞན་དེ་འདྲ་བའི་ཡི་གེ་རྙིང་པ་འགའ་རེ་སྣང་ངོ་། །

གཏོར་ཆེན་གྱི་ཞལ་གདམས།


PS011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆེན་གྱི་ཞལ་གདམ་བཞུགས་སོ།། ༼ན༽ གཏོར་ཆེན་བྱེད་པར་འདོད་པས། མཎྜལ་གྲུ་གསུམ་མེ་རི་དང་བཅས་པ་ལ་མེ་ཏོག་གི་ཚུལ་དུ་འགོད་མཆོད་པ་རྣམ་པ་ལྔ་བཤམ་མོ། །དེའི་སྟེང་དུ་སྣོད་ཟངས་ལ་སོགས་པར་གཏོར་མ་དཔལ་བཤོས་དང་བཅས་པ་ཆེན་པོ་གཅིག་བྱ་སྟེ། །དེའི་དབུས་སུ་ཆང་ཕུད་མེད་ཐབས་མེད་


PS011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དུས་གསུམ་དུ་གཏོར་ཆུང་རེ་བཏང་། དེ་ཡང་ཟངས་ཀྱི་ནང་དུ་བླུགས། ཞག་གསུམ་མམ་ལྔའམ། བདུན་ལ་སོགས་པ་བསྒྲུབ་པ་བྱས་པ་དང་། བསྒྲུབ་པ་ཐོན་པའི་རྗེས་སུ་ཉེ་བའི་ཐུན་ཐ་མ་ལ་གཏོར་མ་ཆེན་པོ་དེ་ཡང་བྱིན་གྱིས་རླབས་ལ་མགོན་པོ་ལ་དབུལ། སྒྲའི་མཆོད་པ་དང་བསྟོད་པ་བྱ། གཏོར་མ་ཆེ་བ་དེ་ཡང་དགྲ་བགེགས་ཀྱི་ཕྱོགས་སུ་ཁྱེར་ལ་བཏང་། འདི་ཡིས་དུས་སུ་འདི་རང་གི་སྤོས་སྦྱོར་སྲེག །མཆོད་པ་རྣམ་པ་ལྔ་ཡང་དབུལ། འཁོར་ཕྱོགས་སྐྱོང་བཅུས་བསྐོར་ནས་ཡོད་པར་བསམ། གཏོར་མ་དབུལ། བསྙེན་པའི་དུས་སུ་གཏོར་བདུད་རྩིར་བསམ། ལས་སྦྱོར་གྱི་དུས་སུ་གཏོར་མ་དགྲ་
དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་གསུངས། འདི་བླ་མའི་ཞལ་གྱི་གདམས་པ་ཡིན་ནོ།། །།ཨིྀྛཿ

བསྙེན་བསྒྲུབ་ལས་གསུམ་གྱི་མན་ངག


PS011_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བསྒྲུབ་ལས་གསུམ་གྱི་མན་ངག་བཞུགས་སོ།། ༼པ༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་མགོན་པོ་འདི་ཉམས་སུ་ལེན་པ་ལ་བསྙེན་པ་དང་སྒྲུབ་པ་དང་། ལས་ལ་སྦྱོར་བ་གསུམ་མོ། །བསྙེན་པ་ལ། གྲངས་ཀྱི་བསྙེན་པ་དང་། དུས་ཀྱི་བསྙེན་པ་དང་། རྟགས་ཀྱི་བསྙེན་པ་དང་གསུམ་མོ། །གྲངས་ནི་རབ་འབུམ་འཚོ་བཅུའོ། །འབྲིང་ལྔའོ། །ཐ་མ་གསུམ་མོ། །དུས་ཟླ་བ་དྲུག་གོ། རྟགས་ནི་རྨི་ལམ་གྱི་ཤེས་པར་བྱའོ། །གཙོ་བོར་ནི་གྲངས་ཀྱི་བསྙེན་པ་སྟེ། ལྷ་བསྒོམ་ཞིང་བཟླས་པ་བྱ་བ་ནི། རང་ཡི་དམ་གང་ཡིན་


PS011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྐྱེད་རིམ་ལེགས་པར་བྱས་ལ། མདུན་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམ་ལ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ལྷོ་ཕྱོགས་ཀྱི་རྒྱུད་དུར་ཁྲོད་ཀྱི་གནས། ཙནྡན་གྱི་ཤིང་ཁང་ནས་མདུན་གྱི་ཉི་མའི་སྟེང་དུ་སྤྱན་དྲངས་ལ། སྐུ་མདོག་ཕྱག་མཚན་ལ་སོགས་པ་གཞུང་བཞིན་དུ་བསམ་མོ། །བྱིན་གྱི་རླབས་པའི་མགོན་པོ་ཡིན་པས་བསྐྱེད་ལུགས་དེ་རང་གི་མཆོག་གསུང་ངོ། །དེ་ལ་ཐེ་ཚོམ་ཟ་ན་པཎྜི་ཏའི་བཞད་ལུགས་ཀྱི་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་མགོན་པོ་བསྐྱེད། དེ་ཡང་ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། ཅེས་པ་ནི། ཞལ་གཅིག་ཕྱག་དྲུག་པ། གཡས་


PS011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་ཕྲེང་བ། གསུམ་པ་ན་ཌཱ་མ་རུ། གཡོན་གྱི་དང་པོ་ན་ཐོད་པ། གཉིས་པ་ན་རྩེ་གསུམ། གསུམ་པ་ན་ཞགས་པ་བསྣམས་པ། མི་བསྐྱོད་པས་དབུ་ལ་དར་ཆས་སུ་བཞུགས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེ་ཡོད་པ། སྤྱན་གསུམ་པ་སྟག་གི་ཤམ་ཐབས་ཅན། མི་མགོ་ཁྲག་འཛག་ལྔ་བཅུའི་ག་ཤལ་ཅན། ཞབས་གཉིས་བགྲད་པའི་འོག་ན་བཱི་ནཱ་ཡ་ཀ་མནན་པ་གཅིག་བསྐྱེད་ལ། དེའི་ཐུགས་ཀར་པྃ་ལས་པདྨ་འདབ་མ་བརྒྱད་པ། རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་ཀྱི་གནས་ཙནྡན་གྱི་ཤིང་ཁང་ནས་ཡེ་ཤེས་པ་སྤྱན་དྲངས་ལ། མ་ཧཱ་ཀཱ་ལ་ཛཿཞེས་བརྗོད་པས་མདུན་


PS011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱོན་པར་བསམ་ལ། མ་ཧཱ་ཀ་ལ་ཧཱུྃ་བྱས་པས་རང་ལ་ཞུགས་པར་བསམ། བཾ་བྱས་པས་གཉིས་སུ་མེད་པར་བྱས་ལ། ཧོཿབྱས་པས་མཉེས་པར་བྱའོ། །སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་དང་དབང་བསྐུར་བ་མི་དགོས་གསུངས། དེ་ཅིས་ཤེས་ན་མི་བསྐྱོད་པ་ཡི་རྒྱས་བཏབ་བསྟན། ཅེས་པས་སོ། །ད་དེ་ལ་བཟླས་པ་བྱ་བ་ནི། ཆོས་སྐྱོང་གི་བདག་ལ་བྱིན་གྱིས་བརླབས་པར་བསམ་ལ། ཆོས་སྐྱོང་གི་ཐུགས་ཀའི་ས་བོན་ལ་བསྙེན་སྔགས་ཀྱིས་བསྐོར་བསམ་མོ། །ཤེས་པ་དེ་ལ་གཏད་ལ་བཟླས་པ་བྱའོ། །ཐུན་དང་པོ་ལ་གཏོར་མ་མི་དགོས་སོ། །བཟླས་པ་ཡར་གྱི་ངོའི་དུས་སུ་བསྙེན་པ་ལ་འཇུག །བསྙེན་པ་ལ་འཇུག་པ་ན་


PS011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་མཆོད་པ་དབུལ། དགེ་འདུན་ལ་བསྙེན་བསྐུར་བྱ། འབྱུང་པོ་ལ་གཏོར་མ་གཏོང་། བསྙེན་པ་ཐར་ཕྱིན་པ་དང་བར་ཆད་མི་འབྱུང་བའི་གསོལ་བ་བཏབ། ངག་མི་ཚིག་གིས་བར་མ་ཆོད་པར་སྨྲ་བཅད་བྱས་ལ། བཟླས་པ་མ་འཁྱོལ་གྱི་བར་དགེ་སྦྱོར་གཞན་ལ་མི་འཇུག་པར་བྱའོ། །དེ་ལྟར་བྱས་ན་མཚན་མའི་རྟགས་འོང་སྟེ། སློབ་དཔོན་ནམ། ཨ་ཙ་ར་ལ་སོགས་པ་བཟང་རྟགས་རྣམས་འབྱུང་ངོ་། །དེ་ནི་བསྙེན་པའི་མན་ངག་གོ། །།ཨིྀྛཿ ༈ འདིའི་སྨད་འོག་གི་ཤོག་གཅིག་མ་འདི་ཡིན། ༈ ད་ནི་སྒྲུབ་པ་བྱ་བ་སྟོན་ཏེ། སྤྱིར་མགོན་པོའི་ལུགས་ཀྱི་བོད་དང་། རྦད་དང་། བསད་པ་གསུམ་མགོན་པོ་སྤྱིའི་


PS011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཡིན་ཏེ། འདིའི་ལུགས་ཀྱི་སྔགས་རིང་འདི་ལ་གསུམ་ཀ་ཚང་བ་རྩི་བ་ཡིན་ཏེ། ཨོཾ་མ་ཧཱ་ཀཱ་ལ། ཤཱ་ས་ན། ཞེས་བྱ་བ་ནས། ཀ་ལོ་ཨ་ཡཾ་ཞེས་བྱ་བའི་བར་ནི་བོད་པའོ། །ཨི་ད་ན་ཞེས་བྱ་ནིས། དུཥྚཾ་ཞེས་བྱ་བའི་བར་རྦད་པའོ། །ཁ་ཁ་ཞེས་བྱ་བ་མན་ཆད་བསད་པའོ། །ད་བཟླས་པ་བྱ་བ་ནི། ལྷའི་བསྐྱེད་ལུགས་སྔར་དང་འདྲ་བ་ལས་ཅུང་ཞིག་མི་འདྲ་བ་ནི་བདག་གིས་མགོན་པོ་ལ་བཀའ་བསྒོ་བའི་ཚུལ་དུ་བྱའོ། །དེ་ལ་བཟླས་མགོ་བཞུགས་པ་ནི། སྔགས་དང་མིང་དུ་སྤེལ། སྔགས་ཀྱི་དོན་བསམ་ཞིང་བཟླས་པ་བྱ་བ་ནི། སྔགས་དང་མིང་དུ་སྤེལ་བ་ནི། དུཥྚཾ་དང་ཁ་ཁཱའི་བར་དུ་བསྒྲུབ་བྱའི་མིང་གཞུག་པ་དང་། །


PS011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དི་ན་དང་མཱ་ར་ཡའི་བར་དུ་བསྒྲུབ་བྱའི་མིང་གཞུག་པའོ། །སྤྱིར་ནི་སྔགས་ཀྱི་མཐར་ཐུགས་མིང་འཇུག་ཅེས་གསུངས་པས་མིང་གི་འཇུག་པ་མ་ནོར་བར་གལ་ཆེའོ། །སྔགས་ཀྱི་དོན་བསམ་པ་ནི། ཁ་ཁ་ཅེས་པ་མན་ཆད་ཀྱི་དོན་བསམ་པ་ཡིན་ཏེ། ཤ་ཟ་བ་དང་། ཁྲག་འཐུང་བ་དང་། གསོད་པ་དང་། འཆིང་བ་དང་། བརྡེག་པ་དང་། བཟུང་བ་དང་། པགས་པ་བཤུ་བ་ལ་སོགས་པའི་ཚུལ་དུ་བཟླས་པ་བྱེད་པ་ནི་སྔགས་ཀྱི་དོན་བསམ་པའོ། །བཟླས་པ་དེ་ཡང་ཉིན་མཚན་དུས་དྲུག་ཏུ་བཟླས་པའོ། །འཕྲོ་འཇོག་པ་ན་བསྡུ་གཤེགས་ནི་བསྙེན་པའི་སྐབས་དང་འདྲའོ། །དེ་ནི་སྒྲུབ་པའོ། །དེ་ལྟར་བསྙེན་བསྒྲུབ་གཉིས་རང་རང་གི་སྐབས་ཀྱི་རྟགས་ཐོན་པ་བྱས་
ནས། དེ་ནས་མན་ངག་བཞིན་ལས་ལ་སྦྱོར་ལགས་སོ། །ས་མ་ཡ་གུ་ཧྱ།། །།བསྙེན་སྒྲུབ་ཀྱི་ཡི་གེ་འདི་ཤངས་པའི་ཡིག་རྙིང་ཡིན་ནོ།།

རང་ཉིད་ལ་དབང་དམིགས་པས་ལེན་པ་དང་གཞན་ལ་གཏོར་དབང་བྱ་བའི་ཡི་གེ


PS011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༈ རང་ཉིད་ལ་དབང་དམིགས་པས་ལེན་པ་དང་གཞན་ལ་གཏོར་དབང་བྱ་བའི་ཡི་གེ་བཞུགས་སོ།། ཕ༽ ན་མོ་གུ་རུ། སངས་རྒྱས་གཉན་སྟོན་ལ་སོགས་པའི། །རྗེ་གྲུབ་ཐོབ་རྣམས་ལ་སྐྱབས་སུ་མཆི། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དངོས་གྲུབ་གཏེར་བའི་ཡི་དམ་ལྷ། །བར་ཆད་བསྲུང་བའི་ཆོས་སྐྱོང་ལ། །ཕྱག་འཚལ་དང་བས་སྐྱབས་སུ་མཆི། །དཔལ་མགོན་པོའི་སྒོ་ནས་བྱིན་བརླབས་བྱ་བ་ནི། མདུན་དུ་མགོན་པོ་སྒྲུབ་ཐབས་བཞིན་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་པ་སོགས་སྤྱི་དང་


PS011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བྱ། མགོན་པོའི་སྤྱི་བོར་བླ་མ་བསྒོམ། དེ་ལ་ན་མོ་བུདྡྷ་ཡས་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་མགོན་པོའི་སྨིན་ཕྲག་ནས་འོད་ཟེར་ཁོག་ལྔ་བྱུང་ནས་རང་གི་སྨིན་ཕྲག་ཏུ་ཕོག་པས་ལུས་ཀྱི་སྡིག་པ་དྲི་མ་ཐམས་ཅད་སང་སང་དག་པར་བསྒོམ་མོ། །ཡང་མགྲིན་པ་ནས་འོད་ཟེར་བྱུང་ནས་རང་གི་མགྲིན་པར་སིང་སིབ་སོང་བས་ངག་གི་སྡིག་སྒྲིབ་དག་པར་བསྒོམ། ཡང་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་བྱུང་ནས། རང་གི་སྙིང་གར་སིབ་སིབ་ཕོག་པས། ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསྒོམ། མགོན་པོའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་དམར་སྨུག་ཕྲོམ་ཕྲོམ་བྱུང་ནས། རང་གི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དང་།


PS011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཡང་གདོན་བགེགས་ཐམས་ཅད་སང་སང་དག་པར་བསྒོམ། ལུས་འོད་བསྐོར་བཞིན་དུ་སྔོ་ཡལ་ལེ་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ། ད་དེ་ལ་གཏོར་དབང་བྱེད་པར་གདའ་ན་འདི་ལྟར་བྱ་སྟེ། གཏོར་མའི་སྟེང་དུ་ཧཱུྃ་ནག་པོ་གཅིག་བསྐྱེད། དེ་ལོག་རྩེར་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ་རྒྱན་ཆ་ལུགས་ཇི་ལྟར་བ་བཞིན་བསྒོམ། དེ་ནས་བསྙེན་པ་ཅི་རིགས་པ་ཞིག་བཟླས་སོ། །མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བསམ། རང་གི་གནས་གསུམ་དུ་ཡང་བསམ། མགོན་པོའི་ཨོཾ་ལས་འོད་དཀར་པོ་བྱུང་ནས་རང་གི་ཨོཾ་ལ་ཕོག་ལུས་ཀྱི་སྒྲིབ་པ་དག །མགྲིན་པའི་ཨཿདང་ཧཱུྃ་ལས་ཀྱང་ཁ་


PS011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དམར་པོ་དང་ནག་པོ་བྱུང་། རང་གི་མགྲིན་པ་དང་སྙིང་གར་ཕོག་པས་ངག་དང་ཡིད་ཀྱི་སྡིག་སྒྲིབ་དག་པར་བསམ། དེ་ནས་མགོན་པོའི་དཔྲལ་བའི་ཨོཾ་དེ་རྦད་ཀྱི་ཆད་ནས་བྱུང་སྟེ། རང་གི་དཔྲལ་བའི་ཨོཾ་ལ་ཐིམ། དེ་བཞིན་དུ་མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་གཉིས་ཀྱང་རིམ་པ་བཞིན་རྦད་ཀྱིས་ཆད་ནས་རང་གི་མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསྒོམ། རང་གི་ཨོཾ་ཨཱཿལ་ཐིམ། ཨ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ལྷེམ་ལྷེམ་ཞུ་ནས་སྟོང་པར་སོང་བས་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ། གཏོར་མ་མགོ་ཐོག་ཏུ་བཞག་ནས། ཐུག་ཐུག་འཇོག་རྩན་ཡེ་ཤེས་ཀྱི་མགོན་པོ་མགོ་ཐོག་ཏུ་ཆེམ་ཆེམ་ཡོད་པར་བསམ། གཏོར་མ་ཡེ་ཤེས་
ཀྱི་མགོན་པོ་གཏང་རག་གི་ཚུལ་དུ་དབུལ་ལོ།། །།ཟབ་ཨིྀྛཿ

དཔལ་ཡེ་ཤེས་ཀྱི་མགོན་པོའི་སློབ་མ་རྗེས་འཛིན།


PS011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོའི་སློབ་མ་རྗེས་འཛིན་བཞུགས་སོ།། ༼བ༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐད་ཅིག་ཉིད་ལ་དགྲ་བགེགས་ཐལ་བར་རློག །ཁམས་གསུམ་མ་ལུས་དབང་དུ་བསྡུད་མཛད་ཅིང་། །བར་ཆད་སེལ་ཞིང་དངོས་གྲུབ་བདེ་སྟེར་བའི། །ཕྱག་དྲུག་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །དེ་ལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཎྜལ་གྲུ་གསུམ་མཐིང་ག་མེ་རི་དང་བཅས་པ་ལ་དབུས་སུ་ཧཱུྃ་བྲི། འཁྱམས་ཕྱོགས་མཚོན་བྱ། ཚོམ་བུ་དགོད།


PS011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་དུར་ཁྲོད་གཅིག་གི་མཚན་ཉིད་རྫོགས་པར་བྲིས། མཎྜལ་དབུས་སུ་མཉྫིའི་སྟེང་དུ་གཏོར་མ་རྒྱན་དང་བཅས་པ་བཞག །མཆོད་པ་དང་གཏོར་མས་བསྐོར། དེ་ནས་སློབ་མས་ཁྲུས་བྱས་ཏེ་འཁོད་པ་ལ། དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། མགོན་པོ་ཇི་ལྟར་ཐུགས་བསྐྱེད་པ་རྣམས་བཤད་ནས་སྐྱབས་འགྲོ་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་


PS011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་འདུན་དང་། བླ་མ་རྣམས་དང་། ཡི་དམ་གྱི་ལྷ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་དང་བཅས་པ་ལ་སྐྱབས་སུ་མཆིའོ། །ཅེས་ལན་གསུམ་བརྗོད་པའི་རྗེས་ལ། སེམས་བསྐྱེད་ནས་ཡན་ལག་ལྔ་ཡན་ཆད་བྱའོ། །གཉིས་པ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ། ལྷ་དངོས་ཀྱི་དང་། རྗེས་གནང་སྦྱིན་པའོ། །དང་པོ་ནི། གཏོར་མའི་སྟེང་དུ་ཧཱུྃ་དང་གྲི་གུག་ལས་མགོན་པོ་བསྐྱེད། རང་དང་མགོན་པོ་དམ་ཚིག་པའི་ཐུགས་ཀའི་ཧཱུྃ་གཉིས་ལས་འོད་འཕྲོས་པས། ལྷོ་ཤར་མཚམས་ནས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་གཡས་ན་དཔའ་བོ་བསམ་གྱིས་མི་ཁྱབ་པ། གཡོན་ན་དཔའ་མོ་བསམ་གྱིས་


PS011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ། འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཡང་ཐམས་ཅད་ནམ་མཁའ་ན་ཚུར་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཁྲ་ལ་ལ་སི་ལི་ལི་འུ་རུ་རུ་བྱོན་ནས། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་ལ་བསྟིམ། དེ་ནས་མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བསམ་མོ། །སློབ་མའི་གནས་གསུམ་དུ་ཡང་ཡི་གེ་དེ་གསུམ་བསམ་ནས། སློབ་དཔོན་གྱི་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། མགོན་པོའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་བ་དང་། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ་པས་ལུས་ཀྱི་ནད་གདོན་དང་སྡིག་སྒྲིབ་དག་ནས་བུམ་དབང་ཐོབ། དེ་ནས་ཨཱཿངག་གི་སྡིག་སྒྲིབ་དག་ནས་དབང་ཐོབ། ཧཱུྃ་གིས་ཡིད་ཀྱི་


PS011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་མགོན་པོའི་ཡི་གེ་གསུམ་རྦད་ཆད། སློབ་མའི་ཡི་གེ་གསུམ་ལ་ཐིམ། སློབ་མའི་ཡི་གེ་གསུམ་ཡང་ཡས་མར་རིམ་པ་བཞིན་ཨོཾ་ཨཱཿལ་ཐིམ། ཨ་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་སྔོ་ཡལ་སོང་བ་དང་། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་ལ་བཞག་གོ། གཉིས་པ་ནི། གཏོར་མ་མགོན་པོར་བསྐྱེད་པ་སློབ་མའི་སྤྱི་ཐོག་ཏུ་བཞག་པས་ཆེམ་ཆེམ་འུར་འུར་བྱོན་ནས་སློབ་མའི་ནད་གདོན་ཐམས་ཅད་ཞལ་དུ་དམར་ཙི་རི་གསོལ་བར་བསམ། གསུམ་པ་ནི། རང་གི་མགོན་པོ་ལ་གསོལ་བ་བཏབ་སྟེ། བཅོམ་


PS011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་འདི་རྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས་རང་མགོན་པོར་བསྒོམས་པའི་ཐུགས་ཀའི་ཧཱུྃ་ལ་རྩ་སྔགས་ཀྱི་བསྐོར་བ་བསྒོམས་ནས། བཅོམ་ལྡན་བདག་ལ་རྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་པ་དང་། སྔགས་ཀྱི་རྗེས་འདོད་ལན་བདུན་སློབ་མས་བྱས་པ་དང་། བླ་མའམ་ཐུགས་ཀའི་རྩ་སྔགས་ཆད་ནས་སློབ་མའི་སྙིང་གའི་ཧཱུྃ་ལ་ཐིམ་པས་བླ་མ་དང་མགོན་པོའི་བྱིན་རླབས་ཞུགས་པར་བསམ། གསུམ་པ་རྗེས་ནི། ཚོགས་ཕུད་བླ་མ་དང་དཀོན་མཆོག་ལ་དབུལ། དེ་ནས་མགོན་པོ་འཁོར་བཅས་ལ་དབུལ། དཔོན་སློབ་རྣམས་བྱིན་གྱིས་རླབས་
པའི་ཚོགས་ལ་ལོངས་སྤྱད། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་བཏང་བསྔོ་བ་བྱའོ། །གཏོར་དབང་བར་ཆད་ཀུན་སེལ་འདི། །བླ་མའི་གསུངས་བཞིན་ཡི་གེར་བཀོད། །མཁའ་འགྲོ་ཆོས་སྐྱོང་བཟོད་པར་གསོལ། །དགེ་དེས་བྱང་ཆུབ་མྱུར་ཐོབ་ཤོག །མགོན་པོ་ནས་སློབ་མ་རྗེས་བཟུང་གཞན་ཕན་གྱི་བློ་ཁོ་ན་ཆོས་རྗེ་སངས་རྒྱས་སྟོན་པས་ཡི་གེར་བཀོད་པ་རྫོགས་སོ།། །།

དཔལ་ཡེ་ཤེས་མགོན་པོའི་རྗེས་གནང་གི་ཟུར་འདེབས།


PS011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོའི་རྗེས་གནང་གི་ཟུར་འདེབས་བཞུགས་སོ།། ༼མ༽ གཏོར་མ་མགོན་པོ་ལ་ཕུལ་ཟིན་པའི་རྗེས་ལ། སླར་ཡང་གཏོར་མ་ནང་མཆོད་ཀྱིས་སྦྱངས། མགོན་པོའི་དམ་ཚིག་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱས་


PS011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལ་བསྟིམ། སློབ་མ་ལ་གཏོར་དབང་རན་པ་ན། གཏོར་མ་ལ་དཔལ་འབར་གཙུག་ནས་སློབ་མའི་མགོ་ཐོག་ཏུ་བཞག །སློབ་མ་རྣམས་གཏོར་མ་མགོན་པོར་གསལ་འདེབས་སུ་བཅུག །གུ་གུལ་གྱི་དུ་པས་བདུག་ཅིང་རོལ་མོའི་སྒྲ་དྲག་ཏུ་བྱེད་པ་དང་དུས་མཉམ་དུ། བླ་མས་ན་མོ་བུདྡྷ་ཡ་སོགས་ལན་གསུམ་བརྗོད་པའི་མཐར། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་རེ་རེ་ནས་བརྗོད་ནས། དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དམ་ཅན་རྒྱ་མཚོའི་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། རྡོ་རྗེ་སློབ་མ་ཆྒཻ་མོ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་


PS011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས། མགོན་དང་། སྐྱབས་དང་། དཔུང་གཉེན་མཛོད་ཅིག །དགྲ་བགེགས་ཐམས་ཅད་ཐུལ་ཅིག །བར་ཆད་ཐམས་ཅད་སེལ་ཅིག །མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག །ཚེ་དང་བསོད་ནམས་དང་། འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད་ཅིག །འགྲོ་བ་ཐམས་ཅད་དབང་དུ་བསྡུས་ཤིག །ཇི་ལྟར་བསྒོ་བའི་ལས་རྣམས་མཛོད་ཅིག །ཚོགས་གཉིས་རྫོགས་པར་མཛོད་ཅིག །སྒྲིབ་གཉིས་དག་པར་མཛོད་ཅིག །མྱུར་དུ་སངས་རྒྱས་ཐོབ་པར་མཛོད་ཅིག །ཅེས་བརྗོད་དེ་ནས་སློབ་མའི་སྤྱི་བོའི་མགོན་པོ་སློབ་མའི་ལུས་ལ་ཐིམ་པར་དཔོན་སློབ་གཉིས་ཀས་བསྒོམ་པར་བྱའོ། །རྗེས་གནང་གི་ཟུར་འདེབས་ལགས་སོ།། །།

རང་ལ་དབང་བླང་བའི་གནད་མཆོག་ཁྱད་བཅུ་དཔག་པ།


PS011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༈ རང་ལ་དབང་བླང་བའི་གནད་མཆོག་ཁྱད་བཅུ་དཔག་པ་བཞུགས་སོ།། ༼ཙ༽ བླ་མ་མགོན་པོར་བཅས་ལ་འདུད། །མདུན་ནམ་གཡས་གཡོན་གང་བདེ་བར། །མགོན་པོ་བསྐྱེད་ལ་ཡེ་ཤེས་བསྟིམས། །དེ་ཡི་སྤྱི་བོར་བླ་མར་བསམ་རང་གཞན་རྣམས་ཀྱི་མགོན་པོ་ལ། །གསོལ་བ་དྲག་ཏུ་བཏབ་པ་ཡིས། །དཔྲལ་བ་མགྲིན་པ་ཐུགས་ཀ་ནས། །ནུས་མཐུ་ཕུན་སུམ་ཚོགས་པ་ཡིས། །འོད་ཟེར་ཁ་དོག་ལྔ་བྱུང་སྟེ། །རང་གི་གནས་གསུམ་ཐིམ་པ་ཡིས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་དང་། །ནད་གདོན་བར་ཆད་དག་པར་བསམ། །བུམ་པ་གསང་བའི་དབང་དང་ནི། །ཤེས་རབ་ཡེ་ཤེས་ཐོབ་པའོ། །གསོལ་བ་ཡང་གཅིག་བཏབ་པ་ཡི། །མགོན་པོའི་སྐུ་ལུས་
ཐམས་ཅད་ལས། །འོད་ཟེར་དམར་ནག་མང་པོ་ཆད། །ལུས་ལ་ཐིམ་པས་གོང་བཞིན་བསམ། །དེ་ནས་རང་ཉིད་མགོན་པོར་བསྒོམས། །ལྷ་སྐུ་བདེན་མེད་རང་ཤར་ལ། །མི་རྟོག་ཉིད་དུ་བཞག་པར་བྱ། །བཞི་པ་ཕྱག་རྒྱ་ཆེན་པོའོ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཀུན། །སྐད་ཅིག་ཉིད་ལ་སེལ་བྱེད་པའི། །གནད་མཆོག་ཁྱད་པར་འཕགས་པ་འདི། །མགོན་པོ་སངས་རྒྱས་གཉན་སྟོན་ལ། །དངོས་སུ་གསུངས་ནས་མཁའ་ལ་གཤེགས། །སངས་རྒྱས་སྟོན་པ་ཉིད་ལ་གནང་། །ལན་གསུམ་ཞུས་ནས་དག་པར་བྱས། །གུ་ཧྱ་ས་མ་ཡ།། །།

མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཟུར་འདེབས།


PS011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཟུར་འདེབས་བཞུགས་སོ།། ༼ཚ༽


PS011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་པདྨ་དཀར་པོའི་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་བསམ་སྟེ། མགོན་པོའི་སློབ་མའི་སྤྱི་བཙུག་ནས་ཐིམ་པ་ཨ་ཝ་དྷཱུ་ཏིའི་ནང་ནས་གར་མཛད་ཅིང་བྱོན་ཏེ། སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་གར་མཛད་ཅིང་། བར་ཆད་ཐམས་ཅད་ངས་བསྲུང་། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ། ཅེས་གསུང་ལྷང་ལྷང་བཞུགས་ནས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཆོམ་ཆོམ་སྒྲོག་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བསྒོམས་པ་ལ་ཅུང་ཟད་སེམས་བཟུང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་ཤར་ལ་མཉམ་པར་བཞག་གོ། དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སློབ་མའི་སྙིང་གའི་མགོན་པོ་པདྨ་དང་


PS011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ་ཕོག་པས། པདྨ་བུམ་སྐུར་ལྷར་འུབ་ཀྱི་འདུས་པའི་ཏོག་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པས་རྒྱས་བཏབ་པར་གྱུར་པའི་ཕྱི་ནས་སྙིང་པོའི་སྔགས་ཀྱི་ཡིག་འབྲུའི་འོད་ཟེར་འཕྲོ་བའི་ཐག་པས་གྲུ་གུ་ལྟར་དཀྲིས་པར་བསམ་ལ། བླ་མས་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། བཛྲ་མ་ཧཱ་ཀཱ་ལ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །འདི་མཐུན་མོང་མ་ཡིན་པའི་ཞལ་ཤེས། །སྙན་ནས་སྙན་དུ་བརྒྱུད་པ་མ་གཏོགས་སྔོན་ཆད་ཡི་གེ་འབྲུ་གཅིག་ཀྱང་མེད་པ་ལ། བདག་གི་བླ་མ་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ཆེན་པོའི་ཕྱག་དཔེ་ན། གང་དང་ཡང་མ་འབྲེལ་བའི་སྐབས་ཤིག་ན་མཚན་བུར་བྲིས་ནས། འདི་གང་གི་
སྐབས་སུ་སྦྱར་དགོས་པའི་ཆ་ལག་ཡིན་མི་ཤེས་པར་ཕྱག་རིས་སུ་བྲིས་གདའ་འོ། །བླ་མ་གཞན་ཕལ་མོ་ཆེ་ལ་མེད། སློབ་མ་སྐལ་ལྡན་དམ་ཚིག་དང་ལྡན་པ་ལ། ལན་རེ་ཙམ་མིན་པ་གཏན་ནས་བྱར་མི་རུང་། བྱས་ན་མགོན་པོ་མི་དགྱེས་ཤིང་རང་ལ་གནོད། རང་གི་ནུས་པ་ཆུང་ངུ་འགྲོ་བ་ཡིན་ནོ། །ཞེས་གསུངས་ཤིང་། བཀའ་རྒྱ་ཆེས་དམ་པར་མཛད་དོ།། །།རྗེས་གནང་གི་སྐབས་སུ་གཏོར་མ་སྤྱི་བོར་བཞག་ནས་དམ་བཞག་བྱས་པའི་འཇུག་ཏུ་བྱེད་པ་ལགས་གསེར་དང་ཚོགས་འཁོར་དགོས་གསུངས་སོ།། །།

མགོན་པོ་རིགས་ལྔའི་རྗེས་གནང་བྱེད་ཟེར་ནས་དུས་ཅིག་ཏུ་བྱེད་པའི་ལུགས་ཕྱིས་བསྟོད་ལུགས།


PS011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རིགས་ལྔའི་རྗེས་གནང་བྱེད་ཟེར་ནས་དུས་ཅིག་ཏུ་བྱེད་པའི་ལུགས་ཕྱིས་བསྟོད་ལུགས་འགའ་རེ་ཡོད་དེ། དང་པོ་ནས་དེ་འདྲ་མེད་ཅེས་གསུངས། སྨད་ལུགས་རྣམས་
ལའང་དེ་འདྲ་མེད་དེ། མགོན་པོ་ལ་གཏོར་མ་འབུལ་བའི་ཚེ་གཏོར་སྣོད་པཾ་དམར་སེར་ཞུ་བ་ལས་པདྨའི་སྣོད་སྟོང་གསུམ་ཙམ་དུ་བསྐྱེད། །དེའི་ནང་དུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་རྫས་རྣམས་བདུད་རྩིར་གྱུར་པར་བསམ། འདི་ཉིད་གཏོར་མའི་བསྐྱེད་ཆོག་ཟབ་པར་བྱེད་པ་ཡོད་དོ། །འདི་ནི་པདྨའི་སྣོད་ཅེས་པ་རྒྱུད་སྡེ་དག་ལས་ཐེད་པ་ལ་གསུངས་པ་ཆེས་མང་བའི་བརྡའ་ཆད་མ་ཆགས་པར། མེ་ཏོག་པདྨ་ལས་འཁྲུངས་པའི་བའི་ནོར་ས་ཆེན་པོ་ལ་མན་ངག་ཟབ་མོ་འཛིན་པ་སྟེ། མི་མཁས་པ་དག་ལ་མི་འདྲ་མང་པོར་བྱུང་སྣང་ངོ་།། །།

ཕྱག་མཚན་རྗེས་གནང་གི་ཚིག་བཅད་མ།


PS011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་རྗེས་གནང་གི་ཚིག་བཅད་མ་བཞུགས་སོ། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་མཚན་གྲི་གུག་དབང་བསྐུར་བས། །དགྲ་བགེགས་ལུས་ནི་ཁ་འབྱེད་ཅིག །


PS011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པའི་ལས་རྣམས་ཐོགས་མེད་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །མགོ་ཕྲེང་ཁྲག་འཛག་འདི་བྱིན་པས། །དགྲ་བགེགས་དོན་སྙིང་འབྱིན་པ་ཡི། །ལས་ཀྱི་བསྲུང་མ་ཚིམ་བྱེད་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཐོད་པའི་ཅང་ཏིའུ་བྱིན་པ་ཡིས། །དཔའ་བོ་མཁའ་འགྲོ་དབང་བསྡུད་ཅིང་། །དགྲ་བགེགས་མྱོས་པའི་ལས་གྲུབ་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་མཚན་ཐོད་པའི་དབང་བསྐུར་བས། །དགྲ་བགེགས་སྙིང་ཁྲག་རོལ་བྱེད་ཅིང་། །རེངས་པའི་ལས་ལ་ཐོགས་མེད་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། ཁ་ཊྭཱྃ་རྩེ་གསུམ་འདི་བྱིན་པས། །དགྲ་བགེགས་གནས་གསུམ་བསྣུན་བྱེད་ཅིང་། །སྒྲོལ་དང་
བསྐྲོད་པའི་ལས་རྫོགས་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །རྡོ་རྗེ་ཞགས་པ་འདི་བྱིན་པས། །དགྲ་བགེགས་མ་ལུས་འདྲེན་བྱེད་ཅིང་། །འཆིང་བའི་ལས་རྣམས་རྫོགས་པར་ཤོག །ཅེས་པ་རྗེས་གནང་རྒྱས་པ་བྱེད་ན་འདིའི་མཐའ་རྟེན་དུ་བྱེད་པའི་ཕྱག་མཚན་གྱིས་དབང་བསྐུར་རོ། །འདི་བྲིས་དགེ་བའི་འགྲོ་བ་ཀུན། །འགལ་རྐྱེན་བར་ཆད་ཞི་བ་དང་། །དགོས་འདོད་ཆར་བཞིན་འབབ་པ་དང་། །འགྲོ་དོན་སངས་རྒྱས་མྱུར་ཐོབ་ཤོག །

གྲིབ་སེལ་ཁྱད་པར་ཅན་གྱིས་མན་ངག


PS011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་སེལ་ཁྱད་པར་ཅན་གྱིས་མན་ངག་བཞུགས་སོ།། ༼ཛ༽ བླ་མ་མགོན་པོ་དབྱེར་མེད་ལ། །གྲིབ་ཕོག་དམ་ཚིག་འགལ་གྱུར་ན། །བཤགས་པ་བྱ་ཞིང་དམ་ཚིག་བསྐང་། །དམ་ཚིག་བསྐང་པས་དངོས་གྲུབ་ཐོབ། །རང་གི་མདུན་དུ་གཙོ་བོ་མགོན་པོ། འཁོར་གནོད་སྦྱིན་


PS011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ལྷ་མོ། ཕྱོགས་སྐྱོང་བཅུ། གཙང་རིགས་ཀྱི་མགོན་པོ་དང་བཅས་པས་བསྐོར་བར་བསམ་ནས་ཡེ་ཤེས་པ་བསྟིམ་མོ། །དེའི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྩེ་ལྔ་པ། གཡོན་ཐོད་པ་བསྣམས་པ་གཅིག་བསྒོམ། དེའི་སྟེང་གི་ནམ་མཁའ་ལ་རྩ་བ་དང་བརྒྱུད་པའི་བླ་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་དཀར་དམར་མཐིང་གསུམ་དུ་བསམ་ནས། གསོལ་བ་གདབ་པ་བྱས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀར་པོ་ལས་ཡི་གེ་བརྒྱ་པ་དཀར་པོ་བྱུང་ནས་བླ་མའི་དཔྲལ་བར་ཐིམ། སྐུའི་དམ་ཚིག་སྐོངས། སངས་རྒྱས་དང་


PS011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་དམར་པོ་ལས་ཡི་གེ་བརྒྱ་པ་དམར་པོ་བྱུང་། བླ་མའི་མགྲིན་པར་ཐིམ་པས་གསུང་གི་དམ་ཚིག་སྐོངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔོན་པོ་ལས་ཡི་གེ་བརྒྱ་པ་སྔོན་པོ་བྱུང་བླ་མའི་ཐུགས་ཀར་ཐིམ་པས་ཐུགས་ཀྱི་དམ་ཚིག་སྐོངས། སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཞུགས་པར་བསམ་མོ། །ཡང་བླ་མ་ལ་གསོལ་བ་བཏབ་པས། བླ་མས་སྨིན་ཕྲག་ནས་ཡི་གེ་བརྒྱ་པ་དཀར་པོ་བྱུང་ནས་མགོན་པོའི་དཔྲལ་བར་ཐིམ་པས། མགོན་པོའི་འཁོར་བཅས་ཀྱི་སྐུའི་དམ་ཚིག་སྐོངས། ཡང་བླ་མའི་མགྲིན་པ་དང་ཐུགས་ཀ་ནས་རིམ་པ་བཞིན་ཡི་གེ་བརྒྱ་པ་དམར་པོ་དང་། སྔོན་པོ་གཉིས་བྱུང་ནས་མགོན་པོའི་


PS011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་དང་ཐུགས་ཀར་ཐིམ་པས། གསུང་དང་ཐུགས་ཀྱི་དམ་ཚིག་བསྐོངས་པས། མགོན་པོ་འཁོར་བཅས་འོད་ཀྱི་རང་བཞིན་ནུས་པ་ཕུན་སུམ་ཚོགས་པས་བདག་ལ་དགྱེས་པའི་མདངས་དང་ལྡན་པར་བསམ་མོ། །དེ་ནས་མགོན་པོ་ལ་གསོལ་བ་བཏབ་པ་དང་། མགོན་པོའི་དཔྲལ་བ་ནས་ཡི་གེ་བརྒྱ་པ་དཀར་པོ་བྱུང་ནས་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་ཐོབ། སྐུའི་བྱིན་རླབས་ཁྱབ་པར་བསམ། ཡི་གེ་བརྒྱ་པ་བཟླས་སོ། །དེའི་མདུན་དུ་མགོན་པོའི་མགྲིན་པ་དང་ཐུགས་ཀ་ནས་ཡི་གེ་བརྒྱ་པ་དམར་པོ་དང་སྔོན་པོ་བྱུང་། བདག་གི་མགྲིན་པ་སྙིང་གར་ཐིམ། །ངག་དང་ཡིད་ཀྱི་སྡིག་སྒྲིབ་དག །གསང་དབང་དང་ཤེས་རབ་ཡེ་ཤེས་
ཀྱི་དབང་ཐོབ། གསུང་དང་ཐུགས་ཀྱི་བྱིན་རླབས་ཞུགས། །ཡི་གེ་བརྒྱ་པ་བཟླས་སོ། །ཡང་མགོན་པོའི་གནས་གསུམ་ནས་ཡི་གེ་བརྒྱ་པ་བྱུང་། རང་གི་ལྟེ་བར་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་དམ་ཚིག་གི་ཉམས་པ་བསྐོངས་ནས་ལུས་དང་དྲི་མ་བཞིན་དུ་འགྲོགས་པར་བྱེད་དེ། འཁོར་གཏོར་མས་སྐོངས་ཤིག །རང་དང་གྲིབ་དང་། མགོན་པོ་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ། །གྲིབ་སེལ་ཁྱད་པར་ཅན་གྱི་མན་ངག་རྫོགས་སོ།། །།གྲིབ་སེལ་དཀྱུས་མའོ།།

གྲིབ་སེལ་གྱི་དབང་བཀའི་ཐོ་ཡིག


PS011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་སེལ་གྱི་དབང་བཀའི་ཐོ་ཡིག་བཞུགས་སོ།། ༼ཝ༽ གྲིབ་སེལ་འདི་ལ་བཀའ་ཆུང་
གཅིག་ཏུ་བླ་མ་རྣམས་བཞེད་དེ། དེ་ལ་བཅའ་གཞི་དང་མདུན་བསྐྱེད་སྒྲུབ་པ། གཏོར་མ་འབུལ་བ་སོགས་མགོན་པོའི་རྗེས་གནང་དང་འདྲ་བ་ལ། ཆོ་ག་གཞན་རྣམས་རང་དང་སློབ་མ་འདོན་པ་བརྗེ་བ་མ་རྟོགས་གོང་གི་དམིགས་པ་དང་ཁྱད་མེད་ལ། ཡི་གེ་བརྒྱ་པ་ལ་སློབ་མས་རྗེས་ཟློས་བྱ་ཞིང་། སྔོན་དུ་མཎྜལ་དང་སྡོམ་བཟུང་གསོལ་བཏབ་བྱའོ།། །།ཨིྀྛཿ

བླ་མ་མགོན་པོ་དབྱེར་མེད་ཀྱི་བསྒྲུབ་པ་མགོན་པོ་དཔལ་ཤ་བ་རི་པ་ལ་ལན་གསུམ་གསུང་ནས་བཀའ་རྒྱས་བཏབ་པའི་ཆིག་རྒྱུད་མ།


PS011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མགོན་པོ་དབྱེར་མེད་ཀྱི་བསྒྲུབ་པ་མགོན་པོ་དཔལ་ཤ་བ་རི་པ་ལ་ལན་གསུམ་གསུང་ནས་བཀའ་རྒྱས་བཏབ་པའི་ཆིག་རྒྱུད་མ་བཞུགས་སོ།། ༼ཞ༽ རྒྱ་གར་སྐད་དུ། གུ་རུ་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། བླ་མ་དང་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་


PS011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཡེ་ཤེས་མགོན་པོའི་སྤྱི་གཙུག་ཏུ། །དབང་གི་རྒྱལ་པོའི་བསྒོམ་བྱས་ནས། །འོད་ཟེར་གཟི་བརྗིད་ལྡན་པར་བསམ། །གཡེལ་བ་མེད་པར་གསོལ་བཏབ་ན། །ཐུན་མོང་དངོས་གྲུབ་སྣ་ཚོགས་དང་། །སངས་རྒྱས་ལོ་བཟླས་འགྲུབ་པར་འགྱུར། །བླ་མ་མགོན་པོ་དབྱེར་མེད་འདི། །མི་རབས་བདུན་ལས་མ་སྤེལ་ཅིག །རྣལ་འབྱོར་པ་དམ་ཚིག་དང་ལྡན་པའི་མདུན་དུ་མགོན་པོ་འཁོར་བཅས་ཀྱི་དམ་ཚིག་པ་བསྐྱེད་དེ། དེ་ལ་ཡེ་ཤེས་པ་བསྟིམས་པ་དང་། ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་བསྲུང་ཞིང་སངས་རྒྱས་ཀྱི་ས་ལ་འགོད་དེ། ཞེས་གསུང་ལྷང་ལྷང་བཞུགས་པར་བསམ། དེའི་སྤྱི་གཙུག་ཏུ་


PS011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྩ་བའི་བླ་མ་སྐུ་མདོག་སེར་པོ་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་བསྣམས་པ། གཡོན་པ་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། འོད་ཟེར་གྱི་རང་བཞིན་ཅན། མཚན་ཐོས་པ་ཙམ་གྱི་ཕྱིར་མི་ལྡོག་པའི་ས་ཐོབ་པ་གཅིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དང་བཅས་པ་བསྟིམ་མོ། །དེ་ནས་རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཕུལ་ནས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་ལས་འོད་ཟེར་བྱུང་ནས་མགོན་པོ་ལ་ཕོག་པས། མགོན་པོའི་འོད་དང་འོད་ཟེར་གྱིས་རང་བཞིན་ནུས་པ་ཕུན་སུམ་ཚོགས་པ་སྣང་ལ་རང་བཞིན་མེད་པ་བླ་མ་མགོན་པོ་དབྱེར་མེད་


PS011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཡང་མགོན་པོ་ལ་གསོལ་བ་བཏབ་པས། མགོན་པོ་ལས་འོད་ཟེར་བདེ་བའི་རང་བཞིན་འཕྲོས་བླ་མ་ལ་ཕོག་པ་དང་། བླ་མ་འོད་ཀྱི་རང་བཞིན་ཅན་འཛུམ་པའི་མདངས་དང་ལྡན་པ། མགོན་པོ་བླ་མ་དབྱེར་མེད་དུ་བསམ་དེ་བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མར་སྒོམ་ལ་བླ་མ་མགོན་པོ་དབྱེར་མེད་བསམ་ནས། ཞེ་ཐག་པ་ནས། ན་མོ་བུདྡྷཱ་ཡས་གསོལ་བ་གདབ་ཅིང་། ཕར་མཆོད་པ་ཕུལ་བ་དང་ཚུར་བླ་མས་འོད་ཟེར་བྱུང་། མགོན་པོའི་གནས་གསུམ་ནས་མགོན་པོའི་སྐུ་ཆུང་ལ་ཡན་ལག་དོད་པ་བྱུང་ནས་རང་གི་གནས་གསུམ་དུ་ཐིམ་པས། བདག་གི་སྡིག་སྒྲིབ་དང་ནད་གདོན་དག་ནས་བླ་མ་དང་མགོན་པོའི་ཞལ་


PS011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་སྟོན་པར་བསམ་མོ། །དེ་ཡང་སྔགས་དང་གསོལ་འདེབས་ཕྱེད་མར་བྱ་ཞིང་། གཏོར་མ་ཕུལ་ན་ཞལ་མྱུར་དུ་སྟོན་པར་འགྱུར་རོ། །དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་གསོལ་བ་བཏབ་ནས་མོས་གུས་ཞུང་ཞུང་བྱེད་པར་བསམ་ན་གཞན་དོན་དཔག་ཏུ་མེད་པར་འགྱུར་རོ། །བླ་མ་དང་མགོན་པོའི་སྐུ་གང་གསལ་བ་ལ་སེམས་བཟུང་ན་ལོངས་སྐུ་དང་སྤྲུལ་སྐུར་འཚང་རྒྱའོ། །རྟོག་པ་སྐྱེད་ཚད་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ཐག་ཆོད་ན་དག་པའི་ས་གསུམ་ཐོབ་བོ། །གསོལ་བ་བཏབ་པའི་རྗེས་སམ་འགྲོ་ཆག་གི་དུས་སུ་ཡང་ཅིར་སྣང་ཐམས་ཅད་གསལ་ལ་འཛིན་མེད་གླང་པོ་ཆེའི་ལྟ་སྟངས་སུ་བཞག་ན་ཆོས་སྐུར་


PS011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱའོ། །མཎྜལ་དང་གཏོར་མ་དང་བཅས་ནས་ཡིད་ཆེས་ཐེ་ཚོམ་མེད་པར་གསོལ་བ་བཏབ་ན་ཐུན་མོང་གི་དངོས་གྲུབ་དགེ་བར་སྟེར་བར་བྱེད་དོ། །མ་ཡེངས་པར་ཟླ་བ་བདུན་བསྒོམ་ན་དེ་ཉིད་དུ་སངས་རྒྱས་པར་བྱེད་དོ། །ཐོ་རངས་ཐུན་རེ་སྒོམ་ན་འཆི་ཁར་གཟུགས་སྐུ་དང་ཆོས་སྐུ་ཐོབ་བོ། །དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་བྱས་པ་ཡང་བར་དོར་འཚང་མི་རྒྱ་མི་སྲིད་དོ། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་པ་ལན་གཅིག་ཐོས་པ་དང་། གསེར་ལ་བྲིས་ནས་བཏགས་
ན་ཡང་འཆི་ཁར་ཞལ་མཐོང་བར་འགྱུར་རོ། །ཡེ་ཤེས་མགོན་པོ་མདུན་བྱོན་ནས། །བདག་འདྲ་ཤ་བ་རི་པ་ལ། །ལན་གསུམ་བར་དུ་གསུངས་ནས་ཀྱང་། །བཀའ་རྒྱས་བཏབ་ནས་མཁའ་ལ་གཤེགས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཆིག་རྒྱུད་དག་ལས་མ་སྤེལ་ཅིག །བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་ཐབས་ཞེས་བྱ་བ་རྫོགས་སོ།། །།

བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས་སློབ་མ་རྗེས་བཟུངས།


PS011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས་སློབ་མ་རྗེས་བཟུངས་བཞུགས་སོ།། ༼ཟ༽ བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས་ནི། མཎྜལ་དང་གཏོར་མའི་བཅའ་གཞི་རྗེས་གནང་དང་འདྲ། སློབ་མ་ཁྲུས་བྱས། གསེར་གྱི་མཎྜལ་ཕུལ། ཐལ་མོ་སྦྱར་ཏེ་འཁོད་ནས། ཁྱོད་ཞབས་པདྨོར་སྤངས་ནས་


PS011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཞེས་སོགས་ཀྱི་གསོལ་བ་ལན་གསུམ་འདེབས་ལ། ཆོས་བཤད། ཐུན་མོང་དང་ཐུན་མོང་མ་ཡིན་པས་སྡོམ་པ་འཛིན་དུ་བཞུགས། དེ་ནས་བླ་མ་མགོན་པོ་དབྱེར་མེད་ལ། ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་ལན་གསུམ་འདེབས་པ་ལ། མདུན་དུ་མགོན་པོ་དང་། དེའི་སྤྱི་བོར་བླ་མ་དབང་གི་རྒྱལ་པོ་དང་བཅས་པ་གཞུང་བཞིན་སློབ་མ་ལ་བརྡའ་སྤྲད་ནས་བསྒོམ་དུ་གཞུག །དེ་ནས་སློབ་མས་བླ་མའི་རྗེས་སུ་བཟློས་པའི་སྒོ་ནས། ན་མོ་བུདྡྷཱ་ཡའི་གསོལ་བ་ལན་གསུམ་དང་། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་མགོན་པོ་དབྱེར་མེ་ལ་གསོལ་བ་འདེབས་སོ། །


PS011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ལན་མང་དུ་གསོལ་བ་བཏབ། བླ་མའི་སྐུ་ལས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག །མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་བླ་མ་ལ་ཕོག་པས། གཉིས་ཀ་འོད་དང་བདེ་བའི་རང་བཞིན་དུ་མེར་མེར་འདུག་པ་ལ་གསོལ་བ་བཏབ་པས། བླ་མ་དང་མགོན་པོ་གཉིས་ཀས་ཁྱེད་ཀྱི་བར་ཆད་ཐམས་ཅད་ངས་བསྲུང་། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ་ཞེས་གསུང་ལྷང་ལྷང་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་མཛད་ཅིང་། བླ་མའི་སྨིན་མཚམས་ནས་འོད་ཟེར་དང་མགོན་པའི་སྨིན་མཚམས་ནས་མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་མང་དུ་བྱུང་སྟེ་སློབ་མའི་སྨིན་མཚམས་ནས་ནང་དུ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་ཅེས་


PS011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་སྤྲད། ཡང་གསོལ་འདེབས་གོང་ལྟར་བྱས་པས། བླ་མའི་མགྲིན་པ་ནས་འོད་ཟེར་དང་མགོན་པོའི་མགྲིན་པ་ནས་སྐུ་སྔར་ལྟར་བྱུང་། སློབ་མའི་མགྲིན་པ་ན་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། ཡང་གསོལ་འདེབས་སྔར་ལྟར་བྱས་པས་བླ་མ་དང་མགོན་པོའི་ཐུགས་ཀ་གཉིས་ནས་འོད་ཟེར་དང་སྐུ་སྔར་ལྟར་བྱུང་། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡང་གསོལ་འདེབས་སྔར་ལྟར་བྱས་པས་བླ་མ་དང་མགོན་པོའི་སྐུའི་ཆ་ལས་འོད་ཟེར་དང་སྐུ་དཔག་ཏུ་མེད་པ་བྱུང་། སློབ་མའི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ། སྒོ་གསུམ་
གྱི་དྲི་མའི་བག་ཆགས་ཐམས་ཅད་དག །དབང་བཞི་པ་ཐོབ། ཅེས་བརྡའ་སྤྲད། སེམས་བདེ་གསལ་མི་རྟོག་པའི་ངང་ལ་བཞག །བླ་མ་མགོན་པོ་དབྱེར་མེད་ལ་ཅེས་སོགས་ལན་གསུམ་མམ་བདུན་བརྗོད། མཎྜལ་འབུལ་ཚོགས་འཁོར་བྱ། བཟོད་གསོལ་དང་བསྔོ་བ་བྱ། བཀྲ་ཤིས་བཀའ་རྒྱ་མ་བྱའོ། །འདི་ནི་དབང་འབྲེལ་བ་ལན་གཅིག་ཐོབ་ན། ཅེས་པའི་ཕྱག་ལེན་གྱི་མན་ངག་ཡིན་ནོ། །བླ་མ་མགོན་པོ་དབྱེར་མེད་ཀྱི་སློབ་མ་རྗེས་བཟུང་རྫོགས་སོ།། །།

མགོན་པོ་མཆིན་ཁའི་རྗེས་གནང་།


PS011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་མཆིན་ཁའི་རྗེས་གནང་བཞུགས་སོ།། ༼འ༽ བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་མཐར་ཅི་འབྱོར་བའི་


PS011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་བསྐོར། ཚོགས་དང་གཏོར་མ་བཤམས། མཎྜལ་དབུས་སུ་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ཁ་དམར་བའི་མདངས་ཆགས་པ་མཆིན་ཁར་བསྐྱེད་ལ། གཞན་དགུག་གཞུག་ལ་སོགས་འདྲ་བ་ལ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ། ཆོས་ལ། དགེ་འདུན་ལ། བླ་མ་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ལ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་ལ་སྐྱབས་སུ་མཆིའོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་དང་། གཞན་སྔོན་འགྲོའི་ཆོས་རྣམས་སྐབས་དང་སྦྱར། དབང་བསྐུར་བ་དངོས་ནི། གནས་


PS011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་སྐུ་གསུང་ཐུགས་ཀྱི་ཡི་གེ་མཆིན་ཁ་འོད་ཀྱི་རང་བཞིན་ཅན་བསམ་ལ། ལུས་དང་ལོངས་སྤྱོད་དང་བཅས་པ་ཕུལ་ནས། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་མ་ལུས་པ་ལུས་ལ་གཞུག་ཏུ་གསོལ། ཅེས་གསོལ་བ་བཏབ་པས། མགོན་པོའི་སྨིན་མཚམས་ཀྱི་ཨོཾ་ལས་འོད་མཆིན་ཁ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་མ་ལུས་པ་ཨོཾ་ལ་འདུས། དེ་ལས་འོད་མཆིན་ཁ་བྱུང་ནས་བདག་འཇུག་དུས་སུ་རང་དང་། གཞན་དོན་དུ་སློབ་མའི་སྨིན་མཚམས་སུ་ཐིམ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འོད་ཀྱི་གང་། ལུས་ཀྱི་བསགས་པའི་ནད་གདོན་སྡིག་སྒྲིབ་མ་ལུས་


PS011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སངས་དག་པར་བསམ་མོ། །དེ་ནི་དང་པོའོ། །དེ་བཞིན་དུ་མགྲིན་པའི་ཨཱཿདང་། ཐུགས་ཀའི་ཧཱུྃ་ལ་ཡང་འདྲའོ། །དེ་ནི་གཉིས་པ་དང་གསུམ་པའོ། །ཡང་མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་རྦད་ཆད་ནས་རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །མགོན་པོ་ཡང་འོད་དུ་ཞུ་ནས་རང་ངམ། སློབ་མའི་སྤྱི་བོར་ཐིམ་པས་ལུས་ཐམས་ཅད་འོད་ཀྱི་གང་། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག །རང་ལུས་འོད་དུ་ཡལ་སོང་སྟེ་སེམས་མ་བཅོས་པའི་ངང་ལ་བཞག་པ་ནི་བཞི་པའོ། །བཞི་པོ་རང་རང་གི་ཐད་སོ་སོར་ངོ་སྤྲད་དེ། ལྷག་མ་རྣམས་གཞན་དང་འདྲའོ། །
བླ་མའི་གསུང་བཞིན་ལོ་ཚྩ་བ་ཚུལ་ཁྲིམས་མགོན་གྱིས་བཀོད་པའོ།། །།

མགོན་པོ་མཆིན་ཁ་སྒྲུབ་པའི་མན་ངག་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུད་པའི་ཞལ་གདམ།


PS011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་མཆིན་ཁ་སྒྲུབ་པའི་མན་ངག་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་སྡུད་པའི་ཞལ་གདམ་བཞུགས་སོ།། ༼ཡ༽ ན་མོ་གུ་རུ། །གོན་པོའི་སིནྡྷུ་རའི། །སྔགས་རྣམས་དབང་གི་མདོག་ལྡན་པས། །མགོན་པོ་དཔའ་བོ་མཁའ་འགྲོ་རྣམས། །དབང་དུ་བསྡུད་པའི་གནད་མཆོག་འདི། །འདི་དང་ཕྱི་མའི་དོན་མཆོག་འགྲུབ། །གཅིག་བརྒྱུད་ནི་སྲོག་ལྟར་ཆོངས། །ཞེས་པས་མགོན་པོའི་འཁོར་ལྔ་ཕྱོགས་སྐྱོང་བཅུ། །གཙང་རིགས་ཀྱི་མགོན་པོ་དང་བཅས་པའི་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དགུག་གཞུགས་བྱའོ། །དེ་ནས་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་


PS011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཆིན་ཁ་གཡས་ཌཱ་མ་རུ་དང་གཡོན་དྲིལ་བུ་གཡེར་ཁ་བསྣམས་པ་ཞིག་བསྐྱེད། དེའི་ཐུགས་ཁ་ནས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའམ། དཔའ་བོ་དང་དཔའ་མོ། བརྒྱུད་པའི་བླ་མ་དང་བཅས་པ་སྐུ་མདོག་མཆིན་ཁའི་རང་བཞིན་ཅན་དཔག་ཏུ་མེད་པ་བསྟིམ། དེས་བླ་མ་འོད་ཟེར་གྱི་རང་བཞིན་ཅན་འོད་སྨུག་པོའི་ཚོགས་ཀྱིས་བསྐོར་བ་ཞལ་འཛུམ་པའི་མདངས་དང་ལྡན་པར་བསམ་མོ། །མགོན་པོའི་དཔྲལ་བར་སིནྡྷུ་རའི་འོད་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་སྨུག་འོད་ཀྱི་རང་བཞིན་གྱིས་བསྐོར་བར་བསམ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཁ་དོག་མཆིན་ཁ་འོད་ཀྱི་རང་བཞིན་ཅན་གྱིས་བསྐོར་བར་བསམ་


PS011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རོལ་མོ་དང་བཅས་པས་བླ་མ་ལ་གསོལ་བ་དྲག་ཏུ་གདབ། ན་མོ་བུདྡྷ་ཡའི་གསོལ་བ་ལན་གསུམ་བཏབ་པས། བླ་མ་ལས་འོད་ཟེར་མཆིན་ཁ་བྱུང་མགོན་པའི་སྐུ་མཆིན་ཁ་དམར་སྨུག་གི་འོད་དུ་ཁྱུག་གིས་གྱུར། དེས་འཁོར་རྣམས་ཀྱང་འོད་དམར་སྨུག་ཏུ་གྱུར་པ་བསམ་མོ། །དེ་ནས་ཡང་གསོལ་བ་གདབ་པ་དང་། བླ་མ་འོད་ཀྱི་རང་བཞིན་དེས་མགོན་པོ་འོད་ཀྱི་རང་བཞིན་དུ་བསྡུས་པ་དང་། སིནྡྷུ་རའི་སྟེང་གི་ན་ར་ཀྲིཾ་ཀྲིཾ་གི་སྔགས་མྱུར་དུ་བསྐོར་རོ་འཁོར་བར་བསམ། དེ་ནས་བླ་མས་ཌཱ་མ་རུ་དང་གཡེར་ཁའི་སྒྲ་སྒྲོགས་ཤིང་། ཆེཾ་ཆེཾ་འུར་འུར་འདུག་པ་དཔའ་བོ་མཁའ་འགྲོ་སྲིད་གསུམ་ཐམས་ཅད་དབང་དུ་བསྡུས་མགོན་པོའི་སྐུ་ལུས་དང་སིནྡྷུ་རའི་ཧྲཱིཿསྔགས་དང་བཅས་པ་ལས་


PS011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དམར་སྨུག་འཕྲོས་ནས་ཆོས་སྐྱོང་གི་འཁོར་ཐམས་ཅད་དང་། དཔའ་བོ་དང་མཁའ་འགྲོ་ལ་སོགས་པ་ཐམས་ཅད་དང་། སྲིད་པ་གསུམ་པོ་ཐམས་ཅད་འོད་ཀྱིས་ཁྱབ་ཅིང་དབང་དུ་བསྡུས་ནས་ཁབ་ལེན་ལ་ལྕགས་ཕྱེ་འདུས་པ་བཞིན་དུ་བསམ་ལ། ན་ར་ཀྲིཾ་ཀྲིཾ་གསུམ་གཉིས། རྩ་སྔགས་སུམ་ཆ་བཟླས་པ་བྱའོ། །མ་ཡེངས་རྩེ་གཅིག་ཕྲག་གསུམ་གྱིས། །མཁའ་འགྲོ་ཆོས་སྐྱོང་དབང་དུ་འདུ། །བརྒྱན་དང་གཏོར་མ་ཚོགས་འཁོར་གསུམ། །གཞུང་བཞིན་བཤམས་ལ་སྒྲུབ་པར་བྱ། །ཡང་ན་དགེ་སྦྱོར་སྔོན་འགྲོ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །ཞེས་མགོན་པོས་ཤ་བ་རི་པ་ལ་ལན་གསུམ་གསུངས་སོ། །
འདི་གཅིག་རྒྱུད་ལས་མང་བ་བྱིན་ན་མཁའ་འགྲོའི་སྲོག་སྙིང་བྱིན་མནར་མེད་དུ་ལྟུང་བའི་ཉེས་པས་གོས་པར་འགྱུར་མོད། དེས་ན་དེས་འདི་དམ་པར་བྱའོ། །ང་ཡི་སྲོག་རྩ་སྣོད་དུ་མི་རུང་བ་ལ་མ་བྱིན་ཅིག །སྣོད་ལྡན་ལའང་གཅིག་རྒྱུད་ལས་མང་བ་མ་སྤེལ་ཅིག །ཅེས་བཀའ་བརྒྱ་ལན་ཉི་ཤུ་རྩ་གཅིག་གི་བར་བཏབ་སྟེ་རྔམས་པའི་ང་རོ་འབྲུག་ལྟར་སྒྲོགས་ཤིང་མཁའ་ལ་གཤེགས་སོ། །དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུད་པའི་ཞལ་གདམས་རྫོགས་སོ།། །།ས་མ་ཡ། །

མགོན་པ་མཆིན་ཁའི་འཁོར་གྱི་མངོན་རྟོགས།


PS011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པ་མཆིན་ཁའི་འཁོར་གྱི་མངོན་རྟོགས་བཞུགས་སོ།། ༼ར༽ སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་སུ། སྭཱ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས།


PS011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལས་གྲུབ་པའི་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་རབ་ཏུ་འབར་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྷཾ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་ལ་གཟི་བརྗིད་འབར། གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཕྱག་གཡས་པས་སྙིང་པོ་ལོ་མ་དང་བཅས་པ་ཞལ་དུ་གསོལ། ཕྱག་གཡོན་རིན་པོ་ཆེ་སྣ་ཚོགས་ཀྱི་གང་བའི་ནེའུ་ལེ་སྒྲུབ་པ་པོ་ལ་དགོས་འདོད་སྟེར་བ། དེའི་སྟེང་དུ་ཧཱུྃ་མཐིང་ནག་ལས་གྲི་གུག་ནག་པོའི་ལྟེ་བར་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་མཐིང་ག་ལས་འོད་ཟེར་སྤྲོ་བསྡུས་མགོན་པོ་སྐུ་མདོག་མཆིན་ཁ་གཞུང་བཞིན་


PS011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། མགོན་པོའི་གཡོན་དུ་རཀྟའི་རྒྱ་མཚོ་ཆེན་པོ་དམར་ལ་དྭངས་པའི་ནང་དུ་བྷྱོཿལས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་སྤྲིན་ལྟ་བུ་ཞལ་གཅིག་ཕྱག་བཞི་དྲིའུ་ག་པའི་སྟེང་ན་ཆིབས་པ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་རལ་གྲི། གཡོན་དང་པོ་ན་རྒྱལ་མཚན། གཉིས་པ་ན་ཐོད་རློན་ཁྲག་གི་བཀང་བ་བསྣམས་པ། དབུ་སྐྲ་ཁམ་སེར་རྨ་བྱའི་མདོངས་ཀྱིས་རྒྱན་པ། སྤྱི་བོའི་གཙུག་ན་ཟླ་བ་ཉ་གང་བས་མཚན་པ། ཐོད་སྐམ་ལྔས་དབུ་རྒྱན་པ། སྙན་གཡས་པ་ལ་སེང་གེ། གཡོན་པ་ལ་སྦྲུལ་གྱི་བརྒྱན་པ། སྤྱན་གསུམ་དམར་ལ་འཁྲུགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གྱེན་ལ་དྲིལ་བ་རེ་ལྡེའི་ཤམས་ཐབས་


PS011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲིས་པ། སྦྲུལ་གྱི་སྐ་རགས་བཅིངས་པ། ལྟེ་བར་ཉི་མས་བརྒྱན་པ། ཡབ་ཡུམ་གྱི་མདུན་དུ་ཧཱུྃ་ལས་གནོད་སྦྱིན་ཀྵེ་ཏྲ་པ་ལ་ཞལ་གཅིག་མཆེ་བ་གཙིགས་ཤིང་ཁ་གདངས་པ། འོ་དོད་དགྲ་ལ་འབོད་པ། སྐུ་མདོག་སྨུག་ནག་ཕྱག་གཡས་གྲི་གུག །གཡོན་བྷནྡྷ་སྙིང་ཁྲག་གཙོ་བོའི་ཞལ་དུ་སྟོབས་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་ཏྲི་ལྗང་ཁུ་ལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་སྡིག་འཛུབ་མེ་འབར་བ། སྟག་ལ་ཆིབས་པ། རྒྱབ་ཏུ་ཛ་ལས་གཤིན་རྗེ་ཌཀྐི་ར་ཛ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྒྱུ་མའི་ཞགས་པ།


PS011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྡིགས་མཛུབ་ནམ་མཁའ་ལ་གདེངས་པ། སྤྱང་ཀི་ལ་ཆིབས་པའོ། །གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲག་ཤད་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་ཐོད་ཁྲག །གཉིས་པ་རུ་མཚོན་དམར་པོ་འཕྱར་བ། གཡོན་དང་པོ་ལྕགས་ཀྱི་ཐུ་ལུམ་དང་། གཉིས་པ་ཙནྡན་གྱི་བེང་ཆེན་བསྣམས་པ་རྟ་ནག་པོ་ལ་ཞོན་པའོ། །ཐམས་ཅད་ཀྱང་ཞལ་རྔམས་ཤིང་མཆེ་བ་གཙིགས་པའོ། །སྨ་ར་དང་སྨིན་མ་དང་། དབུ་སྐྲ་དམར་སེར་གྱེན་དུ་རྫེས་པ། མིག་གསུམ་དམར་ཞིང་གཡོ་བས་དགྲ་བགེགས་ལ་གཟིགས་པ། སྐུ་ལ་རང་རང་གི་རིགས་དང་མཐུན་པའི་རྒྱན་གྱིས་མཛེས་པའོ། །དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་གཙང་རིས་ཀྱི་མགོན་པོ་དམ་ཅན་རྒྱ་མཚོ་དང་བཅས་
པ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་སྟེ་གཏོར་མ་ཕུལ་ལ་གསོལ་བ་གདབ་བོ།། །། ཨིྀྛཿ

མགོན་པོ་གསང་སྒྲུབ་ཀྱི་དབང་ཆོག


PS011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་གསང་སྒྲུབ་ཀྱི་དབང་ཆོག་བཞུགས་སོ།། ༼ལ༽ མྱུར་མཛད་སྤྱན་རས་གཟིགས་ལ་འདུད། །ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི། །དབང་བསྐུར་རྗེས་གནང་བྱ་བ་ནི། །དུར་ཁྲོད་ལ་སོགས་དབེན་གནས་སུ། །མཎྜལ་ཆོས་འབྱུང་གྲུ་གསུམ་བྲི། །དེ་སྟེང་བུམ་པ་ཆུས་བཀང་ལ། །སྨན་དང་དྲི་ཆབ་ཁ་བརྒྱན་གཟུགས། །དེ་སྟེང་ཐོད་པར་ཆང་བླུགས་ལ། །མེ་ལོང་ཆང་གི་བརླན་པ་ལ། །སིནྡྷུ་ར་དང་ཙག་ཆོས་འབྱུང་། །རྩ་བའི་སྔགས་དང་བཅས་པ་བྲིས། །ཐོད་པ་ཁ་བཅད་སྟེང་དུ་བཞག །ཐོད་པའི་ཆང་ལ་བདུད་རྩི་བཏབ། །


PS011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཕྱི་ནང་གཏོར་མ་དང་། །ཚོགས་ཀྱི་ལོང་སྤྱད་རྒྱས་པར་བཤམས། །དེ་ནས་བདག་ཉིད་མགོན་པོར་བསྒོམ། །བུམ་པ་བྷྲུྃ་ལས་གཞལ་ཡས་ཁང་། །རྣམ་པ་ཡེ་ཤེས་མགོན་པོ་ལ། །ངོ་བོ་ཆུ་རུ་གཞུ་བརྟུལ་བྱ། །གཏོར་མ་ཡེ་ཤེས་མགོན་པོར་བསྐྱེད། །ཐོད་པ་བདུད་རྩི་དམ་རྫས་ལྔ། །མེ་ལོང་མགོན་པོར་བསྐྱེད་པར་བྱ། །རྣམ་པ་ཡི་གེའི་རང་བཞིན་ལ། །ཡེ་ཤེས་མགོན་པོ་དགུགས་གཞུགས་བསྟིམ། །མཆོད་གཏོར་བཤམས་ལ་གསོལ་བ་བཏབ། །སྣོད་ལྡན་སློབ་མ་དུ་ཡོད་ལ། །ཁྲུས་བྱས་ནང་དུ་ལེགས་འདུག་ལ། །གསེར་གྱི་མཎྜལ་ཕུལ་ནས་ནི། །གདོང་པ་དར་གྱི་དྲིལ་བྱས་ཏེ། །ཕྱག་དང་བསྐོར་བ་བྱས་ནས་ནི། །མོས་གུས་དད་


PS011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཀྱི་འདུག །དེ་ནས་དབང་བསྐུར་གསོལ་བ་གདབ། །དཔལ་ལྡན་འཇིགས་བྱེད་ཆེན་པོ་བསྐྱེད། །འཇིགས་བྱེད་དཀྱིལ་འཁོར་ཆེན་པོ་འདིར། །བདག་ཉིད་ཡང་དག་འཇུག་པར་སྤྲོ། །དཔའ་བོ་བླ་མས་བཟུང་དུ་གསོལ། །ཅེས་ལན་གསུམ་ཞུའོ། །དེ་ནས་བླ་མས་འདི་སྐད་བརྗོད། །དཔལ་ལྡན་མགོན་པོ་ཡབ་ཡུམ་གྱི། །ཡེ་ཤེས་གསང་བའི་དཀྱིལ་འཁོར་དུ། །བུ་ཁྱོད་འདིར་ནི་གཞུག་པ་བྱ། །ཁྱོད་ཀྱི་བསྟན་པ་བསྲུང་དོན་དུ། །ཁྱོད་ལ་བདག་གི་དབང་བསྐུར་བྱ། །ཞེས་ལན་གསུམ་བརྗོད། དེ་ནས་གསོལ་བ་གདབ་པར་བྱ། །གུ་གུལ་དུད་པས་སློབ་མ་བདུག །དྲིལ་བུ་མཁར་རྔ་ཅང་ཏིའུ་དང་། །


PS011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རྔ་ལ་སོགས་སྒྲ་རྣམས་སྒྲག །རང་གི་ལྷ་ཡི་སྙིང་ག་ནས། །སློབ་མའི་ལུས་ལ་མགོན་པོ་སྤྲོ། །ཁོ་ཡི་ཤེས་པ་བསྐུལ་བར་བསམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཨ་བེ་ཤ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བཟླས་བྱའོ། །སློབ་མ་དེ་ལ་ཡེ་ཤེས་དབབ། །འདར་དང་ཁྲབ་དང་གར་བྱེད་དང་། །སྨྲ་དང་རྒོད་དང་སྒྲ་འབྱིན་དང་། །བདེ་གསལ་མི་རྟོག་སྐྱེ་བར་འགྱུར། །ཡེ་ཤེས་ཕེབས་ནས་གདོང་གཡོགས་དཀྲོལ། །དེ་ནས་བུམ་པས་དབང་བསྐུར་བྱ། །བུམ་པ་སློབ་མའི་སྤྱི་བོར་བཞག །ཧཱུྃ། བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ། །སྤྱི་བོར་བཞག་པས་དབང་བསྐུར་མཆོག་འགྱུར་ཏེ། །ལུས་ངག་ཡིད་གསུམ་


PS011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་ཀུན་བྱང་ནས། །བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་མཾ། ཅེས་པས་བུམ་པའི་དབང་བསྐུར་ཞིང་བཀྲུས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་སྟེ། རིགས་ལྔ་ཡེ་ཤེས་ལྔས་དབང་བསྐུར་བས་བུམ་རྟགས་སུ་རྡོ་རྗེ་མི་བསྐྱོད་པས་དབུ་རྒྱན་པར་བསམ་མོ། །གཏོར་མའི་དབང་བསྐུར་བ་ནི། དམ་རྫས་གཏོར་མས་དབང་བསྐུར་བས། །སྐུའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །མི་འགྱུར་རྡོ་རྗེའི་དབང་ཐོབ་ཤོག །མགོན་པོའི་སྐུ་མདོག་དཀར་པོ་བསམ་གྱི་མི་ཁྱབ་པ། དེ་བཞིན་དུ་དམར་མོ། སྔོན་མོ། སེར་པོ། ལྗང་གུ།


PS011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཆུང་ལ་ཡན་ལག་རགས་པ་མང་པོ་བྱོན་ནས་སློབ་མའི་སྤྱི་བོར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་དབྱེར་མེད་བསམ་མོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་ཨོཾ། དེ་ནས་ཐོད་པས་དབང་བསྐུར་བ་ནི། ཐོད་པ་མཚན་ལྡན་ཡེ་ཤེས་ཀ་པ་ལ། །བདུད་རྩི་ལྔ་ལྡན་མགོན་པོ་རིགས་ལྔའི་རྫས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་སིནྡྷུ་ར་ལ་བསྟན་ཏེ། དྲི་མེད་ཤེལ་ལྟར་དག་པ་རང་གི་སེམས། །སྣང་གྲགས་མེ་ལོང་གཟུགས་བརྙན་ལྟ་བུ་ལ། །


PS011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡབ་ཡུམ་གཉིས་མེད་སྦྱོར་ཞིང་རོལ། །གསུམ་པ་ཤེས་རབ་ཡེ་ཤེས་དབང་བསྐུར་རོ། །མ་ཧཱ་ཀཱ་ལ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥཉྩ་ཧཱུྃ། དེ་ནས་རང་མགོན་པོ་བསྒོམས་རྩ་དབུ་མ་གསལ་བཏབ་པའི་ནང་ནས་ཀྵེ་ཏྲ་པ་ལ། ཛི་ན་མི་ཏྲ་ཌཀྐི་རཱ་ཛ། ཏྲག་ཤད་ནག་པོ་རྣམས་སྐུ་མདོག་མཐིང་ག་གྲི་གུག་ཡས་དང་། གཡོན་པ་ཐུགས་ཀར་ཐོད་ཁྲག་འཛིན་པ། །སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། སྟག་གི་ཤམས་ཐམས་སྦྲུལ་གྱིས་རྒྱན་པ། ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །ཐོད་རློན་ལྔ་བཅུའི་དོ་ཤལ་མཛེས། །སྐུ་ནི་ནས་རེ་མཚོན་རེ་ཙམ། །སྐད་ནི་སྣ་ཚོགས་སྒྲོགས་པར་བྱེད། །སྤྱི་བོའི་གཙུག་ནས་གསང་གནས་བར། །


PS011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་སྣ་ཚོགས་བྱེད་པར་བསམ། །སྟེང་འོག་རླུང་གི་ཁ་སྦྱར་རོ། །དེ་ནས་ལུས་གསལ་སྟོང་མགོན་པོ་ཡབ་ཡུམ། ངག་གྲགས་སྟོང་མགོན་པོའི་སྔགས། སེམས་རིག་སྟོང་སྐྱེ་མེད་འོད་གསལ། འགག་མེད་རང་ཤར་ཕྱག་རྒྱ་ཆེན་པོ། དེ་ལྟར་རྟོགས་པ་མགོན་པོའི་ལྟ་བ། དེ་ལ་གནས་པ་མགོན་པོའི་བསྒོམ་པ། དེའི་ངང་ལས་འཕྲིན་ལས་སྐྱོང་བ་མགོན་པོའི་སྤྱོད་པ། བསྒྲལ་ཚད་ཧེ་རུ་ཀའི་ངང་དུ་སངས་རྒྱས་པ་དེ་མགོན་པོའི་འབྲས་བུའོ། །དེ་ནས་ཚོགས་དང་གཏོར་མ་དབུལ། །རྦད་དང་བསྐུལ་བ་ལ་སོགས་བྱ། །རྗེས་ལ་བཟོད་པར་གསོལ་དགེ་བ་བསྔོ། །ཡི་གེ་བརྒྱ་པས་ལྷག་ཆད་བཀང་། །སྣང་སེམས་སྒྱུ་མར་ཤེས་པར་བྱ། །ཡེ་ཤེས་མགོན་པོའི་དབང་
བསྐུར་བ། །རྒྱ་གར་མཁས་གྲུབ་གཞུང་བཞིན་དུ། །ཁྱུང་པོ་བདག་གིས་ཡི་གེར་བཀོད། །བླ་མ་རཱ་ཧུ་ལ་ལ་གསེར་སྲང་བརྒྱ་ཕུལ་ནས་ཞུས་པ་འདི། རིན་ཆེན་རྨོག་ལྕོག་པ་ཁྱོད་ལ་བཀའ་རྒྱས་བཏབ་བོ། །གཅིག་བརྒྱུད་ལས་མི་མཛད་པའི་དམ་ཚིག་གོ། །།ས་མ་ཡ། །

ཤ་བ་རི་པའི་མགོན་པོ་གསང་སྒྲུབ་ཀྱི་རྒྱ་གཞུང་།


PS011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་བ་རི་པའི་མགོན་པོ་གསང་སྒྲུབ་ཀྱི་རྒྱ་གཞུང་བཞུགས་སོ།། ༼ཤ༽ རྒྱ་གར་སྐད་དུ། གུ་ཧྱ་ས་དྷ་ནཱ་མ། བོད་སྐད་དུ། གསང་བའི་སྒྲུབ་ཐབས་ཞེས་བྱ་བ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དབེན་པར་ཚོགས་གཉིས་སྔོན་འགྲོ་བས། །བསྲུང་བ་རྡོ་རྗེ་ཆོས་འབྱུང་ནང་། །རླུང་མེ་ཆུ་ས་ལྷུན་པོའི་སྟེང་། །བྷྲུྃ་ལས་གཞལ་ཡས་ཁང་པའི་དབུས། །སྣ་


PS011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་ཉི་ཟླའི་གདན། །སྟེང་འོག་མདོག་འདྲ་དབུས་མཐིང་ལ། །རིན་ཆེན་རྒྱན་སྤྲས་སྟག་ཤམ་ཅན། །གླང་ཆེན་གདོང་ཅན་ནེའུ་ལེ་འཛིན། །ཚོགས་བདག་ཕོ་མོ་སྒྱེལ་བའི་སྟེང་། །དཔལ་ལྡན་དྲག་ཆེན་ཧེ་རུ་ཀ། ཞལ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །གྲི་གུག་ཐོད་ཕྲེང་ཌཱ་མ་རུ། །ཐོད་པ་རྩེ་གསུམ་ཞགས་པ་དང་། །དཔྲལ་བ་ཧྲཱིཿཀྲིཾ་གཡུང་དྲུང་འོད། །བདེ་ཆེན་ཕྱོགས་བཅུ་ཀུན་ཁྱབ་འཕྲོས། །འཕྲིན་ལས་ལྔ་ལྡན་ཀུན་དབང་བསྐུར། །རིན་ཆེན་སྣ་ཚོགས་སྐམ་རློན་ཐོད། །གཡོན་བརྐྱང་གར་གྱིས་རོལ་པའི་སྐུ། །སྦྲུལ་དང་རུས་པའི་རྒྱན་གྱིས་སྤྲས། །ཁྲག་ཞག་ཐིག་ལེ་ཐལ་ཆེན་རྫས། །མི་ལྤགས་གཡང་གཞི་གླང་ཆེན་གོས། །


PS011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལྤགས་གོལ་བ་དཔའ་བོའི་སྐུ། །གསང་བ་ཡེ་ཤེས་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལ། །ཌཱ་མ་རུ་དང་ཐོད་པ་ཅན། །གཡས་བརྐྱང་སྟབས་ཀྱིས་ཡབ་ལ་འཁྱུད། །ལས་བཞིར་སྐུ་དང་ཡོན་ཏན་རིགས། །གསུང་དང་འཕྲིན་ལས་བདག་ཉིད་ཅན། །འཁོར་ལོ་རིན་ཆེན་པདྨ་དང་། །སྣ་ཚོགས་རྡོ་རྗེས་རབ་མཛེས་པའི། །གྲི་གུག་འཛིན་སོགས་མགོན་པོ་བཞིའི། །རྡོ་རྗེ་རིན་ཆེན་པདྨ་ལས། །ཡབ་འདྲའི་མདོག་ཅན་གཙོ་མོའི་ཚུལ། །དཀར་སེར་དམར་དང་ལྗང་བ་ཡིས། །ཚོགས་བདག་སྟེང་དུ་རོལ་པར་བཞུགས། །ཞི་རྒྱས་དབང་དྲག་མངོན་སྤྱོད་གྲུབ། །དགྲ་ཕྱོགས་བགེགས་གདུག་


PS011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྒྱད་དམ། །བཅུ་ཕྲག་སྣ་ཚོགས་མཆོད་སྤྲིན་ཅན། །སྒོ་བཞིའི་པད་ཉི་རོ་ཡི་སྟེང་། །ཀྵེ་ཏྲ་པ་ལ་གྲི་ཐོད་འཛིན། །ཛི་ན་མི་ཏྲ་བེད་དང་ཐོད། །ཌཀྐི་རཱ་ཛ་ལྕགས་ཀྱུ་ཐོད། །གཏུམ་པོ་ཏྲག་ཤད་མདུང་ཞགས་འཛིན། །འཁྱམས་ལ་ཕྱོགས་སྐྱོང་རྒྱལ་ཆེན་སྟེ། །ཕྱོག་བཞི་ནང་གི་རིམ་པ་ལ། །དེ་ཕྱིར་ལྷ་ཆེན་འཇིགས་བྱེད་དགུ། །ཀླུ་དང་གཟའ་སྟེ་སོ་གསུམ་པོ། །དེ་ཕྱིར་རྒྱུ་སྐར་ཉི་ཤུ་བརྒྱད། །གཙང་རིགས་མགོན་པོ་བདུན་བཅུ་ལྔ། །སྣ་ཚོགས་མཛེས་པའི་བརྒྱན་གྱིས་སྤྲས། །ཕྱི་རོལ་འཁོར་ཡུག་དུར་ཁྲོད་བརྒྱད། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་སྤྲུལ་པ་མཁའ་འགྲོའི་ཚོགས། །


PS011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་དཀར་སེར་དང་དམར་བ་ཡི། །དམ་ཅན་རྒྱ་མཚོ་འཇིགས་གཟུགས་ཅན། །ལྷ་སྐུ་སྒྲིབ་བྲལ་འོད་གཟུགས་ཀྱིས། །དཔྲལ་མགྲིན་སྙིང་སྟེ་གསང་བའི་གནས། །ཨོཾ་དཀར་སྐུ་དང་ཨཱཿདམར་གསུང་། །ཧཱུྃ་མཐིང་ཐུགས་སོགས་ཡོན་ཏན་སེར། །ཧ་ལྗང་ཕྲིན་ལས་ལྔ་ཡིག་ནི། །མདུན་རྒྱབ་ངེས་པའི་རྟགས་བརྒྱའོ། །འཕྲོ་འདུས་འོད་ཟེར་མཐའ་ཡས་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །སྐུ་དང་ཡེ་ཤེས་ལྔ་ལྡན་དུ། །རིགས་ལྔས་རྒྱས་བཏབ་དབང་བསྐུར་བ། །སྤྱི་བོར་མི་བསྐྱོད་ལ་སོགས་ལྔ། །ཐུགས་ཀར་པད་ཉི་ཟླ་ཧཱུྃ་མཐར། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཀྵེ་ཏྲ་པ་ལ་བིག་ནན་ཧཱུྃ་ཕཊ། བུདྡྷ་རཏྣ་


PS011_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་། །བཛྲ་ཀརྨ་རུ་བསྟན་བཞིན། །ཐབས་བསྒྱུར་སྔགས་དང་ཤེས་རབ་འགྱུར། །ཞལ་ཤེས་རིན་ཆེན་རྣལ་འབྱོར་པ། །སྤྲུལ་བསྒྱུར་སྔགས་ཤམ་ལྡན་པ་ཡིས། །སངས་རྒྱས་བསྟན་པ་དར་རྒྱས་སྤེལ། །དཀོན་མཆོག་དབུ་འཕངས་བསྟོད་པ་དང་། །སེམས་ཅན་ཕན་བདེར་འགོད་པ་སོགས། །སྔགས་ཀྱི་འོད་ཟེར་ཕྲེང་བ་ཅན། །ཞི་རྒྱས་དབང་དྲག་སྣ་ཚོགས་ལས། །གང་དགོས་ཡིད་བཞིན་མྱུར་དུ་འགྲུབ། །ལོག་བལྟ་ཐེ་ཚོམ་རབ་སྤངས་ནས། །དད་མོས་ས་བཅུ་རབ་གུས་ལྡན། །བསྙེན་སྒྲུབ་དམ་ཚིག་ལ་གནས་ཤིང་། །བྱང་ཆུབ་སེམས་དང་ལྡན་པ་སྟེ། །བཀྲ་ཤིས་བདེ་ལེགས་ལྡན་པར་འགྱུར། །གསང་སྒྲུབ་རིམ་པ་དམ་པའོ། །ཤ་
བ་རི་པས་མཛད་པ་རྫོགས་སོ།། །།

མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར།


PS011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར་བཞུགས་སོ། །ཡུམ་ཅན་ཡང་ཟེར། ས༽ རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་མཱ་ལ་ས་དྷ་ནཱ་མཿབོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་ཐོབ་དམ་ཚིག་ལྡན་པ་ཡི། །ཡིད་དང་མཐུན་པའི་གནས་དག་ཏུ། །མཐུན་པའི་རྐྱེན་རྣམས་ཚོགས་བྱས་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བསྒོམ། །སྭ་བྷཱ་ཝ་ཡི་སྟོང་པར་སྒོམས། །ཨེ་ལས་ཆོས་འབྱུང་ནག་པོ་ནི། །ཡངས་པའི་ནང་དུ་པད་ཉིད་དང་། །བི་ནཱ་ཡ་ཀའི་གདན་སྟེངས་སུ། །ཧཱུཾ་དང་ཨ་ལས་རྡོ་རྗེ་དང་། །གྲི་གུག་ནག་


PS011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལྟེ་བ་ལ། །ཧཱུྃ་དང་ཨཱཿཡིས་མཚན་པ་ཡིས། །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །ཡོངས་སུ་གྱུར་པས་ནག་པོ་ནི། །དུས་མཐའི་སྤྲིན་མཚུངས་ཞལ་གཅིག་པ། །ཕྱག་དྲུག་དང་པོ་གཉིས་ཀྱི་ནི། །གྲི་ཐོད་གཟུངས་ནས་ཡུམ་ལ་འཁྱུད། །ཌཱ་མ་རུ་དང་རྩེ་གསུམ་དང་། །བར་པ་གཉིས་ན་བསྣམས་པའོ། །ཐ་མ་ཐོད་ཕྲེང་ཞགས་པ་འཛིན། །སྤྱན་གསུམ་དམར་ལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་ནི། །ཁམ་ནག་གྱེན་དུ་འཁྱིལ་བ་ལ། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །དཔྲལ་བ་སིནྡྷུ་ར་ཡིས་བྱུགས། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །དཀར་ཁྲ་སྦྲུལ་གྱི་དབུ་སྐྲ་བཅིངས། །སྙན་ལ་དམར་


PS011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་མགུལ་ལ་སེར། །ཕྱག་དང་ག་ཤ་དག་ལ་ལྗང་། །ནག་ཁྲས་སྐུ་རགས་ཞབས་གཉིས་བརྒྱན། །དྲིལ་བུ་གཡེར་ཁས་ཞབས་གཉིས་མཛེས། །དུར་ཁྲོད་ཆས་ལྡན་སྟག་ལྤགས་ཅན། །མེ་དཔུང་དབུས་ན་དོར་སྟབས་བཞུགས། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་བསམ། །ཡུམ་མཆོག་རྡོ་རྗེ་གཅིག་ཤོས་སྐུ་མདོག་ནག །ཕྱག་གཉིས་གྲི་ཐོད་ཡབ་ལ་སྟོབས། །ཕྱག་རྒྱ་ལྔ་ལྡན་བརྐྱང་བསྐུམ་མཛེས། །མདུན་དུ་ཛ་ལས་ཛ་ལི་མ། །ནག་མོ་གྲི་གུག་ཐོད་པ་འཛིན། །གཡས་སུ་ཀྵེ་ལས་ཀྵེ་ཏྲ་མ། །དུད་ཁ་ཅང་ཏིའུ་སྡིགས་མཛུབ་མཛད།། །རྒྱབ་ཀྱི་ཕྱོགས་སུ་མ་ལས་ནི། །བྱུང་བའི་མ་ཧཱ་ཀ་ལ་ནི། །དམར་ནག་


PS011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐོད་པ་འཛིན། །ཐམས་ཅད་ཁྲོ་མོའི་ཆས་ཀྱི་བརྒྱན། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །གཡོན་ནས་ཏྲ་ལས་བྱུང་བ་ཡིས། །ཌཀྐི་རཱ་ཛ་སེར་མོ་ནི། །རྩེ་གསུམ་དང་ནི་སྡིགས་མཛུབ་མཛད། །དམ་ཅན་རྒྱ་མཚོས་བསྐོར་བར་དམིགས། །དེ་རྣམས་ཀུན་གྱི་གནས་གསུམ་དུ། །ཡི་གེ་གསུམ་དངོས་ཧཱུྃ་གི་ནི། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ལ། །ཛཿཧཱུྃ་བྃ་ཧོཿདགུག་གཞུག་ཅིང་། །མཉེས་པར་བཞུགས་པའི་ས་བོན་ལས། །འོད་འཕྲོས་དབང་གིས་ལྷ་ཚོགས་བསྐུལ། །མཆོད་བསྟོད་གསོལ་བཏབ་དབང་བསྐུར་བས། །རང་རང་རིགས་བདག་དབུ་ལ་བྱོན། །ཡབ་ཡུམ་ཐུགས་ཀར་ཉི་སྟེང་ན། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ།


PS011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དང་། ཡུམ་ལ། ཨོཾ་སྭཱ་ཧཱ། ཞེས་པ་དང་། འཕྲིན་ལས་འགལ་མེའི་འཁོར་ལོ་བཞིན་དུ་བསམ། །ཞག་བདུན་རྒྱུན་ཆད་མེད་པར་བཟླས། །དངོས་སམ་རྨི་ལམ་ཞལ་སྟོན་པ། །འདི་ལ་ཐེ་ཚོམ་མ་བྱེད་ཅིག །ཐུན་མཚམས་མཆོད་པ་བཞི་རྫོགས་དང་། །སྤོས་སྦྱོར་བཞི་ལྡན་གཏོར་མས་མཆོད། །བསྟོད་དང་བསྐུལ་བ་དེ་ཉིད་དོ། །ཧཱུྃ་ཆོས་སྐུ་སྐྱེ་བ་མེད་པ་ལ། །བདུད་འདུལ་ཆེན་པོར་སྐུ་སྤྲུལ་ནས། །ནག་པོ་ཆེན་པོར་ཁྲོས་པའི་སྐུ། །མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཛ་ལས་སྐྱེས་པའི་ཁྲོ་མོ་ནི། །མདོག་ནག་ཤིན་ཏུ་འཇིགས་པའི་གཟུགས། །གཡས་པ་གྲི་གུག་ཐོད་ཁྲག་གཡོན། །


PS011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་འདུལ་མ་ལ་ཕྱག་འཚལ་བསྟོད། །ཀྵེ་ལས་སྐྱེས་པའི་ཁྲོ་མོ་ནི། །ཀྵེ་ཏྲ་པ་ལ་དུ་བའི་མདོག །ཌཱ་མ་རུ་དང་སྡིག་མཛུབ་ཅན། །བགེགས་འདུལ་མ་ལ་ཕྱག་འཚལ་ལོ།། །།ཌ་ལས་སྐྱེས་པའི་ཁྲོ་མོ་ནི། །ཌཀྐི་རཱ་ཛ་གསེར་གྱི་མདོག །གཡས་པ་རྩེ་གསུམ་སྡིགས་མཛུབ་གཡོན། །བགེགས་འཇོམས་མ་ལ་ཕྱག་འཚལ་ལོ། །མ་ལས་སྐྱེས་པའི་ཁྲོ་མོ་ནི། །སྐུ་མདོག་དམར་ན་འཇིགས་པའི་གཟུགས། །གཡས་པ་གྲི་གུག་གཡོན་པ་ན། །ཐོད་ཁྲག་འཛིན་ལ་ཕྱག་འཚལ་ལོ། །ཨ་ལས་སྐྱེས་པའི་བཅོམ་ལྡན་འདས། །སྐུ་མདོག་ནག་མོ་གྲི་གུག་འཛིན། །གཡས་བསྐུམ་གཡོན་བརྐྱང་ཡབ་ལ་འཁྲིལ། །རྡོ་རྗེ་གཅིག་ཤོས་ལ་ཕྱག་འཚལ་ལོ། །ནག་པོ་


PS011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འཁོར་བཅས་རྣམས། །འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །མཆོད་གཏོར་འདི་བཞེས་འཕྲིན་ལས་གཉན་པོ་མཛོད། །སྔར་བཅོལ་ལས་ཀྱི་གཏང་རགས་གཉན་པོར་ཕུལ། །ད་བཅོལ་ལས་ཀྱི་འཕྲིན་ལས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་ཁྱེད་ཀྱི་
སྒྲུབས། །རྣལ་འབྱོར་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཡི་གེ་བརྒྱ་པ་བཟླས་ནས་ནི། །ལྷག་ཆད་ཁ་བསྐང་བཤགས་པ་བྱ། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །འདི་ནི་མགོན་པའི་སྲོག་ཡིན་པས། །དམ་ཉམས་དག་ལ་བྱིན་པ་ན། །རང་སྲོག་བྲལ་བ་ཐེ་ཚོམ་མེད། །གསང་ནས་སྒྲུབ་ན་ཞག་བདུན་གྱིས། །འཁོར་དང་བཅས་པའི་ཞལ་མཐོང་འགྱུར། །གཞན་ལ་སྤེལ་ན་འགྲིབ་པར་ངེས། །དེ་བས་ཤིནྟུ་གསང་བར་བྱ། །དཔལ་མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པ་འདི། །བླ་མ་རཱ་ཧུ་ལས་རྡོ་རྗེ་འཆང་ལ་དངོས་སུ་གསན་ནས་ཞལ་དངོས་སུ་གཟིགས་ཤིང་གྲུབ་པ་བརྙེད་པ་ལ། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་ཕྱེ་འཕངས་མེད་ཕུལ་ནས་


PS011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་འདི་དམ་ཚིག་དང་མི་ལྡན་པ་ལ་སྟེར་དུ་མི་རུང་ངོ་།། །།ཨིྀྛཿ

དཔལ་མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པས་མགོན་པོ་རྒྱན་ཅན་དུ་གྲགས་པའི་དབང་ཆོག


PS011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པས་མགོན་པོ་རྒྱན་ཅན་དུ་གྲགས་པའི་དབང་ཆོག་བཞུགས་སོ།། ༼ཧ༽ རྒྱ་གར་སྐད་དུ། བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་ནག་པོ་ཆེན་པོའི་དབང་ཆོག་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོ་འདི་ཡི། །དཀྱིལ་འཁོར་སློབ་མ་དབང་བསྐུར་བས། །བདག་ཉིད་ཡི་དམ་ལྷར་བསྒོམས་ནས། །བུམ་པར་གཙོ་འཁོར་བསྒོམས་བཟླས་བྱ། །སྒྲུབ་ཐབས་བཞིན་དུ་མདུན་བསྐྱེད་ལ། །མཆོད་གཏོར་རབ་ཏུ་རྫོགས་པར་བྱ། །སློབ་མ་དུ་ཡོད་ཁྲུས་བྱས་ནས། །མཎྜལ་ཕུལ་


PS011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསོལ་བ་གདབ། །སྐྱབས་འགྲོ་སེམས་གཉིས་བསྐྱེད་པར་བྱ། །གནང་བ་སྦྱིན་ཞིང་བློ་བཀུག་ལ། །ཡན་ལག་བདུན་བྱ་སྡོམ་པ་བཟུང་། །སྔགས་ཀྱི་མཆེ་བ་བསྟན་པ་དང་། །བྱང་ཆུབ་དུ་ནི་སེམས་བསྐྱེད་དེ། །དེ་ནས་ན་མོ་བུདྡྷ་ཡ། །ན་མོ་དྷརྨ་ཡ། །ན་མཿསཾ་གྷཱ་ཡ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། །བླ་མས་བདག་ལ་དུས་གསུམ་གྱི། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །བྱིན་གྱིས་རླབས་པའི་མགོན་པོ་ནི། །ནག་པོ་ཆེན་པོའི་དབང་རྫོགས་


PS011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱིན་རླབས་རྗེས་གནང་སྩལ་དུ་གསོལ། །ཞེས་པའི་གནང་བ་ཞུས་པ་ལགས། །བུ་ཁྱོད་ལ་ནི་བདག་གི་ནི། །ནག་པོ་ཆེན་པོའི་དམ་ཚིག་བསྒྲགས། །བསམ་གྱི་མི་ཁྱབ་དཔེ་བྱད་དང་། །མཚན་བཟང་གར་དགུའི་ཉམས་ལྡན་པ། །བསྒོམས་དང་དམིགས་བཟླས་མཆོད་པར་བགྱིས། །སྔགས་རྒྱུན་དྲག་པོའི་ཕྱག་མཚན་དང་། །རྟག་དང་བཟང་ཞིང་བཟླས་པ་བྱ། །ལས་ཀྱི་བསྒྲུབ་པ་ཅི་བྱེད་ཀྱང་། །བླ་མ་མཆོད་ཅིང་གསོལ་བ་གདབ། །སྒྲུབ་པའི་ཐབས་རང་སྒྲུབ་པ་ནས། །ཤིན་ཏུ་གྱུར་ལ་བྱམས་པ་ཡང་། །བྱང་ཆུབ་སེམས་དང་ལྡན་པར་བྱོས། །ཞེས་པས་དམ་ལ་བཞག་ནས་ནི། །དྲག་པོའི་རྫས་དང་སྔགས་རྣམས་ཀྱིས། །


PS011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་བགེགས་ནི་བསྐྲད་པར་བྱ། །སྟོང་པའི་ངང་ལས་སློབ་མ་དེ། །ཡེ་ཤེས་མགོན་པོར་བསམ་པ་ལ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི། །སྐུ་ཡི་བྱིན་རླབས་ནུས་མཐུ་རྣམས། །ཕྱག་དྲུག་མགོན་པོའི་རྣམ་པ་རུ། །སློབ་མའི་ལུས་ལ་ཐིམ་པར་བསམ། །རྩ་སྔགས་དང་ནི་སྙིང་པོ་བཟླས། །གུ་གུལ་གྱིས་གདུག་རོལ་མོ་དཀྲོལ། །སླར་ཡང་སངས་རྒྱས་བྱང་སེམས་ཀྱིས། །གསུང་གི་བྱིན་རླབས་ནུས་མཐུ་རྣམས། །རྩ་སྔགས་སྙིང་པོ་ཡིག་འབྲུ་རྣམས། །སློབ་མའི་མགྲིན་པར་བཞུགས་པར་བསམ། །སྔར་ནི་རྩ་སྔགས་སྙིང་པོ་བཟླས། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཐུགས་ཀྱི་བྱིན་རླབས་ནུས་མཐུ་རྣམས། །གཙོ་


PS011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཕྱག་མཚན་རྣམ་པ་རུ། །སློབ་མའི་སྙིང་གར་ཐིམ་པ་རུ། །དཔོན་སློབ་གཉིས་ཀས་བསམས་པར་བྱ། །དེ་ནས་གསེར་གྱི་མཎྜལ་དབུལ། །བླ་མ་ཡེ་ཤེས་མགོན་པོ་ཡིས། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །འཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །ཞེས་པ་ནན་གྱིས་གསོལ་བ་བཏབ། །བུམ་པ་སྤྱི་བོར་བཞག་ནས་ནི། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །བུམ་པ་ཐོགས་ནས་དབང་བསྐུར་བསམ། །ཧཱུྃ་ཇི་ལྟར་བལྟམ་པ་ཙམ་གྱི་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་


PS011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། བུམ་པ་སྦྱིན་ལ་ཁྲུས་བྱའོ། །ལུས་ཀྱི་སྒྲིབ་བྱང་བུམ་དབང་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུ་ཐོབ། །དེ་ནས་གསང་བའི་དབང་བསྐུར་བ་ནི། །ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་རྣམས། །མདུན་གྱི་མགོན་པོའི་ཞལ་ནས་ཞུགས། །དབུ་མ་བརྒྱུད་ནས་གསང་གནས་ནས། །ཡུམ་གྱི་ཁར་སྦྱོན་བདེ་བས་མཉེས། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །གསང་གསུམ་གནས་ནས་བྱུང་བ་ཡི། ཁམས་སུམ་ཀུན་གྱི་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་བྱིན། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་མཾ། །སྦྱོར་མཚམས་བྱང་སེམས་ལྕེ་ལ་སྦྱིན། །ངག་གི་སྡིག་བྱང་གསང་


PS011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ། །སྔགས་བཟླས་ལ་དབང་ལོངས་སྐུ་ཐོབ། །དེ་ནས་གསུམ་པའི་དབང་བསྐུར་བ་ནི། །གསང་ཡུམ་རྡོ་རྗེ་གཅིག་ཤོས་མས། །ལྷ་མོ་སྤྲོས་ནས་བུ་ལ་གཏད། །སྙོམས་པར་ཞུགས་པ་བདེ་བས་གང་། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པྲ་ཛྙ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། ཡིད་ཀྱིས་སྒྲིབ་བྱང་གསུམ་དབང་ཐོབ། །རིག་མ་ལ་དབང་ཆོས་སྐུ་ཐོབ། །དེ་ནས་བཞི་པའི་དབང་བསྐུར་བ་ནི། །ལུས་གནད་ལྟ་སྟངས་ལེགས་བཅས་ལ། །སེམས་ཉིད་མ་བཅོས་ངང་ལ་བཞག །ནམ་མཁའ་སྐྱེ་བ་མེད་པའི་ཕྱིར། །ཐམས་ཅད་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བ། །རང་སེམས་སྟོང་པ་ཆོས་ཀྱི་སྐུ། །


PS011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་ངོ་བོ་བསྟན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ་ཏུར་ཨ་བྷི་ཥིཉྩ་མཾ། མ་ལུས་སྒྲིབ་དག་དབང་བཞི་ཐོབ། །ཕྱག་ཆེན་ལ་དབང་ཆོས་སྐུ་ཐོབ། །དེ་ནས་རྗེས་གནང་རིམ་པ་ནི། །སློབ་མ་ཐལ་སྦྱར་མེ་ཏོག་བཅས། །བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད་ཅིང་བླ་མ་ཡིས། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་བརྗོད་རྩ་སྔགས་སྙིང་པོ་བཟླས། །རྗེས་བཟློས་ལན་གསུམ་བར་དུ་བྱ། །དེ་ནས་གཉིས་ཀས་གཏོར་མ་ནི། །ཡེ་ཤེས་མགོན་པོར་བསྒོམས་བྱས་ནས། །སྤྱི་བོར་བཞག་ནས་འདི་སྐད་བརྗོད། །རྡོ་རྗེ་འཆང་ནས་བླ་མའི་


PS011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བར། །མཐུན་རྐྱེན་བསྒྲུབ་ལ་འགལ་རྐྱེན་བཟློག །དེ་བཞིན་རིགས་ཀྱི་བུ་འདི་ཡིས། །མཐུན་རྐྱེན་སྒྲུབ་ལ་འགལ་རྐྱེན་སོལ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས། །དེ་ནས་གཏོར་མའི་རྫས་བྱིན་ལ། །དམ་རྫས་འཆི་མེད་བདུད་རྩིའི་རྫས། །ཟོ་ཤིག་བུ་ཁྱོད་རིགས་སུ་སྐྱེ། །ང་ཡི་སྒོ་བའི་བཀའ་མ་བཅག །སྒྲུབ་ལ་ནན་ཏན་བརྩོན་པར་བྱ། །སློབ་མའི་ཚིག་འདི་བརྗོད་ཅིང་བླངས། །ཧཱུྃ་རྡོ་རྗེ་འཆང་ཆེན་དགོངས་སུ་གསོལ། །འདི་ནི་དམ་རྫས་བདུད་རྩི་མཆོག །སྐལ་ལྡན་ཉིད་དུ་བདག་སྒྲུབ་ཕྱིར། །བརྩེ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་བརྗོད་ལ་བླང་བར་བྱ། །ཡོན་ཕུལ་ཚོགས་ལ་ལོངས་སྤྱོད་ཅིང་། །
དངོས་གྲུབ་བླང་ཞིང་གཤེགས་གསོལ་དང་། །ལྷག་གཏོར་བསྔོ་བ་སྨོན་ལམ་བྱ། །རྗེས་ཀྱི་བྱ་བ་ཚུལ་བཞིན་སྤྱད། །བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱོས། །ཆིག་བརྒྱུད་བཀའ་རྒྱ་མའོ།། །།ཨིྀྛཿ

མགོན་པོ་དབང་གི་རྒྱལ་པོའི་རྗེས་གནང་གི་ཡི་གེ་ཆིག་རྒྱུད་མ།


PS011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དབང་གི་རྒྱལ་པོའི་རྗེས་གནང་གི་ཡི་གེ་ཆིག་རྒྱུད་མ་བཞུགས་སོ།། ༼ཨ༽ བྱིན་བརླབས་བྱེད་པར་འདོད་པས། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ་པདྨ་འདབ་མ་རྒྱད་པ་བྱ། དེའི་དབུས་སུ་གྲི་གུག་ནག་པོ་བྲིས། དེའི་སྟེང་དུ་མཉྫིའི་ཁར་ཐོད་པ་ཚད་ལྡན་ཆང་གིས་བཀང་བ་ལ་བདུད་རྩི་རིལ་བུ་བླུག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་ར་བཏབ་ལ་ཆོས་འབྱུང་ཉིས་བརྩེགས་བྲིས་པའི་ལྟེ་བ་ལ་རྡོ་རྗེ་ཨཿས་


PS011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་བྲི། ཐ་མ་སྔགས་ཀྱིས་འཁོར་བའི་སྟེང་ནས་དར་དམར་པོའི་གདུགས་ཕུབ། གཏོར་མ་རིན་པོ་ཆེའི་སྣོད་ཁེངས་པར་བྱས་ལ། ཤ་ཁྲག་དང་སྦྲང་རྩི་བུ་རམ་ལ་སོགས་པ་ཅི་འབྱོར་པས་བརྒྱན་ནས། མདའ་བྱ་རྒོད་མ་མེས་མ་བཞུར་བ་དར་དམར་པོ་དང་མེ་ལོང་དག་གཙུགས་ལ་བཞག །མཐའ་མར་མཆོད་པ་ཅི་འབྱོར་པ་བཤམས། སློབ་དཔོན་གྱིས་བདག་བསྐྱེད་སྔགས་བཟླས། སྒྲུབ་ཐབས་བཞིན་དུ་ཐོད་པར་མདུན་བསྐྱེད་ལ་མཆོད་བསྟོད་བྱ། སློབ་མ་གཅིག་ཁྲུས་བྱས་ལ་མཎྜལ་ཕུལ། གསོལ་བ་གདབ། སྐྱབས་འགྲོ་སེམས་བསྐྱེད་བྱ། སྣང་བ་བྱིན་པ། རྟོག་པ་བསྡུ། ལམ་ཡན་ལག་ལྔ་པ། སྡོམ་པ་བཟུང་བ།


PS011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་འབྱུང་བ་དཀོན་པ་སོགས་བསྟན་པ། སློབ་མ་མགོན་པོ་བསྒོམ་དུ་བཞུགས། མགོན་པོའི་སྤྱི་བོ་ནས་ཨོཾ་དཀར་པོ་ལས་མགོན་པོ་སྐུ་མདོག་དཀར་པོ་སྐུ་ཆུང་ལ་ཡན་ལག་རགས་པ་མང་པོ་ཆད་ནས་སློབ་མའི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། དེ་བཞིན་དུ་མགྲིན་པ་ནས་མགོན་པོ་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་གསང་དབང་ཐོབ། ཐུགས་ཀ་ནས་མགོན་པོ་སྔོན་པོ་འཕྲོས་ཤེས་རབ་ཡེ་ཤེས། གནས་གསུམ་ནས་མགོན་པོ་དཀར་དམར་མཐིང་གསུམ་མང་པོ་འཕྲོས། དབང་བཞི་པ་ཐོབ། དེ་ནས་མགོན་པོ་སྤྱི་བོར་བྱོན་ནས་འོད་དུ་ཞུ་བ། དབང་བཞི་ལ་སྦྱར་ཏེ་སྤྱི་བོར་ཐིམ་པས་སྨིན་མཚམས་མན་ཆད་གང་བས་བུམ་དབང་། མགྲིན་


PS011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་སླེབས་པས་གསང་དབང་། སྙིང་གར་སླེབ་པས་ཤེས་རབ་ཡེ་ཤེས། རྐང་མཐིལ་མན་ཆད་གང་ནས་ཡིད་མཉམ་པར་བཞག་པས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ངོ་སྤྲད་ལ་བསྒོམ་དུ་གཞུག །དེ་ནས་དབང་རྫས་རྣམས་རིམ་པས་བསྐུར་བར་བྱ་སྟེ། ཐོག་མར་གཏོར་མ་མགོན་པོ་བསྐྱེད་པ་དེ་སྤྱི་ཐོག་བཞག་ལ། ཧཱུྃ། ཡེ་ཤེས་ལྷུན་པོ་མི་འགྱུར་སྐུ་ཡི་དབང་། །སྐུ་གསུང་ཐུགས་ཀྱི་དབང་ཆེན་དམ་པ་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་དག་ཡེ་ཤེས་དཔལ་ལ་ལོངས་སྤྱོད་ཤོག །རྩ་སྔགས་བརྗོད་ཐོད་པ་ལག་ཏུ་གཏད་ལ་འདི་སྐད་བརྗོད། བདེ་གཤེགས་ཀུན་གྱི་གསུང་གི་རང་བཞིན་


PS011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །དམར་པོ་དབང་གི་བདུད་རྩི་མཚན་ལྡན་པས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཐོགས་མེད་ཚངས་པའི་དབྱངས་ལ་སྤྱོད་གྱུར་ཅིག །སིནྡྷུ་རའི་མེ་ལོང་ལག་ཏུ་གཏད། །དྲི་མེད་སྣང་སྟོང་མེ་ལོང་ཡེ་ཤེས་འདི། །བཟུང་འཛིན་ཀུན་བྲལ་མགོན་པོ་ཡབ་ཡུམ་ཐུགས། །དམ་ལྡན་རིགས་ཀྱི་བུ་ལ༴ཆོས་ཉིད་ཡང་དག་དོན་ལ་སྤྱོད་གྱུར་ཅིག །དེ་ནས་རིག་པ་གཏད་མེད་པའི་ངང་ལ་དར་ཅིག་མཉམ་པར་འཇོག་ཏུ་བཅུག །ཆོས་ཉིས་མཐའ་བྲལ་སྤྲོས་པ་རབ་ཞི་བའི། །ཡེ་ཤེས་རིག་པ་ཏིང་འཛིན་ཡངས་པའི་ཀློང་། །དམ་ལྡན་རིགས་ཀྱི་བུ་ལ༴རྣམ་ཤེས་རང་བཞིན་ཆོས་སྐུ་རྟོག་གྱུར་ཅིག །དེ་ནས་སྔགས་ཀྱི་


PS011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བཟློས་ལན་གསུམ་བྱས་ལ། སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། བཅོམ་ལྡན་བདག་ལ་རྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་པས་སློབ་དཔོན་གྱིས། །བཅོམ་ལྡན་འདི་ལ་སྦྱིན་པར་བྱ། །འདི་ལ་བཅོམ་ལྡན་འགོ་བར་མཛོད། །བྱས་ལ་སྔགས་ཀྱི་རྗེས་གནང་སྦྱིན། །དེ་ནས་སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ་ཕྱག་གསུམ་བཙལ་ལ། སྐུ་དྲིན་ལེགས་ཞེས་བརྗོད། ཚོགས་ལ་རོལ། དངོས་གྲུབ་བླངས། ལྷག་གཏོར་བཏང་། བསྔོ་བ་བྱ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཆིག་བརྒྱུད་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་གྲུས་


PS011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདམས་པའོ།། །།ཨིྀྛཿ

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས་མགོན་པོའི་ནང་སྒྲུབ་བམ་དབང་རྒྱལ་གྱི་སྒྲུབ་ཐབས།


PS011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས་མགོན་པོའི་ནང་སྒྲུབ་བམ་དབང་རྒྱལ་གྱི་སྒྲུབ་ཐབས་སོགས་བཞུགས་སོ།། །།


PS011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀི༽ རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དབང་ཐོབ་དམ་ཚིག་ལྡན་པ་ཡིས། །ཡིད་དང་མཐུན་པའི་དབེན་གནས་སུ། །མཐུན་པའི་རྐྱེན་རྣམས་ཚོགས་པ་དང་། །བདེ་བའི་


PS011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལ་སྐྱབས་འགྲོ་དང་། །སེམས་བསྐྱེད་ཚད་མེད་བཞི་བསྒོམས་ནས། །སྭ་བྷཱ་ཝ་ཡི་སྟོང་པར་སྦྱངས། །ཨེ་ལས་ཆོས་འབྱུང་མཐིང་ཁའི་ནང་། །དམར་པོ་པདྨ་ཉི་མ་དང་། །བགེགས་ཀྱི་རྒྱལ་པོའི་གདན་ལ་ནི། །རྡོ་རྗེ་ཧཱུྃ་དང་གྲི་གུག་ཨཱཿདེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །


PS011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་རྒྱལ་པོ་སྐུ་མདོག་དམར། །ཞལ་གཅིག་སྤྱན་གསུམ་དང་པོ་གཉིས། །གྲི་ཐོད་བཟུང་ནས་ཡུམ་ལ་འཁྱུད། །བར་གཉིས་ཅང་ཏེའུ་རྩེ་གསུམ་འཛིན། །འོག་གཉིས་ལྕགས་ཀྱུ་ཞབས་པ་འཛིན། །དབུ་སྐྲ་སྨ་ར་སྨིན་མ་སེར། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །པང་དུ་གསང་ཡུམ་མཁའ་འགྲོ་མ། །ཆགས་པའི་ཉམས་ཅན་སྐུ་མདོག་དམར། །ཕྱག་གཉིས་གྲི་ཐོད་ཡབ་ལ་སྟོབ། །ཕྱག་རྒྱ་ལྔ་ལྡན་ཡབ་ལ་འཁྲིལ། །ཡབ་ལ་སྦྲུལ་རིགས་ལྔ་ཡི་རྒྱན། །འོད་དཔག་མེད་ཀྱི་ཅོད་པན་འཆང་། །མདུན་དུ་མ་ཧཱ་ཀཱ་ལ་དམར། །གྲི་གུག་དང་ནི་ཐོད་པ་འཛིན། །གཡས་སུ་ཀྵེ་ཀྲ་པ་ལ་ནི། །དུ་ཁ་ཅང་ཏེའུ་སྡིགས་


PS011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་ཅན། །རྒྱབ་ཏུ་ཛི་ན་མི་ཏྲ་ནི། །ནག་པོ་གྲི་གུག་ཐོད་པ་འཛིན། །གཡོན་དུ་ཌཀྐི་ར་ཛ་སེར། །རྩེ་གསུམ་དང་ནི་སྡིག་མཛུབ་འགྱིང་། །ཐམས་ཅད་ཁྲོ་བོའི་ཆས་ཀྱི་བརྒྱན། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཡེ་ཤེས་མེ་དཔུང་ལྷུམས་ན་བཞུགས། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འོད་ཀྱི་ཡེ་ཤེས་སྤྱན་དྲངས་ནས། །ཛཿཧཱུཾ་བྃ་ཧོས་དགུག་གཞུག་ཅིང་། །མཉེས་པར་བཞུགས་པའི་ས་བོན་ལས། །འོད་འཕྲོས་དབང་གི་ལྷ་ཚོགས་བསྐུལ། །མཆོད་ནས་གསོལ་བཏབ་དབང་བསྐུར་བ། །རང་རིགས་བདག་པོས་དབུ་ལ་བརྒྱན། །ཡབ་ཡུམ་ཐུགས་ཀར་ཉི་མར་ཧཱུྃ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵི་ཏྲ་བིག་


PS011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་དྷཱུ་མ་གུ་ཡེ་སྭཱ་ཧཱ། །འོད་ཟེར་དམར་པོས་སྣོད་བཅུད་ཁྱབ། །འགྲོ་བའི་ནད་གདོན་སྡིག་སྒྲིབ་སྦྱངས། །བརྟན་གཡོ་ཐམས་ཅད་དབང་དུ་བསྡུས། །བདག་ཉིད་ལྷར་གསལ་དྲུང་དུ་ལྷགས། །དད་ཅིང་གུས་པས་འདུད་པར་བསམ། །དེ་ལྟར་རྩེ་གཅིག་ཏིང་འཛིན་གྱིས། །ཞག་བདུན་རྒྱུན་ཆད་མེད་པར་བཟླས། །དངོས་སུ་ཞལ་སྟོན་རྨི་ལམ་དུ། །ལྟས་དང་མཚན་མ་ཅི་རིགས་འབྱུང་། །ཐུན་མཚམས་མཆོད་པ་བཞི་རྫོགས་དང་། །སྤོས་སྦྱོར་གཏོར་མ་བཞི་ལྡན་དབུས། །མགོན་པོའི་ནང་སྒྲུབ་ཛ་མཻ་ཏྲི་ལ། །བདག་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་སོ། །ཨིྀྛཿ༅།

མགོན་པོ་དབང་རྒྱལ་གྱིས་སྒོས་འཇིག་རྟེན་པའི་དངོས་གྲུབ་བསྡུ་བ།


PS011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དབང་རྒྱལ་གྱིས་སྒོས་འཇིག་རྟེན་པའི་དངོས་གྲུབ་བསྡུ་བ་བཞུགས་སོ།། ༼ཁི༽ ན་མོ་གུ་རུ། མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྡུ་བ་ནི། །མདུན་བསྐྱེད་བཤགས་པ་ཡན་གཏོར་ཆོག་ཆེན་མོ་ལྟར་བྱས་ནས། དེ་ནས་བདག་བསྐྱེད་ནི་སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་དང་ཉི་མའི་གདན་ལ་ཚོགས་བདག་གི་སྟེང་དུ། ཧཱུྃ་དམར་པོ་ལས་གྲི་གུག་དམར་པོ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་དྲུག་པ། དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། གཡས་གཉིས་པ་ན་ཅང་ཏེའུ། གསུམ་པ་ན་ལྕགས་


PS011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ། གཡོན་གཉིས་པ་ན་རྩེ་གསུམ། གསུམ་པ་ན་ཞགས་པ་དམར་པོ་འཛིན་པ། འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །སྦྲུལ་རྒྱན་སོགས་བརྒྱན་ཐམས་ཅད་གཞུང་ལྟར་བསྐྱེད། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཕྱི་ནང་གི་མཆོད་པས་མཆོད། རང་གི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་དམར་པོའི་མཐར་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །འོད་ཟེར་ཕྱིར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། །བརྟན་གཡོ་ཐམས་ཅད་དབང་དུ་བསྡུས་པ་རྣམས་རང་ཉིད་ཀྱི་མདུན་དུ་བཀུག་པ་རྣམས་དབང་དུ་གྱུར་པར་བསམ་ལ། ཨོཾ་


PS011_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵི་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་དྷུ་མ་གུ་ཧྱེ། ཅེས་པ་བརྒྱ་རྩ་སོགས་ཅི་མང་བཟླས། དེ་ནས་མདུན་བསྐྱེད་ཀྱི་མགོན་པོའི་སྤྱི་གཙུག་ཏུ་ཅེས་པ་ནས། མགོན་པོ་དང་མཁའ་འགྲོ་མ་རྣམས་ཀྱི་སྐུ་ལས། དབང་གི་ལྷ་མོ་དམར་མོ་ལྕགས་ཀྱུ་དང་ཞགས་པ་ཐོག་པ་དཔག་ཏུ་མེད་པ་སྤྲོས་པས་ཁམས་གསུམ་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་པར་གྱུར། །ཞེས་པའི་བར་གྱིས་མདུན་བསྐྱེད་ལ་གསོལ་བ་གདབ། རང་གི་དཔྲལ་བར་ཐིག་ལེ་གྲི་ཁྲག །བུ་མོ་མ་ཉམས་མངལ་ཁྲག །ལི་ཁྲི། བདུད་རྩི་རིལ་བུ་རྣམས་ནང་མཆོད་ལ་སྦྱར་བའི་ཐིག་ལེ་བྱ། འདི་རྣམས་མ་འཛོམ་ན། བྱིན་གྱིས་རླབས་པའི་


PS011_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་ཀྱི་ཐིག་ལེ་བྱས་ལ། རྫས་དེ་ཉིད་ལས་གསང་བའི་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་། ཅེས་པ་ནས། འབར་བར་གྱུར། ཞེས་པ་ཡན་གོང་ལྟར་དང་། དེ་དང་དམིགས་པ་དུས་གཅིག་ཏུ་མདུན་གྱི་མགོན་པོ་མཁའ་འགྲོ་མ་དང་བཅས་པ་རྣམས་ཀྱིས་ཌཱ་མ་རུའི་སྒྲ་དྲག་ཏུ་སྒྲོགས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཡིད་རང་དབང་མེད་པར་གཡོས་ཏེ། བདག་གི་ཅི་འདོད་སྒྲུབ་པར་བསམ་སྟེ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་ལོ་ཀ་སིདྡྷི་ཨ་ཀརྵ་ཡ་ཛཿཛཿཅེས་པའི་བཟླས་པ། ཡིད་དགའ་བ་དང་ཆགས་པའི་རྣམ་པས་མ་ཡེངས་པར་བཟླས་པར་བྱ། ཐུན་མཚམས་ཀྱི་བྱ་བ་རྣམས་གཞུང་ལྟར་བྱའོ། །
བླ་མའི་གསུང་གི་བདུད་རྩི་འདི། །སྙན་ནས་སྙན་དུ་བརྒྱུད་པ་ན། །སྙིགས་དུས་འགྲོ་ལ་ཕན་བསམ་ནས། །བདག་གི་ཡི་གེར་བཀོད་པ་ལ། །ནོངས་པའི་ཚོགས་རྣམས་མཁའ་འགྲོ་དང་། །དམ་པའི་མགོན་ལ་བཤགས་པར་བགྱི། །མངྒ་ལཾ།། །།

ཚེ་བདག་མགོན་པོ་མཁའ་འགྲོ་བཞི་བསྐོར་ཡུམ་བཅས་ཀྱི་སྒྲུབ་ཐབས།


PS011_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་མགོན་པོ་མཁའ་འགྲོ་བཞི་བསྐོར་ཡུམ་བཅས་ཀྱི་སྒྲུབ་ཐབས་བཞུགས་སོ།། ༼གི༽ རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དབང་ཐོབ་དམ་ཚིག་ལྡན་པ་ཡི། །སྐྱེས་བུ་སྙིང་སྟོབས་ཅན་གྱིས་ནི། །དུར་ཁྲོད་ཆུ་གླིང་བས་མཐའ་འམ། །ཡིད་དང་


PS011_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དབེན་གནས་སུ། །བདེ་བའི་སྟན་ལ་འདུག་པ་ཡིན། །སེམས་བསྐྱེད་ཚད་མེད་བཞི་བསྒོམས་ནས། །སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས། །དུར་ཁྲོད་འཇིགས་སུ་རུང་བའི་ནང་། །ཙན་དན་ལྗོན་ཤིང་ཆེན་པོའི་ཚལ། །ཨེ་ལས་འབར་བའི་ཆོས་འབྱུང་ན། །པྃ་ལས་འདབ་སྟོང་ཉི་མའི་སྟེང་། །བགེགས་ཀྱི་རྒྱལ་པོའི་གདན་སྟེངས་སུ། །རྡོ་རྗེ་གྲི་གུག་ཧཱུྃ་ཨེ་ལས། །མཚན་པ་ཞུ་བ་ལས་བྱུང་བའི། །འཕྲོ་འདུའི་འོད་ཟེར་མཐའ་ཡས་ཀྱིས། །དོན་གཉིས་བྱས་ཤིང་ཚུར་འདུས་པས། །ཡེ་ཤེས་མགོན་པོ་ཕྱག་དྲུག་ནི། །སྐུ་མདོག་ལྗང་ནག་སྟག་ཤམ་གསོལ། །ཞལ་གཅིག་ཕྱག་དྲུག་སྦྲུལ་བརྒྱན་ཅན། །དང་པོའི་ཕྱག་གཉིས་གྲི་


PS011_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གུག་དང་། །ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད། །བར་གཉིས་ཅང་ཏེའུ་ཏྲི་ཤུལ་འཛིན། །མཐའ་མས་བགྲང་ཕྲེང་ཞགས་པ་བསྣམས། །སྨ་ར་སྨིན་མ་དབུ་སྐྲ་སེར། །ཐོད་སྐམ་ལྔ་ཡིས་དབུ་རྒྱན་ཅན། །ཁྲག་འཛག་ལྔ་བཅུ་རབ་ཏུ་འཆང་། །ཕྱག་ཞབས་རུས་པ་དྲིལ་བུ་དང་། །རྒྱུ་ཞག་འབར་དང་གཡེར་ཁས་བརྒྱན། །སྤྱི་བོར་མི་སྐྱོད་རྒྱལ་པོས་མཛེས། །པང་དུ་ཡུམ་མཆོག་བཅོམ་ལྡན་འདས། །བཛྲ་ཌཱ་ཀི་སྐུ་མདོག་སྔོ། །ཕྱག་གཉིས་གྲི་ཐོད་ཡབ་ལ་འཁྲིལ། །ཐོད་སྐམ་ལྔ་དང་ལྔ་བཅུས་བརྒྱན། །སྐུ་ལ་དུར་ཁྲོད་རུས་པས་སྤྲས། །བདེ་སྟོང་ཕྱག་རྒྱའི་ཀློང་དུ་རོལ། །མདུན་དུ་བུདྡྷ་ཌཱ་ཀི་དཀར། །འཁོར་ལོ་དང་ནི་ཐོད་


PS011_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛིན། །གཡས་སུ་རཏྣ་ཌཱ་ཀི་སེར། །རིན་ཆེན་དང་ནི་ཐོད་ཁྲག་འཛིན། །རྒྱབ་ཏུ་པདྨ་ཌཱ་ཀི་དམར། །པདྨ་དམར་དང་ཐོད་པ་འཛིན། །གཡོན་དུ་ཀརྨ་ཌཱ་ཀི་ལྗང་། །ཕྱག་གཉིས་རལ་གྲི་ཐོད་ཁྲག་འཛིན། །རྒྱན་དང་ཆ་ལུགས་ཡུམ་དང་མཚུངས། །དམ་ཅན་རྒྱ་མཚོའི་འཁོར་གྱིས་བསྐོར། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འོད་ཟེར་སྤྲོ་བསྡུས་ཡེ་ཤེས་བཀུག །ཛཿཧཱུྃ་བྃ་ཧོཿས་བརྟན་པར་བཅིངས། །སླར་ཡང་འོད་འཕྲོས་དབང་བསྐུར་ལྷ། །སྤྱན་དྲངས་དབང་བསྐུར་རིགས་རྒྱས་བཏབ། །གཙོ་བོ་ཡབ་ཡུམ་ཐུགས་ཀ་རུ། །ཉི་དཀྱིལ་ཧཱུྃ་དང་ཨཱཿབསམ་ནས། །མི་སྐྱོ་བར་དུ་ཕྲེང་ལ་བཟླས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧ་རི་ནི་སརྦ་ཨ་ཡུ་


PS011_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཱ་ན་སིདྡྷི་ཛཿམི་རྟོག་ཏིང་འཛིན་རྒྱ་ཡིས་གདབ། །དམ་ཚིག་རྣམ་བདུན་འབྲལ་མེད་སྲུངས། །སྤྱོད་ལམ་ཀུན་ཏུ་ང་རྒྱལ་བཟུང་། །བར་མཚམས་མེད་པར་ཞག་བདུན་སྒྲུབ། །ཞལ་མཐོང་དངོས་གྲུབ་རྣམ་གསུམ་འབྱུང་། །ཚེ་འཕེལ་གཞོན་ནུ་ལང་ཚོ་རྒྱས། །ལུང་བསྟན་འདུ་བ་རྣམ་གསུམ་འབྱུང་། །ཐུན་མཚམས་མཆོད་པ་བཞི་རྫོགས་དབུལ། །འབྲལ་མེད་རྣམ་བཞི་རྒྱུན་དུ་བྱ། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་འདི་ནི། །བླ་མ་རཱ་ཧུ་ལའི་དྲུང་དུ་གསེར་སྲང་ལྔ་བརྒྱ་ཕུལ་ནས་བདག་ཁྱུང་པོ་རྣལ་འབྱོར་པས་ནན་གྱིས་ཞུས་པའོ།། །།

ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས་ཆིག་རྒྱུད་བཀའ་རྒྱ་མ་རིན་ཆེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས།


PS011_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས་ཆིག་རྒྱུད་བཀའ་རྒྱ་མ་རིན་ཆེན་བརྩོན་འགྲུས་ལ་གདམས་པའི་གསེར་ཆོས་བཞུགས་སོ།། ༼ངི༽ མགོན་པོ་འདིའི་སྒོ་ནས་ཚེའི་དབང་བསྐུར་བྱིན་རླབས་བྱེད་པར་འདོད་པས། དབེན་པའི་གནས་སུ་མཎྜལ་གྲུ་གསུམ་ལྗང་གུ་མེ་རི་དང་བཅས་པ་བྲི། དེའི་དབུས་སུ་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ལྷ་བསྐྱེད་པ་ནི། དཀྱིལ་འཁོར་གྱི་མཉྫིའི་སྟེང་དུ་གཏོར་མ་རིན་པོ་ཆེའི་སྣོད་ཁེངས་པ་ལ་ཤ་ཁྲག་དང་སྦྲང་རྩི་བུ་རམ་ལ་སོགས་ཅི་འབྱོར་པས་བརྒྱན་པ། མདའ་བྱ་རྒོད་སྒྲོ་མེས་མ་རེག་པ་ལ་དར་ལྗང་གུ་དང་། མེ་ལོང་བཏགས་པ་བཙུགས་པ་ལྷར་བསྐྱེད། །


PS011_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་གས་ཆགས་མེད་པའི་རིན་པོ་ཆེའི་ཚེ་བུམ། ནང་རྫས་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམས་པའི་ནང་དུའང་ལྷ་རྣམས་བསྐྱེད། གཡོན་དུ་ཐོད་པ་ཚན་ལྡན་ཆང་གི་བཀང་བ་ལ་བདུད་རྩི་རིལ་བུ་བླུག །དེའི་སྟེང་དུ་མེ་ལོང་བཞག་ལ་སིནྡྷུ་རས་ཆོས་འབྱུང་གཉིས་བརྩེགས་བྲིས་པའི་ལྟེ་བ་ལ། རྡོ་རྗེ་གྲི་གུག་འམ་ཡང་ན་ཧཱུྃ་དང་ཨ་བྲི། མཐའ་ལ་རྩ་སྔགས་ཀྱི་བསྐོར། ཟུར་རྣམས་ལ་ཧ་རི་ནི་སྭཱ་ཧཱ། ཅེས་བྲིས་པའང་ལྷ་བསྐྱེད། སྟེང་ནས་དར་ལྗང་གུའི་གུར་ཕུབ། མཐའ་ཅི་འབྱོར་པའི་མཆོད་པས་བསྐོར། སློབ་དཔོན་བདག་བསྐྱེད་དང་བཅས་པའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ


PS011_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོའམ། ཡང་ན་གནས་གསུམ་ལྟེ་བ་གསང་གནས་སུ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཅེས་པའི་ཡི་གེ་ལས་དཀར་དམར་མཐིང་ཁ་སེར་ལྗང་བའི་འོད་འཕྲོས་ཕྱོགས་བཅུ་ཀུན་ཁྱབ་པས། རྒྱུད་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །སྐྱབས་གསུམ་ཐུགས་རྗེའི་མངའ་བདག་ཅན། །ཡེ་ཤེས་སྤྱན་ལྡན་མ་ལུས་མཆོད། །ཚེ་བདག་ཕྲིན་ལས་མགོན་པོར་གྱུར། །འཕྲོ་འདུའི་འོད་ཟེར་བརྡས་བསྐུལ་ཏེ། །དབུས་གྱུར་རིན་ཆེན་མཆོག་གྲུབ་ནས། །བསིལ་བའི་ཚལ་གྱི་དུར་ཁྲོད་གནས། །དཔལ་ལྡན་འབྱོར་བཅུ་ཆེ་བའི་བདག །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཚོགས། །དུར་ཁྲོད་བརྒྱད་དང་ཉེར་བཞི་ཡི། །དམ་ཅན་འཁོར་


PS011_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འདིར་འདུས་ལ། །རྣལ་འབྱོར་བདག་ལ་མཆོག་སྩོལ་ཅིག །ཅེས་པས་གསོལ་བ་གདབ། སྤྱན་དྲངས་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་གྱི་སྟེང་ན་གནས་པ་ལ་མཆོད་བསྟོད་བཤགས་པ་བྱ། བདག་བསྐྱེད་མདུན་སྐྱེད་ལ་ཡེ་ཤེས་པ་བསྟིམ། གནས་ལྔའི་འོད་ཟེར་གྱི་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད་བསྟོད་དབང་བསྐུར་རྒྱས་བཏབ་བྱ། དེ་ལ་མཆོད་པ་བཞི་རྫོགས་དབུལ། བདག་སྐྱེད་ལྷའི་ཞལ་ནས་འོད་ཟེར་གཟུངས་ཐག་ལ་ཁྲིལ་ནས་མདུན་སྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གནས་ལྔའི་འོད་ཟེར་གྱིས་ཕྱོགས་བཅུ་ནས་ཚེ་ལ་སོགས་པའི་སྒྲུབ་བྱ་ཐམས་ཅད་རང་དབང་མེད་པར་འགུགས་པའི་ཏིང་ངེ་འཛིན་གྱི་


PS011_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ཅིང་བསྙེན་པ་བྱའོ། །དེ་ནས་རང་གཞན་གྱི་དབང་ལ་འཇུག་སྟེ། ཁྲུས་བྱས་གསེར་གྱི་མཎྜལ་ཕུལ། སྐྱབས་འགྲོ་སེམས་བསྐྱེད་བྱ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ལམ་ཡན་ལག་ལྔ་པ། སྡོམ་པ་བཟུང་བ། གསང་སྔགས་འབྱུང་བ་དཀོན་པ་ལ་སོགས་པ་སྔོན་འགྲོའི་ཆོས་རྣམས་བྱ། ལྷ་ངོ་སྤྲད་སློབ་མ་མགོན་པོར་བསྒོམ་དུ་གཞུག །གནས་གསུམ་ལམ་ལྔ་བྱིན་གྱིས་བརླབས། འཕྲོ་འདུའི་འོད་ཟེར་གྱི་ཡེ་ཤེས་པ་སྤྱན་དྲངས་བསྟིམ་པ་ནི་ཡེ་ཤེས་དབབ་པའོ། །དེ་ནས་ལུས་ལོངས་སྤྱོད་དང་བཅས་པ་བླ་མ་ལྷར་བཅས་ལ་མཆོད་ཅིང་དབང་བཞིའི་གསོལ་བ་གདབ། རིག་པའི་དབང་ལྔ་བསྐུར་བ་ནི། ཚེ་བུམ་དཔྲལ་


PS011_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཏུགས་པས་བུམ་བསྐྱེད་ཀྱི་ལྷའི་དཔྲལ་བ་ནས་འོད་ཟེར་རྃ། བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས་ལུས་ཀྱི་ཕྱི་ནང་གི་ནད་གདོན་ལ་སོགས་པ་དག་པར་བསྒོམ། བཀྲ་ཤིས་ཚེ་བརྟན་རྣམ་རྒྱལ་བུམ་བཟང་ནས། །ཉོན་མོངས་གཏི་མུག་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་འོད་གཟུགས་དྲི་བྲལ་ལོངས་སྐུ་བཞུགས། །ཕྱག་དྲུག་ཚེ་དཔག་མེད་མགོན་དབང་བསྐུར་བས། །མེ་ལོང་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །མི་ཤིག་རྡོ་རྗེའི་སྐུའི་དབང་ཐོབ་ཤོག །ཅེས་བརྗོད་ཅིང་རྩ་སྔགས་བཟླས། བུམ་ཆུ་སྦྱིན། མགྲིན་པར་དམར་པོའི་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན་ཞེས་པ་འདྲེ། །ཉོན་མོངས་འདོད་ཆགས་དག་པའི་ཡེ་ཤེས་


PS011_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཞུགས། །རྩ་སྔགས་སྲོག་གི་སྙིང་པོའི་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག །སྙིང་གར་སྔོན་པོས་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན༴ །ཉོན་མོངས་འདོད་ཆགས་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཐུགས་མཆོག་དཔལ་གྱི་ཡེ་ཤེས་བཞུགས། །མི་འགྱུར་ལྷན་སྐྱེས་སྐུའི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །རྣམ་ཀུན་ཐམས་ཅད་མཁྱེན་པའི་མཆོག་ཐོབ་ཤོག །ལྟེ་བར་སེར་པོས་དབང་བསྐུར་བ་ནི། བཀྲ་ཤིས་ཚེ་བརྟན༴ །ཉོན་མོངས་ང་རྒྱལ་དག་པའི་ཡེ་


PS011_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྷ། །རྒྱལ་བའི་ཡོན་ཏན་ཕན་བདེ་མཆོག་སྩོལ་བཞུགས། །དབྱིངས་དང་རིག་པ་དབྱེར་མེད་དབང་བསྐུར་བས། །མཉམ་ཉིད་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །མཐོང་ཐོས་དྲན་རེག་མྱུར་དུ་སངས་རྒྱས་ཤོག །གསང་བར་ལྗང་གུས་བསྐུར་བ་ནི། །བཀྲ་ཤིས་ཚེ་བརྟན༴ །ཉོན་མོངས་ཕྲག་དོག་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཕྲིན་ལས་རྒྱུན་ཆད་མེད་པར་བཞུགས། །ལྔ་ལྡན་གསང་རིགས་གཟུངས་སྔགས་དབང་བསྐུར་བས། །བྱ་གྲུབ་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །ལྷུན་གྲུབ་རབ་འབྱམས་རྒྱལ་བའི་ཞིང་ཁྱབ་ཤོག །གསང་དབང་ན། །ཐོད་པ་མེ་ལོང་དང་བཅས་པས་དབང་བསྐུར་ཏེ། རྒྱལ་བ་


PS011_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་སྐུའི་དབྱིབས་རྒྱུད་པའི། །མཚན་ལྡན་ཐོད་པ་བདུད་རྩིས་གང་བ་དང་། །སྒྲིབ་བྲལ་སྣང་སྟོང་ཟུང་འཇུག་མེ་ལོང་ལ། །ལི་ཁྲིའི་ཆོས་འབྱུང་མཁའ་འགྲོའི་གཞལ་ཡས་བཀོད། །བདེ་སྟོང་ས་བོན་ཕྱག་ཚན་རྩ་སྔགས་ལྷས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྩ་སྔགས་བརྗོད། དམ་རྫས་བླུགས་སྣོད། ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གསང་ཡུམ་རྡོ་རྗེ་མཁའ་འགྲོ་ལས། །ལྷ་མོ་འཕྲོས་ནས་བུ་ལ་གཏད། །སྙོམས་པར་བཞུགས་པས་བདེ་བས་ཀྱང་། །ཐབས་དང་ཤེས་རབ་དབྱེར་མེད་གྱུར། །གང་འདུལ་ལྷ་སྐུ་མཐའ་ཡས་སུ། །སེམས་ཅན་དོན་དུ་ཁྱེད་གྱུར་ཅིག །རྩ་སྔགས་བརྗོད། བཞི་


PS011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་ནི། སྤྲོས་པའི་མཐའ་བྲལ་གཅེར་མཐོང་རང་རིག་འདི། །ནམ་མཁའ་ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བས། །སྐལ་ལྡན་རིགས༴ །མ་རིག་སྡུག་བསྔལ་འཁོར་བ་རྒྱུད་དྲུག་དང་། །འཁྲུལ་རྟོག་ཉོན་མོངས་དུག་ལྔ་ཚར་ཆོད་ནས། །སྐྱབས་གསུམ་ཀུན་འདུས་གོ་འཕང་མཆོག་ཐོབ་ཤོག །ཨོཾ་དྷ་རེ་དྷ་རེ་དྷ་ར་ན་བྷན་དྷེ་སྭཱ་ཧཱ། ཞེས་པས་མེ་ཏོག་དོར་ཤིས་པ་བརྗོད། གཏོར་མ་སྤྱི་བོར་བཞག །མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་མང་པོ་བྱུང་ནས་ཐིམ་པར་བསྒོམ་ཞིང་། བརྒྱུད་ལྡན་བླ་མའི་མཚན་བརྗོད་དོ། །དེ་ནས་སྔགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་བཏབ་པ་ནི། མེ་ཏོག་དང་བཅས་


PS011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་ཏེ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་པས་བླ་མ་ལྷར་བཅས་ལ་མེ་ཏོག་དོར། སློབ་དཔོན་གྱི། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་བརྗོད་དོ། །སྔགས་ཀྱི་རྗེས་བཟློས་ལན་གསུམ་བྱ། །བླ་མ་ལ་གསེར་གྱི་མཎྜལ་དབུལ། །ཕྱག་བཙལ། སྐུ་དྲིན་ཆེ་ལགས་ཞེས་བརྗོད། ཚོགས་ལ་རོལ། དངོས་གྲུབ་བླངས། བསྔོ་བ་བྱ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། ལས་ཀྱིས་རྗེས་མི་མངོན་པར་བྱའོ། །ཆིག་བརྒྱུད་བཀའ་རྒྱ་མ་འདི་ཁྱེད་རིན་ཆེན་བརྩོན་འགྲུས་ལ་གདམས་པ་ཡིན་ནོ། །གསེར་ཆོས་ཟབ་མོ་ཨིྀྛཿ


PS011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་བསྒྲུབ་པ་དཔལ་ལྡན་ས་ར་ཧས་མཛད་པ་བཞུགས་སོ།། ཅི༽ རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ས་ཧ་ནཱ་མ། བོད་སྐད་དུ། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཇི་ལྟར་བདེ་བ༴ །རྒྱས་བྱེད་པའི། །དཔལ་ལྡན་ཐུགས་རྗེ་ཆེན་པོ་མཆོག །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མགོན་པོ་ཆེན་པོའི་སྒྲུབ་ཐབས་བྲི། །དང་པོ་དད་པ་བརྟན་བྱས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བདག་ཉིད་ཧེ་རུ་ཀར་བསྐྱེད་ལ། །བླ་མ་སངས་རྒྱས་ཀུན་ལ་མཆོད། །བསྟོད་དང་བཤགས་


PS011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་བྱ། །བསྔོ་ཞིང་ཚད་མེད་བཞི་པོ་བསྒོམས། །དེ་རྗེས་སྟོང་པ་ཉིད་དུ་བསྒོམ། །སྟོང་པའི་ངང་ལས་ཨེ་བསམ་སྟེ། །དེ་སྟེང་ཧཱུྃ་ལས་རྡོ་རྗེའི་བྲག །སྣ་ཚོགས་མདོག་ཅན་རྃ་ལས་ནི། །ཉི་མའི་དཀྱིལ་འཁོར་དེ་སྟེང་དུ། །བྷ་ནི་ཤེལ་གྱི་མདོག་འདྲ་བས། །བི་ནཱ་ཡ་ཀ་བརྡལ་བའི་སྟེངས། །ཧཱུྃ་ལས་ནག་པོ་འཇིགས་པར་བྱེད། །ཞལ་གསུམ་ཕྱག་དྲུག་རྔམ་པའི་སྐུ། །གཡས་དཀར་གཡོན་པ་དམར་བ་སྟེ། །དབུས་མཐིང་སྟག་གི་པགས་པས་དཀྲིས། །རིན་ཆེན་ཞབས་གདུབ་སྦྲུལ་གྱི་བརྒྱན། །ཕྱག་གཡས་གྲི་གུག་ཕྲེང་བ་དང་། །ཌཱ་མ་རུ་ནི་དྲག་ཏུ་ཁྲོལ། །གཡོན་པ་ཐོད་པ་མདུང་རྩེ་གསུམ། །


PS011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཞགས་པས་དགྲ་བོ་འཛིན། །དྲག་པོའི་ཞལ་གདངས་མཆེ་བ་གཙིགས། །སྤྱན་གསུམ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་རའི་གཡུང་དྲུང་འཁྱིལ། །མི་སྐྱོད་སྤྱི་བོར་བཞུགས་པས་བྱིན་གྱིས་རླབས། །གནས་གསུམ་ལྷར་བསམ་ཡེ་ཤེས་སེམས་དཔའ་བསྟིམ། །དབང་བསྐུར་རིགས་བདག་སོ་སོར་བསམ། །བསྟན་པར་གྱུར་ནས་གཙོ་བོའི་མདུན། །དཔལ་ལྡན་ཁྲོ་མོ་ཛ་ལི་ནི། །གཡས་པ་གྲི་གུག་ཐོད་ཁྲག་གཡོན། །གཡས་སུ་ཀྵེ་ཏྲ་པ་ལ་ནི། །དུ་བའི་མདོག་ཅན་ཕྱག་གཉིས་པ། །ཌཱ་མ་རུ་དང་སྡིག་མཛུབ་མཛད། །གཡོན་དུ་ཌཀྐི་རཱ་ཛ་སེར། །གཡས་པའི་རྩེ་གསུམ་སྡིག་མཛུབ་


PS011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན། །རྒྱབ་ཏུ་མ་ཧཱ་ཀཱ་ལ་ནི། །དམར་ནག་གཡས་པ་གྲི་གུག་འཛིན། །གཡོན་པས་ཐོད་ཁྲག་ཞལ་དུ་ཏུབ། །རུས་པའི་རྒྱན་ལྡན་ཅེར་བུ་མོ། །གར་སྟབས་ཀེང་རུས་གདན་ལ་བཞུགས། །མཆེ་གཙིགས་སྤྱན་གསུམ་ཁྲོས་པའི་ཞལ། །གཙོ་མོ་དང་ནི་དུས་མཉམ་བསྐྱེད། །ལས་ཀྱི་ལྷ་མོ་བཞི་པོ་ནི། །གདུག་པ་ཅན་རྣམས་འགུགས་བྱེད་ཅིང་། །བཟུང་ནས་གཙོ་ལ་སྟོབས་པར་བྱེད། །སྔགས་ཀྱི་བཟླས་པ་དེ་རྗེས་ཙམ། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་སྭ་སྠ་ཥྛ་ན་མ་མ་ཧཱུྃ་ཧཱུྃ་ཕཊ། སྙིང་པོའི་སྔགས་སུ་ཧཱུྃ་བརྟེན་པ་ཡིན། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲེ་མ་ཁྲེ་ཏ་བིག་ནན་བི་ནཱ་ཡ་ཀཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཙོ་བོར་ཉེ་སྙིང་སྔགས་སུ་བརྟེན། །ཨོཾ་མ་ཧཱ་ཀ་ལི་ཛ་ལི་ནི་ཧཱུྃ་


PS011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་ནི་ཀྵེ་ཏྲ་པ་ལ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རདྞི་ཌཀྐི་རཱ་ཛ་ར་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་ནི་ཤ་ཏྲུྃ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། འཁོར་གྱི་སྔགས་སུ་བསྟན་པ་ཡིན། ལྷ་ཚོགས་མཉེས་པའི་གཏོར་མ་ནི། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །ཀ་པཱ་ལར་བླུག་བྱིན་རླབས་ཏེ། །ཙན་དན་ཤིང་ལ་གཙོ་འཁོར་རྣམས། །བྱོན་ནས་རྣལ་འབྱོར་པའི་མདུན་དུ། །རྩ་བའི་སྔགས་ནི་དབུལ་བར་བྱ། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཡ། ཤ་ས་ན་ཨ་པ་ཧ་རི་ི། ཨེ་ཀ་ཨ་པཥྩི། མཱ་ཀ་ལོ། ཨ་ཡ་མ་ཨི་དཾ་རཏྣ་ཏྲ་ཡ་ཨ་པ་ཀ་རི་ི། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་ད་ཨི་དཾ། དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷྲྀ་ཧ་ན་གྷྲྀ་ཧ་ན། བྷན་དྷ་བྷན་དྷ། ཧ་ན་


PS011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། གཙོ་འཁོར་རྣམས་ཀྱི་གསོལ་བར་བསམ། །དེ་ལྟར་རྟགས་དང་ལྡན་པ་ཡིས། །སྒྲུབ་པའི་ལས་ལ་སྦྱར་བ་ནི། །རྩ་སྔགས་སྤེལ་ཚིག་ལྡན་པ་བྱ། །དེ་ཡང་བསད་པའི་ལས་བྱ་བ། །སྔགས་ལ་མཱ་ར་ཡ་སྦྱར་བར་བྱ། །གཏོར་མས་མནན་ནས་བསད་པར་བྱ། །རྟགས་བྱུང་སྐྱེས་པའི་ཙིཏྟ་རུ། །མ་ཧཱ་ཀཱ་ལའི་སྙིང་པོ་དང་། །འཁོར་དང་བདུད་རྩིར་བཅས་པ་གཞུག །དར་ནག་བསྟུམ་ལ་མཆན་ཁུང་བཏགས། །སྐབས་སུ་ལག་པས་བཟུང་བྱས་ལ། །བསད་པའི་སྔགས་ཀུན་བཟླས་པར་བྱ། །བདག་གི་ནག་པོ་ཆེན་པོ་ཡིས། །སྒྲུབ་ཐབས་བྱིན་གྱིས་རླབས་པ་
འདི། །བརྩམས་ལས་དགེ་བ་གང་ཡོད་པ། །དཔལ་ལྡན་ནག་པོའི་ཞལ་མཐོང་ཤོག །བྱིན་གྱིས་རླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས། རྣལ་འབྱོར་པ་ཆེན་པོ་བྲམ་ཟེ་དཔལ་ལྡན་ས་ར་ཧས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཨ་ཐ་ཡ་བཛྲ་དང་། ལོ་ཙ་བ་ཁྱུང་པོ་རྣལ་འབྱོར་གྱི་བསྒྱུར་བའོ།། །།

བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་རྗེས་གནང་།


PS011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་རྗེས་གནང་བཞུགས་སོ།། ༼ཆི༽ འདིའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་གནས་ཁྱད་པར་ཅན་དུ་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་སྟན་བདེ་བ་ལ་འདུག་སྟེ། རང་ཉིད་ཡི་དམ་གྱི་རྣལ་


PS011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དང་བཟླས་པ་རྫོགས་ནས་རང་གི་མདུན་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་གྷཾ་ལས་ཚོགས་ཀྱི་བདག་པོ། དེའི་གདན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་བ། རེ་རེའང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ཅན། ཤིན་ཏུ་རྔམས་ཤིང་དྲག་ཏུ་ཁྲོས་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག །གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ། གཡོན་གྱི་དང་པོ་ན་ཐོད་ཁྲག །བར་པ་ན་རྩེ་གསུམ། ཐ་མས་ཞགས་པ་བསྣམས་པ། ཞབས་གཉིས་གྱད་ཀྱི་དོར་སྟབས་


PS011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཞུགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་གྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་མདུན་ན། ཁྲོ་མོ་ཛྭ་ལི་མ་ནག་མོ་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །གཡས་སུ་ཀྵེ་ཏྲ་པ་ལ་དུ་བའི་མདོག་ཅན་གཡས་ཌཱ་མ་རུ། གཡོན་སྡིག་མཛུབ་མཛད་པ། གཡོན་དུ་ཌཀྐི་རཱ་ཛ་སེར་མོ་གཡས་རྩེ་གསུམ་འཛིན་ཅིང་། གཡོན་སྡིག་མཛུབ་མཛད་པ། རྒྱབ་ཏུ་མ་ཧཱ་ཀ་ལི་མ་དམར་ནག་གཡས་གྲི་གུག་འཛིན་ཅིང་། །གཡོན་ཐོད་ཁྲག་ཞལ་དུ་རྔུབ་པ། བཞི་ཀའང་ཅེར་མོ་རུས་པའི་བརྒྱན་ཅན། ཤིན་ཏུ་དྲག་ཅིང་ཧ་ཧའི་


PS011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གད་རྒྱངས་ཅན། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པོར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་བསིལ་བ་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། བཞེངས་ཅིག་བཞེངས་ཅིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ནས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་ཆ་ལུགས་ཅན། །མ་ཧཱ་ཀཱ་ལ་འདིར་འབྱོན་བཞུགས་སུ་གསོལ། །ཅེས་ལན་གསུམ་གྱི་སྤྱན་དྲངས་ནས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་བྱ། དབང་གི་ལྷ་རྣམས་སྤྱན་དྲངས་མཆོད་ནས། དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བུམ་པའི་ཆུས་དབང་བསྐུར་བས་མགོན་པོའི་སྤྱི་བོར་མི་སྐྱོད་པས་དབུ་རྒྱན་པར་


PS011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལ། མཆོད་པ་ལྔ་པ་མཆོད། ནང་མཆོད་དབུལ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱིས་དབུས་སུ་ཧཱུྃ་མཐིང་གའི་མཐར་སྔགས་གསུམ་གྱིས་བསྐོར་བར་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སྭ་སྛ་ཥྛ་ན་མ་མ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་སོགས་ཉེ་སྙིང་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་རྩ་སྔགས་བཅས་པའི་བསྙེན་པ་བྱ། གཏོར་མ་བྱིན་བརླབས་སྤྱི་དང་འདྲ། ཤཱ་ས་ནའི་མཐར་ཨི་དཾ་བ་ལིཾ་བཏགས་པ་ལན་གསུམ་མམ་ལྔའམ་བདུན་གྱིས་དབུལ། བསྟོད་པས་བསྟོད། ཡེ་ཤེས་པ་གཤེགས། དགེ་བ་བསྔོ་བར་བྱའོ། །འདི་མགོན་པོ་གསང་སྒྲུབ་ཡིན་ཞེས་བྱ་བའི་ལུགས་ཀྱང་ཡོད་དོ། །


PS011_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཞལ་གཅིག་ཕྱག་དྲུག་པ་དང་། ཞི་དྲག་ཏུ་འདོད་པ་སོགས་སྣ་ཚོགས་པ་ཞིག་ཡོད་མོད་ཀྱང་། བདག་གི་བླ་མ་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ལ་སོགས་པ་དག །གྲུབ་ཆེན་ས་ར་ཧ་པ་དང་། གྲུབ་ཆེན་ཤ་བ་རི་པའི་ཞལ་གཟིགས་སོ་སོའི་ལུགས་སུ་བཞེད་པ་ལྟར་འདོད་པར་བྱའོ། །འདིའི་རྗེས་ལ། བཅའ་གཞི་དང་ཆོ་ག་གཞན་ཐམས་ཅད་མགོན་པོའི་རྗེས་གནང་། གཏོར་དབང་བར་ཆད་ཀུན་སེལ་དང་འདྲ་བ་ལས། གཏོར་མ་སྤྱིར་འཇོག་པ་ན། ན་མོ་བུདྡྷ་ཡ་སོགས་མི་བརྗོད། བླ་མ་བརྒྱུད་པའི་མཚན་ལ་ཡེ་ཤེས་མགོན་པོ། དཔལ་ལྡན་ས་ར་ཧ། མངའ་བདག་མཻ་ཏྲི་པ་ལ་སོགས་པའི་ཞེས་བརྗོད་དོ། །
མདུན་བསྐྱེད་མངོན་རྟོགས་གོང་གི་འདི་ལྟར་སློབ་མ་ལ་བརྡའ་སྤྲད། སྔགས་ཀྱི་རྗེས་གནང་ལ་སྔགས་གསུམ་ཀའི་རྗེས་བཟློས་བྱའོ།། །།

གུ་ན་ཨ་ཀ་ར་དང་ཨ་ཐ་ན་བཛྲ་གཉིས་ལས་བརྒྱུད་པའི་ལྷ་བཞི་དྲིལ་སྒྲུབ་ཀྱི་ལམ་གྱི་རིམ་པ་རྗེ་བཙུན་མཁའ་སྤྱོད་མའི་སྒྲུབ་ཐབས་མངོན་པར་རྟོགས་པ།


PS011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ན་ཨ་ཀ་ར་དང་ཨ་ཐ་ན་བཛྲ་གཉིས་ལས་བརྒྱུད་པའི་ལྷ་བཞི་དྲིལ་སྒྲུབ་ཀྱི་ལམ་གྱི་རིམ་པ་རྗེ་བཙུན་མཁའ་སྤྱོད་མའི་སྒྲུབ་ཐབས་མངོན་པར་རྟོགས་པ་བཞུགས་སོ།། ༼ཇི༽ ན་མོ་གུ་རུ། སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །གྷུ་ན་ཨ་ཀ་ར་དང་ནི། །ཨ་ཏ་ཡ་ན་བཛྲ་ཡི། །སྒྲུབ་པའི་ལམ་གྱིས་རིམ་པ་ནི། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །རྟེན་གྱི་གང་ཟག་གནས་དང་ནི། །གྲོགས་དང་རྫས་དང་ཐབས་དང་དངོས། །དེ་ལ་རྟེན་གྱི་གང་ཟག་ནི། །དབང་གི་སྨིན་བྱས་དམ་ཚིག་ལྡན། །བླ་མ་ལ་གུས་སྒྲུབ་ལ་


PS011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན། །ཤེས་རབ་ཆེ་ལ་སྙིང་རྗེ་ལྡན། །རྟེན་གྱི་གང་ཟག་མཚན་ཉིད་དོ། །དུར་ཁྲོད་མཚོ་དང་ཤིང་གཅིག་དྲུང་། །ཡིད་འོང་དབེན་པའི་གནས་དག་ནི། །གྲུབ་ཐོབ་བྱིན་གྱིས་བརླབས་པའི་གནས། །སྒྲུབ་པའི་གནས་ཀྱི་མཚན་ཉིད་དོ། །བཟང་དང་ཐུན་དང་ཤེས་པ་གསུམ། །སྒྲུབ་པ་གྲོགས་ཀྱི་མཚན་ཉིད་དོ། །རྫས་ལ་ཡང་ནི་གསུམ་དུ་ཤེས། །དྲིས་སུ་བྲིས་དང་ལུགས་སུ་བླུགས། །འབུར་དུ་དོད་པ་གང་ཡང་རུང་། །རབ་གནས་ལེགས་པར་བྱས་པ་ཡིན། །སྒྲུབ་པའི་རྟེན་གྱིས་རྫས་ཡིན་ནོ། །ཡོན་ཆབ་ལ་སོགས་ཕྱི་མཆོད་དང་། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །མཆོད་པའི་རྫས་སུ་ཤེས་པར་བྱ། །


PS011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་ཞུགས་ནས་མ་ཐོན་པར། །གང་དགོས་རྫས་རྣམས་བསོགས་པ་ནི། །རང་གི་རྫས་སུ་ཤེས་པར་བྱ། །སྒྲུབ་པ་ཐབས་ཀྱི་རིམ་པ་ནི། །རང་ཉིད་ཡི་དམ་ལྷར་བསྐྱེད་ལ། །མདུན་དུ་སྒྲུབ་པའི་མཎྜལ་ལ། །ཆང་མང་བདུད་རྩི་ལྔ་ཡིས་བྱུགས། །རང་རང་སྔགས་ཀྱི་མེ་ཏོག་འདི། །བྱམས་པའི་ངོ་བོར་བརྩེ་བས་ལྡན། །སྙིང་རྗེའི་ངོ་བོ་སྐྱོབས་པར་ལྡན། །དགའ་བའི་ངོ་བོ་སྤྲོ་བར་ལྡན། །བཏང་སྙོམས་ངོ་བོ་མི་འབྱེད་པ། །ཚངས་པའི་གནས་བཞི་དེ་ལྟར་བསྒོམས། །དེ་རྗེས་སྔགས་རྣམས་བརྗོད་ནས་ནི། །མཎྜལ་སྟོང་པ་ཉིད་དུ་བསྒོམ། །སྟོང་པའི་རྒྱུ་ནི་ཡི་གེ་ཨེ། །ཆོས་འབྱུང་གྲུ་གསུམ་


PS011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བྱ། །ཆོས་འབྱུང་ནང་དུ་པཾ་ལས་ནི། །རྒྱལ་མཚོའི་རང་བཞིན་བསྒོམ་པར་བྱ། །དེ་ནང་ཧྲཱིཿལས་པདྨ་ཡིས། །སྡོང་པོ་འདབ་མར་ལྡན་པར་བསྐྱེད། །དེ་སྟེང་པཾ་ལས་པདྨར་ལྡན། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་སྟེང་ཧྲཱིཿལས་འོད་འཕྲོས་པས། །འོག་ཏུ་ཨ་ལི་ཉིས་འགྱུར་ལས། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །བར་གྱི་ཧྲཱིཿལས་གྲི་གུག་སྟེང་། །ཧྲཱིཿཡིས་མཚན་པ་བསམ་པར་བྱ། །ཧྲཱིཿལས་འོད་ཟེར་རྣམས་འཕྲོས་པས། །སངས་རྒྱས་རྣམས་ཀྱིས་ཐུགས་བསྐུལ་ནས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། །ཇོ་མོར་གྱུར་ཏེ་ཧྲཱིཿལ་བསྡུ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་


PS011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྱུར་པ་སྟེ། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །སྐུ་མདོག་དམར་ལ་འོད་ཟེར་ཅན། །སེམས་ཅན་དོན་ལ་ཆགས་པ་ཡིན། །སྤྱན་གསུམ་གྱེན་ལ་གཟིགས་པ་ནི། །ཆོས་ཉིད་རྒྱུན་ལ་གནས་པ་ཡིན། །དབུ་སྐྲ་སིལ་སྟོད་ནོན་པ་ནི། །རྣམ་རྟོག་མཐུར་དུ་སྙིལ་བ་ཡིན། །ཐོད་སྐམ་ལྔ་ཡི་དབུ་རྒྱན་པ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །མི་མགོ་རློན་པའི་དོ་ཤལ་ནི། །ཐབས་ཀྱི་ཟིན་པའི་ཤེས་རབ་ཡིན། །དུར་ཁྲོད་ཆས་ཀྱིས་བརྒྱན་པ་ནི། །མི་རྟག་རང་བཞིན་སྟོན་པ་ཡིན། །བརྐྱང་བསྐུམ་ཞབས་ཀྱི་བདུད་གསུམ་མནན། །ཆགས་སྡང་མཐའ་ལས་གྲོལ་བ་ཡིན། །ཕྱག་གཡོན་ཐོད་པ་བདུད་རྩིས་བཀང་། །ཞལ་དུ་


PS011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རྒྱུན་འདྲེན་པ་ནི། །ཟག་མེད་ལུས་ལ་རྒྱས་པ་ཡིན། །ཕྱག་གཡས་གྲི་གུག་མཐུར་དུ་འཕྱར། །དུག་ལྔ་རྩད་ནས་གཅོད་པ་ཡིན། །མདུན་དུ་ཧཱུྃ་ལས་བླ་མ་བསྐྱེད། །གཡས་སུ་པད་ཟླའི་སྟེང་དུ་ནི། །ཧྲཱིཿལས་པདྨ་ལས་སྐྱེས་པ། །སྤྱན་རས་གཟིགས་ནི་བསྒོམ་པར་བྱ། །གཡོན་དུ་པད་ཟླའི་སྟེང་དུ་ནི། །ཏཾ་ལས་ཨུཏྤལ་ལས་སྐྱེས་པའི། །སྒྲོལ་མ་ཡང་ནི་བསྒོམ་པར་བྱ། །རྒྱབ་ཏུ་པདྨ་ཉི་མའི་གདན། །ཧཱུྃ་ལས་མགོན་པོ་བསྒོམ་པར་བྱ། །རང་རང་ཐུགས་ཀར་པད་ཟླའི་སྟེང་། །ས་བོན་ཡི་གེ་བསམ་པར་བྱ། །དེ་ནི་མངོན་བྱང་བཞི་ཡི་ལུགས། །ཆོ་ག་གསུམ་ནི་འདི་ལྟར་བསྐྱེད། །པད་ཟླའི་སྟེང་དུ་ཧྲཱིཿབསམ་ལ། །


PS011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿལས་འོད་ཟེར་བསྡུ་བྱས། །དེ་ལས་གྲི་གུག་ཧྲཱིཿཡིས་མཚན། །ཧྲཱིཿལས་འོད་ཟེར་རྣམས་སྤྲོས་ནས། །བསྐུལ་སྦྱངས་བྱས་ནས་ཧྲཱིཿལ་ཐིམ། །ཧྲཱིཿདང་གྲི་གུག་གྱུར་པ་ལས། །མཁའ་སྤྱོད་མ་ནི་བསྐྱེད་པར་བྱ། །གསུང་ནི་ཡིག་འབྲུ་སྔགས་ཀྱི་སྒྲ། །ཐུགས་ནི་གྲི་གུག་རྡོ་རྗེས་མཚན། །ཡོངས་སུ་རྫོགས་པ་སྐུ་གསུང་ཐུགས། །དེ་ནི་ཆོ་ག་གསུམ་གྱི་ལུགས། །སྐད་ཅིག་གཅིག་ལས་བསྐྱེད་པ་ནི། །པད་ཟླའི་སྟེང་དུ་ཧྲཱིཿལས་ནི། །སྐད་ཅིག་མ་ལས་སྐྱེད་པར་བྱ། །འཁོར་རྣམས་ཀུན་ཡང་དེ་བཞིན་ཏེ། །དེ་ནི་སྐད་ཅིག་མའི་ཐུགས། །རང་རང་ཐུགས་ཀའི་ས་བོན་ལས། །འོད་ཟེར་སྤྲོས་ཏེ་


PS011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ལ། །ཕྱི་ནང་གསང་བ་གསུམ་གྱི་མཆོད། །ཕྱི་མཆོད་ཡོན་ཆབ་ལ་སོགས་པའི། །ས་བོན་འོད་ཟེར་འཕྲོས་པ་ལས། །ཌཱ་ཀི་མ་ཡི་ཕྱག་ན་ནི། །གླང་ཆེན་ཤ་དང་དྲི་ཆེན་གྱིས། །བཀང་བའི་ཐོད་པ་བཟུང་ནས་ནི། ཁ་དོག་དཀར་ལ་རོ་མཆོག་མངར། །རྒྱལ་བ་རྣམས་ལ་མཆོད་པར་བསམ། །དཀར་དང་རྟ་ཤ་འོ་མས་མཆོད། །དམར་དང་བ་གླང་ཤ་ཡི་མཆོད། ཁཎྜ་རོ་ཧིས་མཆོད་པར་བསམ། །མི་ཤ་དཀར་དམར་རྣམ་གསུམ་གྱིས། །ཇོ་མོ་དངོས་ལ་མཆོད་པར་བསམ། །དེ་ནི་ནང་གི་མཆོད་པའོ། ཁ་ཊྭཱྃ་ལྟེ་བའི་ཧཱུྃ་ལས་ནི། །འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི། །ཐུགས་ཀ་ནས་ནི་ཧཱུྃ་རྣམས་བབས། །


PS011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭྃ་ལྟེ་བའི་ཧཱུྃ་ལ་ཐིམ། །མི་ཤ་ཧཱུྃ་དང་ཁ་ཊྭཱྃ་གྱུར་པ་ལས། །ཧེ་རུ་ཀར་ནི་བསྐྱེད་ནས་ནི། །སྙོམས་འཇུག་མཆོད་པ་ཕུལ་བར་བསམ། །དེ་རྣམས་སེམས་སུ་ཤེས་པ་ན། །རྒྱ་ཡིས་བཏབ་པའི་མཆོད་པའོ། །ཡེ་ཤེས་སེམས་དཔའ་གཞུག་པ་ནི། །ཛཿཧཱུྃ་བྃ་ཧོཿས་བསྟིམ་པར་བྱ། །སྐུ་གསུང་ཐུགས་ཀྱི་ས་བོན་གྱིས། །སྐྱོན་མེད་དག་པར་བྱིན་གྱིས་བརླབས། །འཁོར་འདས་ཡོངས་ལ་ཁྱབ་པར་བསྔོ། །གང་འདོད་དངོས་གྲུབ་གསོལ་བ་གདབ། །རེ་བ་བཅས་པར་བསྔོ་བ་བྱ། །རྗེ་བཙུན་མ་མཁའ་སྤྱོད་མའི་སྒྲུབ་ཐབས་མངོན་པར་རྟོགས་པ་རྫོགས་སོ།། །།

རྣལ་འབྱོར་མའི་སྒྲུབ་ཐབས་ཨ་ཐ་ན་བཛྲ་གྱིས་མཛད་པ།


PS011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མའི་སྒྲུབ་ཐབས་ཨ་ཐ་ན་བཛྲ་གྱིས་མཛད་པ་བཞུགས་སོ།། ༼ཉི༽ རྒྱ་གར་སྐད་དུ། བཛྲ་ན་ར་ཤཱ་ར་ཧས་ཏ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོའི་བྱིན་གྱིས་བརླབས་པ་ཞེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཆེ་བ་གཙིགས་ཤིང་འཇིགས་པ་པོ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རྟག་ཏུ་གསོལ་མཛད་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་རྣལ་འབྱོར་པས། །གནས་ནི་དུར་ཁྲོད་ལ་སོགས་པར། །བདུད་རྩི་ལྔ་ལ་སོགས་པའི་ཁྲུས་བྱས་ལ། སྟན་བདེ་བ་ལ་གནས་ནས། དཔལ་དགྱེས་མཛད་རྡོ་རྗེའི་རྣལ་འབྱོར་རྫོགས་པའམ། ཡང་ན་སྐད་ཅིག་གིས་དགྱེས་མཛད་དུ་བསྒོམས་ལ། བཛྲ་ཡཀྵ་ཧཱུྃ་གིས་


PS011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ལ། རང་གི་མདུན་དུ་ཆོས་འབྱུང་། དེའི་ནང་དུ་པཾ་ལས་པདྨའི་སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ལྔ་པ། དབུས་ཀྱི་པདྨའི་སྟེང་དུ་ཟླ་བའི་དབུས་སུ་ཧྲཱིཿདང་གྲི་གུག །དེ་ལས་རྣལ་འབྱོར་མར་བསྐྱེད་དེ་སྐུ་མདོག་དམར་སིང་ངེ་བ་ལང་ཚོ་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་སྤྱི་མགོ་གཡས་པའི་སྟེང་ནས་འཕྱར་བ། གཡོན་བདུད་རྩིས་གང་བའི་པདྨ་ནམ་མཁའ་ལ་མཛེས་པ། ཞལ་ཤིན་ཏུ་གདངས་པ། མཆེ་བ་ཅུང་ཟད་གཙིགས་པ། མཛུམ་བག་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྐྲ་མཐོན་


PS011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་དཔུང་པ་གཡས་པའི་ཁ་ན་མར་ཤད་ཡོད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱི་འཇིགས་བྱེད་དང་དུས་མཚན་མནན་པར་བསྐྱེད། དེ་ཉིད་དང་དུས་མཚུངས་པར་མདུན་དུ་བླ་མ། གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཏཱ་རེ། རྒྱབ་ཏུ་མགོན་པོ་ཆེན་པོ་བསྐྱེད་ལ། ཇོ་མོའི་སྙིང་གའི་ས་བོན་དང་། བདག་གི་ས་བོན་གྱི་འོད་ཟེར་གྱི་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་པ་ལ་དགུག་གཞུག་དང་དབང་བསྐུར་བྱ། ཕྱི་ནང་གསང་བའི་མཆོད་པས་མཆོད། དེ་ནས་བཟླས་པ་བྱ་སྟེ། རང་བཅོམ་ལྡན་འདས་སུ་གསལ་བ་དང་མདུན་གྱི་ཇོ་མོའི་ཐུགས་ཁ་ནས་པད་ཟླའི་སྟེང་ནས་ས་བོན་ཧྲཱིཿལས་སྔགས་ཀྱི་བསྐོར་
བར་བསམ་ལ། དེ་ལ་དམིགས་ཏེ་བཟླས་པར་བསམས་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་མ་ཡེངས་པར་བཟླའོ། །དེ་ནས་ཐུན་མཚམས་སུ་མཆོད་པ་དང་། གཏོར་མ་ཅི་བཟང་ཕུལ། དེ་ལྟར་ཟླ་བ་གསུམ་དུ་བསྒྲུབས་ན། ཞལ་མངོན་སུམ་དུ་བསྟན་ཏེ། གཟུགས་སྟོན་པ་དང་། སྒྲ་སྒྲོག་པ་དང་། རྨི་ལམ་དུ་མཁའ་འགྲོ་མ་དཔག་ཏུ་མེད་པས་གང་ནས་འོང་། །དེ་རྣམས་ཀྱི་བྱིན་གྱིས་བརླབས་པར་འགྱུར་རོ། །བྱིན་གྱིས་བརླབས་པའི་རྣལ་འབྱོར་མའི་སྒྲུབ་ཐབས་ཨ་ཐ་ཡ་བཛྲ་གྱིས་གནང་བ་རྫོགས་སོ།། །།

ལྷ་བཞིའི་ཞལ་གདམས།


PS011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཞིའི་ཞལ་གདམས་བཞུགས་སོ།། ༼ཏི༽ བླ་མ་དམ་པ་


PS011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གུས་བཏུད་ནས། །ལྷ་བཞིའི་ཞལ་གདམས་བྲི་བར་བྱ། །ཐོ་རངས་ནམ་གྱི་བརྒྱད་ཆ་ཙམ་ཡོད་པ་ལ། ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་པས། རྭ་གུར་བསྒོམས་ལ། རང་ཡི་དམ་དུ་སྒོམ་པའི་སྤྱི་བོར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། བདེ་བར་འཆར་ཞིང་བདེ་བར་གནས་པ། འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། དེའི་དབུས་སུ་པདྨ་འདབ་མ་བཞི་པ་ལྟེ་བ་ཁྲུ་གང་གི་མཐོ་བ་ལ། ཉི་ཟླ་པདྨའི་སྟེང་དུ་བླ་མ་བསྒོམ། མདུན་དུ་པད་འདབ་ཀྱི་སྟེང་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་གྷཾ་ཡོངས་སུ་གྱུར་པ་ལས།


PS011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བདག་མགོ་གཡས་སུ་བསྟན་པ་གཅིག་གི་སྟེང་དུ་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་མགོན་པོ་གཞུང་བཞིན་བསྐྱེད་དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལས་རྩ་སྔགས་ཀྱིས་བསྐོར་བ་བསྒོམས། གཡས་ངོས་ཀྱི་པད་འདབ་ཀྱི་སྟེང་དུ་པད་ཉིའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ། ཡེ་གེ་ཧྲཱིཿདམར་པོ་མཚལ་ལྕོག་ལ་མའི་ཁུ་བ་འདྲ་བ་དམར་སེང་བ་གཅིག་བསམ། དེ་ལ་སྐད་ཅིག་གིས་རྗེ་བཙུན་མ་སྐུ་མདོག་དམར་སེང་ངེ་བ་མཚལ་ལྕོག་ལ་མ་འདྲ་བ། དབུ་སྐྲ་མཐོ་ན་མཐིང་མགོ་ཕྲག་ཏུ་ཡོད་


PS011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ། དཔུང་པ་གཡས་པའི་སྟེང་ན་དམར་སིལ་ལེ་ཡོད་པ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ཞལ་འཛུམ་བག་དང་བཅས་པ། མཆེ་བ་ནས་ཙམ་འབུར་རེ་བ། སྤྱན་གཡོན་གྱི་ཕྱོགས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནམ་མཁའ་གང་བ་ལ་གཟིགས་པ། ཕྱག་གཡས་གྲི་གུག་གི་གཅོད་པའི་སྟབས་སུ་དཔྱི་གཡས་པའི་སྟེང་ན་མར་བརྐྱང་ནས་བཞུགས་པ། གཡོན་པས་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བདུད་རྩི་ཐོད་པའི་ནང་ནས་ཞལ་དུ་གསོལ། སྤྱི་བོར་རུས་པའི་འཁོར་ལོ་དང་རྣམ་སྣང་གི་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། རུས་པའི་སྙན་ཆ། མགུལ་རྒྱན། ཕྱག་གདུབ། ཞབ་གདུབ། མི་མགོ་


PS011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པོ་ལྔ་བཅུའི་ཕྲེང་བ། ཞབས་གཡས་བརྐྱང་པས་མ་ཧཱ་དེ་བ་མནན་པ། གཡོན་བསྐུམ་པས་ཨུ་མ་དེ་བ་གན་རྐྱལ་དུ་མནན་པ། འཆན་ཁུང་གཡོན་པ་ན་ཡར་ཁ་ཊྭཱྃ་ཀ་ཡོད་པ་གཅིག་གསལ་གདབ་བོ། །རྒྱབ་ཀྱི་འདབ་མའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿཡོངས་སུ་གྱུར་པ་ལས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གང་ས་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་སྐྱབས་སྦྱིན་དང་བཅས་པའི་བུམ་པ། གཡོན་པ་ན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་ཕྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ། ཞབས་གཡས་བརྐྱང་བ་གཡོན་བསྐུམ་པ། འོད་


PS011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཀྱི་དབུ་རྒྱན་པ་ཞིག་བསྒོམ། གཡོན་ངོས་ཀྱི་པད་འདབ་ཀྱི་སྟེང་དུ་པདྨ་ཟླ་བའི་སྟེང་དུ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ལང་ཚོ་དར་ལ་བབས་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པ། ཕྱག་གཡས་སྐྱབས་སྦྱིན། གཡོན་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་བ། སྤྱི་བོར་དོན་ཡོད་གྲུབ་པས་བརྒྱན་པ་གཅིག་བསྒོམ། དེ་ནས་བླ་མའི་ཐུགས་ཁ་ནས་འོད་འཕྲོས་པས། རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བླ་མ་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཡི་དམ་དཀྱིལ་གྱི་ལྷ་ཚོགས་


PS011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བླ་མའི་སྐུ་ལ་ཐིམ་པས། བླ་མ་ཐམས་ཅད་འདུས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམ་ལ། གསོལ་བ་གདབ་སྟེ། ན་མོ་བུདྡྷ་ཡའི་གསོལ་བ་གདབ་བོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཤར་ལྷོ་ནས་ཡེ་ཤེས་སེམས་དཔའ་ཌཱ་མ་རུ་དང་གཡེར་ཁའི་སྒྲ་འུ་རུ་རུ་སི་ལི་ལི་བྱོན་ནས་དམ་ཚིག་པ་ལ་ཐིམ་སྟེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ། ཞེས་རྩ་སྔགས་བརྗོད་པས་ནད་གདོན་ཐམས་ཅད་ཞལ་དུ་བསྡུས་ནས་དམར་ཙི་རི་རི་གསོལ་བར་བསམ། རྗེ་བཙུན་མ་ལ་ཡེ་ཤེས་པ་མང་པོ་སིབ་སིབ་ཐིམ་པས། དེས་རྐྱེན་བྱས་ནས་གསང་གནས་ནས་བྱང་སེམས་དམར་


PS011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང་སྟེ་རང་གི་ལུས་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཐུགས་རྗེ་ཆེན་པོ་ལའང་ཡེ་ཤེས་པ་བསྟིམ་སྟེ། ཨོཾ་བཛྲ་རཀྵ་ས་མན་ཏ་ཧཱུྃ་ཕཊ། ཅེས་བཟླས་པས་བུམ་པ་ནས་བདུད་རྩི་བབས་ཏེ་ལུས་ལ་ཐིམ་པས་སྡིག་སྒྲིབ་དག་པར་བསམ་མོ། །སྒྲོལ་མ་ཡང་ཡེ་ཤེས་པ་བསྟིམ་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་དང་། ཞབས་གཡས་པའི་མཐེ་བོང་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་བབས་ནས་ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །ཕྲིན་ལས་མ་ལུས་པ་སྒྲུབ་པར་བསྒོམ་ཞིང་། ལྷ་ལྔ་ལཾ་མེ་གསལ་བར་དམིགས་ནས་སྔགས་


PS011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྦྲེལ་ལ་བཟླས་སོ། །དེ་ནས་ལྷ་བཞི་པོ་བད་ཆད་ནས་བླ་མ་ལ་ཐིམ། བླ་མའི་ཐུགས་ཀ་ནས་འོད་འཕྲོས། བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་སྔགས་ཕྱི་ནང་གི་ལྷ་ཚོགས་ལ་ཐིམ། བླ་མ་འོད་ཀྱི་རང་བཞིན་དུ་གྱུར་པ་སྣང་ལ་རང་བཞིན་མེད་པར་བསྒོམ་ནས་གསོལ་བ་དྲག་པོ་གདབ་བོ། །དེའི་ངང་ནས་རང་གི་གསང་བ་ནས་ཡེ་ཤེས་ཀྱི་མེ་འབར་བས་བླ་མ་ལ་ཕོག་པས། སྐུ་ལུས་ཀྱི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས་ལུས་ལ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་བསམ། ཆུ་རྒྱུན་མགྲིན་པར་སླེབ། གསང་བའི་དབང་
ཐོབ། ངག་གི་སྡིག་སྒྲིབ་དག །སྙིང་གར་སླེབ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྡིག་སྒྲིབ་སངས་དག་པར་བསྒོམ། དེ་ནས་བླ་མ་འོད་མེར་རེ་ལུས་ལ་ཐིམ་པས། ལུས་འོད་དུ་ཡལ་སོང་བར་བསམ་ནས་སེམས་མ་བཅོས་པར་བཞག་གོ། དེ་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་སངས་དག་ནས་དབང་བཞི་པ་ཐོབ་པའོ། །ལྷ་བཞིའི་ཞལ་གདམས་དབང་བཞི་ལུས་ལ་བསྐུར་བ། མ་ཡེངས་ཟླ་བ་གསུམ་གྱིས་འགྲུབ། །ཐོ་རང་ཐུན་རེ་མ་ཆག་བསྒོམས། །མཆོག་དང་ཐུན་མོང་གི་དངོས་གྲུབ། འགྲུབ།། །།ཨིྀྛཿ ། །

ལྷ་བཞིའི་སྒོ་ནས་གཞན་ལ་དབང་བསྐུར་བ།


PS011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཞིའི་སྒོ་ནས་གཞན་ལ་དབང་བསྐུར་བ་བཞུགས་སོ།། ཐི༽ ལྷ་བཞིའི་


PS011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གཞན་ལ་བསྐུར་བ་ནི། མཎྜལ་པདྨ་འདབ་བཞིའི་སྟེང་དུ་ལྷ་རྣམས་བསྐྱེད། ཡེ་ཤེས་པ་བསྟིམ་ལ་མཆོད་བསྟོད་བྱ། ཚོགས་ཀྱི་ཡོ་བྱད་རྣམས་དབུལ། དེ་ནས་སློབ་མའི་སྤྱི་བོར་ལྷ་རྣམས་དམ་ཚིག་པའི་ཚུལ་དུ་བསྐྱེད། མཎྜལ་གྱི་ལྷ་ཚོགས་ལ་གསོལ་བ་བཏབ་པས། ལྷ་རྣམས་རིམ་གྱིས་བད་ཆད་ནས་སྤྱི་བོར་བྱོན་པ་དང་། བྱིན་གྱིས་རློབས་སྙམ་དུ་ཡང་ཡང་མོས་གུས་བྱས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསམ་མོ། །དེ་ནས་ལྷ་བཞི་བླ་མ་ལ་བསྟིམ་པ་དང་། དབང་བཞི་བླང་ངོ། །སྣོད་ལྡན་རེ་ཙམ་ལ་སྟེར་ན་རང་ལ་དབང་བསྐུར་བ་ལྟར་བྱའོ། །འདིའི་བརྒྱུད་པ་ནི།
རྡོ་རྗེ་འཆང་། རཱ་ཧུ་ལ། དེས་ཤངས་པ། དེས་རྨོག་ལྕོག་པ། དེ་སྐྱེར་སྒང་པ། དེས་སངས་རྒྱས་གཉན་སྟོན། དེས་སངས་རྒྱས་སྟོན་པ། དེས་བླ་མ་ཤངས་སྟོན། དེས་རྒྱལ་བ་མུས་ཆེན་པོ། དེས་བླ་མ་རྡོ་རྗེ་གཞོན་ནུ། དེས་རིན་ཆེན་ནམ་མཁའི་རྣལ་འབྱོར་པ། དེས་རྡོ་རྗེ་འཛིན་པ་ཆེན་པོ་དགེ་ལེགས་དཔལ་བཟང་པོ། དེས་རྗེ་བཙུན་དམ་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཀུན་དགའ་དགེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ་ཐུགས་བརྩེ་བའི་སྒོས་དགྱེས་བཞིན་དུ་གནང་བ་ལགས་སོ།། །།

ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བའི་མན་ངག


PS011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བའི་མན་ངག་བཞུགས་སོ།། ༼དི༽ ལྷ་བཞི་དྲིལ་སྒྲུབ་ཀྱི་


PS011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བའི་མན་ངག་གི་རིམ་པ་ནི། ཐོ་རངས་ནམ་གྱི་བརྒྱད་ཆ་ཙམ་ལུས་པ་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། རང་ཐ་མལ་པར་གནས་པའི་སྤྱི་བོའི་གཙུག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བར་འཆར་ཞིང་བདེ་བར་གནས་པ་འོད་ཀྱིས་རང་བཞིན་ཅན། རྩེ་མོ་ཕྲ་བ་རང་གི་ཚངས་བུག་ཏུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ། དེའི་དབུས་སུ་པདྨ་འདབ་མ་བཞི་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ལྟེ་བ་ལྗང་སེར། དེའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ། རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་


PS011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་གསེར་གཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་ནོར་བུ་དང་། གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་གཞུགས་པ། རྡོ་རྗེ་འཆང་དང་། བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ་བསྒོམ། མདུན་གྱི་པད་འདབ་ལ་ཉི་མའི་གདན་གྱི་སྟེང་དུ། གྷཾ་ལས་ཚོགས་བདག་མགོ་གཡས་སུ་བསྟན་པ་ཅིག་གི་སྟེང་དུ་ཧཱུྃ་ལས་གྲི་གུག་ཡུ་བ་ལ་ཧཱུྃ་གི་མཚན་པ། དེ་ལས་འོད་ཟེར་ཕར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་མགོན་པོ་གཞུང་བཞིན་བསྐྱེད། གཡས་ཀྱི་


PS011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པད་འདབ་ལ་ཉི་མའི་གདན་གྱི་སྟེང་དུ་འཇིགས་བྱེད་དང་། དུས་མཚན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་དབུ་སྐྲ་དཔུང་པ་གཡས་པའི་སྟེང་དུ་དམར་སིལ་ལེ་ཡོད་པ། བཅུ་དྲུག་ལོན་པའི་རྣམ་པ་ཅན། སྤྱན་གསུམ་དང་ལྡན་པའི་ཞལ་འཛུམ་ཁྲོའི་རྣམ་པ་དང་ལྡན་པ། མཆེ་བ་ནས་ཙམ་འབུར་བ། སྤྱན་གཡོན་གྱི་ཕྱོགས་སུ་དུས་སུམ་གྱི་སངས་རྒྱས་ཐམས་ཅད་ལ་གཟིགས་པ། གཡས་གྲི་གུག་འཛིན་པ་དཔྱི་མགོ་གཡས་སུ་བརྐྱང་བ། གཡོན་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཐོད་པའི་ཁར་གསོལ་བ། སྤྱི་


PS011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བོར་རུས་པའི་འཁོར་ལོ་དང་རྡོ་རྗེ་འཆང་གིས་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། རུས་པའི་རྣ་ཆ། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། མི་མགོ་ལྔ་བཅུའི་ཕྲེང་བ། ཞབས་གཡས་བརྐྱང་ནས་མ་ཧཱ་དེ་བ་མནན་པ། གཡོན་བསྐུམ་ནས་དབུ་མ་དེ་བ་མནན་པ། མཚན་ཁུང་གཡོན་ན་ཁ་ཊྭཱྃ་ག་བསྣམས་པ་ཞིག་ཝལ་གྱིས་བསྐྱེད་དོ། །རྒྱབ་ངོས་ཀྱི་པད་འདབ་ལ་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གངས་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་སྐྱབས་སྦྱིན་དང་བཅས་པས་བདུད་རྩི་གང་བའི་དྲིལ་བ་དང་།


PS011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་བཟུང་ནས་ཡལ་ག་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ། ཞབས་གཡས་བརྐྱང་། གཡོན་བསྐུམ་པ། འོད་དཔག་མེད་ཀྱིས་དབུ་རྒྱན་པ་ཞིག་བསྒོམ། གཡོན་ངོས་ཀྱི་པད་འདབ་ལ་ཟླ་བའི་སྟེང་དུ་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ལང་ཚོ་དར་ལ་བབས་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ། ཞབས་གཡས་བརྐྱང་། གཡོན་བསྐུམ་པ། ཕྱག་གཡས་སྐྱབས་སྦྱིན། གཡོན་ཨུཏྤལའི་ཡུ་བ་ཐུར་དུ་བཟུང་བ། སྤྱི་བོར་དོན་ཡོད་གྲུབ་པས་དབུ་རྒྱན་པ་ཞིག་བསྒོམ། ཐམས་ཅད་ཀྱི་གནས་


PS011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཡི་གེར་གསུམ་འགོད། དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བླ་མ་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བླ་མ་ལ་ཐིམ་པས། བླ་མ་དེ་ཉིད་སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ། ན་མོ་བུདྡྷ་ཡའི་གསོལ་བ་གདབ་བོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལྷོ་ཤར་ནས་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཐུགས་ཁའི་སྔགས་


PS011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ལས་འོད་ཟེར་དམར་པོ་མེ་འོད་ལྟ་བུ་འཕྲོས། དགྲ་བགེགས་གདུག་ཅན་པ་ཐམས་ཅད་ཚར་བཅད་གདོན་ཐམས་ཅད་ཞལ་དུ་དམར་ཙིར་ཙིར་གསོལ་བར་བསམས་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཅེས་རྩ་སྔགས་བརྗོད། རྗེ་བཙུན་མ་ལ་ཡང་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩི་རྒྱུན་དམར་པོ་བབས། གསང་གནས་ནས་ཐོན་རང་གི་ཚངས་བུག་ནས་ཞུགས་ལུས་ལ་བདེ་ཆེན་བསྐྱེད་པར་མོས་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་མང་དུ་བཟླས། ཐུགས་རྗེ་ཆེན་པོ་ལ་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཕྱག་གཡས་པའི་རིལ་བ་ནས་བདུད་རྩིའི་རྒྱུན་བབས་རང་གི་


PS011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་བུག་ནས་ཞུགས་པས་སྡིག་སྒྲིབ་ཐམས་ཅད་དག །བདེ་བ་ཆེན་པོས་སྐྱེད་པར་མོས། ཨོཾ་བཛྲ་རཀྵ་རཀྵ་ས་མནྟ་ཧཱུྃ་ཕཊ། ཅེས་ཅི་མང་བགྲང་། སྒྲོལ་མ་ལ་ཡང་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཞབས་གཡས་པའི་ཐེ་བོང་ལས་བདུད་རྩིའི་རྒྱུན་བབས། རང་གི་ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་བདེ་བ་ཆེན་པོ་སྐྱེད་པར་བསམ་ནས། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཅེས་ཅི་མང་བགྲང་། དེ་ནས་ལྷ་བཞི་པོ་བླ་མ་ལ་སིབ་སིབ་ཐིམ། བླ་མའི་ཐུགས་ཀ་ནས་འོད་འཕྲོས་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས་དང་། སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ཐིམ་པས། བླ་མ་འོད་ཟེར་དང་འོད་ཟེར་གྱི་རང་བཞིན་


PS011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་སྣང་ལ་རང་བཞིན་མེད་པར་བསྒོམས་ནས་གསོལ་བ་དྲག་པོ་གདབ་བོ། །དེ་ནས་རང་གི་ལྟེ་བའི་གཏུམ་མོའི་མེ་འབར། ཨ་ཝ་དྷུ་ཏིའི་ནང་ནས་ཡར་སོང་ཚངས་བུག་ནས་ཐོན་བླ་མའི་སྐུ་ལ་ཕོགས་པས་སྐུའི་ནང་གི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་མེར་ཏེ་ཞུ། བདུད་རྩིའི་རྒྱུན་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་གང་། བླ་མའི་སྐུའི་བྱིན་རླབས་ཐོབ་ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ་སྙམ་པ་དང་། དེ་བཞིན་དུ་མགྲིན་པ་དང་སྙིང་ཁར་སླེབ་པ་ན། གསུང་དང་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པ་དང་། ངག་དང་ཡིད་ཀྱི་སྒྲིབ་པ་དག །གསང་བ་དང་ཡེ་ཤེས་ཀྱིས་དབང་ཐོབ་སྙམ་པའི་མོས་པ་བྱེད།


PS011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་སླེབ་པ་ན་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་པ་ཐོབ་སྙམ་པའི་མོས་པ་བྱེད། དེ་ནས་བླ་མ་འོད་དུ་མེར་གྱི་ཞུ། རང་གི་སྤྱི་བོ་ནས་མར་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་སྙམ་དུ་བསམས་ནས། ལྟ་ཐོག་ཏུ་ཅུང་ཟད་བཞག །ཆོས་འབྱུང་དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་མོ། །འདིའི་བྱིན་རླབས་གཞན་ལ་བྱེད་པར་འདོད་ན། མཎྜལ་ཕུལ། ཁྱོད་ཞབས་པད་མོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱི། །
བདག་ལ་བློ་མཆོག་སྩལ་དུ་གསོལ། །ཅེས་གསུམ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཅེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་གསུམ་རྣམས་སྔོན་དུ་བཏང་ནས། གང་གི་རང་ཇི་ལྟར་ལེན་པའི་ཆོ་གས་སློབ་མ་ལ་དབང་བསྐུར་བར་བྱའོ།། །། ཨྛྀིཿ

ལྷ་བཞི་བླ་མ་དང་ལྔའི་བསྟོད་པ།


PS011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཞི་བླ་མ་དང་ལྔའི་བསྟོད་པ་བཞུགས་སོ།། ༼ནི༽ ན་མོ་གུ་རུ། ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཡེ་ཤེས་ལྔ་ལྔས་བཞེངས་པའི་སྐུ། །སྤྱན་གྱིས་ཕྱོགས་བཅུའི་སངས་རྒྱས་གཟིགས། །མཁའ་སྤྱོད་མ་ལ་ཕྱག་འཚལ་ལོ། །ཐོད་པ་སྐམ་པོ་ལྔ་ཡིས་ཐོད། །བརྒྱན་རྣམས་རུས་བྱས་དཔའ་


PS011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཅན། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །མཁའ་སྤྱོད་མ་ལ༴། སྐུ་མདོག་མཚལ་གྱི་ཁུ་བ་འདྲ། །ཤིན་ཏུ་དམར་བའི་མདངས་ཉིད་དེ། །ཆགས་ཤིང་བདེ་བ་རྒྱས་པའི་རྟགས། །མཁའ་སྤྱོད་མ་ལ༴། རྗེ་བཙུན་མ་ཡི་མདུན་ངོས་ནས། །བླ་མ་བྲམ་ཟེ་ཆེན་པོ་དང་། །གུ་ཏི་པ་དང་དྷརྨཱ་དང་། །ཨའུ་ཇུ་ཏི་པ་དང་ནི། །ཨ་ཐ་ཡ་ཡི་བཛྲ་དང་། །རྗེ་ནི་རིན་པོ་ཆེ་ལ་སོགས། །བླ་མ་དཔག་ཏུ་མེད་པ་བཞུགས། །བླ་མའི་སྐུ་ལ༴ རྗེ་བཙུན་མ་ཡི་གཡས་ཕྱོགས་ན། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་གངས་རི་འདྲ། །འཁོར་བའི་སྐྱོན་གྱིས་མ་གོས་ཕྱིར། །སྤྱན་རས་གཟིགས་ལ་ཕྱག་


PS011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །གཡས་པའི་ཕྱག་ནི་མི་འཇིགས་ཕྱག །དཔྱི་ནས་ཐུར་དུ་བརྐྱང་བར་མཛད། །སྙིང་རྗེས་སེམས་ཅན་སྐྱབས་པའི་རྟགས། །སྤྱན་རས་གཟིགས་ལ༴ །གཡོན་པའི་ཕྱག་ནི་བསྐུམ་པ་ཡིས། །པདྨ་དཀར་པོ་ལེགས་བསྣམས་པ། །འཇིག་རྟེན་དྲི་མས་མ་གོས་རྟགས། །སྤྱན་རས་གཟིགས་ལ༴ །རྗེ་བཙུན་མ་ཡི་གཡོན་ཕྱོགས་ན། །རྗེ་བཙུན་སྒྲོལ་མ་བཞུགས་པ་ནི། །སྐུ་མདོག་ལྗང་གུ་འགྱིང་བག་ཅན། །སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ། །གཡས་པའི་ཕྱག་ནི་མི་འཇིགས་ཕྱག །གཡོན་པའི་ཕྱག་ན་ཨུཏྤལ་འཛིན། །ཞབས་ནི་ཕྱེད་ཀྲུང་དག་ཏུ་བཞུགས། །སྒྲོལ་མའི་སྐུ་
ལ༴ །དབུ་སྐྲ་དག་ནི་མཐོན་མཐིང་ལ། །སྤྱི་བོར་དོན་ཡོད་གྲུབ་པས་མཚན། །མཚན་དང་དཔེ་བྱད་འབར་བ་ཡི། །སྒྲོལ་མའི་སྐུ་ལ༴། རྗེ་བཙུན་མ་ཡི་རྒྱབ་ཕྱོགས་ན། །མགོན་པོ་མ་ཧཱ་ཀཱ་ལ་ནི། །སྐུ་མདོག་ནག་པོ་མུན་རུམ་འདྲ། །སྐུ་ནི་རི་རབ་ལས་ཀྱང་ཆེ། །ཞབས་གདུབ་དང་བཅས་བི་ནཱ་ཡཱ་ཀཱ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད། །ལྷ་བཞི་བླ་མ་དང་ལྔ་ཡི་བསྟོད་པ་ལགས་སོ། །རྗེ་བཙུན་མས་གཙོ་བྱས་པའི་མདུན་བསྐྱེད་དུ་སྒྲུབ་པའི་བསྟོད་པ་ཡིན་པ་ཤེས་པར་བྱའོ།། །།

མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡི་གེ།


PS011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡི་གེ་བཞུགས་སོ།། ༼པི༽ ཨོཾ་


PS011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་སིད་བྷཾ་མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་། གནས་དབེན་པ་དམ་ཚིག་མི་གཙང་བ་དང་གྲིབ་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། བཀྲ་ཤིས་པའི་གནས་སུ། ས་གཞི་ཕྱག་བརྡར་དང་ཆག་ཆག་ལེག་པོར་བྱས། དཀོན་མཆོག་གི་རྟེན་དང་ཁྱད་པར་མགོན་པོ་འདིའི་བྲིས་སྐུ་སོགས་ལེགས་པར་བཤམས། ས་གཞི་དྲི་བཟང་གིས་བྱུགས་པར་བསམ། མཎྜལ་པདྨ་དཀར་པོ་འདབ་མ་བཞི་པ། ལྟེ་བར་ཉི་མའི་དཀྱིལ་འཁོར་དང་བཅས་པ་མཐའ་མེ་རིས་བསྐོར་བ་བྲིས། ལྟེ་བ་ལ་ཧཱུྃ་དཀར་པོ་བྲིས། མཐའ་མཆོད་པ་དང་སྤྱན་གཟིགས་ཀྱིས་བསྐོར། ཟས་སྣ་ཚོགས་ཚད་བཤམས།


PS011_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་སྟེང་དུ་མཉྫི་ལ་སོགས་པའི་ཐོག་ཏུ་གཏོར་མ་དཔལ་བཤོས་ཟུར་གསུམ་མར་གྱིས་ནོར་བུ་དང་སྦྲང་རྩི་ལ་སོགས་པས་རྒྱན་ཅིང་། མདའ་བྱ་རྒོད་མ་ལ་དར་དང་མེ་ལོང་དང་མགོན་པོ་འདིའི་ཙཀླི་བཏགས་བཙུགས་གཙུགས་པ་བཞག་པར་བྱའོ། །དེ་ནས་སློབ་དཔོན་རང་ཉིད་མགོན་པོའི་བསྒོམ་བཟླས་དང་། མདུན་བསྐྱེད་མཎྜལ་བསང་སྦྱངས་དབུས་ཀྱི་ཧཱུྃ་ལས་མགོན་པོར་བསྐྱེད་ཅིང་། ཡེ་ཤེས་པ་སྤྱན་དྲངས་ནས་གཞུག་པ་དང་། གསལ་འདེབས་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་རྫོགས་པར་བྱས་ནས། སློབ་མ་ཅིག་ཁྲུས་བྱས་ཏེ་གསེར་གྱི་མཎྜལ་ཕུལ་ནས་མདུན་དུ་འདུག་པ་ལ་སྤྱི་བོར་མགོན་པོ་ཐུགས་བསྐྱེད་ཚུལ་


PS011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྱད་པར་དུ་མགོན་པོ་འདི་ཉིད་ཆོས་སྒྲུབ་པའི་མཐུན་རྐྱེན་དགོས་འདོད་མ་ལུས་པ་སྩོལ་ཞིང་དབུལ་བའི་རྒུད་པ་མཐའ་དག་ལས་སྐྱབས་པ་དང་། དེའི་གདམས་པ་ཁྱད་པར་ཅན་བླ་མ་རཱ་ཧུ་ལས། བླ་མ་འཁྱུང་པོ། འཕན་ཡུལ་འཇོག་པོའི་རི་ལ་བཞུགས་དུས། རྒྱ་གར་ནས་ནམ་ལངས་པ་ལ་བྱོན་ནས་འཕན་ཡུལ་དུ་ཉི་མ་ཤར་བ་ཙམ་ལ་འཕེབས་པ་མཛད། གདམ་ངག་སྐོར་སྐྱེལ་མཛད་པའི་ལོ་རྒྱུས་བཤད་ནས་སྤྲོས་པ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱི་སེམས་བསྐྱེད་ཅིང་སྡོམ་པ་ལན་དུ་གཞུག །སློབ་མས་ཐལ་མོ་སྙིང་གར་སྦྱར་ཏེ། གང་གི་དྲིན་གྱི་


PS011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་གནས། །ཞེས་སོགས་ཀྱི་མཐར། ཁྱོད་ཞབས་པདྨོ་སྤངས་ནས་ནི། །སོགས་སྦྱར་བ་ལན་གསུམ་གྱིས་གསོལ་བ་གདབ། བླ་མ་རྗེ་བཙུན་ཁ་སར་པཱ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀར་མགོན་པོ་ཡིད་བཞིན་གྱི་ནོར་བུ། དེའི་ཐུགས་ཀར་དབང་བསྡུད་ཀྱི་མཁའ་འགྲོ་མ་དམར་མོ། དེའི་ཐུགས་ཀར་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་པ། དེའི་སྟེང་དུ་ཧཱུྃ་དཀར་ལ་དམར་བའི་མདངས་ཆགས་པ་སློབ་མས་སྒོམ་ནས། དེ་ལ་མོས་འདུན་དྲག་པོ་བྱེད་དུ་གཞུག །སློབ་མ་ཐ་མལ་དུ་གནས་པའི་སྙིང་གར་ཐིག་ལེ་དམར་པོ་གཅིག་གི་སྟེང་དུ་ཐིག་ལེ་དཀར་པོ་གཅིག་བསྒོམ།


PS011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། མགོན་པོ་སྐུ་ཅི་འདྲ་བ་བསྐྱེད་པའི་ཐུགས་ཀར་པད་ཉིའི་སྟེང་དུ་ཐིག་ལེ་དམར་པོའི་སྟེང་དུ། ཧཱུྃ་དཀར་པོ་དང་བཅས་བསྒོམ་དུ་བཅུག་ནས། སློབ་མས་མོས་འདུན་དྲག་པོས་ཐལ་མོ་སྦྱར་ཏེ། བདག་ལ་སྐུའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། སློབ་དཔོན་གཉིས་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བསིལ་བའི་ཚལ་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་སློབ་མ་ལ་སྟིམ། བླ་མ་བརྒྱུད་པ་རྣམས་ཀྱི་མཚན་བརྗོད། ཡེ་ཤེས་ཀྱིས་མགོན་པོ་ཁྱོད་ཀྱིས་རྡོ་རྗེ་སློབ་མ་འདི་ཞེས་བྱ་བའི་ཕྱི་


PS011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྒྱུག་ལ་ལུས་ལ་དྲི་མ་བཞིན་འགྲོགས་ནས་སངས་རྒྱས་ཐོབ་ཀྱི་བར་དུ་ཕྲིན་ལས་གང་སྒོ་བ་སྒྲུབས་ཤིག །ཅེས་བཀའ་སྒོ་བ་ལན་གཅིག་བྱའོ། །གསུང་གི་རྗེས་གནང་ནི། བླ་མ་ལ། བདག་ལ་ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། བླ་མ་ཁ་སར་པཱ་ིའི་ཐུགས་ཀའི་མགོན་པོའི་ཐུགས་ཀར་ཧཱུྃ་དཀར་པོ་ལ་སྙིང་པོ་ཡིག་འབྲུ་བཅུ་གསུམ་གྱི་བསྐོར་བ་བཀོད། དེ་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འབྱུང་སྟེ། སློབ་མའི་ཁ་ནས་ཞུགས། སྙིང་གར་ཧཱུྃ་དཀར་པོའི་མཐའ་མ་ལ་འཁོར་བར་དམིགས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། བཀའ་སྒོ་སྔར་ལྟར་


PS011_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་ཡང་སློབ་མས་བདག་ལ་ཡེ་ཤེས་མགོན་པོའི་ཐུགས་ཀྱི་བྱིན་རླབས་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། བླ་མའི་ཐུགས་ཀའི་པད་ཉིའི་སྟེང་དུ་ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་ལ་འཚེར་བའི་ནཱ་ད་སངས་རྒྱས་མཁའ་འགྲོ། དེའི་ཕྱོགས་བཞིར་མཁའ་འགྲོ་རིགས་བཞི་བཞུགས། དེ་དག་བླ་མའི་ཤངས་བུག་གཡས་ནས་ཐོན་སློབ་མའི་སྣ་བུག་གཡོན་ནས་སྙིང་གར་ཞུགས་པར་བསམས་ནས་བཀའ་སྒོ་སྔར་ལྟར་བྱའོ། །ཡང་སློབ་མས་བདག་ལ་ཡེ་ཤེས་མགོན་པོའི་ཕྲིན་ལས་ཀྱི་དབང་བྱིན་གྱིས་རླབ་ཏུ་གསོལ། ཞེས་གསོལ་བ་བཏབ། བླ་མའི་རྩ་འཁོར་བཞི་དང་། སྨིན་ཕྲག་དང་ལྔར་མཁའ་འགྲོ་


PS011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ལྔས་མཚན་པ་ལྔ་སྒོམ། བླ་མའི་སྐུའི་མཁའ་འགྲོ་དེ་དག་ལས་མཁའ་འགྲོ་དཔག་ཏུ་མེད་པ་འཕྲོས། བླ་མའི་ཐུགས་ཀའི་མགོན་པོའི་ཞབས་འོག་གི་ཚོགས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ནོར་ལྷ་སོགས་དང་། འཇིག་རྟེན་འབྱུང་པོ་མཐུ་ཆེ་བ་རྣམས་དང་། སྒྲུབ་བྱ་དབང་དུ་བྱ་བ་འདོད་པ་དེ་དག་བཀུག་སྟེ། ཚོགས་བདག་ལ་བསྟིམ། བླ་མའི་རྩ་འཁོར་བཞིའི་མཁའ་འགྲོ་མ་རྣམས་དབུ་མའི་ནང་ནས་ཡར་སོང་། སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ། དེ་རྣམས་ལས་མཁའ་འགྲོ་དང་དཔག་ཏུ་མེད་པ་འཕྲོས་རིགས་དེ་འདྲ་བ་དཔག་ཏུ་མེད་པ་དབང་དུ་བསྡུས། སློབ་མའི་སྨིན་ཕྲག་གི་
མཁའ་འགྲོ་ལྔ་ལ་ཐིམ་པར་བསམ་མོ། །ཐོད་པའི་ནང་གི་བུམ་པ་རིན་པོ་ཆེས་ཁེངས། དེ་ལུད་པས་ཐོད་པ་ཁེངས་ཏེ་ལུད་པར་བསམ་མོ། །དེ་ནས་བསྒྲུབ་པའི་ལུང་བྱིན། ཚོགས་བྱིན་གྱིས་བརླབས་ཏེ་རྒྱས་པར་དབུལ་ཞིང་། ལོངས་སྤྱོད་དགེ་བའི་རྩ་བ་བསྔོ། །བཀྲ་ཤིས་དང་སྨོན་ལམ་བྱའོ།། །།

སྒྲུབ་ཐབས་དགོངས་པ་ཀུན་བྱུང་གདམ་ངག་གི་རྒྱལ་པོ།


PS011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དགོངས་པ་ཀུན་བྱུང་གདམ་ངག་གི་རྒྱལ་པོ་བཞུགས་སོ།། ༼ཕི༽ བླ་མ་མགོན་པོ་ཌཱ་ཀིའི་ཞབས་བཏུད་ནས། །མྱུར་མཛད་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། དགོངས་པ་ཀུན་བྱུང་བའི་གདམས་ངག་གི་རྒྱལ་པོ། དངོས་གྲུབ་མ་ལུས་པའི་བདག་ཉིད་


PS011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་འདི་ལ་དོན་བཞི་སྟེ། ལོ་རྒྱུས་སྦྱོར་བ། དངོས་གཞི། རྗེས་སོ། །དེ་ལ་འདིའི་ལོ་རྒྱུས་ནི་རྒྱས་པར་གཞུང་དུ་གསལ་ལོ། །དགོས་དོན་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རཱ་ཧུ་ལ་གུ་པ་ཏ་བཛྲ་གྱི་བདག་ཁྱུང་པོ་རྣལ་འབྱོར་ལ་བརྩེ་བ་ཆེན་པོས་བོད་ཡུལ་དབུས་སུ་སྐྱེལ་དུ་བྱོན་པའི་གདམས་པའོ། །འདིའི་སྦྱོར་བ་ལ་གསུམ་ལས། དང་པོ་བླ་མ་མགོན་པོ་དབྱེར་མེད་ལ་སོགས་པའི་དབང་ཞུས། རྒྱུད་སྨིན་པར་བྱེད་པ་ཡིན་པས། དངོས་གྲུབ་ལ་གསོལ་བ་ལོ་ཟླའི་བར་དུ་གདབ། གཉིས་པ་འདི་རང་གིས་བཀའ་ཞུ། གསུམ་པ་རིན་པོ་ཆེ་བསམ་འཕེལ་འདིའི་རྫས་བསགས་པ་ནི། བྲིས་སྐུ་བཞེངས་ལ་རབ་གནས་གཞུང་བཞིན་བྱའོ། །


PS011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་མདའ་གང་པ་ལ། དྲི་བཟང་པོའི་ཆག་ཆག་གདབ། དྲི་ལུགས་ནི། དབུས་ལྟེ་བ་དཀར་ལ་པདྨ་འདབ་བཞིས་ཕྱོགས་ཚོན། དེ་ཕན་ཆད་དཀྱིལ་འཁོར་སྤྱི་དང་མཐུན་ནོ། །བྲིས་སྐུ་བཞེངས་པ་ནི། ཕྱག་མཚན་སོགས་འདིའི་གཞུང་ལྟར་བྱའོ། །རས་གཞིའི་སྐྱ་ཞལ་གྱི་གསེབ་ཏུ་གྲི་ཁྲག །སིནྡྷུ་ར། བླ་མ་བཟང་པོའི་གདུང་། རིན་པོ་ཆེ་སྣ་ཚོགས་ཚད་རྣམས་ཕྱེ་མར་བྱས་ཏེ། སྦྱར་བ་སྐར་མ་རྒྱལ་གྱི་སྔ་དྲོའི་ཆ་ལ་བྱུགས། དེའི་སྟེང་དུ་མགོན་པོའི་རྩ་སྔགས་ལ་སོགས་པ་བཟླས་ལ་བྱུགས། དེའི་སྟེང་དུ་རྩ་སྔགས་སིནྡྷི་མ་ཤང་ཚད་བྲི། ལྷ་བཟོ་དབང་པོ་ཚང་བ། ཕྱུག་པ། སྡོམ་པ་དང་ལྡན་པ་


PS011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ཁ་བྱང་དུ་བསྟན་ལ་བྲིའོ། །དེའི་ཉིན་པར་དངོས་གྲུབ་འབྱུང་བའི་གནད། རིག་མ་མཚན་ཉིད་དང་ལྡན་པ་གཅིག་བཙལ་ཟས་སྣ་ཚོགས་བྱའོ། །རབ་གནས་སྤྱིར་དང་མཐུན་ལ། ཡིད་ལ་འདོད་པ་དགུ་སྩོལ་བའི་དངོས་གྲུབ་ཞུ་བའི་གསོལ་བ་ཡུན་རིང་དུ་ཡེ་ཤེས་པ་ལ་བཏབ་ནས། ཡེ་ཤེས་པ་དགུག་གཞུག་བརྒྱ་རྩལ་སོགས་པ་བྱེད་པ། མན་ངག་ཡིན་ནོ། །འདི་ཞལ་ཤེས་ཡིན་ནོ། །དངོས་གཞི་ནི་མཚན་ཉིད་དང་ལྡན་པར་གང་གི་བཅའ་གཞི་རྣམས་ལེགས་པར་ཚོགས་པར་བྱས་ཏེ། སྟན་བདེ་བ་ལ་འདུག །སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱའོ། །ཁྱད་པར་དུ་སེམས་ཅན་ཐམས་ཅད་དབུལ་བའི་


PS011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་བྲལ་བར་བྱས་ནས། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་འདི་སྒོམ་ལ་གསོལ་བ་གདབ་པ་དང་བཟླས་པ་སོགས་བྱའོ་སྙམ་ནས་སྙིང་ཐག་པ་ནས་ཁ་ཙམ་ཚིག་མ་ཡིན་པར་བྱ། དེ་ནས་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་བྱ་སྲན་ཙམ་གཅིག་བསྒོམ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་འདྲ་བ་གཅིག་བསྒོམ། དེ་ཉིད་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡི་གེ་ཧཱུྃ་ཐིག་ལེ་དང་བཅས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་གཅིག་བསྒོམ། དེ་ལ་སེམས་གཏད་དེ་སྒོམས་པས་དེ་གཉིས་


PS011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདྲེས་པ་ལས་རང་གི་མདུན་དུ་བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། སྤྱན་གསུམ་པ་ཕྱག་དྲུག་པ། ཕྱག་གཡས་ཀྱི་དང་པོ་གྲི་གུག་འཕྱར་བ། གཉིས་པ་ནོར་བུ། གསུམ་པ་ཌཱ་མ་རུ། གཡོན་གྱི་དང་པོ་ཐོད་པ། བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་བཀང་བ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པ། བར་པ་རྩེ་གསུམ། ཐ་མ་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། པདྨ་རིན་པོ་ཆེའི་ཆུ་འཕྱང་སྣ་ཚོགས་ཀྱིས་མཛེས་པའོ། །ཞབས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འགྲོ་འཕྲོ་ལ་བཞུགས་པ་འདྲ་བའི་འོག་


PS011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཚོགས་བདག་རེ་མནན་ཏེ་ཁ་དང་། ཤང་ལམ་ཐམས་ཅད་ནས་རིན་པོ་ཆེ་ལྷུག་ལྷུག་ཡོད་པ་འདྲ་བ་གཅིག་བསྐྱེད། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ་ཞལ་འཛུམ་བག་དང་ལྡན་པ་གཅིག་བསྒོམ། མགོན་པོའི་ཐུགས་ཀར་དབང་བསྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་རྒྱན་སྣ་ཚོགས་ཀྱིས་རྒྱན་པ། ཕྱག་གཡས་ལྕགས་ཀྱུ། གཡོན་ཐོད་པ་བསྣམས་པ་ཞབས་གར་སྟབས། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་བསྡུད་པ་གཅིག་བསྐྱེད། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་


PS011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྐྱེད། དེ་ལས་འོད་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མགོན་པོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཕྱི་མཆོད་ནང་མཆོད་འབུལ། བསྙེན་པའི་དུས་སུ་ཐིག་ལེ་དེ་ལ་རྩ་སྔགས་ཀྱི་གཡས་ཕྱོགས་ནས་བསྐོར་བར་བསམ་ལ། བསྙེན་སྔགས་ཆུ་བོའི་རྒྱུན་བཞིན་འབུམ་ཕྲག་གསུམ་སྔགས་གཞན་དང་མི་བསྲེ་བར་ཚིག་གཞན་གྱི་བར་མ་ཆད་པར་བཟླའོ། །བཟླས་བྱའི་སྔགས་ནི་འདིའོ། །གུ་རུ་མ་ཧཱ་ཀཱ་ལ། ཧ་རི་ནི་ས་སིདྡྷི་ཛཿཡིག་འབྲུ་བཅུ་གསུམ་གནད་ཀྱི་གུ་གུ་བཞི་དང་། ཞབས་ཀྱུ་གཉིས་ཁམས་གསུམ་དབང་སྡུད་ཀྱི་


PS011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའོ། །རྟགས་ནི་བླ་མ་དུར་ཁྲོད་པ་དངོས་སུ་འབྱོན་པ་དང་། རིག་མ་མཚན་ལྡན་གྱི་དངོས་གྲུབ་སྟེར་བ། ཞལ་མཐོང་བ། ཁམས་གསུམ་གྱི་སེམས་ཅན་ལ་དབང་བསྒྱུར་བ། རྨི་བ་སོགས་ཉམས་སྣང་དང་། མངོན་སུམ་དུ་འབྱུང་ངོ། །བཅོམ་ལྡན་འདས་ལ་གཏོར་མ་འབུལ་བ་ནི། ཟུར་གསུམ་ཁྲུ་གང་པ་ཤ་ལྔའི་བརྒྱན་དང་། ཟས་སྣ་ཚོགས་ཚད་བསགས་ནས་གཏོར་མ་སྣོད་ཁེངས་པ་བཤམས་ལ། དཀྱིལ་འཁོར་གྱི་དབུས་སུ་བཞག །དེ་ལ་བྲིས་སྐུ་གཟུགས། གཡས་སུ་མཁའ་འགྲོ་སྤྱི་གཏོར། གཡོན་དུ་གཞི་བདག་གཏོར་མ། རྒྱབ་ཏུ་གནོད་སྦྱིན་སྦྱིན་གྱི་གཏོར་མ། མདུན་དུ་མཆོད་པ་སྣ་ལྔ་ཅི་འབྱོར་པ་བཤམས། གནད་གཅིག་ལ་འདིའི་ལུང་ཞུ་


PS011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། བསྒྲུབ་པ་བྱེད་དུས་གསོལ་བ་གདབ། ཚེས་བཅུ་ལ་གཏོར་མ་བྱེད་དུས་ཟས་སྣ་ཚོགས་ཚད་བསགས་ལ་ཚོགས་འཁོར་བྱེད་པ་གལ་ཆེ། རྗེས་གནང་ཞུ་དུས་ཕྱག་རྟེན་གང་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འབྱུང་། དེ་ལྟར་མིན་ན་དངོས་གྲུབ་ཡལ་གསུངས་སོ། །དམ་ཚིག་ལྡན་པས་རྣལ་འབྱོར་པས། །ཚོགས་འཁོར་བཤམས་དང་བཅས་པས་འགྲུབ། །ཅེས་ཡིད་བཞིན་ནོར་བུའི་རྒྱུད་ལ་གསུངས་སོ། །དེ་ཡི་བསྐྱེད་རིམ་བསྟན་པ་ནི། རྫོགས་པའི་རིམ་པ་ནི། རང་གི་སེམས་ཉིད་ཐིག་ལེ་དམར་པོ་གྱུར་པ་སྙིང་ག་ནས་ཡོད་པ། དེ་ལ་སེམས་གཏད་དེ་རྩེ་གཅིག་ཏུ་བཞག་ནས་སེམས་བཟུང་བས་སེམས་གཏན་ལ་ཕེབས། ཐིག་ལེ་འོད་དུ་ཡལ་


PS011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བའི་ངང་ལ་ཇི་ཙམ་གནས་ཀྱི་བར་ལ་བཞག་གོ། བཞག་པའི་ངང་ནས་རིག་རིག་པ་དེ་རིག་སྟོང་། འགྱུ་འགྱུ་བ་དེ་འགྱུ་སྟོང་། མ་སྒྲིབ་པར་གསལ་བ་དེ་གསལ་སྟོང་། ཡིན་མིན་གྱི་མཐའ་བྲལ་བས་རྨི་ལམ་གྱི་སྣང་བ་སྒྱུ་མའི་རང་བཞིན་ཞེས་པ་དེ་ལ་གསལ་གདབ་སྟེ་ངོ་སྤྲད་པ་དེའམ། དེ་ནི་རྫོགས་པའི་རིམ་པའོ། །དེའི་སྟེང་ནས་འགྲོ་འཆག་ཉལ་འདུག་གི་སྣང་བ་ཡང་དེ་ཁོ་ན་བཞིན་དུ་ཉམས་སུ་ལེན་པ་ཁོ་བོ་ཁྱུང་པོ་རྣལ་འབྱོར་པའི་ལོངས་སྤྱོད་ཚུལ་ལོ། །སྒྲུབ་པ་འདི་ལ་གསོལ་འདེབས་ཁོ་ན་གལ་ཆེ། བསྒྲུབ་པ་ཐོན་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་ཆེ་བ་དངོས་གྲུབ་ཏུ་ལེན་པ་ཡིན།


PS011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ཀྱི་ཁར་མི་སྦྱིན། ཁྱི་དང་བ་གླང་ལ་མི་སྦྱིན། གཏོར་མ་གཞན་རྣམས་ལ་མཆོད་བསྟོད་གཞུང་བཞིན་བྱས་ལ། གཏོར་མ་ནང་ནུབ་ཚ་བ་གཡོ་དུས་དང་། སྦྱིན་སྲེག་གཞུང་བཞིན་བྱེད་དུས་སུ། སྲེག་སྔགས་ལ་ཁམས་གསུམ་དབང་བསྡུད་ཀྱི་སྔགས་ལ་པ་ཙ་ཁཱ་ཧི་བཏགས་ལ། དེ་མ་ཡིན་པའི་སྤྱན་འདྲེན་བསྟོད་བསྐུལ་གཏོར་སྔགས་མགོན་པོའི་གཞུང་བཞིན་བྱེད་པ་གནད་ཡིན་གསུང་། རྗེས་བསྔོ་བ་དང་། མི་དམིགས་པས་རྒྱས་འདེབས་ཤིང་། བཀྲ་ཤིས་བཀའ་རྒྱ་མ་བརྗོད། བདག་ཁྱུང་པོ་རྣལ་འབྱོར་པས་ཞལ་གདམས་ཡི་གེར་བཀོད་པ། བླ་མ་མགོན་པོ་མཁའ་འགྲོས་བཟོད་པར་གསོལ། གསེར་ཆོས་རྣམས་ཀྱི་ནང་ནས།
མགོན་པོའི་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་འགྲུས་ཁྱོད་ལ་གཏོད། ཆིག་བརྒྱུད་ལས་མ་སྤེལ་ཞིག །ཨྛིྀཿ

ཞི་བ་ནོར་དུ་སྒྲུབ་པའི་གདམས་པ།


PS011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ནོར་དུ་སྒྲུབ་པའི་གདམས་པ་བཞུགས་སོ།། ༼བི༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལས་ཁ་ཚར་འདི་ལ་ཞི་བ་ནོར་དུ་བསྒྲུབ་པ། དྲག་པོ་མཐུ་རུ་སྒྲུབ་པ་གཉིས་ལས། འདིར་མྱུར་མཛད་ཅེས་པ་ལ་རྟེན་ནས། ཞི་བ་ནོར་དུ་སྒྲུབ་པའོ། །དེ་ལ་དང་པོ་དཀྱིལ་འཁོར་བྲི་བ་དང་། བུམ་པ་བཅའ་བ་དང་། རྫས་རྣམས་བསགས་པ་དང་། ལྷ་བསྐྱེད་པ་དང་། བསྙེན་པ་བསྐྱེད་པ་དང་། རྟགས་ཐོན་པའོ། །དེ་ལ་དཀྱིལ་འཁོར་བྲི་བ་གཞུང་ལྟར་བྱ། བུམ་པ་བཅའ་བ་དཀྱིལ་འཁོར་བྲིས་པའི་མཉྫི་ལ་


PS011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཁར་བཞག །གཟུངས་ཐག་ནང་རྫས་སོགས་དང་ལྡན་པར་བྱ། མཆོད་གཏོར་རྒྱས་པ་བཤམས། སྭ་བྷཱ་ཝའི་སྔགས་ཀྱི་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ནང་གཞལ་ཡས་ཁང་དུ་བསམ། པདྨ་དང་ཉི་མའི་གདན་སྟེངས་ཧྲཱིའམ་གྷ་ཏའི་ཡིག་འབྲུ་ལས་འོད་འཕྲོས། འགྲོ་བའི་དོན་བྱས། ཡིག་འབྲུ་ལ་ཐིམ། ཧྲཱིཿལས་མགོན་པོར་ཀྲོང་གིས་བསྐྱེད། དེ་ཡང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། གཡས་དང་པོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། གཉིས་པ་ན་ནེའུ་ལེ། གསུམ་པ་ན་བུམ་པ། གཡོན་དང་པོ་ན་ལོངས་སྤྱོད་པའི་འཁོར་ལོ། གཉིས་པ་ན་ནེའུ་ལེ། གསུམ་པ་ན་འགུགས་པའི་ཕྱག་རྒྱ། མཐེ་


PS011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བོང་སྲིན་ལག་སྤྲད་པའོ། །དེ་ནས་ཡེ་ཤེས་པ་གཞུག །དབང་བསྐུར་རྫོགས། །བྱང་ཆུབ་སེམས་ཀྱིས་ཐོགས་དྲངས་ལ། །ཡན་ལག་བདུན་པ་རྫོགས་པར་བྱ། །དེའི་ཐུགས་ཀའི་ཧྲཱིཿལས་ནི། །སྔགས་ལ་ཤམ་བུར་བཅས་པས་བསྐོར། །གྷའམ་ཧྲཱིཿལས་འོད་འཕྲོས་པས། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །གཟུངས་ཐག་བཟུང་ལ་སྙིང་པོ་བཟླས། །ལྷ་ཡི་ཐུགས་དམ་རྒྱུད་བསྐུལ་ནས། །འོད་བྱུང་བུམ་པའི་རྫས་ལ་ཕོག །རིན་པོ་ཆེ་དང་བདུད་རྩིར་གྱུར། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །དགོས་འདོད་མ་ལུས་འོད་ཀྱིས་བསྡུས། །ནོར་གྱི་ཆར་པ་ཕབ་བྱ་སྟེ། །བུམ་པའི་ནང་དུ་ཐིམ་པར་བསམ། །ཨོཾ་མ་ཧཱ་ཀཱ་ལ་གྷ་ན་


PS011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཏ་ཡེ་སྭཱ་ཧཱ། ཞེས་པའི་སྙིང་པོ་ནི། སྨྲ་བཅད་ཁམས་ཀྱི་ཐུབ་ཚད་བགྲང་། །གསོལ་བ་འདེབས་ལུགས་འདི་བཞིན་བྱ། །ཇོ་བོ་གཟི་ལྡན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱིད་པ་ཡིས། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །སྦྱིན་པ་ཡོངས་སུ་རྫོགས་བྱའི་ཕྱིར། །འབྱོར་པ་ཆེན་པོའི་དངོས་གྲུབ་སྩོལ། །ཞེས་གསོལ་བ་ལན་བདུན་གདབ་བོ། །རྟགས་ནི་འདི་ལྟར་ཤེས་པར་བྱ། །སྒྲུབ་པར་བྱས་པའི་དུས་སུ་ནི། །ནོར་ཟས་དབུལ་བ་བྱུང་ན་བཟང་། །ཞལ་མཐོང་བ་ནི་རབ་ཡིན་ནོ། །རྨི་ལམ་རྟགས་ནི་འདི་ལྟ་སྟེ། །མེ་ཏོག་འཐུང་དང་རྩས་མ་རྔ། །གཞན་གྱི་ཟས་ནོར་དབུལ་བ་དང་། །འཕྱིང་པ་གོས་དཀར་གྱོན་པ་དང་། །


PS011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་ལོངས་སྤྱོད་བྱེད་པ་དང་། །གོ་ཆ་དམག་མི་རྨིས་ན་བཟང་། །སྒྲུབ་པ་ཐོན་པའི་དུས་སུ་ནི། །བུམ་པའི་ནང་ནས་རང་ཉིད་བཟའ། །དངོས་གྲུབ་བླང་བའི་དོན་ཡང་ཡིན། །མ་གྲུབ་ལན་གསུམ་སྦྱར་བར་བྱ། །དངོས་སུ་བྱུང་བའི་རྫས་རྣམས་ལ། །རྟེན་བཞེངས་སྒྲུབ་ལ་བརྩོན་པར་བྱ། །དཀོན་མཆོག་གསུམ་ནི་མཆོད་པར་བྱ། །དབུལ་པོ་རྣམས་ཀྱི་དོན་ཡང་བྱ། །རང་ལ་ཞེན་ཆགས་མེད་པར་བྱ། །དེ་ནས་བྱང་ཆུབ་སྙིང་པོའི་བར། །ཁོ་བོའི་ཡོན་བདག་བྱེད་པར་འགྱུར། །འདིའི་ཡིག་སྣ་ཡོད་པ་ཙམ་གྱི་དབང་པོ་འཕེལ། འབྲུ་འཁྲུང་། ཚོང་ལེགས་འོང་། བསམ་པ་འགྲུབ་བོ། །གཏོར་མ་ཆེ་བ་རྟག་ཏུ་བཟུང་། །གཏོར་ཆུང་ཞག་རེ་ལ་ཉི་ཤུ་རྩ་གཅིག་རེ་བཏང་། སྒྲུབ་པ་
བྱེད་པའི་དུས་སུ་འོང་། སྒྲུབ་པའི་དུས་ནི། ཡར་ངོའི་སྐར་མ་རྒྱལ་དང་འཛོམས་པའི་ཚེས་བརྒྱད་ནས་ཟླ་བ་ཕྱི་མ་གནམ་སྟོང་བར་དུ་བྱའོ།། །།གུ་ཧྱ་ས་མ་ཡ་ཨིྀྛཿ

མགོན་པོ་གཟི་ལྡན་གྱི་སྒྲུབ་ཐབས།


PS011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་གཟི་ལྡན་གྱི་སྒྲུབ་ཐབས་བཞུགས་སོ།། ༼མི༽ མགོན་པོ་གཟི་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བུམ་པ་ཡངས་ཤིང་ཆུ་ཡོངས་སུ་གྲགས་པ་དང་ལྡན་པ། མ་ཆག་མ་གས། ལྷན་པ་མེད་པ། དྲི་མ་དང་བྲལ་ཞིང་གཙང་མའི་ནང་ནས་དཀར་མོ་པད་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། སྦུར་སོགས་དང་། སྲན་མ་དང་། རྡོ་ལ་སོགས་པ་ཅིག་ཀྱང་མེད་ཅིང་། ས་ལ་སོགས་པ་དང་བྲལ་བ་ཕྱུག་པོའི་བང་མཛོད་ནས་བྱུང་བའམ། ཡང་ན་འབྲས་དཀར་མོ་མ་གྲུབ་པ་སྟེ།


PS011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་གང་ཡང་རུང་བས་ཁེངས་པར་བཀང་། དེའི་ནང་དུ་གསེར། དངུལ། མུ་ཏིག །བྱུ་རུ། མུ་མེན། གཡུ་སྙིང་། །ཟངས་དང་པདྨ་ར་ག་དུང་ལ་སོགས་པའི་རིན་པོ་ཆེ་རྙེད་ཚད་དང་། གོས་དར་བཟང་པོའི་རས་མ་ཅི་རིགས་པ་རྙེད་ཚད་དང་། ཇ་དཀར་ནག་དང་། ཤ་མར་བུ་རམ། ཀ་ར་རྒུན་འབྲུམ་ལ་སོགས་པའི་ཟས་སྣ་བཟང་པོ་རྙེད་ཚད། ཨ་རུ་ར་རྣམ་རྒྱལ་ལམ། མ་རྙེད་ན་ཡང་གཞན་གསེར་མདོག་བཟང་པོ་དང་། །བཟང་དྲུག་དང་། ག་བུར། ཨ་ཀ་རུ། ཙན་དན་དཀར་དམར་དབང་ལག་ལ་སོགས་པའི་སྨན་རྣམས་གཞུག་ཅིང་། དེ་དག་གི་དབུས་སུ་བུམ་པའི་མགྲིན་པ་དང་ལྟེ་བའི་མཚམས་


PS011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅུང་ཟད་མཐོ་བ་ཙམ་དུ། མགོན་པོ་གཟི་ལྡན་གྱི་སྐུ་ཙཀླིི་རབ་གནས་ཚུལ་བཞིན་དུ་བྱས་པ་ཞལ་བུམ་པའི་མཆུ་ལ་བསྟན་ཅིང་བུམ་རྫས་ཀྱི་ནང་དུ་ནུབ་པ་བཞུགས་སུ་བཅུག །བུམ་པའི་མཆུ་རང་ལ་བསྟན། ཞག་རེ་ལ་ཐུན་བཞིར་བུམ་པའི་ནང་དུ་མགོན་པོ་བསྐྱེད་ཡེ་ཤེས་པ་གཞུག །གསོལ་བ་ཤུག་དྲག་ཏུ་བཏབ། །གཏོར་མ་ཆེ་བའི་ནང་དུ་གཏོར་ཆུང་བཏབ། གཏོར་མ་ཆེ་བ་ནི་ནས་དཀར་གཙང་བའི་བརྗེན་བཏགས་ལ་དཔལ་བཤོས་ཟུར་གསུམ་ཁྲུ་གང་པ་མར་དང་སྦྲང་རྩི་དང་། བུ་རམ་གྱི་བརྒྱན་ཅིང་། རྩེ་མོར་མར་གྱི་ནོར་བུ་འབར་བ་དང་། མདུན་ཕྱོགས་ཀྱི་ལོགས་ལ་མར་གྱི་ཧཱུྃ་དཀར་པོ་ཆེན་པོ་བྲིས་ལ། འཐེབ་ཀྱུ་བརྒྱ་རྩ་


PS011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་བཅད་ཁམ་ནང་དུ་བསྟན་ནས་བསྐོར་བ་སྣོད་ཟངས་ཀྱི་ཀ་ཊོ་ར་ལ་སོགས་པ་གས་ཆག་དང་བུག་པ་ལྷན་པ་སོགས་མེད་པའི་ཆེན་པོར་བྱ། སྐུ་ཙཀ་ལི་དང་མེ་ལོང་དང་དར་དཀར་དམར་མཐིང་གསུམ་མདའ་བྱ་རྒོད་མ། སྒྲོ་མེས་མ་རེག་པ་ལ་བརྒྱན་པའི་མདའ་དར་གཙུགས། ཐུན་དང་པོ་ལ་གཏོར་ཆུང་གཅིག་བླ་མ་དང་ཡི་དམ་ལ་ཕུལ། དེ་མ་གཏོགས་པ་ཐུན་བཞི་པོ་རེ་རེ་ལ་གཏོར་ཆུང་ལྔ་ལྔ་མགོན་པོ་ལ་དབུལ། གཏོར་མ་ཆེ་བ་དང་པོ་སྣོད་ཁེངས་པ་འཐེབས་ཀྱུ་སྣོད་ལས་ཕྱིར་མ་ཐལ་བ་བྱ། གཏོར་ཆེན་མགོན་པོར་བསྐྱེད་ཡེ་ཤེས་པ་བཅུག །དེ་དང་བུམ་པའི་ནང་གི་མགོན་པོ་དབྱེར་མེད་


PS011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མོས་ནས་གཏོར་ཆུང་འབུལ། གཏོར་ཆུང་གི་གཏོར་མ་ཆེ་བའི་མདུན་དུ་སྣོད་གཞན་བཞག་པའི་ནང་དུ་འབུལ་དུ་རུང་། གཏོར་མ་བྱིན་རླབས་གཞུང་བཞིན་ནོ། །གཏོར་ཆུང་འབུལ་བའི་ཚེ་རེ་རེ་ནས་ལག་པ་གཡས་པས་བཟུང་སྟེ། རྩ་སྔགས་སིདྡྷི་མའི་ཡི་གེ་བཅུ་གསུམ་པའི་མཐར་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ནས་འབུལ། བསྒྲུབ་པ་ཐོན་ཁའི་ཐུན་ཐ་མ་ལ་གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཞུགས་སུ་གསོལ། གཏོར་མ་ཆེ་བ་ལེགས་པར་བྱིན་གྱིས་བརླབས་ཏེ་དབུལ། ཐུན་མཚམས་ཐམས་ཅད་ལ་ཡང་གཏོར་མ་ཆེ་བ་མཐེབ་ཀྱུ་རེ་རེས་གསོ། བསྒྲུབ་པའི་བར་ལ་མཚམས་དམ་པར་བཅད་གཞན་


PS011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསང་། ངག་བཅད། སྒྲུབ་རྫས་ཕྱིར་མི་གདོན། །སྟན་མི་སྤྲུག །ཕྱག་དར་མི་བྱ། དབང་བསྡུད་ཀྱི་དཀྱིལ་འཁོར་བྲིས་ནས་རབ་གནས་བྱས་པ་སྐུད་པ་དམར་པོས་དཀྲིས་ཏེ། བསྒྲུབ་པའི་བར་ལ་བུམ་པའི་མགུལ་པར་བཏགས་ལ། བསྒྲུབ་པ་ཐོན་དུ་ཉེ་བའི་ཐུན་ཐ་མའི་ཚེ། གཏོར་མའི་མགོན་པོ་ནམ་མཁར་བཏེགས་པ་དེ་ལ་གཏོར་མ་ཕུལ་ཚར་ནས་འཁོར་ལོ་ལ་བསྟིམ་སྟེ། འཁོར་ལོ་རང་གི་ལུས་ལ་བཅངས་པས། གང་འདོད་པ་དབང་དུ་འགྱུར་རོ། །བསྒྲུབ་པ་ཐོན་ནས་ཐོད་པ་དུམ་བུ་གཅིག་པ་མཚན་ལྡན་གྱི་ནང་དུ། སྔར་གྱིས་བུམ་རྫོས་རྣམས་ནས་དང་བཅས་པས་བསྐོར་བའི་ནང་


PS011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བུམ་པའི་ནང་གི་སྐུ་ཙཀ་ལི་ཞལ་ཐོད་པའི་དཔྲལ་བ་ལ་བསྟན་ནས་སྐུ་ལ་ནུབ་པ་བྱས་ཏེ་གཙུག་པ་རང་ཉལ་བའི་ཁང་པའམ། རང་གི་མཆོད་ཁང་དུ་གཞན་གྱི་མི་མཐོང་བར་བཞུགས་སུ་བཅུག་པའི་མདུན་དུ་འཛིན་གཏོར་བཅས་ཏེ་ནུབ་རེ་གསོ་ཞིང་དབུལ། གཞན་བུམ་པའི་རྫས་ཀྱི་ནས་སམ་འབྲས་ལྷག་མ་རང་ཁོ་ནས་ལོངས་སྤྱོད་ཅིང་བསྒྲུབ་པའི་གཏོར་མ་ཡང་རང་ཁོ་ནས་དངོས་གྲུབ་ཏུ་བླངས། བསྒྲུབ་རྫས་རྣམས་དང་པོ་ཚོལ་བའི་ཆེ་དམ་ཉམས་དང་གྲིབ་ཅན་གྱིས་ལག་ནས་བྱུང་བ་དང་མ་འདྲེས་པར་བྱ་ཞིང་། བསངས་སྦྱངས་ལེགས་པར་བྱ་ཞིང་གུ་གུལ་གྱི་བདུག་སྟེ། བུམ་པའི་ནང་དུ་བཞུགས་པར་བྱ་ཞིང་། ཆང་ཕུད་
དང་གཏོར་མ་ཕྱེ་མ་འབགས་པ་གལ་ཆེའོ། །ཞལ་ཤེས་ཞིབ་པར་ཡི་གེར་བཀོད་པ་ཡིན་ཆེས་ཤིན་ཏུ་གསང་བར་བྱ་ཞིང་། དེས་སུ་ལ་ཡང་མི་བསྟན་ནོ། །གུ་ཧྱ་ས་མ་ཡ། མགོན་པོ་གཟི་ལྡན་འདི་ནི་ཡིད་བཞིན་གྱི་ནོར་བུ་ཉིད་ལས་སྦྱོར་གྱི་ཕྱག་མཚན་སོགས་ཅུང་ཟད་བསྒྱུར་བ་ཙམ་ཡིན་པས། འདི་ལ་རྗེས་གནང་དང་བཀའ་ལོགས་སུ་བྱེད་པ་ནི་རྗེས་གནང་གི་གྲངས་ལ་གཙོ་བོར་བྱེད་པ་རྣམས་ཀྱིས་རང་གཟོ་ཡིན་གྱི་བདག་གི་བླ་མ་དག་དེ་འདྲ་མི་བཞེད་དོ།། །།

དབང་བསྡུད་འཁོར་ལོའི་བྲི་ཡིག


PS011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྡུད་འཁོར་ལོའི་བྲི་ཡིག་བཞུགས་སོ།། ༼ཙི༽ དབང་བསྡུད་ཀྱི་འཁོར་ལོ་ནི། བྲི་གཞི་རས་དང་དར་དམར་པོའམ། གྲོ་ག་དང་ཤོག་བུ་གང་རུང་


PS011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དུས་ནི་སྐར་མ་རྒྱལ་དང་འཛོམས་པའི་ཡར་ངོའི་ཚེས་བརྒྱད་དམ། བཅོ་ལྔའི་སྔ་དྲོ་ཁ་ནུབ་ཏུ་བལྟས་ཏེ། རང་ཉིད་མགོན་པོ་ཡིད་བཞིན་གྱི་ནོར་བུའི་ཐུགས་ཀར་དབང་བསྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་བསྒོམས་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བཅུག་སྟེ་བཟླས་པ་ཅུང་ཞིག་བྱས་ནས། མགོན་པོའི་ང་རྒྱལ་ལ་གནས་ནས་བྲི་བར་བྱའོ། །རྫས་ནི། གུར་གུམ། གི་ཝང་། སིནྡྷུ་ར། རང་བྱུང་། རྒྱ་སྐྱེག །ཙན་དན་དམར་མོ་རྣམས་ཀྱིས་ཁུ་བ་བསྲེས་པའི་ཚལ་གྱིས་བྲི་བར་བྱ་སྟེ། དེ་ཡང་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཧྲཱིཿདེའི་མདུན་ནས་བཙམས་ཏེ་གཡས་བསྐོར་དུ། གུ་རུ་


PS011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལ་ཡ། ཧ་རི་ནིས་སིདྡྷི་ཛཿ ཆེ་གེ་མོ་ཝ་ཤམ་ཀུ་རུ་ཧོཿ ཅེས་པ་བྲི། རྩིབས་བརྒྱད་ལ་ཧྲཱིཿཡང་ན་སྔགས་དེ་ཉིད་ཁ་ནང་དུ་བསྟན་པ་བྲི། མུ་ཁྱུད་ལ་ཨ་ལི་ཀ་ལི་གཡས་བསྐོར་དུ་བྲི། མདུན་དུ་བཞག་སྟེ་མཆོད་གཏོར་བཤམས། མགོན་པོའི་ཐུགས་ཀར་དབང་བསྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་གཞུང་བཞིན་བསྐྱེད་པ་ལ། ཡེ་ཤེས་པ་སྤྱན་དྲངས་བཅུག་མཆོད་དོ། །གཏོར་མ་ཕུལ་ནས་ཐུགས་ཀའི་མཁའ་འགྲོ་མ་མགོན་པོའི་ཤངས་བུག་གཡས་ནས་ཐོན་ཏེ། འཁོར་ལོའི་ཡིག་འབྲུ་རྣམས་དང་དབྱེར་མེད་དུ་འདྲེས་པར་མོས་ནས། སྔགས་སྤེལ་ཚིག་མེད་པ་སྟོང་རྩ་བརྒྱད་དམ། བརྒྱ་རྩ་
བརྒྱད་བཟླས་པས་མེ་ཏོག་དོར། བརྟན་བཞུགས་བྱ། སྒྲུབ་བྱའི་རྣམ་ཤེས་བཀུག་ནས་འཁོར་ལོའི་མིང་ཡིག་ལ་བསྟིམ་པ་ལན་མང་དུ་བྱས་ནས་འཁོར་ལོ་དྲིལ་ཏེ། གཞོན་ནུ་མ་ཉམས་པས་བཀལ་བའི་སྐུད་པ་དམར་པོས་འཁོར་ལོ་མི་མཐོང་བར་དཀྲིས་ནས། རང་གི་ལུས་ལ་ཅང་བའམ། འཛིན་གཏོར་གྱི་མདའ་དར་ལ་བཏགས། ཞག་རེ་བཞིན་སྤེལ་ཚིག་དང་བཅས་པའི་བཟླས་པ་མ་ཆག་པར་བྱའོ། །ཚེས་ཟབ་པའི་མན་ངག་གོ། གསང་ངོ་། །རྒྱ་རྒྱ་རྒྱ། གུ་ཧྱ་ས་མ་ཡ། ཨིྀྛཿ གཞན་ཕལ་ཆེ་བ་མི་གདའོ།། །།

གཏོར་མའི་མན་ངག


PS011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་མན་ངག་བཞུགས་སོ།། ༼ཚི༽ དང་པོ་བྱིན་གྱིས་བརླབས་པའི་


PS011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོའི་བསྙེན་པ་གྲངས་ཚད་རྫོགས་པར་བྱ། དེ་ནས་མགོན་པོ་ཡིད་བཞིན་ནོར་བུའི་བསྙེན་སྔགས་ནི་སིདྡྷི་མ་ལ་བསྙེན་པ་གྲངས་ཐེམས་པ་དངོས་སམ། ཉམས་སྣང་ངམ། རྨི་ལམ་གྱི་རྟགས་གང་ཡང་རུང་བ་ཐོན་ངེས་པ་བྱ། དེ་ནས་མགོན་པོ་གཟིགས་ལྡན་དང་། སྔགས་གྷ་ན་པ་ཏི་དང་། རྫས་བུམ་པ་འཁོར་ལོ་སོགས་ལ་བརྟེན་པའི་བསྒྲུབ་པ་དང་། ལས་སྦྱོར་རྣམས་ཉམས་སུ་ལེན་པ་ལ་འཇུག་པ་ཡིན་ནོ། །གཏོར་མ་ལྷ་རུ་བསྐྱེད་པ་ཡིན་ན་གཏོར་མའི་ལོགས་ལ་མར་གྱི་ཧཱུྃ་བྲིས། ལྷ་རུ་མི་བསྐྱེད་པའི་འཛིན་གཏོར་ནར་མ་སོགས་ལ། མར་དང་བུ་རམ་གྱི་ནོར་བུ་བྱེད་ཀྱི་ཧཱུྃ་བྲི་བ་མ་ཡིན་
ནོ། །གུ་ཧྱ་ས་མ་ཡ་ཨིྀྛཿ ཿ

སྦྱིན་སྲེག་དང་བུམ་པ་བཅའ་ཐབས།


PS011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་དང་བུམ་པ་བཅའ་ཐབས་བཞུགས་སོ།། ༼ཛི༽ མགོན་པོ་འདིའི་སྦྱིན་སྲེག་ལ་གཉིས་ལས། རྒྱས་པའི་སྦྱིན་སྲེག་བྱེད་ན། ཐབ་ལ་སོགས་པ་ཐམས་ཅད་སྤྱི་དང་མཐུན་པར་བྱས་ནས། མེ་ཏོག་སེར་པོ་ལ་སོགས་པའི་སྲེག་རྫས་དང་། མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་ཀའི་མཁའ་འགྲོ་མ་དང་བཅས་པ་ཐབ་ནང་དུ་འཇིག་རྟེན་མེ་ལྷའི་ཐུགས་ཀའི་མེ་གྲུ་གསུམ་གྱི་དབུས་སུ་བསྐྱེད་ནས་ཡེ་ཤེས་པ་བཞུགས་པ་སོགས་བྱ་སྟེ། འདས་པའི་མེ་ལྷ་ལ་སྲེག་རྫས་བརྒྱ་རྩ་བརྒྱད་རེ་འབུལ་བ་དང་། སྔགས་ནི་གུ་རུ་མ་ཧཱ་ཀཱ་ལ་ཡ་ཧཱ་རི་ནི་སིདྡྷི་ཛཿ བདག་མིང་འདི་ཞེས་བྱ་


PS011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་དང་ལོངས་སྤྱོད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྔགས་རེ་དང་སྲེག་རྫས་རེ་སྤེལ་བ་དབུལ། དེ་ནས་འདས་པའི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། འཇིག་རྟེན་པ་ལ་ལྷག་མ་ཕུལ་ནས་འཇིག་རྟེན་པའི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པ་སོགས་ཆོ་ག་སྤྱི་དང་འདྲའོ། །དབང་བསྡུས་ལ་ཐབ་ཟླ་གམ་དམར་པོ་བྲིས་པའམ་རྩིག་པ་ལ་བསྲེག་རྫས་སོགས་ཆོ་ག་གཞན་ཐམས་ཅད་དབང་གི་སྦྱིན་སྲེག་གི་ཆོ་ག་སྤྱི་དང་མཐུན་པ་ལ།


PS011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་ཐུགས་ཀའི་མཁའ་འགྲོ་མ་དང་བཅས་པ་ལ་བསྲེག་རྫས་འབུལ་བའི་ཚེ། གུ་རུ་མ་ཧཱ་ཀཱ་ལ་ཡ་ཧ་རི་ནི་སིདྡྷི་ཛཿཆྒཻ་མོ་ཝ་ཤམ་ཀུ་རུ་ཧོཿཞེས་སྔགས་དེ་དང་རྫས་དེ་སྤེལ་ནས་འབུལ་བའི་དུས་སུ། ཐུགས་ཀའི་མཁའ་འགྲོ་མ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས། བསྒྲུབ་བྱའི་སྙིང་གའི་མ་བྷ་ག་ནས་ལྕགས་ཀྱུས་བཀུགས་ཌཱ་མ་རུའི་སྒྲས་སེམས་མྱོང་པར་བྱས་ཏེ། རང་དབང་མེད་པར་བཀུག་ནས་བདག་གི་རྐང་པའི་དྲུང་དུ་བཞག་པར་མོས་པ་ཡང་ཡང་བྱའོ། །ཐུག་པ་སྐོལ་བའི་མེ་ལ་ཡང་བསྐྱེད་ཆོག་མདོར་བསྡུས་བྱས་ནས། ཚ་དང་ཕྱེ་མར་ལ་སྔགས་དང་བཅས་ནས་ཅུང་


PS011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་རེ་འབུལ་བའི་སྦྱིན་སྲེག་སྦྱར་རུང་གསུང་མོད། རྒྱུད་སྡེ་ལྟར་བྱས་ན་ལེགས་སམ་སྙམ་མོ།། །། ཨྛྀིཿ ༈ གསན་ཡིག་ཏུ་གོང་གི་སྦྱིན་སྲེག་ཤོག་གཅིག་མ་དང་འདི་གཉིས་ཚན་པ་གཅིག་ཏུ་མཛད་པ་ལྟར་འདིར་ཡང་སྦྱར། །ཛི། ན་མོ་གུ་རུ། ཆོས་སྐྱོང་གི་བུམ་པ་བཅའ་བའི་ཐབས་ནི། དང་པོ་བུམ་པ་སོ་མ་བཏང་བ། མ་སྤྱད། ཚད་བྲེ་གང་ཤོང་བ་ཡན་ཆད་མཆུ་ཅན། མགྲིན་པར་བཀྲ་ཤིས་རྫས་བརྒྱད་བྲིས་པའི་ནང་དུ། ཆོས་སྐྱོང་གི་གཟུགས་དང་། རྩ་བའི་སྔགས་སིདྡྷི་མའི་འཇུག་ཏུ། འདོད་པའི་དོན་ཞུ་བའི་ཚིག །རྟེན་འདི་ལ་གནས་པར་མཛད་དུ་གསོལ། གནས་འདིར་སྐྱེ་བོ་ཐམས་ཅད་


PS011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་འདུ་ཞིང་། འབྱོར་པ་ཐམས་ཅད་ཆུ་བོའི་ཚོགས་བཞིན་འདུ་བར་མཛད་དུ་གསོལ། ཅེས་པ་དང་། སྲུང་ཤིག་ལ་སོགས་པ་བཏགས་ལ། དེ་འདྲ་བ་མཐིང་ཤོག་ལ་གསེར་གྱིས་བྲིས་པ་དང་། ག་བུར། གུར་གུམ། ཙན་དན་དམར་པོ། གྷིཾ། རང་བྱུང་གྷིཾ་ལ་སོགས་པས་བྲིས་པ་ཕྱོགས་བཞི་མཚམས་བཞི་ནས་དབུས་ཀྱི་སྐུ་གཟུགས་ལ་ཁ་བསྟན་ཏེ་བཞག །སྐུ་རབ་གནས་ལེགས་པར་བྱས་པའི་ཞལ་བུམ་པའི་མཆུ་ལ་བསྟན། བུམ་རྫས་རིན་པོ་ཆེ་སྣ་ཚོགས་པ་དང་། སྨན་སྣ་ཚོགས་པ་དང་། འབྲུ་སྣ་ཚོགས་པ་དང་། དར་ཟབ་སྣ་ཚོགས་པ་དང་། མངར་གསུམ་ལ་སོགས་པའི་ཟས་སྣ་ཚོགས་པ་དང་། མགོན་པོ་འདིའི་


PS011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་སྣ་ཚོགས་བཅུག་ལ། ཁེངས་པར་བཀང་། ལུག་དར་མའི་སོག་པ་གཡས་པའི་བལ་ཚི་ཆད་པས་ཁ་བཅད། དེའི་སྟེང་དུ་མཐིང་ཤོག་ལ་གསེར་གྱི་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། །དེ་ནས་མཚོན་སྣ་ལྔའི་སྐུད་པས་མགུལ་པ་བཅིངས་ལ། དེ་རྗེས་ཁ་ཡི་སྟེང་ནས་རྒྱ་གྲམ་དུ་བཅིང་ངོ། །དེ་ནས་རང་གི་གནས་ཁང་གོ་མཛད་དམ། །དགེ་འདུན་གྱི་གཙུག་ལག་ཁང་གི་འཁྱམས་ཀྱི་ནང་ལ་སོགས་པར་གང་ལོགས་ལ་ཐོག་མཚམས་ལས་ཅུང་ཟད་དམའ་བར་ཁུང་བུ་གྲུ་བཞི་པ་དཔངས་སུ་ཁྲུ་གང་བྱས་པའི་ནང་དུ་ཞལ་ཞལ་ལེགས་པར་བྱས། མཚལ་གྱི་བྱུག །སིནྡྷུ་རའི་གཡུ་དྲུང་རིས་ཕྱོགས་བཞིར་བྲི། དེའི་ནང་


PS011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཐིང་ཤོག་ལ་གསེར་གྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་། དེའི་སྟེང་དུ་བུམ་པ་དར་ཚོན་སྣ་ལྔའམ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ནས་གཞལ་ཡས་ཁང་གི་ཕུགས་སམ། གཙང་ཁང་ལ་སོགས་ལ་ཁ་བསྟན་ལ་བཞག །དེའི་སྟེང་ནས་དར་ནག་གི་གུར་ཕུབ་མདུན་དུ་མར་གྱི་གཏོར་མ་ནོར་བུས་བརྒྱན་པ་བཞག །རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས། ལྷོ་ཕྱོགས་བསིལ་བའི་ཚལ་ནས་མགོན་པོ་སྤྱན་དྲངས་ནས་བུམ་པའི་ནང་དུ་བསྟིམ་པ་དང་། གསོལ་བ་བཏབ་ནས། བརྟན་པར་བཞུགས་པ་ལན་བརྒྱ་རྩ་བརྒྱད་དམ། ལྔ་བཅུའམ་ཉེར་གཅིག་བྱ། མཆོད་གཏོར་དང་གཏོར་མ་འབུལ། རང་


PS011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུམ་ནང་གི་མགོན་པོའི་ཐུགས་ཀའི་མཁའ་འགྲོ་མ་ལ་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས། ལྷ་དང་མིའི་རིན་པོ་ཆེ་དང་འབྱོར་པའི་ཁྱད་པར་ཅི་ཡོད་པ་བཀུག་སྟེ། བུམ་པའི་ནང་གི་རིན་པོ་ཆེ་ལ་སོགས་པ་རྣམས་ལ་ཐིམ་པ་ཡང་ཡང་བསྒོམ་ནས་བུམ་པའི་འགུལ་པ་ལ་བཟུང་ཐག་བཏགས་པ་ནས་བཟུང་སྟེ། སྔགས་སིདྡྷི་མ་སྟོང་བཟླས་བུམ་པའི་ནང་གི་ནོར་རྫས་རྣམས་ལུད། མགོན་པོའི་ཕྱག་གི་བུམ་པ་དང་ཐོད་པའི་ནང་ནས་ཀྱང་ལུད། ནེའུ་ལེ་དང་། ཚོགས་བདག་གི་ཁ་བཤད་རྣམས་ནས་ཀྱང་རིན་པོ་ཆེ་ལྷུག་ལྷུག་ལུད་ནས་གནས་ཁང་དང་གཙུག་ལག་ཁང་ལ་སོགས་པའི་ནང་ཐམས་ཅད།
སྤྱད་པས་ཟས་མི་ཤེས་པ་ཙམ་དུ་ཁེངས་པར་བསམ་ལ། བཀྲ་ཤིས་བྱ། བུམ་པ་གཏོར་མ་དང་བཅས་པ་མི་སྒུལ་བར་གཡམ་པ་གྲུ་བཞི་ནང་ལ་གཡུ་དྲུང་རི་བྲིས་ནས་ཁ་བཅད་ཕྱི་ནས་ཞལ་ཞལ་བྱས་ཏེ། མི་ནོར་བྱས། དེ་ལྟར་བྱས་ནས་གནས་དེར་འབྱོར་པ་ཟད་མི་ཤེས་པར་འབྱུང་སྟེ། མཐུན་མོང་མིན་པའི་མན་ངག་ཆེས་ཟབ་པ་ཡིན་ཞིང་། ཞལ་ཤེས་རྣམས་ཀྱང་ཡི་གེར་བཀོད་པ་ཡིན་པས་གཞན་ལ་མི་བསྟན་པར་ཆེས་དམ་པར་བྱའོ། །གུ་ཧྱ་ས་མ་ཡ་རྒྱ་རྒྱ་རྒྱ།། །།

མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་བསྡུ་བ།


PS011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༈ མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་བསྡུ་བ་བཞུགས་སོ།། ཝི༽ མགོན་པོ་དབང་གི་རྒྱལ་པོའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་


PS011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུ་བའི་མན་ངག་རྒྱུན་དུ་བྱ་བ་ནི། བཤགས་པ་ཡན་ཆད་གཏོར་ཆོག་གཞུང་སྤངས་ནས། དེ་ནས་པདྨ་ཉི་མ་དང་ཚོགས་བདག་གི་སྟེང་དུ། ཧཱུྃ་དམར་པོ་ལས་རྡོ་རྗེ་གྲི་གུག་ཧཱུྃ་དམར་པོས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཕྱག་མཚན་གཞན་འདྲ་བ་ལ། གཡས་བར་པ་ཅང་ཏིའུ། ཐ་མ་ན་ལྕགས་ཀྱུ། གཡོན་ཐ་མ་ན་ཞགས་པ་དམར་པོ། འོད་དཔག་མེད་ཀྱི་དབུ་རྒྱན་པ། རྒྱན་ཆ་ལུགས་གཞན་སྤྱི་དང་འདྲ་བ་བསྐྱེད། ཡེ་ཤེས་པ་བསྟིམ། ཐུགས་ཀར་ཉི་མ་ལ་ཧཱུྃ་དམར་པོའི་མཐར། སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་


PS011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་སྣོད་བཅུད་ཐམས་ཅད་ལ་ཁྱབ། འགྲོ་བའི་ནད་གདོན་སྡིག་སྒྲིབ་དག །བརྟན་གཡོ་ཐམས་ཅད་དབང་དུ་བསྡུས། རང་གི་དྲུང་དུ་ལྷགས་ནས་དད་ཅིང་གུས་པར་བསམ་ནས། ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། དྷུ་མ་གུ་ཧྱེ་སྭཱ་ཧཱ། ཅེས་བརྒྱ་རྩ་སོགས་ཅི་མང་བགྲངས། བདག་བསྐྱེད་དེ་ལྟ་བུ་བྱས་ནས་མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་དམར་པོ་ཞེས་པ་ནས་དགོས་འདོད་ཆར་བཞིན་འབབ་པར་གྱུར་ཅེས་སོགས་གཏོར་ཆོག་གཞུང་བཞིན་སྲངས་པའི་མདུན་བསྐྱེད་གསལ་གདབ། དེ་ནས་རང་གི་དཔྲལ་བར་མཐིང་རིམ་གྱི་ཁྲག །བུ་མོ་མ་ཉམས་པའི་མངལ་ཁྲག །ལི་ཁྲི། བདུད་རྩི་


PS011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་རྣམས་ནང་མཆོད་ཀྱི་སྦྱར་བའི་ཐིག་ལེ་བྱ། དེ་ཐམས་ཅད་མ་འཛོམས་ཡང་གཞན་གང་འཛོམ་མམ། ཐ་ན་ནང་མཆོད་ཙམ་གྱི་ཐིག་ལེ་བྱ། དེ་ནས་གསང་བའི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་པ་ན་ལྕགས་ཀྱུ། གཡོན་པ་ན་ཞགས་པ་དམར་པོ་ཐོགས་པ་གཅིག་གི་རྟིང་ལ་གཅིག་དཔག་ཏུ་མེད་པ་ཐོན་ཕྱོགས་བཅུར་སོང་ནས། འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྐད་ཅིག་ལ་རང་གི་མདུན་དུ་བཀུག་པའི་དམིགས་པ་གྲིམ་ལ་བརྟན་པ་བྱ། མདུན་བསྐྱེད་ཀྱི་མགོན་པོ་དང་མཁའ་འགྲོ་མ་རྣམས་ཀྱི་ཕྱག་གཡས་ཌཱ་མ་རུའི་སྒྲ་དྲག་ཏུ་ཁྲོལ་བ། ཁམས་གསུམ་གྱི་
སེམས་ཅན་ཐམས་ཅད་ཀྱི་ཡིད་རང་དབང་མེད་པར་གཡོས་ཏེ། དངོས་གྲུབ་ཐམས་ཅད་འགུགས་པའི་དམིགས་པ་གཉིས་དུས་གཅིག་ཏུ་བསམ་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་ལོ་ཀར་སིདྡྷི་ཨ་ཀར་ཥ་ཡ་ཛཿཛཿཅེས་བརྒྱ་རྩ་སྟོང་སོགས་ཅི་ནུས་བགྲངས། དེ་ནས་རང་ཡི་དམ་གྱི་ང་རྒྱལ་དུ་འཕྲོས་པའམ། མ་འཕྲོས་ཀྱང་རུང་སྟེ། དེ་མན་ཆད་ཀྱི་ཆོ་ག་གཞུང་ལྟར་བྱའོ། །བླ་མ་དམ་པའི་ཞལ་གྱི་བཅུད། །བརྗེད་ཀྱི་དོགས་ནས་ཡི་གེར་བཀོད། །མཁའ་འགྲོ་ཆོས་སྐྱོང་བཟོད་མཛད་ཅིང་། །དངོས་གྲུབ་ཐམས་ཅད་མོད་ལ་འགྲུབ་པར་ཤོག། །། ཨིྀྛཿ

དཔལ་ཡེ་ཤེས་མགོན་པོའི་བསྟོད་པ་རྒྱལ་ཀུན་མར་གྲགས་པ།


PS011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོའི་བསྟོད་པ་རྒྱལ་ཀུན་མར་གྲགས་པ་བཞུགས་སོ། །


PS011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞི༽ ན་མོ་གུ་རུ་མཉྫུ་གྷོ་ཥ་ཡཱ། རྒྱལ་བ་ཀུན་གྱི་གསང་བ་ནོར་བུའི་མཛོད། །མ་ལུས་འཛིན་པ་རྗེ་བཙུན་གསང་བདག་དང་། །མཁྱེན་བརྩེའི་གཏེར་གྱུར་འཇམ་དབྱངས་ལ་བཏུད་དེ། །ཡིད་བཞིན་མགོན་པོར་གུས་པས་བསྟོད་པར་བགྱི། །དཔལ་ལྡན་མགོན་པོ་ཡིད་བཞིན་ནོར་བུ་ནི། །ཆུ་སྐྱེས་རབ་རྒྱས་རྟ་ལྗང་གཞོན་ནུའི་སྟེང་། །བགེགས་ཆེན་བསྣོལ་བའི་གདན་ལ་ཉིད་ཀྱི་སྐུ། །རབ་ཏུ་རྒྱས་པའི་ཤ་གཟུགས་ཀུན་ནས་འཇམ། །གངས་ཀྱི་དབང་པོ་པད་གཉེན་སྣོང་གི་འོད། །མ་ལུས་འཐུངས་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །རབ་མང་འགྲོ་བ་མ་ལུས་སྒྲོལ་བའི་ཕྱིར། །རབ་བརྗིད་དཔལ་ལྡན་ཡེ་ཤེས་མགོན་


PS011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ། །རབ་མཛེས་འགྲོ་འཕྲོའི་སྟབས་ཀྱི་གདན་ལ་བཞུགས། །རབ་དཀར་ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །ཀུན་ནས་རབ་རྒྱས་ཉི་ཞལ་དཀྱིལ་འཁོར་ལ། །བསིལ་ཟིར་བྱེད་པོས་འགྲན་ཕྱིར་ལྷག་པ་ལས། །ཆ་ཙམ་མ་བཟོད་སྐྱེངས་ཏེ་མཁའ་དབྱིངས་སུ། །རབ་ཏུ་བྲོས་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །རབ་དམར་ཆུ་སྐྱེས་མདངས་འཕྲོག་ཆུ་བསྒྲོས་ནས། །མཆེ་བ་བཞིར་བཅས་བཞི་བཅུའི་གྲངས་ཚད་ཚེམས། །ཉིད་བཞད་ཚེ་ན་ཟླ་རྒྱས་སྟོང་ཕྲག་གཅིག །གཅིག་ཆར་དུས་གཅིག་ཤར་སྙམ་འཁྲུལ་པ་སྐྱེ། །སྨད་བྱུང་སྐུ་གསུམ་མངོན་གྱུར་སྤྱན་གསུམ་ནི། །ཅུང་ཟད་ཟླུམ་ཞིང་རབ་མཛེས་ཅན་གྱི་ཟུར། །ལི་ཁྲིས་


PS011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གོས་འདྲ་འགྲོ་ལ་རྣམ་པར་གཟིགས། །སྣུམ་ལ་དྲི་ཞིམ་མཛེས་པའི་སྐྲ་དང་ནི། །ལི་ཞིང་གྱེན་དུ་ཕྱོགས་པའི་སྤྱི་གཙུག་ན། །དགོས་འདོད་ཀུན་འབྱུང་བླ་མ་རྡོ་རྗེ་འཆང་། །མཛུམ་པའི་མདངས་དང་ལྡན་པས་མཛེས་པར་བརྒྱན། །རིན་ཆེན་སྣ་ཆ་ཀུན་ནས་འགྱིང་བ་ནི། །མཛེས་པར་འགུལ་ཞིང་ཉི་མ་ཟླ་བའི་འོད། །ཟིལ་གནོན་འོད་འཕྲོས་སྙལ་ཤལ་ལེགས་པར་འཁྱུད། །གཞན་ཡང་ལྷ་མི་ཀུན་ལས་ཕུལ་བྱུང་རྒྱན། །དབུ་རྒྱན་མགུལ་རྒྱན་དཔུང་རྒྱན་དོ་ཤལ་སོགས། །བཀོད་ལེགས་རིན་ཆེན་དུ་མས་བརྒྱན་པ་ནི། །ཚོགས་གཉིས་བྱེད་པོས་རིན་ཆེན་སྣ་ཚོགས་པ། །


PS011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཟླུམ་སྤེལ་ལེགས་ཕྲེང་བར་རྒྱུས་པ་ནི། །མདོག་སྣུམ་ཉི་ཟླའི་གཟི་འོད་ཟིལ་གནོན་པས། །ཉིད་སྐུ་འབར་བས་ལེགས་པར་རྒྱན་པ་ནི། །ཕ་རོལ་ཕྱིན་དྲུག་རབ་རྫོགས་ཕྱག་དྲུག་ལྡན། །ཉོན་མོངས་རྩད་ནས་གཅོད་ཅིང་དགྲ་བགེགས་ཀུན། །རབ་འཇོམས་ཕྱག་གཡས་དང་པོས་གྲི་གུག་འཛིན། །བར་པ་ནོར་བུ་བསྣམས་པས་འགྲོ་ཀུན་ལ། །དགོས་འདོད་མ་ལུས་ཆར་བཞིན་འབེབས་པར་མཛད། །ཐ་མ་ཅང་ཏེའུ་དྲག་ཏུ་ཁྲོལ་བ་ཡིན། །ཌཱ་ཀི་མ་ལུས་དབང་དུ་བསྡུད་པར་མཛད། །ཕྱག་གཡོན་དང་པོ་རིན་ཆེན་ཀ་པ་ལ། །བྱང་སེམས་ངོ་བོ་བདུད་རྩི་གང་བའི་དབུས། །ལྷ་མི་ཀུན་གྱི་ནོར་རྣམས་འཛིན་


PS011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེར། །རིན་ཆེན་བུམ་པས་མཛེས་པར་བརྒྱན་པ་ནི། །དངོས་གྲུབ་མ་ལུས་མྱུར་དུ་སྩོལ་བར་མཛད། །བར་པ་མདུང་རྩེ་གསུམ་པ་བསྣམས་པ་ཡིས། །དུག་གསུམ་ལྗོན་པ་མ་ལུས་རྩད་ནས་གཅོད། །ཐ་མ་ལྕགས་ཀྱུ་བསྣམས་པས་འགྲོ་བ་ཀུན། །བར་བའི་གྲོང་ཁྱེར་མཆོག་ཏུ་འདྲེན་པར་མཛད། །བྱིན་རླབས་དངོས་གྲུབ་སྟེར་ལ་སྐྱབས་སུ་མཆི། །ཧཱུྃ་ལས་འཁྱུངས་པའི་བཅོམ་ལྡན་ཟླ་བའི་མདོག །ཞལ་གཅིག་ཕྱག་དྲུག་འདོད་དགུ་ཀུན་གྱི་གཏེར། །འགྲོ་ཀུན་འཕོངས་པ་ཀུན་ལས་སྒྲོལ་མཛད་པའི། །བཅོམ་ལྡན་ཡིད་བཞིན་ནོར་བུར་ཕྱག་འཚལ་བསྟོད། །དུས་གསུམ་


PS011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཕྲིན་ལས་མ་ལུས་པ། །གཅིག་ཏུ་བསྡུས་པའི་ཡེ་ཤེས་མགོན་པོ་ཁྱོད། །སྐྱབས་སུ་བརྟེན་ལ་གུས་པས་གསོལ་འདེབས་ཀྱིས། །བདག་གི་བྱང་ཆུབ་བསྒྲུབ་པའི་མི་མཐུན་ཕྱོགས། །མ་ལུས་ཞི་ཞིང་ཐུབ་བསྟན་རིན་པོ་ཆེ། །ལེགས་པར་བསྲུང་ཞིང་དེ་འཛིན་སྐྱེ་མཆོག་ཀུན། །མཛད་ཕྲིན་ཡར་ངོའི་མགོན་ལྟར་རྒྱས་པ་དང་། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །བཅོལ་བའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད།། །།

མགོན་པོའི་བསྐོར་ལེགས་པར་རྩད་བཅད་ཅིང་དག་ཐེར་ལེགས་པར་མཛད་པའི་ཐེམ་ཡིག


PS011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས། མཁས་གྲུབ་ཐམས་ཅད་མཁྱེན་པས་མགོན་པོའི་བསྐོར་ལེགས་པར་རྩད་བཅད་ཅིང་དག་ཐེར་ལེགས་པར་མཛད་པའི་ཐེམ་ཡིག་སོགས་བཞུགས་སོ། །


PS011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༼ཟི༽ ན་མོ་མ་ཧཱ་ཀཱ་ལ་ཡ། རྡོ་རྗེ་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བདུད་འདུལ་དུར་ཁྲོད་ཀྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་འདིའི་གསང་བའི་མན་ངག་བེ་བུམ་དཀར་ནག་གཉིས་ལས། འདི་ནི་བེ་བུམ་ནག་པོ་དུག་ལྟ་བུའི་མན་ངག་ཆིག་བརྒྱུད་མ་ཡིན་པ་སྦྱིན་པའི་སྲོལ་


PS011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཤིན་ཏུ་གཅེས་པའི་སློབ་མ་སྙིང་དང་འདྲ་བ་གཅིག་ཁོ་ན་ལ་བཀའ་རྒྱས་དམ་དུ་གདམས་ཏེ་ཚོགས་ཀྱི་འཁོར་ལོ་དང་། གསེར་གྱི་མཎྜལ་ལ་སོགས་པའི་ངོར། ཡུན་རིང་དུ་སྣོད་ཀྱི་མཚན་ཉིད་བཏགས་ཏེ་སྦྱིན་པར་བྱ་ཡི། དེ་ལས་གཞན་དུ་ཅི་རུང་རུང་ལ་མ་བཏགས་པར་སྦྱིན་ན་མགོན་པོ་འཁོར་དང་བཅས་པས་


PS011_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་འཐུང་སྟེ། རང་གཞན་གཉིས་ཀ་རྡོ་རྗེ་དམྱལ་བར་ལྟུང་བར་གདོན་མི་ཟའོ། །དེ་ཡང་སྤྱིར་མགོན་པོ་འདིའི་མན་ངག་ཟབ་པ་དང་ཐུན་མོང་མ་ཡིན་པ་རྣམས་ལ་ཡི་གེ་མན་ངག་རེ་རེ་ལའང་ཚན་པ་ཁ་རེ་བྱས་པའི་ཡི་གེ་གཅིག་ལ་མན་ངག་གི་གནད་མ་ལུས་པ་ཚང་བ་ཆེར་མི་འདུག་ཅིང་། ཁྱད་པར་བེ་བུམ་ནག་པོ་འདི་ནི་ཡོད་པ་ཙམ་ཡང་མི་འདུག །ཁོ་བོས་ཀྱང་མགོན་པོ་འདིའི་ཆོས་བསྐོར་རྣམས་བླ་མ་ཁུངས་བཙུན་ཞིང་བརྒྱུད་པ་རྣམ་པར་དག་པ་མཆོག་ཏུ་གྱུར་པ་བཅུ་ཕྲག་ཙམ་ལ་གཏུགས་ནས། བླ་མ་དམ་པ་རྣམས་ལ་མངའ་བའི་གདམས་པ་མ་ལུས་པ་དགྱེས་བཞིན་དུ་བསྩལ་བ་ཐམས་ཅད་ལེགས་པར་ཁོང་དུ་ཆུད་པར་བྱས་མོས་ཀྱི། བེ་བུམ་ནག་


PS011_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་ཞལ་ཤེས་ཆ་ལག་དང་བཅས་པ་རྫོགས་པར་མངའ་བ་ནི་མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་འབུམ་ལ། མགོན་པོ་རང་ཉིད་ཀྱི་འདི་ལའང་ངའི་སྒྲུབ་སྐོར་མན་ངག་མ་ལུས་པར་བྱིན་ཅིག་ཅེས་དངོས་སུ་ལུང་བསྟན་ནས་རྗེས་སུ་བཟུང་བའི་མུས་ཆེན་རྒྱལ་མཚན་དཔལ་བཟང་པོ་ལས་དངོས་སུ་གསན་ཞིང་། དེ་ཉིད་ལས་ཀྱི་སྲས་ཀྱི་ཐུ་བོ་གྲུབ་ཐོབ་རྡོ་རྗེ་གཞོན་ནུ་ལ་ཡང་ཤངས་པའི་ཆོས་སྐོར་མ་ལུས་པ་ལྷག་མ་མེད་པར་གསན་ནས་ཐུགས་ཉམས་སུ་བཞེས་པས། མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་ཞིང་། ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ཀྱིས་ཀྱང་དངོས་དང་རྨི་ལམ་དུ་ཡང་ཡང་བྱིན་གྱིས་རླབས་པའི་རྗེ་བཙུན་ནམ་མཁའ་རྒྱལ་


PS011_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མུས་པ་ནམ་མཁའི་རྣལ་འབྱོར་པ་ཞེས་ཡོངས་སུ་གྲགས་པ་གཅིག་པུ་ལ་མངའ་ཡི། གཞན་ལ་མི་མངའ་བོ། ཁོ་བོས་དབུས་སུ་སངས་རྒྱས་གཉན་སྟོན་གྱི་གདན་ས་རིམ་པར་བརྒྱུད་པ་ལས་འོངས་བའི་གདམས་པ་ཐོབ་པ་རྣམས་ཀྱི་ནང་ནས། བེ་བུམ་ནག་པོར་ཐ་སྙད་བྱས་པའི། །འདིའི་ནང་གི་གདམ་ངག་ཐར་ཐོར་ཁ་ཡར་གཅིག་སྣང་ངོ་། །མཁས་གྲུབ་ཆོས་རྗེའི་གདན་ས་པ་བླ་མ་ཞང་ལས་བསམ་སྡིངས་པའི་ཆོས་སྐོར་མ་ལུས་པ་གསན་པའི་བླ་མ་ལམ་འབྲས་པ་ཆེན་པོ་ཡེ་ཤེས་དཔལ་བའི་ཞལ་སྔ་ནས་ལ་ཁོ་བོས་བསམ་སྡིངས་པའི་ཆོས་སྐོར་མ་ལུས་པར་ཐོབ་པའི་མགོན་པོའི་གདམས་པ་ལ་ཡང་འདི་དག་མི་སྣང་ཞིང་། གཞན་ཡང་འགའ་རེ་མི་སྣང་ངོ། །འཇག་པ་


PS011_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱུད་པ་ཁོ་བོས་ཐོབ་པ་དང་། མཐོང་བ་རྣམས་ལ་མི་སྣང་ནའང་། འདི་རྫོགས་པ་ཤངས་སྟོན་གྱི་ཆིག་བརྒྱུད་མཛད་པས་ཡིན་ནམ་རྒྱུན་མ་ངེས་སོ། །ཆོས་སྡིངས་པ་དང་གནས་རྙིང་བའི་བསྐོར་ནས་བརྒྱུད་པ་ཡོངས་སུ་རྫོགས་པར་ལན་འགའ་རེ་རྣམས་ལ་མི་སྣང་བ་ནི། ཆོས་སྡིངས་པའི་རྟོགས་ལྡན་བགྲེས་པོ་ཁ་ཡར་ལས་ཐོབ་པའི་གཏམ་ལས། མགོན་པོའི་བེ་བུམ་དཀར་ནག་ཁྲ་གསུམ་བྱ་བ་ཆིག་བརྒྱུད་མིན་པ་མི་བྱེད་པ་གཅིག་ཡོད་པ་ཆོས་རྗེ་གངས་པས་མགོན་ཁང་ན་བཞུགས་པའི་མགོན་པོའི་སྐུའི་ཐུགས་ཀར་བཅུག་ནས་དཔེས་རབས་ཆད་པ་ཡིན་ཞེ་ཟེར་རོ། །བེ་བུམ་ཁྲ་བོ་བྱ་བ་ཟུར་པ་གཅིག་ཡོད་པ་ཡིན་ན། དེ་ནི་བདག་གི་


PS011_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་རྣམས་ལ་ཡང་མི་སྣང་ངོ་། །འདི་ལ་ཡི་གེ་ཐོར་བུ་མང་དུ་སྣང་ཞིང་། མན་ངག་རེ་རེ་བ་ཁ་སྦྱོར་དབྱེ་བ་ལྟ་བུ་དང་། གཏོར་མའི་བསད་ལས་ལྟ་བུ་དང་སེར་བ་དབབ་པ་ལྟ་བུ་ལ་སོགས་རེ་རེ་ལའང་ཡིག་ཆུང་ཚན་པ་མི་འདྲ་བ་མང་པོ་བྱས་ནས་རྟོགས་དཀའ་བར་འདུག་པ་དང་། ལག་ལེན་ལ་སྦྱོར་བ་ལ་མི་གསལ་བ་མང་རབ་སྣང་བ་ལག་ཏུ་ལེན་པ་དཀའ་བར་འདུག་པ་དང་། ཞལ་ཤེས་གལ་ཆེན་འགའ་རེ་སྣང་བ་མ་ཤེས་ན་ཡི་གེ་ཙམ་ཡོད་ཀྱང་དགོས་པ་ཅི་ཡང་མི་འགྲུབ་པར་འདུག་པ་དང་། སྤྱིར་འདི་དག་སྣོད་མིན་ལ་འཕེལ་ན་རང་གཞན་ལ་གནོད་པའི་དགག་བྱ་ཤིན་ཏུ་ཆེ་བར་སྣང་ནའང་། མན་ངག་འདི་དག་ལྷག་མ་མེད་པ་གཅིག་མ་


PS011_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན། རྒྱུད་སྡེ་ཆེན་མོ་རྣམས་ཀྱི་དགོངས་པ་གྲུབ་ཆེན་གྱི་བཀྲལ་བའི་བསྐྱེད་རྫོགས་ཀྱི་མན་ངག་མཆོག་ཏུ་གྱུར་པ་དག་ཉམས་སུ་ལེན་པ་ཙམ་གྱི་བཞག་ནས། ཆོས་སྐྱོང་གི་གཏོར་མ་དང་། གསོལ་འདེབས་ཙམ་གྱི་ལམ་བགྲོད་དུ་རེ་བ་མ་གཏོགས། བསྟན་སྲུངས་ཕུལ་དུ་བྱུང་བའི་ཁྱད་པར་འདོན་རྒྱུ་ཅི་ཡང་མེད་པར་བསྟན་པ་ལ་དགྲ་དང་། ཆོས་ལ་བར་ཆད་སྟོབས་ལྡན་བྱུང་བའི་ཚེ། ཆོས་སྐྱོང་གི་གོ་བླངས་བྱེད་དུ་རེ་བ་མ་གཏོགས་པ་ལས་ལ་སྦྱོར་བའི་འཕྲིན་ལས་བསྐུལ་ཐབས་ཁྱད་པར་ཅན་ལག་ལེན་ལ་འགེལ་ལུགས་ཅི་ཡང་མི་ཤེས་པར་བསྟན་བསྲུང་མིང་ཙམ་དུ་གྱུར་པ་འབའ་ཞིག་མཐོང་བ་རྣམས་ཀྱིས་ཡིད་ལེགས་པར་བསྐུལ་


PS011_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྟན་པ་འབའ་ཞིག་སྙིང་ཁོང་དུ་བཅུག་ནས། མགོན་པོ་འཁོར་བཅས་ལ་གསོལ་བ་ནན་ཆེར་བཏབ་པ་སྔོན་དུ་བཏང་བར་བྱས་ཤིང་། མན་ངག་ཡི་གེར་འཁོད་པ་ལ་འཕངས་པའི་བསམ་པ་མ་བྱས་པར་བེ་བུམ་ནག་པོའི་མན་ངག་གི་ཡི་གེ་ཐོར་བུ་ཚན་ཅན་ཡོད་པ་རྣམས་དཀྱུས་གཅིག་ཏུ་བསྒྲིགས་ནས། ལག་ལེན་བྱེད་ཚུལ་གསལ་ཞིང་གོ་བདེ་བར་བླ་མའི་ཞལ་ཤེས་ཁྱད་པར་ཅན་རྣམས་རང་རང་གི་སྐབས་སུ་སྦྱར་ཏེ་ཁོ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གིས་ཡི་གེར་བཀོད་པ་འདི་ལ་བླ་མ་མགོན་པོ་འཁོར་དང་བཅས་པས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ།། །།

ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་གསལ་བར་ཕྱེ་བ་ཁྲིགས་སུ་སྡེབས་པ་མཁས་གྲུབ་ཐམས་ཅད་མཁྱེན་པ། དགེ་ལེགས་དཔལ་བཟང་པོ།


PS011_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་གསལ་བར་ཕྱེ་བ་ཁྲིགས་སུ་སྡེབས་པ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གིས་མཛད་པ་བཞུགས་སོ།། ༼འི༽ ན་མོ་མ་ཧཱ་ཀཱ་ལ་ཡ། བླ་མ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །འདིར་ཡེ་ཤེས་མགོན་པོ་འདིའི་བསྙེན་སྒྲུབ་ལས་གསུམ་ལ་ཇི་ལྟ་བུར་འཇུག་ཅིང་། ཉམས་སུ་བླངས་པའི་ཚུལ་གྲངས་དང་གོ་རིམས་མ་ཉམས་ཤིང་རྣམ་པར་དག་པའི་ཆོ་གའི་རྣམ་བཞག་ཇི་ལྟར་བྱ་བའི་ཁྲིགས་སུ་སྡེབས་པ་འདི་ལྟར་རོ། །ཞེས་ཤེས་པར་བྱ་བའི་དོན་དུ་འདི་བྲི་བར་བྱའོ། །དེ་ལ་ཐོག་མར་བརྒྱུད་པ་ཁུངས་ཀྱི་རྣམ་དབྱེ་ནི། མགོན་


PS011_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འདིའི་རྒྱུད་ལོ་བརྒྱད་མར་གྲགས་པ་ཞིག་ཡོད་པ་དེ་རྒྱུད་འབུམ་ཕལ་ཆེ་བ་ན་ཡོད། བླ་མ་སྔ་མ་རྣམས་ཀྱིས་བྱ་རྒྱུད་ཀྱི་པདྨའི་རིགས་ཀྱི་རྒྱུད་དུ་བྱས་ཤིང་། དེ་ཡང་འདི་གསུང་བ་པོ་རྟ་མགྲིན་དུ་འདུག་པ་དང་། དེ་པདྨའི་རིགས་ཀྱི་ལྷ་ཡིན་པས་སོ་སྙམ་དུ་བསམ་པར་སྣང་ནའང་རྒྱུ་མཚན་དུ་ནི་ཤིན་ཏུ་མ་ངེས་ལ། རྒྱུད་འདི་ལྟར་ན་རང་རྟ་མགྲིན་གྱི་ལྷའི་རྣལ་འབྱོར་ལ་གནས་ནས། མདུན་དུ་མགོན་པོ་བསྐྱེད་དེ་བསྙེན་སྒྲུབ་གཏོར་མ་ལ་སོགས་པ་བྱ་བ་དང་། ལས་མཁན་ཚོགས་ཀྱི་བདག་པོ་བཱི་ན་ཡ་ཀ་ལ་བྱ་དགོས་སོ། །རྒྱུད་འདིར་བཤད་པ་ལྟར་ན་དང་པོ་ཐ་མལ་པར་གནས་པའི་གདུག་པ་ཅན་ཞིག་རྟ་མགྲིན་གྱི་བརྟུལ་ནས་བསྟན་པ་


PS011_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བར་ཁས་བླངས་པར་འདུག་པས་སྤྱན་རས་གཟིགས་ཁྲོས་པ་དང་། ལྷ་བཞི་ལྷ་མོ་དང་ལྔ་པོ་དབྱེར་མེད་དུ་བསྒྲུབ་པ་སོགས་མི་ཐད་སྙམ་ན། དེ་ཙམ་ཞིག་ལ་ནི་སྐྱོན་མེད་དེ། གདུལ་བྱའི་སྣང་ངོར་སྟོན་ཚུལ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་དཔལ་གསང་བ་འདུས་པའི་རྒྱུད་ལས་རྡོ་རྗེ་འཆང་གི་དགོངས་པ་ཅན་ཚིག་གསུངས་པ་བཞིན་འཁོར་གྱི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་རྣམས་ཀྱི་མ་གོ་བར་བློ་བུར་མི་ཚུད་དེ། འདི་ལྟ་བུའི་འཁོར་གྱི་དབུས་སུ་ཚིག་ངན་པ་འདི་ལྟ་བུ་མ་གསུངས་ཤིག །ཅེས་རྡོ་རྗེ་འཆང་ལ་ཞུས་པར་གསུངས་པ་ལྟ་བུའོ། །འོན་ཀྱང་མཁས་པ་ཆེན་པོ་འགའ་ཞིག་ནི་འདིའི་ལེའུ་


PS011_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ལས། སྭས་སྭས་སྭཱ་ཧཱ། ཞེས་བོད་སྐད་ལ་བཟོ་བྱས་པའི་སྔགས་སུ་མངོན་པས་བརྟག་པའི་གནོས་སོ། །ཞེས་གསུངས་པའང་ཡོད་དེ། དཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་ཉེར་ལྔ་པ་དེར་གཙོ་བོར་མགོན་པོ་ཕྱག་བཞི་པ་སོགས་ཀྱི་རྣམ་བཞག་རྒྱས་པར་སྟོན་ཀྱང་མགོན་པོ་འདི་དང་བེང་ལ་སོགས་པའི་རྣམ་བཞག་ཀྱང་ཟུར་ཙམ་ཆད་ལ། མགོན་པོ་འདི་ཉིད་སྟོན་པའི་ཆིག་ནི་རྒྱུད་དེ་ཉིད་ཀྱི་ལེའུ་བཞི་པ་ལས། མགོན་པོ་ཀུན་གྱི་གནད་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་གུག་ཐོད་ཁྲག་འཛིན། །སྤྱན་གསུམ་མཐིང་ནག་རྔམས་པ་ཡིས། །གཡས་གཡོན་


PS011_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བར་པས་འཕྲེང་བ་དང་། །ཌཱ་མ་རུ་ནི་འཛིན་ཅིང་བརྡུངས། །ཐ་མ་གཉིས་ཀྱིས་ཁ་ཊྭྃ་དང་། །སྡིགས་མཛུབ་ཞགས་པས་འཆིང་བར་མཛད། །ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛག་ཞལ། །ས་བོན་རང་སྔགས་ཕྲེང་བ་ཅན། །རྒྱས་བཏབ་པས་ནི་བྱིན་རླབས་ཤིང་། །རྡོ་རྗེ་སེམས་དཔའ་དབུ་རྒྱན་པ། །ནྱ་གྲོ་ཏའི་ཤིང་ལ་རྟེན། །བཱི་ནཱ་ཡ་ཀ་མནན་པར་བསམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཤ་ཆེན་བསྲེག་སྤོས་ཕུལ་ནས་ནི། །སྐྱེ་བར་གྱུར་ནས་གསང་སྔགས་བཟླས། །དེ་ལ་གཏོར་མ་དབུལ་བར་བྱ། །འཕྲིན་ལས་ཐོགས་པ་མེད་པར་འགྲུབ། །ཅེས་གསལ་བར་གསུངས་


PS011_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །རྒྱུད་འདི་ནི་པཥྚི་ཏ་ཨ་བྷྱ་ཀ་རའི་ཞལ་སྔ་ནས་དང་། ལོ་ཙྪ་བ་ཁྱིའུ་གད་པ་འཁོར་ལོ་གྲགས་ཀྱིས་བསྒྱུར་བ་ལས། སླར་ཡང་རྩ་མི་སངས་རྒྱས་གྲགས་དང་ལོ་ཙ་བ་ཀྲེའོ་ཤེ་རབ་དཔལ་གྱིས་བསྒྱུར་བ་ཡིན་ལ། ཕྱག་ཚན་གོང་འོག་ཅུང་ཟད་ཚུལ་མི་འདྲ་བ་གཅིག་སྣང་ངོ་། །དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ་ལ་སྤྱིར་མགོན་པོའི་རིགས་མི་འདྲ་བ་དུ་མ་དང་། མགོན་པོ་འདི་ཉིད་ཞལ་གསུམ་ཕྱག་དྲུག་པ་གཅིག་གསུངས་ཤིང་། འོན་ཀྱང་ལོ་རྒྱུས་རྒྱས་པ་ནི་ཁྱུང་པོ་ལ་མེ་ཏྲི་པས། ཀོ་ས་ལ་བིཀྵའི་དུར་ཁྲོད་དུ་གསུངས་པའི་མཻ་ཏྲི་པའི་གསུང་ངག་མགོན་པོར་ཐུགས་བསྐྱེད་ཚུལ་ཉིད་ཤིན་ཏུ་ཡིད་ཆེས་ཀྱིས་གནང་བ་ཡིན་ནོ། །ཞེས་བླ་མ་


PS011_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དག་མཐུན་པར་གསུངས་སོ། །དེ་ལ་སྤྱིར་མགོན་པོ་འདི་རྒྱ་གར་ནས་ལོ་ཙྪ་བས་ཞུས་པ་ལ། གྱི་ཅོ་ཟླ་བའི་འོད་ཟེར་གྱིས་རྒྱ་གར་དུ་ཞུས་ནས་ཁྱེར་བྱོན་པ་ལ་སོགས་པའི་ལུགས་གཞན་ཡང་སྣང་མེད་ཀྱང་། ད་ལྟ་དེ་དག་ནས་བརྒྱུད་པ་སོགས་བྱེད་པ་ཆེར་མི་སྣང་ཞིང་། ཤངས་པ་ནས་བརྒྱུད་པ་འདི་ཉིད་མཆོག་ཏུ་གནང་བས། འདིར་ཡང་འདིའི་དབང་དུ་བྱས་སོ། །དེ་ཡང་ད་ལྟ་བླ་མ་རྒྱུད་རིམ་ལ། མཻ་ཏྲི་པ། རཱ་ཧུ་ལ། ཞེས་བྱུང་བ་ནི་ཁྱུང་པོས་མགོན་པོའི་བསྐོར་མཻ་ཏྲི་པ་ལས་གསན་པ་མང་པོ་ཞིག །ཕྱིས་རཱ་ཧུ་ལ་ལས་གསན་ཞིང་། གཞན་མང་པོ་ཞིག་ཐོག་མར་མཻ་ཏྲི་པ་ལས་གསན་པས། ཁྱུང་པོས་འདི་


PS011_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཆོས་བསྐོར་རྫོགས་པར་གསན་པའི་བརྒྱུད་པ་བླ་མ་དེ་གཉིས་ཀ་ཚང་དགོས་པའི་རྒྱུ་ཚན་གྱི་གཉིས་ཀ་སྨོས་པ་ཡིན་གྱིས། རཱ་ཧུ་ལ་མཻ་ཏྲི་པའི་སློབ་མར་འོང་དོན་མེད་ལ། བླ་མ་ཁྱུང་པོ་རང་གི་གསུང་གི་ཡིག་ཆུང་རྙིང་པ་དག་ཏུ་བླ་མ་གཉིས་ཀྱིས་བཞེད་པ་ལྟར་ཞེས་བྱུང་བའི་རྒྱུ་ཚན་ཡིན་ནོ། །དེ་ཡང་ཁྱུང་པོས་མཻ་ཏྲི་པ་ལ་རྒྱ་གར་དུ་གསན་ལ། རཱ་ཧུ་ལ་ལ་བོད་དུ་བྱོན་ནས་ཁྱུང་པོས་འཕན་ཡུལ་འཇོག་པོའི་རི་ལ་བསྒྲུབ་པ་མཛད་པའི་ཚེ་གནང་ཞིང་། བོད་དུ་ཟླ་བ་དྲུག་ཏུ་བཞུགས་སོ་ཞེས་གྲགས་ཏེ། རཱ་ཧུ་ལ་ནི་ཇོ་བོ་རྗེའི་ཡང་བླ་མ་རི་ནག་པོའི་གཙུག་ལག་ཁང་ན་ཚེའི་རིག་འཛིན་བརྙེས་ནས། ད་ལྟ་ཡང་བཞུགས་པ་དེ་ཉིད་དོ། །དེས་ན་མགོན་པོ་


PS011_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གྲུབ་ཆེན་ས་ར་ཧའི་ལུགས། གྲུབ་ཆེན་ཤ་བ་རི་པའི་ལུགས། གྲུབ་ཆེན་རཱ་ཧུ་ལའི་ལུགས་གསུམ་ཡོད་པ་ལས། ས་ར་ཧ་དང་ཤ་བ་རི་པའི་ལུགས་གཉིས་ཀ་མཻ་ཏྲི་པ་ལ་གསོན། དེ་ལ་ས་ར་ཧ་པའི་ལུགས་ནི་ཞལ་གསུམ་ཕྱག་དྲུག་པ་ལ་ཁྲོ་མ་བཞིས་བསྐོར་བའི་སྒྲུབ་ཐབས་གྲུབ་ཆེན་ས་ར་ཧ་པ་ཉིད་ཀྱིས་མཛད་པའི་རྒྱ་གཞུང་རྣམ་བཞག་རྒྱ་གར་གྱི་བླ་མ་ཨ་ཐ་ཡ་བཛྲ་དང་། ཤངས་པ་ལོ་ཙྪ་བ་ཚུལ་ཁྲིམས་མགོན་པོ་གཉིས་ཀྱིས་རྒྱ་དཔེ་ལས་བསྒྱུར་བ་དང་ད་ལྟ་ཡོད་པ་འདི་ལྟར་ཡིན་ལ། སྤྱིར་མགོན་པོ་འདི་ཉིད་ཞལ་གསུམ་ཕྱག་དྲུག་པ་ལ་རིགས་མི་འདྲ་བ་གཉིས་གསུམ་ཡོད་དེ་ཤིན་ཏུ་དྲག་པོར་བསྒྲུབ་པའི་དབང་དུ་བྱས་པའོ། །ཤ་བ་


PS011_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རི་པས་མཛད་པའི་བྱིན་རླབས་མགོན་པོ་ཞལ་གཅིག་ཕྱག་དྲུག་པའི་སྒྲུབ་ཐབས་རྒྱ་གཞུང་འདི་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། འདི་ལ་ལོ་ཙྪ་བ་གླན་དར་མ་ཚུལ་ཁྲིམས་ཀྱི་རྒྱ་དཔེ་ལས་བསྒྱུར་བ་དང་། ཁྱུང་པོས་མཻ་ཏྲི་པ་ལས་གསན་ནས་བསྣམས་བྱོན་པ་གཉིས་ལ་ཚིག་གཅིག་ཡང་ཁྱད་པར་མེད་པར་མཐུན་པར་ཡོད། དེས་ན་གྲུབ་ཆེན་གྱི་གཞུང་རྣམ་དག་ནི་རྒྱུད་དང་ཡིད་ཆེས་པའི་གནས་སུ་ཁྱད་པར་མེད་དེ། ར་ཧུ་ལའི་ལུང་ལ་བླ་མ་ཨ་ཐ་ཡ་བཛྲ་གྱིས་མཛད་པའི་ལྷ་བཞི་དྲིལ་སྒྲུབ་ཀྱི་རྒྱ་གཞུང་སོགས་དང་། རཱ་ཧུ་ལའི་གསུང་ངག་བླ་མ་ཁྱུང་པོ་ལས་རྒྱུད་པའི་ཡིག་ཆུང་རྙིང་པ་དང་། ཁྱུང་པོ་རང་ཉིད་ཀྱི་མཛད་པའི་མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་


PS011_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་འགའ་རེ་མ་གཏོགས་རཱ་ཧུ་ལ་རང་གིས་མཛད་པའི་རྒྱ་གཞུང་རྣམ་དག་ཐེ་ཚོམ་མི་ཟ་བ་མེད་དོ། །མགོན་པོ་ཞལ་གཅིག་ཕྱག་དྲུག་པ་མཐིང་ནག་ཡུམ་སྔོན་མོས་འཁྱུད་པའི་སྒྲུབ་ཐབས་རཱ་ཧུ་ལས་མཛད་པར་བྱས་པ་དང་། མགོན་པོ་ལྗང་ནག་གི་སྒྲུབ་ཐབས་རཱ་ཧུ་ལས་མཛད་པར་བྱས་པ་དང་། མགོན་པོ་དབང་གི་རྒྱལ་པོའི་སྒྲུབ་ཐབས་རཱ་ཧུ་ལས་མཛད་པར་བྱས་པ་དང་། ཤ་བ་རི་པའི་མགོན་པོ་གསང་སྒྲུབ་ཞེས་ཐ་སྙད་བྱས་པ། མགོན་པོ་མཐིང་ནག་ཞལ་གཅིག་ཕྱག་དྲུག་ཡུམ་དམར་མོས་འཁྱུད་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཤ་བ་རི་པས་མཛད་པར་བྱས་པ་ལ་སོགས་པ་རྒྱ་གཞུང་གི་ཐ་སྙད་བྱས་པ་ཤིན་ཏུ་མང་བར་ཡོད་ནའང་།


PS011_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེ་བ་དག་བླ་མ་རཱ་ཧུ་ལ་དང་མེ་ཏྲི་པ་ལ་གསན་པའི་འཁྱུང་པོའི་གསུང་སྒྲོས་ཀྱི་ཡིག་ཆུང་གི་གཞི་རེ་ལ་བར་སྐབས་སུ་ཤིན་ཏུ་མི་མཁས་པ་རེས། མགོར་རྒྱར་སྐད་རེ་བཅུག་ནས་བོད་ཚིག་ཤིན་ཏུ་མི་ལེགས་པ་རེའི་འཇུག་ཏུ་གྲུབ་ཆེན་དེ་དག་གི་མཛད་པའོ། །ཟེར་བ་དང་། གསེར་སྲང་ལྔ་བརྒྱ་ལ་སོགས་པ་ཕུལ་བའི་ལོ་རྒྱུས་སོགས་མང་པོ་རེ་བཅུག་པ་ཤས་ཆེ་བར་སྣང་ཞིང་། རྒྱ་གཞུང་ཡིན་ཟེར་བ་འགའ་ཞིག་གི་ནང་དུ་གུར་མགོན་གྱི་ཆོ་གའི་ཡན་ལག་འགྲོ་མགོན་འཕགས་པས་མཛད་པ་འགའ་ཞིག་གིས་ཚིག་སོར་བཞག་བྲིས་པ་དང་། དབང་ཆོག་རྒྱ་གཞུང་ཡིན་ཟེར་བ་འགའ་ཞིག་ལ་དབང་བསྐུར་གྱི་སྐད་དོད་རྫོགས་པའང་མ་ཤེས་ཤིང་། ཆོ་གའི་སྐད་དོད་ཀ་པཱ་ལཱ་ཟེར་བ་


PS011_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ། རྒྱ་གར་སྐད་དུ། བཛྲ་མ་ཧཱ་ཀཱ་ལ་ཡེ་ཨ་བྷི་དྷི་ན་མ། ཞེས་འབྲེལ་མེད་བྲིས་པ་དང་། གཞན་ཡང་དབང་བཞི་པའི་རྣམ་བཞག་སོགས་ལ་ཐམས་ཅད་ཀྱི་གཞི་ཤིན་ཏུ་ཆེ་བ་མངོན་པར་ཤོག །མགོན་པོ་རྒྱན་ཅན་ཞེས་པའི་ཐ་སྙད་གཅིག་ཡོད་པ་དེ་ལ། བདག་གི་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པའི་ཞལ་ནས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་ནག་པོ་འདི་ཡུམ་ཡོད་པ་དང་མེད་པ་ལ་རྒྱན་ཅན་དང་རྒྱན་མེད་ཅེས་ཟེར། དེ་ལས་གཞན་པའི་བརྒྱན་ཅན་མགོན་པོ་ཤངས་པའི་ལུགས་ལ་མེད། ཅེས་གསུང་བདག་གི་རི་གོང་པའི་ལུགས་ཕྱིས་ཀྱིས་མགོན་པོ་སྟོད་ལུགས་གཞན་དང་མ་འདྲེས་པ། སྨད་ལུགས་གཉིས་ལ་སོགས་པ་


PS011_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ཐོབ་པའི་ནང་ནའང་མི་སྣང་ངོ་། །ཕྱིས་ཀྱིས་བསྟོད་ལུགས་པ་མང་པོ་ནི་རྒྱན་ཅན་མགོན་པོ་ཞེས་པ་མགོན་པོ་ཞལ་བཅུ་གཅིག་པ་ཕྱག་སྟོང་སྤྱན་སྟོང་ཡུམ་ཅན་ལ་འདོད་ཅིང་། དེ་གཉིས་ལུགས་འདི་ཡི་ཟབ་གནད་མཐར་ཐུག་པར་འདོད་ཅིང་། ཁོ་བོས་ལུགས་དེ་ཉིད་ཀྱང་ལེགས་པར་ཐོབ་པར་བྱས་སོ། །འོན་ཀྱང་བླ་མ་རཱ་ཧུ་ལའི་ཞལ་སྔ་ནས་ཁྱུང་པོས་བསྒྱུར་བ་ཡིན་ཞེས་པའི་ཁ་བྱང་བཏགས་པའི་རྒྱ་གཞུང་གི་ཐ་སྙད་བྱས་པ་འགའ་ཞིག་ཤིན་ཏུ་བརྫུན་མ་ཆེན་པོར་སྣང་སྟེ། དེ་དག་ནི་རྙིང་མ་བའི་དུར་ཁྲོད་གསང་བ་མཆོག་གི་རྒྱུད་ཅེས་བྱ་བ་ལ་གཞི་བྱས་གསང་སྔགས་གསར་རྙིང་རྒྱུད་སྡེ་གོང་འོག །ཕྱག་ཆེན་རྫོགས་ཆེ། ཨུཥྞི་ཥ་ར་ལུང་


PS011_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉལ་ལོ་ལུགས་དང་། ཨོ་རྒྱན་གུ་རུའི་གཏེར་ཆོས་སུ་གྲགས་པ་སོགས་དུ་མ་ཞིག་བསྲེས་པའི་ནང་དུ་བླུན་པོའི་རང་བཟོ་དུ་མ་ཞིག་བཅུག་ནས། བོད་སྒོམ་ཤིན་ཏུ་མི་མཁས་པའི་ཚིག་སྦྱོར་ཉོག་རིག་མ་ལེགས་ལ་ནོར་བ་ཁམ་ཆེ་བ་ཤ་སྟག་རྒྱུད་མར་བྲིས་ནས་གྲུབ་ཆེན་གྱི་མཛད་པའི་རྒྱ་གཞུང་ཡིན་ནོ་ཞེས་སྙིང་ཁམས་བསྐྱེད་དེ་སྨྲ་བར་སྣང་བའི་ཕྱིར་རོ། །དེ་ཡང་རྒྱ་གཞུང་ཡིན་ཟེར་བ་དེ་དག་གི་ནང་ནས། ཐོག་མར་གཏོར་མ་གཅིག་བཤམས་པ་བྱིན་གྱིས་རླབས་ནས། བླ་མ་དཀོན་མཆོག །མཁའ་འགྲོ་ཆོས་སྐྱོང་། ཡེ་ཤེས་སྤྱན་ལྡན་རྣམས་ལ་འབུལ། དེ་ནས་གཏོར་མ་དེ་གསོས་བྲན་བརླབས་གསུམ་བྱས་ནས་རྒྱན་ཅན་


PS011_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་ལྷ་ཚོགས་ལ་འབུལ། ཡང་གཏོར་མ་དེ་གཉིས་ཀ་གྲལ་ཕྱིར་བསྒྱུར་ནས་གསོས་བྲན་བརླབས་གསུམ་བྱས་ཏེ་གཞི་བདག་ལ་བྱིན། ཡང་གཏོར་མ་དེ་ཉིད་གྲལ་ཕྱིར་བསྒྱུར་ཏེ་གསོས་བྲན་བརླབས་གསུམ་བྱས་ནས་ཕ་མ་རིགས་དྲུག་ལ་བྱིན། ཡང་གཏོར་མ་དེ་ཉིད་གྲལ་ཕྱིར་བསྒྱུར་ཏེ་གསོས་བྲན་བརླབས་གསུམ་བྱས་ནས་གནོད་སྦྱིན་གདོན་བགེགས་ལ་བྱིན་བགེགས་གཏོར་སྐྱེལ་བ་ལྟར་བྱེད་པར་བཤད་པ་ནི་བླུན་པོའི་ལག་ལེན་དུ་ཤེས་རིང་དང་ལྡན་པ་སུ་ཞིག་གི་མི་ཤེས། གཞལ་ཡས་ཁང་བསྒོམས་པ་ན། སྔོན་དུ་སྭ་བྷཱ་ཝའི་སྔགས་ཀྱིས་ཡུལ་སྟོང་པར་བསྒོམས། དེ་ནས་ཤཱུ་ནྱེ་ཏའི་སྔགས་ཀྱིས་ཡུལ་ཅན་སྟོང་པར་བསྒོམས་ཞེས་པ་ཡང་།


PS011_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དྷརྨ་ཅེས་པ་ཆོས་ཐམས་ཅད་ཅེས་པར་མ་གོ་བའོ། །དེ་ནས་གཞལ་ཡས་ཁང་གི་འོག་གི་བྱུང་བ་རིམ་བརྩེགས་བསྐྱེད་པ་ན་ཆུ་ཡི་དཀྱིལ་འཁོར་ཁྲག་མཚོ་གྲུ་གསུམ་རཾ་ཡིག་ལས་བསྐྱེད་ཅིང་དེས་མཚན་པ་དང་། ས་ཡི་དཀྱིལ་འཁོར་སྨུག་ནག་ཟླུམ་པོ་བམ་ལས་བསྐྱེད་ཅིང་དེས་མཚན་པ་ནི་རྒྱུད་སྡེ་མཐའ་དག་དང་རྒྱབ་འགལ་ལོ། །དེ་ནས་བོད་ཀྱི་རྙིང་མ་བ་འགའ་ཞིག་འདོད་པ་ལྟར་ཆོས་འབྱུང་དམར་ནག་གྲུ་གསུམ་གྱི་ནང་དུ་གཞལ་ཡས་ཁང་བསྐྱེད་པ་ལ་དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་གྲུ་གསུམ་དང་བཅས་པ་ཞེས་པ་ན་རྙིང་མ་བ་མང་པོ་ཞིག་གི་བྲིས་པའི་ཆོས་འབྱུང་གི་ཟུར་གསུམ་པོ་ཟླུམ་བསྐོར་རེག་པའི་ཁར་ཆོས་འབྱུང་གི་ལོག་


PS011_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཟླ་གམ་གྱི་རྣམ་པ་གསུམ་ཡོང་བ་དེ། སྒོམ་དོན་དུ་ཆོས་འབྱུང་གྱེན་དུ་བླང་བ་ནི་རྩེ་མོ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པས་ཆོས་འབྱུང་གི་ཟུར་གསུམ་ཕྱིའི་ཟླུམ་སྐོར་ལ་རེག་རྒྱུ་མེད་པའི་དོན་སྤྱི་གང་ཡང་མ་ཤར་བར། སྒོམ་དོན་ལ་ཡང་བྲིས་པ་ལྟར་འོང་བར་འཁྲུལ་ནས་སྒོམ་དོན་ངག་ཏུ་བརྗོད་པའི་ཚེ་ཡང་ཟླ་གམ་གསུམ་དང་བཅས་པ་ཟེར་བ་དེ་ཉིད་ཤོར་བའོ། །དེའི་ཕྱི་རོལ་ཏུ་ཐོད་སྐམ་ལྟག་སྤྲོད་ཀྱི་རྩིག་པ་ལ་ཀ་ཁ་སོགས་གསལ་བྱེད་ཀྱི་ཡི་གེ་ལས་གྲུབ་པའི་བྱང་སེམས་དཀར་པོས་གཅིག་འདམ་བྱས་པའི་སྐུ་མཁར་ཟླུམ་པོ་དང་། དེའི་ཕྱི་རོལ་དུ་ཐོད་རློན་ལྷག་སྤྲོད་ཀྱི་རྩིག་པ་ལ་བར་རྣམས་དབྱངས་ཡིག་ལས་གྲུབ་པའི་བྱང་


PS011_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དམར་པོའི་རྩིག་འདམ་གྱིས་བསྡམས་པའི་སྐུ་མཁར་གྲུ་བཞི་པ་ཞེས་པ་ནི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་སྒོམ་དོན་ཆད་ན། རྩིག་རྡོ་དང་བརྩིག་འདམ་སོགས་ཀྱི་རྣམ་བཞག་བླུན་པོ་མིན་པ་སུ་ཞིག་བྱེད། བྱང་སེམས་དཀར་པོ་གསལ་བྱེད་དང་། དམར་པོ་དབྱངས་ཡིག་ལས་གྲུབ་པར་སྨྲ་བ་ནི། བྱང་སེམས་དཀར་པོ་ཨ་ལི་དང་ཟླ་བའི་ཆ་དང་། དམར་པོ་ཀ་ལི་དང་ཉི་མའི་ཆ་ལ་སོགས་པར་རྒྱ་བོད་ཀྱི་སྔགས་པ་མཁས་པ་མཐའ་དག་ལ་རླུང་ལྟར་གྲགས་པའི་ཐ་སྙད་ཙམ་ཡང་རྣ་བར་མ་ཚོར་ཞིང་། ཐབས་ཤེས་ཀྱི་དོན་གང་ཡང་མ་གོ་བའི་འཆལ་གཏམ་ཡིན་ལ། གཞལ་ཡས་ཁང་ལ་སྐུ་


PS011_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཞེས་པ་ནི་བོན་པོའི་ཐ་སྙད་ཡིན་ཅིང་། གཞལ་ཡས་ཁང་ཕྱི་མ་དེ་ཉིད་ཤ་ས་ནའི་སྔགས་ཀྱི་འཇུག་སྤེལ་ཚིག་དང་བཅས་པ་ལས་གྲུབ་པར་ཆད་པ་ན། སྐྱེ་བཞི་དགུ་མིག་བདུན་ཟུར་ཞེས་པ་ནི་ནག་རྩིས་པ་ཁོ་ནའི་ཐུན་མོང་མིན་པའི་བརྡའ་འཆད་ཡིན་འཕྱ་མོད། མི་ཁ་དགྲམ་མཆུ་ཞེས་སོགས་དུ་མ་ཞིག་ནི་བོད་ཀྱི་སྐྱེ་བ་མི་ནག་པའི་ཐ་སྙད་རང་དགའ་བ་འགའ་ཞིག་བྲིས་ནས། རྒྱ་གར་གྱི་གྲུབ་ཆེན་གྱི་གཞུང་ཡིན་ཟེར་བར་སྣང་ལ། སྲིན་པོའི་རོ་རེངས་ཀྱི་རེ་བཞི་དང་ཞིང་ཆེན་གྱི་ཀོ་ལེབ་བྱས་པ་ལ་སོགས་པ་ནི་བླུན་བཟོ་ཡིན་པར་ཤིན་ཏུ་གོ་སླ་ཞིང་། གཞལ་ཡས་ཁང་གི་མཐའ་ནས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་རྣམ་བཞག་ལ་


PS011_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་གཞི་ཕྱོགས་མདོག་ཏུ་བྱས་ཤིང་། དེ་ཡང་ཕྱོགས་གཡས་བསྐོར་དང་། མཚམས་གཡོན་བསྐོར་དུ་བསྒོམས་ནས། ཤར་གྱི་དུར་ཁྲོད་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། བྱང་ཤར་དམར། བྱང་ནུབ་སེར། ལྷོ་ནུབ་དཀར། ལྷོ་ཤར་ལྗང་། ཞེས་བྱ་བ་ནི། དུར་ཁྲོད་བརྒྱད་ཀྱི་ས་གཞི་ཕྱོགས་མདོག་མི་འདྲ་བ་གང་ནས་ཀྱང་མ་བཤད་ཅིང་། བདེ་མཆོག་ནས་བསྒོམས་པའི་རིམ་པ་ལ་གཞལ་ཡས་ཁང་གི་ནང་གི་ལྷ་ལ་སོགས་པ་ཕྱོགས་གཡོན་བསྐོར་དང་མཚམས་གཡས་བསྐོར་དུ་བཤད་ཅིང་། དུར་ཁྲོད་ཐམས་ཅད་ཤར་ནས་བརྩམས་ཏེ་གཡོན་བསྐོར་གྱི་རིམ་པས་བསྒོམ་པ་དང་།


PS011_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་དུ་ཤར་ལྷོ་བྱང་ནུབ་ཀྱི་རིམ་པས་བསྒོམ་པར་བཤད་པ་སོགས་ཡོད་ཀྱི། ཕྱོགས་གཡས་བསྐོར་དང་མཚམས་གཡོན་བསྐོར་བྱེད་པ་གང་ནས་ཀྱང་མ་བཤད་ལ། མཚམས་ཀྱི་ཁ་དོག་དེ་འདྲ་བ་གང་དང་ཡང་མི་མཐུན་ཞིང་། སྤྲིན་བརྒྱད་ཨ་ལི་ཀ་ལི་ཡི་གེ་ལ་བསྐྱེད་པའང་ཀུན་དང་མི་མཐུན་པའི་བླུན་བཟོ་ཆེན་པོ་ཡིན་ལ། དུར་ཁྲོད་བརྒྱད་ན་གྲུབ་ཆེན་བརྒྱད་གནས་པའི་ཡ་གྱལ་ལ་མཻ་ཏྲི་པ་དང་ཨ་ཐ་ཡ་བཛྲ་ལ་སོགས་པ་སོ་སོ་སྐྱེ་བོའི་རྣལ་འབྱོར་པ་བགྲངས་བ་དང་། རཱ་ཧུ་ལས་མཛད་པའི་རྒྱ་གཞུང་དུ་གྲུབ་ཆེན་བརྒྱད་ཀྱིས་།ཡ་གྱལ་རཱ་ཧུ་ལ་རང་ཉིད་དང་ན་རོ་པའི་སློབ་མ་མཻ་ཏྲི་པ་གཉིས་བགྲང་བར་བྱས་པ་དང་། དུར་ཁྲོད་བརྒྱད་པོ་དེ་


PS011_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཚན་ཉིད་པ་རིག་ལུགས་དང་། བགྲོ་གླེང་དང་། ཆོས་འཆད་ཉན་དང་དེས་འཛིན། བཤར་བྱང་སོགས་བྱེད་པ་ཁྲི་འབུམ་བྱེ་བ་ཁྲག་གི་དང་། སྒོམ་ཆེན་བསམ་གཏན་དང་རང་རིག་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དེ་ཉིད། སྔགས་པ་སྔགས་ཀྱི་བཟླས་བརྗོད་དང་གཏོར་མ་སོགས་བྱེད་པ་དེ་རྙེད་ཡོད་ཅེས། དུར་ཁྲོད་བརྒྱད་པོ་དེ་བོད་ཀྱི་སྡེ་དགོན་ལྟ་བུ་གཅིག་གི་དོན་སྤྱི་ཤར་འདུག་པས་འདི་འདྲའང་ཡིད་ཆེས་ཀྱིས་གནས་ཡིན་ན། ཡིད་ཆེས་ཀྱི་གནས་མ་ཡིན་པ་གང་ཞིག་བྱར་ཡོད། མཻ་ཏྲི་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བསམ་གྱི་མི་ཁྱབ་པ་ཡིན་མོད་ཀྱང་། མཆོག་གི་དངོས་གྲུབ་བརྙེས་ན་སྐུ་ཚེ་དེ་ལ་འཚང་རྒྱ་


PS011_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཁྱབ་པ་ཡིན་ཞིང་། མཻ་ཏྲི་པ་ལ་སྐུ་ཚེའི་འདུ་བྱེད་བཏང་དགོས་པ་བྱུང་བར་བཤད། སྤྱིར་རང་མགོན་པོའི་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་གྲུབ་པ་དང་། ཁྱེད་ཀྱི་འདོད་པའི་གྲུབ་ཆེན་དེ་དག་གི་གྲུབ་པ་ཐོབ་པ་ལ་དུས་སྔ་ཕྱི་ཡོད་དམ་མེད་ཅེས་དྲིས་ན་ཅི་ཟེར་བསམ་དགོས་པ་ཡིན། གཞན་ཡང་དུར་ཁྲོད་བརྒྱད་ཀྱི་མཆོད་རྟེན་བརྒྱད་མྱང་འདས་མཆོད་རྟེན་ལ་སོགས་པ་བརྒྱད་ལ་བྱས་པས་ལུགས་འདི་ལྟར་ན་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་གོང་དུ་དུར་ཁྲོད་བརྒྱད་ཀྱི་མཆོད་རྟེན་བརྒྱད་མ་ཚང་བར་གྱུར་ལ། དབུས་ཀྱི་གཞལ་ཡས་ཁང་བྲང་ཁོག་གནས་འགྱུ་བ་དང་། དུར་ཁྲོད་བརྒྱད་མགོ་དང་སྐེ་འཇིགས་དང་། ཡན་ལག་


PS011_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལྟོ་བ་གསང་གནས་ཏེ་བརྒྱད་གནས་འགྱུར་བར་འདོད་པ་ནི་བླུན་གཏམ་ཆེན་པོའོ། །དུར་ཁྲོད་ཆེན་པོ་བརྒྱད་པོ་དེ་དུར་ཁྲོད་ཕྲན་བཅུ་དྲུག་ཏུ་ཕྱེ་བ་དེ་དག་གནས་ཉི་ཤུ་རྩ་བཞིར་བཤད་པ་ནི། བདེ་མཆོག་ལ་སོགས་པའི་རྒྱུད་དང་གྲུབ་ཆེན་དུ་མ་ཞིག་གི་པུ་ལླི་ར་མ་ཡ་ལ་སོགས་པ་ཉེར་བཞིར་བཤད་ནས། དུར་ཁྲོད་བརྒྱད་གནས་ཉེར་བཞི་ལ་མ་ཐེ་བའི་ལོགས་སུ་བགྲངས་པ་ཤ་སྟག་ཡོད་པ་ཐམས་ཅད་དང་རྒྱབ་འགལ་དུ་སོང་བའི་ནོར་བ་ཤིན་ཏུ་ཁམ་ཆེ་བ་ཡིན་ལ། དེའི་ཕྱི་རོལ་དུ་བསྲུང་སྐྱོབ་འཁོར་ལོ་ལྔ་རིམ་ཞེས་ཐ་སྙད་བྱས་པའི་འཁོར་ལོའི་ར་གུར་རིམ་པ་དུ་མ་སྒོམ་པ་རྣམས་འགའ་ཞིག་སྙིང་པོའི་སྔགས་ལ་མཁའ་འགྲོ་རིགས་སོ་


PS011_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྔགས་བཏགས་པར་གྱུར་པ་ལས་བསྐྱེད་ཅིང་། ཕྱིར་བཟློག་གི་འཁོར་ལོ་ནི་ཨཥྚིི་ཥ་ལུགས་གཉིས་ཀྱི་སྔགས་མ་དག་པ་གཅིག་ལས་བསྐྱེད་ལ། དེའི་ཕྱིར་བོད་ཀྱི་རྙིང་མའི་རྒྱུད་དུ་གྲགས་པ་འགའ་ཞིག་ཁོ་ནའི་ནང་ན་ཡོད་པའི་སྔགས་དང་སྔགས་ཀྱི་ཚིག་སྤྲུགས་ལུགས་ཇི་ལྟ་བ་བཞིན་དུ་བྱས་པ་ལས་བསྐྱེད་པའི་ཕྱོགས་ངན་བཟློག་པའི་འཁོར་ལོ་དང་མནའ་ཟོས་པའི་ཆད་པ་བཟློག་པའི་འཁོར་ལོ་ལ་སོགས་པ་ཚན་ཆེ་བ་ཞིག་སྒོམ་པར་བཤད་ཀྱང་རྒྱ་གར་གྱི་གྲུབ་ཆེན་གྱི་གཞུང་ཡིན་ན། དེའི་ནང་དུ་ཕྱོགས་ངན་དང་མནའ་ཟོས་པ་བཟློག་པ་སོགས་ཀྱིས་ཐ་སྙད་ཀྱང་འོང་དོན་ག་ལ་ཡོད། གཞལ་གཡས་ཁང་གི་ཕྱི་ནང་ཐམས་ཅད་དུ་མཆོད་པའི་


PS011_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་གཟུངས་དང་། ཨརྒྷཾ་པྲ་ཏི་ཙྪ་ཡེ་སྭཱ་ཧཱ། ཡོངས་སུ་གྱུར་པ་ལས་བྱུང་བའི་མཆོད་རྫས་དཔག་ཏུ་མེད་པས་གང་བར་བསྒོམ་ཞེས་པ་ནི། མཆོད་པའི་བྱིན་གྱིས་རླབས་པ་དང་འབུལ་བའི་སྔགས་རྣམས་མཆོད་རྫས་བསྐྱེད་སྔགས་སུ་སྨྲ་བ་རྒྱུ་དང་རྒྱ་གཞུང་རྣམ་བཞག་ཐམས་ཅད་དང་འགལ་བའི་ལོག་ཆོས་སོ། །དེ་ན་སྡེ་བརྒྱད་གཤེད་འབེབས་ཀྱི་དྲག་སྔགས་ཞེས་བྱ་བ། བོད་ཀྱི་དམོད་མོའི་ཚིག་མང་པོ་ཞིག་གི་བར་བར་དུ་རྦད་དང་རྦུད་ལ་སོགས་པའི་རེ་རེ་ཙམ་བཅུག་པ་སྲོག་ཧབ་ཤ་རྦད་དང་སྙིང་སྲོག །ཤང་དཀྲུགས་ལ་སོགས་པ་མང་པོ་ཞིག་བྲིས་ཤིང་། བོད་ཀྱི་གུ་རུ་བ་ཁོ་ནའི་སྔགས་པ་ཀུན་ལ་རླུང་ལྟར་གྲགས་པའི་ཨ་ཙིག་ནོར་རྩིག་ལ་


PS011_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སོར་བཞག་བྲིས་ནས་རྒྱ་གཞུང་རྣམ་བཞག་ནས་བཤད་པའི་སྔགས་སུ་སྨྲ་བ་འདུག་པས། དེ་འདྲ་ལ་རྣམ་སྤྱོད་དང་ལྡན་པ་སུ་ཞིག་ཡིད་བསྟན་བྱེད། དེ་དག་གི་ནི་འདི་ལ་དཔེ་བསྐོར་ཤིན་ཏུ་ཚན་ཆེ་བ་གཅིག་བྱས་འདུག་པའི་ནང་ནས། ཕྱི་དུར་ཁྲོད་ལམ་ཁྱེར་ཞེས་བྱ་བའི་ནང་གི་ནོར་པ་རགས་པ་འགའ་ཞིག་མཚོན་པའི་ཕྱིར་དུ་དམོས་པ་ཙམ་ཡིན་ལ། ནང་དུར་ཁྲོད་ལམ་ཁྱེར་ཞེས་བྱ་བ་ལས། གཞལ་ཡས་ཁང་དེའི་དབུས་བསྒོམ་བྱའི་གཙོ་བོ་ཕྱག་སྟོང་སྤྱན་སྟོང་གི་མངོན་རྟོགས་དང་། ཕྱི་ནང་གསང་གསུམ་གྱི་རྟགས་ཀྱི་རིམ་པ་མང་པོ་ཞིག་སྟོན་པ་ལ། ཕྱག་སྟོང་སྤྱན་སྟོང་ནི་སྤྱན་རས་གཟིགས་ཕྱག་སྟོང་


PS011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྟོང་ལ་དེའི་རྒྱུད་རྩོད་མེད་དང་རྒྱ་གཞུང་རྣམ་བཞག་ཐམས་ཅད་མཐུན་པར་རྩ་ཕྱག་བརྒྱད་བྱས། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་གོ་གཉིས་བྱས་པའི་རྣམ་བཞག་གསུངས་པ་ལྟར། རྩ་ཕྱག་དྲུག་ཐེ་བ་སྟེང་འོག་གྱུར་འདུག་པ་ལས། འདི་ལ་རྩ་ཕྱག་དྲུག །དེའི་ཕྱི་རིམ་ལ་རིམ་པ་བཞིན་སྐུ་འཁོར་གྱི་ཕྱག་རྒྱ་དྲུག་ཅུ། གསུང་འཁོར་གྱི་ཕྱག་རྒྱ་བརྒྱད་ཅུ། ཐུགས་འཁོར་གྱི་ཕྱག་རྒྱ་ཉིས་བརྒྱ། ཡོན་ཏན་གྱི་ཕྱག་ཉིས་བརྒྱ་ཉི་ཤུ། འཕྲིན་ལས་ཀྱི་ཕྱག་ཉིས་བརྒྱ་བཞི་བཅུ་སྟེ་སྟོང་ལས་དྲུག་གི་ལྷག་པས་མགོན་པོ་ཕྱག་སྟོང་སྤྱན་སྟོང་ཞེས་སྨྲ་བ་དང་འགལ་ཞིང་། ཕྱག་གི་གྲངས་ཙམ་ལའང་འཁྲུལ་འདུག་ལ།


PS011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བཅུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་དང་། སྟོང་ཞལ་བཅུ་གཅིག་པ་བླ་མ་མི་བསྐྱོད་པའི་ཞལ་དུ་བྱས་པའི་རྣམ་བཞག་རྣམས་ལ་ཡང་ཐེ་ཚོམ་གྱི་གཞི་ཆེ་བར་ཡོད་ཅིང་། ས་བཅུ་དང་ཕར་ཕྱིན་བཅུ་སྦྱོར་ཟེར་བ་ཙམ་ཞིག་ཚོར། སྦྱོར་ཚུལ་གང་ཡང་བསླབ་མ་མྱོང་བས། སྦྱིན་པ་བཏང་བས་ས་དང་པོ་ཐོབ། ཚུལ་ཁྲིམས་བསྲུངས་པས་ས་གཉིས་པ་ཐོབ། ཞེས་སོགས་དོན་དུ་བཟུང་ནས་དེ་ལྟར་སྦྱར་བ་དང་། ཕར་ཕྱིན་བཅུའི་ཡ་རྒྱལ་གྱི་སྟོབས་ཀྱི་ཕར་ཕྱིན་མི་འཇིགས་པའི་སྦྱིན་པ་ངོས་བཟུང་བ་ལ་སོགས་པ་མཁས་པས་མཐོང་ན་ངོ་ཚ་བའི་གནད་མང་བ་ཡོད་ལ། དེ་ལས་ཀྱང་རྒྱན་ཅན་ཡོངས་ཀྱི་སྒྲུབ་ཐབས་དང་མན་ངག་ཟབ་ཤོས་སྙིང་


PS011_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱན་དུ་འདོད་པ་དུ་མ་ཞིག་དང་དེའི་དབུར་གྱི་ཆོ་ག་ལ་སོག་པར་ཡོད་དེ། རང་མགོན་པོ་ཕྱག་སྟོང་སྤྱན་སྟོང་དུ་བསྒོམས་པའི་ལུས་ལ་རྒྱུད་སྡེ་ལྔ་དང་ཞི་ཁྲོ་གདན་འཛོམ་གྱི་ལྷ་རྫོགས་པའི་བརྒྱན་འགོད་པ་ཡིན་ཟེར་ནས། རང་མགོན་པོར་བསྒོམས་པའི་ལུས་ལ་ཕ་རྒྱུད་མ་རྒྱུད་ཐམས་ཅད་བསྲེགས་པའི་ལྷ་དུ་མ་ཞིག་བཀོད་པའི་ལུས་དཀྱིལ་དང་། དཀྱིལ་འཁོར་ལྷའི་རྣམ་བཞག་ལ་སོགས་པ་དུ་མ་ཞིག་བྱས་འདུག་པ་ཐམས་ཅད་ནོར་པའི་དཀྱིལ་དུ་སྣང་། བསྐྱེད་རིམ་དེ་ལྟ་བུའི་དབང་དུ་བྱས་ནས་རྫོགས་རིམ་ལ་ཧ་ཤང་གི་སྒོམ་རང་ག་བ་སོར་བཞག་བྱེད་ཅིང་། འདུས་མ་བྱས་པ་འོད་གསལ་སྟོང་ཉིད་


PS011_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། དབྱིངས་ཀུན་ཁྱབ་དབྱེར་མེད་རིག་པ་སྟེ། རྣམ་རྟོག་གང་འཕྲོའི་ངོར་ལྟས་དབྱིངས་སུ་གྲོལ། དྲན་མེད་ཐུགས་རྗེའི་འོད་ཟེར་ཏིང་ངེ་འཛིན་ཞེས་སོགས་དུ་མ་ཞིག་གི་ཕྱིས་ཀྱི་བོད་སྒོམ་ཁ་གཅིག་སེམས་ཀྱི་ཆོས་ཉིད་བདེན་སྟོང་ལ་མི་བྱེད་པར་རང་རིག་རང་གསལ་མིང་གསལ་སྟོང་འཛིན་མེད། ཞེས་རྟགས་པ་ལ་བྱས་ནས་དེ་ཉིད་ཆོས་སྐུ་ཡིན། འདུས་མ་བྱས་ཡིན། རྣམ་རྟོག་གང་སྐྱེས་ཀྱི་ངོ་ལ་ཆེས་ལྟས་པ་ན་འདི་ཡིན་པར་ཡལ་སོང་བ་དེ་ཀ་སེམས་རང་ངོ་ཤེས་པ་དང་། ཆོས་སྐུ་རྟོགས་པ་དང་། རྣམ་རྟོག་ཆོས་སྐུའི་དོན་ཡིན་ཟེར་བའི་མུན་སྤྲུལ་བླ་ན་མེད་པ་དེ་ཉིད་སོར་བཞག་ཏུ་བྲིས་ནས། རྒྱ་གར་གྱི་གྲུབ་ཆེན་གྱི་


PS011_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས་ཁྱུང་པོས་བསྒྱུར་བའི་རྒྱ་གཞུང་རྣམ་བཞག་ཏུ་སྨྲ་བ་དང་། སྨན་རཀ་ཕུད་གསུམ་དང་ཚོགས་བརྒྱ་རྩ་སོགས་རྙིང་མ་བའི་ཐུན་མོང་མ་ཡིན་པའི་བརྡའ་ཆད་སོར་བཞག་བྱས་ནས་དེ་ལྟར་སྨྲ་བ་ཁམ་ཆེ་བ་ཡིན་ཞིང་། རེ་རེ་ནས་བྲིས་ཀྱང་ཧ་ཅང་མངས་སྲ་གྱུར་བས་མ་བྲིས་ཀྱིས། མདོར་ན་འདིའི་བསྐོར་ལ་ཡིག་ཚོགས་ཤིན་ཏུ་ཆེ་བར་ཡོད་པ་ལས། རྒྱུད་སྡེ་དང་གྲུབ་ཆེན་རྩེད་མེད་གང་དང་ཡང་བརྡའ་ཆད་དང་མཐུན་པ་སྣ་གཅིག་ཀྱང་མེད་པའི་མི་མཐུན་པ་ཤ་སྟག་བྲིས་ནས་མ་ནོར་བའི་ཚིག་རེ་རེའང་རྙེད་དཀའ་བར་ཡོད་ལ། འོན་ཀྱང་མགོ་རུ་རྒྱ་གར་སྐད་གཅིག་དང་འཇུག་ཏུ་གྲུབ་ཐོབ་འདི་ཞེས་


PS011_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བས་མཛད་ཟེར་བ་གཅིག་བྱུང་ན་གཞན་ཚིག་དོན་གང་ཡང་མི་དཔྱོད་པར་དེ་ཙམ་གྱི་རྒྱ་གཞུང་རྣམ་དག་ཏུ་ཡིད་ཆེས་སྐྱེ་ཞིང་། ཡི་གེ་མང་པོ་ཆོས་ཀྱི་ཟབ་ཁྱད་དུ་གོ་བའི་བླུན་པོ་མང་པོ་ཞིག་འདི་ལྟ་བུ་ལ་ཡིད་ཆེས་སྐྱེས་པས་ན་གྲུབ་ཆེན་གྱི་ལུགས་རྩེད་མེད་རྒྱུད་སྡེ་རིན་པོ་ཆེའི་བཅུད་ཕྱུང་བའི་བསྐྱེད་རྫོགས་ཀྱི་མན་ངག་ཁྱད་པར་ཅན་གང་ལའང་རྣ་བ་མི་གཏོད་པར་འདི་འདྲ་གཅིག་པུ་ལ་ཡིད་རྟན་ཏེ་ཚེ་ཧྲིལ་པོ་ངལ་བ་དོན་མེད་བྱེད་པ་བྱུང་དོགས་དེ་ཟུར་ཙམ་སྨོས་སོ། །དེ་ལྟར་མཁས་པའི་དཔྱད་པ་བྱེད་པ་བྱུང་གི་དོགས་པའི་རང་སྣོད་ཁོང་དུ་བཟུང་སྟེ། གྲུབ་ཆེན་རཱ་ཧུ་ལའི་གསུང་བྱས་པའི་ནང་ན། བསྒྲུབ་པ་མི་ནུས་མཁས་མཁས་ཆེ།


PS011_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་མང་པོ་ཞིག་བྲིས་ནས་ཡིད་མ་ཆེས་བྱར་མ་ཉན་པ་སོགས་དུ་མ་ཞིག་བཀོད་ཡོད་ཀྱང་། མཁས་པ་ལུང་རིག་གིས་བརྟག་དཔྱད་བྱེད་པ་ལ་གཏིང་ནས་སེམས་འཁྲུགས་ཤིང་མི་བཟོད་པའི་བོད་ཀྱི་སྒོམ་པ་བླུན་པོའི་ཚིག་མཁས་ཁྱད་ཆེ་ཟེར་བའི་དེ་ལྟ་བུ། གྲུབ་ཆེན་གྱི་རྒྱ་གཞུང་དུ་འོང་དོན་ག་ལ་ཡོད། ཡིད་ཆེས་སྐྱེ་བའི་རྒྱུ་མཚན་ཡང་དག་གང་ཡང་མ་མཐོང་བར་ཡིད་ཆེས་བྱེད་དགོས་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་ཡིད་ཆེས་སྐྱེ་བའི་དབང་སྣོན་ག་ལ་སྲིད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡིས་འདུས་ཕྱིར་མིན། ཞེས་རྒྱལ་བ་རང་


PS011_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་གསུང་རབ་ལ་ཡང་ལུང་རིགས་ཀྱི་བརྟགས་དཔྱད་བྱས་ནས་བླང་དགོས་པར་གསུངས་སོ། །དེ་ཡང་རང་ཅག་བོད་འདི་ན་སེམས་འཛིན་ལ་འབད་པ་ཅུང་ཟད་བྱས་པ་དགའ་ཞིག་གི་ཉམས་སྣང་དང་རྨི་ལམ་ལ་གང་ཤར་དེ་ཉིད་དོན་དངོས་གནས་ལ་ཡོད་པར་བཟུང་ནས། བརྒྱུད་བསྔོས་རྣམ་བཞག་ནང་ནས་ཀྱང་དེ་ལྟ་བུ་མ་བཤད་པའི་ཉམས་སྣང་རྨི་ལམ་ལ་ཤར་བའི་ལྷ་དེའི་སྒྲུབ་ཐབས་དབང་བསྐུར་རྗེས་གནང་ལ་སོགས་པ་དང་། རྨི་ལམ་དུ་བྱུང་བའི་རྗེས་སུ་འགྲངས་བའི་ཁྲིད་ཡིག་ལ་སོགས་པ་དུ་མ་ཞིག་འདུག་པ་ལྟར། འདི་ཡང་འགའ་ཞིག་གི་ཉམས་སྣང་ལ་སྐུའི་རྣམ་པ་དེ་འདྲ་བ་ཞིག་བྱུང་བ་ལ། དེ་ཉིད་ཀྱི་སྒྲུབ་ཐབས་དབང་


PS011_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་སོགས་དུ་མ་ཞིག་མི་མཁས་པས་བར་སྐབས་སུ་བཅོས་པ་ཡིན་ནམ་སྙམ་མོ། །ཉམས་སྣང་ཡིད་ཤེས་ལ་ཤར་བའི་ལྷའི་རྣམ་པ་མངོན་སུམ་པ་ལྟ་བུར་གསལ་བར་སྣང་བ་ལ་ནི་དོན་དེ་འདྲ་དངོས་པོའི་གནས་ཚོད་ལ་མེད་པ་ཤིན་ཏུ་མང་བས་མི་མཁས་པ་དག་འཁྲུལ་པའི་གནད་ཤིན་ཏུ་ཆེ་བ་ཡིན་ནོ། །མགོན་པོ་དམར་པོ་དབང་གི་རྒྱལ་པོ་དང་། མགོན་པོ་ལྗང་ནག་དང་། མགོན་པོ་ནག་པོ་ཡུམ་ནག་མོས་འཁྱུད་པ་དང་། དེ་ཉིད་ལ་ཡུམ་དམར་མོས་འཁྱུད་པ་ལ་སོགས་པ་རྣམས་ཀྱི་ནི་རྒྱ་གཞུང་ཡིན་ཟེར་བ་འགའ་ཞིག་གི་ཚིག་དོན་ལ་ལྷད་ཞུགས་མ་ཞུགས་ཐེ་ཚོམ་གྱི་གཞི་ཡོད་པ་ཅི་རིགས་སྣང་ཟེར་བ་ཡིན་གྱིས།


PS011_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དེ་དག་ནི་རྣམ་བཞག་ཡིན་པར་དོན་མི་ཟ་ལ། ཁྱུང་པོ་ཉིད་ནས་བར་མ་ཆད་པའི་བཀའ་ལུང་གི་བརྒྱུད་པའང་རྒྱུ་མཚན་དུ་མ་ཞིག་མཐོང་ངོ་། །འོན་ཀྱང་ལྗང་ནག་ཚེ་སྒྲུབ་ཀྱི་མགོན་པོར་བྱས་པ་འདི་ལ་ཆ་གཉིས་ཡོད་པའི་གཅིག་ཅུང་ཟད་བརྟག་པར་བྱ་བའི་གནས་སུ་ཡོད་དོ། །མགོན་པོ་དཀར་པོ་ལ་ཡིད་བཞིན་ནོར་བུ་དང་། མགོན་པོ་མཆིན་ཁ་ཞེས་ཐ་སྙད་བྱེད་པར་དམར་ནག་དང་གཉིས་ལ་ཁྱུང་པོ་རང་གིས་མཛད་པའི་ཡིག་ཆུང་རྣམ་བཞག་ཡོད་པ་ལ་མགོན་པོ་དཀར་པོ་ལ་ཡིད་བཞིན་ནོར་བུ་དང་། གཟིགས་ལྡན་མགོན་པོ་ཞེས་བྱ། ཕྱག་མཚན་མི་འདྲ་བ་གཉིས་ཡོད་ནའང་བསྙེན་བསྒྲུབ་ཀྱི་དུས་དང་ལས་སྦྱོར་གྱི་དུས་ཀྱི་ཕྱག་མཚན་བསྒྱུར་


PS011_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཁྱད་པར་ཡིན་གྱིས། དང་པོ་ནས་རྗེས་གནང་སོགས་སོ་སོར་བྱེད་པ་ཕྱིས་ཀྱིས་མི་མཁས་པ་ཁ་གཅིག་གིས་བློ་བཟོ་ཡིན་ནོ། །གཞན་ཡང་བླ་མ་མགོན་པོ་དབྱེར་མེད། གྲིབ་སེལ་གནད་དབབ། བརྟེན་གཞི་གནད་གསུམ། བླ་མ་མགོན་པོའི་གནད་ཡིག་མན་ངག་ཡིད་བཞིན་ནོར་བུ་ཞེས་བྱ་བ་སངས་རྒྱས་གཉན་སྟོན་གྱི་ཡི་གེར་བཀོད་པ་འཕྱར་དང་བྲིས་སྐུ་སོགས་བཞེངས་པའི་མན་ངག་ལ་སོགས་པ་དང་། བསྲུང་བཟློག་བསད་གསུམ་ཞི་རྒྱས་དབང་དྲག་གི་ལས་ལ་སྦྱོར་བའི་མན་ངག་ཟབ་མོ་མཐའ་ཡས་པ་ཞིག་ཡོད་ལ། སྔར་གྱི་མན་ངག་གི་གཞི་ཟིན་བྲིས་ལྟ་བུའི་ཡི་གེ་ཉུང་ངོ་རེ་ལ་མི་མཁས་པའི་ཚིག་སྦྱོར་


PS011_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལེགས་པ་འགའ་ཞིག་མནན་ནས། ཤ་བ་རི་དབང་ཕྱུག་གིས་མཛད་པའོ་ཞེས་པའི་ཁ་བྱང་བཏགས་པ་གོས་པའི་ལས་ཀྱི་མཐའ་ཅན་ལ་སོགས་པ་འགའ་ཞིག་ཀྱང་ཡོད་ཅིང་། དོན་མན་ངག་གཞན་དཀྱུས་ན་ཡོད་པ་དང་ཁྱད་མེད་ཀྱང་ཚིག་རིགས་ཅུང་ཟད་མི་འདྲ་བ་ཙམ་ལ་ཟུར་དུ་བྱས་པའི་བྱིན་རླབས་མགོན་པོའི་ལས་སྦྱོར་དྲུག་པ་ལ་སོགས་པ་དང་། བླ་མ་སྔ་མ་འགའ་རེས་ཆོས་གསུང་བའི་དུས་ཀྱི་གསུང་སྒྲོས་ཙམ་ལ་རྟེན་ནས་མན་ངག་ཡི་གེ་ཟུར་དུ་བྱས་གཅེས་པའི་མན་ངག་བཅུ་གཉིས་ལ་སོགས་པ་ཆུང་ཆུང་འགའ་རེ་ཡང་ཡོད་ལ། ཡི་གེ་མང་ཞིང་དགོས་ནུས་གང་ཡང་མེད་པ་ལ་ཁ་ཟིན་ཤིན་ཏུ་ཆེ་བ་བྲིས་པའི་འོད་ཟེར་ཆེན་པོའི་དབང་བསྐུར་ལ་སོགས་པ་ཡིད་བརྟན་


PS011_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མི་རུང་བ་འགའ་ཞིག་ཡོད་དོ། །ཁ་གཅིག་མགོན་པོ་ཕུར་ཞབས་མ་ཞེས་ཐ་སྙད་བྱེད་པ་སྨད་ཕུར་བུའི་དབྱིབས་སུ་ཡོད་པ་ནི། ལས་སྦྱོར་གྱི་སྐབས་འགའ་ཞིག་ཏུ་མགོན་པོའི་དབྱིབས་དེ་ལྟ་བུ་ཞིག་བསྐྱེད་ནས་ཕུར་གདབ་སོགས་བྱེད་པ་ལ། མི་མཁས་པ་འགའ་ཞིག་གི་དེའི་སྒྲུབ་ཐབས་རྗེས་གནང་སོགས་རང་བཟོ་ཟུར་དུ་བརྩམས་ཏེ། དཔེར་ན་ས་ཆོག་བསྲུང་འཁོར་སོགས་ཀྱི་ཚེ་བགེགས་མཐར་བྱེད་སྨན་ཕུར་བུའི་དབྱིབས་སུ་ཡོད་པ་བསྐྱེད་ནས་ཕུར་གདབ་སོགས་བྱེད་པ་ལ་བརྩམ་གཞི་བྱས་ཏེ། བགེགས་མཐར་བྱེད་ཕུར་ཞབས་ཅན་ཞེས་པས་དཀྱིལ་འཁོར་གཙོ་བོ་བྱས་པའི་སྒྲུབ་ཐབས་དབང་བསྐུར་སོགས་བརྩམ་ན་རང་


PS011_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཟོ་ཤིན་ཏུ་ཆེན་པོར་འགྱུར་བ་ལྟ་བུའོ། །མགོན་པོ་སེམས་དཔའ་གསུམ་བརྩེགས་ཞེས་བྱ་བར་ཐ་སྙད་བྱེད་པ། སྤྱན་རས་གཟིགས་དང་རྟ་མགྲིན་དང་མགོན་པོ་གསུམ་གཅིག་གི་ཐུགས་ཀར་རིམ་བཞིན་དུ་བསྐྱེད་པའང་དེ་དང་འདྲའོ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ་ལྷ་བཅུ་གསུམ་མ་དང་། ལྷ་དགུ་མ་གཉིས་ནི་དྲག་སྒྲུབ་དང་། བླ་མ་ཁ་གཅིག་ཞལ་གཟིགས་སོ་སོར་བཞེད་པ་ལྟར་ཡིན་པས་རྗེས་གནང་ཟུར་པ་འོང་དོན་མེད་ཅིང་མི་དགོས་སོ། །མགོན་པོ་རིགས་ལྔའི་རྗེས་གནང་དུས་གཅིག་ཏུ་བྱེད་པ་སོགས་ཀྱི་ལག་ལེན་ལེགས་སྙམ་པ་མེད་དོ། །གུར་གྱི་མགོན་པོའི་ལས་སྦྱོར་གྱི་མན་ངག་ལ། ཕུར་པས་བསད་པ། བ་དན་གྱི་


PS011_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ། འབྲས་ཕུབ་ཀྱི་མེ་ལ་རྡུངས་ཏེ་བསད་པ་ཞེས་བྱ་བ་ལ་སོགས་པ་མང་པོ་ཞིག་ཕུར་པའི་རྒྱུད་ནས་བཤད་པའི་ཆོ་ག་འདོན་པ་བསྒྱུར་བ་སྣང་ན་ཡང་། དེ་དག་ནི་ས་སྐྱ་བའི་རྗེ་བཙུན་གོང་མ་ཁུ་དབོན་རིམ་པ་དང་། ཨ་ལྡན་དམ་པ་ལ་སོགས་པའི་རྒྱུད་སྡེ་ཆེན་མོ་དག་ལ་ལེགས་པར་སྦྱངས་པའི་མཁས་པ་ཆེན་པོ་དེ་དག་གིས་ལེགས་པར་བརྟགས་ནས་མཛད་པར་འདུག་ཅིང་། དེ་ལྟ་བུ་ལ་ནི་མི་རིགས་པ་ཅུང་ཟད་ཀྱང་མེད་དོ། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ལས་ཚོགས་མཐའ་ཡས་པ་གཅིག་བཤད་པ་དེ་དག་ཕལ་ཆེ་བ་རྒྱུད་གཞན་ནས་བཤད་པའི་ལྷ་དང་སྔགས་ལ་འདོན་པ་སྤོས་ནས་སྦྱར་བས་ཆོག་པས། རྒྱུད་ཐམས་


PS011_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཐུན་མོང་གི་ལས་ཚོགས་སྟོན་པར་གསུངས་བའི་ཕྱིར་རོ། །འདི་ལྟ་བུ་ནི་མཁས་པ་རྒྱུད་སྡེའི་དོན་ལ་ལེགས་པར་འདྲིས་ཤིང་མན་ངག་གི་གནད་རིགས་པ་དག་གི་མཛད་པ་དང་། དེ་འདྲ་བའི་བླ་མའི་མན་ངག་ལས་ཤེས་པར་བྱ་བ་ཡིན་གྱིས། ཅི་ཡང་མ་བསླབས་ཤིང་གང་ཡང་མ་སྦྱངས་པའི་བླུན་པོ་སྙིང་ཁམ་ཅན་དག་གིས་བློ་བཟོ་ལས་བྱུང་བ་མ་ཡིན་ནོ། །ཞལ་བཞི་པའི་མན་ངག་འགའ་ཞིག་སྟག་ཞོན་ལྕགས་སྤར་མ་སོགས་འགའ་ཞིག་གི་མན་ངག་འདོན་པ་རྗེས་པ་ཡོད་མོད་ཀྱི་དེ་དག་ལ་ཡང་མི་རིགས་པ་ཅི་ཡང་མེད་དོ། །འདིར་ནི་མཁས་པས་རྒྱུད་སྡེ་རྣམ་བཞག་ནས་བཤད་པ་སོགས་ལ་གཞི་བྱས་ཏེ་སྦྱར་བ་དེ་ལྟ་བུ་མ་ཡིན་པའི་གཏོར་མའི་


PS011_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ལ་སོགས་པ་མཚམས་བཅད་བསྟན་སྐྱོང་སྨན་རག་ཕུད་གསུམ། ཚོགས་ཐ་མ་དང་ཚོགས་བརྒྱ་རྩ་ལ་སོགས་པ་རྙིང་མའི་འཕྲིན་ལས་ཀྱི་གཞུང་སོར་བཞག་བྱེད་པ་དང་། སྒྲུབ་ཐབས་རྗེས་གནང་དབང་བསྐུར་སོགས་བླུན་པོས་གཞི་མེད་དུ་སྦྱར་བ་དང་མི་མཁས་པས་རྣམ་པར་མ་དག་པའི་ལྷད་བཅུག་པ་དག་དོར་བར་བྱ་བ་ཡིན་ནོ། །བལ་གྱི་ཡལ་བཏགས་བྱས་པའི་མདོས་ལ་སོགས་པ་ནི། རྒྱ་གར་གྱི་ལག་ལེན་ལ་དེ་འདྲ་འོང་དོན་མེད་ཅིང་། རྒྱ་གཞུང་རྣམ་བཞག་གང་ནས་ཀྱང་ཟུར་ཙམ་ཡང་བཤད་པ་མེད་ཀྱང་། བོད་ཀྱི་སྔགས་འཆང་རྙིང་མ་བ་ནུས་པ་ཅན་འགའ་ཞིག་ལ་འཇིག་རྟེན་གྱི་མ་མོ་ལ་སོགས་པ་གདུག་པ་ཅན་འགའ་


PS011_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ལུས་མངོན་སུམ་དུ་བསྟན་ཏེ། ཁོ་བོ་ཅག་གི་རེ་བ་སྐོང་བའི་མདོས་འདི་ལྟར་གྱིས་ཤིག །ཅེས་ཟེར་བ་ལ་རྟེན་ནས་མདོས་ཀྱི་རྣམ་བཞག་རྒྱ་ཆེ་ལ་གྲངས་མང་བ་བརྩམས་ཏེ། དེ་ལྟ་བུ་དག་སྟོན་པའི་རྒྱུད་ཆེན་མོ་བརྩམས་ཤིང་། དེ་ལ་རྟེན་པའི་མདོས་ཀྱི་ཆོ་ག་རབ་ཏུ་དར་བར་འགྱུར་ལ། བླ་མ་གོང་མ་འགའ་ཞིག་ལ་ཡང་ཆོས་སྐྱོང་འགའ་ཞིག་གི་དེ་ལྟར་གྱིས་ཟེར་བ་བྱུང་ནས་མཛད་པར་སྣང་ཞིང་། མགོན་པོ་ཡེ་ཤེས་པ་རྣམས་ཀྱིའང་འཁོར་འཇིག་རྟེན་པ་མང་པོ་གཅིག་རེ་བ་སྐོང་བ་སོགས་ཀྱི་དགོས་པ་ཡོད་པར་སྣང་བའི་ལག་ལེན་ཅུང་ཟད་ཙམ་ཆོས་ལྡན་གྱི་དགོས་པ་མཐོང་བའི་ཚེ་བྱས་ཀྱང་འགལ་བ་མེད་པ་ཙམ་མོ། །དེ་དག་གི་ནི་རྣམ་པར་དག་པ་དང་


PS011_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་པའི་རྣམ་དབྱེ་མདོ་ཙམ་བརྗོད་ཟིན་ཏོ། །ད་ནི་ལྷའི་རྣལ་འབྱོར་དང་ཕྱག་མཚན་སོགས་ལ་མི་འདྲ་བའི་རྣམ་དབྱེ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་ཤ་བ་རི་པའི་རྒྱ་གཞུང་ལ་ལར། གཡས་པ་གྲི་གུག་བར་པས་ཕྲེང་བ་འཛིན། །ཞེས་བྱུང་ཡང་། མང་པོ་ཞིག་ཏུ། གཡས་པ་ཕྲེང་བ་བར་པ་གྲི་གུག་འཛིན། ཞེས་འབྱུང་བས། སྔ་མ་འགའ་ཞིག་གིས། གཡས་དང་པོས་གྲི་གུག་འཛིན་པར་བྱས། འགའ་ཞིག་གི་གཡས་དང་པོས་ཕྲེང་བ་འཛིན་པར་བྱས་ཀྱང་། སྤྱིར་གཉིས་ཀ་ལ་མི་རུང་བ་མེད་ཀྱང་ཆོག་མོད་ཀྱི། གསང་བའི་ལས་དྲུག་གི་སྐབས་དང་བསྟུན་ན། དང་པོས་འཕྲེང་བ་འཛིན་པ་མི་འགྲིག་


PS011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་ཅེས་གསུངས་སོ། །ས་ར་ཧའི་རྒྱ་གཞུང་དུ་ཕྱག་གཡས་དང་པོས་གྲི་གུག་འཛིན་པར་བྱུངས། རཱ་ཧུ་ལའི་ལུགས་ལྟར་ན། གཡས་ཀྱི་དང་པོས་གྲི་གུག །བར་པས་ཙན་དན་གྱི་བེང་ཆེན། ཐ་མས་ཅང་ཏེའུ་བསྣམས་ཤིང་། བསྟོད་པ། ལྷ་ཕྱོགས་རྣམ་བཞག་མ་དང་། རྟགས་བསྟོད་དང་། གཞུང་བསྟོད་རྣམས་ལ། རྒྱ་གར་གྱི་གྲུབ་ཆེན་གྱི་མཛད་བྱང་བྱས་པ་རྣམས་ནི་ཁ་གཡར་དུ་སྣོང་། ཞེས་བདག་གི་བླ་མ་མང་པོ་གསུངས་ཤིང་དོན་ལའང་གནས་པའང་མཐོང་ངོ། །དེ་ལ་བླ་མ་མཻ་ཏྲི་པའི་ལུགས་ཀྱིས་བདག་བསྐྱེད་ཕྱག་རྡོར་ལ་བྱེད། ལས་མཁན་ལྷ་མོ་ལ་བྱེད། ལས་སྦྱོར་གྱི་གཙོ་བོ་གཏོར་ཆེན་ལ་བྱེད། བླ་མ་རཱ་ཧུ་ལའི་


PS011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་མགོན་པོ་ལ་བྱེད། ལས་མཁན་སྤྱིར་གནོད་སྦྱིན་བཞི་དང་། ཁྱད་པར་ཀྵཻ་ཏྲ་པཱ་ལ་གཙོ་བོར་བྱེད། སྒྲུབ་པ་ཙནྡན་གྱི་བེང་ལ་བརྟེན་པ་བྱེད་ཅིང་ལས་སྦྱོར་གཙོ་བོར་སྦྱིན་སྲེག་ལ་བྱེད། ཅེས་བླ་མ་སྔ་མའི་གསུང་སྒྲོས་ལས་འབྱུང་ལ། བླ་མ་འགའ་ཞིག་བདག་བསྐྱེད་ཕྱག་རྡོར་ལ་བྱེད་ཟེར། འགའ་ཞིག་རྟ་མགྲིན་ལ་བྱེད་ཟེར། མང་པོ་ཞིག་བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་མགོན་པོ་རང་ལ་བྱེད་པ་ཟབ་པར་འདོད་པ་ཡོད་ཀྱང་། ཕྱག་རྡོར་ངེས་བཟུང་དགོས་ཟེར་བ་དག །མགོན་པོ་འདིའི་རྒྱུད་དུར་ཁྲོད་ནག་པོ་ཞེས་གྲགས་པ་ལས། མ་ནི་དུར་ཁྲོད་ས་ར་


PS011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་འདི། །ཕ་ནི་དགའ་རབ་དབང་ཕྱུག་ལགས། །མས་བྱིན་ཕྱག་ན་གྲི་གུག་འཛིན། །ཐམས་ཅད་ཀུན་ལ་ཚེ་བར་བྱེད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་གྱི་བཞེས། །ཞེས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་གི་བུ་གདུག་པ་ཅན། ཕྱག་རྡོར་གྱི་བཏུལ་བའི་ལུགས་སུ་བྱས་པ་དེ་ལ་བསམ་པར་སྣང་ན་ཡང་། རྒྱུད་དེ་གཉིས་རྒྱུད་སྡེ་མང་དུ་མཁྱེན་པའི་མཁས་པ་ཕལ་ཆེ་བ་རྩོད་པ་ཅན་དུ་མཛོད། རྟ་མགྲིན་ངེས་བཟུང་དུ་དགོས་ཟེར་བ་ཡང་རྒྱུད་དེ་བརྒྱད་མར། དེ་ནས་པདྨར་བདག་བསྒོམ་ལ། ཞེས་པ་ལ་བསམ་


PS011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་ཞིང་། ས་ར་ཧའི་རྒྱ་གཞུང་ལས། །བདག་ཉིད་ཧེ་རུ་ཀ་བསྐྱེད་ལ། །ཞེས་འབྱུང་ལ། འཁྱུང་པོས་མཛད་པའི་མངོན་པར་རྟོགས་པ་རྒྱས་འབྲིང་བསྡུས་པའི་ཡིག་ཆུང་གསུམ་དུ། དེ་ན་བདག་ཉིད་ཡི་དམ་གྱི་ལྷ་གང་ཡང་རུང་བར་བསྐྱེད་ལ། །ཞེས་འབྱུང་ངོ་། །དེ་ཡང་རང་ཉིད་དམ་ཚིག་མ་ཉམས་པའི་རྣལ་འབྱོར་པས་ཁྲོ་བོའི་དབང་པོའམ། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ལ་སོགས་པ་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བསྟན་ཅིང་བསྙེན་བསྒྲུབ་ཚད་དུ་ཐེངས་པས་དེ་འདྲ་བའི་ལྷའི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ཏེ་ཆོས་སྐྱོང་སྤྱན་འདྲེན་པ་དང་། ཆོས་སྐྱོང་ལ་བཀའ་བསྒོ་བ་དང་། ལས་བཅོལ་


PS011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཆོས་སྐྱོང་འཇིག་རྟེན་ལས་འདས་པ་ཡིན་ཀྱང་རང་དབང་མེད་པར་ཐུགས་རྒྱུད་བསྐུལ་ཐབ་ཤིན་ཏུ་སྟོབས་ཆེ་བ་ཡིན་གྱི། རང་ཐ་མལ་གྱི་སྣང་ཞེན་གང་ཡང་ཁ་ཡེ་མ་བྲི་བའི་ངང་ནས། མགོན་པོ་ལ་མོས་གུས་ཤུགས་ཅན་བྱས་ནས་གསོལ་བ་འདེབས་པ་དང་། སྔགས་བཟླས་པ་ལ་ཕྱེ་མར་འབད་ཅིང་གཏོར་མ་རེ་ཙམ་འབད་ནས་བཏང་ན། དམ་ཚིག་གི་ཉམས་པ་སོགས་ཚབ་ཆེན་པོ་མེད་ན་ནི། ཡུན་རིང་མོ་ཞིག་ན་ཐུགས་རྗེའི་ཤུགས་ཀྱི་ལྟོ་གོས་ཅུང་ཟད་འབྱོར་པ་དང་། སྐྱེ་བོ་ཕལ་པ་ཅུང་ཟད་འདུ་བ་དང་། འཁོར་རྣམས་ལ་ནན་གྱིས་འཕྲིན་ལས་བཅོལ་ན། དགྲ་བགེགས་ཕྲན་ཚོགས་ཅུང་ཟད་ཙམ་འདུལ་བའི་ལས་


PS011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་སོགས་འབྱུང་ཡང་ཤིན་ཏུ་སྟོབས་ཆུང་། དཔེར་ན་མི་དཔོན་སྟོབས་ཅན་འཁོར་གཡོག་མང་པོ་ཡོད་པ་ཞིག་ལ་འཕོངས་པ་ཞིག་གི་དངོས་པོ་ཅུང་ཟད་ཙམ་གྱི་ཕྱག་རྟན་ཕུལ་ཏེ། རྒྱང་རིང་པོ་ནས་ཉམས་ཐག་པའི་སྐད་སྙེན་ཉན་ལྟར་ཡུན་རིང་དུ་བོས་ཤིང་ཕྱག་འཚལ་བའི་དཀའ་སྤྱད་དྲག་པོ་ཡུན་རིང་དུ་བསྟེན་ན། མཐར་ལྟོ་གོས་ཕྲན་སོགས་ཚེགས་སྦྱིན་པའི་ཕ་རོལ་པོས་ཟིལ་གྱི་མནན་པའི་ཁ་ཉེན་པའི་སོགས་ཀྱི་འཇིག་པ་ཕྲན་ཚོགས་ལས་སྐྱོབ་པ་ཙམ་གྱིས་བཀའ་དྲིན་བྱེད་པར་འགྱུར་གྱིས་སྟོབས་ཆེ་ག་ལ་འབྱུང་། དེ་འདྲ་བ་མི་དཔོན་སྟོབས་ལྡན་དམག་གི་དཔུང་ཚོགས་ཤིན་ཏུ་ཆེ་བ་དེ་ཡང་། ཡངས་པའི་ས་ཆེན་པོ་ལ་དབང་བྱེད་


PS011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་བདག་ཤིན་ཏུ་འཇིགས་རུང་བའི་ཞག་གི་བཀའ་སྒོས་པ་ཙམ་གྱིས་འཁོར་དང་བཅས་པ་ཐམས་ཅད་རང་དབང་མེད་པར་ནུས་པ་ཅི་ཡོད་ཀྱི་ཇིར་སྒོ་བ་བཞིན་རིངས་པར་ལས་བྱེད་དགོས་པ་དང་འདྲའོ། །དེས་ན་རྡོ་རྗེ་འཆང་གིས་ཀྱང་རང་ཉིད་དཀྱིལ་འཁོར་གྱི་བདག་པོའམ། ཁམས་སུམ་རྣམ་རྒྱལ་སོགས་ཁྲོ་བོའི་དབང་པོའི་ང་རྒྱལ་ལ་གནས་ནས་བགེགས་མཐར་བྱེད་སོགས་ལ་བཀའ་བསྒོས་ཏེ། བགེགས་ལ་ཕུར་གདབ་སོགས་བྱ་བར་གསུངས་ཀྱི། བགེགས་མཐར་ཡེ་ཤེས་པ་ཡིན་པ་རྒྱུ་ཚན་དུ་བྱས་ནས། རང་ཐ་མལ་པའི་ང་རྒྱལ་གྱིས་བགེགས་མཐར་བྱེད་ཁྱེད་ལས་རེ་ས་གཞན་མེད་དོ། །བགེགས་ལ་ཕུར་བུས་


PS011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་རེག་མཛོད་ཅིག་ཅེས་གསོལ་བ་འདེབས་བར་མ་གསུང་ལ། རང་ཉིད་ཀྱང་བགེགས་མཐར་བྱེད་དུ་བསྐྲོད་ནས་རང་ཉིད་ཀྱི་རང་ཉིད་ལ་བཀའ་བསྒོ་ཞིང་ལས་ལ་སྦྱོར་བ་མ་གསུངས་སོ། །འོན་ཀྱང་འདིའི་མན་ངག་ལས་གསོལ་བ་འདེབས་པ་རྒྱུན་གྱི་ཉམས་ལེན་དུ་བར་བཤད་པ་ནི། མགོན་པོ་དང་བླ་མ་དབྱེར་མེད་དུ་བྱས་ནས་ཡིན་གྱིས། བསྙན་བསྒྲུབ་ལས་གསུམ་གྱི་སྐབས་སུའང་མ་ཡིན་ལ། མགོན་པོ་བརྐྱང་པ་ལ་ཡིན་ནོ། །དེ་བས་ན་ལས་སྦྱོར་དང་མན་ངག་ཡན་ལག་འགའ་ཞིག་ལ་བདག་བསྐྱེད་མགོན་པོ་བྱེད་དགོས་པའི་གནས་སྐབས་ཀྱང་ཡོད་མེད་ཀྱང་། གཙོ་ཆེར་བསྙེན་


PS011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཀྱི་སྐབས་ཐམས་ཅད་ཡི་དམ་གྱི་ང་རྒྱལ་ལེགས་པར་ནུས་པ་ཅི་ཡོད་ཀྱི་གསལ་བཏབ་ཅིང་བལྟ་བའི་གདེངས་དང་ལྡན་པས་བཟླས་པ། གཏོར་མ་ལས་མཆོལ་བ་སོགས་བྱེད་པ་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་ཡིན་ལ། བདག་ཅག་གི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་རྗེ་བཙུན་བཙང་ཁ་པ་ཆེན་པོའི་འདི་ཁ་ན་གསུངས་སོ། །དེ་ཡང་མགོན་པོ་ཐུགས་བསྐྱེད་ཚུལ་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་འདི་ཉིད་ཀྱིས་འཕྲིན་ལས་ཀྱི་ནུས་པ་དང་ལྡན་པར་བྱའོ། །ཞེས་པ་ལ་བརྟེན་ནས་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་


PS011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་བསྐྱེད་ཅིང་། མགོན་པོ་ནུས་མཐུ་དང་ལྡན་པར་བྱེད་པའི་མན་ངག་འབྱུང་བའི་བདག་བསྐྱེད་ཀྱང་གཤིན་རྗེ་གཤེད་བྱས་ནས་འབྲེལ་ཆེ་བ་ཙམ་མོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །ཞེས་པ་ལ་བརྟེན་ནས་དཔྲལ་བའི་སིནྡྷཱུ་རའི་སྒོས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་དང་བཅས་པའི་མན་ངག་འབྱུང་། དེ་ཉིད་ཀྱི་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་པས། དེའི་སྒོ་ནས་རྒྱས་པའི་ལས་སྒྲུབ་པ་སོགས་ཀྱི་མན་ངག་ཀྱང་ཤེས་དགོས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་ཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་


PS011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི་གནོད་སྦྱིན་དང་། གཤིན་རྗེ་དང་། བདུད་དང་། སྲིན་པོ་དང་། བདུད་དང་། མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །ཞེས་པས་རིམ་པ་བཞིན་གནོད་སྦྱིན་ཀྵཻ་ཏྲ་པ་ལ། གཤིན་རྗེ་ཌཀྐི་རཱ་ཛ་དང་། དབང་ཕྱུག་ཛི་ན་མི་ཏྲ་དང་། །བདུད་མགོན་ཏྲཀ་ཤད་ནག་པོ་དང་། །ལྷ་མོ་རྣམས་ལས་སྒྲུབ་པའི་བཀའ་ཉན་ཡིན་པར་བསྟན་པས་ལས་མཁན་གྱི་གཙོ་བོ་ནི་འདི་དག་གོ །འཁོར་འདི་དག་ལ་དགོས་སྒྲུབ་ལས་སྦྱོར་གྱི་མན་ངག་ཟབ་མོ་འགའ་རེ་ཡོད་ཅིང་། ལྷ་མོ་ནི་ཕྱག་བཞི་མ་དང་། ཕྱག་གཉིས་མ་དང་། །དྲེའུ་དང་བོང་བུ་ཞོན་པ་དུ་མ་ཞིག་འདིའི་འཁོར་དུ་ཡོད་ལ། གནོད་སྦྱིན་བཞི་


PS011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ཞོན་པ་ཡོད་པ་དང་། མེད་པ་དང་། ཞོན་པ་ཡང་རིགས་འདྲ་བ་སོགས་དུ་མ་ཡོད་དེ། དེ་དག་གི་སྐབས་སུ་གང་དགོས་པ་མན་ངག་ལས་ཤེས་པར་བྱ་དགོས་སོ། །ཁྱུང་པོས་མཛད་པའི་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལས་འདི་ལ་ཞི་བ་ནོར་སྒྲུབ་པ་དང་དྲག་པོ་མཐུ་རུ་སྒྲུབ་པ་གཉིས། ཞེས་གསུངས་པ་ནི། མཚན་པ་ཙམ་ཡིན་པས། ལས་བཞི་ལ་སྦྱོར་བའི་གནས་སྐབས་ཀྱི་དབང་གི་མགོན་པོ་དང་འཁོར་གྱི་སྐུ་མདོག་ཕྱག་མཚན་ཞོན་པ་སོགས་ཅུང་ཟད་འགྱུར་ནས་འགྲོ་བའི་མགོན་པོ་མན་ངག་ཏུ་མ་ཞིག་ཤེས་དགོས་སོ། །དེ་ལྟར་སྔོན་དུ་ཤེས་པར་བྱ་བའི་གནད་འགའ་ཞིག་


PS011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་དབྱེ་བཤད་ཟིན་ནས། ད་ནི་བསྙེན་བསྒྲུབ་ལས་གསུམ་ལ་འཇུག་པའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་བསྙེན་བསྒྲུབ་ལས་གསུམ་ཅེས་པའི་གོ་དོན་ནི། འཇིག་རྟེན་ན་ཕ་རོལ་དང་གཡུལ་འགྱེད་པར་ནུས་པའི་དཔུང་གི་ཚོགས་རྣམས་ལ་ཐོག་མར་ཟས་གོས་དང་ཡུལ་ཞིང་ལ་སོགས་པ་དུ་མ་ཞིག་བྱིན་ཏེ་ཡུན་རིང་དུ་འགྲུབ་པར་བྱེད་པ་ལྟ་བུ་ལེན་པ་ལྟར། དམ་ཚིག་དང་སྡོམ་པ་ལེགས་པར་བསྲུང་ཞིང་ལྷའི་རྣལ་འབྱོར་དང་བཟླས་བརྗོད་མཆོད་གཏོར་སོགས་ཡུན་རིང་དུ་འབད་ནས་ལྷ་མཉེས་ཤིང་རང་ལ་ཉེ་བར་བྱེད་པའི་སྦྱོར་བ་ལ་འབད་པ་ནི་བསྙེན་པའོ། །དེ་ནས་ཕ་རོལ་གཡུལ་འགྱེད་པའི་ཕྱིར་དུ་དཔུང་གི་ཚོགས་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་གོ་བསྐོན་


PS011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཚོན་ཆ་ཆས་སུ་འཇུག་པ་སོགས་བྱེད་པ་འདྲ་བར། བསྙེན་པ་ཚད་དུ་ཐེངས་ནས་ལས་ལ་སྦྱོར་བའི་ཉེ་རྒྱུ་ལིངྒི་དང་། རྫས་དང་། སྨན་དང་། འབྲུབ་ཁུང་དང་། ཐུན་ལ་སོགས་པ་ཆས་སུ་གཞུག་ཅིང་ལས་ལ་སྦྱོར་བའི་ཉེ་རྒྱུ་ལྷ་རྣམས་ལས་དེ་ལ་སྦྱོར་བ་ལ་ཐུགས་རིངས་པར་བསྐུལ་བའི་བཟླས་པའི་རྣམ་པ་གཞན་བྱེད་པ་ནི་སྒྲུབ་པའོ། །དེ་ནས་དམ་ཚིག་གི་ཚོགས་དག་གཡུལ་འགྱེད་པ་དང་འདྲ་བར་ལས་དེ་དང་དེ་ལ་དངོས་སུ་སྦྱོར་བའི་བཟླས་པ་དང་ཆོ་ག་ལ་ཞུག་པ་ནི་ལས་སྦྱོར་རོ། །དེ་ནས་གཡུལ་བཀྱེ་བའི་དབང་གི་ཕ་རོལ་ཕམ་པར་བྱས་པ་དང་། བསད་པ་དང་། བཅིངས་པ་དང་། ཡུལ་འཁོར་


PS011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབ་པ་སོགས་དང་འདྲ་བ་ནི་ལས་ལ་སྦྱོར་བའི་འབྲས་བུ་གྲུབ་པ་སྟེ། རྒྱུད་སྡེ་ཆེན་པོ་ཕལ་ཆེ་བར་ཡང་ལས་སྦྱོར་གསུངས་ཐམས་ཅད་ལ་གསུམ་པོ་འདིའི་དོན་དང་། ཐ་སྙད་གཉིས་ཡོད་པ་དང་། ཐ་སྙད་དངོས་སུ་མེད་ཀྱང་དོན་ཚང་བར་རང་ཤས་ཆེ་བར་ཡོད་པས་གསུམ་པོ་སྐབས་འདིའི་ལྷའི་རྣལ་འབྱོར། བཟླས་པ་གཏོར་མ་རྫས་ལ་སོགས་པ་མི་འདྲ་བའི་ཁྱད་པར་ཞིབ་པར་ཤེས་ཤིང་། བསྙེན་པ་གནད་ཏུ་སོང་མ་སོང་གི་རྟགས་དང་ཚད། སྒྲུབ་པ་གནད་དུ་སོང་མ་སོང་དང་ལས་སྦྱོར་ལ་དངོས་སུ་འཇུག་རན་མ་རན་གྱི་རྟགས་དང་ཚད། ལས་ལ་སྦྱོར་བའི་དགོས་པ་གྲུབ་མ་གྲུབ་ཀྱི་རྟགས་དང་ཚད། གྲུབ་ཇི་ལྟར་བྱ་བ་དང་། མ་གྲུབ་པའི་


PS011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྤོགས་ཆོག་སོགས་ལེགས་པར་ཤེས་པ་དགོས་ཀྱང་། དེ་དག་གིའང་རྣམ་དབྱེ་མི་ཤེས་པར་ཨུ་ཚུགས་ཀྱིས་མུན་རྡོ་འཕངས་པ་ངལ་བ་འབྲས་བུ་མེད་པའམ། འབྲས་བུ་ལོག་པ་འབྱིན་པ་གང་ཡང་རུང་བ་ལས་འདའ་འོ། །དེ་ཡང་ལས་སྦྱོར་སྟོབས་ཆེ་རབ་ཡན་ཆད་ཉེ་རྒྱུ་སྒྲུབ་པ་ལ་ལྟོས་པ་ཡིན་གྱིས། ལས་ཕྲན་གྱི་ཚོགས་ནི་སྒྲུབ་པ་ཟུར་པ་ལ་མི་ལྟོས་པར་བསྙེན་པ་ཚད་དུ་ཐེང་ནས་ཕྲལ་དུ་ལས་ལ་སྦྱར་བས་ཆོག་པའང་ཡོད་དེ། སྐྱེས་བུ་སྟོབས་ལྡན་གྱི་དགྲ་བོ་སྟོབས་ལྡན་གཞོམ་པ་དང་། ཕ་རོལ་གྱི་སྡེ་ཆེན་པོ་འཇོམས་པ་ན་དམག་གི་དཔུང་ཚོགས་སྟ་གོན་བྱེད་པ་སོགས་དགོས་ཀྱིས། མི་ཕལ་པས་ནུས་པ་ཆུང་བ་ནི་དེ་ལྟ་བུ་


PS011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་ལྟོས་པར། རང་ཉིད་ཀྱི་ཐུགས་འཕྲད་དུ་གཞོམ་པ་ནུས་པ་བཞིན་ནོ། །དེ་ལྟར་ན་འདིའི་བསྙེན་སྒྲུབ་ལས་གསུམ་ཉམས་སུ་ལེན་པར་འཇུག་པ་ལ་བཞི། གང་དུ་ཉམས་སུ་ལེན་པའི་གནས་གང་གི་ཉམས་སུ་ལེན་པའི་གང་ཟག་གང་གི་ཕྱིར་དུ་ཉམས་སུ་ལེན་པའི་དགོས་པ། ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི་དབེན་ཞིང་འདུ་འཛི་དང་བྲལ་བ་དང་། ནག་ཕྱོགས་ལ་དགའ་བའི་མི་མ་ཡིན་གདུག་པ་ཅན་གནས་པའི་ས་མ་ཡིན་པ་དང་། གྲིབ་ཅན་དང་དམ་ཚིག་ཉམས་པའི་གནས་མ་ཡིན་ཞིང་། རང་གི་ཡིད་དང་མཐུན་པའི་སྤྱིལ་པོའམ། དུར་ཁྲོད་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་སོ། །གཉིས་པ་གང་ཟག་ནི་


PS011_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པ། ལྷག་པར་རྩ་ལྟུང་དང་མི་ལྡན་པ་སྟེ་དབང་བསྐུར་བའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཡལ་བར་དོར་ཞིང་། རྩ་ལྟུང་ལ་འཛེམ་མེད་དུ་འཇུག་པ་ནི། ཆོས་སྐྱོང་ཁྱད་པར་ཅན་འདི་དག་གི་སྤང་བའི་ཕྱིར་ཏེ། འདི་དག་གི་སྔོགས་རྡོ་རྗེ་འཆང་གི་སྤྱན་སྔར་དམ་ཚིག་གི་རྗེས་སུ་འབྲང་བར་ཁས་བླངས་ཀྱི། ཐེབ་ཀྱུ་རེའམ། ཆང་ཧུབ་རེའི་རྗེས་སུ་འབྲང་བར་ཁས་མ་བླངས་པའི་ཕྱིར། རྒྱུད་ཟླ་གསང་ཐིག་ལེ་ལས། དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་


PS011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱས་ན་སྔགས་མཁན་གྱི། །སྔགས་ལ་སོགས་པའི་མི་འགྲུབ་པས། །ལྷ་རྣམས་ཀྱང་ནི་དམ་ཚིག་གི། གསོལ་ཡང་བཞེས་སུ་མི་གནང་སྟེ། །ཞེས་གཏོར་མ་སོགས་ཕུལ་ཡང་མི་བཞེས་པར་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པའི་འབྱུང་པོ་མཆོད་ནས་སྐྱབས་འཚོལ་བ་དང་མི་འདྲའོ། །དེའི་ཕྱིར་ཕྲལ་གྱིས་གཏོར་མ་སོགས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྐྱོབ་དང་གྲོགས་ཅུང་ཟད་བྱེད་པའི་མགོན་པོའི་ལས་མཁན་སྟོབས་ཅན་རྣམས་ཀྱིའང་བྲན་དུ་གྱུར་པའི་འཇིག་རྟེན་པའི་རིགས་མགོན་པོའི་ཞལ་ལྟ་བའི་སྐལ་བ་ཙམ་ཡང་མེད་པ་གྲངས་ལས་འདས་པ་ཞིག་ཡོད་པས། དེ་དག་གི་ཡིད་ཅུང་ཟད་ཚིམ་ཞིང་འགུ་བ་དང་། ལ་ལ་ཉེ་བར་མཁོ་


PS011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟགས་དང་མཚན་མ་ཕྲན་ཚེགས་ལ། རང་གི་ཆོས་མ་ཡིན་པ་ལ་འཛེམ་མེད་དུ་ཞུགས་ཀྱང་གཏོར་མ་དང་བཟླས་པ་ཙམ་གྱི་མགོན་པོ་རང་དབང་མེད་པར་ཐུགས་རྒྱུད་འཁུམ་པའི་རྟགས་དང་མཚན་མ་ཡིན་པར་གོ་བའི་འཁྲུལ་པ་ཆེན་པོ་མ་སྐྱེས་པ་དགོས་སོ། །དེ་ལྟར་དམ་ཚིག་གི་སྡོམ་པ་ལ་གནས་པས་མགོན་པོའི་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང་། སྒྲུབ་པའི་ལུང་དང་། མན་ངག་ལེགས་པོར་ཐོབ་ཅིང་། བསྙེན་བསྒྲུབ་ཉམས་སུ་ལེན་པའི་གནད་ལ་མཁས་སུ་བླང་བར་བྱའོ། །གཞན་དུ་ན་ཡུན་རིང་པོ་འབད་ཀྱང་འབྲས་བུ་ཅི་ཡང་མི་འབྱུང་ངོ་། །གསུམ་པ་དགོས་པ་ནི། རང་ཉིད་སྙིང་ཐག་པ་ནས་


PS011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བསམ་པས། ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པར་འདོད་པའི་བསམ་པའི་སྐྱེས་བུ་བྱ་བ་དེ་ལྟ་བུ་ལ་བཞུགས་པ་དང་། རང་གི་བརྙེད་བཀུར་སྙན་གྲགས་འཁོར་གྱི་འདུ་འགོད་སོགས་ཚེ་འདིའི་ཕུན་ཚོགས་དམིགས་པའི་ཟང་ཟིང་གི་བསམ་པས་མ་ཡིན་པར། སྙིང་ནས་རྒྱལ་བའི་བསྟན་པ་ལ་གཅེས་པར་འཛིན་པའི་བློ་སྐྱེས་ཏེ། དེའི་སླད་དུ་བཤད་སྒྲུབ་སོགས་ལ་ཚུལ་བཞིན་དུ་བརྩོན་པའི་སྦྱོར་བ་ལ་ཞུགས་ཙམ་ཉིད་ནས་བདུད་དང་བདུད་ཀྱི་རིགས་ཀྱི་འབྱུང་པོ་རྣམས་དང་། དེ་དག་གི་ཡིད་བསྒྱུར་བའི་སྐྱེ་བོ་དག་གི་སྒོ་སྣ་ཚོགས་ནས་བར་དུ་གཅོད་པར་གྱུར་པ་ཆོས་ཉིད་ཡིན་པས། དེ་འདྲ་


PS011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འགལ་རྐྱེན་སེལ་བ་དང་། ད་ལྟ་སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དུས་སུ་སོང་བས་སྐྱེ་བ་སྔ་མའི་ཚོགས་ཀྱི་བསགས་རྒྱབ་ཤིན་ཏུ་ཆུང་བས་མཐུན་རྐྱེན་སྒོ་གང་ནས་ཤིན་ཏུ་སྒྲུབ་དཀའ་བར་གྱུར་པའི་དུས་སུ་ཕྱི་ཡི་རྐྱེན་བསྲུང་མ་ཁྱད་པར་ཅན་ལ་རྟེན་ཏེ། ཕྲིན་ལས་བཞི་ཡི་སྒོ་ནས་འགལ་རྐྱེན་དེ་དག་མེད་ཅིང་། མཐུན་རྐྱེན་འབད་པ་ཆུང་དུས་ལེགས་པར་གྲུབ། རང་གཞན་གྱི་དོན་དང་བསྟན་པའི་བྱ་བ་བདེ་བླག་ཏུ་འགྲུབ་པའི་ཕྱིར་ཡིན་གྱི། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཙམ་གྱི་ཕྱིར་དུ་དམིགས་པ་ལ། མིང་བསྟན་པ་དང་དགེ་འདུན་སོགས་ཀྱི་ཕྱིར་ཡིན་ནོ་ཞེས་བཏགས་ནས། སྨྲེ་སྔགས་


PS011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བྱངས་སུ་བསྒྲགས་ཀྱང་གཞན་སེམས་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བསྲུང་མ་ཁྱད་པར་ཅན་དག་གི་ཐུགས་ཀྱི་གཏིང་ནས་ཁྲེལ་བའི་གནས་སུ་འགྱུར་པའི་རྫུན་ཆེན་པོ་སྨྲས་པར་འགྱུར་གྱིས། དེ་འདྲ་བའི་བསྲུང་མ་ཁྱད་པར་ཅན་དག་གི་ཐུགས་ཀྱི་རྒྱུད་འཁུལ་བའི་ཕྲིན་ལས་མཛད་པ་ག་ལ་འགྱུར། དེས་ན་འཇིག་རྟེན་རང་ག་བ་གྲོང་པའི་སྐྱེ་བོ་དག་གི་ཕོ་ལྷ་དགྲ་ལྷ་སོགས་མཆོད་ཅིང་ལས་འཆོལ་བའི་ཀུན་སློང་དང་ཁྱད་མེད་དུ་མ་སོང་བ་ཞིག་དགོས་སོ། །བཞི་པ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་ལ་གསུམ། བསྙེན་པ། བསྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ལ་གཏོར་མ་ལ་འབྲེལ་བ་དང་མ་འབྲེལ་བའི་གནས་སྐབས་


PS011_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་པོ་ལ་ཉིན་ཞག་རེ་ལ་ཐུན་བཞིའམ་དྲུག་ཏུ་གཏོར་མ་དང་བཟླས་པ་བྱས་པ་རེ་ཞིག་པའི་ཉམས་ལེན་གྱི་དབང་དུ་བྱས་པ་དང་། ཐུན་ཐ་མ་འབའ་ཞིག་ལ་བྱེད་པ་རྒྱུན་གྱི་ཉམས་ལེན་གྱི་དབང་དུ་བྱས་པའོ། །དང་པོ་ལ། སྒྲུབ་པ་མཎྜལ་དང་འབྲེལ་བ་དང་། གཏོར་མ་འབའ་ཞིག་ལ་བརྟེན་པའོ། །གཏོར་མ་མཎྜལ་གྱི་མདུན་དུ་འཇོག་སྟེ། ཁྱད་པར་འདི་ནི་དང་པོ་ལ། མཎྜལ་དང་གཏོར་མའི་བཅའ་གཞི་ནི་འོག་ཏུ་གཏོར་སྒྲུབ་ཀྱི་ཚེ་ཇི་ལྟར་བྱ་བ་འཆད་པ་དང་འདྲ་ལ། ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། འདིར་མགོན་པོའི་གཏོར་མ་ལྷར་བསྐྱེད་མི་བསྐྱེད་ཀྱི་དབང་གི་ཡིན་ནོ། །མདོར་བསྡུ་ན་འཁོར་གྱི་དགོས་


PS011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྣམས་རེ་རེ་ནས་མ་བཤམས་ཀྱང་རུང་ངོ་། །གཉིས་པ་ལ་ཡང་མཎྜལ་མེད་ཀྱང་རྒྱས་པ་བྱེད་ན་འཁོར་གྱི་དགོས་གཏོར་རྣམས་ཀྱང་གཏོར་སྒྲུབ་ཀྱི་སྐབས་ལྟར་བཤམས་ཀྱང་རུང་ལ། མདོར་བསྡུས་ན་དེ་དག་རེ་རེ་ནས་ཟུར་དུ་མ་བཤམས་ཀྱང་རུང་ངོ་། །མཎྜལ་དང་འབྲེལ་མ་འབྲེལ་དེ་གཉིས་ཀ་ལ་ཡང་། དུས་ཟླ་བ་བཅོ་བརྒྱད་དམ། ལོ་གཅིག་གམ། ཟླ་བ་དྲུག་ལ་སོགས་པ་རབ་འབྲིང་ཐ་མ་ཇི་ལྟར་བྱེད་པ་དེའི་རིང་ལ་མཚམས་ཤིན་ཏུ་དམ་པར་བཅད། ཐུན་མཚམས་སུའང་མཚམས་གཡོག་ངེས་པ་ཅན་མིན་པ་ལ་ངག་མི་བསྲེ། གྲིབ་ཅན་དམ་ཚིག་ཉམས་པ་དང་། གདོན་ཅན་དང་། རང་རང་གི་བླ་མ་སོགས་


PS011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཁོན་ཡོད་པ་རྣམས་ཀྱི་ལག་ནས་བྱུང་བའི་བཟའ་བཏུང་དང་ཡོ་བྱད་མི་ལེན། གཏོར་མ་དང་མཆོད་པའི་རྫས་རྣམས་ཀྱང་ཤིན་ཏུ་གཙང་ཞིང་། བྲིས་སྐུ་རབ་གནས་ཅན་དང་། ཕྱི་ནང་གསང་བའི་རྟེན་ལ་སོགས་པ་རབ་ཐམས་ཅད་དང་། ཁྱད་པར་དུའང་ནང་དུ་གསང་བའི་རྟེན་ཅི་ནས་ཀྱང་ཚང་བ་དང་། སྤོས་སྦྱར་མ་ལ་སོགས་པ་དང་། ནང་མཆོད་རྡོར་དྲིལ་ཅང་ཏེའུ་ལ་སོགས་པ་མེད་དུ་མི་རུང་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། གཙོ་བོར་ཆོས་དང་ལོངས་སྤྱོད་ལ་སོགས་པའི་དངོས་གྲུབ་དོན་དུ་གཉེར་ན་ཡར་ངོའི་ཚེས་བརྒྱད་དང་། བཅུ་དང་། བཅུ་གཅིག་དང་། བཅོ་ལྔ་ལ་སོགས་པ་དང་།


PS011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་དགྲ་བགེགས་ཚར་གཅོད་པ་ལ་སོགས་པའི་དངོས་གྲུབ་དོན་དུ་གཉེར་ན། མར་ངོའི་ཉི་ཤུ་དགུ་ལ་སོགས་པ་གཟའ་སྐར་དང་། སྦྱོར་བ་དང་བྱེད་པ་བཟང་པོ་ལ་བརྩམས་པར་བྱའོ། །དེ་ཡང་ཐོ་རང་ནམ་གྱི་སུམ་ཆ་ཙམ་ལུས་པ་ལྷ་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་བླངས་པ་སོགས་ཀྱང་བྱའོ། །དེ་ནས་ཡི་དམ་གྱི་སྒྲུབ་ཐབས་རྫོགས་པར་བསྒོམ་སྟེ། བཟླས་པ་ཅུང་ཞིག་བྱ་ཞིང་མཆོད་བསྟོད་བདུད་རྩི་མྱང་བ་སོགས་རྫོགས་པར་བྱས་ནས་མདུན་སྐྱེད་ཀྱི་མཆོད་པ་བསངས་སྦྱངས་བྱིན་གྱིས་རླབས་ཏེ། ཡི་དམ་གྱི་གཏོར་མ་བྱིན་གྱིས་བརླབས་ཤིང་གཏོར་མགྲོན་


PS011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་འབུལ་བ་སོགས་རང་རང་གི་གཞུང་བཞིན་བྱ། དེ་ནས་མགོན་པོའི་མཎྜལ་ཡོད་ན། །རྡུལ་ཚོན་གྱི་མཎྜལ་དེ་ཉིད་བསངས་སྦྱངས། དབུས་ན་ཆོས་འབྱུང་དུར་ཁྲོད་གཅིག་གི་མཚན་ཉིད་ལྡན་པས་བསྐོར་ཞིང་། ཙན་དན་ལྗོན་ཤིང་འཁྲིགས་མར་སྐྱེས་པའི་དབུས་ན། པདྨ་དང་ཉི་མ་དང་ཚོགས་བདག་གི་གདན་ལ་རྡུལ་ཚོན་གྱི་ས་བོན་བྲིས་པ་དེ་དང་དབྱེར་མེད་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་མགོན་པོ་བསྐྱེད་པ་མན་ཆད་ཀྱི་མངོན་རྟོགས་གཏོར་ཆོག་གི་ཡི་གེ་ལྟར་རྒྱས་པར་བསྒོམ། སྤོས་སྦྱོར་བསྲེག །སྤྱན་འདྲེན་རྒྱས་པ་བྱ། མཆོད་པ་དང་ནང་མཆོད་གཏོར་ཆོག་ལྟར་བྱ།


PS011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་མན་ངག་ལྟར་གསལ་བཏབ་ནས། ན་མོ་བུདྡྷཱ་ཡ་ཉེར་གཅིག་རེ་ཙམ་དང་བཅས་པའི་གསོལ་བཏབ་ཤུགས་དྲག་ལ་རྒྱུན་རིང་བ་བྱ། དེ་ནས་ཡིག་བརྒྱ་ཉེར་གཅིག་དང་བཅས་པའི་བཤགས་པ་དྲག་པོ་བྱེད། གྲིབ་སེལ་གྱི་མན་ངག་ལྟར་དམིགས་པ་གསལ་བཏབ། སྐབས་འདིར་བླ་མ་མགོན་པོའི་གནད་ཡིག་ཡིད་བཞིན་ནོར་བུ་ནས་འབྱུང་བའི་མན་ངག་ཡི་གེ་གསུམ་གྱི་བཟླས་པ་དང་བཅས་པ་མ་ཆགས་པར་ཉམས་སུ་བླངས་ན་ཤིན་ཏུ་ཁྱད་ཆེ། དེ་ནས་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་མན་ངག་གི་དམིགས་པ་གསལ་བཏབ་ནས་ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་བརྒྱ་རྩ་རེ་བྱེད། དེ་ནས་བཟླས་


PS011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་དངོས་གཞི་ལ་འཇུག་པའི་སྔོན་དུ་སྐབས་སྐབས་སུ་གཤིན་རྗེ་གཤེད་ཀྱི་སྒོས་སྐུའི་གཟི་བརྗིད་བསྐྱེད་པའི་མན་ངག་ཀྱང་བྱ། ནར་མ་ལ་ཐེབས་དེ་བཞིན་མ་ཆགས་པ་རང་ཡང་མི་དགོས། བཟླས་པ་ལ་གསུམ་ལས། སྙིང་པོ་སྲོག་སྔགས་བཟླས་པ་ལ། དམིགས་པ་ནི་རང་ཡི་དམ་གྱི་ང་རྒྱལ་བརྟན་པ་དང་། མགོན་པོ་རང་གིས་མདུན་ཐད་དྲང་། རང་ཡི་དམ་དུ་སྒོམ་པའི་སྐུ་ལས་མི་མཐོ་ཞིང་རྒྱང་རིང་པོ་མ་ཡིན་པར་བསྒོམ་པ་དེ་ཉིད། བསིལ་བ་ཚལ་ནས་བྱོན་པའི་མགོན་པོ་དངོས་ཡིན་སྙམ་པའི་དོན་དུ་ཞེན་པ་ཤུགས་དྲག་པོ་དང་། རང་ཡི་དམ་དུ་གསལ་བ་དང་མགོན་པོ་གཉིས་ཀྱི་ཆོས་ཉིད་ལ་དབྱེ་བ་ཅུང་ཟད་ཀྱང་མེད་པར་རང་བཞིན་


PS011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཀྱི་ངང་དུ་རོ་གཅིག་ཀྱང་། གང་འདུལ་གདུག་པ་ཅན་དག་འདུལ་བའི་དོན་དུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུགས་རྣམས་ཤིན་ཏུ་དྲག་ཅིང་མི་ཟད་པའི་ཁྲོ་བོའི་དབང་པོའི་སྐུ་དྲག་པོའི་ང་རོ་འབྲུག་ལྟར་སྒྲོག་པའི་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུའི་སྐུ་ཤར་བར་ཡང་ཡང་དྲན་པར་བྱེད་པའི་ངང་ནས་བློ་དེ་བའི་རྩི་མ་ཡལ་ཙམ་རྒྱུན་མི་ཆད་དུ་འབྱུང་བ་ཞིག་མ་བྱུང་གི་བར་དུ་དྲན་ཤེས་བརྟན་པའི་འབད་པ་ལེགས་པར་སྒྲིམ་པ་གལ་ཆེ་ཞིང་། དེ་ལྟར་དྲན་པའི་ངང་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་བྱུང་བ་རང་གི་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་བྱུང་མགོན་པོའི་ལྟེ་བ་ནས་ཐོན་བདག་གི་


PS011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཞུགས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་ནས་འགལ་མེ་ལྟར་འཁོར་བའི་སྔགས་ཀྱི་ཡིག་འབྲུ་རྣམས། ཁ་མདོག་ནག་པོ་མེ་འོད་རབ་ཏུ་འཕྲོ་བ་ལྟར་ཕུར་དུ་འགྲོ་ཞིང་དྲག་ལ་རྩུབ་པའི་རྣམ་པ་ཅན་དུ་བསྒོམ་པ་ལ་ཡིད་རྩེ་གཅིག་ཏུ་དམིགས་ནས་སྙིང་པོ་བཟླས་པ་བྱའོ། །ཡང་རྒྱུད་ལེ་བརྒྱད་མ་ལས་གསུངས་པ་ལྟར། མདུན་གྱི་མགོན་པོ་ནི་ཐུགས་ཀའི་ཉི་མའི་སྟེང་ན་གནས་པའི་མགོན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་མཐིང་ནག་ལ་དེ་ཉིད་ཀྱི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་གནས་པའི་སྔགས་ཀྱི་ཕྲེང་བ་འབར་བའི་རྣམ་པ་ཅན་ལ་ཡིད་གཏད་རྩེ་གཅིག་ཏུ་དམིགས་ནས་བཟླས་པ་བྱ་སྟེ། དེ་ལྟར་གང་བྱས་ཀྱང་རུང་ངོ་། །


PS011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྩ་སྔགས་ཀྱི་བཟླས་པ་ནི། རང་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ནས། རང་གིས་མགོན་པོ་ལ་བཀའ་བསྒོ་བ་དང་། མགོན་པོ་ནས་ཀྱང་རང་གི་བཀའ་ཉན་པར་བསམ་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་པ་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་མགོན་པོའི་ཐུགས་རྒྱུད་ལེགས་པར་བསྐུལ་ནས་བཀའ་བསྒོ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་བྱེད་པར་བསམ་ཞིང་། མགོན་པོ་ནས་ཀྱང་རང་གི་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་ཏེ་བསྐུལ་བས། འཁོར་ཐམས་ཅད་རང་དབང་མེད་པར་ལས་བྱེད་པར་བསམ་ལ། ཤཱ་ས་ནའི་སྤེལ་ཚིག་དོར་ནས་སྔགས་དོན་


PS011_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཤིང་བཟླས་པ་སྒྲིམ་སྟེ་བྱེད་པའོ། །དེ་ནས་འཁོར་རྣམས་ཀྱི་དགོས་ཀྱི་བཟླས་པ་ནི། གཙོ་ཆེར་གཙོ་བོའི་བཟླས་པ་ཚད་དུ་ལེགས་པར་ཐེངས་ནས་དེའི་རྗེས་ནས་འཁོར་གྱི་དགོས་བསྙེན་རྣམས་བྱ་བ་ཡིན་མོད་ཀྱི་མགོན་པོའི་བཟླས་པའི་ཚེ་ནའང་མཇུག་ཏུ་ཅུང་རེ་བྱེད་ནའང་། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་རང་གི་ས་བོན་ལ་འཁོར་དེ་རང་གི་མདུན་ཕྱོགས་སུ་གཡས་བསྐོར་དུ་བཟླས་བྱའི་སྔགས་ཀྱི་བསྐོར་བ་ཁ་དོག་ནག་པོ་མེ་འོད་འཕྲོ་བ་ལ་དམིགས་ནས་བཀའ་བསྒོ་བའི་བསམ་པས་བཟླས་པ་བྱའོ། །དེ་ལྟར་ཐུན་དེའི་བཟླས་པ་རྫོགས་ནས་གཏོར་མ་བྱིན་གྱིས་བརླབས་ཏེ། དབུལ་བ་ན


PS011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་བྱེད་ཚུལ་ལུགས་འདིའི་བླ་མ་རྣམས་ལ་མི་འདྲ་བ་མང་དུ་ཡོད་ཅིང་། ཡིག་ཆ་རྣམས་ལའང་མི་འདྲ་བ་དུ་མ་ཞིག་བཀོད་འདུག་པའི་ནང་ནས། ཁོ་བོས་གཏོར་ཆོག་ཆེ་བར་བཀོད་པ་དེ་ཉིད་ལེགས་ཤོས་སུ་གནང་བས་དེ་ལྟར་བྱའོ། །འོན་ཀྱང་རང་བདེ་མཆོག་ཀྱེ་རྡོར་གསང་འདུས་གཤིན་རྗེ་གཤེད་ལ་སོགས་པའི་ཡི་དམ་གང་གི་བདག་བསྐྱེད་བྱས་པ་དེའི་ལུགས་ཀྱི་གཏོར་མ་བྱིན་རླབས་ལྟར་བྱས་ན་རྒྱུད་སྡེ་དང་། ཚད་ལྡན་དག་གི་གཞུང་དང་མཐུན་པས་ལེགས་པར་གོའོ། །ཡི་གེ་རྙིང་པ་འགའ་ཞིག་ཏུ་གཏོར་སྣོད་པཾ་དམར་སེར་ཞུ་བ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟོང་ཉིད་ཙམ་དུ་བསམ་པའི་ནང་དུ་རྫས་


PS011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་རླབས། ཅེས་བཤད་ནས་འདི་ཉིད་གཏོར་མ་བྱིན་གྱི་རླབས་ཀྱི་གསང་སྔགས་ཐུན་མོང་མ་ཡིན་པ་ཞེས་བྲིས་ཡོད་དེ། གཏོར་མ་པདྨའི་སྣོད་དུ་བསྐྱེད། ཅེས་པའི་པདྨའི་སྣོད་ཐོད་པ་ལ་ཟེར་བར་རྒྱུད་སྡེ་ཆེན་མོ་དེ་དག་ལས་ཡོངས་སུ་གྲགས་པའི་ཐ་སྙད་ཙམ་ཡང་མ་ཚོར་བར་མེ་ཏོག་པདྨ་ལ་གོ་བའི་མི་མཁས་པ་ཞིག་གིས་བྱས་པ་གསལ་ལོ། དེ་ནས་ལག་པ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བཅའ་ཞིང་། ཧཱུྃ་ལན་དྲུག་པ་བརྗོད་པ་དམིགས་པ་དང་བཅས་པ་སྔོན་དུ་བཏང་ནས་མགོན་པོ་འཁོར་བཅས་ཀྱིས་གཏོར་སྔགས་གཏོར་ཆོག་ཏུ་བཤད་པ་ལྟར་གྱིས་དབུལ་བར་བྱའོ། །དེ་ནས་


PS011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བཅོལ། འཁོར་དང་བཅས་པའི་བསྟོད་བསྐུལ་རྒྱས་པར་བྱའོ། །ཐུན་མོང་ལ་དེ་ལྟར་བྱས་ནས་ལྷ་གཤེགས་སུ་ཡང་མི་གསོལ། བྲིས་སྐུ་ལ་བསྟིམ་པ་ཡང་མི་བྱེད་པར། དཀྱིལ་འཁོར་བྲིས་ན་དེའི་དབུས་དང་། མ་བྲིས་ནའང་གཏོར་མའི་རྒྱབ་ཙམ་དུ་མགོན་པོ་འཁོར་བཅས་མངོན་སུམ་དུ་བཞུགས་པར་བསྒོམས་ལ། བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་སོགས་ཀྱི་གསོལ་བ་མང་དུ་བཏབ་ལ། གཏོར་མ་ལ་བསྲུང་བའི་དམིགས་པ་བྱས་ནས་ཐུན་མཚམས་ཀྱིས་བྱ་བ་ལ་འཇུག །སླར་ཡང་ཐུན་གཉིས་པ་འཇུག་པ་ནི། གཞན་ཐམས་ཅད་སྔར་དང་འདྲ་བ་ལ། འདི་ནས་གཏོར་མ་སྐྱོང་བ་དང་མཚམས་


PS011_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པའི་ཐུན་མ་གཏོགས་པ་ཐམས་ཅད་ལ་ས་བོན་དང་ཕྱག་མཚན་སོགས་ལས་མགོན་པོ་གསར་དུ་བསྐྱེད་པ་མ་ཡིན་པར་གཙོ་འཁོར་ཐམས་ཅད་གནས་དེ་ཉིད་ན་སྔར་ཡོད་གསལ་འདེབས་པའི་ཚུལ་གསལ་བཏབ་ནས་སླར་ཡང་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པར་བྱེད་ཅིང་། ལོ་དང་ཟླ་བ་ཞག་ཉེར་གཅིག་ལ་སོགས་པའི་རིགས་ལ་དེ་ལྟར་ཞག་རེར་ཐུན་བཞི་བཞིའམ། དྲུག་དྲུག་ཏུ་མ་ཆག་པར་བྱས་པའི་མཐར་ཆོ་ག་ཐ་མ་ལ། མདུན་གྱི་མགོན་པོ་འཁོར་དང་བཅས་ལ་གཏོར་མ་རྒྱས་པར་ཕུལ་ནས། གཏོར་མ་ལ་གྲིབ་གནོན་གྱི་གདོན་བསྲུང་བའི་སླད་དུ་དཔལ་འབར་གཙུགས་ཏེ་ཐོག་ཁར་ཁྱེར་ནས། ཤར་


PS011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་མཚམས་ནས་སྤྱན་དྲངས་པའི་མགོན་པོ་ལ་དབུལ་བའི་ཚུལ་དུ་འོག་ནས་ཆད་པ་ལྟར་ཕུལ་ནས། གཏོར་མའི་མགོ་ནས་བཅད་ནས་ནམ་མཁའ་ལ་གཏོར་ཞིང་། ནང་མཆོད་ཐོར་བ་སོགས་ཀྱང་བྱ། ལྷག་མ་བསྡུས་ཏེ་འོག་ཏུ་འོངས་ནས་མགོན་པོ་འཁོར་བཅས་ལ་ཉེར་སྤྱོད་དང་ནང་མཆོད་ཅིང་། ཡི་གེ་བརྒྱ་པ་མང་བ་བཟླས་ནས་ནོངས་པ་བཟོད་པར་གསོལ། མདུན་གྱི་མགོན་པོ་འཁོར་བཅས་བྲིས་སྐུ་ལ་བརྟན་བཞུགས་བྱ། སྨོན་ལམ་གདབ་ཅིང་དགེ་བ་བསྔོས་ནས། བཀྲ་ཤིས་བཀའ་རྒྱ་མ་དང་གཞན་ཡང་ཤིས་བརྗོད་རྒྱས་པར་བྱ། མཎྜལ་དང་མཆོད་པ་རྙིང་པ་སོགས་བསྡུ། བྲིས་སྐུ་དང་ནང་བརྟེན་ལ་སོགས་པ་


PS011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་མི་མཐོང་བའི་གནས་དབེན་པར་བཞག་པར་བྱའོ། །གསུམ་པ་ཐུན་ཐ་མ་འབའ་ཞིག་ལ་བྱེད་པ་རྒྱུན་གྱི་ཉམས་ལེན་གྱི་དབང་དུ་བྱས་པ་ནི། ད་ལྟ་འཛིན་གཏོར་དུ་གྲགས་པ་ལྟར་བཅས་ནས། དེ་ལ་བརྟེན་ཏེ་དགོང་མོའི་སྲོད་ཀྱི་དུས་ལྟ་བུའམ་ཐུན་རེ་ལ་གཏོར་མ་དབུལ་ཞིང་། བསྙེན་པ་ནར་མ་རེ་བྱ་བར་འདོད་ན། གོང་དུ་དཀྱིལ་འཁོར་མ་བྲིས་པར་གཏོར་མ་འབའ་ཞིག་ལ་བརྟེན་ཏེ་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་བཤད་པ་དེ་ཉིད་དང་། ཞག་གཅིག་གི་ནང་གི་ཐུན་གྲངས་མང་ཉུང་གི་ཁྱད་པར་མ་གཏོགས་ཆོ་ག་ཐམས་ཅད་ཁྱད་པར་མེད་ལ། ཐུན་ཐོག་མ་མ་གཏོགས་ལྷག་མ་ཐམས་ཅད་ལ་


PS011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སྔར་ཡོད་གསལ་འདེབས་པའི་རྣམ་པས་གསལ་འདེབས་ཀྱིས། གསར་དུ་མི་བསྐྱེད་པར་ཡེ་ཤེས་པ་ནུབ་རེ་བཞིན་སྤྱན་འདྲེན་པ་དང་། གཏོར་མ་འབུལ་བ་དང་བསྲུང་བའི་མན་ངག་དང་། མཇུག་གཏོར་མ་སྐྱོང་བ་དང་། བརྟན་བཞུགས་སོགས་ཐམས་ཅད་དེ་དང་འདྲའོ། །གཉིས་པ་གཏོར་མ་དང་མ་འབྲེལ་བའི་གནས་སྐབས་སུ་རྒྱུན་བསྙེན་གྱི་བཟླས་པ་ཅུང་ཟད་བྱ་བར་འདོད་ན་དེའི་ཚུལ་བཤད་པ་ནི། རང་ཡི་དམ་གྱི་རྣལ་འབྱོར་ལ་གནས་ནས། མདུན་དུ་པད་ཉི་ཚོགས་བདག་དང་བཅས་པའི་གདན་བསྒོམས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་མགོ་བོ་བསིལ་བའི་ཚལ་ནས་སྤྱན་དྲངས་པར་བསྒོམས་ཏེ་


PS011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིཾ་རིང་པོ་ཉེར་གཅིག་བརྗོད་དེ། བར་སྣང་ལ་བྱོན་ནས་མདུན་གྱི་གདན་ལ་བཞུགས་པར་བསྒོམས་ནས། ཉེར་སྤྱོད་ལྔ་སྔགས་ཙམ་གྱི་ཕུལ་ཏེ། སྙིང་པོ་དང་རྩ་སྔགས་ཀྱི་བཟས་གྲངས་ཇི་ཙམ་ཞིག་བྱེད་པ་དེའི་རིང་ལ་དམིགས་པ་གོང་དུ་བཤད་པ་ལྟར་བྱས་ནས། ངག་གཞན་དང་མ་འདྲེས་པར་ཡིད་མ་ཡེངས་པར་བཟླས་ཏེ་བཟླས་པའི་གྲངས་མ་རྫོགས་པ་ན་གཙོ་བོའི་ཁོ་ནའི་བསྟོད་པ་མདོར་བསྡུས་གཅིག་བྱས། བླ་མ་མགོན་པོ་དབྱེར་མེད་ལ། །ཞེས་སོགས་བརྗོད་དེ། བཛྲ་མུཿས་མགོན་པོ་བསིལ་བའི་ཚལ་དུ་གཤེགས་སུ་གསོལ་ནས། རང་སྤྱོད་ལམ་གྱི་བྱ་བ་གཞན་ལ་འཇུག་པར་བྱའོ། །བསྙེན་པ་


PS011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཇི་ལྟར་བྱ་བ་བརྗོད་ཟིན་ཏོ།། །། ༈ དེ་ནས་བསྙེན་པ་ཚུལ་ཇི་ལྟར་ཚད་ནི་རྣམ་པ་གསུམ་སྟེ། མཚན་མའི་བསྙེན་པ་དང་། གྲངས་ཀྱི་བསྙེན་པ་དང་། དུས་ཀྱི་བསྙེན་པའོ། །དང་པོ་ནི། མཚན་མ་རབ་དངོས་དང་། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་མགོན་པོའི་སྐུ་མཐོང་བ་དང་། ལྷ་མོ་དང་གནོད་སྦྱིན་ལ་སོགས་པའི་སྐུ་ཇི་ལྟ་བའི་རྣམ་འཕྲུལ་མཐོང་ངམ། མི་ནག་པོ་དང་། མོན་པ་ནག་པོ་དང་། ཨ་ཙ་ར་ནག་པོ་དང་། དོམ་དང་གཡག་རྒོད་ལ་སོགས་པ་སྒྲུབ་ཁང་གི་ནང་དུ་དངོས་སམ་ཉམས་སྣང་ལ་མཐོང་བ་དང་། གཏོར་མ་ལ་མེ་འབར་བ་སོགས། སྒྲུབ་ཁང་དུ་འདོད་ཆགས་ཤ་ཆེན་གྱི་དྲི་དང་།


PS011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ཆོམ་དང་། གཏོར་མ་ལ་སྒྲ་དང་། སྒྲུབ་རྫས་ལ་མེ་འབར་བ་ལ་སོགས་པ་དུ་མ་བྱུང་ལ། རྨི་ལམ་ཡང་བྱ་ནག་དང་། མི་ནག་དང་། ཨ་ཙ་ར་དང་། མི་ནག་རལ་པ་ཅན་དང་། སྔགས་པ་ནག་པོ་རལ་པ་ཅན་དང་། གཡག་ནག་ལུག་ནག །ཁྱི་ནག་ལུས་དར་ཤིང་ཤ་དང་སྤུ་ལ་སོགས་པ་རྒྱས་པ་དང་། མི་དཔོན་དང་གཙོ་བོ་ཆས་བཟང་བ་དང་། བུད་མེད་བརྒྱན་བཟང་བ་དང་། བླ་མ་མཉེས་ཤིང་ཆོས་དང་ཟང་ཟིང་གནང་བ་དང་། སྐྱེ་བོ་གཞན་གྱིས་བདག་ལ་གཟའ་བཏུང་མང་དུ་སྟེར་བ་དང་། ཐོད་པ་ཆང་གི་བཀང་བ་འཐུང་བ་དང་། མིའི་ཤ་ལ་སོགས་པ་ཟོས་པ་དང་། དར་འཕྱར་


PS011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དུང་འབུད་པ་དང་། ཉི་ཟླ་ཤར་བ་ལ་སོགས་པ་ལན་རེ་ཙམ་མ་ཡིན་པར་ངེས་ཅན་དུ་ཡང་ཡང་བསྙེན་པ་བྱེད་པ་དུས་དེའི་ཚེ་འབྱུང་བ་ནི་ཉེ་བའི་རྟགས་ཡིན་ལ། གཞན་ཡང་དེ་ཙམ་གྱིས་མཚོན་ནས་ཤེས་པར་བྱ་སྟེ། རྫོགས་པར་རེ་རེ་ནས་བརྗོད་པར་ག་ལ་ནུས། མཁར་བཙན་པོ་དང་། རྫོང་ནང་ན་འདུག་པ་དང་གོ་ཆ་བཟང་པོ་གྱོན་པ་སོགས་ནི། བསྲུང་བའི་རྟགས་ཡིན་ཞིང་། བྱ་ནག་མི་ནག་གཡག་ནག་སོགས་མདོག་དང་སྤུ་ལ་སོགས་པ་ཉམས་ཤིང་ཐང་ལ་འཁྱིལ་པ་དང་། རང་ལ་ཚུར་རྒོལ་ཞིང་མི་དགའ་བ་དང་། བུད་མེད་ནག་མོ་བརྒྱན་མེད་པ་ངུ་ཞིང་འཐབ་པ་དང་། ཁྱི་ནག་གི་སྨུག་པ་ལ་སོགས་པ་རྨི་བ་


PS011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མགོན་པོ་མ་མཉེས་པ་དང་། ཆོས་སྐྱོང་རང་ལ་བཟློག་པ་སོགས་ཀྱི་མཚན་མ་ཡིན་པས་མཚམས་དམ་པར་བྱ། བླ་མ་དང་མགོན་པོ་དབྱེར་མེད་དུ་བལྟས་ནས་གསོལ་བ་འདེབས་པ་དང་། བསྲུང་གཏོར་དང་བསྐང་བཤགས་ལ་རྩལ་དུ་སྟོན་པ་མཚན་མ་འགྱུར་བར་ངེས་ཀྱི་བར་དུ་འབད་པར་བྱའོ། །གཞན་མཚོན་ཆ་ཆག་པ་དང་། རོལ་ཆ་སྐད་མེད་པ་དང་། མཛེ་ཕོ་དང་། མི་གཙང་བས་གོས་པ་སོགས་རྨི་བ་ནི། ཉམས་གྲིབ་ཀྱི་མཚན་མ་ཡིན་པས་གྲིབ་སེལ་གྱི་མན་ངག་དང་། ཡིག་བརྒྱའམ་བཟླས་པ་དང་བསྐང་བཤགས་སོགས་ལ་འབད་པར་བྱའོ། །གྲངས་ཀྱི་བསྙེན་པ་ནི། ཁ་


PS011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྲོག་སྔགས་འབུམ་ཕྲག་བཅུའམ་བཅུ། རྩ་སྔགས་འབུམ་ཕྲག་གཅིག་ཅེས་གསུངས་ལ། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ནི་རྩ་སྔགས་བྱེ་བ་ཙམ་ད་ལྟའི་དུས་སུ་བཟླས་ན་གྲངས་ཀྱི་བསྙེན་པ་རབ་ཡིན་གྱི། འབུ་ཕྲག་བཅུ་ལ་སོགས་པ་ཙམ་གྱིས་ཕལ་ཆེ་བ་ལ་ནུས་པ་ཅི་ཡང་འབྱུང་བར་དཀའོ། །ཞེས་གསུངས་སོ། །དེའི་ཕྱིར་ནའང་སྙིང་པོ་བྱེ་བ་ཙམ་གྱིས་བཟླས་པ་བྱ་བར་རིགས་སོ། །དུས་ཀྱི་བསྙེན་པ་ནི། བླ་མ་གོང་མ་དག་ཟླ་བ་དྲུག་ཅེས་གསུངས་སོ། །དེ་ལ་མཚན་མའི་བསྙེན་པ་རབ། གྲངས་ཀྱི་བསྙེན་པ་འབྲིང་། དུས་ཀྱི་བསྙེན་པ་ཐ་མ་སྟེ། རྒྱུད་སྡེ་དང་གཞུང་ཚད་ལྡན་ཆེན་མོ་དག་ན། དུས་ཀྱི་བསྙེན་པའི་རྣམ་དག་


PS011_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ་ལྷ་གང་ལའང་ཁྱད་ཆེར་མེད་དོ།། །། ༈ གཉིས་པ་སྒྲུབ་པ་དང་ལས་གསུམ་པ་ལས་ལ་སྦྱོར་བ་གཉིས་ནི། ཞི་རྒྱས་དབང་དྲག་གི་ལས་ལ་སྦྱོར་བ་མི་འདྲ་བའི་དབྱེ་བས་སྒྲུབ་པ་ཇི་ལྟར་བྱ་བའི་ཚུལ་མི་འདྲ་བ་མང་དུ་ཡོད་མོད། དེ་ལྟར་ནའང་བསད་པ་ལ་སོགས་པའི་ལས་ལ་སྦྱོར་བའི་སྔོན་དུ། འགྲོ་བའི་སྒྲུབ་པ་དང་། དེའི་ལས་སྦྱོར་བཤད་པ་ལ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་ཕྱིར་དེ་དག་ནི་མི་འཆད་ཀྱི། འཕྲལ་ལ་ཉེ་བར་མཁོ་བའི་གཏོར་མའི་སྒྲུབ་པ་ཙམ་ཞིག་དང་། ལས་སྦྱོར་ཀྱང་དུ་མ་ཞིག་ཡོད་དུ་ཟིན་ཀྱང་། བར་ཆད་བཟློག་པ་སོགས་ཀྱི་ཕྱིར་དུ་གཏོར་ཆེན་གྱི་ལས་ལ་སྦྱོར་བའི་ཕྱོགས་ཙམ་


PS011_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་བ་ཡིན་ནོ། །དེང་མགོན་པོའི་བསྙེན་བསྒྲུབ་ལས་གསུམ་ཐམས་ཅད་གཏོར་མ་ལ་རགས་ལས། ཐུགས་དམ་གཏོར་མས་བསྐོང་། འཕྲིན་ལས་ཐམས་ཅད་གཏོར་མ་ཕུལ་ནས་འཆོལ་དགོས་པས། ཆོས་སྐྱོང་ལ་གཏོར་མའི་གནད་ཤེས་པ་གལ་ཆེའོ། །དེ་ནས་འདིར་གཏོར་མའི་རྣམ་བཞག་ཟུར་ཙམ་ཞིག་བརྗོད་ན། རང་གི་སྒྲུབ་ཁང་མགོན་ཁང་ལ་སོགས་པར་དུས་དེ་དག་ཏུ་ཕུལ་ཏེ་གཏོར་མ་བསྡུད་པ་ནི་བརྟེན་གཏོར་ཞེས་ཟེར་ཏེ། ད་ལྟ་འཛིན་གཏོར་དུ་གྲགས་པ་དང་དོན་གཅིག་གོ །ནུབ་རེ་བཞིན་གསར་དུ་བཅའ་ཞིང་བྱིན་གྱིས་རླབས་ཏེ་འབུལ་བ་ནི་རྒྱུན་གཏོར་ཞེས་བྱ་བ་དང་། རྟག་ཏུ་འཇོག་པའི་གཏོར་མ་ལ་


PS011_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་གཏོར་ཞེས་ཟེར། ལོའམ་ཟླ་བ་ལ་སོགས་པའི་བར་དུ་བཞག་ནས་ལོ་ཟད་ཟླ་ཟད་ཀྱི་ཉི་ཤུ་དགུ་ལྟ་བུའམ་རང་གནས་འཕོ་བ་ལ་སོགས་པའི་དབང་གི་དུས། ཕྲལ་གཏོར་ཞེས་ཟེར་བ་ཡིན། ཡར་ངོའི་ཚེས་བརྒྱད་དམ། བཅུ་གཅིག་གམ། བཅོ་ལྔའམ། མར་ངོའི་ཉི་ཤུ་དགུ་ལྟ་བུ་ལ་གཏོར་མ་གསར་པ་ཤིན་ཏུ་བཟང་བར་བཤམས་ཏེ། རྒྱས་པར་ཕུལ་ནས། དུས་དེ་ནུབ་དེ་ཉིད་ལ་གཏོང་བ་ནི་དུས་གཏོར་ཞེས་ཟེར། ཡང་རྣམ་སྲས་ལྟ་བུ་ལ་ཡར་ངོའི་བརྒྱད་དང་བཅོ་ལྔ་ངེས་བཟུང་དུ་གལ་ཆེ་ཞིང་། ཞལ་བཞི་པ་ལྟ་བུ་ལ་ཡར་ངོའི་བརྒྱད་དང་བཅུ་གཅིག །མར་ངོའི་ཉི་ཤུ་དགུ་གསུམ་གལ་ཆེ་སྙམ་ཡིན་ཀྱང་།


PS011_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འདི་དང་གུར་མགོན་སོགས་ལ་མར་མོའི་ཉི་ཤུ་དགུ་ལྷག་པར་གལ་ཆེ་ལ། འོན་ཀྱང་ལོངས་སྤྱོད་རྒྱས་པ་སོགས་གཙོ་བོར་དོན་དུ་གཉེར་ན་ཡར་ངོ་ལ་ཡང་དུས་གཏོར་བྱེད་དོ། །ནད་དང་དགྲ་བགེགས་ལ་སོགས་པ་གནོད་པ་འབྱུང་བའི་དབང་གིས་གནོད་པ་འབྱུང་བའི་དུས་དེའི་ཚེ་གཏོར་མ་གསར་དུ་བཤམས་ཏེ་ཕུལ་ནས། དུས་དེའི་ཚེ་ཉིད་གཏོང་བ་ལ་བློ་བུར་ལས་བཅོལ་གྱི་གཏོར་མ་ཟེར་གཏོར་མ་ཤིན་ཏུ་བཟང་བར་བཤམས་ཏེ། ཞག་རེ་ལ་ཐུན་དྲུག་དྲུག་ཏུ་གསོ་ཞིང་། ཐུན་དྲུག་དྲུག་ཏུ་བྱིན་གྱིས་བརླབས་ནས་ལས་གྲུབ་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་ཐེབས་གཅིག་ཀྱང་མི་འབུལ་ཞིང་མི་བསྔོ་བར་བཞག་ནས་


PS011_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་རེ་ལ་འཕྲལ་གཏོར་ཐུན་དྲུག་དྲུག་ཏུ་འབུལ་བ་རྣམས་ཀྱི་ཚེ། ལས་འདི་དང་འདི་སྒྲུབས་ཤིག །ལས་དེ་དང་དེ་གྲུབ་པ་ན་གཏོར་མ་ཆེན་པོ་འདི་ཡང་འབུལ་བ་ཡིན་ནོ། །ཞེས་བྱས་ནས་གཏོར་མ་གཏའམ་སྟོང་པར་འཛིན་པ་གཏའ་གཏོར་ཞེས་ཟེར་བ་ལ་ལས་གྲུབ་པའི་མཚན་མ་བརྟན་པོ་བྱུང་བ་ན་གཏོར་མ་ཆེན་པོ་དེ་ཉིད་གཏང་རག་གིས་ཚུལ་དུ་འབུལ་བ་ཡིན་ནོ། །མགོན་པོ་ལྕམ་དྲལ་གཉིས་ཀ་ལ་གཏོར་མ་རེ་རེ་ཐུན་གྱི་མཐར་གསར་དུ་བཤམས་ཤིང་ཕུལ་ནས་ཡབ་ཀྱི་དེ་ནུབ་མོ་གཏོང་། ཡུམ་གྱི་དེ་སྔ་དྲོ་གཏོང་བ་ཐུན་གཏོར་ཟེར་ཏེ། དེ་གུར་མགོན་དང་ཞལ་བཞི་པའི་མན་ངག་གི་ལུགས་ཡིན་གྱི། མགོན་པོ་འདི་


PS011_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་མི་དགོས་སོ། །གཏོར་མ་ཆེན་པོ་ལྷར་བསྐྱེད་པ་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་ནས། བར་ཆད་སེལ་ཞིང་དངོས་གྲུབ་ཞུ་བ་ཞག་གསུམ་མམ་བདུན་ནམ། དགུའམ། བཅུའམ། བཅོ་ལྔའམ། ཉེར་གཅིག་ལ་སོགས་པ་བྱེད་པ་གཏོར་སྒྲུབ་དང་། གཏོར་མ་ཆེན་མོ་ཉིད་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་ལ་སོགས་པའི་སྒྲུབ་པ་ཞག་གྲངས་ཅི་རིགས་པར་བྱ་སྟེ། མཐར་གཏོར་མ་ཆེན་མོ་དེ་ཉིད་དགྲ་བགེགས་ཀྱི་ཕྱོགས་སུ་ཁྱེར་ནས་བརྡེག་གཏོར་བྱེད་པ་ནི། འདི་པའི་ལུགས་ཀྱི་གཏོར་ཆེན་ཞེས་བྱའོ། །འདི་དག་གི་རྣམ་དབྱེ་ཞིབ་ཏུ་མ་ཤེས་ན་གཏོར་མ་བྱེད་པ་ལ་དགའ་བ་ཙམ་དུ་ཟད་ལ། ཁྱད་པར་མགོན་པོ་འདི་


PS011_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལ་གཏོར་སྒྲུབ་དང་གཏོར་ཆེན་གྱི་རྣམ་དབྱེ་ཞིབ་ཏུ་ཤེས་པ་གལ་ཆེ་སྟེ། དེ་མ་ཤེས་ན་གཏོར་སྒྲུབ་བྱེད་ཟེར་ནས་གཏོར་མཆོག་དཀྱུས་མས་གཏོར་མ་ཉིན་ཞག་རེ་ལ་ཐེབས་ཁ་ཡར་རེ་བསྔོས་ན་ནས་བསྟོད་པ་འདྲ་བྱེད་པ་མིན་པ་གཞན་བྱེད་རྒྱུ་ཅི་ཡང་མེད་པར་མཐར་དངོས་གྲུབ་ཏུ་ལེན་རྒྱུའི་གཏོར་མ་དེ་ཕྱིར་ཁྱེར་ནས་བརྡེག་གཏོར་དུ་བྱེད་པ་ལ་སོགས་པ་ལ་བློས་ལྟོས་འཆའ་དགོས་པ་འབྱུང་སྟེ། དེ་འདྲ་བ་ལ་དངོས་གྲུབ་དང་དགྲ་བགེགས་ཐུལ་བ་གང་ཡང་རུས་སྦལ་གྱི་སྤུའི་གོས་ཀྱི་གྲང་བ་སྐྱོབ་པར་རེ་བ་ལྟར་འགྱུར་བ་ཡིན་ནོ། །དེ་བས་ན་འདིར་ཐོག་མར་གཏོར་སྒྲུབ་དང་གཏོར་ཆེན་གྱི་མི་འདྲ་བའི་ཁྱད་པར་ཤེས་པ་གལ་


PS011_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྟེ། དེ་ཡང་གཏོར་སྒྲུབ་ནི་གཙོ་བོར་དངོས་གྲུབ་སྒྲུབ་པ་དང་བར་ཆད་སེལ་བའི་ཆེད་དུ་བྱེད་ཅིང་། གཏོར་ཆེན་དགྲ་བགེགས་ལ་དྲག་ལས་བྱེད་པ་དང་། རྦོད་གཏོང་བྱད་ཁ་བཟློག་པ་དང་། ནད་ཡམས་དྲག་པོ་བཅད་པ་ལ་སོགས་པའི་ཆེད་དུ་བྱེད་དེ། མདོར་ན་ཞི་རྒྱས་དབང་གསུམ་བར་ཆད་སེལ་ལ་གཏོར་སྒྲུབ་བྱེད་པ་གཙོ་ཆེ་ཞིང་དེ་ལས་གཞན་པའི་དྲག་ལས་ལ་གཏོར་ཆེན་བྱེད་པ་གཙོ་ཆེ་བ་ཡིན་ནོ། །དགོས་པ་མི་འདྲ་བ་དེ་ལྟ་བུ་ཡོད་པའི་དབང་གིས་གཏོར་མ་བཤམས་ཚུལ་མི་འདྲ། དབུལ་བའི་དམིགས་པ་མི་འདྲ། བཟླས་པའི་སྔགས་མི་འདྲ། ཕྲིན་ལས་འཆོལ་བའི་ཚུལ་སོགས་མི་འདྲ། མཐར་


PS011_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བའི་ཚུལ་མི་འདྲ། དེ་ལ་ཐོག་མར་གཏོར་སྒྲུབ་བྱ་བའི་ཚུལ་ལ། དང་པོར་གནས་ཁང་སོགས་བརྒྱན་ཅིང་མཆོད་གཏོར་བཤམས་ཚུལ། དེ་ནས་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ། མཐར་གཏོར་མ་ཕུལ་ནས་རྗེས་ཆོག་ཇི་ལྟར་བྱ་བའོ། །དང་པོ་ནི། གནས་ཁང་གཙང་ཞིང་དབེན་པར་མཚམས་དམ་པར་བཅད་དེ། སྔོན་དུ་ཕྱག་དར་དང་བྱི་དོར་ལེགས་པར་བྱས་ཤིང་། སྤེལ་བ་བླ་རེས་སྤྱན་གཟིགས་ལ་སོགས་པ་བཀོད་པ་ཅི་འབྱོར་བ་ལེགས་པར་བཤམས། དྲི་བཟང་ལ་སོགས་པས་ལེགས་པར་བྱུགས་པའི་ས་ལ་ཁྲུ་གང་ཟླུམ་པོར་བསྐོར་ནས་དེའི་ནང་དུ་ཟླུམ་པོ་གཉིས་


PS011_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐོར་མུ་ཁྱུད་དང་། དེའི་ནང་དུ་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པའི་མེ་རི་དང་བཅས་པའི་དབུས་སུ་གྲི་གུག་ཡུ་བ་ཧཱུྃ་མཐིང་ནག་གི་མཚན་པ་དང་། ཟླུམ་པོའི་ཕྱི་རོལ་དུ་གྲུ་བཞིར་བཅད་པ་ཕྱོགས་མདོག །དེའི་ཕྱི་རོལ་དུ་བསིལ་བའི་ཚལ་ཆེན་པོའི་དུར་ཁྲོད་གཅིག་གི་མཚན་ཉིད་ཚང་བ་བྲི། ཟླུམ་པོ་ལྗང་གུ། དེའི་མུ་ཁྱུད་སྔོན་པོ་བྱ། དེའི་རྒྱབ་ཏུ་ཞལ་རང་ལ་ཐད་དྲང་དུ་གཟིགས་པ་ལ་མགོན་པོའི་བྲིས་སྐུ་དཀྲམ་མོ། །གཏོར་མའི་སྣོད་ཟངས་གཞོང་ལ་སོགས་པ་གས་ཆགས་དང་བུག་པ་དང་ལྡན་པ་སོགས་མེད་ཅིང་ཤིན་ཏུ་གཙང་བའི་ནང་དུ། ནས་ནག་པོ་བརྗེན་བརྟགས་ལ་བྱས་པའི་དཔལ་


PS011_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་ཁྲུ་གང་ལས་མི་ཆུང་བ་ལ་འཐེབ་དཀྱུ་བརྒྱ་རྩ་བརྒྱད་གྲངས་ཚངས་བས་མཐའ་བསྐོར་ཏེ། སྣོད་ལས་ཕྱིར་མ་ཐལ་བས་ཁེངས་པར་འགོད། དེ་ཡང་བར་ཆད་སེལ་བ་དགོས་པའི་གཙོ་བོ་ཡིན་ན་འཐེབ་ཀྱུ་ཁ་ཕྱིར་བསྟན། ལོངས་སྤྱོད་ཚེ་སྤེལ་བ་དང་འགྲོ་བ་དབང་དུ་བསྡུ་བ་ལ་སོགས་པ་ཆེད་དུ་གཉེར་ནས་དེའི་དོན་དུ་དམིགས་ཕུག་པའི་གཏོར་སྒྲུབ་བྱེད་ན་ཁ་ནང་དུ་བསྟན་ཅིང་སྙིང་འོག་ཟླུམ་པོར་བྱ། གཏོར་མ་ལ་བདུད་རྩི་རིལ་བུ་ཆང་ལ་སྦྱར་བའི་ཞུ་བ་ནང་དུ་བསྲེ་བ་གནད་ཆེ་བ་ཡིན། བར་ཆད་སེལ་བ་སོགས་གཙོ་བོར་བྱས་པའི་གཏོར་སྒྲུབ་ལ་ཡང་ནང་རྟེན་གྱི་མདའ་དར་ལ་གསང་རྟེན་གྱི་གྲི་སྙིང་


PS011_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཅན་བཏགས་པ་གཙུགས་གཏོར་མ་མཉྫིའི་ཆེན་པོའི་ཁར་དཀྱིལ་འཁོར་གྱི་སྟེང་དུ་བཞག །དེའི་གཡས་ཀྱི་གྲལ་མགོར་ཡི་དམ་གྱི་གཏོར་མ། གཡོན་གྱི་གྲལ་མགོར་ལྷ་མོས་གཏོར་མ། དེའི་འོག་ཏུ་ཏྲག་ཤད་ཀྱི། ཡི་དམ་གྱི་འོག་ཏུ་ཛི་ན་མི་ཏྲའི། དཀྱིལ་འཁོར་གྱི་རྒྱབ་ཏུ་ཌཀྐཱི་རཱ་ཛའི། མདུན་དུ་ཀྵེ་ཏྲ་པཱ་ལའི་གཏོར་མ་བཞག །གཞན་ཡང་གཡས་གཡོན་གྱི་མཐའ་ལ་མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མའང་བཤམས། །ཆོས་སྐྱོང་གཞན་གྱི་གཏོར་མ་མི་བྱ་ཞིང་། གཏོར་སྒྲུབ་ཀྱི་སྐབས་སུ་ཆོས་སྐྱོང་རིགས་མི་མཐུན་གཞན་མང་པོ་ལ་གཏོར་མ་བསྔོ་བ་མི་དགའོ། །ལྷ་


PS011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གཏོར་མ་ལ་ཕྱག་གཉིས་མའི་གཏོར་མ་ཁ་གཅིག་གྲུ་གསུམ་སྙིང་གི་དབྱིབས་ལྟ་བུ་མཐེབ་ཀྱུས་བསྐོར་བར་བྱེད། རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ནས་བརྒྱུད་པའི་ཕྱག་ལེན་ལ། མཐེབ་ཀྱུ་ཤིན་ཏུ་ཆེ་བ་བཅད་ཁམས་མདུན་དུ་བསྟན་པ་དྲུག་བརྩེགས། དེའི་སྟེང་དུ་གཅིག་བཅད་ཁམས་སྟེང་དུ་བསྟན། འཐེབ་རྫེས་མདུན་དུ་བསྟན་ཏེ་གྱེན་དུ་བླངས་ནས་གཙུགས་མཐར་འཐེབ་ཀྱུས་བསྐོར་བ་མཛོད། འདིའི་ལྷ་མོ་གཙོ་བོ་ཤིན་ཏུ་གཉན་ཅིང་ཆོས་ཆེན་པོའི་བྱེད་པའི་སར་ཕྱག་བཞི་མ་ལ་ནི། གཏོར་མ་དཔལ་བཤོས་ཟུར་གསུམ་འཐེབ་ཀྱུས་བསྐོར་བ་བྱེད། ཀྵེ་ཏྲ་པ་ལའི་གཏོར་མ་ཟུར་གསུམ་གསུམ་སྦྲམ་


PS011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བྱ་བ་སྔོན་གྱི་ཡིག་རྙིང་ན་ཡོད་པ་དེའི་ལག་ལེན་བྱེད་ལུགས་ལ་ཁ་གཅིག་བཤོས་བུ་ཟུར་གསུམ་གསུམ་བཤིབས་ནས་ཐེབ་དཀྱུས་བསྐོར་བ་བྱེད། ཁ་གཅིག་བཤོས་བུ་ཟུར་གསུམ་གཅིག་གི་ལོགས་གསུམ་ལ་ཟུར་རེ་སྟོན་ནས་བྱེད་ཀྱང་། བླ་མའི་ཕྱག་ལེན་ལ་ཟན་གྲུ་གསུམ་གཅིག་སྟེང་དུ་གཅིག་བརྩེགས་པ་བང་རིམ་ལྟ་བུའི་རིམ་པ་ཡོད་ལ། གཏོར་མ་སྤྱི་འགྲོ་ལ་དེའི་ཐོག་ཏུ་བཤོས་བུ་ཟུར་གསུམ་ཅུང་ཆེ་བ་གཅིག་བཞག །འཐེབ་ཀྱུ་བང་རིམ་འོག་མ་ལ་ནུབ་ཙམ་དུ་བསྐོར། བསྐང་གསོ་གཙོ་བོར་བྱེད་ན་བང་རིམ། རི་རྣམས་ལ་རིན་པོ་ཆེ་དང་། དོམ་ནག་ཁྱི་ནག །ལུག་ནག་བྱ་ནག་གིས་གཟུགས་དགོད། གཏོར་ཆེན་གྱི་


PS011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་། དྲག་ལས་གཙོ་བོར་བྱེད་ན་སྟེང་དུ་བཤོས་བུའི་དོང་ལ་མིའི་སྙིང་དངོས་སམ་གཟུགས་ཁྲག་གིས་སྦག་པ་འགོད། གནོད་སྦྱིན་གཞན་གསུམ་ལ་བཤོས་བུ་ཟུར་གསུམ་རྩེ་མོ་གཡས་ཕྱོགས་ལ་ཅུང་ཟད་བཅུས་པ་རེ་བྱེད། དེ་ལྟར་གཏོར་མ་བཤམས་པའི་མདུན་དུ་ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །མགོན་པོའི་སྤོས་སྦྱོར། ཚིལ་ཆེན་གྱི་མར་མེ། དུག་ཁྲག་གི་དྲི་ཆབ་བཤོས་བུ་དམར་ནག་ཤ་ཆེན་གྱི་བརྒྱན་པའི་ཞལ་ཟས། ཐོད་པའི་ཅང་ཏིའུ། མི་རྐང་གི་གླིང་བུ། རྔ་བོ་ཆེ་རྣམས་ཀ་ལིང་ཀ་ལ་སོགས་པའི་མཆོད་རྫས་རྣམས་བཤམས། གཏོར་སྒྲུབ་ལ་ཁྱད་པར་གཏོར་ཆུང་ཐུན་དྲུག་ཏུ་


PS011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་གལ་ཆེ་ཞིང་མེད་དུ་མི་རུང་བ་ཡིན་ལ། གཏོར་ཆུང་བྱེད་ལུགས་ལ་མི་འདྲ་བ་མང་སྟེ། ཁ་གཅིག་གཏོར་མ་ཆེ་བའི་མདུན་དུ་གཏོར་མ་ཆུང་བའང་དཔལ་བཤོས་ཟུར་གསུམ་འཐེབ་ཀྱུས་བསྐོར་བ་གཅིག་བཞག་ནས། གཏོར་མ་ཆེ་བ་ལྷར་བསྐྱེད། ཆུང་བ་གཏོར་མ་བྱིན་རླབས་བྱས་འབུལ་བ་ན། གཏོར་མ་ཆུང་བ་ལག་ཏུ་བཟུང་ནས་དེ་ཐུན་དྲུག་ཏུ་དགོས། གཏོར་མ་ཆེ་བའི་སྣོད་དུ་མི་བླུགས་ཐོན་ཁར་གཏོར་མ་ཆེ་བའི་ལྷ་བཏེགས་ནས་ཆེང་རང་ཡང་གཏོར་མར་བྱིན་རླབས་བྱས་ཏེ་ཕུལ་ནས་དངོས་གྲུབ་ལེན། ཆུང་བ་དེ་བརྡེབས་གཏོར་དུ་བྱེད་པའི་ལུགས་སུའང་མེད་དོ། །ཡང་ཁ་གཅིག་གཏོར་སྡེར་ལྔ་ཡི་ནང་དུ་རེ་རེར་འཐེབ་ཀྱུ་གསུམ་གསུམ་


PS011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། གཏོར་མ་ཆེ་བ་ལྷར་བསྐྱེད། གཏོར་ཆུང་རྣམས་བྱིན་གྱིས་བརླབས་ནས་གཏོར་ཆུང་དང་པོ་བླ་མ་ལ། གཉིས་པ་ཡི་དམ་ལ། གསུམ་པ་མགོན་པོ་ལ། བཞི་པ་ལྷ་མོ་ལ། ལྔ་པ་གནོད་སྦྱིན་བཞི་ལ་འབུལ་ཞིང་། ཐམས་ཅད་གཏོར་མ་ཆེ་བའི་སྣོད་ཀྱི་ནང་དུ་བླུག་གོ། བདག་གི་བླ་མ་དམ་པ་རྣམས་ཀྱང་ཕྱག་ལེན་མི་འདྲ་བ་དེ་དག་ཅི་རིགས་སུ་མཛད་ལ། འོན་ཀྱང་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པའི་ཕྱག་བཞེས་ན། ཁྱུང་པོའི་གསུང་པའི་གསུང་གི་ཟིན་བྲིས་ཀྱི་ཡིག་རྙིང་མང་པོ་ལས། ཐུན་དྲུག་ཏུ་གཏོར་མ་འབུལ་བའི་ཐུན་རེ་རེ་ལའང་གཏོར་ཆུང་ཉི་ཤུ་རྩ་གཅིག་


PS011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བཏབ་པར་བྱ་ཞེས་འབྱུང་བའི་ལག་ལེན་འདི་ལྟར་བྱེད་པ་ཡིན་གསུངས་ནས། གཏོར་སྡེར་ལྔའི་ནང་གཏོར་སྡེར་དང་པོར་འཐེབས་ཀྱུ་གསུམ་བཅད་ཁམས་ཕྱིར་བསྟན། ལྟག་པ་གསུམ་དབུས་སུ་སྤྲད་ནས་ཟུར་གསུམ་གྱི་རྣམ་པར་བཞག །དེའི་དབུས་ཀྱི་སྟེང་དུ་འཐེབ་ཀྱུ་གཅིག་གདན་སྟབས་སུ་བཞག །དེའི་སྟེང་དུ་གཅིག་བཅད་ཁམས་སྟེང་དུ་བསྟན་འཐེབ་རྗེས་མདུན་དུ་བསྟན་པ་རྗེན་དུ་བླང་སྟེ་བཙུག །གཏོར་སྡེར་གཞན་བཞི་ཡང་གདན་ཐབས་ཀྱི་འཐེབས་ཀྱུ་མེད་པའི་གཞན་སྔར་ལྟར་བཤམས་པའི་ཤོམ་ཐེབས་གཅིག་ལ་ཐེབས་ཉི་ཤུ་རྩ་གཅིག་ཚང་བ་རེ་འོང་བ་ཡིན། གཏོར་མ་ཆེ་ཆུང་ཐམས་ཅད་ཆང་ཆུ་ནང་མཆོད་ཀྱི་རིམ་པ་


PS011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྲན་ཐུན་རེ་ལ་གཏོར་མ་ཆེ་དང་འཁོར་གྱི་གཏོར་མ་རྣམས་ཀྱང་བསོ་ཐེབས་རེ་དང་སྦྱོངས་ཐེབས་རེ་བྱེད་དོ། །གཉིས་པ་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་བའི་རིམ་པ་ནི། ཐོག་མར་ཡི་དམ་གྱི་བསྒོམ་བཟླས། དེ་ནས་མགོན་པོའི་མཆོད་རྫས་སྤྱན་གཟིགས་རྣམས་བསང་སྦྱངས་བསྐྱེད་བྱིན་གྱིས་བརླབས་ཤིང་། རོལ་མོ་དང་གུ་གུལ་གྱི་དུད་པ་སོགས་ཆེ་ཞིང་རྒྱུན་རིང་བས་བྱིན་དབབ། དེ་ནས་མགོན་པོ་འཁོར་བཅས་ཀྱི་མངོན་རྟོགས་རྒྱས་པར་བསྒོམས་ནས། སྤོས་སྦྱོར་སྲེག་སྟེ། རིག་པ་གདེངས་དང་ལྡན་པས་ཐོད་རྔ་སོགས་ཀྱི་སྒྲ་དང་བཅས་སྤྱན་འདྲེན་རྒྱས་པ་དང་། ཕྱག་


PS011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཕྱི་ནང་གི་མཆོད་པ་རྣམས་རྒྱས་པར་བྱ། དེ་ནས་གསོལ་འདེབས་ཤུགས་དྲག་ལ་རྒྱུན་རིང་བར་བྱ་ཞིང་རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་པ་ལེགས་པར་དབབ། དེ་དག་གི་སྐབས་སུ་བླ་མ་མགོན་པོ་དབྱེར་ཀྱི་མན་ངག་ལྟར་དམིགས་པ་གསལ་བཏབ་པར་བྱའོ། །དེ་ཡང་གཏོར་སྒྲུབ་ལ་མོས་གུས་དང་། གསོལ་འདེབས་དང་། བསྐང་བཤགས་ལ་གདུང་ཤུགས་ཆེ་ལ་རྒྱུན་རིང་བ་དང་། གཏོར་ཆེན་ལ་ང་རྒྱལ་བརྟན་ཞིང་ཞེ་སྡང་དྲག་ལ་མ་ཡེངས་ཤིང་ངར་ཆེ་བ་དགོས། གང་ལའང་ཐོག་འབབ་པ་འདྲ་བ་ཞིག་དགོས་ཀྱི་སྤྱོད་ཀ་མེད་པ་འདྲ་བ་བྱས་པས་མི་འོང་དང་ཁྱད་ཅི་ཡོད། ཅེས་དེ་ནས་ཡིག་བརྒྱ་


PS011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བཟླས་ཤིང་གྲིབ་སེལ་གྱི་དམིགས་པ་གསལ་བཏབ་ནས་ཡིག་བརྒྱའི་བཟླས་པ་རྫོགས་ན་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ་ངག་བདེ་ཞིང་བློ་ཤུགས་དྲག་པོས་བཤགས་པ་རྒྱས་པར་བྱ། དེ་ནས་བསྐངས་གསོ་རྒྱས་པར་བྱེད། དེ་ནས་བཟླས་པ་བྱེད་པ་ལ། ཐོག་མར་དཔྲལ་བའི་སིནྡྷུ་ར་ལ་རྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ཀྱི་མན་ངག་ལྟར་དམིགས་པ་བཏབ་ནས། ན་ར་ཀྲིཾ་ཀྲིཾ་གིས་བཟླས་ཐུན་རེ་ལ་བརྒྱ་རྩ་རེ་ཙམ་བྱ། དེ་ནས་མགོན་པོ་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ། ཐུན་རེ་ལ་ཐེབ་རེ་བྱེད། དེ་ནས་བླ་མ་གོང་མ་གཞན་མཐའ་དག་གཏོར་སྒྲུབ་ལ་གཙོ་བོ་སྔགས་སྙིང་པོ་དང་།


PS011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་སྔགས་དེ་ལས་ཅུང་ཉུང་བར་བཟླས། གཏོར་ཆེན་ལ་གཙོ་བོར་རྩ་སྔགས་བཟླས་ཤིང་སྔགས་ཐུང་ཉུང་བར་བཟླས་ལ་ཞེས་གསུངས་ལ། རྗེ་ཐམས་ཅད་མཁྱེན་པ་ནི་རྣམ་པ་ཐམས་ཅད་དུ་རྩ་སྔགས་ཀྱི་བཟླས་པ་གཙོ་བོར་བཞེད་དོ། །དེ་ཡང་དམིགས་པ་གཞན་སྔར་དང་འདྲ་བ་ལ་སྐབས་སྐབས་སུ་སྔགས་ཕྲེང་ལས་མེ་ལྕེ་དཔག་ཏུ་མེད་པ་འཕྲོ་བའི་བསེབ་ནས་གྲི་གུག་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་མེ་སྟག་འཐོར་བ་ལྟར་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་སྟུབས་ནས་མེས་སྲེག་སྟེ་ཐལ་བ་ཙམ་ཡང་མ་ལུས་པར་བྱེད་པ་ཉིད་དུ་བསམ་པ་ཡང་ཡང་བྱའོ། །དེ་ཡང་འདིའི་སྐབས་སུ་འོད་ཟེར་དམར་པོ་འཕྲོ་བ་


PS011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མེ་ལྕེ་དྲག་ལ་རྩུབ་པ་འཁྱིལ་ཞིང་ཆད་ལ་འབར་བའི་རྣམ་པ་ཅན་དུ་སྒོམ་པ་ཡིན། ན་ར་ཀྲིཾ་ཀྲིཾ་གི་བཟླས་པའི་ཚེ་བླ་མ་དང་། མཁའ་འགྲོ་དང་མགོན་པོའི་སྐུ་ལས་འོད་འཕྲོས་པའི་འོད་ཟེར་མེ་ལྕེ་ལྟ་བུ་མ་ཡིན་པའི་འོད་དམར་སྨུག་འཕྲོས་པས་གང་། དབང་དུ་བྱ་བའི་ལྷ་མི་ལ་སོགས་པ་ཐམས་ཅད་འོད་དེས་ཁྱབ་སྟེ་དེ་དག་ཐམས་ཅད་ཀྱི་ལུས་འོད་ཀྱིས་དམར་ལམ་ལམ་སོང་བ་དང་བདག་ཉིད་ལ་ཆགས་པའི་སེམས་དུངས་དུངས་སྐྱེས་པར་བསམ་པ་དང་། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་དཔའ་མོ་ཐམས་ཅད་རང་དབང་མེད་པར་མཁའ་སྤྲིན་སྤུངས་པ་ལྟར་འདུས་ཏེ་དངོས་གྲུབ་དང་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་


PS011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་པ་ཡང་བྱའོ། །དེ་ལྟར་བཟླས་པ་བྱས་ནས་སྔགས་ཀྱི་ཐུན་ལ་ཡོད་པ་མ་ཡིན་པ་བདག་གིས་གཏོར་མ་དབུལ་བར་བྱ་སྟེ། དེ་ཡང་གཏོར་མ་ཆེན་པོ་ནི་གོང་དུ་ལྷ་བསྐྱེད་པའི་སྔ་རོལ་དུ་བྱིན་གྱིས་བརློབས་པ་གཏོར་ཆོག་གི། འདིར་སྔོན་ལ་ཡི་དམ་གྱི་གཏོར་མ་བྱིན་གྱིས་བརླབས་ནས་དབུལ། དེ་རྗེས་གཏོར་ཆུང་རྣམས་དང་འཁོར་གྱི་གོས་གཏོར་རྣམས་དུས་གཅིག་ཏུ་བྱིན་གྱིས་བརླབས་པ་ཚུལ་ཇི་ལྟར་བྱིན་གྱིས་བརློབས་པ་གཏོར་ཆོག་གི་དཀྱུས་ན་ཡོད་པ་ལྟར་བྱ། དེ་ནས་གཏོར་ཆུང་དང་པོ་ལག་ཏུ་བཟུང་ནས་སྟེང་དུ་འཕྱར། གཏོར་ཆུང་གི་ཁ་མགོན་པོ་བསྐྱེད་པའི་ཕྱོགས་སུ་བསྟན་ལ་རིག་པ་ལེགས་པར་སྒྲིམ། དམིགས་པ་གསལ་བཏབ།


PS011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཤུད་དྲག་ལ་ཡད་ཡུད་དུ་མ་སོང་བ་བྱས་ནས། མ་གཡེལ་ཅིག་ཚར་གཅིག་བྱ། དེ་ནས་ཧཱུྃ་ལན་དྲུག་བརྗོད་པ་དམིགས་པ་དང་བཅས་པ་མན་ངག་ལྟར་བྱས་ནས། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་འོད་ཀྱི་སྦུ་གུས་རྔུབ་སྟེ་གཏོར་མ་གསོལ་བར་བསམ་ལ། གཏོར་ཆུང་རྣམས་རིམ་པས་གཏོར་མ་ཆེ་བའི་ནང་དུ་བླུག་ཅིང་སྔགས་ཐུང་ལ་བ་ལིཾ་ཏ་བཏགས་པ་ལན་བདུན་དང་། ཤཱ་ས་ན་ལ་བ་ལིཾ་ཏ་བར་དུ་སྦྱར་བ་ལན་བདུ་བརྗོད། དེ་ནས་འཁོར་དགོས་གཏོར་རྣམས་རང་རང་གི་གསོལ་བར་བསམ་ལ། རང་རང་གི་གཏོར་སྔགས་རིམ་པས་བརྗོད། དེ་ནས་གཙང་ཞིང་གཙང་མར་སྦྱར་བའི་


PS011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྫོངས་རྒྱས་པར་བྱས་ནས། དགྲ་བགེགས་ཚར་བཅད་པ་དང་བར་ཆད་སེལ་བའི་ཕྲིན་ལས་བཅོལ་ཞིང་ཐལ་མོ་བརྡབ། དེའི་དམིགས་པ་གསལ་གདབ། དེ་ནས་བསྟོད་བསྐུལ་རྒྱས་པར་བྱ་ཞིང་། བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་ཀྱི་ཚིག་ལན་བདུན་ནམ་ཉེར་གཅིག་ལ་སོགས་པ་གུས་པ་དྲག་པོ་རྩེ་གཅིག་པས་བརྗོད་པར་བྱའོ། །དེ་ལྟར་ཉིན་ཞག་རེ་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་ཐུན་དྲུག་དྲུག་ཏུ་མགོན་པོ་འཁོར་བཅས་བསྐྱེད་ནས་བསྟོད་བསྐུལ་སོགས་རྫོགས་པའི་བར་ཚར་རེ་བྱ་ཞིང་། ཆོ་ག་དང་པོའི་བཟླས་པ་ཚུགས་ནས་གཏོར་སྒྲུབ་ཞག་ཇི་ཙམ་བྱེད་པའི་ཞག་གྲངས་རྫོགས་པའི་ཐུན་ཐ་མར་


PS011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ་གྱི་བར་དུ་སྔགས་ཐུན་སྐད་ཅིག་ཀྱང་བར་མ་ཆད་པ་དང་ངག་མ་ཤོར་བ་བྱས་ལ་ཞག་གྲངས་རྫོགས་པའི་ཐུན་ཐ་མའི་གཏོར་མ་འབུལ་བ་ན། གཏོར་མ་ཆེ་བའི་མགོན་པོ་སྟེང་གི་ནམ་མཁའ་ལ་བཏེགས་ནས་གཏོར་མ་ཆེ་ཆུང་གཉིས་ཀ་དུས་གཅིག་ཏུ་མདུན་དུ་མགོན་པོ་ནམ་མཁར་བཞུགས་པར་བསྒོམས་པ་དེ་ལ་དབུལ་བར་བྱའོ། །དེ་ནས་ཞག་གྲངས་དུ་བྱེད་པའི་ཐུན་ཐ་མའི་གཏོར་མ་འབུལ་ཞིང་བསྟོད་བསྐུལ་རྣམས་ཟིན་ནས་མཇུག་ཆོག་གི་ནི། གཏོར་སྒྲུབ་ཀྱི་གཏོར་མ་ཆེ་བ་ཕྱིར་སྟོན་ན་དངོས་གྲུབ་ཡལ་བས་གནས་ཕྱིར་མི་ཁྱེར་ཞིང་། གཏོར་མ་ཆེ་བ་ལ་གཏོར་ཆུང་བཏབ་པའི་གཏོར་ཆུང་


PS011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཐེབ་ཀྱུ་ནས་འཁོར་གྱི་གཏོར་མ་རྣམས་ཀྱི་སྟེང་དུ་རིམ་པ་རེ་རེ་ནས་བཞག་སྟེ། ཡི་དམ་གྱི་གཏོར་མ་དང་གཏོར་ཆེན་མ་གཏོགས་གཞན་ཐམས་ཅད་ཐོག་ཁར་ཁྱེར་ནས་ཁ་ཤར་ལྷོའི་ཕྱོགས་སུ་བསྟན་ཏེ་སྒྲིགས། གཏོར་མ་རྣམས་ནང་མཆོད་ཀྱི་བྲན། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་བྱིན་གྱིས་བརླབས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ནས་མགོན་པོ་འཁོར་བཅས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་བྱོན་ཏེ་ནམ་མཁའ་ལ་ཞལ་ཚུར་གཟིགས་ནས་གཏོར་མ་བཞེས་པར་བསམ་ལ་སྤྱི་བཏབ་བྱ་ཞིང་དབུལ་རྒྱས་པ་དང་དབང་ལ་སོགས་པ་གཙོ་བོར་བྱས་པའི་གཏོར་སྒྲུབ་ཡིན་ན་སྤྱི་བཏབ་ཟིན་ནས་མགོན་པོ་འཁོར་བཅས་ནམ་མཁར་


PS011_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་དེ་དག་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་རྣམས་ཀྱི་རྩེ་མོ་ནས་ནམ་མཁའ་ལ་གཏོར་ནས། ལྷག་མ་ནང་དུ་བསྡུ་བར་བྱའོ། །དགྲ་བགེགས་ཀྱི་གནོད་པ་བཟློག་པ་དང་བར་ཆད་བཟློག་པའི་གཏོར་སྒྲུབ་ཡིན་ན་སྤྱི་བཏབ་ཟིན་བྲལ་ལ་མགོན་པོ་འཁོར་བཅས་ཞལ་ཕར་ལ་གཟིགས་ཏེ་སྤྲུལ་པའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་འཇིགས་པའི་ཚམ་རྔམས་དཔག་ཏུ་མེད་པ་མཛད་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པ་དང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ལས་མཛད་པར་བསམ་སྟེ་གཏོར་མ་རྣམས་མཚོན་ཆ་དང་མེའི་ཕུང་པོར་བསམ་སྟེ། གནོད་བྱེད་ཐམས་ཅད་


PS011_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྟུབས་ཤིང་བསྲེགས་ཏེ་ཚར་བཅད་པར་བསམ་ནས། རང་ཡི་དམ་གྱི་ང་རྒྱལ་བརྟན་པོས་གཏོར་མ་ཕར་ལ་རྩེ་མོ་བསྟན་ནས་སྒྲུབ་པར་བྱ་ཞིང་། ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བརྗོད་ནས་ཐལ་མོ་བརྡབ་པར་བྱའོ། །དེ་ནས་ནང་དུ་འོང་ནས་མགོན་པོ་འཁོར་བཅས་ལ་མཆོད་པ་དང་ནང་མཆོད་དབུལ་བསྟོད་པ་མདོར་བསྡུས་བྱས་ནས་ཡི་གེ་བརྒྱ་པ་བཟླས་ཤིང་ནོངས་པ་བཟོད་པར་གསོལ་མགོན་པོ་ནམ་མཁར་བཞུགས་པའི་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ་བསྔོ་བ་སྨོན་ལམ་བཀྲ་ཤིས་བཀའ་རྒྱ་མ་བྱའོ། །དེ་ནས་གཏོར་མ་ཆེ་བ་དངོས་གྲུབ་ཏུ་བླངས་ཞིང་མཎྜལ་བསྡུས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་དེ་ཡང་གཏོར་


PS011_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་སྐབས་ཀྱི་གཅེས་པའི་དམ་ཚིག་ནི། མཚམས་དམ་པ་བསྒྲུབ་པ་པོ་དུ་ཡོད་པ་ཐམས་ཅད་ཕན་ཚུན་སེར་མེད་པ་ཆང་ཕུད་མ་ཉམས་ཤིང་གཏོར་ཕྱེ་སོགས་རྫས་གང་ལ་ཡང་མ་སྦགས་པར་གྲིབ་ཅན་དང་དམ་ཉམས་ཀྱི་རྫས་མ་འདྲེས་པ་དང་། ཆོ་ག་སླ་ཆོས་སུ་མ་སོང་ཞིང་། བླ་མ་དང་མགོན་པོ་ལ་ཡིད་ཆས་ཤིང་དད་པ་དྲག་པོ་གལ་ཆེ་ཞིང་གཏོར་མ་དང་མཆོད་རྫས་ནང་མཆོད་རྣམས་བྱིན་རླབས་ཐོག་མར་བྱས་ནས། ཞག་གྲངས་རྫོགས་པའི་མཇུག་གི་བཀྲ་ཤིས་མ་ཟིན་བར་ལ་ཕྱག་དར་མི་བྱེད། སྟན་མི་སྤྲུག་སྒྲུབ་རྫས་ཕྱིར་མི་འདོན་ནང་མཆོད་ཀྱི་ཀ་པ་ལ་དང་གཏོར་མ་ཆེ་བ་མི་མགུལ། སྒྲུབ་པ་པོ་


PS011_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁ་ཤགས་ཚིག་རྩོད་མི་བྱེད། དེའི་རིང་ལ་ཆོས་སྐྱོང་མ་མཐུན་པ་གཞན་ལ་གཏོར་མ་མི་བསྔོ། སྒྲུབ་པ་པོ་གཏོར་སྒྲུབ་དེ་མ་གཏོགས་པ་སུ་ཡང་དེའི་རིང་ལ་གནས་ཁང་གཞན་དུ་མི་ཉལ། གཏོར་མའི་དྲུང་ལས་འདས་ནས་སྔར་མཐུན་པས་སྔགས་མི་བཟླ། གཏོར་སྒྲུབ་པ་རྣམས་གྲིབ་ཅན་གྱི་ཟས་མི་ཟ་ཞིང་མི་ངོ་གསར་པ་སུ་ལ་ཡང་མི་འཕྲད་པ་རྣམས་ཤིན་ཏུ་གལ་ཆེ་སྟེ། དམ་ཚིག་འདི་དག་ལས་འགལ་ན་བར་ཆད་འཇུག་ཆོས་སྐྱོང་རང་ལ་བཟློག་ནང་དུ་གནོད་པ་དང་བཀྲ་མི་ཤིས་པ་དུ་མ་འབྱུང་བ་གདོན་མི་ཟ་བར་གསུང་པས། ཆོས་སྐྱོང་ཤིན་ཏུ་གཉན་པོ་ལ་ཅིར་ཡང་མི་སེམས་པ་བྱིས་པའི་རྩེ་མོ་བྱེད་པ་ལྟ་བུ་ལ་ཕན་


PS011_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་རང་ཇི་ལྟར་འདོད་པ་བཞིན་འབྱུང་དུ་རེ་བ་གཞད་གད་ཀྱིས་གནད་ཤིན་ཏུ་ཆེན་པོ་དེ། གཏོར་མ་ཆེན་པོ་ནི་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ཆོས་སྐྱོང་གཅིག་པ་རྣམས་ཁོ་ནས་དངོས་གྲུབ་ཏུ་བླང་སྟེ་རང་རང་གི་ཁ་ཟས་ལོངས་སྤྱོད་པར་བྱའོ། །མི་དང་མི་མ་ཡིན་པ་གཞན་ལ་སྦྱིན་ན་དངོས་གྲུབ་ཉམས་པར་འགྱུར་རོ། །ཞེས་བླ་མ་གོང་མ་དག་གསུང་ངོ་། །གཏོར་སྒྲུབ་བྱ་བའི་རིམ་པ་དང་རྣམ་བཞག་བརྗོད་ཟིན་ཏོ།། །། ༈ ད་ནི་བྱ་བའི་རིམ་པ་དང་རྣམ་བཞག་བརྗོད་པར་བྱ་སྟེ། དེ་ཡང་ཞི་རྒྱས་སོགས་ཀྱི་གཏོར་སྒྲུབ་ནི་ཡར་ངོའི་ཚེས་གྲངས་བཟང་པོ་དང་། གཟའ་སྐར་བཟང་ཞིང་འཛོམས་


PS011_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དུས་སྦྱོར་བཟང་པོ་འཛོམ་པའི་སྔ་དྲོའི་ཆ་ལ་ཐོག་མར་གཙུགས་ཤིང་བར་ཆད་སེལ་བ་གཙོ་བོར་བྱེད་པའི་གཏོར་སྒྲུབ་ཡིན་ན། མར་ངོའི་ཉི་ཤུ་དགུ་ལ་དངོས་གཞི་འོང་བ་ལྟ་བུ་ལ་བྱེད་པ་ཡིན་ནོ། །གཏོར་ཆེན་མར་ངོའི་ཚེས་གྲངས་གཟའ་སྐར་དང་སྦྱོར་བ་ཤིན་ཏུ་རྩུབ་པའི་ཉིན་ཕྱེད་དམ་ནམ་ཕྱེད་ལྟ་བུ་ལ་ཐོག་མར་གཙུག་ནས་ཉེར་དགུ་ལ་གཏོར་མ་བརྡེབ་པ་ཡིན་ནོ། །དེ་ལ་ཐོག་མར་དཀྱིལ་འཁོར་ས་གང་དུ་བྱེད་པའི་གཞི་དེར། རོ་ཐལ་རོ་སོལ་གྱི་ནག་པོར་བྱུགས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཤིན་ཏུ་ཆེ་བ་རྩེ་མོ་ཕར་བསྟན་པ་ཅིག་བྲིས། དེའི་མཐའ་མེ་རིས་བསྐོར་ཞིང་དབུས་སུ་ཧཱུཾ་ཡིག་ལ་སོགས་པ་བྲིས་ཏེ།


PS011_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་གང་དུ་བསྐྱེད་པའི་གནས་ཀྱི་ཆོས་འབྱུང་ལ་ཡིན་གྱིས། འབྲུབ་ཁུང་མངོན་མཚན་པ་ཡིན་པས་སོ། །དེའི་སྟེང་དུ་ནས་ནག་རྗེན་རྟགས་ལ་ཁྲག་ཆང་བསྲེས་པས་ཁུ་བ་བྱས་ཏེ་དྲི་ཁྲག་ལ་སོགས་པས་ཀྱང་སྦགས་པའི་དཔལ་བཤོས་རྩེ་ཁྲུ་གང་བ་ཟུར་གསུམ་པ་བྱས་པའི་མཐའ་འཐེབ་ཀྱུ་ཆེན་པོ་ཟུར་ལ་བླངས་པས་བསྐོར་ཏེ་བཅད་ཁམས་ཕྱིར་བསྟན་པ་རྣམས་ཁྲག་གི་སྦགས་པ་གཅན་གཟན་མི་རོ་གསར་པ་ཟོས་པའི་གདོང་ལྟ་བུ་བྱས་ནས་དར་ནག་མེ་ལོང་དང་བཅས་པ་བརྒྱན་ཏེ་མཉྫི་ཆེན་པོ་ལ་སོགས་པའི་ཁར་བཞག་པར་བྱའོ། །དེ་ནས་བྲིས་སྐུ་དགྲམ་པ་དང་ཁྲག་གི་མཆོད་ཡོན་བཤམས་པ་ལ་སོགས་པ་ཐམས་ཅད་སྔར་དང་འདྲ་ཞིང་། དང་


PS011_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནས་གཏོར་ཆེན་བྱེད་པ་གཞན་ལ་གསང་ཞིང་མ་རིག་པ་བྱེད་པའང་བར་ཆད་ཆུང་བའི་རྒྱུར་བཤད་ལ། བར་ཆད་མི་འབྱུང་བ་ཡིན་ཡང་། མཚམས་ཤིན་ཏུ་དམ་པར་བཅད་པ་དང་གཞན་གྱི་ཟས་དང་། གཏོར་མའི་རྫས་དང་ཆང་ལ་སོགས་པ་མ་འདྲེས་པ་གལ་ཆེ་སྟེ། འདྲེས་ན་རང་ལ་བཟློག་པའི་རྒྱུ་ཐུན་མོང་མ་ཡིན་པར་བཤད་པས། དང་པོ་གཏོར་ཕྱེ་སོགས་སྒྲུབ་པའི་དུས་ནས་བློ་ཤིན་ཏུ་ཞིབ་པར་བྱའོ། །དེ་ནས་སྔོན་དུ་ཡི་དམ་གྱི་བསྒོམ་བཟླས་དང་མགོན་པོ་འཁོར་བཅས་ཀྱི་བསྐྱེད་ཆོག་ལ་སོགས་པ་ཕལ་ཆེར་བ་སྔར་གཏོར་སྒྲུབ་ལ་བཤད་པ་འདྲ་བ་ལ། བཟླས་པའི་སྐབས་སུ་ན་ར་ཀྲིཾ་ཀྲིཾ་ལེན་རེ་རེ་ཙམ་དང་སྙིང་པོ་སྔགས་ཐུང་བརྒྱ་རྩ་རེ་


PS011_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཐུན་རེ་བཟླས་དེ་ལ་གཏོར་སྔགས་ཐུན་བྱེད་པ་དང་གཙོ་བོའི་བཟླས་པ་ཐམས་ཅད་གཙོ་བོ་ཤཱ་ས་ན་ལ་བྱ་སྟེ། དེ་ཡང་སྤེལ་ཚིག་སྦྱར་བ་ཁོ་ན་ལ་བྱེད་དོ། །སྤེལ་ཚིག་སྦྱར་བའི་གནས་ནི་གཉིས་ཏེ། ཨི་དཾ་དུཥྚཾ་དགྲ་བགེགས་ཐམས་ཅད་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་པ་དང་། དི་ན་མེ་ཀེ་ན་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ལྟ་བུའོ། །དེའི་ཚེ་བཟླས་པའི་དམིགས་པ་ནི། བཟླས་པ་ལ་འཇུག་པའི་སྔོན་དུ་གཤིན་རྗེ་གཤེད་ཀྱི་སྒོ་སྐུས་གཟི་བརྗིད་བསྐྱེད་པ་ཐུན་རེ་རེ་བཞིན་ཐེབས་རེ་རེ་བྱེད། དེ་ནས་རང་གཤིན་རྗེ་གཤེད་ལ་སོགས་པ་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ནས་ཐུགས་རྗེའི་ཧཱུྃ་


PS011_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འོད་ཟེར་མེ་འོད་དྲག་པོ་འཕྲོ་བ་ལྟ་བུ་མགོན་པོའི་ཐུགས་ཀར་ཕོག་པས། མགོན་པོ་གནད་དུ་ཕོག་པ་ལྟར་བསྐུལ་ཏེ། ཁྲོས་འཁྲུགས་རྔམས་པས་ཞབས་ས་ལ་བརྡེབས། དྲག་པོས་ང་རོ་འབྲུག་ལྟར་སྒྲོགས་ཤིང་ཌཱ་མ་རུས་སྒྲ་དྲག་ཏུ་མཛོད། སྤྱན་གསུམ་འཁོར་རྣམས་ལ་དྲག་ཏུ་གཟིགས་པས་འཁོར་ཐམས་ཅད་རང་དབང་མེད་པར་ཁྲོས་འཁྲུགས་རྔམས་པས་འཇིགས་པའི་གད་རྒྱངས་ས་དང་བར་སྣང་གང་བ་བསྒྲགས་ཏེ་ཞགས་པ་དང་ལྕགས་ཀྱུ་དང་དྲག་པོའི་མཚོན་ཆ་སྣ་ཚོགས་པ་འཛིན་པའི་འཇིགས་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་པས་ཐོག་པ་མེད་པར་སོང་སྟེ། དགྲ་བགེགས་གནོད་བྱེད་ཐམས་ཅད་ཞགས་པས་བཅིངས་ཞིང་ལྕགས་ཀྱུས་བཟུང་སྟེ་


PS011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་འོང་ནས་བཅད་པ་དང་། བཏུབ་པ་དང་དོན་སྙིང་འབྱིན་པ་ལ་སོགས་པ་བྱ་སྟེ་གཙོ་འཁོར་ཐམས་ཅད་ཀྱི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་ཆོམ་ཆོམ་དམར་ཙིར་ཙིར་གསོལ་བར་བསམ་ནས། རིག་པ་ངར་དང་ལྡན་པས་སྔགས་དྲག་ཏུ་བཟླས་པ་ནི་སྔགས་བཟླས་པ་སོགས་ཐམས་ཅད་ཀྱི་བྱ་སྟེ། ཡང་བཟླས་པའི་མགོ་ལ་དམིགས་པ་དེ་ཐེབས་རེ་དྲན་པ་ཙམ་གྱིས་མི་ཆོག་གིས། བཟླས་པའི་རིང་ལ་ཡང་དང་ཡང་དུ་དམིགས་པ་དེ་ནར་མར་བྱའོ། །དེ་ལྟར་ཐུན་བྱེད་པ་རྣམས་སྔགས་བཟླས་ཤིང་གཞན་རྣམས་ཀྱིས་བཟླས་པ་ཅུང་ཟད་རེ་བྱེད་ནས། གཏོར་མ་འབུལ་བ་ལ་འཇུག་པར་བྱ་སྟེ། དེ་ཡང་ཐོག་མར་གཏོར་མ་བྱིན་


PS011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་གཏོར་སྒྲུབ་ལྟར་བྱས་ནས། དེ་ནས་ཁྱུང་པོའི་གསུང་གི་ཡི་གེ་ལས། རྔེའུ་ཆུང་གིས་མྱོས་པར་བྱེད། །རྡོ་རྗེ་ཞགས་པས་འདྲེན་པར་བྱེད། །ཁ་ཊྃྭ་ཀས་ནི་གནས་གསུམ་བསྣུན། །གྲི་གུག་འཤའ་ཞིང་སྲོག་དང་ཕྲལ། །ཕྲེང་བ་འཛིན་པས་ཐོད་པར་བླུགས། །དོན་སྙིང་ལྔ་པོ་གཙོ་བོས་གསོལ། །ལྷག་མ་ཁྲག་བཅས་འཁོར་གྱི་རོལ། །རྣམ་ཤེས་པདྨ་ཅན་དུ་འཕོངས། །ཁོ་བོ་ནི་ཕ་ཤར་ཁུག་པར་བསམ། །ཞེས་གསུངས་པ་ལྟར་གྱི་མན་ངག་གི་སྒོས་བསྒྲལ་བའི་ལས་དྲུག་སྔོན་དུ་བཏང་སྟེ། དེ་ནས་གཏོར་ཆུང་རྣམས་ཐོད་པ་དགྲ་བགེགས་ཀྱི་ཤ་ཁྲག་གི་དམར་མེར་གྱིས་ཁང་བར་བསམས་ནས་གཏོར་ཆུང་ལག་ཏུ་བཟུང་ནས་དེང་བྱས་པ་དང་། གཙོ་འཁོར་ཐམས་


PS011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ས་ཞལ་དམར་དང་ངེ་བ་དེར་སིབ་སིབ་སོང་བས་དམར་ཙིར་ཙིར་གསོལ་བར་བསམ་ལ་མ་གཡེལ་ཅིག་བརྗོད་ནས་གཏོར་སྔགས་སྤེལ་ཚིག་དང་བཅས་པ་རྣམས་ཀྱིས་གཏོར་ཆུང་རྣམས་སྟབས་ནས་དགོས་གཏོར་རྣམས་རེ་རེ་ནས་འཁོར་རྣམས་ལ་ཕུལ་ཏེ། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་བྱ་ཞིང་དམིགས་པ་དང་བཅས་པས་ཐལ་མོ་གདབ། དེ་ཡང་རང་ཆགས་ཤིན་ཏུ་ཆེ་བའི་དགྲ་བགེགས་ཀྱི་གནོད་པ་ཤིན་ཏུ་དྲག་པའམ། མགོན་པོ་འཁོར་བཅས་ལས་མྱུར་དུ་མི་བྱེད་པའི་རྣམ་པ་ཡོད་པའི་ཚེ་ན་བཟླས་པ་ན་ར་ཀྲིཾ་ཀྲིཾ་སོང་བ་དང་། སྙིང་པོ་དང་སྔགས་རིང་གཉིས་ཀྱི་བཟླས་པ་མི་བྱེད་པའི་སྐབས་དེར་


PS011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་སྐུའི་གཟི་ལྷངས་བསྐྱེད་པ་བྱས་ནས། དེ་ནས་མགོན་པོ་གནད་འབེབས་ཀྱི་མན་ངག་ལྟར་གནད་འབེབས་དྲག་ཏུ་བྱས་ནས་དེ་ནས་སྙིང་པོ་དང་རྩ་སྔགས་ཀྱི་བཟླས་པ་ལ་འཇུག་པར་བྱ་ཞིང་། དེ་ལྟར་མ་ཡིན་ན་གཏོར་ཆེན་བྱེད་པ་ཐམས་ཅད་ལ་གནད་འབེབས་མི་བྱའོ། །དེ་ལྟར་གཏོར་མ་ཕུལ་ནས་བསྟོད་བསྐུལ་རྒྱས་པར་བྱ་ཞིང་ཁྱད་པར་དུ་ལྷ་མོ་དང་གནོད་སྦྱིན་གཉིས་དྲག་ཏུ་བསྐུལ་བར་བྱའོ། །གཏོར་ཆེན་དྲག་པོ་དང་གཏོར་སྒྲུབ་གལ་ཆེ་བ་བར་ཆད་སྟོབས་ཅན་བཟློག་པ་ལ་སོགས་པ་ལ་ནི་ལྷ་མོ་ཕྱག་བཞི་མར་བྱ་ཞིང་། ཀྵེ་ཏྲ་པ་ལ་ཡང་ཡབ་ཡུམ་གཉིས་ཀ་བསྐྱེད་ནས་དབུལ་བར་བྱའོ། །དེ་མཱ་ན་ལྷ་མོ་ནི། ཁྲག་གི་རྒྱ་མཚོ་ཞག་གི་


PS011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྦ་ཀློང་འཁྲུགས་པའི་དབུས་སུ་དམ་ཉམས་དགྲ་བགེགས་མནན་པའི་སྟེང་དུ་གྷཾ་ལས་བྱུང་བའི་དྲེལ་རྟ་རྐང་གསུམ་རྐྱང་སེར་གྱི་སྟེང་དུ་ཕའམ། མ་སྔོ་ནག་ཡོངས་སུ་གྱུར་པ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ་ཤིན་ཏུ་འཇིགས་ཤིང་མི་གདུག་པའི་གཟུགས་ཅན། མེའི་ཕུང་པོ་དང་མཚུངས་པའི་སྤྱན་གསུམ་དགྲ་བགེགས་ལ་ཕྱིར་གཟིགས་ཤིང་། མཆེ་བ་གཙིགས་ནས་རབ་ཏུ་ཞལ་གདངས་པ། ལྗགས་རྣམ་པར་བསྐྱོད་པའི་ཞལ་ནས་ཁྲག་འཛག་པ། སྙན་གཡས་པ་ལ་སེངྒེ་དང་། གཡོན་པ་ལ་དུག་སྦྲུལ་དང་། སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱི་རྒྱན་པའི་མིའི་ལྤགས་པ་རློན་པ་སྟོད་གཡོགས་སུ་གྱོན་པ།


PS011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་གྲི་གུག །གཡོན་དང་པོ་ན་ཐོད་པ་རློན་པ་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཁྲག་རྒྱུན་ཞལ་དུ་གསོལ་བ། གཉིས་པ་ན་ནལ་བུའི་རྒྱལ་ཚན་འཛིན་པ། དྲེའུའི་སྟེང་ན་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། སྒའི་སྔ་རུ་སྲིན་པོའི་ཡ་འགལ་ལ་བྱས་ཤིང་། ཕྱི་རུ་སྲིན་པོའི་མ་འགལ་ལ་བྱས་པའི་སྔ་ཤ་ལ་བདུད་ཀྱི་ཁྲམ་ཤིང་ནག་པོ་དང་། ཕྱི་ཤ་ལ་ནད་ཀྱི་སྐྱལ་པ་བཏགས་པ་འཁོར་ཆུ་སྲིན་གདོང་ཅན་མ་ནག་མོ་གཡས་བདུད་ཞགས་ནག་པོ་དགྲ་ལ་འདེབས་ཤིང་། གཡོན་དྲེལ་མཐུར་སྣ་ནས་བཟུང་ནས་ལྷ་མོ་ལ་བལྟ་བ། སེངྒེའི་གདོང་པ་ཅན་དམར་ནག་ཕྱག་གཡས་ཀྱི་གྲི་གུག་


PS011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་འཕྱར་ཞིང་། ཕྱག་གཡོན་ཞགས་པ་བཟུང་ནས་སྡིགས་འཛུབ་གདེངས་པ། ཁ་ཕྱིར་བལྟས་ནས་དགྲ་ལ་འོ་དོད་འབོད་ཅིང་ལྷ་མོའི་ཕྱི་བཞིན་འབྲང་བ་སྟེ། གཉིས་ཀའང་གཅེར་མོ་ཤིན་ཏུ་ཁྲོས་ཤིང་མི་གདུག་པའི་གཟུགས་ཅན། ལྷ་མོ་དེའི་སྙིང་པོ་ནི། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ར་མ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛཱ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་པ་སྟེ་སྭཱ་ཧཱ། གོང་དུ་དགྲ་བགེགས་མ་རཱ་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་སྦྱར་བ་ནི་གཏོར་སྔགས་སོ། །མཻ་ཏྲི་པས་མཛད་པའི་སྐལ་མེ་མ་ཆེ་བ་ནི་འདིའི་བསྟོད་པ་ཡིན་ལ། ལྷ་མོ་ཕྱག་གཉིས་མ་ལས་འདི་ཉིད་རྩུབ་ཅིང་སྟོབས་ཆེ་ལ་མྱུར་བར་བྱེད་དེ།


PS011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་པར་ནི་འདི་ཉིད་ཀྱི་དགོས་སྒྲུབ་པའི་མན་ངག་རྣམས་ལས་ཤེས་པར་བྱའོ། །ཀྵཻ་ཏྲ་པ་ལའི་མངོན་རྟོགས་ནི་དཀྱུས་དང་འདྲ་ལ་ཡུམ་ནི་གནོད་སྦྱིན་དེའི་གཡོན་དུ་མ་མོ་མཁའ་འགྲོ་ཤ་ཟ་དཔག་ཏུ་མེད་པའི་དབུས་ན། ལྷ་མོ་ནག་མོ་སྐུ་ལ་གོས་འཇོལ་རིངས་གསོལ་བ། ཕྱག་གཡས་མེ་ལོང་དང་ཞགས་པ་ཐོག་ནས་དགྲ་ལ་གཡོབ་ཅིང་ཞགས་པ་འདེབས་པ། ཕྱག་གཡོན་དགྲ་བོའི་སྙིང་ཁྲག་གི་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་ཁམས་ནག་གྱེན་དུ་གཟིངས་པ། སྤྱན་རྩ་དམར་པོ་གློག་ལྟར་འཁྱུག་པ། འཇིགས་པའི་གད་མོ་རྒོད་ཅིང་ཕྱོགས་བཅུར་རྒྱུག་པ། སྐད་ཅིག་ཙམ་གྱིས་དགྲ་བགེགས་མ་ལུས་པ་ཐལ་བར་


PS011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རློག་པའོ། །བཟླས་བྱའི་བསྙེན་སྔགས་ནི། གནོད་སྦྱིན་ལ་དཀྱུས་མ་དང་འདྲ་ལ། དམིགས་པ་ནི་རང་ཉིད་མགོན་པོར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་པའི་ང་རྒྱལ་དང་གནས་པའི་མདུན་དུ་གནོད་སྦྱིན་བསམ་པའི་ཐུགས་ཀར་ཉི་མ་ལ་ཧཱུཾ་མཐིང་ནག་བསྒོམས་པ་ལ་དམིགས་ཏེ་བཀའ་བསྒོ་བའི་བསམ་པས་བཟླས་པར་བསམ་ལ། གནོད་སྦྱིན་གྱིས་བཀའ་ཉན་པར་བསམ་པར་བྱའོ། །གཏོར་ཆེན་དང་དྲག་པོའི་ལས་ལ་སྦྱོར་ཚེ། ཨོཾ་ཀྵཻ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་དགྲ་བགེགས་ཀྱི་ཙིཏྟ་ལ་དུན་དུན་རྦད། ཅེས་བཟླས་པར་བྱས་ལ། ཡུམ་ལ་ཡང་། རཀྨོ་ནག་མོ་དམ་ཉམས་འདིའི་


PS011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་ལ་རྦད། ཁ་ལ་ཕུར་ཡ་རྦད། ཅེས་བཟླས་པར་བྱའོ། །དེའི་ཚེ་གཏོར་སྔགས་ནི། ཨོཾ་ཀྵཻ་ཏྲ་ལ་བིག་ནན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྵཻ་ཏྲ་པ་ལ་དགྲ་བགེགས་ཆེ་གེ་མོའི་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི༴ མཾ་ས་ལ་ཁ༴ གོ་རོ་ཙ་ན་ལ་ཁ༴ཅེས་དང་། ཡུམ་ལ་ཡང་བཟླས་སྔགས་ཀྱི་འཇུག་ཏུ་ཨི་དམ་བ་ལིཾ་ཁ་ཁ༴ རཀྨོ་ནག་མོ་དགྲ་བགེགས་ཆྒཻ་མོའི་རཀྟ་ལ༴ ཅེས་སོགས་སྔར་ལྟར་སྦྱར། བསྟོད་བསྐུལ་ནི་དཀྱུས་དང་འདྲའོ། །ཏྲག་ཤད་ནི་རྟ་ནག་རྟིང་དཀར་ལ་ཆིབས་པ། སྐུ་མདོག་ནག་པོ་མཐའ་བེར་སྔོ་ཁྲ་


PS011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཞིང་ཞབས་ལ་སག་ལྷྭམ་ནག་པོ་གསོལ་བ། ཕྱག་གཡས་རུ་མཚོན་དམར་པོ་འཕྱར་ཞིང་གཡོན་པ་ཙནྡན་གྱི་བེང་ཆེན་སྐུར་བརྟན་པའི་ནང་ནས་བདུད་འདུལ་གྱི་དམག་ཚོགས་ཉི་ཁྲི་ཆིག་སྟོང་འབྱུང་བ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི་ལྕགས་སྤྱང་ཆེན་པོ་བརྒྱད་དུ་སྤྲུལ་ཏེ་སྣ་ལ་འབྱུང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི་ཁྱི་ནག་པོ་བརྒྱད་དུ་སྤྲུལ་ནས་ཕྱི་བཞིན་འབྲང་བའོ། །དེའི་བསྙེན་སྔགས་ནི། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲག་ཤད། དུ་ཏྲི་མ་ར་ནི་ཛཿཛཿ ཅེས་པ་སྟེ། དམིགས་པ་ནི་གོང་དུ་གནོད་སྦྱིན་ལ་བཤད་པ་བཞིན་ནོ། །གཏོར་ཆེན་དྲག་པོ་ལ་སོགས་པའི་ལས་སྦྱོར་གྱི་དུས་སུ་


PS011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྔགས་དེའི་འཇུག་ཏུ། ར་ཙ་ཏྲི་པ་ཤ་དུ་དུ། མཱ་ར་རྣྲི་ཁུག་ཁུག་རྣྲི་ཨ་ཀརྵ་ཡ་ཛཿཛཿམ་ཧཱ་ཀཱ་ལ་རུ་པ་རུ་པ་ཤ་ཏྲུན་ནན། ཚལ་པ་ནན། མ་ར་ཡ་ནན། དུ་མ་ཧཱ་ཀཱ་ལ་ཏྲག་ཤད། ཤུ་དུ་དུ་གུར་རྦད་རྦུད་ཐུམས་ཆྒཻ་མོ་ལ་མཱ་ར་ཡ་སོད་སོད། ཅེས་པ་རྣམས་དཀྱུས་གཅིག་ཏུ་དྲིལ་ནས་བཟླས་པ་བྱས་ནས། སྔགས་དང་པོ་བསྙེན་སྔགས་ནི་བོས་པ་དང་། གཉིས་པ་རྦད་པ། གསུམ་པ་བསད་པའོ། །གཏོར་སྔགས་ནི། བསྙེན་སྔགས་ལ་ཏྲི་ཡཾ་ཏྲི་བྷྱོ་བ་ལིཾ་ཏ་དམ་ཉམས་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཏགས་པའོ། །བསྟོད་བསྐུལ་ནི། མ་གཡེལ་མ་གཡེལ་མགོན་པོའི་ཚོགས། །ཚུར་


PS011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཚུར་གཤེགས་མགོན་ནག་ལགས། །ཅེས་སོགས་སོ། །འདིར་ནི་གཏོར་ཆེན་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བ་ཟུར་ཙམ་བརྗོད་པ་དེ། ཞིབ་པར་འཁོར་བཞིའི་སྦྲགས་སྒྲུབ་དང་། །ཀྵཻ་ཏྲ་པ་ལ་དང་། ཏྲག་ཤད་ཀྱི་དགོས་སྒྲུབ་སོ་སོའི་མན་ངག་ལས་ཤེས་པར་བྱའོ། །དེ་ལྟར་ཞག་རེ་རེ་ལ་ཐུན་དྲུག་དྲུག་ཏུ་བྱས་པའི་ཞག་གྲངས་ཐེམས་པའི་ཐུན་ཐ་མ་ལ་གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཏེག་ནས་གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་བྱིན་གྱི་རླབས་ཏེ། དེ་ནས་བསྒྲལ་བའི་ལས་དྲུག་ལ་སོགས་པ་བྱས་ནས་གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་དབུལ་བར་བྱའོ། །གཏོར་མ་དབུལ་བ་ཐུན་སྔ་


PS011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དེ་དག་ཐམས་ཅད་ལ་མགོར་མ་གཡེལ་ཅིག་དང་། མཇུག་གི་གཏོར་རྫོངས་དང་ཐལ་མོ་བརྡབ་པ་དམིགས་པ་དང་བཅས་པ་ནི་སྔར་གཏོར་སྒྲུབ་ཀྱི་སྐབས་དང་འདྲའོ། །དེ་ནས་ཐེབས་བཟློག་རྩིས། སྒྲ་ཅན་གྱི་གདོང་དང་མ་ཐུག །ཉི་མའི་ཟེར་དང་རང་གི་གདོང་མ་ཐུགས། བིཥྚི་དང་མ་འཛོམས་པར་བྱས་ལ། བ་དན་དང་རོལ་མོའི་སྒྲ་དང་། ཤ་ཆེན་གྱི་དུད་པ་དང་། ཁྲག་གི་ཨརྒྷཾ་སྦྲེང་ཞིང་ནང་མཆོད་འཐོར་བ་ལ་བརྩོན་པས་གཏོར་མའི་སྣ་དྲངས་ཏེ། རྗེས་གནང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་གྲོགས་དག་གི་ཡི་དམ་མ་གཏོགས་མགོན་པོ་གཙོ་འཁོར་གྱི་གཏོར་མ་རྣམས་ཁྱེར་ནས། ཐ་ནའང་གོམ་པ་བཞི་


PS011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་དགུའི་མཐའ་མར་སོང་། གཏོར་མ་རྣམས་གདོང་ཕར་བསྟན་ནས་གྲལ་ལ་སྒྲིགས། སྔོན་དུ་ཆང་ཕུད་གཏོར་ཞིང་། ཨོཾ་ཨཱཿཧཱུྃ་ཞེས་པས་འཇིག་རྟེན་པའི་ལྷ་ཀླུ་སོགས་གདུག་པ་ཅན་རྣམས་ལ་བསྔོས་ལ་རུ་ང་བྱེད་ཅིག་ཅེས་སྒོ། དེ་ནས་སྤྱི་བཏབ་མི་བྱེད་པར་དེའི་དོད་ལ། ཧཱུྃ། ཆོས་སྐུ་ཡངས་པའི་ཕྲོ་བྲང་ནས། །ཅེས་སོགས་བསྐུལ་དྲག་པོ་བྱས་ཏེ། རང་ཉིད་ལྷ་ཡི་ང་རྒྱལ་ཤིན་ཏུ་བརྟན་པས་ཁྲོ་ཚུལ་དང་བཅས་པས་གཙོ་བོའི་གཏོར་མ་ལ་དཔལ་འབར་དང་བཅས་པ་དེ་ཉིད་ཧཱུྃ་ལས་བྱུང་བའི་དུག་དང་། མཚོན་དང་ནད་དང་མེའི་ཕུང་པོ་འཇིག་རྟེན་གསུམ་པོ་ཐམས་ཅད་སྐད་


PS011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལ་བརླག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ་སྟེ། དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བྱས་པར་བསམ་ལ་འཕངས་ཤིང་། ཤཱ་ས་ན་སྤེལ་ཚིག་དང་བཅས་པ་དྲག་ཏུ་བརྗོད། དེ་ནས་འཁོར་རྣམས་ཀྱི་རང་རང་གི་སྔགས་གོང་དུ་བཤད་པ་དེ་དག་བརྗོད་ལ་རང་རང་གི་གཏོར་མ་རྣམས་རིམ་པ་བཞིན་འཕངས། དེ་ནས་སྔགས་དྲག་ཏུ་བརྗོད་ཐལ་མོ་བརྡབ། དེའི་རྗེས་སུ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་དོ། །རང་གནས་པའི་གཏོར་མ་འཕེན་པ་དེ་ནས་རྡོ་རྗེ་རྭ་བས་བཅད་པར་བསམ་ལ། བསྲུང་འཁོར་གདབ་དཔོན་སློབ་ཐམས་ཅད་ཕྱིར་མིག་མི་བལྟ་ཞིང་། གནས་དེར་ཡོ་བྱེད་ཅུང་ཟད་


PS011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ལུས་པར་བྱ་སྟེ། སྔགས་བཟླ་ཞིང་ནང་དུ་འོངས་ཏེ་གྲུ་གསུམ་ནག་པོ་བྲིས་པ་དེའི་ཁ་ལ་གཏོར་གཞོང་ཁ་སྤུབ་པས་མནན། མཆོད་བསྟོད་ལ་སོགས་པའི་རྗེས་ཆོག་ཐམས་ཅད་གཏོར་སྒྲུབ་ཀྱི་སྐབས་ལྟར་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་ན་གཏོར་ཆེན་ཇིར་བྱ་བ་བརྗོད་ཟིན་ཏོ། །འདི་ནི་ལས་སྦྱོར་ཕྱོགས་ཅིག་ཙམ་ཡིན་ལ། བསྙེན་སྒྲུབ་ཚད་དུ་ཐེངས་པས་ལས་སོ་སོ་ལ་སྦྱོར་བའི་ཚུལ་རྒྱས་པར་མན་ངག་གི་ཡི་གེ་སོ་སོ་ལས་ཤེས་པར་བྱའོ། །ཡེ་ཤེས་མགོན་པོ་དེ་ཉིད་བྱིན་རླབས་ཤིན་ཏུ་མྱུར་བར་གྲགས་ཤིང་གསོལ་བ་འདེབས་པ་དང་། གཏོར་མ་འབུལ་བ་རེ་ཙམ་


PS011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་ནའང་། ཕལ་ཆེར་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་ཆགས་པ་ཉུང་བར་སྣང་ཞིང་། མི་མཁས་པས་བཅོས་མ་སྦྱར་བའི་ལྷད་མང་བ་དང་། མན་ངག་གི་གནད་དང་ལྡན་པ་ཉུང་བར་མཐོང་ནས། རྣམ་བཞག་གསལ་བར་ཕྱེ་བ་འཁྲིགས་སུ་སྡེབས་པའི་ཡི་གེ་འདི་ཉིད། རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་ཉེ་བར་སྦྱར་བའི་དགེ་བས། འགྲོ་བ་མ་ལུས་པ་བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག །

བསྙེན་སྒྲུབ་ལས་གསུམ་གྱིས་མན་ངག་ཐུན་མོང་མ་ཡིན་པ་གསལ་ཤིང་རྒྱས་ལ་མ་སྦས་པར་ཐམས་ཅད་ཚང་བར་ཕྱོགས་གཅིག་ཏུ་བཀོད་པ། དགེ་ལེགས་དཔལ་བཟང་པོ།


PS011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས། བསྙེན་སྒྲུབ་ལས་གསུམ་གྱིས་མན་ངག་ཐུན་མོང་མ་ཡིན་པ་གསལ་ཤིང་རྒྱས་ལ་མ་སྦས་པར་ཐམས་ཅད་ཚང་བར་ཕྱོགས་གཅིག་ཏུ་བཀོད་པའོ། །


PS011_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༼ཡ༽ བླ་མ་མགོན་པོ་འཁོར་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ལ་མགོན་པོའི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་གཏོར་མ་ལ་རག་ལས། ཐུགས་དམ་གཏོར་མས་བསྐོང་། ཕྲིན་ལས་གཏོར་མ་ཕུལ་ནས་འཆོས་དགོས་པ་ཡིན་པས། ཆོས་སྐྱོང་ལ་གཏོར་མའི་གནད་ཤེས་པ་གལ་ཆེའོ། །དེ་ཡང་རང་གི་སྒྲུབ་ཁང་


PS011_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ངམ། མགོན་ཁང་ལ་སོགས་པར་དུས་རྟག་ཏུ་འཇོག་པའི་གཏོར་མ་ལ་རྟག་གཏོར་ཞེས་ཟེར། ལོའམ་ཟླ་བ་ལ་སོགས་པའི་བར་དུ་བཞག་ནས། ལོ་ཟད་ཟླ་ཟད་ཀྱི་ཉི་ཤུ་དགུ་ལྟ་བུའམ། རང་གནས་འཕོ་བ་ལ་སོགས་པའི་རང་དབང་དེ་དག་ལ་ཕུལ་ཏེ། གཏོར་མ་བསྡུད་པ་ནི་རྟེན་གཏོར་ཞེས་ཟེར་ཏེ། ད་ལྟ་འཛིན་གཏོར་ཞེས་


PS011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དང་དོན་གཅིག་གོ། ནུབ་རེ་བཞིན་གསར་དུ་བཅས་ཤིང་བྱིན་གྱིས་བརླབ་སྟེ་འབུལ་བ་ནི་རྒྱུན་གཏོར་ཞེས་བྱ་བ་དང་འཕྲལ་གཏོར་ཞེས་ཟེར་བ་ཡིན་ནོ། །ཡར་ངོའི་ཚེས་བརྒྱད་དམ། བཅུ་གཅིག །བཅོ་ལྔའམ། མར་ངོའི་ཉི་ཤུ་དགུ་ལྟ་བུ་ལ་གཏོར་མ་གསར་པ་ཤིན་ཏུ་བཟང་བར་བཤམས་ཏེ་རྒྱས་པར་ཕུལ་ནས། དུས་དེའི་ནུབ་ཉིད་ལ་གཏོང་བ་ནི་དུས་གཏོར་ཞེས་ཟེར། དེ་ཡང་རྣམ་སྲས་ལྟ་བུ་ལ་ཡར་ངོའི་ཚེས་བརྒྱད་དང་། བཅོ་ལྔ་ངོས་བཟུང་དུ་གལ་ཆེ། ཞལ་བཞི་པ་ལྟ་བུ་ལ་ཡར་ངོའི་ཚེས་བརྒྱད་དང་བཅུ་གཅིག །མར་ངོའི་ཉི་ཤུ་དགུ་གསུམ་གལ་ཆེ་མཉམ་ཡིན་ཀྱང་། མགོན་པོ་འདི་དང་གུར་མགོན་སོགས་ལ་མར་ངོའི་ཉི་ཤུ་དགུ་ལྷག་པར་གལ་ཆེ་


PS011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མགོན་པོ་འདི་ལ་བརྟེན་ནས་ལོངས་སྤྱོད་འཕེལ་བར་འདོད་ན་ཡར་ངོའི་ཚེས་བརྒྱད་དང་བཅོ་ལྔ་ལ་ཡང་དུས་གཏོར་བྱེད་པ་ཡིན་ནོ། །ནད་དང་དགྲ་བགེགས་ལ་སོགས་པའི་གནོད་པ་བྱུང་བའི་དབང་གིས་གནོད་པ་བྱུང་བའི་དུས་དེའི་ཚེ་གཏོར་མ་གསར་དུ་བཤམ་སྟེ་ཕུལ་ནས་དུས་དེའི་ཚེ་ཉིད་གཏོང་བ་ལ་བློ་བུར་ལས་བཅོལ་གྱི་གཏོར་མ་ཞེས་ཟེར། གཏོར་མ་ཤིན་ཏུ་བཟང་བར་བཤམས་ཏེ་རེ་རེ་ཐུན་དྲུག་དྲུག་ཏུ་གསོལ་ཞིང་ཐུན་དྲུག་དྲུག་ཏུ་བྱིན་གྱིས་བརླབས་ཏེ། ལས་གྲུབ་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་ཐེབས་གཅིག་ཀྱང་མི་འབུལ་ཞིང་མི་བསྔོ་བར་བཞག་ནས་ཞག་རེ་ལ་འཕྲལ་གཏོར་ཐུན་དྲུག་དྲུག་འབུལ་བ་རྣམས་ཀྱི་ཚེ། ལས་


PS011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འདི་སྒྲུབ་ཤིག །ལས་དེ་དང་དེ་གྲུབ་པ་ན་གཏོར་མ་ཆེན་པོ་འདི་ཡང་འབུལ་བ་ཡིན་ནོ། །ཞེས་བྱས་ནས་གཏོར་མ་གཏའམ་སྟོངས་པར་འཛིན་པ་ནི་གཏའ་གཏོར་ཞེས་ཟེར་ལ། ལས་གྲུབ་པའི་མཚན་མ་བརྟན་པོ་བྱུང་ན་གཏོར་མ་ཆེན་པོ་འདི་ཉིད་གཏང་རག་ཚུལ་དུ་འབུལ་བ་ཡིན་ནོ། །མགོན་པོ་ལྕམ་དྲལ་གཉིས་ཀ་ལ་གཏོར་མ་རེ་ཐུན་གྱི་མཐར་གསར་དུ་བཤམས་ཤིང་ཕུལ་ནས་ཡབ་ཀྱི་དེ་ནུབ་མོ་གཏོང་། ཡུམ་གྱི་དེ་སྔ་དྲོ་གཏོང་བ་ལ་ཐུན་གཏོར་ཞེས་ཟེར་ཏོ། །དེ་གུར་མགོན་དང་ཞལ་བཞི་པའི་ལུགས་ཡིན་གྱི། མགོན་པོ་འདི་ལ་དེ་མི་དགོས་སོ། །གཏོར་མ་ཆེན་པོ་ལྷར་བསྐྱེད་པ་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་ནས་བར་ཆད་སེལ་


PS011_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དངོས་གྲུབ་ཞུ་བ་ཞག་གསུམ་མམ། བདུན་ནམ། དགུའམ། བཅུ་གསུམ་མམ། བཅོ་ལྔའམ། ཉེར་གཅིག་ལ་སོགས་པར་བྱེད་པ་གཏོར་སྒྲུབ་དང་། གཏོར་མ་ཆེན་པོ་ཉིད་ལ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་ལ་སོགས་པའི་སྒྲུབ་པ་ཞག་གྲངས་ཅི་རིགས་པར་བྱ་སྟེ། མཐར་གཏོར་མ་ཆེན་པོ་དེ་ཉིད་དགྲ་བགེགས་ཀྱི་ཕྱོགས་སུ་ཁྱེར་ནས་བརྡེབས་གཏོར་དུ་བྱེད་པ་ནི་གཏོར་ཆེན་ཞེས་བྱའོ། །དེ་དག་གི་རྣམ་དབྱེ་ཞིབ་ཏུ་ལེགས་པར་མ་ཤེས་ན་གཏོར་མ་བྱེད་པ་ལ་དགའ་བ་ཙམ་དུ་ཟད་ལ། ཁྱད་པར་མགོན་པོ་འདིའི་ལུགས་ལ་གཏོར་སྒྲུབ་དང་། གཏོར་ཆེན་གྱི་ཁྱད་པར་དང་རྣམ་བཞག་ཞིབ་ཏུ་ཤེས་པ་གལ་ཆེ་སྟེ། དེར་མ་


PS011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན་གཏོར་སྒྲུབ་བྱེད་པ་སྐད་ཟེར་ནས་གཏོར་ཆོག་དཀྱུས་མས་གཏོར་མ་ཞག་རེ་ལ་ལན་ཁ་ཡར་རེ་བསྔོ་བ་དང་། བསྟོད་པ་གང་ཤེས་པ་རེ་བྱེད་པ་མ་གཏོག་གཞན་ཅི་ཡང་བྱེད་རྒྱུ་མེད་པར་མཐར་དངོས་གྲུབ་ལེན་རྒྱུའི་གཏོར་མ་དེ་ཉིད་ཕྱིར་ཁྱེར་ནས་བསྡེབས་པ་ལ་སོགས་པའི་ནོར་བ་ཆེན་པོ་རྣམས་ལ་བློ་ལྟོས་འཆའ་དགོས་པ་འབྱུང་སྟེ། དེ་འདྲ་བ་ལ་དངོས་གྲུབ་དང་དགྲ་བགེགས་ཐུལ་བ་གང་ཡང་རི་བོང་གི་རྭ་དང་ཆོས་མཚུངས་ངལ་བ་ཙམ་སྙིང་པོར་ཟད་པ་ཡིན་ནོ། །རྟག་གཏོར་དང་གཏའ་གཏོར་ཡང་ཡི་གེའི་བརྡའ་ནོར་བ་ལ་བརྟེན་ནས་གཅིག་ཏུ་འཁྲུལ་བ་ཡང་མང་དུ་བྱུང་སྣང་ཞིང་། དེང་སང་ཕལ་ཆེར་ལ་གཏོར་མའི་རྣམ་དབྱེ་ཅི་ཡང་མི་སྣང་ངོ་། །དེ་ལ་


PS011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་གཏོར་ནི། མར་གསར་རྙིང་གང་ཡང་རུང་བ་གཅིག་བཀོལ་བ་ཚགས་ལ་གཙགས་ཤིང་རྩིག་དང་ལྷད་མེད་པར་སྟོན་པས་ཤེས་ཆེར་ཞུ་བ་བྱས་པ་ལ། ཆང་གར་མར་བདུད་རྩི་རིལ་བུ་བཏབ་པའམ་མར་གྱི་བཞི་ཆ་ཙམ་དང་། གྲི་ཁྲག་ལ་སོགས་པའི་ཁྲག་སྣའང་ཅུང་ཟད་བསྲེ་བ་ལ། སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་རྣམས་ཀྱང་ཕྱེ་མར་བྱས་ཏེ་བཏབ་ནས། དེ་དག་ནས་སྦུར་སོགས་དང་རྡོ་ལ་སོགས་པ་མེད་པའི་ནས་ནག་པོ་བརྗེན་བཏགས་བྱས་པའི་ཙམ་པ་དང་། འཚག་འདྲེས་ངེས་པ་མནལ་ཏེ་ཟན་ཧ་ཅང་སྐ་བ་མ་ཡིན་པ་ལས། གཏོར་མ་དཔལ་བཤོས་ཟུར་གསུམ་སྙིང་པོ་ལ་མ་མཐའ་རྩེ་འཁྲུ་


PS011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡན་ཆད་ཡོད་པ་ལ་འཐེབ་ཀྱུ་བརྒྱ་རྩ་བརྒྱད་གྲངས་ཚང་བ། བཅད་ཁམ་ཕྱིར་བསྟན་པས་མཐའ་བསྐོར་ནས་རིན་པོ་ཆེའམ། ཤིང་ལ་སོགས་པ་ལས་བྱས་པའི་སྣོད་ཁེངས་ཤིང་སྣོད་ཀྱི་ཁ་ལས་ཕྱིར་མ་ཐལ་བ་ཐེབ་ཀྱུ་རྣམས་ཀྱི་སྦྱར་མཚམས་ཚགས་ཤིན་ཏུ་དམ་པར་བྱའོ། །མར་ཞུ་བའི་ཁུ་བ་བྱས་པས་ལོ་ཇི་ཙམ་སོང་ཡང་གཏོར་མ་རུལ་མི་འགྲོ་ཞིང་སེམས་ཅན་མི་འཇུག་པ་ཡིན་ལ། གཞན་རྣམས་ནི་གཏོར་མའི་རྫས་ཡིན་ཏེ། དེ་ཡང་ཆང་ནི་གཏོར་མའི་རྒྱུ་ཁྱད་པར་བ། བདུད་རྩི་ལྔས་མགོན་པོ་ཚིམ་ཞིང་དངོས་གྲུབ་མྱུར། གྲི་ཁྲག་སོགས་ཀྱི་རྣོ་ཞིང་དྲག་པོའི་ལས་མྱུར། སྨན་ལྔས་གནས་དེར་ནད་ཉུང་། འབྲུ་ལྔ་དང་རིན་པོ་ཆེ་


PS011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་ཟས་དང་ལོངས་སྤྱོད་འཕེལ། གཏོར་མས་སྣོད་མ་ཁེངས་ན་དངོས་གྲུབ་དཀའ་ཞིང་ལོངས་སྤྱོད་ལ་གནོད། སྣོད་ལས་ཕྱིར་ཐལ་ན་འཁོར་དང་རྟ་ཕྱུག་སོགས་ལ་གཟན་པར་འགྱུར་བས་ལེགས་པར་བློ་ཞིབ་པ་དང་། གཏོར་མ་གང་ལའང་ཁ་སླངས་དང་། ལུས་ཀྱི་དྲི་མ་དང་། མཆིལ་མ་འཐོར་བ་སོགས་ཡེ་མ་ཤོར་བར་གལ་ཆེའོ། །དེ་ནས་གཏོར་མ་དེ་སྟག་གི་པགས་པ་སྡེར་བཞི་དང་རྔ་མ་སོགས་ཚང་ཞིང་མ་ཉམས་པའམ། ཡོད་ན་སྐྱེས་གྲིར་བསད་པའི་གཡང་གཞི་ལ་སོགས་པ་ཁྲི་བཏེགས་མཐོན་པོ་ལ་བཀབ་པའི་སྟེང་དུ་འབྲུ་སྣ་དུ་མ་ལ། ཨ་རུ་ར་གསེར་མདོག་དང་། དབང་པོ་ལག་པ་བཟང་དྲུག་ལ་


PS011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རིན་པོ་ཆེ་ལྔ་ལ་སོགས་པ་བསྲེས་པའི་ཕུང་པོ་སྤུངས་པའི་སྟེང་དུ་བཞག །ཤ་ཆེན་ལ་སོགས་པས་ཀྱང་བརྒྱན། གཏོར་མ་དེ་ལའང་ནང་བརྟེན་གྱི་མན་ངག་ལྟར་སྒྲུབ་པའི་མདའ་དར་ལ་གསང་བའི་བརྟེན་གྱི་མན་ངག་ལྟར་སྒྲུབ་པའི་གྲི་སྙིང་དར་ནག་གི་དྲིལ་བ་དང་། མེ་ལོང་དང་མགོན་པོའི་སྐུ་ཙཀྐ་ལི་རྣམས་རྟགས་པ་བཙུགས། དེའི་སྟེང་ནས་དར་ནག་གི་གུར་ཆེན་པོ་ཕུབ། གཏོར་མ་དེའི་རྒྱབ་ཕྱོགས་སུ་མགོན་པོའི་བྲིས་སྐུའམ། ལྟེ་བར་སྐུར་སོགས་མན་ངག་ལྟར་བཞེངས་ཤིང་རབ་གནས་ལེགས་པར་བྱས་པ་གཏོར་མ་ལས་སྐུ་སྐད་ཡན་ཆད་ཙམ་གྱི་མཐོ་བ། གཏོར་མར་ཧྲིག་གེ་གཟིགས་པ་ལྟ་བུར་བཞུགས་སུ་གསོལ།


PS011_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བླ་བྲེས་དང་། དར་ནག་གི་འཕན། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག་ལ་སོགས་པའི་མཆོད་རྫས་དུ་མ་རྣམ་པར་བཀོད། རྟག་གཏོར་དེའི་མདུན་རོལ་དུ་རྒྱུན་གཏོར་རམ་བརྟེན་གཏོར་ལེགས་པར་བཤམས་ཏེ། སྒྲུབ་པ་པོ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་གཏོར་མ་དང་། མཆོད་རྫས་དང་དམ་རྫས་རྣམས་ལ་གཏོར་ནས་ཐོག་མར་མཆོད་དང་དམ་རྫས་རྣམས་བསྐྱེད་ཅིང་བྱིན་གྱིས་བརླབས། དེ་མདུན་གྱི་རྒྱུན་གཏོར་དང་བརྟེན་གཏོར་གཉིས་ཀ་བསངས་སྦྱངས་བསྐྱེད་ཅིང་བྱིན་བརླབས་བྱ་སྟེ། རྟག་གཏོར་ལ་གཟུངས་ཐག་བཏགས་པ་ནས་ལག་གཡོན་པས་


PS011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཟགས་པའི་འོད་ཟེར་ལྟ་བུ་བཀུག་པ་རྒྱུན་མི་ཆད་པར་གཏོར་མ་ལ་ཐིམ་པར་བསམ་སྟེ་ངག་བཅད་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཞེས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་མན་ཆད་དུ་ནམ་ཡང་རྟག་གཏོར་ཅུང་ཟད་ཀྱང་བསྒུལ་མི་ཉན། བའི་དུས་མིན་པར་མི་རེག །དམ་ཚིག་དང་མི་ལྡན་པ་དང་། རྗེས་གནང་མ་ཐོབ་པ་དང་། ཆོས་སྐྱོང་མི་ཅིག་པ་སོགས་ལ་གཏན་ནས་མི་བསྟན་ནོ། །དེ་ནས་མདུན་གྱི་མགོན་པོའི་སྐུ་དང་རྟག་གཏོར་གཉིས་ཀ་སྒྲུབ་ཐབས་ལྟར་མགོན་པོར་བསྐྱེད་པ་རྒྱས་པར་བྱ། ཡེ་ཤེས་པ་སྤྱན་


PS011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། མགོན་པོའི་སྐུ་དང་རྟག་གཏོར་མགོན་པོར་བསྐྱེད་པ་གཉིས་ཀ་ལ་བསྟིམ། མཆོད་པ་གསོལ་འདེབས། ཡིག་བརྒྱ། བཤགས་པ། བཟླས་པ་རྣམས་སྒྲུབ་ཐབས་ལྟར་བྱ། དེ་ནས་རྒྱུན་གཏོར་རམ། འཛིན་གཏོར་བྱིན་གྱིས་བརླབས་པ་དེ་མདུན་བསྐྱེད་ཀྱི་སྐུ་དང་རྟག་གཏོར་མགོན་པོར་བསྐྱེད་པ་གཉིས་ཀ་ལ་འབུལ། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་བྱ། སྤོས་སྦྱོར་ནར་མར་སྲེག །བསྟོད་པ་རྣམས་རྒྱས་པར་བྱ། སྨོན་ལམ་གདབ། ནོངས་པ་བཟོད་གསོལ་བྱ། ཡེ་ཤེས་པ་སྐུ་དང་རྟག་གཏོར་ལ་བརྟན་པར་བཞུགས་སུ་གསོལ་ཞིང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་གཏོར།


PS011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོའི་མཛད་པའི་བཀྲ་ཤིས་བཀའ་རྒྱ་དང་། གཞན་ཡང་བཀྲ་ཤིས་རྒྱས་པར་བྱའོ། །དེ་ནས་ལོ་མི་རབ་དུ་མའི་བར་དུ་ཡིན་ཀྱང་། གཏོར་མ་དེ་ནུབ་རེ་བཞིན་སྔར་གྱི་རྫས་དང་འདྲ་བས་འཐེབ་ཀྱུ་རེ་རེས་གསོ་བར་བྱ་ཞིང་། ནུབ་རེ་བཞིན་དེ་ལ་གཞུག་མའི་བསྐྱེད་མཆོག་མི་བྱེད། དེ་དང་མདུན་གྱི་མགོན་པོའི་སྐུ་གཉིས་ཀ་མགོན་པོར་བསྐྱེད་ཅིང་ཡེ་ཤེས་པ་འཇུག་པ་དང་། དེ་ལ་རྒྱུན་གཏོར་སོགས་འབུལ་བ་ནས་བརྟན་བཞུགས་དང་བཀྲ་ཤིས་ཀྱི་བར་ནུབ་གཅིག་ཀྱང་མ་ཆགས་པར་སྔར་ཇི་ལྟ་བར་བཞིན་དུ་བྱེད་པ་ཡིན་ནོ། །འདི་ཐམས་ཅད་ཀྱི་སྐབས་སུ་མདུན་གྱི་མགོན་པོའི་སྐུ་དང་རྟག་གཏོར་གཉིས་ཀ་མགོན་པོར་དངོས་གྲུབ་ཏུ་མོས་ནས།


PS011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡི་དམ་གྱི་ང་རྒྱལ་བརྟན་པར་བྱས་ཏེ། སྔགས་ཕྲེང་གྲི་གུག་གི་ཕྲེང་བའམ། མེའི་ཆུན་པོ་ལྟ་བུ་དེ་གཉིས་ཀ་དང་རང་གི་ཞལ་ནས་ཞལ་དུ། ལྟེ་བ་ནས་ལྟེ་བར་འཁོར་བར་བསམ་ལ་བཟླས་པ་བྱ་སྟེ། ཚུལ་འདི་ནི་དུས་རྟག་ཏུ་འཇོག་པའི་གཏོར་མ་ལྟར་སྒྲུབ་པ་ཞེས་བྱ་བའི་མན་ངག་ཆེས་ཟབ་པ་ཡིན་ནོ། །གལ་ཏེ་བསྟན་པ་འཇིགས་པ་ལ་ཐུག་པའམ། དགོན་གནས་དེ་ཉིད་དགྲ་བགེགས་ཀྱི་གནོད་པས་འཇིགས་པ་ལ་ཐུག་པའམ། དཔལ་ལྡན་བླ་མའི་སྐུ་དགྲ་ཆེན་པོ་བྱེད་པ་བྱུང་ན། རྟག་གཏོར་དེ་ཉིད་ཀྱང་ཟོར་དུ་བྱས་པ་ཡིན་ཏེ། དེ་ཡང་བསྙེན་སྒྲུབ་ཚད་དུ་ཕྱིན་པའི་མཚན་མ་ཐེབ་ཅིང་། ཡི་དམ་གྱི་ང་རྒྱལ་བརྟན་པོའི་


PS011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་དང་ལྡན་པ་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྔགས་པས། རྟག་གཏོར་དེ་ཉིད་ལེགས་པར་བསོས་ཏེ་མགོན་པོར་བསྐྱེད་པ་སོགས་གོང་ལྟར་བྱས་ནས་མདུན་དུ་གཏོར་ཆུང་བཤམས་པ་རྣམས་བསྒྲལ་བའི་ལས་དྲུག་གི་སྒོ་ནས་བཏབ་པ་ལ་སོགས་པ་གཏོར་ཆེན་གྱི་སྐབས་ཇི་ལྟ་བ་བཞིན་བྱས་ནས་བསྟོད་བསྐུལ་རྣམས་ཚར་བ་དང་། རྟག་གཏོར་གྱི་མགོན་པོའི་སྐུ་མགོན་པོར་བསྐྱེད་པ་དེའི་ཐུགས་ཀར་གཤེགས་སུ་གསོལ་ནས། དེ་མན་ཆད་གཏོར་ཆེན་གྱི་སྐབས་ཇི་ལྟ་བ་བཞིན་དུ་བྱས་ནས་དགྲ་ཕྱོགས་སུ་ཁྱེར་ཏེ་ཟོར་དུ་འཕེན་པ་ཡིན་ལ། དེའི་ཕྱི་དེ་ཉིན་ནུབ་གཞན་གྱི་བར་མ་ཆོད་པ་ལ་སྔར་གྱི་རྟག་གཏོར་གསར་པ་སྔར་ལས་མི་ངན་ཞིང་མི་ཆུང་བ་


PS011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ནས་ཆོ་ག་གོང་དུ་བཤད་པ་ལྟར་བྱེད་པའི་སྐབས་སུ་བསྐང་བཤགས་རྒྱས་པར་བྱ་ཞིང་། གྲུབ་ན་མགོན་པོའི་སྐུ་དང་རྟག་གཏོར་ལ་གཟུངས་ཐག་བཏགས་པ་ནས་ཐམས་ཅད་ཀྱི་བཟུང་སྟེ་ཡིག་བརྒྱ་འབུམ་ཐེར་ལ་སོགས་པའི་བཟླས་པ་བྱའོ། །འདི་ལ་ཡི་དམ་གྱི་ནུས་པ་ལེགས་པར་ཐོབ་ཅིང་། མགོན་པོ་ལེགས་པར་ཆུན་པ་ཡིན་ན། གཏོར་མའི་མགོན་པོ་གཤེགས་སུ་མི་གསོལ་བར། གཏོར་མ་ལྷར་སྒྲུབ་ཅིང་ལྷ་གསལ་བ་དེ་ཉིད་ཟོར་དུ་འཕངས་ན་ཐོག་ལྟར་གང་ལ་འཕངས་པ་རྟུལ་དུ་བརླག་པར་འགྱུར་རོ། །འོན་ཀྱང་འདི་སུ་རུང་རུང་གི་བྱེད་ན་མགོན་པོ་རང་ལ་ལྡོག་ཉན་ཆེ་གསུང་ངོ་། །འཛིན་གཏོར་བརྟེན་གཏོར་ནི་ནས་ནག་བརྗེན་


PS011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཀྱི་གཏོར་མ་འཆལ་བ་དང་། བྱིན་གྱིས་བརླབས་པ་དང་ཆོ་ག་ལ་སོགས་པ་གཏོར་ཆོག་ཇི་ལྟ་བ་བཞིན་བྱེད་པ་ལ། གཏོར་མ་བཅའ་ཞིང་བྱིན་གྱིས་བརླབས་པ་ནས་བཟུང་སྟེ། མཐར་ལོའམ་ཟླ་བ་ལ་སོགས་པའི་མཐར་གཏོར་མ་སྐྱོང་གི་བར་དུ་གཏོར་མ་འགུལ། ཐུན་མོང་མ་ཡིན་པའི་མན་ངག་ལ་གཏོར་མ་ཐོག་མར་འབུལ་བའི་ཚེ་མགོན་པོ་གཏོར་མའི་རྒྱབ་ཕྱོགས་སུ་ཞལ་ཚུར་གཟིགས་པ་བསྐྱེད་པ་ལ། ཡེ་ཤེས་བཅུག་བཅུག་ནས་གཏོར་མ་མཐར་སྐྱོང་གི་བར་དུ་མགོན་པོ་གཤེགས་སུ་གསོལ་བ་དང་བྲིས་སྐུ་སོགས་ལ་བསྟིམ་པ་སོགས་གང་ཡང་མི་བྱེད་པར་ནུབ་རེ་བཞིན་དམ་ཚིག་པ་གསལ་བཏབ་པ་ལ་ཡེ་ཤེས་པ་བསྟིམ་ཐེབས་རེ་བྱེད།


PS011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ་ཞིང་བསྟོད་བསྐུལ་སོགས་ཚར་བ་ན། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་ཁ་གཅིག་ཚད་བྱུང་སྟེ། གཏོར་མའི་ནང་དུ་ཞུགས་ནས་གཏོར་མའི་ནང་གི་དབུས་ན་འོད་འབར་བ་དང་བཅས་ཏེ་ཡོད་པར་བསམ་སྟེ། སྐབས་སྐབས་སུ་ཡིད་ལ་དྲན་ཙམ་དྲན་ཙམ་བྱ། འདི་ལ་བདག་དང་གནས་དང་གཏོར་མ་དང་འཁོར་བསྲུང་བའི་དགོས་པ་ཁྱད་པར་ཅན་ཡོད་གསུངས། ནུབ་ཕྱི་མ་བཟླས་པ་ཚར་ནས་གཏོར་མ་བྱིན་གྱིས་བརློབས་པའི་སྔོན་ཙམ་དུ་ཧཱུྃ་དེ་གཏོར་མ་ལས་ཐོན་ནས་མདུན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་བསྟིམ། ཡང་བསྟོད་བསྐུལ་ཟིན་པ་དང་སྔར་ལྟར་གཏོར་མའི་ནང་དུ་བབ། མཐར་གཏོར་


PS011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱོང་བ་ན་གཙོ་བོ་མགོན་པོའི་གཏོར་མ་རང་ཡང་ཐོག་ཁར་ཁྱེར་ནས་ཆང་གི་བྲན་ཏེ། མགོན་པོ་འཁོར་བཅས་ཤར་ལྷོ་ནས་ཞལ་ཚུར་གཟིགས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་ནས་གཏོར་མ་བཞེས་པར་བསམ་ལ། རོལ་མོས་སྒྲ་དང་། དབྱངས་ལ་སོགས་པ་དང་བཅས་པའམ། དྲིལ་བུ་ཙམ་གྱི་ཀྱང་རུང་སྟེ། སྤྱི་བཏབ་ཀྱི་ཕུལ་ནས་བསྐྱང་བར་བྱ་སྟེ། ཉི་ཤུ་དགུ་ལ་སོགས་པའི་དུས་གཏོར་ལ་ཡང་བསྐྱང་བའི་ཚུལ་ནི་འདི་ཉིད་དེ། གཏོར་མ་ཕྱིར་སྐྱོང་བའི་ཚེ་ནུབ་མོ་ཡིན་ན་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་དུ་དཔལ་འབར་བཙུགས། ཉིན་མོ་ཡིན་ན་མེད་ཀྱང་རུང་གསུངས། གཏོར་མ་བསྐྱང་ཚར་ནས་ནང་དུ་སླེབ་པ་ན་བཏང་རག་གི་མཆོད་པ་དང་།


PS011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་གསོལ་དང་། སྨོན་ལམ་བྱས་ནས་མདུན་གྱི་མགོན་པོ་དེ་བྲིས་སྐུ་སོགས་ཡོད་ན་དེ་ལ་བརྟན་བཞུགས་བྱ། མེད་ན་རང་གནས་སུ་གཤེགས་སུ་གསོལ་བཀྲ་ཤིས་བྱའོ། །དུས་གཏོར་ལ་ཡང་འཇུག་ཆོག་ཚུལ་འདི་ཉིད་དོ། །རྒྱུན་གཏོར་ཞེས་ཀྱང་བྱ། འཕྲལ་གཏོར་ཞེས་ཀྱང་བྱ་བ་འདི། གཏོར་ཆོག་དཀྱུས་མ་ཇི་ལྟ་བ་བཞིན་ཏེ། གཏོར་མ་ཕྱིར་བཏོན་ནས་སྐྱོང་བ་སོགས་མི་བྱེད་འཇུག་ཆོག་ཟིན་པ་དང་གཏོར་མ་བསྡུད་པ་ཡིན་ནོ། །བློ་བུར་ལས་བཅོལ་བའི་གཏོར་མ་ནི། ནད་པ་སོགས་ཀྱི་བར་ཆད་སེལ་བའི་ཆེད་ཡིན་ན། དུས་གཏོར་ཇི་ལྟ་བ་བཞིན་ལ། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་ཀྱི་ཚེ་དེ་


PS011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་མིང་ནས་སྨོས་ཏེ་ལས་འཆོལ་བ་ཡིན། དགྲ་ལ་སོགས་པའི་གནོད་པ་བློ་བུར་དུ་བྱུང་བ་ལ་བརྡེག་གཏོར་བྱེད་པ་ཡིན་ན། གཏོར་མ་བསྔོ་ཐེབས་གཅིག་ལས་མི་བྱེད་པ་ལགས་ཀྱང་གཏོར་ཆུང་བཏབ་པ་ལ་སོགས་པའི་ཆོ་ག་དང་དམིགས་པ་དང་ཕྱིར་ཕྱེར་ནས་འཕེན་ཚུལ་སོགས་ཐམས་ཅད་གཏོར་ཆེན་གྱི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་བྱེད་པ་ཡིན་ནོ། །དུས་གཏོར་ནི་མཆོད་གཏོར་སྤྱན་གཟིགས་སོགས་ཤིན་ཏུ་བཟང་བ་གསར་པ་བཤམས་ནས། ཆོ་ག་གཏོར་ཆོག་དཀྱུས་མ་དང་འདྲ་བ་ལ། མཆོད་འབུལ་དང་། བསྟོད་བསྐུལ་དང་། གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་རྣམས་མཆོག་ཏུ་རྒྱས་པར་བྱ་སྟེ། གཏོར་མ་ཐོག་


PS011_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་བསྐྱངས་བ་དང་འཇུག་ཆོག་སོགས་གོང་དུ་བཤད་པ་ལྟར་བྱེད་པ་ཡིན་ནོ།། །། ༈ ད་ནི་གཏོར་སྒྲུབ་དང་གཏོར་ཆེན་གྱི་རྣམ་དབྱེ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་གཏོར་སྒྲུབ་དང་གཏོར་ཆེན་གྱི་མི་འདྲ་བའི་ཁྱད་པར་ཤེས་པ་གལ་ཆེ་སྟེ། དེ་ཡང་གཏོར་སྒྲུབ་ནི་གཙོ་བོར་དངོས་གྲུབ་སྒྲུབ་པ་དང་། བར་ཆད་སེལ་བའི་ཆེད་དུ་བྱེད། གཏོར་ཆེན་ནི་དགྲ་བགེགས་ལ་དྲག་ལས་བྱ་བ་དང་། རྦོད་གཏོང་བྱད་ཁ་ཟློག་པ་དང་། ནད་ཡམ་དྲག་པོ་བཅད་པ་ལ་སོགས་པའི་ཆེད་དུ་བྱེད་དེ། མདོར་ན་ཞི་རྒྱས་དབང་གསུམ་ལ་གཏོར་སྒྲུབ་བྱེད་ཅིང་། དྲག་པོ་ལ་གཏོར་ཆེན་བྱེད་པ་གཙོ་ཆེའོ། །དགོས་པ་མི་འདྲ་བ་དེ་ལྟ་


PS011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡོད་པའི་རྒྱུ་མཚན་གྱི་གཏོར་མའི་བཤམས་ཚུལ་མི་འདྲ། འབུལ་བའི་དམིགས་པ་མི་འདྲ། བཟླས་པའི་སྔགས་མི་འདྲ། ཕྲིན་ལས་བཅོལ་ཚུལ་སོགས་མི་འདྲ། མཐར་གཏོང་བའི་ཚུལ་མི་འདྲའོ། །དེ་ལ་གཏོར་སྒྲུབ་བྱ་བའི་ཚུལ་ལ། དང་པོར་གནས་ཁང་སོགས་བརྒྱན་ཅིང་མཆོད་གཏོར་བཤམས་ཚུལ། དེ་ནས་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ། མཐར་གཏོར་མ་གཏོང་བ་དང་། རྗེས་ཆོག་ཇི་ལྟར་བྱའོ། །དང་པོ་ནི། གནས་ཁང་གཙང་ཞིང་དབེན་པར་དམ་པར་བཅད་དེ། སྔོན་དུ་ཕྱག་དར་བྱི་དོར་ལེགས་པར་བྱས་ཤིང་། ཡོལ་བ་བླ་བྲེ་སྤྱན་གཟིགས་ལ་སོགས་པ་ཅི་འབྱོར་བ་བཀོད་


PS011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་པར་བཤམས། དྲི་བཟང་ལ་སོགས་པས་ལེགས་པར་བྱུགས་པའི་ས་ལ་ཁྲུ་གང་ཟླུམ་པོ་བསྐོར་ནས། དེའི་ནང་དུའང་ཟླུམ་བུ་གཉིས་པ་བསྐོར་བ་མུ་ཁྱུད་དང་། དེའི་ནང་དུ་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པ་མེ་རི་དང་བཅས་པའི་དབུས་སུ། གྲི་གུག་ཡུ་བ་ལ་ཧཱུྃ་མཐིང་ནག་གི་མཚན་པ་དང་། ཟླུམ་པོར་ཕྱི་རོལ་གྲུ་བཞིར་བཅད་པ་ཕྱོགས་མདོག །དེའི་ཕྱི་རོལ་དུ་དུར་ཁྲོད་གཅིག་གིས་མཚན་ཉིད་ཚང་བར་བྲིས་ཟླུམ་པོ་ལྗང་གུ། དེའི་མུ་ཁྱུད་སྔོན་པོར་བྱ། དེའི་རྒྱབ་ཏུ་ཞལ་རང་ལ་ཐད་དྲངས་དུ་གཟིགས་པ་ལ་མགོན་པོའི་བྲིས་སྐུ་དགྲམ་མོ། །གཏོར་མའི་སྣོད་ཟངས་གཞོང་ལ་སོགས་


PS011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གས་ཆག་བུག་པ་ལྷན་པ་སོགས་ཡེ་མེད་ཅིང་ཤིནྟུ་གཙང་བའི་ནང་དུ། ནས་ནག་བརྗེན་བཏགས་བྱས་པའི་དཔལ་བཤོས་ཁྲུ་གང་ལས་མི་ཆུང་བ་ལ། འཐེབས་བཅུ་བརྒྱ་རྩ་བརྒྱད་གྲངས་ཚངས་པས་བསྐོར་ཏེ་སྣོད་ལས་ཕྱིར་མ་ཐལ་བར་ཁེངས་པར་དགང་། དེ་ཡང་བར་ཆད་སེལ་བ་དགོས་པའི་གཙོ་བོ་ཡིན་ན། འཐེབ་ཀྱུ་ཁ་ཕྱིར་བསྟན། ལོངས་སྤྱོད་སྤེལ་བ་དང་འགྲོ་བ་དབང་དུ་བསྡུད་པ་ལ་སོགས་པ་ཆེད་དུ་གཉེར་ནས། དེའི་དོན་དུ་དམིགས་པའི་གཏོར་སྒྲུབ་བྱེད་ན་འཐེབ་ཀྱུ་ཐམས་ཅད་ཁ་ནང་དུ་བསྟན། སྙིང་པོའམ་ཟླུམ་པོར་བྱ་གཏོར་མ་ལ་བདུད་རྩི་རིལ་བུ་ཆང་ལ་སྦྱར་བའི་ཁུ་བའི་ནང་དུ་བསྲེ་བ་གནད་ཆེ་བ་ཡིན། བར་ཆད་


PS011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བ་གཙོ་བོར་བྱེད་པའི་གཏོར་སྒྲུབ་ཡིན་ན། ནང་བརྟེན་གྱི་མདའ་དར་ལ་གསང་བརྟེན་གྱི་གྲི་སྙིང་སྔགས་ཅན་བཏགས་པ་གཙུགས། ལོངས་སྤྱོད་སྤེལ་བ་བ་དང་དབང་བསྡུད་གཙོ་བོར་བྱེད་པའི་གཏོར་སྒྲུབ་ཡིན་ན། མདའ་དར་དམར་ནག་ལ་མེ་ལོང་གས་ཚེག་མེད་པ། ནང་མཆོད་བྱིན་གྱིས་བརླབས་པ་བདུད་རྩི་རིལ་བུ་སྦྱར་བ་དང་ལི་ཁྲི་དང་། མཚལ་བཏུལ་མ་བསྲེས་པའི་དབུས་སུ་ཧྲཱིཿདང་དེའི་མཐའ་ལ་ཧྲཱིཿརིང་ཆ་ཚེག་སྒྲ་མ་ཆད་པར་བཅུ་གཉིས་ཀྱི་མགོ་ཕྱིར་བསྟན་ཅིང་ཁ་ནང་དུ་བསྟན་ཏེ་བསྐོར་བ་བྲིས་ནས་བཏགས་ཏེ་བཙུགས། ཚེ་དང་། ཆོས་དང་། བསོད་ནམས་རྒྱས་པའི་ཆེད་དུ་ཡིན་ན་གཏོར་སྣོད་ཀྱི་ནང་དུ་གུར་གུམ་དང་གྷི་ཝཾ་བསྲེས་


PS011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པས་པདྨ་འདབ་བརྒྱད་ཚོ་བྲི། དེའི་ལྟེ་བ་ན་གཏོར་མའི་སྙིང་པོ་དང་ཟླུམ་པོ་དང་འདབ་མའི་སྟེང་ན་འཐེབ་ཀྱུ་ཁ་ཕྱིར་བསྟན་པས་བསྐོར། གཏོར་མ་ལ་རིན་ཆེན་དང་དྲི་བཟང་ལ་སོགས་པ་བསྲེ། གསེར་དངུལ་སོགས་རིན་པོ་དངོས་སམ། མེད་ན་རིན་པོ་བདར་ནས་བསྲེས་པའི་མར་ལ་རིན་པོ་ཆེ་དབང་རྒྱལ་ཟུར་བརྒྱད་པ་རྒྱས་ནས་གཏོར་མའི་རྩེ་ལ་གཟུགས། མདར་དམར་སེར་ལ་མེ་ལོང་ནང་མཆོད་བདུད་རྩི་རིལ་བུར་གུར་གུམ་གྷི་ཝཾ་ལི་ཁྲི་སྦྱར་བས་ཧྲཱིཿབཅུ་གསུམ་སྔར་ལྟར་བྲིས་པ་བཏགས་ཏེ་བཙུགས། ཐམས་ཅད་ལ་ཡང་གཏོར་མ་མཉྫི་ཆེན་མོའི་ཁར་དཀྱིལ་འཁོར་གྱི་སྟེང་དུ་བཞག །དེའི་གཡས་ཀྱི་གྲལ་མགོར་ཡི་དམ་གྱི་གཏོར་མ།


PS011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་གྲལ་མགོར་ལྷ་མོའི་གཏོར་མ། དེའི་འོག་ཏུ་ཏྲཀྴ་ཀྱིས་གཏོར་ན། ཡི་དམ་གྱི་འོག་ཏུ་ཛི་ན་མི་ཏྲའི་གཏོར་མ། དཀྱིལ་འཁོར་གྱི་རྒྱབ་ཏུ་ཌཱཀྐི་ར་ཛའི་གཏོར་མ། མདུན་དུ་ཀྵཻ་ཏྲ་པ་ལའི་གཏོར་མ་བཞག །གཞན་ཡང་གཡས་གཡོན་གྱི་མཐའ་ལ་མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མའང་བཤམས། གཏོར་སྒྲུབ་ཀྱི་སྐབས་སུ་བསྔོ་བ་སོགས་ཡེ་མི་ཉན། ལྷ་མོའི་གཏོར་མ་ལ། ཁ་གཅིག་གྲུ་གསུམ་སྙིང་གི་དབྱིབས་ལྟ་བུ་འཐེབ་ཀྱུས་བསྐོར་བ་བྱེད། ཁ་གཅིག་ཟན་གྱི་ཆང་བུ་ཆེན་པོ་གསུམ་མགོ་གྱེན་ལ་བསྟན་ནས་བླང་བའི་སྟེང་དུ་སླར་ཡང་དེ་འདྲ་བ་གསུམ་བརྩེགས་པའི་མཐའ་ཐེབས་དཀྱུས་བསྐོར་


PS011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱེད། རྗེ་བཙུན་ནམ་མཁའི་རྣལ་འབྱོར་པ་ནས་བརྒྱུད་པའི་ཕྱེན་འདི་ལ་ཐེབ་ཀྱུ་ཤིན་ཏུ་ཆེ་བ་བཅད་ཁམ་མདུན་བསྟན་པ་དྲུག་བརྩེགས། དེའི་སྟེང་དུ་ཐེབ་ཀྱུ་དེ་འདྲ་བ་གཅིག་བཅད་ཁམ་སྟེང་དུ་བསྟན་མཐེབ་རྫེས་མདུན་དུ་བསྟན་ཏེ་གྱེན་དུ་བླངས་ནས་བཙུགས། མཐའ་ཐེབ་ཀྱུས་བསྐོར་བ་མཛོད། འདིའི་ཐུན་མོང་མ་ཡིན་པའི་མན་ངག་ལྷ་མོ་ཕྱག་བཞི་མའི་དགོས་སྒྲུབ་ཁྱད་པར་ཅན་ཡོད་པ་དེའི་ལུགས་གཏོར་མ་དཔལ་བཤོས་ཟུར་གསུམ་ཐེབ་ཀྱུས་བསྐོར་བར་བྱེད་པ་མན་ངག་ཐུན་མོང་མ་ཡིན་པའི་ལུགས་ལ་ཡོད། ཀྴཻ་ཏྲ་པཱ་ལ་ལ་གཏོར་མ་ཟུར་གསུམ་གསུམ་སྦྲམ་བྱེད་བྱ་བ་སྔོན་གྱི་ཡིག་རྙིང་ན་ཡོད་པ་དེའི་ལག་ལེན་ཏུ་བྱེད་ལུགས་ལ། ཁ་གཅིག་བཤོས་


PS011_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཟུར་གསུམ་གསུམ་བཤིབས་ནས་མཐའ་ཐེབ་ཀྱུས་བསྐོར་བ་བྱེད། ཁ་གཅིག་བཤོས་བུ་ཟུར་གསུམ་གཅིག་གི་ལོགས་གསུམ་ལ་ཡང་ཟུར་རེ་སྟོན་ནས་བྱས་ཀྱང་བླ་མའི་ཕྱག་ཚན་ལ་ཟན་གྲུ་གསུམ་གསུམ་གཅིག་སྟེང་དུ་གཅིག་བརྩེགས་པ་བམ་རཾ་ལྟ་བུའི་རིམ་པ་ཡོད་པ་ལ། གཏོར་མ་སྤྱི་འགྲོ་ལ་དེའི་ཐོག་ཏུ་བཤོས་བུ་ཟུར་གསུམ་ཆུང་ངེ་བ་གཅིག་བཞག །མཐའ་ཐེབ་ཀྱུ་བང་རིང་མ་ནུབ་ཙམ་བསྐོར་བ་བྱེད་བསྐང་གསོ་གཙོ་བོར་བྱེད་ན་བར་རིམ་རྣམས་ལ་རིན་པོ་ཆེ་དང་། དོམ་དང་ཁྱི་ནག །ལུག་ནག་གི་གཟུགས་དགོད། གཏོར་ཆེན་གྱི་དུས་དང་དྲག་ལས་གཙོ་བོར་བྱེད་ན་སྟེང་དུ་བཤོས་བུས་དོང་ལ་མིའི་སྙིང་དངོས་སམ་གཟུགས་ཁྲག་


PS011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྦགས་པ་དགོད། གནོད་སྦྱིན་གཞན་གསུམ་ལ་བཤོས་བུ་ཟུར་གསུམ་རྩེ་མོ་གཡས་ཕྱོགས་སུ་ཅུང་ཟད་བཅུས་པ་རེ་བྱེད། དེང་སང་ཐམས་ཅད་ལ་ཟླུམ་གཏོར་དང་དྲང་དགའ་བ་རེ་བྱེད་ནས་བརྒྱན་བཀོད་པ་སོགས་རང་རང་གི་སྣང་བ་ལ་གང་དྲན་མ་གཏོགས་བླ་མ་གོང་མའི་ཕྱེན་དང་མན་ངག་རྣ་བས་ཚོར་བ་ཆེར་མི་གདའོ། །དེ་ལྟར་གཏོར་མ་བཤམས་པའི་མདུན་དུ་ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །མགོན་པོའི་སྤོས་སྦྱོར། ཚིལ་ཆེན་གྱི་མར་མེ། དུག་ཁྲག་གི་དྲི་ཆབ། བཤོས་བུ་དམར་ནག་གི་ཤ་ཆེན་གྱི་བརྒྱན་པའི་ཞལ་ཟས། ཐོད་པའི་ཅང་ཏིའུ། མི་རྐང་གི་གླིང་བུ། རྔ་བོ་ཆེ་དང་ཀཱ་པཱ་ལ་ལ་སོགས་པའི་མཆོད་རྫས་རྣམས་


PS011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། གཏོར་སྒྲུབ་ལ་ནི་ཁྱད་པར་དུ་གཏོར་ཆུང་ཐུན་དྲུག་ཏུ་བཏབ་པ་གལ་ཆེ་ཞིང་མེད་མི་རུང་ཡིན་ན། གཏོར་ཆུང་བྱེད་ལུགས་མི་འདྲ་བ་མང་སྟེ། ཁ་གཅིག་གཏོར་མ་ཆེ་བའི་མདུན་དུ་གཏོར་མ་ཆུང་བའང་དཔལ་བཤོས་ཟུར་གསུམ་ཐེབ་ཀྱུས་བསྐོར་བ་གཅིག་བཞག་ནས། གཏོར་མ་ཆེ་བ་ལྷར་བསྐྱེད། ཆུང་བ་གཏོར་མ་བྱིན་རླབས་བྱས་པ་འབུལ་བ་ན། གཏོར་མ་ཆུང་བ་དེ་ལག་ཏུ་བཟུང་ནས་བྱེད་དེ་ཐུན་དྲུག་ཏུ་དགོས། གཏོར་མ་ཆེ་བའི་སྣོད་དུ་མི་བླུག །ཐོན་ཁར་གཏོར་མ་ཆེ་བའི་ལྷ་བཏེགས་ནས་ཆེ་བས་རང་ཡང་གཏོར་མ་བྱིན་རླབས་བྱས་ཏེ་ཕུལ་ནས་དངོས་གྲུབ་ཏུ་ལེན། ཆུང་བ་དེ་བརྡེག་གཏོར་དུ་བྱེད་པའི་ལུགས་ཡོད། ཁ་གཅིག་


PS011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབ་ཀྱུ་མང་པོ་ཞིག་སྙིང་པོ་མེད་པར་སྣོད་དུ་སྤུངས་པ་བྱིན་རླབས་བྱེད། འབུལ་རན་པ་ན་གཏོར་སྔགས་ཚར་རེ་བརྗོད་པ་དང་གཏོར་ཆུང་གི་འཐེབ་ཀྱུ་རེས་གཏོར་མ་ཆེ་བ་གསོ་བ་མཉམ་དུ་བྱེད་དེ་མིན་པས་གཏོར་མ་ཆེ་བ་མི་གསོ། མཐར་ཐོན་ཁར་གཏོར་ཆུང་བཏབ་ཟིན་མ་ཐག་སླར་ཡང་གཏོར་མ་ཆེ་བ་གསོས་ནས་སྦྱངས་ནས། ལྷ་བཏེག །བྱིན་རླབས་བྱས་ནས་འབུལ། དེ་དངོས་གྲུབ་ཏུ་ལེན། གཏོར་སྒྲུབ་ཀྱི་གཏོར་མ་ཆེ་བ་བསྣོད་གཏོར་དུ་བྱེད་པའི་ལུགས་སུ་ཡང་མེད་དོ། །ཡང་ཁ་གཅིག་གཏོར་བརྡེབ་ལྔའི་ནང་དུ་རེ་རེ་འཐེབ་ཀྱུ་གསུམ་གསུམ་བཤམས། གཏོར་མ་ཆེ་བ་ལྷར་བསྐྱེད། གཏོར་ཆུང་རྣམས་བྱིན་གྱིས་བརླབས་ནས་གཏོར་ཆུང་དང་པོ་བླ་མ་ལ། གཉིས་


PS011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་དམ་ལ། གསུམ་པ་མགོན་པོ་ལ། བཞི་པ་ལྷ་མོ་ལ། ལྔ་པ་གནོད་སྦྱིན་ལ་འབུལ་ཞིང་ཐམས་ཅད་གཏོར་མ་ཆེ་བའི་སྣོད་ཀྱི་ནང་དུ་བླུགས་སོ། །བདག་གི་བླ་མ་དམ་པ་མང་པོ་ཞིག་ལས་ཆོས་འདིའི་སྐོར་གྱི་གདམས་པ་མནོས་ཤིང་ཕྱག་ལེན་བཙལ་བ་ལས། བླ་མ་འགའ་ཞིག་སོ་སོ་གོང་དུ་བརྗོད་པའི་ཕྱག་ལེན་དེ་དག་སོ་སོ་ལ་ཕྱག་བཞེས་མཛད་པ་སྣང་མོད། འོན་ཀྱང་རྫེན་མུས་པ་ནམ་མཁའི་རྣལ་འབྱོར་པ་ཉིད་ཀྱི་ཞལ་སྔ་ནས་ཕྱག་བཞེས་མཛད་པ་ཉིད་རྣམ་པར་དག་པར་མཐོང་བས་འདིར་དེའི་མན་ངག་ཞིབ་པར་བརྗོད་ན། ཁྱུང་པོའི་གསུང་གིས་ཟིན་རིས་ཀྱི་ཡི་གེ་རྙིང་པ་མང་པོ་ལས་ཐུན་དྲུག་ཏུ་གཏོར་མ་འབུལ་བའི་ཐུན་རེ་རེ་ལ་ཡང་


PS011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཆུང་ཉི་ཤུ་རྩ་གཅིག་རེ་འབུལ་ཞེས་བྱུང་བའི་ལག་ལེན་འདི་ལྟར་བྱེད་པ་ཡིན་གསུངས་ནས། གཏོར་སྡེར་ལྔའི་ནང་དུ་གཏོར་སྡེར་དང་པོར་འཐེབ་ཀྱུ་གསུམ་བཅད་ཁམ་ཕྱིར་བསྟན། ལྟག་པ་གསུམ་སྤྲན་ནས་གྲུ་གསུམ་གྱི་རྣམ་པར་བཞག །དེ་དག་གི་སྟེང་གི་དབུས་སུ་འཐེབ་ཀྱུ་གཅིག་གདན་ཐབས་སུ་བཞག །དེའི་སྟེང་དུ་གཅིག་བཅད་ཁམ་སྟེང་དུ་བསྟན། འཐེབ་རྫེས་མདུན་དུ་བསྟན་ནས་གྱེན་དུ་སླང་སྟེ་བཙུགས། གཏོར་སྡེར་བཞི་ལ་ཡང་གདན་ཐབས་ཀྱི་ཐེབས་ཀྱུ་གཅིག་པོ་མེད་པ་མ་གཏོགས་གཞན་སྔར་ཇི་བཞིན་དུ་བཤམས་པའི་ཤམ་ཐེབ་གཅིག་ལ་ཐེབ་ཀྱུ་ཉི་ཤུ་རྩ་གཅིག་ཚང་བ་རེ་འོང་བ་ཡིན། གཏོར་མ་ཆེ་ཆུང་ཐམས་ཅད་ཆང་ཆུ་ནང་མཆོད་ཀྱི་རིམ་པ་བཞིན་


PS011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བྲན། ཐུན་རེ་རེ་ལ་གཏོར་མ་ཆེ་བ་དང་འཁོར་གྱིས་གཏོར་མ་རྣམས་ཀྱང་གསོ། ཐེབས་རེ་དང་སྦྱོར། ཐེབས་རེ་བྱེད། གཉིས་པ་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་བའི་རིམ་པ་ནི། ཐོག་མར་ཡི་དམ་གྱི་སྒོམ་བཟླས། དེ་ནས་མགོན་པོའི་མཆོད་རྫས་སྤྱན་གཟིགས་རྣམས་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབས་ཤིང་རོལ་མོ་དང་གུ་གུལ་གྱི་དུད་པ་སོགས་ཤིན་ཏུ་ཆེ་ཞིང་རྒྱུན་རིང་བས་བྱིན་དབབ། དེ་ནས་མགོན་པོ་འཁོར་བཅས་ཀྱི་མངོན་རྟོགས་རྒྱས་པར་བསྒོམས་ནས་སྤོས་སྦྱོར་སྲེག་སྟེ་རིག་པ་གདེངས་དང་ལྡན་པས་ཐོད་རྔ་སོགས་ཀྱི་སྒྲ་དང་བཅས་པས་སྤྱན་འདྲེན་རྒྱས་པ། ཕྱག་འཚལ། ཕྱི་ནང་གི་མཆོད་པ་རྣམས་རྒྱས་


PS011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བྱ། དེ་ནས་གསོལ་འདེབས་ཤུགས་དྲགས་ལ་རྒྱུག་རིང་བ་བྱ་ཞིང་རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་པ་ལེགས་པར་ཕབ། དེ་ཡང་གཏོར་སྒྲུབ་ལ་མོས་གུས་དང་གསོལ་འདེབས་བསྐང་བཤགས་གདུང་ཤུགས་ཆེ་ལ་རྒྱུན་རིང་བ། གཏོར་ཆེན་ལ་ང་རྒྱལ་བརྟན་ཞིང་ཞེ་སྡང་དྲག་ལ་དྲག་པ་མ་གཡེང་ཤིང་ངར་ཆེ་བ་གལ་ཆེ། གང་ལ་ཡང་ཐོག་བབས་པ་འདྲ་བ་གཅིག་དགོས། སྤྱོད་དཀའ་མེད་པ་འདྲ་བ་བྱས་པས་མི་འོང་། སྐོང་དུ་བླུག་པ་དང་ཁྱད་ཅི་ཡོད། ཅེས་གསུངས་སོ། །དེ་ནས་ཡི་གེ་བརྒྱ་པ་མང་དུ་བཏོན་པའི་དམིགས་པ་དང་བཅས་པས་དབྱངས་དང་བཅས་པའམ། མེད་ཀྱང་ངག་དལ་ཞིང་བློ་གདུང་ཤུགས་དྲག་པོ་བྱ། དེ་ནས་བསྐོངས་


PS011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱས་པར་བྱེད། དེ་ནས་བཟླས་པ་བྱེད་པ་ལ། དབང་དུ་བསྡུ་བའི་ཕྱིར་གཏོར་སྒྲུབ་བྱེད་པ་ཡིན་ན། གཏོར་མ་ཆེ་བའི་མདའ་དར་མེ་ལོང་དང་བཅས་པའི་མདའི་མགུལ་པ་དང་མདུན་གྱི་བྲིས་སྐུ་གཉིས་ཀ་གཟུངས་ཐག་གིས་སྦྲེལ་ཏེ། དེའི་སྣེ་མོ་ནས་སྔགས་མཐུན་བྱེད་པ་བྱེད་པ་རྣམས་ཀྱིས་བཟུང་ནས། ན་ར་ཀྲིཾ་ཀྲིཾ་ཁོ་ནས་བཟླས་པ་དང་དམིགས་པ་བྱ། རྒྱས་པའི་ཕྱིར་དུ་ཡིན་ནའང་གཟུངས་ཐག་སྔར་ལྟར་བྱས་ནས། དམིགས་པ་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་སེར་པོ་རིན་པོ་ཆེ་དབང་རྒྱལ་བསྣམས་པ་དང་། བླ་མ་མགོན་པོའི་གཉིས་ཀའི་སྐུའི་འོད་ཟེར་སེར་པོ་དང་། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟོང་གི་མཁའ་འགྲོ་མ་བཅུ་གསུམ་སྐུ་མདོག་


PS011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སེར་མོ། འོད་ཟེར་སེར་པོ་འཕྲོ་བར་བསྒོམ་སྟེ། བླ་མ་དང་། མགོན་པོ་དང་། མཁའ་འགྲོ་མ་རྣམས་ཀྱི་སྐུའི་འོད་ཟེར་གྱིས་བདག་དང་། གང་གི་ཆེད་དུ་དམིགས་པའི་གང་ཟག་དེ་དག་དང་། དགེ་འདུན་དང་། རང་གི་གནས་མལ་དང་། དགེ་འདུན་གྱི་གནས་མལ་དང་། འཁྱམས་དང་། གཙུགས་ལག་ཁང་དང་སོགས་པའི་ཐམས་ཅད་འོད་ཀྱིས་ཕྱི་ནང་མ་ལུས་པར་ཁྱབ་སྟེ། གསེར་གཙོ་མ་དྲི་མ་མེད་པ་ལྟ་བུར་གྱུར་ཏེ། ཚེ་དང་། བསོད་ནམས་དང་། ལོངས་སྤྱོད་དང་། དབང་ཐང་དང་། ཆོས་ལ་སོགས་པ་རྒྱས་པར་བྱས་པར་བསྒོམས་ལ། སྔགས་ན་ར་ཀྲིཾ་ཀྲིཾ་དང་། སྙིང་པོའི་སྔགས་ལ་རྒྱས་པའི་སྤེལ་ཚིག་སྦྱར་བའི་བཟླས་པ་


PS011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་མར་བྱ་ཞིང་། སྔགས་ཐུན་ཡང་དེ་བཞིན་ཏེ། དེང་རྣ་མི་བཞི་བཞིས་དུས་རེ་ལ་སྔགས་བཟླ་བའི་ཐུན་བྱེད་ན་གཉིས་ཀྱིས་ན་ར་ཀྲིཾ་ཀྲིཾ་དང་། གཉིས་ཀྱིས་སྙིང་པོ་ཟླ་བ་ལྟ་བུའོ། །སྙིང་པོའི་སྔགས་ལ་སྤེལ་ཚིག་སྦྱོར་ཚུལ་ནི། བསོད་ནམས་རྒྱས་པར་འདོད་ན། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲིཾ་ཏ་བིགྷ་ནམ་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་མ་མ་པུཥྱེ་པུཥྚཾ་ཀུ་རུ་སྭཱ་ཧཱཿཅེས་པ་དང་། ཚེ་དང་བསོད་ནམས་གཉིས་ཀ་རྒྱས་པར་འདོད་ན། མ་མ་ཨ་ཡུ་པུཥྱེ་པུཥྚཾ་ཅེས་པ་དང་། ཆོས་རྒྱས་པར་འདོད་ན་དྷརྨ་པུཥྚཾ་ཅེས་སྦྱར་ལ། གཞན་དོན་དུ་བྱེད་ན། མ་ལའི་དོང་ལ་ཆེ་གེ་མོ་སྦྱར་བར་བྱའོ། །དགྲ་བགེགས་ཀྱི་བར་ཆད་བཟློག་པའི་ཕྱིར་དུ་བྱེད་


PS011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ན། མགོན་པོ་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ་ཐུན་རེ་ལ་ཐེབས་རེ་བྱེད། དེ་ནས་གཙོ་བོར་སྙིང་པོ་སྔགས་ཐུང་དང་། རྩ་སྔགས་ཤ་ས་ན་ཅུང་ཟད་མང་བར་བཟླས་པའི་དམིགས་པ་གཏོར་ཆོག་དཀྱུས་ན་ཡོད་པ་ལྟར་ལ། སྐབས་སྐབས་སུ་སྔགས་ཕྲེང་ལས་མི་ལྕེ་དཔག་ཏུ་མེད་པ་འཕྲོས་པའི་ནང་ནས་གྲི་གུག་ལ་སོགས་པ་དཔག་ཏུ་མེད་པ་མེ་འདག་འཐོར་བ་ལྟར་འཕྲོས་ཏེ་དགྲ་བགེགས་ཐམས་ཅད་བཅད་ཅིང་བསྟུབ་ནས་མེས་བསྲེག་སྟེ་ཐལ་བ་ཙམ་ཡང་མ་ལུས་པར་བྱས་པར་བསམས་པ་ཡང་ཡང་བྱའོ། །དེ་ཡང་འདིའི་སྐབས་སུ་འོད་ཟེར་དམར་པོ་འཕྲོ་བ་ཐམས་ཅད་མེ་ལྕེ་དྲག་ལ་རྩུབ་པ་འཁྱིལ་ཞིང་ཆད་ལ་འབར་བའི་རྣམ་པ་


PS011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་བསྒོམ་པ་ཡིན། ན་ར་ཀྲིཾ་ཀྲིཾ་བཟླས་པའི་ཚེ། བླ་མ་དང་། མཁའ་འགྲོ་དང་། མགོན་པོའི་སྐུ་ལས་འཕྲོས་པའི་འོད་ཐམས་ཅད་མེ་ལྕེ་ལྟ་བུ་མ་ཡིན་པའི་འོད་དམར་སྨུག་འཕྲོས་པས། གང་དབང་དུ་བྱ་བའི་ལྷ་མི་ལ་སོགས་ཐམས་ཅད་ལ་འོད་དེས་ཁྱབ་སྟེ། དེ་དག་ཐམས་ཅད་ཀྱི་ལུས་འོད་ཀྱི་དམར་ལམ་ལམ་སོང་བ་དང་། སེམས་བདག་གི་གང་ལ་ཆགས་པའི་སེམས་དུང་དུང་སྐྱེས་པར་བསམ་པ་དང་། འོད་དེ་དག་གི་རྩེ་མོ་ཐམས་ཅད་ལྕགས་ཀྱུ་ལྟར་གྱུར་པས་སེམས་ཅན་དེ་དག་གིས་སྙིང་དང་སྐྱེ་གནས་ནས་ཕུག་སྟེ་རང་དབང་མེད་པར་དྲངས་ནས་བདག་གི་རྐང་པའི་དྲུང་དུའམ་བླ་མ་ལྟ་བུས་རྐང་པའི་དྲུང་དུ་དྲན་པ་ཉམས་


PS011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འགྱེལ་བར་བསམས་པ་དང་། སྐབས་སྐབས་སུ་བླ་མ་མཁའ་འགྲོ་བཅུ་གསུམ་མགོན་པོ་མཁོར་དང་བཅས་པའི་ཌཱ་མ་རུས་སྒྲ་དྲག་ཏུ་མཛད་ཅིང་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པས། གནས་གསུམ་གྱི་མཁའ་འགྲོ་དང་། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དཔའ་མོ་ཐམས་ཅད་རང་དབང་མེད་པར་ནམ་མཁའ་ལ་སྤྲིན་ལྟར་འདུས་ཏེ་དངོས་གྲུབ་དང་དགོས་འདོད་ཐམས་ཅད་ཆར་བཞིན་ཕབ་པར་བསམ་པ་ཡང་ཡང་བྱེད། ཕྱི་མ་འདི་རྒྱས་པའི་སྐབས་སུ་ཡང་བྱེད་པ་ལ་འོད་ཟེར་སེར་པོ་བསྒོམ་པ་དང་དམར་སྨུག་ཏུ་བསྒོམ་པ་ཁྱད་པར་ཡིན་ནོ། །དབང་གི་སྐབས་སུ་ཡང་མགོན་པོ་འཁོར་བཅས་ཀྱང་ཅུང་ཟད་ཁྲོ་ཆགས་ཀྱི་ཉམས་དང་ལྡན་པ་དང་། རྒྱས་


PS011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་མགོན་པོ་འཁོར་བཅས་ཤིན་ཏུ་དགྱེས་པའི་ཉམས་དང་ལྡན་པ་འཛུམ་ཁྲོའི་རྣམ་པ་ཅན་དུ་བསྒོམ་པ་ཡིན་ནོ། །དེ་ཡང་མགོན་པོ་ཐུགས་བསྐྱེད་ཚུལ་མཻ་ཏྲི་པས་གསུངས། ཁྱུང་པོས་ཡི་གེར་བཀོད་པ་རྩོད་པ་མེད་པའི་ལུགས་ལས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཚོན་པའི་འདི་ཉིད་ཀྱིས་ཕྲིན་ལས་ནུས་པ་དང་ལྡན་པར་བྱའོ། །ཞེས་བྱ་བའི་མན་ངག་གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ་འདི་ལ་ཟེར་བ་ཡིན། ཡང་དེ་ཉིད་ལས། གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱི་ཞི་བ་དང་རྒྱས་


PS011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་འགྱུར་རོ། །ཞེས་བྱ་བའི་མན་ངག་ནི། དཔྲལ་བའི་སིནྡྷུ་རའི་སྟེང་གི་མཁའ་འགྲོ་མ་ལ་བརྟེན་ནས་དབང་དུ་བསྡུ་བའི་དམིགས་པ་ན་ར་ཀྲིཾ་ཀྲིཾ་བཟླས་པ་དང་བཅས་པ་དང་། ཡང་དེ་ཉིད་ཀྱི་སྒོ་ནས་རྒྱས་པའི་ལས་བསྒྲུབ་པའི་དམིགས་པ་དང་བཟླས་པ་སོགས་ཀྱི་མན་ངག་གི་ཞལ་ཤེས་ཐུན་མོང་མ་ཡིན་པ་ཡི་གེར་བཀོད་པ་འདི་དག་ཡིན་ཞིང་སྙིང་ལ་བཅས་པར་དམ་དུ་འཆང་བའི་མན་ངག་མེད་དུ་མི་རུང་བ་འདི་དག་ཡིན་པས་ཁོང་སྙིང་མེད་པའི་བླུན་པོའི་བློས་བྱས་ཀྱིས་ཡིག་སྣ་མང་པོ་ལ་མཆོག་ཏུ་བཟུང་སྟེ། དགོས་པ་གང་ཡང་སྒྲུབ་པར་མི་ནུས་པའི་ཟོག་ཆོས་ཀྱི་རང་གཞན་བསླུ་བར་མ་བྱེད་ཤིག །བླ་མའི་སྐུའི་འོད་ཟེར་དམར་སྨུག་མགོན་པོའི་སྐུ་ལ་


PS011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པས་མགོན་པོའི་སྐུ་མདོག་ནག་ལ་དམར་བའི་མདངས་ཆགས་པར་གྱུར་པ་འདི་ལ་མགོན་པོ་མཆིན་ཁ་ཟེར་བ་ཡིན་པས། འདི་ལས་ཟབ་པའི་མཆིན་ཁའི་མན་ངག་ཅུང་ཟད་ཀྱང་མེད་དོ། །དེས་ན་རྣམ་གྲངས་མང་བ་ལ་དགའ་བར་མ་བྱེད་ཤིག །རྨི་ལམ་དང་ལྟས་ངན་པ་བཟློག་པ་དང་། ནད་པ་དང་མི་ཁ་སོགས་བཟློག་པའི་གཏོར་སྒྲུབ་བྱེད་པ་ཡིན་ན་ཡང་། བཟླས་པའི་དམིགས་པ་དང་བཟླས་པ་གང་ལ་བྱ་བ་སོགས་གོང་དུ་བར་ཆད་བཟློག་པའི་སྐབས་སུ་བཤད་པ་དང་འདྲའོ། །དེ་ལྟར་བཟླས་པ་བྱས་པ་སྔགས་ཀྱི་ཐུན་ལ་ཡོད་པ་མ་ཡིན་པ་དག་གིས་གཏོར་མ་འབུལ་བར་བྱ་སྟེ། དེ་ཡང་གཏོར་མ་ཆེན་པོ་ནི་གོང་དུ་ལྷ་བསྐྱེད་པའི་སྔ་


PS011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་བྱིན་གྱིས་བརླབས་ཟིན་པས་འདིར་སྔོན་ལ་ཡི་དམ་གྱི་གཏོར་མ་བྱིན་གྱིས་བརླབས་ནས་དབུལ། དེ་རྗེས་གཏོར་ཆུང་རྣམས་དང་འཁོར་གྱི་དགོས་གཏོར་རྣམས་དུས་གཅིག་ཏུ་བྱིན་གྱིས་བརློབས་པ་ལ། ཚུལ་ཇི་ལྟར་བྱིན་གྱིས་བརློབས་པའི་ཆོ་ག་གཏོར་ཆོག་གི་དཀྱུས་ན་ཡོད་པ་ལྟར་བྱ། དེ་ནས་གཏོར་ཆུང་དང་པོ་ལག་ཏུ་བཟུང་ནས་སྟེང་དུ་འཕྱར། གཏོར་ཆུང་གི་ཁ་མགོན་པོ་བསྐྱེད་ཕྱོགས་ལ་བསྟན་ནས་བཟུང་ནས་རིག་པ་ལེགས་པར་བསྒྲིམས། དམིགས་པ་གསལ་བཏབ་བློ་ཤུགས་དྲག་ལ་ཏབ་ཏོབ་ཏུ་མ་སོང་བ་བྱས་ནས། མ་གཡེལ་གཅིག་ཚར་གཅིག་བྱས། དེ་ནས་ཧཱུྃ་ལན་དྲུག་བརྗོད་པ་ལ་ཧཱུྃ་དང་པོ་བརྗོད་པས་གཏོར་ཆུང་རྣམས་ཀྱིས་སྟེང་


PS011_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཧཱུྃ་རེ་རེ་བསམ། ཧཱུྃ་གཉིས་པ་བརྗོད་པས། གཏོར་མའི་སྟེང་གི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་ནས། རྒྱས་པ་དང་དབང་གི་སྐབས་སུ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱང་ཆུབ་སེམས་ཀྱིས་བདུད་རྩི་བཀུག་སྟེ་གཏོར་མ་ལ་ཐིམ་པར་བསམ། གདོན་བགེགས་དགྲ་བོ་ལ་སོགས་པའི་བར་ཆད་བཟློག་པའི་ཆད་དུ་ཡིན་ན། འོད་ཟེར་གྱི་ལྕགས་ཀྱུས་དགྲ་བགེགས་བར་ཆད་བཀུག་ནས་གཏོར་མ་ལ་བཅུག་པས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིར་བསམ། རྨི་ལམ་ངན་པ་མི་ཁ་སོགས་དང་། ནད་ལ་སོགས་པ་ནི་གང་ལ་ཡོད་པའི་ཕྱོགས་ནས་ཁོག་སྔོ་དམར་གྱི་རྣམ་པར་


PS011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བཀུགས་ཏེ་གཏོར་ལ་ཐིམ་པས། གཏོར་མ་ཡང་ཁོག་སྔོ་དམར་ཤིགས་སེ་འདུག་པར་བསམ། རྨི་ལམ་ངན་པ་རྣམ་པ་ཇི་ལྟ་བུ་རྨི་བ་དེ་བཀུག་ནས་གཏོར་མ་ལ་ཐིམ་པས་བདུད་རྩི་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སླར་ཡང་ཧཱུྃ་གསུམ་པ་བརྗོད་པས། མགོན་པོ་འཁོར་བཅས་ཀྱིས་ལྗགས་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་བུ་གུ་ཅན་དུ་གྱུར་པས། གཏོར་མ་ལ་འོད་ཀྱི་སྦུ་གུ་ཟུག་པར་བསམ། དེ་ནས་ཧཱུྃ་གསུམ་བརྗོད་པས། མགོན་པོ་འཁོར་བཅས་ཀྱིས་སྦུ་གུ་ནས་རྔུབ་སྟེ་སིབ་སིབ་གསོལ་བར་བསམ་ལ། གཏོར་ཆུང་རྣམས་རིམ་པས་གཏོར་མ་ཆེ་བའི་ནང་དུ་བླུགས་ཤིང་། སྔགས་ཐུང་ལ་བ་ལིཾ་ཏ་བཏགས་པ་ལན་བདུན་


PS011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤ་ས་ན་ལ་བ་ལིཾ་བར་དུ་བཅུག་པ་ལན་བདུན་བརྗོད། དེ་ནས་དགོས་གཏོར་རྣམས་རང་རང་གི་གསོལ་བར་བསམ་ལ། ལྷ་མོ་དང་གནོད་སྦྱིན་བཞིའི་རང་རང་གི་གཏོར་སྔགས་རིམ་པས་བརྗོད། དེ་ནས་གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་རྒྱས་པར་བྱས་ནས། བར་ཆད་དང་མི་མཐུན་པ་སེལ་བའི་གཏོར་སྒྲུབ་ཡིན་ན། དགྲ་བགེགས་ཚར་གཅོད་པ་དང་བར་ཆད་བཟློག་པའི་འཕྲིན་ལས་བཅོལ་ཞིང་ཐལ་མོ་བརྡབ། རྒྱས་པ་དང་དབང་གི་ཡིན་ན། ཐལ་མོ་མི་བརྡབ་པར་ཐལ་མོ་སྦྱར་ནས་འདོད་དོན་ཞུ་ཞིང་། ཚེ་དང་བསོད་ནམས་དང་ཆོས་དང་ལོངས་སྤྱོད་རྒྱས་པ་དང་། འགྲོ་བ་དབང་དུ་འདུས་པ་ལ་


PS011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་འཕྲིན་ལས་བཅོལ་བར་བྱའོ། །ཐལ་མོ་བརྡབ་པའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་ཐམས་ཅད་སྐད་ཅིག་ལ་དྲངས་ཏེ། རང་གི་ལག་མཐིལ་གཅིག་རྣམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པའམ། རྩིབས་སྟོང་པ་རེ་རེར་གྱུར་པའི་བར་དུ་བཅུག་ནས་བརྡབ་པས་རྡུལ་ཕྲན་བཞིན་དུ་བརླགས་པར་བྱས་ནས་ཤ་ཁྲག་རུས་པ་རྣམས་མགོན་པོ་འཁོར་བཅས་ཀྱི་ལྷགས་མ་མེད་པར་བསམ་མོ། །དེ་ནས་བསྟོད་བསྐུལ་རྣམས་རྒྱས་པར་བྱ་ཞིང་བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་ཀྱི་ཚིག་དང་ལན་བདུན་ནམ་ཉེར་གཅིག་ལ་སོགས་པ་གུས་པ་དྲག་པོས་རྩེ་གཅིག་པར་བརྗོད་པར་བྱའོ། །དེ་ལྟར་ཉིན་


PS011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་རེ་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཐུན་དྲུག་ཏུ་མགོན་པོ་འཁོར་བཅས་བསྐྱེད་པ་ནས་བསྟོད་བསྐུལ་སོགས་རྫོགས་པའི་བར་ཚར་རེ་བྱ་ཞིང་ཆོ་ག་དང་པོ་རང་གི་བཟླས་པ་ཚུགས་ནས་གཏོར་སྒྲུབ་ཞག་ཇི་ཙམ་བྱེད་པའི་ཞག་གྲངས་རྫོགས་པའི་ཐུན་ཐ་མ་ལ་གཏོར་མ་འབུལ་བར་དུ་སྔགས་ཐུན་སྐད་ཅིག་ཀྱང་བར་མ་ཆད་ཅིང་ངག་མ་ཤོར་བར་བྱས་ལ། ཞག་གྲངས་རྫོགས་པའི་ཐུན་ཐ་མའི་གཏོར་མ་འབུལ་བ་ན། གཏོར་མ་ཆེ་བའི་མགོན་པོ་སྟེང་གི་ནམ་མཁའ་ལ་བཏེག་ནས། གཏོར་མ་ཆེ་ཆུང་གཉིས་ཀ་དུས་གཅིག་ཏུ་མདུན་དུ་ནམ་མཁའ་ལ་བཞུགས་པའི་མགོན་པོ་དེ་ལ་འབུལ་བར་བྱའོ། །དེ་ནས་རྗེས་ཆོག་ནི། གཏོར་སྒྲུབ་ཀྱི་


PS011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆེ་བ་ཕྱིར་བཏོན་ན་དངོས་གྲུབ་ཡལ་བས་བཏན་ནས་ཁྱེར་མི་ཉན་ཅིང་། གཏོར་མ་ཆེ་བ་ལ་གཏོར་ཆུང་བཏབ་པའི་གཏོར་ཆུང་གི་ཐེབ་ཀྱུ་ནས་ལྷ་མོ་དང་གནོད་སྦྱིན་བཞིའི་གཏོར་མ་ལ་ཅུང་ཟད་རེ་བཞག་ནས། ཡི་དམ་དང་གཏོར་མ་ཆེ་བ་མ་གཏོགས་གཞན་རྣམས་ཐོག་ཁར་ཁྱེར་ནས་ཤར་ལྷོའི་ཕྱོགས་སུ་ཁ་བསྟན་ཏེ་སྒྲགས། གཏོར་མ་རྣམས་ལ་ནང་མཆོད་ཀྱི་བྲན། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས། ཤར་ལྷོ་ནས་བསིལ་བའི་ཚལ་གྱིས་དུར་ཁྲོད་ནས་མགོན་པོ་འཁོར་བཅས་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་བྱོན་ཏེ་ནམ་མཁའ་ལ་ཞལ་ཚུར་གཟིགས་ནས་བཞུགས་ནས་གཏོར་མ་བཞེས་པར་བསམ་ལ། སྤྱི་བཏབ་བྱ་ཞིང་


PS011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་རྒྱས་པ་དབང་གི་གཏོར་སྒྲུབ་ཡིན་ན་སྤྱི་བཏབ་ཟིན་ནས་མགོན་པོ་འཁོར་བཅས་ནམ་མཁའ་ལ་བཞུགས་པ་དེ་དག་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་རྣམས་ཀྱི་རྩེ་མོ་ནས་ནམ་མཁའ་ལ་གཏོར་ཏེ། ལྷག་མ་དེ་མ་ཐག་ནང་དུ་བསྡུ་བར་བྱའོ། །དགྲ་བགེགས་ཀྱི་གནོད་པ་དང་བར་ཆད་བཟློག་པའི་གཏོར་སྒྲུབ་ཡིན་ན། སྤྱི་བཏབ་ཟིན་ཕྲལ་ལ་མགོན་པོ་འཁོར་བཅས་ཞལ་ཕར་གཟིགས་ཏེ། སྤྲུལ་པའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་འཇིགས་པའི་ཚམ་རྔམ་དཔག་ཏུ་མེད་པ་མཛད་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པ་དང་། དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ལས་མཛད་པར་བསམ་


PS011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གཏོར་མ་རྣམས་མཚོན་ཆ་དང་མེའི་ཕུང་པོར་བསམས་ནས་གནོད་བྱེད་ཐམས་ཅད་སྲེག་ཅིག་བསྟུབ་པའི་ཚར་བཅད་པར་བསམ་ནས་རང་ཡི་དམ་གྱི་ང་རྒྱལ་བརྟན་པོས་གཏོར་མ་ཕར་རྩེ་མོ་བསྟན་ནས་ཁ་སྤུབ་པར་བྱ་ཞིང་། ཤ་ས་ན་བརྗོད་ནས་ཐལ་མོ་བརྡབ་པར་བྱའོ། །དེ་ནས་ནང་དུ་འོངས་ཏེ་སླར་ཡང་མགོན་པོ་འཁོར་བཅས་ལ་མཆོད་པ་ནང་མཆོད་དབུལ་བ། བསྟོད་པ་རྣམས་བྱས་ནས་ཡིག་བརྒྱ་བཟླས་ཤིང་བཟོད་པར་གསོལ། མགོན་པོ་ནམ་མཁའ་ལ་བཞུགས་པ་དཀྱིལ་འཁོར་གྱི་དབུས་སུ་དང་པོ་བསྐྱེད་པ་དེ་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་བཀའ་རྒྱ་མ་བྱའོ། །དེ་ཡང་གཏོར་སྒྲུབ་ཀྱི་སྐབས་ཀྱི་


PS011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་པའི་དམ་ཚིག་ནི། མཚམས་དམ་པ། སྒྲུབ་པ་པོ་དུ་ཡོད་པ་ཐམས་ཅད་ཕན་ཚུན་སེལ་མེད་པ་ཆང་ཕུད་མ་ཉམས་ཤིང་གཏོར་སོགས་རྫས་གང་ལ་ཡང་འབགས་པ་དང་གྲིབ་ཅན་དང་། དམ་ཉམས་གྱི་རྫས་མ་འདྲེས་པ། ཆོ་ག་སླ་ཆོས་སུ་མ་སོང་ཤིང་། བླ་མ་མགོན་པོ་ལ་དད་པ་དྲག་པོ་དང་ཡིད་ཆེས་པ་གལ་ཆེ་ཞིང་། གཏོར་མ་དང་མཆོད་རྫས་ནང་མཆོད་བྱིན་བརླབས་ཐོག་མར་བྱས་ནས་ཞག་གྲངས་རྫོགས་པའི་འཇུག་གི་བཀྲ་ཤིས་མ་ཟིན་བར་ལ་ཕྱག་དར་མི་བྱེད། སྟན་མི་སྤྲུག །སྒྲུབ་རྫས་ཕྱིར་མི་འདོན། ནང་མཆོད་ཀྱི་ཀ་པ་ལ་དང་གཏོར་མ་ཆེ་བ་མི་འགུལ། སྒྲུབ་པ་པོ་རྣམས་ཁ་ཤགས་


PS011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་རྩོད་སོགས་མི་བྱ། དེའི་རིང་ལ་ཆོས་སྐྱོང་གཞན་ལ་གཏོར་མ་མི་བསྔོ། སྒྲུབ་པ་པོ་གཏོར་སྒྲུབ་དེ་མ་གཏོགས་པ་སུ་ཡང་དེའི་རིང་ལ་གནས་ཁང་གཞན་དུ་མི་ཉལ། གཏོར་མའི་དྲུང་ལས་གཞན་དུ་སྔགས་ཐུན་པས་སྔགས་མི་བཟླ། གཏོར་སྒྲུབ་པ་རྣམས་གྲིབ་ཅན་གྱི་ཟས་མི་ཟ་ཞིང་མི་ངོ་གསར་སུ་ལའང་མི་འཕྲད་པ་ཤིན་ཏུ་གལ་ཆེ་སྟེ། དམ་ཚིག་འདི་དག་ལས་འགལ་ན་བར་ཆད་འཇུག་ཆོས་སྐྱོང་རང་ལ་ལྡོག །ནང་དུ་གནོད་པ་དང་བཀྲ་ཤིས་མི་ཤིས་པ་དུ་མ་འབྱུང་བར་གདོན་མི་ཟ་བར་གསུངས་པས། ཆོས་སྐྱོང་ཤིན་ཏུ་དགྱེས་ལ་ཅིར་ཡང་མི་སེམས་པ་བྱིས་པ་རྩེད་མོ་བྱེད་པ་ལྟ་བུ་ལ། ཕན་གནོད་རང་ཇི་ལྟར་འདོད་པ་


PS011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འབྱུང་བ་འདོད་པ་གཞད་གད་ཤིན་ཏུ་ཆེན་པོའོ། །གཏོར་མ་ཆེ་བ་ནི་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ཆོས་སྐྱོང་གཅིག་པ་རྣམས་ཁོ་ནས་དངོས་གྲུབ་ཏུ་བླངས་ཏེ་རང་རང་གི་ཁ་ཟས་སུ་ལོངས་སྤྱོད་པར་བྱའི། གཞན་མི་དང་མི་མ་ཡིན་པ་སུ་ལ་ཡང་སྦྱིན་པར་མི་བྱ་སྟེ། སྦྱིན་ན་དངོས་གྲུབ་ཉམས་ཤིང་བར་ཆད་འབྱུང་བར་འགྱུར་རོ། །གཏོར་སྒྲུབ་བྱ་བའི་མན་ངག་ཞིབ་པར་བརྗོད་ཟིན་ཏོ།། །། ༈ ད་ནི་གཏོར་ཆེན་གྱི་མན་ངག་བརྗོད་པར་བྱའོ། །དེ་ཡང་ཞི་རྒྱས་སོགས་ཀྱི་གཏོར་སྒྲུབ་ནི། ཡར་ངོའི་ཚེས་གྲངས་བཟང་པོ་དང་། གཟའ་སྐར་བཟང་ཞིང་འཇམ་པོ་དང་དུས་སྦྱོར་བཟང་པོ་འཛོམས་པའི་སྔ་དྲོའི་ཆ་ལ་


PS011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མར་གཙུགས་ཤིང་། བར་ཆད་སེལ་བ་སོགས་ཀྱི་གཏོར་སྒྲུབ་ཡིན་ན་མར་ངོས་ཉི་ཤུ་དགུ་ལ་དངོས་གཞི་འོང་བ་ལྟ་བུ་བྱེད་པ་ཡིན་ལ། གཏོར་ཆེན་པོའི་མར་ངོའི་ཚེས་གྲངས་དང་། གཟའ་སྐར་དང་། སྦྱོར་བ་དང་། བྱེད་པ་ཤིན་ཏུ་རྩུབ་པའི་ཉིན་ཕྱེད་དམ་ནམ་ཕྱེད་ལྟ་བུ་ལ་ཐོག་མར་རྩུགས་ནས་ཉེར་དགུ་ལ་གཏོར་མ་བརྡེབ་པ་ཡིན་ནོ། །དེ་ལ་ཐོག་མར་དཀྱིལ་འཁོར་གང་དུ་བྱེད་པའི་གཞི་དེར་རོ་ཐལ་ལམ་རོ་སོལ་གྱིས་ནག་པོར་བྱུགས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཤིན་ཏུ་ཆེ་བ་མེ་རི་དང་བཅས་པ་བྲིས། དེའི་དབུས་སུ་ཉི་མའི་དབུས་སུ་གྲི་གུག་ལྟེ་བ་ལ་ཧཱུྃ་ནག་པོ་མཚན་པ་བྲིས། དེའི་སྟེང་དུ་ནས་ནག་བརྗེན་བཏགས་


PS011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཆང་བསྲེས་པས་ཁུ་བ་བྱས་ཏེ་གྲི་ཁྲག་ལ་སོགས་པས་ཀྱང་སྦགས་པས་དཔལ་བཤོས་རྩེ་ཁྲུ་གང་བ་གཟུར་གསུམ་པ་བྱས་པའི་མཐའ་ཐེབས་ཀྱུ་ཆེན་པོ་ཟུར་ལ་བླངས་ནས་བསྐོར་ཏེ། བཅད་ཁམས་ཕྱིར་བསྟན་པ་རྣམས་ཁྲག་གི་སྦགས་པ། གཅན་གཟན་མི་རོ་གསར་པ་ཟོས་པའི་གདོང་པ་ལྟ་བུ་བྱས་ནས་དར་ནག་མེ་ལོང་དང་བཅས་པས་བརྒྱན་ཏེ། མཉྫི་ཆེན་པོ་ལ་སོགས་པའི་ཁར་འཇོགས་པ་ཡིན་ནོ། །དེ་ནས་བྲིས་སྐུ་དགྲམ། ཁྲག་གི་མཆོད་ཡོན་ལ་སོགས་པ་བཤམས་པ་སྔར་བཤད་པ་དང་འདྲ་ཞིང་། དང་པོ་ནས་བྱེད་པ་བསངས་ནས་བྱེད་པའང་བར་ཆད་ཆུང་བའི་རྒྱུར་བཤད་ལ། མཚམས་


PS011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དམ་པར་བཅད་པར་དང་། གཞན་གྱི་ཟས་དང་གཏོར་མའི་རྫས་དང་ཆང་ལ་སོགས་པ་ཡེ་མ་འདྲེས་པ་གལ་ཆེ་སྟེ། འདྲེས་ན་རང་ལ་ལྡོག་པའི་རྒྱུ་ཐུན་མོང་མ་ཡིན་པར་བཤད་པས། དང་པོ་གཏོར་ཕྱེ་སོགས་སྒྲུབ་པའི་དུས་ནས་བློ་ཤིན་ཏུ་ཞིབ་པར་བྱའོ། །དེ་ནས་མགོན་པོ་འཁོར་བཅས་ཀྱིས་བསྐྱེད་ཆོག་ལ་སོགས་པ་སྔར་བར་ཆད་སེལ་བའི་གཏོར་སྒྲུབ་གཏོང་སྐབས་སུ་བཤད་པ་ལྟར་བྱ་ཞིང་། གཙོ་བོར་ཐམས་ཅད་ཤིན་ཏུ་དྲག་ལ་རྔམ་པར་བསམ། དེ་ནས་བཤགས་པ་ཚར་བ་ཡན་ཆད་ཀྱི་ཆོ་ག་གཞན་ཐམས་ཅད་སྔར་བར་ཆད་སེལ་བའི་གཏོར་སྒྲུབ་ཀྱི་སྐབས་སུ་བཤད་པ་དང་འདྲ་བས། ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་ཐུན་རེ་


PS011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེར་གཅིག་རེ་དང་། སྙིང་པོ་སྔགས་ཐུན་བརྒྱ་རྩ་རེ་ཙམ་བཟླས། དེ་ནས་སྔགས་ཐུན་བྱེད་པར་དང་བཟླས་པ་ཐམས་ཅད་གཙོ་བོར་ཤཱ་ས་ན་བྱེད་པ་ཡིན་ལ། དེ་ཡང་སྤེལ་ཚིག་སྦྱར་ནས་བྱས་པ་ཡིན་ཏེ། སྤེལ་ཚིག་སྦྱོར་བའི་ཚུལ་ནི། དགྲ་བགེགས་གང་ཡང་རུང་བ་ལ་དམིགས་གསལ་མེད་པར་སྤྱིར་དགྲ་བགེགས་ཀྱི་གནོད་པ་བཟློག་པ་ཙམ་གྱིས་ཆད་དུ་དམིགས་ནས་བྱེད་པ་ཡིན་ན། ཨི་དཾ་དུཥྚཾ་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར་གྲྀཧྣ་གྲྀཧྣ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་དགྲ་བགེགས་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་དང་དམིགས་གསལ་ཡོད་ན། ཆཻ་གེ་མོ་ཁ་ཁ་


PS011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད་པར་བྱའོ། །དེ་ལྟར་བཟླས་པ་བྱེད་པའི་སྐབས་ཀྱི་དམིགས་པ་ནི། གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པ་ཐུན་རེ་རེ་ལ་ཐེབ་རེ་རེ་བཟླས་པའི་ཐོག་མར་བྱ། དེ་ནས་རང་གཤིན་རྗེ་གཤེད་ལ་སོགས་པའི་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་པའི་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་མེ་འོད་དྲག་པོ་འཕྲོས་པ་ལྟ་བུ་མགོན་པོའི་ཐུགས་ཀར་ཕོག་པས། མགོན་པོའི་གནད་དུ་ཕོག་པ་ལྟར་བསྐུལ་ཏེ། ཁྲོས་འཁྲུགས་རྔམ་པས་ཞབས་ས་ལ་བརྡེབས། དྲག་པོས་ང་རོ་འབྲུག་ལྟར་སྒྲོགས་ཤིང་ཌཱ་མ་རུའི་སྒྲ་དྲག་ཏུ་མཛད་དེ། སྤྱན་གསུམ་འཁོར་རྣམས་ལ་དྲག་ཏུ་གཟིགས་པས་འཁོར་ཐམས་ཅད་


PS011_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་མེད་པར་ཁྲོས་འཁྲུགས་རྔམ་པས་འཇིགས་པའི་གད་རྒྱངས་ས་དང་བར་སྣང་གང་བ་སྒྲགས་ཏེ། ཞགས་པ་དང་ལྕགས་ཀྱུ་དང་དྲག་པོའི་མཚོན་ཆ་སྣ་ཚོགས་པ་འཇིག་རྟེན་པའི་འཇིགས་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་པས་ཐོག་པ་མེད་པར་སོང་སྟེ། དགྲ་བགེགས་གནོད་བྱེད་ཐམས་ཅད་ཞགས་པས་བཅིངས་ཞིང་ལྕགས་ཀྱུས་བཟུང་སྟེ། ཁྲིད་འོངས་ནས་བཅད་པ་དང་། བཏུབ་པ་དང་། དོན་སྙིང་འབྱིན་པ་ལ་སོགས་པ་བྱ་སྟེ། གཙོ་འཁོར་ཐམས་ཅད་ཀྱི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་ཆོམ་ཆོམ་དམར་ཙིར་ཙིར་གསོལ་བར་བསམ་ནས། རིག་པ་ངར་དང་ལྡན་པས་སྔགས་དྲག་ཏུ་བཟླས་པ་ནི། སྔགས་བཟླས་


PS011_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཐམས་ཅད་ཀྱི་བྱ་སྟེ། དེ་ཡང་བཟླས་པའི་མགོ་ལ་དམིགས་པ་དེ་ཐེབས་རེ་དྲན་ཙམ་གྱིས་མི་ཆོག་གིས། བཟླས་པའི་རིང་ལ་ཡང་དང་ཡང་དུ་དམིགས་པ་དེ་ནར་མར་བྱའོ། །དེ་ལྟར་ཐུན་བྱེད་པ་རྣམས་ཀྱི་སྔགས་བཟླས་ཤིང་། གཞན་རྣམས་ཀྱིས་བཟླས་པ་ཅུང་ཟད་རེ་བྱེད་ནས་གཏོར་མ་འབུལ་བ་ལ་འཇུག་པར་བྱ་སྟེ། དེ་ཡང་གཏོར་ཆེན་བྱེད་པའི་གཏོར་མ་འབུལ་བ་ལ་གསང་བའི་ལས་དྲུག་བྱ་བའི་མན་ངག་ཤེས་དགོས་པ་ཡིན། དེ་ལ་དང་པོ་མན་ངག་ནི། རྔེའུ་ཆུང་གི་མྱོས་པར་བྱེད། རྡོ་རྗེ་ཞགས་པས་འདྲེན་པར་བྱེད། ཁ་ཊྭྃ་གས་ནི་གནས་གསུམ་བསྣུན། གྲི་གུག་ཤ་བ་བཞིན་སྲོག་དང་འཕྲལ། ཕྲེང་བ་འཛིན་པས་ཐོད་པར་བྱུག །


PS011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་ལྔ་པོ་གཙོ་བོས་གསོལ། ལྷག་མ་ཁྲག་བཅས་འཁོར་གྱིས་རོལ། རྣམ་ཤེས་པདྨ་ཅན་དུ་འཕངས། ཁོ་ནི་ཕས་ཤེས་ཆུག་པར་བསམ། དགྲ་བགེགས་གཏོར་མའི་ཁར་རྒྱབ་སྒྲུབ་པ་པོ་ལ་བསྟན་ནས་ཁུག་པར་བསམ་མོ། །གསང་བའི་ལས་དྲུག་གི་ཞལ་གདམས་སོ། །བྱ་བའི་ཡིག་ཆུང་འདི་ལས་མེད་དོ། །འདིའི་དམིགས་པ་ཇི་ལྟར་བྱ་བ་ནི། རང་ཡི་དམ་གྱི་ང་རྒྱལ་བརྟན་པོ་ལ་གནས་ནས། རང་དང་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཤིང་། མགོན་པོའི་ཕྱག་གཡོན་ཞགས་པ་འཛིན་པའི་སྡིགས་འཛུབ་ཀྱི་རྩེ་ལས་ཁྲོ་བོ་རབ་ཏུ་རྔམས་ཤིང་རླུང་གི་ཤུགས་ཅན་ཕྱག་གཉིས་ཞགས་


PS011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་ཏེ། དེ་དམིགས་པའི་དགྲ་བགེགས་གང་ཡིན་པ་དེའི་གནས་སུ་སོང་ནས་འོད་ཟེར་གྱིས་ལྕགས་ཀྱུས་སྙིང་མར་བཏབ་ཅིང་། ཁྲོ་བོ་རྣམས་ཀྱིས་ཞགས་པས་མགྲིན་པ་ནས་བཅིངས་ནས། སྒྲུབ་བྱ་གཅེར་བུ་གོས་དང་བྲལ་བ་དེ་ལ་ཁྲོ་བོ་རྣམས་ཀྱི་རྒྱོབ་ཅིག་གསོད་ཅིག་ལ་སོགས་པའི་སྒྲ་དྲག་པོ་སྒྲོགས་ཤིང་། ཐོག་པ་མེད་པར་ཁྲིད་འོང་སྟེ་གཏོར་ཆུང་རྣམས་ཀྱི་སྟེང་། གཏོར་སྣོད་ཀྱི་ནང་ན་རང་ལ་རྒྱབ་བསྟན། མགོན་པོ་ལ་མདུན་བསྟན་ནས་འདར་ཧད་ཧད་འདུག་པར་བསམ་ལ། རང་གི་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏྲ་བིགྷྣཱན་བི་ན་ཡ་ཀ་དགྲ་བགེགས་ཆཻ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་ཉེར་གཅིག་ལ་


PS011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དྲག་ཏུ་བརྗོད་ཅིང་། མགོན་པོའི་ཐུགས་རྒྱུད་བསྐུལ་བས་མགོན་པོའི་ཤིན་ཏུ་ཁྲོས་པའི་སྒྲ་དྲག་པོ་དྲག་ཤིང་། ཕྱག་གཡོན་གྱི་གཉིས་པའི་རྩེ་གསུམ་སྒྲུབ་བྱའི་གནས་གསུམ་དུ་བསྣུན། གཡས་ཀྱིས་ཐ་མའི་ཌཱ་མ་རུ་དྲག་ཏུ་ཁྲོལ་བས་སྒྲུབ་བྱའི་ཡིད་མྱོས། མགོ་འཁོར་དྲན་པ་ཉམས་ཤིང་དབང་པོའི་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་དམར་ནར་གྱིས་འབྱུང་བ་ལ། གཡས་ཀྱི་དང་པོའི་གྲི་གུག་གིས་སྒྲུབ་བྱའི་བྲང་བཤག་སྟེ། ཕྲེང་བ་འཛིན་པའི་ཕྱག་གིས་དོན་སྙིང་ལྔ་ཕྱུང་ནས་གཡོན་གྱི་དང་པོའི་ཐོད་པར་བླུགས་ནས་ཞལ་དུ་དམར་ཙིར་ཙིར་གསོལ། ཤ་ཁྲག་རྣམས་གཞན་གྱི་གཏོར་མའི་ནང་དམར་མེར་མེར་ཁེངས་པ་


PS011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གཏོར་སྣོད་ལག་ཏུ་བཟུང་ནས་དེང་བྱས་པས་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དམར་དང་ངེ་བ་རྣམས་སུ་སིབ་སིབ་གསོལ་བར་བསམ་ལ། གཏོར་སྔགས་རྣམས་བརྗོད་ཅིང་གཏོར་ཆུང་རྣམས་བཏབ་པར་བྱའོ། །དེ་ཡང་ཐོག་མར་གཏོར་མའི་བྱིན་བརླབས་གཏོར་སྒྲུབ་ཀྱི་སྐབས་ལྟར་བྱས་ནས། དེ་ནས་ཕྱག་དྲུག་གི་སྒོ་ནས་བསྒྲལ་བའི་ལས་དྲུག་པོ་འདི་བྱེད་པ་ཡིན་ནོ། །དེ་ཡང་རང་ཆགས་ཤིན་ཏུ་ཆེ་བའམ། དགྲ་བགེགས་ཀྱི་གནོད་པ་ཤིན་ཏུ་དྲག་པའམ། མགོན་པོ་འཁོར་བཅས་ལས་མྱུར་དུ་མི་བྱེད་པའི་རྣམ་པ་ཡོད་པའི་ཚེ་ན་བཟླས་པ་ན་ར་ཀྲིཾ་ཀྲིཾ་སོང་བ་དང་། སྙིང་པོ་དང་སྔགས་རིངས་གཉིས་ཀྱི་བཟླས་པ་མི་བྱེད་པའི་བར་སྐབས་དེར་


PS011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་གནས་འབེབས་ཀྱི་མན་ངག་གི་ཡི་གེ་ཟུར་ན་ཡོད་པ་ལྟར་དྲག་ཏུ་བྱས་ནས་སྙིང་པོ་དང་རྩ་སྔགས་ཀྱིས་བཟླས་པ་ལ་འཇུག་པར་བྱ་ཞིང་། དེ་ལྟར་མ་ཡིན་པའི་སྐབས་སུ་གཏོར་ཆེན་བྱེད་པ་ཡིན་ཀྱང་གནད་འབེབས་མི་བྱའོ། །དེ་ལྟར་གཏོར་མ་ཕུལ་ནས་བསྟོད་བསྐུལ་རྒྱས་པར་བྱ་ཞིང་། ཁྱད་པར་ལྷོ་དང་གནོད་སྦྱིན་གཤེད་གཉིས་དྲག་ཏུ་བསྐུལ་བར་བྱའོ། །གཏོར་ཆེན་དྲག་པོ་རང་དང་། བཟློག་པ་སོགས་སྟོབས་ཅན་དགོས་པའི་ཚེ་ཡིན་ན་ལྷ་མོ་ཕྱག་བཞི་མར་བྱ། ཀྵཻ་ཏྲ་པ་ལཱ་ཡང་ཡབ་ཡུམ་གཉིས་ཀ་བསྐྱེད་ནས་དབུལ་བར་བྱའོ། །གོང་དུ་བཤད་པ་ལྟར་གཏོར་སྒྲུབ་སོགས་ཀྱིས་སྐབས་དང་ལྷའི་བསྐྱེད་ཆོག་སོགས་


PS011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་བྱས་པར་ནི། གཏོར་ཆེན་དཀྱུས་མའི་དབང་དུ་བྱས་ལ། ལྷ་མོ་ཕྱག་བཞི་མ་སོགས་ཀྱི་བསྐྱེད་ཆོག་མི་འདྲ་བ་བྱེད་པ་ནི། གཏོར་ཆེན་གྱི་ནང་ནས་ཀྱང་ཆེས་དྲག་པོ་དང་སྟོབས་ཅན་བྱེད་པའི་དབང་དུ་བྱེད་པའོ། །དེ་ལྟར་ལྷ་མོ་ནི་ཁྲག་གི་རྒྱ་མཚོ་ཞག་གི་རྦ་ཀློང་འཁྲུགས་པའི་དབུས་སུ། དམ་ཉམས་དགྲ་བགེགས་ནན་པའི་སྟེང་དུ་དྲེའུ་རྟ་རྐང་གསུམ་གྱིས་སྟེང་ན་ལམ་སྔོ་ནག་ཡོངས་སུ་འགྱུར་པ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ་ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན་མེའི་ཕུང་པོ་དང་མཚུངས་པའི་སྤྱན་གསུམ་དགྲ་བགེགས་ལ་ཕྱིར་གཟིགས་ཤིང་མཆེ་བ་གཙིགས་ནས་ཁ་རབ་ཏུ་གདངས་ཤིང་ལྗགས་རྣམ་པར་བསྐྱོད་


PS011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་ལས་ཁྲག་འཛག་པ། སྙན་གཡས་པ་ལ་སེང་གེ་དང་གཡོན་པ་ལ་དུག་སྦྲུལ་དང་སྤྱི་བོར་རྨ་བྱའི་སྒྲོ་གདོངས་ཀྱི་རྒྱན་པ། མི་ལྤགས་རློན་པ་སྟོད་གཡོག་སུ་གྱོན་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་གྲི་གུག །གཡོན་གྱི་དང་པོ་ན་ཐོད་པ་རློན་པ་དགྲ་བོས་སྙིང་ཁྲག་གི་བཀང་བའི་ཁྲག་རྒྱུན་ཞལ་དུ་གསོལ་བ། གཡོན་གཉིས་པ་ན་ནལ་བུའི་རྒྱལ་མཚན་འཛིན་པ། དྲེའུའི་སྟེང་ན་ཞབས་ཕྱེད་དཀྱིལ་དུ་བཞུགས་པ། སྒ་ཡི་སྔ་རུ་སྲིན་པོའི་ཡ་འགལ་ལ་བྱས་ཤིང་། ཕྱི་རུ་སྲིན་པོའི་མ་འགལ་ལ་བྱས་པའི་སྔ་ཤ་ལ་བདུད་ཀྱི་ཁྲམ་ཤིང་ནག་པོ་དང་། ཕྱི་ཤ་ལ་ནད་ཀྱི་རྐྱལ་པ་བཏགས་པ། འཁོར་དུ་ཆུ་སྲིན་


PS011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ཅན་ནག་པོ་གཡས་བདུད་ཞག་ནག་པོ་དགྲ་ལ་འདེབས་ཤིང་གཡོན་དྲེའུ་རྟའི་ཐུར་སྣ་བཟུང་ནས་ལྷ་མོ་ལ་ལྟ་བ། སེངྒེའི་གདོང་པ་ཅན་དམར་ནག་ཕྱག་གཡས་གྲི་གུག་དགྲ་ལ་འཕྱར་ཞིང་། གཡོན་ཞགས་པ་བཟུང་ནས་སྡིགས་འཛུབ་གདེངས་པ། ཁ་ཕྱིར་བལྟས་ནས་དགྲ་ལ་འོ་འདོད་འབོད་ཅིང་ལྷ་མོའི་ཕྱི་བཞིན་འབྲང་བའོ། །ལྷ་མོ་དེའི་སྙིང་པོ་ནི། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ར་མ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྟེ། རང་ཡི་དམ་མགོན་པོ་གང་ཡང་རུང་བའི་ང་རྒྱལ་ལ་གནས་ནས་མདུན་གྱི་ལྷ་མོའི་ཐུགས་ཀར་མཾ་སྔོ་ནག་མེ་འབར་བར་བསམ་ཞིང་། རང་གི་ཐུགས་ཀར་ཧཱུྃ་གི་འོད་ཟེར་འཕྲོས་པས་མཾ་ལ་ཕོག་པས་ཐུགས་


PS011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་བར་བསམ་སྟེ། བཟླས་པ་ནི་བསྙེན་པའི་དམིགས་པའོ། །སྭཱ་ཧཱའི་གོང་དུ་དགྲ་བགེགས་མ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་སྦྱར་བ་ནི་གཏོར་སྔགས་སོ། །མཻ་ཏྲི་པས་མཛད་པའི་བསྐལ་མེ་མ་ཆེ་བ་ནི་འདིའི་བསྟོད་པའོ། །ལྷ་མོ་འདི་ཕྱག་གཉིས་མ་ལས་ཤིན་ཏུ་གཉན་ཤིང་སྟོབས་ཆེ་ལ་རྩུབ་ཅིང་མྱུར་བ་ཡིན་ཏེ། སྙིང་ལྟར་གཅེས་ཤིང་དམ་ཚིག་ལྡན་པའི་སློབ་མ་རེ་རེ་ཙམ་མིན་པ་ལ་སྟེར་བའི་ལུགས་མེད་དོ། །བསྙེན་སྒྲུབ་དང་གཏོར་མ་འབུལ་བ་ཙམ་ཡང་གཞན་གྱི་མ་རིག་པ་བྱེད་དོ། །ཀྵེ་ཏྲ་པ་ལའི་ཡུམ་ནི། གནོད་སྦྱིན་གྱི་གཡོན་དུ་མ་མོ་མཁའ་འགྲོ་ཤ་ཟ་དཔག་ཏུ་མེད་པའི་དབུས་ན་ལྷ་མོ་ནག་


PS011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྐུ་ལ་དར་ནག་གི་འཇོལ་རིང་གསོལ་བ། ཕྱག་གཡས་མེ་ལོང་དང་ཞགས་པ་ཐོགས་ནས། དགྲ་ལ་གཡོབ་ཅིང་ཞགས་པ་འདེབས་པ། ཕྱག་གཡོན་ན་དགྲ་བོའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱན་རྩ་དམར་པོ་གློག་ལྟར་འཁྲུགས་པ། འཇིགས་པའི་གད་མོ་རྒོད་ཅིང་ཕྱོགས་བཅུར་རྒྱུག་ཅིང་སྐད་ཅིག་ཙམ་གྱིས་དགྲ་བགེགས་ཐལ་བར་བརློག་པའོ། །བཟླས་པའི་སྔགས་ནི། གནོད་སྦྱིན་བཞི་ལ་སྔོན་དུ་སྙེན་པའི་ཚེ་དཀྱུས་མ་དང་འདྲ། དམིགས་པའི་མན་ངག་ནི། རང་བདག་བསྐྱེད་མགོན་པོར་བྱས། བསིལ་བ་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བཅུག །མདུན་དུ་


PS011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵཻ་ཏྲ་པ་ལ་རང་ལ་མིག་ཡར་བལྟ་ཞིང་བཀའ་ནོང་པར་བསམ། རང་མིག་གནོད་སྦྱིན་ལ་ཐུར་དུ་བལྟ་ཞིང་བཀའ་སྒོ་བར་བསམ་པའོ། །གཏོར་ཆེན་ཤིན་ཏུ་དྲག་པོ་ལ་སོགས་པའི་ལས་སྦྱོར་གྱི་དུས་སུ། ཨོཾ་ཀྵེ་ཏྲ་པ་ལ་བིག་ནན་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཅེས་བཟླས་པར་བྱ་ཞིང་ཡུམ་ལ། རག་མོ་ནག་མོ་དམ་ཉམས་འདིའི་ཙིཏྟ་ལ་རྦད། ཁ་ལ་ཕུར་ཡ་རྦད། ཅེས་བཟླས་པར་བྱའོ། །གཏོར་སྔགས་ནི། ཨོཾ་ཀྵེ་ཏྲ་པཱ་ལ་བིག་ནན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྵེ་ཏྲ་པཱ་ལ་དགྲ་བགེགས་ཆྒཻ་


PS011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཾ་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་དང་། ཡུམ་ལ་བཟླས་སྔགས་ཀྱི་འཇུག་ཏུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རག་མོ་ནག་མོ་དགྲ་བགེགས་ཆེ་གེ་མོའི་རཀྟ་ལ་ཅེས་པ་མན་ངག་སྔར་ལྟར་སྦྱར་བའོ། །བསྟོད་བསྐུལ་དཀྱུས་མ་དང་འདྲ་འདྲའོ། །ཏྲག་བཤད་ནི་རྟ་ནག་ལ་ཆིབས་པ་སྐུ་མདོག་ནག་མོ་མཐའ་བེར་སྔོ་ཁྲ་གསོལ་ཞིང་ཞབས་ལ་སག་ལྷམ་ནག་པོ་བསྣམས་པ། ཕྱག་གཡས་རུ་མཚོན་དམར་པོ་འཕྱར་ཞིང་། གཡོན་པ་ཙནྡན་གྱི་བེང་ཆེན་དཀུར་བསྟན་པའི་ནང་ནས། བདུད་འདུལ་གྱི་དམག་ཚོགས་ཉི་ཁྲི་ཆིག་སྟོང་བྱུང་བ། བྱང་ཕྱོགས་


PS011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི། ལྕགས་སྤྱང་ཆེན་པོ་བརྒྱད་དུ་སྤྲུལ་ཏེ་སྣ་ལས་འབྱུང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི་ཁྱི་ནག་ཆེན་པོ་བརྒྱད་དུ་སྤྲུལ་ཏེ་ཕྱི་བཞིན་དུ་རྗེས་སུ་འབྲང་བའོ། །དེའི་བསྙེན་སྔགས་ནི། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲག་ཤད་དུ་ཛི་མཱ་ར་ནི་ཛཿཛཿཅེས་པ་སྟེ། དམིགས་པའི་མན་ངག་གོང་དུ་གནོད་སྦྱིན་ལ་བརྗོད་པ་ལྟར་རོ། །གཏོར་ཆེན་ཤིན་ཏུ་དྲག་པོ་ལ་སོགས་པའི་ལས་སྦྱོར་གྱི་དུས་སུ་བསྙེན་ངག་འདིའི་མཇུག་ཏུ། ར་ཙ་ཏྲེ་པ་ཤ་དུ་དུ། མཱ་རི་ནི་ཁུག་ཁུག་ཨ་ཀརྵ་ཡ་ཛཿཛཿཅེས་པ་དང་། མ་ཧཱ་ཀཱ་ལ་རུ་པ་རུ་པ། ཤ་བྷྲུྃ་ནན། ཚལ་པ་ནན། མ་ར་


PS011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ནན། དུ་མ་ཧཱ་ཀཱ་ལ་ཏྲག་ཤད་ཤུ་དུ་དུ་གུར་རྦུད་རྦུད་ཐུཾ་ཆེ་གེ་མོ་མཱ་ར་ཡ་སོད་སོད། ཅེས་པ་རྣམས་དཀྱུས་གཅིག་ཏུ་དྲིལ་ནས་བཟླས་པ་བྱ་སྟེ། སྔགས་དང་པོ་བསྙེན་སྔགས་ནི། འབོད་པ། གཉིས་པ་རྦད་པ། གསུམ་པ་བསད་པའོ། །གཏོར་སྔགས་ནི། བསྙེན་སྔགས་ལ་ཏྲི་ཡཾ་ཏྲི་བྷྱོ། བ་ལིཾ་ཏ་དམ་ཉམས་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཏགས་ལ་བསྟོད་བསྐུལ་ནི། ༈ མ་གཡེལ་མ་གཡེལ་མགོན་པོའི་ཚོགས། །ཚུར་གཤེགས་ཚུར་གཤེགས་མགོན་ནག་ལགས། །ཅེས་སོ། །དེ་ལྟར་ཞག་རེ་ལ་ཐུན་དྲུག་དྲུག་ཏུ་བྱས་པའི་ཞག་གྲངས་ཐེམས་པའི་ཐུན་ཐ་མ་ལ་གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་


PS011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཏེགས་ཏེ། གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་བྱིན་གྱིས་རློབས་ཏེ་དེ་ནས་བསྒྲལ་བའི་ལས་དྲུག་ལ་སོགས་པ་བྱས་ནས། གཏོར་མ་ཆེ་ཆུང་ཐམས་ཅད་དུས་གཅིག་ཏུ་དབུལ་བར་བྱའོ། །གཏོར་མ་འབུལ་བ་ཐུན་སྔ་ཕྱི་དེ་དག་ཐམས་ཅད་ལ་མགོར་མ་གཡེལ་ཅིག་དང་། མཇུག་ཏུ་གཙང་ཞིང་གཙང་མར་སྦྱར་བའི་གཏོར་རྫོངས་དང་། ཐལ་མོ་བརྡབ་པའི་དམིགས་པ་ལ་སོགས་གཏོར་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་རོ། །དེ་ནས་ཐེབས་བཟློག་རྩིས། སྒྲ་གཅན་གྱི་གདོང་དང་མ་ཐུག །ཉི་མའི་འོད་ཟེར་དང་རང་གི་གདོང་མ་ཐུག །བིཥྟྲིི་དང་མ་འཛོམ་པར་བྱས་ལ། བ་དན་དང་དུང་གླིང་དྲིལ་བུ་


PS011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་རོལ་མོའི་སྒྲ་དང་། ཤ་ཆེན་གྱི་དུད་པ་དང་། ནང་མཆོད་འཐོར་བ་ལ་རྩོན་པས་གཏོར་མའི་སྣ་དྲངས་ཏེ་རྫོངས་ཐེབ་པ། དམ་ཚིག་གཙང་མས་གཙོ་བོའི་གཏོར་མ་ཆེ་བ་དང་འཁོར་གྱི་གཏོར་མ་རྣམས་དང་བཅས་པ་ཡི་དམ་གྱི་གཏོར་མ་མ་གཏོགས་ཐམས་ཅད་ཁྱེར་ནས་ཇི་ལྟར་ཐུང་ན་ཡང་གོམ་པ་བཞི་བཅུ་རྩ་དགུའི་མཐའ་བར་དུ་གནས་པའི་དགྲ་བགེགས་ཀྱི་ཕྱོགས་སུ་སོང་སྟེ། གཏོར་མ་རྣམས་གདོང་ཕར་བསྟན་ནས་གྲལ་ལ་བསྒྲིགས་སྔོན་དུ་ཆང་ཕུད་གཏོར་ནས། འཇིག་རྟེན་གྱི་ལྷ་དང་ཀླུ་དང་། གཟའ་ལ་སོགས་པ་མཁའ་ལ་རྒྱུ་བའི་འབྱུང་པོ་མི་དང་མི་མ་ཡིན་པ་མཐུ་བོ་ཆེ་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་གིས་བསྔོས་ནས།


PS011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། ལམ་ཐེག་པ་ཆེན་པོ་ལ་ནན་ཏན་སྙིང་པོར་བྱས་ནས་རང་གཞན་གྱི་དོན་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ། བླ་མ་དམ་པའི་སྐུ་ལ་དམོད་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་པའི་བསམ་སྦྱོར་ལ་གནས་པ། དགེ་འདུན་གྱི་ཆོས་འཁོར་གཉན་པོ་བཤིགས་པ། སྐྱེ་བོ་མང་པོ་ལ་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པའི་བསམ་པ་དང་ལྡན་པ་འདི་དག་ལ་དྲག་པོ་གཏོར་མའི་ལས་བྱེད་ཀྱི། ཁྱེད་རྣམས་ལ་ཞི་བའི་ཆོས་འཆད། བདེན་པའི་དམ་བདར། མཐུན་པའི་རྫས་གཏོར་བ་ཡིན་པས། བདུད་རྩིའི་བཏུང་བ་རྒྱ་མཚོ་ཆེན་པོ་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་


PS011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པ་འདིས་རབ་ཏུ་ཚིམ་པར་བགྱི་ལ། གནོད་པ་དང་གདུག་པའི་བསམ་པ་ཐམས་ཅད་ཉེ་བར་ཞི་ཞིང་། ཕན་ཚུན་ཕན་པ་དང་བྱམས་པའི་སེམས་དང་ལྡན་པར་བགྱི་ལ། ཁོ་བོའི་སྒྲུབ་བྱ་དམིགས་ཀྱིས་གསལ་བ་ལ་གཏོར་མའི་ལས་ཀྱི་ཚར་བཅད་པ་ལ་རུ་ང་བ་དང་། ཕྲོག་པ་དང་། གནོད་པ་ཁོན་དུ་འཛིན་པ་དང་། བཟང་པོའི་སྣ་འདྲེན་པ་དང་། ངན་པའི་རྒྱབ་བརྟེན་གང་ཡང་མ་བྱེད་པར་རང་རང་སོ་སོའི་གནས་སུ་སོང་ཅིག །ཅེས་བརྗོད། བདེན་བདར་དཔུང་གཟུགས་འདི་ཙམ་གྱིས་ཆོག་གོ། དེ་ཡང་སྒྲུབ་ན་སྒྲུབ་པ་པོ་རང་གི་གོས་ནག་པོ་གྱོན། རོ་སོལ་གྱིས་གདོང་ནག་པོར་བསྒྱུར། ཐོད་ནག་


PS011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཅིང་པ་ལ་སོགས་པའི་ཆས་འཇུག་ཀྱང་བྱའོ། །དེ་ནས་གྲུབ་ན་རྔ་ཡི་སྒྲ་དང་དབྱངས་ལ་སོགས་པ་དང་བཅས་པའམ། མེད་ཀྱང་མི་སྤྲོ་ན་དེ་དག་མ་བྱས་ཀྱང་རུང་སྟེ། སྤྱི་བཏབ་མི་བྱེད་པར་དེའི་དོང་ལ། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ཅེས་སོགས་ཀྱི་བསྐུལ་དྲག་ཏུ་བྱས་ལ། རིག་པ་ལྷའི་ང་རྒྱལ་བརྟན་ཅིང་ཤིན་ཏུ་ཁྲོས་པའི་སེམས་དང་ལྡན་པས། གཙོ་བའི་གཏོར་མ་དཔལ་འབར་དང་བཅས་པ་དེ་ཉིད་ཧཱུཾ་ལ་དུག་དང་མཚོན་དང་། ནད་དང་། མེའི་ཕུང་པོ་འཇིག་རྟེན་གསུམ་སྐད་ཅིག་ལ་བརླག་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ། གཏོར་མ་ལག་པ་གཉིས་ཀྱིས་ཕྲག་གོང་གཡས་སུ་ཕྱར་ཏེ། ཤཱ་ས་ན་


PS011_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཚིག་དང་བཅས་པ་དྲག་ཏུ་བརྗོད་ཅིང་། དེའི་ཚེ་དམིགས་པ་ནི། གཏོར་མ་དེ་ཐོག་རྒྱུག་པ་ལྟར་དྲག་པོས་སྒྲ་དང་བཅས་པས་ཐོག་པ་མེད་པར་སོང་སྟེ། དགྲའམ་བགེགས་ཁོ་བོ་རིང་ཡུལ་ན་གནས་པ་མངོན་སུམ་ལྟ་བུར་བསམ་པ་དེའི་སྙིང་གི་དཀྱིལ་ན་སྲོག་གི་རྟེན་རྣམ་ཤེས་ཨ་ཐུང་ཏིལ་མར་གྱི་མར་མེ་ལྟ་བུ་དེ་ལ་མདའ་འཕངས་པ་ལྟར་ཕོག་པས། ནག་ཐུམ་གྱིས་སོང་ནས་སྲོག་དང་བྲལ། ཡིད་དྲན་པ་ཉམས། ལུས་ཤ་ཁྲག་རུས་པ་ཐམས་ཅད་ཆམ་ཆམ་དུ་སོང་། གཏོར་མ་འགྲོ་བ་དང་དུས་སྙམ་དུ་མགོན་པོ་འཁོར་བཅས་བར་སྣང་གང་བ་ཐམས་ཅད་ཤིན་ཏུ་ཁྲོས་ཤིང་རྔམ་པས་འཇིག་པའི་གད་མོས་ས་གཞི་དང་རི་བོ་ཐམས་ཅད་འཇིགས་པར་བྱེད་པའི་


PS011_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་སྒྲ་ལྟ་བུ་སྒྲོགས་ཤིང་རྒྱུག་སྟེ་སོང་ནས། བསྒྲུབ་བྱའི་ཤ་ཁྲག་རུས་པ་ཐམས་ཅད་ཆོམ་ཆོམ་ལྷག་མེད་པར་ཟོས། ཁྲོས་པའི་གར་མཛད་ཅིང་ནད་དང་། དུག་དང་། མཚོན་གྱི་ཆར་པ་ཕབ་པས་ཡུལ་ཕྱོགས་ཐམས་ཅད་བཅོམ་ཞིང་བརླག་པར་བྱས་པར་བསམ་མོ། །དེ་ལྟར་དམིགས་པ་གསལ་ཞིང་བརྟན་པར་བྱས་ནས། ཤཱ་ས་ནཱ་སྤེལ་ཚིག་དང་བཅས་པ་བརྗོད་དེ་གཙོ་བོའི་གཏོར་མ་འཕངས། དེ་རྗེས་འཁོར་རྣམས་ཀྱི་རང་གི་གཏོར་སྔགས་གོང་དུ་བཤད་པ་དེ་དག་བརྗོད་ལ་རེ་རེ་ནས་འཕངས། དེ་ནས་སྔགས་དྲག་ཏུ་བརྗོད། གོས་དང་ཐོལ་བརྡབ། ཐུན་སྒྲུབས་སྒྲུབ་པ་ཡོད་ནའང་འཕངས། དེ་ནས་ཨོཾ་བཛྲ་


PS011_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་རཀྵ་ཧཱུྃ། ཞེས་བརྗོད་དོ། །རང་གནས་པའི་གཏོར་མ་འཕེན་པ་དེ་ནས་རྡོ་རྗེ་རྭ་བས་བར་ཆད་བསམ་པ་ལ་བསྲུང་འཁོར་གསལ་གདབ། དཔོན་སློབ་ཐམས་ཅད་ཕྱིར་ཡེ་མི་བལྟ། གནས་འདིར་ཡོ་བྱེད་ཡེ་མ་ལུས་པར་བྱས་ལ། ངག་གཅད་དེ་སྔགས་བཟློས་ཤིང་ནང་དུ་འོངས་རྗེས་ཆོག་རྣམས་གཏོར་སྒྲུབ་ཀྱི་སྐབས་ལྟར་བྱའོ། །གཏོར་ཆེན་ཞེས་བྱ་བའི་མིང་ཙམ་ཞིག་བྱེད་པ་དང་བྲིས་པ་མང་པོ་ཡོད་ཀྱང་འདི་འདྲའི་མན་ངག་གི་གནད་ཐམས་ཅད་རྫོགས་པ་ཆེས་ཟབ་བའི་ཞལ་ཤེས་རྣམས་ཀྱིས་རྒྱན་པ་ནི། དེང་སང་ས་སྟེང་མ་ལུས་པར་ཟོང་དུ་གསེར་ཁུར་པོ་ཐེག་ཚད་ཁུར་ནས་བཙལ་ཡང་བརྙེད་པའི་གདམས་པ་མ་ཡིན་པས། ལས་འབྲས་


PS011_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མི་ཤེས་པའི་སྣོད་མིན་ལ་ཟུར་ཙམ་ཡང་མ་སྤེལ་བར་སྲོག་ལྟར་གཅེས་པར་བཟུང་ངོ། །གཏོར་ཆེན་ལ་བརྟེན་པའི་དྲག་པོའི་ལས་སྦྱོར། མནན་བསད་ཆིག་དྲིལ་གྱི་མན་ངག་དུག་ལྟ་བུ་ལ་ཡང་མི་སྦྱིན་པའི་བཀའ་རྒྱ་ཅན་ནི། བེ་བུམ་ནག་པོའི་མན་ངག་གི་ཡིག་ཅུང་གཙོ་ཆེ་ཤོས་གཅིག་ཡིན་ལ། ཡིག་ཆུང་ངོ་བོ་ནི་འདི་ལྟར་རོ།། །། ༈ ན་མོ་གུ་རུ། ཡེ་ཤེས་མགོན་པོའི་ལྟོ་བ་རུ། །དགྲ་བགེགས་མནན་ཅིང་བསྒྲལ་བར་བྱ། །ལིངྒ་སྔགས་གནད་མ་ནོར་གཅེས། །གྲི་གུག་སྒྲུབ་བྱ་བསད་པར་བྱ། །བསྟན་པ་འཇིག་ལ་ཐུག་པ་ན། །རྣལ་འབྱོར་བསྙེན་བསྒྲུབ་མཐར་སོན་ཅིག །དམ་ཚིག་ལྡན་པས་བྱ་བའི་ལས། །


PS011_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཞན་དུ་བྱ་བ་མིན། །གཏོར་མདའ་གཏོར་མའི་བཅའ་གཞི་དང་། །བྱུགས་པའི་རྫས་གསུམ་ལག་ལེན་གྱིས། །མན་ངག་བླ་མའི་ཞལ་ལས་དྲིས། །འདི་ནི་དུག་དང་འདྲ་བས་ན། །སྙིང་གི་བུ་ལ་སྦྱིན་མི་བྱ། །ཨིྀྛ༔ ཞེས་པའོ། །འདིའི་ལག་ལེན་ཞལ་ཤེས་དང་བཅས་པའི་མན་ངག་ཆིག་རྒྱུད་ཡིན་པས། བླ་མ་ཁྱུང་པོས་རྟོགས་ལྡན་ཞང་སྒོམ་ཆོས་སེང་ལ་སྔོན་དུ་གནང་ཚར་ནས་རྨོག་ལྕོག་པ་ལ་ཡང་མ་གནང་བར། ཁོང་གི་རྟོགས་ལྡན་ཞང་སྒོམ་ཆོས་སེང་ལ་ཞུས། རྨོག་ལྕོག་པས་ཀྱང་སྐྱེར་སྒང་པ་ལ་དུས་ཕྱིས་བར་དུ་མ་གནང་ཡོད་པའི་གཏམ་ཡང་གསུང་མ་ཉན། ཕྱིས་སྐུ་གཤེགས་པའི་གོང་ཙམ་དུ་སྐྱེར་སྒང་དུ་གདན་དྲངས་འབུལ་བ་


PS011_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་མཛད་པའི་དུས་སུ་འདི་དང་། སེར་བ་ལ་སོགས་པ་དང་། འཁོར་གྱི་དགོས་སྒྲུབ་ཟབ་ཤོས་གཅིག་དང་བཅས་པ་ལ་སོགས་པ་གནང་། ང་མན་ངག་ལྷག་མ་ཡོད་དྲི་དབུ་སྙུང་བཞེད་པ་ཡིན་ཞེས་འབྱུང་ངོ། །འདིའི་ལག་ལེན་གྱི་མན་ངག་ནི་འདི་ཡིན་ཏེ། རོ་ཐལ་གྱི་བྱུགས་པའམ། ཕུང་ཤུལ་གྱི་ས་ལས་བྱས་པའི་སྟེགས་བུའི་ཁར་རོ་སོལ་གྱིས་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པ་བྲིས་པའི་སྟེང་དུ་ས་བོན་མི་བྲིས། གྲུ་གསུམ་དེ་འབྲུབ་ཁུང་གི་མཚོན་བྱེད་ཡིན་གྱིས། ལྷ་གང་དུ་བསྐྱེད་པའི་ཆོས་འབྱུང་མ་ཡིན་ནོ། །དེ་ནས་གཏོར་མ་བཅའ་བ་ནི། ནས་ནག་བརྗེན་བཏགས་ཀྱི་ཕྱེ་ཁྲག་ཆང་སྲེས་པ་ལ་གྲི་ཁྲག་གི་ཀྱང་བར་ཁུ་བ་བྱས་


PS011_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དཔལ་བཤོས་ཟུར་གསུམ་ཆེན་པོ་ཁྲུ་གང་ལས་མི་ཆུང་བ་བྱས་པའི་གསུམ་གཉིས་སྟེང་དུ་བཞག །གསུམ་ཆ་འོག་ཏུ་བཞགས་པའི་མཚམས་ནས་གྲིས་བཅད་ལ། །འོག་མ་དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་ཅུང་ཡངས་པ་གཅིག་བྲུ། དེ་ནས་ཤ། གྲོ་གའམ། མེད་ན་ཤོག་བུས་ཀྱང་བྱས་ནས་རུང་སྟེ་སོར་བཞི་ཙམ་ལ་དགྲ་བགེགས་གང་ཡིན་དེའི་ལིངྒ་སྔགས་ཅན་དཔེ་ཆུང་ལྟར་བྲིས་པ་ལ། རང་ཡི་དམ་དུ་གསལ་བ་དང་མདུན་དུ་མགོན་པོ་བསྐྱེད་ཅིང་སྤྱན་དྲངས་ནས། རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། རང་དང་མགོན་པོ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་ཁྲོ་བོ་ཞགས་པ་དང་ལྕགས་


PS011_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་བསྒྲུབ་བྱ་དེའི་སྐེ་ནས་ཞགས་པས་བཅིངས། སྙིང་ག་ནས་ལྕགས་ཀྱུས་བཟུང་། རྒྱབ་ནས་དབྱུག་པ་དང་ཐོ་བ་སོགས་ཀྱི་སྡིག་བཞིན་པས་རླུང་གི་དཀྱིལ་འཁོར་ནག་པོའི་སྟེང་དུ་གཅེར་བུ་གོས་དང་བྲལ་བ། དབང་པོའི་སྒོ་ཐམས་ཅད་ནས་ཁྲག་འཛག་ཅིང་ཁ་ནས་སྲིད་ཅིས་སྒྲོགས་པ་འདར་ཞིང་སྐྲག་པའི་མིག་ཅན་དེ་ཉིད། ཡན་ལག་ཐམས་ཅད་ལྕགས་སྒྲོག་གི་བཅིང་སྟེ་བཞག་ནས་ཐོག་པ་མེད་པར་བདག་ཉིད་ཀྱི་དྲུང་དུ་ཁྲིད་འོང་བར་བསམ་ལ། དམིགས་པ་བརྟན་པོས་ལྕགས་ཀྱུས་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲེཾ་ཁྲེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆྒཻ་མོའི་ཨ་ཀརྵ་ཡ་ཛཿཛཿཅེས་


PS011_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཉེར་གཅིག་ལ་སོགས་པ་བརྗོད་ནས། སེམས་མ་ཡེངས་པར་རྩེ་གཅིག་ཏུ་བསྒྲིམ་སྟེ་དངོས་ཁུག་པའི་མོས་པ་བརྟན་པོའི་བྱས་ནས་ལིངྒ་དེ་ལ་ཛཿཧཱུྃ་བྃ་ཧོཿས་བསྟིམ་ཞིང་གཉིས་སུ་མེད་པར་བསྲེས་ལ། ལིངྒ་དགྲ་བགེགས་གང་ཡིན་དངོས་སུ་མོས་པར་བྱ། དེ་ནས་དགྲ་བོའི་ལུས་ལ་གནས་པའི་འཇིག་རྟེན་ལས་འདས་པའི་ལྷ་དང་མགོན་སྐྱོབ་མཛད་པའི་ལྷ་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་སྒྲུབ་བྱ་དེས་བླ་མའི་སྐུ་དགྲ་བྱེད་པ་དང་། དགེ་འདུན་གྱི་སྡེ་བཤིག་ཅིང་དཀོར་ཕྲོག་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་པའི་བསམ་སྦྱོར་དྲག་པོ་གནས་པ་དང་། ཆོས་བཞིན་བྱེད་པའི་སྒྲུབ་པ་པོ་རྣམས་ལ་བར་དུ་གཅོད་ཅིང་རྣམ་པར་འཚེ་བ་དང་། སྐྱེ་བ་


PS011_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ལ་གནོད་ཅིང་རྣམ་པར་འཚེ་བ་ལ་སོགས་པའི་ཉེས་པ་རྒྱས་པར་སྒྲགས་ཏེ། འདི་ལྟ་བུ་ཡུན་རིང་དུ་གསོན་ན་བསྟན་པ་དང་སེམས་ཅན་དུ་མ་ལ་གནོད་པ་ཆེན་པོར་འགྱུར་ཞིང་། འདི་ཉིད་ཀྱང་ཡུན་རིང་དུ་ངན་སོང་ལས་ཐར་ཐབས་མེད་པའི་ལས་ཤིན་ཏུ་ལྕི་བ་དུ་མ་གསོག་པར་འགྱུར་བས། འདིའི་ལུས་ལ་བཞུགས་པའི་དུས་མ་ལགས། མགོན་སྐྱབས་མཛད་པའི་དུས་མ་ལགས་ཀྱི། འདིའི་ལུས་ལ་མ་བཞུགས། མགོན་སྐྱབ་མ་མཛད་པར་འདི་ཉིད་ཆོམས་ཤིག །ཅེས་ལན་གསུམ་བརྗོད་པས། དེ་ཐམས་ཅད་སྲིན་པོ་ཁྲོས་པ་ལྟ་བུའི་ཁྲོ་བོ་རྣམས་སུ་འགྱུར་ཏེ། དེའི་ལུས་ལས་དོན་སྙིང་དང་། ནང་ཁྲོལ་ལ་སོགས་པ་རྣམས་ཐམས་


PS011_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དྲངས་ནས་ཚུར་བྱོན་ནས་བདག་ཉིད་ལ་ཐིམ་པས་བདག་སྔར་བས་ཀྱང་མཐུ་སྟོབས་ཆེས་ཆེ་བར་གྱུར་བསྒོམ་པར་བྱའོ། །དེ་ནི་བཟླས་པའི་ལྷ་དང་བྲལ་བའོ། །དེ་ནས་གོ་ཆ་དཔྲལ་བ་ནི། བདག་དང་མགོན་པོའི་ཐུགས་ཀ་ལས་སྤྲོས་པའི་ཁྲོ་བོ་བཤད་མ་ཐག་པ་ལྟ་བུ་རྣམས་ཀྱི་དེའི་ལུས་ལ་གནས་པའི་བསྲུང་བ་དང་། སྔགས་མདུད་དང་དེ་རང་དང་དེ་སྐྱོབ་པའི་བླ་མ་སོགས་ཀྱིས་བསྒོམས་པའི་བསྲུང་འཁོར་ཐམས་ཅད་འོད་ཀྱི་ཞགས་པ་དང་ཁྲོ་བོའི་ཕྱག་གི་ཞགས་པས་བཅིངས་ཤིང་ལྕགས་ཀྱུ་རྣམས་ཀྱི་བཏབ་སྟེ། ཁོ་བོ་ཡན་ལག་རགས་ཤིང་ལུས་ཆེ་བ་རི་རབ་ཀྱང་བསྒུལ་བར་ནུས་པ་ལྟ་བུ་དཔག་ཏུ་མེད་པས་རང་དབང་མེད་པར་དྲངས་ཏེ་འོང་བར་


PS011_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྟེ། ལྕགས་ཀྱུའི་ཕྱག་རྒྱ་བཅའ་ཞིང་། ཆྒཻ་མོའི་ཀྵ་པཾ་པུཥྚིཾ་རཀྵ་མནྟྲ་དེ་བ་ཏན་ཙ་ཨ་ཀརྵ་ཡ་ཛཿཞེས་མང་དུ་བརྗོད་ཅིང་། དེ་ལྟར་དམིགས་པ་བརྟན་པོའི་བཀུག་ནས་བསྲུང་འཁོར་རྣམས་བདག་གིས་བསྒོམས་པའི་བསྲུང་འཁོར་ལ་བསྟིམ། སྔགས་མདུད་དང་བྲིས་པའི་འཁོར་ལོ་དང་། །རྟེན་འབྲེལ་གྱིས་རྫས་དང་། རིན་པོ་ཆེའི་བྱེ་བྲག་ལུས་དང་གནས་ཁང་བསྲུང་བའི་དོན་དུ་བཅངས་པ་ལ་སོགས་པ་ཐམས་ཅད་བདག་གི་གཡས་ཀྱི་གཡོན་ཕྱོགས་སུ་བཞགས་པར་མོས་ཏེ། རང་གི་སྙིང་ག་ནས་ཁྲོ་བོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དཔག་ཏུ་མེད་པར་འཕྲོས་ཏེ། དེ་ཐམས་ཅད་ལ་གཙུགས། ཡང་རང་གི་ཐུགས་


PS011_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་ཁྲོ་བོ་རྡོ་རྗེ་ཐོ་བ་ཐོག་པ་རྣམས་སྤྲོས་ཏེ། ཕུར་བུ་རྣམས་ཀྱི་སྤྱི་བོ་ནས་བརྡུངས་པར་བསམ་ལ། ཨོཾ་གྷ་གྷ་གྷ་ཏ་ལ་སོགས་པའི་འཇུག་ཏུ། ཆྒཻ་མོའི་ཀྵ་པཾ་པུཥྚཾ་དི་རཀྵ་མནྟྲ་དེ་བ་ཏན་ཙ་བཛྲ་ཀི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་བདུན་ལ་སོགས་པ་བརྗོད་པར་བྱའོ། །བླ་མ་གོང་མའི་མན་ངག་ལ་གྷ་གྷ་སོགས་མི་འདུག་ནའང་ཡོད་པ་ཐད་པར་མཐོང་ངོ་། །བསོད་ནམས་ཀྱི་མཐུ་དང་དབྲལ་བ་ནི། བདག་དང་མགོན་པོའི་སྐུ་ལས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་གྲངས་མེད་པ་མདུན་གྱི་སྒྲུབ་བྱའི་བ་སྤུའི་སྒོ་ཐམས་ཅད་ནས་ལུས་ཀྱི་ནང་དུ་ཞུགས་ཏེ། བསྒྲུབ་བྱའི་བསོད་ནམས་དང་། གཟི་བརྗིད་དང་། དབང་ཐང་དང་། དཔལ་དང་ཕུན་སུམ་ཚོགས་པ་


PS011_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འོད་ཟེར་དཀར་པོས་རྣམ་པར་ཚུར་དྲངས་ཏེ། བདག་གི་བ་སྤུའི་སྒོ་རྣམས་ནས་ཞུགས་པས་བདག་གི་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་ཅིག །སྒྲུབ་བྱ་དེ་དབང་པོ་དང་ལུས་ཀྱི་མདངས་ཤོར། བསོད་ནམས་དང་གཟི་བརྗིད་ཉམས་ཏེ་ཤིན་ཏུ་རིང་པར་གྱུར་པར་བསམ་མོ། །དེ་ནས་འཇིག་རྟེན་པའི་ལྷ་དང་བྲལ་བ་ནི། འགུགས་པའི་དམིགས་པ་དང་བཀུག་པ་ནས་ཕུར་གདབ་བྱེད་པ་སྔར་ཇི་ལྟ་བ་ལ། ཁྱད་པར་ནི། ཆྒཻ་མོའི་ལོ་ཀ་དེ་བ་རཀྵ་ཨ་ཀརྵ་ཡ་ཛཿཅེས་པའི་སྔགས་ཀྱི་འགུགས་པ་དང་། ཆྒཻ་མོའི་ལོ་ཀ་དེ་བ་རཀྵ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་འདེབས་པའོ། །ཁྱད་པར་རྫས་


PS011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྲལ་བ་ནི། དེ་ནས་སྒྲུབ་ཁང་མ་ཡིན་པ་སྒོ་ཁང་ལ་སོགས་པ་ཐོག་ཕུབ་པ་གཅིག་ཏུ་སོང་ལ། ལིངྒ་དེ་སྙུག་མའི་བཀམ་པ་རིང་པོ་ཅིག་གི་རྩེ་མོ་བཀས་པའི་བར་དུ་རྐང་པ་མ་ཟིན་ཙམ་བཅུག །རང་གི་ལག་པ་རས་ལ་སོགས་པས་དྲིལ་ཏེ་དུ་བ་མི་ཕོག་པར་བྱས་ལ། སྙུག་མའི་རྩ་བ་ནས་བཟུང་སྟེ། རོ་སོལ་གྱི་མེ་ལ་གུ་གུལ་ནག་པོ། བསེ་ནག་གི་རོ། བཙུན་དུག །ཟ་འགོ། བཞི་མོང་ནག་པོ། རྟ་བོན་མུ་ཟི་ནག་པོ་རྣམས་བསྔོགས་པའི་དུ་བ་ལ་བདུག །དེའི་ཚེ་ལིངྒི་སྒྲུབ་བྱ་དངོས་སུ་བསམ་ལ། རྫས་རྒོད་ཀྱི་དུ་བས་བདུག་པས་ཡིད་མྱོས། དྲན་པ་ཉམས། ལྷ་བསྲུངས་ཐམས་ཅད་ཕྱོགས་སུ་འཁོར་མི་ནུས་པ་བསམ།


PS011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མ་ཡེངས་པར་བྱེད་པ་མ་གཏོགས་སྔགས་བཟླ་མི་དགོས། རང་གི་སྣ་བུག་དང་། གོས་དང་། ལུས་ལ་དུ་བ་མ་ཕོག་པ་དང་། དུ་བ་སྒྲུབ་ཁང་དུ་ཡེ་མ་སོང་བ་གལ་ཆེའོ། །དེ་ལྟར་བཟླས་པའི་ལྷ་དང་དབྲལ་བ་ལ། གོ་ཆ་དང་དབྲལ་བ། འཇིག་རྟེན་གྱི་ལྷ་དང་དབྲལ་བ་སྟེ། ཁ་སྦྱོར་དབྱེ་བ་བཞི་པོ་འདི་ལ་བེ་བུམ་ནག་པོས་མན་ངག་ཅེས་ཐ་སྙད་བྱེད་པའི་ཡིག་ཆུང་མདོར་བསྡུས་ཚན་པ་བཞི་འདུག་ནའང་ཁོ་བོས་གསལ་ཞིང་རྒྱས་པར་ཕྱོགས་གཅིག་ཏུ་བླ་མའི་མན་ངག་ལྟར་དུ་བཀོད་པ་ཡིན། ཁ་སྦྱོར་དབྱེ་བ་འདི་འདྲ་བའི་ཟབ་ཅིང་རྒྱས་ལ་ཆ་ཚང་བ། ལྷ་དང་ཆོས་སྐྱོང་གཞན་གང་གི་མན་ངག་ལ་མི་འདུག །ཁ་སྦྱོར་


PS011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མ་ཐུབ་ན་དྲག་ལས་ཅི་འདྲ་ཞིག་བྱེད་ཀྱང་ནུས་པ་ཐོན་མི་སྲིད་པས། འདི་ལས་གལ་ཆེ་བ་ལས་སྦྱོར་འདི་རིགས་ལ་མེད་དོ། །དེ་ལྟར་ཁ་སྦྱོར་དབྱེ་བར་ཡིད་ཆེས་པར་བྱས་པའི་རྗེས་སུ་ལིངྒ་དེ་མ་ལྟེབ་པར་བལ་སྔོ་དམར་གྱི་སྐུད་པས་རྒྱ་གྲམ་དུ་དཀྲིས་ཏེ། གཏོར་མའི་གསུམ་ཆ་ཞབས་ཀྱི་ཟུར་དུ་བཅད་པའི་དབུས་སུ་གྲུ་གསུམ་བྲུས་པ་དེའི་ནང་དུ་མགོ་འཇུག་ལྡོག་ནས་ཁ་མདུན་ཕྱོགས་ལ་བསྟན་ཏེ་བཅུག །དེ་ནས་ལྕགས་ཕྱེ། རྡོ་ཕྱེ། ཡུངས་ཀར། ཉུངས་ནག །སྐེ་ཚེ། ཤངས་ཚེ་སོགས་ཤ་ས་ན་ཁྲི་ཁྲག་ལ་སོགས་པ་བཟླས་ནས། སྔོན་དུ་སྒྲུབ་པའི་ཐུན་ཡོད་ན་དེ་དག་གི་གྲུ་གསུམ་ཁེངས་པར་གང་། མེད་ན་བཀང་ཀྱང་རུང་།


PS011_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་སྟེང་གཏོར་མའི་གསུམ་གཉིས་ཟུར་དུ་བཅད་པ་དེ་སྦྱར་ནས་མཚམས་མི་མངོན་པར་བྱ་གཏོར་མའི་ལོགས་གཅིག་མི་ཁྲག་གཅིག་ཁྱི་ཁྲག་གཅིག་རྟ་ཁྲག་གིས་བྱུག །བག་ཟན་ལ་དྲེག་པ་ནག་པོས་བསྒྱུར་བའི་བྱ་རོག་ནག་པོ་ལྡིང་བ་གསུམ་གྱི་གཟུགས་སྙུག་མའི་རྩེ་ལ་སྐྱོན་པ་གཏོར་མའི་ལོགས་གསུམ་ལ་གཙུགས། འཐེབ་ཀྱུ་སོགས་གཏོར་ཆེན་ལ་གོང་དུ་བཤད་པ་དང་འདྲ། འདི་ལ་མར་གྱི་གཏོར་རྒྱན་མི་བྱེད། རྒྱལ་འགོང་ལ་དགོངས་སུ་བྱེད་ན་རྟ་ཁྲག་གི་དོང་སྤྱིན་ཤུའི་ཁྲག་ལ་བྱ། བྱ་རོག་གི་སྒྲོ་གསུམ་སྐྱོན་པའི་བར་བར་དུ་སྔགས་ཐུང་བྲིས་ཤིང་གྲི་ལྕགས་ཀྱི་མདེའུ་བྱས་སྙུག་མ་དང་། བཅའ་ར་དང་།


PS011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཐམས་ཅད་རྒྱ་སྣགས་ལ་དུག་ཁྲག་གི་བསྲེས་པའི་ཁུ་བས་བྱུགས་པའི་མདའ་ལ་དར་ནག་བཏགས་པ་གཏོར་མ་ལ་བཙུགས། གཞན་འཁོར་གྱི་གཏོར་མ་དང་གཏོར་ཆུང་གི་བཤམས་ཚུལ་གོང་དུ་གཏོར་ཆེན་ལ་བརྗོད་པ་ཇི་ལྟའོ། །མདུན་དུ་རོ་སོལ་གྱིས་རྩེ་མོ་ཕར་བསྟན་པའི་གྲུ་གསུམ་ནག་པོ་གཅིག་བྲིས་པའི་དབུས་སུ་བག་ཟན་ལས་བྱས་པའི་ལིངྒ་སོར་བཞི་པ་གཅིག་བཞག །དེ་ནས་ཉིན་ཞག་རེ་རེ་ལ་ཐུན་དྲུག་དྲུག་ཏུ་བྱེད་པ་དང་། ཐུན་རེ་རེ་ཞིང་ཆོ་ག་གང་བྱེད་པའི་ཆོ་གའི་སྤྱིའི་རྣམ་བཞག་གཞན་ཐམས་ཅད་གོང་དུ་གཏོར་ཆེན་གྱི་སྐབས་སུ་བཤད་པ་དང་འདྲ་བ་ལ། འདིའི་ཐུན་མོང་མ་ཡིན་པའི་མི་འདྲ་བའི་ཁྱད་པར་


PS011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མདུན་གྱི་གཏོར་མ་ཆེན་པོ་ལྷར་བསྐྱེད་པའི་ཚེ། མདུན་དུ་འབྲུབ་ཁུང་ནག་པོ་ཟུར་གསུམ་པ་རྒྱ་ཆེ་ཞིང་གཏིང་ཟབ་པ་ནད་དང་དུག་གི་ན་བུན་འཚུབས་པའི་ནང་ན་དགྲ་བོའི་སྤྱིའུ་ཚུག་ན་གནས་པའི་འབྲུབ་ཁུང་གི་སྟེང་གི་པདྨ་ཉི་མ་ཚོགས་བདག་གི་གདན་ལ་མགོན་པོ་བསྐྱེད་པར་བྱ་ཞིང་། ལྷ་མོ་ཕྱག་བཞི་མ་ལ་སོགས་པའི་འཁོར་གྱི་བསྐྱེད་ཚུལ་ཁྱད་པར་གོང་དུ་བཤད་པ་ལྟར་རོ། །བཟླས་པའི་དམིགས་པ་ནི། གཏོར་མའི་ཞབས་ཀྱི་འབྲུབ་ཁུང་བཤད་མ་ཐག་པ་ལྟར་བསྒོམ་པའི་ནང་གི་ལིངྒ་དགྲ་བོ་དངོས་སུ་མོས་པ་སྤྱི་བོ་ཚུགས་སུ་གནས་པའི་སྙིང་རྩའི་ནང་ནས་རྣམ་ཤེས་ཀྱི་རྟེན་སྲོག་གི་དྭངས་མ་ཨ་ཐུང་ཤད་ཀྱི་རྣམ་པ་ཏིལ་


PS011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱི་མར་མེ་ལྟར་གསལ་བར་བསྒོམས་པར་བྱའོ། །གཏོར་མ་མགོན་པོར་བསྐྱེད་པ་དེའི་ཐུགས་ཀའི་ཧཱུྃ་ལས་གྲི་གུག་རྣོ་ཞིང་རབ་ཏུ་འབར་བ་ཐོན་བྱུང་སྟེ། འོག་གི་འབྲུབ་ཁུང་གི་ནང་དུ་སོང་ནས། དགྲ་བོའི་སྤྱི་བོ་ཚུགས་སུ་གནས་པའི་ཤངས་ལམ་ནས་ཞུགས། རྩ་དབུ་མའི་ནང་ནས་སོང་སྟེ་སྙིང་གའི་ཨ་ཐུང་མར་མེ་ལྟ་བུ་དེའི་དཀྱིལ་དུ་ཤུགས་དྲག་ཅིང་མྱུར་བར་འཁོར་བས་ཨ་ཐུང་ནག་ཐུམ་ཐུམ་སོང་ཞིང་། དགྲ་བོའི་ཁ་ནས་ཁྲག་སྦུ་ནར་ནར་འཛག་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བི་ན་ཡ་ཀ་མིང་རུས་ཆྒཻ་མོ་ལ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཅེས་དམིགས་པ་གསལ་ཞིང་རིགས་པ་གྲིམས་ལ་ང་རྒྱལ་བསྟན་པས་བཟླས་པར་བྱ་སྟེ། ཤ་ས་


PS011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤེལ་ཚིག་དང་བཅས་པ་བཟླས་པ་ལ་ཡང་དམིགས་པ་དེ་ཉིད་དོ། །སྔགས་བརྒྱ་རྩ་རེ་ཙམ་སོང་བ་དང་ཐུགས་ཀའི་ཧཱུྃ་ལས་གྲི་གུག་འཕྲོས་པས་སྔར་ལྟར་སོང་སྟེ། སྔར་སྙིང་ག་ནས་འཁོར་བཞིན་པའི་གྲི་གུག་དེ་ལ་ཐིམ་པས་སྔར་ལས་ཀྱང་ཤུགས་དྲག་ཏུ་འཁོར་བའི་དམིགས་པ་བྱས་ལ་སྲོག་དང་བྲལ་བར་བསམ་མོ། །འདི་ནི་སྔགས་གནད་མ་ནོར་བར་གཅེས། །ཞེས་པའི་ཞལ་ཤེས་དངོས་གཞིའོ། །གཏོར་མ་སྟོབ་པའི་སྐབས་སུ་གོང་དུ་བཤད་པའི་བསྒྲལ་བའི་ལས་དྲུག་འདི་ལ་མི་བྱེད། སྔོན་དུ་གཏོར་ཆུང་དང་འཁོར་གྱི་འཁོར་གྱི་གཏོར་མ་རྣམས་བྱིན་གྱིས་བརླབས། དེ་ནས་མདུན་གྱི་བག་ཟན་གྱི་ལིངྒ་དེ་དགྲ་བོའི་མིང་ཡིག་


PS011_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཐིག་ལེ་བརྒྱན་པ་ཞུ་བ་ལས་བྱུང་བའི་དགྲ་བོ་དངོས་སུ་བསམ་ལ། དེ་ནས་དགྲ་བོ་དགུག་པ་ལིངྒ་བསྟིམ་པ། ཁ་སྦྱོར་དབྱེ་བ་བཞི་དང་བཅས་པ་གོང་དུ་བཤད་པ་ཇི་ལྟ་བ་བཞིན་དུ་བྱ། དེ་ནས་རང་ཉིད་ཡི་དམ་གྱི་ང་རྒྱལ་ལས་མགོན་པོའི་ང་རྒྱལ་དུ་འཕོས་ནས་ཤིན་ཏུ་ཁྲོས་པའི་སེམས་དང་ལྡན་པས་ཡོད་ན་གྲི་ལྕགས་ལས་བྱས་པའི་གྲི་གུག །མེད་ན་སྐྱེས་པ་དར་མ་གཡུལ་དུ་བསད་པའི་གྲི། དེ་ཡང་མེད་ན། གྲི་ངར་དང་ལྡན་པ་ལ་གྲི་ཁྲག་གི་བྱུག་པ་ལག་ཏུ་བཟུང་སྟེ། དེ་ཉིད་ཕྱག་གཡས་ཀྱི་དང་པོའི་གྲི་གུག་ཏུ་བསྒོམས་ནས། སྔགས་ཐུང་སྤེལ་ཚིག་བཅས་པ་གོང་དུ་བཤད་པ་ལྟར་དྲག་ཏུ་བརྗོད་ཅིང་། ལིངྒ་དགྲ་བོ་དངོས་སུ་མོས་པ་དང་།


PS011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་དྲག་པོ་བྱས་པའི་རྐང་པ་གཡས་ན་བརྩམས་ཏེ་རིམ་པ་བཞིན་དུ་བཏུབ། མགོན་པོའི་འཁོར་ལོ་དང་གནོད་སྦྱིན་གཤིད་གཉིས་ལ་སོགས་པས་ཀྱང་དགྲ་བོ་དེ་གཅོད་པ་དང་གཏུབ་པའི་ལས་བྱེད་པར་བསམ། དེ་ལྟར་གཏུབ་པའི་དུམ་བུ་རྣམས་གཏོར་ཆུང་རྣམས་ཀྱི་ནང་དུ་བཅུག་པས་ཐོད་པ་ཤིན་ཏུ་ཡངས་པ་ཤ་ལྔ་བདུད་རྩི་ལྔས་གང་བ་རྣམས་སླར་ཡང་དགྲ་བོའི་ཤ་ཁྲག་རུས་པ་དོན་སྙིང་ནང་ཁྲོལ་མགོ་བོ་ལ་སོགས་པའི་ཡན་ལག་གི་དམར་མེར་ཁེངས་པར་བསམ་སྟེ། དེ་མ་ཐག་ཏུ་གཏོར་ཆུང་ལག་ཏུ་འཕྱར་ནས་དེང་བྱེད་པ་དང་དུས་མཉམ་དུ་མ་གཡེལ་གཅིག་བྱས་ནས་བཏབ་པ་དང་། འཇུག་ཏུ་གཙང་ཞིང་གཙང་མར་


PS011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་གཏོར་རྫོངས་སོགས་དང་། བསྟོད་བསྐུལ་རྣམས་སྔར་དང་འདྲའོ། །བསྟོད་བསྐུལ་ཟིན་མ་ཐག་ཡང་བག་ཟན་གྱི་ལིངྒ་གཅིག་བཅས་ལ་སྔར་ལྟར་གྲུ་གསུམ་ནག་པོའི་དབུས་སུ་བཞག་གོ། དེ་ལྟར་ཞག་རེ་ལ་ལན་དྲུག་དྲུག་གོ། འདི་དག་གི་སྐབས་སུ་ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་ཁ་ཡར་རེ་ལས་མི་བྱེད། ཡིག་བརྒྱ་ཐུན་རེ་ལ་ལྔ་བཅུ་རེ་ཙམ་དང་བཤགས་པ་ལ་ནན་ཏན་བསྐྱེད། ཆོས་སྐྱོང་ར་ལ་མི་ལྡོག་པ་ཡིན་ནོ། །སྔགས་ཐུང་གསུམ་ཆ། སྔགས་རིང་གསུམ་གཉིས་འཁོར་རྣམས་ཀྱིའང་སྔགས་སྤེལ་ཚིག་དང་བཅས་པ་ཅི་རིགས་པ་བཟླའོ། །འདི་ཤིན་ཏུ་རྩུབ་པས་བསྙེན་སྒྲུབ་བཏགས་ཐོན་པ་སོ་ཞིང་། དམ་ཚིག་ཤིན་ཏུ་གཙང་བའི་ནང་ན་


PS011_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ཡེ་མེད་པའི་གྲོགས་གསུམ་བཞི་སོགས་མ་གཏོགས། མཚན་ཉིད་དེ་དག་མ་ཚང་བའི་སྒྲུབ་གྲོགས་ནི་ཆོས་སྐྱོང་རང་ལ་ལྡོག་པའི་རྒྱུ་ཐུན་མོང་མ་ཡིན་པས་ཡིན་པས་མང་བ་མི་དགའ་ཞིང་། སྔགས་རྒྱུན་ནར་མ་མེད་ཀྱང་རུང་ངོ་། །ལིངྒ་ལ་དགྲ་བོའི་རྐང་རྗེས་ཀྱི་སའམ། གཅིན་ཤུལ་གྱི་སའམ། ཟག་རྫས་སམ་ལུས་ཀྱི་དྲི་མ་སོགས་གང་རུང་འདྲེས་ན་ཁྱད་ཤིན་ཏུ་ཆེ་ཞིང་མྱུར་རོ། །དགྲ་བོ་དུ་མ་ལ་བྱ་དགོས་པ་བྱུང་ན་གཏོར་མ་ཤིན་ཏུ་ཆེ་བ་བྱས་ལ། གསུམ་གཉིས་སྟེང་དང་གསུམ་ཆ་འོག་ཏུ་བཞག་པའི་མཚམས་ནས་བཅད་པའི་གསུམ་ཆ་པོ་དེ་ཡང་དཔངས་ཆ་མཉམ་གསུམ་དུ་སྒོ་ནས་བཅད་པ་རེ་རེ་ལ་ཡང་དབུས་དང་ཟུར་གསུམ་


PS011_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྲུབ་ཁུང་རེ་རེ་བྲུས་པས་འབྲུབ་ཁུང་བཞི་གསུམ་བཅུ་གཉིས་གྱུར་ལ། དེ་རེ་རེར་ཡང་ལིངྒ་རེ་རེ་དང་། ཤིན་ཏུ་མང་ན་འབྲུབ་ཁུང་རེར་ལིངྒ་གསུམ་མམ་ལྔའམ་བདུན་ལ་སོགས་པ་ཡང་བཅུག་ཏུ་རུང་ལ། ནང་དུ་ལིངྒ་དུ་མ་བཅུག་པའི་གྲངས་དང་མཉམ་པའི་ཕྱི་རུ་བག་ཟན་གྱི་ལིངྒ་བཅའ་བ་དང་། བཟླས་པའི་ཚེ་དེ་རྙེད་ཀྱི་གྲི་གུག་སྤྲོ་བ་སོགས་ཤེས་པར་བྱའོ། །མགོན་པོ་ལེགས་པར་འགྲུབ་ན་ལིངྒ་དངོས་སུ་མ་བཅུག་ཀྱང་། གྲུ་གསུམ་རྣམས་སུ་མིང་ཡིག་སྒོམ་པ་ཙམ་གྱི་ཀྱང་ཐོག་པ་མེད་པར་གྲུབ་པར་སྣང་ངོ་། །ཞེས་བྱའོ། །རང་ལ་རྦོད་གཏོང་བྱེད་པའི་བྱེད་མ་བསད་པ་ལ་ཡང་ཆོ་ག་འདི་ཉིད་དོ། །གྲོང་ཁྱེར་དཀྲུག་པར་འདོད་ན། ཤོག་བུ་ལ་


PS011_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་དེའི་གཟུགས་བྲིས་པའི་དབུས་སུ་རྒྱལ་པོ་དང་བློན་པོ་གཙོ་བོ་དེ་དག་གི་གཟུགས་ཀྱི་ལིངྒ་སྔགས་ཅན་བྲིས་པ་ལ་དགུག་གཞུགས་སོགས་སྔར་ལྟར་བྱེད་པའི་ཚེ་གྲོང་ཁྱེར་རངས་སོ་བཅུགས་བཅིངས་བསྟིམ་པ་སོགས་བྱེད་ནས་འབྲུབ་ཁུང་དུ་བཞུགས། བཟླས་པའི་ཚེ་སྔགས་ཐུང་དང་སྔགས་རིངས་ཀྱིའང་དི་ན་མེ་ཀི་ནའི་འཇུག་ཏུ། གྲོང་ཁྱེར་ཆྒཻ་མོ་དཀྲུག་དཀྲུག་ཕྱེ་ཕྱེ་ཤིག་ཤིག་གྲོང་ཁྱེར་ཆྒཻ་མོའི་བདག་པོ་འཁོར་དང་བཅས་པ་བི་དེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཅེས་བཟླས་པར་བྱ་ཞིང་ཐུགས་ཀའི་ཧཱུྃ་ལས་གྲི་གུག་གི་འཁོར་ལོ་དུས་མཐའི་མེ་ལྟར་དྲག་པོའི་རླུང་དང་བཅས་པ་སྤོས་པ་གྲོང་ཁྱེར་དེའི་དབུས་སུ་སོང་ཞིང་རྣམ་པར་དཀྲུག་ཅིང་གཏོར་


PS011_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉམས་པར་བྱས་པར་བསམ་སྟེ། འདི་ལ་ཕྱི་རུ་མིའི་ལིངྒ་མ་གཏོགས་གྲོང་ཁྱེར་གྱི་མི་དགོས་སོ། །དེ་འདྲ་བའི་ཕྱི་ནང་གི་རྟགས་རབ་འབྲིང་ཐ་མ་གང་ཡང་རུང་བའི་ཡིད་བརྟེན་ཐུབ་ངེས་མ་བྱུང་གི་བར་དུ་བྱས་པའི་མཐར་གཏོར་མ་ཆེ་བའི་མགོན་པོ་མཁའ་ལ་བཏེག །གཏོར་ཆེན་གཏོར་ཆུང་ཐམས་ཅད་བྱིན་གྱིས་བརླབས། ལིངྒའི་ཆོ་ག་གོང་ལྟར་བྱས་ཤིང་དབུལ། གཏོར་མ་ཕྱིར་ཁྱེར་ནས་ཟོར་དུ་འཕེན་པའི་ཚུལ་གཞན་ཐམས་ཅད་སྔར་དང་འདྲ་བ་ལ། ཁྱད་པར་གྲུ་གསུམ་སྟེང་འོག་སྦྱར་མཚམས་ནས་ཕྲལ་ཏེ་སྟེང་གི་གྲུ་གསུམ་གཉིས་དཔལ་འབར་བཙུགས་པ་ཟོར་དུ་འཕེན་པའི་དམིགས་པ་སོགས་སྔར་ཇི་ལྟ་བ་བཞིན་གྲུ་གསུམ་འབྲུབ་ཁུང་ཅན་


PS011_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལིངྒ་ཕྱུང་སྟེ། ཟོར་འཕངས་པའི་ས་དེ་ཉིད་དུ་སྦྱིན་བསྲེགས་རྒྱས་བསྡུས་གང་རུང་བྱས་ལ་ཐལ་བ་དགྲ་ཕྱོགས་སུ་རླུང་ལ་བསྐུར་རོ། །འདི་དག་གི་ཚེ་ཤིན་ཏུ་དྲག་པོའི་ཆས་འཇུག །ཆང་ཕུད་འཐོར་ཞིང་ཁྲག་སྦྲེང་བ་ལ་བརྩོན་པ། དམིགས་པ་གསལ་ཞིང་ང་རྒྱལ་བརྟན་པ་དང་སེམས་མ་ཡེངས་པས་བྱ་བ་གཅེས་ཞིང་གྲུབ་ན་ནང་དུ་སླད་མ་ཁད་གཏོར་མ་གསར་པ་རྒྱན་གྱིས་བརྒྱན་པ་བཟང་བ་གཅིག་བཤམས་ནས། བསྐང་བཤགས་རྒྱས་པ་ཚར་གཅིག་བྱའོ། །འདི་འདྲ་བའི་ལས་སྦྱོར་གང་ལ་བྱ་བའི་ཡུལ་བསོད་ནམས་ཀྱི་སྟོབས་དང་ལྡན་པ་དང་། བགེགས་གདུག་པ་ཅན་ཡིན་ན་ནི། རིམ་གྲོ་དང་བཟློག་པ་སོགས་ཀྱི་རྒྱབ་ཚན་


PS011_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་གལ་ཆེའོ། །དེ་ལྟར་ན་གཏོར་མའི་ལས་སྦྱོར་མ་ལུས་པ་བཤད་ཟིན་ཏོ།། །། ༈ ད་ནི་གཏོར་སྒྲུབ་གཏོར་ཆེན་དུས་གཏོར་ལ་སོགས་པའི་སྐབས་སུ་དགྲ་བོ་དང་བྱེད་མ་ལ་སོགས་པ་གཞན་གྱི་གཏོར་ཕྱེ་དང་ཆང་ཕུད་ལ་སོགས་པ་བསྲེས་པ་དང་། དགྲ་བོ་སོགས་ཀྱི་གཏོར་སྒྲུབ་ཀྱི་སྐབས་སུའམ། སྐབས་གཞན་དུ་ཡང་བཟའ་བཏུང་སོགས་སྦྱིན་པར་ལོངས་སྤྱོད་དགོས་པ་བྱུང་བའམ། དགྲ་བོའི་བྱད་མ་སོགས་ལས་ཡོན་ཏན་ཅིག་ལ་འདུག་པའམ། གྲལ་ལྷན་ཅིག་ཏུ་འདུག་དགོས་པ་འབྱུང་ན་དེ་དག་ཉིད་དགྲ་བོ་མྱུར་དུ་ཚར་གཅོད་པའི་གྲོགས་སུ་འགྱུར་ཞིང་། རང་ལ་ཆོས་སྐྱོང་ལྡོག་པ་སོགས་ཀྱི་སྐྱོན་མི་འབྱུང་བར་བྱེད་པའི་


PS011_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཁྱད་པར་ཅན། དགྲ་བོའི་ཚོགས་སུ་ཟ་བཟའ་བཏུང་གི་ཚར་གཅོད་པ། བྱད་ཤ་སྤག་པ་སྟེ། དེ་འདྲ་བའི་མན་ངག་གསུམ་ཞལ་ཤེས་དང་བཅས་པ་བཤད་པར་བྱའོ། །དེ་ལ་དང་པོ་ནི། དགྲ་བོའི་གཏོར་ཕྱེ་སོགས་མི་བསྲེ་དབང་མེད་དུ་བྱུང་བའམ། གཞན་གྱིས་བསྲེ་བའི་དོགས་པ་བྱུང་ན། དེ་འདྲ་བའི་གཏོར་ཕྱེ་དང་། ཤ་ཆང་ལ་སོགས་པའི་ཚོགས་ཀྱི་ཡོ་བྱད་དུ་བྱ་སྟེ། གོང་དུ་བཤད་པའི་བསྒྲལ་བའི་ལས་དྲུག་པོ་ཡིད་ཀྱིས་དམིགས་པ་ཤིན་ཏུ་གསལ་ཞིང་ངག་ཏུ་གཞན་གྱི་ཐོས་པར་མི་བརྗོད་པར་ཤུབ་བུའི་བཟླས་པ་བྱ་སྟེ། ཚོགས་ཀྱི་ཡོ་བྱད་དེ་དག་དགྲ་དེ་རིང་ཤ་ཁྲག་དོན་སྙིང་དངོས་སུ་བསམ་ནས། སྔགས་ལ་


PS011_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་དེའི་མིང་སྤེལ་བའི་གཏོར་སྔགས་ཤུབ་བུས་བརྗོད་ནས་མགོན་པོ་འཁོར་བཅས་ལ་ཚོགས་འབུལ་བར་བྱ་ཞིང་རང་ཉིད་ལྷའི་ང་རྒྱལ་ལ་གནས་པས་དགྲ་བོ་དེའི་ཤ་ཁྲག་རུས་གསུམ་སོགས་ལ་དངོས་སུ་ལོངས་སྤྱོད་པར་བསམས་ཏེ། ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱོད་པར་བྱའོ། །གཏོར་མ་རང་ལ་བསྲེ་ནའང་དེ་དག་ལ་གཏོར་ཆུང་བྱེད་དེ་ལས་དྲུག་བྱས་པས་ལྷར་མྱུར་རོ། །གཉིས་པ་ནི་རང་མགོན་པོར་བསྐྱེད། ཡེ་ཤེས་པ་བཅུག །སླར་ཡང་བསིལ་བའི་ཚལ་ནས་མགོན་པོ་སྤྱན་དྲངས། རང་གི་སྤྱི་བོར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་བསམ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་


PS011_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་མེ་འབར་བར་བསམ། ཧཱུཾ་དེ་ལས་ཁྲོ་བོ་སྤྲོས་ནས་དགྲ་བོ་དེ་ཉིད་འགུགས་པའི་དམིགས་པ་དང་། བཀུག་ནས་ཁོ་རང་གི་བྱིན་པའི་བཟའ་བཏུང་རྣམས་ལ་བསྟིམ་པ་དང་། བསྟིམ་ནས་དགྲ་བོ་དངོས་སུ་མོས་པ་ལ་གྲི་གུག་གི་བསད་པའི་དམིགས་པ་རྣམས་སྔར་བག་ཟན་གྱི་ལིངྒ་ལ་བཤད་པ་ལྟར་བྱས་ལ། དགྲ་བོའི་ཤ་ཁྲག་དོན་སྙིང་སོགས་སུ་མོས་ཏེ། དགྲ་བོ་འདིའི་ལུས་ལོངས་སྤྱོད་ཐམས་ཅད་མ་ཟད་ཀྱི་བར་དུ་བདག་གི་ཟས་སྐལ་འཐུང་སྐལ་ཡིན་སྙམ་དུ་བསམས་ཏེ་ཟོས་ཤིང་འཐུང་བ་མགྲིན་པ་ནས་སོང་བ་རྣམས་ཐུགས་ཀའི་མགོན་པོ་དེས་ཀྱང་ཞལ་དུ་དམར་ཙིར་ཙིར་གསོལ་བར་བསམ་ལ་ལོངས་


PS011_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་བྱ་སྟེ། འདི་ལྟར་བྱས་ན་ནི་བབས་བླངས་པར་བྱས་ཀྱང་སླར་ཡང་དགྲ་བོ་བརླག་པར་མྱུར་དུ་འགྲོ་གསུང་ལ། རང་གི་བཟའ་བཏུང་ནར་མ་ལ་ཡང་དམིགས་པ་འདི་ལྟར་བྱས་ན་སྒྲོལ་བའི་ལས་ཆོག་སྟེ། དེ་ལྟར་བཟའ་ལྟུང་སོགས་ལ་ལོངས་སྤྱོད་པའི་སྐབས་སུ་ཡང་། ཤཱ་ས་ན་ལ་དགྲ་བོའི་མིང་སྤེལ་སྦྱར་བའི་གཏོར་སྔགས་ཤུབ་བུས་བཟླས་པར་བྱའོ། །གསུམ་པ་ནི། དགྲ་བོའི་བྱད་མ་དང་སྟན་གཅིག་ལ་འདུག་པའམ། གྲལ་གང་ལྷན་གཅིག་ཏུ་ཚོགས་པའི་ཚེ། རང་མགོན་པོར་བསྐྱེད་ཡེ་ཤེས་པ་དང་དབྱེར་མེད་དུ་བྱས། རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་ལས་འོད་ཟེར་སྔོན་པོ་གཅིག་ན་རེ་ལུས་ཀྱི་ནང་ནས་ཡར་བྱུང་སྟེ། རང་གི་སྣ་བུག་


PS011_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་སྒོར་སླེབས་པ་དང་། འོད་དེ་མགོན་པོ་མཚོན་གང་བ་ཁྲོ་ཞིང་རྔམ་པ་གཅིག་ཏུ་གྱུར་ཏེ་བྱད་མའམ། དགྲ་བོ་དེའི་སྣ་བུག་གཡོན་ནས་ཞུགས་ནས་དགྲ་བོས་བྱད་མ་དེའི་སྲོག་རྩ་སྙིང་དང་བཅས་པ་གྲི་གུག་གིས་རྦད་དེ་བཅད་དེ་དམར་ཙ་ར་ར་ཁྱེར་འོངས་ནས་ཞལ་དུ་དམར་ཙི་རི་རི་གསོལ་ནས། ཁྲོ་ཆུང་བདག་གི་སྣ་བུག་གཡོན་ནས་ཞུགས། སྙིང་གི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། སྔགས་ཐུང་། སྔགས་རིངས་མིང་སྤེལ་དང་བཅས་པ་ཤུབ་བུས་ནར་མར་བཟླས། དམིགས་པ་དེ་ཡང་དང་ཡང་དུ་བྱའོ། །དེ་ལྟར་མན་ངག་གསུམ་ཞལ་ཤེས་དང་བཅས་པ་གསལ་བར་བཤད་ཟིན་ཏོ།། །།དེ་ལྟར་གཏོར་མ་ལ་


PS011_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་རྣམ་དབྱེ་ལས་སྦྱོར། དེ་དག་གི་སྐབས་སུ་ཉེ་བར་མཁོ་བའི་མན་ངག་ཟུར་འདེབས་ཞལ་ཤེས་དང་བཅས་པ། མགོན་པོ་ཕྱག་དྲུག་པ་ལ་གཏོར་མ་འབུལ་ཞིང་མན་ངག་དང་ལྡན་པར་ཁས་མཆེ་བ་ས་སྟེངས་ཁྱབ་པ་དག་ཐམས་ཅད་དང་ཐུན་མོང་དུ་མ་གྱུར་པ། སྙིང་དང་འདྲ་བ་གཅེས་པའི་མན་ངག་གསལ་ཞིང་རྒྱས་ལ་མ་སྦས་པར་ཆ་ལགས་ཐམས་ཅད་ཚང་བ་ཕྱོགས་ཅིག་ཏུ་བཀོད་པ་འདི་ནི་སྣོད་ལྡན་ལས་འབྲས་ལ་འཛེམ་ཞིང་། བསྙེན་སྒྲུབ་ལ་ནན་ཏན་སྙིང་པོར་བྱད། རྒྱལ་བའི་བསྟན་པ་འབའ་ཞིག་གཅེས་པར་འཛིན་པ། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་སྐྱོང་བ་རེ་རེ་ཙམ་ཁོ་ནའི་དོན་དུ་བསམ་སྟེ་མགོན་པོ་འཁོར་བཅས་


PS011_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་གསོལ་བ་བཏབ་ནས་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོའི་བྲིས་པ་ཡིན་ནོ། །མན་ངག་འདི་ནི་སྙིང་ལས་གཅེས། །དགོས་འདོད་སྦྱིན་པའི་ཡིད་བཞིན་ནོར། །སྲོག་འཕྲོག་ཧ་ལ་ནག་པོའི་དུག །དགྲ་བགེགས་འབྱུང་པོས་བཤན་པ་ཡིན། །གསེར་དང་རྟ་ཁྲབ་གོས་དར་ལ། །བརྫེ་ཚོང་བྱ་བའི་གདམས་པ་མིན། །དད་ལྡན་དམ་ཚིག་སྡོམ་པ་གནས། །སྡིག་ལ་འཛེམ་ཞིང་བླ་མར་གུས། །སྙིང་རྗེ་ཆེ་ཞིང་བསྒྲུབ་ལ་བརྩོན། །བསྟན་པ་འབའ་ཞིག་གཅེས་པར་འཛིན། །དེ་ལྟའི་སྣོད་ལྡན་སློབ་མ་ལ། །བསྟན་པ་བསྲུང་བའི་ལག་ཆ་རུ། །ལུང་ནོད་བཀའ་རྒྱ་བཏབ་ལ་སྦྱིན། །སློབ་མ་རིམ་པ་དེ་དང་


PS011_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །གང་གི་ལག་སོང་དེ་དེས་ཀྱང་། །ཇི་སྐད་བཤད་པའི་མཚན་ཉིད་དག །རབ་རྫོགས་སྣོད་ལྡན་མ་ཡིན་པ། །འབུལ་བ་ཟས་ནོར་ཁ་བསགས་ཀྱིས། །རྗེས་འབྲང་རང་དོན་ལྷུར་ལེན་ལ། །ངེས་དགར་སྟེར་ན་སྟེར་བྱེད་དེ། །ནག་པོ་འཁོར་དང་བཅས་པ་ཡིས། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཅིག །ས་མཱ་ཡ། གུ་ཧྱ་གུ་ཧྱ།། །།

མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་མཉེས་པར་བྱེད་པའི་གཏོར་ཆོག་བསྐང་བ་དང་བཅས་པ་བར་ཆད་ཀུན་སེལ་ཞེས་བྱ་བ་མན་ངག་གི་བརྒྱན་པ།


PS011_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས། མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་མཉེས་པར་བྱེད་པའི་གཏོར་ཆོག་བསྐང་བ་དང་བཅས་པ་བར་ཆད་ཀུན་སེལ་ཞེས་བྱ་བ་མན་ངག་གི་བརྒྱན་པ་དང་བཅས་པ་མཁས་གྲུབ་རྗེས་མཛད་པ་སོགས་བཞུགས་སོ། །


PS011_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀཱ་ལ་ཡ། སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་འཕྲུལ་ལས། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་སྤྲུལ་པ། །མྱུར་མཛད་བླ་མ་མགོན་པོའི་ཞབས་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་མདོར་བསྡུས་བྲི། །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་གཏོར་མ་འབུལ་བར་འདོད་པས། ལག་ཏུ་བླང་བའི་མན་ངག་གི་རྣམ་པར་


PS011_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཅིང་། སྙིང་མ་དང་བོན་པོའི་ཆོས་ལུགས་ཀྱི་རྣམ་པར་མ་སླད་པ། རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་འདི་ལྟར་བྱའོ། །དེ་ཡང་ཐོད་པ་རིན་པོ་ཆེ་ལ་སོགས་པའི་ནང་དུ། ནས་ནག་བརྗེན་བཏགས་ཀྱི་གཏོར་མ་ཤ་ཁྲག་གིས་བརྒྱན་ཅིང་། དར་ནག་པོ་ཅོད་པ་དང་། མགོན་པོའི་ཙག་ལི་དང་བཅས་པ་ལེགས་པར་བཙུགས་པ་དང་། ལྷ་མོ་


PS011_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནོད་སྦྱིན་གྱི་གཏོར་མ་སོགས་ཀྱང་ཟུར་དུ་བྱེད་ན་ལགས་ལེན་བཞིན་དུ་བཤམས། གཞན་ཡང་ནང་མཆོད། རྡོ་རྗེ་དྲིལ་བུ། ཐོད་རྔ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཚོགས་པར་བྱ། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཡི་དམ་གྱི་རྣལ་འབྱོར་གཏོར་མ་དང་བཅས་པ་རྫོགས་པར་བྱས་ནས། མགོན་པོའི་གཏོར་མ་རྣམས་ཆང་དང་ཆུ་དང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་རིམ་པ་བཞིན་བྲན། བླ་མ་མགོན་པོ་དབྱེར་མེད་ལ་མི་ཕྱེད་པའི་དད་པ་དྲག་པོ་དང་། ཡིད་གཞན་དུ་མ་ཡེངས་པའི་ཚུལ་འདི་ལྟར་ཉམས་སུ་བླང་བར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་སྟོང་པ་ཉིད་དུ་གྱུར།


PS011_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྷཾ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་པས་ཐོད་པ་དང་གཡོན་པས་ལ་ཕུག་འཛིན་པ། མགོ་གཡས་སུ་བསྟན་ནས་གན་རྐྱལ་དུ་སྒྱེལ་བ་དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་གྲི་གུག་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཆེར་འབར་བ་རབ་ཏུ་ཁྲོས་ཤིང་ཤིན་ཏུ་རྔམས་པ་ཞལ་རྣམ་པར་འགྱུར་ཞིང་མཆེ་བ་རྣན་པོ་བཞི་བཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ།


PS011_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གློག་ལྟར་འཁྱུགས་ཅིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། ལྗགས་རྣོ་ངར་འདྲིལ་ཞིང་ཧ་ཧའི་གད་མོ་འབྲུག་ལྟར་སྒྲོག་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག་གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ་ཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་ཁྲག །གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་འཛིན་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པོས་སྙན་རྒྱན། ཁྲ་བོས་དཔུང་བརྒྱན། དཀར་པོས་མགུལ་རྒྱན། སེར་པོས་ལག་གདུབ། ལྗང་ཁུས་དོ་ཤལ། དཀར་པོས་སྐ་རགས་དང་རྐང་གདུབ་བྱས་པ། སྟག་གི་


PS011_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་རློན་པའི་ཤམ་ཐབས་ལ། དར་ལྗང་ཁུའི་སྐ་རགས་བཅིངས་པ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རགས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བྱུགས་ཅིང་། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པས་རབ་ཏུ་བརྒྱན་ཅིང་། གླང་པོ་ཆེའི་པགས་པ་རློན་པ་གོས་གྱོན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ།


PS011_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཡོན་དུ་བྷྱོ་ལས་མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་རལ་གྲི་རབ་ཏུ་འབར་བ་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་སྐྲ་དང་བཅས་པའི་ཐོད་རློན་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞལ་གདངས་ནས་མཆེ་བ་གཙིགས་ཤིང་། སྤྱན་གསུམ་དང་ལྡན་པའི་ཁྲོ་གཉེར་ཤིན་ཏུ་བསྡུས་པ་རལ་པ་ཁམ་ནག་གྱེན་དུ་གཟིངས་པའི་སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱི་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་རེ་སྡེའི་ཤམ་ཐབས་ལ་སྦྲུལ་ནག་པོ་སྟོང་གི་ཆུན་པོ་སྐ་རགས་བྱས་པ། སྐུ་ལ་ཁྲག་གིས་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུས་བརྒྱན་


PS011_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ལྟེ་བའི་དབུས་ནས་ཉི་མ་འཆར་བ། དྲིའུ་ག་པ་ལ་ཞོན་པ། ཤ་ཟ་མ་མོ་མཁའ་འགྲོ་བྱེ་བའི་འཁོར་དང་བཅས་པ། མགོན་པོའི་མདུན་དུ་གནོད་སྦྱིན་དཔག་ཏུ་མེད་པའི་དབུས་སུ་ཀྵིཾ་ལས་ཀྵེ་ཏྲ་པཱ་ལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་འདོད་འབོད་པ། སྤྱན་གསུམ་དམར་པོ་ཟློག་ཅིང་དགྲ་བགེགས་ལ་སྡང་མིག་ལྟ་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས་དགྲ་བགེགས་ཀྱི་སྲོག་རྩ་གཅོད་ཅིང་། ཕྱག་གཡོན་ཐོད་པ་འཛིན་པས་དགྲ་བགེགས་ཀྱི་སྙིང་ཁྲག་གཙོ་བོའི་ཞལ་དུ་སྟོབས་པ། རལ་པ་ཁམ་སེར་གྱེན་དུ་གཟིངས་


PS011_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མི་མགོ་སྐམ་པོ་ལྔས་ཐོད་བྱས་པ། ཤིན་ཏུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན། དོམ་ནག་སྨྱོན་པ་ལ་ཆིབས་ཤིང་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །མགོན་པོའི་གཡས་པདྨ་དང་ཉི་མ་དང་རོའི་གདན་ལ་ཛིཾ་ལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་དམར་ནག་སྲིན་མོའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་པ་གཡས་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མགོན་པོའི་རྒྱབ་ཏུ་པདྨ་དང་ཉི་མ་དང་རོའི་གདན་ལ། ཊྃ་ལས་ཌཀྐི་རཱ་ཛ་སྐུ་མདོག་མཐིང་ནག་ལྟས་པ་ཙམ་གྱི་དགྲ་བགེགས་ཀྱི་སྲོག་ཕྲོག་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཐོད་པའི་ཅང་ཏིའུ་ཁྲོལ་ཞིང་།


PS011_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་སྡིགས་མཛུབ་རབ་ཏུ་བརྐྱང་བ། ལྷ་མོའི་གཡོན་ཏུ་ཏྲག་ལས་བདུད་མགོན་ཏྲག་ཤད་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རུ་མཚོན་དམར་པོ་ཕྱར་ཞིང་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཐོད་པའི་ཅང་ཏིའུ་དྲག་ཏུ་ཁྲོལ་ཞིང་། གཡོན་སྡིགས་མཛུབ་རབ་ཏུ་བརྐྱང་བ། ལྷ་མོའི་གཡོན་ཏུ་ཏྲག་ལས་བདུད་མགོན་བཞི་ཀའང་ཤིན་ཏུ་ཁྲོས་ཤིང་འཇིགས་པ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་། གནོད་སྦྱིན་གདུག་པ་ཅན་འབུམ་འབུམ་གྱིས་བསྐོར་བ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་བཅུར་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་དང་། གཞན་ཡང་ལྷ་ཆེན་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད།


PS011_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་བ་བཞི། སྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ་པོ་རྣམས་ཀྱི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁྲོ་ཤིང་གཏུམ་པ་མདོག་མི་སྡུག་པ། བཞིན་བསྡུས་པ། མིག་རྩ་དམར་བ། ཁ་གདང་པ། མཆེ་བ་གཙིགས་པ། མཚོན་ཆ་སྣ་ཚོགས་ཐོགས་པ། སྐད་ཅིག་གིས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། བར་སྣང་ནམ་མཁའ་ས་གཞི་ཐམས་ཅད་གང་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ།


PS011_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་གྱིས་ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙནྡན་སྡོང་པོ་རྐང་གཅིག་པའི་དྲུང་ནས་ནག་པོ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པའི། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ས་པ་རི་ཝ་ར་ཨེ་ཧྱ་ཧི། ཁྲིཾ་རིང་པོ་ཉེར་གཅིག་བརྗོད་ཅིང་རྔ་སོགས་


PS011_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་མ་རུ་དྲིལ་བུའི་སྒྲས་སྤྱན་དྲངས་སྤོས་སྦྱོར་སྲེག །ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དྲག་ཏུ་སྒྲོགས་ཅིང་ཧ་ཧའི་གད་རྒྱངས་དང་བཅས་པ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་བྱོན་ཏེ་མདུན་གྱི་ནམ་མཁའ་ལ་ཌཱ་མ་རུ་དང་གར་མཛད་ཅིང་བཞུགས་པར་བསམ།ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭྃྃ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་། །མ་རུང་ཀུན་འདུལ་ཁྲོས་པའི་ཕྱིར། །བསྟན་པའི་རུ་ཏྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །བྱིན་གྱིས་བརླབས་པའི་མཆོད་རྫས་ནམ་མཁའ་བཀང་བས་མཆོད་པར་བསམ།རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །སོགས་མཆོད་ཀྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས།


PS011_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྙན་བྱེད་པ་གཅིག་བཅུག་ཅིང་། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ཨརྒྷཾ་གྱི་གནས་སུ། པདྱཾ་སོགས་སྦྱར། བསྡུས་པ་བྱེད་ན། ཚིགས་བཅད་མེད་པའི་སྔགས་རྐྱང་པས་མཆོད། དེ་བཞིན་དུ་མཆོད་ཡོན་སོགས་ཀྱི་གནས་སུ་གཟུགས་མཆོག །སྒྲ་མཆོག །དྲི་མཆོག །རོ་མཆོག །རེག་མཆོག །ཨརྒྷཾ་གྱི་གནས་སུ་རཱུ་པ། ཤཔྟ་གནྡྷེ་ས་པརྴེ་རྣམས་བཅུག་ནས་རང་རང་གི་ཕྱག་རྒྱ་དང་བཅས་ཏེ་འདོད་ཡོན་ལྔ་འབུལ། བསྡུས་པ་བྱེད་ན་སྔགས་ཀྱི་འབུལ། ནང་མཆོད་བྱིན་གྱིས་བརླབས་ནས་འབུལ་བ་ནི།མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾ་ཨཱ་བིགྷྣན་ཏ་ཀྲིད་ཧཱུྃ། ཨོཾ་ཤ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པར་གྱུར་


PS011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཨ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི། །དེའི་ནང་གི་ཕྱོགས་བཞི་དང་དབུས་སུ། བྷྲཱུྃ་ཨོཾ་ཛིཾ་ཁཾ་ཧཱུྃ་ལ་ཤ་ལྔ། མཚམས་བཞི་དང་དབུས་སུ། ལཾ་མཾ་པཾ་ཏཾ་བཾ་ལས་བདུད་རྩི་ལྔ་སྟེ། དེ་དག་གི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག །ཨོཾ་ལས་བདུད་རྩིའི་


PS011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བབས། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དང་ལྷན་ཅིག་ཏུ་རྡོ་རྗེ་བཟླས་པ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་རོ་མཉམ་དུ་གྱུར་ཏེ། དྲི་མ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས། དེ་ནས་འོག་ནས་བྱུང་བའི་བླ་མ་རྣམས་ཀྱི་མཚན་གྱི་མཐར་ཡི་གེ་གསུམ་བཏགས་པ་ལག་གཡས་པའི་མཐེབ་སྲིན་གྱིས་སྨིན་མཚམས་ཀྱི་ཐད་ནས་གྱེན་དུ་གཏོར་ལ་འབུལ། དེ་ནས་ཡི་དམ་དང་ལྷ་མོ་གནོད་སྦྱིན་བཞི་རྣམས་རང་རང་གི་སྙིང་པོའི་མཐར་ཡི་གེ་གསུམ་བཏགས་པ་སྙིང་ག་ནས་ཐད་ཀར་གཏོར་མ་འབུལ་ལོ། །ཤཱ་ས་ནའི་མཐར་བཏགས་ལ་འཁོར་གཞན་རྣམས་ལ་འབུལ་ལོ། །དཔུས་མོའི་


PS011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་ནས་མཆོད་སྦྱིན་བྱས་ནང་མཆོད་གཏོར་མ་གནས་གསུམ་གཞི་བདག་རིགས་དྲུག་རྣམས་ཀྱང་ལྷར་བསམ་ལ་འབུལ། དེ་ནས་རང་གི་ལྕེ་ཐོག་ཏུ་བཞག་ལ་མྱང་། དེ་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་མན་ངག་བཞིན་དུ་གསོལ་བ་བཏབ་པར་བྱ་སྟེ། དེ་ཡང་དེ་ལྟར།མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་། གཡོན་གསེར་གྱི་དྲིལ་བུ་སྐུ་ལ་བསྟན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། རྡོ་རྗེ་འཆང་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པའི་སྐུ་ལས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག །མགོན་


PS011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འོད་དང་བདེ་བའི་རང་བཞིན་དུ་འབར་འུར་འུར་སིལ་སིལ་གར་མཛད་ཅིང་། མགོན་པོའི་སྐུ་ལས་འོད་འཕྲོས་བླ་མ་ལ་ཕོག །བླ་མ་འོད་ཀྱི་རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོགས་བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐད་སྐུ་བཞིའི་བདག་ཀྱི་རྩ་བའི་བླ་མ་རིན་པོ་ལ་གསོལ་བ་འདེབས་སོ། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་བ་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྗེ་བཙུན་མེ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་ར་ཧུ་ལ་ཆེན་པོ་ལ་


PS011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གསོལ་བ་འདེབས་སོ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས་སོ། །དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴ །ཆོས་རྗེ་སངས་རྒྱས་སྟོན་པ་ལ༴ །མཁས་གྲུབ་ཤངས་སྟོན་ཆེན་པོ་ལ༴ །མུས་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ༴ །སྔགས་འཆང་རྡོ་རྗེ་གཞོན་ནུ་ལ༴ །མཉམ་མེད་ནམ་མཁའི་རྣལ་འབྱོར་པ་ཆེན་པོ་ལ༴ །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ༴ །མགོན་པོ་ཡིད་བཞིན་ནོར་བུ་ལ༴ ། མགོན་པོ་མྱུར་མཛད་ཐུགས་རྗེ་ཅན་ལ༴ །བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དེ་ལྟར་གདུང་


PS011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་དྲག་པོས་གསོལ་བ་བཏབ་པས། མགོན་པོའི་ཞལ་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་ཞེས་ལྷང་ལྷང་བཞུགས་པར་བསམ་ལ།ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བེ་ར་བི་རི་ཎི་ཤྲཱི་ཡེ་ཌཱ་ཀ་ཌཱ་ཀི་ནི། ཛོ་ཀ་ཛོ་ཀ་ནི། སརྦ་བུདྡྷ་བོ་དྷི་ས་ཏྭ་ཤ་ར་་གཙྪ་མི་ཀྱཻ།ཅེས་ལན་གསུམ་གསོལ་བ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ཞིང་མགོན་པོའི་ཀྱང་མགོན་པོ་ཆུང་ལ་ཡན་ལག་རགས་པ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་དཔག་ཏུ་མེད་པ་བྱོན་ནས་འོད་ཟེར་དང་མགོན་པོ་དེ་སྐུ་རྣམས་རང་གི་ལུས་ལ་ཐིམ་པས་རང་གི་སེམས་འདེབས་གང་།ལུས་ཀྱི་ནང་མགོན་པོ་དེ་རྣམས་གར་མཛད་ཅིང་ནད་གདོན་རྣམས་དམར་ཙིར་ཙིར་གསོལ་བར་བསམ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་


PS011_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས༴ །དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བྱིན་གྱིས༴ །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོག་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས༴ མྱུར་བ་ཉིད་དུ་བྱིན་གྱིས༴ འདུག་ས་འདི་ཉིད་དུ་


PS011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་ཤིག །ཅེས་གདུང་ཤུགས་དྲག་པོས་བརྗོད་ལ་དྲིལ་བུ་ལ་སོགས་རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ནས་བཤགས་པ་བྱ་བ་ནི། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་མཉམ་བཞག་གིས་སྟེང་ན་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། སྟེང་གི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་དཀར་དམར་མཐིང་


PS011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་པས་རིམ་པ་བཞིན་དུ་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་འཕྲོས། མགོན་པོའི་སྤྱི་བོའི་བླ་མའི་གནས་གསུམ་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་སྐོང་བར་བསམ་ལ།ཡིག་བརྒྱ་ལན་གསུམ་བཟླས།བླ་མའི་གནས་གསུམ་ལས་རིམ་པ་བཞིན་དུ་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱོན། མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། མགོན་པོའི་སྐུ་གསུང་ཐུགས་ལ་གྲིབ་ཀྱི་ཕོག་པ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་བསམ་ལ།ཡི་གེ་བརྒྱ་པ་ལན་གསུམ་བཟླས།ཡང་མགོན་པོའི་གནས་གསུམ་ལས་རིམ་པ་བཞིན་དུ་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱོན། འཁོར་རྣམས་དང་


PS011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་གནས་གསུམ་ལ་ཐིམ། འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཀྱིས་ཕོག་པ་དང་དམ་ཚིག་ཉམས་ཆག་ཐམས་ཅད་དག །བདག་གི་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དཀར་དམར་མཐིམ་གསུམ་གྱི་གང་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ལ།ཡི་གེ་བརྒྱ་པ་ལན་བདུན་དེ་ལྟར་ཡིག་བརྒྱ་ཉི་ཤུ་རྩ་གཅིག་སོང་ནས་བཤགས་པ་གདུང་ཤུགས་དྲག་པོ་བྱ་བ་ནི།ཧཱུྃ། རྡོ་རྗེ་འཆང་དང་དཔལ་ལྡན་ཤ་བ་རི། །མཻ་ཏྲི་རཱ་ཧུ་ཛོ་ཀི་རཏྣ་དང་། །དྷརྨ་སིང་ཧ་དྷརྨ་པྲ་ཛྙཱ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་


PS011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྡན་ཆོས་སྐུར་མ་གཏོགས་པར། །འཇིག་རྟེན་རྟོག་བཅས་དབང་གྱུར་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་དང་། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་མཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་ཕྲིན་ལས་ཕུན་ཚོགས་ཤིང་། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སོལ། །འདུ་བྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། །ཡེ་ཤེས་མགོན་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནག་འདབས་ཆུ་གླིང་བས་མཐའ་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་སྒྲུབ་བསྐང་


PS011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས། །ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་སྐུ། །ཁྱེད་ལ་ཡིད་ཆེས་མོས་གུས་བྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །ནོང་ཞིང་འགྱོད་པའི་སེམས་དང་བཅས་ནས་ཀྱང་། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པ་ལ་ཛི་ན་མི་ཏྲ་དང་། །ཌཀྐི་རཱ་ཛ་


PS011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་ཤད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱོད་ཀྱིས་ཁས་བླངས་དམ་བཅས་བཞིན། །བདག་གི་ཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡིད་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏང་རགས་དུས་སུ་མ་ཐེངས་མཐོལ་ལོ་བཤགས། །མངོན་ཤེས་མེད་པར་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིག་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་གཅོད་མ་བགྱིས་པར། །གསང་བ་སྒྲགས་ཤིང་བྱམས་བགྱིས་མཐོལ་ལོ་བཤགས། །དམ་ཉམས་གྲིབ་ཕོག་གཏམ་འདྲེས་ཟས་ཟོས་དང་། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཅི་


PS011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དུས་འདིར་བདག་ལ་སྩོལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པ་བདེ་ཆེན་ཐོབ་གྱུར་ཅིག །དེ་ནས་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་ལ་སོགས་དབང་དུ་བསྡུ་བའི་མན་ངག་གི་གནད་ནི།མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་


PS011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཕྱག་གཡས་ཐོད་པའི་ཅང་ཏིའུ་ནམ་མཁའ་ལ་འཁྲོལ་འཁྲོལ་ཞིང་། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན། བཟོད་པར་བཀའ་བའི་གཟི་བརྗིད་ཅན། སྤྱན་གསུམ་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་པ་གསུམ་དབང་དུ་བསྡུད་ནུས་པ་གཅིག་བཞུགས། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་སྟབས་ཀྱིས་དམར་སྒོ་རོ་རོ་གར་མཛད་


PS011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་གསུམ་དུ་གྱུར། བླ་མའི་སྐུ་ལས་འོད་ཟེར་དམར་ལ་སྨུག་པ་གཅིག་འཕྲོས། མགོན་པོ་དང་མཁའ་འགྲོ་མ་རྣམས་ལ་ཕོག་པས། མཁའ་འགྲོ་མ་རྣམས་ཌཱ་རུ་འཁྲོལ་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་དང་། མགོན་པོ་ཡང་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དྲག་ཏུ་འཁྲོལ་ཞིང་། སྤྱན་གསུམ་མཁའ་ལ་ཧྲིག་ཧྲིག་གཟིགས་ནས། ཞལ་ནས་ཧ་ཧའི་གད་རྒྱངས་སྒྲོག་ཅིང་། གར་མཛད་པའི་མགོན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུའི་ཆ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་ཁམས་གསུམ་ཐམས་ཅད་ཁྱབ་པར་འཕྲོས་པས། སེམས་ཅན་ཐམས་ཅད་བདག་གི་དབང་དུ་


PS011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་འབབས་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།ཅེས་ཐུན་རེ་ལ་བརྒྱ་རེ་ཡན་བཟླས། དེ་ནས་བདག་གི་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་འཕྲེང་བ་སྔགས་མགོ་ནག་པོ་ལ་འོད་ཟེར་དམར་པོ་འཕྲོ་བའི་འོད་ཟེར་ཕྲེང་ཐག་གི་རྣམ་པ་སྔགས་ན་ར་ར་ཡར་བྱུང་། རང་གི་ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུག །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་མགོན་པོའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས་ནས་ཡར་བྱུང་སྟེ་སྙིང་ཁའི་ཧཱུྃ་ལ་ཐིམ། དེ་ལྟར་འགལ་མེའི་འཁོར་ལོ་ལྟར་འཁོར་བར་བསམ་ལ་མ་ཡེངས་པར།ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲི་ཏ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།བཅས་མགོན་པོའི་སྙིང་པོ་ལ་བསྙེན་པ་བྱའོ། །ཨོཾ་ཤྲཱི་ཡེ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ེ། ཤ་ཥ་ཨ་བྷི་


PS011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ། མ་ཀ་ལོ། ཨ་ཡཾ། ཨི་དཾ་རཏྣ་ཏྲཱ་ཡ། ཨ་པ་ཀ་རི་ཾ། ཡ་ཏི་པྲ་ཏི་ཛྙཱ་ན། སྨ་ར་སི་ཏ་དྷ་ཨི་དཾ་དུཥྚ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷྲི་ན་གྲི་ཧ་ན། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།ཅེས་བཟླས་པས་བདག་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་མེ་འོད་ལྟ་བུ་འཕྲོས་ཏེ། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་མགོན་པོ་ཁྲོས་འཁྲུགས་བརྔམས་པས་ཞབས་ས་ལ་སྡེབ་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་འཁོར་རྣམས་ལ་སྤྱན་ཧྲིག་ཧྲིག་གཟིགས་པས་འཁོར་རྣམས་རང་དབང་མེད་པར་ཁྲོས་འཁྲུགས་པས་རང་རང་དང་འདྲ་བའི་སྤྲུལ་པ་འཁོར་དང་བཅས་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སོང་སྟེ། བདག་ཅག་དཔོན་སློབ་སོགས་ཀྱི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་


PS011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་བཅད་པར་བསམ་ལ་སྔགས་བཟླ། དེ་ནས་འཁོར་རྣམས་ཀྱི་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསྒོམ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཏེ། དེ་དག་ལ་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་བར་བསམས་ལ།བྷྱོ་མ་མོ་ནག་མོ་བེ་ཏ་ལི་སིན་དྷ་ཀུ་ལུ་ཀུ་ལུ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀྵེ་ཏྲ་པཱ་ལ་བིག་ནན་ཧཱུྃ་ཕཊ། ཨོཾ་ཛི་ན་མི་ཏྲ་བ་ཤམ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཌཀྐི་རཱ་ཛ་ས་མ་ཡཱ་བྷྱོ་དུ་ཛ་ཧཱུཾ་ཕཊ། ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲ་ཤད་ཧཱུྃ་ཕཊ།ཅེས་སྙིང་པོ་རྣམས་བཟླས་སོ། །དེ་ལྟར་བཟླས་པ་རྫོགས་ནས་གཏོར་མ་འབུལ་བ་ནི། གཏོར་མ་རྣམས་གོང་དུ་བཤད་པའི་ནང་མཆོད་ཀྱི་བྱིན་གྱིས་བརླབ་པ་ལྟར་བྱིན་གྱིས་བརླབས་ལ། བྷནྡྷའི་ཕྱག་རྒྱས་དབུལ་བས་མཉེས་ཏེ། ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ཚིམ་པར་བསམ་ལ།


PS011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྔགས་ཀྱི་འབུལ་བ་ནི།མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་བུ་གུ་ཅན་རྣམས་སུ་གྱུར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།ཅེས་བདུན་གྱི་མགོན་པོ་ལ་འབུལ།ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲེཾ་ཁྲེ་ཏྲ་བིག་ནན་བི་ནཱ་ཡ་ཀ་དྲག་མོ་བ་ལིཾ་ཏ་མཾ་ས་རཀྟ་ཏུ་ཏི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།ཞེས་པ་ལན་གསུམ་གྱི་ལྷ་མོ་ལ་འབུལ། གནོད་སྦྱིན་ལ་རང་རང་གི་རྩ་སྔགས་ཀྱི་བཤམ་དུ་ཨི་དཾ་བ་ལིཾ་ཏ་བཏགས་པ་འབུལ་ལོ། །འཁོར་གཞན་རྣམས་ལ་ཤཱ་ས་ནའི་མཐར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་ལ་འབུལ། གོང་བཞིན་ནང་མཆོད་ཀྱང་ཕུལ་ནས་བསྟོད་པ་ནི།ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་


PS011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཞབས་གདུབས་དང་བཅས་བི་ནཱ་ཡ་ཀཱ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱི་རྣམ་པར་རྒྱན། །གཡས་པ་གྲི་གུག་བར་པ་འཕྲེང་བ་འཛིན། །ཐ་མ་ཌཱ་མ་རུ་ནི་དྲག་ཏུ་ཁྲོལ། །གཡོན་པ་ཐོད་ཕྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞག་པ་བཟུངས་ནས་འཆིངས་བར་བྱེད། །དྲག་པོའི་ཞལ་ནས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བསྟན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་
གཏོར་མ་ལེན་མཛད་པ། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་གཉེར་པོ་བསྲུང་བ་དང་། །དཀོན་མཆོག་དབུ་འཕང་གཉེན་པོ་བསྟོད་པ་དང་། །དཀོན་མཆོག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱིས། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །ཅི་འདོད་དངོས་གྲུབ་མྱུར་དུ་ལ་དུ་གསོལ།།

ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས།


PS011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཨཀྵོ་བྷྱ་སྟོད་ཏ་ན་མ། བོད་སྐད་དུ། ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་གྲུབ་པར་གྱུར་ཅིག །ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་གནས། །


PS011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཚིང་འཁྲིགས་པ་ཙན་དན་ཆེན་པོའི་ཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞུགས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུའི་ཆ་ལུགས་མི་ཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱི་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་ཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡི་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་ཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོ་གྲི་གུག་གིས། །ཉོན་མོངས་རྩད་ནས་གཅད་ནས་དགྲ་ལ་འཕྱར། །འཕྲེང་བ་འཛིན་པས་འགྲོ་བ་རྩིས་ལ་


PS011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ཌཱ་མ་རུ་ཡི་མཁའ་འགྲོ་དབང་དུ་བསྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་བསྟོད། །གཡོན་གྱི་དང་པོ་ཐོད་པ་བསྣམས་པ་ནི། །དགྲ་བགེགས་སྲོག་རྩ་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་བསྡུད། །ཞིང་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཆོས་ཀྱིས་དབྱིངས་ལས་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་པོ། །སྟག་གི་པགས་པ་སྦྲུལ་གྱིས་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་


PS011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མནོལ་བའི་གདན་སྟེང་ན། །དཀྲིག་དཀྲིག་ཞབས་ཀྱིས་དགྲ་བགེགས་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ནི། །ཁམས་གསུམ་དབང་དུ་བསྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུཾ། བཞེངས་ཤིག་བཞེངས་ཤིག་ཆོས་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་


PS011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱ་སེངྒེའི་སྤྱན་མངའ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡི། །བསྟོད་པ་འདི་ཡིས་ལན་གཅིག་བསྟོད་བྱས་ནས། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོ་རྟག་ཏུ་བསྲུང་བར་མཛོད། །བྲམ་ཟེ་མཆོག་སྲིད་ཀྱིས་མཛད་པ་རྫོགས་སོ། །བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ནང་ཤེད་ནས། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་རྒྱན་


PS011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གཡས་སེངྒེ་འཕྱོ། །སྙན་གཡོན་སྦྲུལ་འཁྲིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུག་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །གཡས་པས་རལ་གྲི་འབར་པས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་རྒྱལ་ཚན་སྙིང་ཁྲག་གསོལ། །སྐུ་སྟོད་སྦྲུལ་ནག་ཞིང་པགས་སྐེ་རགས་བཅིང་། །སྐུ་སྨད་གླང་ཆེན་ཀོ་རློན་རེ་སྡེས་དཀྲིས། །སྟོང་གསུམ་སྒྲོད་ཕྱིར་དྲིའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་འགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེ་སྦྲུལ་ནག་ནད་སྐྱལ་དགྲ་ལ་གཏོང་། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་


PS011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ན་མོ། དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོས་ཚུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཁྱོད་ནི་བདག་གི་མཆོད་པས་མ་སྒྲིབ་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་སྤང་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ནས། །ཐུགས་རྗེའི་ཐུགས་ཀྱི་སྒྲིབ་པ་བྱང་བར་མཛོད། །ཁྱོད་


PS011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགེ་འདུན་ཕྲོག་སྤོ་བ་འདི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནགས་མ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱི། །ཕྱོགས་བཅུ་དུས་གསུམ་ཀུན་ལ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བསྐུལ་བར་གསོལ། །ཡང་དག་ཡོན་ཏན་ཁྱོད་ཀྱི་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདི་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་


PS011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཅིག །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དཔལ་ལྡན་ལྷ་མོ་ལ་ནམ་མཁའི་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱི་ཡན་ལག་བདུན་པའི་སྒོ་ནས་བསྟོད་པའོ། །ཧཱུྃ། མགོན་པོའི་བཀའ་ཉན་ཀུན་གྱི་གཙོ་བོ་ཁྱོད། །མུན་པའི་མདོག་ཅན་སྲིན་པོ་ཁྲོས་པའི་ཞལ། །མེ་ལྕེ་བསྐྱེད་འདྲའི་སྐྲ་བརྫེས་མཆེ་བ་གཙིགས། །ཕྱག་གཡས་དགྲ་བགེགས་སྲོག་གཅོད་གྲི་གུག་འདེངས། །ཕྱག་གཡོན་གདུག་པའི་སྙིང་ཁྲག་གཙོ་ལ་སྟོབས། །སྟོང་གསུམ་སྒྲོད་ཕྱིར་དོམ་མྱོན་པ་ཆིབས། །བལྟས་པ་ཙམ་གྱིས་གསུམ་དངངས་བྱེད་པའི། །བདུད་རྒྱལ་ཆེན་པོ་ཀྵེ་ཏྲ་


PS011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཁྱོད། །དམ་བྱིན་གྱིས་རླབས་པའི་གཏོར་མ་དང་། །བདུད་རྩི་ལྔ་ལྡན་བཏུང་བ་འདི་བཞེས་ལ། །རྡོ་རྗེ་འཆང་དབང་ངས་ལྡན་བླ་མ་དང་། །མྱུར་མཛད་ཡེ་ཤེས་མགོན་པོའི་བཀའ་བཞིན་དུ། །སངས་རྒྱས་བསྟན་པ་བསྲུང་བ་མ་གཡེལ་བར། །ཆོས་བཞིན་སྐྱོང་བའི་རྣལ་འབྱོར་བདག་སྐྱོང་། །བཤད་སྒྲུབ་མཐུན་རྐྱེན་ཡིད་བཞིན་སྒྲུབ་པ་དང་། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་མཛོད། །ཧཱུཾ། དཔལ་ལྡན་མགོན་པོའི་བཀའ་ཉན་ཕོ་ཉའི་ཚོགས། །ཀྵེ་ཏྲ་པ་ལ་ཛི་ན་མི་ཏྲ་དང་། །ཌཀྐི་ར་ཛ་ཏྲག་ཤད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་མགོན་པོའི་ཚོགས། །དམ་ཅན་རྒྱ་མཚོའི་བསྲུང་མ་ཁྱེད་རྣམས་ཀྱིས། །


PS011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པའི་གཏོར་མ་འདི་བཞེས་ལ། །བླ་མ་མགོན་པོའི་བཀའ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྡང་ཞིང་གདུག་པའི་སེམས་འཆང་དགྲ་བགེགས་ཀུན། །མ་ལུས་རྡུལ་ཕྲན་བཞིན་དུ་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་བསྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོ་བཞིན་དུ་འཕེལ་བར་མཛོད། །ཅེས་འཁོར་སྤྱི་མ་ལས་བཅེས། །དེ་ནས་ཡིག་བརྒྱ་ཚར་གསུམ་འདོན། མེ་ཏོག་དང་བཅས་པས་ལག་པ་ཐལ་མོ་སྦྱོར་ལ།མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བྱ་བ་གང་བགྱིས་པ། །


PS011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀུན་ཁྱོད་ཀྱི་བཟོད་མཛད་རིགས། །ཅེས་པས་བཟོད་པར་གསོལ།བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་རྩེ་གཅིག་པས་ལན་གསུམ་མམ་ལྔའམ་བདུན་བརྗོད། གཞན་ཡང་དགེ་བ་བསྔོ། སྨོན་ལམ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ།ཡེ་ཤེས་པ་རང་གི་གནས་སུ་གཤེགས། །མགོན་པོ་དམ་ཚིག་པ་རང་ཉིད་ཀྱི་སྙིང་གར་ཐིམ་པར་གྱུར། དེ་ནས་ཤིས་པ་བརྗོད་པར་བྱ། གཏོར་མ་ཁྱི་དང་སློང་མོ་པ་དང་དམ་ཚིག་གི་སེར་ཡོད་པ་ལ་མི་སྦྱིན་པ་གནད་ཆེའོ། །


PS011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། །དེའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །མྱུར་མཛད་མགོན་པོ་དབྱེར་མེད་འགྲུབ་གྱུར་ཅིག །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་སྒྲུབ་ཅིང་གཏོར་མ་འབུལ་བའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་མན་ངག་ཟབ་མོས་རྣལ་འབྱོར་བརྒྱན་ཅིང་རྒྱུད་སྡེ་དང་མི་མཐུན་པའི་ལོག་བཅོས་མང་པོས་མ་སླད་པར་མདོར་བསྡུས་ཤིང་ཆ་ཚང་བར་བཀོད་པ་འདི་ནས་མང་དུ་ཐོས་པའི་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་གནོད་སྦྱིན་གང་བ་བཟང་པོའི་གངས་མགུལ་དཔེར་ནགས་རིག་འཛིན་འབར་བའི་བསྡིངས་ཁང་སུ་བྲིས་པའོ། །བསྟན་པ་རིན་པོ་ཆེ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།རྟེན་གཞི་གནས་གསུམ་འདི་ཕལ་ཆེ་བ་ལ་ཡོད་པའི་མཐུན་མོང་བ་དེ་ལགས་སོ། །ལི་ཡེ་


PS011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མགོན་པོ་ཕྱག་དྲུག་པའི་རྟེན་བཅའ་ལ་གསུམ་སྟེ། ཕྱིའི་རྟེན་དང་། ནང་གི་རྟེན་དང་། གསང་བའི་རྟེན་དང་གསུམ་མོ། །དེ་ལ་ཕྱིའི་རྟེན་གཡག་རོག་དང་། ལུག་ནག་པོ་སོགས་གང་རུང་བརྟེན་དུ་བཟའ་པའི་ཚེ། །བྱང་བུ་གཅིག་ལ་སྔགས་འདི་བྲི་བར་བྱའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི། ཡང་ན། གཟའ་ཚོ་འཁོར་དང་བཅས་པ་ལ་དར་ཞིང་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ཅེས་པ་བྲིས་ལ་ཕྱིང་པའི་རས་ལ་དྲིལ་ལ་སྐོར། །གཉིས་པ་གྲི་སྙིང་ལ་བརྟེན་ནས་ནང་གི་བརྟེན་བཅའ་བ་ནི། རྩ་རོ་རྐྱང་གསུམ་བྱེ་མས་རྒྱངས་ལ་སྐམ་དུ་གཞུགས།


PS011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཏ་ཏེ་ལ། ཨོཾ་ཨཱཿཧཱུྃ་བྲིས་ལ། དེ་ནས་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བཱི་ན་ཡ་ཀ་ཧཱུྃ་ཧཱུྃ་བདག་ཅག་དཔོན་སློབ་བམ། ཡང་ན་གཟའ་ཚེ་འཁོར་དང་བཅས་པ་རང་བཞིན་རྒྱས་པར་མཛད་དུ་གསོལ། ཕཊ་སྭཱ་ཧཱ། ཅེས་བྲིས་པ་མཚོན་མནན་ལ་མགོན་པོའི་སྐུ་བཞེངས་ཏེ་རབ་གནས་ལེགས་པར་བྱའོ། །དེ་ནས་ལ་ཕྱོགས་པར་དྲིལ་ལ་རྩ་དབུ་མའི་ནང་དུ་གཞུག་གོ །དེ་ནས་ཤོག་བུའམ་རས་ལ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་དང་། ཤཱ་ས་ན་དང་། བཛྲ་མ་ཧཱ་ཀཱ་ལ་རྣམས་བྲིས་ལ། གོང་བཞིན་བྲིས་ལ། རྩ་རོ་མ་དང་རྐྱང་མ་གཉིས་སུ་གཞུག་གོ །དེ་ནས་རིན་པོ་ཆེ་དང་། དར་སྣ་དང་། འབྲུ་


PS011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དང་། དྲི་བཟང་ལ་སོགས་པ་རྩ་གསུམ་དུ་ཤོང་ཚད་བླུག་ལ་ཕྱིང་པའི་རས་ལ་དྲིལ་ཏེ། ལུས་ལ་བཅངས་ན་མགོན་པོ་འཁོར་བཅས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་ཅི་དགོས་པ་ཐམས་ཅད་འགྲུབ་ཅིང་། རང་ལ་གནོད་པའི་དགྲ་བགེགས་ཐམས་ཅད་རླག་པར་བྱའོ། །གསང་བའི་རྟེན་ནི། དཀོན་མཆོག་དད་པ་གལ་ཆེ། ཁྱད་པར་བླ་མ་ལ་དད་པ་དཔག་ཏུ་མེད་པའི་སྒོ་ནས། སངས་རྒྱས་ཀྱི་སྐུར་མཐོང་བ་དང་། ཆོས་སྐྱོང་ལ་ཡིད་ཆེས་ནས་ངེས་ཤེས་བསྐྱེད་པ་གལ་ཆེའོ། །དེ་ནས་བསམ་པ་ཐམས་ཅད་འགྲུབ་བྱེད་དོ། །གནད་ཡིག་འདི་ཆིག་རྒྱུད་ཡིན་དམ་དུ་ཆོངས། །དངོས་གྲུབ་ཐམས་ཅད་འགྲུབ་


PS011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་བཀའ་རྒྱས་བཏབ་ནས་གཤེགས་སོ།། །།ཨིྀྛཿ དགྲ་བགེགས་གང་དམིགས་བརླག་མཛད་པའི། །ཕྱག་དྲུག་འཁོར་དང་བཅས་ལ་འདུད། །ཡེ་ཤེས་མགོན་པོ་ཕྱག་དྲུག་འདིའི་ཁྱད་པར་གྱི་མན་ངག་དཔྲལ་བའི་སིནྡྷུུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ནི། མགོན་པོའི་དཔྲལ་བའི་སིནྡྷུ་ར་ལ་ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་འཁོར་བར་བསམ་སྟེ། དག་སྦྱོར་བྱེད་པའི་སྔོན་འགྲོ་ལ་བརྒྱ་རྩ་བརྒྱད་རེ་མ་ཆག་པར་བཟླས་ན་མཁའ་འགྲོ་དབང་དུ་འདུས་ནས་ཅི་དགོས་པ་འགྲུབ་ཅིང་། མངོན་པར་ཤེས་པ་ཐོགས་པ་མེད་པར་འགྱུར་རོ། །


PS011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མཁའ་འགྲོ་དབང་དུ་བསྡུ་བའི་གནད་དོ། །སྤྱིའི་མི་བསྐྱོད་པ་ལ་རྟེན་ནས་རྒྱུད་འཇམ་དུ་གཏོང་བའི་གནད་ནི། མགོན་པོ་རང་གིས་སྤྱིའི་མི་བསྐྱོད་པའི་ཐུགས་ཀ་ནས་ཧཱུྃ་མང་པོ་སྣ་ཚོགས་པར་བྱུང་ནས། མགོན་པོའི་རྩ་དབུ་མ་གང་བར་བསྒོམས། རང་ཤེས་པ་འཚིག་ཏུ་བྱུང་ན་བྱ། རྒྱུད་འཇམ་དུ་གཏོང་བའི་གནད་དོ། །མགོན་པོ་ནུས་པ་ཆུང་དུ་སོང་ན་སྐུའི་སྒོ་ནས་གཟི་མདངས་བསྐྱེད་པའི་གནད་ནི། མགོན་པོའི་སྤྱི་བོ་རོ་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་དང་། ནུས་མཐུ་དཔག་ཏུ་མེད་པ་བསྡུས་ནས་ཧཱུྃ་ལ་ཐིམ།


PS011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་དེ་འོད་དུ་ཞུ་བས་མགོན་པོའི་ཐུགས་ཀར་སླེབ་པ་དང་འཇམ་དཔལ་གཤིན་རྗེ་གཤེད་གཅིག་ཏུ་གྱུར་པར་བསྒོམས་ནས། འཇིག་རྟེན་འདི་ན་ང་ལས་ནུས་པ་ཆེ་བ་མེད་པ་ཡིན་ཨང་སྙམ་དུ་བསམ་མོ། །དེས་ནུས་མཐུ་ཐོགས་མེད་དུ་འགྲོའོ། །འདི་ནི་གཟི་མདངས་བསྐྱེད་པའི་གནད་ཡིན་ནོ།། །།ཨིྀྛཿཿསྤོས་སྦྱོར་གྱི་མན་ངག་ནི་བཞུགས་སོ། །ཤི་མགོན་པོའི་སྤོས་སྦྱོར་ལ། བཙན་དུག །ཉུངས་ཀར། སྒོག་སྐྱ། མི་ཤ། གུ་གུལ་ནག་པོ་རྣམས་ཆ་མཉམ་དུ་སྦྱར་ལ་འབུལ་ལོ། །ཡང་ན་གུ་གུལ་དང་མི་ཤ་བསྲེས་པ་ཙམ་དབུལ་ལོ། །ཡང་ན་བཙན་དུག །ཉུངས་ཀར། སྒོག་སྐྱ། ཁྲག་ཆེན་བཞི་པོ་བསྲེས་པའི་


PS011_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་དབུལ་བར་བྱའོ། །ཡང་ན་བཞི་པོ་དེ་དང་བུ་རམ། གླ་བ་ཅུང་ཟད་ཙམ་སྲེས་པའི་རིལ་བུ་དབུལ་བར་བྱའོ།། །།སྤོས་སྦྱོར་རྒྱས་པའི་མན་ངག་བཞུགས་སོ། །སི་ན་མོ་མ་ཧཱ་ཀཱ་ལ་ཡ། མགོན་པོའི་སྤོས་སྦྱོར་གྱི་མན་ངག་ནི། དྲི་བཟང་པོས་བྱུགས་པས་སྟེགས་བུའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་དབུས་སུ་ཞུན་ཆེན་གྱི་མར་མེ། ཤར་གྱི་འདབ་མར་ཉུངས་དཀར། ལྷོར་སྒོག་སྐྱ། ནུབ་ཏུ་པདྨ་རཀྟ། བྱང་དུ་བཙན་དུག །བྱང་ཤར་དུ་གྲི་ཁྲག །ཤར་ལྷོར་ཤ་ཆེན། ལྷོ་ནུབ་ཏུ་བུ་རམ། ནུབ་བྱང་དུ་གླ་ཙི་རྣམས་གས་ཆགས་མེད་པའི་རིན་པོ་ཆེའི་སྣོད་དུ་བཞག་ནས་བཀོད་དེ་བསངས་སྦྱངས། རང་


PS011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་གདུག་པའི་རྫས་ནུས་པ་ཐོག་མེད་པ་ཐོད་པའི་ནང་ན་གནས་པར་བསྐྱེད་དེ། རྫས་དེ་དག་ཐམས་ཅད་ལ་ཧཱུྃ་ཡིག་གིས་མཚན་པར་བསམ་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་དང་རྫས་རྣམས་ཀྱི་སྟེང་གི་ཧཱུཾ་ཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། རྫས་བརྒྱད་པོ་ལ་ཐིམ་པ་རྒྱུན་མི་ཆད་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དྷུ་པེ་ནི་སིདྡྷི་ཛཿཛཿཞེས་པ་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། དུ་པྲ་ཏི་གྷི་ན་ནཾ།


PS011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་ཡ་པ་རི་ཀྲ་ཏི་པུ་ར་ནི་དུ་ཨ་ཏི་ཏ་ན་ཨ་ཏི་ཏི་དེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་ཕྲག་གཅིག་གམ། ལྔའམ། སྟོང་རྩ་བརྒྱད་བཟླས་པས་བྱིན་གྱིས་རླབས་པར་བྱའོ། །དེ་ནས་ཕྱོགས་མཚམས་ཀྱི་རྫས་བརྒྱད་བླངས་ཏེ། ཤཱ་ས་ན་དང་བཤད་མ་ཐག་པའི་སྔགས་གཉིས་བཟླ་ཞིང་བཏགས་ནས། བདུད་རྩི་རིལ་བུ་བཏབ་ཅིང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཀྱང་ཁུ་བ་ཉུང་ངུ་ཙམ་བྱ་སྟེ། རིལ་བུ་སྲན་མ་ཙམ་བྱས་ནས། སྤྱེན་འདྲེན་པ་དང་བསྐང་བཤགས་དང་། བསྟོད་བསྐུལ་དང་། བྱིན་རླབས་དབབ་པ་ལ་སོགས་པའི་དུས་སུ་བསྲེགས་ན་བགེགས་འབྲོས། མགོན་པོ་འབྱོན་བྱིན་རླབས་འཇུག་པ་དངོས་གྲུབ་མྱུར་རོ། །སྤོས་སྦྱོར་གྱི་མན་ངག་
ཁྱད་པར་ཅན་གུ་ཧྱེ། སྔགས་ཀྱི་དཔེ་ལ་ལ་ན། རྫས་རྣམས་མགོན་པོར་བསྐྱེད་ནས་མཆོད་བསྟོད་བཟླས་པ་བྱས་ཏེ་ཞུས་ནས་སོ་སོར་བསྒོམ་པ་དང་། བུ་རཾ་དང་། གླ་ཙིའི་དང་པོ་དྲི་ཆེན་དང་པས་བྱས་པའང་སྣང་ལ། བྱིན་གྱིས་བརློབས་པའི་སྔགས་སྔ་མ་མ་ཚང་བ་མང་བར་ཡོད་དོ།། །།

མཛེ་ཐོད་དང་མོན་ཐོད་ལ་བརྟེན་པའི་མནན་གཏད།


PS011_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཛེ་ཐོད་དང་མོན་ཐོད་ལ་བརྟེན་པའི་མནན་གཏད་བཞུགས་སོ།། ཧི༽ ན་མ་ཋ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཟླ་བ་དང་ཉི་མ་ནག་པོ། གཟའ་དང་སྐར་མ་དྲག་པོ་ལ་ཁ་ལྷོར་བལྟས་ཏེ། མཛེ་ཐོད་དང་མོན་གྱི་ཐོད་པར་དེང་དེའི་ཁྲག་གི་འཁོར་རྩིབས་བརྒྱད་པ་རེ་རེ་བྲིས་པ་ལ། ལྟེ་བར་སྒྲུབ་བྱའི་གཟུགས་དཔེའུ་ཆུང་ལྟར་བྲིས་ཏེ། རྩིབས་


PS011_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ། མ་ཧཱ་ཀཱ་ལ་ཡ། མཿརཿཛཿདུཿཏྲིཿཐཿཏྲིཿསརྦ་ཆཻ་མོ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྣ་གྲྀཧྣ། བྷན་དྷ་བྷན་དྷ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཆེ་གེ་མོ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་ཡིག་མགོ་ཕྱིར་བསྟན་ནས་རྩིབས་རེ་བྲིས་ནས། ལིངྒའི་བསྐྱེད་ཆོག་དགུག་སོགས་བྱས། ལྟེ་བར་བྲིས་པ་དེ་བསྒྲུབ་བྱ་དངོས་སུ་མོས་ཏེ་འཁོར་ལོའི་རབ་གནས་བསད་པའི་འཁོར་ལོའི་རབ་གནས་ལྟར་བྱས་ནས་ཐོད་པ་གཉིད་ལྟག་དཔྲལ་ཐད་ཀར་འོང་ཞིང་། ལིངྒ་གཉིས་ཀྱང་མགོ་དང་མགོ། རྐང་པ་དང་རྐང་པ་ཐད་ཀར་འོང་བ་བྱས་ནས་ཁ་སྦྱར་ཏེ་ཤི་སྐྲའི་སྐུད་པས་རྒྱ་གྲམ་དུ་བཅིངས། དུར་ཁྲོད་དང་། ཀླུ་དྲག་པོ་
གནས་པ་དང་། མཆོད་རྟེན་གྱི་འོག་གང་ཡང་རུང་བར་སྦས་ན། འཆི་བའམ་མཛེས་ཁྱེར་བ་སོགས་གདོང་ཐོགས་པ་མེད་པར་འབྱུང་ན་འགྱུར་རོ། །འདིའི་ཚེ་རང་རྟགས་སྤང་ཞིང་གཞན་རྟགས་ཡོད་ན་རྣོའོ། །སྒྲུབ་བྱ་མང་ན་ལིངྒ་མང་བར་བྱའོ། །ཞག་བདུན་གྱིས་འགྲུབ་ཅེས་ཟེར་ཡང་། ཞག་ཉེར་གཅིག་ལ་རྟགས་ཀུན་འོང་བར་སྣང་ངོ་། །ག་ལ་མཱ་ར་ཀ་རས་ཟླ་བ་གཅིག་ལ་ཕྱི་རོལ་པ་འབུམ་སྟེ་སྟོང་དུ་བཅུག་པའི་མན་ངག་ཀྱང་འདི་ཡིན་ནོ།། །།གུ་ཧྱ་གུ་ཧྱ་ས་མ་ཡ།། །།

དཔལ་ལྡན་ལྷ་མོ་ནག་མོའི་རྟེན་བཅས་ཐབས། གཉན་སྟོན་རི་གོང་པ།


PS011_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྱི་དར་ནག་ནང་ནལ་བུའི་རྒྱལ་མཚན་གསང་བ་ནལ་བུའི་སྙིང་ལ་རྟེན་པའི་དཔལ་ལྡན་ལྷ་མོ་ནག་མོའི་རྟེན་བཅས་ཐབས་གཉན་སྟོན་རི་གོང་པས་སངས་རྒྱས་


PS011_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་གནང་བའི་ཞལ་གདམས་ཆིག་བརྒྱུད་མ་བཞུགས་སོ།། ཨི༽ དཔལ་ལྡན་ལྷ་མོ་ནག་མོ་ལ་ཕྱག་འཚལ་ལོ། །འདིའི་རྟེན་བཅའ་བའི་མན་ངག་ལ། ཕྱི་རྟེན་ནི། དར་ནག་ལ་ལྷ་མོའི་སྐུ་གྲི་ཁྲག་གིས་བྲིས། དར་ནག་དེའི་རྒྱབ་ལ་ནལ་བུའི་ཁྲུ་མ་ས་དེ་བསང་སྦྱངས་ལྷ་མོར་བསྐྱེད་དེ་ཡེ་ཤེས་པ་གཞུག་མཆོད་ནས་གྲིལ་ཏེ་བྱ་རོག་གི་རྒྱལ་མཚན་གྱི་ཚུང་ན་སྙིང་ག །མ་ཚུང་ན་བྲེ་ཕུགས་སུ་གཞུག །མདའ་མྱུག་ཚིག་གསུམ་པ་ལ་བྱ་རོག་གི་སྒྲོ་གསུམ་མེ་ལ་མ་ཤོར་བ་སྐྱོན། གྲི་ལྕགས་ཀྱིས་མདེའུ་ཟུར་གསུམ་བཅུག །སྒྲོ་གསུམ་གྱི་བར་ལ་སྲེག་སྔགས་བྲི་དར་ནག །དེ་ཉིད་བྱ་རོག་གི་རྒྱལ་མཚན་དེའི་དཔུང་གནས་ལ་གཟུགས་ནས་ལྷ་


PS011_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་བྲིས་སྐུ་སོགས་གཏོར་མ་ལ་ཁ་བསྟན་ཏེ་ཐོག་ལས་འཚང་བར་གདགས། འདི་དཔལ་ལྡན་ལྷ་མོ་ཁྱོད་ལ་རྟེན་ཏུ་འཛུགས་པ་ཡིན་པས་བརྟེན་ལས་མ་འདའ། འབེན་ལས་མ་གཡོ། བར་ཆད་བསྲུངས། མཐུན་རྐྱེན་སྒྲུབས་ཤིག་ཅེས་བརྗོད་ལ་མངའ་གསོལ་དང་བཀྲ་ཤིས་བྱའོ། །འདི་ནི་འདི་ཉིད་ཀྱི་ཡིག་ཆུང་ལས། ཕྱིའི་རྟེན་བཅའ་བ་ནི། བྱ་ནག་གི་རྒྱལ་མཚན་གྱི་ནང་དུ་ལྷ་མོའི་སྐུ་དར་ནག་ལ་བྲིས་པ་གཞུག་གོ། ཞིབ་པར་ཞལ་ལས་ཤེས་སོ། །ཅེས་པ་འདི་ཉིད་ཀྱི་ཞལ་ཤེས་དང་བཅས་པ་རྫོགས་པར་བྲིས་པ་ཡིན་ནོ། །ཡང་འདིའི་རྟེན་གྱི་ཡིག་ཆུང་ལས་ནང་རྟེན་ནལ་བུའི་རྒྱལ་མཚན་ལ་ལྷ་མོའི་སྐུ་བྲིས་ལ།


PS011_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སྒོག་སྐྱ་ལ་སོགས་པ་རྫས་བཞིའི་དུད་པས་དུས་བཟང་ལ་བདུག །དགྲ་བོའི་ཕྱོགས་སུ་ཁ་བལྟས་ལ་བཞག་གོ། འདི་ལ་ནང་རྟེན་དང་། མནན་བསད་ཆིག་དྲིལ་གྱི་མན་ངག་ཅེས་བྱ་བ་ནི་ཞིབ་པར་ཞལ་ལས་ཤེས་པར་བྱ་སྟེ། གཞན་ལ་བསྟན་པར་བྱ་བ་མ་ཡིན་ནོ། །ཞེས་པའི་མན་ངག་ཞལ་ཤེས་དང་བཅས་པ་ལག་ཏུ་བླང་བའི་གནད་གསང་ཞིང་ཆེས་གསང་བ་ནི་འདི་ཡིན་ཏེ། ནལ་བུའི་རོ་བུ་བཤུས་བྱས་པའི་སོབ་ཀྱི་སྙིང་གའི་ཐད་ཀྱི་བྲང་ལྤགས་ལ་ལྷ་མོ་སྐུ་དར་ནག་ལ་བྲིས་པ་བརླན། གསོབ་དེའི་གསང་གནས་ནས་སྤྱི་གཙུག་ཏུ་སླེབ་པའི་སྲོག་ཤིང་དབྱུག་པ་དུག་ཁྲག་གི་བྱུགས་པ་གཅིག་གཙུགས། གསོབ་དེའི་སྙིང་གའི་ཐད་དུ་


PS011_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ནལ་བུའི་ཁྲུ་མ་ལ་གྲི་ཁྲག་གིས་སྔགས་གཉིས་བྲིས་པ་སྲོགས་ཤིང་ལ་སྔགས་ཕྱིར་བསྟན་ནས་དཀྲི། དེ་ཐོག་ནས་དར་ནག་གི་དཀྲི། དེ་རོ་སྐྲའི་སྐུད་པས་བཅིངས། སྔགས་བྲི་གཞི་དེ་འདྲ་མ་རྙེད་ན་རོ་རོས་སམ། ལཾ་བསད་པའི་སར་དར་གཅིག་བཞག་པའི་ཤོག་བུ་ལ་བྲིས་ཀྱང་རུང་ངོ། །ནལ་བུའི་སྲོབ་དེའི་བཤང་ལམ་དུ་སྲོག་ཤིང་ལ། རོ་རས་སམ་ཤོག་བུ་ལ་དགྲ་བོའི་ལིངྒ་དུག་ཁྲག་གི་བྲིས་ཤིང་དེའི་དཔྲལ་བར་རུས། སྙིང་གར་མིང་། བརླ་ལ་བླ་དེགས་བྲིས་པ་ལ། དགྲ་བོ་དགུག་གཞུག་བྱ་སྟེ་བསྟིམ་པ་ཡང་ཡང་བྱས་ལ། ཡིད་ཆེས་པ་ན་ལིངྒ་མགོ་མཇུག་བཟློག་ནས། ལིངྒ་བྲིས་པའི་ཕྱོགས་ནང་


PS011_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་ཏེ་སྲོག་ཤིང་ལ་དཀྲི། དེའི་སྟེང་ནས་ཡུགས་ས་མོའི་སྐྲ་ལ་བཤན་པས་ཕྱིན་ཅི་ལོག་ཏུ་སྒྲིལ་བའི་སྐུད་པས་བཅིངས། ལིངྒ་དེའི་སྟེང་རྐང་པའི་སྟེང་དུ་སྲོག་ཤིང་ལ་གྲི་ཁྲག་གི་རྡོ་རྗེ་རྒྱ་གྲམ་དུ་བྲིས། དེའི་སྟེང་དུ་དར་ནག་ལ་ལྷ་མོའི་སྐུ་བྲིས་པ་ཁ་ཕྱིར་བསྟན་ནས་སྲོག་ཤིང་ལ་དཀྲི། དེའི་སྟེང་ནས་དར་ནག་གི་དཀྲི། དེ་སྐུད་པ་གཙང་མས་དཀྲི། དེ་ནས་གསོབ་དེ་ཉིད་སྒོག་སྐྱ། བཙན་དུག །གྲི་ཁྲག །ཚིལ་ཆེན་བཞི་བསྲེས་ནས་མེ་ལ་བསྲེགས་པའི་དུད་པས་བདུག །ཕྱི་ནང་གི་ལྷ་མོའི་བྲིས་སྐུ་དེ་དག་ལྷ་མོར་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་དང་། མཆོད་གཏོར་བསྟོད་པ་རྣམས་


PS011_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བྱས་ནས་མགོན་ཁང་། སྒྲུབ་ཁང་ལ་སོགས་པའི་བྲིས་སྐུའམ། ལྟེ་བར་སྐུའི་སྤྱན་གྱི་ཐད་ཙམ་དུ་གདགས། འདི་དཔལ་ལྡན་ལྷ་མོའི་ཁྱོད་ལ་རྟེན་དུ་འཛུགས་པ་ཡིན་པས། གཞི་འདི་ལ་བཞུགས་པར་མཛོད། རྒྱན་འདི་ཆགས་པའི་རྟེན་མཛོད། བདག་ཅག་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ། ཉིན་གསུམ་བྱ་ར་མ་གཡེལ། མཚན་གསུམ་མེལ་ཚེ་མ་གཡེལ། བཅོལ་བའི་ཕྲིན་ལས་མ་གཡེལ། བཀའ་སྒོ་བྱ་ཞིང་། ཤིས་པ་བརྗོད། དེ་ནས་ནལ་བུའི་རྒྱལ་མཚན་དེ་ཉིད་དར་ནག་ལ་སོགས་པས་གཡོགས། ཉི་འོད་ཀྱི་སྣང་བ་སོགས་མི་འབྱུང་བའི་མུན་པ་ནག་པོ་འབྱུང་བའི་ཐབས་


PS011_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། སུས་ཀྱང་མི་མཐོང་བར་བྱ་ཞིང་། སུ་ལ་ཡང་མི་བསྟན། དེ་འདྲ་བའི་བརྟེན་བཅས་ཡོད་པའི་གཏམ་མི་སྨྲ་ཞིང་ཤིན་ཏུ་གསང་བར་བྱའོ། །གསང་བའི་བརྟེན་ནི། ནལ་བུའི་སྙིང་གི་རྩ་གསུམ་ལེགས་པར་སྦྱངས་ནས་སྦུབ་དང་ང་ཡོང་བར་བྱས་པའི་རྩ་དབུས་དམར་དར་ནག་ལ་ལྷ་མོའི་སྐུ་མཚོན་གང་པ་ལྷ་བཟོ་བ་དམ་ཚིག་དང་སྡོམ་པར་ལྡན་པས། སྐར་མ་རྒྱལ་ལ་དེ་ཉིད་ཚང་བར་བྲིས་པའི་རྒྱབ་ཏུ་ནལ་བུའི་ཕྲུ་མ་བརླན་པ་ལ། དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་གཞུག་པ་སོགས་ལེགས་པར་བྱས་ཏེ། མཆོད་བསྟོད་གཏོར་མ་ཕུལ་ནས། གཡས་གཡོན་ན་དྲིལ་ཏེ་གཞུག །རྩ་གཡས་གཡོན་གཉིས་སུ་རིན་ཆེན་བརྡར་བའི་ཕྱེ་མ་དང་། སྲོག་


PS011_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གྲི་ཁྲག་གིས་བྲིས་པ་གཞུག །ཕྱིང་པ་ནག་པོ་གཙང་མས་དྲིལ་ཏེ་དར་ནག་གི་ཕྱི་དྲིལ་བྱས་ནས་རང་གི་མཆན་ཁུང་གཡོན་དུ་གདགས། གཞན་སུས་ཀྱང་མ་རིག་པ་བྱས། འདིས་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་འགྱུར་ཞིང་། ལྷ་མོའི་སྐུ་འབགས་སོགས་བཞེངས་ན་དེའི་ཐུགས་ཀར་བཅུག་པས་སྐུ་དངོས་དང་ཁྱད་པར་མེད་པ་གཅིག་འོང་བ་ཡིན། འདི་ལ་ཞལ་ཤེས་གཞན་མེད་དེ་ཡིག་ཆུང་རྙིང་པ་རེ་རེ་ཙམ་ན། རྩ་གཞན་གཉིས་སུ་བརྟན་མ་བཅུ་གཉིས་ཀྱི་གཟུངས་བྲིས་ལ་གཞུག་བྱ་བ་ཡོད་ནའང་། ཤོང་ས་མེད་ཅིང་རྙིང་མ་བྱེད་པ་འགའ་ཞིག་གིས་བཅུག་པར་སྣང་ངོ་། །ནལ་བུའི་ཕྲུ་མ་རྒྱབ་ལ་བརློན་དགོས་པ་


PS011_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མ་རྙེད་ན། དེའི་ཁྲག་རྒྱབ་ལ་བྱུགས་པས་ཀྱང་དོང་ཐུབ་ཙམ་དུ་རུང་ཞེས་གསུངས། ནལ་བུ་ནི། ཕ་བུའམ་མིང་སྲིང་སོགས་ཉལ་པོ་བྱས་ཕྲུ་གུ་ལ་ཟེར་ཞིང་། དེའི་ཐོད་པའི་གདོང་ལ་བསྲུབ་ས་ཡོང་བ་ཡིན། འདིར་དེའི་ཤ་ཁྲག་རྒྱལ་མཚན་རྣམས་དོགས་པ་རྣམས་ལ། དེ་ཉིད་ཆེད་དུ་བསད་པ་མི་དགོས་ཀྱི་རང་ཤི་བས་ཆོག་གོ། དཔལ་ལྡན་ལྷ་མོ་བསྙེན་སྒྲུབ་ལས་གསུམ་བཅའ་བའི་མན་ངག་དང་བཅས་པ་ཆོས་ཟབ་པ་འདི་ནི། དེ་གོང་ཡིག་རིགས་སུ་མེད་པ་ལ། སངས་རྒྱས་གཉན་སྟོན་གྱི་ཡིག་ཆུང་ཅུང་ཟད་ཙམ་མཛད། འོན་ཀྱང་ཞལ་ཤེས་དགོས་པ་སོགས་མང་བར་འདུག་པ་ལ། ཁོ་བོས་ཡིག་ཆུང་འདི་ཉིད་གཞིར་བཞག་པ་ལ།


PS011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཤེས་དང་གསུང་འཕྲོས་རྣམས་རང་རང་གི་ཐད་དུ་དཀྱུས་སུ་བཅུག་སྟེ། ལྷག་མ་མེད་པར་ཡི་གེར་བཀོད་པ་ཡིན་ནོ། །གཉན་སྟོན་རི་གོངས་པས་མཛད་ནས། སངས་རྒྱས་སྟོན་པ་ལ་གནང་བའི་ཡིག་ཆུང་དེའི་འཇུག་ན། སྒྲུབ་ཐབས་ཀུན་གྱིས་གནད་བསྡུས་པ། །ལྷ་མོའི་གནད་བསྐུལ་མན་ངག་འདི། །གལ་ཏེ་མང་པོར་སྤེལ་གྱུར་ན། །དཔལ་བོའི་ལག་ཏུ་མཚོན་གཏད་ཡིན། །དེ་ཕྱིར་ཤིན་ཏུ་སྡིག་ཆེ་བས། །བྱིན་ན་དམ་ཚིག་མེད་དོ་ཨང་། །ང་ཡི་བུ་ཁྱོད་མ་ཡིན་པ། །གཞན་ལ་བྱིན་པ་ཡོད་རེ་ཀན། །འདི་ལས་ཟབ་པའི་ལྷ་མོ་མེད། །ཞལ་གདམས་ཆིག་བརྒྱུད་ཁྱད་པར་འཕགས། །ཨིྀྛཿ

གདོན་གྱིས་བུ་དང་ཤ་མ་མ་ཐོན་ནས་འདོན་ཐབས།


PS011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

༈ གདོན་གྱིས་བུ་དང་ཤ་མ་མ་ཐོན་ནས་འདོན་ཐབས་བཞུགས་སོ།། ཀུ༽ ལྷ་མོ་ཕྱག་བཞི་མ་ལ་བརྟེན་པ། བུད་མེད་གདོན་གྱི་ས་གདུངས་ནས་ཁྱེའུ་བླ་ལོག་བསྒྱུར་མ་ཐུབ་པ་དང་། བུ་དང་ཤ་མ་མ་འཐོན་པ་གཉིས་ལ་རྫས་དང་སྔགས་ནི། དང་པོར་ལྷ་མོ་ལ་གཏོར་མ་བཏང་ནས། དེ་རྗེས་འཐགས་ཐག་པའི་སྟགས་སོ། །བུད་མེད་ཀྱི་མགོ་ངོས་ལ་བསྟན། ཚིག་པའི་ཤིང་གཉིས་རྐང་ཞབས་བཞག་ལ། སྟག་གི་མགོ་ནས་ཕུལ། ཚིག་པས་འཐེན་པའི་དམིགས་པ་བྱས་ལ། ཁྱི་དཀར་པོའི་ཐལ་ཀ་རྡོ་རྗེ་ལ་མར་དཀར་ཉེད་ཉེད་བྱས་ནས་སྔགས་གསུམ་བརྒྱ་རེ་བརྡེག །དེ་བཏང་བས་ཐེ་ཚོམ་མེད་པར་འབྱིན་ནོ། །
སྔགས་ནི། ཀང་མ་བཞིའི་ལམ་ཕྱེ། ནག་མོ་ཆེན་མོ་འབྱུང་བ་རྒྱུའི་ལམ་ཕྱེ། ཀྲེ་ཀྲེ་མའི་ལམ་ཕྱེ། ཀོ་ཀོ་མའི་ལམ་ཕྱེ། ཀུ་ཀུ་མའི་ལམ་ཕྱེ། འབྱུང་བ་ཆེན་པོ་ཆ་སྙོམས་ལམ་ཕྱེ་ཅེས་སོ། །གཞན་ལ་ཕན་པའི་རྒྱུར་གྱུར་ཅིག །

དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་བཞི་མའི་བསྙེན་སྒྲུབ་ལས་སྦྱོར་བརྟེན་བཅའ་ཐབས་དང་བཅས་པ།


PS011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་བཞི་མའི་བསྙེན་སྒྲུབ་ལས་སྦྱོར་བརྟེན་བཅའ་ཐབས་དང་བཅས་པ་ཤིན་ཏུ་གཉན་པ་བཞུགས་སོ།། ཁུ༽ དཔལ་ལྡན་ལྷ་མོ་ནག་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ངན་སྔགས་ཀྱི་བདག་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །འདིའི་སྒྲུབ་ཐབས་ལ་རྣམ་པ་བཞི་སྟེ། བསྟེན་པ། བསྒྲུབ་པ། ལས་ལ་སྦྱོར་བ་བརྟེན་བཅའ་འོན་ཀྱང་ལུགས་


PS011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བསྒྲུབ་ཆིག་དྲིལ་གྱིས་དབང་དུ་བྱས་ནས་སོ་སོར་མི་བྱེད་དོ། །དེ་ལ་ཐོག་མར་ས་དང་ནམ་མཁའ་གྲུ་གསུམ་ཆོས་བྱུང་གི་དབྱིབས་སུ་ཡོད་པའི་གནས་སམ། དུར་ཁྲོད་དམ། མ་མོའི་ཁྱིམ་མམ། རང་གི་ཁྱིམ་དུའང་རུང་སྟེ། ཤིན་ཏུ་དབེན་པར་མཚམས་དམ་པར་བྱས་ཤིང་། རྟེན་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱ་སྟེ། བྲིས་སྐུའི་མདུན་དུ། གཏོར་མ་ཟུར་གསུམ་འཐེབ་ཀྱུས་བསྐོར་ཞིང་ཤ་ཁྲག་གིས་བརྒྱན་པ་དང་། དར་སྔོན་པོ་བཙུགས་པ་དང་། རང་གི་མདུན་དུ་ནང་མཆོད་ལ་སོགས་པ་ལེགས་པར་བཤམས་ཏེ། ཡི་དམ་གྱི་སྒོམ་བཟླས། ཡེ་ཤེས་མགོན་པོའི་སྒོམ་བཟླས།


PS011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་རྣམས་ཇི་ཙམ་མཚམས་པར་སྔོན་དུ་བཏང་ནས། རང་གཤིན་གཤེད་དང་ཕྱག་ན་རྡོ་རྗེ་གང་རུང་བའི་ང་རྒྱལ་ལ་གནས་པའི་མདུན་དུ་ལྷ་མོ་བསྐྱོད་པར་བྱ་སྟེ། རྒྱབ་ཏུ་ཉེ་ན་ལས་ལ་གཡེལ། མདུན་དུ་བུག་ན་ཁུ་ལྡོག་ཆེ། ཉེ་རིང་རན་པ་ཐད་ཀར་དུ་འོང་བའི་སྐུ་དྲང་པོར་བསྐྱེད་པར་བྱའོ། །དེ་ཡང་རྟ་ཁྲག་མི་འཁྲུགས་པའི་རྒྱ་མཚོ་དམར་ལ་དངས་པ་རྦ་ཀློང་འཁྲུགས་པའི་དབུས་སུ། དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། ཡི་གེ་བརྡ་ཡོངས་སུ་གྱུར་པ་ལས་དྲེའུ་རྐང་སེར་ག་པ། དེའི་རྒྱབ་ཏུ་སྔ་རུ་སྲིན་པོའི་ཡ་ཐོད་ལས་བྱས་ཤིང་ཕྱི་རུ་སྲིན་པོའི་མ་འགལ་ལ་བྱས་པའི་སྒ་ལ། མི་ལྤགས་


PS011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཡང་གཞི་རློན་པ་མགོ་ལུས་ལུ་བ་གཡོགས་པ་གོང་སྨད་ཐམས་ཅད་སྦྲུལ་ནག་པོ་ལ་བྱས་པ། དེའི་སྟེང་དུ་ཡི་གེ་ཕ་སྔོ་ནག་ཡོངས་སུ་གྱུར་པ་ལས། ལྷ་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། སྤྱན་ཟུར་གཡོན་གྱི་ཕྱོགས་སུ་ཅུང་ཟད་ཕྱིར་ལ་གཟིགས་པ། ཕྱག་གཡས་ཀྱི་དང་པོ་རལ་གྲི་ཁྲག་གི་གོས་པ་དྲང་པོར་འཕྱར་བ། གཡས་ཀྱིས་འོག་མ་གྲི་གུག་ཐུགས་ཀར་འཛིན་པ། གཡོན་གྱི་དང་པོ་ནལ་བུའི་ར་རངས་པོ་མདུང་རྩེ་ལ་ལངས་ཐབས་སུ་སྐྱོན་པའི་རྒྱལ་མཚན་འཛིན་པའམ། ཡང་ན། ཕྱག་གཉིས་ནལ་བུའི་བམ་ཐད་ཀར་འཛིན་པ། གཡོན་འོག་མས་ཐོད་པ་རློན་པ་སྐྲ་དང་བཅས་པའི་ནང་


PS011_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགྲ་བོའི་དོན་སྙིང་ཁྲག་དང་བཅས་པས་གང་བ་ཐུགས་ཀར་འཛིན་པ། ཕྱེད་སྐྱིལ་གྱི་བཞུགས་པའི་ཞབས་གཉིས་ལ་ལྕགས་སྒྲོག་གི་ལུ་གུ་རྒྱུད་དུ་འཁྲོལ་བ། སྤྱན་གསུམ་པ་མཆེ་བ་གཙིགས་ཤིང་ཁ་གདངས་ནས་ལྗགས་རྣམ་པར་བསྐྱོད་པ། ཤིན་ཏུ་འཇིགས་ཤིང་མི་གདུག་པ། དབུ་སྐྲ་ཁམ་སེར་འཕྱར་ཞིང་འཛིངས་པའི་སྤྱི་བོར་རྨ་བྱའི་སྒྲོ་མདོངས་ཀྱི་བརྒྱན་ཞིང་། སྦྲུལ་མགོའི་གདེངས་ཀ་ཅན། སྙན་གཡས་པ་ལ་སེངྒེ་དང་། གཡོན་པ་ལ་སྦྲུལ་གྱི་བརྒྱན་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་གསོལ། སྐུ་སྨད་ལ་བ་གླང་གི་ཀོ་བའི་སྨད་གཡོགས་གྲོལ་བ། རེ་ལྡེ་སེར་སེར་ཤམ་ཐབས་ལ།


PS011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་པོ་སྟོང་གི་ཆུན་པོས་སྐ་རགས་བྱས་ཤིང་། ལྟེ་བའི་ཐད་ན་ཉི་མ་འཆར་བ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུས་སྤྲས་པས། དེའི་མདུན་དུ་ཆུ་སྲིན་གདོང་ཅན་མཐིང་ཁ་ཕྱག་གཡས་ཞག་པ་ནག་པོ་འཕེན་པས་དགྲ་བོའི་སྐེ་ནས་བཅིངས་ཤིང་། གཡོན་པ་དྲིའུའི་ཐུར་སྣ་བཟུང་ནས་གཙོ་མོ་ལ་བལྟ་བ། ཁ་གྱེན་དུ་ཕྱོགས་ཤིང་གཅེར་བུ་མོ། སླད་ཀྱི་རྗེས་འབྲང་སེངྒྒེའི་གདོང་ཅན་མགོ་བོ་སྒེང་མོ་ལ་སྲིན་མོའི་ལུས་ཅན་མདོག་དམར་ནག །ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་། གཡོན་པ་སྡིག་མཛུབ་ཀྱི་རྩེ་ལ་ཞག་པ་ནག་པོ་རྒྱངས་པ། ཁ་གདངས་


PS011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཅེར་མོ་གཙོ་མོའི་ཕྱི་བཞིན་འབྲང་བ། དགྲ་བགེགས་ལ་སྡང་མིག་ཕྱིར་བལྟ་བའོ། །གཞན་ཡང་ཤ་ཟ་མ་མོ་མཁའ་འགྲོ་བྱེ་བའི་ཚོགས་དང་བཅས་པའི་གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཕ་སྔོ་ནག །རང་གི་ཐུགས་ཀའི་ཧཱུྃ་དང་ལྷ་མོའི་ཐུགས་ཀའི་ཧཱུཾ་ས་བོན་གྱི་ཡི་གེ་ལས་འོད་ཟེར་འཕྲོས་ལྷོ་ནུབ་མཚམས་ནས་བསྒོམས་པ་དང་འདྲ་བའི་ལྷ་མོ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་ལྷ་མོའི་ཐུགས་ཀར་ས་བོན་ལ་སྲོག་སྔགས་ཀྱིས་གཡས་བསྐོར་དུ་བསྐོར་བར་བསམས་ནས། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས།


PS011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཕོག་པས། ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བར་བསམ་ཞིང་། བཟླས་པ་བྱ་བ་ནི། རྒྱུན་བསྙེན་གྱི་དམིགས་པ་ཐུན་མོང་བ་ཡིན། ཐུན་མོང་མ་ཡིན་པ་ཞལ་ཤེས་ཀྱི་དམིགས་པ་ཁྱད་པར་བ་ནི། རང་ཡི་དམ་དུ་གསལ་བའི་ཤངས་བུག་གཡོན་པ་ནས་ལྷ་མོའི་སྲོག་སྔགས་ཀྱི་ཕྲེང་བ་རླུང་དང་འགྲོགས་ནས་སོང་སྟེ། ལྷ་མོའི་ཤངས་བུག་གཡས་ནས་ཞུགས། ལྷ་མོའི་ཞལ་ནས་ཐོན་བདག་གི་ཞལ་དུ་ཞུགས། སླར་ཡང་བདག་གི་ཤངས་བུག་གཡོན་པ་ནས་ཐོན་ཏེ། ལྷ་མོའི་གཡས་སུ་ཞུགས་ཤིང་ཞལ་ནས་ཞལ་དང་། ཤངས་ནས་ཤངས་དུ་རྒྱུན་མི་ཆད་འགལ་མེའི་


PS011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལྟར་འཁོར་བར་བསམ་ལ། སྔགས་ཀྱི་ཁོག་སྔོ་ནག་ལ་འོད་ཟེར་མགར་བའི་ཐབ་ཁུང་གི་མེ་ལྕེ་ལྟ་བུ་འཕྲོ་བ་ལ་ཡིད་རྩེ་གཅིག་ཏུ་གཏོད་མ་ཡེངས་པས་སྲོག་སྔགས་བཟླས་པར་བྱའོ། །བཟླས་པའི་སྔགས་ནི། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ར་ལ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་བྱའོ། །དེ་ལྟར་ཐུན་གྱི་དངོས་པོ་རྫོགས་པའི་མཐར་གཏོར་མ་ཕུལ་ནས་བསྟོད་དོ། །བཟོད་པར་གསོལ་ཞིང་། ཡེ་ཤེས་པ་མི་གཤེགས་པར་རང་ཉིད་ཐུན་མཚམས་ཀྱི་བྱ་བ་དག་ལ་གནས་པར་བྱའོ། །ཐུན་དང་པོ་ཐོག་མ་ལ་དེ་ལྟར་བྱས་ནས། དེ་ཕྱིན་ཆད་ཞག་གྲངས་སུ་བྱེད་པའི་ཞག་གྲངས་ཐམས་ཅད་ལ་ལྷ་མོ་


PS011_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་ལས་གསར་དུ་མི་བསྐྱོད་པར། མདུན་ན་སྔར་ཡོད་གསལ་འདེབས་པའི་བསམ་པས་ངག་ཏུ་བརྗོད་ཅིང་གསལ་བཏབ་སྟེ། ཡེ་ཤེས་པ་གཞུག་པ་མན་ཆད་སྔར་ལྟར་བྱའོ། །དེ་ལ་འདིའི་བསྙེན་པ་ལ་ཚད་རྣམ་པ་གསུམ་སྟེ། གྲངས་དང་། དུས་དང་། མཚན་མའོ། །གྲངས་ནི་རྒྱུན་གཅིག་ལ་མཚམས་ནང་གཅིག་ཏུ་ངག་བྱིན་གྱིས་བར་མ་ཆད་པར་བཟླས་པ་འབུམ་ཕྲག་གསུམ་མོ། །དུས་ནི་ཉིན་ཞག་བཅུ་གཉིས། མཚན་མ་ནི་རབ་དངོས་སམ་ཉམས་སྣང་ལ་ལྷ་མོའི་ཞལ་མཐོང་བ། འབྲིང་ཁྲག་གི་མཚོ་དང་རླུང་འཚུབ་མ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་དངོས་སམ་ཉམས་སྣང་ལ་ཐོང་བ། ཐ་མ་རྨི་


PS011_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་ལྷ་མོའི་སྐུ་དང་ཁྲག་མཆོད་དང་། རླུང་ནག་འཚུབ་མ་དང་། ཆར་སྤྲིན་ནག་པོ་འབྲུག་སྒྲ་དང་བཅས་པ་དང་། དྲེའུ་དང་། བོང་བུ་དང་། བྱ་ནག་དང་། མ་དང་སྲིང་མོ་ལ་སོགས་པའི་བུད་མེད་ནག་མོ་རྒྱན་དང་ལྡན་ཞིང་སྣུམ་བག་དང་ལྡན་པས་བག་ཕེབས་པའི་གཏམ་སྨྲ་བ་དང་གྲོགས་བྱེད་པ་དང་། ཟས་སྟེར་བ་སོགས་སོ། །ནང་གྲོལ་ཁ་འབྱེད་པ། རྒྱུ་མ་ལ་སོགས་པའི་ཤ་དམར་པོ་སྟེར་བ་དང་། རོ་དང་། མགོ་བོ་དང་། དོན་སྙིང་ལ་སོགས་པ་ཡང་ཡང་རྨི་ན། ལས་ལ་སྦྱོར་བ་ན་མཉེས་པའི་རྟགས་ཡིན་པས་ལས་བྱའོ། །ཐུན་བཞི་ཀ་ལ་འབུལ་བ་དང་ནར་མར་འབུལ་བ་གཉིས་ཀའི་གཏོར་ཆོག་ནི། གཏོར་མའི་


PS011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཆོག་དང་བྱིན་རླབས་མགོན་པོ་ལྟར་བྱས་ལ། བདུད་རྩི་བྱིན་གྱིས་བརླབས་པའི་དགྲ་བགེགས་ཀྱི་ཤ་ཁྲག་ལྷ་མོ་འཁོར་དང་བཅས་པའི་ཞལ་དུ་དམར་ཙི་རི་རི་གསོལ་བར་བསམ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱི་ནས་བསྙེན་སྔགས་ཀྱི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པའི་གོང་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཅུག་ནས་འབུལ་བར་བྱ་ཞིང་གཏོར་སྔགས་ལན་བདུན་བདུན་བརྗོད་དོ། །དེ་ནས་བསྙེན་སྔགས་རྫོགས་པའི་མཇུག་ཏུ་ཨོཾ་ཨཱཿཧཱུྃ་བཏགས་པས་བྱིན་གྱིས་རླབས་པའི་ནང་མཆོད་དབུལ་ཞིང་། དེ་ནས་འཕྲིན་ལས་བཅོལ་ནས་ཐལ་མོ་གདབ། དེ་ནས་བསྟོད་པ་བྱའོ། །ཞག་གྲངས་རྫོགས་པ་ན་ཐུན་ཐ་མ་ལ་གཏོར་མ་དགྲ་བགེགས་ཀྱི་ཕྱོགས་སུ་བཏང་།


PS011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་འོང་ནས་མཆོད་པ་དང་ནང་མཆོད་དབུལ། བཟོད་པར་གསོལ། ཡེ་ཤེས་པ་བྲིས་སྐུ་ལ་བརྟན་བཞུགས་བྱ། མེད་ན་རང་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་གི་ལྟེ་བར་ཆོས་འབྱུང་སྨུག་ནག་གི་ནང་དུ་ཡི་གེ་ཕ་སྔོ་ནག་བསྒོམས་པ་ལ་བསྟིམས་ནས། རང་དང་ལྷ་མོ་འབྲལ་མེད་དུ་བསྒོམ་པར་བྱའོ། །དེ་ནས་བསྔོ་བ་དང་བཀྲ་ཤིས་བྱས། ལས་ཀྱིས་རྗེས་མི་མངོན་པར་བསྡུའོ། །བར་མ་སྲོད་ཀྱི་ཐུན་ལྟ་བུ་ལ་རྒྱུན་བསྙེན་མ་ཆག་པར་བྱེད་ནའང་དམིགས་པ་ལ་སོགས་པ་གོང་ལྟར་རོ། །བསྙེན་སྒྲུབ་ཇི་ལྟ་བར་བྱ་བ་བརྗོད་ཟིན་ཏོ།། །། ༈ ཁུ་དཔལ་ལྡན་ལྷ་མོ་ལ་ཕྱག་འཚལ་ལོ། །


PS011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ལས་ལ་སྦྱར་བའི་མན་ངག་བཤད་པར་བྱ་སྟེ། དེ་ལ་བསྒྲུབ་ཚད་ལ་ཁེལ་བས་ཟླ་བ་མར་གྱི་ངོའི་ཉེར་དྲུག་བརྒྱད་དགུ་ལ་སོགས་པ་དྲག་པོའི་ཉི་མ་ལ་བརྩམ་པར་བྱ་སྟེ། ཕུང་ཤུལ་གྱི་ས་ལས་བྱས་པའི་སྟེགས་བུ་ཟུར་གསུམ་པ་ལ་དུག་ཁྲག་གིས་བྱུགས། དེ་ནས་རོ་སོལ་གྱི་ནག་པོར་བྱས། དེའི་དབུས་སུ་ནག་གིས་ཕྱེ་མ་ལ་ཁུ་བ་ཁྲག་གིས་བྱས་པའི་གཏོར་མ་སྣོད་ཆེན་པོར་བཤམས་ལ། མནྫི་ལ་སོགས་པའི་སྟེང་དུ་བཞག །དར་སྔོ་ནག་མདའ་དར་ལ་ལྷ་མོའི་བྲིས་སྐུས་བརྒྱན་པ་གཏོར་མ་ལ་བཙུགས། ས་སྟེང་དེའི་སྟེང་དུ་འབྲུབ་ཁུང་མཛུབ་གང་པ་ཟུར་གསུམ་ཟབས་སུ་སོར་བཞི་བསྐོས་པའི་ནང་ལ་རོ་སོལ་གྱི་བྱུགས་ཤིང་། ཁ་ལ་མེ་རིས་བསྐོར།


PS011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་བུའམ་བག་ཟན་ལ་དགྲ་བོའི་གཟུགས་བྲིས་པའམ། བཟོ་བྱས་པའི་ལིངྒི་དབང་པོ་ཚང་བ་བྱས་ལ། དེ་ལ་དགྲ་བོ་ཡང་ཡང་བཀུག་ནས་བསྟིམ་པ་ཡིད་ཆེས་ཀྱི་བར་དུ་བྱས་ལ། འབྲུབ་ཁུང་ནང་དུ་གན་རྐྱལ་དུ་བཞག་ཅིང་། དགྲ་དངོས་སུ་མོས་པ་བྱས་ལ། ས་སྟེང་དབུས་ཀྱི་གཏོར་མ་ཆེ་བ་དེའི་མདུན་དུ་ཡང་ཐུན་རེ་རེ་ལ་གཏོར་མ་ཤ་ཁྲག་གི་བརྒྱན་པ་རེ་རེ་བཤམས། དེ་ནས་སྦྱོར་བའི་ཆོ་ག་གཞན་རྣམས་བསྙེན་སྒྲུབ་དང་འདྲ་བ་ལ། དངོས་གཞི་དུས་སུ་གཏོར་མ་ཆེ་བ་ལྷ་མོར་བསྐྱེད། དེ་ནས་འཁོར་བསྐྱེད། དེ་ནས་ཡེ་ཤེས་པ་གཞུག་པ་སོགས་སྔར་ལྟར་བྱ། དེ་ནས་སྔར་གྱི་བསྙེན་སྔགས་ཀྱི་བཟླས་པ་དམིགས་པ་དེ་


PS011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མི་བྱ་བར། རང་ཡི་དམ་གྱི་ང་རྒྱལ་གདེངས་དང་ལྡན་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་ལ་རྩུབ་པ་འཕྲོས། ལྷ་མོའི་ཐུགས་ཀའི་ས་བོན་ལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། ཁྲོས་འཁྲུགས་རྔམས་པས་འཁོར་ཤ་ཟ་མ་མོ་སྲོག་ལ་རྔམས་པ་དཔག་ཏུ་མེད་པ་སྤྲོས་ནས། དགྲ་བོ་བསད་བཅད་བསྒྲལ་བའི་ལས་དུ་མ་རིངས་པ་རིངས་པར་བྱེད་པར་བསམ་ལ། ཨོཾ་མ་མ་སརྦ་ཙ་དྷུ་ར་བྷཀྵ་ཛ་ཏ་མ་ཏྲི་འུར་བ་འུར་བ་ས་མ་ཏྲི་ར་ཛ་མིང་རུས་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ཐུན་རེའི་ནང་དུ་སྟོང་ཕྲག་རེ་ཙམ་བཟླས། དེ་ནས་རང་དང་ལྷ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དགྲ་བོའི་སྙིང་ག་ནས་རྣམ་


PS011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་ངོ་བོ་ཨ་ཐུང་ཏིལ་མར་གྱི་མར་མེ་ལྟ་བུ་བླངས་ནས་བཀུག་སྟེ་ལིངྒའི་སྤྱི་གཙུག་ནས་ཞུགས། སྙིང་གར་གནས་པར་གྱུར་པས་དེ་དགྲ་བོ་དངོས་སུ་བསམ་ལ། དེ་ཉིད་ཀྱི་ལྷ་དང་བསྲུང་མ་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་ཁོའི་ཉེས་པ་སྒྲགས་ནས་སྐྱབས་མི་མཛད་པར་གསོལ་བ་བཏབ་སྟེ་རང་ལ་བསྟིམ། འཇིག་རྟེན་པ་ཐམས་ཅད་ལྷ་མོའི་ཐུགས་ཀའི་ཡི་གེ་ཕ་སྔོ་ནག་ལས་འདུག་པའི་མེ་འོད་རབ་ཏུ་ཚ་བ་སྤྲོས་པས་བསྲེགས་ཤིང་བརྡུང་པར་བྱས། ཞལ་ནས་དུག་དང་ནད་ཀྱི་ཁ་རླངས་སྤྲོས་པས་མྱོས་ཤིང་རྒྱལ། འཇིགས་པའི་ཕོ་ཉ་དཔག་ཏུ་མེད་པས་རྒྱ་མཚོའི་མཐའ་བར་དུ་དེད་ཅིང་ཚར་བཅད་པར་བསམ་ལ། ལྷ་དང་


PS011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བར་བྱའོ། །དེ་ནས་དུག་དང་ལྕགས་ཕྱེ་རྡོ་ཕྱེ། ཉུངས་ཀར། ཉུངས་ནག །སྐེ་ཚེ་ལ་སོགས་པའི་ཐུན་གྱིས་བྲབ་ཅིང་། ལྷ་མོ་འཁོར་བཅས་ཀྱི་མཚོན་བྱའི་ཆར་འབེབས། ནད་དང་དུག་གི་ཁ་རླངས་ན་བུན་ལྟར་འཐིབས་པས་དགྲ་བོ་སེམས་མྱོས། ལུས་དང་ཡན་ལག་ཐམས་ཅད་བཅད་ཅིང་གཏུབས། དབང་པོའི་སྒོ་ཐམས་ཅད་ནས་ཁྲག་འཛག །སྙིང་གི་དཀྱིལ་ན་རྣམ་ཤེས་མར་མེ་མེ་ལྟ་བུ་ཡོད་པ་དེ་ནག་ཐུམ་ཐུམ་བསམ་ལ། སི་ཏི་ཡམ་དུ་ཛ། མ་ར་ཡ་སོད་སོད། ཀྲིཾ་གྷ་ལ། འུར་བ་འུར་བ་སོད་སོད། རྒྱུག་རི་རྒྱུག་རི་སོད་སོད། ཅེས་དྲག་ཏུ་ཞེ་སྡང་གི་སེམས་ཀྱི་བཟླས་པ་བྱའོ། །དེ་ནས་གཏོར་ཆུང་དེ་བྱིན་གྱིས་བརླབས་


PS011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགྲ་བོའི་ཤ་ཁྲག་ཏུ་བསམ་ལ་ལག་ཏུ་བཟུང་ནས་དེང་བྱས་པས་ལྷ་མོ་འཁོར་བཅས་ཞལ་དམར་དང་ངེ་བ་དེར་སིབ་སིབ་སོང་ནས། ཤ་ཁྲག་དམར་ཙིར་རི་རི་གསོལ་བར་བསམ་ནས། གཏོར་སྔགས་ལ། དགྲ་བོ་ཆྒཻ་མོ་མཱ་ར་ཡ་ཨི་དམ་བ་ལིཾ་ཅེས་སྦྱར་ནས་ལན་བདུན་བརྗོད་དེ་གཏོར་ཆུང་གཏོར་མ་ཆེ་བའི་ནང་བླུག །དེ་ནས་དམོད་བཅོལ་བྱ། ཐལ་མོ་བརྡབ། བསྟོད་བསྐུལ་དྲག་ཏུ་བྱ། ཞག་རེ་ལ་ཐུན་བཞིར་དེ་ལྟ་བུ་རྫོགས་པ་རེ་བྱ་སྟེ། ཞག་བདུན་གྱི་བར་དུའོ། །ཞེས་ཟེར་ཡང་མཚན་མ་ཡིད་མ་བྱུང་གི་བར་བྱ་དགོས་སམ་སྙམ་མོ། །འདི་དག་གིས་སྐབས་སུ་ས་སྟོང་གཏོར་མ་འབྲུབ་ཁུང་གསུམ་གྱི་ཟུར་རང་ལ་ཡེ་མི་


PS011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་བར་བྱས་དགྲ་ཕྱོགས་ལ་བསྟན། ལིངྒ་འབྲི་ན་དུག་ཁྲག་སྲེས་པས་བྲི་ཞིང་། བག་ཟན་ལ་བྱེད་ན་དགྲ་བོའི་ཟས་རྫས་དང་། རྐང་རྗེས་ཀྱི་ས་གང་རུང་བསྲེ་བ་གྲུབ་ན་ཆོས་མྱུར་བར་འགྱུར་རོ། །དེ་ལྟར་ཞག་གྲངས་ཐེམས་ན། གཏོར་མ་ཆེ་བའི་ལྷ་མོ་ནམ་མཁའ་ལ་བཏེགས་ནས་གཏོར་མ་ཆེ་བ་ལེགས་པར་བསོ། བསངས་སྦྱངས་བསྐྱེད་ཅིང་བྱིན་གྱིས་བརླབས། དེ་ནས་ལིངྒ་ཕྱིར་ཕྱུང་ནས་འབྲུབ་ཁུང་གི་མཐའ་ལ་སྐྱོར་ས་ལ་སོགས་པའི་དུད་པ་དུག་གི་རིགས་ཀྱིས་ཤིང་འཚེར་མ་ཅན་སྙིང་པོ་འདབ་མ་མེད་པས་འཁོར་བར་གྲུ་གསུམ་དུ་བཙིགས། དབུས་སུ་ཡང་ཅུང་ཟད་ཞིག་བཞག །རང་གི་གཡོན་དུ་ལིངྒ་དང་། གཡས་སུ་དུག་


PS011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉུངས་ཀར་ལ་སོགས་པའི་བསྲེག་རྫས་བཞག །ཐབས་ནང་གི་ཤིང་ལ་མེ་སྦར། ནང་མཆོད་ཀྱིས་ཀྱང་བསངས་སྦྱངས་ནས་གོང་དུ་ནམ་མཁའ་ལ་བཏེགས་པའི་ལྷ་མོ་དེ་ཐབ་ནང་དུ་སྤྱན་དྲངས། དེ་ནས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས། ལྷ་མོའི་ཐུགས་བཞུགས་པར་བསྒོམ། སྲེག་རྫས་རྣམས་བསང་སྦྱངས་བསྐྱེད། ལིངྒ་ལའང་སྔར་ལྟར་དགུག་གཞུག་ལྷ་དབྱེ་བྱས་ནས་རང་ལྷའི་ང་རྒྱལ་དང་ལྡན་པས་གྲི་ལྕགས་ཀྱི་བྱས་པའི་ཕུར་བུའམ་མི་བསད་པས་གྲིས། རྐང་པ་གཡས་ནས་རིམ་པ་བཞིན་གཏུབས་ཏེ། ལག་པ་གཡོན་པས་ལིངྒ་དུམ་བུ་རེ་དང་། གཡས་པས་སྲེག་རྫས་རེ་སྤེལ་ནས་དགྲ་བོའི་ཤ་ཁྲག་རུས་པ།


PS011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཁྲོལ་དོན་སྙིང་སོགས་སུ་བསམ་ལ། མེ་ནང་གི་ལྷ་མོ་རབ་ཏུ་ཁྲོས་པའི་ཞལ་དམར་དང་ངེ་བ་དེར་སིབ་སིབ་ཕུལ་བས། ལྷ་མོ་དང་ཐུགས་ཀའི་མེ་ལྷ་གཉིས་ཀ་ཚིམ་པར་བསམ་ལ། ཁྲོས་པའི་སེམས་ཀྱི་སྲོག་སྔགས་སྤེལ་ཚིག་དང་བཅས་པ་གོང་དུ་བཟླས་པའི་སྐབས་སུ་བཤད་པ་དེ་ལྟར་དྲག་ཏུ་བརྗོད་ཅིང་། སྔགས་རེ་རྫས་རེའི་ཚུལ་དུ་འབུལ། ཡིག་ཆུང་ན་ཁུ་བ་འབུལ་བའི་བཤད་པ་མི་འདུག །བླ་མས་ཡང་དོགས་པར་མི་གསུང་ཡང་། མར་ནག་ཅུང་ཟད་ཀྱང་ཕུལ་ན་ལེགས་སོ་སྙམ། དེས་རྙིང་པ་ལ་ལ་ན་བསྲེག་རྫས་ལག་པ་གཡོན་དང་། ལིང་རོ་གཡས་པས་འབུལ་བྱ་བ་འདུག་སྟེ། ཚད་ལྡན་གྱི་གཞུང་


PS011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་བཤད་པ་དང་མི་ཐུན་པས་མི་ལེགས་པ་འདྲའོ། །དེ་ལྟར་ན་བཤོམས་ཀྱང་སྔར་ལས་ལྡོག་དགོས་སོ། །དེ་ནས་ཐུགས་ཀའི་མེ་ལྷའི་ཡེ་ཤེས་པ་རང་གནས་སུ་གཤེགས། ལྷ་མོ་མདུན་གྱི་ནམ་མཁའ་ལ་བཏེག །མེ་དང་པོ་སྤར་ནས་ཕྱིས་ལྷག་མ་མེད་པར་མ་ཤིའི་བར་དུ་མེ་དང་བུད་ཤིང་ལ་མི་རོག །མི་རྒུལ་བ་གལ་ཆེའོ། །དེ་ནས་གཏོར་མ་ཆེ་བ་དེ་ལྷ་མོ་ལ་འབུལ། ནང་མཆོད་འབུལ། བསྟོད་བསྐུལ་དང་དམོད་བཅོལ་རྒྱས་པར་བྱ། དེ་ནས་གཏོར་མ་དགྲ་ཕྱོགས་སུ་ཁྱེར་ལ་འཕང་། གོས་བརྡབ། དམོད་བསྐུལ་བྱ། ཕྱིར་མིག་མི་བལྟ་བར་འོངས་ནས་ལམ་རྒྱ་གྲམ་གྱི་དབུས་སུ་ས་
དོང་གྲུ་གསུམ་བྱས་ནས་དེར་སྦྱིན་སྲེག་གི་ཐལ་བ་མ་ལུས་པ་བླུག །རྡོ་རྗེ་རྒྱ་གྲམ་བྲིས་པའི་རོ་གཡས་གྲུ་གསུམ་གྱི་ཁ་བཅད། ས་ལེགས་པར་གཡོགས། རང་ལྷའི་ང་རྒྱལ་དང་ལྡན་པའི་རྐང་པས་བཅགས། ནང་དུ་འོངས་ནས་ལྷ་མོ་ལ་མཆོད་བསྟོད་བྱ། བཟོད་པར་གསོལ། ལྷ་མོ་བྲིས་སྐུ་ལ་བསྟིམ། བསྲུང་འཁོར་བསྒོམ། བཀྲ་ཤིས་རྒྱས་པར་བརྗོད་དོ། །ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལས་ལ་སྦྱར་བ་ས་མ་ཡ་གུ་ཧྱ།། །།

མེ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་ཆུང་བ།


PS011_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

༈ མེ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་ཆུང་བ་བཞུགས་སོ།། གུ༽ རྡོ་རྗེ་ལྷ་མོ་ལ་ཕྱག་འཚལ་ལོ། །བླ་མ་མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་


PS011_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་འདི་ལ། རྫས་ཉུངས་ཀར། སྐེ་ཚེ། དུག་སྣ། ཁྲག་སྣ་རྣམས་མནོལ་དགྲའི་ཐོད་པར་བླུག་ལ། གྲོག་པོ་ཕུ་གདུགས་ཀྱི་འཛག་མ་དང་། དགྲ་བོའི་དྲི་ཆེན་རྙེད་ན་རབ། །མ་རྙེད་ན་རྐང་རྗེས་ཀྱི་ས་ལ་ལིངྒ་མཐོ་གང་བ་བྱའོ། །དེ་ནས་རང་གིས་མ་ཉེས་པའི་སྤང་གཟུགས་སོ། །འཇིག་རྟེན་པ་ལ་ཕུད་དང་གཏོར་མ་བྱིན་ལ་གྲོགས་བཅོལ། རང་ཉིད་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་རྡོ་རྗེར་བསྒོམ་ལ། ཐུགས་ཁ་ནས་འོད་འཕྲོས་པས་བྱང་ཤར་ནས་ལྷ་མོ་སྐུ་མདོག་དམར་མོ་མཆེ་བ་གཙིགས་པ། ཕྱག་གཡས་ཟང་གྲི་དམར་པོས་དགྲ་བོའི་སྲོག་རྩ་གཅོད་པ། གཡོན་ནད་ཀྱི་རྐྱལ་པ་ཁ་ཕྱེ་བས་


PS011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་རྣམ་ཤེས་དུག་དང་ནད་ཀྱིས་མྱོས་ཏེ་འཆི་བར་བྱེད་པ་འཁོར་མ་མོ་བསམ་གྱིས་མི་ཁྱབ་པས་ནད་དང་དུག་གི་དགྲ་བོ་མྱུར་དུ་བརླགས་པར་བྱེད་པར་བསམ་ལ། དེ་འདྲ་སྤྱན་དྲངས་ཏེ་མདུན་དུ་བཞུགས་པར་བསྒོམ། ལིངྒ་དགྲ་བོ་དགུག་གཞུག་བྱས་ལ། གྲི་ལྕགས་ལས་བྱས་པའི་ཕུར་སོར་བརྒྱད་པ་གཅིག་ལྷ་མོར་བསྐྱེད་ནས། དེ་ལ་ཡང་གོང་གི་དེ་འདྲ་བའི་ལྷ་མོ་སྤྱན་དྲངས་ཏེ་བསྟིམ་ནས། ཕུར་པ་དེ་ལིངྒའི་སྙིང་གར་གཟུགས། དྲག་པོའི་ཞེ་སྡང་མ་ཞི་བའི་བར་དུ་ལྷ་མོ་འཁོར་དང་བཅས་པས་དུག་དང་མཚོན་གྱིས་ཆར་ཕབ་པས། དགྲ་བོའི་ཁ་ཕུང་དུ་ཤི་བར་བསམ་ལ། ཐུན་རྡེབ་ཅིང་དྲག་སྔགས་འདི་བཟླས་སོ། །ཧི་ཧི་མ་མ་ཐུན་བྷྱོ།


PS011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་མོ་རཀྴ་དགྲ་བོ་ལ་ཐུན་བྷྱོཿརག་མོ་ཡག་མོ་དགྲ་བོ་ཆྒཻ་མོ་སོད་མཱ་ར་ཡ། ཅེས་བཟླས་སོ། །དེ་ལྟ་བུ་ཐུན་བཞིར་བཟླས་པས། བུད་མེད་ནག་མོས་བདག་ལ་སྙིང་སྟེར་བ་དང་། དགྲ་བོའི་སྲོག་ཁྲུང་འབྱེད་པ་ལ་སོགས་པ་ཉམས་སྣང་། རྨི་ལམ་དུ་འབྱུང་བར་འགྱུར་ཏེ། གྲུབ་པའི་མཚན་མའོ། །དེ་ཡང་ཞག་བདུན་བཅུའམ་ཉེར་གཅིག་ལ་རབ་འབྲིང་ཐ་གསུམ་གྱི་དབང་གི་འགྲུབ་པར་འགྱུར་རོ། །དམར་གཏོར་ཏེ། དུས་སྲོད་ཐོ་རངས་བཏང་། དམ་ཚིག་ཏུ་དྲིའུ་ཤ་མི་ཟ། བླ་མ་ལ་གུས་པར་བྱ། འདི་སྒྲུབ་ཀྱི་བར་ལ་ཡུག་ས་མོ་ལ་མི་རེག །འདི་དུག་དང་འདྲ་བས་མི་ལ་མི་སྦྱིན། ལས་དང་སྐལ་
བར་ལྡན་པ་གཅིག་དང་ཕྲད་པར་ཤོག །བླ་མ་མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་ཆུང་བ་རྫོགས་སོ།། །།འདི་སྐྱེར་སྒང་པས་མཛད་པའོ། །གྲུ་ཧྱ་ས་མ་ཡ།།

མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ།


PS011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་བཞུགས་སོ། །དུ་རྡོ་རྗེ་ལྷ་མོ་ལ་ཕྱག་འཚལ་ལོ། །བླ་མ་མཻ་ཏྲིའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་འདི་ལ་གསུམ། སྔོན་འགྲོ་རྫས་དང་བཅའ་གཞི་བྱ་བ། དངོས་གཞི་སྒྲུབ་པ་བྱ་ཞིང་ལས་ལ་སྦྱར་བ། རྒྱུན་གྱི་རྟེན་བཅའ་ཞིང་བཀའ་བསྲུང་དུ་མཆོད་པའོ། །དང་པོ་ནི། ཡེ་ཤེས་མགོན་པོའི་བསྙེན་པ་ཚད་ཐེངས་ཤིང་། ལྷ་མོ་འདིའི་བསྙེན་པ། མ་མོ་ནག་མོ་བེ་ཏ་ལི་སོགས་


PS011_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་ལ་སོགས་པ་སོང་ཞིང་། ལྷ་མོ་རང་ལ་འཁོར་བའི་མཚན་ལ་རྙེད་མའི་རྣལ་འབྱོར་པས། བྲག་ཕུག་ཁ་བྱང་ལ་བལྟས་པའི་གནས་སུ་ཕྱིན་ལ། ས་སྟེགས་མདའ་གང་གྲུ་བཞི་པ་གཅིག་རིགས། དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་ཐུར་དུ་བྲུ། དེའི་ལོག་རེ་ལ་ཁྲུ་རེ་ཡོད་པ། རྒྱ་ཚད་དང་དཔང་སུ་མཐོ་གང་། རྩེ་མོ་དགྲ་ཕྱོགས་སུ་བསྟན་པར་བྱའོ། །འབྲུབ་ཁུང་གི་ནང་ཁྲག་སྣ་དུག་སྣ། རོ་སོལ་གསུམ་གྱི་བྱུགས། དགྲ་བོའི་དྲི་ཆེན་རྙེད་ན་རབ། །མ་རྙེད་ན་རྐང་རྗེས་ཀྱི་ས་དང་། གྲོགས་པོ་ཕུ་གདུགས་ཀྱི་འཛག་མ་དང་། བག་ཟན་རྣམས་བསྲེས་ལ། ལིངྒ་མཐོ་གང་པ་གཅིག་བྱས་པའི་སྙིང་གར་


PS011_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་བྲིས་པའི་ནང་དུ་ཤོག་བུ་ལ་ལིངྒ་མིང་རུས་བྲིས་པ་གཅིག་གཞུག །ལིངྒ་དེ་རང་གི་མདུན་དུ་བཞག །རང་གི་གཡོན་ངོས་ཀྱི་ས་སྟེགས་ཀྱི་ཟུར་དུ་ནལ་བུའི་ཐོད་པའམ་གྲི་ཐོད་ཀྱི་ནང་དུ་ཉུང་ཀར། ཉུང་ནག །སྐེ་ཚེ། ཤངས་ཚེ། ལྕགས་ཕྱེ་རྡོ་རང་མའི་ཕྱེ་མ། མཛེ་ཕོ་མ་གཏོགས་པའི་ཁྲག་སྣ་སྙིང་ཚད། བོང་དུག་པ་མ་གཏོགས་པའི་དུག་སྣ་རྙེད་ཚད་རྣམས་བླུག་པ་བཞག་པར་བྱ་སྟེ་ཐུན་རྫས། གྲི་ལྕགས་ཀྱི་ཕུར་པ་སོར་བརྒྱད་པ་ལྷ་མོར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ་ནས་འབྲུབ་ཁུང་གི་མདུན་དུ་དཀྱིལ་འཁོར་གྱི་ཁར་བཙུགས། དཀྱིལ་འཁོར་ས་སྟེགས་གྲུ་བཞི། དེའི་སྟེང་གི་རང་གི་གཡས་ཀྱི་ཟུར་དུ་ཚིལ་ཆེན་གྱི་


PS011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་རྒྱུན་མི་ཆད་པ་བྱ། གཞན་ཟུར་གཉིས་སུ་དཀར་གཏོར་རེ་བཞག །དེ་གཉིས་ཨཱ་ལས་ཐོད་པའི་ནང་དུ་དགྲ་བོའི་ཤ་ཁྲག་ཏུ་བསམ། ཡེ་ཤེས་གསུམ་གྱིས་བྱིན་བརླབས་ལ། བསྒྲུབ་པ་བྱེད་པའི་དུས་སྲོད་ཀྱི་ཐུན་མཐར་གཅིག་ཕུལ་ནས་ཐོག་ཁར་བཏང་། གཅིག་ཐོ་རངས་ཕུལ་ནས་ཐོག་ཁར་བཏོང་། ༈ གཉིས་པ་བསྒྲུབ་པ་ལ་གསུམ། ཐུན་སྒྲུབ་པ། ལིངྒ་སྒྲུབ་ཅིང་ལྷ་དབྱེ་བ། བསད་ལས་བྱ་བའོ། །དང་པོ་ནི། སྒྲུབ་པ་ལ་འཛུག་པའི་སྔོན་དུ་ཐོག་ཁའམ། སྒོ་ཕྱི་ནས་ནས། འཇིག་རྟེན་གྱི་ལྷ་འདྲེ་སྡེ་བརྒྱད་རྣམས་ལ་གཏོར་མ་བྱིན། ཕུད་གཏོར་ནས་བདེན་པ་བདར། རང་གི་མ་ཉེས་པའི་སྤང་གཟུ་བྱ། བར་


PS011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མ་བྱེད་པར་གྲོགས་བགྱི་ཤིག །ཅེས་སྒོ། དེ་ནས་ནང་དུ་སྟན་ལ་འདུག་སྟེ་བསྲུང་བར་བསྒོམ་ཞིང་། རང་ཉིད་ཕྱག་རྡོར་རམ་གཤིན་རྗེ་གང་རུང་དུ་བསྐྱེད་པའི་ང་རྒྱལ་བརྟན་པ་ལ་གནས་ནས། མདུན་དུ་ལྷ་མོ་སྐུ་མདོག་དམར་མོ། ཁ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་ཟངས་གྲི་དམར་པོས་དགྲ་བོའི་སྲོག་རྩ་གཅོད་པ། གཡོན་གྱིས་ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་དགྲ་བོའི་རྣམ་ཤེས་དུག་དང་ཁྲག་གི་མྱོས་ཏེ་འཆི་བར་བྱེད་པ། དྲིའུ་ཁམ་པའི་སྟེང་ན་ཞབས་ཕྱེད་སྐྱིལ་གྱི་བཞུགས་པ། འཁོར་ཤ་ཟ་མ་མོ་ཁ་དོག་སྣ་ཚོགས་པས་ལག་ན་ཞགས་པ་དང་ནད་རྐྱལ་ཐོགས་པ་དཔག་ཏུ་མེད་པས་དགྲ་བོ་མྱུར་དུ་བརླག་པར་བྱེད་པར་


PS011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བྱའོ། །ཡང་ན་རང་ཉིད་ཀྱང་ལྷ་མོར་བསྐྱེད་པས་མཆོག་སྟེ། འོན་ཀྱང་ཤིན་ཏུ་རྩུབ་བོ། །ལྕགས་ཕུར་ཡང་ལྷ་མོ་དེ་འདྲ་བར་བསྐྱེད། དེ་ནས་རང་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་འཕྲོས། བྱང་ཤར་མཚམས་ནས་ལྷ་མོ་དངོས་བཞུགས་པའི་ཐུགས་ཀར་ཕོག་ཐུགས་རྒྱུད་བསྐུལ་འཁོར་ཤ་ཟ་མོ་བྱེ་བ་ས་ཡའི་ཚོགས་དང་བཅས་པ་ནམ་མཁའ་ནས་ཚུར་བྱོན། མདུན་བསྐྱེད་དང་ཕུར་པ་ལ་བསྟིམ། ཞིང་ཆེན་གྱི་དུད་པ་བཏང་། དེ་ནས་རང་གི་ཧི་ཧི་མ་མ་ཐུན་བྷྱོ་ལ་སོགས་པའི་སྔགས་དྲག་ཏུ་བཟླས་པས་ལྷ་མོའི་འཁོར་མ་མོ་བྱེ་བ་ས་ཡ་རྣམས་ནི་ལ་ལ་སྟེང་འོག་ཏུ་རྒྱུག །ལ་ལ་ཕྱོགས་ཀུན་


PS011_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འཁོར་དུ་རྒྱུག་པས་ཁེངས་ཏེ། དཔེར་ན་བུང་བ་ཚང་རྡོལ་ལྟར་རྔམས་ཤིང་གཏུམ་པའི་སེམས་ཀྱི་དམོད་པའི་དྲག་སྔགས་འབྲུག་གི་ངར་སྒྲ་ལྟར་རང་དང་ཁྱད་མེད་དུ་བཟླས་པར་བསམ་ལ། སྔགས་བརྒྱའམ་སྟོང་ལ་སོགས་པའི་མཚམས་སུ་ལག་གཡོན་པས་ལྕགས་ཕུར་བཟུང་ལ། ཐོད་པའི་ནང་གི་ཐུན་ལན་གསུམ་གཡོན་བསྐོར་དུ་དཀྲུགས་ཤིང་སྔགས་བཟླས་པའི་འཁོར་མ་མོ་དཔག་ཏུ་མེད་པ་ཐུན་ལ་སིབ་སིབ་ཐིམ་པས་ཐུན་ཐམས་ཅད་མ་མོར་དངོས་སུ་སོང་སྟེ། རྔམས་ཤིང་གཏུམ་པའི་སེམས་ཀྱི་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པར་བསམ། ཡང་ཕུར་པ་བཞག་ནས་སྔར་ལྟར་རྒྱུན་དུ་བཟླས་སོ། །དེ་ལྟར་ཞག་བདུན་བྱས་པས་རབ་དངོས་དང་།


PS011_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཉམས་སྣང་རྨི་ལམ་དུ་ཞལ་མཐོང་བ་དང་། བུད་མེད་མང་པོས་གྲོགས་བྱེད་པ་ལ་སོགས་པའི་མཚན་མ་དུ་མ་འབྱུང་ངོ། །གཉིས་པ་ལིངྒ་སྒྲུབ་ཅིང་ལྷ་དང་དབྱེ་བ་ནི། ལིངྒ་འབྲུབ་ཁུང་གི་ནང་དུ་བཞག །ཐུན་མགོ་ལ་བདག་བསྐྱེད་མདུན་བསྐྱེད། ཕུར་པའི་བསྐྱེད་ཆོག །དེ་དག་ལ་ཡེ་ཤེས་པ་དགུག་གཞུག་སོགས་སྔར་ལྟར་བྱས་ནས། དེ་ནས་དགྲ་བོའི་ཕྱོགས་སུ་ཁ་བལྟས་ཏེ་སྔགས་བཟླས་པས། རང་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་འཕྲོས། འཁོར་གྱི་མ་མོ་ཐམས་ཅད་ལ་ཕོག་པས་མ་མོ་རྣམས་ཀྱི་ཐུགས་རང་དབང་མེད་པར་བསྐུལ་ཏེ། ཁྲོ་བ་དང་། རྔམས་པ་དང་། གཏུམ་


PS011_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་སྨེ་སྔགས་ཀྱི་འོ་དོད་སྣ་ཚོགས་འབོད་ཅིང་། ཤིནྟུ་རིངས་པའི་ཚུལ་གྱིས་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་ཏེ། ཐོགས་པ་མེད་པར་རྒྱུགས་ནས་ཐམས་ཅད་དགྲ་བོ་གང་ན་འདུག་པའི་གནས་སུ་སོང་སྟེ། དེ་ཐམས་ཅད་དགྲ་བོའི་ལུས་ལ་སྲིབ་ཀྱི་རྔུབ་ནས་དགྲ་བོའི་ཤ་ཟོས། ཁྲག་འཐུངས། རུས་པ་འཆོས། སྙིང་གི་དཀྱིལ་ན་རྣམ་ཤེས་ཀྱི་རྟེན་སྲོག་གི་དངས་མ་མར་མེ་ལྟར་གསལ་བ་ཁོག་དམར་པོ་ཚལ་ལྕོག་ལ་མ་ལྟ་བུ་འདུག་པ་དེ་སྟོན་ནས་མགྱོགས་པར་ཁྱེར་འོངས་ཏེ། འབྲུབ་ཁུང་གི་ལིངྒའི་སྙིང་གར་བཅུག་ཅིང་བསྟིམ་པས། ལིངྒ་འདི་དགྲ་བོ་དངོས་སུ་བསམ། དེ་ནས་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཡོན་པའི་


PS011_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་བུས་པས། དགྲ་བོ་སྐྱོབ་པ་དང་། བསྟེན་པའི་ལྷ་དང་བསྲུང་མ་ཐམས་ཅད་ནད་དང་དུག་གི་མྱོས་ཤིང་ཕྱོགས་བཅུར་གྱེས་ཏེ། སྐྱོབ་པའི་ལྷ་གཅིག་ཀྱང་མེད་པར་བསམ་མོ། །དེ་ལྟ་བུ་ཐུན་བཞིར་བཅད་ཐུན་རེ་རེའི་ནང་དུ་ཡང་ལེན་ཉེར་གཅིག་གི་གྲངས་ལ་སོགས་པ་བྱེད་པ་ཞག་བདུན་བྱས་པས་དགྲ་བོའི་བླ་ཁུག་པའི་མཚན་མ་དངོས་སམ། ཉམས་སྣང་རྨི་ལམ་དུ་འབྱུང་བར་འགྱུར་རོ། །གསུམ་པ་བསད་པའི་ལས་ནི། ཐུན་མགོ་ལ་དགུག་གཞུག་སྔར་ལྟར་བྱས་ལ། ལིངྒ་དགྲ་བོ་དངོས་སུ་གསལ་བ། ལིངྒ་འབྲུབ་ཁུང་དུ་གལ་རྐྱལ་དུ་བཞག་པའི་སྙིང་གར། ལྕགས་ཕུར་ལྷ་མོར་བསྐྱེད་ཅིང་གསལ་བ་དེ་གཙུགས་


PS011_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྣམས་མ་མོའི་ཚོགས་དངོས་སུ་བསམ་ནས། ཐུན་སྔགས་ཧི་ཧི་ལ་སོགས་པ་དྲག་ཏུ་བརྗོད་ཅིང་ཁྲོས་པའི་སེམས་ཀྱིས་བྲབས་པས་མ་མོའི་ཚོགས་རྣམས་ཀྱི་མཚོན་དང་དུག་གི་ཆར་ལུས་ལ་ཕབ་ཅིང་ནད་ཀྱི་ན་བུན་སྤྲོས་པས། དགྲ་བོའི་ལུས་མྱགས་ཤིང་བུ་ག་དགུ་དང་བ་སྤུའི་ཁུང་བུ་རྣམས་ཀྱང་ཁྲག་དང་ཆུ་སེར་ན་ར་ར་འབབ་ཅིང་། སྙིང་གའི་རྣམ་ཤེས་ཀྱི་རྟེན་སྲོག་གི་དངས་མ་མེ་ལྟ་བུ་དེ་ནག་ཐུམ་ཐུམ་སོང་། བཞིན་གྱི་མདངས་ཡལ་ནས་སེར་ཉལ་ཉལ་ཤི་བར་བསམ་ལ་ཐུན་གྱི་ལིངྒ་ལ་བྲའོ། །དེ་ལྟར་ཞག་བདུན་བྱས་པས་བུ་མེད་ནག་མོས་སྙིང་དང་མགོ་ལ་སོགས་སྟེར་བ་དང་། སྲོག་ཁ་ཁུང་འབྱེད་པ་ལ་སོགས་པ་འབྱུང་སྟེ། ཉམས་སམ་


PS011_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་དུ་དེ་ལྟ་བུ་བྱུང་ནས་ལས་འགྲུབ་པར་འགྱུར་རོ། །འདིའི་དུས་མཚམས་དམ་པར་བཅད། ལུས་ངག་ཡིད་གསུམ་གྱི་ཞུད་ལེགས་པར་བསྲུངས་ནས། ཉིན་མཚན་དུ་སྒྲུབ་ནས་ལས་ལ་སྦྱར་བས་མི་འགྲུབ་མི་སྲིད་པར་འདུག་ཅེས་བླ་མ་ཤངས་པས་གསུངས་སོ། །དམ་ཚིག་ཏུ་དྲིའུའི་ཤ་མི་ཟ་བླ་མ་དང་ཆོས་སྐྱོང་ལ་ཡིད་ཆེས་ཤིང་གུས་པར་བྱའོ། །བསྒྲུབ་ཀྱི་བར་དུ་ཡུག་ས་མོ་ལ་མི་རེག་འདི་ནི་དུག་དང་འདྲ་བས་གཞན་ལ་མི་སྦྱིན། ལས་དང་སྐལ་བར་ལྡན་པ་གཅིག་ལ་སྦྱིན་ནོ། །དེ་ནས་ལིངྒ་ལྕགས་ཕུར་གྱིས་གཏུབས་པའི་དུམ་བུ་རེ་དང་འཐེབ་ཀྱུ་རེ་སྤེལ་ནས་གཏོར་མ་གསོས་ནས་རྒྱས་པར་ཕུལ། །ནང་


PS011_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར། བསྟོད་པ་བྱ། གཏོར་མ་དགྲ་ཕྱོགས་སུ་འཕངས་ལྷ་མོ་འཁོར་བཅས་མདུན་གྱི་ནམ་མཁའ་ལ་བཞུགས་པ་དེ། རང་གནས་སུ་གཤེགས་སུ་གསོལ། བཀྲ་ཤིས་བྱ། བསྲུང་འཁོར་བསྒོམ། ལྕགས་ཕུར་དར་ནག་ལ་ལྷ་མོའི་སྐུ་བྲིས་པའམ། ཙཀ་ལིས་དྲིལ་ཏེ་ཐོད་ནང་གི་ཐུན་ལྷག་ལ་བཙུགས། དེ་ཉིད་ཐོད་པ་དང་བཅས་པ་དར་ནག་གི་དྲིལ་རྟེན་སྒྲོམ་ལ་སོགས་པའི་ནང་དུ་བཅུག་སྟེ། ལྷ་མོའི་ཕོ་བྲང་དུ་བསམ་ལ་སྒྲུབ་ཁང་གི་བྱང་ཤར་མཚམས་སུ་གཞུག །ནུབ་རེ་བཞིན་གཏོར་མ་དང་ཕུད་ཀྱི་མཆོད་དོ། །བཞི་པ་རྟེན་བཅའ་བ་ནི། གཟའ་སྐར་བཟང་པོ་ལ་གྲི་ལྕགས་ལས་ཕུར་སོར་བརྒྱད་པ་བྱས་ལ། མགར་


PS011_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལག་ནས་མི་ལག་མི་འགྲིམ་པར་བླངས་ཏེ། དབེན་པའི་གནས་སུ་ཁྱེར་ལ། ཕུར་པ་ལྷ་མོར་བསྐྱེད། བྱང་ཤར་མཚམས་ནས་ཡེ་ཤེས་པ་བཀུག་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་རླབས། ནང་མཆོད་དང་དམར་གཏོར་བྱིན་གྱིས་རླབས་པས་མཆོད་ཅིང་བསྟོད་དོ། །སྔགས་བཟླས་པའི་མེ་ཏོག་ནག་པོ་གཏོར། སྤོས་བསྲེས་པས་བདུག་ལ། དྲག་སྔགས་ཀྱི་བདག་མོར་མངའ་གསོལ་ནས། འཁོར་བ་མ་སྟོང་གི་བར་དུ་བར་ཆད་བར་ཆད་སེལ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གསོལ་བ་གདབ། ཐང་ཀའི་རབ་གནས་ཀྱང་དེ་དང་འདྲའོ། །དེ་ནས་ལྕགས་ཕུར་དེ་ཉིད་མི་མཐོང་བར་


PS011_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁང་གི་བྱང་ཤར་མཚམས་སུ་བཞུགས་ནས་རྒྱུན་དུ་མཆེད་མཆེད་པ་དང་གཏོར་མ་བྱའོ། །བླ་མ་མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་རྫོགས་སོ།། །།སྲོག་སྒྲུབ་ཀྱི་ཡི་གེ་འདི་བླ་མ་རི་གོང་པས་མཛད་པ་ཡིན་གསུངས། འགའ་ཞིག་སྐྱེར་སྒང་པས་མཛད་ནས་ལྕགས་པོ་རིའི་བྲག་ལ་སྦས་པ་རི་གོང་པས་སྟོན་པ་ཡིན་ཟེར་བའང་ཡོད་དོ། །གཏོར་སྣོད་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་གཏོར་མ་ར་ལས་ཁྲག་གི་རྒྱ་མཚོར་གྱུར་པའི་ནང་ན་སྙིང་སྡུག་གེ་བར་བསམ་ནས་ཕུལ་བ་ཞལ་ཤེས་ཆིག་བརྒྱུད་དུ་བྱས་ནས་ཕལ་ཆེར་ལ་མི་བསྟན་ནོ། །གུ་ཧྱ་ས་མ་ཡ། །སྤོས་ནི། བུ་རམ། ཉུངས་


PS011_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཀར། བོང་ང་། གླ་བ། གུ་གུལ། གྲི་ཤ། གྲི་ཁྲག་རྣམས་མ་ཉམས་པར་བྱ་ཨིྀྛཿ ༈ སློབ་དཔོན་དྷ་ན་སཾ་ཀྲི་ཏས་གནོད་སྦྱིན་བཞི་དམ་ལ་བཏགས་ནས་མགོན་པོ་གཙོ་འཁོར་གྱི་ཚུལ་དུ་ལྷན་ཅིག་སྒྲུབ་པའི་སྦྲགས་སྒྲུབ་དུག་ལྟ་བུའི་མན་ངག་ཡོད་པ་ས་མ་ཡ་ཨིྀྛཿཅུ་ན་མོ་མ་ཧཱ་ཀཱ་ལ་ཡ། སྔོན་བྱུང་བ་འདས་པའི་དུས་ན་དུར་ཁྲོད་ཆེན་པོ་མུན་པ་མི་བཟད་པ་ཞེས་བྱ་བར་སློབ་དཔོན་ཆེན་པོ་དྷ་ན་སཾ་སྐྲི་ཏ་ཞེས་བྱ་བས་བསྒྲུབ་པ་ལ་བཞུགས་པས། གནོད་སྦྱིན་གྱི་བདག་པོ་ཡིད་འགུལ་གྱི་བུ་ཀྵེ་ཏྲ་པཱ་ལ་དང་། བདུད་ལེགས་ལྡན་གྱི་བུ་ཏྲག་ཤད་དང་། ལྷ་ཁྱབ་འཇུག་གི་བུ་ཛི་ན་མི་ཏྲ་དང་། གཤིན་རྗེ་འདོད་རྒྱལ་གྱི་བུ་ཌཀྐི་རཱ་ཛ་དང་བཞི་པོས་བར་ཆད་བརྩམ་པ་ལ།


PS011_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས་ཕྱག་རྒྱས་བཏབ་སྟེ་རེངས་པར་བྱས་ལ། བར་ཆད་བཞི་པོས་སློབ་དཔོན་ལ་སྨྲས་པ། སློབ་དཔོན་ཆེན་པོ་ལ་སྔར་བར་ཆད་བྱས་པ་བཟོད་པར་གསོལ། ད་ཕྱིན་ཆད་མི་བྱེད་པར་དམ་བཅའ་བས་ཕྱག་རྒྱ་དཀྲོལ་དུ་གསོལ་ཞེས་ཞུས་པས། སློབ་དཔོན་གྱི་གསུངས་པ། ཁྱེད་རྣམས་ལ་རིགས་དང་ཐུན་པ་དུ་ཡོད། དངོས་གྲུབ་ཇི་ལྟར་སྟེར་བར་ནུས། སྲོག་གི་སྙིང་པོ་དང་། ཇི་ལྟར་སྒྲུབ་པ་དང་། ལས་མྱུར་དུ་འགྲུབ་པ་སྨྲོས་ཤིག །ཅེས་གསུངས་ཏེ་ཕྱག་རྒྱ་དཀྲོལ་བས། གནོད་སྦྱིན་དེ་རྣམས་མཆི་མ་ཁྲག་ཏུ་ཟུགས་ཏེ་བ་སྤུ་ལངས་ནས། བདག་ཅག་རྣམས་ནི་གོང་དུ་བཤད་པ་དེ་དང་འདྲ་བའི་བུ་


PS011_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཏེ། ཡེ་ཤེས་མགོན་པོའི་བཀའ་སྡོད་བགྱིད་ཅིང་འཕྲིན་ལས་ཐམས་ཅད་སྒྲུབ་པར་བགྱིད། ཞེས་ཟེར་ནས་རང་གི་སྲོག་གི་སྙིང་པོ་དང་། ཇི་ལྟར་སྒྲུབ་ཅིང་ལས་ལ་སྦྱར་བ་རྣམས་སྨྲས་ནས་མི་སྣང་བར་གྱུར་ཏེ། སློབ་དཔོན་དྷ་ན་སཾ་སྐྲི་ཏ་དེས་བླ་མ་རཱ་ཧུ་ལ་ལ་གནང་། གྲུབ་ཆེན་དེས་ཁྱུང་པོ་རྣལ་འབྱོར་ཕན་ཡུལ་ཇོག་པའི་རི་ལ་སྒྲུབ་མཛད་པའི་ཚེ། རྒྱ་གར་ནས་ད་ནང་ཉི་མ་ཤར་བ་ཙམ་ལ་འོངས་བ་ཡིན་ཏེ་བོད་རོངས་དོགས་པས་ད་དུང་ཉི་མ་མ་ཤར་བ་འདུག་གསུངས་ནས་ནམ་ལངས་རྗེས་ཙམ་མ་ཕེབ་པར་བྱོན་ཏེ། བོད་དུ་ཟླ་བ་དྲུག་བཞུགས་ནས་ཁྱུང་པོ་ལ་མན་ངག་ཟབ་ལ་རྒྱ་ཆེ་བ་དུ་མ་གནང་བའི་དུས་སུ།


PS011_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་མགོན་པོ་འདི་རྒྱ་གར་ན་ཡང་ང་དང་མི་ཏྲི་པ་རང་ཟབ་པ་ཡིན་པ་ལ། ཁོང་ལས་མཁན་ལྷ་མོ་གཅིག་གིས་བྱེད། ང་གནོད་སྦྱིན་བཞི་པོ་འདིས་བྱེད་པ་ཡིན་ནོ། །གསུངས་ནས་ཐུན་མོང་མ་ཡིན་པའི་སྒྲུབ་པ་ཟབ་མོ་འདི་དག་གནང་ངོ་། །རཱ་ཧུ་ལ་ནི་རི་ནག་པོའི་གཙུག་ལག་ཁང་ནས་བཞུགས་པའི་གྲུབ་ཆེན་ཇོ་བོ་རྗེའི་ཡང་བླ་མའི་གཙོ་བོ་རིག་འཛིན་བརྙེས་ནས་ད་ལྟ་ཡང་བཞུགས་པ་དེ་ཉིད་ཡིན་ཏེ་ལོ་རྒྱུས་སོ།། །།མངྒ་ལཾ།། ༈ ན་མོ་མ་ཧཱ་ཀཱ་ལ་ཡ། འདི་བསྒྲུབ་པར་འདོད་པས་མགོན་པོའི་བསྙེན་པ་ཚད་དུ་ཐེམས་པའི་སྒྲུབ་པ་པོས་གནས་དུར་ཁྲོད་ལ་སོགས་པ་ཡ་ང་བར་དགུན་ཟླ་ཐ་ཆུང་གི་ཟླ་བ་ནག་པོའི་མར་ངོ་དང་། སྐར་མ་དང་གཟའ་


PS011_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་དྲག་པོ་སྟེ་ནག་པོ་གསུམ་ལ་བབ་པའི་དུས་སུ། མཐུན་པའི་རྫས་བསགས་པ་ནི། རབས་ཆད་གྲི་ཤི། མཛེ་ཕོའི་ཐོད་པ་སྟེ་ཐོད་པ་གསུམ། དུར་ཁྲོད་ཀྱི་སོལ་བ། གྲི་ཁྲག །དུག་ཆུ་སྟེ་རྫས་གསུམ་ཁྱི་དང་ཕག་པ་སྤྱང་ཀིའི་བྲུན་ཏེ་དྲི་ལ་གསུམ། མི་རྟ་ཁྱིའི་རྐང་སྟེ་རྐང་གསུམ་ལ་སོགས་པ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས། མཚམས་དམ་པར་བཅད། ནང་དུ་དུར་ཁྲོད་ཀྱི་ས་ལ་དཀྱིལ་འཁོར་གྱི་སྟེགས་བུ་གྲུ་བཞི་དཔངས་སུ་ཁྲུ་གང་། ལོག་རེ་ལ་ཁྲུ་དོ་དོ་ཡོད་པ་བྱས་ལ། རྫས་གསུམ་གྱི་ཁུ་བས་བྱུགས། དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་རྩེ་མོ་ཕར་བསྟན་པ། ལོག་རེ་ལ་ཁྲུ་


PS011_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ཡོད་པ། ནང་གི་ཐབས་སུ་ཁྲུ་ཕྱེད་ཡོད་པ་གཅིག་བརྐོས་ནས། དེའི་ནང་ལའང་རྫས་གསུམ་གྱི་བྱུག་པ་བྱ། རྐང་གསུམ་ལས་བྱས་པའི་ཕུར་པ་སོར་བཞི་པས་འབྲུབ་ཁུང་གི་ཁའི་མཐའ་ནས་བསྐོར་ཏེ་གཙུགས། སྟེགས་བུའི་སྟེངས་འབྲུབ་ཁུང་དང་རང་གཉིས་ཀའི་བར་གྱི་གཞི་ལ་ཁྲག་གི་མཆོད་ཡོན། མེ་ཏོག་ནག་པོ། ཚིལ་ཆེན་གྱི་མར་མེ། བསུར་ཆེན་གྱི་དུད་པ། དུག་ཁྲག་གི་དྲི་ཆབ། ཞལ་ཟས་ཀྱི་བཤོས་བུ་དམར་ནག་རྣམས་བཤམས། ས་སྟེགས་ཀྱི་སྟེང་མ་ཡིན་པའི་མཆོད་སྟེགས་ལེགས་པ་གཅིག་ཏུ། ཡེ་ཤེས་མགོན་པོ་ལ་འབུལ་བའི་གཏོར་མ་བཟང་བ་གཉིས་བཤམས། ས་སྟེགས་ཀྱི་སྟེང་གི་ཟུར་བཞིར་གནོད་སྦྱིན་བཞི་པོ་རང་


PS011_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གཏོར་མ་བཤམས། དེ་ནས་ཤོག་བུ་ལ་དུག་ཁྲག་གིས་དགྲ་བོའི་ལིངྒ་བྲིས། དེའི་དཔྲལ་བར་རུས། སྙིང་གང་མིང་བྲིས་ལ་གྲི་ཐོད་ཀྱི་ནང་གི་མཐིལ་དུ་བཞག་སྟེ། རང་ཡེ་ཤེས་མགོན་པོ་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ནས། དགྲ་བོ་བཀུག་སྟེ་ལིངྒ་ལ་བསྟིམ་པའི་ཆོ་ག་ཡང་ཡང་བྱས་ལ། ཡིད་ཆེས་པ་ན་དེ་དགྲ་བོ་དངོས་སུ་བསམ་སྟེ། དགྲ་བོའི་རྐང་རྗེས་ཀྱི་ས་དང་དྲི་མ་གསུམ་བསྲེས་པས་ཐོད་པ་དེ་ཕྱུར་གྱིས་དགང་། ཐོད་པ་དེའི་ཚངས་བུག་ནས་བ་སུ་ཏའི་སྐུད་པ་དྲངས་ཏེ་རང་གི་ལག་པ་གཡས་པས་གཟུངས་ཐག་བྱ། དེའི་སྟེང་ནས་མཛེ་ཕོའི་ཐོད་པས་བཀབ་ནས་ཁ་སྦྱར་བ་དེ་མཚོན་སྣ་ལྔའི་སྐུད་པས་


PS011_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ་དུ་བཅིངས། དེ་ཉིད་འབྲུབ་ཁུང་གི་ནང་དུ་ཐོད་པའི་ལྟག་པ་དང་ལིངྒ་ཐོད་པའི་མཐིལ་ན་གན་རྐྱལ་དུ་ཡོད་དེའི་མགོན་པོ་དང་གཉིས་ཀ་འབྲུབ་ཁུང་གི་རྩེ་མོ་ཕྱོགས་སུ་ཕར་བསྟན་ནས་བཅུག་ལ་བཞག །དེ་ནས་བདག་གིད་ཆས་སུ་གཞུག་པ་ནི། ར་ཐོམ་གྱིས་གདོང་བྱུག །སྐྲ་རལ་པ་དངོས་སམ་བཅོས་མའི་ལྕང་ལོ་གྱེན་དུ་བརྫེས་པའི་ཐོར་ལྕོག་དར་ནག་པོས་བཅིངས། གོས་ནག་པོ་གྱོན། ཞག་པ་ནག་པོའི་སྐེ་རགས་བཅིངས། གདན་ནག་པོ་ལ་ཁ་ལྷོར་བལྟས་ལ་བསྡད། དེ་ནས་སེམས་བསྐྱེད་པ་ནི། བདག་གི་བླ་མ་དང་བསྟན་པའི་དགྲ་བོ་འདི་བསྒྲལ་ལ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་རང་ཉིད་


PS011_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོར་བསྐྱེད་པའི་མངོན་རྟོགས་རྒྱས་པར་སྒོམས་ཏེ། ཡེ་ཤེས་པ་སྤྱན་དྲངས་ལ་དགུག་གཞུག་ཅིང་གཉིས་སུ་མེད་པར་བྱ། མི་བསྐྱོན་པའི་དབུ་བརྒྱན་རང་ཆས་སུ་ཡོད་པར་བསྒོམ། ལྷ་མོ་ལ་སོགས་པ་གཞན་བསྒོམ་མི་དགོས། དེ་ནས་རང་མགོན་པོའི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་པས་ཁྲོས་པའི་སེམས་དང་ལྡན་པར་བྱ་སྟེ། མགོན་པོའི་སྲོག་སྔགས་ཁྲི་ཕྲག་གཅིག་དང་། རྩ་སྔགས་སྟོང་གི་བཟླས་པ་བྱ། དེ་ནས་མགོན་པོའི་གཏོར་སྟེགས་ཀྱི་སྟེང་གི་ནམ་མཁའ་ལ་མགོན་པོ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བྱས་ལ། གཏོར་མ་གཉིས་པོ་དེའི་གཅིག་བྱིན་གྱིས་བརླབ་ལ་དབུལ།


PS011_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡང་གཙོ་བོ་དང་འཁོར་དམ་ཅན་རྒྱ་མཚོ་དཔག་ཏུ་མེད་པས་བསྐོར་བ་བསམ་པ་ཙམ་གྱི་ཆོག་གིས་ལྷ་མོ་དང་གནོད་སྦྱིན་སོགས་རེ་རེ་ནས་བསྐྱེད་མི་དགོས་ཤིང་། གཏོར་སྔགས་ལ་ཡང་གཙོ་བོ་དང་ཤཱ་ས་ནའི་གཏོར་སྔགས་གཞན་སོ་སོ་བ་བརྗོད་མི་དགོས། དེ་ནས་རྔམས་པ་སྒྲ་སྒྲོགས་དང་དམ་ཅན་སྤྱི་བསྐུལ་བྱ་ཞིང་འཕྲིན་ལས་གཞོལ་བར་བྱའོ། །དེ་ནས་འབྲུབ་ཁུང་ཡོད་པའི་ས་སྟེགས་ཀྱི་ནམ་མཁའ་ལ་ཡི་གེ་ཀཾ་ནག་པོ་ཡོངས་སུ་གྱུར་པ་ལས་ཐོད་པའི་གཞལ་ཡས་ཁང་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་མི་ལྤགས་ཀྱི་གཡང་གཞི་བླ་རེས་དང་རྒྱུ་རློན་གྱི་ལྷ་ལྡིང་ལ་སོགས་པས་སྤྲས་པའི་སྒོ་སྒྲུབ་པ་པོ་ལ་བསྟན་པ། ཙིཏྟའི་ཏོག་དང་། མི་མགོ་སྐམ་པོའི་


PS011_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡབ་དང་། མི་རུས་ཀྱི་ཤར་བུ་དང་། རྒྱུ་རློན་གྱི་དྲྭ་བ་དྲྭ་ཕྱེད་སོགས་བསྒོམ་ཟེར། རྟ་བབ་སོགས་མི་དགོས་སོ། །དེའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་དང་རོའི་གདན་ཧཱུཾ་སྨུག་ནག་མེ་འོད་འཕྲོ་བ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཆེན་པོ་སྲོག་ཅོད་ཀྱི་བཤན་པ་ཀྵེ་ཏྲ་པཱ་ལ་སྐུ་མདོག་ཆར་སྤྲིན་གནག་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་གྲི་གུག་ནམ་མཁའ་ལ་གདེངས་པའི་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་པ་དགྲ་བོའི་ཀླད་ཁྲག་དྲོན་མོས་གང་བའི་ཐོད་པ་ཐུགས་ཀར་བཟུང་ནས་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པ། དར་ནག་གི་ཨང་རགས་གསོལ་


PS011_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྤྱན་གསུམ་དམར་ཞིང་ཟླུམ་པ་དགྲ་བགེགས་ལ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་སྨིན་མཚམས་སུ་བསྡུས་ཤིང་ཞལ་རབ་ཏུ་གདངས་ནས་ལྗགས་གློག་ཕྲེང་ལྟར་བསྐྱེད་པ། མཆེ་བ་རྣོན་པོ་བཞི་གཙིགས་ཤིང་ཁྲག་གི་སྦུ་བ་མཆིལ་བ། ཤངས་ནས་དུས་མཐའི་རླུང་ཆེན་འཚུབ་པ། བོང་ཐུང་ལ། སྐུ་སྦོམ་པ། ལག་རགས་པ། བསུས་ཁྱིམ་ཆེ་བ། རལ་པ་ཁམ་ནག་གྱེན་དུ་གཟིངས་པ་ལ་སྦྲུལ་ནག་པོའི་ཅོད་པ་བཅིངས་པ། དེའི་གཡས་སུ་པདྨ་དང་ཉི་མ་དང་རོའི་གདན་ལ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་བདུད་མགོན་ཏྲག་ཤད་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རུ་མཚོན་དམར་པོ་


PS011_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར་བ། གཡོན་ཙནྡན་གྱི་བེང་ཆེན་དཀུར་རྟེན་པ། ཞབས་ལ་སག་ལྷྭམ་ནག་པོ་དང་། སྐུ་ལ་མཐའ་བེར་སྔོ་ཁྲ་གསོལ་བ། རབ་ཏུ་ཁྲོས་ཤིང་རྔམས་པ། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །གཙོ་མོའི་རྒྱབ་ཏུ་པདྨ་དང་ཉི་མ་རོའི་གདན་ལ་ཏྲ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་གཡོན་སྡིགས་མཛུབ་རབ་ཏུ་བརྐྱང་པའི་རྩེ་ལ་བསྐལ་པའི་མེ་འབར་བ་གཅིག་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་བས་བཞུགས་པའོ། །གཙོ་བོའི་


PS011_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་པདྨ་དང་ཉི་མ་དང་རོའི་གདན་ལ་ཛཿལས་གཤིན་རྗེ་གཤེད་ཌཀྐི་ར་ཛ་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ། གཡས་མིའི་རྒྱུ་མའི་ཞགས་པ་འཕེན་ཅིང་། གཡོན་སྡིག་མཛུབ་ནམ་མཁའ་ལ་གདེང་པ། ཁ་གདངས་ཤིང་མཆེ་བ་བཙིགས་ནས་ལྗགས་འདྲིལ་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས་རང་ཡེ་ཤེས་མགོན་པོའི་ང་རྒྱལ་གྱིས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་རང་གི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས།


PS011_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཛཿཛཿཛཿཛཿཞེས་བརྗོད། དངོས་སུ་བྱོན་ནས་རང་རང་གི་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་བྱས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད། མཆོད་པ་བསངས་སྦྱངས་བསྐྱེད་ལ་དབུལ། ནང་མཆོད་དབུལ། དེ་ནས་བདག་ཉིད་ཀྱིས་ལག་པ་གཡས་པས་བ་སུ་ཏའི་གཟུངས་ཐག་ནས་ཛཿཞེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁྲོ་བོ་འཇིག་རྟེན་ལས་འདས་པ་དང་མ་འདས་པ་ཐམས་ཅད་ཀྱི་ནུས་པ་ཐམས་ཅད་འོད་ཟེར་ནག་པོ་དང་ཧཱུྃ་མཐིང་ཁ་མེ་འོད་འཕྲོ་བ་ནམ་མཁའི་ཁྱོན་གང་བ་བཀུག་སྟེ་གནོད་སྦྱིན་བཞི་ལ་ཐིམ་པས། གནོད་སྦྱིན་བཞི་ནུས་པ་ཐོགས་


PS011_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ཅིང་གཟི་བརྗིད་དཔག་ཏུ་མེད་པ་དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་བརླག་པར་བྱེད་པའི་སྟོབས་དང་ལྡན་པས་བཟོད་ཐབས་མེད་ཙམ་གྱི་ཐུགས་ཁྲོས་འཁྲུགས་རྔམས་པ་དང་ལྡན་པར་བསམ་ལ། དེ་ཉིད་ལ་དགྲ་བོའི་ཉེས་པ་སྒྲགས། བླ་མ་བརྒྱུད་པའི་མཚན་ནས་སྨོས་ལ་དམ་བརྡར། བསྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱི་བླ་མའི་སྐུ་དགྲ། བསྟན་པའི་དགྲ་བོ་བསྒྲུབ་པ་པོ་བདག་ཅག་དཔོན་སློབ་རྣམས་ཀྱིས་ཐོས་བསམ་བསྒོམ་པའི་ཚེར་མར་གྱུར་པའི་དགྲ་བོ་གདུག་པ་ཅན་མིང་རུས་འདི་ཞེས་བྱ་བ་ལོ་དང་ཟླ་བར་མ་བཞག །དྲག་པོའི་འཕྲིན་ལས་སྣ་ཚོགས་པས་ད་ལྟ་ཉིད་དུ་ཉིད་དུ་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །ཅེས་


PS011_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལ་བཟླས་པ་ལ་འཇུག་པར་བྱ་སྟེ། དེ་ཡང་ཡེ་ཤེས་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་བཟླས་བྱའི་སྔགས་ཀྱིས་ཕྲེང་བ་སྒྲོའི་ཆུན་པོ་ལྟ་བུ་མེ་དྲག་ཅིང་རྩུབ་པ་འཕྲོ་བ་བྱུང་སྟེ་ཞལ་ནས་ཐོན། གཟུངས་ཐག་ལ་འཁྲིལ་ནས་སོང་བ་ཐོད་པའི་ནང་དུ་ཐོག་འབབ་པའི་གློག་ལྟར་ཁྱུག་ཁྱུག་སོང་ཞིང་། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་པའི་གནོད་སྦྱིན་བཞིའི་ཐུགས་ཀར་ཐིམ་ནས་བསྐུལ་བས། གནོད་སྦྱིན་བཞི་རང་དབང་མེད་པར་ཁྲོ་འཁྲུགས་ཁྲིཾ་དང་། ཀྵེ་ཏྲ་ལ་སོགས་པ་དང་ཧཱུྃ་དང་ཕཊ་ལ་སོགས་པའི་སྒྲ་དྲག་པོ་སྒྲོགས་ཤིང་གཞལ་ཡས་ཁང་གི་ནང་ནས་ཐོན་བྱུང་སྟེ་ཐོད་པའི་སྦྲུམ་བུའི་ཚང་


PS011_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བུག་ནས་ཐོག་པ་མེད་པར་ཞུགས་ནས། ལིངྒ་དགྲ་བོ་དངོས་སུ་བསམ་པ་དེའི་སྙིང་ཕྱུང་ཁྲག་འཐུང་། ཤ་ཟོ། རུས་པ་ཆོམ། ཡན་ལག་བཅད་ཅིང་པགས་པ་བཤུ་བ་ལ་སོགས་པ་དྲག་པོའི་ཐམས་ཅད་བྱས་ནས་ཚར་བཅད་པར་བསམ་ལ། ཡིད་རྩེ་གཅིག་ཏུ་སྒྲིམ། ལག་པ་གཡས་པས་གཟུངས་ཐག་དང་གཡོན་པས་དུང་ཆེན་གྱིས་ཕྲེང་བ་བགྲང་ཞིང་། ཨོཾ་ཀྵེ་ཏྲ་པ་ལ་བིག་ནན་ཆྒཻ་མོ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་དུ་ཡག་ཛཿམ་ཧཱ་ཀ་ལ་ཏྲག་ཤད་དུ་ཏྲི་ཛཿ ར་ཛཿཏྲི་ན། ཆྒཻ་མོ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ཌཀྐི་རཱ་ཛ་ས་མ་ཡ་བྷྱོ་ཆྒཻ་མོ་མ་རཱ་ཡ་ཧཱུྃ་ཕཊཿ ཅེས་པ་དྲག་ཏུ་


PS011_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་བྱའོ། །དེ་ལྟར་ཐུན་དང་པོའི་བཟླས་པ་རྫོགས་པ་ན། གནོད་སྦྱིན་བཞི་དགྲ་བོ་ཚར་བཅད་ཟིན་ནས་ཡར་ལ་ཐོན་བྱུང་ནས། གཞལ་ཡས་ཁང་གི་ནང་དུ་རང་གི་གདན་ལ་སྔར་ལྟར་བཞུགས་པར་བསྒོམ། གཏོར་མ་བཞི་པོ་བྱིན་བརླབས་པ་དགྲ་བོའི་ཤ་ཁྲག་ཏུ་བསམ་ལ། གོང་སྔགས་རྣམས་ལ་ཧཱུྃ་ཕཊ་ཀྱི་འཇུག་ཏུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཏགས་པ་བདུན་བདུན་གྱིས་འབུལ། ནང་མཆོད་དབུལ། བསྟོད་བསྐུལ་བྱ། སྔར་ལྟར་ཕྲིན་ལས་བཅོལ་ནས་ཐལ་མོ་བརྡབ། ཡིག་བརྒྱ་བཟླས། ནོངས་པ་བཟོད་པར་གསོལ། ཐུན་རྗེས་མ་རྣམས་ལ་མགོན་པོ་དང་གནོད་སྦྱིན་བཞིའི་


PS011_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཐམས་ཅད་གསོ། རང་མགོན་པོར་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་པ་སོགས་སྔར་ལྟར་བྱས་ནས་སྔགས་ཐུང་བརྒྱ་རེ་དང་། སྔགས་རིངས་ཉེར་གཅིག་རེ་བཟླ། མགོན་པོ་མདུན་བསྐྱེད་སྔར་ཡོད་གསལ་བཏབ་པ་ལ་ཡེ་ཤེས་པ་བཅུག །མཆོད་ནས་ཐུན་དང་པོ་ལ་ཕུལ་བའི་གཏོར་མ་ཁ་གསོས་པ་དེ་ཉིད་སྔར་ལྟར་འབུལ། གཏོར་མ་གཅིག་བྱིན་གྱིས་བརླབས་ཏེ་ད་དུང་མི་དབུལ་བར་དེ་ཀ་ལ་འཇོག །བསྟོད་བསྐུལ་སོགས་སྔར་ལྟར་བྱེད། དེ་ནས་ཐོད་པའི་ནང་གི་ལིངྒ་བསྐྱེད་པ་དགུག་གཞུག་སྔར་ལྟར་ལན་མང་དུ་བྱས་ནས་དགྲ་བོ་དངོས་སམ། འོན་ཀྱང་ལིངྒ་ཐོད་པའི་ནང་ནས་ཕྱིར་མི་འདོན་པར་ཐོད་


PS011_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁ་སྦྱར་མི་སྒུལ་བར་འཇོག་གོ། དེ་ནས་གནོད་སྦྱིན་བཞི་པོ་ས་བོན་ལས་གསར་དུ་བསྐྱེད་མི་དགོས་པར་སྔར་ཡོད་གསལ་བཏབ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་འཇུག་པ་མན་ཆད་ཀྱི་ཆོ་ག་ཐམས་ཅད་སྔར་ཇི་ལྟར་བཤད་པ་ལྟར་བྱའོ། །དེ་ལྟར་ཉིན་ཞག་རེ་རེ་ལ་ཐུན་བཞི་བཞིར་བྱའོ། །དེ་ཡང་ཞག་བདུན། དགུ། བཅུ་གསུམ། ཉེར་གཅིག་ལ་སོགས་པ་རྟགས་རབ་འབྲིང་ཐ་མ་གང་ཡང་རུང་བ་མ་བྱུང་གི་བར་དུ་བྱ་སྟེ། རབ་ནི་མི་ནག་པོས་དངོས་སུ་སྙིང་སྟེར་བ་ལ་སོགས་པ་འོང་། འབྲིང་ཡང་ཐོད་སོད་པ་འཕར་བ་དང་། འཚོག་པ་དང་། མེ་འོད་འབྱུང་བ་དང་། ཤ་ཆེན་གྱི་དྲི་དང་།


PS011_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་འཚེག་འཆོམ་དང་། དེ་དག་གི་ཚེ་ཤིན་ཏུ་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པའི་ཟིལ་ཆེན་འབྱུང་སྟེ། རང་ཡེ་ཤེས་མགོན་པོའི་ང་རྒྱལ་བརྟན་པོ་བསྐྱེད་ནས་མ་འཇིགས་པ་གལ་ཆེའོ། །ཐ་མ་ཡང་རྨི་ལམ་དུ་མི་ནག་པོ་མིའི་སྙིང་དམར་རྩ་རེ་བ་དང་མགོ་དང་རོ་རངས་པོ་གསར་པ་སྟེར་བ་ལ་སོགས་པ་འབྱུང་སྟེ། དེ་ནས་སྲེག་པའི་ཆོ་ག་བྱའོ། །དེ་ཡང་ཤིང་སྐམ་པོ་ཚེར་མ་ཅན་དུག་ཁྲག་གིས་ཅུང་ཟད་བྲན་ནས་སྐམས་པས་འབྲུབ་ཁུང་གི་ནང་དང་ཐོད་པའི་སྟེང་དུ་ལེགས་པར་སྤུངས་ལ། བཤན་པའི་ཁྱིམ་ནས་མེ་བླངས་ཤིང་སྟག་ལོ་པ་གཅིག་གིས་སྦར་ཏེ། མེ་དེ་རཾ་ལས་དུས་མཐའི་མེ་ལྟ་བུར་བསྐྱེད། དེ་ནས་རང་མགོན་པོར་


PS011_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དང་། གནོད་སྦྱིན་བཞིའི་སྐུ་ལས་དྲག་ཅིང་རྩུབ་ལ་ཚེག་སྒྲ་དང་བཅས་པའི་མེའི་ཕུང་པོ་དཔག་ཏུ་མེད་པ་ཆད་ནས་འབྲུབ་ཁུང་གི་ནང་དུ་སོང་སྟེ། ཐོད་པའི་སྒྲོམ་དང་དགྲ་བོའི་ཕུང་པོ་ལྷག་མ་མེད་པར་བསྲེགས་པར་བསམ་ལ། ཐམས་ཅད་བར་གྱུར་གྱི་བར་དུ་སྔགས་རྣམས་སྔར་ལྟར་དྲག་ཏུ་བཟླས་པར་བྱའོ། །གོང་གིས་རྫས་གསུམ་གྱིས་ཀྱང་ལན་མང་དུ་མེ་ནང་བྲབས་སོ། །མེ་མ་ཤི་བར་དུ་ལག་པ་སོགས་ཀྱི་མ་རེག་མི་སྒུལ། གཟུངས་ཐག་ཀྱང་ཚིག་པས་ཆོག །མེ་ལེགས་པར་ཤི་བ་དང་། འབྲུབ་ཁུང་ཐལ་བ་དང་བཅས་པའི་སྟེང་དུ་མཉྫི་ཆེན་པོ་གཙུགས་པའི་ཁར་མགོན་པོའི་གཏོར་མ་ཁ་སང་ནས་ཐུན་རེ་རེ་


PS011_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གསོལ་བསངས་སྦྱངས་བྱིན་གྱིས་བརླབས་བྱས་ནས་སྔར་ལན་གཅིག་ཀྱང་མ་ཕུལ་བ་དེ་བཞག །སླར་ཡང་ནང་མཆོད་ཀྱི་བྲན་ཅིང་བྱིན་གྱིས་བརླབས་པ་གཏང་རག་གི་ཚུལ་དུ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་འབུལ། འདིའི་སྐབས་སུ་གནོད་སྦྱིན་བཞིའི་གཏོར་སྔགས་ཀྱང་བརྗོད་མགོན་པོ་ལ་གསོལ་བ་དྲག་ཏུ་གདབ། ནང་མཆོད་གཏོར། བཤགས་པ་བསྟོད་པ་རྒྱས་པར་བྱའོ། །དེ་ནས་གཏོར་མ་ཐམས་ཅད་དགྲ་ཕྱོགས་སུ་བསྐུལ་བ་དྲག་ཏུ་བྱས་ནས་ཟོར་དུ་འཕངས། དེ་ནས་ཐོད་པའི་ལིངྒ་དང་བཅས་པ་ཚིག་པའི་ཐལ་བ་ཐམས་ཅད་ལྷག་མ་ཅུང་ཟད་མ་ལུས་པར་རབས་ཆད་ཀྱི་ཐོད་པ་དེའི་ནང་དུ་བླུག་སྟེ་རེ་བ་ནག་པོས་དྲིལ་སྤྲ་ཚིལ་གྱིས་


PS011_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས། ཡུག་ས་མོའི་སྐྲ་ལ་བཤན་པས་ཕྱིན་ཅི་ལོག་ཏུ་བཀལ་བའི་ཀུད་པས་རྒྱ་གྲམ་དུ་བཅིངས། ལྷ་ཁང་རྙིང་པ་བྱིན་རླབས་ཅན་གྱི་ཐེམ་འོག་གམ། དགེ་འདུན་གྱི་སྡེ་ཆེན་པོའི་འདུ་ཁང་དང་བརྒྱ་སྒོའི་ཐེམ་འོག་གམ། ལམ་པོ་ཆེ་རྒྱ་གྲམ་དུ་བསྣོལ་བའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་གཏིང་དུ་འབྲུས་པའི་ནང་དུ་བཅུག་པས་ཐེམ་པར་བསྡམས། རོ་གཡམ་གྲུ་གསུམ་ལ་རོ་སོལ་གྱི་རྡོ་རྗེ་རྒྱ་གྲམ་བྲིས་པའི་ལྟེ་བ་གྲུ་བཞིའི་དབུས་སུ་ཡུང་བ་དང་གྲི་ཁྲག་བསྲེས་པས་ལམ་ཞེས་པའི་ཡི་གེ་ཆེན་མོ་བྲིས་པས་ཁ་དམ་པར་བཅད། དེའི་སྟེང་དུ་ས་རེ་བླུག་ཆུ་རེ་བླུག་པ་སྤེལ་མ་དགུ་བྱ། དེའི་སྟེང་དུ་རང་ཡེ་ཤེས་


PS011_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོར་གསལ་བའི་རྐང་མཐིལ་གཉིས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེར་བསྐྱེད་དེ་རྫི་བཅགས་ལེགས་པར་བྱས་ནས་རྗེས་མི་མངོན་པར་བྱའོ། །དེ་ནས་ཕྱི་མིག་མི་ལྟ་བར་ནང་དུ་འོངས་ཏེ་བཀྲ་ཤིས་བརྗོད། བསྲུང་འཁོར་རྒྱས་པར་བསྒོམ། རང་གི་ལུས་ཀྱི་གནས་གསུམ་དུ་གོ་ཆའི་ལྷ་སྐྱེ་མཆེད་ལ་སོགས་པ་བཀོད་པས་སྲུངས། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འདི་ལ་མངོན་དུ་ཡེ་ཤེས་མགོན་པོའི་བསྙེན་པ་ཚད་དུ་ཐེངས་པ་གཅིག་གིས་ལེགས་པར་སྒྲིམ་སྟེ་རྫས་རྣམས་མ་ཚང་བ་མེད་པར་བྱས་ཏེ་བསྒྲུབས་ན་གདོན་མི་ཟ་བར་དགྲ་བོ་དུས་ཤིན་ཏུ་མྱུར་བ་ལ་རབས་ཆད་པ་ལ་ཐེ་ཚོམ་མི་བར་འདུག་གསུངས། དེས་ན་དུག་ནག་པོ་དང་འདྲ་བས་སུ་ལའང་མི་བྱིན་གསུངས།


PS011_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཞིའི་སྦྲགས་སྒྲུབ་ཡིན་ཟེར་བ་གཅིག་འདྲ་མིན་འགའ་རེ་ཡོང་གི་འདུག་ནའང་། ནོར་འཁྲུལ་མང་ཞིང་ཞལ་ཤེས་ལག་ལེན་གནད་གལ་ཆེ་ཤོས་རྣམས་གཅིག་ཀྱང་མེད་པ་ཤ་སྟག་ཏུ་འདུག །འདིར་ནོར་འཁྲུལ་དང་བར་སྐབས་སུ་ལྷད་བཙུག་པའི་དྲི་མས་དབེན་ཞིང་། ཞལ་ཤེས་ལག་ལེན་ཐམས་ཅད་བླ་མའི་གསུངས་བཞིན་བཏབ་ནས་མ་ཚངས་བ་མེད་པར་ཡི་གེ་ཤིན་ཏུ་གསལ་བ་བཀོད་པ་ཡིན་པས། འདི་ནི་སུ་ལ་ཡང་སྦྱིན་མི་ཉན། དེ་ཡང་མན་ངག་ལ་སེར་སྣ་ཆེ་བ་ག་ལ་ཡིན། མི་བསམ་ངན་གྱི་ལག་ཏུ་མན་ངག་དུག་དང་འདྲ་བ་དཔེ་ཁྱེར་གྱི་ཆོག་པ་འདི་ལྟ་བུ་ཤོར་ན་རང་གི་ལྷག་ལ་འཁོར། བསྟན་པ་དང་སེམས་


PS011_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མང་པོ་ལ་གནོད་པ་ཆེན་པོ་བྱེད། སྡིག་ཆེན་པོའི་རྒྱུན་བྱེད། མི་དཔོན་སྡིག་ཅན་གྱི་ཁྱིམ་དུ་ཚེ་ཕྱི་མ་བློས་བཏང་ནས་ལས་སྦྱོར་དྲག་པོས་ལྟོ་ཚོལ་བ་རྣམས་ཀྱི་ལག་ཏུ་ཤོར་ཏེ་དགེ་འདུན་གྱི་སྡེ་དང་བསྟན་འཛིན་སྐྱེས་བུ་རྣམས་གཅོད། དཔེ་མཐོང་ན་བླ་མ་ལ་རགས་མ་ལས་པར་གོ་ནས་ལུང་མེད་པའི་མན་ངག་གི་གང་བ་གཅིག་མྱུར་དུ་འབྱུང་ངོ་། །དེའི་ཕྱིར་ཅི་ལ་ཐུག་ཀྱང་དཔེ་ཆ་མི་ལ་མི་བསྟན་ཅིང་། ལས་རྒྱུ་འབྲས་དང་བསྟན་པའི་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པའི་སྣོད་ལྡན་རེ་རེ་ཙམ་ལ་ལུང་ནེས་བཀའ་རྒྱས་བཏབ་སྟེ་སྦྱིན་པར་བྱའོ། ཁ་སྦྱ་ང་དང་ནོར་ཕྱིར་མ་ཤོར་བ་གལ་ཆེའོ། །གལ་ཏེ་དེ་གཉིས་ཀྱི་ཕྱིར་སུ་རུང་ལ་སྟེར་ཞིང་དཔེ་ཆ་སྟོན་ན།


PS011_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵེ་ཏྲ་པཱ་ལས་དེའི་སྙིང་ཕུགས་ཤིག །ས་མ་ཡ། རྒྱ་རྒྱ་རྒྱ། མངྒ་ལཾ།། །།

བདུད་མགོན་ཏྲག་ཤད་ལ་རྟེན་པའི་དཔལ་ལྡན་མགོན་པོ་ནག་པོའི་མན་ངག་ཆིག་སྒྲུབ་སྤུ་གྲི་མེ་དབལ།


PS011_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུམ་དུ་གྲགས་པ་ལས། བདུད་མགོན་ཏྲག་ཤད་ལ་རྟེན་པའི་དཔལ་ལྡན་མགོན་པོ་ནག་པོའི་མན་ངག་ཆིག་སྒྲུབ་སྤུ་གྲི་མེ་དབལ་སོགས་བཞུགས་སོ།། །།


PS011_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ས་རྡཱ་ནཱ་མ། བོད་སྐད་དུ། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། བདུད་འདུལ་ནག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་དེ་ལ་གནང་མཛད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བསྟན་པ་གཉན་པོ་བསྲུང་བ་ནི། དཔལ་ལྡན་མགོན་པོ་ནག་པོའི་ངན་སྔགས་ཚིག་སྒྲུབས་


PS011_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ། སྤུ་གྲི་མེ་དབལ་ནི། དམ་ཚིག་ཅན་གྱི་བསྒྲུབ་པར་བྱའོ། །མཐུན་པའི་རྫས་ཀྱི་བྱ་བ་ནི། བག་ཕྱེ་དང་། མི་ཚིལ་དང་། བྱ་ཚིལ་ནག་པོ་དང་། སྤྲ་ཚིལ་ལ་སོགས་པ་བསྲེས་ལ། མགོན་པོའི་ག་ཁྲུ་གང་བྱས་ལ། དེའི་ཐུགས་ཀར་གྲུ་གསུམ་བྲུས་པའི་ནང་དུ་གཟའ་ཕོ་མོའི་མིང་རུས་བྲིས་


PS011_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུག་གོ། སྦྲུལ་ཤ་སྟག་གི་ཤ་ཡང་གསེབ་ཏུ་བཏང་ངོ། ཁ་མཆོད་རྒྱ་སྣག་གི་བུག་གོ་སེང་ལྡེང་ལ་སོགས་པ་ཡང་ཕྱག་མཚན་དུ་བསྐོར་རོ། །དེ་ནས་མགོན་པོ་ཕ་ཚུས་བསྟན་ཏེ། ཤ་ཁྲག་གིས་གཏོར་མ་གཅིག་གཅིག་སྐབས་སུ་བཏང་བར་བྱའོ། །དེ་ནས་རང་མི་རྟོག་པའི་ངང་ལས་ཡི་དམ་ལྷར་བསྐྱེད་ལ། བསྙེན་པའི་སྔགས་ནི་ཁྲིའམ་འབུམ་དུ་བཟླས་སོ། །ཨོཾ་དུ་ཡག་ཛ་མ་ཧཱ་ཀཱ་ལ་ཏྲཀ་ཤད་དུ་ཏྲི་མ་ནི་ར་ཛཿཛཿབོད་པའི་རྟགས་མི་ནག་པོ་དང་། རྟ་ནག་པོ་ཞོན་པ་དང་། མོན་པ་ནག་པོ་དང་། མཚོན་ཚ་ནག་པོ་ཐོག་པ་དང་། ཨ་ཙ་ར་ལ་སོགས་པ་མ་བྱུང་གི་བར་དུ་བཟླས་སོ། །དེ་རྣམས་བྱུང་ནས་རྦད་པ་འདི་ཞག་གསུམ་དུ་


PS011_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་སོ། །ར་ཙ་ཏྲི་ས་བྷུ་དུ་དུ་མ་ར་ནི་ཁུག་ཁུག །ཎི་ཨ་ཀརྵ་ཡ་ཛཿཛཿརྦད་པའི་རྟགས་ནི། ར་ལུག་དང་བ་གླང་གཡག་ལ་སོགས་པ་འོང་ངོ། །དེ་ནས་བསད་པ་བྱ་སྟེ། མ་ཧཱ་ཀཱ་ལ་རུ་པ་རུ་པ་ཤ་ཏྲུཾ་ནན་ཚལ་པ་ནན། མཱ་ར་ཡ་ནན། དུ་མ་ཧཱ་ཀཱ་ལ་ཏྲག་ཤད་བྷུ་དུ་དུ་གུ་རྦད་རྒྱུད་ཐུམས་ཆེ་གེ་མོ་མཱ་ར་ཡ་སོད་སོད། གལ་ཏེ་ཕྱི་རྟགས་མྱུར་དུ་མ་བྱུང་ན་གང་བྱུང་བའི་མིང་རུས་ཕྱུང་ལ་ཞག་གསུམ་བསྐྱར་ལ་བྱའོ། །ཤིན་ཏུ་ནན་ཏན་བསྐྱེད་དེ། བསྟོད་པ་ནི་གཞན་དུ་ཤེས་པར་བྱའོ། །ཏྲི་ཡཾ་ཏྲི་བྷྱོ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི། ཁཱ་ཧི་ཁཱ་ཧི། ཞེས་པས་རྩ་སྔགས་ལ་བཏགས་ཏེ་འབུལ་ལོ། །གཏོར་མ་བཏང་བའོ། །རྟགས་


PS011_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་བྱུང་བ་དང་ལིངྒ་བསྲེས་ལ་མནན་པ་བྱའོ། །གཟུགས་ནི་རྟེན་དུ་བཞག་པར་བྱའོ། །ནོར་ཕྱིར་བཏང་ན། མིང་བྱང་ཀུན་ཐུགས་ཀར་བཞུག །ནོར་ཏང་ཕྱིར་བཏང་ན་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་འོང་ངོ། །མགོན་པོ་ནག་པོའི་ངན་སྔགས་གཅིག་སྒྲུབ་རྫོགས་སོ།། །། ༈ བཅོམ་ལྡན་འདས་ཡབ་དབང་ཕྱུག་མ་ཧཱ་ཀཱ་ལ། ཡུམ་དབུ་མ་དེ་བ། སྲས་དཔལ་མགོན་ནག་པོ་ཆེན་པོ་བདུད་ཀྱི་ཕྲེང་བ་ཅན་ཁྱོད་ཀྱི་ཞལ་དུ་ཁཱ་རཾ་ཁཱ་ཧི། དམ་རྫས་བདུད་རྩི་རྒྱན་གྱི་གཏོར་མ་འདི་བཏབ་པ་ལ་སོགས་པ་བཞེས་ཤིག །བཤོས་བུ་དམ་པ་བཏབ་པ་ལ་སོགས་པ་འདི་བཞེས་ཤིག །དགྲ་བོ་འདི་རྣམས་མ་ཧཱ་ཀཱ་ལའི་ཞལ་དུ་ཁཱ་རཾ་ཁཱ་ཧི། མ་ཧཱ་ཀཱ་


PS011_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པཱུ་ཙྪ་ལ༴ མ་ཧཱ་ཙིཏྟ་ལ༴ མ་ཧཱ་རཀྟ་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ དགྲ་བོ་འདི་རྣམས་མ་ཧཱ་ཀཱ་ལའི་ཞལ་དུ་ཁཱ་རཾ་ཁཱ་ཧི། བོད་རྦད་བསད་གསུམ་དྲིལ་ལ་བཟླས། དེ་ནས་རྟགས་རབ་འབྲིང་ཐ་མ་གསུམ། རབ་ནི་མགོན་པོ་ཉིད་ཀྱི་དཀྱིལ་འཁོར་ཐོག་དྲིལ་ནས་འོང་། འབྲིང་དགྲ་བོ་སྨྱོ་འབོག་བྱེད། ཐ་མ་བླ་ནས་ཁྲིད་ནས་འོང་། དེ་ལྟར་བྱུང་ན་མྱུར་དུ་འཆི། དེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྟགས་མ་ཐོན་ན། སྤོགས་པའི་ཆོ་ག་ནི། མགོན་པོའི་སྤྱི་བོར་ཕྱག་རྡོར་བསམ། སྔགས་ནི་མགོ་མཇུག་ལྡོག་ལ་བཟླས། ཐུན་གྱི་མགོན་པོ་ཉིད་ལ་བྲབ། དེ་ལ་རྟགས་རྣམས་འབྱུང་བར་ངེས། རྟགས་རྣམས་


PS011_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་གཏང་རག་ཁས་ཀྱང་བླངས། མགོན་པོ་སྤུ་གྲི་མེ་དབལ་ཉམས་སུ་བླང་བའི་རིམ་པའོ། །ཕྱི་རྟགས་ཟླ་བ་གསུམ་ནས་འོང་ངེས་སོ། །ཨོཾ་དེ་ལ་ཕྱག་འཚལ་ལོ། །དང་པོ་གནས་ཡིད་དང་མཐུན་པ་ཁྲུ་གང་གྲུ་གསུམ་པ་གཅིག་བྱ། དེ་ནས་ཁྱི་ལུད་དང་བག་ཕྱེ་སྤྲ་ཚིལ་གསུམ་ལ་མགོན་པོའི་གཟུགས་བྱས་ལ། རྒྱ་སྣག་གིས་བྱུག་ལ་ནག་པར་བྱའོ། །སྐུ་སྨད་ལ་ཐལ་ཆེན་གྱི་ཐིག་ལེ་བྱུགས། སྦྲུལ་གྱི་ཤ་དང་། ཆེ་གེ་མོའི་དྲི་མ་ཡང་ཁོད་པར་བཞུག་གོ། ཐུགས་ཀར་གྲུ་གསུམ་གྲུས་ལ་མཎྜལ་ཁ་རང་ལ་བསྟན་ཏེ་བཞག །དེ་སྤྲ་ཚིལ་ལམ་བག་ཟན་ལས་ཆེ་གེ་མོའི་གཟུགས་མཚོན་གང་བ་བྱས་ལ། དེ་ལ་མཚོན་སྐུད་ཀྱི་བཏགས་ལ་ཐུགས་


PS011_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་གྲུ་གསུམ་དུ་བཞུག །ལིངྒ་བརྒྱ་རྩ་གཅིག་བྱ། གཙངས་བརྒྱ་རྩ་གཅིག་རྩེ་མོ་ཁྲག་གིས་བྱུག་པ་མཎྜལ་མཁར་བཞག །དེ་ནས་བདག་མི་རྟོག་པའི་ངང་ནས་ཡི་དམ་དུ་བསྐྱེད། ཚོན་སྐུད་ནས་བཟུང་སྟེ་དགུག་གཞུག་ཕྱེད་ཅིང་ཞག་ཉེར་གཅིག་བཟླས་ལ། རྟགས་ནི་མི་ནག་པོ། ཚོན་ནག་སོགས་འོང་། དེ་ནས་ར་ཙ་ཏྲིའུ་ཡི་སྔགས་ཚན་བཏགས་ལ་ཞག་བརྒྱད་བཟླས། ཆོས་སྐྱོང་ཞལ་དགྲ་ལ་བསྟན་ནོ། །དེ་ནས་མཎྜལ་ཁར་ཆོས་སྐྱོང་གན་རྐྱལ་དུ་བསྒྱེལ་ལ་མ་ཧཱ་རཱུ་པའི་སྔགས་ཚན་བཏག །ཞག་གསུམ་དྲིལ་བཟླས། ཞག་བདུན་བདུན་པོ་ལ། ལིངྒ་རྣམས་ཆོས་སྐྱོང་གི་ཐུགས་ཀའི་གྲུ་གསུམ་དུ། རྩང་གི་


PS011_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་ལ་རོ་རས། ཚིལ་ཆེན་དམ་ནག་དྲིས་བྱུག་པས་ལིངྒ་བསྲེག་གོ། ཐལ་བ་དགྲ་ཕྱོགས་སུ་ཕྱར་རོ། །ཆོས་སྐྱོང་གི་གཟུགས་ནི་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ལྕགས་ཀྱི་ཐོ་བ་ཕྱར་བ། གཡོན་ཐོད་པ་ཐོགས་པ། ཞབས་གཡས་བསྐུམ་གཡོན་རྐྱང་བ། ཐོད་པའི་ཕྲེང་བ་ཅན་རུས་པ་དང་སྦྲུལ་གྱི་བརྒྱན་པ། སྤྱན་གསུམ་པ་དབུ་སྐྲ་ཁམ་སེར་གྱེན་དུ་འདུག་པར་བྱ་སྟེ། ཕྲག་པ་གཉིས་ལ་རུ་མཚོན་དམར་པོ་འཕྱར་བ་བྱའོ། །བསྐུལ་བ་ནི། མ་གཡེལ་མ་གཡེལ་མགོན་པོའི་ཚོགས། །ཚུར་གཤེགས་ཚུར་གཤེགས་མགོན་ནག་ལགས། །ཡབ་ནི་དབང་ཕྱུག་མ་ཧཱ་དེ་བ་དང་། །ཡུམ་ནི་ལྷ་མོ་དབུ་མ་དེ་བ་གཉིས། །


PS011_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་བཤོས་ཅིང་ཚོགས་པའི་བུ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཤར་ཕྱོགས་གཤམ་པ་ཕྱེད་ཀྱིས་བདག །ཆིབས་སུ་སྔོན་པོ་འགབ་ནག་ཆིབས། །སྐུ་ལ་དར་ནག་ཞུ་ལུག་གསོལ། །མི་ནག་རྟ་ནག་རྫུ་འཕྲུལ་ཅན། །བཞུགས་ཤིང་བྱང་ཤར་རི་རབ་ཟོམ་ན་བཞུགས། །མཆེད་འགའ་ཆིབས་སུ་རྟ་ནག་སེངྒྒེ་ཆིབས། །སྐུ་ལ་མཐའ་བེར་སྔོན་པོ་གསོལ། །དབུ་ལ་འབག་ཏིག་ཁྲ་བོ་བཅིངས། །ཞབས་ལ་ཀྱི་མཐིང་ཡུ་དཀར་ཁྲིད། །བསོད་ནམས་ཕུན་ཚོགས་པས་ནམ་མཁའི་མཛོད་ལ་རོལ། །ཚུལ་ཁྲིམས་བསྲུངས་པས་གཙང་གནས་གདན་ཁྲི་ཐོབ། སུམ། །ཡེ་ཤེས་བསྒོམས་པས་རིགས་ལྔའི་སྤྱན་དང་


PS011_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། །གཙུག་ལག་ཁང་གི་བསྲུང་མར་ཞལ་བཞེས་ཤིང་། །རྣལ་འབྱོར་ཡོངས་ཀྱི་མགོན་མཛད་ཐུགས་དམ་ཅན། །མནའ་ཟན་གཉན་པོར་ཞལ་བཞེས་ཤིང་། །ཕྱོགས་བཞི་བདུད་དཔུང་འདུལ་བའི་ཚེ། །སྐུ་ལ་འབུམ་བྱ་སྨན་གྱི་མནན་མ་གསོལ། །རྣལ་འབྱོར༴། མནའ་ཟན༴། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས། །ཆེད་འགའ་ཕྱག་ན་ཙནྡན་བེར་ཀ་བསྣམས། །རེས་འགའ་ཕྱག་ན་མདུང་དམར་རྩེ་གསུམ་བསྣམས། །རུ་མཚོན་དམར་པོ་རྟག་ཏུ་འཕྱར། །རྫུ་བ་དག་ཀྱང་ཅིར་རྫུ་ན། །མུན་པ་ནག་པོར་རྫུས་ཙ་ན། །བདུད་ནག་ཀུན་གྱི་གཉེན་པོར་ཆེ། །


PS011_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་འགའ་ཁྱི་ནག་དོམ་པོར་རྫུ། །ཁྱི་ནག་དོམ་པོར་རྫུ་ཙ་ན། །སྲིད་ཅན་ཀུན་གྱི་གཉེན་པོར་ཆེ། །ཁྱོད་ནི་གཙུག་ལག་ཁང་གི་སྲུང་མ་སྟེ། །མགོན་པོ་འདིར་གཤེགས་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏོར་མ་བྱིན་རླབས་སྤྱི་དང་མཐུན་ཞིང་། །ཆོས་སྐྱོང་མདུན་དུ་བསྒོམ་ལ་བསྙེན་སྔགས་ལན་བདུན་བརྗོད་ལ་དབུལ་ལོ། །ཨོཾ་ཡག་ཛཿམ་ཧཱ་ཀཱ་ལ་ཏྲག་ཤད། དུ་ཏྲི་ཛཿ མ་ར་ཡ་ཛཿཛཿ ར་ཙ་ཏྲི་པ་དུ་དུ་མ་རཱ་ནི་ཐུམ་རྦད། ཁུག་ཁུག་ཎི་ཨ་ཀརྵ་ཡ་ཛཿམ་ཧཱ་དུ་ས་ཤ་དུ་ནན། ཚལ་པ་ནན། མཱ་རཱ་ཡ་ནན། དུ་ཡག་ཛཿམ་ཧཱ་ཀཱ་ལ་ཏྲག་ཤད་དུ་དུ་རྦུད་འུར་པ་རྦུད། ཨིྀྛཿ
འདི་རྣམས་ཆོས་དམ་པར་བྱས་ན་རང་གཞན་ཀུན་ལ་དགའ་བར་སེམས་ལགས་སོ།། །།

མགོན་པོའི་སྦྱིན་བསྲེག་གསལ་བ་གསུམ་ལྡན། སངས་རྒྱས་སྟོན་པ།


PS011_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

༈ མགོན་པོའི་སྦྱིན་བསྲེག་གསལ་བ་གསུམ་ལྡན་སངས་རྒྱས་སྟོན་པས་མཛད་པ་བཞུགས་སོ།། ཇུ༽ བླ་མ་ར་ཧཱུ་ལས་མཛད་པའི་སྦྱིན་སྲེག་གི་ཞལ་གདམས་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ནི། ཚེས་གྲངས་བཟང་པོ་ལ་མཚམས་ཅི་རིགས་པར་བཅད་ལ། ཐོད་ངན་གྱི་ནང་དུ་དུག་ཆུ་དང་ཁྲག་སྣས་ལིངྒ་བྱ། དགྲ་བོ་དུ་ཡོད་ཀྱི་མིང་རུས་བྲིས་ལ་གཞུག །དེ་ཡང་སྙིང་གར་ལས་རུས་པ་བསྐྱེད། ཏྲི་ལས་འདྲེ་བསྐྱེད། དཔྲལ་བ་ནས་དགྲའི་མིང་རུས་དང་བཅས་པའི་ཡང་ན་དགྲ་བགེགས་མཱ་ར་ཡ་ཛཿཛཿ ཞེས་པ་སྟེ་སྐབས་དང་


PS011_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ལ། རྐང་པ་ཡན་ཆོད་དུ་ཤོང་ཚད་བྲི། དགུག་གཞུག་ཡང་ཡང་བྱའོ། །དེ་ནས་རང་ཡིད་ཆེས་པ་དང་སྦྱིན་བསྲེག་བྱ་སྟེ། ཐབ་ནམ་དཔེའུ་ཆུང་ལྟར་བྱ། གྲུ་གསུམ་རྩེ་མོའི་ངོས་སུ་ཧཱུྃ་ཡིག་བྲིས་ནས། ཤིང་བྱུག་པའམ་གདུག་པ་ཅན་གྱི་གྲུ་གསུམ་དུ་གཅིགས་པ་ལ། དེའི་དཀྱིལ་དུ་ཐོད་པ་བཞག་པར་བྱའོ། །དེ་ནས་གཏོར་མ་གཉིས་བཤམས་ལ་གཅིག་ཡུལ་བདག་དང་། གཅིག་གཞི་བདག་ལ་ཕུལ་ལ། རུ་ང་བ་དང་། ཕྲགས་དོག །བསྒྲུབ་པ་པོ་བདག་གི་མ་ལེན་མ་ཉེས་པ་ཡིན་པས་གཟུ་དང་དཔང་པོ་མཛོད་ཅིག །བདག་གི་སྡོང་གྲོགས་མཛོད་ཅིག །བྱས་ལ་བདེན་པའི་བཀའ་བསྒོའོ། །ཤ་


PS011_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་བརྒྱན་པའི་དཔལ་བཤོས་གཅིག་བྱས་ལ། འདི་མགོན་པོ་འཁོར་བཅས་ལ་འབུལ་བ་ཡིན་པས་བདག་གིས་ལས་འདི་བསྒྲུབས་ཤིག་བྱས་ལ་གཏར་གཟུང་ངོ་། །དེ་ནས་བདག་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། བག་ཟན་གྱི་ལིངྒ་དེ་རྣམས་མདུན་དུ་བཞག་ལ་དགུག་གཞུག་གསལ་བར་བྱ་ཞིང་། གྲི་ལྕགས་ཀྱིས་ལིངྒ་དུམ་བུར་གཏུབ་ཅིང་སྔགས་དྲག་ཏུ་བཟླས་སོ། །སྔར་གྱི་ཐབ་ཁུང་གི་ཧཱུྃ་དེ་ཆོ་ག་གསུམ་ལས་མེ་ལྷའི་མགོན་པོར་བསྐྱེད། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱའོ།། ༈ གཉིས་པ་དངོས་གཞི་ནི། གསལ་བ་གསུམ་དང་ལྡན་པར་བྱ་སྟེ། དེ་ཡང་བདག་ཉིད་ཡི་དམ་གྱི་ལྷར་གསལ་ཞིང་སྔགས་དྲག་ཏུ་བཟླས་པ་དང་།


PS011_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྦར་ཞིང་སྤོས་སྦྱོར་སྲེག་ནས་མེ་དེ་མེ་ལྷའི་མགོན་པོ་ཞལ་གསུམ་ཕྱག་དྲུག་པ་ཞལ་གདངས་པ། མཆེ་བ་གཙིགས་པ། སྐུ་མདོག་དམར་ཞིང་འཚེར་བར་གསལ་བ་དང་། ལིངྒ་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་དང་དོན་སྙིང་དུ་བསམ་ལ། མགོན་པོའི་ཞལ་དམར་དང་ངེ་བ་དེར་སིབ་སིབ་སོང་ནས་དམར་ཙིར་ཙིར་གསོལ་བར་བསམ། དེའི་དུས་སུ་བཏུན་ཚད་ཀྱི་མེ་མི་སྒུལ་བ་དང་། རྩ་སྔགས་དང་སྔགས་རིངས་དྲག་ཏུ་བཟླས་པ་དང་། མ་ཡེངས་པ་གལ་ཆེའོ། །དེ་ནས་མེ་ཚིག་རིང་ལ་སྦུད་པ་དྲག་ཏུ་བརྡེག་གོ། དམ་ཚིག་པ་དང་ཡེ་ཤེས་པའི་མེ་ལྷ་གཏོར་མ་ལྟར་བཟུང་བ་དེ་བཏང་རག་གི་ཚུལ་ཏུ་བཏང་བར་བྱའོ། །དེ་ནས་མགོན་
པོ་ལ་མཆོད་བསྟོད་བྱའོ། །ཐབས་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས། དེའི་སྟེང་དུ་སླང་ང་ཁ་སྤུབ། དེའི་སྟེང་དུ་གཏོར་མ་བཞག་ནས་མནན་པ་བྱ། སྔགས་དྲག་ཏུ་བཟླས་ལ། རྩ་སྔགས་བཤམ་ལ། དགྲ་བགེགས་མཱ་ར་ནན། སྟྭྃ་བྷ་ཡ་ནན། ཞེས་བརྗོད། བྷྱ་བཟློག་དྲག་ཏུ་བྱ། གཏོར་མ་དགྲ་ཕྱོགས་སུ་གཏང་ངོ་། །ཐལ་བ་རྣམས་ཀྱང་བསྡུས་ལ་དགྲ་བགེགས་ཕྱོགས་སུ་འཕྱར་རོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད་པར་བྱའོ། །མགོན་པོའི་སྦྱིན་སྲེགས་གསལ་བ་གསུམ་ལྡན་བྱ་བ་སངས་རྒྱས་གཉན་སྟོན་གྱི་གསུངས་པ་རྫོགས་སོ།། །།

མཁས་གྲུབ་ཁྱུང་པོས་མཛད་པའི་སྤྱན་འདྲེན།


PS011_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁས་གྲུབ་ཁྱུང་པོས་མཛད་པའི་སྤྱན་འདྲེན་བཞུགས་སོ། །


PS011_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཉུ༽ ཧཱུྃ། བཞེངས་ཤིག་བཞེངས་ཅིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ལྷ་ཆེན་མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །རིག་འཛིན་བསྲུང་མ་གཤེགས་སུ་གསོལ། །ཞིང་སྐྱོང་ཆེན་པོ་གཤེགས་སུ༴ །འཁོར་གྱི་དམག་ཚོགས་གཤེགས་སུ༴ །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །ཀྵཻ་ཏྲ་པཱ་ལ་གཤེགས་སུ་གསོལ། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམ་སེར་


PS011_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པ་ཅན། །རལ་པའི་ཁྲོད་ནས་མེ་སྟག་འཕྲོ། །མེ་སྟག་འཕྲོས་པས་བགེགས་རྣམས་བསྲེགས། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དམ་ཉམས་དགྲ་བོའི་གདན་སྟེང་ན། །བརྐྱངས་བསྐུམས་ཚུལ་དུ་བཞུགས་པ་སྟེ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག །རྣོ་དུག་མཆེ་བ་བགེགས་ལ་གཙིགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཐོད་རློན་འབར་བའི་དོ་ཤལ་ཅན། །ཡན་ལག་ལྷུ་ཚིག་སྦྲུལ་གྱིས་བརྒྱན། །ནག་པོ་ཀླུ་བདུལ་ཆེན་པོ་ཁྱོད། །བ་སྤུའི་བུ་ག་ཐམས་ཅད་ནས། །དོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ། །དམ་ཉམས་དགྲ་ལ་སྤྲུལ་པ་འགྱེད། །རལ་པ་སྤྲུགས་པས་ཁམས་སུམ་


PS011_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །སྟོང་གསུམ་འབྱུང་པོ་རྡུལ་དུ་རློག །ཕྱག་དྲུག་གཡས་ཀྱི་གྲི་གུག་གིས། །དགྲ་བགེགས་འབྱུང་པོ་སྲོག་རྩ་གཅོད། །ཕྱག་དྲུག་གཡོན་གྱི་དང་པོ་ནི། །བནྡྷ་ཁྲག་གིས་གང་བ་བསྣམས། །དགྲ་བགེགས་ཀླད་པ་ཞལ་དུ་གསོལ། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཐོད་སྐམ་འབར་བའི་ཕྲེང་བ་བགྲང་། །འགྲོ་དྲུག་སེམས་ཅན་འདྲེན་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། ཁ་ཊྭཱྃ་རྩེ་གསུམ་བསྣམས་པ་ནི། །འབྲས་བུ་སྐུ་གསུམ་བརྙེས་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །ཌ་མ་རུ་ནི་དྲག་ཏུ་འཁྲོལ། །མ་མོ་མཁའ་འགྲོ་གཤེགས་སུ་གསོལ། །འདིར་གཤེག་ཤ་ཁྲག་གཏོར་མ་བཞེས། །


PS011_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བདུད་ཞགས་ནག་པོ་བསྣམས་པ་ནི། །བསྟན་པ་བཤིག་པའི་སྐེ་ལ་ཐོབ། །ཁྱོད་ཀྱི་འཁོར་གྱི་ཕོ་ཉའི་ཚོགས། །མཁའ་འགྲོ་མ་དང་ཤུག་འགྲོ་མ། །གནོད་སྦྱིན་ཕོ་དང་གནོད་སྦྱིན་མོ། །གནོད་སྦྱིན་ཀྵེ་ཏྲ་པ་ལའི་ཚོགས། །བྲན་གྱི་ཚུལ་དུ་ཁས་བླངས་པ། །དམ་བཅས་བཞིན་དུ་འདིར་གཤེགས་ཤིག །འབྲུ་བཅུད་ཆང་དང་རཀྟ་ཁྲག །མཾ་ས་ཤ་དང་རུས་པའི་ཚོགས། །དམ་རྫས་གཏོར་མ་འདི་མཆིས་ཀྱིས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བའི་བསྐལ་པ་ཡིས། །མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །


PS011_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྡེ་བརྒྱད་མ་མོ་མཁའ་འགྲོས་བསྐོར། །ནག་པོ་མི་བཟད་བསམ་ལས་འདས། །ལྷ་མོ་དཀར་ནག་བགྲང་དུ་མེད། །སྣང་སྲིད་ཐམས་ཅད་ཁྱོད་ཀྱི་བྲན། །སྲིད་གསུམ་ཐམས་ཅད་ཁྱོད་ཀྱི་འཁོར། །དྲེགས་པ་ཅན་རྣམས་ལས་མཁན་ཏེ། །སྟོང་གསུམ་སྐད་ཅིག་གློག་ལྟར་ཉུལ། །སྡང་དགྲ་གནོད་བྱེད་ཐལ་བར་རློགས། །བདག་ཅག་དམ་ཚིག་སྒྲུབ་པ་པོ། །འདས་དང་བཞུགས་པའི་སངས་རྒྱས་ཀྱི། །སྤྱན་སྔར་ཞལ་བཞེས་དྲན་དགོངས་ལ། །གཏོར་མ་རི་ལ་རཀྟའི་མཚོ། །བདུད་རྩི་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་བའི་རྟེན་རྣམས་ཚང་། །དམ་ཚིག་ལྡན་པའི་གནས་འདིར་གཤེགས། །དེ་ནས་
དད་པ་དང་ནི་ཞེས་སོགས་བྱེད། །འདི་གཏོར་སྒྲུབ་དང་གཏོར་ཆེན་གྱི་དུས་སུ་ངེས་པར་བྱེད་པའི་སྤྱན་འདྲེན་རྒྱས་པ་ཁྱུང་པོས་མཛད་པ་ཡིན། བྱིན་རླབས་ཅན་ཡིན་པས་འདི་བཞག་ནས་ཕྱིས་ཀྱི་མི་རེ་རེས་བྱེད་པ་ལ་སྙིང་པོ་མེད་དོ།། །།

དཔལ་མགོན་པོའི་གཏོར་བསྔོའི་དུས་ཀྱི་ཟུར་འདེབས།


PS011_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་མགོན་པོའི་གཏོར་བསྔོའི་དུས་ཀྱི་ཟུར་འདེབས་བཞུགས་སོ།། ཏུ༽ ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་མ་གཡེལ་ཅིག །དཔལ་ལྡན་ལྷ་མོ་རེ་མ་ཏི་མ་གཡེལ་ཅིག །གནོད་སྦྱིན་ཀྵེ་ཏྲ་པ་ལ་མ༴ གཤིན་རྗེ་ཌཀྐི་རཱ་ཛ་མ་གཡེལ་ཅིག །དབང་ཕྱུག་ཛི་ན་མི་ཏྲ་མ༴ བདུད་མགོན་ཏྲག་ཤད་ནག་པོ་མ༴ ཕྱོགས་སྐྱོང་བཅུ་པོ་མ༴ གཙང་རིགས་ཀྱི་མགོན་པོ་བདུན་བཅུ་མ༴ བཀའ་སྡོད་
དམ་ཅན་རྒྱ་མཚོ་མ༴ སྒྲུབ་སྒྲུབ་རྟེན་རྟེན་པ་གཙོ༴ སློབ་དཔོན་བརྒྱུད་ཀྱི་བསྲུང་མ༴ བར་ཆད་བསྲུང་བའི་དུས་ལ་བབ་ཀྱི་མ༴ དགྲ་བགེགས་འདུལ་བའི་དུས་ལ་བབ་ཀྱིས་མ༴ དངོས་གྲུབ་སྩོལ་བའི་དུས་ལ་བབ་ཀྱི་མ་གཡེལ་ཅིག །ཅེས་པའོ།། །།

དཔལ་མགོན་པོའི་གཏོར་རྫོངས་གཙང་སྦྱར་མ།


PS011_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་མགོན་པོའི་གཏོར་རྫོངས་གཙང་སྦྱར་མ་བཞུགས་སོ།། ཐུ༽ གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ།


PS011_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་གསུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་བསྲུང་མ། བླ་མའི་བཀའ་སྲུང་བྱ་ར་མཁན། ལེགས་ངེས་ཀྱི་སྟངས་འཛིན། ཁྲོ་བོ་གཟུགས་ཅན། ཟ་བྱེད་ཀྱི་གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་ཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་བསྐོར་བ། ཤ་ཟ་བྱེ་བའི་འཁོར་གྱི་བསྐོར་བ། གཡས་ན་ཕོ་བརྒྱུད་སྟོང་གིས་འཁོར་གྱིས་བསྐོར་བ། གཡོན་ན་མོ་བརྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པ་བསྐོར་


PS011_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ་འཁོར་དང་བཅས་པ། དབང་ཕྱུག་ཛི་ན་མི་ཏྲ་འཁོར་དང་བཅས་པ། གཤིན་རྗེ་ཌཱཀྐི་རཱ་ཛ་འཁོར་དང་བཅས་པ། བདུད་མགོན་ཏྲག་ཤད་ནག་པོ་འཁོར་དང་བཅས་པ། ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་པ། གཙང་རིགས་ཀྱི་མགོན་པོ་བདུན་བཅུ་འཁོར་དང་བཅས་པ། དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི། དམ་རྫས་བརྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་བསྲུངས་ཤིག །དཀོན་མཆོག་གི་དབུ་འཕངས་བསྟོད་ཅིག །དགེ་འདུན་གྱིས་ཆོས་འཁོར་སྐྱོངས་ཤིག །ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་


PS011_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཁྱད་པར་དུ་ཡང་དཔལ་ལྡན་བླ་མའི་སྐུ་ལ་བདོ་བ། རྡོ་རྗེ་ཐེག་པའི་གསང་སྔགས་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གསུམ་གྱི་དབུ་འཕང་དམོད་པ། དགེ་འདུན་གྱི་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་དང་། གདུག་པའི་སེམས་དང་ལྡན་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པའི་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟར་ན།


PS011_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་དང་། གཟིར་བ་དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་དཔལ་སྐོང་བ་ལ་སོགས་པ་དྲག་པོའི་ལས་ཀྱི་ཚར་བཅད་ཅིང་ཐལ་བ་རྡུལ་ཕྲན་བཞིན་དུ་རླག་པའི་ཕྲིན་ལས་མཛོད་ཅིག །བླ་མ་མགོན་པོ་འཁོར་བཅས་ལ། །བདག་གི་མཆོད་གཏོར་ཕུལ་བ་ཡི། །དཀོན་མཆོག་དབུ་འཕང་དམོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བདོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མུ་ཀཾ་མཱ་རཱ་ཡ་ཕཊ། །ཅེས་ཐལ་མོ་བརྡེབ།། །།

བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་བསྟོད་པ་རྔམས་པ་སྒྲ་སྒྲོགས།


PS011_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

༈ བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་བསྟོད་པ་རྔམས་པ་སྒྲ་སྒྲོགས་བཞུགས་སོ།། དུ༽ རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཨཀྵོ་བྷྱ་སྟད་ཏྲ་ན་མཿབོད་སྐད་དུ། ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་འགྲུབ་པར་གྱུར་ཅིག །དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་ནང་། །ཚང་ཚིང་ཁྲིགས་པ་ཙནྡན་ཆེན་པོའི་ཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞུགས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་


PS011_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡིས་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་བའི་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོ་གྲི་གུག་གིས། །ཉོན་མོངས་རྩད་ནས་བཅད་ནས་དགྲ་ལ་འཕྱར། །འཕྲེང་བ་འཛིན་པས་དགྲ་བོ་རྩིས་ལ་འདེབས། །ཌཱ་མ་རུ་ཡི་མཁའ་འགྲོ་དབང་དུ་བསྡུས། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་བསྟོད། །གཡོན་གྱི་དང་པོ་ཐོད་པ་བསྣམས་པ་ནི། །དགྲ་བགེགས་སྲོག་རྩ་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམ་གསུམ་དབང་དུ་བསྡུས། །ཞགས་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་


PS011_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་པོ། །སྟག་གི་པགས་པ་སྦྲུལ་གྱི་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀཱ་བསྣོལ་བའི་གདན་སྟེང་ན། །དཀྲིག་དཀྲིག་ཞབས་ཀྱི་དགྲ་བགེགས་ཐལ་བར་བརློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ནི། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །མཐུ་ཆེན་བགེགས་ཀྱི་གཤེགས་ལ་ཕྱག་འཚལ་ལོ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ནི། ཁམས་གསུམ་དབང་དུ་བསྡུས་ཅིང་རྩིས་ལ་འདེབས། །དབུ་


PS011_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་འབར་བ་རྫིས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུྃ། བཞེངས་ཅིག་བཞེངས་ཅིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་གཡེལ་མ་གཡེལ་དཔལ་ལྡན་ནག་མོ་ཆེ། །སྐྱོབ་པ་ཤཱཀྱ་སེངྒེའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡི། །བསྟོད་པ་འདི་ཡིས་ལན་གཅིག་བསྟོད་བྱས་ནས། །ཕ་མ་བུ་ཚ་རྣམས་ལ་
བ་བཞིན། །ནག་པོ་ཆེན་པོས་རྟག་ཏུ་གྲོགས་མཛོད་ཅིག །ནག་པོ་ཆེན་པོའི་བསྟོད་པ་རྔམས་པ་སྒྲ་སྒྲོགས་ཞེས་བྱ་བ། བྲམ་ཟེ་ཆེན་པོ་མཆོག་སྲེད་ཀྱི་མཛད་པ་རྫོགས་སོ།། །།

ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་དཔལ་ལྡན་ལྷ་མོར་བསྟོད་པ།


PS011_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་དཔལ་ལྡན་ལྷ་མོར་བསྟོད་པ་བཞུགས་སོ།། ༼ནུ༽ ན་མོ། དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ལ་བསྟོད། །སྒོ་གསུམ་དང་བའི་ཡིད་ཀྱི་ཕྱག་འཚལ་ལོ། །ཁྱོད་ནི་བདག་གི་མཆོད་པས་མ་སྐྲེས་ཀྱང་། །དཔལ་ལྡན་དམ་པ་དངོས་གྲུབ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་


PS011_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནི་དབང་པོ་རྒྱལ་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་དཔང་པོ་མཛོད། །བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན། །ཐུགས་རྗེའི་ཤུགས་ཀྱི་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགེ་འདུན་ཕྲག་དོག་མེད་པའི་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་མོ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བསྐུལ་བར་གསོལ། །ཡན་ལག་ཡོན་ཏན་
ཁྱོད་ཀྱི་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདི་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་འདི་ཡི་ངན་སོང་སྟོང་གྱུར་ཅིག །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དཔལ་ལྡན་ལྷ་མོ་ལ་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་བསྟོད་པའོ།། །།

དཔལ་ལྡན་ལྷ་མོའི་བསྟོད་པ་བསྐལ་པ་མེ་འབར་མར་གྲགས་པ།


PS011_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷ་མོའི་བསྟོད་པ་བསྐལ་པ་མེ་འབར་མར་གྲགས་པ་བཞུགས་སོ།། ༼པུ༽ བྷྱོ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །


PS011_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ནག་འཚུབ་མར་འཚུབས་པའི་ཕོ་བྲང་ན། །རྟ་ཁྲག་མི་ཁྲག་རྒྱ་མཚོའི་རྦ་ཀློངས་འཁྲུགས། །དམ་ཉམས་དགྲ་བགེགས་བསྣོལ་བའི་གདན་སྟེང་ན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟ་བུ་ལ། །དབུ་སྐྲ་ཁམ་སེར་རྨ་བྱའི་མདོངས་ཀྱི་བརྒྱན། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །འབྱུང་པོ་སྐྲག་མཛད་ཐོད་པས་དབུ་རྒྱན་ཞིང་། །ལོག་འདྲེན་ཟིལ་གནོན་སྙན་གཡས་སེངྒེ་འཕྱོ། །གདུག་པ་འདུལ་ཕྱིར་སྙན་གཡོན་སྦྲུལ་གྱི་བརྒྱན། །སྙན་ནས་འཇིགས་པའི་འབྲུག་སྒྲ་ཆེམ་ཆེམ་སྒྲོགས། །དཔྲལ་བའི་དཀྱིལ་ནས་གནམ་ལྕགས་སེར་ཆེན་འབེབས། །སྤྱན་


PS011_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམར་འཁྲུགས་གློག་ལྟར་འཁྱུག་བྱེད་ཅིང་། །ཤངས་ནས་ནད་ཀྱི་རླུང་ནག་འཚུབ་མར་འཚུབས། །འཇིགས་པའི་ཁ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །ཨ་ལ་ལ་ཡི་གད་མོ་འབྲུག་ལྟར་སྒྲོགས། །སྟོང་གསུམ་འབྱུང་པོའི་ཚོགས་རྣམས་སྐྲག་བྱེད་པའི། །འཇིགས་བྱེད་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །ཕྱག་གཡས་རལ་གྲི་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་རྒྱལ་མཚན་ཐོད་རློན་སྙིང་ཁྲག་གསོལ། །སྦྲུལ་གྱི་སྐ་རགས་ལྟེ་བར་ཉི་མས་བརྒྱན། །སྐུ་སྨད་གླང་ཆེན་ཀོ་རློན་རེ་ལྡེས་དཀྲིས། །སྟོང་གསུམ་བསྒྲོད་ཕྱིར་དྲེའུ་ག་པ་ཆིབས། །སྲིན་པོའི་ཡ་ཐོད་སྔ་རུ་ནད་རྐྱལ་བཏགས། །སྦྲུལ་ནག་ཆུན་པོ་སྟོང་གི་གོང་
སྨད་བྱས། །བསྟན་པ་བསྲུང་མཛད་བདུད་མོ་འབུམ་གྱི་བསྐོར། །སྲོག་བདུད་ཆེན་མོས་དགྲ་བགེགས་སྒྲོལ་ལ་ཤོག །

མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་མཛད་པའི་བསྟོད་པ།


PS011_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་མཛད་པའི་བསྟོད་པ་བཞུགས་སོ།། ༼ཕུ༽ བྷྱོཿདཀའ་བ་དང་དུ་བླངས་ནས་ཁྱོད་སྒྲུབ་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབེན་དུ་གཙུགས་ནས་ཁྱོད་སྒྲུབས་ན། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང་། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་སྒྲུབས་ན། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་པའི་ཚེ་ན་མ་གཅིག་མཐུ་མ་ཆུང་། །ཁྱོད་ཀྱི་གཡོགས་ནི་མི་སྲུན་གདུག་པ་
ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེངྒེའི་གདོང་པ་ཅན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང་། །མཐུན་པའི་དངོས་གྲུབ་སྣ་ཚོགས་སྩལ་དུ་གསོལ། །དཔལ་ལྡན་ལྷ་མོའི་བསྟོད་བསྐུལ་བླ་མ་མཻ་ཏྲི་པས་ཞལ་གཟིགས་པ་དུས་སུ་མཛད་པའོ།། །།ལྷ་མོ་དཔལ་ལྡན་ཞེས་བྱ་བ་ཤིན་ཏུ་སྟོབས་ཆེ་ཞིང་མྱུར་ལ་གཉན་པ་ཡིན་ནོ།། །།

དཔལ་ལྡན་མགོན་པོའི་འཁོར་གཙང་རིགས་དཔལ་མགོན་དོན་ལྔ་སོགས་དམ་ཅན་རྒྱ་མཚོ།


PS011_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་མགོན་པོའི་འཁོར་གཙང་རིགས་དཔལ་མགོན་དོན་ལྔ་སོགས་དམ་ཅན་རྒྱ་མཚོའི་བསྐུལ་བཞུགས་སོ།། ༼བུ༽ ཧཱུྃ། སྟོང་གི་ཚངས་པ་དང་ཞུར་ཆིབས། །ཕྱག་


PS011_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིན་ཆེན་བུམ་པ་བསྣམས། །ཚངས་པ་འབུམ་གྱི་འཁོར་དང་བཅས། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཤར་ཕྱོགས་བརྒྱ་སྦྱིན་གླང་པོ་ཆིབས། །ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས། །བརྒྱ་བྱིན་འབུམ་གྱི་འཁོར་དང་༴ དགྲ་བགེགས་སྒྲོལ་བའི་ལས༴ ཤར་ལྷོ་མེ་ལྷ་ར་སྐྱེས་ཆིབས། །ཕྱག་ན་བགྲང་ཕྲེང་རིལ་བ་བསྣམས། །མེ་ལྷ་འབུམ་གྱི༴ དགྲ་བགེགས༴ ལྷོ་ཕྱོགས་གཤིན་རྗེ་མ་ཧེ་ཆིབས། །ཕྱག་ན་ཞིང་ཆེན་དབྱུགས་པ་བསྣམས། །གཤིན་རྗེ་འབུམ་གྱི༴ དགྲ་བགེགས༴ ལྷོ་ནུབ་སྲིན་པོ་རོ་ལངས་ཆིབས། །ཕྱག་ན་རལ་གྲི་འབར་བ་བསྣམས། །སྲིན་པོ་འབུམ་གྱི༴ དགྲ་


PS011_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྒྲོལ་བའི་ལས༴ ཆུ་ལྷ་དཀར་པོ་ཆུ་སྲིན་འཆིབས། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །ཆུ་ལྷ་འབུམ་གྱི༴ དགྲ་བགེགས༴ ནུབ་བྱང་རླུང་ལྷ་ཤ་བ་ཆིབས། །ཕྱག་ན་རླུང་གིས་བ་དན་འཛིན། །རླུང་ལྷ་འབུམ་གྱི༴ དགྲ་བགེགས༴ བྱང་ཕྱོགས་གནོད་སྦྱིན་རྟ་ལ་ཆིབས། །ཕྱག་ན་རིན་ཆེན་ནེའུ་ལེ་བསྣམས། །གནོད་སྦྱིན་འབུམ་གྱི༴ དགྲ་བགེགས༴ བྱང་ཤར་དབང་ལྡན་གླང་ལ་ཆིབས། །ཕྱག་ན་ཏྲི་ཤུ་རྩེ་གསུམ་འཛིན། །འབྱུང་པོ་འབུམ་གྱི༴ དགྲ་བགེགས༴ འོག་གི་ས་བདག་ཕག་ལ་ཆིབས། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ས་བདག་འབུམ་གྱི༴ དགྲ་བགེགས༴ ཕྱོགས་


PS011_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བཅུ་པོ་འཁོར་བཅས་ཀྱི། །འདིར་འབྱོར་ཤ་ཁྲག་གཏོར་མ་བཞེས། །བདག་གི་དགྲ་བགེགས་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་ལ་གནོད་པའི་དགྲ་བགེགས་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །ཤ་ཁྲག༴ བདག་ལ༴ བཅོལ་བའི༴ བཟའ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །ཤ་ཁྲག༴ བདག་ལ༴ བཅོལ་བའི༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས། །ཤ་ཁྲག༴ བདག་ལ༴ བཅོལ་བའི༴ དེད་དཔོན་དགུ་


PS011_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཁོར་བཅས་ཀྱིས། །ཤ་ཁྲག༴ བདག་ལ༴ བཅོལ་བའི༴ རྒྱལ་ཆེན་བཞི་པོ་འཁོར་བཅས་ཀྱིས། །ཤ་ཁྲག༴ བདག་ལ༴ བཅོལ་བའི༴ གཙང་རིགས་དཔལ་མགོན་བདུན་བཅུའི་ཚོགས། །ཤ་ཁྲག༴ བདག་ལ༴ བཅོལ་བའི༴ ཧཱུྃ། དམ་ཅན་རྒྱ་མཚོའི་དམག་ཚོགས་ནི། །སྣ་ཚོགས་འཇིགས་པའི་གཟུགས་འཆང་ཞིང་། །བཞིན་བསྡུས་མ་རུངས་མདོག་མི་སྡུག །བདུད་དང་སྲིན་པོའི་ཆ་ལུགས་ཅན། །ལག་ན་གདུག་པའི་མཚོན་ཆ་ཐོགས། །དགྲ་ལ་དམག་ཚོགས་སྤྲིན་ལྟར་གཏིབས། །ནད་དང་མཚོན་གྱི་ཆར་ཕོབ་ལ། །ལས་ཀྱི་གཤིན་རྗེས་སྲོག་རྩ་ཆོད། །གཅན་ཟན་ཚོགས་ཀྱི་སྙིང་ཁྲག་འཐུང་། །མཆུ་


PS011_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་ཅན་གྱི་ཀླད་ཁྲག་དཀྲུགས། །མཆེ་བ་ཅན་གྱི་ཤ་རུས་ཟོ། །དུས་ལ་བབ་ཀྱི་དམ་མ་འདའ། །ལས་ཀྱི་གཤིན་རྗེ་སྲོག་གི་བདུད། །སྙིང་རྗེ་མེད་པར་སྲོག་ལ་རྔམས། །དགྲ་བགེགས་ཤ་ཁྲག་ལོངས་ཆོད་ལ། །ལས་སུ་སངས་རྒྱས་བསྟན་པ་བསྲུང་། །འདིར་གཤེགས་དམ་དགོངས་ཕྲིན་ལས་མཛོད། །བྷྱོཿདམ་ཅན་རྒྱ་མཚོའི་དམག་ཚོགས་ཀྱི། །སྔ་དགྲ་ཐམས་ཅད་རྩད་ནས་ཆོད། །ཕྱི་དགྲ་སེམས་དཔའ་དྲུང་ནས་ཕྱུང་། །ད་ལྟའི་དགྲ་བོ་རྡུལ་དུ་རློག །གདོན་དང་བགེགས་ཀྱི་དཔུང་ཚོགས་ཆོམ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་
དངོས་གྲུབ་མ་ལུས་སྩོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་བསྲུང་མའི་ཚོགས། །བཀྲ་ཤིས་བདེ་ལེགས་ཀུན་ལ་ཁྱབ་པར་གྱུར།། །།

མཁས་གྲུབ་རིན་པོ་ཆེས་མཛད་པའི་མགོན་པོའི་བསྟོད་པ།


PS011_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རིན་པོ་ཆེས་མཛད་པའི་མགོན་པོའི་བསྟོད་པ་བཞུགས་སོ།། ༼མུ༽ ན་མོ་མ་ཧཱ་ཀ་ལ་ཡ། །གང་ཐུགས་དབྱིངས་ལས་མ་གཡོས་ཀྱང་། །སྙིང་རྗེ་ཆེན་པོས་རབ་ཏུ་འཁྲོས། །གདུལ་དཀའ་མ་ལུས་འདུལ་བའི་གཤེད། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མི་ཟད་དྲག་ཤུལ་ཆེན་པོའི་སྐུ། །མུན་པའི་མདོག་ཅན་དུས་མཐའི་མེ། །འོད་ཟེར་རྣོན་པོ་རབ་འབར་བས། །བདུད་ཀྱི་དཀྱིལ་འཁོར་མཐའ་དག་སྲེག །ཉི་མ་འབུམ་གྱི་མདངས་ལྡན་ཞིང་། །ལྷུན་


PS011_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ལྟར་བརྗིད་ཡན་ལག་རགས། །སྲིན་པོའི་གཟུགས་ཅན་ལྟོ་བ་འཕྱང་། །མགོ་ཕྲེང་ཅན་ཁྱོད་བསྟོད་པར་བྱ། །འབྱུང་པོའི་ཁྲག་གིས་གོས་གྱོན་ཞིང་། །མཆེ་བ་གཙིགས་ཤིང་རྔམས་པའི་ཞལ། །སྤྱན་གསུམ་རབ་འབར་ཁྲོ་གཉེར་བསྡུས། །གློག་སྟོང་འཁྱུག་ལྟའི་སྨིན་མ་གཡོ། །ལས་དྲུག་མཛད་པའི་ཕྱག་དྲུག་གིས། །གྲི་གུག་འབར་བས་མུས་ཕྱེ་ནས། །ཐོད་ཕྲེང་ཅན་གྱི་དོན་སྙིང་འབྱིན། །ཅང་ཏིའུ་སྒྲ་ཡིས་མྱོས་པར་བྱེད། །ཐོད་རློན་དམ་ཉམས་དགྲ་བགེགས་ཀྱིས། །ཁྲག་འདྲེན་བཏུང་བས་བཀང་ཞིང་རོལ། །རྩེ་གསུམ་འབར་བས་གནས་གསུམ་བསྣུན། །རྡོ་རྗེ་ཞགས་པས་འཆིང་ཞིང་འདྲེན། །བགེགས་


PS011_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྟེང་ན་ཞབས་གཉིས་ཀྱིས། །ཁྲོས་པའི་གར་མཛད་ས་གསུམ་གཡོ། །ཁྲག་འཛག་སྟག་ལྤགས་རློན་པ་ཡིས། །ཤམ་ཐབས་འཆང་བ་ཁྱོད་ལ་བསྟོད། །ཁྱོད་ནི་དུས་གསུམ་རྒྱལ་བ་ཡིས། །བསྟན་པ་བསྲུང་བར་བཀའ་སྒོས་ཤིང་། །སྙིགས་མའི་དུས་ཀྱི་འདུལ་དཀའ་བ། །མ་ལུས་འདུལ་བའི་ཐུགས་དམ་ཅན། །དེ་ཕྱིར་འདི་ན་དུས་ཀུན་ཏུ། །ཁྱོད་ལ་གསོལ་བ་འདེབས་པ་ལ། །བཏང་སྙོམས་གཡེལ་བ་མ་མཛད་པར། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བྱིན་གྱིས་བརླབས་པའི་གཏོར་མ་དང་། །མཐུན་པའི་དམ་རྫས་འདི་བཞེས་ལ། །བླ་མས་བསྒོས་པའི་ལས་མཛོད་ཅིག །


PS011_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་འཁོར་བཅས་དགེ་འདུན་དང་། །གནས་དང་ལོངས་སྤྱོད་བཅས་པ་ལ། །ཉེ་བར་འཚེ་བའི་སེམས་འཆང་ཞིང་། །ལོག་པར་སྒྲུབ་པའི་སྦྱོར་བ་ཅན། །ཕྱི་དང་ནང་ན་གནས་པ་ཡིས། །མི་དང་མི་མིན་འབྱུང་པོའི་ཚོགས། །འཇིགས་ཤིང་བཟོད་དཀའི་ཆོ་འཕྲུལ་གྱིས། །རྐྱེན་དང་མཚམས་པར་ཚར་ཆོད་ཞིག །བདག་ཅག་མདོ་དང་རྒྱུད་སྡེ་ཡི། །བཤད་དང་བསྒྲུབ་པའི་བྱ་བ་ལ། །རིག་འཛིན་སྲུང་མ་འཁོར་བཅས་ཀྱིས། །གཡེལ་བ་མེད་པའི་བྱ་ར་མཛོད། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་བསྟོད་ཅིང་ཕྲིན་ལས་བསྐུལ་བའི་ཚིགས་སུ་བཅད་པ་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་སངས་རྒྱས་ཀྱི་བསྟན་པ་དང་བསྟན་པའི་སྙིང་པོ་ཡུན་རིང་དུ་
གནས་གྱུར་ཅིག་སྙམ་དུ་དམིགས་ཏེ་སྨྲས་པའོ།། །།

ཆོས་རྗེ་མཁས་གྲུབ་པས་མཛད་པའི་ལྷ་མོ་བསྟོད་པ།


PS011_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་མཁས་གྲུབ་པས་མཛད་པའི་ལྷ་མོ་བསྟོད་པ་བཞུགས་སོ།། ༼ཙུ༽ ཨོཾ་སྭ་སྟི་སིདྡྷི། བྷྱོཿདཔལ་ལྡན་ལྷ་མོ་ཀུན་གྱི་བདག །ནག་མོ་རལ་པ་གཡེང་ཞིང་འཕྱར། །ཤིན་ཏུ་འཇིགས་པ་མི་སྡུག་མ། །གཤིན་རྗེའི་ལྕམ་ཁྱོད་བསྟོད་པར་བྱ། །ཆར་སྤྲིན་ལྟར་ནག་ཅུང་ཟད་སྔོ། །སྨིན་མ་དམར་སེར་གློག་ལྟར་འཁྱུག །རབ་ཡངས་རྣ་བའི་བུ་ག་ནས། །དུ་བའི་ཚོགས་ཆེན་སྤྲོ་ལ་འདུད། །ལུས་ནི་ཞག་དང་སྣུམ་གྱིས་བྱུགས། །བ་སྤུ་གྱེན་ལངས་མེ་ལྕེ་འཕྲོ། །རྐང་གཉིས་ལྕགས་སྒྲོགས་ཟུང་གི་ཁྱུག །འབྱུང་པོའི་གཙོ་མོ་ཁྱོད་བསྟོད་དོ། །ཁྲག་གི་བཏུང་བས་རབ་མྱོས་པའི། །མིག་རྩ་དམར་པོ་


PS011_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཞིང་འཁྲུགས། ཁ་ནས་ཁྲག་འཛག་ལྗགས་འདྲིལ་ཞིང་། །དྲག་པོའི་རྐན་བརྡེབ་ཁྱོད་ལ་འདུད། །ཁྱོད་ནི་མི་ཤ་རུས་པར་བཅའ། །ཆེམ་ཆེམ་གཅོད་བྱེད་སོ་སྒྲ་སྒྲོག །འབར་བའི་མཆེ་བ་གཙིགས་པའི་ཞལ། །སྲོག་ལ་རྔམས་པ་ཁྱོད་ལ་བསྟོད། །གཡས་ན་རལ་གྲི་གྲི་གུག་དང་། །གཡོན་ན་ཐོད་རློན་དགྲ་བགེགས་ཀྱི། །སྙིང་ཁྲག་ནང་ཁྲོལ་གྱིས་གང་འཐུང་། །ནལ་བུའི་རྒྱལ་མཚན་འཛིན་ལ་བསྟོད། །གླང་ཆེན་ཀོ་རློན་རྒྱངས་པ་དང་། །རེ་སྡེ་སེར་པོའི་སྨད་དཀྲིས་ཤིང་། །མི་ལྤགས་ཁྲག་འཛག་གསར་པའི་གོས། །སྟོད་གཡོགས་གླང་ཁྱོད་བསྟོད་པར་བྱ། །གདུག་པའི་སྦྲུལ་གྱིས་གདེངས་ཀ་


PS011_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ། །སྤྱི་གཙུག་རྨ་བྱའི་མདོངས་ཀྱིས་བརྒྱན། །གདོང་ལྔ་པ་དང་ཀླུ་དབང་གིས། །རྣ་རྒྱན་འཆང་བ་ཁྱོད་ལ་བསྟོད། །མཚན་མོ་དུར་ཁྲོད་ཀུན་ཏུ་ཉུལ། །རླུང་གི་ཤུགས་འཆང་དྲེའུ་ཞོན། །སྟོང་གསུམ་སྐད་ཅིག་ཙམ་གྱིས་སྒྲོད། །རྫུ་འཕྲུལ་དབང་ལྡན་ཁྱོད་བསྟོད་དོ། །མདུན་ནས་རྒྱུག་པའི་ཕོ་ཉ་ནི། །ཆུ་སྲིན་གདོང་ཅན་མུན་པའི་མདོག །ཁྱོད་ཀྱིས་སླད་ཀྱིས་རྗེས་འབྲང་བ། །སེངྒེའི་གདོང་ཅན་དམར་ནག་མོ། །གཉིས་ཀ་གཅེར་མོ་སྲིན་མོའི་གཟུགས། །འདོད་ཁམས་དབང་ཕྱུག་བཀའ་ཉན་ཅིང་། །དམ་ཚིག་ཉམས་པའི་སྙིང་འབྱིན་ན། །ཟ་བྱེད་སྲོག་བདུད་ཆེན་མོ་སྟེ། །མ་གཅིག་ལྷ་མོ་འཁོར་


PS011_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱིས། །ཤ་ཆེན་ཁྲག་འཛག་མྱོས་བྱེད་བཅས། །བྱིན་གྱིས་བརླབས་པའི་གཏོར་མ་དང་། །མཐུན་པའི་དམ་རྫས་འདི་བཞེས་ལ། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དྲན་བྱས་ནས། །བླ་མའི་དམ་ཚིག་རྗེས་དགོངས་ཏེ། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །བསྟན་དང་དཔལ་ལྡན་བླ་མ་ཡི། །གསང་ཆེན་རྨད་བྱུང་ཆོས་འཁོར་དང་། །བཤད་དང་སྒྲུབ་པའི་བྱ་བ་ལ། །རྗེས་སུ་བརྩོན་རྣམས་རྗེས་སུ་སྐྱོངས། །བདག་ཅག་དཔོན་སློབ་དགེ་འདུན་དང་། །གནས་དང་ལོངས་སྤྱོད་བཅས་པ་དག །སྲུང་དང་སྐྱབས་དང་སྦ་བ་དང་། །གཡེལ་བ་མེད་པའི་བྱ་ར་མཛོད། །བདག་ཅག་


PS011_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་དགེ་འདུན་དང་། །དེ་དག་འདུག་གནས་ལོངས་སྤྱོད་ལ། །ལོག་པར་རྗེས་སུ་བསྒྲུབ་པ་གང་། །རྐྱེན་དང་མཚམས་པར་ཚར་གཅོད་ཅིག །འདི་ལྟར་དམ་ཚིག་གཉེར་མ་ནི། །བདག་དོན་འབའ་ཞིག་མ་ཡིན་ཏེ། །བསྟན་པའི་སྙིང་པོ་རྒྱས་པ་དང་། །དེ་ཡང་འགྲོ་བའི་དོན་གྱིས་ཕྱིར། །དེ་ཕྱིར་ཁྱེད་ལ་ཡུན་རིང་དུ། །མཆོད་ཅིང་གཉེར་ཡང་ཡལ་འདོར་ན། །དུས་གསུམ་རྒྱལ་བའི་བཀའ་བསླས་པས། །ཉམས་པར་འགྱུར་བ་དོན་མི་འཚལ། །དེས་ན་མ་ལྟར་བརྩེ་བ་དང་། །སྲིང་ལྟར་གདུང་བས་བླ་མ་དང་། །རྡོ་རྗེ་འཛིན་པ་བདག་ཅག་གིས། །བགོ་བའི་ལས་ཀུན་མྱུར་དུ་བསྒྲུབས། །སྔར་བཅོལ་ལས་ཀྱི་གཏང་
རག་དང་། །ད་བཅོལ་ལས་ཀྱི་བསྐུལ་འདེབས་སུ། །དམ་རྫས་གཏོར་མ་འདི་བཞེས་ལ། །དགྱེས་པ་ཆེན་པོས་ལས་ཀུན་མཛོད། །ཅེས་དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་བསྟོད་ཅིང་བསྐུལ་བ་ཚིགས་སུ་བཅད་པ་འདི་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་དམ་ཚིག་གཉེར་དུ་གཏད་དེ་སྨྲས་པའོ།། །།

ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ།


PS011_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ་བཞུགས་སོ།། ༼ཚུ༽ ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག །བསྒྲུབས་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་


PS011_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་གཏེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་མངོན་སྤྱོད་ལ་སོགས་པ། །སྣ་ཚོགས་ཕྲིན་ལས་བསྒྲུབ་ལ་བརྩོན་མཛད་པའི། །ཆོས་སྐྱོང་བསྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །ཡིད་ལ་བྱར་མེད་སྟོང་གསལ་ཆེན་པོའི་ངང་། །བདེ་བ་ཆེན་པོ་རྒྱུན་མི་ཆད་པའི་ཉམས། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །བསྒྲུབ་པ་པོ་ལ་གསོལ་བ་འདེབས་པ་དང་། །བཀུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་
ཉིད་བྱང་ཆུབ་སེམས་ཀྱི༴ འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་མ་ཇི་སྙེད་ཡོད་པ་ཀུན། །རྒྱུན་མི་ཆད་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ༴ བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གིས་བཀྲ་ཤིས་ཤོག །བཀྲ་ཤིས་བཀའ་རྒྱ་མ་འདི་གྲུབ་ཆེན་ཁྱུང་པོས་མཛད་པ་ཡིན་ནོ། །མགོན་པོའི་རབ་གནས་སོགས་ལ་ངེས་པར་དགོས་པ་ཡིན་ནོ།། །།

གཉིས་པ་ཐུན་མོང་མ་ཡིན་པ་ཤོག་དྲིལ་བསྐོར་ལ་ཤོག་དྲིལ་དང་བསྲུང་འབྲི་ཐབས་རྡོ་རྗེའི་གོ་ཆ་བླ་མ་ཤངས་པ་ལོ་ཙ་བ་ལ་ནག་པོ་ཆེན་པོ།


PS011_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐུན་མོང་མ་ཡིན་པ་ཤོག་དྲིལ་བསྐོར་ལ་ཤོག་དྲིལ་དང་བསྲུང་འབྲི་ཐབས་རྡོ་རྗེའི་གོ་ཆ་བླ་མ་ཤངས་པ་ལོ་ཙ་བ་ལ་ནག་པོ་ཆེན་པོ་པ་བཞུགས་སོ། །


PS011_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

༼ཛུ༽ ན་མོ་མ་ཧཱ་ཀཱ་ལ་ཡེ། །འདི་ཡི་སྒོ་ནས་བསྲུང་བ་བྱ་བ་ནི། །གྷི་ཝཾ་གུར་གུམ་ལ་སོགས་པས། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །ལེགས་བྲིས་དེ་ཡི་ལྟེ་བ་ལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། །ཞེས་བཀོད་སླད་ཡང་རྩིབས་བརྒྱད་ལ། །ཡི་གེ་མགོ་བོ་ཕྱིར་བསྟན་ནས། །གསང་སྔགས་དེ་ཉིད་རྩིབས་རེ་ལ། །ཚར་རེ་ལེགས་པར་བྲི་བར་བྱ། །ལྟེ་བའི་དབུས་སུ་ཧཱུཾ་ཡིག་ལ། །མདུན་ནས་བརྩམ་སྟེ་གཡས་བསྐོར་དུ། །གོང་གི་གསང་སྔགས་བྲི་བར་ཤེས། །ཨོཾ་ནས་སྨ་ར་སི་ཏ་དང་། །ཞེས་པའི་བར་དུ་རྫོགས་པའི་མཐར། །མ་མའམ་ཆེ་གེ་འདི་ཉིད་ལ། །རཀྵ་རཀྵ་


PS011_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ་ཞེས། །མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། །མུ་ཁྱུད་དག་ལ་བྲི་བར་བྱ། །དེ་ཡི་ཕྱི་རོལ་བྲི་བྱ་བ། །གྲི་གུག་རྩེ་མོ་ཕྱིར་བལྟས་པའི། །མཚོན་ཆའི་འཁོར་ལོ་སྔོན་པོ་བྱ། །དེ་ཡི་ཕྱི་རོལ་མེ་རི་བྲི། །དེ་ནས་རབ་གནས་བྱ་བ་ནི། །མདུན་དུ་མཆོད་རྫས་གཏོར་མ་བཤམས། །རང་ལྷའི་ང་རྒྱལ་ལྡན་པ་ཡི། །འཁོར་ལོ་བསངས་སྦྱངས་སྟོང་པར་གྱུར། །དེ་ལས་བྷྲཱུཾ་ཡིག་ཡོངས་གྱུར་པའི། །འཁོར་ལོ་འོད་ཟེར་འབར་བ་བསམ། །དེ་སྟེང་པཾ་ལས་པདྨ་དང་། །རཾ་ལས་ཉི་མའི་དཀྱིལ་འཁོར་དང་། །དེའི་སྟེང་དུ་ཡི་གེ་རྣམས། །འོད་ལྡན་འབར་ཞིང་བགྲོད་པར་བསམ། །དེ་དག་རྣམས་དང་རང་ཉིད་ཀྱིས། །


PS011_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱི། །ཤར་ལྷོ་མཚམས་ཀྱི་དུར་ཁྲོད་ནས། །ཡེ་ཤེས་མགོན་པོ་སྤྱན་དྲངས་ལ། །སྔགས་ལ་ཐིམ་པའི་ཡི་གེ་རྣམས། །ཡོངས་སུ་གྱུར་པ་མགོན་པོར་བསྐྱེད། །སྐུ་མདོག་ཕྱག་མཚན་གསལ་བར་བསྒོམ། །དེའི་ཐུགས་ཀར་སྔགས་བཀོད་ལ། །ཞལ་ནས་ཞལ་དུ་འཁོར་བར་བསམ། །སྔགས་གཉིས་སྤེལ་ཚིག་བཅས་པ་རྣམས། །བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །མཆོད་དང་གཏོར་མ་ནང་མཆོད་འབུལ། །བསྟོད་ནས་སྐབས་ཀྱི་ཕྲིན་ལས་བཅོལ། །མགོན་པོ་འོད་དུ་ཞུ་བ་ལས། །བྲིས་པའི་ཡིག་འབྲུའི་རྣམ་པར་གྱུར། །སླར་ཡང་སྔགས་ལས་འོད་འཕྲོས་ཏེ། །ཕྱོགས་བཅུའི་སངས་རྒྱས་ཐམས་


PS011_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས། །ཡེ་ཤེས་སྔགས་ཀྱི་རྣམ་པར་བཀུག །བྲིས་པ་དེ་ལ་བསྟིམས་པར་བྱ། །རྟེན་འབྲེལ་སྙིང་པོ་ཉི་ཤུ་གཅིག །བརྗོད་ཅིང་སུ་པྲ་ཏིཥྛ་ཡིས། །མེ་ཏོག་འཐོར་ལ་ཤིས་པ་བརྗོད། །གང་གི་ལུས་ཀྱི་མགྲིན་པ་དང་། །དཔུང་པར་བཅིངས་པའི་སྐྱེས་བུ་དེ། །ཉེར་འཚེའི་གནོད་པ་མ་ལུས་ལས། །བསྲུང་བྱེད་རྡོ་རྗེའི་གོ་ཆ་ཡིན། །བླ་མ་ཤངས་པ་ལོ་ཙཱ་ལ། །ནག་པོ་ཆེན་པོ་རང་གིས་སྨྲས། །གཅེས་པའི་བུ་ལ་སྦྱིན་པར་བྱ། །ཅེས་གསུངས། མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །གུ་ཧྱ་ས་མ་ཡ།། །།

ཕྱི་རྟེན་ལུགས་སོགས་སྲོག་ཆགས། ནང་རྟེན་མདའ། གསང་རྟེན་གྲི་སྙིང་། དེ་ཁོ་ན་ཉིད་དེ་རྟེན་བཞིའི་གདམ་པ་ཐུན་མོང་མ་ཡིན་པ།


PS011_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྱི་རྟེན་ལུགས་སོགས་སྲོག་ཆགས། ནང་རྟེན་མདའ། གསང་རྟེན་གྲི་སྙིང་། དེ་ཁོ་ན་ཉིད་དེ་རྟེན་བཞིའི་གདམ་པ་ཐུན་མོང་མ་ཡིན་པ་བཞུགས་སོ།། ཝུ༽ རྡོ་རྗེ་འཆང་དང་དབྱེར་མེད་པའི། །བླ་མ་དམ་པའི་ཞབས་བཏུད་ནས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི། །རྟེན་གཞི་གནས་གསུམ་བྲི་བར་བྱ། །དེ་ལ་ཡེ་ཤེས་མགོན་པོའི་རྟེན་ལ་བཞི་སྟེ། ཕྱི་ནང་། གསང་བ། དེ་ཁོ་ན་ཉིད་ཀྱི་རྟེན་ནོ། །དང་པོ་ཕྱིའི་རྟེན་ནི། ཤིང་སྟག་པའམ། ཤུག་པའི་བྱང་བུ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ་ཕཊ་སྭཱ་ཧཱ། ཅེས་པ་ལོགས་ལ་གཅིག་བྲིས། ལོགས་


PS011_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་འདི་མགོན་པོ་འཁོར་དང་བཅས་པ་ལ་ཟུངས་སུ་འབུལ། རྟེན་དུ་འཆའ་བ་ཡིན་པས་རྟེན་ལས་མ་འདའ། །འབེན་ལས་མ་གཡོ་བར་དགྲ་བགེགས་ཆོམ། ཉིན་གསུམ་བྱ་ར་མཛོད། མཚན་གསུམ་མེལ་འཚོ་མཛོད། ཅེས་པ་བྲིས་ལ་པྲ་རྩི་བཏང་། དེ་མགོན་པོར་བསྐྱེད་པ་ལ་རབ་གནས་བྱ། ཕྱིང་པའམ་རས་ནག་པོ་སོགས་ལ་དྲིལ། མགོ་འཇུག་མ་ལོག་པར་མགོན་པོ་བསྲུང་སྐུད་ཀྱི་ལུང་བྱས་ནས་གཡག་རོ་ནག་པའམ། ལུག་ནག་དཔྱིད་དཀར་ཤ་དང་རྭ་རྒྱས་ཤིང་འབྲས་བུ་མ་ཉམས་པའི་སོག་པ་གཡས་དང་མགུལ་པ་གང་རུང་ལ་གདགས། མགོན་པོའི་སྐུ་རབ་གནས་ཅན་དང་


PS011_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལེགས་པར་བཅས་པའི་མདུན་དུ་ཚར་དུ་མངར་ཏེ་མགོན་པོ་འཁོར་བཅས་ལ་མཆོད་གཏོར་རྒྱས་པར་ཕུལ་ཟིན་པའི་རྗེས་སུ། ཟུངས་རྣམས་གུ་གུལ་གྱི་བདུག་བགེགས་བསྐྲད། དར་གྱི་ཅོད་པན་སོགས་ལེགས་པར་གདགས། འདི་དག་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཟུངས་སུ་འབུལ། རྟེན་དུ་འཛུགས་པས་རྟེན་ལས་མ་གཡོ། འབེན་ལས་མ་འདས། བར་ཆད་བསྲུང་། མཐུན་རྐྱེན་བསྒྲུབ། དགྲ་བགེགས་འཐུལ། བསྟན་པ་དང་འཁོར་དང་ལོངས་སྤྱོད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད། རོལ་མོའི་སྒྲ་བྱ། གཡག་ལ་སོགས་པའི་སྤྱི་བོར་མར་བྱུགས།


PS011_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་བླུད། མགོན་པོ་འཁོར་བཅས་ཀྱིས་བསྟོད་བསྐུལ་རྒྱས་པར་བྱའོ། །དེ་ལྟར་ལོ་དུས་ལ་ལོ་རེ་བཞིན་གསོ་ཞིང་གསོ་བར་བྱའོ།། །། ༈ གཉིས་པ་ནང་གི་རྟེན་ནི། མདའི་ཅ་ར་དང་སྟོང་ནག་པོ་ལ་མི་གྲི་བསད་པའི་མཚོན་ལ་མདེའུ་བྱ། སྒོད་ཀྱི་སྒྲོ་གསུམ་མེར་མ་ཤོར་བའི་བར་གསུམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲཻ་ཏ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ཅེས་པ་གསེར་རམ་གྲི་ཁྲག་གིས་བྲིས་ལ་དར་ནག་པོ་ཁ་མ་ཉམས་པ་དང་། མགོན་པོའི་སྐུ་ཙཀ་ལི་རབ་གནས་ལེགས་པར་བྱས་ལ་གདགས། དེ་མགོན་


PS011_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྐྱེད་ལ་མཆོད་གཏོར་རྒྱས་པར་དབུལ། དེ་མི་སྒྱེལ། མི་འགོམ། མིས་མི་མཐོང་བར་བྱས། གཏོར་མའི་རྒྱབ་བམ། རང་གི་མལ་གྱི་སྟེང་དུ་གཞུག་གོ། །། ༈ གསུམ་པ་གསང་བའི་རྟེན་ནི། སྐྱེས་པ་དར་གྲིར་བསད་པའི་སྙིང་གི་རྩ་གསུམ་བྱེ་མས་རྒྱངས་ལ། ཕྱི་དྲི་བཟང་གི་བྱུགས་ཏེ་མ་རུལ་བར་གྲིབ་སྐམ་ལ་ལེགས་པར་བྱས་ནས། སྐམ་པ་ན་བྱེ་མ་གཏོན་པས་རྩ་སྦུབས་དང་ངོ་བོ་ཡངས་པོ་གསུམ་འོང་བས་དེའི་རྩ་སྦུབས་དབུས་མར་རོ་རས་སམ། དར་ནག་པོ་བཞི་པར་མགོན་པོའི་སྐུ་དྲིས་པའི་སྐྱ་བྲིས་མ་བླ་མ་རཱ་ཧུ་ལ་དང་མི་ཏྲི་པ་གཉིས་ཀྱི་བཞེད་པ་ལྟར་གནས་གསུམ་དུ་གྲི་ཁྲག་གིས་ཨོཾ་ཨཱཿཧཱུཾ་བཀོད་ནས་ཨོཾ་ནས་བརྩམས་


PS011_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐུགས་ཀའི་ཧཱུྃ་ཡན་ཆད་ལ་རྩ་སྔགས་མི་སྤེལ་དང་བཅས་པ་གྲི་ཁྲག་གིས་བྲི། བི་ནཱ་ཡ་ཀ་ལ་ཨོཾ་གྷ་ཧཱུྃ་ཕཊ་བདག་གི་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ཅེས་པ་བྲི། མགོན་པོ་རང་གི་ཐུགས་ཀའི་འོག་ཙམ་བརླ་ཡན་ཆད་ལ་ཤཱ་ས་ན་ལ་དགྲ་བགེགས་མཱ་རཱ་ཡའི་སྤེལ་ཚིག་དང་བཅས་པ་བྲི། དེ་ཚོན་རྩིས་མནན། རབ་གནས་བྱ། གཡས་གཡོན་གཉིས་ནས་དབུས་སུ་དྲིལ་ལ་རྩ་དབུ་མར་གཞུག་གོ། དེ་ནས་རྩ་སྔགས་ཤཱ་ས་ན། ན་ར་ཀྲིཾ་ཀྲིཾ་གསུམ་བྲིས་པ་དང་། དར་ཚོན་འབྲུ་སྣ། རིན་པོ་ཆེ་དུ་མ། རྩ་གཞན་གཉིས་སུ་ཤོང་ཚད་བླུག་གོ། དེ་ནས་སྙིང་དེ་མགོན་པོར་བསྐྱེད་ལ་རབ་གནས་དང་


PS011_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བྱས་ལ། བསྒྲུབ་ན་དཀྱིལ་འཁོར་སྟེང་། སྡོད་ན་མལ་གྱི་སྟེང་། འགྲོ་ན་མཆན་ཁུང་གཡོན་དུ་གདགས་སོ། །དེས་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་དུ་གནས་བཞིན་བྲན་བཞིན་དུ་ཉན་པར་གྱུར་རོ།། ༈ བཞི་པ་དེ་ཁོ་ན་ཉིད་ཀྱི་རྟེན་ནི། བླ་མ་ལ་མོས་གུས་འབྲལ་མེད། མགོན་པོ་ལ་ཡིད་ཆེས་ཤིང་ཁེལ་བར་བྱ། རྒྱུན་ཆད་མེད་པར་བླ་མ་མགོན་པོ་དབྱེར་མེད་དུ་རྟོགས་པར་བྱའོ།། །། ༈ དཔྲལ་བའི་སིནྡྷུ་ར་ལ་རྟེན་ནས་མཁའ་འགྲོ་དབང་དུ་བསྡུད་པ། སྤྱི་བོའི་མི་བསྐྱོད་པ་ལ་བརྟེན་ནས་རྒྱུད་འཇམ་དུ་གཏོང་བ་གཤིན་རྗེ་གཤེད་ལ་བརྟེན་ནས་མགོན་པོའི་ནུས་པ་བསྐྱེད་པ་སྟེ་གནས་གསུམ་དང་བཅས་པ་རྒྱ་གར་མཁས་གྲུབ་ཀྱི་མན་


PS011_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བླ་མའི་གདམས་པ་ཤངས་སྟོན་གྱིས་ཡི་གེར་བཀོད་པ་བཞུགས་སོ།། ཞུ། གནད་གསུམ་གྱི་གདམས་པ་ལ། དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུད་པའི་གནད་ནི། མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ། དེ་ནས་མགོན་པོའི་དཔྲལ་བའི་སིནྡྷུ་རའི་ནང་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་ན་ར་ཀྲིཾ་ཀྲིཾ་གི་ཡི་གེ་བཅུ་གཉིས་ཧྲཱིཿདང་བཅས་བཅུ་གསུམ་མཐའ་བསྐོར་དང་དབུས་སུ་བསམ། མགོན་པོ་འདི་ཉིད་ཀྱི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དང་ཐ་མི་དད་པར་སྐུ་མདོག་དམར་པོ་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ་བསམ་ནས་གསོལ་བ་


PS011_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས། བླ་མའི་སྐུ་ལས་འོད་འཕྲོས། མགོན་པོ་དཔྲལ་བའི་ཡིག་འབྲུ་རྣམས་ལས་འོད་འཕྲོས་པས། ཡིག་འབྲུ་བཅུ་གསུམ་དབང་བསྡུད་ཀྱི་མཁའ་འགྲོ་མ་བཅུ་གསུམ་གྱུར་ཏེ། ཞབས་སྐྱིལ་ཀྲུང་ཕྱེད་མའི་གར་སྟབས། ཕྱག་གཡས་ཌཱ་མ་རུའི་སྒྲ་དྲག་ཏུ་སྒྲོག་ཅིང་དམར་སྒོ་རོ་རོ་འཁོར་བའི་སྐུ་ལས་འོད་ཟེར་ལྕགས་ཀྱུ་དམར་པོ་དཔག་ཏུ་མེད་པ་འཕྲོས། ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་གནས་གསུམ་མཁའ་འགྲོའི་ཚོགས་ཐམས་ཅད་དབང་དུ་བསྡུས་སྤྲིན་བཞིན་དུ་འདུས་དེ་ཐམས་ཅད་ཀྱི་སྐུའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དམར་ལམ་ལམ་གསལ་བར་བྱས་ཏེ་རང་དབང་མེད་པར་དབང་དུ་བསྡུས་ཤིང་། ཡིད་


PS011_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་པར་བསམ་ལ། ཞག་བཅུ་གསུམ་མ་ཉེར་གཅིག་སྨྲ་བ་གཞན་བཅད། ན་ར་ཀྲིཾ་ཀྲིཾ་འབུམ་ཕྲག་བཅུ་གསུམ་བཟླས་པར་བྱའོ། །ཡང་ན་དེ་ལྟར་མ་གྲུབ་ན་ཡང་དགེ་སྦྱོར་གྱི་ཐུན་མགོ་ལ་བརྒྱ་རྩ་བརྒྱད་རེ་མ་ཆག་པར་བཟླའོ། །དེ་ལྟར་བྱས་ན་མགོན་པོ་འཁོར་བཅས་དང་མཁའ་འགྲོ་མ་ཐམས་ཅད་དངོས་སུ་འདུས་ནས་དགོས་འདོད་ཐམས་ཅད་སྒྲུབ་ཅིང་། ཉིན་པར་མི། ནུབ་མོ་མཁའ་འགྲོ། ནང་ནུབ་ཟས་ནོར་འདུ་བ་རྣམ་པ་གསུམ་པོ་དེ་དག་དང་། མངོན་ཤེས་ཐོགས་མེད་དུ་འབྱུང་བར་འགྱུར་རོ།། །། ༈ གཉིས་པ་སྤྱི་བོའི་མི་བསྐྱོད་པ་ལ་རྟེན་ནས་རྒྱུད་འཛམ་དུ་


PS011_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བའི་གནས་ནི། མགོན་པོའི་ཁུ་ལྡོག་གི་རང་ཤེས་པ་ཚིག་ཏུ་བྱུང་ན། རང་ཉིད་མགོན་པོར་བསྐྱེད། དེ་ལ་ཡེ་ཤེས་བཅུག །རང་གི་སྤྱི་བོའི་མི་བསྐྱོད་པ་དེའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས། བླ་མ་བརྒྱུད་པ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། མི་བསྐྱོད་པའི་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ལས་ཧཱུཾ་སྔོན་པོ་གསལ་ཞིང་དྭངས་པ་བར་མ་ཆད་པར་བྱུང་སྟེ། མི་བསྐྱོད་པའི་གསང་གནས་ཀྱི་རྩེ་ནས་ཐོན། རང་གི་སྤྱི་བོར་ཚངས་པའི་བུ་ག་ནས་ཞུགས། རང་གི་རྩ་དབུ་མའི་ནང་དུ་ན་ར་ར་སོང་། རྩ་དབུ་མའི་ནང་ཐམས་ཅད་ཧཱུྃ་ཡིག་སྔོ་དམར་གྱི་གང་བ་ལ་སེམས་གཏད་ལ་ཅུང་ཟད་མཉམ་པར་བཞག །


PS011_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་མི་རྟོག་བདེ་བ་ཆེན་པོའི་ཉམས་སྐྱེས་པར་བསྒོམ་པར་བྱ་སྟེ། ཤེས་པ་ཚིག་པ་དང་སྙིང་རླུང་དྲག་པོ་ཡང་སེལ་བར་བྱེད་དོ།། །། ༈ གསུམ་པ་མགོན་པོ་ནུས་པ་བསྐྱེད་པའི་མན་ངག་ནི། མདུན་དུ་མགོན་པོ་བསྐྱེད། བསིལ་བའི་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། མགོན་པོའི་སྤྱི་བོར་ཧཱུཾ་མཐིང་ནས་མེ་འོད་འཕྲོ་བ་ཞིག་བསྒོམ། དེའི་འོད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་འཕྲོས་པའི་རྣམ་པ་ཅན་གྱིས་ཁྲོ་བོའི་རྣམ་པར་སྤྱན་དྲངས་ཏེ་ཧཱུྃ་ལ་ཐིམ། ཧཱུྃ་དེ་མགོན་པོའི་སྤྱི་བོ་ནས་ཞུགས་ཏེ་ཐུགས་ཀར་སླེབ་པ་ན་ཁྲོ་བོ་གཤིན་རྗེ་བཤེད་དྲག་ལ་རྔམ་པར་གྱུར་ཏེ། དེ་


PS011_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དབྱེར་མེད་དུ་འདྲེས་པ་ལས་འཇིག་རྟེན་གསུམ་ན་ང་ལས་ནུས་པ་ཆེ་བ་མེད་ཨང་སྙམ་དུ་དགོངས་པའི་གཟི་བརྗིད་ཁམས་གསུམ་པོ་ཐམས་ཅད་ཟིལ་གྱིས་གནོན་པ་ཧ་ཧ་དང་ཁྲིཾ་ཁྲིཾ་གི་སྒྲ་འབྲུག་ལྟར་སྒྲོག་པར་སྒོམ་པ་ཐོབ་པ་ཁ་ཡར་རེ་སྐབས་སྐབས་སུ་བྱའོ། །དེས་མགོན་པོ་འཁོར་བཅས་ནུས་པ་ཐོགས་མེད་དུ་གྱུར་ནས་ཟློག་པ་སོགས་གང་གིས་ཀྱང་མི་ཚུགས་ཤིང་། ཕྱེ་ཕུད་དང་ཆང་ཕུད་ལ་སོགས་པ་གང་སྣན་ཀྱང་སླར་གྲོགས་སུ་འགྱུར་རོ། །མགོན་པོའི་རྟེན་གཞི་གནད་གསུམ་གྱི་གདམ་པ་ཐུན་མོང་མ་ཡིན་པ་རྒྱ་གར་མཁས་གྲུབ་ཀྱི་མན་ངག་བཞིན་དུ་བླ་མའི་ཞལ་ནས་གབ་པ་ཤངས་སྟོན་གྱི་ཡི་གེར་བཀོད་པའོ།། །།

གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ།


PS011_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ་བཞུགས་སོ།། ཟུ༽ ན་མོ་མ་ཧཱ་ཀཱ་ལ། །ཐུན་མོང་མ་ཡིན་པའི་རྟེན་བཅའ་བ་ནི། རོ་རས་སམ། རོ་ལ་བཀབ་པའི་དར་ལ་མགོན་པོ་འཁོར་དང་བཅས་པའི་མན་ངག་ལོགས་ན་ཡོད་པ་བཞིན་ལེགས་པར་བྲིས་ནས། རབ་གནས་མན་ངག་ལོགས་ན་ཡོད་པ་ལྟར་བྱས། མིས་མ་མཐོང་བའི་ས་དབེན་པར་བཞུགས་པའི་མདུན་དུ་བརྟེན་གཏོར་ལ་ནང་བརྟེན་གྱི་མདའ་དར་གཙུགས་པ་བཞག །སྐྱེས་པ་དར་མ་གྲིར་བསད་པའི་སྙིང་གི་རྩ་གསུམ་དུ་རྩ་སྔགས་དང་སྔགས་རིངས་གྲི་ཁྲག་གི་བྲིས་པ་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་བཙུགས།


PS011_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རཀྴ་གདོང་གསུམ་མིག་མ་ཕུབ་པ་ལ་གྲི་ཁྲག་གིས་བྲིས་པ་བཅུག །དེ་དང་བྱ་རོག་གི་སྙིང་། ལུག་ནག་གི་སྙིང་གསུམ་ལྷན་ཅིག་ཏུ་དར་ནག་པོས་དྲིལ་ཏེ། གྲི་ཐོད་དམ་མེད་ན་ཐོད་པ་མཚན་ལྡན་གས་ཆག་མེད་པ། ནང་གྲི་ཁྲག་གིས་བྱུགས་པ་གཉིས་མེ་ཏོག་ནག་པོ་བཀང་། ནང་ནས་མདུན་རྒྱབ་ཐད་དཀར་འོང་བར་བྱས་ནས་ཁ་སྦྱར་བའི་ནང་དུ་བཅུག །དེ་དར་དམར་པོས་མི་ཆུག་པར་བསྡམས་ལ། དེ་མགོན་པོར་བསྐྱེད། ཡེ་ཤེས་པ་བཅུག །བརྟན་བཞུགས་བྱས་ནས། ཐད་ཀ་དང་གཏོར་མའི་བར་དུ་སྟེགས་བུ་བསྟན་པོ་ལ་བཞག །སྟེང་ནས་དར་ནག་གི་གུར་ཕུབ། གྲི་ལྕགས་ལས་གྲི་གུག་རྡོ་རྗེ་ཕྱེད་


PS011_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡུ་བ་བྱས་ནས། ཡུ་བའི་ལྟེ་བ་ལྟ་གྲི་ཁྲག་གིས་ཧཱུྃ་བྲི། སོ་ལ་སྔགས་ཐུང་དགྲ་བགེགས་མཱ་ར་ཡའི་སྤེལ་ཚིག་དང་བཅས་པ་བྲི། སོ་དང་ཡུ་བའི་མཚམས་སུ་དར་ནག་པོའི་ལྕེའུ་ཆུང་གསུམ་གདགས། དེ་མགོན་པོར་བསྐྱེད་ལ་རབ་གནས་བྱས་ཏེ་དྲི་བཟང་པོས་བགོས་པའི་ཤུབས་སུ་བཅུག་ནས་ཐོད་པའི་གའུ་དང་ལྷན་ཅིག་བཞག །ཡང་མགོན་པོའི་སྐུ་ཙཀ་ལི་གསེར་གྱི་བྲིས་པའམ། ཡང་ན་རིན་པོ་ཆེ་ལས་བཞེངས་པའི་སྐུ་ལུགས་མ་སོགས་རྒྱས་པའི་སྤེལ་ཚིག་དང་བཅས་པའི་སྔགས་ཆུང་གང་ཆུང་གི་གཟུངས་དང་བཅས་པ་ལ་རབ་གནས་མན་ངག་ལྟར་བྱས་ཏེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་སེར་


PS011_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱས་པའི་བུམ་པ་མེ་ཏོག་སེར་པོས་བཀང་བའི་ནང་དུ་བཞུགས་སུ་བཅུག །དར་སེར་པོ་གསར་པ་ལ་སྔགས་ཐུང་རྒྱས་པའི་སྤེལ་ཚིག་དང་བཅས་པ་མང་དུ་བྲིས་པས་གདུགས་བྱ། གདུགས་དེ་ལ་མེ་ཏོག་སེར་པོའི་ཕྲེང་བ་བཏགས། མཆོད་རྟེན་དེ་བྲིས་སྐུའི་གཡས་ངོས་སུ་བཞུགས། རྟེན་དེ་དག་གི་མདུན་དུ་མཆོད་གཏོར་ནུབ་རེ་བཞིན་འབུལ་བ་མ་ཆད་པར་བྱའོ། །དེ་ལྟར་བྱས་ན་གནས་དེ་བསིལ་བའི་ཚལ་གྱི་དུར་ཁྲོད་དང་འདྲ་བར་མགོན་པོ་འཁོར་བཅས་རྒྱུན་དུ་གནས་ནས་ལས་ཐམས་ཅད་མ་བཅོལ་ཡང་བྱེད་པར་འགྱུར་རོ། །གནད་འདི་ཆིག་བརྒྱུད་མིན་པ་སྟེར་བའི་ལུགས་མེད་གསུངས་ནས་ཆེས་དམ་པར་མཛད།
གཞན་སུ་ལ་ཡང་མི་འདུག་གོ། གུ་ཧྱ་ས་མ་ཡ། ཨིྀྛཿ

མགོན་པོའི་ཕྱག་དར་རམ་བྲིས་སྐུ་བཞེངས་པའི་མན་ངག


PS011_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་ཕྱག་དར་རམ་བྲིས་སྐུ་བཞེངས་པའི་མན་ངག་བཞུགས་སོ།། ཟུ༽ ན་མོ་མ་ཧཱ་ཀཱ་ལ་ཡ། མགོན་པོའི་ཕྱར་དར་རམ། བྲིས་སྐུ་བཞེངས་པར་འདོད་ན། དེའི་མན་ངག་ནི། རས་འཇམ་པོའམ། དར་ནག་པོ་ལ་སོགས་པ་གཙང་མ་སྐྱེས་པ་དར་མ་གྲིར་བསད་པའི་རོ་ལ་བཀབ་སྟེ་དེ་ལ་མི་རུས། བཙན་དུག །གུ་གུལ། ཉུངས་ཀར་ལ་སོགས་པ་རས་འདུལ་བྱེད་པའི་སྐྱ་ཞལ་གྱི་ཚེ་བསྲེས་ནས་བྱུགས་པར་བྱའོ། །རས་འདུལ་ཟིན་ནས་ཉི་ཤུ་དགུའམ། དེང་མ་འགྲིགས་ནའང་། མར་ངོའི་གཟའ་སྐར་རྩུབ་པོའི་ཉི་མ་གཅིག་


PS011_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱ་རིང་ཟིན་པར་བྱ་སྟེ། སྐྱ་རིས་བྱེད་པའི་དཀོན་མཆོག་ལ་མཆོད་པ་འབུལ། བླ་མ་ལ་གསོལ་བ་གདབ། །མགོན་པོ་འཁོར་བཅས་ལ་གཏོར་མ་འབུལ། སྤོས་སྦྱོར་སྲེག །དེ་ནས་སྐྱ་རིས་ཟིན་ནས་དེའི་ཐུགས་ཀར་གྲི་ཁྲག་གི་ཧཱུྃ་དེའི་མཐའ་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་སྙིང་པོའི་སྭཱ་ཧཱའི་སྔོན་དུ་བདག་ཅག་འཁོར་བཅས་པ་དང་། རྒྱལ་བའི་བསྟན་པ་རྒྱས་པར་མཛད་དུ་གསོལ། ཅེས་པའི་སྤེལ་ཚིག་སྦྱར་བ་སྐོར་བ་གཅིག་ལ་རྫོགས་ཤིང་མགོ་བོའི་ཨོཾ་དང་མཐའི་སྭཱ་ཧཱའི་གྲལ་གཅིག་ལ་ཡི་གེ་མགོ་མཐོ་དམའ་མེད་པ་འགྲིག་པ་བྲི་བྲིས་སྐུ་ཆེ་ན་དེའི་ཕྱི་རིམ་པ་གཅིག་དང་། ཡང་དེའི་ཕྱི་རིམ་པ་གཅིག་སྟེ་ཚར་གསུམ་ཡང་།


PS011_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། དེ་ནས་སྐུ་དེའི་མགྲིན་པ་ནས་བརྩམས་ཏེ་ལྟེ་བ་ལྟོ་བ་ཕྱག་ཞབས་ཐམས་ཅད་ལ་ཤཱ་ས་ན་ལ་བདག་ཅག་དང་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་སྤེལ་ཚིག་སྦྱར་བ་ཚར་དུ་མ་ཤོང་བ་བྲི། དཔྲལ་བར་སིནྡྷུ་ར་དང་བདུད་རྩི་རིལ་བུ་སྦྱར་བས་ན་ར་ཀྲིཾ་ཀྲིཾ་བྲི། གཞན་ཡང་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། བརླ་གཡས་པ་ལ་སྭཱ། གཡོན་པ་ལ་ཧཱ་བྲི། དེ་ལ་གུ་གུལ་གྱི་བདུག །ཉུངས་ཀར་གྱི་བརྡེག །བགེགས་བསྐྲད། བསངས་སྦྱངས། རི་མོ་མགོན་པོར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག་ཅིང་མཉེས་པར་བྱ། དབང་བསྐུར་


PS011_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་གིས་རྒྱས་གདབ། མཆོད་བསྟོད། དེ་ཉིད་ཡོངས་སུ་གྱུར་པ་ལས་རི་མོའི་རྣམ་པར་གྱུར་པ་མོས་པ་བརྟན་བཞུགས་བྱ། མེ་ཏོག་དོར། བཀྲ་ཤིས་མདོར་བསྡུས་བརྗོད། རི་མོ་མཁན་ལ་སོགས་པ་དགའ་སྟོན་གྱི་མཉེས་པར་བྱས། དེ་ནས་ཚོན་གདན་གྱི་ཡི་གེ་རྣམས་བྱེད་ནས་མི་འགྲོ་བར་མནན། དེ་ནས་བགྱེ་བར་བྱ་སྟེ། རི་མོ་མཁན་དབང་དང་རྗེས་གནང་ཐོབ་ཅིང་། དམ་ཚིག་ཉམས་པ་དང་གྲིབ་ཅན་མ་ཡིན་པས་གནས་དབེན་པར་མི་གཞན་ལ་མི་བསྟན་པར་བྲི་བར་བྱའོ། །དེ་དག་ལས་ལྡོག་ན་བར་ཆད་འཇུག་པའི་རྒྱུར་འགྱུར་རོ། །ལེགས་པར་བྲིས་པར་ནས་རབ་གནས་མན་ངག་ལྟར་བྱས་པ་སྟེ་ཆོས་སྐྱོང་དངོས་དང་
བྱིན་རླབས་ཁྱད་མེད་ཅིག་ངེས་པར་ཡོང་བ་ཡིན་གསུངས་སོ།། །།བྲིས་སྐུའི་མན་ངག་ས་མ་ཡ་གུ་ཧྱ།།

ཤོག་དྲིལ་གཉིས་པར་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས།


PS011_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲིལ་གཉིས་པར་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས་བཞུགས་སོ།། འུ༽ གུ་རུ་མ་ཧཱ་ཀཱ་ལ་ཡ་ན་མོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་སྒོ་ནས་བསྲུང་བ་རྡོ་རྗེའི་ཆར་འབེབས། བཟློག་པ་སྟོབས་ཆེན་ཤུགས་བཟློག །གསང་བ་གནམ་ལྕགས་དུག་མདའ། ཡང་བཟློག་བསྲུང་བ་སྟོབས་བསྐྱེད། སླར་བཟློག་ཉམས་པ་ཀུན་གསོ། ཅེས་པའི་མན་ངག་ལྔ་ཡོད་པའི། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། བདག་ཉིད་སྐད་ཅིག་གི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་


PS011_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་བའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་བཟུང་འཛིན་དང་བྲལ་བའི་ཧཱུྃ་མཐིང་ཁ། དེ་ལས་འོད་འཕྲོས་ལུས་ཀྱི་ཕྱི་ནང་ཐམས་ཅད་འོད་ཟེར་གྱི་གང་། སྣ་དང་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལ་མི་བསྐྱོད་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་དབུ་བརྒྱན་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། གུ་རུ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ས་མ་ཡ་ཛཿཛཿ ན་མོ་གུ་རུ་བྷྱེཿ ན་མོ་ཤྲཱི་མ་ཧཱ་ཀཱ་ལ་བྷྱེཿ གུ་རུ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད་ལ། དཀོན་མཆོག་གསུམ་ལ་བདག་


PS011_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆི། །ཅེས་པ་ནས་ཡིད་ཀྱི་བཟུང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཅེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་གསུམ་གྱི་ཐུན་མོང་གི་སྡོམ་པ་བཟུང་། ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་སེམས་དཔའི་སྡོམ་པའང་བཟུང་། དེ་ནས་ཚོགས་ཤིང་གི་ཡེ་ཤེས་པ་རྣམས་བདག་ཉིད་ཀྱི་སྙིང་གར་ཐིམ་པར་བསམ་མོ། །ཨོཾ་ཨཱཿཧཱུྃ། ཚད་མེད་བཞི་བསྒོམ། བསོད་ནམས་ཀྱི་ཚོགས་བསགས་པའོ། །ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་ནས་ཧཾ། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པས་སྟོངས་པའི་སྟོང་པ་ཉིད་དུ་གྱུར། ཅེས་པས་


PS011_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། འཁོར་ཡུག་རྡོ་རྗེའི་དྲྭ་བ། སྟེང་རྡོ་རྗེའི་གུར། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་བྲེས། དབྱིབས་ཐོད་པ་ཁ་སྦྱར་ལྟ་བུའི་ཕྱི་རོལ་ཁོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་དམིགས་ཏེ། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ཁ་འོད་དུ་ཞུ་བ་ལས། རྣམ་སྣང་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་། དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་


PS011_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

རང་འདྲའི་ཡུམ་ལ་འཁྱུད་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པ། དེ་ཡོངས་སུ་གྱུར་པ་ལས་བསྲུང་བའི་འཁོར་ལོ་རྩིབས་བཅུ་རྩེ་མོ་རྣོ་བའི་ངར་དང་ལྡན་པ། ནང་སྟོང་པར་གྱུར་པ་ནང་གི་དབུས་དང་། ཕྱོགས་བཅུར་པདྨ་དང་ཉི་མའི་སྟེང་དུ། བགེགས་ཀྱི་རྒྱལ་པོ་གན་རྐྱལ་དུ་བསྒྱེལ་བ་བཅུ་གཅིག་བསམ། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཙད་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་ཀུན་ད་ལྟར་དཀར་བ། ཁྲིཾ་རིངས་ཀྱི་སྒྲ་སྒྲོགས་པ།


PS011_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། ཨ་ལ་ལའི་གད་མོ་སྒྲོགས་པ། དབུས་ཞལ་མཐིང་གི་ཧཱུྃ་གིས་སྒྲ་སྒྲོགས་པ། ཕྱག་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་ཁྲག་འཛག་པའི་མགོའི་མི་ཡི་རྒྱུ་མ་ལ་རྒྱུ་མའི་ཕྲེང་བ་འཛིན་ཞིང་། གསུམ་པ་ན་གསང་བའི་རྔ་ཅུང་གི་སྒྲ་སྒྲོགས་པས་མ་མོ་དང་མཁའ་འགྲོ་དབང་དུ་བསྡུས་པ། གཡོན་གྱི་གཉིས་པ་རྩེ་གསུམ་འཛིན་པ། གསུམ་པ་ན་བདུད་ཞགས་ནག་པོས་དགྲ་བགེགས་ཀྱི་རྐེ་ནས་འཛིན་པ། ཞལ་རེ་རེ་ལའང་མཆེ་བ་བཞི་བཞི་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པའི་དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པའི། རློན་པ་ཁྲག་འཛག་


PS011_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་མགོ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་ཞབས་ཐམས་ཅད་ལ་སྦྲུལ་དྲིང་དྲིལ་བུ་གཡེར་ཁའི་འཕྲེང་བ་འཆང་བ། དབུ་སྐྲ་ཁམ་སེར་གྱེན་ལ་བརྫེས་པའི་སྤྱི་བོར་རིགས་ཀྱི་བདག་པོའི་ཅོད་པན་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་། གཡོན་རྐྱང་པའི་སྟབས་ཀྱིས་བཞུགས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། དེའི་པང་ན་ཡུམ་ཌཱ་ཀི་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་ཞལ་དུ་སྟོབ་པ། མི་མགོ་


PS011_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པོ་ལྔས་དབུ་བརྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་གར་དགུའི་ཉམས་དང་ལྡན་པ། བདེ་བ་རྒྱས་པ། གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་སྭཱ། གསང་གནས་སུ་ཧཱ་ལན་གསུམ་བརྗོད། ཡབ་ཡུམ་གཉིས་ཀའང་སྙོམ་པར་ཞུགས་པའི་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་སླེབ་པ་ན། རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་


PS011_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

པདྨར་བབས་པས་ཐིག་ལེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་ཕྱིར་ཐོན་ཏེ་བསྲུང་བའི་འཁོར་ལོ་མེ་རིས་དང་བཅས་པ་ལ་ཐིམ་པས། བསྲུང་བའི་འཁོར་ལོ་བརྟན་ཞིང་མེ་རི་གཟི་བརྗིད་ལྡན་པར་བྱས། ཐིག་ལེ་ཆ་གཅིག་ཕྱོགས་བཅུའི་གདན་གྱི་སྟེང་དུ་འཕྲོས་པས། གྲི་གུག་ལྟེ་བ་ལ་ཧཱུྃ་གིས་མཚན་པ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་ཕྱོགས་བཅུའི་མགོན་པོ་བཅུར་གྱུར་པ་ནི། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་དྲུག་པ་མི་བསྐྱོད་པའི་ཅོད་པན་ཅན། ཆེས་འབར་ཞིང་རབ་ཏུ་ཁྲོས་པ། ཤིན་ཏུ་རྔམས་པ། ཞལ་རྣམ་པར་འགྱུར་ཞིང་། མཆེ་བ་རྣོན་པོ་བཞི་བཞི། སྤྱན་གསུམ་དམར་ལ་


PS011_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པ་གློག་ལྟར་འཁྱུག་ཅིང་། ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། ལྗགས་རྣམ་པར་འདྲིལ་ཞིང་ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོགས་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། ཕྱག་གཡོན་གྱི་དང་པོ་ན་ཐོད་ཁྲག །གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་འཛིན་པ། སྦྲུལ་སྔོན་པོས་དབུ་རྒྱན། དམར་པོས་སྙན་རྒྱན། ཁ་བོས་དཔུང་རྒྱན། དཀར་པོས་མགུལ་རྒྱན། སེར་པོས་ལག་གདུབ། ལྗང་གུས་དོ་ཤལ།


PS011_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་སྐ་རགས་དང་རྐང་གདུབ་བྱས་པ། སྟག་གིས་པགས་པ་རློན་པའི་ཤམ་ཐབས་ལ་དར་ལྗང་ཁུའི་སྐ་རགས་བཅིངས་པ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རགས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་རབ་ཏུ་བརྒྱན་པ། གླང་པོ་ཆེ་ཡི་པགས་པ་རློན་པ་གོས་སུ་གྱོན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། རྡོ་རྗེ་རྭ་བའི་ཕྱི་རོལ་གྱི་ཤར་དུ་མགོན་པོ་སྐུ་མདོག་མཐིང་ཁ་ཞལ་གཅིག་


PS011_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་གཡས་རལ་གྲི་དང་། གཡོན་ཕུབ་འཛིན་པ། ལྷོར་བེང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པའི་བེང་དབྱུག་བརྟེན་ཅིང་། གཡོན་ཐོད་ཁྲག་འཛིན་པ། དར་ནག་པོའི་འཇོལ་བེར་གསོལ་བ། ནུབ་ཏུ་རེ་མ་ཏི་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་གཡོན་སྐྲ་དང་བཅས་པའི་ཐོད་ཁྲག་འཛིན་པ། གཅེར་མོ་ཁྲག་གི་ཐིག་ལེས་བརྒྱན་པ། བྱང་དུ་མགོན་པོ་གྲི་གུག་ཅན། གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ། བཞི་ཀའང་ཞལ་གདངས་ཤིང་། མཆེ་བ་གཙིགས་པ། སྤྱན་གསུམ་དམར་ཞིང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་


PS011_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཞབས་སྐྱིལ་ཀྲུང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་བཞུགས་པ། ཤར་ལྷོར་ཀྵེ་ཏྲ་པ་ལ་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྷོ་ནུབ་ཏུ་ཛི་ན་མི་ཏྲ་སྐུ་མདོག་དམར་པོ། གཡས་ཐོད་པའི་ཌཱ་མ་རུ། གཡོན་ཐོད་ཁྲག་འཛིན་པ། ནུབ་བྱང་དུ་ཌཀྐི་རཱ་ཛ་སྐུ་མདོག་མཐིང་ནག་གཡས་རྒྱུ་མའི་ཞགས་པ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། བྱང་ཤར་དུ་ཏྲཀྴད་ནག་པོ་གཡས་རུ་ཚོན་དམར་པོ་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པ། རྟ་ནག་རྟིང་དཀར་ལ་ཆིབས་པ། བཞི་ཀའང་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྤྲུལ་པ་དུ་མ་འཕྲོ་


PS011_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བའོ། །སྟེང་གི་ནམ་མཁར་རྡོ་རྗེ་འཆང་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་བསྐོར་བའོ། །དེའི་ཤར་དུ་སྤྱན་རས་གཟིགས་དཀར་པོ་པདྨ་འཛིན་པ། ལྷོར་ཚེ་བདག་མགོན་པོ་སྐུ་མདོག་སེར་པོ་གཡས་ལྕགས་ཀྱུ། གཡོན་བུམ་པ་འཛིན་པ། ནུབ་ཏུ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་འཛིན་པ། བྱང་དུ་སྒྲོལ་མ་ལྗང་ཁུ་གཡས་ཨུཏྤལ་དང་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། བཞི་ཀའང་བཞེངས་པ། ཡུམ་གཉིས་ནུ་མ་འཕྱང་ཞིང་། བཞད་པའི་ཉམས་དང་ལྡན་པ། ཡབ་གཉིས་ཁྲོ་འཛུམ་གྱི་རྣམ་པ་ཅན། རང་འདྲའི་སྤྲུལ་པ་དུ་མ་འགྱེད་པར་གྱུར།


PS011_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱི་རོལ་དུ་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་དང་། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིག་རྟེན་སྐྱོང་བ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིག་བྱེད་ཆེན་པོ་དགུ་སྟེ་གཙང་རིགས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔའི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ། དེ་དག་གི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམགས་ཚོགས་ཤ་ལ་དགའ་བ། ཁྲག་ལ་རོལ་པ། སྙིང་རྗེ་མེད་པ། ཁྲོ་ཤིང་གཏུམ་པ། མདོག་མི་སྡུག་པ། བཞིན་མི་བསྡུས་པ། མིག་རྩ་དམར་བ། ཁ་གདངས་པ། མཆེ་བ་གཙིགས་པ། ལག་ན་


PS011_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་སྣ་ཚོགས་ཐོགས་པ། འཇིགས་སུ་རུང་བའི་གནོད་སྦྱིན་དང་། གཤིན་རྗེ་དང་། མ་མོ་དང་། ཤ་ཟ་སྲིན་པོའི་གཟུགས་ཅན་སྐྱེ་འགྲོའི་སྲོག་དབུགས་བསྡུད་པའི་དམ་ཅན་གྱི་ཚོགས་ཀྱིས་བར་སྣང་ས་གཞི་ཐམས་ཅད་གང་བར་གྱུར། དེའི་ཕྱི་རོལ་དུ་འཁོར་ཡུག་ཐམས་ཅད་ཐོད་པའི་རྭ་བ་ཟླུམ་པོ། སྟེང་གཡང་གཞིའི་བླ་རེ། བར་སྣང་རྒྱུ་རློན་ལྡ་ལྡིང་། ཀེང་རུས་ཀྱི་བཅལ་བཀྲམ་པ། ཁྲག་གི་རྦ་ཀློངས་འཁྲུག་ཅིང་། འཇིགས་པའི་སྐད་སྣ་ཚོགས་སྒྲོག་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོའི་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ།


PS011_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུྃ་ལ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བསྲུང་འཁོར་མགོན་པོའི་ཚོགས་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་དང་བཅས་པ་ཁྲོ་བོ་དང་ཁྲོ་མོའི་རྣམ་པར་སྤྱན་དྲངས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པ་རི་བ་ར་ཨ་ཧྱ་ཧི། ཁྲིཾ་རིང་པོ་ཉེར་གཅིག་གིས་ཡེ་ཤེས་པ་བཀུག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། ཡེ་ཤེས་པ་བཞུགས་པ་དང་བསྲུང་བྱ་རྣམས་དུས་གཅིག་ཏུ་གནས་པ་ལས་རང་གི་མདུན་རྒྱབ་རྣམས་སུའོ། །དབང་ལྷ་མི་དགོས་


PS011_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ལག་པ་རྡོ་རྗེ་གདམས་པའི་ཕྱག་རྒྱ་བཅས་ངག་ཏུ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་བསྲུང་འཁོར་བརྟན་པར་བྱས་ལ། དེ་ནས་རིམ་གྱི་བསྲུང་འཁོར་རྣམས་གསལ་གདབ་པ་ནི། རང་ཉིད་གཙོ་བོ་ནས་ཕྱོགས་བཅུའི་མགོན་པོ། བསྲུང་འཁོར་རྩ་བའི་ལྷ་བརྒྱད། ཕྱི་རོལ་གྱི་ཕྱོགས་སྐྱོང་བཅུ་དང་བཅས་པ་རིམ་པས་གདབ། བརྟན་པར་བྱས། རང་གི་སྤྱི་གཙུག་ཏུ་རིགས་བདག་དང་བླ་མ་དབྱེར་མེད། གཡས་སུ་ཕ། གཡོན་དུ་མ་དང་སྤུན་ཟླ། མདུན་དུ་བུ་དང་ཆུང་མ། རྒྱབ་ཏུ་ཞང་པོ་དང་འཁོར་གཡོག །འོག་ཏུ་བང་མཛོད་ནོར་རྫས་དང་བཅས་པ་བསམ། འདི་ལ་གཞུང་གི་བསྲུང་སྔགས་བཟླ་མི་
དགོས། ཏིང་འཛིན་ཁོ་ན་ལ་གཙོ་བོར་འདོན་པ་ཡིན། རྩེ་གཅིག་ཏུ་དམིགས་པ་གསལ་གདབ་བོ། །བསྲུང་བ་རྡོ་རྗེའི་ཆར་འབེབས་ཐུན་མོང་བ་རྫོགས་སོ།། །།ཐུན་མོང་མ་ཡིན་པ་ནི་ཞལ་ལས་ཤེས།ཕྱི་ནས་རིམ་གྱིས་འོད་ཞུ་བྱས་ནས་ནང་མ་རིམ་གྱིས་ཐིམ་པའི་མཐར་དམིགས་མེད་ཀྱི་ངང་དུ་འཇོག་པའོ། །

བཟློག་པ་སྟོབས་ཆེན་བྱུགས་བཟློགས།


PS011_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་སྟོབས་ཆེན་བྱུགས་བཟློགས་བཞུགས་སོ། ཡུ༽ གཉིས་པ་བཟློག་པ་སྟོབས་ཆེན་བྱུགས་འཕྲོག་གི་གདམས་པ་ནི། རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་གསལ་བར་གྱུར་པ་ལས་རྩ་ཞལ་ནས་ཧཱུྃ་གི་སྒྲ་འབྲུག་སྒྲ་ལྟར་སྒྲགས་པས་འཁོར་ལོ་གཡོན་དུ་འཁོར་བ་ལ་ཕྱི་རྡོ་རྗེའི་ར་བ། རྡོ་རྗེ་རྩེ་གཅིག་ཏུ་གནས་


PS011_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་ཐམས་ཅད་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པ། བླ་རེའི་རྡོ་རྗེའི་རཱ་རྣམས་ཐུར་དུ་བསྟན་པ། བར་མཚམས་ཀྱི་སྣེ་མོར་གྲི་གུག་གི་འཕྲེང་བས་འཁོར་ཡུག་ཏུ་གནས་པ་ལ་གྲི་གུག་གི་རྩེ་མོ་གཡས་སུ་བཀུག་པ། དེ་ནས་རྩ་བའི་འཁོར་དང་། ཕྱོགས་སྐྱོང་རྣམས་ཀྱི་བྱེད་མ་ལྷ་བསྲུང་དང་བཅས་པ་རྣམས་བཀུག་ནས། ལྷ་བསྲུང་རང་གི་སྙིང་གི་དཀྱིལ་དུ་ཐིམ་བྱད་མ་འཁོར་ལོའི་རྩིབས་ལ་སྐྱོན། དེ་ནས་གོང་གི་འཁོར་ལོ་དེ་གཡོན་དུ་རྟག་ཏུ་འཁོར་བས། རྩེ་མོ་རེག་པ་ཙམ་གྱིས་རྩིབ་བར་དུ་རྣྲི་ལྗང་ཁུ་ལས་གྱུར་པའི་མ་རིག་པའི་བདག་འཛིན་གཅོད་པར་བསམ་ལ། རྣམ་ཤེས་པདྨ་ཅན་དུ་འཕངས། ཤ་ཁྲག་རུས་


PS011_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པ་དམར་ཐོར་ཐོར་བར་བསམ་ལ། རང་དང་ཕྱོགས་སྐྱོང་བཅུ། མགོན་པོ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་སྒྲ་ལྟར་སྒྲོག་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵཻ་ཏྲ་བིགྣན་བི་ནཱ་ཡ་ཀ་བྱད་མ་མཱ་ར་མཱ་ར་བྱད་མ་གྷྲྀ་ཧ་ན། གྷྲྀ་ཧ་ན། བྱད་མ་བྷནྡྷ་བྷནྡྷ། བྱད་མ་ད་ཧ་ད་ཧ། བྱེད་མ་པ་ཙ་པ་ཙ། བྱད་མ་དྷི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་ཅི་རིགས་སུ་བཟླས། ལག་པ་ཐལ་མོ་སྦྱར་ལ་ངག་ཏུ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ སྙིང་པོ་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་།


PS011_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ། སྡང་བ་དང་སྡང་བའི་སེམས་དང་ལྡན་པ། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་གཟུགས་ཅན་མའི་གནོད་པ། གཟུགས་མེད་ལྷ་འདྲེའི་གནོད་པ། རྦད་འདྲེ་རྦོད་གཏོང་བྱེད་པ་དེ་དག་ཐམས་ཅད་ཀྱི་ལུས་བཅིངས་བར་གྱུར་ཅིག །ངག་བཅིང་བར་གྱུར་ཅིག །ཡིད་བཅིང་བར་གྱུར་ཅིག །མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །ཁོ་རང་གི་བྱས་པའི་འབྲས་བུ་ཁོ་རང་ལ་སྨིན་པར་གྱུར་ཅིག །ཁོ་རང་གི་བསྲུང་མ་ཁོ་རང་གི་བདུད་དུ་


PS011_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པར་གྱུར་ཅིག །ཅེས་ཐལ་མོ་གདབ། བྱད་མ་རྦོད་གཏོང་དང་བཅས་པ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་ལ། ངག་ཏུ་ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱི། །དགྲ་བགེགས་འདི་རྣམས་ཐམས་ཅད་ཀྱི། །ལུས་ངག་ཐལ་བར་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །འདིའི་སྐབས་སུ་ཐུན་གཏོར་ཅི་རིགས་སུ་བཤམས་ལ། བྱིན་གྱིས་བརླབས་ནས་གསང་བའི་ལས་དྲུག་གི་མན་ངག་བྱས་ལ། གོང་གི་དགྲ་བགེག་ཀྱི་ཤ་ཁྲག་ཏུ་བསམ་ལ། གཞུང་གི་གཏོར་སྔགས་ཀྱི་ཕུལ་ལ། དེ་ནས་གཏོར་མ་དེ་ལག་པ་གཡས་པས་བཟུང་། ཅེས་གཏོར་རྫོངས་
བརྗོད་པའི་བར་དུ་བྱ། བྱད་མ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གཏོར་མ་མཚོན་ཚར་བསམ་ལ། ཁོའི་སྙིང་གི་དབུས་སུ་སྲོག་གི་རྟེན་ཏིལ་མར་མེ་ལྟ་བུ་དེ་ལ་རྒྱབ་པས། ནག་ཐུམ་གྱི་བཏང་བར་བསམ། གཏོར་ཆུང་དེ་སྲེག་གོ །དེ་དང་དུས་མཉམ་དུ་བསྟོད་བརྒྱད་ཀྱི་ཤ་ཁྲག་ལྷག་མ་མ་ལུས་པར་གསོལ་བར་བསམ། རྣམ་ཤེས་པདྨ་ཅན་དུ་འཕངས། འདིའི་རླུང་འཁོར་གྱི་མན་ངག་བླ་མའི་ཞལ་ཤེས། རླུང་གི་ལས་ཤིང་འཁོར་ལོ་དཔེ་ཆུང་བྲིས་རབ་གནས་དག་པར་བྱའོ། །རང་གི་སྟེང་དུ་འཁོར་ལོ་བསྐོར་རོ།། །།

བསད་པ་གནམ་ལྕགས་དུག་མདའ་ནག་པོ།


PS011_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་གནམ་ལྕགས་དུག་མདའ་ནག་པོ་བཞུགས་སོ།། རུ༽ གསུམ་པ་བསད་པ་


PS011_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་དུག་མདའ་ནག་པོའི་གདམ་པ་ནི། རྡོ་རྗེའི་ས་གཞིའི་འོག་ཏུ་བྱད་མ་བཀའ་སྡོད་ཀྱིས་བཀུག་སྟེ། ཕྱི་པ་ལ་རྩུབ་པའི་བཤང་ལམ་འཁོར་ལོ་རྩིབས་བཅུའི་སྣའི་དབུ་མའི་རྭ་རྩེ་གྲི་གུག་གི་འཁོར་ལོ། སྙིང་གར་ནག་མཚམས་སུ་གཡོན་དུ་དྲག་ཏུ་འཁོར་བས་སྲོག་རྩ་རྦུད་རྦུད་བཅད་པར་བསམ་ལ་སྔགས་དྲག་ཏུ་བཟླས་སོ། །འཁོར་ལོ་དཔེ་ཆུང་ལྟར་བྲིས་ལ། གྲི་གུག་གི་སྟེང་དུ་འབྱུང་འཇུག་ཞལ་ལས་འབྱུང་བ་ལྟར་བཀོད་ལ། བཟློག་པའི་འཁོར་ལོ་འཕང་པོར་བསྐོར་རོ། །ཐུན་མོང་མིན་པ་ཕྱི་ནས་གསལ།

ཡང་བཟློག་བསྲུང་བ་སྟོབས་བསྐྱེད།


PS011_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་བཟློག་བསྲུང་བ་སྟོབས་བསྐྱེད་བཞུགས་སོ།། རུ༽ བཞི་པ་བཟློག་པ་བསྲུང་བ་སྟོབས་བསྐྱེད་ནི། རང་གི་རྦད་པའི་སྲུང་མ་དེ། ཁོ་ཡིས་བཟློག་ན་བྱ་དགོས། དེ་ལ་བཟློག་པའི་རྟགས་བྱུང་ན་བྱ་བ་ནི། བཀའ་སྡོད་དེ་རྣམས་ཀྱི་སྤྱི་གཙུག་ཏུ། ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་རེ་བསྒོམ། དེའི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་མི་བསྐྱོད་པའི་རྣམ་པར་ཅན་ལ་གསོལ་བ་བཏབ་མགོན་པོ་འོད་དུ་ཞུ་ནས་གོ་ཁྲབ་ཀྱི་རྣམ་པ་ཅན་དུ་གྱུར་པར་བསམ། བླ་མ་མི་བསྐྱོད་པ་དེ་ཉིད་ཀྱི་སྤྱི་གཙུག་ཏུ་རྡོ་རྗེ་རྩེ་ལྔ་པར་གྱུར་ཏེ། རང་ཡི་དམ་དུ་གསལ་བར་གྱུར་པ་དེ་ཉིད་ས་བོན་དེ་ཉིད་ཀྱི་མཐའ་མར་ལས་མགོན་གྱི་སྔགས་ཀྱི་རྣམ་པར་བསྐོར་བར་བསམ།
དེའི་ཕྱི་རོལ་དུ་ཡི་དམ་གྱི་སྙིང་པོ་བཀོད་ནས་ཡོད་མེད་ཀློག་པར་བསམ། ཡི་དམ་གྱི་སྔགས་ཀྱི་མགོ་འདྲེན་པའི་སྔགས་མང་དུ་བརྗོད། བླ་མ་རང་གི་ཐུགས་ཀ་ནས་འོད་འཕྲོས་པས། བཀའ་སྡོད་ཀྱི་ས་བོན་དྲངས་ཏེ། རང་གི་ཐུགས་ཀའི་ས་བོན་ལ་བསྟིམ། ཡི་དམ་གྱི་ཐུགས་ཀ་ནས་ཡི་དམ་གྱི་སྔགས་དང་། ཆོས་སྐྱོང་གི་སྔགས་གཉིས་ཆད་ནས་ལས་མགོན་གྱི་ཐུགས་ཀར་ཕོག །ཐིམ་མ་ཐག་ཏུ་འཇིག་རྟེན་གསུམ་གསུམ་བར་ནུས་པ་བསམ་ལ་སྦྱོར་རོ། །ཡང་བཟློག་མན་ངག་བླ་མའི་ཞལ་ལ་ཤེས།

སླར་བཟློག་ཉམས་པ་ཀུན་གསོ།


PS011_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བཟློག་ཉམས་པ་ཀུན་གསོ་བཞུགས་སོ།། རུ༽ ལྔ་པ་སླར་བཟློག་ཉམས་


PS011_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་གསོའི་གདམས་པ་ནི། རང་གི་ཐུགས་ཀར་མགོན་པོ་ཕྱག་དྲུག་པ། དེའི་ཐུགས་ཀར་ཡི་དམ་དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེ་བའི་ནང་དུ། ཧཱུྃ་ཡིག་ཁ་སྦྱར་བའི་དབུས་སུ་རྣམ་ཤེས་ཏིལ་མར་མེ་རླུང་གིས་སྐྱོད་པ་ལྟར་བསམ། ཐིག་ལེའི་ནང་དུ་སེམས་འཛིན། དེའི་སྟེང་འོག་ཕྱོགས་མཚམས་རྣམས་སུ་བསྲུང་བྱ་བཀོད། རྡོ་རྗེའི་འོག་གི་རྭ་རྣམས་སུ། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བསམ། ཡི་དམ་ལ་གོ་ཆའི་ལྷ་རྣམས་བཀོད། བསླབ་པ་གསུམ་གྱི་ཕྱིར་བཅོས་བྱེད། ངག་ཏུ་ཡི་གེ་བརྒྱ་པའི་སྒྲ་རྒྱུན་མི་ཆད་པར་འདོན་ཞིང་། བསྐང་བཤགས་ལ་


PS011_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དོ། །རླུང་གི་ལས་སྦྱོར་མ་ནོར་བར་བྱེད་ཅིང་། ཁོའི་ལིངྒ་བཏོན་ལ་ཁ་སྦྱོར་དབྱེ་བ་བྱེད། བ་དན་གྱི་སྦྱོར་བར། ཁོའི་མིང་རུས་བཅུག་གོ ཡིག་བརྒྱའི་བཟླས་པ་དང་། ཐིག་ལེ་སེམས་འཛིན་ཐུབ་ན། ལས་སྦྱོར་ཡང་མི་དགོས། འདི་གྲུབ་ཆེན་རཱ་ཧུ་ལས་ཁྱུང་པོ་ལ་གསུངས། སྙན་ནས་སྙན་དུ་བརྒྱུད་པ་ཡིན་གྱིས། བརྗོད་དོགས་ནས་ཡི་གེར་བྲིས་པ་ཡིན་ནོ། །གཞན་རྣམས་བླ་མའི་ཞལ་ལས་དྲིས། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །སླད་ཞུགས་གསལ་ནས་དག་པར་བྱས། །རྒྱ་རྒྱ་རྒྱ། །མངྒ་ལཾ། །

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུཾ་དུ་གྲགས་པ་ལས་ཤོག་སྦྲེལ་གསུམ་པ་ལས་མགོན་པའི་སྦྱིན་བསྲེག་གི་ཆོ་ག


PS011_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་བསྐོར་མཁས་གྲུབ་བེ་བུཾ་དུ་གྲགས་པ་ལས་ཤོག་སྦྲེལ་གསུམ་པ་ལས་མགོན་པའི་སྦྱིན་བསྲེག་གི་ཆོ་ག་སོགས་བཞུགས་སོ། །


PS011_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཐུ༽ གང་ཤིག་རྟོགས་པས་གདོན་ཚོགས་ཀྱིས། །བུད་ཤིང་མ་ལུས་བསྲེག་མཛད་པའི། །ཡེ་ཤེས་མེ་ལ་ཕྱག་འཚལ་ཏེ། མགོན་པོའི་སྦྱིན་བསྲེག་ཆོ་ག་བཤད། །འདི་ལ་གསུམ། སྔོན་འགྲོ་མཆོད་པ་བཤམས་པ་དང་། །དངོས་གཞི་ཆོ་ག་བྱ་བ། རྗེས་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། ས་སྟེགས་མདའ་གང་འཁོར་བ་གྲུ་བཞིའི་སྟེང་དུ་གྲུ་གསུམ་གྱི་རེ་ཁ་གསུམ་བྲིས་ལ་དཀྱིལ་འཁོར་གྱི་དབུས་སུ་གྲི་གུག་ནག་པོའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཚན་པ་བྲི། དེའི་ཕྱི་རིམ་དུ་འཁོར་བར་རྡོ་རྗེ་རྩེ་ལྔ་པ་ཁ་གདེངས་པ་བྲི། དེའི་ཕྱི་རིམ་དུ་མེ་རི་འཚུབ་མའི་རྭ་བ་བྲི། ཟུར་གསུམ་དུ་གྲི་གུག་ནག་པོའི་ལྟེ་བར་ཧཱུྃ་གིས་མཚན་པ་རེ་རེ་འབྲི་


PS011_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱག་ལེན་ལ་སྣང་ངོ་། །དེའི་ཕྱི་རོལ་དུ་དྲག་པོའི་ཤིང་གི་གྲུ་གསུམ་དུ་བརྩིག །ཁྲི་རྣམས་ལ་མཆོད་པ་ལྔས་བསྐོར། ནང་ཤ་ཁྲག་དང་། དགྲ་བགེགས་ཀྱི་ལིངྒ་དང་། དུག་སྣ་དང་། སྐེ་ཚི་ཤངས་ཚེ་སོགས་རྟ་གོན་བྱ། བླ་མ་ཡི་དམ་ཆོས་སྐྱོང་གསུམ་གྱི་གཏོར་མ་གཉིས་དང་། དཀར་གཏོར་མཁའ་འགྲོ་སྤྱི་གཏོར་རྣམས་བཤམས། གཞན་ཡང་མགོན་པོའི་གཏོར་མ་ཤ་ཁྲག་གི་བརྒྱན་པ་གཅིག་བཤམས་ལ། བྱིན་རླབས་དུས་གཅིག་ཏུ་བྱས་ལ། སྦྱིན་བསྲེག་མ་ཚར་བར་དུ་མི་འབུལ་བར་བཟུང་གཞན་ཡང་གཏོར་མ་རྡོར་དྲིལ་དང་། ནང་མཆོད་རྣམས་ཚོགས་པར་བྱས་ལ་སྟན་བདེ་བར་ལ་འདུག་གོ གཉིས་པ་ནི།


PS011_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཐུན་དུ་བྱ། གཞི་བདག་ལ་དཀར་གཏོར་གཅིག་བཏང་། བཀའ་བསྒོ་བྱ། རང་ཉིད་སྐད་ཅིག་གི་ཡི་དམ་དུ་གསལ་བས་འབྱུང་པོ་ལ་གཏོར་མ་བཏང་། མཚམས་དམ་པར་བཅད། བསྲུང་འཁོར་བསྒོམ། བླ་མ་ཡི་དམ་ཆོས་སྐྱོང་ལ་སྙིང་ཐག་པ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་བསྒོམ་བཟླས་གཏོར་མའི་བར་གཞུང་བཞིན་བྱ། དེ་ནས་དཀྱིལ་འཁོར་དུ་ཆོས་སྐྱོང་བསྐྱེད་ལ་བསྙེན་པ་མང་དུ་བྱ། མཆོད་རྫས་དང་སྲེག་རྫས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས་ལ། དགུག་འདྲེན་ཡིད་ཆེས་པ་མང་དུ་བྱ། དགྲ་བགེགས་རྣམས་བསྲེག་རྫས་ལ་བསྟིམ། དེ་ནས་ནང་མཆོད་ཀྱི་འཐོར་ལ། ཨ་མྲྀ་ཏས་ཐབ་བསང་། མེ་སྦར་ལ་དེའི་ནང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཤིན་ཏུ་དམར་བ། མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཞལ་གདངས་པ་ཡེ་ཤེས་ཀྱི་མགོན་པོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བསྐྱེད་ལ་སྤྱན་དྲངས་པ་དང་། དགུག་གཞུག་བསྟིམ་པ་


PS011_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱས་ལ། བཤགས་པ་སོགས་ཅི་རིགས་སྐབས་དང་བསྟུན་ནས་བྱ། དེ་ནས་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས་ལ། མགོན་པོའི་ཞལ་དུ་གསོལ་བར་བསམ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིམ་ཁྲེ་བིགྷན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བརྗོད་ཅིང་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་ལ་མགོན་པོའི་ཞལ་དམར་དང་བདེ་བའི་ནང་དུ་དམར་ཅིལ་ཅིལ་གསོལ་བ་བསམ་མོ། །དགང་བླུགས་ཀྱི་མེ་འབུལ་བར་ལག་པས་འབུལ་བ་གནད་ཡིན་གསུང་། །དེ་ནས་ནད་པ་ཡིན་ན། མགོན་པོ་ལས་མགོན་པོའི་སྐུ་དཔག་ཏུ་མེད་པ་སྤྲོས་པས། ནད་པ་ལ་གནོད་པའི་དགྲ་བགེགས་རྣམས་བསྲེག་པར་བསམ་མོ། །དེ་ནས་ཡེ་ཤེས་པ་སྟེང་གི་ནམ་མཁའ་ལ་བཏེགས། དམ་ཚིག་པ་རང་ལ་བསྡུ། མེ་མ་ཤི་བར་དུ་མི་སྒུལ། ཁ་ཡི་རླུང་མི་འབུད་དོ། །དེ་ནས་སོལ་དུམ་རྣམས་བསྡུས་ལ་རྦུད་པས་འབུད་ཅིང་མ་ཚིག་པའི་ལྷག་མ་རྣམས་ཟད་པར་བྱ་གཏར་བཟུང་བའི་གཏོར་


PS011_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་མགོན་པོ་ལ་འབུལ། །ཐབ་སོལ་བ་རྣམས་ཀྱི་སྟེང་དུ་སླ་ང་ཁ་སྤུབ་པའི་སྟེང་གཏོར་མ་བཞག་ལ། དེ་མཆོད་རྟེན་གཅིག་ཏུ་གྱུར་ནས་དགྲ་བགེགས་རྣམས་མནན་པར་བསམ་མོ། །སྙིང་པོ་དང་རྩ་སྔགས་ཀྱི་མཐར་དགྲ་བགེགས་འབྱུང་པོ་གནོད་བྱེད་མ་རཱ་ཡ་སྟཾ་བྷ་ཡ་མནན། ཅེས་བརྗོད་ཅིང་། ཕྱོགས་སྐྱོང་མགོན་པོ་བསྐུལ་བའི་བར་དུ་བྱ། རོལ་མོ་དང་བཅས་པས་རྦད་སྔགས་བརྗོད་གཏོར་མ་དགྲ་ཕྱོགས་སུ་བསྐྱལ། །བྷྱོ་བཟློག་ཏུ་བྱ། སོལ་བ་རྣམས་ལམ་རྒྱ་གྲམ་དུ་གཏོར་བའམ་མནན། སྦྱིན་བསྲེག་ཐལ་བ་རྣམས་དགྲ་ཕྱོགས་སུ་ཕྱར་བའམ་གཏོར། གསུམ་པ་ནི། སླར་ཡང་མཆོད་བསྟོད་བསྡུས་པ་བྱེད། འདོད་དོན་ལ་གསོལ་བ་གདབ། བསྔོ་བ་སྨོན་ལམ་བྱའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒོ་ནས་ལས་སྒྲུབ་པའི་རིམ་པ། བླ་མའི་གསུང་དང་ཕྱག་ལེན་ལས་ཇི་ལྟར་བྱུང་བ་བཞིན་དུ་ཕྱོགས་གཅིག་ཏུ་བསྡེབས་ནས་བཀོད་པའོ། །འདི་ཡིས་དགེ་བས་སྒྲིབ་པའི་བུད་ཤིང་དང་། །རྟོགས་པའི་གདོན་ཚོགས་ཡེ་ཤེས་ཆེན་པོ་ཡིས། །རྟོག་མེད་མེ་ཡི་ནང་དུ་ཐིམ་
གྱུར་ཅིག །དེ་སྐད་དེ་ནས་ཡེ་ཤེས་རྡོ་རྗེ་ཡི། །ནོར་འཁྲུལ་མགོན་པོའི་ཚོགས་ལ་བཟོད་པར་གསོལ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། མི༽

འབྲུབ་ཁུང་ལིངྒ་འཁོར་ལོ་སོགས་བསྟན་པ་ལས་ཀྱི་འཁོར་ལོ་ཞེས་བྱ་བ་རཱ་ཧུ་ལས་འཁྱུང་པོ་རྣལ་འབྱོར་ལ་གནང་བས་གསང་བའི་ནོར།


PS011_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྲུབ་ཁུང་ལིངྒ་འཁོར་ལོ་སོགས་བསྟན་པ་ལས་ཀྱི་འཁོར་ལོ་ཞེས་བྱ་བ་རཱ་ཧུ་ལས་འཁྱུང་པོ་རྣལ་འབྱོར་ལ་གནང་བས་གསང་བའི་ནོར་བཞུགས་སོ།། སུ༽ ༈ ལས་ཀྱི་འཁོར་ལོ་ཞེས་བྱ་བ། གྲོག་མཁར་བདུན་དང་གཡུལ་ས་དང་། །ཕུང་ས་དུར་ཁྲོད་ས་དག་ཏུ། །དྲག་ས་ལྷ་ཁང་ཞིག་པོའི་ས། །བཅུ་གཉིས་པ་ལ་སེར་ཆེན་ཆུས། །སྦྲུས་པས་འབྲུབ་ཁུང་གསུམ་རིམ་ས། ཁ་ཁྱེར་གསུམ་དང་ལྡན་པར་བྱ། ཕྱི་རོལ་ལྕགས་རི་ཟླུམ་པོ་དང་། །ཐོད་མཁར་རྭ་བ་རིམ་པ་གཉིས། །ལྕགས་རི་གྲུ་གསུམ་སོར་དྲུག་གཉིས། །སོར་དྲུག་སོར་དགུ་བཅོ་བརྒྱད་པ། །ནང་དུ་དུག་དང་གྲི་ཁྲག་དང་། །ཐལ་ཆེན་རྣམས་ཀྱི་ནག་པོར་བྱ། །རྫས་དེ་རྣམས་ལ་གྲི་ཐོད་དང་། །རབས་ཆད་ཐོད་པ་མཛ་ཐོད་དང་། །ཁྱི་ཐོད་ཝ་ཐོད་སྤྲེའུ་ཐོད། །བྱ་རོག་མགོ་རུས་བསྲེས་པའི་ས། །ཐོད་པ་ཁ་སྦྱོར་གཉིས་བྱས་པའི། །


PS011_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བག་ཟན་རྐང་རྗེས་ལ། །དྲི་ཆུ་བཤང་བར་བཅས་པ་ཡི། །གཟུགས་སྙན་སོར་དགུའི་ཚད་དུ་བྱ། །དེ་སྙིང་རོ་རས་ལིངྒ་གཞུག །སྙིང་ནང་འཁོར་ལོ་རྩིབས་བཞི་པ། །ལས་བྱེད་བཞི་པ་གཤེད་དུ་དབབ། །དཔྲལ་བར་རུས་དང་སྙིང་ཁར་མིང་། །བརླ་ལ་བླ་དག་བགོང་བྱ་བ། །ཡན་ལག་བཞི་ལ་མཱ་ར་ཡ། །ཛ་དང་ཛ་ཞེས་བྱ་བ་དགོད། །རང་ཉིད་ལྷར་གསལ་དགྲ་བོ་དགུག །དེ་ཡི་ལྷ་དང་བསྲུང་མ་རྣམས། །རྡོ་རྗེ་སེམས་དཔའི་ཞིང་དུ་འཕངས། །རྣམ་ཤེས་སྡིག་པའི་ཕུང་པོ་རྣམས། །བདུད་རྩིར་སྒྲུབ་ནས་ལྷ་ལ་འབུལ། །དྲག་པོའི་རྫས་ཀྱི་རབ་གདུག་ཅིང་། །ཐོད་པ་ཁ་སྦྱོར་ནང་དུ་གཞུག །དེ་སྟེང་དུར་ཁྲོད་གཡམ་པ་ཡི། །དེ་ཡིས་བགབ་ཅིང་ཁུང་བུ་བྱ། །ཐུན་ཐག་དུར་ཁྲོད་སྲད་བུ་སྟེ། །ཡུངས་ཀར་ཐལ་ཆེན་སོལ་བ་དང་། །ཀེ་ཚེ་ལ་སོགས་རྫས་རྣམས་འཕངས། །གཉིས་པའི་ཁ་ལ་རྩངས་རྣམས་དགོད། །གསུམ་པ་དྲག་པོའི་གཏོར་ཆེན་བཞག །ཟུར་གཞན་གསུམ་དུ་ཐུན་གཏོར་གསུམ། །ལིངྒ་གཏོར་མའི་ནང་དུ་གཞུག །དགྲ་བོའི་ཤ་དང་ཁྲག་ཏུ་


PS011_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། །ཐལ་མོ་འཁོར་ལོ་རྩིབས་སྟོང་པའི། །བར་དུ་ཕྱེ་མར་བཏང་དམིགས་ནས། །ཆོས་སྐྱོང་འཁོར་དང་བཅས་ལ་འབུལ། །སྟེང་དུ་ནག་པོ་ཆེན་པོ་ལ། །ལས་བྱེད་བཞི་དང་བདུན་བཅུ་ལྔ། །བྱ་དང་ལྕེ་སྤྱང་ཤ་ཟ་རྣམས། །དུག་སྦྲུལ་ཁྱི་དང་ཝ་སོགས་ཀྱིས། །དམྱལ་བ་བཞིན་དུ་ཟ་ཞིང་འདྲེད། །མཚོན་ཆའི་ཆར་དབབས་ནད་དང་གདུངས། །མུན་པའི་གླིང་འཁོར་ཐར་མེད་བསམ། །གཙོ་འཁོར་ལས་བྱེད་ཤ་སའི་ནའི། །བཤམ་དུ་དགྲ་བོ་མཱ་ར་ཡ། །བཏགས་ནས་རྒྱུན་དུ་བྲབས་པར་བྱ། །རྟགས་རྣམས་བྱུང་ནས་གཏོར་མ་འཕངས། །ལིངྒ་དྲག་པོའི་སྦྱིན་བསྲེག་བྱ། །རྫས་དང་ཐལ་བ་ཆུ་བོར་དོར། །སྔོན་དང་ཕྱིར་རམ་དགེ་ཚོགས་དང་། །སྡིག་བཤགས་སཱཙྪ་ལ་སོགས་བྱ། །མི་བཟད་དྲག་པོའི་ལས་མཐའ་འདི། །རཱ་ཧུ་ལ་ཡིས་གནང་བ་ཡིན། །ཤིན་ཏུ་གསང་བྱ་དམྱལ་བའི་རྒྱུ། །ནག་པོའི་རང་སྲོག་གཅོད་པར་བྱེད། །ཁྱུང་པོ་རྣལ་འབྱོར་གསང་བའི་ནོར། །དམ་མེད་རྣམས་ཤོ་ར་རེ། །ཨིྀྛཿ ཅེས་བྱ། མང་ཐོས་དགེ་ལེགས་
དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལས། །ལྷད་ཞུགས་གསལ་ནས་དག་པར་བྱས། མུ༽

དྲག་པོའི་སེར་བ་འབེབས་པའི་མན་ངག


PS011_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སེར་བ་འབེབས་པའི་མན་ངག་བཞུགས་སོ།། ཧུ༽ ༈ མ་ཧཱ་ཀཱ་ལ་ན་མོ། །དྲག་པོ་སེར་བ་འབེབས་འདོད་ན། །དགྲ་བོའི་ཞིང་གི་དཀྱིལ་དག་ཏུ། །ཁྲུ་གང་ཟླུམ་པོ་ཐུར་དུ་བྲུ། །སྟེང་དུ་ཆུ་རིས་མང་པོ་བྲི། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །སྦྲུལ་མགོ་གསུམ་དང་ལྡན་པར་བྱ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག །དེ་སྟེང་བག་ཟན་ལས་བྱས་པའི། །མ་མོ་ཆེན་མོ་ཕྱག་བཞི་མ། །གཡས་པ་གྲི་གུག་རལ་གྲི་དང་། །གཡོན་པ་ཐོད་ཁྲག་རྒྱལ་མཚན་འཛིན། །བོང་བུ་གྭ་པ་བཞོན་པ་བྱ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག །དེ་ལ་བྱ་ཡི་ཚིལ་བུ་དང་། །ཁྱི་ལུས་དཀར་པོའི་དུད་པས་གདུག །རྟ་ཕོའི་ཁྲག་གི་མགོ་མ་ཏིག །སྔགས་བཞི་གདབ་ཅིང་དྲག་སྔགས་བཟླས། །ནཱ་ག་ར་ཛ་མ་མ་ཀི་རི་ཀུ་ནན། །ཤ་ར་ཤ་ཕོབ་སྲ་ཕོབ།ེ་ར་ཤ་ར་ལྟོ་ཕོབ། ན་ཤ་ཡ་ཀྲ་ཕོབ། ནན་ཤ་ར་ཤ་ར་ལྟེ་ཕོབ། བྱི་ཡུ་རྩི་དྷི་སིདྡྷི་ནན། ཤར་ཤར་ལྟོ་ཕོབ། བབས་ཤི་བས་མྱོག །ཤར་ཤར་ལྟོ་
ཕོབ། མགོན་པོའི་ལས་སྔགས་བཏགས་ལ་བསྙེན་པ་སྐྱལ། གླ་རྩི། འུག་པ། བྱ་རོག །རྟ་གཡག །རྟ་བོན་པ། ཡུག་སའི་དོར་རྟ་རྣམས་ཀྱིས་དུད་པས་བདུག །མགོན་པོའི་སྔགས་ཀྱི་ཕྱི་རྗེས་བཅོད། །གནམ་སྟོང་ལ་ནི་ལས་ལ་སྦྱོར། །ཅེས་བྱའོ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལས། །ལྷད་ཞུགས་གསལ་ནས་དག་པར་བྱས། མེ༽

ཤོག་སྒྲོལ་བཞི་པ་ལས་སློབ་དཔོན་མཚོ་སྐྱེས་ཀྱི་མཛད་པའི་གནད་ལྔས་ཆོས་སྐྱོང་དྲག་ཏུ་བསྐུལ་བའི་མན་ངག


PS011_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྒྲོལ་བཞི་པ་ལས་སློབ་དཔོན་མཚོ་སྐྱེས་ཀྱི་མཛད་པའི་གནད་ལྔས་ཆོས་སྐྱོང་དྲག་ཏུ་བསྐུལ་བའི་མན་ངག་བཞུགས་སོ།། ཨུ༽ ༈ ན་མོ་གུ་རུ། སྒྲུབ་པ་པོས་ཆོས་སྐྱོང་རྣམས་འཁུལ་ཞིང་ལས་གང་བསྒོ་བ་ཉན་པར་འདོད་ན། མན་ངག་ལྔ་སྟེ། བསྙེན་པ་སྔོན་དུ་སོང་བས་ཆོས་སྐྱོང་གི་སྲོག་འཕྲོག་པ་དང་། འཁུ་ལྡོག་བྱེད་ན་སྲོག་བཅིང་བ་དང་། རང་ཉིད་གང་དུ་འགྲོ་ཡང་ཆོས་སྐྱོང་ཁྱི་བཞིན་ཁྲིད་པ་དང་། ཆོས་སྐྱོང་གཉིས་བརྟེན་ན་སྔ་མས་ཕྱི་མ་ལ་མི་འཁྲེན་པ་དང་། ཆོས་སྐྱོང་གཉིས་ཅིག་ཅར་དུ་བསྐུལ་ན་རྒོད་པོ་རུ་སྦྲེལ་བ་ལྟར་རྩལ་འདྲེན་དུ་གཞུག་པའོ། །དང་པོ་ནི།


PS011_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཡི་དམ་གང་བྱེད་ཀྱང་ཁྲོ་བོར་བསྒོམ། རང་གི་སྙིང་གར་པདྨ་འདབ་བརྒྱད་ཁ་ཕྱོགས་པར་བསྒོམས་ཏེ། དེའི་དབུས་སུ་རྡོ་རྗེ་སེམས་དཔའ་མཚོན་གང་བ་གཅིག་བསམ། ཡང་དེའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ལྗང་གུ་གྱེན་དུ་ལངས་པ་གཅིག་བསམ། དེའི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ནས་རྡོག་ཙམ་གཅིག་བསྒོམ། དེའི་འོག་ཏུ་གདན་གྱི་ཚུལ་དུ་ཆོས་སྐྱོང་གང་བྱེད་དེའི་ས་བོན་བསམ། ཧཱུྃ་དང་ཆོས་སྐྱོང་དེའི་ས་བོན་གྱི་མཐའ་མ་ལ་ཆོས་སྐྱོང་དེའི་སྔགས་མགོ་ཕྱིར་བསྟན་ནས་ཕྲེང་ལ་བསྐོར་བར་བསམ། དེའི་མཐའ་ལ་ཨ་དཀར་པོ་མགོ་ཕྱིར་བསྟན་པས་བསྐོར་བར་བསམ། རང་སེམས་དཔའ་གསུམ་བརྩེགས་སུ་གསལ་བའི་མདུན་དུ་ཆོས་སྐྱོང་གང་ཡིན་པ་དེ་བསྐྱེད་ཅིང་། དེ་ལྟར་སེམས་དཔའ་གསུམ་བརྩེགས་དང་སྔགས་རྣམས་ལས་འོད་ཟེར་འཕྲོས་པས། རང་གི་སྣ་གཡས་ནས་ཐོན་ཆོས་སྐྱོང་དེའི་སྣ་གཡོན་ནས་ཞུགས་སྙིང་གར་ས་བོན་ལ་ཐིམ་པས་ཤིན་ཏུ་དགྱེས་པར་བསམ། ཆོས་སྐྱོང་དེའི་ནུས་པ་ཐམས་ཅད་


PS011_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་སྣ་བུག་གཡས་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས་སྙིང་གར་ས་བོན་ལ་ཐིམ་པས། རང་ནུས་པ་དང་ལྡན་པར་བསམ། དེ་ནས་རང་ནུས་པ་དང་ལྡན་པར་བྱ་བ་དང་། ཆོས་སྐྱོང་དབང་དུ་བྱ་བའི་གནད་ཟབ་མོའོ། །གཉིས་པ་ཁུ་ལྡོག་བྱེད་ན་སྲོག་ཅིང་བ་ནི། རང་ཉིད་ཀྱི་སྙིང་གར་སྔགས་བསྒོམ་པའི་སྔགས་དེ་རྣམས་ཀྱི་ཕྱི་རུ་ཨ་ལི་ཀ་ལི་སྒྲ་གིས་བསྐོར་བར་བསམ་ལ་སྔགས་བཟླའོ། །གསུམ་པ་ཁྱི་ལྟར་འཁྲིད་པ་ནི། སྔགས་བསྒོམ་པའི་ས་བོན་སྔགས་དང་བཅས་པ་ལས་འོད་ཟེར་འཕྲོས་རང་གི་སྣ་གཡས་ནས་ཐོན། ཆོས་སྐྱོང་གི་སྣ་གཡོན་དུ་ཞུགས། དེའི་ས་བོན་སྙིང་པོ་སྙིང་ཁྲག་དང་བཅས་པ་རྣམས་བསྡུས་ནས་འོད་དམར་པོ་བྱས་ཏེ་ཆོས་སྐྱོང་གི་ཡང་སྣ་གཡས་ནས་བྱུང་རང་གི་སྣ་གཡོན་པར་ཞུགས་ནས། རང་གི་སྙིང་གའི་ས་བོན་སྙིང་པོ་དང་བཅས་པ་ལ་ཐིམ་པར་བསམ། དེ་ལྟར་ཡང་ཡང་བྱས་པས་རང་གང་དུ་འགྲོ་བའི་རྗེས་སུ་འབྲང་ངོ་། །བཞི་པ་ཆོས་སྐྱོང་སྔ་མས་རྗེས་མ་ལ་འཕྲེན་ན། རང་ཉིད་སྔར་གྱི་དམིགས་པ་བཞིན་


PS011_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། མདུན་དུ་ཆོས་སྐྱོང་སྔ་མ་དེ་བཀའ་སྡོད་ཀྱི་ཚུལ་དུ་བྱས། ཕྱི་མ་དེ་ཡང་བསྒོམ་སྟེ་རང་དང་ཆོས་སྐྱོང་སྔ་མ་དེའི་ས་བོན་དང་སྔགས་ཀྱིས་མཐའ་ལ་ཆོས་སྐྱོང་ཕྱི་མ་དེའི་སྔགས་ཀྱིས་བསྐོར་བར་བསམ། རང་གི་ས་བོན་ལས་འོད་འཕྲོས་སྣ་བུག་གཡས་ནས་ཐོན། ཆོས་སྐྱོང་སྔ་མ་དེའི་སྣ་བུག་གཡོན་དུ་ཞུགས། ས་བོན་སྔགས་དང་སྙིང་ཁྲག་བསྡུས་ནས་སྣ་གཡས་ནས་ཐོན། བདག་ལ་ཕྱག་རྟེན་གྱི་ཚུལ་དུ་ཕུལ་ནས་ཐིམ་པར་བསམ། ཆོས་སྐྱོང་ཕྱི་མ་ལ་ཡང་དེ་བཞིན་བྱའོ། །དེ་ནས་ཆོས་སྐྱོང་ཕྱི་མ་དེ་འོད་དམར་པོར་ཞུ་ནས་སྔ་མ་དེ་ལ་ཐིམ་པས། སྔ་མ་དེ་ཡང་འོད་དམར་པོར་ཞུ་སྟེ་རང་གི་ལྟེ་བའི་ཐད་ཀར་ཐིམ་པས་དེས་འཁུ་ལྡོག་བྱེད་མི་ནུས་ཏེ་རང་ཤ་རང་གི་མི་ཟ་རང་ཁྲག་རང་གིས་མི་འཐུང་བས་གཉིས་སུ་མེད་པར་བསྲེ་བའི་མན་ངག་གོ། ལྔ་པ་རྒོད་པོ་རུ་སྦྲེལ་ལྟར་རྩལ་འགྲན་དུ་གཞུག་པ་ནི་སྔར་དང་འདྲ་བ་ལས། ཆོས་སྐྱོང་སྔ་མའི་སྙིང་པོ་ལ་ཕྱི་མའི་སྙིང་པོའི་བསྐོར་བར་བསམ། སྔ་མའི་རྐང་པས་ཕྱི་མའི་མགོ་མནན་པར་བསམ་སྟེ་འོད་ཀྱི་སྤྲོ་བསྡུ་སྔར་དང་འདྲ། དེ་ཆོས་སྐྱོང་
གཉིས་པོ་རྩལ་འགྲན་ནས་བྱེད་དོ། །ཡང་ན་ཆོས་སྐྱོང་གི་སྲོག་བསྡུ་བའི་དམིགས་པ་ནི། དམ་ཅན་མདུན་དུ་བསམས་ཏེ་ཚུར་བསྟིམ་པས་རང་ཤ་རང་གི་མི་ཟ་བཞིན་ལྡོག་མི་སྲིད་དོ། །འདིའི་འོད་ཟེར་ཐམས་ཅད་དམར་པོ་ཡིན། དམིགས་པ་ནི། ཐུན་གྱི་མགོ་ཞབས་སུ་བྱ་ཞིང་། ཆོས་སྐྱོང་བསྒྲུབ་ཀྱང་འདི་བཞིན་བྱས་ན་བདེ་བླག་ཏུ་འགྲུབ་བོ། །གནད་འདི་མེད་པར་བསྒྲུབ་པ་ནི། རྟ་པ་ལ་སྤྱང་ཀི་ཟ་བ་དང་འདྲའོ། །གནད་འདི་ཡོད་ན་རང་གི་འབངས་ལ་བཀའ་སྒོ་བ་དང་འདྲའོ། །གནད་ལྔ་ཆོས་སྐྱོང་བྲན་དུ་བཀོལ་བའི་མན་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གདམས་པ་རྫོགས་སོ། །རྒྱ་རྒྱ་རྒྱ་ཨིྀྛཿ མོ༽ ༈ མནན་པ་འདོན་པ་བཅིངས་པ་འགྲོལ་བ་བསྡམས་པ་བཅད་པ་ངག་ལ་དབང་བསྒྱུར་བ་སྔགས་ཀྱི་མཐུ་བསྐྱེད་པ་བཟླས་པའི་དབལ་གསོ་བ་སོ་ལ་ངར་བླུད་པ། མཆུ་ལ་དུག་བརྐུ་བ།

ལྕེ་ལ་སྤུ་གྲི་འདོགས་པ་སྟེ་གདམས་པ་གནད་དགུ་མ།


PS011_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་ལ་སྤུ་གྲི་འདོགས་པ་སྟེ་གདམས་པ་གནད་དགུ་མ་བཞུགས་སོ།། ཀེ༽ ༈ གུ་རུ་མ་ཧཱ་ཀཱ་ལ་ན་མོ། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཏིང་འཛིན་ལ་འཇུག་པ་ལ། གདམས་པ་ཟབ་མོ་གནད་དགུ་དང་ལྡན་པ་དགོས་ཏེ། མནན་པ་བཏོན་པ། བཅིངས་


PS011_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀྲོལ་བ་བསྡམས་པ་བཅད་པ། ངག་ལ་དབང་བསྒྱུར་བ། སྔགས་ཀྱི་མཐུ་བསྐྱེད་པ། བཟླས་པའི་དབལ་གསོ་བ། སོ་ལ་ངར་བླུད་པ། མཆུ་ལ་དུག་བརྐུ་བ། ལྕེ་ལ་སྤུ་གྲི་འདོགས་པ་དང་དགུའོ། །དེ་རྣམས་མན་ངག་ཏུ་བྱས་ན་མཚོ་ལ་རྒྱབ་ན་མཚོ་སྐམ། བྲག་ལ་རྒྱབ་ན་བྲག་འབུབས། རི་ལ་རྒྱབ་ན་རི་སྙིལ། དེ་ན་མནན་པ་འདོན་པ་ནི་བདག་རྡོ་རྗེ་སེམས་དཔའ་བསྐྱེད་ལ། བཛྲ་ས་ཏྭ་ཨོཾ་ཨཱ་ཧཱུྃ་ཏྲཾ་ཧྲཱིཿཨཱཿབཛྲ་པ་ཎི་ཧཱུྃ་ཕཊ། ཞེས་འབུམ་བཟླས་ན་རི་ཡི་རྒྱལ་པོ་རི་རབ་ཀྱིས་ཀྱང་མི་ནོན་ནོ། །བསྡམས་པ་བཅད་པ་ནི་རང་མི་གཡོ་བར་བསྐྱེད་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་་ཧཱུྃ་ཕཊ། ཏྲག་ལམ་སུམ་ཕཊ་བྷནྡྷ་སྭཱ་ཧཱ། ཞེས་འབུམ་བཟླས་ན་གཟའ་རཱ་ཧུ་ལས་བསྡམས་ཀྱང་གྲོལ་བར་འགྱུར་རོ། །འདི་ཆར་གཏད་མནན་གསུམ་བརྟེན་ན་དགོས་པ་ཡིན། བཅིངས་བ་འགྲོལ་བ་ནི། རང་དཔལ་ཆེན་ཕྱག་དྲུག་པར་བསྐྱེད་ལ། །ཀ་ཁ་ཀ་ཡ་ཝ་ཀ་ཙིཏྟ་ཁྲོཾ་ལ་དྷརྨ་ཡ་སང་སྲ་ལོ་ན་ཡ་ཕཊ། ཞེས་འབུམ་བཟླས་ན་ཀླུའི་རྒྱལ་པོ་གཏང་བཟུང་གིས་ཀྱང་མི་འཆིངས་སོ། །ངག་ལ་དབང་བསྐུར་བ་ནི།


PS011_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་སངས་རྒྱས་རིགས་ལྔ་བསྐྱེད་ལ། ཨོཾ་ཧཱུྃ་སྭཱ་ཨོཾ་ཧཱ་ཨ་བྷི་ཥིཉྩ་ཀ་ཡ་ཝ་ཀ་ཙིཏྟ་ཧཱུྃ། ཞེས་འབུམ་བཟླས་ན་མ་ཧཱ་དེ་ཝ་ཡང་དབང་དུ་འགྱུར་རོ། །སྔགས་ཀྱི་མཐུ་བསྐྱེད་པ་ནི། རང་ཕྱག་རྡོར་དུ་བསྐྱེད་ལ། ཨོཾ་ཏིག་ན་ཚུབས་མུ་ཀི་མཱ་ར་ཡ་ཕཊ། ཞེས་འབུམ་བཟླས་ན། སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པས་བྱིན་གྱིས་བརློབས། །བཟླས་པའི་དབལ་གསོ་བ་ནི། རང་རྟ་མགྲིན་དུ་བསྐྱེད་ལ། ཨོཾ་གྷུ་སཏྲ་ནི་ཁས་སོ་དྷ་ཕུ་ཙ་ད་རྦད་ནི་ཕུ་ཏྲ་ནན་རྦོད་རྦོད་ནན་སྭཱ་ཧཱ། ཞེས་འབུམ་བཟླས་ན་དམ་ཚིག་ཉམས་པ་ཡང་གསོས་ནས་མཐུ་མེ་ལྟར་འབར་རོ། །སོ་ལ་ངར་བླུད་པ་ནི། ཨོཾ་རཀྵ་ནོ་མོ་དགྲ་བོའི་སྲོག་ལ་ཛཿཛཿརྦུད་རྦུད། ཅེས་འབུམ་བཟླས་ནས་སྐྱེར་པའི་བར་ཤུན་ལ་བཏབ་ནས་སོ་ལ་བྱུགས་ན་གང་ལ་ཡང་ཐོག་པ་མེད་དོ། །འདི་མན་ངག་བཟློག་པ་མཁན་ལ་དགོས་སོ། །ལྕེ་ལ་སྤུ་གྲི་བཏགས་པ་ནི། ཨོཾ་ཁྲག་རྩ་རྦུད་མཱ་ར་ཡ་ཁས་ཁས། ཅེས་འབུམ་བཟླས་ནས། གྲི་གུག་གསེར་ཐིག་ལ་བཏབ་ན། ལྕེ་ལ་བྱུགས་ན་སྔགས་ཐམས་


PS011_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐོག་མེད་དུ་ནུས་པ་རྒྱས་པར་འགྱུར་རོ། །མཆུ་ལ་དུག་བརྐུ་བ་ནི། ཨ་ཐུམས་ཐུམས། ཎི་ཤ་མཱ་ར་ཡ་ཐུམས། ཅེས་འབུམ་བཟླས་ལ་མུ་ཟི་ནག་པོ་ལ་བཏབ་ལ་མཆུ་ལ་བྱུགས་པས་ལས་ཐམས་ཅད་མྱུར་དུ་འགྲུབ། སྡུལ་ལ་མཐུ་བསྐྱེད་དམ་ཚིག་ཉམས་ན་དབུ་མར། དབང་པོ་ཉམས་ན་མནན་པ་མངོན། དམ་གནོན་མང་ན་དམ་པ་བཅད། མཐུ་ཆུང་ན་བཅིངས་གྲོལ། ནུས་པ་ཆུང་ན་དབལ་གསོ། བསྲུང་བ་ཉམས་ངར་བླུད། འགྲོ་ཞིང་འགྱངས་ན་སྤུ་གྲི་གདགས། མ་ཕེད་ན་དུག་བརྐུས། དེ་ལྟར་བྱས་ན་ལས་གང་ཡིན་མྱུར་དུ་འགྲུབ་བོ། །དཔལ་ཆེན་ཕྱག་དྲུག་མགོན་པོ་ཡིས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཟབ་མོ་གནད་དགུའི་གདམ་ངག་ནི། །དཔལ་ལྡན་ཤ་བ་རི་པ་དང་། །བྱང་སེམས་བློ་གྲོས་རིན་ཆེན་དང་། །དཔལ་ལྡན་མི་ཕམ་མགོན་པོ་དང་། །གུ་རུ་པདྨ་འབྱུང་གནས་དང་། །བྲམ་ཟེ་ས་ར་ཧ་པ་དང་། །གྲུབ་ཆེན་རཱ་ཧུ་ལ་རྣམས་ལ། །དངོས་སུ་གསུང་པའི་མན་ངག་ཡིན། །བླ་མ་རྣམ་དྲུག་རིམ་པར་བརྒྱུད། །གྲུབ་ཆེན་རཱ་ཧུ་ཆེན་པོ་ལ། །
བདག་འདྲ་ཁྱུང་པོ་རྣལ་འབྱོར་གྱི། །གསེར་སྲང་སུམ་ཅུ་རྩ་བདུན་དང་། །ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཡི། །མན་ངག་རྣམས་ཀྱི་སྲོག་ཤིང་ཡིན། །གཞན་ལ་མི་སྤེལ་དམ་པར་བྱ། །གནད་འདི་ཞལ་གྱི་གདམས་པ་ཐུན་མོང་མ་མིན་པ་ཡིན་པས་གཅེས་པར་ཟུངས་ཤིག །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །རྒྱ་རྒྱ་རྒྱ།

སྲིའུ་གསོ་བའི་གདམས་པ།


PS011_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲིའུ་གསོ་བའི་གདམས་པ་བཞུགས་སོ།། ཁེ༽ ༈ མགོན་པོ་འདིའི་སྒོ་ནས་སྲིའུ་གསོ་བར་འདོད་ན། །ཚེ་རྟ་དང་ཚེ་ཐག་གི་བསྲུང་བ་དང་། །བཏའ་དང་གཏོར་མའི་སྒོ་ནས་བསྲུང་བའོ། །དང་པོ་ནི། །སེང་ལྡེང་གི་ཕུར་པ་སོར་བརྒྱད་པའམ་བཅུ་གཉིས་པ་གཅིག་རྒྱ་མདུད་དབུས་མ་ལ་ཧཱུྃ་གཅིག་བྲིས་ཏེ། དེ་མགོན་པོར་བསྐྱེད་ལ་ཡེ་ཤེས་གཞུག །གཏོར་མ་འབུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིམ་ཁྲེ་ཏ་བིགྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། བྱིས་པ་འདི་ལ་བསྲུངས་ཤིག་སྭཱ་ཧཱ། །ཅེས་པ་


PS011_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལ་སོགས་པ་བཟླས། །དེ་ཡང་མགོན་པོའི་ཞལ་ནས་བདག་གི་ཞལ་དུ། བདག་གི་ཐུགས་ཀ་ནས་མགོན་པོའི་ཐུགས་ཀར་འཁོར་བར་བསམ། དེ་ནས་འཕྲིན་ལས་བཅོལ་ཏེ་ཀ་བ་སོགས་ལ་བཏོད་ལ་བཞག །གཉིས་པ་ནི། ཚེ་ཐག་གི་སྐུད་པ་གསུམ་སྦྲེལ་སྔོན་པོ་གཅིག་བྱས་ལ་མདུད་པ་རེ་རེ་ལ་སྔགས་ཉི་ཤུ་རྩ་གཅིག་རེ་བཏབ་ལ། མདུད་པ་ལྔའམ་བདུན་བྱས་ལ་གདུགས། བྱིས་པ་དེ་ལ་མགོན་པོ་ལྔའམ་བདུན་གྱིས་བསྐོར་བར་བསམ་ནས་བསྲུང་བ་ཡིན་གསུང་། གསུམ་པ་ནི། མདའ་བྱ་རྒོད་ཀྱི་སྒྲོ་མེས་མ་གཞུར་བ་གཅིག་ལ་དར་ནག་ཁ་གང་བཏགས་བཅད་དང་སྟོང་ནག་པོར་བྱ་སྒྲོ་ཡི་བར་དུ་གོང་གི་སྔགས་སྤེལ་ཚིག་དང་བཅས་པ་སྒྲོའི་བར་གསུམ་ལ་བྲིས། བསྙེན་པ་སྔོན་དུ་སོང་ན་གུང་རེ་རེས་ཆོག་གསུང་། །དེ་ནས་མདའ་དེ་མགོན་པོ་ལ་རྟེན་དུ་བཙུག །ཁྱོད་ལ་འདི་རྟེན་དུ་འཆའ་བ་ཡིན་པས་བྱིས་པ་འདི་ལ་འཚེ་བ་ཐམས་ཅད་བསྲུངས་ཤིག །ལོ་དུས་སུ་ཁྱོད་རང་ལ་གཏང་རག་ཆེན་པོ་གཏང་གིས་བྱས་ལ། མི་འགོང་བའི་སར་རྟེན་དུ་འཛུགས་པར་བྱའོ། །


PS011_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མས་བསྲུང་བ་ལ་ཞལ་ཤེས་ཀྱང་ཡོད་དོ། ཙེ། གུ་གུལ་གྱི་བསྙེན་པས་བགེགས་བསྐྲོད་པ་བཞུགས་སོ།། གེ༽ ༈ ཨོཾ་མ་ཧཱ་ཀཱ་ལ་ཡེ་གུ་གུལ་གྱི་བསྙེན་པ་ལ། རང་ཉིད་ཡི་དམ་གཤིན་རྗེ་བཤེད་དང་ཕྱག་རྡོར་སོགས་གང་ཡིན་དུ་བསྐྱེད་ལ། མདུན་དུ་གུ་གུལ་བཞག་པ་ལ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། རང་གི་ཐུགས་ཀ་ནས་སྤྲོས་པས་མཆོད་པའི་ཚོགས་ཀྱིས་མཆོད། ཁྲོ་བོ་རྣམས་ཀྱི་ཐུགས་ཀ་ནས་རང་གི་ནུས་པ་དང་མཐུ་སྟོབས་རྣམས་རང་རང་གི་སྔགས་དང་། ཧཱུྃ་ཡིག་དང་མེ་འོད་ཀྱི་རྣམ་པར་བྱུང་ཏེ། གུ་གུལ་ལ་ཐིམ་པར་བསམ་ཞིང་ཡི་དམ་དང་མགོན་པོའི་སྙིང་པོའི་རྩ་སྔགས། སུམྦྷ་ནི་ལ་སོགས་པ་མང་དུ་བཟླས་ཤིང་། གུ་གུལ་ལ་ཧས་བཏབ་ལ། དེ་ལྟར་བསྙེན་པ་བྱ་སྟེ་གུ་གུལ་དེས་བགེགས་བསྐྲོད་དུས་སུ་བསྲེགས་པའི་དུ་བ་ཁྲོ་བོའི་མཐུ་སྟོབས་ཀྱི་རང་བཞིན་དུ་གྱུར་པས་བགེགས་ཐམས་ཅད་མྱོས་ཤིང་། ཙ༽ ཡུངས་ཀར་གྱིས་བསྙེན་


PS011_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

པས་བགེགས་ཚར་བཅོད་པ་བཞུགས་སོ།། ངེ༽ ཡུངས་ཀར་གྱི་བསྙེན་པ་ལ། རང་ཁྲོ་བོ་བསྐྱེད་པ་གོང་ལྟར་བྱ། མདུན་དུ་ཡུངས་ཀར་བཞག་རང་གི་ཐུགས་ཀའི་ས་བོན་གྱིས་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པས་མཆོད། དེ་དག་གི་སྐུ་ལས་རང་རང་དང་འདྲ་བའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་ནམ་མཁའ་ནས་ཆར་བབས་པ་བཞིན་བྱོན། ཡུངས་ཀར་རྣམས་ཀྱིས་སྔོན་དུ་མཁའ་འགྲོ་དཔག་ཏུ་མེད་པ་བསྐྱེད་པ་ལ་བསྟིམ་ཞིང་། སྔགས་དྲག་ཏུ་བཟླས་སོ། །དེ་ནས་བགེགས་བསྐྲོད་ཚེ་ཡུངས་ཀར་གྱིས་བྲབས་པ་ལ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཐམས་ཅད་ཚར་བཅད་པར་བསམ། ཨིྀྛ། ཙེ༽ ལམ་དུ་འགྲོ་བའི་ཚེ་བར་ཆད་བསྲུང་བ་བཞུགས་སོ།། ཅེ༽ ༈ ལམ་དུ་འགྲོ་བའི་ཚེ་བར་ཆད་བསྲུང་བའི་མན་ངག་ནི། རང་ལམ་དུ་ཞུགས་མ་ཐག་པའི་གོང་རོལ་དུ་གཏོར་མ་འབུལ། གསོལ་བ་གདབ། འཕྲིན་ལས་བཅོལ། ལམ་དུ་ཞུགས་མ་ཐག་རང་ཉིད་མགོན་


PS011_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྐྱེད། དེ་ལ་ཡེ་ཤེས་པ་བཅུག །སྤྱི་བོར་བླ་མ་མི་བསྐྱོད་པའི་རྣམ་པར་བཞུགས་པར་བསྒོམ། བསིལ་བ་ཚལ་ནས་མགོན་པོ་སླར་ཡང་སྤྱན་དྲངས་ལ། དེ་ཉིད་མགོན་པོ་དཔག་ཏུ་མེད་པར་གྱུར་ཏེ། རང་གི་མདུན་རྒྱབ་གཡས་གཡོན་ཐམས་ཅད་བསྐོར་ནས་བྱོན་པ་དང་། ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་དི་རི་རི་སྒྲོག་པར་བསམ་ནས། རང་གི་ཀྱང་ན་མོ་བུདྡྷཱ་ཡའི་གསོལ་བ་འདེབས་པ་དང་། བསྟོད་པ་འདོན་པ་དང་། སྔགས་བཟླ་ཞིང་འགྲོ་བར་བྱའོ། །མགོན་པོ་འཁོར་བཅས་ཀྱིས་སྐུ་ལས་མེ་དཔུང་གི་ཚོགས་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་ཐམས་ཅད་བསྲེགས་པར་བསམ། ཨིྀྛཿབ སྲུང་སྐུད་བཞུགས་སོ།། ༈ འདིའི་བསྲུང་སྐུད་བྱ་བ་འདོད་ན། ལུག་ནག་པོའི་སོག་པ་གཡོན་པའི་བལ་ལ། རང་ཉིད་ཡི་དམ་དང་མཁེལ་མཁན་མགོན་པོར་བསྐྱེད། སྐུད་པ་སུམ་སྦྲེལ་འཇུར་མདུད་མེད་པར་བྱས་ལ། རྡོ་རྗེའི་མདུད་པ་བདུན་ནམ་ཉེར་གཅིག་བྱས་པ་རྣམས་བསང་སྦྱངས། ཧཱུྃ་ལས་མགོན་པོའི་རེ་རེར་མདུད་པ་རྣམས་བསྐྱེད། ཁྲིམ་ཉེར་


PS011_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་མགོན་པོའི་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ་པ་ལ་མཆོད། སྐུད་པ་སྙིལ་པར་བཅུག་སྟེ་སྙིང་པོའི་མཐར། འཆང་བ་པོ་ལ་རཀྵ་རཀྵ། ཅེས་སྤེལ་བ་ཉེར་གཅིག་བཟླས་ནས་རབ་གནས་བྱ། དེ་ནས་དེ་ཉིད་བསྒྲུབ་བྱའི་སྐེ་ལ་བཏགས་ནས། མགོན་པོ་བདུན་ནམ་ཉེར་གཅིག་གིས་བསྐོར་ནས་བསྲུང་བར་བསམ། ཡང་ན་མགོན་པོ་རྣམས་ཞུ་བ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་རེ་རེ་བསམ། སྐུད་པ་མཁེལ་མཁན་བུ་མོ་མ་ཉམས་པའམ། ཡང་ན་སྡོམ་ལྡན་དམ་ཚིག་མ་ཉམས་པས་བྱའོ། ༈ །ངག་གནོན་སེལ་བའི་གདམས་པ་བཞུགས་སོ། ༈ །ངག་གནོན་སེལ་བའི་མན་ངག་ནི། རང་མགོན་པོར་བསྐྱེད། ལྕེ་སྐད་ཅིག་གིས་སྟོང་པའི་ངང་ལས་རལ་གྲི་སོར་བཞི་པ་འོད་འབར་བར་བསྒོམ། དེའི་ཆང་ཟུང་སྟེང་དུ་ཧྲཱིཿལྗང་གུ་གཅིག་བསྒོམ། དེ་ལས་འོད་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་རྣམ་པར་བསྡུས་ནས་ཐིམ་པར་བསམ་ནས་ཏྲི་དེ་ལས་འོད་ཟེར་འཕྲོས་པས་


PS011_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ཐམས་ཅད་བསྲེགས་པར་བསམ། ཨོཾ་ཧཱུྃ་ཏྲི་ཧྲི་ཀ་པཱ་ལ་ར་ཏྲ་སྭཱ་ཧཱ། ཅེས་ཉིན་རེ་ལ་ལན་བདུན་བདུན་བརྗོད་པ་ཙམ་གྱིས་ངག་ནུས་པ་དང་ལྡན་པར་འགྱུར་རོ། །ཨིྀྛཿ རྫས་ལ་བརྟེན་པའི་མཚོན་བསྲུང་བཞུགས་སོ། ༈ །མཚོན་བསྲུང་བ་ནི། འབྲས་ཉུངས་ནག་ཀེ་ཚེ་ལྕགས་ཕྱེ་མ། རང་མགོན་པོར་གསལ་བ་ལ་ཡེ་ཤེས་པ་བཅུག་ནས། ཏིང་ངེ་འཛིན་ལ་གནས་ནས་རྩ་སྔགས་སྟོང་བཟླས་ཏེ། དེ་ནས་ཨོཾ་ཚལ་པ་དུམ་བུ་ས་ལེ་ཏྲཾ་ཏྲཾ་བྷྱོ་བྷྱོ། ཅེས་ཁྲི་དགུ་སྟོང་བཟླས། དགྲ་བོ་གནོད་པ་སོགས་བྱུང་ན་འུར་མཐིལ་དུ་རྫས་དེ་དག་བཅུག་སྟེ་འཕངས་ན་མཚོན་གྱི་མི་ཚུག་གོ ཨིྀྛཿ མཆོད་རྟེན་ཕུར་པ་ལ་བརྟེན་པའི་ཤ་བཟློག་བཞུགས་སོ།། ཆེ༽ ༈ འདིའི་ཤྭ་ལོག་ལྡོག་པའི་མན་ངག་ལ། རི་ཐོན་པོའི་ས། ཐལ་བ། མཆོད་རྟེན་རྙིང་པའི་ས། ཕ་བོང་གི་དྲེག་པ་ལ་མཆོད་རྟེན་བང་རིམ་བཞི་པ་མཐོ་གང་སོར་བཞི་པ་བྱས་སྟེ། སོ་ལེགས་པར་བཏང་ནང་དུ་རྩ་སྔགས་གྲི་ཁྲག་གིས་བྲིས་པ་ཚར་ཉེར་གཅིག་བཟུང་གཞུག་བྱ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་རྩ་སྔགས་བརྒྱ་རྩ་བརྒྱད་


PS011_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། གུ་རུ་ན་ཏན་ཏེ་ཀོ་ལ་ཀོ་ལ་བྷྱོ་བྷྱོ་ཏི་ཀོ་ལ་བྷྱོ་བྷྱོ། དྲུག་ཁྲི་ལྔ་སྟོང་ཕུར་བུ་ལ་དང་། ཡུངས་ཀར་ཕུར་བུའི་མགྲིན་པར་ཐུམས་སོ་བྱས་ནས་བཅིངས། མཆོད་རྟེན་གྱི་ནང་དུ་མགོན་པོ་འཁོར་བཅས་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ་ནས་ཕུར་བུ་མཆོད་རྟེན་ལ་ཚོན་སྐུད་སྣ་ལྔ་དམ་དུ་བཅིངས་ནས་ཆུ་བོའི་ཕྱོགས་སུ་རགས་ཀྱི་དཀྱིལ་ལམ་ས་འོག་ཏུ་དམ་པར་བཅུག་པས་ཆུ་བོ་ཆེན་པོ་འཕྲལ་དུ་ལྡོག་པར་འགྱུར་རོ། །ཨིྀྛཿ ཐོ་ཕུར་ལ་བརྟེན་པའི་སེར་བསྲུང་བཞུགས་སོ།། ༈ སེར་བ་བསྲུང་བ་འདོད་ན། ཡུངས་ཀར་ལ་རྩ་སྔགས་མང་དུ་བཟླས་ནས་ཚེར་མ་ཅན་གྱི་ཤིང་སྐྱེར་པ་སོགས་ལ་ཕུར་བུ་སོར་བཞི་པའམ་བརྒྱད་པ་བྱས་པའི་མགུལ་དུ་ཡུངས་ཀར་གྱི་ཐུམ་བུ་བཅིངས་ནས། མཐོ་བརྩིགས་པ་རེ་རེའི་ནང་དུ་ཕུར་བུ་རེ་དང་། འཛིན་གཏོར་དུམ་བུ་རེ་གདན་གཅིག་ཏུ་བཞག །ཐོ་རེའི་འགྲམ་དུ་ཕུར་བུ་མགོན་པོར་བསྐྱེད་པ་དེ་ལ་གཏོར་མ་རེ་གཏང་ལ་འཕྲིན་ལས་བཅོལ། རང་གི་ནང་དུ་སླེབས་ཕྱིན་ཆད། སྔ་དྲོ། ཐོ་རང་དང་། མཚན་མོ་དང་པོ་ལ་


PS011_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་རེ་བཞིན་ཐོ་ཕུར་བུ་གསལ་བཏབ་ནས་ཐོ་ཕུར་རེ་རེ་བཞིན་དུ་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པའི་མགོན་པོ་སྐུ་ཆེ་ལ་ཡན་ལག་རགས་པ། དྲག་པོའི་སྔགས་ཀྱི་སྒྲ་སྒྲོགས་ཅིང་། བསྲུང་བའི་ལས་མཛད་པར་བསྒོམས་ཏེ། སྔགས་ཅུང་རེ་བཟླས་པ་མ་ཆག་པར་བྱ་སྟེ། དེ་ལྟར་ན་ཕྱིས་གདོངས་ལོག་སོགས་མི་དགོས་གསུངས་སོ། །ཨིྀྛཿ རྨི་ལམ་ངན་པ་བཟློག་ཐབས་བཞུགས་སོ།། ཛེ༽ ༈ མགོན་པོ་ལ་རྟེན་ནས་རྨི་ལམ་ངན་པ་བཟློག་པའི་ཐབས་ལ། མཚན་མོ་རྨི་ལམ་ངན་པ་རྨིས་ན། གཉིད་སད་མ་ཐག་མདུན་དུ་གཏོར་མ་བཤམས། མདུན་གྱི་ནམ་མཁའ་མགོན་པོ་འཁོར་བཅས་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་པས། བླ་མ་མགོན་པོ་དབྱེར་མེད་ལ། ཅེས་གསོལ་བ་དྲག་ཏུ་བཏབ་བསྟོད་པ་བྱ། དེ་ནས་རྩ་སྔགས་ལ་སརྦ་བིགྣན་ཤ་ཏྲུཾ་མ་རཱ་ཡའི་སྤེལ་ཚིག་དང་བཅས་པའི་བཟླས་པ་ཅི་མང་བྱས་ཏེ། དེ་ནས་རང་གི་ཞལ་ནས་མགོན་པོའི་ཞལ་དང་། མགོན་པོའི་ལྟེ་བ་ནས་རང་གི་ལྟེ་བར་འཁོར་བའི་སྔགས་ཀྱི་
ཕྲེང་བ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་པས། རྨི་ལམ་ངན་པ་ཇི་ལྟར་རྨིས་པའི་རྣམ་པ་དེ་ལྟར་བསྒོམ་པས། དེ་རྣམས་བྱ་སྒྲོ་མེས་ཚིག་པ་ལྟར་ལྷག་མ་མེད་པར་ཆཾ་ཆཾ་བསྲེགས་པར་བསམ་པ་ཡང་ཡང་བྱ། དེ་ནས་གཏོར་མ་བྱིན་རླབས་བྱེད་ན། རྨི་ལམ་ངན་པ་ཇི་ལྟར་རྨིས་པ་དེ་ཡང་གཏོར་སྣོད་དུ་བཅུག་པར་མོས་ཏེ་བྱིན་གྱིས་རླབས་པས། འོད་དམར་ཤིག་གེ་བར་སོང་བར་བསྒོམ་སྟེ། མགོན་པོ་འཁོར་བཅས་ཀྱི་ཞལ་ནས། འོད་ཀྱི་སྦུ་གུ་བྱུང་བ་གཏོར་མ་ལ་ཟུག་སྟེ། རྨི་ལམ་ངན་པ་དེང་དེ་སིབ་སིབ་གསོལ་བར་བསམ། དེ་ནས་འཕྲིན་ལས་ཀྱང་བཅོལ་ལོ། །རྨི་ལམ་ཤིན་ཏུ་ངན་ན་ཉིན་མ་འོད་གཏོར་མ་བཅས་ལ་གསོལ་བ་བཏབ། བྱང་སྟོངས་སམ་གཏོར་མ་མི་འཛོམ་པའི་སར་རང་གི་མདུན་དུ་ཐོད་པར་དམིགས་པ་བསྐྱེད་ལ་འབུལ་གསུངས། འཛོམས་པའི་ས་འཛིན་གཏོར་སོགས་ཡོད་ཀྱང་གཏོར་ཆུང་བཤམས་པར་བྱའོ། །ཨིྀྛཿ

མགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ།


PS011_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་སྦྲེལ་ལྔ་པ་ལ་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་པའི་མགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ་ཤིན་ཏུ་ཟབ་པ་


PS011_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྒྲུབ་པའི་མན་ངག་ཡོད་དོ། ཉེ༽ ༈ མ་ཧཱ་ཀཱ་ལ་ན་མོ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒོ་ནས་རླུང་བསྒྲུབ་ཀྱི་མན་ངག་ནི། རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་ཏེ། དེ་ལ་མཆོག་བསྒྲུབ་པའི་རླུང་སྦྱོར་དང་རྡོ་རྗེའི་བཟླས་པ། དགྲ་བོ་ཚར་བཅད་པའི་རླུང་སྦྱོར་གསུམ་ལས། དང་པོ་མགོན་པོའི་སྐུ་དངོས་ལ་རྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་མན་ངག་འདི་ལ་གསུམ། སྔོན་འགྲོ་རྒྱུད་དག་པར་བྱེད་པ་དང་། དངོས་གཞི་ལམ་བསྒོམ་པ་རྗེས་ལྟ་བ་བསྐྱང་ཞིང་སྤྱོད་པ་བྱའོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་དུར་ཁྲོད་དམ། བས་མཐའི་ཤིང་རྐང་གཅིག་པའི་དྲུང་ལ་སོགས་པ་རིག་པ་དྭངས་ཤིང་དཔའ་མོ་མཁའ་འགྲོ་འདུ་བའི་གནས་སུ་རང་ཉིད་སྟན་བདེ་བ་ལ་འདུག་སྟེ་ལུས་གནད་ལེགས་པར་བཅས་ལ། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་བསྒོམ། བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །ཅེས་སོགས་


PS011_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། ཁྱད་པར་དུ་བླ་མ་མགོན་པོ་དབྱེར་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །སྐད་ཅིག་ཉིད་ལ་ཡང་དག་ལམ་སྟོན་པའི། །བླ་མ་རྣམས་དང་རྗེ་བཙུན་སྤྱན་རས་གཟིགས། །མགོན་པོ་དབྱེར་མེད་སྐུ་ལ་གསོལ་བ་འདེབས། །སྒྲིབ་བཞི་དག་ནས་དབང་བཞི་ཐོབ་པར་བྱིན་གྱིས་བརློབས། །ཅེས་སྐྱབས་འགྲོ་སེམས་བསྐྱེད་མང་དུ་བྱེད་པ་གནད་ཡིན། དེ་ནས་རང་གི་སྤྱི་བོ་མགོན་པོ་བཞུགས་བཞིན་བསྐྱེད། དེའི་སྤྱི་བོ་སྤྱན་རས་གཟིགས་ཁ་སར་པཱ་ི། དེའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན། དེའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་རིམ་བཞིན་བསྐྱེད། བླ་མ་མགོན་པོ་དབྱེར་མེད། མགོན་པོ་བླ་མ་དབྱེར་མེད། མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། བདག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྐད་ཅིག་ཉིད་ལ་ཡང་དག་ལམ་སྟོན་པའི། །ཅེས་སོགས་གསོལ་བ་བཏབ་པས་བླ་མ་གོང་མ་རྣམས་འོད་དུ་ཞུ་ནས་འོག་མ་རྣམས་ལ་ཐིམ་པས། བླ་མ་སྤྱན་རས་གཟིགས་


PS011_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། དེ་མགོན་པོ་ལ་ཐིམ་པས་མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར། འུར་འུར་སིལ་སིལ་གར་མཛད་ཅིང་འོད་དུ་མེར་གྱིས་ཞུ་བས་རང་གི་སྤྱི་བོར་ནས་མར་ཐིམ་པས། ལུས་ཀྱི་སྨིན་མཚམས་ཡན་འོད་ཀྱི་གང་། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒྲིབ་པ་དག །བུམ་དབང་ཐོབ། འོད་དམར་བབས། མགྲིན་པ་ཡན་གང་། གསུང་གི་བྱིན་རླབས་ཞུགས། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། འོད་དམར་བབས། སྙིང་ག་ཡན་གང་། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འོད་དམར་བབས། རྐང་མཐིལ་སོར་མོ་ཡན་ཆད་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ཁེངས། ཡོན་ཏན་འཕྲིན་ལས་ཀྱིས་བྱིན་རླབས་ཞུགས། རང་གཞན་ཀུན་གྱི་སྡིག་སྒྲིབ་དང་། རང་གི་རྣམ་སྨིན་ལས་གྲུབ་པའི་ཤ་རུས་སོགས་ཀྱི་ཕུང་པོ་དག་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་རྟོག་པ་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག །དེའི་ལུས་ངག་ཡིད་གསུམ་སྡིག་སྒྲིབ་བག་ཆགས་དང་བཅས་པ་


PS011_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ནས་དབང་བཞི་པ་ཐོབ། དེའི་སྟོང་ཉིད་འོད་གསལ་གྱི་ངང་ལས། རང་ཉིད་སྐད་ཅིག་གིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོངས། ཐམས་ཅད་མགོན་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་གྱུར། གཉིས་པ་དངོས་གཞི་བསྒོམ་པ་ནི། རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་གྲི་གུག་རྡོ་རྗེ་མཚན་པའི་ལྟེ་བར་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱིས་སྡིག་སྒྲིབ་སྦྱོངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་རྡོ་རྗེ་གཅིག་ཤོས་མ་ལ་འཁྱུད་པ་གཡས་བར་པས་ཕྲེང་བ། ཐ་མས་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་བར་པས་རྩེ་གསུམ། ཐ་མས་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། མཆེ་


PS011_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཙིགས་པ། སྨིན་མ་དང་། སྨ་ར་དང་། དབུ་སྐྲ་ཁམ་སེར་གྱེན་དུ་མཁྱིལ་བ། ཐོད་སྐམ་ལྔས་དབུ་རྒྱན་ཅིང་། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་རའི་བྱུགས་ཤིང་། སྤྱི་བོར་མི་བསྐྱོད་པའི་རྒྱས་བཏབ་པ། སྦྲུལ་དཀར་པོའི་མགུལ་རྒྱན། དམར་པོའི་སྙན་ཤལ། ལྗང་གུས་ཕྱག་གདུབ་དང་དོ་ཤལ་བྱས་པ། ནག་པོའི་སྐ་རགས་དང་ཞབས་གདུབ་བྱས་པ། དྲིལ་བུས་གཡེར་ཁས་མཛེས་པ། སྟག་གི་པགས་པ་རློན་པའི་ཤམ་ཐབས་བྱས་པ། དེའི་པང་ན་ཡུམ་རྡོ་རྗེ་གཅིག་ཤོས་མ་ནག་མོ་གཡས་གྲི་གུག་བཟུང་ནས་ཡབ་ལ་འཁྱུད་པ། གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབས་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཡབ་ལ་འཁྱུད་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་མཚམས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་


PS011_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་སྤྱི་བོ་ནས་དབུ་མར་བབས་བདུད་རྩིས་ཆུས་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར། དེ་ནས་ཡབ་ཀྱི་ཐུགས་ཀར་ཉི་མ་ལ་སྙིང་པོ་དང་། ཡུམ་གྱི་ཐུགས་ཀར་ཉི་གདན་ལ་ཨོཾ་ཨཱཿསྭཱ་ཧཱ། ཅེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱའོ། །དེ་ནས་རང་གི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ་རྩ་དབུ་མ་སྦ་ལྕགས་ཙམ་པ། དམར་ལ་སྣུམ་པ་གསལ་ཞིང་དྭངས་བ་ཅིག་བསམ། དེའི་གཡས་ནས་རོ་མ་དམར་མོ་དང་། གཡོན་ནས་བརྐྱང་མ་དཀར་པོས་འཁྱུད་པ། མར་སྣེའི་སུམ་མདོར་རླུང་གི་དཀྱིལ་འཁོར་སྔོན་པོ། ལྟེ་བར་ཉི་གདན་ལ་རཾ་མེ་འབར་བ། ཡར་སྣེ་ཧཾ་དཀར་པོས་བཀག་པ། སྙིང་གར་ཧཱུྃ་སྔོན་པོ་རྣམས་བཀོད་ལ། རླུང་རོ་ལན་གསུམ་བུས་ལ། ལུས་


PS011_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་བསྒུལ་སྤྱོད་བྱས་པས་རོ་བརྐྱང་གཉིས་ལྷོད་ཤིགས་སོ་སོང་ནས་གཡས་གཡོན་གཉིས་ནས་རླུང་རྔུབས་པས་དབུ་མའི་ནང་དུ་སོང་སྟེ། དབུ་མ་སྦོམ་ཞིང་དྭངས་པར་གྱུར། དེ་ནས་རླུང་བཟུང་བས་གསུམ་མདོར་རླུང་གི་དཀྱིལ་འཁོར་གཡོས། ལྟེ་བའི་རཾ་ལ་བུས་པའི་མེ་འབར་བའི་མེ་ལྕེ་དབུ་མའི་ནང་ལ་ཡར་སོང་། སྤྱི་བོའི་ཧཾ་ལ་ཕོག་པས། བྱང་སེམས་ཞུ་བའི་རྒྱུན་མར་བབས། ནོར་བུའི་རྩེར་སླེབས་པ་དང་། བྱང་སེམས་ཀྱི་ལུས་ཐམས་ཅད་སྐྱ་ཆིལ་གྱིས་གང་བ་དང་། ལུས་ཐམས་ཅད་བདེ་བ་ཆེན་པོ་རྒྱས་ཤིང་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་རླུང་བཟུང་། ཡིད་མཉམ་པར་གནས་མི་རྟོག་པའི་ངང་ལ་གནད་ཚད་དུ་མཉམ་པར་ཞོག །བྱང་སེམས་ཕྱིར་འཆོར་བྱུང་ན་ནོར་བུའི་རྩེ་མོའི་ནང་དུ་ཧཱུྃ་དཀར་ལ་དྭངས་པ་གཅིག་གིས་བཀག་པར་བསམ་ལ་སྙིང་གའི་ཧཱུྃ་སྔོན་པོ་ལས་ཧཱུྃ་གཅིག་ཆད་ནས་མར་བྱུང་ཧཱུྃ་དཀར་པོ་འཁྱུད་པར་བསམ། འོག་རླུང་གྱེན་དུ་དྲངས་ལ་


PS011_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བར་བྱ། སྔོན་པོས་དཀར་པོ་འཐེན་པའི་ཚུལ་གྱིས་སྤྱི་བོར་སླེབས་པ་ལ་སེམས་གཏོད། མཐོ་བའི་སྐྱོན་བྱུང་ན་ལྟེ་བའི་མེ་ལྕེ་བྱང་སེམས་ཅུང་ཟད་མར་ཕབས་པ་ལ་སེམས་བཟུང་བས་བགེགས་སེལ་ལོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་ཀྵེ་ཏྲ་པཱ་ལ། ཛི་ན་མི་ཏྲ། ཌཀྐི་རཱ་ཛ། ཏྲགྴད་ནག་པོ་ལ་སོགས་པ་དཀར་དམར་མཐིང་གསུམ། སྐུ་ནས་རེ་རེ་ཙམ་གྲི་གུག་དང་ཐོད་ཁྲག་འཛིན་པ་མང་པོ་སྤྱི་བོ་ནས། རྐང་མཐིལ་གྱི་བར་དུ་ལུས་ཀྱི་གར་སྣ་ཚོགས་བསྒྱུར། དེ་དག་གིས་སྐད་སྣ་ཚོགས་སྒྲོགས་གིན་འདུག་པ་ལ་སེམས་གཏད་ནས་བསྒོམ་པར་བྱའོ། །དེ་ནས་ལྷ་དེ་རྣམས་ཡབ་ཀྱི་རྩ་དབུ་མའི་ནང་དུ་ཞུགས་ནས་གར་སྣ་ཚོགས་བསྒྱུར་ཅིང་། སྐད་སྣ་ཚོགས་སྒྲོགས་པ་ཡབ་ཀྱི་ཤངས་གཡས་ནས་ཐོན། ཡུམ་གྱི་ཤངས་གཡོན་ནས་ཞུགས། རྩ་དབུ་མའི་ནང་དུ་ཞུགས་པས་ཡུམ་གྱི་བྱང་སེམས་དམར་པོ་རྣམས་ཀྱིས་བསྡུས་ཏེ། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་རྣམས། ཡུམ་གྱི་གསང་གནས་ནས་ཐོན། ཡབ་ཀྱི་གསང་གནས་ནས་ཡར་ཞུགས། ཐུགས་


PS011_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཧཱུྃ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཀྱང་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་ནས་མི་དམིགས་པའི་ངང་ལ་རིག་སྟོང་དབྱེར་མེད་འགག་མེད་རང་ཤར་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་བྱའོ། །དེ་ནས་དངོས་གཞི་ལམ་བསྒོམ་པའི་ཞལ་ཤེས་སོ། །གསུམ་པ་རྗེས་བལྟ་བ་བསྐྱང་ཞིང་སྤྱོད་པ་བྱ་བ་ནི། རྫོགས་རིམ་དེའི་ངང་ལས་སྐད་ཅིག་དྲན་རྫོགས་ཀྱི་མགོན་པོའི་སྐུར་ལངས་ལ། འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད། རིག་སྟོང་དབྱེར་མེད་ཀྱི་ངང་དུ་མ་ཡེངས་པར་བྱས་ལ། སྣང་བ་གཟུགས་སུ་གྲུབ་ཚད་མགོན་པོའི་སྐུ། སྒྲ་ཐམས་ཅད་སྙིང་པོའི་རང་སྒྲ། དྲན་རྟོག་ཐམས་ཅད་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལས་མ་གཡོས་པར་སྤྱོད་པ་ནི་མགོན་པོའི་སྤྱོད་པ་སྟེ། དེ་ལྟར་བསྒོམ་པས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། ཞེས་གྲུབ་ཆེན་རཱ་ཧུ་ལ་གསུངས་སོ། །ཞལ་གདམས་ཁྱད་པར་
ཅན་འདི་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་བརྒྱ་ཕུལ་ནས་ཞུས་པ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་ཆིག་བརྒྱུད་ལས་མི་སྤེལ་བར་གདམས་ནས་གནང་ངོ་། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །གུ་ཧྱ་ས་མ་ཡ།འདི་ནི་མཆོག་གྲུབ་ཀྱི་ཤོག་སྦྲེལ་ལོ།

རྫས་སྔགས་ཏིང་ངེ་འཛིན་ལ་བརྟེན་པའི་མགོན་པོའི་རླུང་བསྒྲུབ།


PS011_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགྲ་བོ་ཚར་བཅོད་པའི་རླུང་བསྒྲུབ་པ་གཙོ་བོ་དང་འཁོར་གྱི་ལས་ཚོགས་གཉིས་ཀྱི་དང་པོ་ལ་རྫས་སྔགས་ཏིང་ངེ་འཛིན་ལ་བརྟེན་པའི་མགོན་པོའི་རླུང་བསྒྲུབ་ཀྱི་ལོ་ཐོག་འཛོམས་ཤིང་ཐོག་བབས་པ་བཞུགས་སོ། ཏེ༽ ༈ གཉིས་པ་རྡོར་བཟླས་ཀྱི་ཤོག་དྲིལ་གཞན་དུ་གསལ། །གསུམ་པ་དགྲ་བོ་ཚར་བཅོད་པའི་རླུང་བསྒྲུབ་ལ། གཙོ་བོ་དང་འཁོར་གྱི་གཉིས། དང་པོ་ལ། ལོ་ཏོག་འཛོམས་ཤིང་ཐོག་དབབས་དང་། སྦོས་ཏེ་བད་པའོ། །དང་པོ་ནི། ཤ་བ་རི་དབང་ཕྱུག་གི་རྒྱུད་ནས་ཕྱུང་སྟེ་གུཔྟ་བཛྲ་ལ་གནང་། དེས་ཁྱུང་པོ་ལ་གྱོགས་པོའི་བྲག་ཏུ་གནང་། དེ་ཉིད་ཀྱི་སྐུ་རགས་ཀྱི་ཐིམ་ཁུང་ནས་བྱུང་བ་འདི་ལྟར་རོ། །ཡེ་ཤེས་མགོན་པོའི་ཏིང་འཛིན་གྱིས། །རཱ་ཧུ་ལ་དང་སྡེ་བརྒྱད་རྣམས། །དམིགས་


PS011_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀུག་ལ་མདུན་དུ་བཞག །གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ། །མི་མེད་མཛེ་ཕོ་ལྐུག་པའི་ཁྲག །བ་ར་དཀར་གྱི་འོ་མ་སྦྱར། །རྡོ་ལེབ་སྟེང་དུ་ཨེ་ཝཾ་བྲིས། །དེ་དབུས་མཐོ་བསྐོར་ས་བོན་བཀོད། །དྲག་པོའི་བུད་ཤིང་བརྩེགས་པར་བྱ། །གར་དམིགས་ཟག་པས་སྔགས་བརྗོད་བྲི། །ཡུལ་གྱི་ཕྱོགས་སུ་བཟླས་པར་བྱ། །བ་ལིཾ་གྲི་ཤིའི་ཁྲག་གི་བྱུག །ལྕེ་འབེབས་ཤིང་གི་གྲི་གསུམ་ལ། །གོང་རྫས་བྱུགས་པས་ངར་ཡང་བླུད། །ལོང་ལ་སྔགས་བྲིས་རྩེ་རུ་བཙུགས། །ཡུངས་ཀར་ནག་ཚང་བ་གསུམ་ར་དུག་པར་ད་དུ་ར་ཡི་འབྲུས་མི་ཡི་ཤ་ཚིལ་རྣམས། །གཡས་སུ་ཐུན་རྫས་བཞག་པར་བྱ། །གཡོན་དུ་ལྕགས་སམ་རྡོ་ལེབ་ལ། །སྔར་གྱི་ཁུ་བས་སྔར་བཞིན་བྲི། །ས་བོན་སྟེང་དུ་རང་གཏོར་བཞག །བགེགས་དང་གཟའ་གཉིས་བརྗེ་བ་ཤེས། །ཡུལ་བདག་གཏོར་མ་བཀའ་བསྒོ་ཞིང་། །ཐབས་ནི་བསང་སྦྱངས་སྟོང་པའི་ངང་། །ཆོ་ག་གསུམ་ལས་གཙོ་བོ་བསྐྱེད། །སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར། །ཆོ་ག་བཞིན་དུ་དགུག་གཞུག་བྱ། །དཔལ་འབར་གཙུགས་ལ་མེ་ཡང་སྦྱར། །
ཐུན་རྫས་བསྲེག་ཅིང་སྔགས་འདི་བགྲང་། །ཆུ་ཤིང་ཕུར་པའི་རྩེ་མོ་ལ། །ཐོག་མེད་ལ་སྦྱར་སྙིང་གར་ཟུག །ཟུག་པས་ལིང་ག་བྱུགས་པ་ཅེས། །སྐུ་ཡི་ལྷ་གཏོར་ཞབས་སུ་བཅུག །མང་ཉུང་རིག་པས་དཔྱད་པར་བྱ། །ལོ་ཐོག་འཛོམས་ན་མི་དགོས་སོ། །གཏོར་མ་ཕུལ་ལ་མེར་བསྲེགས་ཏེ། །དེ་དང་དུས་མཉམ་རང་ལངས་ལ། །རཱ་ཧུ་ལ་ནི་ཞབས་ཀྱི་ཕུལ། །དྲེག་པའི་དམག་ཚོགས་དེར་འགྲོ་ནས། །ལོ་ཐོག་འཛོམས་པའི་ལས་མཛད་གྱུར། །དྲི་ཟ་ཅན་གྱིས་གཏོར་མ་དེ། །ལྷར་བསྐྱེད་དགྲ་ཡུལ་མཐོང་བར་འཕངས། །ཕྱི་མིག་མི་བལྟ་རང་ཡུལ་ལོག །སེར་བསྲུང་ལིངྒ་སྔགས་ཀྱི་མནན། །རྒྱ་གྲམ་ལམ་གྱི་གཞི་མདོ་སྦ། །མེ་ལྕེ་ས་ཡི་མན་ངག་ནི། །གང་དུ་བསྟན་པ་དེ་རུ་ཤེས། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་བཞུགས་གསལ་ནས་དག་པར་བྱས། །ས་མ་ཡ། གུ་ཧྱ། ༈ འདི་ལོ་ཐོག་འཛོམས་པའི་ཤོག་སྦྲེལ་ལོ།

མི་བརྗིད་བུ་བརྟེན་ནས་མགོན་པོའི་རླུང་སྒྲུབ།


PS011_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

༈ མི་བརྗིད་བུ་བརྟེན་ནས་མགོན་པོའི་རླུང་སྒྲུབ་ཀྱིས་སྦོས་ཏེ་བསད་པ་བཞུགས་སོ། ཐེ༽ ༈ གཉིས་པ་སྦོས་ཏེ་


PS011_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་ནི། །མ་ཧཱ་ཀཱ་ལ་ན་མོ། ཡེ་ཤེས་མགོན་པོའི་ལས་སྦྱོར་ལ། །སྐྱེ་བུ་གཡུལ་དུ་བསད་པ་ཡི། །ལག་པའི་བྲང་བ་རྒལ་བ་ནས། །བུག་རལ་མེད་པ་བཤུས་ནས་སུ། །ལིངྒ་སྔགས་ཅན་བྲིས་པ་ལ། །ལྷ་དང་ཕྲལ་མན་ངག་བྱེད། །ཟག་རྫས་བྱུགས་ལ་ནང་དུ་བཅུག །ཁྱི་སྨྱོན་རུས་པའི་ལེགས་པར་བསྡམས། །བྷ་སུ་ཏ་ཡི་སྣེ་ཡིག་དྲངས། །གྲི་ལྕགས་རྩེ་གསུམ་ཧཱུྃ་གི་མཚན། །གཟུངས་ཐག་ཚད་མ་སྣེ་མོ་ནི། །ལྷག་གཏེར་ཚང་ལ་བཏགས་པར་བྱ། །ཆོས་འབྱུང་ནག་པོའི་ནང་དུ་ཞུག །ཁ་རུ་རུས་ཆེན་རྩང་གིས་བསྐོར། །དེ་གཡག་ཁྱི་ཡི་སྤུ་དང་ནི། །ཆི་སྐྲའི་སྐུད་པ་རྒྱ་རུ་བྲེས། །རང་ཉིད་ཡེ་ཤེས་མགོན་པོ་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཁྲི་ཕྲག་གཅིག་གི་དྲག་སྔགས་བཟླས། །འཕྲལ་གཏོར་གཤོས་བུ་ཟུར་གསུམ་ལ། །ལས་དྲུག་བྱས་ལ་འཕྲལ་གཏོར་འབུལ། །བསྟོད་པ་བྱས་ལ་ཕྲིན་ལས་བཅོལ། །དེ་ནས་བདག་མདུན་གཉིས་ཀ་ལ། །ས་བོན་ཉིད་ལས་སྤྲོས་པ་ནི། །མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྩེ་
གསུམ་གཡོན་པ་ནི། །ཞགས་པ་ནག་པོ་བསྣམས་ནས་ནི། །སྒྲུབ་བྱའི་མདུན་རྒྱབ་གནས་གསུམ་དུ། །མཚོན་གྱི་བསྣུན་ལ་ཞགས་པ་ཡིས། །ཞགས་པས་མགྲིན་པ་བསྡམས་ནས་སུ། །མགོན་པོ་གཉིས་ཀྱི་ཐེན་པར་བསམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲེམ་ཁྲམ་ཏ་བིགྷན་ན་བི་ནཱ་ཡ་ཀཱ་ཚོཾ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །གཟུངས་ཐག་རྒྱུད་ལ་ཕུ་ཡི་གདབ། །ཐུན་འཇོག་ཚེ་ན་གཏོར་མ་གཏང་། །སྔོན་དུ་བསྙེན་པ་ཐེངས་པ་ཡིས། །ཞག་གསུམ་ཉིད་ནས་ལས་འགྲུབ་འགྱུར། །འདི་ལ་ཟབ་པའི་ལས་སྦྱོར་ནི། །མགོན་པོ་འདི་ཡི་ལུགས་ལ་མེད། །རིན་ཆེན་བརྩོན་འགྲུས་ཁྱོད་ལ་གཏད། །ཅེས་སོ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །སྦོས་ཏེ་བསད་པའི་ཤོག་སྦྲེལ་ཏེ་དང་པོའོ། །

ལྷ་མོའི་རླུང་སྒྲུབ།


PS011_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་རླུང་སྒྲུབ་ལ་མི་དབང་སྙིང་ཤུན་ལ་བརྟེན་པའི་ལྷ་མོའི་རླུང་སྒྲུབ་ཀྱི་ཕ་རོལ་ཁྲག་ནད་ཀྱི་ཕུང་བ་བཞུགས་སོ།། དེ༽ ༈ གཉིས་པ་འཁོར་གྱི་རླུང་སྒྲུབ་ལ། །མ་ཧཱ་ཀཱ་ལ་ན་མོ། ལས་མཁས་གཙོ་བོ་ལྷ་མོ་ཡི། །རླུང་གི་སྦྱོར་བ་འདི་ལྟར་རོ། །མི་དབང་


PS011_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་ཤུན་པ་རུ། །གཏད་ཀྱི་སོལ་ལམ་ཐལ་བ་དང་། །དྲེལ་དང་ལུག་ཁྲག་སྦྱར་ནས་ཀྱང་། །ལིངྒ་སྔགས་བཅས་བྲིས་ནས་སུ། །ཟག་པ་བྱུགས་ལ་ནང་དུ་བཅུག །མི་དབང་རྐང་གི་ཐུན་དང་སྦྱར། །ཐོད་པ་མཚན་ངན་ནང་དུ་བཅུག །རེ་བ་ནག་པོའི་བསྟན་ལ་བཞུག །གྲི་སོལ་དུག་ཁྲག་བོང་གསེབ་གཅིན། ཁྱི་ར་ཕག་དང་ལྕེ་སྤྱང་ཤུན། །མུ་ཟི་དཀར་ནག་གུ་གུལ་ནག །རམ་དུག་སྒོག་གསུམ་ཐོད་པ་བཀང་། །ཡུག་པའི་ངོར་རྟའི་གུར་ཡང་ཕུབས། །རང་ཉིད་ཡེ་ཤེས་མགོན་པོ་བསྐྱེད། །བསིལ་བའི་ཚལ་ནས་སྤྱན་དྲངས་ལ། །གཤིན་རྗེ་གཤེད་ཀྱི་གཟི་མདངས་བསྐྱེད། །འབྱུང་བཞི་ཕྱེད་གཉིས་ལྕགས་སྣོད་དུ། །ཆོ་ག་གསུམ་ལས་ལྷ་མོ་བསྐྱེད། །ལྷ་མོ་སྤྱན་དྲངས་དེ་ལ་བསྟིམ། །ཐུན་བར་གྲི་ལྕགས་ཐུན་རྣམས་དཀྲུག །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་མདུན་གྱི་ལྷ་མོ་བསྐུལ། །ལྷ་མོ་ཁྲོས་ནས་དུག་རླང་གིས། །དགྲ་བོ་མྱོས་པར་བསམ་ནས་ཀྱང་། །ཐུན་གྱི་ལེགས་པར་བྲབ་ནས་སུ། །ལྷ་མོ་དཔག་མེད་སྤྲོས་ནས་ཀྱང་། ཁ་ནས་ཁོག་
སར་ཞུགས་ཚེ་ན། །རལ་གྲི་སྲོག་རྩ་རྦད་ཀྱིས་བཅད། །སྙིང་ཁྲག་དམར་པོ་ཞལ་དུ་གསོལ། །བྷྱོ་མ་མོ་ནག་མོ་བེ་ཏ་ལི་སིནྟ་ཀུ་ལུ་ཀུ་ལུ་མ་ཧཱ་བ་ལིངྟ་ཆོཾ་མཱ་ར་ཡ་ཧཱུྃ་ཕཊ། ལྷ་མོའི་གཏའ་གཏོར་བྱིན་གྱིས་རླབས་ལ། །འཕྲལ་གཏོར་རྒྱུན་དུ་འབུལ་བ་གཅེས། །འབོད་རྦད་བསད་གསུམ་འདི་ན་མེད། །རང་གི་སྙིང་གར་ཆོས་འབྱུང་ནང་། །ལྷ་མོ་ཚོན་གང་འབྲལ་མེད་བསམ། །འདི་ནས་མི་བརྗེད་དམ་ཚིག་བསམ། །ཞག་བདུན་བར་དུ་དྲིལ་བ་ནི། །ཁྲག་ནད་ཀྱི་ནི་ཕ་རོལ་ཕུང་། །མི་ཏྲིས་ལས་སྦྱོར་མཛད་པ་ལས། །འདི་ལས་ཟབ་པ་མེད་དོ་ཞེས། །གུཔྟ་བཛྲ་གསུངས་ནས་ཀྱང་། །ལྷ་མོའི་སྙིང་ཤུན་མན་ངག་འདི། །རིན་ཆེན་བརྩོན་འགྲུས་ཁྱོད་ལ་གཏད། །ཅེས་གསུངས་སོ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །ལྷ་མོའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ལོ།

དོམ་གྱི་ཆུ་འཛིན་ལ་བརྟེན་པའི་རླུང་སྒྲུབ།


PS011_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

༈ དོམ་གྱི་ཆུ་འཛིན་ལ་བརྟེན་པའི་རླུང་སྒྲུབ་ཀྱི་རབ་ཞག་བདུན་འབྲིང་བརྒྱད་ཐ་མ་དགུ་ལ་དགྲ་བོ་འགུམ་པར་བཞུགས་སོ།། ནི༽ མ་ཧཱ་ཀཱ་ལ་ན་མོ། ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ལ། །དོམ་


PS011_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་འཛིན་ནང་དུ་ནི། །ལིངྒ་སྔགས་བཅས་བྲིས་ནས་སུ། །སྙིང་གར་མི་རུས་སྔགས་ཀྱིས་བསྐོར། །དུག་ཁྲག་ཟག་རྫས་བྱུགས་ནས་སུ། །བ་སུ་ཏ་ཡིས་གཟུངས་ཐག་ནི། །གྲི་རུས་གྲི་གུག་སྐེད་སྣེར་སྦྱར། །སྐྱེར་པའི་ཕུར་པ་མཛུབ་གང་ལ། །གྲི་ལྕགས་ངར་གླུད་དེ་ལ་ནི། །གཟུངས་ཐག་སྣེ་མོ་བཏགས་པ་གཅེས། །དོམ་སེན་སྣེ་ཕུག་ཡུག་སྐྲས་བསྡམས། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་བསྐྱེད་པ་ལ། །དགྲ་བོའི་བུ་ག་ཞགས་པས་བསྡམས། །གྲི་གུག་ཀུན་གྱི་སྲོག་རྩ་བཅད། །སྙིང་ཁྲག་ཐམས་ཅད་ཞལ་དུ་གསོལ། །གཙོ་བོའི་བསྙེན་པ་ཁྲི་ཕྲག་གཅིག །རང་གི་ཐུགས་ཀའི་ཧཱུྃ་ལས་ནི། །འོད་འཕྲོས་ལས་མཁན་བསྐུལ་བར་བསམ། །ཨོཾ་ཀྵེ་ཏྲ་པཱ་ལ་བིགྣན་ཆོཾ་མཱ་ར་ཡ་ཧཱུྃ་ཕཊ། །ཞག་བདུན་བར་དུ་བསྒྲུབ་གྱུར་ན། །རབ་ནི་བདུན་ལ་འབྲིང་ནི་བརྒྱད། །ཐ་མ་ཞག་དགུའི་ནང་དུ་འགུམ། །གཏོར་མ་ཕུལ་ཞིང་ཕྲིན་ལས་བཅོལ། །ཞིང་སྐྱོང་ལས་སྦྱོར་མང་ཡོད་ཀྱང་། །འདི་ལས་ཟབ་པ་ང་ལ་མེད། །དེ་ཕྱིར་སྙིང་གི་བུ་ལ་གཏད། །མང་ཐོས་
དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །ཀྵེ་ཏྲ་པཱ་ལའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་གཉིས་པའོ།།

ཛི་ན་མི་ཏྲའི་རླུང་སྒྲུབ།


PS011_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལུགས་ནག་གཅན་གཟན་གྱི་བསད་པའི་རྒྱུ་མ་བསྟེན་པའི་ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཉིན་མཚན་གོ་ལྡོག་སྟེ་ཚ་གྲང་ནད་ཀྱི་བསད་པ་བཞུགས་སོ།། པེ༽ ༈ མ་ཧཱ་ཀཱ་ལ་ན་མོ། ཛི་ན་མི་ཏྲའི་ལས་སྦྱོར་ནི། །རླུང་སྒྲུབ་མགྱོགས་པ་འདི་ལྟ་སྟེ། །ལུག་ནག་གཅན་གཟན་གྱིས་བསད་པའི། །རྒྱུ་མ་ཤན་པས་དད་པའི་ནང་། །ལིངྒ་སྔགས་ཅན་བཅུག་ནས་ནི། །གྲི་ལྕགས་ཁབ་ཀྱི་སྣེ་ཕུག་ལ། །བ་སུ་ཏ་ཡི་གཟུངས་ཐག་དྲངས། །དེ་ཉིད་ཀྱི་ནི་ཁྱད་པར་ཤེས། །གཟུངས་ཐག་སྣེ་མོ་གྲི་ཁྲག་གིས། །ངར་གླུད་ཤིང་ནག་ཕུར་ལ་བཏགས། །ལྕེ་སྤྱང་རུས་པའི་ཁ་བསྡམས་ལ། །མཛོ་རྒོད་རྭ་ཡི་ནང་དུ་བཅུག །ཡུག་པའི་དོར་རྟས་ཁ་བཀབ་ལ། ཁྱི་སྤུ་ར་བལ་སྐུད་པས་བསྡམས། །དུག་ཁྲག་ཐལ་ཆེན་ཕྱི་ནས་བྱུགས། །ནང་དུ་བྱི་ལའི་བྲུན་ཀྱང་བཅུག །སྟེང་དུ་གཏའ་གཏོར་བཅས་ནས་ནི། །བྱིན་གྱིས་རླབས་ནས་འཇོག་པ་ཅེས། །འཕྲལ་གཏོར་ཕུལ་ལ་ཕྲིན་ལས་


PS011_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཕུར་པ་ཆོ་ག་གསུམ་ལས་ནི། །ལས་ཀྱི་མགོན་པོར་གཞུང་བཞིན་བསྐྱེད། །རང་གི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ལས་མགོན་གནས་ནས་བསྐུལ། །ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆོཾ་མཱ་ར་ཡ་ཧཱུྃ་ཕཊ། །དུག་དང་གཡག་ནག་སྙིང་གིས་ཁྲག །དམ་ཉམས་སྔགས་པ་གྲི་རུ་ཤི། །ཁྲིམས་ཉམས་བནྡྷེའི་ཟག་པ་ནི། །བྱང་ལྟའི་ཆུ་མིག་ཆུ་བླངས་ལ། །བུང་པོ་ནག་པོའི་སྒང་ཕུག་བླུགས། །སྔགས་ནས་གཟུངས་ཐག་བརྒྱུད་ལ་བཏགས། །ལིངྒ་འཇིགས་ཐམ་ཕ་རོལ་ལ། །འོག་སྒོ་གཉིས་ནས་རླུང་ཞུགས་ཏེ། །སྙིང་ནང་རླུང་གི་ཞུགས་གྱུར་ནས། །ཉིན་དང་མཚན་མོ་གོ་ལོག་འགྱུར། །དེ་ནས་མེ་ཆུའི་སྦྱོར་བ་ཡིས། །ཚ་གྲངས་ནད་ཀྱིས་བསད་པར་འགྱུར། །ཁྲི་ཕྲག་གཅིག་གི་ནི་གཙོ་བོའི་སྔགས། །ཞག་གསུམ་དུག་ཆུའི་སྦྱོར་བ་སྟེ། །འདི་ལས་ཟབ་པའི་མན་ངག་མེད། །དེ་ཕྱིར་བཀའ་བབས་བུ་ལ་གཏད། །ཅེས་བྱ། མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་
པར་བྱས། །ཛི་ན་མི་ཏྲའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་གསུམ་པའོ།

ལྟེ་ཁུང་ནག་པོ་དང་ཟངས་ཁབ་ཀྱི་སྦྱོར་བར་བརྟེན་པའི་ཌཱཀྐི་རཱ་ཛའི་རླུང་སྒྲུབ་ཀྱིས་ཞག་གསུམ་ནས་བསད།


PS011_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་ཁུང་ནག་པོ་དང་ཟངས་ཁབ་ཀྱི་སྦྱོར་བར་བརྟེན་པའི་ཌཱཀྐི་རཱ་ཛའི་རླུང་སྒྲུབ་ཀྱིས་ཞག་གསུམ་ནས་བསད་བཞུགས་སོ།། ཕེ༽ ༈ མ་ཧཱ་ཀཱ་ལ་ན་མོ། གཤིན་རྗེའི་མན་ངག་མཐར་ཐུག་པ། །ལྟེ་ཁུང་ནག་པོའི་ནང་དུ་ནི། །ཚ་བ་གསུམ་གྱིས་ལེགས་པར་བྱུགས། །ཕྱི་རུ་དུག་ཁྲག་སྦྱར་བས་བྱུགས། །ལིངྒ་སྔགས་ཅན་ཆུ་ཤུལ་པ། །དྲི་མ་སྦྱར་བ་ནང་དུ་བཅུག །བྱི་ལ་ནག་པོའི་ཐོད་པའི་ནང་། །ཐུན་རྫས་བཀང་བའི་དེ་དབུས་སུ། །ལྟེ་ཁུང་གིས་སྐྲས་དྲེལ་བ་བཞག །ཕག་རྒོད་རྔ་མོང་ར་སའི་སྤུ། །པུ་ཤུད་སྲིན་བྱ་ཀྱུང་ཀའི་སྒྲོ། །ཁྱི་ར་ཕག་གི་བྲུན་རྣམས་ནི། །མཐིལ་དུ་བཅུག་ཅིང་ལོག་ལ་བརྒྱན། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །འཕྲལ་གཏོར་འབུལ་ལ་ཕྲིན་ལས་བཅོལ། །སྔགས་ཀྱི་བཟླས་པ་ཁྲི་ཕྲག་གཅིག །ཐོད་པར་ལས་ཀྱི་མགོན་པོར་བསྐྱེད། །ཐུན་གྱི་བྲབ་ལ་སྔགས་འདི་བསྒྲངས། །ཨོཾ་ཌཱཀྐི་རཱ་ཛ་ས་མ་ཡ་བྷྱོ། །ཆོཾ་མ་རུ་ཡ་ཧཱུྃ་ཕཊ། །ནང་དུ་འོད་དང་མགོན་པོར་འབར། །བྱ་སྒྲོ་གཟིངས་ནས་མེ་སྟག་འཕྲོ། །ཐུག་ཆོཾ་འུར་སྒྲ་སྣ་ཚོགས་འབྱུང་། །དེ་ནས་དྲི་རོས་ཕྱེ་
མ་ཡི། །ལྟེ་ཁུང་ཕྱུང་ལ་ཐུན་གྱིས་བྲབ། །ཟངས་ཁབ་སྦྱོར་བས་སྲོག་དང་ཕྲལ། །ལྟེ་ཁུང་དེ་ཉིད་སླར་ཡང་བཅངས། །ཉི་མ་གསུམ་ལས་འགྲུབ་པར་འགྱུར། །ཌཀྐི་རཱ་ཛའི་ལས་སྦྱོར་འདི། །ཀུན་ཀྱང་ཐུན་མོང་མ་ཡིན་ཀྱང་། །སྲས་ཀྱི་དམ་པ་ཁྱོད་ལ་གཏད། །ཅེས་གསུངས་སོ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །ཌཀྐི་རཱ་ཛའི་རླུང་སྒྲུབ་ཀྱི་ཤོག་དྲིལ་ཏེ་དང་པའོ།

ནག་པོ་རྟའི་ཆུ་འཛིན་ལ་བརྟེན་ནས་བདུད་ཀྱི་སྐྱེ་བུ་ཏྲགྴད་ཀྱི་རླུང་སྒྲུབ་ཀྱིས་ཞག་གསུམ་ན་གསོད་པ།


PS011_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་རྟའི་ཆུ་འཛིན་ལ་བརྟེན་ནས་བདུད་ཀྱི་སྐྱེ་བུ་ཏྲགྴད་ཀྱི་རླུང་སྒྲུབ་ཀྱིས་ཞག་གསུམ་ན་གསོད་པ་བཞུགས་སོ།། བེ༽ ༈ མ་ཧཱ་ཀཱ་ལ་ན་མོ། བདུད་ཀྱི་སྐྱེས་བུའི་མན་ངག་ལ། །ནག་པོ་རྟའི་ཆུ་འཛིན་དང་། །དུག་དང་ཁྲག་གིས་ལེགས་པར་བྱུགས། །རེ་བ་ནག་པོའི་ནང་དུ་བཅུག །བྱ་ནག་སྒྲོ་རྩ་སྦུ་གུར་སྦྱར། །སྣེ་མོ་ཆུ་ཤིང་ཕུར་པར་བཏགས། །དམར་ནག་ཨེ་ཡི་ནང་དུ་བཅུག །གཡུལ་བསད་རུས་པའི་ཙང་གིས་བསྐོར། །སྔོ་དམར་བསྣལ་མའི་རྒྱ་རུ་བྲེ། །ལིངྒ་སྔགས་བཅས་ཟག་པས་བྱུགས། །མི་ལྟེབས་ཤི་སྐྲས་རྒྱ་གྲཾ་བསྡམས། །སྣེ་


PS011_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྦུ་བར་གསང་བ་ཤེས། །ཕུར་པ་བདུད་ཀྱི་མགོན་པོར་བསྐྱེད། །གཡས་པས་རྩེ་གསུམ་འབར་བ་ཡིས། །རྩེ་གསུམ་དག་གིས་བསྣུན་པར་བསམ། །གཡོན་པ་བདུད་ཞགས་ནག་པོ་ཡིས། །དབང་པོའི་སྒོ་རྣམས་བསྡམས་པར་བསམ། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །བཟླས་དང་གཏོར་མ་ཕྲིན་ལས་བཅོལ། །ལས་ཀྱི་མགོན་པོར་གཏོར་མ་ཡང་། །གཏོར་ཆེན་བཞིན་དུ་འབུལ་བར་བྱ། །རང་གི་བཀའ་ནི་བསྒོ་བ་ཡི། །སྔགས་འདི་ཞག་གསུམ་བར་དུ་བགྲང་། །ཨོཾ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲག་ཤད་དུ་ཏྲི་མ་རཱ་ནི་ཛ་ཛ་རཱ་ཛ་དྷི་ཤ་དུར་མ་རཱ་ནི་ཁུག་ཁུག་ཆོཾ་ནི་ཨ་ཀྵར་ཡ་ཛ་ཛ་མ་ཧཱ་ཀཱ་ལ་རུས་པ་རུས་པ་ཤ་ཏྲུཾ་ནན་ཚལ་པ་ནན་མ་ར་ཡ་ནན། རླུང་གི་སྦྱོར་བས་སྦོས་པར་འགྱུར། །གྲི་ལྕགས་མཚོན་གྱི་སྲོག་རྩ་གཅོད། །ཞག་གསུམ་ཉིད་ནས་འགྲུབ་པར་འགྱུར། །ལས་མགོན་ཀུན་གྱིས་བཅུད་བསྡུས་ནས། །རིན་ཆེན་བརྩོན་འགྲུས་ཁྱོད་ལ་གཏད། །གཞན་ལ་མ་སྤེལ་ཆིག་བརྒྱུད་ཀྱིས། །གསེར་སྲང་གསུམ་གྱི་བཀའ་རྒྱ་ཡོད། །མང་པོ་སྤེལ་ན་དམ་ཚིག་ཉམས། །སྤེལ་བྱེད་དམ་ཉམས་སྙིང་ཁྲག་དེ། །ཏྲག་ཤད་ནག་པོའི་
ཞལ་དུ་གསོལ། །འདི་ནི་ལས་སྦྱོར་ཐམས་ཅད་ཀྱི་སྙིང་པོ་སྣང་བས། །བདག་གིས་ཀྱང་ཉམས་སུ་བླངས་ཤིང་ཐག་ཆོད་པར་བྱས་ཏེ། །རྣལ་འབྱོར་པ་དགེ་ལེགས་དཔལ་བཟང་པོས་དག་པར་བྱས་པའོ། །བདུད་མགོན་ཏྲག་ཤད་ཀྱི་རླུང་ཤོག་དྲིལ་ཏེ་དྲུག་པའོ། །མན་ངག་འདི་ནི་སྲོག་ལས་གཅེས། །དགོས་འདོད་འབྱུང་བའི་ནོར་བུ་སྟེ། །སྲོག་འཕྲོག་དུག་མདའ་ནག་པོ་ནི། །ལོག་ལྟ་དགྲ་བོའི་གཤན་པ་ཡིན། །དེ་ཕྱིར་ཁོ་བོས་བརྩོན་པས་བཙལ། །གཞན་ལ་སྤེལ་བའི་ཐབས་མེད་ཀྱང་། །མགོན་པོ་ཉིད་ཀྱི་རྗེས་བཟུང་ཕྱིར། །བློ་ལྡན་ཉོང་སྟོན་ཁྱོད་ལ་གཏད། །ཆིག་བརྒྱུད་ཀྱི་ས་ལ་བསྟན་པ་བསྲུངས། །ཆོས་དང་མི་མཐུན་གཞན་དག་ལ། །ངོ་གར་སྟེར་ན་སྟེར་བྱེད་དེ། །མགོན་པོ་འཁོར་དང་བཅས་པ་ཡིས། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཅིག །ས་མ་ཡ།

གཙོ་འཁོར་ཡོང་རྫོགས་ཀྱི་རླུང་སྒྲུབ། ཆོས་རྗེ།


PS011_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་ཡོང་རྫོགས་ཀྱི་རླུང་སྒྲུབ་ཀྱི་སྔགས་གབ་སྦས་ཕྱོགས་གཅིག་ཏུ་མཁས་གྲུབ་ཆོས་རྗེ་བསྒྲིགས་པ་བཞུགས་སོ།། མེ༽ ༈ མ་ཧཱ་ཀཱ་ལ་ན་མོ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་གཙོ་འཁོར་ཡོངས་སུ་རྫོགས་པའི་རླུང་སྒྲུབ་ཕྱོགས་


PS011_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྟན་པ། དེའི་སྔགས་ནི་མན་ངག་འདི་ལྟ་སྟེ། གཙོ་བོའི་སྔགས་མ་ཆོཾ་འཇུག་ཏུ། །མ་ཧཱ་ཀཱ་ལ་ཤ་ཏྲུཾ་བེ་དྷེ་ཤ་ཡ་བེ་དྷེ་ཤ་ཡ་ཆཾ་ལ་རྦུད་རྦུད། སྲོག་ཚལ་པ་རྦད་མ་ཧཱ་ཀཱ་ལ་ཧབ་ཤ་དུན་ཙིཏྟ་བཾ་རིལ་རྦད་ཅེས་པ་ནི་གཙོ་བོའི་སྔགས་སོ། ༈ །ལྷ་མོའི་སྔགས་ཀྱི་འཇུག་ཏུ་མ་མ་རཀྵ་རྦད་རྦད་ཁ་ལ་རག་རྦད་རྦད་མ་མོ་ཁ་ལ་རག་ཤ་ཡེ་ཙིཏྟ་བཾ་རིལ་ཐུཾ་ཐུཾ་ཤིག་ཤིག་ཀེ་ཏྲ་ཡེ་ཆོཾ་ལ་ཤུར་ཤུར་ཐེར་པ་ལ་ཁུག་ཨ་མ་མོ་བྷྱོ་རྦད་ཅེས་པ་ནི་ལྷ་མོའི་སྔགས་ཏེ་གཉིས་པའོ། །ཀྵེ་ཏྲ་པ་ལའི་སྔགས་ཀྱི་ཧཱུྃ་ཕཊ་ཀྱི་རྗེས་སུ། །མ་ཧཱ་ཀཱ་ལ་ཡ་ཡག་ཤ་དཾ་ཉམས་འདིའི་སྲོག་རྩ་ལ་རྦུད་རྦུད་ཐུཾ་ཐུཾ་ཤིག་ཤིག་ཅེས་པ་ནི་ཀྵེ་ཏྲ་པ་ལའི་སྔགས་ཏེ་གསུམ་པའོ། །ཛི་ན་མི་ཏྲའི་སྔགས་ཀྱི་ཆོཾ་ལའི་འཇུག་ཏུ། །མ་ཧཱ་དེ་བ་ཧྲི་ཧྲི་ཆཾ་ཏྲེཾ་ཛ་ཏྲེཾ་ཤག་ཤག་ཐུཾ་ཐུཾ་ལོ་ཀ་པཱ་ལ་ཆཾ་གཟིར་གཟིར་རྦུད་རྦུད་རྦད་རྦད་ཁུག་ཁུག་ཛ་ཛ་ཅེས་པ་ནི་ཛི་ན་མི་ཏྲའི་སྔགས་ཏེ་བཞི་པའོ། ༈ །ཌཀྐི་ར་ཛའི་སྔགས་ཀྱི་ཆོཾ་འཇུག་ཏུ་ཙིཏྟ་ལ་ཡང་ཡང་དྷ་རྦུད་དྷ་རྦུད་ཆཾ་རཾ་རཾ་ཙིཏྟ་ས་ལ་ཡ། མ་ར་ཙ་རྦད་རྦད་རྦུད་རྦུད་ཐུཾ་ཐུཾ་ཤིག་ཤིག་ཛ་ཛ་ཅེས་པ་ནི་ཌཀྐི་ར་ཛའི་སྔགས་ཏེ་ལྔ་


PS011_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཏྲག་ཤད་ཀྱི་སྔགས་ཀྱི་ཡ་སོགས་བདུན་གྱི་རྗེས་སུ་ཐོག་ཆོཾ་ཡེར་རྦད་ར་ཙ་ཏྲི་ཤུ་དུན་དུན་རྦུད་རྦུད་སྙིང་ཁྲག་ལ་རྦད་རྦད་མ་ར་ནི་དུན་དུན་ཛ་ཛཿཏྲི་མཱ་ར་ནི་དགྲ་བོ་ཁུག་ཁུག་ཏྲག་ཤད་ཛ་དུན་རྦད་ཅེས་པ་ནི་ཏྲག་ཤད་ཀྱི་སྔགས་ཏེ་དྲུག་པའོ། །ཅེས་རླུང་སྒྲུབ་ཀྱི་སྔགས་ཕྱོགས་གཅིག་ཏུ་སྒྲིགས་ཏེ། །བཙུན་པ་དགེ་ལེགས་དཔལ་བཟང་པོས་དག་པར་བྱས་པའོ། ༈ །ཤོག་དྲིལ་རྣམས་ཀྱི་ཟུར་འདེབས་ནི། །སྙིང་ཁྲག་གི་ཤོག་དྲིལ་དྲུག་ལ། ༈ གཙོ་བོའི་སྐབས་སུ་རྩ་སྔགས་ཤམས་བུ་ཅན་ཅི་ལྟར་ཅེས་པ་ནི། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཀྵིཾ་ཀྵེ་ཏྲ་བིགྣན་བི་ན་ཡ་ཀ་དགྲ་བོ་ཆོཾ་མ་ར་ཡ་ཧཱུྃ་ཕཊ། ཅེས་པའོ། །སྭཱ་ཧཱ་དོར་བའོ། ༈ །བདེན་སྟོབས་ནི་རབ་གནས་གཅེས་པ་གང་ཡིན་གཅེས། །ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་ཅེས་སོགས་བསྲུང་བཟློག་བསད་གསུམ་བཟློག་པའི་དུས། ཐལ་མོ་བརྡབ་པའི་སྐབས་ན་ཡོད་པ་དེ་ལ་ལྟོས། །དེ་འཁོར་ལོ་ལ་ཚིག་གོང་མའི་རྗེས་སུ། །བདག་ལ་སྡང་ཞིང་གནོད་པར་བྱེད་པའི་དགྲ་བགེགས་ཆོཾ་འདི་མྱུར་དུ་


PS011_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ཤིག །ཅེས་པའོ། །དེ་ལ་རབ་གནས་ཟེར་བ་ཡིན་ནོ། ༈ །ལྷ་མོའི་འཁོར་ལོ་རྩིབས་བརྒྱད་ལ་ས་བོན་གང་ཡིན་ཅེས་པ་ནི། །བྷྱོ་ཡིན་ལ་ལྷ་མོ་གཉིས་ཀ་ལ་བྷྱོ་ཡིན་ནོ། ༈ །འབོད་རྦད་བསད་གསུམ་ཇི་ལྟར་ཡིན་ཅེས་པ་ནི། ལྷ་མོ་ཕྱག་བཞི་མའི་སྔགས་མ་མ་སརྦ་ཙ་ཏུར་བྷཀྵ་ར་ཛ་མེ་ཏྲེ་འུར་བ་འུར་བ་ས་མ་ཏྲི་ར་ཛ་ཧཱུྃ་ཧཱུྃ་དགྲ་བོ་མཱ་ར་ཡ་ཕཊ་སིདྡྷི་ཡཾ་དུ་ཛ་ཆཾ་མ་རཱ་ཡ་གསོད་གསོད་ཀྲིང་གྷ་ལ་འུར་འུར་བ་ཆཾ་གསོད་གསོད་རྒྱུག་ཏི་རྒྱུག་ཏི་དགྲ་བོ་གསོད་གསོད་ཅེས་པ་འབོད་རྦད་བསད་གསུམ་འདི་ཀ་ཡིན་ནོ། །དེ་དང་ཕོ་འཁོར་དང་སྤྲད། །འཁོར་ལོ་དེ་དང་འདྲ་བ་གཅིག་དང་། །ལྷ་མོའི་འབོད་རྦད་གསུམ་གྱི་སྔགས་གཡོན་བསྐོར་དུ་བྲིས། །ལིངྒ་གཉིས་ཀྱང་དབུས་སུ་བྲིས་ལ། །གཡོན་བསྐོར་བྲིས་པ་དེ་ཕོ་འཁོར་ཏེ། །དེ་གཉིས་ཀྱི་བར་དུ་ལིངྒ་གཉིས་ལྟེབས་པ་ཡིན་ནོ། །གཟུངས་ཀྱི་སྙིང་གར་ཡེ་ཤེས་རྒྱུག་ཅེས་པ་ནི། གྲོང་ཁྱེར་དཀྲུགས་པ་ལ་ལིངྒའི་སྙིང་གར་དགྲ་བོ་ཆོཾ་བི་དྷི་ཤ་ཡ་ཧཱུྃ་ཕཊ། ཅེས་པ་ནི་གྲོང་གི་གཙོ་བོ་དེ་དང་མི་རྣམས་ཀྱི་སྙིང་གར་བྲི། །


PS011_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་ཆཾ་འདི་ཕྱི་དཀྲུགས་དཀྲུགས། །ཞེས་གཏོར་ཆེན་བཞིན་དུ་བྱེད། །གྲོང་ཁྱེར་དཀྲུགས་ན་མིན་པ་མི་དགོས། །བྱི་ལའི་ཁྲག་ལ་སོགས་པ་རྣམས་སྣག་ཚ་ལ་བསྲེས། ཨཀྴར་ཡ་ཅེས་པའི་སྔགས་དེ་བྲི་བ་ཡིན། རྟ་དང་རྐྱང་གི་ཁྲག་རྣམས་ལིངྒ་ལ་བྱུགས་པ་ཡིན། བྲུན་རྣམས་ཁྲག་ལ་བསྲེས་པ་ཡིན། །དགྲ་བོ་ལིངྒ་ལ་དགུག་པ་དང་རྫས་བྱུགས་ཡིན། ༈ ཡིད་ནི་དབབས་པའི་ཅེས་པ་དགྲ་བོ་དེའི་ཞིང་ས། ཁང་པ་མཁར་གྱི་ས་ཁོ་སེམས་ཆགས་པའི་རྟ་ནོར་གང་ཡིན་པའི་སྤུ་དང་བྲུན། ཆུ་ཤུན་ཤུལ་གྱི་ས་དང་། ཁྱིམ་བྱ། བྱ་ཤ་སྦྲུལ་ཤ་ཕག་ཤ་རྣམས་ལིངྒ་ལ་བྱུགས་པའི་ནང་དུ་བཅུག་ཀྱང་ཆོག ༈ ལུས་ངག་ཡིད་གསུམ་ཆགས་བྱེད་ཇི་ཅེས་པ་ནི། དར་ཚོན་ལྔ། ཤ་རྣམས་ལིངྒ་ལ་བྱུགས། ངག་ཆགས་པ་མེ་ཏོག་དམར་བ་ནི། ཨུག་ཆོས་ཡིན་ལ། རྫས་འདི་རྣམས་རོ་ལ་སྦྱར་ལ། ཤོག་བུ་ནར་མོ་ལ། ཨརྨ་ཅེས་པ་བྲིས་ལ་ཁ་ལ་རླན། ཡིད་ཆགས་པ་གསེར་དངུལ་ལ་སོགས་པ་རིན་པོ་ཆེ་གང་རྙེད། བྱི་རུ་དུང་རྣམས་གང་རྙེད་དང་། ཤོག་བུ་ལ་བྲིས་


PS011_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་གར་མནན། འདི་རྣམས་བྲིས་པའི་སྙུག་གུ་གྲི་ལྕགས་ཀྱིས་བྱ། ༈ མི་མེད་ནི་ཡུག་ས་མོའི་མངལ་ཁྲག་ཡིན། ༈ སྲོག་འཁོར་རྩིབས་བརྒྱད་ལ་འཁོད་ཚུལ་ནི། །ཤར་རྩིབས་ལ་ཀྵེ་ཏྲ་པཱ་ལ། ལྷོ་ཡི་རྩིབས་ལ་ཛི་ན་མི་ཏྲ། ནུབ་རྩིབས་ལ་ཌཀྐི་རཱ་ཛ། བྱང་རྩིབས་ཏྲག་ཤད། ཤར་ལྷོར་གསང་ཡུམ་དམར་མོ། ལྷོ་ནུབ་ཏུ་ཕྱག་བཞི་མ། ནུབ་བྱང་དུ་ཕྱག་གཉིས་མ། བྱང་ཤར་དུ་ཀྵེ་ཏྲ་པཱ་ལའི་ཡུམ་མེ་ལོང་དང་ཞགས་པ་འཛིན་པ་དེ་ཡིན་ནོ། །བཟློག་འཁོར་ནི་ལྷ་དང་སྔགས་རྣམས་མགོ་ནང་དུ་བསྟན། །དེ་ཁ་ཕྱིར་བལྟས་ལ་བྲི་བ་ཡིན། །སྔགས་ཀྱི་ཤམ་དུ་ཡང་བཟློག་ཅེས་པ་བསྲུང་བཟློག་བསད་གསུམ་གྱི་བཟློག་པའི་སྐབས་ཀྱི་བདེན་སྟོབས་ཀྱི་འཇུག་ཏུ་ཡོད། །རབ་གནས་ནི་མགོན་པོའི་བྲིས་སྐུ་སོགས་ལ་རབ་གནས་བྱེད་པ་དང་། ཡེ་ཤེས་པ་བསྟིམ་པ་དང་། མེ་ཏོག་འཐོར་བའི་ཚུལ་རྣམས་མགོན་པོའི་རབ་གནས་བྱེད་པ་ཡིན།། ༈ ཐོག་སེར་སོགས་ཀྱི་ལག་ལེན་གྱི་རིམ་པ་ཆོས་བྲི་བ་སོགས་དང་། །རྫས་ལ་སོགས་པ་རྣམས་ཤོག་དྲིལ་ལྟར་ཡིན། །སྔགས་


PS011_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤམ་བུ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲེཾ་ཁྲེ་ཏ་བིགྣན་བི་ན་ཡ་ཀ་ཧཱུྃ། ར་ཧུ་ལ་ས་མ་སྙིང་རཀྵ་དེ་བ་སི་སི་དེ་བ་ཙ་ཡ་ཡཾ་ཏྲི་བ་ནི་ག་ཏྲི་ནན། སྨྱག་སྦུར་ཡ་ཛ་ལ་རཾ་ཐེབས་འདུས་འདུས་འུར་འུར་སྨྱག་སྨྱག་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཡཾ་ཡཾ་ཤར་ཤར་ནཾ་ནཾ་སེར་བ་དྲག་ཏུ་ཕོབ་ཡ་ཕོབ་ཡ། གཟའ་བདུད་སྲིན་པོ་བཙན་ལ་སོགས་པ། ལྷ་ཀླུ་མ་མོ་གཤིན་རྗེའི་རྣམས་ཀྱི་ཡུལ་འདིར་སེར་བ་དྲག་ཏུ་ཕོབ་ཅིག་ཅེས་པའོ། །འདིའི་ཤོག་དྲེལ་ལ་ཞིབ་ཏུ་ལྟོས་ཤིག ༈ རླུང་སྒྲུབ་ཀྱི་ཤོག་དྲེལ་ལ། མདུན་བསྐྱེད་ཀྱི་མགོན་པོ་ཇི་ལྟར་བསྐྱེད་ཅེས་པ། རང་ཉིད་མགོན་པོ་བསྐྱེད། མདུན་དུ་ཡང་མགོན་པོ་བསྐྱེད། བྱི་ལའི་ཤུད་བུའི་ནང་དུ་ལིངྒ་བཅུག་ནས་དགྲ་བོའི་མགྲིན་པ་མགོན་པོ་གཉིས་ཀྱི་ཞགས་པས་བསྡམས་པར་བསམ་ལ། སྔགས་ལ་སོགས་པ་ཤོག་སྦྲེལ་ལས་ཤེས་སོ། །ལྷ་མོ་ལ་སོགས་པའི་འཁོར་རྣམས་ཀྱང་རང་ཉིད་མགོན་པོར་བསྐྱེད་པ་སོགས་མགོན་པོ་འདྲའོ། །ལྷ་མོའི་གཏོར་མ་ནི་འབྲུ་བཞི་ཅེས་པ། སྲན་མ་ཆེ་ཆུང་གཉིས། བྲ་བོ་ནས་འགའ་ཞིག་རཾ་ཡང་ཟེར་ནས་ནག་


PS011_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞི་ཡིན་ལ། །ཐུན་དུ་ནི་ནལ་ཕྲུག་གི་རྐང་གི་བྱེད་པ་ཡིན་ནོ། ༈ །སྣེ་མིག་སྦུ་བ་གསང་བ་ནི། ལིངྒའི་སྙིང་གའི་ཎི་དེའི་མིག་དེ། ཀྵེ་ཏྲ་པཱ་ལའི་དོཾ་གྱི་སེན་མོའི་འབིགས། །གཞན་རྣམས་གྲི་ལྕགས་ཁབ་ཀྱིས་འབིག་པ་ཡིན། །ཎི་ཕུག་པར་གསང་ཅེས་པ་ནི་དེ་ཡིན་ནོ།། ༈ ཏྲག་ཤད་ཀྱི་ཡ་བདུན་ཅེས་པ་ཤོག་དྲེལ་གྱི་ནང་གི་སྔགས། དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཅེས་པ་འཇུག་ཏུ། །ཐོག་ཆོཾ་ཅེས་སོགས་ཐུད་པ་ཡིན། །གཞན་བདུན་མེད། སྔགས་འདི་ལ་ཡ་བདུན་ཅེས་བཏགས་པ་ཡིན་གསུངས་འདུག་གོ །འདི་ལ་ངེད་ཀྱི་རྩ་བ་གཅད་ཀྱང་འདི་ལས་མ་བྱུང་། །འདི་ལ་ཅུང་ཟད་ཡིད་མ་ཆེས་ཙམ་ཡོད། །ཤོག་དྲེལ་ནག་པོའི་ལིངྒ་ཁྱད་མེད་དོ། །འཁོར་ལོ་རྩིབས་བརྒྱད་པ་གཉིས་ཀྱི་ཕྱི་རོལ་མུ་ཁྱུད་གཉིས་པ་བྲིས། །ཕོ་འཁོར་གྱི་ལྟེ་བར་ཧཱུྃ་བྲིས་མུ་ཁྱུད་ནང་མ་ལ་ནིར་གཉིས་བྲིས། །ཕྱི་མ་ལ་ཨོཾ་སྲ་ཏོ་ཀ་རི་བྲིས། །ཕྱི་རོལ་དུ་གནོད་སྦྱིན་གྱི་གཟུགས་དང་། །དུས་མཚན་མའི་གཟུགས་བྲིས། །བར་དུ་དགྲ་ཡི་ལིངྒ་བཞག །འཁོར་ལོ་གཉིས་ཕོ་འཁོར་ཁ་ཚུར་བསྟན། །མོ་འཁོར་ཁ་ཕར་བསྟན། ཡང་འཁོར་ལོ་གཏོར་མ་
ལ་བཏགས་ཀྱང་ཆོག་གསུངས་སོ། །ཨོཾ་ཀྵེ་ཏྲ་པཱ་ལ་ཧཱུྃ་ཛཿཛཿ སུཾ་ཏྲི་མ་རྒྱུ་འདུ་བྷྱོ་ཛ་ཛཿ འབོད་པའོ། །ཞག་གསུམ། ཨོཾ་ནིར་ནིར་མ་ཧཱ་ཀཱ་ལི་གྷ་རི་གྷ་ར་བུ་ཐལ་གྷ་ལ་ཛཱ་མ་བི་རི་ལིཾ་ས་ཏྲཾ་ས་ར་ཕོབ་དྷི་ཀ་དྷི་ཀ་ས་ར་སི་དི་ཆཾ་ཀ་ར་ལ་ཀཾ་ས་ལེ་བི་བུ་གི་ཊི་དཾ་ས་དེ་རཾ་ཤ་ལ་རྦད་རྦད་སྔགས་ཞག་གསུམ་སྲ་ཏི་ཤག་ཤ་ནན་ཨ་བི་ཤ་ཡ་ཨ་བི་ཤ་ཡ་ཙིཏྟ་ནི་ཤ་སྙིང་ལ་སྤྲེལ་སྤྲེལ་ཡ་ཡ་ན་མ་ཁ་དུན་ཆཾ་སྲོག་ལ་མ་ར་ཡ་རྦད་ཅེས་སོ། །

གྲིབ་སེལ་གནད་དབབ་ཀྱི་གདམ་པ།


PS011_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲེལ་དྲུག་པ་ལ་གྲིབ་སེལ་གནད་དབབ་ཀྱི་གདམ་པ་སངས་རྒྱས་གཉན་སྟོན་ཡན་ལ་ཆིག་བརྒྱུད་ལ་གནད་ཡིག་ཡིད་བཞིན་ནོར་བུར་གྲགས་པ་སངས་རྒྱས་གཉན་སྟོན་གྱི་མཛད་པ་བཞུགས་སོ།། ཙེ༽ ༈ བླ་མ་མགོན་པོ་དབྱེར་མེད་འདུད། །མགོན་པོ་ཕྱག་དྲུག་འཁོར་བཅས་ཀྱིས། །གྲིབ་སེལ་གནད་དབབ་བཤད་པར་བྱ། །ཞེས་བྱེད་པའི་གནད་ཀྱི་གདམས་པ་ནི། །མདུན་དུ་མགོན་པོ་འཁོར་བཅས་བསྐྱེད། །ལ། །དེ་ལ་ཡེ་ཤེས་པ་བསྟིམ། །དེའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གིས་རྣམ་པ་ཅན་བསྒོམ། །དེ་ལ་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་རྣམས་བསྟིམ་པ་ལ། །ན་མོ་


PS011_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཡའི་གསོལ་དྲག་པོ་བཏབ་པས། །བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། །མགོན་པོའི་སྐུ་ལུས་ཐམས་ཅད་ལ་ཁྱབ་པར་བསམ། །དེ་ཡི་ཉམས་གྲིབ་ཐམས་ཅད་དག་ནས་སྐུ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་ནུས་པ་དང་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། ཡང་གསོལ་བ་བཏབ་པས་བླ་མའི་སྐུའི་འོད་ཟེར་རྣམས་བླ་མའི་སྐུ་ལུས་ནང་དུ་འདུས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ནུས་པ་དང་མཐུ་ཐམས་ཅད། འོད་ཟེར་དཀར་པོའི་རྣམ་པས་འདུས། བླ་མའི་སྐུ་ནང་དུ་ཐིམ། བདེ་བ་ཆེན་པོའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བ་རྡོ་རྗེའི་རྩེ་ནས་བབས་པ་མགོན་པོའི་སྤྱི་གཙུག་ནས་ཞུགས། སྐུའི་ཕྱི་ནང་ཐམས་ཅད་བཀྲུས། མགོན་པོ་འཁོར་བཅས་ཀྱི་ཉམ་གྲིབ་དག །ཐུགས་བདེ་བ་ཆེན་པོའི་རང་བཞིན་སྐུ་གཟི་བརྗིད་ཕུན་སུམ་ཚོགས་པ་ནས་བདག་གི་ཕྲིན་ལས་གང་བཅོལ་བ་ཉན་པར་བསྒོམ་མོ། །དེ་ནས་ཡང་ན། ན་མོ་བུདྡྷ་ཡའི་གསོལ་བ་ལན་གསུམ་བཏབ་པ་ལས། ན་ར་ཀྲིཾ་ཀྲིཾ་རྩ་སྔགས་


PS011_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་བཟླས་ལ། དེ་ལ་གསོལ་འདེབས་གསུམ་གཉིས་སྔགས་གསུམ་ཆ་བཟླས་ལ། མགོན་པོའི་དཔྲལ་བ་དང་མགྲིན་པ་དང་། ཐུགས་ཀ་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་བསམ། རང་གི་གནས་གསུམ་དུ་ཡང་དེ་གསུམ་བསམ། མགོན་པོའི་ཡི་གེ་གསུམ་པོ་ལས། ཡི་གེ་གསུམ་བརྒྱ་དང་བརྒྱད་བསམ། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་སྟེ་རང་གི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་དང་སྡིག་སྒྲིབ་དག་པར་བསམ་ལ། སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ་བཟླས་སོ། །དེ་ནས་མགོན་པོའི་ཡི་གེ་གསུམ་ཆད་ནས་རང་གི་གནས་གསུམ་དུ་ཐིམ། རང་གི་དཔྲལ་བའི་ཨོཾ་ལ་ཡི་གེ་བརྒྱ་པས་བསྐོར། དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་ལུས་ཀྱི་ནང་ཐམས་ཅད་ཁེངས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །སྐུའི་ཉམས་ཆག་བསྐོང་། །དེ་ལྟར་བསྒོམ་ཞིང་ཡིག་བརྒྱ་བཟླས། མགྲིན་པའི་ཨཱ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་དམར་པོ་བྱུང་། རང་གི་


PS011_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསུང་གི་དམ་ཚིག་ཉམས་ཆག་བསྐོང་། ཐུགས་ཀའི་ཧཱུྃ་ལས་ཡིག་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་དམ་ཚིག་ཉམས་པ་བསྐོང་། དེ་ལྟར་བསྒོམ་ནས་ཡིག་བརྒྱ་ནུས་ཚད་དུ་བཟླས་སོ། །དཔྲལ་བའི་ཡིག་བརྒྱ་དེ་ཨོཾ་ལ་ཐིམ། ཨོཾ་མགྲིན་པའི་ཡིག་བརྒྱ་ལ་ཐིམ། ཡིག་བརྒྱ་དེ་ཨཱཿལ་ཐིམ། ཨཱཿཐུགས་ཀའི་ཡིག་བརྒྱ་ལ་ཐིམ། དེ་དེའི་ཧཱུྃ་ལ་ཐིམ། ཧཱུྃ་འོད་ཀྱི་རང་བཞིན་གྱུར། ལུས་འོད་ཟེར་སྔོན་པོའི་ཁེངས། དེ་ལ་ཨན་ཙམ་སེམས་འཛིན། གདོན་རྣམས་ཐམས་ཅད་འཇོམས་པར་བྱེད་དོ། །དེ་ནས་ལུས་འདི་ཡང་སྟོང་པར་བསྒོམ་ལ། སྐྱེ་མེད་ཀྱི་ངང་ལ་ལྷ་ཡི་སྐུར་གསལ། འགག་མེད་ཀྱི་ངང་ལ་རང་བཞིན་ཕྱག་རྒྱ་ཆེན་པོ་དེ་ལ་མ་ཡེངས་པར་བསྒོམ་པར་བྱའོ། །དེས་མགོན་པོ་འཁོར་དང་བཅས་པ་ལ་ཉམས་གྲིབ་ཀྱི་ཕོག་པ་དང་། དམ་ཉམས་ཀྱི་ཟས་ཟོས་པ་དག་ནས་ལས་ལ་མི་གཡེལ་བར་བྲན་བཞིན་དུ་བཀའ་ཉན། གདོན་
བགེགས་ཐམས་ཅད་ཀྱང་སྐད་ཅིག་ལ་འཇོམས་སོ། དཔལ་ལྡན་ཤ་བ་རི་པ་ནས་སངས་རྒྱས་གཉན་སྟོན་བར་ལ་བཀའ་འདི་ཆིག་བརྒྱུད་ལས་མེད། །འདི་ནས་ཡིད་ལ་དྲན་ཙམ་གྱི་ཀྱང་བཟླས་པ་དང་གཏོར་མ་མ་གྲུབ་ཀྱང་། མགོན་པོ་འཁོར་བཅས་བྲན་བཞིན་དུ་ལས་བྱེད་དོ། །ཁྱུང་པོའི་ཞལ་གདམས་བླ་མ་མགོན་པོའི་གནད་ཡིག་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་སངས་རྒྱས་སྟོན་པས་རི་གོང་དཔལ་གྱི་རི་ཁྲོད་དུ་ཡི་གེར་བཀོད་པའོ། །གནད་འབེས་འདི་ཕལ་ཆེར་ལ་མི་སྣང་ངོ་། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །རྒྱ་རྒྱ་རྒྱ།

རྟ་མགྲིན་ལ་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས་ཐུན་མོང་མ་ཡིན་པའི་ཞལ་ཤེས།


PS011_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ལ་བརྟེན་པའི་བསྲུང་བ་རྡོ་རྗེའི་ཆར་འབེབས་ཐུན་མོང་མ་ཡིན་པའི་ཞལ་ཤེས་བཞུགས་སོ།། ཚེ༽ ༈ རྡོ་རྗེའི་ཆར་འབེབས་ཐུན་མོང་མ་ཡིན་པ་ནི། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྟ་མཆོག་དམར་པོ་རྟ་སྐད་བཞད་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཐོད་དབྱུགས་དང་གཡོན་ཞགས་པ་འཛིན་པ་ཞབས་གཉིས་


PS011_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་སྟབས་ཀྱི་བཞེངས་པ། སྐུ་ལས་འོད་ཟེར་འཕྲོ་བ། དེའི་ཐུགས་ཀར་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། ཞབས་བརྐྱང་བསྐུམ་གྱི་ཚུལ་གྱི་བཞུགས་པ། སྐུ་ལས་འོད་ཟེར་སྔོན་པོ་འཕྲོ་བ། དེའི་ཐུགས་ཀར་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཕྱག་གཉིས་པདྨ་མཆོག་སྦྱིན་མཛད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ། དེའི་ཐུགས་ཀར་ཐོད་པའི་གའུ། དེའི་ནང་དུ་རིན་པོ་ཆེའི་བུམ་པ། དེའི་ཐུགས་ཀར་འོད་དཔག་མེད། དེའི་ཐུགས་ཀར་རང་གི་རྣམ་པར་ཤེས་པ་འདི་ཁ་ཊྭཾ་ཡེ་ཊཱ་གཅིག་ཏུ་བསམ། རྩ་བར་གང་བསྲུང་བའི་མིང་ཡིག་དང་པོ་བསམ། ཐུན་མོང་མིན་པའི་ཞལ་ཤེས་སོ། །ཤེས་རབ་ཆེ་ན་ངག་ཏུ་མི་བརྗོད་པར་ཡིད་ཀྱི་གསལ་གདབ། རང་ཡ་ང་བ་དང་ཕ་རོལ་གྱི་རྦོད་གཏོང་ཡོད་པའི་རྟགས་བྱུང་ན་ཐོད་པ་ཁ་སྦྱོར་གྱི་ནང་དུ་རང་གི་ལུས་ཁྲོ་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པར་བསམ། རྡོ་རྗེའི་ལྟེ་བར་ཁ་ཊྭཾ་ག་སྔར་དང་འདྲ་བ་གཅིག་ལོ་ཡིན་ན། གཉིད་ལོག་ཁར་ཁ་ཊྭཾ་གྱི་རྩེ་དབུ་མའི་ལྟེ་བར་ཧཱུྃ་ཡིག་མཐིང་ཁ་
གཅིག་བསམ་མོ། །དེ་ལ་སེམས་བཟུང་ནས་གཉིད་ལོག་གོ །བསྲུང་བའི་ཞལ་ཤེས་མ་ལུས་པ་རྫོགས་སོ། །

བགེགས་ཀྱི་རྒྱལ་པོ་ལ་བརྟེན་པའི་པྲ་འབེབས་པའི་མན་ངག


PS011_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་རྒྱལ་པོ་ལ་བརྟེན་པའི་པྲ་འབེབས་པའི་མན་ངག་བཞུགས་སོ།། ཛེ༽ ༈ ཨོཾ་སྭ་སྟི། བགེགས་ཀྱི་རྒྱལ་པོ་ལ་བརྟེན་ནས་པྲ་ཕེབས་པ་འདོད་ན། ཁང་པ་གཙང་སར་ཁྱེའུ་གཙང་མ་ཁྲུས་བྱས་ཏེ་གོས་དཀར་པོ་གྱོན་ནོ། །དར་དཀར་ཐོད་དོ་བྱས་མདུན་དུ་རས་སམ་དར་དཀར་པོའི་སྟེང་དུ་ནས་དཀར་པོའི་ཚོམ་བུ་བཀྲམ་ལ། སྤོས་དཀར་གྱི་དུད་པས་བདུག །ཕྱེ་མར་སྡེར་ཞིང་བཞག །ཁྱེའུ་དེ་སྤྲིན་དཀར་པོའི་གསེབ་ནས་སྐྱེས་བུ་སེངྒེ་བཞོན་པ་གཅིག་ཏུ་བསྒོམ་དུ་བཅུག །རང་སྐྱེས་བུ་དཀར་པོ་བསྒོམ་ལ་ཁྱེའུ་དེའི་སྤྱི་བོ་ནས་མར་སྐྱེས་བུ་དཀར་པོ་མཐེ་བོང་ཙམ་དཔག་ཏུ་མེད་པ་ཆར་འབབ་པ་བཞིན་དུ་སིབ་སིབ་ཐིམ་པར་བསམ། རང་དྲིལ་བུ་ཁྲོལ་ཞིང་ལུས་ཀྱི་རྣམ་འགྱུར་བྱས། བི་ནའི་ཛིམ་ཛིམ་ཅེས་བརྒྱ་རྩ་ལ་སོགས་པ་བརྗོད། ཕེབས་པ་དང་ཐལ་མོ་སྦྱར་ལ། ལག་པ་ནི་བཟུང་སྟེ་དྲི། དེའི་གང་དྲིས་པ་སྨྲའོ། །ཡལ་དུ་མ་བཏུབ་ན་ཕྱག་ན་རྡོ་རྗེའི་སྔགས་


PS011_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་ཆུས་དཀྲུས་པས་ཡལ་ལོ། །བྱི་ནའི་ཧཱུྃ་ལ་ཛི་མ་ཛི་མ་ཁ་གཅིག་ན་ཟེར་བ་འདུག །༈ ཤོག་དྲེལ་བདུན་པ་ལ་དཔལ་ལྡན་ལྷ་མོའི་ཕྱག་གཡོན་གྱི་ཐོད་པ་ལ་བརྟེན་ནས་དགྲ་བོ་ཕུང་དུ་འཇུག་པ་བཞུགས་སོ།། ལེ༽ ༈ མ་ཧཱ་ཀཱ་ལ་ན་མོ། དཔལ་ལྡན་ལྷ་མོའི་ཕྱག་གཡོན་གྱི་ཐོད་པ་ལ་བརྟེན་ནས་དགྲ་བོ་ཕུང་དུ་འཇུག་པ་ནི། ནལ་བུའི་ཐོད་པ་ཕུང་ཤུལ་གྱི་ས་དང་། ལྷ་ཁང་རྙིང་པའི་ས། ལམ་གྱི་གཞི་མདོ་འཁྲུགས་པ་ཆེན་པོའི་འབྱུང་བའི་ས་རྣམས་བསྡུས་ལ། རྟ་དྲེལ་བོང་གསུམ་གྱི་གཅིན་དང་སྦྱར་ལ་རྔ་མོང་གི་གཟུགས་མཛུབ་གང་བར་བྱ། ར་ཁྱི་བྱི་བ་བྱི་ལ་བྱ་རོག་འུག་པའི་ཁྲག་གི་བྱུགས། གྲི་ཐལ་དང་། སྔར་གྱི་ས་བསྡུས་པ་ལ་སྤྲེའུ་ཁྲག་གིས་བྱུགས་པ་ལ་འཐེབ་གང་པ་སྐྱོན། དེའི་ལག་གཡས་པར་གྲོང་ཁྱེར་དཀྲུགས་པའི་སྔགས་བྲིས་ལ་བཏགས་གཡོན་པའི་སོར་མོ་ལྔ་བསྒྲད་པར་བྱ། མགོན་པོ་འཁོར་བཅས་ལ་གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ། ལྷ་མོའི་འབོད་པའི་སྔགས་ཀྱི་གཤམ་དུ་གྲོང་ཁྱེར་དཀྲུགས་པའི་སྔགས་བཏགས་པ་ཞག་གསུམ་གྱི་བར་དུ། ཐུན་རྫས་སྔགས་ལ་རབ་གནས་བྱ། །


PS011_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྫས་ཀྱི་ཐོད་པ་བྱུར་གྱིས་བཀང་། ཉི་ཟླ་དང་བྲལ་བའི་སྲོད་ཙམ་ལ་དགྲ་བོའི་ཁང་པའི་བྱང་ཤར་དུ་དོང་བྲུས་ལ་སྦ། ཕྱིན་ཅི་ལོག་ཏུ་བསྐོར་བ་བྱ་ཞིང་ཐུན་ལྷག་མ་རྣམས་གཏོར། ཕྱི་མིག་མི་བལྟ་བར་རང་གནས་སུ་ལོག་ལ་བསྐང་བཤགས་ཞག་གསུམ་གྱི་བར་དུ་བྱ། དེས་ནི་ཕ་རོལ་ཕུང་བར་འགྱུར་རོ།། ༈ ཀྵེ་ཏྲ་པ་ལའི་གྲི་གུག་ལ་བརྟེན་ནས་དགྲ་སྲོག་བྲལ་བ་བཞུགས་སོ། ཞེ༽ ༈ ཀྵེ་ཏྲ་པ་ལའི་གྲི་གུག་ལ་བརྟེན་ནས་དགྲ་བོ་སྲོག་དང་འཕྲལ། གྲི་ལྕགས་ལ་གྲི་གུག་གི་གཟུགས་བྲིས། དེའི་སོ་ལ་ལིངྒ་ཚོན་གང་པ་ལ་དུག་ཁྲག་གིས་སྔགས་ཀྱི་མཐའ་ནས་བསྐོར། ཉ་ཕྱིས་སཾ་དུང་ཕོར་གྱི་ནང་དུ་བཞག་ལ་དགུག་གཞུག་ལྷ་དབྱེ་བྱ། ཡིད་ཆེས་པ་དང་གྲི་གུག་གི་གྲི་ལྕགས་ཀྱི་མཚོན་གྱི་བཏུབས། དགྲ་བོའི་ཟག་རྫས་གྲོ་སེར་བས་བརྡུངས་པའི་བག་ཟན་སྦྱར་ལ་དགྲ་བོ་སོར་བཞི་པ་བྱ། དེ་ཕག་ཐོད་དུ་བཅུག་ཐུན་གྱི་བྲབ། ཞག་ཉི་ཤུའི་བར་དུ་ཀྵེ་ཏྲ་པ་ལའི་བསད་སྔགས་ཆིག་སྦྲེལ་དུ་བསྒྲང་ཞིང་གཏོར་མ་ཕུལ། ཕྲིན་ལས་བཅོལ། དེ་ཁྱི་ནག་པོ་དཀར་ཐིག་གིས་དབེན་པ་ལ་བྱིན་ན་འགུམ་མོ། ༈ ཛི་ན་


PS011_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏྲའི་ཌཱ་མ་རུ་ལ་བརྟེན་ནས་སྨྱོ་རུ་འཇུག་པ་བཞུགས་སོ།། ཟེ༽ ༈ ཛི་ན་མི་ཏྲའི་ཌཱ་མ་རུ་ལ་བརྟེན་ནས་དགྲ་བོ་སྨྱོ་རུ་འཇུག་པ་ནི། སྨྱོན་པའི་རོ་རས་སམ། རོ་ལ་བཀབ་པའི་ཤོག་བུ་ལ་ཐོད་པ་སྐམ་པོ་ལྟག་པ་སྤྲད་པ་བྲི། ཐོད་པ་གཅིག་ཆུ་རིས་དང་། གཅིག་ལ་རླུང་རིས་བྲིད། དེ་གཉིས་ཀྱི་ནང་དུ་དུག་དང་སྣག་ཚ་སྦྱར་ལ་ལིངྒ་ཚོན་གང་བ་རེ་བྱེད། དེའི་མཐའ་མ་ཡིག་མགོ་ནང་དུ་བསྟན་ལ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆོཾ་མཱ་ར་ཡ་ཧཱུྃ་ཕཊ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། སརྦ་ཙ་ཏུར་མཾ་རིལ་རྦད། ཅེས་པས་བསྐོར། དེ་ལིའམ་མཁར་བའི་སྣོད་དུ་བཞག་ལ་དགུག་གཞུག་དང་ལྷ་དབྱེ་བྱ། ཡིད་ཆེས་པ་དང་འགྲུབ་ཁུང་དུ་བཞག་ལ་གང་གི་སྔགས་འདྲེན་ཅིང་དུག་ཆུ་དང་ཚེར་མ་ཅན་གྱི་ཤིང་བླང་ལ་ལིངྒ་ལ་བྲབ། རང་གི་དྲི་མ་མ་སོང་བར་བྱེ། དེ་ཁྱི་སྨྱོན་གྱི་ཐོད་པར་བྱུག་ལ་ལམ་གྱི་བཞི་མདོར་སྦས་ན་སྨྱོན་བར་འགྱུར་རོ། །ཌཀྐི་ར་ཛའི་རྒྱུ་ཞགས་ལ་བརྟེན་ནས་ལྐུག་པར་བྱེད་པ་བཞུགས་སོ།། འེ༽ ༈ ཌཀྐི་ར་ཛའི་རྒྱུ་ཞགས་ལ་བརྟེན་ནས་དགྲ་བོ་ལྐུག་པར་བྱེད་པའི་ཐབས་ལ་གཡེར་ཆེན་གྱི་འབྲུས། ཡོཾ་ནག་ཁཾ་རྒོད་རྣམས་


PS011_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨིན་པ་བསྡུས་ལ། རཾ་གྱི་སྐག་བཞུས་པའི་ཆུས། གྲི་ཐལ་དང་། ཆ་གའི་ཕྱེ་མ་དང་། འབྲས་ཟན་དང་སྦྱར་བ་ལིངྒ་མཛུབ་གང་པ་བྱས་ལ། ར་ནག་གཅན་གཟན་གྱི་བསད་པའི་རྒྱུ་མ། གྲི་ཁྲག་རོ་སོལ་གྱི་ནག་པོར་བསྒྱུར་ལོ་ལིངྒའི་མགྲིན་པ་ནས་བཅིངས། དེ་ཐུན་ཁུང་དུ་བཅུག་ཞག་གསུམ་བར་དུ་ཞགས་པས་གདམས་པར་བསམ་ཞིང་ཤེར་ཤིང་གི་ཕུར་པ་ལ་བཏགས་ལ། ཨོཾ་ཌཀྐི་ར་ཛ་ས་མ་ཡ་བྷྱོ་ཆྒཻ་མོའི་ངག་སྟཾ་བྷ་ཡ་ནན་ངག་ལྕེ་ཆིངས་ལུས་བསྡུས་ཡིད་རྨུགས་སྨྱོག་འཐེབ་ཙ་ཏུར་རཀྵ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་དྲག་ཏུ་བཟླས་ཤིང་ལྐུག་པའི་ཁྲག་དང་ཕུ་རོན་གྱི་དོང་རུས་བྲབ། ལྐུག་པའི་རྐང་པ་གཡོན་པར་བཅུག་སྟེ་བྲག་ཕག་གི་སྣ་ལྟ་བུའི་འོག་ཏུ་སྦས་ན་ལྐུག་པར་འགྱུར་རོ། །ཏྲག་ཤད་ཀྱི་བ་དན་ལ་བརྟེན་ནས་བསྐྲད་པར་བྱེད་པ་བཞུགས་སོ།། ཡེ༽ ༈ ཏྲག་ཤད་ཀྱི་བ་དན་ལ་བརྟེན་ནས་དགྲ་བོ་བསྐྲད་པའི་ཐབས་ནི། ཤ་བའི་རྭ་གཡོན་པ་ལ་བ་དན་ལྕེ་བརྒྱད་པ་བཟོས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་ཆཾ་
མོ་ཨུ་ཙ་ཏྲ་ཡ་ཕཊ་ཏྲག་ཤད་ཆཾ་མོ་ཡང་ཡང་ཧེད་ཧེད་ལི་ཙ་རྦད་ཏྲག་ཤད་ཆཾ་མོ་ཡ་ཙཀྲ་དཀྱིལ་དཀྱིལ་ཧཱུྃ་ཐ་ཅེས་པ་འབྲུ་གསུམ་དང་དམར་པོ་གསུམ་གྱི་ཁུ་བ་བྲེས་པ། པྲ་ཚིལ་དགྲ་བོའི་ཟག་རྫས་ཀྱི་ཏུ་བྲེས་ལ་ལག་ཏུ་གཏད་ཕག་གི་ཀོ་བའི་གྲུར་བཅུག་སྟེ། ཉིན་སྲིབ་ཀྱི་མདའ་གཞུ་བྲིས་པའི་ཁར་བཞག་ལ། སྐར་མ་ཁ་སྦྱར་དུ་གོང་གི་སྔགས་བསྒྲང་སྟེ། ཕྱི་ཡུག་མའི་འབྲུས་དང་དཀར་ཐུན་གྱི་བྲབ་ནས། ཉི་དཀྱིལ་ཆུར་སྐྱུར་ན་ཡུལ་འབྱིན་པར་འགྱུར་རོ། །འདི་རྣམས་བཀའ་སྡོད་ཀྱི་ལས་སྦྱོར་དུ་སྣང་བས། བཙུན་པ་དགེ་ལེགས་དཔལ་བཟང་པོའི་དག་པར་བྱས་སོ། །

ཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིག


PS011_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིག་བརྒྱུད་མ་བཞུགས་སོ།རེ། ༈ བླ་མ་མགོན་པོའི་ཞབས་བཏུད་ནས། །བྱིན་བརླབས་ནག་པོ་ཆེན་པོ་ཡི། །གནད་ནས་བསྐུལ་བའི་ཞལ་གདམས་བྲིས། །ཆིག་བརྒྱུད་དག་ལས་མ་སྤེལ་ཅིག །དབང་དུ་བསྡུད་ཅིང་གནད་ནས་བསྐུལ་བའི་དུས་གནོད་སྦྱིན་བཞི་བསྐྱེད་པ་ནི། གཙོ་


PS011_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གཡོན་དུ་ཀྵེ་ཏྲ་པ་ལ། གཡས་སུ་ཛི་ན་མི་ཏྲ་དམར་ནག་གཡས་རྡོ་རྗེ་ཕ་ལཾ་གཡོན་འཁོར་ལོ་འཛིན་པ། གྱད་ཆོཾ་གྱི་གོམ་པས་སྟོང་གསུམ་ཉུལ་བ། རྒྱབ་ཏུ་ཌཀྐི་ར་ཛ་མཐིང་ནག་རྔམས་ཤིང་མི་སྡུག་པ། སྤུ་གྲི་དང་ཐོད་པ་འཛིན་པ། ལྷ་མོའི་རྒྱབ་གཙོ་བོའི་གཡོན་དུ་ཏྲགྴད་ནག་པོ་རྟ་ནག་ལ་བཞོན་པ་མདུང་རྩེ་གསུམ་པ་དང་ཐོད་ཁྲག་འཛིན་པ། དར་ནག་གི་བེར་སྐུ་ལ་གསོལ་བ། བཞི་ཀའང་མཁའ་འགྲོ་དང་། གཤིན་རྗེ་དང་། བདུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བསམ། ཕྱོགས་སྐྱོངས་གཙང་རིགས་ཀུན་དུར་ཁྲོད་ཆེན་པོའི་གནས་སུ་བསྒོམ། དེ་ནས་དབང་བསྡུད་དང་གནས་ནས་བསྐུལ་བའི་དུས། མོས་གུས་དྲག་ཏུ་བྱ་ཞིང་གསོལ་བ་བཏབ་པ་དང་། ཡིད་གུས་པར་བྱེད་པ་གནད་ཡིན་ནོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁའ་འགྲོ་དང་ཁྲོ་མོའི་རྣམ་པར་གྱུར་ནས་སྐུ་ལ་ཐིམ་པས། སྐུ་དམར་སྨུག་ཡེ་ཤེས་ཀྱི་མེའི་ཕུང་པོ་བཞིན་དུ་འོད་ཟེར་དང་གཟི་


PS011_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ལྷག་ལྷག་ཡོད་པར་བསྒོམ་ཞིང་། སྐུ་ཡི་སྟོད་ནས་དཔའ་བོ་དཔག་ཏུ་མེད་པ་དང་། སྨད་ནས་དཔའ་མོ་དཔག་ཏུ་མེད་པ་སྐུ་མདོག་མཐིང་ཁ་བསམ་གྱིས་མི་ཁྱབ་པ་འཕྲོ་བར་བསམ། གནད་ལ་བབས་པའི་དུས་སུ་གནོད་བྱེད་ལ་སོགས་པ་མདུན་དུ་བཀུག་ལ། རང་ལ་རྒྱབ་བསྟན་གཏོར་མ་ལ་མདུན་བསྟན་ནས་སྙིང་འདར་ཡེད་ཡེད་ཡོད་པར་བསམ། སྡིག་ཆེན་འདི་བསྒྲལ་ལ་བསྟན་པ་སྐྱོང་སྙམ་དུ་བསམ་ལ་གསོལ་བ་དྲག་ཏུ་བཏབ། གསང་བའི་ལས་དྲུག་གི་དགྲ་བོའི་ཤ་ཁྲག་ཏུ་བསམ་ལ་ཕུལ་བས་མགོན་པོ་འཁོར་བཅུས་ཀྱི་ཞལ་དུ་དམར་ཅིལ་ཅིལ་གསོལ་བར་བསྒོམ། མགོན་པོའི་ཞལ་དུ་བཏབ་པར་བསམ། མ་ནོར་སྔགས་རྣམས་བསྐོར་བར་བསམ། ཞེས་པ་ནི་གཏོར་ཆེན་དང་སྦྱིན་སྲེག་ལ་སོགས་པའི་དུས་སུ་བྱས་ཀྱང་ལྡེག་མ་ཉན་ན། འཁོར་གྱི་གནོད་སྦྱིན་བཞི་པོ་གནད་ལ་དབབ་པ་ནི། རང་མགོན་པོ་གཟི་བརྗིད་བསྐྱེད་པ་དང་གསོལ་བ་འདེབས་པ་གཉིས་བྱས་ལ། རང་སྲིད་པ་གསུམ་ཟ་བར་ནུས་པའི་ང་རྒྱལ་བྱས་པའི་ཆེ་བ་བཞིའི་རྩེ་མོ་གཅིག །
སོ་གཉིས་ལ་ཡ་དང་དུ། མས་གཉིས་ལ་ཛཿ དང་བྷྱོ་བསམ་ལ་མགོན་པོ་ཚེམ་ཀྲིཾ་ཀྲིཾ་མཛད་པས་དྲག་ཏུ་གཟེར་བས་གནོད་སྦྱིན་བཞི་འདར་ཕྲི་ལི་ལི་མདུན་ན་རང་དབང་མེད་པར་ལས་བྱེད་པར་བསམ་མོ། །འདི་གར་ཐོད་དུ་བྱ་མི་རུང་ངོ་། །འོག་མའི་ཡཀྵེའི་འོག་ཏུ་སྲོག་སྔགས་གཞུག་གོ །འདི་ཐུན་མོང་མ་ཡིན་གདམས་པ་ཡིན་པས་ཤིན་ཏུ་གསང་བར་བྱའོ། །བླ་མའི་ཞལ་ནས་འདི་མེད་ན་འཁོར་བཞིའི་ལས་བྱེད་མི་ཉན་གསུངས།

མཁའ་འགྲོ་དབང་དུ་བསྡུད་ཅིང་གནོད་སྦྱིན་ཐམས་ཅད་གནས་ནས་བསྐུལ་བའི་གནད་འབེབས་ཡིད་བཞིན་ནོར་བུ་དང་བཅས་པ།


PS011_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་དབང་དུ་བསྡུད་ཅིང་གནོད་སྦྱིན་ཐམས་ཅད་གནས་ནས་བསྐུལ་བའི་གནད་འབེབས་ཡིད་བཞིན་ནོར་བུ་དང་བཅས་པ་བཞུགས་སོ།། ལེ༽ ༈ བླ་མ་དང་ཡེ་ཤེས་མགོན་པོ་ཡིས། །མཁའ་འགྲོ་ཐམས་ཅད་དབང་བསྡུད་ཅིང་། །གནོད་སྦྱིན་ཐམས་ཅད་གནད་ནས་བསྐུལ། །མ་ནོར་སྔགས་རྣམས་གདམས་པར་བྱ། །གཙོ་བོ་མགོན་པོའི་གཡས་སུ་ཀྵེ་ཏྲ་པཱ་ལ་སྨུག་ནག་དོམ་ལ་བཞོན་པ། །ཕྱག་གཡས་གྲི་གུག་གཡོན་ཐོད་པ། སྐྲ་གྱེན་དུ་བརྫེས་པ་སྤྱན་གསུམ་པ། ཁ་གདངས་པ་མཆེ་བ་གཙིགས་པ། གནོད་སྦྱིན་དཔག་ཏུ་མེད་པས་


PS011_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་བསམ། གཡོན་དུ་རེ་མ་ཏི་དྲེའུ་ལ་ཞོན་པ། མདོག་ནག་མོ་ཁ་གདངས་པ་མཆེ་བ་གཙིགས་པ། གཡས་ཁྲམ་ཤིང་དང་གཡོན་ནད་རྐྱལ་ཐོགས་པ། མ་མོ་དཔག་ཏུ་མེད་པས་བསྐོར་བར་བསམ། གནོད་སྦྱིན་གསུམ་ཡང་གཞན་བཞིན། ཕྱོགས་སྐྱོངས་བཅུ་གཙང་རིགས་མགོན་པོ་བདུན་ཅུ་དམ་ཅན་རྒྱ་མཚོ་དང་བཅས་པ་བསྐྱེད་དོ། །དེ་རྣམས་ལ་ཡེ་ཤེས་པ་གཞུག །དེ་ནས་མགོན་པོའི་སྤྱི་བོར་བླ་མ་སྐུ་མདོག་དམར་པོ་གཡས་ཌཱ་མ་རུ། གཡོན་དྲིལ་བུ་ཐོགས་པ་གཅིག་བསམ། །དེ་ནས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མའི་ཐུགས་ཁ་ནས། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་པའི་ཡིག་འབྲུ་བཅུ་གཉིས་ཧྲཱིཿ དང་བཅུ་གསུམ་མདོག་དམར་པོ་བྱུང་སྟེ། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་དུ་ཧྲཱིཿདབུས་དང་། ཡིག་འབྲུ་བཅུ་གཉིས་མཐའ་བསྐོར་དུ་ཡོངས་སུ་གྱུར་པ་ལས། གནད་འབེབས་ཀྱི་མཁའ་འགྲོ་མ་དམར་མོ་གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་འཛིན་པ་སྟོང་གསུམ་གཡོ་བར་བྱེད་པ་བཅུ་གསུམ་དུ་གྱུར་ཏེ། འཁོར་བཅུ་གཉིས་ཀྱི་ཌཱ་མ་རུའི་སྒྲ་


PS011_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་སྒྲོགས་ཤིང་། གཙོ་མོ་ལ་གཡོན་བསྐོར་དུ་འཁོར་ཞིང་། མཁའ་འགྲོ་མ་གཙོ་འཁོར་རྣམས་སྤྱན་ནམ་མཁའ་ཧྲིག་ཧྲིག་གཟིགས་ཤིང་། སྐུ་ལས་འོད་ཟེར་དམར་ལ་རྣོ་བ་འཕྲོས། མགོན་པོ་འཁོར་བཅས་ཐམས་ཅད་སྐུ་ལ་དམར་ལམ་ལམ་ཕོག་པས། མགོན་པོ་འཁོར་བཅས་ཐམས་ཅད་ཀྱི་ཐུགས་རྒྱུད་རང་དབང་མེད་པར་གནད་ལས་ཕབ་སྟེ། བདག་ལ་བྲན་བཞིན་དུ་བཀའ་ཉན་པར་བསམ། ན་ར་ཀྲིཾ་ཀྲིཾ་བཟླས། དེ་ནས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མས་ཌཱ་མ་རུ་དང་གཡེར་ཁའི་སྒྲ་འུར་འུར་སྒྲོགས་པ་དང་། མཁའ་འགྲོ་དྲག་ཆེན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་བསྡུས་མགོན་པོ་འཁོར་བཅས་ལ་ཐིམ་པས། མགོན་པོ་འཁོར་བཅས་ད་ལྟ་ཉིད་དུ་སྲིད་པ་གསུམ་ཟ་བར་ནུས་པའི་མཐུ་དང་ལྡན་པར་བསམ། དེ་ནས་གདོན་བགེགས་རྣམས་གཞོམས་པའི་ཕྱིར་གནད་ལ་དབབ་པ་ནི། རོལ་མོ་སྤོས་དུད་དང་བཅས་པས་བླ་མ་ལ་གསོལ་བ་བཏབ་པ་དང་། བླ་མ་སྐུ་མདོག་མཐིང་


PS011_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འོད་ཟེར་དམར་པོ་འཕྲོ་བ། ཌཱ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་སྒྲོགས་ཤིང་འུར་འུར་ཆེམ་ཆེམ་མགོན་པོའི་སྤྱི་གཙུགས་ན་འདུག་པས་མགོན་པོ་གནད་ལ་ཕབ་འོད་ཀྱི་རང་བཞིན་མེ་སྟག་ཏུ་འཕྲོ་ཞིང་། བགེགས་ཀྱི་སྟེང་ན་ཚེཾ་ཆེཾ་འུར་འུར་སྤྱན་གསུམ། གནོད་སྦྱིན་བཞི་ལྷ་མོ་ཕྱོགས་སྐྱོང་དང་བཅས་པ་དྲག་ཏུ་གཟིར་ཞིང་། །ཞལ་ནས་སྲོག་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲགས་པས་གཙོ་འཁོར་རྣམས་རང་དབང་མེད་པར་ལས་བྱེད་པར་བསམ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཏྲག་རག་མོ་རཀྟ་རུ་ཏི་ཙིཏྟ་ལ་ཨ་དུན་བུམ་རྦད་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་ཙིཏྟ་ལ་ཨ་དུན་དུན་བི་ན་ཡ་ཀཱ་ཧཱུྃ་ཕཊཿཅེས་བརྗོད་པས། དགྲ་བགེགས་ཐམས་ཅད་རང་དབང་མེད་པར་འཁོར་རྣམས་ཀྱིས་བཀུག་ནས་གཙོ་བོ་ལ་སྟོན་པར་བསམ། གཏོར་མ་འབུལ་བར་བྱའོ། །དེ་ནས་རྨི་ལམ་ངན་པ་དང་། གཏོར་ཆེན་དང་། སྦྱིན་བསྲེག་དང་། ལས་མ་ཉན་པའི་དུས་སུ་བྱའོ། །དཔེ་བྲན་བཞིན་དུ་བྱེད་དོ། །གནད་འབེབ་ཡིད་བཞིན་ནོར་བུའི་ཤོག་དྲིལ་
ལོ།

ཤོག་དྲིལ་དགུ་པ་ལ་ལས་བྱེད་ཀྵེ་ཏྲ་པ་ལེ་གདམས་པ་ཀྵེ་ཏྲ་པཱ་ལ་སྤྲོལ་ཁྲིད་མ་གྲགས་པ།


PS011_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་དྲིལ་དགུ་པ་ལ་ལས་བྱེད་ཀྵེ་ཏྲ་པ་ལེ་གདམས་པ་ཀྵེ་ཏྲ་པཱ་ལ་སྤྲོལ་ཁྲིད་མ་གྲགས་པ་བཞུགས་སོ།། ཤེ༽ ༈ མྱུར་མཛད་སྤྱན་རས་གཟིགས་ཀྱིས་བཀའ་ཉན་པས། ནག་པོ་དཔལ་འབར་ཕྱག་དྲུག་འཇིགས་པའི་སྐུ། ཁྲོས་ནས་ལས་བྱེད་ཀྵེ་ཏྲ་པཱ་ལ་ཡིན། བསྟན་པ་བསྲུང་ཕྱིར་འདི་ཉིད་བསྒྲུབ་འདོད་པས། ལུག་ནག་སྙིང་དང་རིན་ཆེན་སྣ་ལྔ་དང་། སྲོག་གི་འཁོར་ལོ་གསེར་གྱིས་བྲིས་པ་བཞག །མདའ་མོ་བྱ་རྒོད་སྒྲོ་ཡི་རྩ་བ་ལ། དམར་ནག་དར་དང་ཙཀ་ལི་བཏགས་ནས། །དུར་ཁྲོད་ས་ལས་དཀྱིལ་འཁོར་གྲུ་བཞིའི་དབུས། གྲུ་གསུམ་ནང་དུ་མཚན་ངན་རབ་ཆད་ཐོད། དེ་ནང་དགྲ་བོའི་ལིངྒ་བག་ཟན་ལ། འདྲ་འབག་བྱས་ལ་ར་ིའི་དང་ཛ། མཐའ་མར་རྦད་བསད་སྔགས་ཀྱི་བསྐོར་ནས་བཞག །ལྷོ་ནུབ་མགོ་བསྟན་སྙིང་ཁར་ཕུར་པ་གདབ། ཚེར་ཤིང་ནག་པོའི་ཕུར་པ་སོར་བརྒྱད་པ། སྔགས་བྲིས་གནོད་སྦྱིན་དངོས་སུ་བྱིན་བརླབས་པས། དེ་ནས་དུར་ཁྲོད་ས་དང་རྐང་གཅིག་ཤིང་། བྲག་ནག་སོག་པོ་ཁྲོས་འདྲའི་ས་དག་ལ། མགོན་པོའི་བཀའ་


PS011_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་གནོད་སྦྱིན་ནག་པོ་ནི། གཡས་པ་སྙིང་འཛིན་གཡོན་པ་དྲེའུ་ཁྲིད། དེ་ཡི་ཡུམ་ཆེན་དུས་མཚན་ནག་མོ་ནི། ལྟས་ངན་འུག་པའི་མགོ་ཅན་མིག་གསུམ་ལ། །གཡས་པ་རུ་མཚོན་གཡོན་པ་ཐོད་ཁྲག་འཛིན། ལིངྒ་དེའི་གཡས་གཡོན་གཉིས་སུ་བཞག །སྙིང་གར་སྔགས་དང་དགྲ་ལ་བྷྱོ་བྲིས་བཞག །ཁ་བསྒྱུར་ཁྲོཾ་བྱ་བྱས་པ་མགོ་ལ་གཟུགས། བདག་ཉིད་མགོན་པོར་གསལ་བའི་གཟུགས་བརྙན་མདུན། ལས་བྱེད་ཀྵེ་ཏྲ་པཱ་ལ་དམ་ལ་ནོན། །གཡས་སུ་ཀྵེ་ཏྲའི་སྤྲུལ་པ་སྤྲེའུ་ཁྲིད། །གཡོན་དུ་བུ་མེད་འུག་གདོང་ལས་ལ་འཆའ། །དེ་ལྟར་གསལ་ལ་སྔགས་འདི་སྒྲུབ་པར་བྱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་པཱ་ལའི་བིགྷྣཱན་བི་ན་ཡ་ཀ་ཀཱ་ལ་འུར་བ་འུར་བ། རུག་རུག་བྲེང་བྲེང་། ཐུམ་རིལ་ཛ་ཛ་དཾ་ཉམས་ཙིཏྟ་ནན་རྦུད་རྦུད་ཨ་བེ་ཤ་བི་ཤ་ཡ་བི་ཤ་ཡ། སྲ་ཏོ་ཀ་རི་ཡ་སྲ་ཏོ་ཀ་རི་རཀྵ་ཙིཏྟ་ཏེ་ཎི་ཤ་སྤྲིལ་སྤྲིལ་སུཾ་ཏྲི་མ་རུ་ལུ་རུ་ལུ་དགྲ་ལ་བྷྱོ་ཀྵེ་ཏྲ་པཱ་ལ་རྦད་ནན་འདི་བཟླས་སོ། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཁྲག་སྣ་དུག་སྣ།
ཡུངས་ཀར་ནག་ད་རུ་ར་རྣམས་ཀྱིས་ཐུན་བྲབ། ལིངྒ་ལ་ད་དུ་ར་དང་། ཁ་ཤོག་པ་བསྲེས་ན་བཟང་། དམིགས་པ་ནི། རང་ཡི་དམ་དུ་གསལ་བས། ཀྵེ་ཏྲ་པཱ་ལ་ཞགས་པ་དང་སྙིང་ཐོགས་པ་མང་པོ་སྤྲོས་ནས། ཞགས་པས་དགྲ་བོ་བཅིངས་སྤྲིའུ་སྐྱོན་ནས་ཁྲིད་བྱུང་བས་འབྲུབ་ཁུང་དུ་བཅུག་ནས་གན་རྐྱལ་གྱི་པར་ཀྱུར་བར་བསམ་ལ་ཐུན་གྱིས་བྲབ། སྔགས་གོང་མས་ཞག་གསུམ་ལ་རྟགས་ཐོན་འོག་མ་ཡང་ཞག་གཅིག་བདུན་ཉི་ཤུ་གཅིག་གིས་འགྲུབ་སྟེ། གང་ཟག་གིས་ཁྱད་པར་དུ་གདའ་འོ། །ཆོ་འཕྲུལ་བྱུང་ནས་མ་བྲན་ན་དགྲ་བོ་དེ་འཆི་བར་འགྱུར་རོ། །སྒྲུབ་པ་ཐོན་ནས་གཟུངས་བརྙན་དེ་གཉིས་དགྲ་ལ་བསྐྱལ། ལིངྒ་ཕུར་པས་བརྡུང་ལ་སྦྱིན་བསྲེག་བྱ། འདིས་དགྲ་ལ་སྨྱོ་འབོད་ཡོང་ཞིང་དགྲ་བོ་སྨྱོན་བར་འགྱུར་རོ། །བསྐུལ་རྣམས་བྱའོ།

རུས་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་ནན་པ།


PS011_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་ནན་པ་རྣམས་ཀྱི་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ་ཆགས་པ་རྣམ་གསུམ་གྱི་མན་ངག་རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྣམས་བཞུགས་སོ། །


PS011_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

སེ༽ ༈ མ་ཧཱ་ཀཱ་ལ་ན་མོ། བེའུ་བུམ་ནག་པོའི་སྙིང་པོ་འདི། །ཤིན་ཏུ་བརྣག་པས་མན་ངག་སྟེ། །བསྟན་དགྲ་བསྒྲལ་ཕྱིར་བཤད་པར་བྱ། །གཏོར་མའི་ལས་ལ་བརྣག་པ་ཡི། །མན་ངག་འདི་ནི་ཤེས་ཕྱིར་བྲིས། །རུས་པའི་ལྟོ་བ་ཙཀྲ་ནི། །རི་མཉམ་ཕྱེད་སྒོ་སོགས་ཐོག་ལ། །ས་བོན་རྩ་སྔགས་བརྩིན་ཐུན་བཀོད། །ལྟེ་བར་ཎི་ལ་གསང་བར་མི། །ཕྱི་རོལ་ཙཀྲ་རྩིབས་ལྔ་ལ། །འཁོར་དང་ལྷ་མོའི་ས་བོན་སྔགས། །ཡི་གེ་ལྔ་ཡི་གོང་དུ་མིང་། །གཞུག་ལ་ཕྱི་རོལ་ཤཱ་སཱ་ན། །བར་སྐབས་མིང་གཞུག་ཤེས་པར་བྱ། །ཡི་གེ་བཞི་ཡི་གཟོར་ཆེན་གདབ། །གྲོང་ཁྱེར་དཀྲུགས་པའི་ལས་སྦྱོར་ལ། །གྲོང་ཁྱེར་དབུས་སུ་རྒྱལ་བློན་གྱི། །གཟུགས་ཀྱི་སྙིང་གར་ཡི་གེར་གཞུག །ལོགས་པར་བྲེལ་ལ་བཅུག་པ་སྟེ། །རླུང་གི་ས་ནོན་མཚལ་གྱིས་བྲིས། །རུས་པ་རྣམས་ཀྱི་རྒྱན་སྟབས་སུ། །གྲི་ལྕགས་སྙུ་གུས་བྱི་ལ་དང་། །བྱི་བ་ར་ཁྱི་དཀར་ནག་ཁྲག །འུག་པ་བྱ་རོག་ཁྲག་དང་སྦྱར། །ནུབ་བྱང་


PS011_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ཁ་བསྟན་ལ། །ཨ་ཀྲྟ་ཡ་ཙཀྲ་ཕྱེ། བི་དྷི་ཤ་ས་ར་ཀྲ་ར་ཀྲ་ཡ་ཕྱེ་ཕྱེ། ཤིག་ཤིག །དེ་བྲིས་རང་གི་དྲི་མ་དང་། ཁ་རླངས་སྤངས་ཏེ་སོར་བཞི་སྟེབས། ཁ་སྦྱོར་དབྱེ་བ་གཞུང་བཞིན་བྱེད། །ལུས་ནས་དབབ་པའི་མན་ངག་ལ། །རྟ་རྐྱང་དྲེལ་གསུམ་ཁྲག་དང་ནི། །སྤྱང་ཀི་དོམ་དྲེད་ཁྲག་ཀྱང་བསྲེ། །ཁྲ་དང་བྱ་རོག་ཁྱི་ཡི་བྲུན། །དགུག་གཞུག་དང་བསྟུན་བྱུང་ས་ཅེས། །ངག་ནས་དབབ་པའི་མན་ངག་ལ། །བུད་མེད་རིགས་ནི་མི་གཅིག་པ། །གསུམ་གྱི་ཁུ་བས་གསང་ནས་བྱུགས། ཁ་ནས་མངར་གསུམ་སྲི་ཅེས་བྲི། །སྨྱོས་བྱེད་ཁུ་བས་བུ་ག་བྱུགས། །ཡིད་ནས་དབབ་པའི་མན་ངག་ལ། །ཞིང་ཁང་ནོར་གྱི་རྫས་རྣམས་བྱུགས། །བྱ་སྦྲུལ་ཕག་གི་ཤ་ཡང་ཤེས། །ལུས་ངག་ཡིད་ཀྱི་དབབ་པ་འདི་ནི། །མངོན་སྤྱོད་གཏོར་ཆེན་ཞལ་ཤེས་ཏེ། །ཁྱུང་པོའི་གསུང་གི་མཐར་ཐུག་གོ ༈ །ཆགས་པ་རྣམ་གསུམ་མན་ངག་ལ། །ལུས་ནི་ཆགས་བྱེད་གོས་དང་དར། །ཆེ་བ་གསུམ་དང་


PS011_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་བཅས། །རུས་སྦལ་རུས་པ་ཐལ་ཆེན་བྱུགས། །བྲིན་བྱ་ཏི་ལོ་ཤ་ཡང་ཤེས། །ངག་གི་ཆགས་བྱེད་མེ་ཏོག་དམར། །ཀ་ར་ཚིལ་ཆེན་ར་འོ་སྦྱར། །ཨརྨ་ཏྱེ་ར་ཛ་སྥ་ར་་ཁཾ། །འདི་བྲིས་ཁ་ཡི་སྟེང་དུ་མནན། །ཡིད་ཀྱི་ཆགས་བྱེད་གསེར་དང་དངུལ། །བྱེ་རུ་དུང་དང་སྦྱར་ནས་སུ། །ཐོད་པར་ཨདྨ་མུ་ནི་ཁཾ། །ཀྲ་བཾ་རིལ་ཛ་གསུམ། འདི་བྲིས་སྙིང་གར་མནན་སུ། ཁ་སྦྱོར་དབྱེ་བ་བྱེད་པ་ཡིན། །དུ་བས་བདུག་པས་རྫས་ལ་ནི། །སྔགས་ལ་དབང་ཐོབ་དམ་ཚིག་ཉམས། །མི་མེད་མཛེས་ཅན་བསྡོམས་པ་ཤོར། །དྲི་ཆེན་གྲུཾ་ཁྱེ་ར་བྲེ་དང་། །མུ་བྲི་དཀར་ནག་རོལ་སོལ་ལ། །སྲོག་ཚེ་དུ་བ་མཛེས་པར་གཅེས། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །རྟགས་ཀྱིས་རིམ་པ་འདི་ལྟ་སྟེ། །དམག་གི་བརྩོན་ནི་བཟུང་བ་དང་། །བྱིའུ་ཁྲ་ཡི་དེད་པ་དང་། །སྲིན་པོ་དངོས་སུ་འགྲོ་བ་རྣམས། །གཞན་གྱི་དེད་པས་རང་ལ་སྐྱབས། །དེ་ལྟར་རྟགས་ནི་བྱུང་བ་དང་། ཁ་སྦྱོར་དབྱེ་བ་བྱེད་པ་ན། །འོད་ཟེར་རང་ལ་ཐིམ་པ་དང་། །དུད་འགྲོ་སྐྱབས་དང་བྲལ་བ་དང་། །གཅེར་མོ་འགྲོ་བའི་སྣང་བ་འབྱུང་། །དེ་ནས་གཏོར་ཆེན་ལ་སལ་འཇུག །ཤོག་དྲིལ་ནག་པོའི་མན་ངག་རྫོགས་སོ། ཨིྀྛཿ ས་མ་ཡ།

འཁོར་ལོའི་སྒོ་ནས་དགྲ་བགེགས་བསད་པའི་ལས་སྦྱོར་མགོན་པོ་མངོས་ཀྱི་ཞངས་པ་ལོ་ཙཱ་བ་ལ་གནང་བ།


PS011_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་སྒོ་ནས་དགྲ་བགེགས་བསད་པའི་ལས་སྦྱོར་མགོན་པོ་མངོས་ཀྱི་ཞངས་པ་ལོ་ཙཱ་བ་ལ་གནང་བ་བཞུགས་སོ།། །།
ཏེ། ༈ ན་མོ་མ་ཧཱ་ཀཱ་ལ་ཡ། འཁོར་ལོའི་སྒོ་ནས་དགྲ་བགེགས་བསད་པའི་ལས་ནི། འཁོར་ལོ་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པ། དུག་ཁྲག་གི་རོ་རས་ལ་སོགས་པ་ལ་བྲིས་པ་གཉིས་བྱས་པའི་ལྟེ་བར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷཱ་ནན་བཱི་ན་ཡ་ཀ་ཧཱུྃ་ཧཱུྃ་ཆྒཻ་མོ་མཱ་ར་ཡ་ཕཊ། ཅེས་པ་བྲི། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་རིམ་པ་བཞིན་དུ་གཡོན་བསྐོར་དུ། ཁ་ཁ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་ནས། དེ་བ་མི་ཀི་ཆོཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པའི་བར་སྔགས་ཆེན་བརྒྱད་བྲི་བར་བྱ་སྟེ། ཧ་ན་ཧ་ན་བོར་བའོ། །མུ་ཁྱུད་ལའང་བསད་པ་བརྒྱད་པོ་དེ་ཉིད་བྲི་བར་བྱ་སྟེ། རྩིབས་ལ། ཁ་ཁ་ཅེས་པ་བྲིས་པའི་ཐད་ཀྱི་མུ་ཁྱུད་ལའང་། ཁ་ཁ་སོགས་དང་རྩིབས་ལ་དེ་ན་མེ་ཀི་ནི་སོགས་བྲིས་པའི་ཐད་ཀྱི་མུ་ཁྱུད་ལའང་དེ་ཉིད་བྲི་བ་ལ་སོགས་པའོ། །དེའི་ཕྱི་རོལ་དུ་གྲི་གུག་རྩེ་མོ་ནང་དུ་བསྟན་པ་མཚོན་ཆའི་འཁོར་ལོ་བྲི་བར་བྱ་ཞིང་། དེའི་ཕྱི་རོལ་དུ་མེ་རི་གཡོན་བསྐོར་དུ་བྲི་བར་བྱའོ། །འགོ་འཁོར་ནི་


PS011_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་སྔར་དང་འདྲ་བ་ལ། རྩིབས་བརྒྱད་ལ་སྔགས་ཆེན་བརྒྱད་ནི་གཡས་བསྐོར་དུ་བྲི་ཞིང་དེང་རྗེས་སུ་མཐུན་པར་མུ་ཁྱུད་ལའང་སྔགས་གཡས་བསྐོར་དང་། མེ་རི་གཡོན་བསྐོར་དུ་བྲི་བར་བྱའོ། །འཁོར་ལོ་དེ་ཉིད་ཀྱི་བར་དུ་བཞུག་པར་བྱ་བའི་ལིངྒ་ནི། གཅེར་བུ་རིད་ཅིང་སྐྲ་གཟིངས་པའི་རྣམས་པ་ཅན་གྱི་དཔྲལ་བར་རུས་དང་མིང་། སྙིང་གར་དགྲ་ལ་ཎི་དང་བགེགས་ལ་ཏྲི་བྲིས་པའི་མཐར་ཡི་གེ་རྣམས་མགོ་ནང་དུ་བསྟན་ཅིང་ཁ་ཕྱིར་བསྟན་ཏེ། ཨོཾ་གྱི་ཀླད་སྐོར་ིའི་ཏྲིའི་གི་གུ་མནན་པ་ལྷུར་བྱས་སྲོག་སྔགས་སྤེལ་ཚག་དང་བཅས་པ་གཡོན་སྐོར་གྱི་བྲི་བར་བྱའོ། །དེ་ནས་འཁོར་ལོ་གཉིས་ཀ་སྦྱོར་བའི་ལྟེ་བའི་བར་དུ་ལིངྒ་བཅུག་ཅིང་མདུན་དུ་བཞག །མཆོད་གཏོར་བཤམས། རང་ཡི་དམ་གྱི་ང་རྒྱལ་ལ་གནས་པའི་མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་ལ་མཆོད་གཏོར་འབུལ་བ་དང་བཟླས་པ་ཅུང་ཟད་ཙམ་བྱས་ནས་འཁོར་ལོ་སྟོང་པར་སྦྱངས་ལ་བྷྲཱུྃ་ལས་གནམ་ལྕགས་ཀྱི་


PS011_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་མེ་རབ་ཏུ་འབར་བར་བསྐྱེད་པ་ལ་མདུན་གྱི་མགོན་པོའི་ཐུགས་ནི་ཧཱུྃ་ལས་བསྒོམ་པ་འདྲ་བའི་འཁོར་ལོ་ཁ་སྦྱོར་སྤྲོས་ཏེ་མདུན་གྱི་བྲིས་པའི་འཁོར་ལོ་ལ་ཐིམ་པར་བསམ་པའི་རབ་ཏུ་གནས་པར་བྱའོ། །དེ་ནས་སྒྲུབ་པའི་དཀྱིལ་འཁོར་ཡོད་ན་དེའི་མདུན་དང་། མེད་ནའང་གཏོར་མའི་མདུན་དུ་འབྲུབ་ཁུང་གྲུ་གསུམ་བསྐོར་བའི་སླངས་པའམ་བྲིས་པ་གང་ཡང་རུང་བའི་དབུས་སུ་འཁོར་ལོ་ཁ་སྦྱར་གྱི་བར་དུ་ལིངྒ་དང་བཅས་པ་ཤི་སྐྲའི་སྐུད་པས་རྒྱ་གྲམ་དུ་བཅིངས་ཏེ་སྟེང་འོག་མ་ནོར་བ་དང་། ལིངྒའི་མགོ་ཕར་བསྟན་ཏེ་གན་རྐྱལ་དུ་འོང་ན་བྱས་ཏེ། ལིངྒ་དེ་ཉིད་སྙིང་ཁ་ཡི། །སྲོག་གིས་ཡི་གེ་གྱུར་པ་ལ། །སྒྲུབ་བྱ་གང་ཡིན་དངོས་པོ་བསྒོམ། །རང་གི་ལྷག་པའི་ལྷར་གསལ་བའི། །ང་རྒྱལ་ལྕགས་ཀྱུའི་ཕྱག་རྒྱ་ཡི། །དེ་ཡི་ལུས་ངག་ཡིད་གསུམ་འགུག །རང་དང་མགོན་པོའི་ཐུགས་ཀ་ཡི། །ས་བོན་ལས་སྤྲོས་ཁྲོ་བོའི་ཚོགས། །ལྕགས་ཀྱུ་ཞགས་པ་འཛིན་རྣམས་ཀྱི། །དམིགས་པའི་སྒྲུབ་བྱའི་སྙིང་ག་ནས། །ལྕགས་ཀྱུའི་


PS011_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཞིང་ཞགས་པས་བཅིངས། །ཐོ་བས་རྒྱབ་ནས་བརྡུངས་པ་དང་། །ལས་ཀྱི་རླུང་གི་ཕུལ་ནས་དགུག །ཆེ་གེ་ཨ་ཀརྵ་ཡ་ཛཿ ཞེས་བརྗོད་དམིགས་པ་བརྟན་པར་བྱ། །མགོན་པོའི་མངག་པའི་ཕོ་ཉ་དྲག །ཌཀྐི་ར་ཛས་གཡས་ནས་ཆུམས། །ཚོགས་བདག་གླང་སྣས་གཡོན་ནས་ཆུམས། །གཞན་ཡང་ཕོ་ཉའི་ཚོགས་རྣམས་ཀྱིས། །བཀུག་ནས་བསྐྱེད་པ་དེ་ལ་བསྟིམ། །དེ་ནས་རྣམ་ཤེས་དྲངས་པ་ནི། །སླར་ཡང་འོད་ཀྱི་ལྕགས་ཀྱུ་དང་། །ཕོ་ཉའི་ཚོགས་ཀྱི་སྒྲུབ་བྱ་དེ། །བཀུག་ནས་མདུན་ན་གནས་པ་ཡི། །གནོད་བྱེད་དེ་ཡི་ལྟེ་བ་རུ། །ཡཾ་ལས་རླུང་གི་དཀྱིལ་འཁོར་བསྒོམ། །སྙིང་གར་རྣམ་ཤེས་མར་མེ་ལྟར། །འབར་བའི་ཨ་ཐུང་བསམ་པ་བྱ། །རང་གི་སྣ་བུག་གཡས་པ་ནས། །རླུང་བྱུང་དེ་ཡི་གཡས་པར་ཕོགས། །ལྟེ་བ་རླུང་དང་འདྲེས་པ་ཡིས། །རྣམ་ཤེས་དལ་གྱི་ཕུལ་ནས་ནི། །གཡོན་གྱི་སྣ་བུག་ནས་ཐོན་ཏེ། །ལིངྒ་བསྐྱེད་པའི་གཡོན་པ་ཞུགས། །སྙིང་གར་གནས་པར་རྣམ་པར་བསམ། །དེ་ནས་རང་གི་ཐུགས་ཀ་


PS011_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ས་བོན་འོད་ཀྱི་མགོན་པོ་བསྐུལ། །མགོན་པོ་འཁོར་དང་བཅས་པ་ཡི། །སྐུ་དང་ཐུགས་ཀའི་ས་བོན་ལས། །འོད་ཟེར་དྲག་ཅིང་རྩུབས་པ་ནི། །ཤུགས་ལྡན་འཕྲོས་པས་འཁོར་ལོ་ལ། །ཕོག་པས་འཁོར་ལོ་རབ་བསྐུལ་ཏེ། །སྟེང་འོག་འཁོར་ལོ་གཡས་གཡོན་དུ། །དྲག་ཅིང་འགྱོགས་པར་འཁོར་བ་ཡིས། །བསྒྲུབ་བྱའི་ལུས་ནི་རྣམ་པར་བཅོམས། །མར་མེ་རླུང་གི་བསད་པ་ལྟར། །རྣམ་ཤེས་ཐུམ་གྱི་བཏང་བྱ་སྟེ། །ཤ་ཁྲག་རུས་པ་མ་ལུས་པ། །མགོན་པོ་ཕོ་ཉའི་ཚོགས་བཅས་པས། །ཟོས་ཤིང་མཐུང་བའི་ལྷག་མ་རྣམས། །འཁོར་ལོ་ལས་འཕྲོས་མེ་འོད་ཀྱི། །ཐལ་བ་ཙམ་ཡང་མ་ལུས་པར། །བསྲེགས་ཤིང་དེ་ལྟར་ཚར་བཅད་པའི། །དམིགས་པ་གསར་བར་བསྟན་བྱས་ལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཨ་མུ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་རཱ་མ་རཱ་གྲིཧྣ་གྲིཧྣ་བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀི་ན་ཨ་མུ་ཀ་མཱ་ར་ཡ། མཱ་ར་ཡ་ཕཊ་ཕཊ། དེ་ལྟར་


PS011_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྔགས་བཟླས་པས། །ཉིན་དང་མཚན་དུ་གཡེངས་མེད་པར། །ཞག་གྲངས་ཉི་ཤུ་རྩ་གཅིག་གམ། །དགུའམ་བདུན་ལ་སོགས་པ་ཡི། །ཇི་སྲིད་མཚན་མ་མཐོང་གི་བར། །རབ་ཏུ་འབད་དེ་བསྐུལ་བར་བྱ། །མཚན་མ་གསལ་བ་མཐོང་ན་ནི། །ལིངྒ་བསྒྲུབ་བྱར་བསམ་པ་དེ། །མཚན་གྱི་བསྟུན་ལ་གཏོར་མར་བཏང་། །ཡང་ན་སླར་ཡང་ལིངྒ་ལ། །དགུག་གཞུག་བསྐྱེད་པ་སྔར་ལྟར་བྱ། །སྦྱིན་བསྲེག་དག་ཏུ་འབུལ་བར་བྱ། །མནན་པའི་འཁོར་ལོ་བྱ་བ་ནི། །འཁོར་ལོ་ལིངྒར་བཅས་པ་ལ། །བྲིས་ཚུལ་གཞན་དག་སྔར་དང་མཚུངས། །འོན་ཀྱང་སྔགས་ཀྱི་སྤེལ་ཚིག་ནི། །མ་རཱ་ཡ་ཡི་གེ་ས་རུ། །སྟཾ་བྷ་ཡ་ལཾ་ཅེས་གཞུག །ཁྲག་ཆེན་དུག་དང་བཅས་པ་ལ། །ལྡོང་རུས་བསྲེས་པའི་ཁུ་བས་བྲིས། །རང་ལྷའི་ང་རྒྱལ་ལྡན་པ་ཡི། །མདུན་དུ་བསྐྱེད་སོགས་གོང་དང་མཚུངས། །ལིངྒ་བསྒྲུབ་བྱར་བཅས་པ་ལ། །ཛཿཡིས་བཀུག་ལ་ཧཱུྃ་གིས་སྟིམས། །བཾ་གྱི་བཅིངས་ལ་ཧོཿཡི་མྱོས། །འཁོར་ལོ་ལིངྒ་བཅས་པ་དེ། །


PS011_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་ལ་ཁར་ནག་ཐག་པས་བསྐྱིགས། །རབ་ཆད་མི་ཡི་ཐོད་པའམ། །ཁྱི་ཐོད་ནང་དུ་གཞུག་པར་བྱ། །སླར་ཡང་ཚོན་བསྐུད་སྣ་ལྔ་ཡི། །རྒྱ་གྲམ་དག་ཏུ་བཅིངས་པར་བྱ། །ཐིམ་པའི་འོག་གམ་བསྣོལ་བའི་ལམ། །མཆོད་རྟེན་འོག་ཏུ་འབྲུབ་ཁུང་ནི། །གྲུ་གསུམ་རྩེ་མོ་ཕྱིར་བསྟན་བྲུ། །དེ་ནང་དུར་ཁྲོད་རོ་གཡམ་གཏིང་། །དེའི་སྟེང་དུ་འཁོར་ལོའི་སྣོད། །ཐོད་པའི་གདོང་དང་ལིངྒའི་མགོ། །གྲུ་གསུམ་རྩེ་མོ་བསྟན་ཏེ་བཞག །གཏོར་མ་རྙིང་པས་ནུས་པར་དགང་། །སྟེང་དུ་རོ་གཡམ་གྲུ་གསུམ་གྱི། །དབུས་སུ་སྣ་ཚོགས་རྡོ་རྗེ་ཡི། །ལྟེ་བར་ཧཱུྃ་དང་ཟུར་གསུམ་ལ། །ལཾ་ཡིག་བྲིས་པས་དགན་པར་བྱ། །དེ་སྟེང་ས་ཡི་གཡོགས་པ་ལ། །རང་ཉིད་ལྷ་ཡིས་ང་རྒྱལ་གྱིས། །རྐང་པས་ལྕགས་ཅིང་འཐལ་བར་བརྡུངས། །མགོན་པོ་འཁོར་དང་བཅས་པ་ཡིས། །བདག་ལ་གནོད་པའི་སྒྲུབ་བྱ་འདི། །སངས་རྒྱས་བསྟན་པ་གནས་ཀྱི་བར། །མ་བཏང་ཤིག་ཅེས་བཅོལ་ཞིང་གཏད། །སྔགས་
བརྗོད་དྲག་ཏུ་བསྐུལ་བར་བྱ། །ཁྱབ་པར་དུ་ཡང་ལྷ་མོ་བསྐུལ། །བླ་མ་ཤངས་པ་ལོ་ཙམ་ལ། །ལས་འདི་མགོན་པོ་རང་གིས་སྨྲས། །སྟོན་པའི་བསྟན་པ་བསྲུང་གྱུར་ཅིག །གུ་ཧྱ་ས་མ་ཡ།རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པས་རྒྱུད་ནས་བྱུང་ཏེ་སྲས་ཀྱི་མཐུ་བོར་གནང་ཞིང་ས་ར་ཧའི་ལུགས་ཀྱང་མི་ཏྲི་པའི་གསན་པའི་མགོན་པོའི་ལས་སྦྱོར་ཤངས་ཁྲག་གིས་ཤོག་དྲིལ་དང་པོ་རེ་མ་ཏི་མན་ངག་གི་འཁོར་ལོའི་ལས་སྦྱོར་ལྷ་མོའི་སྙིང་ཁྲག་གི་ཤོག་དྲིལ་གཉིས་པ། ཀྵེ་ཏྲ་པ་ལའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་གསུམ་པ། རྗེ་མི་ཏྲི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་བཞི་པ། ཏྲཀྐི་ར་ཛའི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་ལྔ།

ཏྲག་ཤད་ཀྱི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་དྲུག་པ་དང་བཅས་པ།


PS011_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་ཤད་ཀྱི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་དྲུག་པ་དང་བཅས་པ་བཞུགས་སོ།། ཨེ༽ ༈ མ་ཧཱ་ཀཱ་ལ་ཡ་ན་མོ། རྒྱུད་ཀྱི་ལེའུ་ཉི་ཤུ་རྩ་དགུ་པ་ནས་ལས་སྦྱོར་རིགས་མི་འདྲ་བ་མང་དུ་གསུངས་ཀྱང་། དཔལ་ལྡན་ཤ་བ་རི་པས་རྒྱུད་ནས་ཕྱུང་སྟེ་སྲས་ཀྱི་ཐུ་བོ་གཉིས་ལ་གནང་། ས་ར་ཧ་པའི་ལུགས་ཀྱང་མི་ཏྲི་པ་ལས་གསན། དེས་བླ་མ་གཉིས་ཀྱི་བཞེད་པ་ལྟར་བཀོད་ནས། གཏོར་མའི་ལས་སྦྱོར་སྟོབས་ཆེན་གཞན་དུ་ཤེས་ལ་


PS011_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཚིག་ལ་འདིར་ཞག་གསུམ་ལས་མང་བར་བྱས་ན་རང་ལ་ལྡོག་པའི་རྒྱུར་གསུངས། དེ་ནས་སེམས་ཅན་གང་གི་སྙིང་ཁྲག་དྲོན་མོ་དེ་གྲི་ལྕགས་ལས་བྱས་པའི་སྙུ་གུ་མགར་བ་མིན་པ་གཞན་གྱིས་ལག་མ་འགྲེལ་པ་དེས་ཐོག་མར་མགོན་པོའི་འཁོར་ལོ་ནི། དུག་ཤོག་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར་བདེན་སྟོབས་ཀྱི་ཡི་གེ་བྲིས། རྩིབས་ལ་རྩ་སྔགས་ཤམ་བུ་ཅན་དང་། ཕྱི་མ་ཤཱ་ས་ན་སྤེལ་སྔགས་དང་བཅས་བྲིས། ལིངྒ་ཀྱང་ཟག་པས་བྱུགས་པ་དང་ཁ་སྦྱར་ནས་གཏོར་མའི་དབུས་སུ་བཞག །ཞག་གསུམ་གྱི་བར་ལ་ལས་སྦྱོར་བྱེད། བདེན་སྟོབས་དང་རབ་གནས། རྩ་སྔགས་བསྙེན་པ་ཤམ་བུ་ཅན་རྦད་པ། ཤཱ་ས་ན་ནི་གསད་ས་གཅིག་ཏུ་དྲིལ་བའི་མན་ངག་ཡིན་པས་གསང་བ་གལ་ཆེ། །མགོན་པོའི་ཤངས་ཁྲག་གི་ཤོག་དྲིལ་ཏེ་དང་པོའོ། ༈ །རེ་མ་ཏི་ཡི་མན་ངག་ལ་ངོ་ཚ་བྲལ་བའི་ལག་ནས་


PS011_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཤོག་བུ་ལ། སྔར་གྱི་སྣག་ཚ་ལ་ཤེར་ཤིང་གི་སྙུ་གུས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་པ་བྲིས་པའི་ལྟེ་བར་དགྲ་བོའི་ལིངྒ་ཟག་པས་བྱུགས། རྩིབས་བརྒྱད་ལ་ས་བོན་མུ་ཁྱུད་ལ་རྦད་སྔགས་བསད་གསུམ་བྲིས། དེ་ཕེ་འཁོར་དང་སྤྲད་ལ་གཏོར་མའི་དབུས་སུ་བཞག་ལྷག་རྣམས་སྔར་དང་འདྲའོ། །ལྷ་མོའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་གཉིས་པའོ། །འདི་ལ་གཞི་བྱས་ནས་ཤིན་ཏུ་མི་མཁས་པ་རེས་སླད་ནས་ཚན་པ་ལྔ་སྣང་ན་ཡང་། འདི་ཤིན་ཏུ་དག་པར་བྱས་པའོ། ༈ །ཀྵེ་ཏྲ་པ་ལའི་ལས་སྦྱོར་ལ་མི་གྲིར་ཤི་བའི་དྲོད་མ་ཡལ་བ་ལ་བཀབ་པའི་ཤོག་གུ་ལ་སྔར་གྱི་སྣག་ཚ་དང་རྒྱ་ཤོག་གིས་སྒྲོ་རྩའི་སྙུ་གུས་རཱུ་པའི་སྙིང་གར་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ་བྲིས། ལྟེ་བར་གཙོ་བོའི་རྩ་སྔགས། མཚམ་བཞིར་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་མགོ་ནང་དུ་བསྟན་པ་བྲིས། དེ་གཏོར་མའི་ནང་དུ་གཞུག །འདི་ལ་ཡང་མང་དུ་ཡོད་ཀྱང་དག་པ་གསུམ་སྣང་བའི་ནང་ནས། འདི་ཁྱུང་པོའི་མན་ངག་ཐུན་མོང་མ་ཡིན་


PS011_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བ་དག་པར་བྱས་པའོ། །ཀྵེ་ཏྲ་པཱ་ལའི་སྙིང་ཁྲག་གིས་ཤོག་དྲིལ་ཏེ་གསུམ་པའོ། ༈ །ཛི་ན་མི་ཏྲའི་ལས་སྦྱོར་ལ་ཡང་དུག་ཤོག་ལ་སྔར་གྱི་སྣག་ཚ་དང་གྲི་རུས་ཀྱི་སྙུ་གུས་འཁོར་ལོ་རྩིབས་དྲུག་མུ་ཁྱུད་གཉིས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་བྲིས་ལ་ལྟེ་བར་གཙོ་བོའི་སྔགས། མུ་ཁྱུད་ནང་མ་ལ་ཛི་ན་མི་ཏྲའི་རྩ་སྔགས་ཤམ་བུ་ཅན། ཕྱི་མ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲིས། རྡོ་རྗེ་རཱ་རྣམས་སུ་ཏྲི་དང་ཛ་བྲིས། ལིངྒ་ཀྱང་ཟག་པས་བྱུགས་པ་དང་སྤྲད་ལ་གཏོར་མའི་ནང་དུ་བཅུག །ལྷག་མ་རྣམས་སྔར་དང་འདྲ། འདི་ལ་དཔེ་དང་དོན་བསྲེས་པ་ལ་མང་དུ་སྣང་ཡང་། ཁྱུང་པོའི་མན་ངག་འདི་གསོལ། ཛི་ན་མི་ཏྲའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་བཞི་པའོ། ༈ །ཌཀྐི་ར་ཛཱའི་ལས་སྦྱོར་ནི། དུག་ཤོག་ལ་སྔར་གྱིས་སྣག་ཚ་དང་གླ་རྐང་ནག་པོའི་སྙུ་གུས་འཁོར་ལོ་རྩིབས་བཞིའི་ལྟེ་བར་གཙོ་བོའི་སྔགས་རྩིབས་ལ་ས་བོན་མུ་ཁྱུད་དང་པོ་ལ་རྩ་སྔགས་ཤམ་བུ་ཅན་གཉིས་པ་ལ་


PS011_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་སོགས། གསུམ་པ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བྲིས། ཤཱ་ས་ནའི་དོད་ལ་གཤིན་རྗེའི་གཏུན་ཁུང་མར་དྲག་པོའི་སྔགས་དང་ཡ་སོགས་དོད་ཨོ་རྒྱན་རིགས་བྲིས་པ་སོགས་སྣང་ཡང་རྙིང་མ་བ་དང་བསྲེས་པའི་སྐྱོན་ཅན་དུ་སྣང་ངོ། །ལིངྒ་ཀྱང་ཟག་པས་བྱུགས་པ་དང་སྤྲད་དེ་ལྷག་མ་རྣམས་སྔར་དང་འདྲའོ། །ཌཀྐི་ར་ཛའི་སྙིང་ཁྲག་གི་ཤོག་དྲིལ་ཏེ་ལྔ་པའོ། ༈ །ཏྲག་ཤད་ཀྱི་ལས་སྦྱོར་ལ། མཐིང་ཤོག་རོ་ལ་བཀབ་པའི་སྟེང་དུ་འཁོར་ལོ་རྩིབས་གསུམ་པ་མུ་ཁྱུད་ལྔ་པ་བྲིས་ལ། ལྟེ་བར་མགོན་པོའི་རྩ་སྔགས་རྩིབས་ལ་ས་བོན། མུ་ཁྱུད་དང་པོ་ལ་རྦོད་སྔགས་རྦད་གསུམ་དེའི་ཕྱི་མ་ལ་ཤཱ་ས་ན་སྤེལ་ཚིག་དང་བཅས་པ། མུ་ཁྱུད་ལྔ་པ་ལ་གྲི་གུག་གི་ཕྲེང་བ་བྲིས། སྤྲེའུ་ལུག་སོགས་ཀྱི་ཐོད་པས་སྐོར་ཞེས་པ་ནི་མ་དག་པ་ཡིན་ནོ། །ལིངྒ་ཀྱང་ཟག་པས་བྱུགས་པ་དང་སྤྲད་དེ་ལྷག་མ་རྣམས་སྔར་དང་འདྲའོ། །བདུད་མགོན་ཏྲག་ཤད་ཀྱི་སྙིང་ཁྲག་གི་ཤོག་དྲིལ་ཏེ་དྲུག་པའོ། །ཁྱུང་པོའི་ཡིག་


PS011_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་བླ་མ་གཉིས་ཀྱིས་བཞེད་པ་ལྟར་གསུང་པ་འདི་ཡིན་ཏེ། ལྷད་ཞུགས་པ་རྣམས་བསལ་ཏེ་ཤིན་ཏུ་དག་པར་བྱས་པ་ཡིན་པས། རང་བཟོ་བྱས་པ་མ་ཡིན་ནོ། །དེས་ན་གཏོར་ཆེན་གྱི་མན་ངག་མ་ལུས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས། དགུག་གཞུག་ཁ་སྦྱོར་གྱི་དབྱེ་བ་མན་ངག་དང་བཅས་པ་གཏོར་ཆེན་ནས་བཤད་པ་ལྟར་བྱེད་དགོས་སོ། །ཆོ་ག་ནི་གཙོ་འཁོར་གྱི་གཏོར་ཆེན་ཁྱད་པར་འབྱེད་པས་ཤེས་པར་འགྱུར་རོ། །དེས་ན་བཅེས་པའི་མན་ངག་བཅུ་གཉིས་ཐོག་སེར་དང་བཅུ་གསུམ་པོ་འདི། བླ་མ་གཉིས་ཀྱི་དགོངས་པ་བསྡུས་ནས་མགོན་པོ་འཁོར་བཅས་ལ་གཏོར་མ་ཕུལ་ཞིང་གསོལ་བ་བཏབ་ནས། དགེ་སློང་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོའི་འགྲིགས་པར་སྡེབ་ནས། མཁས་པའི་དབང་པོ་ནང་སྟོན་ཀུན་དགའ་རྒྱལ་མཚན་ལ་གདམས་པའོ། །ཆིག་བརྒྱུད་འཛིན་ལ་བསྟན་པ་བསྲུང་། །གཞན་ལ་སྤེལ་ན་དམ་ཚིག་ཉམས། །སྤེལ་བྱེད་དམ་ཉམས་སྙིང་ཁྲག་དེ། །ལས་མཁན་བཞི་ཡིས་ཞལ་དུ་གསོལ། །གུ་ཧྱ་ས་མ་ཡ།

མགོན་པོ་ཡབ་ཡུམ་གྱིས་སྲོག་གི་འཁོར་ལོ་མན་ངག་གཞན་ལ་མེད་པའི་ཁྱད་ཆོས།


PS011_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲིལ་བཅུ་པ་ལ་མགོན་པོ་ཡབ་ཡུམ་གྱིས་སྲོག་གི་འཁོར་ལོ་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་བཞུགས་སོ།། ཀོ༽ ༈ ན་མོ་མ་ཧཱ་ཀཱ་ལ་ཡ། །བཀའ་སྡོད་ལས་ལ་སྦྱར་བ་ལ། །སྲོག་གི་འཁོར་ལོ་འདི་མེད་ན། །ལས་ལ་མི་འགྲོ་འཁུ་ལྡོག་ཆེ། །དེ་ནས་སྲོག་གི་འཁོར་ལོ་གཅེས། །དེ་ཕྱིར་རྣལ་འབྱོར་འདི་ལ་བརྩོན། །སྲོག་འཁོར་བཞི་ཡི་མན་ངག་ནི། །རྒྱ་ཤོག་གམ་ནི་དར་དཀར་ལ། །རིན་ཆེན་མཚལ་ལམ་སྣག་མཚས་བྲིས། །ཙཀྲ་མུ་ཁྱུད་ལྔ་པ་ལ། །ལྟེ་བར་ཨོཾ་ལ་མིང་སྤེལ་བཅས། །རྩིབས་དྲུག་རང་སྔགས་ཡིག་མགོ་ཕྱི། །མུ་ཁྱུད་གཉིས་པར་ལས་སྔགས་བྲིས། །སྤེལ་ཚིག་དག་ལ་རཀྵ་བཅས། །གསུམ་པ་ལ་ནི་གཙོ་བོའི་སྔགས། །སྤེལ་ཚིག་བསྙེན་པ་བཅས་པ་བྲི། །བཞི་པ་ལ་ནི་ཤཱ་ས་ན། །ལྔ་པ་ལ་ནི་ཐོད་རས་བསྐོར། །དེ་ནི་ཡབ་ཀྱི་འཁོར་ལོའོ། །གཉིས་པ་ཡུམ་གྱི་འཁོར་ལོ་ནི། །དར་དཀར་རམ་ནི་རྒྱ་ཤོག་ལ། །རིན་ཆེན་མཚལ་ལམ་སྣག་ཚལ་ཡི། །འཁོར་ལོ་མུ་ཁྱུད་གསུམ་པ་ལ། །ལྟེ་བར་བྷྱོ་ལ་མིག་སྤེལ་བཅས། །མུ་
ཁྱུད་དང་པོར་རྩིབས་བཞི་ལ། །རང་སྔགས་ཡིག་མགོ་ཕྱིར་བསྟན་བྲི། །མུ་ཁྱུད་གཉིས་པ་ལྷ་མོ་ཡིས། །རྦོད་རྦད་བསད་གསུམ་སྔགས་རྣམས་བྲི། །མུ་ཁྱུད་གསུམ་པར་ཐོད་རས་བསྐོར། །འཁོར་ལོ་གཉིས་ལ་རབ་གནས་ནི། །མན་ངག་བཞིན་དུ་ལེགས་པར་བྱ། །མན་ངག་བཞིན་དུ་ལེགས་པར་སྡེབས། །དོམ་གྱི་སྙིང་ཤུན་ནང་དུ་འདྲིལ། །དར་ནག་བཏགས་ལ་དཔུང་གཡོན་གདགས། །འདི་མེད་བཀའ་བསྡོད་ལས་མི་བགྱེད། །ཕ་རོལ་བཟློག་པ་རང་ལ་ཕུང་། །དེ་བས་གནད་འདི་གཅེས་པར་མཛོད། །གཞན་ལ་མེད་པའི་ཁྱད་ཆོས་ཡིན། །ཨིྀྛཿ

ཀྵེ་ཏྲ་པ་ལའི་རླུང་སྒྲུབ་བཟློག་མེད་ཧ་ལ་ཁོང་སོང་མན་ངག །


PS011_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵེ་ཏྲ་པ་ལའི་རླུང་སྒྲུབ་བཟློག་མེད་ཧ་ལ་ཁོང་སོང་མན་ངག་བཞུགས་སོ། ཁོ༽ ༈ ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ནི། །དུག་ཁྲག་སྦྱར་བའི་རུས་པ་བྲི། །སྙིང་གར་མིང་རུས་སྔགས་ཀྱིས་བསྐོར། །ཟག་རྫས་བྱུགས་ལ་སྣེ་ཡིག་ཏུ། །དོམ་གྱི་སེན་མོས་ཎི་ཡིག་ཕུབ། །མ་སུ་ཏ་ཡེ་ཤེས་སྐྲའི་བཀུད་པས་དྲངས། །གྲི་རུའི་གྲི་གུག་བཀུད་སྣར་དྲངས། །གཟུངས་


PS011_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྐྲའི་ཁ་སྣ་གདམས། །རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། །ཁྲི་ཕྲག་གཅིག་གི་བཟླས་པ་བྱེད། །སྐྱེར་པའི་ཕུར་པ་མཛུབ་གང་ལ། །གྲི་ཁྲག་ངར་བླུད་དེ་ལ་ནི། །བཀའ་སྡོད་ལས་ཀྱི་མགོན་པོར་བསྐྱེད། །དེ་ལ་སྐུད་སྣ་བརྟགས་ནས་སུ། །དགྲོའི་བུ་ག་ཞགས་པས་བསྡམས། །གྲི་གུག་གིས་ནི་སྲོག་རྩ་བཅོད། །སྙིང་ཁྲག་ཐམས་ཅད་གསོལ་བར་བསམ། །རང་གི་ཐུགས་རིགས་ཧཱུྃ་ལས་ནི། །འོད་འཕྲོས་མགོན་པོ་བསྐུལ་བར་བསམ། །ཨོཾ་ཀྵེ་ཏྲ་པ་ལ་བིགྷྣཱན་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་སྲོག་རྩ་ལ་རྦུད་རྦུད། ཐུཾ་ཐུཾ། ཤིག་ཤིག །དགྲ་བོའི་ཙིཏྟ་བཾ་རིལ་རྦད། ཁ་ལ་ཕུར་ཡཾ་རྦད། འདི་ཞག་བདུན་བར་དུ་བསྒྲུབ། །རྟགས་ནི་རབ་འབྲིང་ཐ་མ་འགྲུབ། །རབ་ནི་ཞག་བདུན་འབྲིང་ནི་བརྒྱད། །ཐ་མ་དགུ་ཡི་ནང་དུ་འགྲུབ། །གཏོར་མ་འབུལ་བ་གཞུང་དུ་གསལ། །ཐུན་བརྡེག་བསྲོག་བསྣུན་འདིར་མི་དགོས། །བཟློག་མེད་ཧ་ལ་ལྟོར་སྲོང་འདྲ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །
ལྷད་ཞུགས་གསལ་བས་དག་པར་བྱས། །གཏོར་མའི་ལས་གོང་དུ་བཤད་ཟིན་ལས་སྦྱོར་ཟུར་ན་ཡོད། རྒྱ་རྒྱ་རྒྱ།

ཀྵེ་ཏྲ་པ་ལའི་གཏོར་མའི་ལས་སྦྱོར་རཱ་ཧུ་ལ་ལས་ཁྱུང་པོ་ལ་གནང་ནི་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པའི་མན་ངག


PS011_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵེ་ཏྲ་པ་ལའི་གཏོར་མའི་ལས་སྦྱོར་རཱ་ཧུ་ལ་ལས་ཁྱུང་པོ་ལ་གནང་ནི་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པའི་མན་ངག་བཞུགས་སོ།། གོ༽ ༈ ཀྵེ་ཏྲ་པཱ་ལའི་ལས་སྦྱོར་ནི། བཀའ་སྡོད་ལ་བརྟེན་པའི་གཏོར་མའི་ལས་སྦྱོར་ནི། ཤོག་བུའམ་དོམ་གྱི་སྙིང་ཤུན་ལ། ལིངྒ་མཚན་ཉིད་ཚང་བ་བྲི། དེ་ལ་ཟག་རྫས་བྱུགས། རང་ཉིད་ཡེ་ཤེས་མགོན་པོར་བསྐྱེད། ཡེ་ཤེས་པ་དགུག་ཞུག །བསྟོད་པ་དང་བསྙེན་པ་བྱེད། །གཏོར་མ་ཕུལ་ཕྲིན་ལས་བཅོལ། དེ་ནས་ལིངྒ་ཤིང་གི་རྩེ་མོ་ལ་སྐྱོན་ནས་དགུག་གཞུག་བརྒྱ་རྩ་སོགས་བྱེད། གཏོར་ཆེན་ལས་བཤད་པའི་ཁ་སྦྱོར་དབྱེ་ན་བྱས་ལ། མ་སྟེབས་པར་ཡུག་སྐྲ་ཤན་པས་ཕྱིན་ཅི་ལོག་ཏུ་བཀལ་བའི་སྐུད་པས་གཟུངས་ཐག་དྲངས་ལ་སྐྱེར་པའམ་མི་གྲིར་ཤི་བའི་རུས་པ་ལ་གྲི་གུག་མཚོན་གང་པ་གཅིག་བྱས་ལ་མདུན་ནས་ཕྱར། སྣེ་མོ་ཕུར་པ་ལ་གཏོད། དེ་ཡི་དམ་མགོན་པོར་བསྐྱེད། ལིངྒ་དེ་རྡོ་རྗེས་མནན།


PS011_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆང་དང་སྲེས་པ་ལ། ཀྵེ་ཏྲ་པཱ་ལའི་གཏོར་མ་ཟུར་གསུམ་རྩེགས་ཀྱི་སྟེང་དུ་བཤོས་བུ་ཟུར་གསུམ་པ་གཅིག་བཞག །བང་རིམ་འོག་མ་ནུབ་ཙམ་ལ་མ་གོའི་འཐུན་ཀྱུའི་བསྐོར། བར་པའི་དབུས་སུ་གྲུ་གསུམ་བྱས་ལ་ནང་རོ་སོལ་གྱི་ནག་པོ་དང་། ཕྱི་དུག་ཁྲག་གི་དམར་པོ་བྱས་སོ། །དེའི་མཐིལ་དུ་སྔར་གྱི་ལིངྒ་སྤུབ་ལ་བཞག །དེའི་སྟེང་ཐུན་རྫས་བཞག །སྟེང་གི་གྲུ་གསུམ་གྱི་ལོགས་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མར་བཀབ། དེའི་སྟེང་བཤོས་བུ་ཟུར་གསུམ་དེ་བཞག །སྙིང་གའི་གཟུངས་ཐག་དེ་བང་རིམ་གོང་མའི་ཁར་སྟོན། དེ་བཤོས་བུའི་ཞབས་ཀྱི་མདུན་ངོས་ལ་དྲངས་ལ་ཕུར་པ་ལ་གཏོད། སྟེང་གི་བཤོས་བུ་ལ་མ་དོད་པར་བྱའོ། །གཏོར་མའི་ཟུར་དགྲ་ཕྱོགས་ས་བསྟན། མི་གྲིར་ཤི་བའི་ཤའམ། སྙིང་སྣས་རྒྱན། ལྕགས་ཀྱི་སྣོད་དུ་བཞག་ལ། དེ་ནས་ཀྵེ་ཏྲ་པཱ་ལའི་མངོན་རྟོགས་གཏོར་ཆེན་ནས་བཤད་པ་ལྟར་བསྐྱེད་ཅིང་གནས་གསུམ་ལ་ཡི་གེ་གསུམ་བཀོད། ཀྵེ་ཏྲ་པཱ་ལ་ཨ་ཀརྵ་ཡ་ཛཿཅེས་ཡེ་ཤེས་པ་བསྟིམ། དེའི་


PS011_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཚོགས་བདག་གི་གདན་ལ་ཆོ་ག་གསུམ་གྱིས་མགོན་པོ་བསྐྱེད། ཡེ་ཤེས་པ་གཞུག །དེའི་སྤྱི་བོར་མི་བསྐྱོད་པ་བསྐྱེད། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག །དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཧཱུྃ་ལ་ཐིམ། དེ་མགོན་པོའི་སྤྱི་བོ་ནས་ཞུགས་སྙིང་གར་སླེབས། རྡོ་རྗེ་འཇིགས་བྱེད་ཞལ་གསུམ་ཕྱག་དྲུག་པར་གྱུར་ནས། སྲིད་གསུམ་ཟ་བར་ནུས་པའི་གཟི་བརྗིད་བསྐྱེད། མགོན་པོ་ཀྵེ་ཏྲ་པཱ་ལ་ཐིམ། ཀྵེ་ཏྲ་པཱ་ལ་གཟི་བརྗིད་དང་ལྡན་པར་བྱས་ལ། གཏོར་ཆེན་ལྟར་གཏོར་མ་བྱིན་རླབས། དགྲ་གང་ཡིན་དེའི་ཤ་ཁྲག་རུས་གསུམ་ལྷག་མ་མ་ལུས་པར་གསོལ་བར་བསམ། གཏོར་ཆེན་ནས་བཤད་པའི་གཏོར་སྔགས་ཡུམ་མེད་པར་བརྗོད། བསྟོད་ཅིང་འཕྲིན་ལས་བཅོལ། རང་དམ་ཚིག་པར་གནས་པ་ལ་བསིལ་བའི་ཚལ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་གཞུག །མདུན་གྱི་ཀྵེ་ཏྲ་པཱ་ལ་ཡང་རང་ལ་ཡར་མགེ་གེས་བལྟ་བར་བསམ། བཀའ་བསྒོ་བྱའོ། །ཨོཾ་ཀྵེ་ཏྲ་པཱ་ལ་བིགྷ་ནན་ཧཱུྃ་ཕཊ། ཨོཾ་


PS011_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལ་ཡཀྵ་དམ་ཉམས་འདིའི་ཙིཏྟ་ལ་དུན་དུན་རྦད། ཐུན་མོང་མ་ཡིན་པའི་ཞལ་ཤེས་ནི། ཐུན་གྱི་མཐར་བྱ་ཞིང་ལས་ལ་སྦྱར་བ་ནི་ཕུར་པ་ལ་གཟུངས་ཐག་དྲིལ་ཞིང་གྲི་གུག་བར་འཁོར་བར་བྱས་པས་གྲི་གུག་གིས་ཁོ་ཡི་སྲོག་རྩ་རྦད་རྦད་བཅས་པར་བསམ། དེ་ནས་འཕྲལ་དུ་གཏོར་ཟུར་གསུམ་ལ་ལིངྒ་ལ་ཡང་གཙུག །དགུག་ཞུག་བྱས་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ། སྲོད་ཀྱི་དུས་སུ་གཏོར་མ་བཏང་། ལིངྒ་དེ་ཚུར་བླངས་ནས་བསྲེགས། དེ་ལྟར་ཞག་གསུམ་བསྒྲིམ་པས་ཀྵེ་ཏྲ་པཱ་ལས་དངོས་སུ་སྙིང་སྟེར་བ་དང་། འབྲིང་མི་ནག་པོའི་ཤ་ཁྲག་ཟ་འཐུང་བྱེད་པ་དང་། ཐ་མ་སྲོག་ཆགས་བསད་པ་རྣམས་དངོས་སམ་རྨི་ལམ་དུ་འབྱུང་སྟེ། དེ་བྱུང་ནས་སྟེག་བུའི་ཁར་སྟེང་གི་བཤོས་བུ་གཏོར་མ་ཆེ་བ་དེ་དགྲ་ཕྱོགས་སུ་འཕངས་ལ། ཆོས་འབྱུང་གི་ལིངྒ་སྟོན། དེ་ནས་ཆོས་འབྱུང་དུག་ཁྲག་གིས་བྲིས་ལ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་བརྩེགས་པའི་ཟུར་དགྲ་ཕྱོགས་སུ་བསྟན། སྟག་ལོ་པའམ་ཕག་ལོ་པས་མེ་སྤར་ཏེ། མེའི་ནང་དུ་ཀྵེ་


PS011_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་པཱ་ལ་རྐང་ཐང་དུ་ཞབས་གཡས་བསྐུམ་གཡོན་བརྐྱང་བ། དེའི་སྙིང་གར་ཡེ་ཤེས་མགོན་པོ་བསྐྱེད། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་གཞུག །དེ་ནས་ལིངྒ་རྣམས་གྲི་ལྕགས་ལས་བྱས་པའི་གྲི་གུག་གིས་བརྟུབ། རང་གི་ལག་པ་གཡོན་པས་ཕུལ། མེ་མ་ཤི་བར་མི་སྒུལ་མེ་རོག་དེ་མ་ཐག་གཏོར་མ་གཅིག་བཤམས་ལ་གཏང་རག་གིས་ཚུལ་དུ་འབུལ། གཏོར་མ་ཕུལ་བ་དང་དུས་མཉམ་དུ་ལས་མགོན་སོང་ནས་དགྲ་བོ་དེ་རྡུལ་དུ་བརླག་པར་བསམ། མགོན་པོ་རང་ལ་བསྟིམ། ཐལ་བ་སྦྲུལ་ནག་པོའི་ཁོང་པར་བླུག་ལ་སྔར་གྱིས་ཐག་གིས་བསྡོམས། དགྲའི་འགྲིམ་སྲང་དུ་མནན་ཁོས་འགོམས་ན་ལས་མྱུར་བར་སྣང་གསུང་། ཐལ་བ་ལྷག་མ་ཆུ་དང་རླུང་ལ་ཕྱར། ལུས་ལ་མ་རེག་པ་གལ་ཆེའོ། །འདིའི་ལས་སྦྱོར་དུས་སུ་གཏོར་མའི་ནང་དུ་ཟས་ཕུད་བཞག་པ་གལ་ཆེ་ཞིང་། རང་ཉིད་བླ་མ་དང་མགོན་པོ་དབྱེར་མེད་དུ་བྱས་ནས་གསོལ་བ་བཏབ། གཏོར་མའི་ནང་དུ་གྲི་ཁྲག་བསྲེས་པ་དེ། ལས་ཤིན་ཏུ་
མྱུར་བའི་གནད་ཆེའོ། །འདི་ནི་མན་ངག་དང་བཅས་པ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་ཡིན་པས་སུ་ལའང་མ་བསྟན་ཅིང་། རྣལ་འབྱོར་གྱི་དབང་ཕྱུག་རཱ་ཧུ་ལ་ཉིད་ཀྱིས་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པའི་མན་ངག་འདི་མཉམ་མེད་ཁྱུང་པོ་རྣལ་འབྱོར་ལ་གནང་ནས་རིམ་པར་བརྒྱུད་པའོ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །མཁས་པའི་དབང་པོ་ཉང་སྟོན་ཀུན་དགའ་རྒྱལ་མཚན་གྱི་གསེར་སྲང་གང་ཕུལ་ཞུས། རྒྱ་རྒྱ་ཨྛིྀཿ

གསལ་བྱེད་ཞལ་ཤེས།


PS011_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲིལ་བཅུ་གཅིག་པ་ལ་ཤོག་དྲིལ་རྣམས་ཀྱི་མན་ངག་གབ་སྦས་དཀྲུག་པ་རྣམས་གསལ་བྱེད་ཞལ་ཤེས་ཤོག་དྲིལ་ཤིན་ཏུ་གསང་ཞིང་སྦ་བ་བྱ་བ་བཞུགས་སོ།། དེ།༽ ༈ མན་ངག་གནད་ཀྱི་ཞལ་ཤེས་བསྟན་པ་འདི་ལྟ་སྟེ། གཤོགས་ཤིང་གི་སྙུ་གུ་ཅེས་པ་ནི་ཐོག་ཕོག་པའི་ཤིང་ལས་སོ། ༈ །སྒྲོ་རྩའི་སྙུ་གུ་ཅེས་པ་ནི་བྱ་རོག་གི་སྒྲོའི་རྩ་བའོ། ༈ །གླ་རྐང་ནག་པོ་ཅེས་པ་ནི་གླ་བ་ནག་པོའི་རྐང་རུས་ཀྱི་སྦུ་གུའོ། །གྲི་ལྕགས་ཀྱི་སྙུ་གུ་ཅེས་པ་ནི་མི་བསད་པའི་གྲི་མཚོན་ལས་བརྡུང་བའི་


PS011_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

སྦུ་གུ་གྲི་ལྕགས་ཀྱིས་ངར་བླུགས་པའོ། ༈ །སྔར་གྱི་ཞེས་པ་ནི་བསྒྲུབ་གཞུང་ལ་ཟེར། འདི་རྣམས་གཏོར་ཆེན་གྱི་ཆ་ལག་ཏུ་ཤིན་ཏུ་རྒྱས་པ་ཡིན་ནོ། ཁ་སྦྱོར་དབྱེ་བ་སོགས་གཏོར་ཆེན་ལྟར། སྙིང་ཁྲག་གི་ཤོག་དྲིལ་ཞལ་ཤེས་ཟུར་རྩམ་མོ། ༈ །རླུང་སྒྲུབ་ནི། མི་གྲིར་བསད་པའི་ལག་པ་གཡས་པའི་ཚིག་མཚམས་ནས་བཤུས་པའི་བླུད་བུའོ། །གྲིར་ལྕགས་ལ་ཅེ་གསུམ་བཟོས་པ་སོར་བཞི་པ་གྲི་ཁྲག་གི་ངར་བླུགས་པའོ། ༈ །བ་སུ་ནི་མི་གྲིར་བསད་པའི་རྒྱུ་མའོ། ༈ །མི་དབང་ནི་མིང་སྲིང་སྡེབས་པའི་ནལ་ཕྲུག་གི་སྙིང་ཤུན་ནོ། ༈ །རྟགས་ཀྱི་སོ་ལམ་ཅེས་པ་ནི་རོ་ཐལ་ལམ་གྲི་རོ་བསྲེགས་པའི་ཐལ་བའོ། ༈ །དོཾ་གྱི་ཆུ་འཛིན་ནི། དོམ་གྱི་སྒང་ཕུག་གོ ༈ །གྲི་མཚོན་ནི། གྲི་རུས་ལས་བྱས་པའི་གྲི་གུག་ཚོན་གང་པའོ། །སྐྱེར་པའི་ཕུར་པ་གྲི་ཁྲག་གི་ངར་བླུགས་པའོ། །ལུག་ནག་འཕར་སྤྱང་གི་བསད་པའི་རྒྱུ་མ་ཕུས་བཏབ་པའོ། །གྲི་ལྕགས་ཀྱི་ཁབ་གྲི་ཁྲག་གི་ངར་བླུགས་པའོ། ༈ །ཤིང་ནག་ཕུར་པ་ནི་ཆུ་ཤིང་ནག་པོ་དགོངས་སོ། །ཛོ་


PS011_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ནི་འགོ་མ་བཅད་ཅིང་མ་སྐལ་བའི་རྭ་གཡས་པའོ། །ལྟེ་ཞུང་ནི་རས་ནག་པོ་ཁུག་མ་ཟུར་གསུམ་པའོ། ༈ །ཚ་བ་གསུམ་ནི་སྔོ་ཚ་བ་གསུམ་མོ། །ཟངས་ཁབ་ལིངྒའི་སྙིང་གར་གཙུག ༈ །རྟ་ནག་འོག་ཡོད་པའི་སྒང་ཕུག་གོ། རླུང་སྒྲུབ་ཀྱི་ཞལ་ཤེས་ཟུར་ཙམ་མོ། ༈ །ཉི་ཟླ་བྲལ་བའི་ཉེར་དགུའི་སྲོད་དོ། །སྐར་མ་ཁ་སྦྱོར་ནི་གཟའ་སྐར་ངན་པའོ། ༈ །དཀར་མུན་གྱི་ཉུང་དཀར་རོ། ༈ །ཉི་ཐལ་ནི་ཉི་མ་རྒལ་རྒས་ལ་ཁང་པ་ལ་ཟེར་ཏེ་རྒས་པ་དེ་ཡིན་ནོ། ༈ །དམར་སེར་གསུམ་ནི་རྩོད་རྒྱ་སྐེག་འབྲི་མོ་གསུམ་ཡིན་ནོ། ༈ །ཁར་བཏགས་ཅེས་པ་ནི། གསོས་བྲན་བརླབས་གསུམ་བྱས་པའི་གཏོར་མའི་རྩེ་མོ་རང་ཡི་དམ་དུ་གསལ་བའི་ཁས་བཅད་ལ་ཟ། དེ་ནས་གསོས་བྲན་བརླབས་གསུམ་བྱས་ལ་མགོན་པོ་ལ་ཕུལ། བསྲེ་བའི་གནོད། ༈ གསང་ཡུམ་ཅེས་པ་ནི། གསང་བའི་མཁའ་འགྲོ་མ་དང་ལྷ་མོ་གཉིས་ནི། ཕྱག་གཉིས་མ་དང་ཕྱག་བཞི་མའོ། །ཡབ་ཡུམ་གཉིས་པོ་ནི་ཀྵེ་ཏྲ་པཱ་ལ་ཡབ་ཡུམ། ༈ ཕོ་གསུམ་ནི་གནོད་སྦྱིན་གཞན་


PS011_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། ༈ །ཉི་ཟླ་བར་ནི་མུ་ཁྱུད་གཉིས་ཚེར་གྱིས་མུ་ཁྱུད་བཞི་པའོ། །རྡོར་འཛིན་ནི་མུ་ཁྱུད་ལྔ་པ་ལ་རི་མིག་བཅུ་གསུམ་ལ་མཁའ་འགྲོ་བཅུ་གསུམ་བཀོད་དེ། འགྲོ་བ་ནི་མུ་ཁྱུད་དྲུག་གོ ༈ །ཆུ་སྐྱེས་བཅུ་ཅེས་པ་མུ་ཁྱུད་བདུན་པ་ལ་ཕྱོགས་སྐྱོང་བཅུ་བཀོད་པའོ། ༈ །སྡོམ་འཛིན་ནི་མུ་ཁྱུད་བརྒྱད་པར་ཧྲིཥྚ་གཉིས། ༈ འདོད་གསོལ་ནི། མུ་ཁྱུད་དགུ་པ་གཙོ་བོ་ཕྱག་མཚན་བྲིས། ༈ སྟོབས་ཅེས་མུ་ཁྱུད་བཅུ་པ་ཤཱ་ས་ན་བྲིས། མི་འཇིགས་ཅེས་པ་ནི། མུ་ཁྱུད་བཅུ་གཅིག་པར་རྒྱལ་ཆེན་བཞི་བྲིས་ཕྱོགས་བཞིར་ཡིན་ནོ། །མཚམས་རྣམས་སུ་འཁོར་ལོ་རྣམས་ཀྱི་ཕྱག་མཚན་བྲིའོ། ༈ །རྟེན་འབྲེལ་ནི་བཅུ་གཉིས་པ་སྟེ་ཡེ་དྷརྨ་བྲི། མཐའ་མེ་རི་སོགས་མན་ངག་བཞིན་དུ་རབ་གནས་ནི། འཁོར་ལོ་བསངས་སྦྱངས་བསྟིམ་བསྙེན་པ་བཀྲ་ཤིས་སོགས་ཞལ་ལས་བྱུང་བ་ལྟར་རོ། ༈ །བཟློག་པའི་རིམ་པ་ནི། རོས་རས་བསམ་གྲི་རོ་ལ་ཤོག་བུ་བཀབ་གྲི་ལྕགས་ཀྱི་སྙུ་གུ་འཁོར་ལོ་བསྐོར་ལ་ལྷ་དང་ཡེ་ཤེས་རྣམས་


PS011_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱིར་བསྟན་ལ་བྲི། ཤིང་བུ་ཡང་དྲག་པོས་ཁ་བསྒྱུར་ལ་མི་གྲིར་བསད་པའི་ལྕགས་ལ་རྒྱབ་ནས་ཕུར་རྒྱ་པ་སོགས་ག་དར་ལེགས་པར་བྱས་གུ་གུལ་དང་སྤོས་སྦྱོར་གྱི་ལེགས་པར་བྱུགས་འཁོར་ལོ་མི་སྤགས་ཀྱི་མདུན་ངོས་ལ་མགོ་འཇུག་མ་ལོག་པར་ལེགས་པར་སྦྱར། མགོན་པོ་བསྐྱེད་པ་སོགས་གོང་དང་འདྲ། འཇིགས་ཤིང་བརྔམས་པར་བསྐྱེད། དར་ནག་གིས་ཞལ་ཁེབས་བྱས་ལ་མགོན་པོའི་སྐུ་རྒྱབ་སོགས་སུ་ལེགས་པར་སྦའོ། །དེ་ལྟར་བྱས་ན་གནས་དེ་ཡང་བསིལ་བའི་ཚལ་དང་ཁྱད་མེད་གསུངས། གདབ་པ་སོགས་ཆེར་མི་ཉན་བསྙེན་པ་ཚད་དུ་ཐེངས་པ་ཡིན་ན། ནང་དེ་ཉིད་དུ་ཞལ་ཕྱིར་ཕྱོགས་ལ་བསྒུལ་པ་ཙམ་བྱའོ། །སྒོར་མི་འདོན་མི་ལ་མི་སྟོན་པ་དམ་ཚིག་ཡིན་པར་བསམ། བསྐང་བཤགས་རྒྱས་པར་བྱ། བཟོད་པར་གསོལ། སླར་ཡང་བརྟན་བཞུགས་བྱའོ། །ཤོག་དྲིལ་དམར་པོའི་ཞལ་ཤེས་ཟུར་ཙམ་མོ། །རུས་པའི་ལྟེ་བར་མཚོན་ཆའི་འཁོར་ལོ་རྩིབས་བཅུ་གཉིས་པ་སོ་འཐབ་པའི་བར་དུ་དགྲ་བོའི་མིང་གཞུག་


PS011_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཤྲཱི་ཅེས་པ་རྩིབས་བཅུ་གཉིས་པ་ཉི་ཤུའོ། །ཡེ་ཤེས་ལྔ་ཡི་གོང་དུ་སྤེལ་བཅུག །ལམ་གྱི་བཞི་པ་ཅེས་པ། ཛཿཧཱུྃ་བྃ་ཧོཿཡིའི། གྲོང་ཁྱེར་དཀྲུག་ན་གྲོང་ཁྱེར་གང་ཡིན་པ་དེའི་གཟུགས་བྲིས་པ་དེའི་དབུས་སུ་གྲོང་ཁྱེར་དེའི་གཙོ་བོ་སོགས་བྲི། གྲོང་ཁྱེར་དེའི་ཕྱོགས་བཞིར་མཚལ་གྱི་རྡོ་ཅེས་པ་བྲི། མྱོས་བྱེད་ཅེས་པ་ད་དུ་རའི་ཁུ་བའོ། །མེ་ཏོག་དམར་པོ་ནི་ཨུག་ཆོག་མེ་ཏོག་དམར་པོ་གང་ཡང་རུང་བའོ། །དགྲ་གང་ཡིན་པ་དེའི་ཡིད་ཆགས་པའི་ཞིང་དང་། རྟ་ནོར་ཁང་པ་སོགས་ཀྱི་ས་དང་སྤུ་རྣམས་སོ། ༈ །ལིངྒ་སྔར་གནད་མ་ནོར་བ་ཅེས་པ་ཅེས་གསུངས་པའི་དོན་འདི་ལྟར་བྱ་སྟེ། ལྟེ་བར་འཁོར་ལོ་རྩིབས་བཅུ་བསྒོམ། ཧཱུྃ་ཕཊ་གཟུངས་རྡོར་སྙིང་པོའི་བསྐོར། ལྟེ་བར་ིའི་བར་འཁོར་ལོ་རྩིབས་བཅུ། མིང་རུས་བླ་དང་བཅས་པ་བྲི། འཁོར་ལོ་ལྔ་ས་བོན་རང་ལ་བསྟན། སྔགས་ལས་མཱ་རའི་སྦྱོར་མཚམས་ཤེས་པར་བྱ། ཕྱི་རོལ་དུ་རྩ་སྔགས་མིང་སྤེལ་བཅས་བྲིས། སྔ་བར་དུ་གཏོར་མ་འབྲུབ་
ཁུང་ཟུར་དང་རང་ལ་བསྟན་དེར་ནི་ལིངྒ་མགོ་མཐུར་བསྟན་རང་ལ་བསྟན། མགོན་པོའི་ཞལ་རས་ཡང་རང་ལ་བསྟན་པའོ། །ལྟེ་བས་དུས་ཕྱིར་བསྟན་པའོ། །དམར་པོའི་དཔེའུ་ཆུང་འདི་ཉིད། བེ་བུམ་ནག་པོའི་ཤོག་དྲིལ་གཉིས། གསང་བའི་མན་ངག་མཆོག་ཡིན་ལ། །མཁས་གྲུབ་གོང་མའི་གསུང་བཞིན་དུ། །བསྟན་འཛིན་བཤེས་གཉེན་རེ་རེ་ཙམ། །དེ་ལ་བྱིན་ལ་བཀའ་རྒྱས་ཐོབ། །སྣོད་མིན་དག་ལ་སྤེལ་གྱུར་ན། །ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི། །དེ་ཡི་སྙིང་ཕྱུང་སྲོག་ཆོད་ཅིག །ཞིབ་ཆ་བླ་མའི་ཞལ་ལས་བྲིས།

ཤོག་དྲིལ་དམར་པོ།


PS011_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲིལ་བཅུ་གཉིས་པ་ལ་ཤོག་དྲིལ་དམར་པོའི་མན་ངག་བསྐོར་མ་རིག་གཏད་པའི་ཞལ་ཤེས་ནང་བརྟེན་གྱི་ཞལ་ཤེས་གསང་བརྟེན་གྱི་ཞལ་ཤེས་དེ་ཁོ་ན་ཉིད་ཀྱི་ཞལ་ཤེས་ཁྱད་པར་གྱི་བརྟེན་བཟབ་དར་གྱི་ཞལ་ཤེས་རྣམས་བཞུགས་སོ།། ཅོ༽ ༈ མ་ཧཱ་ཀཱ་ལ་ན་མོ། ཤོག་དྲིལ་དམར་མོའི་མན་ངག་ལ། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །བརྟེན་ཅིང་བསྒྲུབ་ལ་དམར་བ་ཡི། །མན་ངག་འདི་ནི་གསལ་བར་བཤད། །སྔོན་འགྲོ་རིག་པ་གཏད་པའི་ཚེ། །བཀའ་བསྒོ་ལྷ་གཏེར་གཙོ་བོ་ནི། །ཁར་བཏང་དེའི་ལྷག་མ་ནི། །


PS011_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བྱིན་རླབས་དེ་ལ་ཕུལ། །འབྲལ་མེད་དམ་ཚིག་བསྲེ་བ་ཡིན། །ར་ཧཱུ་ལཱ་ཡི་ཕྱག་ལེན་ནི། །ཤངས་པ་ལོ་ཙཱའི་ཁྱད་ཆོས་ཡིན། །གསེར་གྱི་མཎྜལ་ཕུལ་ནས་ཀྱང་། །དམ་ཚིག་ལྡན་པ་མ་གཏོགས་པ། །མང་པོར་མཛད་པ་ངེས་མ་མཐོང་། ༈ ཐོག་མར་རྟེན་གྱི་ཞལ་ཤེས་ལ། །མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ། །རང་ཉིད་གནས་པའི་ལྷོ་ཕྱོགས་སུ། །ཕག་སྟག་སྦྲུལ་གྱི་ལོ་པ་སྟེ། །མ་རུངས་པ་ཡི་ལས་གང་དག །གྲི་ལྕགས་མཚོན་ཐོག་ལྷོ་ཕྱོགས་ལ། །བུ་མོ་གཙང་མ་ཤིང་བཟུང་བས། །བཅད་ལ་མན་ངག་གཞུང་དུ་གསལ། །གསེར་དངུལ་ཚལ་དང་གྲི་ཡི་བྲིས། །མན་ངག་བཞིན་དུ་རབ་གནས་བྱ། །གཡག་སོགས་ཕྱི་ཡི་རྟེན་ལ་ནི། །མགོན་པོར་དྲན་པའི་མིང་འདོགས་ཤིང་། །ཐག་པ་ནག་པོའི་བཏགས་མི་བྱ། །གྲིབ་དང་མི་གཙང་མཛེམ་པ་གཅེས། །ཤིན་ཏུ་དམར་བའི་མན་ངག་གོ ཨིྀྛཿ ནང་གི་རྟེན་ལ་ཤར་ལྷོ་མཚམས། །བྲག་དང་ཆུ་གཉིས་འཐབ་པ་ཡི། །སྙུག་སྐྱེས་ཉི་མས་མ་མཐོང་བ། །ནམ་མཁའ་ནོར་བུ་དབེན་པའི་


PS011_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །ཤེས་རབ་མཚོན་བཟང་གོས་དཀར་བ། །མཚལ་དང་ལི་ཁྲི་སིནྡྷཱུ་ར། །བྱིན་གྱིས་བརླབས་ལ་ནང་མཆོད་ལ། །སྦྱར་ཏེ་སྟེང་ལ་ལེགས་པར་བྱུགས། །དར་གྱི་བཅིངས་ལ་མཚོན་གྱི་བཅད། །བཟོ་བོ་མ་གཏོགས་ལག་འགྲིམ་སྤངས། །གཞན་གྱི་གཞུང་དུ་བལྟས་ན་གསལ།། ༈ མན་ངག་མཆོག་གྱུར་གསང་བའི་རྟེན། །གྲི་སྙིང་བཅས་རྣམས་གཞུང་དུ་གསལ། །སྲོག་འཁོར་ཆེན་པོའི་ནང་དུ་གསལ། །ལྕགས་ཀྱི་གའུ་ནང་དུ་བཅུག །དེའི་མན་ངག་ཞལ་ལས་གསལ། ༈ དེ་ཁོ་ན་ཉིད་ཀྱི་རྟེན་ལ། རང་ཉིད་ལྷག་པའི་ལྷར་གསལ་ལ། །སྙིང་གར་ཡེ་ཤེས་མཁའ་འགྲོ་མ། །དམར་ལ་ཆགས་པའི་ཉམས་ཅན་བསམ། །ཐུགས་ཀར་ཐབས་ཤེས་སྐྱེ་གནས་དབྱིབས། །དེ་དབུས་མགོན་པོ་མཚོན་གང་བ། །ཡིད་ལ་རྩེ་གཅིག་བསམ་པ་གཉིས། །ཉིན་མཚན་ལན་རེ་མ་ཆགས་ན། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྐད་ཅིག་ཉིད་ཀྱང་འབྲལ་མེད་ཀྱིས། །སྟན་བཞིའི་ཞལ་ཤེས་གསེར་ཆོས་འདི། །གཞན་དང་ཐུན་མོང་མ་ཡིན་ཀྱང་། །


PS011_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་བསྐལ་པ་མཉམ་པ་ཡིས། །སྔགས་འཆང་གསུང་གི་ནན་བསྐུལ་ནས། །ཡིད་ཆེས་མགོན་པོའི་གནང་བ་ཐོབ། །དེ་ཕྱིར་ཡི་གེར་གསལ་བར་བཀོད། ༈ ཁྱད་པར་རྟེན་ལ་ནི། དམར་བ་བས་ཀྱང་ཆེས་ཟབ་པ། །མན་ངག་འདི་ནི་གསལ་བར་བཤད། །རོ་རས་སམ་ནི་གཡང་གཞི་ལ། །མགོན་པོའི་སྐུ་ནི་ལེགས་པར་བྲིས། །ལྟེ་བར་རིགས་ཀྱི་བདག་པོ་བཀོད། །ཉི་ཟླ་བར་ལ་སྙིང་པོ་བྲིས། །ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ། །གསང་ཡུམ་མོ་གཉིས་ཡབ་ཡུམ་དང་། །མོ་གསུམ་སྐུ་ནི་ལེགས་པར་བྲིས། །ཐུགས་ཀར་འཁོར་ལོ་རྩིབས་དྲུག་ལ། །ས་བོན་རང་སྔགས་ཅི་བདེར་བཀོད། །ཚད་མེད་བར་ལ་བླ་མ་རྣམས། །མཚན་རྫོགས་བྲིས་ལ་གསོལ་གདབ་སྦྱར། །ཕྱི་རོལ་རེ་མིག་རྡོར་འཛིན་པ། །གསང་བའི་རང་བཞིན་ཌཱཀྐི་བཀོད། །ས་བོན་མཚམས་བཅོད་ཤེས་པར་བྱ། །འགྲེ་བའི་བར་ལ་ན་ར་ཀྲིཾ། །ཆུ་སྐྱེས་བཅུ་ལ་ཕྱོགས་སྐྱོང་བཀོད། །སྡོམས་འཛིན་བར་ལ་གཞན་


PS011_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤེས། །ཕྱི་རོལ་ཕྱག་མཚན་དྲུག་གིས་བསྐོར། །སྟོབས་ཀྱི་བར་ལ་ཤཱ་ས་ན། །མི་འཇིགས་ཕྱོགས་སུ་རྒྱལ་ཆེན་བཞི། །བར་མཚམས་འཁོར་གྱི་ཕྱག་མཚན་བྲི། །འོད་ཟེར་འཕྲེང་བས་ལེགས་པར་བསྐོར། །རྟེན་འབྲེལ་བར་ལ་རྟེན་འབྲེལ་ཤེས། །མེ་རི་འབར་བས་དབུས་ན་བཞུགས། །མན་ངག་བཞིན་དུ་རབ་གནས་བྱ། །ལུས་ལ་བཅངས་ན་བསྲུང་བའི་མཆོག །བཟློག་པའི་རིམ་པ་བྲིས་པ་ལ། །བརྡབ་པ་ཙམ་གྱིས་ཁམས་སུ་ཕུང་། །དེའི་མན་ངག་ཞལ་ལས་ཤེས། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །ཤོག་དྲིལ་དམར་པོའི་མན་ངག་རྫོགས་སོ། ༈ །མགོན་པོའི་ཁྱད་པར་གྱི་རྫས་ལ། པདྨ་རཀྟ་སིནྡྷུ་ར་ཨ་མྲྀ་ཏ་གི་ཝཾ་དྲི་བཟང་པོ་སྣ་ཚོགས་སོགས། མཚལ་རྣམས་ཀྱི་རྐང་དུང་། ཌཱ་མ་རུ་ལ་སོགས་པ་ལ་ཆོས་སྐྱོང་གི་སྔགས་བྲིས་ནས་དཀྲོལ་བས། ཡི་དམ་མཁའ་འགྲོའི་དབང་དུ་འགྱུར་རོ། །ཕོ་ཐོད་ལ་མོ་སྔགས། མོ་ཐོད་ལ་ཕོ་སྔགས་བྲིའོ། ཨིྀྛཿ

དཔལ་མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ།


PS011_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲིལ་བཅུ་གསུམ་པ་ལ་དཔལ་མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ་བཞུགས་སོ།། ཚེ༽ ༈ བླ་མ་དུས་གསུམ་སངས་རྒྱས་ཀྱི། །འཕྲིན་ལས་རྒྱས་མཛད་རིན་པོ་ཆེ། །བྱིན་རླབས་ཐུགས་རྗེ་ཚད་མེད་ཀྱི། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་རྣམས་གཉིས་ཐོབ་བྱའི་ཕྱིར། །བསམ་འཕེལ་ནོར་བུ་ཡི། །རབ་གནས་བླ་མའི་གསུང་བཞིན་དུ། །མགོན་པོའི་རབ་གནས་འདི་ལ། །སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི་མི་སོ་མ་དང་གྲིབ་ཅན་རྩར་མི་བཞག །གྲིབ་བསངས་ཤིང་བར་ཆད་མི་འབྱུང་བའི་ཕྱིར། མགོན་པོའི་གཏོར་སྒྲུབ་ཞག་གསུམ་མམ། ལྔའམ་བདུན་ལ་སོགས་པ་ཅི་རིགས་པར་བྱ་ཞིང་། ཚོགས་དང་གཏོར་མས་ཐུགས་དམ་རྒྱས་པར་བསྐོང་། དེ་ལྟར་གཏོར་སྒྲུབ་བྱེད་པའི་སྐབས་ཀྱི་ནུབ་དང་པོ་མགོན་པོའི་སྐུ་མདུན་དུ་བཞག །གུ་གུལ་གྱི་དུད་པས་བདུག །སྤོས་སྦྱོར་བསྲེགས།


PS011_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྔགས་ཀྱིས་བགེགས་བསྐྲད་པར་བྱའོ། །དེ་ནས་སྐུ་དེ་ལ་མེ་ལོང་བསྟན་ལ། ཁྲུས་ལ་སོགས་པ་སྤྱི་འགྲོ་ལྟར་བྱ། །གཞན་ཡང་རྣམ་འཇོམས་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཁྲུས་ཆུ་ཡང་ཡང་བྱ། ས་ཕྱོགས་ལ་མགོན་པོའི་བཏབ་གཏོར་གཅིག་བཅས་ལ་གསོལ་བ་གདབ་བོ། ནུབ་གཉིས་པ་ལ་མགོན་པོའི་མཎྜལ་ལེགས་པ་གཅིག་བྲིས་ལ། རབ་གནས་བྱ་རྒྱུ་དེ་མཎྜལ་དེའི་དབུས་སུ་བཞག་པར་མོས་ཏེ། དེ་ཡང་ཚེ་དང་བསོད་ནམས་རྒྱས་པར་བྱེད་ན་ཟླ་བ་ཡར་ངོས་གཟའ་དང་ཚེས་གྲངས་བཟང་པོ་ལ་བབ་པའི་ཐོ་རང་བྱ། མཐུ་དང་དྲག་པོའི་ལས་ལ་ཤེས་པར་འདོད་ན་ཉི་ཤུ་དགུའི་ནམ་ཕྱེད་ལ་བྱའོ། །རང་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོད་སྦྱིན། གཡོན་ཨུཏྤལ་བསྣམས་པ་གཅིག་ཏུ་བསྐྱེད། མགོན་པོའི་སྐུ་དེ་ཆོག་གསུམ་གྱིས་བསྐྱེད་ཆོག་ལེགས་པོ་གཅིག་བྱས། ཡེ་ཤེས་སེམས་དཔའ་བསྟིམ་ནས། མེ་ཏོག་རྣམས་མགོན་པོ་དཔག་ཏུ་མེད་པར་བསམ་ལ། རྟེན་འབྲེལ་སྙིང་


PS011_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཟླས་ཤིང་གཏོར་བས་ཐམས་ཅད་མགོན་པོའི་སྐུ་དེ་ལ་སིབ་སིབ་ཐིམ་པར་བསམ་མོ། །ཡེ་ཤེས་པ་དངོས་སུ་གཞུགས་པ་ནི་བླ་མའི་ཞལ་ཤེས་སོ། །གསུམ་པ་རྗེས་ནི། རྒྱས་པར་བྱེད་ན། གསེར་གྱི་མཐུར་མས་སྤྱན་དབྱེ། ཤངས་འབྲུ། སྐྲ་བཤད་ལ་སོགས་པ་རབ་གནས་ཆོ་ག་བཞིན་དུ་བྱེད་གསུངས། དེ་ནས་ཚོགས་ཀྱི་འཁོར་ལོ་བསྐོར། བཀྲ་ཤིས་བརྗོད། སློབ་དཔོན་ལ་ཡོན་ཕུལ། རབ་གནས་དེ་ལྟར་ལན་གསུམ་བྱས་པ་དེ་མགོན་པོ་དངོས་དང་ཁྱད་མེད་བར་ཆད་ཐམས་ཅད་སེལ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དངོས་ཡིན་གསུངས་སོ། །བླ་མ་དུས་གསུམ་སངས་རྒྱས་ཀྱི། །རྒྱུན་ཆད་མེད་པ་ཐུགས་རྗེ་གཟིགས། །དེ་དྲིན་བསམ་ཞིང་ཆེ་བའི་ཕྱིར། །རྒྱུན་ཆད་མེད་པར་གསོལ་བ་འདེབས། །དངོས་གྲུབ་ཐམས་ཅད་འབྱུང་བ་ཡི། །རབ་གནས་ཡིད་བཞིན་ནོར་བུའི་གནས། །ཡི་གེར་བཀོད་པའི་དགེ་བ་ཡི། །བླ་མ་མགོན་པོ་དབྱེར་


PS011_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི། །ཐུགས་མཉེས་བསྟན་པ་རྒྱས་བྱེད་ཤོག །མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ་ཞེས་བྱ་བ། བླ་མའི་གསུངས་གཉན་སྟོན་གྱིས་རི་གོང་དཔལ་གྱི་དགོན་པར་ཡི་གེར་བཀོད་པའོ། །ཨིྀྛཿ ༈ རབ་གནས་སྔོན་དུ་བསྙེན་པ་འདི་གལ་ཆེ་གསུངས། རང་རྗེ་བཙུན་སྒྲོལ་མར་བསྐྱེད། མདུན་གྱི་མེ་ཏོག་རྣམས་ཀྱང་རྟེན་གཞན་ལ་རབ་གནས་བྱེད་ན་སྒྲོལ་མར་བསྐྱེད་ཅིང་། མགོན་པོའི་སྐུ་རབ་གནས་བྱེད་པའི་ཚེ་མེ་ཏོག་ཐམས་ཅད་རེ་རེ་བཞིན་ཆོག་གསུམ་ལས་མགོན་པོར་བསྐྱེད། དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་བཟླ་གསུངས། མེ་ཏོག་འཐོར་བའི་ཚེ་རྟེན་རྣམས་ལྷ་གང་ཡིན་པ་དེ་དང་རེ་རེ་གསལ་ལ་མེ་ཏོག་ཀྱང་སྔར་ལྟར་གསལ་བའི་ངང་ནས་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱི་འཐོར་བ་འདི་གནད་ཆེ་གསུངས། ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ཕྱིར་རབ་གནས་བྱེད་ན། མེ་ཏོག་རྣམས་རིན་ཆེན་འབྱུང་ལྡན་དུ་བསམ་ནས་བསྙེན་པར་


PS011_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། འཐོར་བའི་ཚེའང་དེ་བཞིན་བྱ་གསུངས། འགྲོ་བ་དབང་དུ་བསྡུ་བ་སོགས་ཀྱི་རབ་གནས་བྱེད་ན། སངས་རྒྱས་སྣང་བ་མཐའ་ཡས་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དམར་པོ་ཕྱག་གཡས་ལྕགས་ཀྱུ་གཡོན་ཞགས་པ་ཐོགས་པ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། མེ་ཏོག་ལ་བསྟིམ་ཞིང་རྟེན་འབྲེལ་སྙིང་པོ་བཟླས་པའི་བསྙེན་པ་བྱ། འཐོར་བའི་དུས་སུའང་དེ་བཞིན་བྱེད་གསུངས། མེ་ཏོག་གི་ཞལ་གདམས། བླ་མ་དམ་པའི་སྐུ་ལ་རབ་གནས་བྱེད་ན། སྔོན་འགྲོ་གཞན་དང་ཁྱད་མེད། དངོས་གཞི་བླ་མའི་སྐུ་འབགས་དེ་བླ་མ་ཉིད་ཀྱི་ཐུགས་དམ་གང་ཡིན་དུ་བསྐྱེད་པ་ལ་ཡེ་ཤེས་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབང་བསྐུར་རྒྱས་གདབ་སྤྱན་དབྱེ་བ་སོགས་སྤྱི་དང་ཁྱད་མེད། ལྷ་ལོངས་སྐུའི་རྣམ་པར་བསྐྱེད་པ་ཡིན་ན། བླ་མ་སྔགས་པ་རྟེན་ཀྱ་བོ་ཡིན་ན་དེ་དག་མི་དགོས་སོ། །རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ། སྐྲ་བཤད་བཏད་པ་ལ་སོགས་པ་ཡང་བྱ། རྗེས་སུ་ལོངས་སྐུ་


PS011_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་གདུལ་བྱའི་གདུལ་སྣང་ལ། བླ་མ་རབ་བྱུང་གི་རྣམ་པ་ཅན་གྱི་སྐུར་བྱོན་པ་བསམ་ལ། དབུ་སྐྲ་བསིལ་བ་དང་། འདྲེགས་དཔྱད་གཏད་པ་སོགས་བྱ། བླ་མ་སྔགས་པ་རྟེན་ཀྱ་བོ་ཡིན་ན་དེ་དག་མི་དགོས་ཞལ་གདམས་སོ། །རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ་རང་ཉིད་སྒྲོལ་མ་ལྗང་སེར་གཅིག་ཏུ་བསམ་ལ། ན་མོ་བུདྡྷཱ་ཡ་གསོལ་བ་འདེབས་ཤིང་གཏོར་རོ། །སྒྲོལ་མ་ལས་ཀྱི་ལྷ་ཡིན། སྐུ་མདོག་ལྗང་སེར་གྱི་རྒྱས་པའི་ལས་འགྲུབ་པ་ཡིན་གསུང་། འཐོར་བའི་རབ་གནས་སྤྱི་ལ་རེ་རྩེ་ལ་ཉི་མ་ཤར་རྗེས་ཅི་ལ་བཤད་ཀྱང་། ལག་ལེན་དུ་ནམ་ཕྱེད་ལྷ་འདྲེ་མི་གསུམ་ཉལ་བའི་དུས་སུ་མིས་མ་ཚོར་བ་མགོན་པོའི་རབ་གནས་ཀྱི་མན་ངག་ཡིན། དེ་ནས་རི་རྩེ་ལ་ཉི་མ་ཤར་བའི་དུས་སུ་ཡང་མི་གཞན་གྱི་བློ་གྲོས་དང་བསྟུན་ནས་འཐོར་བ་ཡིན་གསུངས། དུས་ཀྱི་ཞལ་གདམས་སོ། ༈ །རབ་གནས་སྔོན་འགྲོ་གུ་གུལ་གྱི་བསྙེན་པ་ལ། རང་ཡི་དམ་གཤིན་རྗེ་དང་ཕྱག་རྡོར་ལ་སོགས་པའི་དྲག་པོའི་མགོན་པོར་མདུན་དུ་གུ་གུལ་བཞག་ལ། རང་གི་ཐུགས་


PS011_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ས་བོན་འོད་ཟེར་གྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ཚོགས་ཀྱིས་མཆོད་ཁྲོ་བོ་རྣམས་ཀྱི་ཐུགས་ཀ་ནས་རང་གི་མཐུ་སྟོབས་དང་ནུས་པ་ཐམས་ཅད་རང་རང་གི་སྔགས་དང་ཧཱུྃ་ཡིག་དང་མེ་འོད་ཀྱི་རྣམས་པར་བྱུང་སྟེ་གུ་གུལ་ལ་ཐིམ་པར་བསམ་ཞིང་། ཡི་དམ་དང་མགོན་པོའི་སྙིང་པོ་དང་། རྩ་སྔགས་སུམྦྷ་ནི་ལ་སོགས་པ་མང་དུ་བཟླས་ཤིང་གུ་གུལ་ལ་ཧ་གདབ་ཅིང་། དེ་ལྟར་བསྙེན་པ་བྱེད་པའི་གུ་གུལ་དེ་བགེགས་སྐྲད་དུས་སུ་བསྲེགས་པའི་དུ་བ་ཁྲོ་བོའི་མཐུ་སྟོབས་ཀྱི་རང་བཞིན་དུ་གྱུར་པས་བགེགས་ཐམས་ཅད་མྱོས། ཚིག་བརྒྱལ་བསྐྲད་པར་བསམ་མོ། །ཡུངས་ཀར་གྱི་བསྙེན་པ་ལ། རང་ཁྲོ་བོར་བསྐྱེད་པ་གོང་ལྟར་བྱ། མདུན་དུ་ཡུངས་ཀར་བཞག་ལ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད། དེ་དག་གི་སྐུ་ལས་


PS011_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་དང་འདྲ་བའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ཏེ། ཡུངས་ཀར་རྣམས་ཀྱང་སྔོན་དུ་ཁྲོ་བོ་དཔག་ཏུ་མེད་པ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ཤིང་། སྔགས་དྲག་ཏུ་བཟླས། དེ་ནས་བགེགས་བསྐྲེད་ཀྱི་ཚེ་ཡུངས་ཀར་གྱིས་བྲབ་པ་ན། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཐམས་ཅད་ཚར་བཅད་པར་བསམ་པར་བྱའོ། །གུ་གུལ་དང་ཡུངས་ཀར་གྱིས་བསྙེན་པའི་ཞལ་གདམས་སོ། །ཡེ་ཤེས་པ་དངོས་སུ་བཞུག་པའི་ཞལ་ཤེས་ནི། ཉི་ཤུ་དགུའི་ནམ་ཕྱེད་ན་སྤོས་སྦྱོར་བསྲེགས། ཐོད་པའི་ཅང་ཏིའུ་འཁྲོལ། ནང་རྟེན་གྱི་མདའ་དར་གཡབ། རང་ཡི་དམ་དང་མདུན་གྱིས་མགོན་པོ་དག་པར་གསལ་བ་དེའི་ཐུགས་ཀའི་ཧཱུྃ་ཡིག་གཉིས་ཀ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙནྡན་ལྗོན་པའི་ཤིང་རྩེ་ན་བཞུག་པའི་མགོན་པོ་དངོས་ཀྱི་ཐུགས་ཁར་ཕོག །མགོན་པོ་དེ་ལས་རང་དང་འདྲ་བའི་མགོན་པོ་


PS011_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་མི་གཅིག་ལ་གཉིས་ཆད་ཀྱི་ཚུལ་དུ་མདུན་གྱི་ནམ་མཁའ་ལ་ཚུར་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་ཁྲོ་ལོ་ལོ་སི་ལི་ལི་བྱོན་པར་བསམ་ལ། ཁྲིཾ་རིང་པོ་ཉེར་གཅིག་བརྗོད་ལ་སྤྱན་དྲངས་ཏེ་མཆོད་ནས། ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ་མདུན་གྱི་དམ་ཚིག་པ་ལ་བསྟིམ་མོ། །སླར་ཡང་དེ་ལྟར་བྱ་སྟེ་དེ་འདྲ་བ་རབ་བརྒྱ་རྩ་བརྒྱད་འབྲིང་ལྔ་བཅུ་ཐ་མ་ཐེབས་ཉེར་གཅིག་བྱས་པའི་རྗེས་ལ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་མདུན་གྱི་མགོན་པོ་དེའི་སྤྱི་བོར་རྩ་བའི་བླ་མ་བསྒོམ་ལ། བརྒྱུད་པའི་བླ་མ་ཐམས་ཅད་བསྟིམ་ལ། ན་མོ་བུདྡྷཱ་ཡའི་གསོལ་བ་ལན་བརྒྱ་རྩ་བརྒྱད་དམ་ལྔ་བཅུའམ་ཉེར་གཅིག་གདབ་པར་བྱའོ། །དེ་ནས་མདུན་གྱི་མགོན་པོ་ལ་དམིགས་ལ། གཤིན་རྗེ་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་དོ། །དེ་ནས་མེ་ཏོག་གཏོར་ལ་བརྟན་བཞུགས་བྱ། བཀྲ་ཤིས་བཀའ་རྒྱ་མ་བརྗོད། མཆོད་གཏོར་རྒྱས་པར་ཕུལ་ལ་བཀའ་བསྒོ། ཨིྀྛཿ ༈ རབ་གནས་ཀྱི་སྔོན་དུ་ལྷའི་ཞབས་གདན་གནད་ལ། གནོད་སྦྱིན་ཕོ་དགུ་མོ་དགུའི་


PS011_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་པདྨ་འདབ་བརྒྱད་ཚད་མཉམ་པ་གཉིས་ལ། གཅིག་གི་དབུས་དང་། འདབ་མ་བརྒྱད། དེ་དགུ་ལ་ཡབ་དགུའི་གཟུང་བྲིས་དང་། རང་རང་ཐུགས་ཀར་རང་གིས་ས་བོན་ལ། རང་རང་གི་སྔགས་གཡས་བསྐོར་བ་མིང་སྤེལ་དང་བཅས་པ་བྲིས། གཟུང་གི་ཐ་མར་ཡང་བྲི། ཡང་གཅིག་ལ་གནོད་སྦྱིན་དང་མོ་དགུ་བཀོད་ལ། དེ་དག་གི་ཐུགས་ཀར་ས་བོན་ལ་རང་གི་སྔགས་མིང་སྤེལ་དང་བཅས་པ། གཡོན་བསྐོར་དུ་བསྐོར་བ་བྲི། གཟུགས་ལ་ཡང་ངོ། །ལྷ་གཉིས་པ་ཁ་སྦྱར་ལ་དཔྲལ་བ། ཐུགས་ཀར་དང་གནས་གསུམ་འཆུག་མེད་འབྱར་བ་གཅིག་བྱེད་པ་གལ་ཆེ། གཉིས་ཀའི་གཟུགས་པདྨའི་ནང་དུ་བྲིས་པས་གྲྭ་པ་ནང་མཐུན་པ་ཡིན། ལྷ་འདྲེ་མི་གསུམ་དང་ཁྱད་པར་ཆོས་དབང་དུ་འདུ། ལོངས་སྤྱོད་འཕེལ་བ་ཡིན་གསུང་། རབ་བྱུང་སོགས་ཀྱི་སྡེ་ཡིན་ན་ཡབ་ཀྱི་འཁོར་ལོ་ནང་དུ་བྲི། སྡོམ་ཁྲིམས་གཙང་བ་ཡིན་གསུང་དགེ་བའི་བཤེས་གཉེན་གནམ་འཕར་བ་དང་སྐྱེར་སྒང་པ་ལ་གནང་བའི་ཞལ་གདམས། སངས་རྒྱས་གཉེན་
སྟོན་གྱིས་མཛད་ཟེར་བ་རྒྱུ་མཚན་དུ་བྱས་ནས་མགོན་པོའི་མན་ངག་གི་ནང་དུ་བྲིས་པར་སྣང་ངོ། །

སྲིན་མོ་མེ་ཁྱེར།


PS011_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངན་སྔགས་སྲིན་མོ་མེ་ཁྱེར་བཞུགས་སོ།། ཇོ༽ ༈ ན་མོ་གུ་རུ། ངན་སྔགས་སྲིན་མོ་མེ་ཁྱེར། སྡེ་བརྒྱད་རང་གཤེད་འབེབ་པ། ཐོག་སེར་བེབ་བསྲུང་བ། ཁ་བསྲུང་བ། རྒྱ་གར་གྱི་སྔགས་བསྙེན་པ་མི་དགོས། བློ་ལ་ཡིད་པས་ཆོས། གཟའ་དངོས་སུ་བྱུང་ཡང་ཐུབ། བཟླས་པ་མང་ན་བཟང་། རང་གི་ལག་དང་ཞྭ། སྦ་ལྕགས་ལ་མ་འཕྲོ་འཕྲོ་འབར་ཁ་སྣ་དང་ཐུན་དང་པོ་ན་མར་ཡང་མེ་འུར་འུར་འབར། ལྷ་འདྲེ་མོ་ལ་གནོད་པ་ལ་རྒྱལ་དང་པོ་སེམས་བསྐྱེད་དང་ཆབ་གཏོར་མ་ལ་བརྩོན་པར་བྱ། རང་ཡི་དམ་ཁྲོ་བོར་བསྒོམ། དེའི་མདུན་དུ་སྲིན་མོ་མེ་འབར་མ། ལུས་ཆེ་ལ་མདོག་ནག་པ། རལ་པས་ས་གཞི་ཁེངས་པ། ཞལ་གཅིག་ཕྱག་གཉིས་མ་གཡས་གསེར་གྱི་སྦ་ལྕགས་མེ་འབར་བ་སྤྲིན་དང་ལྷ་འདྲེ་འཐོར་བ། གཡོན་པ་གསེར་གྱི་རྩ་བ་ཐོགས་ནས། སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་བསྲེགས།


PS011_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་ཀློང་ན་བཞུགས་པ་གཅིག་བསམ། སྲིན་མོ་དཔག་ཏུ་མེད་པས་བསྐོར་བ། སྲིན་མོ་རྣམས་ལ་མེ་འབར་བར་བསམ། རིག་པ་ཧུར་སྟོན་སྔགས་བཟླས། རཾ་རཾ་ཀྲུ་རྩེ་ཨ་ས་ལ་ཁཾ་ཙཾ་མ་མཱ་རཾ་རཾ་ལྟེ་མ་བྷྱོཿ རཀ་མོ་ཅ་ཅ་མ་ཏི་བྷྱོཿ ཅ་ཅ་རཾ་ཤ་རཾ་ལ་མ་གི་རཾ་བྷྱོཿ ར་ཛ་བྱེ་ར་ཧེ་ཧེ་ཤུ་རཾ་ཐེ་ཁྲོལ་པ་ནི་རཾ་མ་རཾ་རཾ་རཏྣ་མ་ཀི་ལཾ་སཾ། ཨི་ན་ཏི་སུ་རཾ་ཡཿ ཛཿཛཿ ཨག་ཀྲོ་ནི་ཏྤ་བིག་ཤག་རུ་བྷི་ནི་ཤཱ་ཀ་ཤག་སུ་པྲ་ཏི་རྦད་ནན་བཟློག་བྱེད། བྷྱོ་ཡ་དགྲ་ཤན་ཏི་ཀྱིན་ན་ཏི་ཀྲོ་དྷ་ཡ་ཧཱུྃ་ཕཊ། འདི་ཡི་རྫས་ནི་སྦ་ལྕགས་ཚིག་གསུམ་པ་ལ་སྔགས་ཡུངས་ཀྱི་ཕུར་མ་དང་། དར་ནག་གི་ལྕེ་གཅིག་བཏག་ལ་བྱའོ། །རྩ་མར་དགུ་ཁྲི་བྱང་བུ་དགུ་ཕུར་བུ་དགུ་བྱ་ཕུར་ཆུང་ཡི་དམ་གྱིས་སྔགས་ཤོག་བུའམ། གྲོ་ག་ལ་བྲིས་པ་རྒྱ་མདུད་ཀྱི་མགུལ་དུ་བཏག །ཡང་ན་ཕུར་པ་རང་ལ་བྲི། མ་ཤིང་ལ་ཁྲིཾ་སྔགས་བྲི་ངོས་གཅིག་ལ་རྒྱ་གྲམ་གསུམ་བྲིས། ཐུན་རྫས་ནི། ཡུངས་དཀར་ནག །ཀེ་ཚེ་ཐལ་ཆེན་སྐྱེར་པའི་འབྲུས་


PS011_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་མེ་རུས་རྣམས་ཐུན་དང་པོའམ། ཐུན་ཁུག་ཏུ་བླུག་སེར་མཐོ་ནི་ཐང་མཚམས་སུ་འཐབ་ཚུལ་བྱའོ། །སྲིན་མོ་མེ་འབར་བའི་བསྲུང་ཐབས་ཁྱུང་པོའི་གདམས་པ་ཤོག་དྲིལ་དྲུག་པའོ། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། ས་མ་ཡ་གུ་ཧྱས།། །