Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་སྤྱིའི་བརྒྱུད་འདེབས་བྱིན་རླབས་རྨད་བྱུང་། མངྒ་ལ་ཤྲཱི་བྷཱུ་ཏི།
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་སྤྱིའི་བརྒྱུད་འདེབས་བྱིན་རླབས་རྨད་བྱུང་། མངྒ་ལ་ཤྲཱི་བྷཱུ་ཏི།next

གནམ་ཆོས་སྤྱིའི་བརྒྱུད་འདེབས་བྱིན་རླབས་རྨད་བྱུང་། མངྒ་ལ་ཤྲཱི་བྷཱུ་ཏི།


RTZ003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྤྱིའི་བརྒྱུད་འདེབས་བྱིན་རླབས་རྨད་བྱུང་བཞུགས། །ཀུན་བཟང་འོད་མི་འགྱུར་བ་ཆོས་ཀྱི་སྐུ། །རྣམ་སྣང་ལོངས་སྐུ་གར་དབང་སྤྱན་རས་གཟིགས། །སྤྲུལ་སྐུ་གདུལ་དཀའ་འདུལ་མཛད་པདྨ་འབྱུང་། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསང་འཛིན་བཻ་རོ་མཚོ་རྒྱལ་ལྷའི་མེ་ཏོག །ཤུད་པུ་དཔལ་སེང་འགྲོ་འདུལ་སྤྲུལ་པའི་སྐུ། །ཐུགས་རྗེ་ཚད་མེད་མི་འགྱུར་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཀུན་བཟང་ཤེས་རབ་ལྷུན་གྲུབ་རྒྱ་མཚོ་དང་། །པདྨ་ནོར་བུ་ཀརྨ་བཀྲ་ཤིས་ཞབས། །ཀརྨ་ལྷ་དབང་ཀརྨ་འགྱུར་མེད་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །པདྨ་གསང་སྔགས་བསྟན་འཛིན་འཇམ་པའི་དབྱངས། །བློ་གྲོས་མཐའ་ཡས་མདོ་སྔགས་ཆོས་ཀྱི་ཉི། །ཚེ་དབང་རྒྱ་མཚོ་ཡེ་ཤེས་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བརྒྱུད་གསུམ་བླ་མ་ཞི་ཁྲོ་གང་འདུལ་ལྷ། །དངོས་གྲུབ་མཆོག་སྩོལ་་གནས་གསུམ་མཁའ་འགྲོ་མ། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་གདམས་པས་ས་ལམ་


RTZ003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྫོགས། །ཕྲིན་ལས་མཐར་ཕྱིན་སྐུ་ལྔའི་དབྱིངས་གྲོལ་བས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་གི་བཀའ་བསྩལ་པ་བཞིན་གནམ་ཆོས་སྤྱི་ལ་འཇུག་པའི་དབང་དུ་བྱས་ནས་མངྒ་ལ་ཤྲཱི་བྷཱུ་ཏིའི་བདེ་ཆེན་ཆོས་ཀྱི་གླིང་ནས་བྲིས་པ་སིདྡྷི་རསྟུ།། །།


previousགནམ་ཆོས་སྤྱིའི་བརྒྱུད་འདེབས་བྱིན་རླབས་རྨད་བྱུང་། མངྒ་ལ་ཤྲཱི་བྷཱུ་ཏི།next