Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
ཐུགས་ཐིག་བུམ་སྒྲུབ་ངག་བསྒྲིགས་བཞུགས། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་ཐིག་བུམ་སྒྲུབ་ངག་བསྒྲིགས་བཞུགས། འགྱུར་མེད་རྡོ་རྗེ།next

ཐུགས་ཐིག་བུམ་སྒྲུབ་ངག་བསྒྲིགས་བཞུགས། འགྱུར་མེད་རྡོ་རྗེ།


RTZ009_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཐིག་བུམ་སྒྲུབ་ངག་བསྒྲིགས་བཞུགས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །བྷྲཱུྃ་ལས་རིན་ཆེན་བུམ་པ་མཚན་ཉིད་ཀུན། །ཡོངས་རྫོགས་སྟོང་གསུམ་དང་མཉམ་རྣམ་རྒྱལ་ནང་། །བཾ་ལས་བདུད་རྩིའི་མཚོ་དབུས་པད་སྡོང་རྩེར། །བདེ་གཤེགས་ཀུན་འདུས་རིག་འཛིན་ཐོད་ཕྲེང་རྩལ༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་ཉམས་ཅན༔ སྟག་ཤམ་དྲིལ་གཡེར་རིན་ཆེན་རུས་རྒྱན་དང༔ སྣ་ཚོགས་དར་གྱི་ཅོད་པན་ལྷབ་ལྷུབ་མཛེས༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལོངས་སྐུའི་རྒྱན་སྤྲས་གཟི་བརྗིད་མཚན་དཔེའི་སྐུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དབྱིངས་ཕྱུག་མནྡཱ་ར་ཉིད་དམར་གསལ་མདོག །མཛེས་ཚུལ་དར་དཔྱང་རིན་ཆེན་རུས་པས་སྤྲས༔ ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཡབ་དང་འཁྲིལ༔ བདེ་སྟོང་མཉམ་སྦྱོར་འཇའ་ཚོན་ཀློང་ན་བཞུགས༔ ལས་བུམ་དབུས་སུ་པད་ཉི་རྒྱ་གྲམ་སྟེང་། །བདུད་རྩི་འཁྱིལ་པ་ལྗང་སེར་ཁྲོ་བོའི་ཚུལ། །སྣ་ཚོགས་རྡོ་རྗེ་སྡིགས་པའི་མཛུབ་མོ་སྒྲེང་། །ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས། །ཞེས་པས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་མཆོད། རྣམ་རྒྱལ་གྱི་ལྷ་ལ་


RTZ009_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞུང་དུ་བཤད་པས་བསྟོད། ལས་ཐམས་ཅད་པ་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ཕོ་ཉའི་ལས་མཛད་པ། ཁྲོ་ཆེན་བདུད་རྩི་འཁྱིལ་ལ་བསྟོད། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཅེས་བསྟོད། གཟུངས་ཐག་བུམ་པར་གཏད་ལ། གཙོ་སྔགས་དང་ཨ་མྲྀ་ཏ་རྟེན་འབྲེལ་སྙིང་པོ་བཏགས་པ་གང་འགྲུབ་བཟླ། མཆོད་ཡོན་ཕུལ་ལ་ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བསམ་མོ། །ཞེས་པའང་འགྱུར་མེད་རྡོ་རྗེས་དབང་དང་རབ་གནས་སོགས་ལ་ཉེར་མཁོའི་ཟིན་བྲིས་སུ་བཏབ་པའོ།། །།


previousཐུགས་ཐིག་བུམ་སྒྲུབ་ངག་བསྒྲིགས་བཞུགས། འགྱུར་མེད་རྡོ་རྗེ།next