Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་སྔོན་འགྲོ་ཕན་བདེའི་ཆར་རྒྱུན། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་སྔོན་འགྲོ་ཕན་བདེའི་ཆར་རྒྱུན། འགྱུར་མེད་རྡོ་རྗེ།next

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་སྔོན་འགྲོ་ཕན་བདེའི་ཆར་རྒྱུན། འགྱུར་མེད་རྡོ་རྗེ།


RTZ009_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས། སྔོན་འགྲོ་ཕན་བདེའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །


RTZ009_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་སམྦྷ་ཝཱ་ཡ། སྐྱབས་འགྲོ་ནི། ན་མོཿ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་ཏག་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། ཧཱོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སོངས་བར༔ རྐྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བཀྱིའོ༔ རྡོར་སེམས་བསྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེང་༔ ཧཱུཾ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཅིང་


RTZ009_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་རྒྱ་གྱིས་མཛེས༔ རང་འདྲའི་ཡུལ་འཁྱུད་མཚན་དཔེའི་གཟི་བྱིན་ཅན༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང་༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུཾཿ མཐའ་སྐོར་བཛྲ་ས་ཏྭའི་སྔགས་ཕྲེང་རྣམས༔ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ཡི༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སྡུག་སྒྲུབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱངས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་


RTZ009_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ དེས་ནི་ནུས་བཟླ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིགས་ལས་ནི་འགླ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། སྡིག་སྒྲིབ་ཉེས་སྟང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་གདམ། མཎྜལ་ནི། རིན་ཆེན་ས་གཞི་ལྷུན་པོ་ཁོར་ཡུག་བཅས༔ གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད༔ ལྷ་མིའི་འབྱོར་ཚིགས་རྒྱ་མཚོས་ཡོངས་གང་བ༔ རྣམས་དག་ཞང་དུ་དམིགས་ཏེ་འབུལ་བར་བགྱི༔ གསོལ་འདེབས་ནི། རྒྱལ་བ་རྒྱ་མཚོའི་རིགས་བདག་འོད་དཔག་མེད། །ཐུགས་རྗེའི་མངའ་གཏེར་འཕགས་མཆོག་འཇིག་རྟེན་དང་། །གསང་བའི་མཛད་འཛིན་མཚོ་སྐྱེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །དུས་གསུམ་རྒྱལ་བ་སྐྱེད་མཛད་


RTZ009_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་བཟའ། །སྐད་གཉིས་སྨྲ་བའི་དབང་ཕྱུག་བཻ་རྡོ་རྗེ། །འཇམ་དཔལ་རྡོ་རྗེ་ཁྲི་སྟོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་ཁྱབ་བདག་རིགས་བརྒྱའི་དངོས། །པདྨའི་གདུང་འཚོ་བ་འགྲོ་འདུལ་གཏེར་བདག་གླིང་། །བཀའ་བབས་ལས་ཅན་རིག་འཛིན་མཆོག་རྣམས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྐྱབས་གསུམ་ངོ་བོ་རྩ་བརྒྱུད་བླ་མའི་ཞབས། །བདེ་ཆེན་འགྱུར་མེད་ཞི་ཁྲི་རབ་འབྱམས་ལྟ། །སྣང་སྟོང་སྒྱུ་འཕྲུལ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྐུ་བཞིའི་བདག་ཉིད་རྗེ་བཙུན་རྡོ་རྗེ་འཆང་། །བདེ་ཆེན་འཁོར་ལོ་བཞི་ཡི་དཀྱིལ་འཁོར་ལ། བརྟན་པར་བཞུགས་ནས་དབང་བཞིའི་བདུད་རྩིའི་ཆུས། །སྨི་བ་བཞི་སྦྱངས་ནས་སྐུ་བཞིའི་དངོས་གྲུབ་སྩོལ། །ཅིར་སྣང་དག་པ་སྒྱ་འཕྲུལ་དྲྭ་བའི་གར། །བརྗོད་བྲལ་དགའ་བཞིའི་བདེ་ཆེན་ཉམས་སུ་མྱོང་། །ཟུང་འཇུག་འདུས་མ་བྱས་པའི་ཀུན་བཟང་གི །གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གནས་སྐབས་མཆོག་དེ་སྒྲུབ་པའི་མི་མཐུན་བགེགས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཆོས་བཞིན་


RTZ009_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ནས་བདག་གཞན་གྱི། །དོན་གཉིས་མཐར་རུ་ཕྱིན་པར་བྱིན་གྱིས་རློབས། །དབང་བླང་བ་ནི། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པས་མཛོད། །ཀུ་ཏུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། གང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། །གང་གི་མགྲིན་པར་ཐིམ་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲིམ་སྦྱངས། ལམ་རྩ་རླུང་བསྒོམས་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོག་པའི་སྐལ་བ་ཅན་དུ་བྱས་སོ། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོང་། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་


RTZ009_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། ཞེས་དབང་བཞི་བླང་ངོ་། ཞེས་ཟབ་ཆོས་རིག་འཛིན་ཐུགས་ཀྱི་ཐིག་ལེའི་རིམ་གཉིས་ལས་ཀྱི་སྔོན་འགྲོ་ཕན་བདེའི་ཆར་རྒྱུན་ཞེས་བྱ་བ་འདི་ནི་གཏེར་གསུང་གི་ལས་བྱང་དང་ཁྲིད་ཡིག་ལས་བྱུང་བ་རྣམས་དང་། དེར་མཚང་བ་དག་སྒྲིགས་ཁ་སྐོང་དུ་འགྱུར་མེད་རྡོ་རྗེས་བཀོད་པའོ། །


previousཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་སྔོན་འགྲོ་ཕན་བདེའི་ཆར་རྒྱུན། འགྱུར་མེད་རྡོ་རྗེ།next