འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་བརྒྱུད་པའི་གསོལ་འདེབས་སྒྱུ་འཕྲུལ་རོལ་མོ། པདྨ་གར་གྱི་དབང་ཕྱུག


RTZ010_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་བརྒྱུད་པའི་གསོལ་འདེབས་སྒྱུ་འཕྲུལ་རོལ་མོ་བཞུགས་སོ། །སྣང་བ་མཐའ་ཡས་རང་བྱུང་གདོད་མའི་མགོན། །འཇིག་རྟེན་དབང་ཕྱུག་ཀུན་ཁྱབ་སྙིང་རྗེའི་གཏེར། །མཚོ་སྐྱེས་རྡོ་རྗེ་འཆི་མེད་ཡེ་ཤེས་སྐུ །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མངའ་བདག་ཡབ་སྲས་བོད་ཁམས་སྐྱོབ་པའི་རྗེ། །བཻ་རོ་ཙ་ན་བསྟན་པ་གསལ་བའི་འབངས། །མཁར་ཆེན་མཚོ་རྒྱལ་གསང་བ་འཛིན་པའི་གྲོགས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འོྃད་གསྃལ་ལུས་ཅན་དྲི་མེད་བཤེས་གཉེན་གྱི། །ཡེ་ཤེས་དབྱིངས་ལས་སྤྲུལྃ་པྃའི་རྡོྃ་རྗེྃའི་གར། །མཆོག་གི་རིག་འཛིན་ཁྱབ་བདག་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །པདྨའི་ཞལ་ཚབ་པདྨ་གར་གྱི་དབང་། །རྩོད་བྲལ་གཏེར་ཆེན་མཆོག་གྱུར་གླིང་པ་སོགས། །བཀའ་བབས་ལས་ལྡན་སྙིང་གི་བུ་རྣམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཚོ་སྐྱེས་རྡོ་རྗེ་ཛྙཱ་ན་དྷཱ་ཀི་མ། །རིགས་ཀྱི་བདག་པོ་དབང་ཆེན་ཡབ་དང་ཡུམ། །སྤྱན་རས་གཟིགས་དབང་རྩ་གསུམ་དམ་ཅན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྣང་སྲིད་གཞིར་བཞེངས་བསྐྱེད་པའི་རིམ་པ་ཡིས། །བུམ་དབང་བསྙེན་པའི་རྣལ་འབྱོར་ལྷུན་གྱིས་གྲུབ། །


RTZ010_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཐུར་དབུ་མར་ཞུགས་པའི་འབར་འཛག་གིས། །གསང་དབང་ཉེ་བསྙེན་མཐའ་རུ་ཕྱིན་པར་ཤོག །རང་སྣང་ཡེ་རྒྱ་ལས་སྐྱེས་དགའ་བཞི་ཡིས། །ཤེར་དབང་སྒྲུབ་པའི་གསེང་ལམ་བདེ་བླག་བགྲོད། །ཀ་དག་ལྷུན་གྲུབ་ཟད་སར་འཁྱོལ་བ་ཡིས། །ཚིག་དབང་སྒྲུབ་པ་ཆེན་པོའི་འབྲས་ཐོབ་ཤོག །མོས་གུས་སྟོབས་ཀྱིས་ལུས་སེམས་འཆིང་བ་གྲོལ། །རང་རིག་མཚོ་སྐྱེས་བླ་མའི་ཞལ་མཇལ་ཏེ། །ནམ་མཁའ་མཉམ་པའི་འགྲོ་བ་མ་ལུས་པ། །བདེ་ཆེན་རྡོ་རྗེའི་ས་ལ་འགོད་པར་ཤོག །ཅེས་པའང་ཟབ་གསང་བདུད་རྩིའི་སྐལ་པ་དགེ་བ་ཅན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་སྤྲེལ་ལོ་སྤྲེལ་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།