Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན། འཇིགས་མེད་མཁྱེན་བརྩེའི་འོད་ཟེར།
   
   
   
   
   
   
   
   
   


 
previousཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན། འཇིགས་མེད་མཁྱེན་བརྩེའི་འོད་ཟེར།next

ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན། འཇིགས་མེད་མཁྱེན་བརྩེའི་འོད་ཟེར།


RTZ011_Page_1111
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན་བཞུགས། ཀུན་བཟང་དང་པོའི་སངས་རྒྱས་སྲིད་ཞིའི་བདག །ཀུན་མཁྱེན་ཤེས་རབ་རང་བྱུང་འཇམ་དཔལ་དབྱངས། །ཀུན་ཁྱབ་ཞི་ཁྲོའི་སྒྱུ་འཕྲུལ་འབྱམས་ཀླས་པ། །ཀུན་མཁྱེན་ཡེ་ཤེས་གཏེར་གསུམ་གསོལ་བ་འདེབས། །འཇམ་པའི་རྡོ་རྗེ་བློ་ལྡན་མཆོག་སྲེད་རྩལ། །འཇམ་དཔལ་དབྱངས་དངོས་ཡབ་གཅིག་ཁྲི་སྲོང་མཚན། །འཇམ་དཔལ་དགྱེས་སྡེ་མཚོ་རྒྱལ་བཻ་རོ་སོགས། །འཇམ་དཔལ་རྣམ་རོལ་གསུམ་ལ་གསོལ་བ་འདེབས། །ཐུབ་བསྟན་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་། །ཐུབ་པས་ལུང་བསྟན་ཡོན་ཏན་རྒྱ་མཚོའི་གཏེར། །ཐུབ་དབང་སྲས་གཅིག་འཇམ་མགོན་ཆོས་རྒྱ་མཚོ། །ཐུབ་ཆེན་ཞལ་སྐྱིན་གསུམ་ལ་གསོལ་བ་འདེབས། །མཁྱེན་བརྩེའི་ཡེ་ཤེས་ནོར་བུ་མ་ཏིའི་མཚན། །མཁྱེན་ནུས་བརྩེ་གཏེར་རྩ་བརྒྱུད་བླ་མ་དང། །མཁྱེན་པའི་བདག་པོ་བློ་གཏེར་རྡོ་རྗེ་རྣོན། །མཁྱེན་གཟིགས་རྩ་གསུམ་ལྷ་ལ་གསོལ་བ་འདེབས། །རབ་གུས་དད་དང་ངེས་འབྱུང་བློ་བརྩོན་ལྡན། །རབ་མྱུར་དབང་དང་གདམས་པས་རང་རྒྱུད་གྲོལ། །རབ་ཞི་འཇམ་དབྱངས་བླ་མའི་གོ་འཕང་ཆེ། །


RTZ011_Page_1112
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཆོག་རྟེན་འདིར་མངོན་པར་བྱང་ཆུབ་ཤོག །ཅེས་པའང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རྩེ་གཅིག་གུས་པས་གསོལ་བ་བཏབ་པའོ།། །།


previousཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བླ་སྒྲུབ་ཡེ་ཤེས་སྣང་བ་རྒྱས་པའི་བརྒྱུད་འདེབས་ཡེ་ཤེས་བདུད་རྩིའི་དགའ་སྟོན། འཇིགས་མེད་མཁྱེན་བརྩེའི་འོད་ཟེར།next