Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
རྒྱུ་ཅན་རྡོ་རྗེ་ཐོ་ལོད་ཀྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ། མཁྱེན་བརྩེའི་དབང་བོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུ་ཅན་རྡོ་རྗེ་ཐོ་ལོད་ཀྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ། མཁྱེན་བརྩེའི་དབང་བོ།next

རྒྱུ་ཅན་རྡོ་རྗེ་ཐོ་ལོད་ཀྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ། མཁྱེན་བརྩེའི་དབང་བོ།


RTZ013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཅན་རྡོ་རྗེ་ཐོ་ལོད་ཀྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ་བཞུགས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་གུ་རུ་མཚན་བརྒྱད་དང་། །རྒྱ་གར་རིག་འཛིན་བོད་ཀྱི་རྗེ་འབངས་ལ། །གསོལ་འདེབས་སོ་བདུན་ལས་རྣམ་རྒྱལ་ཤོག །བྱིན་རླབས་སྒོ་འབྱེད་རིག་འཛིན་རྡོ་རྗེ་ཆོས། །རྡོ་རྗེའི་རྒྱལ་ཆོས་མེ་ཏོག་མནྡར། །མཁར་ཆེན་མཚོ་རྒྱལ་རྡོ་རྗེ་ཐོགས་མེད་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །པདྨ་ཕྲིན་ལས་འགྲོ་འདུལ་གཏེར་བདག་གླིང་། །ངག་དབང་ཀླུ་སྒྲུབ་ངག་དབང་འཇིག་མེད་ཞབས། །འགྱུར་མེད་མཆོག་གྲུབ་པདྨ་ཚེ་དབང་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཇིག་མེད་གོ་ཆ་བསྟན་འཛིན་འཕེལ་རྒྱས་དང་། །བརྒྱུད་སྲོལ་ཀུན་འདུས་འཁོར་ལོའི་དབང་ཕྱུག་སོགས། །བྱིན་རླབས་ཆར་འབེབས་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །ཕྱག་རྡོར་གཤིན་རྗེ་རྟ་མགྲིན་མེ་དཔལ་དང་། །སྒོ་སྐྱོང་ལྷ་ཚོགས་ཆོས་སྲུང་བཅས་པ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི། །ལྷ་སྔགས་ཡེ་ཤེས་རྣལ་འབྱོར་ལ་བརྟེན་ནས། རྒྱལ་འགོང་


RTZ013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྲི་ལ་སོགས་འབྱུང་པོ་རྣམས། །ཚར་གཅོད་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཅེས་པའང་བརྒྱུད་འདེབས་སྡ་མ་ལ་ཁ་སྐང་བཅས་མཁྱེན་བརྩེའི་དབང་བོས་བྲིས་པ་དགེ། །།


previousརྒྱུ་ཅན་རྡོ་རྗེ་ཐོ་ལོད་ཀྱི་བརྒྱུད་འདེབས་བྱིན་རླབས་མྱུར་སྩོལ། མཁྱེན་བརྩེའི་དབང་བོ།next