Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་གསར་བླ་མ་དྲག་པོའི་བརྒྱུད་འདེབས། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་གསར་བླ་མ་དྲག་པོའི་བརྒྱུད་འདེབས། འགྱུར་མེད་རྡོ་རྗེ།next

གཏེར་གསར་བླ་མ་དྲག་པོའི་བརྒྱུད་འདེབས། འགྱུར་མེད་རྡོ་རྗེ།


RTZ013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གསར་བླ་མ་དྲག་པོའི་བརྒྱུད་འདེབས། ཁྱབ་བདག་གདོད་མའི་མགོན་པོ་འོད་མི་འགྱུར། །བརྩེ་ཆེན་ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །རྒྱལ་ཀུན་ངོ་བོ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བདེ་ཆེན་ཡེ་ཤེས་སྐྱེད་མཛད་མཁར་ཆེན་བཟའ། །འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོའི་ཞབས། །ཟབ་གཏེར་སྒོ་འབྱེད་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་གྱི། །སྤྱི་གཟུགས་ཁྲག་འཐུང་དབང་དྲག་ཐོད་ཕྲེང་རྩལ། །མ་དང་མཁའ་འགྲོ་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྲིད་ལས་ངེས་འབྱུང་ཐར་པ་དོན་དུ་གཉེར། །བརྒྱུད་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །སྨིན་བྱེད་དབང་གིས་རྒྱུད་སྨིན་གྲོལ་བྱེད་ཀྱི། །རིམ་གཉིས་རྣལ་འབྱོར་ལམ་དུ་ལོངས་པར་ཤོག །དམ་ཆོས་སྒྲུབ་པའི་འགལ་རྐྱེན་མི་མཐུན་གེགས། །ཉེར་ཞི་མཐུན་རྐྱེན་མ་ཚང་མེད་འབྱོར་པས། །དོན་གཉིས་ལྷུན་གྲུབ་དབང་དྲག་དཀྱིལ་འཁོར་ལྷའི། །གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་ལམ་འདི་ལ་རྣལ་འབྱོར་དུ་མཛད་པ་དགེ་སློང་ཤེས་རབ་བཟང་པོས་བསྐུལ་བ་ལས། སྙོམ་ལས་པ་འགྱུར་མེད་རྡོ་རྗེས་བྲིས་པའོ།། །།


previousགཏེར་གསར་བླ་མ་དྲག་པོའི་བརྒྱུད་འདེབས། འགྱུར་མེད་རྡོ་རྗེ།next