Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུང་ཆེན་རྡོ་རྗེ་བཀོད་པ་ལས་བཀའ་འདུས་ཆོས་ཀྱི་རྒྱ་ཚོ་ཡི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན། མཆོག་གྱུར་གླིང་པ།
   
   
   
   
   
   
   
   
   
   


 
previousལུང་ཆེན་རྡོ་རྗེ་བཀོད་པ་ལས་བཀའ་འདུས་ཆོས་ཀྱི་རྒྱ་ཚོ་ཡི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན། མཆོག་གྱུར་གླིང་པ།next

ལུང་ཆེན་རྡོ་རྗེ་བཀོད་པ་ལས་བཀའ་འདུས་ཆོས་ཀྱི་རྒྱ་ཚོ་ཡི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན། མཆོག་གྱུར་གླིང་པ།


RTZ016_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཆེན་རྡོ་རྗེ་བཀོད་པ་ལས༔ བཀའ་འདུས་ཆོས་ཀྱི་རྒྱ་ཚོ་ཡི༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་བཞུགས༔


RTZ016_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཨ་ནུ་དང་ལུགས་སྒྲུབ་པའི་མན་ངག་ནི༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་བསྟན་པར་བྱ༔ དེ་ལ་སྦྱོར་དངོས་རྗེས་གསུམ་དང་པོ་ནི༔ ཧཱུཾཿ ཀུན་བཟང་ཀློང་ནས་ཞེ་སྡང་རྡོ་རྗེ་བཞེངས༔ ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་ཁྲོ་བོ་དང་༔ མཚོ་ནམ་ཆེ་ཡིས་བགེགས་ཚོགས་ཚར་བཅད་ནས༔ བདེ་ཆེན་རང་མདངས་སྲུང་བའི་འཁོར་ལོར་གྱུར༔ ཧཱུཾ་ཧཱུཾ་ཧཱུཾཿ ཨོཾཿ ཐུགས་རྗེ་ཆེན་པོ། ལུས་འདི་རྩ་ཡི་གཙོ་བོ་ཕལ་པ་རྣམས༔ ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ༔ དབྱིབས་ཀྱི་ལྷ་སྐུ་རྩ་ལ་བསྒོམས་ཤེས༔ སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་འབྲས་བུ་བཤེགས༔ ལུས་གནས་ཡི་གེ་ལོང་སྐུར་གནས་པ་ལ༔ ལམ་དུ་མ་ཤེས་བདེ་བ་མ་བསྒོམ་པས༔ གཏུམ་མོའི་དྲོད་ཀྱིས་བདེ་བ་མ་ཐོབ་ཏེ༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས༔ ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི༔ ཆོས་སྐུ་དྲི་མེད་པར་གནས་པ་ལ༔ མ་ཤེས་མ་རྟོགས་བདུད་རྩི་མ་སྦྱངས་པ༔ འབྲས་དུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས༔ ཡེ་ནས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ༔ མ་སྦྱངས་གངས་ལུགས་དོན་དུ་མ་རྟོགས་པས༔ ལམ་བསྟན་རྡོ་རྗེའི་རྦ་རླབས་ལྨ་མ་བསྒོམ༔ འབྲས་བུ་ངོ་བོ་ཉིད་ཀྱི་ངང་དུ་བཤགས༔ ཨོཾཿ འགྲོ་དྲུག་རྒྱལ་བའི་སྲས་པོ་འདི༔ མ་རྟོགས་ལོག་པར་


RTZ016_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་པ་རྣམས༔ རྒྱལ་བའི་སྲུས་སུ་བསྐྱེད་ནས་ནི༔ འཁོར་བའི་རྒྱུན་རྣམས་བཅད་པར་བྱ༔ ཡབ་ཡུམ་སྦྱོར་བའི་འོད་ཟེར་གྱིས༔ བདེ་གཤེགས་སྤྱན་དྲངས་བྱིན་གྱིས་བརླབས༔ ཨོཾ་ཧཱུཾ༔ ཨ་ལ་ལ་ཧོ༔ བྷ་ག་ཝ་ནས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཧཱུཾཿ དུས་གསུམ་བདེ་གཤེགས་འཁོར་དང་བཅས༔ རང་བཞིན་གནས་ནས་སྐུ་བསྐྱོད་དེ༔ སྒྲུབ་པའི་གནས་མཆོད་འདི་གཤེགས་ལ༔ དབང་བསྐུར་བྱིན་ཕོབས་དང་དངོས་གྲུབ་སྩོལ༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ཡི་གེ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ དབྱིངས་ཀྱི་བྷནྷ་ཡེ་ཤེས་ལྔ་ཡི་རྫས༔ དེ་དབྱས་ཆེན་མཅོག་བདག་ཉིད་བདུད་རྩི་འཁྱིལ༔ མཐེབ་སྲིད་རྟ་མགྲིན་ཡབ་ཡུམ་རང་འོད་ཀྱིས༔ བདུད་རྩི་བསྡུས་ནས་ཐིམ་པས་འོད་དུ་ཞུ༔ རྟ་མགྲིན་ཡབ་ཡུམ་བྱང་སེམས་དེ་དང་འདྲེས༔ གང་ལ་ཕོག་པས་དོན་གྲུབ་བདུད་རྩིར་གྱུར༔ བཛྲ་ཨ་མྲི་ཏ་ཨོཾ་ཨཱཿཧཱུཾ་ཧྲཱིཿཋཱ༔ གཏོར་གཞོང་ཡུམ་ལྔའི་མཁའ་ལ་གཏོར་མ་ནི༔ ཡེ་ཤེས་ལྔ་ཡི་འདོད་ཡོན་འཕྲོ་བར་གྱུར༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་པ་ལ་བ་དྱ་ས་མ་ཡ་ཧཱུཾ་ཕཊ༔ པདྨ་འབར་བའི་སྣོད་དུ་ཡེ་ཤེས་ཀྱི༔ རྦ་གླིང་འཁྱུགས་པས་ཁམས་གསུམ་རཀྟ་འདུས༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱ༔ གཞན་ཡང་སྣོད་རྣམས་དབྱིངས་ཀྱི་ཞིང་ཁམས་སུ༔ མཆོད་


RTZ016_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཡེ་ཤེས་ལྷ་མོའི་རོལ་བར་གྱུར༔ རྣམས་མནྟ་བུདྡྷཱ་ནཾ་ག་ག་ན་ས་མ་ཡ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྷཻ་ག་ན༔ ཧཱུཾ༔ ཕྱི་ནང་གསང་བའི་སེམས་ཀྱི་དངོས་པོ་རྣམས༔ མཚམས་བཅད་བཤགས་པ་དམ་བཅའི་བྱིན་རླབས་ཀྱིས༔ ལམ་གྱི་འགལ་རྐྱེན་མིང་ཡང་མེད་པར་ཤོག༔ ནུས་མེད་བདག་དངོས་པོ་ཅིར་སྣང་བ༔ བྱིན་ཕབ་སྦྱངས་སྤེལ་བསྒྱུར་བའི་མཐུ་ནུས་ཀྱིས༔ ལམ་གྱི་མཐུན་རྐྱེན་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུཾ༔ དངོས་གཞི་ལུས་དཀྱིལ་གསལ་ལག་གདབ་པ་ནི༔ ཧཱུཾ༔ ཆོས་རྣམས་སྐྱེ་མེད་བདེ་བ་ཆེན་པོའི་སྲས༔ རྩལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ དེ་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ༔ རང་གི་ཕུང་ཁམས་སྐྱེ་མཆེད་ཉིད་དུ་འདུ༔ དེ་ཉིད་ཡེ་ནས་ལྷ་རུ་གནས་པར་ཤེས༔ གསང་སྔགས་བརྗོད་པའི་རྐྱེན་གྱིས་སད་པ་ལས༔ དྭངས་བའི་མཚོ་ལ་གཟའ་སྐར་ཤར་བཞིན་གསལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་དུ་ཏི་ནན་རཏྣ་སཱུརྻ་ཙཎྜ་པདྨ༔ ནམ་མཁའ་ཐམས་ཅད་ཡུམ་ལྷའི་མཁའ་


RTZ016_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཀླིང་དང་༔ གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ༔ རྟ་བབ་བརྒྱད་སོགས་རྒྱན་གྱིས་མཛེས་པའི་དབུས༔ སེང་ཁྲི་པདྨ་ཉི་མའི་གདན་བཅས་གསལ༔ ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨོཾཿ ཨ་ཨ་ཨ་བཛྲི་བྷ་དྲས་མནྟ་ཨཱཿ བདག་ཉིད་ཀུན་བཟང་མཐིང་གསལ་མཚན་དཔེ་རྫོགས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཀུན་ཏུ་བཟང་མོ་སྔོན་མོ་པད་སྐྱིལ་འཁྲིལ༔ དར་དང་རིན་ཆེན་བཅུ་གསུམ་རྒྱན་དང་ལྡན༔ འོད་ཟེར་བཅུ་ཕྲག་དྲུག་འཕྲོ་ཀློང་དུ་བཞུགས༔ བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་གསལ༔ ཐུབས་ཀར་འཁོར་ལོའི་དབུས་དང་རྩིབས་བཞི་ལ༔ ཧཱུཾ་མུཾ་ཨོཾ་ལཱཾ་སྭཱ་མཱཾ་ཨཱོཾ་པཱཾ་དང་༔ ཧཱ་ཏཱཾ་རྣམས་ཀྱིས་རྡོ་རྗེ་དབྱིངས་ཕུག་མ༔ རྣམ་སྣང་སྤྱན་མ་རིན་འབྱུང་མཱ་མ་ཀཱི༔ མཐའ་ཡས་གོས་དཀར་དོན་གྲུབ་སྒྲོལ་མར་བཅས༔ ཀྵིཾ་ཧཱུཾ་ཛྲིཾ་ཧྲཱིཿཏྲཱཾ་ཏྲཱཾ་ཏྲཱཾཿཨོཾ་གྱིས༔ མིག་དང་རྣ་བ་སྣ་དང་ལྕེ་ཡི་གཡས༔ ས་སྙིང་ལཱ་ཕྱག་རྡོར་ཀླུ་མ་དང་། ནམ་སྙིང་ཕྲེང་བ་སྤྱན་རས་གཟིགས་གར་མ༔ མཻ་ཛཿཐླྷིཾ་ཧཱུཾ་ཧཱུཾ་བཾ་མཱུཾ་ཧོ་ཡིས༔ མིག་དང་རྣ་བ་སྣ་དང་ལྕེ་ཡི་གཡོན༔ བྱམས་པ་སྤོས་མ་སྒྲིབ་སེལ་མེ་ཏོག་མ༔ ཀུན་བཟང་མར་མེ་འཇམ་དཔལ་དྲི་ཆབ་མ༔ འཁོར་ལོའི་མདུན་རྒྱབ་ཧཱུཾ་ཨ་བྱ་བྱེད་གཉིས༔ ཀྲིཾ་ཧཱུཾ་ཏྲུཾ་སྲུཾ་བྲཀྵ་ཡེ་རྣམས་ཀྱིས༔ དཔྲལ་བ་ལྕེ་སྟེང་སྙིང་ག་ལྟེ་བ་


RTZ016_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ གསང་གནས་རྐང་མཐིལ་པ་རྣམས་ལ་ནི༔ ལྷ་དང་ལྷ་མིན་མི་དང་བྱོན་སོང་དང་༔ ཡི་དྭགས་དམྱལ་བའི་ཐུབ་པ་དྲུག་རྣམས་གསལ༔ ཧཱུཾ་ཛཿཧཱུཾ་ཧཱུཾ་ཧཱུཾ་བཾ་ཧཱུཾ་ཧོཿ་ཡིསཿ ལག་གཡས་མཐིལ་དུ་གཤིན་རྗེ་ལྕགས་ཀྱུ་མ༔ ལག་གཡོན་མཐིལ་དུ་སྟོབས་ཆེན་ཞགས་པ་མ༔ རྐང་གཡོན་མཐིལ་དུ་རྟ་མགྲིན་ལཅགས་སྒྲོག་མ༔ གཡས་པར་བདུད་རྩི་འཁྱིལ་བ་དྲིལ་བུ་མ༔ ཧཱུཾཿ ཕྱི་ནང་སྣོད་བཅུད་དངོས་པོ་ཅི་སྣང་བ༔ གཞལ་ཡས་ལྷ་རུ་བསྒོམ་པའི་བྱིན་རླབས་ཀྱིས༔ ཕུང་ཁམས་སྐྱེ་མཆེད་རྟོག་པ་རྣམ་དག་ནས༔ འོག་མིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུཾཿརིགས་ལྔ་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་བཅས༔ སྤྱི་བོར་རིགས་ལྔ་ཡབ་ཡུམ་སྙོམ་ཞུགས་པའི༔ ཆུ་ཡིས་དབང་བསྐུར་རིགས་ལྔས་དབུར་བརྒྱན་གྱུར༔ ཨོཾ་མ་ཧཱ་ཤུནྱ་ཏཱ་ཛཉཱ་ན་བཛྲ་སྭ་བྷཱ་ཨཱམྨ་ཀོ྅་ཧཾ། ཨོ་དརྴ། ས་མ་ཧཱ། པྲ་ཏྱ་བེཀྵ་ཐ། ཀྲཱི་དྱཱ་ནུཥྛ། སོགས། གནས་གསུམ་ཟླ་བ་པདྨ་ཉི་མ་ལ༔ གནས་པའི་ཨོཾ་ཨཱཿཧཱུཾ་གིས་རྒྱལ་བ་མཆོད༔ བྱིན་རླབས་བསྡུས་ནས་ཐིམ་པས་ཡོངས་སུ་གྱུར༔ རྣམ་སྣང་མཐའ་ཡས་མི་བསྐྱོད་པ་ཡིས་མཚན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅་ཧཾ༔ ཝཱ་ཀ ཙིཏྟ། སོགས། ཧཱུཾ༔་སྒོ་གསུམ་ཕུང་པོ་དུག་ལྔའི་དངོས་པོ་རྣམས༔ རྒྱས་གདབ་དབང་བསྐུར་


RTZ016_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པའི་བྱིན་རླབས་ཀྱིས༔ ཉོན་མོངས་དངོས་འཛིན་མ་རྟོགས་ཀུན་སྦྱངས་ནས༔ གདོད་མའི་བྱིན་རླབས་དབང་ཐོབ་དོན་རྟོགས་ཤོག༔ ན་མོ་ཧཱུཾ༔ རང་རིག་ཧཱུཾ་སྔོན་རྟག་འཆང་པའི༔ འོད་ཀྱིས་ཆོས་དབྱིངས་མཐར་ཐུབ་ཁྱབ༔ ཆོས་སྒྲ་གཟུགས་སྐུའི་སྐུར་བཞེངས་གྱུར༔ བཛྲ་ས་མ་ཡ་ཛཿཡིས་སྙན་གསན་དབབ༔ ཧཱུཾ༔ ཐུབས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུར་ཞིང་༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱེད་ལ༔ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད༔་ཁྲོ་བོའི་སྐབས། བཛྲ་ས་མཱ་ཛཿ རུ་ལུ་རུ་ལུ་ཧཱུཾ༔ ཨེ་ཧྱེ་ཧིཿ ཤྲཱི་ཧེ་རུ་ཀ་ཨར་ལླི་དྲི་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟཾ༔ ཛཿཧཱུཾ་བཾ་ཧོ༔ ཨེ་ཨ་ར་ལླི་ཧྲཱིར་ཧྲཱིང་ཿ ཨེ་ཧྱེ་ཧི་ཨཱ་ན་ཡ་བཛྲཿ སྤྱན་དྲངས། ཛ་ཧཱུཾ་བཾ་ཧོཿལ་བསྟིམ༔ ཏིཥྛ་བཛྲ་ས་བརྟན་པར་བྱ༔ ཧཱུཾཿ སྦྱང་གཞི་སྦྱངས་འབྲས་དངོས་པོ་ཅིར་སྣང་བཿ ཡེ་ཤེས་སྤྱན་དྲངས་བསྟིམ་པའི་བྱིན་རླབས་གྱིས༔ གཞི་འབྲས་གཉིས་སུ་མེད་པའི་དོན་རྟོགས་ནས༔ བླ་མེད་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུཾ༔ ལྷ་དང་ལྷ་མོས་ཚུལ་གྱིས་ཕྱག་མཆོག་ནི༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཧཱུཾ༔ འཁོར་བའི་རྒྱ་མཚོའི་ཡོ་བྱད་རྣམས༔ མཆོད་པ་རྒྱ་མཚོའི་རྒྱན་ཡིན་


RTZ016_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་སྭ་མུ་ཁེ་བྷྱ༔ སརྦ་རྑཾ་ཨུངྒ་དེ་སྦར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུཾ་༔སུ་ར་ཏྭོ་མ་ཧཱ་རཱག༔ པན་པེཾ༔ བེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐ་ག་ཏ་སིདྡྷི༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་ཁ་སིདྡྷི་ཧུ༔ ཨོཾ་ཨཱཿཧཱུཾ༔ ཨོ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ནམ༔ ས་མནྟ་བུདྡྷ་ནཱཾ་ག་ག་ཁ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་བེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུ་ཥྤེ་པཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་ག་ན༔ མ་ཧཱ་པཉྩ་ཨ་མྲི་ཏ་ལ་ཁར་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུཾ༔ མ་ཧཱ་བ་ལིང་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལྷ་རྣམས་ཡབ་ཡུམ་སྦྱོར་བས་བདེ་མཆོད་འབུལ༔ ཨོ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱེརྨ་ཀོ་྅་ཧཾ༔ བྱང་སེམས་འོད་དཀྱིལ་འཁོར་བ་ཡི༔ ཐུགས་ཀྱི་ཐིག་ལེ་ཆེ༔ ཧོཿཧཱུཾ༔ བདེ་སྡུག་གཏང་སྙོམས་དངོས་པོ་ཅི་སྣང་བ༔ ཕྱག་མཆོད་བསྟོད་པ་ཕུལ་བའི་བྱིན་རླབས་ཀྱིས༔ བླང་དོར་འཛིན་པའི་རྟོག་པ་རྣམ་དག་ནས༔ ཀུན་ཀྱང་མཉམ་ཉིད་ངང་


RTZ016_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པར་ཤོག༔ ན་མོ་ཧཱུཾ༔ ཧོ༔ ཕྱོགས་དུས་བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་དགོངས༔ ཕྱི་ནང་གསང་བ་སྐུ་གསུང་ཐུབས་རྒྱུད་མཉེས༔ དེས་མཐུས་འགྲོ་ཀུན་རྡོ་རྗེ་འཆང་གྲལ་ཐོབ༔ བདག་ཅག་རྣམས་ཀྱི་དམ་ཚིག་ཉམས་ཆག་སྐོང་༔ དངོས་གྲུབ་རྣམ་པ་གཉིས་ཀྱི་སྣོད་གྱུར་ཏེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ ཨ་ལ་ལ་ཧོ༔ གཞི་ལུས་ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཟླ་བའི་གང་ན་ལ་ཨོཾ་མཐིང་རྟག་ཏུ་འཆར༔ དེ་ལ་སྔགས་ཀྱི་བསྐོར་བའི་འོད་ཟེར་གྱིས༔ ལུས་དཀྱིལ་ལྷ་བསྐུལ་འོད་འཕྲོས་མཁའ་ཁྱབ་ཀྱི༔ རྒྱལ་རྣམ་མཆོད་ཅིང་འགྲོ་བའི་སྒྲིབ་པ་སྦྱངས༔ རང་བཞིན་སྐུ་གསུང་ཐུགས་གནས་མངོན་དུ་བྱས༔ རྒྱལ་ཀུན་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར༔ འོད་ཟེར་རྣམས་སླར་འདུས་རང་ལ་ཐིལ༔ ཁམས་གསུམ་ལྟ་ཡི་དཀྱིལ་འཁོར་ཉིད་དུ་སང་༔ ལུས་ཀྱི་བསྒྲུབ་བསྐྱོད་ལྷ་ཡི་ཕྱག་རྒྱ་ཆེ༔ ངག་གི་བཟླས་བརྗོད་ཆོས་ཉིད་སྒྲ་གདངས་སྒྲོགས༔ སེམས་ཀྱི་དྲན་རྟོག་དབྱིངས་རིག་དབྱེར་མེད་པའི༔ རྩ་བ་བྱང་ཆུབ་སེམས་སུ་རྟོགས་པར་བྱ༔ ཨོཾ་གུ་ཧྱ་ཛྙཱ་ན་བྷོ་དྷི་ཙཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ༔ དེ་ནས་འཇུ་འདུལ་ཚུལ་དུ་ཁྲོ་བོ་ཡང་༔ ཨེ་ཡཾ་ར་སུཾ་ཀེ་རཾ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ༔ སཱུརྻ་མཎྜལ་དེ་


RTZ016_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཧི་ཥྛ་ནཾ་ཏི་ར་པཾ༔ རང་གི་སེམས་དབུགས་ཤ་ཁྲག་རུས་པ་དྲོད༔ ཡུམ་ལྔའི་མཁའ་ཀློང་དུར་ཁྲོད་གཞལ་ཡས་ཁང་༔ འཁོར་ལོ་རྩིབས་བརྒྱད་བྲག་ཆེན་པད་ཉི་ཟླ༔ དབང་ཕྱུག་ཉེར་བཞི་བྱོན་སོར་བཅོ་བརྒྱད་གདན༔ ཨོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ༔ ཀ་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ༔ བྱང་ཆུབ་སེམས་རྒྱུད་སྔགས་ཀྱིས་སད་པ་ལ༔ བདག་ཉིད་ཆེ་མཆོག་མཐིང་དཀར་དམར་བའི་ཞལ༔ གཡས་པས་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་དང་༔ གཡོན་པས་ཐོད་པ་རྣམ་གསུམ་ཁྲག་བཀང་བསྣམས༔ ཞབས་བཞི་བརྒྱད་བསྐུམ་འདོར་ཐབས་གདན་ལ་རོལ༔ རྡོ་རྗེའི་གཤོགས་བརྐྱངས་དཔལ་དང་དུར་ཁྲོད་ཆས༔ གནམས་ཞལ་དབྱིངས་ཕྱུག་མཐིང་ནག་ཁ་ཊཱཾ་འཛིན༔ ཐོད་ཁྲག་སྟོབས་ནས་ཡབ་དང་བདེ་ཆེན་སྦྱོར༔ ཡེ་ཤེས་མེ་དཔུངས་འབར་བའི་ཀློང་དུ་གསལ༔ གཙུག་ཏོར་ནས་ནི་ཞབས་ཀྱི་གདན་ཁྱི་བར༔ འཁོར་འདས་གཉིས་ཀྱི་ཆོས་རྣམས་ཐམས་ཅད་རྫོགས༔ གཞི་ལུས་ཧེ་རུ་ཀ་ཡི་ཐུགས་ཀ་རུ༔ ཙིཏྟའི་རྩ་དགུ་རིན་ཆེན་དཔལ་བེའུ༔ དབུས་དང་ཟུར་བརྒྱད་ཞབས་ཀྱི་ཐིག་ལེ་རྣམས། ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ཧཱུྃ༔ བཛྲ་བུདྡྷ་རཏྣ་པདྨ་དང་༔ ཀརྨ་ཧེ་རུ་ཀ་རྣམས་ཡུམ་དང་བཅས༔ རཀྴ་ས་ནུ་གུ་ཧྱ་ཡཀྴ་བཅས༔ ཡུམ་དང་ཕྱག་མཚན་གདན་བཅས་གསལ༔


RTZ016_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྟེན་རྩ་ཟུང་ནང་མ་རྣམས་ལ་ནི༔ མིག་གཉིས་ཧ་ཧ་གཽ་རཱི་པུཀྐ་སཱི༔ རྣ་བ་ཧ་ཧ་བཻ་ཏཱ་གྲསྨ་རཱི༔ སྣ་གཉིས་ཧ་ཧ་ཙཽ་རཱི་སྨེ་ཤཱ་དང་༔ ལྕེ་ཟུར་ཧ་ཧ་པྲ་མོ་ཙཎྜ་ལཱི༔ དབང་རྟེན་རྩ་ཟུང་ཕྱི་མ་རྣམས་ལ་ནི༔ མིག་གཉིས་ཧེ་ཧེ་སེང་སྡོང་རྒོད་གདོང་མ༔ རྣ་བར་ཧེ་ཧེ་ཝ་གདོང་ཀཾ་ཀའི་གདོང་༔ སྣལ་བ་ཧེ་ཧེ་སྟག་གདོག་ཁྭ་གདོང་མ༔ ལྕེ་ཟུར་ཧེ་ཧེ་ཁྱི་གདོང་ལུགས་གདོང་མ༔ ལག་མཐིལ་གཡས་ལ་ཕཊ་ཅེས་རྟ་གདོམ་མ༔ ལག་མཐིལ་གཡོན་དུ་ཕཊ་ཅེས་ཕག་གདོང་མ༔ རྐང་མཐིལ་གཡས་སུ་ཕཊ་ཅེས་སྤྲེལ་གདོང་མ༔ རྐང་མཐིལ་གཡོན་དུ་ཕཊ་ཅེས་སྤྱང་གདོང་མ༔ བྲང་ལ་ཨ་ཞེས་སྤོར་བྱེད་ཉི་ཟེར་ཅན༔ ནུ་གཡས་ཨ་ཞེས་མེ་ལྕེ་གློག་ཕྲེང་མ༔ ཕྲག་གཡས་ཨ་ཞེས་སྤོར་བྱེད་སྐར་མདའ་འཕེན༔ སོག་གཡས་ཨ་ཞེས་སྲིན་མོ་རལ་བ་ཅན༔ སོག་པར་ཨ་ཞེས་ཀླུ་མོ་ལྕེ་འབེབས་མ༔ སོགས་གཡོན་ཨ་ཞེས་སྤོར་བྱེད་མདུང་ཐོགས་མ༔ ཕྲག་གཡས་ཨ་ཞེས་སྤོར་བྱེད་བགླང་སྣ༔ ནུ་གཡོན་ཨ་ཞེས་མིག་འབྱིན་སྙིང་བསྲེགས་མ༔ སོག་འོག་ན་མཚོད་རྩིབ་མ་བཞི་པོ་ལ༔ གཡས་ཀྱི་དང་པོར་ཛཿཞེས་རྒྱས་འདེབས་མ༔ གཡོན་གྱི་དང་པོར་ཧཱུྃ་ཞེས་ཚེ་འཕེལ་མ༔ གཡོན་གྱི་འོག་མར་བཾ་ཞེས་དབང་བསྡུད་མ༔ གཡས་གྱི་འོག་མར་ཧོཿཞེས་རྨོངས་བྱེད་མ༔


RTZ016_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

མཇིང་ཚིགས་ལྔ་དང་རྒལ་ཚིགས་ཉི་ཤུ་དང་། མཇུག་ཚིགས་གསུམ་སྟེ་ཉི་ཤུ་རྩ་བརྒྱད་ལ༔ བྷྱོ་ཞེས་དབང་ཕྱག་ཆུང་མ་ཉི་ཤུ་བརྒྱད༔ སོ་ནི་སོ་གཉིས་ཨེ་ཞེས་མཁའ་འགྲོ་མ༔ མགོ་དང་གཟུགས་དྲུག་ཧཱུྃ་ཞེས་མ་མོ་མདུན༔ རྐང་ལག་བརྒྱབ་སིག་ཏིང་ཞེས་སྲིང་མོ་བཞི༔ ཀོང་རྩིབས་ཉེར་བཞིའི་སྟེང་འོག་དྲུག་བོར་བའི༔ ལྷག་མ་ཧ་ཞེས་ཀིཾ་ཆེན་བཅོ་བརྒྱད་གསལ༔ རྐང་ལག་སོར་མོའི་རྒྱབ་ཕྱོགས་རུས་རྩ་རྣམས༔ ཧཱུྃ་ཧཱུྃ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་གསལ༔ ལག་གཡས་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ ཛཿཞེས་སྐུ་ཡི་ཕོ་ཉ་དྲུག་ཅུ་གསལ༔ ལག་གཡོན་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ ཧཱུྃ་ཞེས་ཡོན་ཏན་ཕོ་ཉ་དྲུག་ཅུར་གསལ༔ རྐང་གཡོན་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས༔ བཾ་ཞེས་གསུང་གི་ཕོ་ཉ་དྲུག་ཅུར་གསལ༔ རྐང་གཡས་སོར་ཚིགས་ཕྱོགས་བཞིའི་རྩ་རྣམས་ནི༔ ཧོཿ ཞེས་ཕྲིན་ལས་ཕོ་ན་དྲུག་ཅུ་གསལ༔ རྐང་ལག་སོར་མོའི་མཐིལ་ཕྱོགས་རུས་རྩ་རྣམས༔ མ་ཞེས་ལས་བྱེད་ཕྱོ་ཉ་དྲུག་ཅུ་གསལ༔ སྒྲ་རྣམས་རིག་འཛིན་བླ་མའི་ཚོགས་རྣམས་དང་༔ རྩ་ཕྲན་བ་སྤུ་བསམ་གྱིས་མི་ཁྱབ་རྣམས༔ ཡང་སྦྲུལ་ཕྱག་བརྙན་བསམ་མི་ཁྱབ་པར་གསལ༔ རྩ་རླུང་ཐིག་ལེ་ལུས་ཀྱི་རྡུལ་ཕྲར་གས༔ དངོས་པོར་འཛིན་པའི་སྣང་བ་ཅི་ཤང་


RTZ016_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་༔ ཐམས་ཅན་ལྷ་རུ་ཤེས་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལྷུན་གྲུབ་ཤོག༔ དེ་ནས་གང་བཞིན་དབང་བསྐུར་བྱིན་གྱིས་བརླབ༔ བཛྲ་ས་མཱ་ཛ༔ རུ་ལུ་རུ་ལུ་ཧཱུྃ༔ ཨེ་ཧྱེ་ཧི༔ ཤྲཱི་ཧེ་རུ་ཀ་ཨ་ར་ལླི་དྲི་ཤྱ་ཧོ༔ ས་མ་ཧོ༔ ས་མ་ཡ་སྟཱཾ༔ ཛཿཧཱུྃ༔བཾ་ཧོ༔ ཨེ་ཨ་ར་ལླི་ཧྲཱི་ཧྲཱི༔ སྙན་གསན་དབབ་དང་སྤྱན་འདྲེན་ཕྱག་མཆོད་བྱ༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་༔ བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡིད༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ འཇིགས་བྱེད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ༔ཡིག་སྔོན་པོ་རྟག་ཏུ་འཆར་བ་ལ༔ བཟླ་བྱའི་སྔགས་བསྐོར་སྤོབ་སྡུལ་སོགས་བཟླ༔ ཧཱུྃ༔ རླུང་སེམས་སྔགས་ཀྱི་དངོས་པོ་ཅི་སྣང་ཡང་༔ དབྱེད་མེད་རྡོ་རྗེའི་བཟླས་པ་བྱས་པའི་མཐུས༔ རྣམས་གསུམ་སོ་སོར་འཛིན་པ་ཀུན་དག་ནས༔ བསྙེན་སྒྲུབ་རྣམ་བཞིའི་འབྲས་བུ་མྱུར་ཐོབ་ཤོག༔ ན་མོ་ཧཱུྃ༔ དེ་ནས་རྫས་གྱི་བྱ་བ་ཚོགས་མཆོད་ནི༔ རཾ་ཡཾ་ཁཾ་གིས་དངོས་འཛིན་རྣམ་རྟོག་སྦྱངས༔ སྣོད་ནི་བྷཉྫ་དབྱིངས་ཀྱི་རང་བཞིན་ལ༔ བཅུད་ནི་ཡེ་ཤེས་ལྔ་ཡི་བདུད་རྩིར་གྱུར༔ ཨོ་ཨཱཿཧཱུྃ༔ བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམ༔ ཀུན་ལ་ཕན་པའི་སྨན་ཡིན་ཏེ༔ རྣལ་འབྱོར་བདག་ཉིད་ཆེན་པོ་


RTZ016_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས༔ ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ༔ ཨ་ལ་ལ་ཧོ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ནམ་མཁའི་སྤྲིན་ལྟར་བཏིབས་སྤུངས་ནས༔ དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ལྷག་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞལ་ཆབ་བདུད་རྩིས་ནུས་པ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ལྷག་མའི་མགྲོན་རྣམས་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷག་མའི་མགྲོན་རྣམས་ཚིག་པར་རོལ༔ ཨོཾ་ཨཱཿཧཱུྃ༔ ཕུང་པོ་ལྷ་ཡི་རྩལ་སྣང་ལས༔ ཡེ་ཤེས་ལྷག་སྡུད་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གཉིས་མེད་དོན་རྟོགས་ནས༔ ལྷ་འདྲེ་དབྱིངས་རིག་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ འདོད་ཡོན་རྣམ་དྲུག་དངོས་པོ་ཅི་སྣང་ཡང་༔ ཐམས་ཅད་ཞེན་མེད་ངང་དུ་རོལ་བའི་མཐུས༔ བདེ་སྡུག་བཏང་སྙོམས་ཚོར་བ་རྣམ་དག་ནས༔ ཀུན་ཀྱང་ཡེ་ཤེས་རྒྱན་དུ་རྟོགས་པར་ཤོག༔ ན་མོ་ཧཱུྃ༔ རྩལ་སྣང་ཐམས་ཅད་ཡེ་ཤེས་ཉིད་ལས་ཐིམ༔ ཡེ་ཤེས་དབྱིངས་ཀྱི་ངང་དུ་མཉམ་པར་བཞག༔ ཧཱུྃ༔ཧཱུྃ༔ཧཱུྃ༔ ཀུན་བཟང་མཁའ་ཀློང་དབྱིངས་ནས་རོལ་རྩལ་གྱི༔ དཀྱིལ་འཁོར་གསུམ་གྱིས་མ་ལུས་ཁྱབ་པར་གསལ༔ ཨོ་ཨཱཿཧཱུྃ༔ཧཱུྃ༔ ཆུ་བོ་བཞི་ཡི་དངོས་པོ་ཅི་སྣང་ཡང་


RTZ016_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་རྣམ་གཉིས་བསྒོམས་པའི་བྱིན་རླབས་ཀྱིས༔ སྡུག་བསྔལ་བདུད་བཞི་བཅོམ་ནས་དབང་དང་ལྡན༔ མི་ཟད་རྒྱན་འཁོར་རྣམ་ལྔ་འགྲུབ་པར་ཤོག༔ ཨོཾ༔ བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི༔ དཔའ་བོ་མཁའ་འགྲོའི་བཀྲ་ཤིས༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག༔ དེ་ལྟར་ལུང་གི་ཉམས་ལེན་སྙིང་པོ་འདི༔ སྔགས་འཆང་གདུབས་བརྟ་སངས་རྒྱས་ཡེ་ཤེས་ལ༔ སློབ་དཔོན་པདྨ་འབྱུང་གནས་བདག་གི་གདམས༔ བཀའ་ཤོག་ནམ་ཞིག་ལས་འཕྲོ་ལྡན་པར་རྙེད༔ བདེ་གཤེགས་བཀའ་ཡི་ཆུ་བོ་རྒྱས་བྱེད་འགྱུར༔ ཞེས་གསུངས་དེ་བཞིན་གནུབས་ཀྱི་སྔགས་འཆང་བདག༔ ལུང་གི་ཆུ་བོ་ཆེན་པོའི་བཀའ་བབས་ནས༔ རྒྱ་གར་སློབ་དཔོན་དྷ་ན་རཀྵི་ཧ༔ ཐུགའི་ཡུལ་གྱི་སློབ་དཔོན་ཆེ་བཙན་སྐྱེས༔ ཁྱད་པར་གུ་རུ་པདྨ་འབྱུང་གནས་ཀྱི༔ དགོངས་བཅུད་ཐུགས་དམ་རྩ་བའི་རྒྱུད་ལུང་རྣམས༔ ནམ་ངག་བཀའ་བབ་བཀའ་རྒྱ་བདག་ལ་སྩལ་བཀའ་བརྒྱད་གཏེར་བརྒྱུད་གཉིས་སུ་བྱས་པ་ནི༔ ནམ་ཞིག་བཀའ་བབ་བུ་དང་འཕྲད་ནས་སུ༔ བདེ་གཤེགས་ལུང་གི་བསྟན་པ་རྒྱས་བྱེད་ཤོག༔ ས་མ་ཡ་རྒྱ་རྒྱ༔ ཁོ་བོ་རྡོ་རྗེ་འགྱུར་མེད་རྩལ་ཞེས་སམ༔ མཆོག་གྱུར་བདེ་ཆེན་


RTZ016_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བུ་འབོད་པ་ཡིས། མཁའ་འགྲོ་རྣམས་ཀྱིས་གཏད་པའི་གླེགས་བམ་རྣམས། ཐོད་ཕྲེང་རྩལ་དང་སངས་རྒྱས་ཡེ་ཤེས་ཀྱི། ཕྱག་དཔེ་ཡིན་འདུག་ཞག་བདུན་ཞལ་མཇལ་བས། རང་སྐལ་མི་བརྗེད་དངོས་གྲུབ་ཐོབ་པ་རྣམས། དཔེ་ལ་བཀོད་འདིའི་དགེ་བ་གང་མཆིས་པས། བདེ་ཤེགས་ལུང་གི་བསྟན་པ་རྒྱས་བྱེད་ཤོག །འདི་ནི་རྒྱུད་ལུང་རང་བྱན་ཚུད་པ་ཡི། རྣལ་འབྱོར་རབ་གྱི་ཉམས་ལེན་ཡིན་པའི་ཕྱིར། ལན་ནི་དང་པོ་འདི་དོན་རྟོགས་དཀའ་བས། བདེ་གཤེགས་བཀའ་དང་བླ་མའི་ཞལ་དྲིས། འདི་དོན་རྟོགས་ནས་ཉམས་ལེན་བྱེད་པ་རྣམས། རང་གིས་ལམ་བགྲོད་འབྲས་བུ་མྱུར་དུ་ཐོབ། དེ་ཕྱིར་ནན་ཏན་བསྐྱེད་ལ་ཐོས་བསམ་གྱིས། འདི་ཉིད་སྒྲུབ་པ་ཁོ་ན་ལྷུར་ལེན་གྱིས། །


previousལུང་ཆེན་རྡོ་རྗེ་བཀོད་པ་ལས་བཀའ་འདུས་ཆོས་ཀྱི་རྒྱ་ཚོ་ཡི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན། མཆོག་གྱུར་གླིང་པ།next