Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ།
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ།next

དགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ།


RTZ020_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས་བཞུགས་སོ། །ཚེ་འོད་ཡེ་ཤེས་མཐའ་ཡས་འཇིག་རྟེན་དབང་། །ཚེ་བདག་པདྨ་ཡེ་ཤེས་མཚོ་རྒྱལ་མ། །ཚེ་དབང་བཻ་རོ་འགྲོ་འདུལ་རྒྱལ་པོ་རྩལ། །ཚེ་ཡི་བརྒྱུད་པའི་བླ་མར་གསོལ་བ་འདེབས། །ཚེ་ཡི་མངའ་བདག་བཅོམ་ལྡན་ཡབ་ཡུམ་དང་། །ཚེ་དཀྱིལ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཚེ་ལ་བར་གཅོད་ཉམས་གུད་མཐའ་དག་སོལ། །ཚེ་ཡི་དབང་ཕྱུག་བགྲེས་རྒུད་བྲལ་བ་ཐོབ། །ཚེ་བཅུད་དྭངས་མའི་སྟོབས་སུ་རབ་སྨིན་ཅིང་། །ཚེ་དབང་རྟག་བརྟན་རྡོ་རྗེའི་སྐུ་བརྙེས་ནས། །ཚེ་ལ་དབང་འབྱོར་ཕྲིན་ལས་ལྷུན་གྲུབ་ཤོག །ཅེས་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་འཆི་བདག་བདུད་འཇོམས་ཀྱི་གསོལ་འདེབས་འདིའང་། ཆོས་འདིར་མོས་པའི་བླ་མ་རྣམས་ཀྱི་ཐུགས་འདོད་བཞིན་པདྨ་གར་དབང་འགྲོ་འདུལ་རྒྱལ་པོས་སོ།། །།


previousདགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ།next