Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར།next

དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར།


RTZ025_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར་བཞུགས་སོ། །གསུང་གི་རྡོ་རྗེ་རྟ་མཆོག་ཧེ་རུ་ཀ །གསང་བ་ཀུན་འཛིན་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་ཞབས། །མ་ཧཱ་རཱ་ཛ་ཆེ་དང་པྲ་ཧསྟིར། །གསོལ་བ༴ བྱིན་གྱིས༴ གོ་མ་དེ་ཝཱི་པདྨ་ཐོད་ཕྲེང་རྩལ། །ཆོས་རྒྱལ་ཁྲི་སྲོང་ལོ་ཆེན་བཻ་རོ་ལ། །གསོལ་བ༴ བྱིན་གྱིས༴ ཟབ་གཏེར་མངའ་བདག་གྲུ་གུ་ཡང་དབང་གཏེར། །ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ༴ བྱིན་གྱིས༴ པདྨ་ཁྲག་འཐུང་ཡེ་ཤེས་རྣམ་རོལ་ཆེ། །བྱིན་རླབས་མཆོག་སྩོལ་རྩ་བའི་བླ་མ་ལ། །གསོལ་བ༴ བྱིན་གྱིས༴ དཀྱིལ་འཁོར་ཁྱབ་བདག་དབང་ཆེན་རྟ་མཆོག་དཔལ། །རིགས་བཞིའི་ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་ལ། །གསོལ་བ༴ བྱིན་གྱིས༴ རྡོ་རྗེ་མཁའ་ལྡིང་སྤྲུལ་པའི་ཁྲོ་བོ་བཅུ། །སྒོ་སྐྱོང་བཞི་སོགས་ལྷ་ཚོགས་ཡོངས་རྫོགས་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་ཟབ་མོས་གཉིས་སྣང་བདུད་


RTZ025_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བཅོམ། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ལྷུན་གྱིས་གྲུབ། །པདྨ་དབང་ཆེན་གོ་འཕང་མྱུར་ཐོབ་ཤོག །ཅེས་རྩ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་མཛད་པའི་ཡིག་རྙིང་ལ་ཞུ་བཅོས་ཕྲན་བུ་བཅས་བྲིས་པ་དགེ། །།


previousདཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར།next