Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔
   
   
   
   
   
   
   
   
   
   
   
   
   


 
previousབདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔next

བདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔


RTZ025_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔ ཧཱུྃ༔ གསུང་གི་རྡོ་རྗེ་རྟ་མཆོག་ཧེ་རུ་ཀ༔ གསང་བ་ཀུན་འཛིན་ཕྱག་ན་རྡོ་རྗེ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་ཞབས༔ མ་ཧཱ་རཱ་ཛ་ཆེ་དང་པྲ་ཧསྟིར༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ གོ་མ་དེ་ཝཱི་པདྨ་ཐོད་ཕྲེང་རྩལ༔ ཆོས་རྒྱལ་ཁྲི་སྲོང་ལོ་ཆེན་བཻ་རོ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ མ་ཧཱ་པཉྩ༴ ཟབ་གཏེར་མངའ་བདག་གྲུ་གུ་ཡང་དབང་གཏེར༔ ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ མ་ཧཱ་པཉྩ༴ པདྨ་ཁྲག་འཐུང་ཡེ་ཤེས་རྣམ་རོལ་ཆེ༔ བྱིན་རླབས་མཆོག་སྩོལ་རྩ་བའི་བླ་མ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ མ་ཧཱ་པཉྩ༴ ཧཱུྃ༔ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏཱིཙྪ་ཧོ༔ པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་


RTZ025_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དཀྱིལ་ན༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ་ཆེན་པོར༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ཧྲཱིཿཔདྨཱནྟ་ཀྲྀཏ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རྟ་མགྲིན་སྐུ་ལ་གཉིས་མེད་ལྷུན་སྦྱར་བའི༔ དབང་གི་ཡུམ་ཆེན་པདྨ་གཟི་ལྡན་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ མཱུཾ་པདྨེ་ཤྭ་རཱི་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཀླུ་རྣམས་མ་ལུས་གཏན་ནས་བརླག་པའི་ཕྱིར༔ མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ག་རུ་ཌར༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ག་རུ་ཌ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ སྲིད་གསུམ་གདུག་པ་ཐམས་ཅད་འདུལ་མཛད་པའི༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་བཅས་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གཉིས་མེད་ངང་དུ་ཁྲོ་བོའི་སྐུར་སྤྲུལ་པ༔ བཅོམ་ལྡན་ཡ་མཱནྟ་ཀ་ཡབ་ཡུམ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ཡ་མཱནྟ་ཀ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དྲེགས་པ་གདུལ་དཀའ་མ་ལུས་འདུལ་མཛད་པའི༔ ཚོགས་རྗེ་ཚོགས་བདག་ཕྱག་ན་རྡོ་རྗེ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ བཛྲ་པཱ་ཎི་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ དཔལ་ལྡན་མགོན་པོ་ནག་པོ་ཡབ་ཡུམ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔


RTZ025_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ཀཱ་ལ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ བཛྲ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ རཏྣ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ པདྨ་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ པདྨ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ཀརྨ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ བདུད་འདུལ་ཁྲོ་བོ་ཆེན་པོ་རྣམ་བཅུ་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ཨོཾ་བཛྲ་ཀྲོ་དྷཱ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཐུབ་པར་སྲུང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སོ་སོར་མཛད༔ མཁའ་འགྲོ་སྒོ་མ་ཆེན་མོ་རྣམ་བཞི་ལ༔ རྣམ་དག་དམ་རྫས༴ ཐུགས་རྗེས་ཆེར་དགོངས༴ ཛཿཧཱུྃ་བཾ་ཧོཿསརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡབ་ཡུམ་རྡོ་རྗེ་པདྨར་ལྡན་བྱས་ཏེ༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དང་དམར༔ ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ལ༔ དུས་གསུམ་བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས༔ ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ངང༔ དེ་རིང་


RTZ025_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བདག་ལ་དགོངས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཝཱ་ཀ་སིདྡྷི་ཨཱ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྡྷི་ཧཱུྃ༔ བདུད་རྩིའི་དྭངས་བཅུད་འབྲུ་གསུམ་གྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་བདུད་རྩིས་གནས་གསུམ་རེག་ཅིང་མྱང་། ཧཱུྃ༔ རྒྱལ་བ་མཆོད་ན་དངོས་གྲུབ་ཆེན་པོ་སྩོལ༔ རྒྱལ་བ་མཉེས་བྱེད་བདུད་རྩི་ཆེན་པོའི་མཆོག༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ལྷ་ཚོགས་ཀྱི༔ ཐུགས་དམ་གཉན་བསྐངས་ཕྲིན་ལས་འགྲུབ་གྱུར་ཅིག༔ ཅེས་སྨོན་ལམ་གདབ་བོ།།


previousབདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔next