Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་བདུན་དབང་ཟབ་རྟ་མགྲིན་ལས་རྟ་མགྲིན་སྙིན་པོ་དོན་འདུས། མཆོག་གྱུར་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་བདུན་དབང་ཟབ་རྟ་མགྲིན་ལས་རྟ་མགྲིན་སྙིན་པོ་དོན་འདུས། མཆོག་གྱུར་གླིང་པ།next

ཟབ་བདུན་དབང་ཟབ་རྟ་མགྲིན་ལས་རྟ་མགྲིན་སྙིན་པོ་དོན་འདུས། མཆོག་གྱུར་གླིང་པ།


RTZ026_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་བདུན་དབང་ཟབ་རྟ་མགྲིན་ལས༔ རྟ་མགྲིན་སྙིན་པོ་དོན་འདུས་བཞུགས༔


RTZ026_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་ཧེ་རུ་ཀ་ལ་འདུད༔ དེ་ཉིད་སྒྲུབ་པའི་ཕྲིན་ལས་ནི༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང་༔ ས་མ་ཡ༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ མཐུན་རྐྱེན་ཐམས་ཅད་རབ་ཚོགས་ནས༔ དང་ན་པར་བདེ་བའི་སྙན་ལ་འདུག༔ བྱང་ཆུབ་མཆོག་ཏུ་སྨེས་བསྐྱེད་ལ༔ ཧཱུྃ༔ སྣང་སྲིད་དབང་གི་དཀྱིལ་འཁོར་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཀུན་ཀྱང་ལྷ་སྔགས་ཡེ་ཤེས་ངང༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ༔ཧཱུྃ༔ཧཱུྃ༔བཛྲ་རཀྵ་རཀྵ་བྷྲུཾ་ཧཱུྃ༔ ཆོས་རྣམས་རང་བཞིན་རྣམ་པར་དག༔ བདུད་རྩི་རཀྟ་གཏོར་མ་དང་༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ ཡེ་ཤེས་རོལ་པར་བྱིན་གྱིས་བརླབས༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཧཱུྃ༔ ཆོས་ཉིད་སྤྲོས་པའི་མཐའ་བྲལ་ངང་༔ སྙིང་རྗེའི་རང་མཛངས་ཀུན་ལ་ཁྱབ༔ ཐུགས་རྗེའི་ཧཱུྃ༔ཡིག་འོད་དུ་འབར༔ སྣོད་བཅུད་དངོས་འཛིན་ཐམས་ཅད་སྦྱང་༔ ཨེ་ཡཾ་ར་སུཾ་ཡུལ་ལྔའི་མཁའ༔ རཾ་ལས་རྡོ་རྗེ་མེ་ཡི་གུར༔ བྷྲཱུཾ་ལས་དབང་གི་གཞལ་ཡས་ཁང་༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར། ལྟེ་བར་པད་ཉི་ཀླུ་རྒྱལ་སྟེང་༔ ཧཱུྃ༔ལས་དཔལ་ཆེན་རྟེ་མཆོག་དཔལ༔ དམར་རྔམས་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་སྤྱན་དགུས་གཟིགས༔ རྟ་གདོང་ལྗང་གུ་མེ་འབར་བཞད༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཁ་ཊྭཱཾ་སྤྲུལ་ཕྱར་ཐོད་ཁྲག་རོལ༔


RTZ026_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་མེ་འབར་ལྕགས་སྒྲོགས་འཛིན༔ ཞབས་བཞི་རོལ་པའི་གར་དགུ་ལྡན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་འཁྲུད༔ ཕྱོགས་བཞིར་འཁོར་ལོ་དྲེགས་པའི་སྟེང་༔ དབང་ཆེན་ཡབ་ཡུམ་རིགས་ཀྱི་མདོག༔ རང་རྟགས་ཕྱག་མཚན་རྒྱན་རྣམས་རྫོགས༔ སྒོ་བཞིར་དབང་གི་ཁྲོ་མོ་བཞི༔ ཁོར་ཡུག་སྤྲུལ་པའི་དམ་ཅན་ཚོགས་༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ བླ་མ་རྒྱལ་ཀུན་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ༔ཏྲཱུཾ་ཏྲཱཾ་ཨོཾ་ཨཱཿ ཧཱུྃ༔ ཆོས་ཀྱི་དབྱིངས་བས་འབར་བའི་སྐུ༔་ལོགས་སྤྱོད་རབ་རྫོགས་དག་པ་ཆེན་པོ༔་དབང་ཆེན་སྤྲུལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཨེ་ཨ་ར་ལྤི་ཧྲཱི་ཧྲཱི༔ ཛཿཧཱུྃ༔བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཧཱུྃ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་ནི༔ ཕྱི་ནང་གསང་བ་བླ་ན་མེད༔ དབང་ཆེན་རོལ་པའི་ལྷ་ལ་འབུལ༔ བདེ་བ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས༔ ཤབྟ་མ་ཧཱ་པཉྩ་ཨ་མྲི་ཏ་རཀྟ་བ་ལིཾ་ཏ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ༔ ངོ་བོ་འགྱུར་བ་མེད་པའི་སྐུ༔ རངགསལ་བདེ་ཆེན་དབང་སྐད་མཚེར༔ ཐུགས་རྗེ་མྱུར་བའི་འགྲོས་དང་ལྡན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔


RTZ026_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཉི་ཟླའི་ཧྲཱི༔དམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལས་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུབས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པར་བསམ༔ ཧྲཱི༔པདྨཱ་ནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ༔ཕཊ༔ བསྙེན་སྒྲུབ་ལས་གསུམ་སྔོགས་པ་ཡི༔ སྔགས་འདི་ཆུ་བོའི་རྒྱུན་བཞིན་ཏུ༔ རྟ་ཡི་འགྲོས་སྐད་སྦྱར་བས་སྒྲ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་བྱས་ནི༔ སྐབས་སུ་དམ་ལྡན་ཕོ་མོ་ཚོགས༔ དམ་རྫས་ཐམས་ཅད་ཚང་པར་བཤམ༔ རཾ་ཡཾ་ཁཾ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷཱུཾ་ལས་བྷཉྫ་འབར་བའི་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་འོད་ཞུ་བདེ་ཆེན་འཁྱིལ༔ ཨོཾ་ཨཱཿཧཱུྃ༔གིས་བྱིན་རླབས་འདོད་ཡོན་སྤྲོ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ གནས་མཆོག་ཚོགས་ཁང་དུར་ཁྲོད་རྒྱན་དང་ལྡན༔ འདིར་འཚོགས་རྣལ་འབྱོར་བརྟུལ་ཞུགས་ནུས་པར་ལྡན༔ བམ་ཆེན་གསང་བས་བྱུང་བཅུད་དང་ལྡན༔ དཔལ་ཆེན་འཁོར་བཅས་དགྱེས་ཤིང་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿ ཧཱུྃ༔ དུར་ཁྲོད་མཆོག་གི་མཆོད་པ་བླ་ན་མེད༔ བདེ་ཆེན་བསྐྱེད་པ་འདོད་ཡོན་སྤྲིན་དུ་འཁྲིགས༔


RTZ026_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྟ་མགྲིན་ལྷ་ཚོགས་འཁོར་བཅས་ལ༔ འབུལ་ལོ་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ མ་རིག་ལུས་ངག་ཡིད་གསུམ་འཁྲུལ་པ་ཡིས༔ རྒྱལ་བའི་བཀའ་དང་དམ་ལས་འདས་གྱུར་པ༔ ཡེ་ཤེས་ཚོགས་ཀྱི་མཆོད་པས་བསྐུང་ཞིང་བཤགས༔ བྱང་ཞིང་དག་ནས་ཚངས་པ་སྩལ་དུ་གསོལ༔ ས་མ་ཡ་ཤུདྡྷེ་ཨཱཿ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ གཏུམ་དྲག་མི་བཟད་དབང་ཆེན་ཁྲོ་བོའི་ཚོགས༔ ཡེ་ཤེས་རྣོ་དཔལ་མཚོན་ཆའི་སེར་ཆེན་འབེབས༔ གཟུང་འཛིན་དགྲ་བགེགས་ལུས་སྲོག་དབྱིངས་སུ་སྒྲོལ༔ ནྲི་ཏྲི་མཱ་ར་ཡ༔ ཧཱུྃ༔ ཁྲོ་རྒྱལ་རྣམས་ཀྱང་འདིར་བྱོན་ཤ་ལ་རོལ༔ མ་མོ་རྣམས་ཀྱང་འདིར་བྱོན་ཁྲག་ལ་རོལ༔ གིང་ཆེན་རྣམས་ཀྱང་འདིར་བྱོན་རུས་ལ་རོལ༔ དུག་གསུམ་མཆོད་བཞེས་འཁོར་བསྟོངས་པར་མཛོད༔ མ་ཧཱ་མཱི་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ བདེ་ཆེན་ཉམས་བསྐྱར་གླུ་གར་སོགས༔ སྦྱོར་སྒྲོལ་ཚོགས་ལ་རོལ་པར་བྱ༔ ལྷག་མ་བསྡུས་ནས་ཁ་ཕྲུ་བཏབ༔ ཨོཾ་ཨཱཿཧཱུྃ༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཕོ་ཉ་ནི༔ ཁམས་བརྒྱ་མ་དྲུག་དམུས་ལོང་བཞི༔ ཁྱི་སྤྲང་འབྲུག་སེང་དུར་མོའི་ཚོགས༔ མཆེ་གཤོག་དབང་གི་མ་མོའི་ཚོགས༔ བཀའ་སྡོད་སུམ་བརྒྱ་དྲུག་ཅུ་རྣམས༔ ཤ་ཁྲག་


RTZ026_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་གཏོར་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ མ་མ་ཧྲཱིང་ཧྲཱིང་ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔ འོད་གསལ་ཐུགས་ཀྱི་ངང་དུ་གནས༔ ཕཊ་ཀྱིས་ལྷ་རུ་ལྷ་ག་གེར་གསལ༔ ཨོཾ་ཨཱཿཧཱུྃ༔གིས་གོ་བགོས་ནས༔ དག་པའི་སྣང་བས་སྤྱོད་པ་བསྐྱང་༔ ཧཱུྃ༔ བླ་ན་མེད་པ་གསུང་གི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་ཐུབ་ནས་ཀྱང་༔ དབང་ཆེན་རྟ་མགྲིན་ཧེ་རུ་ཀ་དཔལ་ཐོབ༔ འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག༔ གསུང་གི་རིག་འཛིན་བརྒྱུད་གསུམ་གྱིན་རླབས་ལྡན༔ ཡི་དམ་དབང་ཆེན་བསྐྱེད་རྫོགས་དངོས་སྒྲུབ་མྱུར༔ རྟ་སྐད་བཞད་པས་མཁའ་འགྲོ་དམ་ཅན་འདུས༔ དབང་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ སྒྲུབ་རྫས་མི་མོང་ན་རྒྱ་ཡིས་གདབ༔ འདི་ལྟར་ཉམས་སུ་བླངས་པ་ཡིས༔ དབང་ཆེན་རྒྱལ་པོ་ཚེ་འདིར་འགྲུབ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡ་ཡིག་ཡོད། མཆོག་གྱུར་གླིང་པས་རྣམ་མཁའ་མཛོད་ནས་སྤྱན་དྲངས་པའི་དངུལ་བྱང་ལས་ཞལ་བཤུས་པ་དགེ །


previousཟབ་བདུན་དབང་ཟབ་རྟ་མགྲིན་ལས་རྟ་མགྲིན་སྙིན་པོ་དོན་འདུས། མཆོག་གྱུར་གླིང་པ།next