Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིག །པདྨ་གར་གྱི་དབང་ཕྱུག
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིག །པདྨ་གར་གྱི་དབང་ཕྱུགnext

ཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིག །པདྨ་གར་གྱི་དབང་ཕྱུག


RTZ026_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིག་ཞེས་བྱ་བ་བཞུགས་སོ། །


RTZ026_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཡ། །རྟ་སྐད་ཐེངས་གསུམ་དབང་གི་གླུས། །ས་གསུམ་མངའ་མཛད་དཔལ་ཆེན་པོ། །བླ་མར་སྣང་དེ་གཙུག་ཏུ། །བཀོད་ནས་སྨིན་བྱེད་སྙིང་པོ་བཀོད། །འདི་ལ་བཅའ་གཞི་སྟེགས་གཙང་མར་ཟངས་སོགས་རིན་པོ་ཆེ་དང་བནྡྷའི་སྣོད་གང་ཡང་རུང་བར་འབྲུ་སྣའི་ཕྱེ་མར་སྲོད་སྣ་ཚོགས་བགྲེས་ཤིང་ཆོས་སྨན་བཏབ་པའི་ཁྲག་ཆང་གིས་སྤྲུས་པ་ལ། དཔལ་གཏོར་རིན་ཆེན་འབར་བ་རྟ་ཞལ་གྱིས་མཚན་པ་ལ་འཁོར་རང་འདྲ་བརྒྱད་དང་ཐེབ་ཀྱུས་བསྟོན། སྐུ་རྟེན་སྔགས་ཀྱང་མེ་ལོང་གིས་བརྒྱད་ཅིང་དར་གདུགས་དམར་པོ་ཕུབ་ལ་མནྫི་ལ་བཀོད། གཡས་གཡོན་ཏུ་སྨན་རཀ མདུན་དུ་ཆུ་གཉིས་ཉེར་སྐྱོད་བཤམ། ལས་བུམ་དང་ཕྲིན་ལས་ལ་དགོས་པའི་ཚོགས་གཏོར་ཚོགས་འདུ་བྱའོ། དབང་སྒྲུབ་ནི། ཟབ་བདུན་རྟ་མགྲིན་ལས་བྱང་རྒྱས་བསྡུས་གཉིས་པོ་གང་བཏང་ཡང་


RTZ026_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པས་རྒྱས་པ་བྱེད་ཕྲིན་ལས་སྔོན་རྗེས་སྤྱི་ཆིངས་སྦྱར་ལ་ཡང་ཕྱུང་དམར་པོའི་ཕྲིན་ལས་བཏང་། བསྡུ་ན་སྙིང་པོ་དོན་འདུས་བཏང་བས་ཆོག །གང་ལྟར་ཕྲིན་ལས་ཀྱི་ལྡོན་འགྲོ་རྣམས་དང་དངོས་གཞིའི་ལྷ་བསྐྱེད་ཀྱིས་བདག་གཉིད་ལྟར་བསྐྱེད་པ་གྲུབ་ནས། རཾ་ཡཾ་ཁཾ་གིས་སྟོང་བར་སྦྱང་༔ གཏོར་སྣོད་ཟླ་གམ་གཞལ་ཡས་སུ༔ གཏོར་མའི་ངོ་བོ་ལྷ་ཚོགས་རྣམས༔ གཏར་རྒྱུ་མཆོད་པའི་སྤྲིན་དུ་གྱུར༔ ཅེས་པ་ཙམ་གྱིས་གཏོར་མ་དབང་ཆེན་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་བདག་བསྐྱེད་ཇི་ལྟར་སྐད་ཅིག་གིས་གསལ་འདེབས། སྤྲོ་ན་མངོན་རྟོག་ཁ་བསྒྱུར་ཅུང་ཟད་བཅས་ཚར་གཅིག་བསྒྱུར་ནས་གསལ་བཏབ་ཀྱང་ལེགས། གང་ལྟར་སྤྱན་འདྲེན་ནས་བསྟོད་པའི་བར་བཏང་། བདག་མདུན་གཉིས་ཀར་བཟླས་དམིགས་དང་འཕྲོ་འདུགས་ལ་བཏབ་ལ་གཞུང་གསལ་བཟླས་བཅིང་གྲུབ་སྟེང་ཆོག་


RTZ026_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བྱ། ཚོགས་ཀྱི་བྱིན་རླབས་བསྒྲལ་བསྟབ་ཡན་གྲུབ་ནས་ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་བྱ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟན་དབང་ཕྱུག་ཉིད་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ལ་འབར་བ་ཆེན་པོ་དཔལ་ཧེ་རུ་ཀ་རྡོ་རྗེ་རྟའི་ཞལ་ཅན་གྱི་ཕྱག་རྒྱར་བཞེངས་ཏེ་འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་ཅིང་མི་བསྲུན་གདུག་པ་ཅན་གྱི་དཔུང་ཚོགས་ཆམ་ལ་འབེབས་པར་མཛད་པ་འདི་ཉིད་ཀྱི་རྩ་བཤད་མན་ངག་གི་ཆེ་ཆུང་མཐའ་ཡས་པ་འཕགས་བོད་ཀྱི་ལྗོངས་སུ་བྱོན་ཅིང་། དེ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་དང་སྒྲུབ་མས་མན་ངག་གི་བཀའ་སྲོལ་གྲངས་མེད་པར་བྱོན་པ་ལས་ཁྱད་པར་དུ་འཕགས་པ། དབང་ཆེན་རྟ་མཆོག་ཉིད་མཐར་ལམ་རིག་འཛིན་གྱི་སྐུར་བསྟན་པ་གུ་རུ་པདྨ་དཀར་པོར་ཡུལ་གྱི་གདུལ་སྐུལ་ལྡན་རྣམ་ལ་སྩལ་བའི་རྟ་མགྲིན་གྱི་བཀའ་སྲོལ་མི་འདྲ་བ་དུམ་ཞིག་ཤས་ཆེར་ཟབ་མོ་གཏེར་གྱི་ཕྱོགས་སུ་བྱོན་པ་ལས། འདིར་ལྷ་སྲས་རྣམས་འཕྲུལ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་བྱོན་ཐུགས་དམ་ཟབ་པ་སྐོར་བདུན་ལས་རྟ་མགྲིན་དབང་གི་ཟབ་པ་ལ་དབང་ཟབ་དངོས་དང་། བྱིན་རླབས་གཏོར་མའི་དབང་བསྐུར་གཉིས་སུ་བཞུགས་ལས།


RTZ026_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བབས་པ་གཏོར་དབང་ཉིད་བསྒྲུབ་པར་བགྱིབ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེག་སོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་གཙོ་བོ་བདག་ལ་དགོངས༔ སངས་རྒྱས་ཀུན་གྱི་རྗེས་ཞུགས་ཕྱིར༔ དཔལ་ཆེན་རྟ་མགྲིན་དེང་བསྒྲུབ་ན༔ དབང་དང་དམ་ཚིག་མ་ལུས་པ༔ མགོན་པོ་དཔའ་བོ་བདག་ལ་སྩོལ༔ ལན་གསུམ། བླ་མ་དང་དབྱེར་མེད་པའི་དབང་ཆེན་རྟ་མཆོག་གི་དཀྱིལ་འཁོར་ལ་མཆོག་གསུམ་རྩ་གསུམ་རྒྱ་མཚོས་བསྐོར་ཏེ་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་དང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ མཁའ་ཉམས་སེམས་ཅན་བསྒྲལ་བའི་ཕྱིར༔ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། རྒྱུད་རྣམས་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་དམ་ཚིག་པའི་ལྷ་སྐུ་འདི་ལྟར་དུ་གསལ་ཐོབ་ཅིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་བའི་ངང་ལས་


RTZ026_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཀྱུག་ལྟ་ན། པདྨ་ཉི་ཟླ་ཀླུ་དབང་ཕོ་མོ་བསྣོལ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿདམར་པོ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད། སེམས་ཅན་གྱི་དོན་བྱས། ཚུལ་འདུས་པ་ལས་རྡོ་རྗེ་དམར་པོ་ཧྲཱིཿས་མཚན་པ་ལས་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་དབང་ཆེ་རྟ་མགྲིན་རྒྱལ་པོ་སྐུ་མཅོག་བྱེ་རུའི་ལྷུན་པོ་ལྟ་བུ་ལ་རྟ་བའི་ཞལ་དམར་པོ། གཡས་དཀར། གཡོན་མཐིན་བ། དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་མཚེར་བ། ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་དམྲ་སེར་མི་ལྟར་འབར་བ། ཕྱག་དྲུག་གཡས་གསུམ་རལ་གྲི་ཁ་ཊཾ་དབྱུག་ཐོ་ཕྱིར་ཞིང་གཡོན་གསུམ་བྷན་དམར་དྲིལ་བུ་ལྕགས་ཀྱུ་བསྣམས་པ། ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་ཅན་ལྡ་ལྡས་དབུ་བརྒྱན་ཅིང་ཐོད་ཕྲེང་ཚར་གསུམ་མགུལ་རྒྱན་བྱས་པ། སེང་གླིང་གི་ལྤགས་པའི་སྟོད་གཡོགས་ཞིང་ལྤག་སྐེད་དཀྲིས་སྟག་ལྤགས་ཤམ་ཐམས་བྱས་པ། ཁྲག་ཞགས་ཐལ་བས་བྱུགས་ཤིང་སྦྲུལ་རིགས་ལྔ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཁྱུང་གིས་དབུ་བརྒྱན་ཅིང་དཔལ་གྱི་གཤོག་པ་དར་ལ་རིལ་ཕུར་དཔྱང་རྡོ་རྗའི་གོ་ཁྲབ་གསལ་བ། ཡུམ་པདྨ་གཟི་ལྡན་མ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཁ་ཊཱཾ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་ཞབས་བཞི་འདོར་ཐམས་སུ་བགྲད་པ། གཡས་སུ་བྱི་ལའི་


RTZ026_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན་ཁ་ཊཱཾ་དང་ཐོད་ཁྲག་འཛིན་པ། གཡོན་དུ་པུ་ཤུད་མགོ་ཅན་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ། ཞེས་དང་། སྙིང་པོ་དོན་འདུས་ལྟར་ན་གཞན་འདྲ་བ་ལ། ཕྱག་དྲུག་གཡས་གསུམ་ཁ་ཊྭཱཾ་སྦྲུག་གྱིས་དཀྱིས་པ་དང་རལ་གྲི་ཕྱར་ཞིང་གྱོན་གསུམ་དྲིལ་བུ་ཐོད་ཁྲག་ལྕགས་སྒྲོག་བསྣམས་པ། ཞེས་བསྒྱུར་བ་དང་གཡས་གཡོན་ཕྲ་མེད་གཉིས་བསྐྱེད་ཆོག་དོར། གཞན་སྔ་མདང་འདྲ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་དབང་ཆེན་རོལ་པའི་དུར་ཁྲོད་ནས་དཔལ་ཆེན་རྟ་མཆོག་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུར་ཏེ་ལྷ་སྔགས་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་མཁའ་དབྱིངས་གང་བར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གཉིས་མེད་དུ་བརྟན་པའི་མོས་པ་མཛོད་ཅིག །སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཨཱིང་སྤོས་དང་རོལ་མོ་བཅས་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དབང་གཏོར་ཐོགས་ལ། དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བའི་གཞལ་ཡས་ཁང་། ནང་བཅུད་དཔལ་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་སྤྲུལ་པ་འཁོར་ཚོགས་བཀའ་


RTZ026_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་དང་བཅས་པ་བྱིན་རླབས་གཟི་བརྗིད་འབར་ཞིང་དབང་གི་རྟ་སྐཀད་ལྷང་ངེར་གསལ་བའི་དཔར་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདསུ་པའི་ངོ་བོར་བཞུགས་པ་ལ། མོས་གུས་བྱས་པས་དཔྲལ་བའི་ཨོཾ་ལས་འོད་ཟེར་ཟླ་བ་ཆུ་ཤེས་ཀྱི་མདངས་ཅན་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་བཅོད་པ་ཐམས་ཅད་བསལ། ལུས་ལ་སྐུ་རྡོ་རྗེའི་བྱིན་རླབས་བཞུགས། གཟི་བརྗིད་ཉི་མ་ལྟར་འབར་བའི་མོས་པ་མཛོད། ཧཱུྃ་ཧྲཱིཿ གཏོར་སྣོད་དབང་ཆེན་ཟླ་གམ་འབར་བའི་དབྱིངས། གཏོར་མ་དཔལ་ཆེན་ཧེ་རུ་ཀ་ཡི་ཚོགས༔ རྟ་མགྲིན་རྒྱལ་པོའི་ལྷ་ཚོགས་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡེ་ཤེས་འོད་ཟེར་འཕྲོ༔ སྒོ་གསུམ་སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དབང་༔ མ་ལུས་ཡོངས་སུ་རྫོགས་པའི་བདག་ཉིད་གྱུར༔ དཔལ་ཆེན་རྟ་མགྲིན་དཀྱིལ་འཁོར་ཀུན་གྱི་གཙོ༔ མ་གཅིག་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག༔ ཚེ་ཡི་བདག་མོ་གསལ་བ་ཡེ་ཤེས་ཡུམ༔ བཀའ་ཉན་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དབང་ཆེན་ཁྲོ་བོ་རིགས་བཞི་ཡུམ་དང་བཅས༔ ཟིལ་གནོན་ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད༔ དབང་གི་ཁྲོ་མོ་བཞི་དང་བཀའ་སྲུང་ཚོགས༔ པདྨ་


RTZ026_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས༔ འདིར་ཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ འགྱུར་མེད་སྐུ་ཡི་བྱིན་གྱིས་བརླབ་པ་དང་༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་དང་༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ལུས་ལ་གཟི་བརྗིད་སྐུ་ཡི་དབང་མཆོག་སྐུར༔ ལུས་སྣང་ཐམས་ཅད་ལྷ་ཏུ་འཆར་བར་མཛོད༔ སྙིང་པོའི་མཐར༔ ཀཱ་ཡ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏོར་མ་དཔྲལ་བར་བཞག༔ དེས་སྐུའི་དབང་དང་བྱིན་རླབས་ཐོག །དབང་ཆེན་རྟ་མཆོག་རོལ་བའི་སྐུ་བསྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་བའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། ཡང་མགྲིན་པའི་ཨཱཿལས་འོད་ཟེར་འཆར་ཁའི་ཟེར་ཐར་ལྟ་བུ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། རག་ལ་གསུང་རྡོ་རྗེའི་བྱིན་རླབས་ཞུགས་ནུས་མཐུ། མེ་ལྟར་འབར་བའི་མོས་པ་མཛོད། ཧཱུྃ་ཧྲཱིཿ གཏོར་སྣོད་དབང་ཆེན་སོགས་གོང་ལྟར་ལ། འདིར་ཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ འགགས་མེད་གསུང་བྱིན་གྱིས་བརླབས་དང་༔ ངག་གི་ནད་གདོན་སྡིག་སྒྲིབ་བར་ཆད་དང་༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད། ངག་ལ་ཚངས་དབྱངས་གསུང་གི་དབང་མཆོག་སྐུར༔ རྩ་རླུང་སྒྲ་སྐད་སྔགས་སུ་འགྱུར་པར་མཛོད༔ སྙིང་པོའི་མཐར། ཝཱ་ཀ་


RTZ026_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་ཕ་ལ་ཧཱུྃ༔ དེས་གསུང་གི་དབང་དང་བྱིན་རླབས་ཐོབ། བསྙེན་སྒྲུབ་ལས་སྦྱོར་ཀྱི་བཟླས་བརྗོད་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་རྒྱས་པའོ། ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཁ་གནམ་སྡོན་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོག་པ་ཐམས་ཅད་ལ། ཡིད་ལ་ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ནམ་མཁའ་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ གཏོར་སྣོད་དབང་ཆེན་སོགས་ནས། འདིར་ཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ འཁྲུལ་མེད་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་༔ ཡིད་ཀྱི་ནད་གདོན་སྡིག་སྒྲི་བར་ཆད་དང་༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ཡིད་ལ་བདེ་སྟོང་ཡེ་ཤེས་དབང་ཆེན་སྐུར༔ གང་ཤར་ཆོས་ཉིད་ཀློང་དུ་གྲོལ་བར་མཛོད༔ སྙིང་པོའི་མཐར། ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ དེས་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། རྫོགས་པའི་རིམ་པའི་རྣལ་འགྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། ཡང་གནས་གསུམ་གྱི་ཡི་གེ་འབྲུ་ལས་འོད་ཟེར་དཀར་དམར་མཐིང་པའི་མདངས་ཅན་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིབ་པས་སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོག་པ་ཐམས་ཅད་བསལ། སྒོ་གསུམ་ལ་ཡེ་ཤེས་རྡོ་རྗེའི་ཕྱིན་རླངས་


RTZ026_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། བདེ་ཆེན་ཟག་པ་མེད་པའི་འོད་གསལ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གཏོར་སྣོད་དབང་ཆེན་སོགས་ནས། འདིར་ཚོགས་སྐལ་ལྡན་སློབ་མ་འདི་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་བར་ཆད་དང་༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ ད་ལྟ་ཉིད་དུ་འདི་ལ་སྩལ་དུ་གསོལ༔ སྤྲོ་ན་བརྒྱུད་པའི་མཚན་ནས་སྨོས་ཏེ་བཀའ་སྒོ་སྤྱི་ལྟར་བྱ། ཧྲཱི་པདྨ་ནྟ་ཀྲི་ཏ་སོགས་ཆིག་རི་མཐར། ཀཱ་ཡ་བ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་བཞག་ལག་དག་གི་ལྟ་བའི་ཀོང་དུ་ཉམས་སྐྱོང་ངོ་། ཡང་གཏོར་དབང་ཚར་གྲངས་བསག་དགོས་ན། རྡོ་རྗེ་གསུམ་འདུས་པའི་ངོ་བོ་བཞུགས་པ་ལ་ཡན་ཆད་གོར་ལྟར་ལ། མོས་གུས་བྱས་པས་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ག་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐོ་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བཞུགས། གཟི་བརྗིད་ནུས་མཐུ་བདེ་སྟོང་གི་ཡེ་ཤེས་འབར་བར་མོས་ཤིག ཧཱུྃ༔ཧྲཱི༔ གཏོར་སྣོད་དབང་ཆེན་ཟླ་གམ་འབར་བའི་དབྱིངས༔ གཏོར་མ་དཔལ་ཆེན་ཧེ་རུ་ཀ་ཡི་


RTZ026_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ རྟ་མགྲིན་རྒྱལ་པོའི་ལྷ་ཚོགས་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡེ་ཤེས་འོད་ཟེར་འཕྲོ༔ སྒོ་གསུམ་སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དབང་༔ མ་ལུས་ཡོངས་སུ་རྫོགས་པའི་བདག་ཉིད་གྱུར༔ དཔལ་ཆེན་རྟ་མགྲིན་དཀྱིལ་འཁོར་ཀུན་གྱི་གཙོ༔ མ་གཅིག་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཡེ་ཤེས་སེམས་དཔལ་སྤྱན་རས་གཟིགས་དབང་ཕྱུག༔ ཚེ་ཡི་བདག་མོ་གསང་བ་ཡེ་ཤེས་ཡུམ༔ བཀའ་ཉེན་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དབང་ཆེན་རིགས་བཞི་ཡུམ་དང་བཅས༔ ཟིལ་གནོན་ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད༔ དབང་གི་ཁྲོ་མོ་བཞི་དང་བཀའ་སྲུང་ཚོགས༔ པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས༔ འདིར་ཚོགས་སྐལ་ལྡན་སློབ་མ་འདི་རྣམས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་མ་དང་༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་བར་ཆད་དང་༔ མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བར་མཛོད༔ ལུས་ལ་གཟི་བརྗིད་སྐུ་ཡི་དབང་མཆོག་སྐུར༔ ལུས་སྣང་ཐམས་ཅད་ལྷ་རུ་འཆར་བར་མཛོད༔ ངག་ལ་ཚངས་དབྱངས་གསུང་གི་དབང་མཆོག་སྐུར༔ རྩ་རླུང་སྐྲ་སྐད་སྔགས་སུ་འགྱུར་བར་མཛོད༔ ཡིད་ལ་བདེ་སྟོང་ཡེ་ཤེས་དབང་ཆེན་སྐུར༔ གང་ཤར་ཆོས་ཉིད་ཀློང་དུ་གྲོབ་བར་མཛོད༔ མཆོག་དང་ཐུམ་མོང་དངོས་གྲུབ་མ་ལུས་པ༔ ད་ལྟ་ཉིད་དུ་འདི་ལ་སྩལ་དུ་གསོལ༔ ཧྲཱིཿ


RTZ026_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པནྶནྟཀྲི་ཏ་སོགས་ཆིག་དྲིལ་མཐར། ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་བཞག །དམིགས་པའི་མཚམས་སྦྱོར་ཚར་གཅིག་ཤིས་ཆོག །གཏེར་གཞུང་ཚིགས་བཅད་ཉིད་བྲལ་བསོད། རྒྱས་བསྡུས་གཉིས་ཀའི་མཐར། དེས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཅིག་ཆར་དུ་ཐོབ། རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །མེ་ཏོག་འཐོར་ལ་ཤིས་བརྗོད་ཅི་རིགས་བྱ། དེ་ལྟར་དཔལ་རྟ་མགྲིན་དབང་གི་ཟབ་པའི་བྱིན་རླབས་ཀྱི་སྙིང་པོ་གཏོར་མའི་དབང་སྐུར་ལེགས་པར་གྲུབ་པ་སྟེ། རྩ་བ་རྡོ་རྗེའི་གསུང་ལས། དེས་ནི་ལྷ་བསྒོ་མ་སྔགས་བཟླ་བ༔ ཏིང་འཛིན་བསྒོམ་ལ་དབང་བའི་དབང་༔ ལུས་ངག་ཡིད་གསུམ་སྨིན་པར་བྱེད༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ ཡོངས་རྫོགས་དབང་ཆེན་ཁོ་ནའོ༔ ཞེས་གསུངས་པ་ལྟར་མཐུན་བྱིན་ཆེ་བས་གནས་སྐབས་ནད་གདོན་བར་ཆད་སེལ་བ་ལ་ཟབ་ཁྱད་ཆེ་ཞིགན་མཐར་ཐུག་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པར་བྱེད་པ་དབང་ཆེན་ཡོངས་རྫོགས་དང་སྨིན་བྱེད་ཀྱི་ཚུལ་ལ་ཁྱད་པར་མ་མཆིས་པ་ལགས་པས་ཐུགས་ལ་བཅངས་ཏེ་དམ་ཚིག་སྡོམ་པ་མདོར་བསྡུས་ཏེ་འཛིན་པར་ཁས་བླང་བ་འདིའི་རྗེས་ཟློབས། གཙོ་བོས་རི་ལྟར་སོགས་ཀྱིས་དང་


RTZ026_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཁས་བླང་སོགས་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ལས་བྱང་སྤྱི་ཆིངས་ལྟར་ལ། རྗེས་གཏད་རག་མཆོད་བསྟོད་ནོངས་བཤགས་བཟོད་གསོལ་གྲུབ་ནས། གཏོར་མའི་ཇེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཞུ་ནས་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་ལོནས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་གྱུར། ཅེས་བསམ་ལ་སྔགས་མཐར། སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་གཏྲ་མའི་ཆ་ཧས་ལོངས་སྤྱད་བསྡུ་ལྗངས་བསྔོ་སྨོན་ཤིས་བརྗོད་བྱའོ། འདི་འབྲེལ་པདྨ་དབང་ཆེན་གྱི། ཡེ་ཤེས་བྱིན་མཐུས་བརྒྱུད་སྲིན་ཏེ། རྟ་སྐད་གསུམ་གྱིས་གཞི་ལམ་འབྲས། པདྨའི་མགོན་པོར་སྡོམ་བྱེད་ཤོག །ཅེས་ཁྱབ་བདག་བླ་མ་གཏེར་ཆེ་རིན་པོ་ཆེས་བཀའ་ཡིས་བསྡུས་གནད་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྒྲུབ་པའི་སླད་དུ། ཟབ་ཆོས་འདི་དག་གི་ལུང་ཐོབ་པདྨ་གར་གྱི་དབང་ཕྱུག་རྩལ་ཀྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །


previousཟབ་བདུན་རྟ་མགྲིན་དབང་གི་ཟབ་པ་ལས། སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིག །པདྨ་གར་གྱི་དབང་ཕྱུགnext