རྡོ་སེམས་ཐུགས་ཀྱི་ཐིག་ལེ་ལས་སྒྲུབ་ཐམས་རྩ་བ་ཉི་ཟླའི་རྒྱ་ཅན། མཆོག་གྱུར་གླིང་པ།


RTZ027_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་སེམས་ཐུགས་ཀྱི་ཐིག་ལེ་ལས༔ སྒྲུབ་ཐམས་རྩ་བ་ཉི་ཟླའི་རྒྱ་ཅན་བཞུགས༔


RTZ027_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ནི༔ དཔག་མེད་ས་འོག་ཀུན་བཀང་ཡང་༔ ཐུགས་ཀྱི་ཐིག་ལེ་འདིར་བཀོད་བྱ༔ བསྟནེ་སྒྲུབ་ལས་གསུམ་སྔོན་འགྲོ་དང་༔ རྒྱུན་ཀྱི་རྣལ་འབྱོར་རྣམ་པ་ལྔ༔ དང་པོ་ལ་ཡང་རྣམ་པ་གཏིས༔ ཐོག་མར་ལྷ་ཏིང་བསྙེན་པ་ནི༔ རོ་ར་གསལ་ནི་ཧཱུྃ་དཀར་བྲི༔ མིག་སྤྲིད་བར་དུ་ཡང་ཡང་བལྟ༔ དེ་ཉིད་ཡིད་ལ་རྣམ་པར་བསྒོམ༔ རང་ཉིད་ཧཱུྃ་དུ་རྣམ་པར་སྦྱང་༔ རིམ་བཞིན་ཕྱག་མཚན་ལྷ་ཡི་བར༔ དེ་དག་མ་འབྱོངས་པར་དུའོ༔ ཨོཾ་མ་ཧཱ་ཤཱུ་ནུ་ཏཱ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཱ་ཏ་ཀོ་྅་ཧཾ༔ ཆོས་ཀུན་སྟོང་ཉིད་དེ་བཞིན་ཉིད༔ ཨོཾ་ལས་གནས་ཁང་གཞལ་ཡས་ཁང་༔ ཨཱཿལས་པདྨ་ཟླ་བ་དང་༔ དབུས་སུ་སེང་གེ་བརྒྱད་ཀྱི་སྟེང་༔ རིན་ཆེན་ཁྲི་སྟེང་པད་ཉི་ཟླར༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ས་བོན་ཕྱག་མཚན་ཡོངས་གྱུར་ལས༔ ཁྱབ་བདག་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ མཚན་དཔེ་རབ་སྤྲས་འཛུམ་མདངས་ཅན༔ གཡས་པས་རྡོ་རྗེ་ཐུགས་


RTZ027_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་འཛིན༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྲིལ༔ ཟི་ལྡིར་སྟོད་གཡོགས་དང་དབྱངས་དང་༔ དར་གྱི་ཕུ་དུང་ཤམ་ཐམས་མཛེས༔ ཐོར་ཚུགས་རིན་ཆེན་རྩ་བྲན་ཅན༔ སྙན་རྒྱན་ཕྱག་གདུབ་ཞགས་གདུབ་དང་༔ མགུལ་རྒྱན་སེ་མོ་དོ་དོ་ཤལ༔ འོད་ཟེར་འབར་བས་བརྒྱན་པ་སྟེ༔ རུས་པའི་རྒྱན་དྲུག་སྐྱིལ་སྐྲུང་བཞུགས༔ དེ་ཡི་པང་དུ་སྙེམས་མ་ནི༔ དཀར་དམར་མདངས་ལྡན་ལྔ་ཚོ་རྒྱས༔ གཡས་པས་གྲི་ཧུག་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་པ་བདུད་གྱི་སྟོབ༔ ཞགས་གཉིས་ཡབ་ཀྱི་ཤེད་པར་འཁྲིལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ བདེ་ཆེན་ཟུང་འཇུག་སྤྱོབ་པའི་གཟུགས༔ འོད་ཕུང་ཐིག་ལེ་ལི་ཐོག་དུ་གསལ༔ རིགས་རྣམས་འདུས་པའི་བདག་ཉིད་ཅན༔ སྤྱི་མགྲིན་སྙིང་གར་ཉི་ཟླ་དང་༔ པདྨའི་གདན་ལ་ཨོཾ་ཨཱ་ཧཱུྃ༔ འོད་འཕྲོས་རྒྱས་ཀུན་སྤྱན་དྲངས་ཏེ༔ ཐིམ་པས་གནས་གསུམ་བྱིན་གྱིས་བརླབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷ་བ་ཨཱ་ཏ་ཀོ྅་ཏཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྣཱ་ཀོ྅་ཧཾ༔


RTZ027_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅་ཧོཾ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའོ༔ ཨོཾ་མཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱདྨ་ཀོ྅་ཧཾ༔ ཨོ་མ་ཧཱ་ཨཱངརྴ་ཛྙཱ་ན་ཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མ་ཧཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨདྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲོ་ཏཱ་ནུ་ཋཱ་ན་ཛྲ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དུག་ལྔ་དགེ་སྟེ་ཕུང་པོ་ལྔ་གནས་འགྱུར་ནས་དེ་བཞིན་ཤེགས་པ་ལྔ་ཡི་བདག་ཉིད་དུ་གྱུར༔ ཐུགས་ཀར་པདྨ་ཟླ་སྡེང་ལ༔ ཧཱུྃ་དཀར་པོའི་མཐར་བཛྲ་དྷྲི་ཀ༔ ཡུམ་གྱི་ཐུགས་ཀར་ཟླ་བ་ལ༔ མཱུཾ་གྱི་མཐར་དྷྱ་ཏྭཱི་ཤྭ་རཾ་སྟཾ༔ རྟོགས་པ་གཞན་ལ་མ་འཕྲོ་པར༔ ཟླ་བ་སྐར་མ་བཞིན་དུ་བཀོད༔ གཉིས་པ་ཉེ་བར་བསྙོན་ནང་ནི༔ དེ་ཉིད་འགལ་མེའི་འཁོར་ལོ་ལྟར༔ འཁོར་བ་ལ་ནི་རིག་པ་གཏད༔ སྤྱི་དོན་གཉིས་པ་བསྒྲུབ་པ་ལ༔ ཤེལ་པ་ཕྱག་རྒྱའི་གཟུགས་གསལ་བ༔ བྲིས་ཏེ་དམ་ཚིག་རྟེན་བྱས་ཏེ༔ བདག་ཉིད་རྣལ་འབྱོར་ཕྲིན་ལས་བཞིན༔ མངོན་རྟོག་རྒྱས་པ་མཐར་ཆགས་བཏང་༔ གཉིས་པ་སྒྲུབ་པ་ཆེན་པོ་ལ༔ མདུན་དུ་དཀྱིལ་འཁོར་ཚུལ་བཞིན་བྲི༔ ཐོད་པའི་ནང་དུད་མཆིག་སྐུ༔ དངོས་གྲུབ་རྫས་གྱིས་བཀང་སྟེན་བཤམ༔ སྨན་རཀ་གཏོར་མ་ཕྱི་ནང་གསང་༔ མཱཾ་ས་རུ་བྷི་ཟླ་རྒྱས་དང་༔ ཟླ་ཕྲོམ་ཛ་གདལ་སོགས་པ༔ དཀྱིལ་འཁོར་རྒྱན་ཀྱིས་རྣམ་པར་མཛེས༔ དམ་ཚིག་དཀྱིལ་འཧོར་རང་


RTZ027_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་ཕྱེ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་ལྟ༔ མཁའ་ཀུན་ཏིལ་གྱི་གོང་བུ་བཞིན༔ གང་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ བུང་བ་ཚང་ཞིག་ལྟ་བུའི་སྒྲས༔ སྔགས་ཀྱིས་ཞིང་ཁམས་ཁྱབ་པར་གྱུར༔ སྔགས་ཕྲེང་བདེ་བའི་རང་བཞིན་གྱིས༔ ཞལ་ནས་བརྒྱུད་དེ་ཡུམ་ཞལ་བརྒྱུད༔ ཡུམ་གྱི་སྐུ་བརྒྱུད་གསར་གནས༔ བྱང་སེམས་དམར་པོའི་རང་བཞིན་ཐོན༔ དངོས་གྲུབ་བསྡུ་བའི་ཚུལ་དུ་བཞུགས༔ རང་གི་རྡོ་རྗེའི་སྦུ་གུར་བརྒྱད༔ ཐུགས་ཀར་ཐིག་པས་བདེ་ཆེན་རྒྱས༔ བདེ་བ་མཆོག་གི་དངོས་གྲུབ་ཐབ༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཚེ༔ དཀྱིལ་འཁོར་མཉམ་སྦྱོང་དངོས་གྲུབ་བླང་༔ དངོས་གྲུབ་རྫས་རྣམས་བཟའ་བཏུང་བྱ༔ སྤྱི་དོན་གསུམ་པ་ལས་སྦྱོར་བརྩས༔ དེ་ཡང་གང་ལ་གང་འདོད་པ༔ ཁྱད་པར་ན་རག་དོང་སྤྲུགས་བྱ༔ གཞན་ཡང་མ་བསྒོམས་ཆོས་དྲུག་ལས༔ གང་ལ་གང་དགོས་བར་འདིར་བྱ༔ སྤྱི་དོན་བཞི་པ་སྔོན་འགྲོ་ནི༔ མཐུན་རྐྱེན་འཛོམ་པའི་གནས་དག་ཏུ༔ བསམ་བརྟན་བདེ་བའི་སྟན་ལ་འདུག༔ འབྱོར་ན་སྐུ་གསུང་ཐུགས་ཀྱི་རྟེན༔ སྨན་རག་གཏོར་མ་ཕྱི་མཆོད་བཤམ༔ ངེས་འབྱུང་བསམ་པ་བརྟན་པོ་ཡིས༔ རླུང་གསུམ་འབུད་ཅིང་སྒྲིབ་པ་བསལ༔ སྐྱབས་སུ་


RTZ027_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞིང་སེམས་བསྐྱེད་ནས༔ འཇུག་པྲ་བརྩམ་པ་སྔོན་འགྲོའོ༔ རྒྱུན་གྱི་རྣལ་འབྱོར་བྱེད་པ་ལ༔ སྐྱབས་འགྲོ་སེམས་བསྐྱེད་ཕྱག་རྒྱ་བསྒོམ༔ རང་རིག་བདེ་སྟོང་ཡབ་ཡུམ་ལ༔ ཡིད་ཆོས་ཀུན་བཟང་ཡབ་ཡུམ་ཆེ༔ དུག་ལྔ་རིག་ལྔ་འབྱུང་ལྔ་ཡུམ༔ རྣམ་སེཧས་ཡུལ་རྣམས་སེམས་དཔའ་བརྒྱད༔ སེམས་མ་ལ་སོགས་ཡེ་ནས་གྲུབ༔ མུ་བཞི་གནས་དག་སྒོ་བ་བཞི༏ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཉོ་ན་དྲུག་གནས་དག་ཐུབ་པ་དྲུག༔ ཐམས་ཅད་ཡེ་ནས་རང་ལ་རྫོགས༔ ལྟ་བྱེད་རྟོག་པ་རང་སར་གྲོལ༔ སྣང་གྲགས་ཡེ་ཤེས་འཁོར་ལོ་ལ༔ བཟའ་བཏང་ཚོགས་ཀྱི་འཁོར་ལོར་བསམ༔ རྒྱུན་གྱི་རྣལ་འབྱོར་ཚུལ་བཞིན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱུད་ནས་འདྲལ་ཞིང་ལུང་དུ་བསྡེབས༔ དེ་དམན་ངག་གིས་བཀྲོལ་ནས༔ སྒྲུབ་པའི་ཐབས་སུ་ཞི་བ་པར་བཀོད༔ ཁྲུགས་པ་བློ་གྲོས་ལྡན་པས་དཔྱད༔ ཡང་ཟབ་སྙིང་གི་ཐིག་ལེ་འདི༔ ཨན་ཆུང་གནས་རྫོང་བྲག་ལ་བྲིས༔ ཟངས་ཡག་ཟླ་གམ་འདྲ་བའི་འོག༔ མཚན་མ་འདྲ་བའི་བྲག་ཕུག་ཏུ༔ ཕྱག་རྒྱས་བཏབ་སྟེ་གཏེར་དུ་བ་སྦས༔་ལོ་སྟོང་སུམ་བརྒྱ་ལོན་པ་ན༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔


RTZ027_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད་ནས་འབྲེལ་ཚད་གྲོལ་བ་དང་༔ བག་གི་དགོངས་པ་རྫོགས་པར་ཤོག༔ མནྟཱ་གུཧྱ༔ ཁོ་བོ་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ། དར་ཞིང་རྒྱས་ལ་ཡུན་ཏིང་དུ་གནས་པར་གྱུར་ཅིག །