Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཟབ་མོ་བླ་མའི་སྒྲུབ་པ།
   
   
   
   


 
previousདཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཟབ་མོ་བླ་མའི་སྒྲུབ་པ།next

དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཟབ་མོ་བླ་མའི་སྒྲུབ་པ།


RTZ029_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཟབ་མོ་བླ་མའི་སྒྲུབ་པ་བཞུགས་སོ༔


RTZ029_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་གྱི་མཁན་པོ་རྡོ་རྗེ་འཆང་གི་སྤྲུལ་བའི་སྐུ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར༔ གཉགས་ཀྱི་ལོ་ཚ་བ་བདག་གིས་རིན་པོ་ཆེ་གསེར་གྱི་མཎྜ་འཕུལ་ནས་ནུས་པ༔ རྗེ་བཙུན་གུ་རུ་རིན་པོ་ཆེ་ཁྱེད་ནི་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར་པ་ལགས་ན༔ བྱིན་རླབས་བཙན་ཐབས་སུ་འབེབས་པ་བླ་མ་དང་ཡི་དམ་དབྱེར་མེད་པའི་རྣལ་འབྱོར་ཁྱད་པར་ཅན་ཞིག་བཀའ་ཙལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ༔ གུ་རུ་རིན་པོ་ཆེ་དགྱེས་པའི་མདངས་ཀྱིས་བཀའ་སྩལ་པ༔ ཀྱེ་རིགས་ཀྱི་བུ་ཉོན་ཅིག༔ བདག་གི་ངོ་བོ་དུས་གསུམ་གྱི་རྒྱལ་བ་རྣམས་དང་དབྱེར་མེད་ཅིང་༔ རྣམ་པ་བདུད་རྩི་ཆེན་པོའི་ཡེ་ཤེས་གྲུབ་པ་མཆོག་གི་ཚུལ་བསྟན་པ་ཡིན་པས༔ རྣལ་འབྱོར་ཟབ་མོའི་མཐར་ཐུག་པ་གདམས་པར་བྱའོ༔ ཞེས་ཞལ་གྱིས་བཞེངས་ཏེ་ཡེ་ཤེས་ཀྱི་སྐུ་མངོན་ཏུ་སྣང་བར་མཛད་ནས་འདི་སྐད་ཅེས་གསུངས་སོ༔ དབང་ཐོད་དམ་ཚིག་རྣམ་པར་དག༔ མོས་གུས་རྩེ་གཅིག་སྐལ་ལྡན་གྱིས༔ བླ་མ་བདེ་བ་ཆེན་པོ་ཡི༔ རྣལ་འབྱོར་ཟབ་མོ་བསྒྲུབ་འདོད་ན༔ དབེན་པའི་གནས་


RTZ029_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱ་བ་གཏང་༔ ངམ་ཚིག་རྟེན་དུ་བྲིས་སྐུ་དང་༔ དམ་རྫས་སྤོད་བཅས་རབ་སྦྱར་བའི༔ གཏོར་མ་རིན་ཆེན་འབར་བའི་དབྱིབས༔ ཕྱི་ནང་མཆོད་ཚོགས་དང་བཅས་བཤམ༔ བདེ་བའི་སྟན་འདུག་ངེས་འབྱུང་བསྐྱེད༔ མོས་གུས་དྲག་པོས་མཚམས་སྦྱར་ནས༔ སྦྱོར་དངོས་རྗེས་ཀྱི་བསྒྲུབ་པར་བྱ༔ དང་པོ་སྦྱོར་བ་སྔོན་འགྲོ་ནི༔ ན་མོ༔ བླ་མ་དཔལ་ལྡན་བདེ་བ་ཆེར༔ རྩ་གཅིག་གུས་པས་སྐྱབས་སུ་འཆི༔ གཞན་དོན་འཆི་མེད་སྐུ་བསྒྲུབ་ཕྱིར༔ ཟབ་མོའི་རྣལ་འབྱོར་སྒོམ་པར་བགྱི༔ ཧཱུྃ༔ གསང་སྔགས་སྒྲུབ་ལ་བར་གཅོད་ཀུན༔ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས༔ རྡོ་རྗེ་ཧཱུྃ་གི་ཏིང་འཛིན་གྱིས༔ ཡེ་ཤེས་སྲུང་མཚམས་ལྷུན་གྱིས་གྲུབ༔ ཨོཾ་སརྦ་བིགྷྣན་ཨུ་ཙཊྚ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ཧཱུྃ༔ཧཱུྃ༔ ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེན༔ རིག་འཛིན་བླ་མའི་ཚོགས་ཀྱི༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ མཆོད་རྫས་འདོད་ཡོན་བཅུད་དུ་སྐྱིལ༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་ཤྲཱི་མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཝེ་ཤ་ཡ་ས་ཨཱཿམ་ཧཱ་སུ་ཁ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ༔ དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ཀྱིས༔ རྒྱུད་སྦྱུང་ཕྱི་ནང་སྲུང་མཚམས་ཅད༔ བདག་གནས་ཡོ་བྱད་བྱིན་ཕབ་པས༔ མཐུན་རྐྱེན་ཕུན་སུམ་


RTZ029_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་སྤེལ༔ དངོས་གཞིའི་ལས་གྱི་རིམ་པ་ནི༔ ཧཱུྃ༔ དབྱིངས་དང་རིག་པ་དབྱེར་མེད་པའི༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་ལས༔ བདེ་བ་ཆེན་པོའི་ཞིང་ཁམས་དང་༔ གཞལ་ཡས་ཁང་ཆེན་མཚན་རྫོགས༔ དེ་དབུས་པདྨ་ཉི་ཟླའི་སྟེང་༔ རིག་པ་མི་འགྱུར་གཉུག་མའི་ལྷ༔ མ་ཧཱ་གུ་རུ་བདེ་བ་ཆེ༔ དཀར་དམར་མདངས་ལྡན་བཅུ་དྲུག་ཉམས༔ རིན་ཆེན་རུས་པ་མེ་ཏོག་བརྒྱན༔ དར་གྱི་སྟོད་གཡོགས་སྟག་ཤམ་འཕྱང་༔ དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས༔ ཁྲོ་འཛུམ་རྗེས་ཆགས་སྤྱན་གསུམ་གཡོ༔ རལ་བའི་ཐོར་ཚུགས་རྡོ་རྗེས་མཚན༔ པདྨ་གསར་བའི་ཕྲེང་བས་བཅིངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དགུ་ལ་བརྟེན༔ སྦྱོར་ཡུམ་རིན་ཆེན་མཱ་མ་ཀཱི༔ ཤཱཀྱ་དེ་ཝཱི་ལྷ་མོའི་ཚུལ༔ གཞོན་སྒེག་རིན་ཆེན་རུས་པས་བརྒྱན༔ ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད༔ གཡོན་པས་བདུད་རྩིའི་ཐོད་པ་སྟོབ༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ ཨ་ཧཾ་བདེ་བའི་སྒྲ་ཆེན་སྒྲོབས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེའི༔ རོལ་པ་ཆེན་པོའི་འོད་ཟེར་གྱིས༔


RTZ029_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ རྡོ་རྗེའི་ཡེ་ཤེས་བྱིན་ཆེན་ཕོབ༔ འཆི་མེད་བདུད་རྩིའི་དབང་མཆོག་སྐུར༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ འོད་ལུས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་ཏུ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དབྱེད་མེད་བཞུགས༔ གཉིས་མེད་མཉམ་པ་མེད་པོའི་ངང་༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཛ་ཧཱུྃ༔བཾ་ཧོཿས་མ་ཡ་ཏིཀྵཱ་ནཱུ༔ཨ་ཏི་པྷཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུཾ༔ ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་སྤྲིན༔ ནང་མཆོད་འདོད་ཡོན་རོལ་མོ་ཆེ༔ གསང་བ་རྨད་བྱུང་སྨན་གཏོར་རག༔ སྦྱོར་སྤྲོལ་བདེ་བའི་ཚོགས་མཆོད་འབུལ༔ ཨོཾ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ མ་ཧ་ཨ་མྲི་ཏ་རཀྟ་བ་ལིཾ་ཏ་སྟ་ན་གྷ་ན་པཱུ་ཛ་ས་མ་ཡ་ཧོ༔ ཧཱུྃ༔ རྡོ་རྗེ་སྙིང་པོའི་ཡེ་ཤེས་ཆོས་ཀྱི་སྐུ༔ ཁ་སྦྱོར་བདུད་རྩིའི་བདག་ཉིད་ལོངས་སྤྱོད་རྫོགས༔


RTZ029_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་རྣམ་འཕྲུལ་མཐའ་ཡས་སྟོན༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ལྷ་ལ་སེམས་བཟུང་གསལ་སྣང་འདོན༔ ཏིང་འཛིན་བརྟན་པར་གྱུར་པ་ན༔ ཐུགས་ཀར་པདྨ་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་ཁ་ཊྭཱཾ་གསོར༔ རང་འོད་ཡུམ་འཁྱུད་ཁྲོ་བོའི་ཉམས༔ དེ་ཡི་ཐུགས་ཀར་བདེ་སྟོང་གི༔ རང་གཟུགས་ཉི་ཟླ་ཁ་སྦྱོར་དབུས༔ ཟུང་འཇུག་ཏིང་འཛིན་སེམས་དཔའ་ཧཱུྃ༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་མཚན༔ བཟླས་པས་སྔགས་ཕྲེང་བར་མེད་འཕྲོས༔ ཡབ་ཡུམ་ཞལ་དང་གསང་བར་བརྒྱུད༔ བར་མ་ཆད་པར་རབ་ཏུ་འཁོར༔ བདེ་ཆེན་ཡེ་ཤེས་གཟི་བྱིན་བསྐྱེད༔ རོལ་བའི་འོད་ཀྱིས་དོན་གཉིས་བྱས༔ སྣང་གྲགས་ལྷ་དང་སྔགས་ཀྱི་སྒྲ༔ དྲན་རྟོག་འོད་གསལ་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ བསྙེན་བསྒྲུབ་ལས་གསུམ་གཅིག་དྲིལ་གྱི༔ བཟླས་བརྗོད་འབུམ་ཕྲག་བཞི་རུ་བུ༔ ཞལ་མཐོང་གསུང་ཐོས་བྱིན་རླབས་འབེབས༔ རིག་སྟོང་གཉུག་མའི་དོན་མཐོང་འགྱུར༔ དེ་ལྟར་དམ་ཡེ་དབྱེར་མེད་ལྟར༔ ཕྱག་མཆོད་བསྟོད་ཅིང་རིང་འཛིན་བརྟན༔ བཟླས་བརྗོད་ཟབ་མོས་རྒྱུད་བསྐུལ་ནས༔


RTZ029_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཡེ་ཤེས་སྩོལ་མེད་འབྱུང་༔ ཐུན་མཚམས་རྗེས་ཀྱི་བྱ་བ་ནི༔ ཅི་འབྱོར་བཟའ་བཏུང་ཚོགས་སུ་བཤམ༔ བདུད་རྩིས་བྲན་ཤིང་བྱིན་རླབས་འབུལ༔ ཧཱུྃ༔ ཡེ་ཤེས་རིག་རྩལ་རོལ་བའི་འོད་ཟེར་གྱིས༔ ཚོགས་རྫས་བག་ཆགས་བཟུང་འཛིན་བསྲེགས་གཏོང་བཀྲུས༔ ཨཱ་ལས་པདྨ་བྷཉྫའི་སྣོད་ཡངས་པར༔ འབྲུ་གསུམ་འོད་ཞུ་བདུད་རྩིའི་བཅུད་དུ་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྩ་གསུམ་ཀུན་འདུས་གུ་རུ་བདེ་བ་ཆེ༔ མཁའ་འགྲོའི་སྤྲིན་ཕུང་འཁྲིགས་པའི་འཁོར་དང་བཅས༔ དམ་ཚིག་ཚོགས་ཀྱི་མཆོད་པར་སྤྱན་འདྲེན་གཤེགས༔ དབང་བསྐུར་བྱིན་ཕོད་རྡོ་རྗེའི་ཡེ་ཤེས་སྐྱེད༔ བཛྲ་ས་མ་ཡ་ཛཿ ཨོཾ་ཨཱཿཧཱུྃ༔ དཔག་མེད་འདོད་ཡོན་ཚོགས་ཀྱི་མཆོད་པ་འདིས༔ གུ་རུ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ འཁོར་གྱི་མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བྱས་པ་དང་༔ གཟུང་འཛིན་འཁྲུལ་པའི་དགྲ་བགེགས་དབྱིངས་སུ་སྒྲོལ༔ རྡོ་རྗེ་བདུད་རྩི་ཁ་སྦྱོར་བདེ་བ་ཆེས༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ ཡེ་ཤེས་ཕྱག་རྒྱ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་ཌཱ་ཀི་ནཱི་མཎྜ་ལ་ས་པ་རི་ཝཱ་ར་ག་ཎ་


RTZ029_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་པཱུ་ཛ་ཧོ༔ བར་པ་རྣལ་འབྱོར་ལོངས་སྤྱོད་ཅིང་༔ ཐ་མ་ལྷག་མའི་བདུད་རྩིར་བསྔོ༔ ཨོཾ་ཨཱཿཧཱུྃ༔ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ རྫུ་འཕྲུལ་ཤུགས་འཆང་མཁའ་འགྲོའི་ཚོགས༔ གིང་དབང་ན་གནས་ཡུལ་བདག༔ རྣལ་འབྱོར་ཚོགས་ཀྱི་ཕ་འབབས་ལོངས༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨོཾ་ཨུ་ཙྪི་ཥཱ་བ་ལིཾ་ཏ་ཁཱ་ཧི༔ མཆོད་ཅིང་བསྟོད་ལ་དངོས་གྲུབ་གསོལ་ཨོཾ༔ བདེ་མཆོག་བདེ་སྤྱོད་བདུད་རྩིའི་དཀྱིལ་འའཁོར་ནས༔ བདེ་ཆེན་སྐུ་བརྙེས་པདྨ་སཾ་བྷ་ཝ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཡོན་ཏན་ཕྲིན་ལས་རྫོགས་པར་བྱོན་གྱིས་རློབས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ནོངས་པའི་ཚོགས་ཀུན་བཤགས་ཤིང་སྦྲུང་༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀློང་༔ ལྷ་སྔགས་མཚན་མའི་རྟོག་པ་ཐིམ༔ སླང་ཡང་ཁ་སྦྱོར་བདུད་རྩིའི་སྐུ༔ བདེ་བ་ཆེན་པོའི་རོལ་པར་ཤང་༔ ཨོཾ་ཨཱཿཧཱུྃ༔ ཉོ༔ བགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན༔ བདེ་ཆེན་ཡེ་ཤེས་བླ་མའི་སྐུ་ཐོབ་ནས༔ མཆོད་དང་ཐུན་མོང་དངོས་གྲུབ་ཆར་ཆེན་པོས༔ འཇིག་རྟེན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག༔ དེ་ལྟར་ཚོགས་ཀྱིས་དགྱེས་པ་བསྐྱེད༔ དངོས་གྲུབ་གསོལ་


RTZ029_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཐའ་གཉིས་བསལ༔ དགེ་ཚོགས་ཡོངས་སུ་བསྔོ་བ་དང་༔ ཤིས་པ་བརྗོད་པས་མཐྲ་དབྱུང་ངོ་༔ དཔལ་བདེ་བ་ཆེན་པོའི་བླ་མ་སྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་སྟེ་དང་པོའོ༔ ས་མ་ཡ༔ དེ་ནས་ཡང་ཟབ་མན་ངག་གི༔ བླ་མ་དཔལ་ལྡན་བདེ་བ་ཆེ༔ སྤྱི་བོར་བསྒོམ་ཞིང་གསོལ་བ་གདབ༔ དབང་བླང་ཐུགས་ཡིད་དབྱེར་མེད་བསྲེ༔ རང་ཉིད་བླ་མར་ལམ་ཀྱིས་གསལ༔ ལུས་སེམས་ཁོང་ཀློང་མཉམ་པར་བཞག༔ དེ་ཚེ་གཟུགས་སུ་སྣང་བ་ཀུན༔ སྣང་ཙམ་ཉིད་ནས་རང་བཞིན་མེད༔ རང་བཞིན་མེད་ལས་ཅིར་ཡང་ཤར༔ ཅིར་སྣང་ཆུ་ཟླ་འཇའ་ཚོན་ལྟར༔ བདེ་ཆེན་བླ་མའི་སྐུ་རུ་གསུལ༔ དག་སྣང་བསྐྱེད་ཅིང་དབང་བཞི་བླང་༔ ཐུགས་ཡིད་བསྲེས་ཏེ་དགོངས་པ་བསྐྱུར༔ མིག་གི་ཡུལ་དུ་མཚོང་ཚད་གཟུགས༔ བླ་མའི་སྐུ་རུལ་མ་ཤར་ཞིང་༔ སྣང་སྟོང་དབྱེར་མེད་དོན་རྟོགས་ན༔ སྐུ་ཡི་ཕྱག་རྒྱར་གྲུབ་པ་ཡིན༔ དེ་བཞིན་ཕྱི་ནང་འབྱུང་བའི་བསྒྲ༔ གྲགས་ཙམ་ཉིད་ནས་རང་བཞིན་མེད༔ རང་བཞིན་མེད་པས་ཅིར་ཡང་གྲགས༔ གྲགས་པའི་སྒྲུ་ཀུན་བྲག་ཆ་ལྟར༔ གྲགས་སྟོང་བརྗོད་མེད་བླ་མའི་གསུང་༔ རང་གི་རླུང་དང་རོ་མཉམ་པར༔


RTZ029_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བཟླས་པར་ཡོངས་སུ་ཤེས༔ བརྗོད་པའི་ངག་གདང་འབྱུང་བའི་སྒྲ༔ རླུང་སྔགས་དབྱེར་མེད་རོལ་མོའི་སྤྲིན༔ གྲགས་སྟོང་ཟུང་འཇུག་དོན་རྟོགས་ན༔ གསུང་གི་ཕྱག་རྒྱ་གྲུབ་པ་ཡིན༔ འདོད་པའི་ཡོན་ཏན་གང་ཡང་རུང་༔ ཡུལ་ལ་སེམས་ཀྱིས་སྤྱོད་པའི་ཚེ༔ བདེ་བའི་རྣམ་པར་ཉམས་སུ་མྱོང་༔ མྱོང་ཙམ་ཉིད་ནས་རང་བཞིན་མེད༔ མེད་བཞིན་བདེ་བར་ལམ་གྱིས་འཆར༔ ཉམས་མྱོང་ཐམས་ཅད་སྒྱུ་མ་ལྟར༔ བདེ་སྟོང་འཛིན་མེད་བླ་མའི་ཐུགས༔ རང་གི་ཡིད་དང་དགྱེར་མེད་པར༔ ལྷན་ཅིག་སྐྱེས་པར་ཡོངས་སུ་ཤེས༔ འགྲོ་འོང་གནས་པའི་རྟོག་པ་ཀུན༔ བདེ་མཆོག་དྲ་བ་ཆེན་པོར་སྡོམ༔ བདེ་ཆེན་ཟུང་འཇུག་དོན་རྟོགས་ན༔ ཐུགས་ཀྱི་ཕྱག་རྒྱ་གྲུབ་པ་ཡིན༔ རྟོག་པའི་རང་བཞིན་སེམས་ཡིན་སྟེ༔ སེམས་ཀྱི་ངོ་བོ་གསལ་རིག་ཡིན༔ རིག་པ་གདོད་ནས་སྐྱེ་བ་མེད༔ སྐྱེ་མེད་རང་ལས་ཅིར་ཡང་ཤར༔ ཤར་ཙམ་ཉིད་ནས་རང་སར་གྲོལ༔ རྟོག་པ་དང་ནི་མི་རྟོག་གཉིས༔ སྤྲིན་དང་ནམ་མཁའ་ལྷ་བུ་སྟེ༔ བཟང་ངན་སྔ་ཕྱི་མེད་པར་མཉམ༔ ཆོས་ཀུན་མཉམ་པའི་དོན་རིག་པ༔ དུས་གསུམ་སྤྲོས་པ་བསམ་བསླད་པའི༔ སེམས་བྲལ་རིག་སྟོང་རྗེན་པའི་ངང་༔ མ་


RTZ029_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མ་བསྒྱུར་གཉུག་མར་བཞག༔ གཟུང་འཛིན་འཁྲུལ་པ་ཐམས་ཅད་ཀུན༔ སྦྲུལ་མདུད་བཞིན་དུ་དང་གི་གྲོལ༔ རིག་སྟོང་ཟུང་འཇུག་དོན་རྟོགས་ན༔ འོད་གསལ་བླ་མའི་རང་ཞལ་མཐོང་༔ ས་ལམ་སྤང་ཐོབ་བྲལ་བར་རྫོགས༔ ཡེ་ཤེས་ཕྱག་རྒྱ་འགྲུབ་པའོ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཅུད༔ གནས་ལུགས་མངོན་སུམ་སྟོན་པའི་ལམ༔ བདེ་བ་ཆེན་པོའི་རྡོ་རྗེའི་ཚིག༔ མན་ངག་ཀུན་གྱི་སྙིང་པོར་ཟུངས༔ དཔལ་བདེ་བ་ཆེན་པོའི་བླ་མ་སྤྲུལ་པའི་མན་ངག་གི་རིམ་པ་སྟེ་གཉིས་པའོ༔ ས་མ་ཡ༔ མན་ངག་གདོན་གྱི་དབང་བསྐུར་ནི༔ སློབ་མ་ཕྱག་འཚལ་མཎྜལ་ཕུལ༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་སྐུ༔ བླ་མ་བདེ་བ་ཆེན་པོ་ཡིས༔ སྙིང་པོ་དོན་གྱི་དཀྱིལ་འཁོར་དུ༔ བྱིན་གྱིས་བརླབ་པར་མཛོད་དུ་གསོལ༔ སྐྱབས་གསཨོལ་སེམས་བསྐྱེད་སྡོམ་པ་བཟུང་༔ ཡེ་ཤེས་དབབ་ཅིང་དབྱེར་མེད་བརྟན༔ གཏོར་མ་ལྷར་གསལ་སྐྱེ་བོར་བཞག༔ བརྡ་དོན་ངོ་སྤྲོད་དབང་བསྐུར་བྱ༔ ཨོཾ༔ གཏོར་མའི་རྣམ་པ་ལྷ་དང་གཉིས་སུ་མེད༔ སྣང་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཕྱག་རྒྱ་ཆེན་པོ་འབྲུབ་པར་ཤོག༔ མ་ཧཱ་བ་ལིཾ་ཏ་ཀཱ་ཡ་


RTZ029_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥཱིཉྩ་ཨོཾཿ མགྲིན་པར་བཞག་ཅིང་གསུང་དབང་བསྐུར༔ ཨཱཿ གཏོར་མའི་སྒྲ་དོན་སྔགས་དང་གཉིས་སུ་མེད༔ གྲགས་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་དག་ལ་དབང་བསྐུར་བས༔ གསུང་གི་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཤོག༔ མ་ཧ་བ་ལིཾ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར་བཞག་ཅིང་ཐུགས་དབང་བསྐུར༔ ཧཱུྃ༔ གཏོར་མའི་རང་བཞིན་གསལ་ལ་འཛིན་པ་མེད༔ བདེ་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་བུ་ཡི་ཡིད་ལ་དབང་བསྐུར་བས༔ ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཤོག༔ མ་ཧཱ་བ་ལིན་ཏ་ཙིཏྟ་ཨབྷི་ཥིཉྩ་ཧཱུྃ༔ སླར་ཡང་གཏོར་མ་སྤྱི་བོར་བཟུང་༔ ཧོཿ གཏོར་མའི་ངོ་བོ་གདོད་ནས་སྐྱེ་བ་མེད༔ རིག་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་རྒྱུད་ལ་དབང་བསྐུར་བས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་ཕྱུང་ཤོག༔ མ་ཧཱ་བ་ལིཾ་ཏ་ཛྙ་ན་ཨ་བྷི་ཥིཉྩ་ཧོཿ མཐར་ནི་སློབ་མ་གཉིས་མེད་བསྟིམ༔ ཐུགས་ཡིད་བསྲེས་ལ་རང་ངོ་བསྐྱང་༔ དོན་གྱི་ཡེ་ཤེས་མངོན་གྱུར་བསམ༔ མཐའ་རྟེན་དངོས་གྲུབ་རྫས་ཀྱང་སྦྱིན༔ དབང་བསྐུར་བྱེ་བ་བསམ་ཡས་ཀྱི༔ སྙིང་པོའི་བཅུད་བསྡུས་འདི་ཁོ་ན༔ ཡང་དག་ཡེ་ཤེས་འཕོ་


RTZ029_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ༔ ཟབ་རྒྱ་ཀུན་གྱི་བཅུད་དུ་ཟུངས༔ དཔལ་བདེ་བ་ཆེན་པོའི་བླ་མ་སྒྲུབ་པའི་དབང་བསྐུར་གྱི་རིམ་པ་སྟེ་གསུམ་པའོ༔ ས་མ་ཧ༔ ཞེས་བཀའ་སྩལ་པ་རྣམས་ལོ་ཙྭ་བ་བདག་གིས་མི་བརྗེད་པའི་གཟུངས་སུ་བཟུང་༔ ཉམས་སུ་བླངས༔ ཡི་གེར་བྲིས་ཏེ་རིན་པོ་ཆེ་སའི་གཏེར་དུ་སྦས་པའོ༔ མ་འོངས་པདྨས་བྱིན་བརླབས་པའི༔ ལས་ཅན་དག་དང་འདི་འཕྲད་ནས༔ བདེ་བ་ཆེན་པོའི་ཡེ་ཤེས་གྱི༔ རང་བཞང་དོན་ཀུན་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ས་མ་ཡ༔


previousདཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཟབ་མོ་བླ་མའི་སྒྲུབ་པ།next