ཆོས་སྐུའི་བདག་ཉིད་ཀུང་བཟང་། བློ་གྲོས་མཐའ་ཡས།


RTZ029_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་བདག་ཉིད་ཀུན་བཟང་ཧེ་རུ་ཀ །ལོངས་སྐུ་དཔལ་ལྡན་རྡོ་རྗེ་བདུད་རྩི་ཆེ། །སྤྲུལ་པའི་གར་མཛད་གསང་བའི་བདག་པོར། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །བདུད་རྩིའི་མཆོག་བརྙེས་སློབས་དཔོན་བསང་བ་རྩལ། །བདེ་བ་ཆེན་པོ་པདྨ་འབྱུང་གནས་དཔལ། །རིག་ལྡན་མཁའ་འགྲོ་ཤཱཀྱ་དེ་བཱི་ལ། །གསོལ་བ་འདེབས་སོ་བདེ་ཆེན་བདུད་རྩིར་སྒྲུབས། །ཆོས་རྒྱལ་ཡབ་སྲས་གདམས་པའི་སྣོད་ཀྱི་མཆོག །ཡེ་ཤེས་སྤྱན་ལྡན་བཻ་རོ་གཉགས་ལོ་ཆེ། །གསང་ཆེན་བཀའ་རྣམས་སྡད་མཛད་མཚོ་རྒྱལ་ལྕམ་གསོལ་བ། །སྦས་པའི་རྣལ་འབྱོར་ཤེས་སྨན་ཡེ་ཤེས་བཟང་། །ཟབ་གཏེར་བཀའ་བབས་པདྨ་མདོ་སྔགས་གླིང་། །གདམས་པའི་རྒྱུན་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་བརྒྱུད་གསུམ་རིག་འཛིན་ཞི་ཁྲོ་ཡི་དམ་ལྷ། །གནས་ཡུལ་མཁའ་འགྲོ་སྨུག་ནག་རལ་གཅིག་སོགས། །བཀའ་གཏེར་སྲུང་མ་རྩ་གསུམ་རབ་འབྱམས་ལ། །གསོལ་བ། །བདེ་བ་ཆེན་པོ་བླ་མའི་བྱིན་ཞུགས་པས། །སྣང་གྲགས་རྟོག་ཚོགས་སྐུ་གསུམ་ཐུགས་སུ་ཤར། །རིག་སྟོང་ཟུང་འཇུག་གནས་ལུགས་རང་ཞལ་མཐོང་། །སྤང་ཐོབ་མེད་པར་ས་ལམ་མྱུར་རྫོགས་ཤོག །སྐུ་


RTZ029_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཕྱག་རྒྱས་སྣང་བ་ལྷ་སྐུར་ཤར། །གསུང་གི་ཕྱག་རྒྱས་རླུང་སེམས་དབང་དུ་བསྡུས། །ཐུགས་ཀྱི་ཕྱག་རྒྱས་བདེ་ཆེན་ཏིང་འཛིན་བརྟན། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་རྒྱུར་ཤོག །བདུད་རྩི་འཁྱིལ་པས་སྒྲིབ་པའི་དྲི་མ་སྦྱངས། །རྡོ་རྗེ་ཧཱུཾ་གིས་ནད་གདོན་མི་གཙང་བསྐྲད། །རིན་ཆེན་མཱ་གིས་གྲུབ་གཉིས་དབང་དུ་གྱུར། །རྡོ་རྗེ་བདུད་རྩིའི་མཆོག་དངོས་མྱུར་འགྲུབ་ཤོག །ཅེས་པའང་རྡོ་རྗེའི་གསུང་གཞིར་བྱས་ཏེ་བློ་གྲོས་མཐའ་ཡས་ཀྱིས་བསྒྲིས་པ་དགེ་ལེགས་འཕེལ། །