Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ། འཛམ་གླིང་རྡོ་རྗེ།
   
   
   
   
   
   


 
previousསུས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ། འཛམ་གླིང་རྡོ་རྗེ།next

སུས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ། འཛམ་གླིང་རྡོ་རྗེ།


RTZ031_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

སུས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ་བཞུགས་སོ། ན་མོ་གུ་རུ་ཀརྨ་གྲོ་དྷ་ཡ། འདིར་ཁྲོ་རྒྱལ་འདུས་པའི་སྲས་མཆོག་བཛྲ་ཀཱི་ལ་ཡའི་རྒྱུན་ཁྱེར་ཉམས་སུ་ཕེན་པར་འདོད་པས་གཏོང་མཆོད་སོགས་བཤམ། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། མཆོག་གི་བྱང་ཆུབ་སེམས་བསྐྱེད་དོ། ཕྱག་འཚལ་མཆོད་འབུལ་སྡིག་པ་བདག་དགེ་ལ་ཡི་རང་ཆོས་འཁོར་བསྐུལ། དགེ་སོགས་བླ་མེད་རྒྱུན་བསྔོའོ། མཚམས་བཅད་དོ། ཧཱུཾ། ཁྲོ་བོར་རོལ་བའི་དཀྱིལ་འཁོར་འདིར། ཡེ་ཤེས་ལྷ་ཉིད་མ་གཏོགས་པ། འཇིག་རྟེན་རིགས་གྱུར་ལོག་འདྲེན་རྣམས། བཀའ་ལས་མ་འདའ་མཚམས་ཆོད་ཅིང་། མཆོད་རྫས་རྣམས། རང་བཞིན་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་བྷཉྫའི་ནང་དུ་མཆོད་ཡོན་མེ་ཏོག་བདུག་སྤོས། སྨན་རག་གཏོར་མ་མཆོད་པའི་སྤྲིན་ཕུང་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་མ་ཧ་ཨརྒྷཱཾ་ནས། ཤབྟ་པཉྩ་རཀྟ་བ་ལིཾ་ས་སརྦ་པཱུ་ཛ་ཨཱཧཱུཾ། བསྐྱེད་རིན་ནི། ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས། འགྲོ་ལ་བརྩེ་བའི་སྙིང་རྗེ་བསྒོམ། སྟོང་དང་སྙིང་རྗེ་ཟུང་འཇུག་ལས། ཨེ་ལས་བྱུང་བའི་ཆོས་འབྱུང་ཀློང་། རཀྟའི་རྦ་ཀློང་འཕྱོ་ཞིང་འཁྲུགས། རུ་ཏྲ་ཞིང་གི་ལྷུ་དུམ་འཕྱོ། བདུད་བཞི་


RTZ031_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོར་བའི་ལྟེ་བ་ལ། ཧཱུཾ་ལས་སྲས་མཆོག་ཀཱི་ལ་ཡ། དུག་ཆེན་ཧ་ལ་ཧ་ལའི་མདོག །གཡས་དཀར་གཡོན་དམར་དབུས་སྲིན་ཞལ། དུར་ཁྲོད་འབར་བའི་ཆ་ལུགས་རྫོགས། གཡས་གཉིས་རྩ་དགུ་རྩེ་ལྔ་འཕྱར། གཡོན་གཉིས་མེད་པུང་ཁ་ཊཱཾ་གསོར། མཐའ་གཉིས་སེང་ལྡེང་ཕུང་བུ་སྒྲིལ། སྤུ་གྲིའི་སྒྲོག་ཤོག་ནམ་མཁར་གདངས། སྐུ་སྨད་ཕུང་གཟུགས་ལྕགས་སྲེག་བཞིན། དམང་པོ་བདུད་བཞིའི་སྙིང་ལ་གཙུགས། ཡེ་ཤེས་མེ་ཕུང་དབུས་ཉིད་ནས། དྲག་སྔགས་སྒྲོག་ཅིང་མཚོན་ཆར་འབེབས། དཔྲལ་མགྲིན་སྙིང་ཁར་ཨོཾ་ཨཱཿཧཱུཾ། དེ་ལས་འོད་འཕྲོས་ཁྲོ་བོའི་ཚོགས། ནམ་མཁའ་གང་བ་སྤྱན་དྲངས་ཏེ། བདག་ལ་ཐིམ་པས་གཟི་བྱིན་བསྐྱེད། སྤྱན་འདྲེན་མཆོད་བསྟོད་སོགས་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབས། སྲས་མཆོག་བཛྲ་ཀཱི་ལ་ཡ། མཐུ་རྩལ་འབྱིན་པའི་དུས་ལ་བབས། སྤྲུལ་པ་འགྱེད་པའི་དུས་ལ་བབས། བདག་དན་དབྱེད་མེད་བརྟན་བཞུགས་ནས། རྟགས་དང་མཚན་བསྟོན་པ་དང་། ཕྲིན་ལས་དྲག་པོའི་དངོས་གྲུབ་སྩོལ། བགེགས་དང་ལོག་འདྲེན་བར་ཆད་སོལ། ཧཱུཾ། སྲས་མཆོག་ཁྲོ་བོའི་ལྷ་སོགས་ལ། མེ་ཏོག་ལ་སོགས་ཕྱི་མཆོད་འབུལ། དབང་ལྔ་ལ་སོགས་ནང་མཆོད་འབུལ། སྨན་རཀ་གཏོར་གསུམ་སྦྱོང་སྒྲོལ་མཆོད། བློ་


RTZ031_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་བཞིན་ཉིད་ཀྱི་དབང་། མཆོད་པ་མཆོད་བྱེད་སྤྲོས་བྲལ་རོལ། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་སརྦ་པཱུ་ཛ་ཨཱཿཧཱུཾ་གིས་མཆོད། ཧཱུཾ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན། དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པའི། སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད། ཐུགས་ཀར་ཉི་སྟེང་མཐིང་ནག་ཧཱུཾ། མཐའ་བསྐོར་དུག་སྔགས་ཕྲེང་བ་ནི། གནམ་ལྕགས་འབར་བ་ལྟ་བུས་བསྐོར། བཟླས་པ་སྔགས་ཀྱི་ཕྲེང་བ་ལས། མཆོད་ཆ་འཁོར་ལོ་མེད་དཔུང་འཕྲོས། བདུད་བཞི་འགོང་པོ་སྤུན་དགུ་དང་། དྲེགས་པ་རྒྱལ་འགོང་ལོག་འདྲེང་རྣམས། ཤ་དུམ་ཉེ་ལེ་བཞོ་བཐུལ་ལེ། གཟུགས་ཕུང་རྡུལ་བཞིན་བརླག་ནས་ཀྱང་། རྣམ་ཤེས་སུངས་མའི་ཚེ་བཅུད་ཀུན། སྲོག་ལ་བསྟི་མས་བསང་དཔའ་བརྗིད་རྒྱས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུཾ་ཕཊཿ བརྒྱ་ཕྲག་སྟོད་ཅིང་རིགས་བཟླའོ། མཐར་རྫོགས་རིམ་ནི་ཁྲོ་བོའི་སྣང་ཆ་བེ་ཉི་གཟོད་མའི་ཀློང་ཆེན་རབ་རིག་གཉིས་སུ་མེད་པའི་ངང་དུ་མ་བཅས་སམ་སྙུག་པར་བཞག་པའོ། དེའི་ངང་ལས་འགགས་མེད་ཀྱི་འཆར་སྒོ་ཁྲི་བོའི་རྒྱལ་པོའི་རྒྱལ་པོ་སྲས་མཆོག་བཛྲ་ཀཱི་ལ་ཡའི་སྐུར་སྣག་བཞིན་ལྔ་བའོ། ཕུར་སྲུང་ནས་ས་ལ་གཏོར་མ་འབུག་པ་འདོད་ན། ཨ་ལས་བྱུང་བའི་བྷཉྫའི་སྣོད་དུ་ཧཱུཾ་ཡིག་ཞུབ་ལས་བྱུང་བའི་


RTZ031_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདིད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧ་ཧོ་ཧྲཱིཿ དཔལ་ཆེན་པོའི་དཀྱིལ་འཁོར་གྱི་མུ་རན་སྐྱོང་བའི་དམ་ཅན་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ནསཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་སོགས་ལན་གསུམ་མགྱེས་གཏོངས་ཕུལ། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ན། བསྟན་པ་སྲུང་མཛད་གཡར་དམ་ཅན། ཤྭ་ནས་ས་བདག་བདག་ཉིད་མ། སྐྱེས་བུ་གིང་དང་བཀའ་སྡོད་རྣམས། འདིར་གཤེགས་དམ་རྫས་གཏོམ་དང་། མཆོད་པའི་ཡོ་བྱད་འདི་སྣོམས་ལ། རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། འགལ་རྐྱེན་ཐམས་ཅད་ཞི་བ་དང་། མཐུན་བྱེད་བསམ་པ་ལྷུན་གྲུབ་སྟེ། བཀྲ་ཤིས་བདེ་ལེགས་ལྡན་པར་མཛོད། ཅེས་པས་སྨིན་ལས་བཅོལ། སྲས་མཆོག་ཀཱི་ལ་ཡའི་སྒོས་སྒྲུབ་ཕུར་སྲུང་གཏོར་འབུལ་དང་བཅས་པ་འདི་ཨོ་རྒྱན་བསམ་གཏན་དཔལ་འབྱོར་གྱིས། རིན་པོ་ཅའི་རྡོ་རྗེས་མཚན་པའི་གཟུངས་ཐག་མེ་ཤེལ་ཁ་བཏགས་མཐིང་མདོག ཨ་ཏི་ཧིཉྩ་འབྲེལ་བ་སོགས་དངོས་བཤམས་ཀྱི་བདོག་པ་དང་བཅས་བསྐུལ་བའི་དོན་དུ་འཛམ་གླིང་རྡོ་རྗེས་བྲིས་པའོ།


previousསུས་མཆོག་བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ། འཛམ་གླིང་རྡོ་རྗེ།next